CLOSE WINDOW

GT3660: byang chub sems dpa' skyes pa rabs kyi chos kyi gaN+Di'i sgra sgrags pa
Wyliee-texts produced with BDRC’s OCR application

བཞིའི་རྒྱལ་པོ་རྣམས།། བཅོམ་ནས་ཆོས་ཀྱི་རྒྱལ་པོ་ཐོབ་པར་ཤོག། དགེ་དེས་ཐུབ་བསྟན་ཡུན་དུ་གནས་པར་ཤོག།། བྱང་ཆུབ་སེམས་དཔའི་སྐྱེས་རབས་ཆོས་ཀྱི་གཎྜཱིའི་སྒྲ་སྐྱུགས་པ་སློབ་དཔོན་དཔའ་བོས་མཛད་པ་བཞུགས ་རྒྱ་གར་སྐད་དུ། བོ་དྷི་སཏྭ་ཛཱི་ཏ་ཀ་སྱ་དྷརྨྨ་གརྦྷེ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་སྐྱེས་པ་རབས་ཀྱི་ཆོས་ཀྱི་གཎྜཱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། རབ་མཐོ་བྲག་རིའི་རྩེ་ཡི་ཡུལ་རབ ་བདེ་བའི་ལོངས་སྤྱོད་འདགེ་འདུག་པས།། དེ་འོག་སྡུག་མོ་བཀྲེས་པས་རྣམ་གཡོས་མཐའ་དག་ཕྱོགསུ་མཆི་མར་ལྡན་ཞུམ་མིག་བལྟ་བ།། བདག་ཉིད་བུ་ཡང་བསད་འདོད་དོར་ནི་ཐུགས་བསྡུས་རང་གི་ལུས་བྱིན་མདོག་པ ་གང་།། དེ་ནི་འཇིག་རྟེན་གསུམ་གྱིས་ཕྱག་བྱས་འདོད་ལྷའི་སྟོབས་འཇོམས་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ།། རབ་ཏུ་དབང་སྦྱོར་བདག་པ་ཤི་བའི་ས་མི་བདག་ཏུ་དུས་རྣམ་པ་ཐམས་ཅད་དུ།། འཇིག་རྟེན་གཅིག་ཏུ་ཐུགས ་བརྩེས་བསྐུལ་ཏེ་རྒྱས་པར་སྦྱིན་པའི་ཆུ་ཡི་ཆར་གྱིས་ཚིམ་མཛད་ལ།། ལོང་བའི་བྲམ་ཟེས་སྤྱན་ནི་གཅིག་བླངས་པ་ལས་གཉིས་ཀྭ་ཡང་ནི་བྱིན་པར་གྱུར།། རང་དགའི་མཆོག་བརྙེས་དེས་ནི་སྲིད་པ་གསུམ་པོའི་འཇིགས་བཅོམ ་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགསོ། 2། གྲོང་ཁྱེར་འདིར་ནི་དམན་པའི་གླ་མིས་རང་ཉིད་ཟས་བཅད་དོན་གཉེར་རང་སངས་རྒྱས་ཞིག་ལ།། ལྷག་ཟན་ཚངས་པས་ཡང་དག་བཀུར་བྱས་མཆོད་པ་དེ་ཡིས་གྲོང་ཁྱེར་དེར་ནི་ཀོ ་ས་ལའི།། དབང་ཕྱུག་ཉིད་ཐོབ་དགེ་བ་ཡོངས་གྱུར་རྨད་དུ་བྱུང་བའི་རྒྱལ་པོར་གྱུར་ཏེ་དེ་ལ་འདིར།། འཇིག་རྟེན་གསུམ་དུ་ངོ་མཚར་སྒྲ་སྒྲོགས་འདིར་ནི་ཐུབ་པའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགསོ། 2། བསོད་སྙོམས་དོན་གཉེར་འདོད ་ཆགས་བྲལ་ལ་བདག་ཉིད་སྔོན་སྐྱིད་བསོད་སྙོམས་སྦྱིན་པ་ལས།། རབ་ཏུ་རབ་འཇིགས་དམྱལ་བ་སྤྲུལ་ཏེ་མངོན་པར་ལོག་བརྗོད་ལྷ་ཡ་བུ་ཡིས་བཀག་པ་ལས།། དེ་དག་མ་མཉན་དམྱལ་སྐྱེས་པདྨའི་སྡོང་བུ་མཛེས་ལ་རིམ ་གྱིས་གོམས་པ་དོར་ནས་ནི།། དེ་འདིར་བདུད་ལས་རྒྱལ་གྱུར་ལྷ་མིའི་བླ་མ་དེ་ཡིས་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགསོ།། སྦྱིན་ལ་གོམས་པས་རབ་ཏུ་ཕུལ་བྱུང་མཐའ་དག་རྟོགས་པའི་ཚོང་དཔོན་གང་གི་ནཻར།། ལྷ་ཡི་དབང་པོ ་དེ་ཡིས་ནོར་སྦས་ན་ཡང་ཟད་པར་མ་ནུ་སྡེ་སྦྱིན་པ་ཡི་ཆོས་དང་ལྡན།། འདི་ལྟར་དེས་ནི་ཕོངས་པ་ཟིལ་མནན་ཉམས་པར་བྱེད་བཅོམ་པ་དེ་ཡི།། ཉོན་མོངས་རབ་ཟད་སྟོབས་བཅུའི་སྟོབས་མངའ་སྟོན་པའི་ཆོས་ཀྱི་གཎྜཱིའི་སྒྲ ་བསྒྲགསོ། ཀརི་འོང་ལུས་འཛིན་བརྒྱ་བྱིན་ལུས་གཞན་བསྒྱུར་བ་གང་དེ་རྣམ་སྤྲུལ་དུ་མེད་པ་ཡི་མེ།། རབ་གསལ་གསེར་གྱི་འོད་འཚེར་མེ་སྟག་ཚོགས་འཕྲོ་མི་བཟད་པར་ནི་མཆོངས་ནས་བྱིན་པར་གྱུར།། དེ་ནི་དབང ་པོས་མངོན་པར་གསལ་བར་བསྟན་པའི་དོན་དུ་སྦྱིན་པ་འདི་ནི་ངོ་མཚར་ཚུལ།། ཟླ་བའི་དཀྱིལ་འཁོར་ལ་མཚན་དེ་རྗེས་ཐུབ་པ་མཆོག་གི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ།། ། བྲམ་ཟེ་ཨ་ཀ་ཏྲྀ་ཞེས་བྱ་བ་གང་བྱུང་རྒྱས ་པའི་ཁྱིམ་སྐྱེས་རྩ་དང་འདྲ་བར་ནི།། བདེ་བས་ཡོད་བྱུང་རབ་ཞི་ངེས་པར་བྱུང་བའི་གླིང་ནི་ཉེ་གྱུར་ཏེ།། འདྲ་བ་མ་བཙོས་པ་ཙམ་ཞིག་གིས་ཚིམ་དེ་ཡང་དབང་པོས་སྦས་བྱས་མཐའ་དག་རིག་མོད་ཀྱི།། གང་འདུག་དེས ་ཚིམ་བསྟན་པས་ཕུན་ཚོགས་མཐའ་དག་རྩོད་རྒྱལ་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ།། ས་ཡི་བདག་པོའི་བླ་མ་བྱམས་པའི་སྟོབས་ནི་བྱུང་གྱུར་གང་གི་དོན་གྱི་མིང་མང་།། བདག་ཉིད་ལུས་ནི་བདུག་གིས་བཅད་ཅིང་ཕུག ་སྟེ་ཤ་དང་ཁྲག་དག་ཟོས་ཤིང་འཐུངས་གྱུར་གང་།། གནོད་སྦྱིན་ལྔ་ནི་ཐོག་མར་མངོན་པར་བྱུང་བས་དེ་ཁོ་ན་ཉིད་ཐོབ་པས་ཚིམ་མཛོད་རྒྱལ་བ་ཉིད།། གཅིག་པུ་རྗེས་རྩེ་དྲི་མ་མེད་པའི་རྒྱ་མཚོ་ཆོས་ཀྱི་གཎྜཱིའི་སྒྲ ་བསྒྲགས་སོ།། རང་གི་སྲོག་དང་མཉམ་པའི་བུ་ནི་གསར་པའི་ལུས་དང་ཡིད་འོང་བཙུན་མོ་རྗེས་སུ་མཐུན་པ་དག། སྡུག་བསྔལ་ཟུག་རྔུར་ལྡན་པའི་མུན་སྤྲུལ་བྲམ་ཟེ་རབ་འགྱེད་བཞིན་ཡང་རབ་དགས་ལགས་པར ་བྱིན།། ཡང་དག་རྫོགས་པའི་བྱང་ཆུབ་ཏུ་ནི་སྨོན་ལམ་མི་གཡོ་གྲང་གིས་ཐམས་ཅད་སྒྲོལ་དེ་ཡི།། སྲིད་གསུམ་སྨན་པའི་འདོད་ལས་རྣམ་བྱར་རྒྱལ་བར་གྱུར་པའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲག་སོ།། མཆོད་སྦྱིན་བརྩམས་ཕྱིར་རང་གི ་འཇིག་རྟེན་དག་ལ་འདི་སྐད་སྨྲས་ཏེ་སྐྱེས་བུ་དག། འདི་ལྟར་སྐྱེ་བོ་སྡིག་པས་མཆོད་སྦྱིན་བྱེད་རྣམས་མྱུར་དུ་བརླག་བྱར་འགྱུར་རོ་ཞེས་ཐོས་ཀྱིས།། འདིར་ནི་སྐྱེ་བོའི་ཚོགས་རྣམས་སྡིག་པ་ལས་ལྡོག་དགེ་བ་བཅུའི་ལམ་ཉིད ་ལ་བཞག་ཅིང་།། འཕེལ་བར་བྱེད་པ་གོང་ཡིན་ཐུབ་དེའི་རྗེས་སུ་སྟོན་པའི་ཆོས་ཀྱི་གརྦྷའི་སྒྲ་བསྒྲགས་སོ།། ལྷ་མིན་གྲོང་ཁྱེར་ཚལ་དུ་ལྷ་རྣམས་ཕམ་གྱུར་ལྷན་ཅིག་བྲོས་ཚེ་བརྒྱ་བྱིན་གཟུགས་འཛིན་གྱིས།། མཁའ་ལྡིང ་ཕྲུ་གུ་ཤིང་རྟའི་ལམ་གནས་ཉམས་པར་མཐོང་སྟེ་ལྷ་རྣམས་ལ་སྨྲས་བརྩེ་བ་ཡིས།། བདག་ཉིད་གཅིག་པུའི་ཤིང་རྟ་ཕྱིར་ལོག་གྲོང་ཁྱེར་ས་གཞིར་ཞུགས་ཏེ་གང་གིས་ལྷ་མིན་ལས།། རྒྱལ་གྱུར་དེའི་རྗེས་བརྩེས་འགྲོ ་བྱ་གསུམ་ལས་རྣམ་རྒྱལ་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། 1། བྲམ་ཟེ་གང་ཞིག་ལེགས་པར་སྤྱོད་དང་ཡུལ་གཞན་བརྟན་ཞིང་ཟབ་མོའི་ཤསུ་དང་ལྡན་དབུལ་པོར།། རང་གི་རྣམས་གསལ་བྱས་ནས་སུས་ཀྱང་མ ་ཚོར་བར་ནི་བཀུར་རུང་ཞེས།། མཁན་པོའི་ཚོགས་གཞན་ནོར་བརླག་བསྟན་འགོག་པར་བྱེད་ལྡན་དེ་ནི་སློབ་མས་མ་མཉན་ཏེ།། གཞན་གྱི་ནོར་རླག་མི་བྱེད་རྙོག་པ་མེད་པའི་ཆོས་ཀྱི་གཎྜཱིའི་སྒྲ་བོ་སྒྲགས་སོ། ་བུད་མེད་རིན་ཆེན་གང་ཞིག་ཇི་བཞིན་དོན་མིན་མཐའ་དག་འཇིག་རྟེན་མྱོས་བྱེད་བྱུང་བར་གྱུར།། ས་ཡི་བདག་པོ་ཤིན་ཏུ་གཞོན་སྡུག་དུ་ལྔས་སྐྱེས་པའི་ཆགས་ཐོབ་གྱུར་ནའང་གླང་དེ་ལ། ་ལས་བྱུང་བའི་མེ་ཡིས་བདག་གིས་སྲོག་བསྲེགས་ཀྱང་ནི་ཚུལ་ཁྲིམས་ལྷོད་ཅིང་ཉམས་མ་གྱུར།། དེ་ལྟའི་ཚུལ་ཁྲིམས་ཕུང་པོས་གསལ་ཞིང་རབ་ཏུ་སྙན་པའི་ཆོ་སཽ་གཎྜཱིའི་སྒྲ་བསྒྲགས་སྷོ། 15། གང་ཞིག་གྲུ་བོའི་ཚོང་པས ་འགྲོ་ན་བསྒྲུབས་འདོད་པས་གསོལ་བཏབ་དེ་དག་བལྟས་ནས་གྲུ་བོར་ནི།། དཀའ་བས་བདག་ཉིད་ཞུགས་གྱུར་རླུང་ཆེན་ཤུགས་རླབས་ཀྱིས་ནི་རྒྱ་མཚོར་བྱེད་པར་གྱུར་བྱའི་ཚེ།། བདེན་པའི་ཚིག་བརྗོད་པས་ནི་རླུང་གི་གྲུ་བོ་ཕྱིར ་ལོག་དགའི་མཐའ་ངོས་སུ་ཁྱེར་སོང་གྱུར།། རབ་མཐོ་བརྟེན་པའི་ཚིག་ངེས་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ།། ལྟེང་ཀ་ཉི་མའི་ཟེར་གྱིས་བསྐམས་པར་གཉེན་ཚོགས་དང་བཅས་ཉ་དག་ལ་ནི་ཁཱ་ལ་སོགས།། བྱ་ཚོགས་རྒྱུ་བ ་པས་ཕྱོགས་ཀུན་ནས་བསྐོར་ཟ་བར་འདོད་པ་རྣམས་ལ་བདེན་པའི་ཚིག་དག་གིས།། བྱིན་རླབས་གང་བརྗོད་མྱུར་བར་ལྷ་ཡི་བདག་པོས་ཆར་གྱི་རྒྱུན་ཕབ་སྲོག་ཆགས་རྣམས་ལ་ཡིད་མཐུན་པས།། རྗེས་སུ་སྲུང་བྱེད་རབ་ཞི ་རང་བཞིན་བློ་གྲོས་ཅན་དེའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། 5། གང་ཞིག་ཆུ་འཛིན་བཞིན་གྱི་ཟེར་ལས་རྒྱལ་བའི་མེ་ཡིས་བསྲེགས་ཏེ་དེ་དག་རླུང་གིས་བསྐྱོད་པ་ཡི།། མེ་རྣམས་ཀྱི་སྨི་ན་མཁའ་ཁྱབ་པར་བྱས་ཏེ་སྲེག་པ་ཕྲུ་གུ་ཟ་བར་འདོད ་འདྲ་ལ།། དེས་ནི་ཞི་བྱེད་བདེན་པའི་ཚིག་གི་བྱིན་གྱིས་བརླབས་བརྗོད་པ་ལས་ཞི་བ་ཐོབ་པར་གྱུར།། རྒྱུན་གྱི་ཚིག་ལས་སྐུར་ལོག་བཟོད་པ་དང་ལྡན་དེ་ཡིས་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ།། མཱ་ཡེ་བདུག་པ ་ཐམས་ཅད་བ་ཤེས་གཉེན་ཆང་འཐུང་བ་ལས་མངོན་པར་དགའ་བ་ཉིད་གྱུར་དབང་པོས་ནི།། སྐྱེས་བུ་དེ་དག་མཐོང་སྟེ་བྲམ་ཟེའི་གཟུགས་བསྒྱུར་ཆང་གིས་གང་བའི་བུམ་པ་གང་ཞིག་ཐོགས།། མི་བདག་སྐྱེ་ཚོགས། ་བཅས་པ་དེ་དག་མདུན་དུ་ཆང་གི་ཉེས་པ་གང་དག་བསྟན་པ་ཡིས།། དེ་ལས་དེས་ནི་ཐམས་ཅང་རྣམ་པར་བཏུལ་ཏེ་སྐྱོན་སྤངས་པ་ཡི་མཐུ་ལྡན་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ།། བདག་ཉིད་རིགས་དང་ལྡན ་པ་འགའ་ཞིག་བྱུང་གྱུར་འདོད་པ་རྒྱས་པའི་ཁྱིམ་ལས་ཡིད་ཕྱུང་ནས།། ཞི་བདེ་འདོད་པ་ས་ཞི་བའི་ནགས་མཐར་སོང་སྟེ་རབ་ཏུ་བྱུང་གྱུར་པ་མཚུངས་དེས།། ཉེ་བར་འདོད་པའི་ཡིད་ལས་གཉེན་ཅིག་དེ་ལ་རང ་ཁྱིམ་ཉེས་པ་མངོན་པར་བསྟན་ནས་ཀྱང་།། འདོད་བྱ་མིན་བློས་རབ་མཆོག་གནས་ཀྱིས་བདེ་རྙེད་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། 1། ཕ་མ་དུས་འདས་ཁྱིམ་གྱི་བདེ་ལས་སྐྱོ་བར་གང་གང་གྱུར་པས་མཐའི་ནགས ་སུ་གནས་བཅས་ཏེ།། དེས་ནི་དྲན་གཞག་བི་ས་ལ་ཡི་འདབ་མ་རྟག་ཏུ་རུང་བ་ཁམ་གྱི་ཟས་ཀྱིས་འཚོ་བྱེད་དེ།། བརྟན་དེ་ཉམས་སང་བྱ་ཕྱིར་ལྷ་ཡི་དབང་པོ་དེར་སོང་གང་གི་སྐལ་བའི་འདབ་མ་ནི།། ཉིན་ལྔ་བརྐུས་ནའང ་བསམ་གཏན་བརྟན་པ་བདུད་རྩིའི་རོས་འཚོ་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། 13། རྒྱལ་པོའི་གནས་ཆེན་གྱུར་ནས་ནོར་གྱི་བདག་པོ་ན་ཚོད་ཐོག་མ་ནད་མེད་པ་ཡི་ལུས་ལྡན་ཞིང་།། གཉེན་ཚོག ་རྣམས་ལ་བྱམས་དང་ལྡན་པའི་འཇིག་རྟེན་དག་གི་དེད་དཔོན་མཆོག་ཏུ་གྱུར་པ་གང་།། རབ་ཏུ་བྱུང་བར་གྱུར་ཅེས་འདི་ལྟར་མི་བདེན་པར་ཡང་ཡོན་ཏན་བསྒྲགས་པས་བསྐུལ་ནས་ནི།། ལེགས་པར་རབ་བྱུང་མཐའ་དག་ཡོན ་ཏན་གཏམ་གྱི་འབྲས་བཅས་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། 2།། ཁྱིམ་གནས་དགའ་ཡང་ཉེ་བར་སྤངས་གྱུར་གང་གཱར་བརྩེ་བ་ཁོ་ནས་ཆུང་མ་གཅིག་ཡོད་ལས།། བས་མཐའ་གནས་བཙས་རབ་ཞ་དགའ་བས་གནས ་བཅས་རབ་ཞི་དགའ་བས་གནས་ལས་དེར་ནི་རྒྱལ་པོ་གླིང་གིས་དེ།། བརྟག་ཕྱིར་བརྟུལ་ཞུགས་ལེགས་ཞེས་བསྟོད་ནས་ཁྱིམ་འཐབ་འཕྲོག་ཀྱང་རབ་ཏུ་ཁྲོ་བ་ངེས་བཅོམ་སྟེ།། དེ་ལ་སླར་ཆོས་བསྟན་རྣམས་རྒྱལ་དེའི་རྗེས་སུ ་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། 5།། སྣ་ཚོགས་ཡིད་བཞིན་མཚོ་ནི་དྲི་མ་མེད་པར་བཞིན་བཟངས་མདུན་བདར་ངང་པའི་རྒྱལ་པོ་ནི།། རྒྱལ་པོ་ཐོབ་གྱུར་བློན་པོར་བཅས་བཟུང་ནུས་ནི་ཚངས་པས་བྱིན་གྱིས་རྒྱལ་པོ་ཐོབ་གྱུར་ཏེ། ་ཆོས་བསྟན་ཀུན་ནས་ཉོན་མོངས་སྲ་བའི་བྱ་རྙི་ལས་གྲོལ་གྱུར་ཏེ་འགྲོ་བ་གསུམ་པོ་ཡི།། ཉོན་མོངས་རྙི་རྣམས་རབ་ཏུ་བཅོམ་པའི་མཁས་པ་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། 28། རྒྱལ་པོ་གང་གི་གནས་ན་གཅིག་ཏུ ་བྱམས་དང་ལྡན་པའི་ཀུན་ཏུ་རྒྱུ་ཞིག་ཡོད་གྱུར་ལ།། དེ་ཡི་བཀའ་རིག་ནས་ནི་བདག་ཉིད་དེ་གནས་ལས་སོང་གང་ཞིག་གཅིག་ཏུ་ཞི་བའི་ནགས་མཐར་གནས།། དེར་ནི་མངོན་ཤེས་ཡེང་ཤེས་ཐོབ་བྱས་སླར་ཡང་ཡི་བདག ་དེ་ཡི་ལོག་ལྟའི་དྲ་བ་ལས།། རབ་ཏུ་བསྲུངས་ཏེ་ལྟ་བ་སྤངས་གྱུར་སྨན་པ་དེ་ཡིས་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། 23། བས་མཐའ་གང་དུ་སྤྲེའུའི་བདག་ཉིད་གྱུར་ནས་མི་ཡི་སྟོན་ལས་རྒྱལ་ལེགས་པའི་ཡོན་ཏན་ཅན།། ། ་དེར་ནི་མི་ཞིག་སྡོང་པོ་མཆོག་ཆག་གཡང་ས་ཆེར་ལྷུང་ཁུང་བུར་ཆོ་ངེས་འདོན་པ་མཐོང་བར་གྱུར།། མཐོང་ནས་ཀྱང་ནི་འདི་ལྟར་སྙིང་ལ་རྗེས་བརྩེ་ཡོངས་ལྡན་གང་དེས་མཆོངས་ནས་ཕྱུང་སྟེ་ལྟས།། མི་དེ་རྣམས ་ལས་སྲིད་གསུམ་ཕན་པར་མཛད་པ་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགསོ། 23། མི་བདག་གང་ཞིག་དངོསུ་རི་དགས་ཤ་ར་བྷ་ཡི་རི་དགྲས་བསང་ཕྱིར་རྟ་ལ་ཞོན་ནས་ནི།། མགྱོགས་བརྒྱུག་པ་ལས་ཁྲོན་པར་ལྷུང་ནས ་དུ་སྟནྡ་ནས་དེ་མངོན་སོང་དེ་གཡང་ས་ལས་གང་ཕྱུང་གྱུར་པ།། མི་ཤེས་པ་དང་བུ་ཡང་མཚུངས་ཉིད་ལྟ་བུ་ཁོ་ནར་བྱས་ཏེ་རྗེས་སུ་བརྩེ་བ་ཡིས།། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཀུན་ཟད་འཛིངས་པར་གྱུར་དེའི ་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། 45། མི་གང་ཆུ་བོས་ཁྱེར་གྱུར་སྣ་ཚོགས་མཛེས་པའི་རུ་རུའི་རི་དྭགས་ཀྱིས་ནི་ཕྱུང་ནས་སུ།། འདི་སྐད་མངགས་ཏེ་འཇིག་རྟེན་སུ་ལའང་མ་སྐྲ་ཁོ་བོ་གནས་ཀྱང་མ་བརྗོད་ཅེས་པ་ལས།། ་དེས་ནཱི་ས་འཛིན་ལས་ནི་ལག་པས་མི་རྣམས་ལྷ་བསྣུན་འཁྱིག་མ་གཅིག་ནི་ཆང་པར་གྱུར།། མི་དེའདུ་བསྒྲུབས་ཤིང་མིའི་བདག་པོ་ལ་ནི་གདམས་བྱས་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགསོ། ་གནས་གང་ཞིག་ནཱ་ལྗོན་པའི་རི་དང་ལྡན་པའི་འབྲས་བུ་ལྷུང་གྱུར་ཆུ་བོས་ཁྱེར་བ་ཞིག། རྒྱལ་པོ་དེ་ཡི་མཐུ་རྩོལ་རྗེས་སུ་འཚོལ་བུས་རང་གི་གཉེན་རྣམས་བསང་འདོད་རི་བོའི་རྩེར།། རང་གི་རྐང་པ་གཉིས་བཅར ་རབ་ཏུ་སྲ་བར་བཅིངས་ཏེ་སྲ་བར་བྱས་ནས་མཐར་ཕྱུང་ནུས།། ངལ་བས་དེར་ནི་བདག་ཉིད་དོར་གྱུར་དེ་ཡི་རྗེ་སུ་ཆོས་ཀྱི་གཎྜཱིའི་སྐུ་བསྒྲགསོ། 5བརྫུན་ལས་རབ་ཏུ་བརྟག་པའི་སྐྱོན་གྱིས་ཉམས་པར་འོས་པའི་བློ་གྲོས་ཅན ་ཡིད་རང་གི་ལུས།། འདར་ཞིང་ཁྲོ་བྱས་མི་བདག་འཇིགས་བྱེད་མིག་ནི་དམར་ཞིང་ཉོན་མོངས་རཱལ་གྲི་རབ་ཏུ་བཅོམ།། བདྲེན་པའི་དོན་ཅན་བཟོད་པར་སྨྲ་བས་རང་ལུས་ལྟོས་དོར་གང་ཞིག་འགར་ཡང་མི་བཟོད་པས ་རབ་ཏུ་གནོད་པར་བྱེད་ལ་གནོད་བཟོད་ཡིད་ལ་བྱེད་པའི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ། 30། མི་ཡི་བདག་པོ་ཡན་ལག་བྱིན་ནི་མི་དགེ་ཆད་ལྟ་རབ་ཏུ་བསྐྱེད་ལ་ཚངས་པར་གྱུར་པ་ཡིས།། མདུན་གྱི་ན་མཁར་གནས ་གནས་ཏེ་རབ་ཏུ་གསོལ་བའི་ཚིག་གིས་སུན་ཕྱུང་འཇིག་རྟེན་གཞན་པ་ནི།། ཐུགས་བརྩེས་བསྲུངས་ཏེ་མི་ཤེས་པ་ཡི་མུན་པས་མཐའ་དག་རབ་ཏུ་བཅོམ་ནས་མི་བདེན་པའི།། ལྟ་བའི་དྲ་བ་གཅོད་བྱེད་བློ་གྲོས ་ལྡན་པ་དེ་ཡིས་ཆོས་ཀྱི་གཱཎྜཱིའི་སྒྲ་བསྒྲག་སོ། 8། ཤིན་ཏུ་འཐུགས་པའི་ནགསུ་གནས་ནས་ཕྱུང་ཚེ་མི་བདུན་བརྒྱ་མཐོང་ནས་ཉེ་བའི།། རི་བོའི་སྟེང་ན་གླང་ཆེན་མཆོག་ནི་ཤི་བའི་ཤྭ་ཡོད་སོང་ལ་ལམ་རྒྱགས་བྱོས་ཞེས ་སྨྲས།། གླང་པོའི་རྒྱལ་པོ་གང་ཞིག་བརྩེ་བར་ལྡན་བྱའི་རི་བྱེའི་རྩེ་ནས་བདག་ཉིད་ལུས་མཆོངས་དོར།། སྲོག་ཚོགས་རྣམས་ལ་བྱམས་ལྡན་རྡུལ་རྣམས་སྤངས་པ་དེ་ཡི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་སོ།། གང་ཞིག ་ཤིན་ཏུ་དུལ་བསོ་ཚྭ་གདུང་མི་ཡི་རྒྱུ་མ་དང་ནི་ཤོ་ཚིལ་གློ་བས་མངོན་གང་བར།། སུ་དཱ་ས་ནི་ཆོས་ཀྱི་དབྱིག་གུས་དཔེ་མེད་བརྩེ་བ་བརྩོན་འགྲུས་བདེན་པ་རབ་ཏུ་འཁྲུགས།། དེ་ཐབས་སྨོན་པས་སྲོག་ཆགས་སྨན ་པ་དང་ནི་བདེ་བའི་ཆོ་གས་སྲིད་པའི་གནས།། སྡུག་བསྔལ་རྒྱུ་དང་སྡུག་བསྔལ་སླར་བཟློག་པ་ཡི་དོན་བྱས་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགསསོ། 20། ན་དང་སྐྱེ་བ་ལ་སོགས་ཟུག་རྔུར་འཇིགས་པ་མང་པོ་མཐོང་སྟེ་འབར་བའི ་མེ་སྟག་རབ་འཕྲོ་བའི།། ཁང་པ་ཉེ་བར་ཞི་བའི་ཕྱིར་ནཱི་འགྲོ་བའི་མཐའ་དག་སྐྱོ་བའི་སེམས་གྱུར་ཅིང་།། རྒྱལ་པོའི་ཕུན་ཚོགས་ཇི་ལྟར་རྩ་བཞིན་གང་སྤངས་ལྕོག་ཁྱིམ་ཆེན་པོར་བསྲུངས་ན་ཡང་།། ནགས་མཐར་རབ་ཏུ་སོང ་གྱུར་དེ་ཡི་རྗེས་སུ་ལེགས་པའི་སྤྱོད་ལྡན་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགསོ། 2། རྟག་ཏུ་མང་པོའི་རྣམ་པ་རྣམ་པར་གནོད་བྱེད་ཡལ་ག་རི་དགས་གདུག་པ་འཁྲུགས་པས་ནི།། གང་འདོད་མཆོག་གི་ལུས་ཅན་ལང་མཚོ་ལྡན་པའི ་མ་ཧེ་ལ་ནི་གནོད་སྦྱིན་གྱིས་བསྐུལ་ནས།། གང་བརྗོད་མཐའ་དག་ཤིན་ཏུ་བཟོད་ལྡན་ཡོན་ཏན་གཏེར་གྱུར་ཐར་པའི་པའི་ལམ་གྱི་གཙོ།། བཟོད་པའི་འབྱུང་གནས་དང་མཚུངས་པ་ཡི་མི་གཡོ་དེ་ཡི་ཆོས་ཀྱི ་གཎྜཱིའི་སྒྲ་བསྒྲགསོ། 23། གང་ཞིག་འདི་བ་ཤོག་རྒྱས་པ་ཡོན་ཏན་བརྒྱ་ཕྲག་རབ་མཆོག་ཡང་དག་ཡང་དག་བརྒྱན་པའི་བདག་ཉིད་ཀྱི།། བྱ་ཞིག་བྱུང་གྱུར་རི་དྭགས་དགྲ་ཡི་མགྲིན་པར་རུས་པའི་དུམ་བུ་རིང་པོ་ཟུག་པ་ཕྱུང ་བྱས་ཏེ།། རི་དྭགས་དེས་སླར་བསད་ཅིང་ཟ་ཕྱིར་བརྙས་ཐོབ་གྱུར་མོད་དེ་ནི་ནུས་ནའང་ཁྲོ་མ་གྱུར།། བཟོད་པའི་ཞིང་དེའི་མཆི་མེད་རང་བཞིན་འབྲས་བུ་བཅས་གྱུར་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲག་གོ་ཇི་སྲིད་རི་རབ་ཉི་མ་ཟླ་བས་རབ་གསལ ་རྩེ་ནས་འོད་ཆེན་འཕྲོད་པསྡེ་སྣང་བར་བྱས་ལྗོང་སཱ་དང་།། ཇི་སྲིད་ཆུ་བོ་འཛིན་ཁྲི་ཉ་དང་ཆུ་སྲིན་རླུང་རྣམས་ཀྱིས་དཀྲུགས་གནས་ནི་ལཉྩཱའི་རྒྱ་མཚོ་དང་།། ཇི་སྲིད་སུ་ནི་རི་དྲང་ལྗོན་ཤིང་ནགས་ཚྭལལྔ་གྲོང་དང་གྲོང་ཁྱེར་ལྗོངས་དང་སྟེང་རྒྱུན ་འབབ་བཅས་གནས།། དེ་སྲིད་མདོར་ན་སྟོན་པའི་བཀའ་ཡིས་སྲིད་པའི་ཁང་པ་མི་བཟོད་ལྷུང་གྱུར་འགྲོ་བ་མཐའ་དག་རབ་ཞིང་ཤོག། བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་པོ་སྐྲནི་དངགས་མཁན་ཆེན་པོ ་སློབ་དཔོན་དཔའ་བོས་མཛད་པ་རྫོགསོ།། །། དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ་ཁ་ཆེ་ཤཱཀྱ་ཤྲཱི་བཟང་པོ་དང་། ལོ་ཙཱ་བ་དགེ་སློང་བྱམས་པའི་དཔལ་གྱིས་བསྒྱུར།། །། དགེ་ལེགསུ་གྱུར་ཅིག།། ་