| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བུདྡྷ་ཙ་རི་ཏཱ་མ་ཧཱ་ཀྵ་བྱཱ་ན ་མ། བོད་སྐད་དུ། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་ང ་སྙན་ངག་ཆེན་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དཔལ་ལྡན ་ཡོན་ཏན་ཚོགས་ཀྱིས་གང་།། བདག་ཉིད་ཆེན་པོ་སེམས་ཅན་གྱི།། དོན་མཛད་ཡང་དག་སངས་རྒྱས་དང་།། ཆོས་དང་དགེ ་འདུན་ལ་ཕྱག་འཚལ།། བུ་རམ་ཤིང་པར་མཐུ་མཉམ་བུ་རམ་ཤིང་པའི་རྒྱུད།། ཐུབ་དཀའ་ཤཱཀྱ་རྣམས་ལ་སྤྱོད་པ་རྣམ ་དག་པ།། འཕྲོག་བྱེད་ཟླ་བ་ལྟ་བུར་སྐྱེ་དགུ་རྣམས་ལ་སྡུག། རྒྱལ་པོ་ཟས་གཙང་ཞེས་པའི་མིང་ཅན་བྱུང་བར་གྱུར།། དབང་པོ་དང་མཚུངས་དེ་ཡི་བདག་པོ་ལྡན་མ་ཡིན། ་ནུས་མཐུ་རྗེས་མཚུངས་གཟི་བརྗིད་ལྷ་མོ་བདེ་སོགས་དང་།། པདྨོ་ཅན་འང་ཕུན་སུམ་ཚེ་གོས་པ་ས་བཞིན་བརྟན།། སྒྱུ་མ་ཆེན་མོ་ཞེས་བྱ་དཔེ་མེད་སྒྲ་འདྲ་བྱུང་།། མི་སྐྱོང ་རྒྱལ་པོ་འདི་ནི་དེ་དང་ཐབས་ཅིག་ཏུ།། དགའ་བ་ཉེར་ལྡན་རྣམ་ཐོས་སྲས་ཀྱི་དཔལ་བཞིན་རོལ།། དེ་ནས་ཡང་དག་ཏིང་འཛིན་ལྡན་པའི་རིག་མ་བཞིན།། སྡིག་བྲལ་མ་དེ་མངལ ་ནི་རྣམ་པར་བཟུང་བར་གྱུར།། མངལ་དང་ཉེ་བར་ལྡན་པ་ཉིད་ཀྱི་སྔོན་རོལ་ཏུ།། དེ་ནི་གཉིད་སོང་གླང་པོ་དབང་པོ་དཀར་པོ་ཞིག། རང་ཉིད་ལ་ནི་རབ་ཏུ་ཞུགས་སོགས་མཐོང་གྱུར་ལ།། དེ་ཡི་མཚན་མཉམ ་ཟག་པ་ཡང་ཐོབ་མ་ཡིན།། ལྷ་དང་རབ་ཏུ་མཚུངས་པ་དེ་ཡི་ལྷ་མོ་དེ་ཡི་ལྷ་མོ་དེ།། མངལ་གྱི་རིགས་ཀྱི་དཔལ་ནི་རབ་ཏུ་འདྲེན་བྱེད་ཅིང་།། སྒྱུ་མངལ་བ་དང་ནི་མྱ་ངན་སྒྲ་མེད་པར།། གཙང་ལ་ཉོན་མོང་ས་མྱེད་པའི་དགོན ་པར་བློ་གྲོས་མཛད།། དེ་ནི་ལུམ་བི་ཞེས་བྱའི་ནགས་མཐར་གྱུར་པའི་ས།། སྣ་ཚོགས་ལྗོན་ཤིང་སྣ་ཚོགསྡེ་ཤིང་རྟ་མངོན་དགའ་བར།། བསམ་གཏན་ལ་བཟོད་དབེན་པའི་ནགས་ཀྱི་མཐའ་བཞེད་མ།། འགྲོ་བའི་ཆེད་དང་གནས་ཕྱིར་མི་སྐྱོང་ལ་ཞུས་སོ།། ་དེ་ཡི་ཆོས་དང་ལྡན་ལ་འཕགས་པའི་ཞེ་འདོད་དག། རྣམ་པར་ཤེས་ནས་ཡ་མཚོན་དགའ་བ་ཡིས་གང་སྟེ།། ཞི་བའི་གྲོང་ནས་ས་ཡི་བདག་པོ་གཤེགས་གྱུར་ཏེ།། དེ་ཡི་དགའ་བའི་རྒྱུ་ཡིན་རྣམ་པར་རྒྱུ་ཕྱིར་མིན།། དཔལ་དང་ལྡན་པའི་ནགས་དེར་རྒྱལ་པོའི ་བདག་ལྡན་མ།། རབ་ཏུ་བལྟམས་པའི་དུས་ནི་ཡང་དག་མངོན་གཟིགས་ཤིང་།། བླ་རེ་ཉེ་བར་ཕུལ་བའི་གཟིམས་མལ་རབ་འཐོབ་སྟེ།། མི་མོ་སྟོང་ཕྲག་དག་གིས་མངོན་པར་དགའ་བར་བྱེད།། དེ་ནས་སྐར་མ་རྒྱལ་རབ་ལྡན་པར་གྱུར་པའི་ཚེ།། བརྟུ ་ཞུགས་ལེགས་པར་འདུས་བྱས་ལྷ་མོ་དེ་ཡི་ནི།། རྩིབས་ལོགས་དག་ནས་འཇིག་རྟེན་ཕན་ཕྱིར་སྲས་བལྟམས་ཏེ།། ཚོར་བ་དང་ནི་བྲལ་ཞིང་ནད་དང་བྲལ་བ་ཉིད།། ཇི་ལྟར་བརླ་སྐྱེས་བརླ་ནས་རྒྱ་ཆེན་ལག་པ་ནས།། དབང་པོ་དང་མཚུངས་པ ་ལེ་ནུ་ནི་སྤྱི་བོ་ནས།། མཚན་ལྡན་ཉིད་ཀྱང་ལག་པའི་ཆ་ཤས་གསང་བ་ནས།། རྣམ་པ་དེ་ལྟར་དེ་ཡི་སྐྱེ་བ་འབྱུང་བར་འགྱུར།། མངལ་ནས་མངོན་པར་ངེས་པར་བྱུང་བ་གཟུགས་མཛེས་ཏེ།། ནམ་མཁའ་དག་ལས་འཕོས་འདྲ་སྐྱེ་གནས ་ལས་མ་སྐྱེས།། བསྐལ་པ་གཅིག་མིན་རྣམས་སུ་བསྒོམ་པའི་བདག་ཉིད་ནི།། གང་ཞིག་ཡང་དག་རབ་ཏུ་ཤེས་ན་སྐྱེས་གྱུར་བླུན་པོ་མིན།། ཉི་མ་གཞོན་ནུ་ས་ལ་མངོན་པར་བབས་པ་བཞིན།། གསལ་བ་དང་ནི་བརྟན་པས་གང ་ཞིག་མཛེས་པ་སྟེ།། དེ་ལྟར་ཤིན་ཏུ་གསལ་ཡང་ངེས་པར་རྟོག་པ་ན།། རི་བོང་གིས་མཚན་ཇི་ལྟར་མིག་དག་ཕྲོག་པར་གྱུར།། དེ་ནི་རང་གི་ལུས་ཀྱི་འོད་རབ་འབར་བ་ཡིས།། སྒྲོན་མའི་འོད་ཀྱང་གསལ་བར་བྱེད་པས་ལྟར་བཅོམ་སྟེ།། རིན ་ཐང་ཆེན་པོ་འཛམ་བུ་ཆུ་གསེར་མཛེས་པའི་མདོག། ཕྱོགས་རྣམས་ཐམས་ཅད་རྣམ་པར་སྣང་ཞིང་གསལ་བར་མཛད།། འཁྲུགས་པ་མ་ཡིན་ཡོན་པོའི་སྐྱོན་དག་རབ་བསལ་ཞིང་།། ཤིན་ཏུ་བརྟན་པ་དང་ལྡན་རྣམ་པར་ཡངས་པའི་འགྲོས། ་དེ་ལྟར་མི་གཡོ་རབ་ཏུ་བརྟན་པའི་གོམ་པ་བདུན།། དྲང་སྲོང་སྐར་མ་བདུན་དང་རབ་མཉམ་གཤེགས་པར་གྱུར།། བྱང་ཆུབ་ཕྱིར་དང་འགྲོ་ལ་ཕན་པའི་ཕྱིར་སྐྱེས་ཤིང་།། འདི་ནི་བདག་གི་སྲིད་པའི་སྐྱེ་བ་ཐ་མེ་ཞེས།། སེང་གེའི་འགྲོས་འདྲ་ཕྱོག ་བཞི་ངག་ཏུ་རྣམ་གཟིགས་ནས།། སྣོད་ལྡན་རྣམས་ཀྱི་དོན་བྱེད་དག་ཀྱང་སྨྲས་པར་གྱུར།། ནམཁའ་དག་ལས་རབ་བབས་ཟླ་བའི་འོད་ཟེར་དཀར།། དྲང་དྲང་དྲོ་བོའི་ཆུ་རྒྱུན་རྣམ་པ་གཉིས་ཀྱི་ཤུགས།། ལུས་ལ་ཡང་དག་རེག་པས་བདེ་བ ་བསྐྱེད་པའི་ཕྱིར།། མཛེས་ཤིང་ཡིད་འོང་དེ་ཡི་སྤྱི་བར་བབས་པར་གྱུར།། དཔལ་ལྡན་བླ་བྲེ་བྲེས་པར་གསེར་གྱི་འབར་ཞིང་མཚན།། བཻ་ཌཱུརྱ་ཡི་རྐང་པའི་གཟིམས་མལ་ལ་གཟིམས་པ།། དེ་ལ་གུས་ཕྱིར་གསེར་གྱི་པདྨའི་ཕྱག ་མངའ་བའི།། གནོད་སྦྱིན་བདག་རྣམས་ཀུན་ནས་ཡོངསུ་བསྐོར་ནས་གནས།། མི་མངོན་གྱུར་པའི་ལྷ་རྣམས་ཀྱིས་ཀྱང་ན་མཁའ་ལ།། གང་གི་མཐུ་ལས་མགོ་བོ་ཡིས་ནི་རབ་བཏུད་ཅིང་།། ཀུན་ནས་གདུང་བ་སྐྱོབ ་པའི་གདུགས་དཀར་རྣམས་བཟུང་སྟེ།། བྱང་ཆུབ་ཆེང་དུ་མཆོག་གི་བསྔགས་པ་དག་ཀྱང་སྨྲས།། འདས་པའི་སངས་རྒྱས་རྣམས་ལ་ལྷག་པར་མཆོད་བྱས་པའི།། ལྟོ་འཕྱེ་ཆེ་རྣམས་ཁྱད་འཕགས་ཆོས་ལ་སྲེད་པའི་ཕྱིར།། གང ་རླུང་ཡབ་ཀྱིས་གཡབ་གུས་པའི་མིག་གཟེར་ཅིང་།། མནྟ་དཱ་ར་བའི་མེ་ཏོག་རྣམས་ཀྱིས་ཡང་དག་འཐོར།། དེ་བཞིན་གཤེགས་པ་བལྟམས་པའི་ཡོན་ཏན་གྱིས་ཚིམ་པའི།། གཙང་མར་ལྷག་པར་གནས་པའི་རྣམ་དག་སེམས་ཅན ་རྣམས།། སྡུག་བསྔལ་ཉིད་དུ་བྱིང་བའི་འགྲོ་ལ་ཕན་པའི་ཕྱིར།། ལྷ་རྣམས་འདོད་ཆགས་བྲལ་བ་ན་ཡང་དགའ་བར་འགྱུར།། གང་གིས་རབ་ཏུ་བལྟམས་ཚེ་རི་རྒྱལ་ཕུར་བུ་ཉིད།། རླུང་གིས་བསྣུན་པའི་གྲུ་ལྟར་ས་གཞི་གཡོས་གྱུར ་ཅིང་།། ཙ་ན་ངན་དང་བཅས་ཨུཏྤལ་པདྨའི་སྙིང་པོ་ཡི།། ཆར་པ་དག་ནི་ན་མཁའི་སྤྲིན་དང་བྲལ་བས་བབས།། ཡིད་འོང་རིག་ན་བདེ་བའི་རླུང་དག་བྱུང་གྱུར་ཏེ།། ལྷ་ཡཱ་ན་བཟའ་དག་ནི་མངོན་པུར་འི་བྱི་བས་བྱེད་ཅིང་།། ཉྩི་མྦྷ་དེ་ཉིད་ལྷག ་པར་མངོན་པར་གསལ་བ་སྟེ།། ཞི་བའི་འོད་ཟེར་འདུས་མ་བྱས་པའི་མེ་འབརོ།། ཤར་དང་བྱང་གི་མཚམས་ཀྱི་ཁང་པའི་ཕྱོགས་གཅིག་ནི།། བིསོལ་བའི་ཆུ་ཡི་ཁྲོན་པརང་བྱུང་གྱུར་པ་སྟེ།། ཕོ་བྲང་བཙུན་མོའི་འཁོར་རྣམས ་མཚན་གྱུར་རྣམས་ཀྱིས།། གང་ལ་བྱ་བ་རྣམས་ནི་སྟེགས་བཞིན་རབ་ཏུ་བྱས།། ཆོས་དང་ལྡན་པའི་ལྷ་དང་འབྱུང་པོའི་ཚོགས་རྣམས་ཀྱིས།། དེ་ནི་བལྟ་བའི་དོན་དུ་ནགས་ཚལ་རབ་གང་སྟེ། རྨད་བྱུང་ངོ་མཚར་གྱུར་པ་ཉིད་ཀྱི་ཤིང་ལས་ཀྱང་།། ་མེ་ཏོག་རྣམས་ནི་དུས་མ་ཡིན་པར་ངེས་པར་བྲལ།། འཚེ་བར་བྱེད་པའི་སེམས་ཅན་རྣམས་ཀྱང་དེའི་ཚེ།། ཕན་ཚུན་དག་ཏུ་ཕྱིན་ཏེ་གནོད་པ་མི་བྱེད་ལ།། འཚོ་བའི་འཇིག་རྟེནཱ་དག་ན་ནང་གླང་ཇི་སྐད་པོ།། དེ་དག་རྣམས་ཀྱང་འབད་པ་མེད་པར་དེ་ཚེ ་བཅོམ།། མཁའ་འགྲོའི་བྱཱ་ནཱི་མཐོ་མིནྡ་སྒྲ་སྒྲོགས་རི་དགས་ཀྱང་།། ཆུ་ཀླུང་དང་ནི་ཆུ་ཡང་ཞི་བར་བབ་གྱུར་ལ།། ཕྱོགས་རྣམས་རབ་སྣང་དགེ་བའི་ནམ་མཁའ་རབ་མཛེས་ཤིང་།། ལྷ་ཡི་རྔ་རྣམས་མཁའ་ལྔ་རབ་ཏུ་གྲགས་པར་གྱུར།། རྒྱུད་པར་གྱུར། ་ལ་མགོན་ནི་ཉེ་བར་ཐོབ་ནས་བཞིན།། འཇིག་རྟེན་དག་ཀྱང་མཆོག་ཏུ་རབ་ཞི་ཐོབ་གྱུར་ལྔ།། འཇིག་རྟེན་རྣམས་ཀྱི་ཐར་པའི་བླ་མ་རབ་བསྒྲིམས་ཚེ།། འདོད་པའི་ལྷ་ཉིད་ཁོ་ན་དགའ་བ་མེད་པར་གྱུར།། ཤིན་ཏུ་ངོ་མཚོར་སྲས་ཀྱི་སྐྱེ་བ་མཐོང་གྱུར ་ནས།། མི་བདག་བརྟན་པ་ཡིན་ཡང་རྣམ་པར་འགྱུར་ནས་སོང་།། རབ་དགའ་སྐྱེས་པ་ཉིད་དང་ཡིད་མ་བདེ་སྐྱེས་ཏེ།། བརྩེ་བ་ལས་ནི་མཆི་མ་རྣ་པ་གཉིས་བྱུང་ངོ་།། མི་མ་ཡིན་པའི་སྲས་པོ་ཉིད་ཀྱི་ནུས་པ་དང་།། མ་ཡི་རང་བཞིན་ཀྱང་ནི་སྟོབས་ཆུང ་ཉིད་ཀྱི་ཕྱིར།། གྲང་དང་དྲོ་བའི་ཆུ་དག་འདྲེས་པའི་ཆུ་ཀླུང་བཞིན།། ལྷ་མོ་འཇིགས་པ་དང་ནི་དགའ་བས་གང་བར་གྱུར།། ལྷག་མ་སྤངས་ཏེ་འཇིགས་པ་ཉིད་ནི་ཤེས་བྱས་ནས།། ཡིད་འོང་འདོད་པའི་ཆེད་དུ་རྟོགས་པ་མ་ཡིན་པའི།། བུད་མེད་ནམམ ་རྣམས་ཀྱི་བདེ་ལེགས་གྱུར་བྱས་ཤྀ་།། གཙང་མར་བྱས་ཏེ་ལྷ་རྣམས་དག་ལ་ཕྱག་འཚལོ།། དེ་ཡོ་མཚན་ཉིད་ངག་ཀྱང་ཤོས་ཤིང་ཐོས་གྱུར་ནས།། སྤྱོད་དང་ཟློས་དང་ཚིག་ལ་གྲགས་ཐོབ་བྲམ་ཟེ་རྣམས།། མཱ་མྦྷ ་ཞཝཱ་ནི་ཡཱ་མཚན་དགའ་བ་ཡིད་གང་སྟེ།། དགེའ་དོང་འཇིགས་པར་གྱུར་པའོ་མ་ཡི་ལྕེ་ལ་སྨྲས།། མི་དགས་ལྷ་བུ་མ་གཏོགས་པའི་ཁྱུད་འཕགས་པ།། གཞན་གང་ཅུང་ཟད་འདོད་མིན་ཞི་བ་དེ་ཡི་ཕྱིར།། ཁྱོད་ཀྱི་སྤྲིན་མ་འདི་ནི་རིགས་ཀྱི་སྒྲོན ་མསྟེ།། ཁྱོད་ཉིད་དགེའ་བྱར་མཛོད་ཅིག་དག་སྔོན་དེ་ལྟ་བགྲཾ།། དེ་བྱོར་བརྟན་པར་རྣམ་པྱོད་མི་བུར་དག་མཛོད་དང་།། རིགས་ནི་ངོས་པ་ཉིད་དུ་མཆོག་ཏུ་འཕེལ་བར་འགྱུར།། འདི་ནི་ཁྱོང་གྲོ་ནས་སྐྱེས་པར་གྱུར་པ་སྟེ།། འཛི ་སྡུག་བསྔལ་དག་གིས་མངོན་པར་བཅོམ་པའི་མགོན།། མཆོག་གྱུར་འདི་ལ་མཆོག་གྱུར་གསེར་གྱི་འོད་མངའ་ཞིང་།། སྒྲོན་མའི་འོད་ཟེར་དག་གིས་མཆིན་རྣམས་གང་གྱུར་པས།། དེ་ཉིད་རྫོགས་པར་གྱུར་པའི་ཐོབ་པར་འགྱུར་བའམ། ་ཡིད་ནཱ་མི་བདུག་ས་སྟེངས་འཁོར་ལོས་སྒྱུར་བར་འགྱུར།། ས་ཡི་བདག་པོ་ཉིད་ལ་གལ་ཏེ་དགའ་འགྱུར་ན།། སྟོབས་དང་ཆོས་དག་གིས་ནི་དེའི་ཚེས་སྟེང་དུ།། རྒྱལ་པོ་ཀུན་གྱི་ཐོག་ཏུ་འདི་ནི་གནས་འགྱུར་ཏེ།། སྐར་མྱའི་འོད་རྣམས ་ལ་ནི་ཉི་སའི་འང་བཞིན་ནོ།། དེ་ནི་གལ་ཏ་ཐར་བཞིདི་ནགསུ་གཤེགས་གྱུར་ན།། མཁྱེན་དང་དེ་ཉི་ཧཱུ~ཾ་ན་རྗེ་ཆུས་སྦྱི་།། ལུགས་སུན་སྐྱིལ་གྱིས་མུན་ནས་འདྲི་ན་གནས་འགྱུར་ཏོ།། ས་རྒྱལ་པོ་བཞིན།། ་ལྕགས་རྣམས་ལ་ནི་གསེར་དྲག་མཆོག་ཡིན་ལ།། རི་རྣམས་ལ་ནི་རི་རབ་ཆུ་བོ་རྣམས་ལ་མཚོ།། གཟའ་རྣམས་ལ་ནཱི་ཟླ་བ་དུད་བྱེད་རྣམས་ལ་ཉི།། དེ་ལྟར་ཁྱོད་ཀྱི་སྲས་ནི་རྐང་གཉིས་རྣམས་ཀྱི་མཆོག། གང་གི་སྤྱན་དག་མི་འཛུམ་མི་གཟིར་རྣམ་པར ་སྤངས་པ་སྟེ།། བརྟན་ཞིང་ཤིན་ཏུ་རིང་ལ་དཀར་མིན་རྫི་མ་དང་།། གཟི་བརྗིད་ལྡན་པ་ཡིན་ཡང་འོན་ཀྱང་ཞི་བ་ཉིད།། འོད་ནི་ཀུན་ནས་གཟིགས་པའི་སྤྱན་མངའ་ཅི་ལ་མིན།། དེ་ན་གཉིས་སྐྱེས་རྣམས་ལ་མི་དོག་གིས་སྨྲས་པ།། བདག་ཉིད་ཆེན་པོ ་མི་སྐྱོང་སྔ་མས་མ་མཐོང་བ།། མཐོང་ཞེས་ཁྱད་འདི་གང་ཡིན་འདི་ལ་རྒྱུ་མཚན་ཅི།། དེ་ནས་བྲམ་ཟེ་རྣམས་ཀྱི་དེ་ཉིད་ལ་སྨྲས་པ།། བློ་དང་ཐོས་པ་ལས་དང་གྲགས་པ་རྣམས་ལ་ནི།། མི་སྐྱོང་སྔོན་དང་ཕྱི་མ་ཉིད་ནི་ཚད་མ་མིན།། དངོས་པོའི ་ལུགས་ལ་འདིར་ནི་བྱ་བ་རྒྱུ་ཡིན་ལ།། འདིར་ཡང་བདག་གིས་དཔེར་བརྗོད་དགེ་ནི་མཁྱེན་པར་མཛོད།། གང་ཞིག་རྒྱལ་པོའི་བསྟན་བཅོས་ཤེས་ལྡན་པ་ན་སྤོང་དག། རིག་བྱེད་དྲང་སྲོང་དེ་གཉིས་ཀྱིས་ནི་མ་བྱས་པ།། དེ་དག་གིས་སྲས་ཞི་བ་པ་བ་སངས ་དང་ནི།། ཕུར་བུ་ཡིས་ནི་དུས་ཀྱི་དེ་ཉིད་བསྐྱེད་པར་གྱུར།། ཉམས་གྱུར་སྔ་མ་རྣམས་ཀྱིས་མ་མཐོང་རིག་བྱེད་གང་།། དབྱངས་ཅན་མ་ཡི་བུ་ཡིས་ཀྱང་ནི་སླར་སྨྲས་པ།། ནུས་མེད་གནས་འཇོག་གིས་ནི་མ་བྱས་གྱུར་པ་གང་།། རྒྱས་པ་ཡིས་ནི་དེ་ལྟར ་རྣམ་པ་མང་པོ་བརྗོད།། འཕོ་བྱེད་དྲང་སྲོང་ཆེན་པོས་མ་བསྡེབས་གྱུར་པ་གང་།། ཚིག་གི་རྐང་པ་གྲོགས་མཁར་གྱིས་ནི་དང་པོར་བསྐྱེད།། གསོ་བ་གང་ཡང་རྒྱུན་ཤེས་གྱིས་ནི་མ་མཐོང་བ།། ཕྱི་ནས་དེ་ནི་དྲང་སྲོང་རྒྱུན་ཤེས་བུ་ཡིས་བྱས།། གང་ཡང ་གཉིས་སྐྱེས་ཉིད་ནི་ཀུན་ཤས་མ་རྙེད་པ།། དེ་ནི་གཏིང་དཔོགས་བུ་ཡིས་རྒྱལ་པོ་ལ་ཐོབ་བོ།། བུ་རམ་ཤིང་པས་དང་པོར་མ་བསྡམས་གྱུར་པ་གང་།། རྒྱ་མཚོ་ལ་དུག་བཅས་ཀྱིས་ཀྱང་མཚམས་བཟུང་ངོ་།། ་སློབ་དཔོན་ཉིད་དུ་བྲམ་ཟེའི་རྣལ་འབྱོར་ཆོ་ག་ལ།། གཞན་རྣམས་ཀྱིས་མ་ཐོབ་པ་སྐྱེད་བྱེད་གཤེགས་པར་གྱུར།། ཁྱབ་འཇུག་གིས་ནི་གྲགས་པའི་ལས་རྣམས་གང་ཡིན་པ།། དེ་རྣ་ལ་ནི་དངའ་བོ་ལ་སོཊ་སྟོ་བ་མེད་གྱུར།། དེ་ཕྱིར་ལང་ཚོ་དང་ནི་རིགས་དག་ན ་མ་ཡིན།། ལ་ལ་ལོ་ལར་མཆོག་ཉིད་ཉེར་ཐོབ་འཇིག་རྟེན་ན།། རྒྱལ་དང་དྲང་སྲོང་རྣམས་ཀྱི་སྔ་མས་མ་བྱས་པ།། དེ་དང་དེ་དག་རྣམས་ནི་བུ་རྣམས་དག་གིས་བྱས།། དེ་ལྟར་གཉིས་སྐྱེས་དེ་རྣམས་ཀྱིས་ནི་ཡིད་ཆེས་ཏེ།། མི་སྐྱོང ་དབུགས་འབྱིན་དང་ཡང་མངོན་པར་དགའ་གྱུར་ལ།། མི་འདོད་ཐེ་ཚོམ་དྲག་ནི་ཡིད་ལས་རྣམ་བསལ་ཏེ།། རབ་ཏུ་དགའ་བ་ཉིད་ལ་ལྷགས་པར་འཛེགས་པར་གྱུར།། དགའ་བ་ཡིས་ནི་གཉིས་སྐྱེས་དམ་པ་དེ་རྣམས་ལ།། ་བཀུར་སྟི་སྔོན་དུ་འགྲོ་བའི་ནོར་རྣམས་རབ་ཏུ་ཕུལ་ཏེ།། ཇི་སྐད་སྨྲས་བཞིན་འདི་ནི་ས་ཡི་བདག་པོར་གྱུར།། རྒས་པ་ཐོབ་ནས་ནགས་རྣམས་སུ་ནི་འགྲོ་བར་ཤོག། དེ་ནས་མཚན་མ་རྣམས་དང་དཀའ་ཐུབ་སྟོབས་ལས་ནི།། སྐྱེ ་བ་མཐར་མཛད་བལྟམས་པ་དེ་ནི་རྟོགས་གྱུར་ནས།། དམ་པའི་ཆོས་ལ་གུས་པའི་ཤཱཀྱའི་དབང་ཕྱུག་གིས།། གནས་སུ་དཀར་མིན་དྲང་སྲོང་ཆེན་པོ་གཤེགས་པར་གྱུར།། ཚངས་པའི་དཔལ་ཉིད་ཀྱིས་དང་དཀའ་ཐུབ་དཔལ་གྱིས་ནི།། ་འབར་བའི་ཚངས་རིགས་རྣམས་ཀྱི་ཚང་རིག་དེ་ལ་ནི།། རྒྱལ་པོའི་བླ་མས་གུས་པ་དང་ནི་བཀུར་སྟིའི་ཕྱིར།། མི་དབང་པོ་བྲང་དུ་ནི་རབ་ཏུ་སྤྱན་དྲངས་སོ།། དེ་ནི་ས་བདག་བཙུན་མོའི་འཁོར་གྱི་ཉེ་ལོགསུ།། གཞོན་ནུ་བལྟམས་པ་ལ་ནི་དགའ་བའི ་ཤུགས་ཀྱིས་འོངས།། དཀའ་ཐུབ་མཆོག་ལས་དང་ནི་རྒས་པ་ལ་བསྟེན་ནས།། བརྟན་པ་ནགས་ཀྱི་འདུ་ཤེས་ཀྱིས་ལྟར་རྣམ་པར་ཞུགས།། དེ་ནས་ཐུབ་པ་གདན་ལ་གནས་པ་དེ་ལ་མི་སྐྱོང་གིས།། ཞབས་བསིལ་མཆོད་ཡོན་སྔོན་འགྲོ་ཡང ་ངག་རབ་མཆོད་ནས།། སྔོན་ཆེ་གནས་མཆོག་ལ་ནི་མཐའ་ཅན་ལྷས་བཞིན་དེས།། ཇི་ལྟར་ཉེ་བར་སྤྱོད་ལ་སྙན་གསན་ཕབ་པའོ།། བདག་གི་རིགས་ནི་རྗེསུ་བཟུང་ཕྱིར་ནོར་ལྡན་ངེས།། གང་ཞིག་བདག་ལ་གཟིགས་ཕྱིར་བཅོམ་ལྡན་ཉེར ་གཤེགས་ལ།། བཀའ་དྲིན་གནང་བར་མཛོད་ཅིག་ཞི་བ་ཅི་བགྱི་བགྱི།། ཁོ་བོ་སློབ་མ་ལགསོ་ཐུགས་ཚེས་མཛད་པར་རིགས།། དེ་ལྟར་མི་སྐྱོང་གིས་ནི་དངོས་པོ་ཐམས་ཅད་ཀྱིས།། ཉེ་བར་གསོལ་བཏང་གྱུར་པའི་ཐུབ་པ་ཇི་ལྟ་བཞིན ་རབ་རྒྱས་ཡངས་པའི་སྤྱན་ནི་ཡ་མཚན་དང་བཅས་པས།། ཟབ་པ་དང་ནི་བརྟན་པའི་ཚོགས་རྣམས་སྨྲས་པའོ།། ཆོས་འདོད་གཏོང་བ་དང་ལྡན་འགྲོན་ལ་སྡུག་ཅིང་འཕངས།། བདག་ཉིད་ཆེན་པོ་ཁྱེད་ལ་འཐད་པ་འདི་ཡིན་ལ།། སེམས ་དཔའ་རྗེས་འགྲོ་ཡེ་ཤེས་ལང་ཚོ་རྗེས་མཐུན་པ།། ཁྱོད་ཀྱི་བློ་གྲོས་གཉེན་གང་དེ་ལྟར་བདག་ལ་ཡིན།། དེ་དང་དེ་ནི་གང་གིས་མི་སྐྱོང་དྲང་སྲོང་དེས།། ཕྲ་མོའི་ཆོས་ཀྱིས་ནོར་རྣམས་རབ་ཏུ་ཐོབ་བྱས་ནས།། རྟག་པར་ཆོ་ག་བཞིན་དུ་མཆོད་སྦྱིན ་བྱས་གྱུར་པ།། དཀའ་ཐུབ་རྣམས་ཀྱིས་ཕྱུག་ཅིང་ནོར་རྣམས་དག་གིས་དབུལ།། བདག་གི་ཉེ་བར་འོངས་ལ་དགོས་པ་གང་ཡིན་པ།། བདག་གི་དེ་ནི་གསོན་མཛོད་དགའ་བར་ཉེར་སོང་ཁྱེད།། བྱང་ཆུབ་རྟོགས་པའི་ཆད ་དུ་ཁྱོད་ཀྱིས་སྲས་བལྟམས་ཞེས།། ལྷ་ཡི་ངག་དག་བདག་གི་ཉི་མའི་ལམ་དུ་ཐོས།། ངགྲ་དེ་ཐོས་ནས་དང་ནི་ཡིད་ལ་བསྒོམས་ནས་དང་།། མཚན་མ་རྣམས་ཀྱིས་ཤེས་ནས་དེ་ནས་ཉེ་བར་འོངས།། བརྒྱ་བྱིན་གྱི་ནི་རྒྱལ་མཚན་ཡང་དག ་བསྒྲེང་བ་བཞིན།། ཤཱཀྱའི་རིགས་ཀྱི་རྒྱལ་མཚན་བལྟ་བར་འདོད་པ་ཡིས།། ཞེས་པའི་ཚིག་འདི་དེ་ལྟར་ཐོས་པར་གྱུར་ནས་ནི།། མི་དབང་རབ་ཏུ་དགལ་བས་ཀུན་ནས་གཡོས་གྱུར་ཏེ།། ཡུམ་གྱི་པང་དུ་སོན་ལས་གཞོན་ནུ་བླངས་ནས་ནི། ་དཀའ་ཐུབ་ནོར་ཅན་ལ་ནི་ཡང་དག་བསྟན་པར་གྱུར།། དེ་ནས་དྲང་སྲོང་ཆེ་ངེས་ཞབས་ལ་འཁོར་ལོས་མཚན།། ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བ་དང་།། གླང་པོ་བཞིན་དུ་འདོམས་ནུབ་སྨིན་མ་མཛོད་སྤུར་བཅས།། ཡ་མཚན ་དང་བཅས་རྒྱལ་པོ་སྲས་ནི་མཐོང་བར་གྱུར།། ལྷ་མོའི་པང་ན་ཞུགས་པ་མེ་ཡི་བུ་བཞིན་དུ།། མ་མའི་པང་ན་བཞུགས་པ་མངོན་པར་མཐོང་ནས་ནི།། བྱུང་གྱུར་རྫི་མའི་མཐའ་རུ་མཆི་མ་རྣམས་བྱུང་སྟེ།། དབུགས་མེད་གྱུར་ནས་གྱེན་དུ ་ལྟ་ལ་ཞལ་ཕྱོགས་གྱུར།། མིག་དག་མཆི་མས་ཡོངས་གང་དཀར་མིན་མཐོང་ནས་ནི།། བུ་ལ་བརྩེ་བའི་ཕྱིར་ནི་མི་སྐྱོང་འདར་གྱུར་ཏེ།། མཆི་མ་དང་ནི་གྲེ་པ་ཁ་ཞིང་ལྡབ་ལྡིབ་བཅས།། ཐལ་མོ་སྦྱར་ཞིང་ཡན་ལག་བཏུད་དེ ་དྲིས་པར་གྱུར།། གླང་གི་ལུས་ནི་ལྷ་ལས་བཱར་ན་ཅུང་ཟད་གཅིག། གང་གི་སྐྱེ་བ་ངོ་མཆེར་མང་པོའི་སྒྲོན་མ་སྟེ། གང་གི་དོན་ནི་མཆོག་ཏུ་འགྱུར་བར་སྨྲ་བ་སྟེ།། རབ་ཏུ་མཐོང་ནས་བརྟན་པ་གང་ཕྱིར་མཆི་མ་འོང་།། བཅོམ་ལྡན་གཞོན ་ནུ་བརྟན་པའི་ཚེ་ཅན་ཡིན་སྙམ་མམ།། བདག་གི་མྱ་ངན་ཆེད་དུ་སྐྱེས་པ་མིན་ནམ་ཅི།། བདག་ལ་ཆུ་ཡི་སྙིམ་པ་ཅི་ཞིག་ལྟར་རྙེད་དེ།། འདི་ནི་དུས་ཀྱིས་འཐུང་ཕྱིར་ཉེ་བར་འོངས་མ་ཡིན།། བདག་གི་སྙན་གྲགས་གཏེར་ནི་མི་ཟད་ཡིན་སྙམ་མམ།། ངེས ་པར་བདག་གི་རིགས་ཀྱི་ལག་ནོར་ཡིན་སྙམ་ཅི།། བདེ་བར་ཕ་རོལ་ཏུ་ནི་རབ་ཏུ་འགྲོ་སྙམ་མམ།། གཉིད་པར་གྱུར་ཀྱང་བུ་ནི་ཕྱེ་བའི་མིག་གཅིག་ཡོད།། བདག་གི་རིགས་ཀྱི་མྱུ་གུ་སྐྱེས་པར་མ་རྒྱས་པར།། ཡོངསུ་སྐམས་པའི་སྐལ་བ་ཅན་ཞིག་ཡིན་སྙམ ་མམ།། ཁྱབ་བདག་མྱུར་བར་གསུངས་ཤིག་བདག་ལ་ཞི་བ་མེད།། གཉེན་འདུན་རྣམས་ཀྱི་བུ་ལ་བརྩེ་བ་ཁྱེད་ཀྱི་རིགས།། དེ་ལྟར་མི་འདོད་བློ་ཡིས་འཁྲུལ་པ་བྱུང་གྱུར་པ།། རིག་ནས་མི་དབང་རྒྱལ་ལ་ཐུབ་པ་དེས་སྨྲས་པ།། བདག་གིས་སྨྲས ་པ་གླང་དེ་ཐེ་ཚོམ་མེད་པ་དེ།། མི་སྐྱོང་ཁྱེད་ཀྱི་བློ་གྲོས་གཞན་གང་མ་གྱུར་ཅིག། འདི་ཡི་གཞན་གྱུར་མཚོན་མིན་བདག་གི་རྣམ་འགྱུར་ཏེ།། འོན་ཀྱང་རང་ལ་སླུ་བར་རབ་མཚོན་རྣམ་པར་འཁྲུགས།། སྐྱེ་བ་ཟད་པའི་རྙེད་པར་བླ་མིན་རྟོགས་པ་པོ།། ་འདི་སྐྱེས་བདག་གི་འགྲོ་བ་ལ་ནི་དུས་ཡིན།། རྒྱལ་སྲིད་རྣམ་པར་སྤངས་ནས་ཡུལ་རྣམས་ལ་མི་གནས།། འབད་པ་དྲག་པོ་རྣམས་ཀྱིས་དེ་ཉིད་ཐོབ་བྱས་ནས།། འདི་ནི་འགྲོ་ལ་གཏི་མུག་མུན་པ་རྣམ་འཇོམས་ཕྱིར།། ཡེ་ཤེས་རང་བཞིན་ཉི་མ་རབ་ཏུ ་འབར་བར་འགྱུར།། སྡུག་བསྔལ་རྒྱ་མཚོ་ནད་རྣམས་བཀྲམ་པའི་ལྦུ་པ་ཅན།། རྒ་བའི་དབའ་རླབས་འཆི་བའི་ཤུགས་ནི་དྲག་པོ་ལས།། འགྲོ་བ་ཉམས་ཐག་བྱིང་བར་གྱུར་རྣམས་འདི་ཡིས་ནི།། ཡེ་ཤེས་གྲུ་བོ་ཆེན་པོ་ཡིས་ནི་སྒྲོལ་བར་བྱེད། ་ས་རབ་ཆུ་ཡི་ཤུགས་ལ་བརྟན་པའི་ཚུལ་ཁྲིམས་ངོགས།། ཏིང་ངེ་འཛིན་ནི་བསིལ་བའི་བརྡུལ་ཞུགས་ངང་པ་འཕྱོ།། འདི་ཡི་མཆོག་གི་ཆོས་ཀྱི་ཆུ་བོ་རབ་སྐོར་ལ།། སྲེད་པས་ཉམ་ཐག་གསོན་པའི་འཇིག་རྟེན་ཐུང་བར་བྱེད།། སྔག་བསྔལ་གྱིས་ཉམ་ཐས་དང ་ཡུལ་གྱིས་བསྒྲིབས་རྣམས་དང་།། འཁོར་བའི་འབྲོག་དགོན་འཇིགས་པར་གནས་པ་རྣམས་ལ་ནི།། ལམ་རབ་ཆུད་ཟོས་རྣམས་ལ་ལམ་འགྲོ་རྣམས་བཞིན་དུ།། འདིས་ནི་རྣམ་པར་དག་པའི་ལམ་དག་འཆད་པར་འགྱུར།། ཡུལ་གྱི་བུད་ཤིང་ཅན་གྱི་འདོད།། ་ཆགས་མེ་ཡིས་ནི།། འཇིག་རྟེན་སྐྱེ་བོ་རྣམ་པར་བསེག་པར་གྱུར་པ་ལ།། སོས་ཀའི་ཐ་མར་སྤྲིན་ཆེན་གྱི་སྟི་ཆར་བཞིན་དུ།། འདི་ཡིས་ཆོས་ཀྱི་ཆར་གྱིས་རབ་ཏུ་སིམ་བྱེད་འགྱུར།། སྲེད་པའི་སྒོ་གཏན་མ་རིག་མུན་པའི་སྒོ་གླེགས་ཅན།། སྒོ་ལ་སྐྱེ་དགུ་རྣམས་ཀྱི ་འཐོན་པའི་རྒྱུ་ལས་ནི།། འདི་ཡིས་མཆོག་རབ་ཀུན་ནས་རྙེད་པར་དཀའ་བ་ཡི།། དམ་པའི་ཆོས་ཀྱི་སྒྲས་ནི་རྣམ་པར་འབྱེད་པར་འགྱུར།། རང་གི་ལས་ཀྱི་ཞགས་པ་རྣམས་ཀྱི་ཡོངས་དཀྲིས་ཤིང་།། སྡུག་བསྔལ་དག་གིས་མངོན་པར་ཟིལ་ནོན་རྟེན་མེད་པའི།། འཇིག་རྟེན ་རྣམས་ཀྱི་རྫོགས་པའི་བྱ་ང་ཆུབ་རྙེད་ནས་ཀྱང་།། ཆོས་ཀྱི་རྒྱལ་པོ་འདི་སྟི་འཆིང་བ་མཐར་མཛད་འགྱུར།། རྨོངས་སམ་འདོད་པའི་བདེ་བ་ཡིས་སམ་རྒྱགས་ལས་རུང་།། འདི་ཡི་མཐར་ཐུག་ཆོས་གང་ཐོས་པར་མི་བྱེད་པ།། མི་ཡི་འཇིག་རྟེན་འདིར་དེ་མྱ་ངན་བྱ་བའི་གམ ་དེ་ཕྱིར་ཁྱོད་ཉིད་འདི་ལ་མྱ་ངན་མ་བྱེད་ཅིག་ཡོན་ཏན་རྒྱ་མཚོ་འདྲི་ལས་འཁྲུལ་གྱུར་བདག་གི་ནི།། བསམ་གཏན་རྣམས་ནི་ཐོབ་ཀྱང་དོན་བྱས་མེད་ཉིད་དེ།། དེ་ཡི་དམ་ཆོས་མ་ཐོས་པ་ལ་ཁོ་བོ་ནི།། མཐོ་རིས་དག་ན་གནས་ཀྱང་ཕུན་ཚོགས་མེད་པ་སྙམ།། དེ་ལྟར ་དོན་རྣཾསཾ་བཤེས་དང་བཅས་ཤིང་བཙུན་མོར་བཅས།། ཡིད་མི་བདེ་བ་དོར་ནས་མི་དབང་དགར་གྱུར་ལ།། རྣམ་པ་དེ་ལྟར་བདག་གི་བུ་ནི་འདིའོ་ཞེས།། དེས་ནི་བདག་ཉིད་ལ་ནི་སྙིང་པོ་ལྡན་པར་བསམ།། འཕགས་པའི་ཆོས་རྣམས་ཀྱིས་ཀྱང་འགྲོ་བར་འགྱུར་རོ་ཞེས།། ། ་བསམ་པའི་རྣམ་པར་བཟུང་བྱ་སྙིང་ལ་བྱས་གྱུར་ཏེ།། ངེས་པར་འདི་ནི་མི་སྡུག་ཆོས་ཀྱི་ཕྱོགས་མིན་ལ།། རིགས་རྒྱུད་ཉམས་པ་ལས་ནི་འོན་ཀྱང་འཇིགས་པ་མཐོང་།། དེ་ནས་བུ་ལ་རྣམ་པར་འཁྲུགས་པའི་རྒྱལ་པོ་ལ།། བུ་ཡི་ངེས་པའི་དེ་ཉིད་རིག་པར་བྱས་ནས ་གུས་བཅས་གྱེན་དུ་གཟུགས་མཐོང་དཀར་མིན་ཐུབ་པ་ནི།། རླུང་གི་ལམ་གྱིས་ཇི་ལྟར་འོད་ས་པར་གཤེགས་པར་གྱུར།། བློ་གྲོས་བྱས་པའི་སྲིང་མོའི་བུ་ཡང་མཐོང་ནསྣ་ནི།། ཐུབ་པའི་གསུང་མཉན་པ་དང་དེའི་ལུགས་ལ་ནི།། རྣམ་མང་རྗེ་སུ་བརྡོ་བ་ཡི ་ནི་ནི་ལེགས་པ་ངེས།། སྡུག་པ་བུ་བཞིན་དུ་ནི་སྦྱོར་བ་བྱེད་དུ་བཅུག། སྲས་པོ་སྐྱེས་པས་ཚིམ་བཱི་མི་ཡི་བདག་པོ་ཡང་།། ཡུལ་ལ་སོང་བའི་འཆིང་བ་རྣམས་ནི་རྣམ་སྤངས་ཏེ།། སྲས་ཀྱི་ཡིད་འོང་སྲས་པོ་བལྟམས་པའི་ལས་དག་ནི།། རིགས་དང་འདྲ་བར་ཇི་ལྟ་བ་བཞིན་བྱེད ་དུ་བཅུག། ཞག་བཅུ་ཡོངསུ་འདས་པར་གྱུར་པ་ཉིད་ཀྱི་ཚེ།། མཆོག་གི་དགོའ་བ་རབ་ལྡན་སྙོམས་པར་གྱུར་པ་ཡིས།། སྲས་ལས་མཆོག་ཏུ་འགྱུར་ཕྱིར་ལྷ་ཡི་མཆོད་པ་ནི།། བཟླས་བརྗོད་དང་ནི་སྦྱིན་སྲེག་བཀྲ་ཤིས་ལ་སོགས་བྱས།། གཞན་ཡང་བརྒྱ་དང་སྟོང ་ཕྲག་ཡོངས་སུ་གང་བའི་གྲངས།། བརྟན་དང་སྟོབས་ལྡན་བུ་རྣམས་གསེར་གྱི་རྭར་བཅས་ཤིང་།། རྒས་པ་ཉེ་བར་འོངས་མིན་སོམ་ལྡན་པའི་བ།། རང་གི་སྲས་འཕེལ་ཕྱིར་ན་གཉིས་སྐྱེས་རྣམས་ལ་བྱིན།། དེ་ནས་སྙོམས་པའི་བདག ་ཉིད་ཀྱིས་ནི་རྣམ་མང་ཡུལ།། རང་སེམས་ཚིམ་པར་བྱེད་པའི་བྱ་བ་རྣམས་བྱས་ནས།། ཡོན་ཏན་ལྡན་ཞིང་དགེ་བའི་ཡུད་ཙམ་ངེས་པ་ན།། གྲོང་ཁྱེར་རབ་ཏུ་འཇུག་ལ་དགའ་བས་བློ་གྲོས་མཛད།། དེ་ནས་མཆེ་གཉིས་མཆེ་བ་ལས་བྱུང་རིན་ཐང་ཆེ།། དཀར་པོའི་མེ་ཏོག ་གིས་སྤྲས་ནོར་བུའི་སྒྲོན།། ཁྲི་ལ་དགེ་བའི་ཕྱིར་ནི་ལྷ་མོ་སྲས་ལྡན་མ།། ལྷ་རྣམས་ལ་ནི་རབ་ཏུ་བཏུང་ནས་བསྙེན་པར་གྱུར།། དེ་ནས་གནས་བརྟན་སྐྱེ་མོ་རྗེས་འབྲང་སྲས་མགོན་མ།། བདག་པོ་ལྡན་མ་གྲོང་ལ་མདུན་དུ་རབ་ཞུགས་ནས།། མཆོད་ལྡན་ལྷ་ནི་ལྷ་རྣམ ་ཀྱིས་ནི་བརྒྱ་བྱིན་བཞིན།། མི་བདག་ཉིད་ཀྱང་གྲོང་པའི་ཚོགས་ཀྱིས་གཤེགས་པར་གྱུར།། དེ་ནས་གདོང་དྲུག་སྐྱེས་པས་ཡིད་ཆེས་དབང་ཕྱུག་བཞིན།། ཤཱཀྱའི་རྒྱལ་པོས་གྲོང་ཁྱེར་རྣམ་པར་ཁྱབ་མཛད་དེ།། ཞལ་ནི་དགའ་བས་རབ་གང་འདྲི་དང་འདི་ཞེས ་པའི།། སྲིད་འཕེལ་རྒྱས་པ་དང་ནི་གྲགས་དང་སྙན་པ་མཛད།། དེ་ནས་མྲི་ཡ་བདག་པོའི་སྲས་བལྟམས་ཆེར་སྐྱེས་པས།། སེར་སྐྱ་ཞེས་པའི་གྲོང་ཁྱེར་ལྗོངས་དང་བཅས་པ་དེ།། གནོད་སྦྱིན་གྲོང་ནུ་ཕུན་ཚོགས་འདོད་པ་སྐྱེས་པ་ན།། ལྷ་ཡི་བུ་མོ་རྣམས་ཀྱིས་བཀྲམ་བཞིན ་དགའ་བར་གྱུར།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ་ལས། གཞོན་ནུ་སྐུ་བལྟམས་པའི་ལེའུ་སྟེ་དང་པོའོ།། ། སྐྱེ་དང་རྒ་བ་མཐོར་སོང་བདག་སྐྱེས་བདག་ཕམ་དེའོ།། སྐྱེས་པ་ནས་བརྩམས་མི་ཉིད་ཉི་མས་རྒྱལ་པོ་སྟེ།། ཆུ་ཡི་ཤུགས་རྣམས ་ཀྱིས་ནི་ཆུ་བོ་སིནྡྷུ་བཞིན།། ནོར་དང་གླང་པོ་རྟ་དང་བཤེས་རྣམས་འཕེལ་བར་གྱུར།། ནོར་རྣམས་དང་ནི་རིན་པོ་དང་བཟང་པོའི་གསེར།། དེ་དང་དེ་ནི་བྱས་དང་མ་བྱས་པ་ཉིད་ཀྱང་།། ཡིད་ལ་རེ་བ་ཡི་རང་ཁུར་གྱུར་པ།། དེ་ལ་གཅིག་ཏུ་ཕན་པའི་ཆ་ཤས ་གཀཅེ་རྙེད་གྱུར།། གང་ཞིག་པདྨ་དང་མཚུངས་གཉིས་འཐུང་རྣམས་ཀྱིས་ཀྱང་།། དཀྱིལ་འཁོར་འདི་ལ་ཉེ་བར་འོང་བར་མི་ནུས་པའི།། གང་དང་ལྡན་པོའི་གླང་ཆེན་ཆང་གིས་དྲེགས་དེ་རྣམས།། འབད་པ་ལས་ཀྱང་གཞན་དུ་དེ་ལ་ཉེ་བར་གནས།། སྣ་ཚོགས ་མཚན་མས་མཚན་ཞིང་གསེར་པའི་གསེར་སྒྲ་དང་།། དེ་བཞིན་གཞན་རྣམས་དག་གིས་བརྒྱན་བྱས་རྡོག་མ་འཕྱང་།། སྟོབས་དང་བྱམས་པ་དང་ནི་ནོར་གྱིས་ཐོབ་པ་ཡི།། འདི་ཡི་མགྱོགས་འགྲོ་རྣམས་ཀྱི་གྲོང་ཁྱེར་ཕྱེ་མར་བྱས།། དེ་བཞིན་འདི་ཡི་ཡུལ ་འཁོར་དུ་ནི་ཚིམ་དང་རྒྱས།། ལེགས་ལ་རྡུལ་ལྡན་ཡོན་ཏན་ལྡན་པའོ་མར་ལྡན།། རབ་མཆོག་བཻའུ་རྣམས་དང་བཅས་པའི་བ་རྣམས་ནི།། འོ་མ་མང་པོ་འཇོ་བ་མང་པོ་བྱུང་བར་གྱུར།། འདི་ཡི་དགྲ་བོ་དབུས་གནས་ཉིད་དུ་སོང་གྱུར་པ།། དབུས་གནས་གྱུར། ་པ་མཛའ་བ་ཤེས་ཉིད་དུ་རབ་ཏུ་སོང་།། ཁྱད་པར་དུ་ནི་བཤེས་གཉེན་བརྟན་པོར་སེང་བ་སྟེ།། འདི་ཡི་ཕྱོགས་དག་གཉིས་ཏེ་དགྲ་ཡང་ཡོད་མ་ཡིན།། དེ་བཞིན་དུ་ནི་འདི་ཡི་འཇམ་རླུང་འབྲུག་གི་སྒྲ།། གློག་གི་འཕྲེང་བ་འཁྱིལ་བཱ་ཡིས་ནི་བརྒྱན་པའི་སྤྱི་ནི།། ་རྡོརྡོ་ར་ར་དང་ནི་ཐོག་ལྷུང་ཉེས་པ་རྣམས་ཀྱིས་གཞན།། ཡུལ་དུ་དུས་ལ་ལྷ་ཡིས་ཆར་པ་ཕབ་པར་གྱུར།། ཞིང་གི་ལས་ཀྱི་བལ་དུབ་བྱེད་པ་ཉུང་ངུས་ཀྱང་།། འབྲུ་མི་འབྲས་བུ་ལྡན་པ་དུས་སྦྱོར་བཞིན་སྐྱེས་ཏེ།། དེ་རྣམས་ཉིད་ཀྱང་འདི་ཡི་སྨན་དུ་བྱུང་གྱུར་ལ།། ་བཅུངད་དང་སྙིང་པོ་ཡིས་ཀྱང་མངོན་པར་ལྷག་པ་ཉིད།། གཡུལ་དུ་རབ་ཏུ་ཞུགས་ལ་ཀུན་ཏུ་འཇོམ་པ་བཞིན།། ལུས་ལ་ཐེ་ཚོམ་ཟ་བར་བྱེད་པའི་དུས་ན་ཡང་།། རང་བཞིན་གནས་ཤིང་བདེ་བ་ཉིད་དུ་ནད་མེད་པར།། དུས་ཀྱི ་དབང་གིས་མི་མོ་རྣམས་ནི་རབ་ཏུ་བཙོས།། བརྟུལ་ཞུགས་ལྡན་རྣམས་མ་གཏོགས་ནོར་རྫས་དམན་ན་ཡང་།། མི་རྣམས་ཕ་རོལ་རྣམས་ལས་དོན་དུ་གཉེར་མི་བྱེད།། མངོན་པར་དོན་དུ་གཉེར་ལ་འཕགས་པ་ནོར་འཕྲ་ཡང་།། དེ་ཚེ་འགའ་ཞིག་དག ་ནི་རྒྱབ་ཀྱིས་ཕྱོགས་མ་གྱུར།། དེ་ཚེ་རྒྱལ་པོ་དེ་ཡི་རྒྱལ་སྲིང་ལ་ནི་འགའ།། གཉེན་ལ་ཞེས་མེད་མིན་མི་གཏེར་བ་ཡང་མེད།། བརྟུལ་ཞུགས་མེད་པ་ཉིད་མིན་རྫུན་མེད་འཚེ་མེད་པ།། སྒྲ་མི་བསྒྲགས་ཀྱི་སྲས་པོ་ལྟ་བུ་བྱུང་བར་གྱུར།། དེར་ཡང་སྐྱེད་མོས ་ཚུལ་དང་ལྷ་གནས་དཀའ་ཐུབ་གནས།། ཁྲོན་པ་རྫིང་དང་དགེ་བཅུ་འདུ་བའི་གནས་རྣམས་ཀྱི།། བྱ་བ་རྣམས་ནི་མཐོ་རིས་བཞིན་དུ་ཉེར་ཐོབ་ནས།། ཆོས་འདོད་རྣམས་ཀྱི་མངོན་སུམ་དུ་ནི་རབ་ཏུ་མཛད།། མུ་གེ་དང་ནི་འཇིགས་དང་ནད་རྣམས་ལས་གྲོལ ་ཞིང་། དགར་གྱུར་སྐྱེ་བོ་མཐོ་རིས་གཞན་དུ་མངོན་པར་དགའ།། བདག་མོས་བདག་པོ་ལ་འམ་མོ་ཡིས་བདག་པོར་རུང་།། ཕན་ཚུན་ལོག་པར་མངོན་པར་སྤྱོད་པ་དག་ཀྱང་མེད།། དགའ་བའི་ཆེད་དུ་འདོད་ལ་འགའ་ཞིག་གིས་མ་བསྙེན།། འདོད ་པའི་དོན་དུ་ནོར་ནི་འགའ་ཞིག་གིས་མ་བསྲུངས།། ནོར་གྱི་དོན་དུ་ཆོས་ལ་འགའ་ཞིག་གིས་མ་སྤྱད།། ཆོས་ཀྱི་ཆེད་དུ་འཚེ་བ་འགའ་ཞིག་གིས་ལ་བྱས།། རྐུན་པོ་སོགས་དང་དགྲ་ཡང་ཉམས་པར་རང་གནས་ཏེ།། ཕ་རོལ་མྱ་ངན་མེད་པ་ཇི་ལྟ་བ ་ཉིད་བཞིན།། རང་གི་འཁོར་ལོ་ཕ་རོལ་འཁོར་ལོ་ལས་གྲོལ་ཏེ།། རྒྱལ་པོ་དེ་ལ་བདེ་དང་ལོ་ལོགས་བྱུང་བར་གྱུར།། དེ་ཡི་ཚེ་ན་རྒྱལ་པོ་དེ་ཡི་རྒྱལ་སྲིད་ལ།། དེ་སྐྱེས་པ་ན་ཉི་མའི་སྲས་པོའི་ཡོད་ཤེས་བཞིན།། དགའ་བར་སྤྱད་པར་གྱུར་ལ་སྡིག ་པ་རབ་ཉམས་ཤིང་།། ཆོས་རྣམས་འབར་ཞིང་ཉོན་མོངས་རྣམས་ནི་ཞི་བར་གྱུར།། གང་ཕྱིར་རྣམ་པ་དེ་ལྟར་དོན་ཀུན་གྲུབ་པ་དང་།། རྒྱལ་པོའི་རིགས་ཀྱི་ཕུན་སུམ་ཚོགས་པ་བྱུང་གྱུར་ཏེ།། དེ་ཕྱིར་མི་སྐྱོང་གིས་ནི་སྲས་པོ་དེ་ཡི་མཚན།། དོན་ཀུན ་གྲུབ་པ་ཞེས་བྱ་འདི་ནི་རབ་ཏུ་མཛད།། ལྷ་མོ་སྒྱུ་མ་ཡང་ནི་ལྷ་ཡི་དྲང་སོང་མཚུངས།། བུ་ཡི་ནུས་མཐུ་རྣམ་པར་སྤངས་པ་མཐོང་ནས་ནི།། བལྟམས་ལ་རབ་ཏུ་དགའ་མས་བཟོད་པར་མ་ནུས་ཏེ།། དེ་ནས་གནས་པའི་ཕྱེད་དུ་ལྟར་གཤེགས་པར་གྱུར།། ་དེ་ནས་ལྷ་ཡི་མངལ་དང་མཚུངས་པའི་གཞོན་ནུ་ལ།། བྱམས་པའི་རང་བཞིན་གྱིས་ཀྱང་ཁྱད་པར་མེད་པ་ཡི།། མ་ཡི་ནུ་མོ་མངངས་མཉམ་པ་ཡི་རང་བཞིན་ལ།། ཡང་དག་སྐྱེད་བཙུད་བདག་ལས་སྐྱེས་པ་ལྟ་བུར་གྱུར།། དེ་ནས་ཉི་མ་གཞོན་ནུ་འཆར ་རིར་གནས་འདྲ་དང་།། རླུང་གིས་རབ་ཏུ་བུད་པར་གྱུར་པའི་མེ་བཞིན་དང་།། སྐར་མའི་བདྲག་པོ་མུན་མིན་ཕྱོགས་ལ་གནས་པ་ལྟར།། གཞོན་ནུ་དེ་ནི་རིམ་གྱིས་ཡང་དག་འཕེལ་བར་གྱུར།། དེ་ནས་རིན་ཐང་ཆེན་པོའི་ཙན་དན་རྣམས་དང་ནི།། ་རིན་ཆེན་ཕྲེང་བ་སྨན་གྱི་སྙིང་པོར་བཅས་རྣམས་དང་།། རི་དགས་རབ་ཏུ་སྦྱར་བའི་གསེར་གྱི་ཤིང་རྟ་དང་།། འདི་ཡི་ཆེད་དུ་གཤེགས་ཀྱི་ཁྱིམ་རྣམས་ངག་ནས་བླངས།། ལང་འཚོ་ཉིད་དང་རྗེས་སུ་མཐུན་པའི་རྒྱན་རྣམས་དང་།། གསེར ་གྱི་རང་བཞིན་རི་དགས་གླང་ཆེན་རྟ་རྣམས་དང་།། གསེར་དང་དངུལ་གྱིས་བྲིས་པའི་མི་ཆུང་གཟུགས་རྣམས་དང་།། ཤིང་རྟ་བ་གླང་བྱུང་དུས་ཡང་དག་སྦྱར་རྣམས་བླངས།། དེ་ནི་ལང་ཚོ་རྗེས་མཐུན་ཡུལ་ལ་ཉེ་སྤྱོད་པ།། དེ ་རྣམས་ཀྱིས་ནི་ཡུལ་ལ་ཉེར་སྤྱད་ལ།། དཔལ་དང་བརྟན་པ་ཡིས་དང་བློ་དང་དཔལ་གྱིས་ཀྱང་།། བྱིས་པ་ཡིན་ཡང་བྱིས་མིན་རབ་མཚུངས་བྱུང་བར་གྱུར།། ལང་ཚེ་གཞོན་ནུ་ཤིན་ཏུ་འདས་ནས་ཡང་དག་པར།། འདུ་བྱེད་ལས་ནི་རབ་ཏུ་ཐོབ་ནས ་དུས་སུ་ནི།། ལོ་མང་དག་གིས་རྟོགས་བྱ་ཉིན་ཞག་ཉུང་ངུ་ཡིས།། རང་དང་རྗེས་སུ་མཐུན་པའི་རིག་པ་རྣམས་ནི་བླངས།། དྲང་སྲོང་ཆེན་པོ་དཀར་མིན་ལས་ནི་སྔོན་རོལ་ཏུ།། དེ་ཡིས་ཉེས་ལེགས་དོན་གྱི་སྐལ་བ་ཐོས་ནས་ནི།། ནགས་སུ ་གཤེགས་པར་འགྱུར་ཞེས་ཤཱཀྱའི་རྒྱལ་པོ་ཡིས།། འདོད་པ་རྣམས་ལ་ཆག་པ་བསྐྱེད་དུ་བཅུག་པར་གྱུར།། བརྟན་པའི་ཚུལ་ཁྲིམས་སྤྱོད་པ་སྤྱན་གྱི་རིགས་དེ་ལས།། ངོ་ཚ་དང་ནི་དུལ་བ་ཉེར་ལྡན་ལེགས་ལྡན་མ།། གྲགས་འཛིན་མ་ཞེས ་གྲགས་པ་རྣམ་པར་ཡངས་པ་མ།། བཙུན་མོར་མངོན་པར་བརྗོད་པའི་དཔལ་མོ་འདི་ལ་བླངས།། ཀུན་འགྱེད་གཞོན་ནུ་དང་ནི་རབ་ཏུ་མཚུངས་པ་ཡིས།། མཆོག་གི་ལུས་ཀྱི་སྣང་ཞིང་གསལ་བ་དེ་ཉིད་ནི།། ཤཱཀྱའི་རྒྱལ་པོའི་མནའ་མ་དེ་དང ་ཐབས་གཅིག་ཏུ།། བདེ་སོགས་མ་དང་མིག་སྟོང་ལྡན་བཞིན་མངོན་པར་དགའ།། ཡིད་ཀྱང་སྤྱོད་པར་བྱེད་ལ་ཅུང་ཞིག་རབ་ལོགས་པ།། གང་གི་མཐོང་མི་འགྱུར་ཞེས་རྗེས་སུ་བསམས་བྱས་ནས།། ས་ལ་རབ་ཏུ་སྤྱོད་མིན་ལྡིང་ཁང་ལྟོ་ཉིད། ་དུ།། གནས་ངག་མི་སྐྱོང་གིས་ནི་དེ་ལ་རྣམ་པར་བསྟན།། དེ་ནས་གཞལ་མེད་ན་མཁར་ས་ལ་སྤྱོད་པ་བཞིན།། སྟོན་ཀའི་དུས་ཀྱི་ཆུ་གཏེར་སྤྲིན་ནི་དཀར་པོ་ཡིས།། དུས་སྦྱོར་ཀུན་ཏུ་བདེ་བའི་གཞི་ཡི་ལྡིང་ཁང་ལ།། བུད་མེད་རྣམས་ཀྱི་སིལ ་སྙན་རྒྱ་ཆེན་རྣམས་ཀྱི་རྣམ་པར་གཤེགས།། གསེར་གྱིས་གདམས་པའི་རྔ་ཤིང་ཅན་གྱི་རྫ་རྔའི་སྐད།། མི་མོའི་ལག་པའི་རྩེ་མོས་མངོན་པར་བརྡུངས་པ་ཡི།། ལྷ་མཆོག་མ་ཡི་གར་དང་མཉམ་པའི་གར་རྣམས་ཀྱིས།། ཏི་སོའི་གངས་ལྟར ་དེ་ཡི་ཕོ་བྲང་མཛེས་པར་གྱུར།། ངག་དང་བཟོ་དང་རྣམ་འགྱུར་རྣམས་ཀྱིས་ཀྱང་།། རྒྱགས་དྲང་རྩེ་དང་རྒོད་པ་དངར་མོ་རྣམས་ཀྱིས་དང་།། སྨིན་མ་བསྐྱོད་པ་ཡིད་དང་ཕྱེད་མིག་ལྷ་རྣམས་ཀྱིས།། དེ་ལ་དེར་ནི་མི་མོ་རྣམས་ནི་དགའ་བར་གྱུར།། ་དེ་ནས་དེ་ནི་འདོད་པ་བརྟེན་པར་མཁས་པ་ཡིས།། དགའ་བས་དྲེགས་པའི་བུད་མེད་རྣམས་ཀྱིས་བཟུང་གྱུར་ལ།། གཞལ་མེད་ཁང་ནོ་རྒྱབ་ནས་བསོད་ནམས་ལྔས་ཅན་བཞིན།། གཞལ་མེད་ཁང་གི་རྒྱབ་ནས་ས་ལ་མ་གཤེགསོ།། ་མི་སྐྱོང་གིས་ཀྱང་དེ་ཉིད་བསྐྱེད་པའི་ཆེད་ལས་ནི།། དེ་ཡི་འབྱུང་བར་འགྱུར་བའི་དོན་གྱིས་བསྐུལ་གྱུར་ཏེ།། སྡིག་པ་ལས་ནི་དགའ་བྲལ་ཞི་ལ་མངོན་དགའ་ཞིང་།། ལེགས་ལ་སྐལ་བར་བགོས་ཤིང་དུལ་ལ་བསྙེན་པར་གྱུར།། བརྟན ་མིན་བཞིན་དུ་འདོད་པའི་བོང་ལ་མ་ཞེན་ལ།། མ་རུངས་བསྐྲད་མ་ལ་ནི་ཡང་དག་ཆགས་མ་གྱུར།། བརྟན་པས་དབང་བའི་རྟ་ནི་སྟོབས་ལས་རྣམ་ཐུལ་ཞིང་།། གཉེན་དང་གྲོང་ཁྱེར་པ་རྣམས་ཡོན་ཏན་རྣམས་ཀྱིས་རྒྱལ།། གཞན་གྱི ་སྡུག་བསྔལ་ཕྱིར་ནི་རིག་པ་མ་བརྗོད་ལ།། ཡེ་ཤེས་དགེ་བ་གང་ཡང་དེ་ལ་ལྷག་པར་བརྗོད།། དེས་ནི་རང་གི་སྐྱེ་དགུ་རྣམས་ལ་ཇི་ལྟ་བར།། དེ་ལྟར་སྐྱེ་དགུ་རྣམས་ལ་དགེ་བའི་བསྔགས་པ་མཛད།། སྐར་མུ་རྒྱལ ་སྣང་ཤེས་ལྡན་སྲས་པོ་ལྷག་པའི་ལྷ།། ཇི་ལྟ་བར་ནི་དེ་ཡི་ཚེ་རིང་ཕྱིར་མཆོད་དེ།། ཆུང་མིན་མེ་ལ་བསྲེག་བྱ་རྣམས་ནི་བསྲེགས་གྱུར་ལོ།། གཉིས་སྐྱེས་རྣམས་ལ་གསེར་དང་བ་ལིང་རྣམས་ཀྱང་བྱིན།། འགྲམ་སྟེགས་ཆབ་རྣམས་ཀྱིས་དང་ལྗོན་ཚ ་རྣམས་ཀྱིས།། གཙང་སྒྲའི་ཆེད་དུ་ལུས་དང་ཡིད་ལ་ཁྲུས་བྱས་ཏེ།། རིག་བྱེད་དུ་ནི་ཉེ་བར་བསྟན་པའི་ཆང་རྣམས་དང་།། ཞི་བ་བདག་སྐྱེས་སྙིང་ལ་ཞི་བའི་བོད་ལ་འཐུངས།། གང་ཞིག་དོན་དང་མི་ལྡན་ཞི་བ་མ་སྨྲས་ལ།། གང་ཞིག་དགའ་བ་དང་བྲལ་དེ་ཉིད་མ་བརྗོདདེ།། ཞི་བ་དེ་ཉིད་མེདཔ ་རྩུབ་པའི་དེ་ཉིད་ཕྱིར།། ངོ་ཚ་བ་ཡིས་བདག་ཉིད་ཁོ་ན་བརྗོད་མ་ནུས།། དོན་ལྡན་འདོད་པ་རྣམས་དང་མི་འདོད་པ་རྣམས་ལ།། ཆགས་པའི་སྐྱོན་ལ་བརྟེན་ནས་རབ་ཏུ་འཐོབ་མིན་ཏེ།། དགེ་བའི་ཐ་སྙད་གཙང་མ་ལ་ནི་བསྙེན་གྱུར་ལ།། མཆོད་སྦྱིན་ལ་ཡང་མ ་མོས་དེ་ལྟར་ཇི་ལྟ་བཞིན།། སྲེད་པ་དང་ལྡན་མངོན་པར་འོངས་ལ་དེ་མ་ཐག། སྦྱིན་བྱ་ཆུ་འདྲ་རྣམས་ཀྱི་སྐོམ་པ་བཅས་གྱུར་ལ།། གཡུལ་ལས་མ་གཏོགས་ཡེ་ཤེས་ཀྱི་ནི་སྟ་རེ་ཡིས།། དགྲ་བོ་རྣམས་ཀྱི་ང་རྒྱལ་ཆེན་པོ་བཅོམ་པར་འགྱུར།། གཅིག་ནི ་རྣམ་པར་དུལ་ལ་དེས་ནི་བདུན་བསྲུངས་ཤིང་།། བདུན་པོ་ཉིད་ནི་དོར་ལ་ལྔ་པོ་དག་ནི་བསྲུངས།། སྡེ་མཚན་གསུམ་པོ་ཐོབ་ལ་སྡེ་ཚན་གསུམ་རྟོགས་ཤིང་།། སྡེ་ཚན་གཉིས་པོ་ཤེས་ལ་སྡེ་ཚན་གཉིས་པོ་སྤངས།། ཉེས་པ་བྱས་ཀྱང་རབ་ཏུ་བསྐྱངས་ནས ་གཞོམ་བྱ་ལ།། འཚེ་བར་མི་བྱེད་ཁྲོ་བས་ཀྱང་ནི་གཟིགས་མ་ཡིན།། དེ་རྣམས་དག་ལ་འབྲས་བུ་ཞི་བས་བཅིངས་གྱུར་ལ།། དེ་རྣམས་དག་ནི་འདོར་བ་ཚུལ་མ་ཡིན་ཕྱིར་མཐོང་།། དྲང་སྲོང་རྣམས་ཀྱི་མཆོག་གི་བརྟུལ་ཞུགས་སྤྱད་གྱུར་ལ།། ཡུན་རིང ་ཡང་དག་བཟུང་བའི་ཤ་འཁོན་ཞུགས་རྣམས་དོ།། ཡོན་ཏན་དྲི་ལྡན་སྙན་ངག་རྣམས་ནི་ཐོབ་གྱུར་ལ།། དྲི་མ་ཅན་དུ་བྱེད་པའི་རྡུལ་རྣམས་རྣམ་པར་དོར།། རབ་ཏུ་མི་གནས་གཏོར་མའི་དཔྱ་ནི་མ་བླངས་ལ།། ཕ་རོལ་དངོས་པོ་རྣམས་ལ་མངོན ་པར་རློམ་མ་བྱས།། དགྲ་རྣམས་ལ་ནི་ཆོས་མ་ཡིན་པ་མ་སྨྲས་ལ།། ཁྲོ་བ་རྣམས་ནི་སྙིང་གིས་བཟུང་བ་མ་ཡིན་ནོ།། ཞི་བའི་བདག་ཉིད་སེམས་ནི་རྣམ་པར་རབ་དང་ལ།། རྣལ་འབྱོར་རབ་ཏུ་ལྡན་པའི་དབང་པོ་རྣམས་ཅི་ལྟར།། དེར་ནི་དེ་ལྟར་ས་བས། ་རབ་ཏུ་སྦྱར་བ་ཅན།། འབངས་དང་གྲོང་ཁྱེར་པ་རྣམས་དེ་ལྷ་ཉིད་དུ་བྱས།། དེ་ནས་མཛེས་པའི་འོ་མ་འཛིན་པ་དང་ལྡན་མ།། གྲགས་འཛིནཱ་མ་ནཱི་རང་གྲི་གྲགས་པ་འཛིན་མ་ལ།། ཟས་གཙང་སྲས་པོའི་སྲས་པོ་སྒྲ་གཅན་སྒྲ་ཡི་ཞལ།། སྒྲ་གཅན་འ ་ཞེས་བྱ་བ་དུས་སུ་སྐྱེས་པར་གྱུར།། དེ་ནས་འདོད་པའི་བུ་མངའ་མཆོག་གིས་ཡིད་ཆེས་ཏེ།། རིགས་རྒྱུད་འཕེལ་བ་རབ་མཚོན་ས་སྦྱོང་རྒྱལ་པོ་ནི།། ཇི་ལྟ་ཉིད་དུ་སྲས་པོ་རབ་ཏུ་སྐྱེས་ལ་དགའ།། དེ་ལྟ་ཉིད་དུ་སྲས་པོའི་སྲས་པོ་སྐྱེས་ལ་དགའ།། བདག ་གི་བུ་ཡི་བུར་གྱུར་པ་ལ་བརྩེ་བ་ནི།། བདག་བཞིན་གང་ལས་ཡིན་ཞེས་དགའ་བ་སྐྱེས་གྱུར་ཏེ།། དུས་སུ་དེས་ནི་ཆོ་ག་དེ་དང་དེ་དམིགས་ཤིང་།། བུ་ལ་དགའ་བ་མཐོ་རིས་བཞིན་དུ་འཛེགས་པར་གྱུར།། རྒྱལ་པོའི་ཁྱུ་མཆོག་གྲགས་དང་སྙན ་པུས་མཚན་རྣམས་ཀྱིས།། དང་པོའི་སྐལ་བ་རྣམས་ཀྱི་ལམ་ལ་གནས་ནས་ནི།། དཀར་པོ་མ་དོར་དཀའ་ཐུབ་རྣམས་ལ་དཀའ་ཐུབ་དང་།། འཚེ་བ་དོར་བའི་མཆོད་སྦྱིན་རྣམས་ཀྱི་མཆོད་པར་གྱུར།། རྒྱལ་པོ་དཔལ་གྱིས་དང་ནི་ཀུ་ཐུབ་དཔལ་སྦྱིན། ་བསོད་ནམས་ལས་ཅན་དེ་ནི་དེ་ནས་འབར་གྱུར་ལ།། རིགས་དང་བློ་དྲང་མཛད་སྤྱོད་ཀྱི་ཀྱ་གསལ་བ་སྟེ།། གཟི་བརྗིད་སྟོང་གི་འོད་ཟེར་བཞིན་དུ་རབ་ཏུ་འཕྲོ།། རང་བྱུང་ལས་བྱུང་མཆོད་བྱེད་སྔགས་ནི་མཆོད་བྱས་ནས།། སྦས་ནས་ཆེད་དུ་བརྟན་པའི་དཔལ ་གྱིས་བཟླས་བྱས་ཤིང་།། དཀའ་ཐུབ་བྱེད་པའི་ལས་རྣམས་བྱས་གྱུར་སྐྱེ་དགུ་རྣམས།། སྐྱེད་འདོད་སྐྱེ་དགུའི་བདག་བཞིན་དང་པོའི་དུས་སུའོ།། མཚོན་ཚྭ་སྤངས་ཤིང་བསྟན་བཅོས་རྣམ་པར་ཤེས་གྱུར་ལ།། ཉེ་བར་ཞི་ལ་བསྙེན་ཞིང་དེས་ལ་རྣམ ་པར་བཟོད།། དབང་ལྡན་བཞིན་དུ་ཡུལ་རྣམས་གང་ལ་མ་བསྙེན་ལ།། ཡབ་མེས་བཞིན་དུ་ཡུལ་རྣམས་ཀུན་ལ་གཟིགས་པར་གྱུར།། དེས་ཀྱང་བུ་ཡི་ཆེད་དུ་རྒྱལ་སྲིད་བཟུང་གྱུར་ལ།། བུ་ནི་རིགས་ཀྱི་དོན་དུ་རིགས་ནི་གྲགས་པའི་ཕྱིར།། གྲགས། ་པ་མཐོ་རིས་ཆེད་དུ་མཐོ་རིས་བདག་ཉིད་ཕྱིར།། ཆོས་ཀྱི་དོན་དུ་བདག་ཉིད་གནས་ལ་འདོད་པར་འགྱུར།། དེ་ལྟར་དེས་ནི་དམ་པ་རྣམས་ཀྱིས་ངེས་ཐོབ་པའི།། ཐོས་པ་ལས་གྲུབ་ཆོས་ནི་རྣམ་པ་སྣ་ཚོགས་བྱས།། གང་ལས་བདག་གི་བུས་ན ་བུ་ཡི་ངོ་མཐོང་ནས།། ནགས་ཆེལ་ཉིད་དུ་འགྲོ་མི་འགྱུར་ཞེས་མགོན་བསླངས་སོ།། བདག་ལ་ཡང་དག་གནས་པའི་དཔལ་ནི་བསྲུང་འདོད་པའི།། ས་སྐྱོང་རྣམས་ཀྱིས་ས་ལ་བུ་ནི་བསྲུང་བ་སྟེ།། ཆོས་ནི་འདོད་པའི་མ་ཡི་དབང་པོ་དེ་ཡིས་ཀྱང ་ཡུལ་རྣམས་འདོར་བ་མེད་པར་བུ་ནི་ཆོས་ལས་བསྲུངས།། བྱང་ཆུབ་སེམས་དཔའ་ཡུལ་ལ་བདེ་བའི་རོ་ཞེས་ཐམས་ཅད་ཀྱང་།། སྲས་བསྐྱེད་པ་ན་དཔེ་མེད་སེམས་དཔའ་ན་གསུ་གཤེར་གྱུར་ཏེ། དེ་ཕྱིར་ཉེ་བར་བསགས་པའི་ལས་ནི་རྩཝནས ་བསྐྱེད་པའི་ཕྱིར།། དེ་ནི་ཞི་བ་མ་ཐོབ་དེ་སྲིད་དགའ་བ་བསྙེན་པར་གྱུར།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བ་སྙན་དངགས་ཆེན་པོ་ལས། བཙུན་མོའི་འཁོར་ན་གནས་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་རེ་ཞིག ་དུས་ནས་འཇམ་པོའི་རྩ་རྣམས་དང་།། ཁུ་བྱུགས་ཕོ་ནི་གྱེན་དུ་སྐང་འདོན་རྐང་འཐུང་རྣམས།། གླུ་རྣམས་དང་ནི་ངེས་ལྡན་སྐྱེད་མོས་ཚལ་རྣམས་ནི།། པདྨའི་འབྱུང་གནས་ཀྱིས་བརྒྱན་དེས་ནི་ཐོས་པར་གྱུར།། དེ་ནས་བུད་མེད་སྐྱེ་བོ ་རྣམས་ནི་དགའ་བ་ཡི།། གྲོང་ཁྱེར་སྐྱེང་མོས་ཚལ་གྱི་ཡིད་འོང་དངོས་ཐོས་ཏེ།། ཁྱིམ་གྱི་ནང་དུ་མངོན་པར་བཀག་པའི་གླུ་བཞིན་དུ།། ཕྱི་རོལ་རབ་ཏུ་འགྲོ་བའི་ཆེད་དུ་བློ་མཛད་དོ།། དེ་ནས་སྲས་སུ་མངོན་བརྗོད་ཡད་ཁོང་དེ་ཡི་ནི།། ་དགོངས་པ་མི་སྐྱོང་གིས་ནི་ངེས་པར་ཐོས་གྱུར་ནས།། བརྩེ་བའི་ཕུན་སུམ་ཚོགས་པས་ལང་ཚོར་འོངས་པ་རུ།། ལྟང་མོ་དག་ལ་རྣམ་པར་གཤེགས་པར་བཀའ་སྩལ་ཏོ།། གཞོན་ནུ་ཤིན་ཏུ་གཞོན་ནུའི་སེམས་དང་ལྡན་པ་ནི།། ཡང ་དག་སྐྱོ་བའི་སེམསུ་མ་གྱུར་ཞེས་སེམས་ཤིང་།། ཉམ་ཐག་ཐ་དད་སྐྱེ་བོ་ཀུན་ནས་འདུས་པ་ནི།། རྒྱལ་པོའི་ལམ་དུ་ཕྱིར་ལ་རྣམ་པར་བཟློག་པ་སྟེ།། ཉིང་ལག་དམན་པ་རྣམས་དང་དབང་པོ་མ་ཚང་རྣམས།། འཁོག་པ་ནད་པ་ལ་སོགས ་བཀྲེན་རྣམས་ཕྱོགས་རྣམས་སུ།། དེ་ནས་མཆོག་ཏུ་ཞི་བས་ཡང་དག་རབ་སྟོན་ནས།། རྒྱལ་པོའི་ལམ་རྣམས་དྲག་ནི་མཆོག་ཏུ་མཛེས་པར་བྱས།། དེ་ནས་དཔལ་ལྡན་རྒྱལ་པོའི་ལམ་ནི་བྱས་པ་ན།། དཔལ་ལྡན ་རྣམ་པར་དུལ་བ་རྗེས་འབྲང་གཞོན་ནུ་ནི།། གཞལ་ཡས་ཁྱབ་པའི་ལོགས་ནས་དུས་སུ་མངོན་བབས་ནས།། མངོན་པར་རྗེས་གནང་བྱས་པ་མི་སྐྱོང་ལ་མངོན་གཤེགས།། དེ་ནས་མི་དབང་བུ་ལེ་མཆི་མ་བྱུང་གྱུར་ཏོ།། མགོ་ལ་ཉེ་བར ་བསྒོམས་ཏེ་ཡུན་རིང་རྣམ་གཟིགས་ནས།། སོང་ཞིག་ཅེས་ནི་ཚིག་གི་བཀའ་དག་བསྐུལ་གྱུར་ལ།། བརྩེ་བ་དག་ལས་དེ་ནི་ཡིད་ཀྱིས་མ་བཏང་ངོ་།། ང་ནས་ང་ན་ཡང་ཀྱིས་མ་བཏང་།། དེ་ནས་དེ་ནི་འཇོམ་བུ་ཆུ་གསེར་སྒྲ་འཛིན་པའི།། ལེགས་པར ་བསྒྲིབས་པོའི་མགྱོགས་འགྲོ་བཞི་ཡིས་སྦྱར་བ་ཡི།། དབང་པོ་མ་ཉམས་མཁས་ཤིང་གཙང་ལ་འོད་ཟེར་འཆང་།། གསེར་གྱི་རང་བཞིན་ཤིང་རྟ་ལ་ནི་ཡང་དག་འཛེགས།། དེ་ནས་འབྲས་སྤོས་མེ་ཏོག་འབར་བ་རབ་བཀྲམ་ཤིང་།། ཕྲེང་བ་རྣམ ་དབྱངས་རབ་ཏུ་གཡོ་བའི་བ་དན་ཅན།། ཟླ་བ་སྐར་མ་དང་བཅས་པར་སྣང་ལ་བཞིན་དུ།། འབྲང་བ་རྗེས་འབྲང་ལམ་ནི་རབ་ཏུ་ཐོབ་པར་གྱུར།། ཡ་མཚན་གྱུར་ལས་རབ་ཏུ་རྒྱས་པའི་མིག་རྣམས་ནི།། ཨུཏྤལ་སྔོན་པོའི་ཕྱེད་འདྲ་རྣམས་ཀྱིས་བཀྲམ ་པ་ནི།། རྒྱལ་པོའི་ལམ་ལ་ངལ་བུས་གཤེགས་གྱུར་ཏེ།། གྲོང་ཁྱེར་སྐྱེ་བོ་རྣམས་ཀྱིས་ཀུན་ནས་མངོན་པར་དགའ།། ཁ་ཅིག་དེ་ལ་ཞི་བའི་ཡོན་ཏན་གྱིས་བསྟོད་ལ།། དེ་བཞིན་གཞན་རྣམས་གསལ་བ་ཉིད་ཀྱིས་ཕྱག་འཚལ་ཞིང་།། ཁ ་ཅིག་དག་ནི་འདི་ལ་མངོན་དུ་ཕྱོགས་ནས་ཀྱང་།། དཔལ་དང་ཚེ་ཡི་རྣམ་པར་རྒྱས་ལ་ཤིས་པ་བརྗོད།། ཞར་བ་སྒུར་པོ་ནད་པ་མིའུ་ཐུང་རྣམས་ཀྱི།། ཚོགས་པ་རྣམས་ནི་རིགས་ཆེན་རྣམས་ལ་ངེས་དྲན་ནས།། མི་མོ་རྣམས་ནི་ངེས་པར་ཞུགས ་གནས་ཕྲ་རྣམས་ལས།། ལྷ་ཡི་རྗེས་འགྲོ་རྒྱལ་མཚན་བཞིན་དུ་རབ་ཏུ་བཏུདོ།། དེ་ནས་གཞོན་ནུ་ངེས་པར་གཤོགས་ཞེས་གཏམ་དག་ནི།། བསྒོ་བྱ་སྐྱེ་ལས་བུད་མེད་རྣམས་ཀྱིས་ཐོས་གྱུར་ནས།། བཀུར་འོས་སྐྱེ་བོས་མངོན་པར་རྗེས་གནོང་བྱས ་པ་རྣམས།། བལྟ་བར་འདོད་པས་ལྡིང་ཁང་ཤོང་དུ་སོང་བར་གྱུར།། ཡོན་ཏན་སྐ་རགས་བྲུལྔ་ཞིང་གེགས་བྱས་དེ་རྣམས་ནི།། གཉིད་ལོག་རབ་ཏུ་སོང་བས་ལྟ་བྱེད་འཁྲུགས་པ་རྣམས།། གནས་ལུགས་གཏམ་གྱིས་རྣམ་པར་བརྒྱན་རྣམས ་རྣམ་བཞག་སྟེ།། ཡ་མཚན་གྱུར་པས་ངོགས་མེད་པར་ནི་ཡོངསུ་སོང་།། གཞལ་ཡས་ཁང་གི་སྐད་ཀྱི་འོག་གི་སྒྲ་རབ་དང་།། དྲིལ་ཚུང་སྒྲ་རྣམས་དང་ནི་གདུ་བུའི་སྒྲ་རྣམས་ཀྱིས།། རྣམ་པར་སྐྲག་གྱུར་ཁྱིམ་གྱི་བྱ་བའི་ཚོགས་རྣམས་ནི།། ཕན ་ཚུམ་ཤུགས་རྣམས་ལས་ཀྱང་ཡང་ངག་ཀུན་ནས་གཏོར།། གང་ཞིག་འདིརྱ་ནི་ཡན་ལག་རབ་མཆོག་མ་རྣམས་ནི།། མྱུར་བ་རབ་ཏུ་སྐྱེས་གྱུར་ཙམ་ཙམ་སྐྱེས་རྣམས་ཀྱི།། འོ་མ་འཛིན་རྣམས་རྒྱས་ཤིང་སྐྱེད་སྨད་ཤིང་རྟ་ནི།། ཡངས་པ་རྣམས་ཀྱི ་ལྕི་བ་ཉིད་ཕྱིར་འགྲོ་བ་བཟུང་།། མཐའ་གཅིག་ལེགས་པར་རབ་ཏུ་སྦྱར་བའི་རྒྱན་རྣམས་ནི།། རྣམ་པར་སྦས་པ་རྣམ་པར་གསལ་པོས་ངོ་ཚ་བས།། སྒྲེན་པོར་འགྲོ་བར་ནུས་པ་ཡིན་ཡང་གཞན་མ་ཡིས།། འགྲོ་བ་ངེས་པར་བཟུང་སྟེ་མྱུར་མིན ་སོང་བར་གྱུར།། ཕན་ཚུན་རབ་ཏུ་གཅེར་བས་རིལ་པོར་གྱུར་པ་རྣམས།། ཡང་དག་དྲུང་ལས་བསྐྱོད་གྱུར་རྣ་ལུང་འཁྱིལ་བ་ཅན།། དེ་དགྲ་རྣམས་ཀྱི་དེ་ཚེ་སྒྲ་བཅས་རྒྱན་རྣམས་ནི།། རླུང་བགྲོད་སྐར་ཁུང་རྣམས་སུ ་རབ་ཏུ་ཞི་བར་གྱུར།། རླུང་བགྲོད་སྐར་ཁུང་རྣམས་ལས་རྣམ་པར་འཐོན་པ་རྣམས།། ཕན་ཚུན་ཐང་ཆེད་གྱུར་པའི་རྣ་ལུང་འཁྱིལ་བ་རྣམས།། བུད་མེད་རྣམས་ཀྱི་འངམ་སྐྱེས་འདྲ་བའི་འངམ་སྐྱེས་ཞལ།། ལྡིང་ཁང་རྣམས་སུ་བཀོད་པ་རྣམས་ནི་རྣམ ་པར་མཛེས།། དེ་ནས་ཁང་བཟང་ལང་ཚོ་མ་རྣམས་ཀྱིས་ཁྱབ་ཅིང་།། ཡ་མཚན་ལ་ནཱི་རབ་ཕྱེ་སྐར་ཁུང་རྣམས་ཀྱིས་ནི།། ལྷ་མོ་དང་བཅས་གཞལ་མེད་རྣཾས་ཀྱིས་ན་མཁའ་བཞིན།། དཔལ་དང་ལྡན་པའི་གྲོང་ཁྱེར་ཀུན་ནས་མཛེས་པར་གྱུར།། སྐར ་ཁུང་རྣམས་ཀྱི་རྣམ་པར་སྤངས་པ་མ་ཡིན་ལས།། ཕན་ཚུན་འགྲམ་པར་བཀོད་པའི་རྩཝ་ལུང་ཅན་རྣམས་ཀྱི།། འདམ་སྐྱེས་པདྨ་རྣམས་ཀྱི་ཚོགས་རྣམས་བཅིངས་པ་བཞིན།། རབ་མྱོས་མཆོག་མི་རྣམས་ཀྱི་ཞལ་ནི་མཛེས་པར་གྱུར།། གཞོན་ནུ་དེ ་ལ་ལམ་དུ་རྣམ་པར་ལྟ་བ་ཡི།། བུད་མེད་དེ་རྣམས་ས་ལ་འགྲོ་འདོད་ལྟར་མཛེས་ཤིང་།། གྱེན་དུ་གདོང་ཕྱོགས་དེ་ལ་རབ་ཏུ་བལྟ་བ་ཡི།། མི་རྣམས་གནམ་ལ་འགྲོ་བར་འདོད་བཞིན་མཛེས་པར་གྱུར།། ལུས་དང་དཔལ་གྱིས་མཆོག་ཏུ་འ ་བར་གྱུར་པ་ཡི།། རྒྱལ་པོའི་སྲས་དེ་མཐོང་ནས་བུད་མེད་དེ་རྣམས་ནི།། ངེས་པར་དགོངས་པར་གཞན་མིན་བསམ་པ་དག་པ་ཡིས།། འདི་ཡི་ཆུང་མ་སྐལ་པ་བཟང་ཞེས་ངལ་བུས་སྨྲ།། གཟུགས་ཀྱི་དངོས་སུ་མེ་ཏོག་ཏོག་ཅན་དང་མཚུངས ་ཤིང་།། རྣམ་པར་རིང་ཞིང་རྒྱས་པའི་དཔུང་པ་ཅན་འདི་ནི།། དཔལ་ཉིད་དོར་ནས་ཆོས་ལ་ཉེ་བར་གཤེགས་ཞེས་ཏེ།། དེ་ལ་དེ་དག་རྣམས་ཀྱི་ཞེས་ཁོ་ན་བྱས།། རྣམ་པར་དུལ་ལ་གཙང་ཞིང་བརྟན་པའི་ཆ་ལུགས་ཅན།། གྲོང་པ་རྣམས་ཀྱི་དེ་ལྟར་རྒྱལ་པོའི་ལམ ་ཁྱབ་པ།། དེ་ནི་སྔོན་དུ་གཞོན་ནུས་མཐོང་ནས་དགའ་བས་ཏེ།། བདག་གི་སྲིད་པ་གཞན་མ་ཅུང་ཞིག་བརྟགས་པ་འདྲ།། གྲོང་ཁྱེར་དེ་ཡང་མཐོ་རིས་བཞིན་དུ་རབ་དགའ་བ།། མངོན་པར་གཟིགས་ནས་གཙང་མར་གནས་པའི་ལྷ་རྣམས་ཀྱིས།། ་གཞི་སྐྱོང་བའི་སྲས་པོ་ཡང་དག་བསྐུལ་དོན་དུ།། འཁོགས་པའི་མི་རྒན་རབ་ཏུ་འགྲོ་བར་སྤྲུལ་གྱུར་ཏོ།། དེ་ནས་གཞོན་ནུ་ཡིས་ནི་རྒ་བས་ཟིལ་ནོན་ཞིང་།། མི་རྣམས་ལས་ནི་ཐ་དད་དབྱིབས་ཅན་དེ་གཟིགས་ནས།། གཡོ་བ་མེད་ཅིང་དེ་ཉིད་དུ་ནི ་ཞུགས་པའི་སྤྱམ།། ཆགས་པར་གྱུར་ཅིང་ཁ་ལོ་འཛིན་པ་ལ་སྨྲས་སོ།། མངོན་པར་ཉེར་འོང་མི་དེ་སུ་ཡིན་འདྲེན་པ་ཀྱེ།། སྐྲ་རྣམས་དཀར་ཞིང་དབྱུག་པ་ལ་ནི་ལག་པས་བརྟེན།། སྨིན་མས་ཀུན་ནས་མིག་གཡོགས་འཁོགས་ཤིང་ཡན་ལག་དྲུང།། ་འགྱུར་འདི་ནི་ཐ་མལ་གང་འདོད་ཡིན་ན་མ་ཅི།། དེ་སྐད་ཅེས་སྨྲ་ཤིང་རྟ་རབ་ཏུ་འདྲེན་པ་པོ།། ལྷ་མཆོག་དེ་རྣམས་དེ་རྣམས་ཉིད་ཀྱི་བློ་ནི་རྨོངས་བྱས་ཤིང་།། དོན་ནི་བསྲུང་བྱ་ཡིན་ཡང་སྐྱོན་མེད་མཐོང་གྱུར་ཏེ།། དེ་ཡིས་ས་སྐྱོང་བདག་ཉིད་སྐྱེས ་ངེས་པར་གསོལ།། གཟུགས་ཀྱི་གནོད་བྱེད་སྟོབས་ཀྱི་རྣམ་པར་ཟབ་པོ།། རྒ་བ་རྣམས་ཀྱིས་འཇོམས་བྱེད་མྱ་ངན་རྣམས་ཀྱིས།། དྲན་པ་རྣམས་ཀྱི་ཉམས་བྱེད་དབང་པོ་རྣམས་ཀྱི་དགྲ།། འདི་ནི་རྒས་པ་ཞེས་བྱ་གང་གིས་འདི་བཅོམ་མོ།། འདིས ་ཀྱང་བྱིས་པ་ཉིད་ན་འོ་མ་འཐུངས་གྱུར་ཅིང་།། དུས་ཀྱི་ས་ལ་ཡོངས་སུ་གཉིད་ལོག་གྱུར་པ་སྟེ།། རིམ་གྱིས་ལུས་རབ་ལྡན་པའི་ལང་ཚོར་གྱུར་ནས་ཀྱང་།། རིམ་གྱིས་དེ་ཉིད་ཁོ་ནས་རྐུ་བར་ཉེ་བར་སོང་།། དེ་སྐད་ཅེས་སྨྲས་རྒྱལ ་པོའི་བདག་ཉིད་སྐྱེས་པ་སྟེ།། ཅུང་ཞིག་འངར་ཞིང་ཁ་ལོ་སྒྱུར་ལ་འདི་སྐད་སྐྱེས།། སྐྱོན་འདི་ཁོ་བོ་ལ་ཡང་འབྱུང་བ་མིན་ནམ་ཅི།། དེ་བཞིན་འདི་ལེ་ཁ་ལོ་སྒྱུར་བ་ཡིས་གསོལ་ཏོ།། འདི་ནི་ན་ཆོང་རབ་མཆོག་ཚེ་དང་ལྡན་པའི་ཡང་།། གདོན་མི་ཟ་བར ་དུས་ཀྱི་དབང་གིས་འབྱུང་བར་འགྱུར།། དེ་བཞིན་རྒས་པ་གཟུགས་ཀྱི་རྣམ་པར་ཉམས་པ་པོར།། འཇིག་རྟེན་པ་ཡིས་ཤེས་པ་ཉིད་དང་མཐོང་བ་ཉིད།། དེ་ནས་སྔོན་གྱི་བསམ་པ་དག་པའི་བློ་མངའ་བ།། རྣམ་རྒྱས་བསྐལ་པར་བསགས་པའི ་བསོད་ནམས་ལས་ཅན་དེ།། རྡོ་རྗེ་ཆེན་པོའི་སྒྲ་ལ་ཉེསར་བ་ལང་བཞིན།། ནུས་པ་ཐོས་ནས་གཞོན་ནུ་ཀུན་ནས་ཡི་མུག་གྱུར།། དབུགས་ནི་རིང་དུ་རྒྱུས་ནས་རང་གི་མགོ་བསྒྲལ་ཞིང་།། འཁོགས་པ་དེ་ལ་སྤྱན་ནི་རྣམ་པར་ཞུགས་ནས་སུ།། རྒ་བ་དང ་བཅས་སྐྱེ་བ་དེ་རྣམས་གཟིགས་གྱུར་ནས།། སེམས་ནི་ཁོང་དུ་ཆུད་པ་དེ་ཡི་ཚིག་འདི་སྨྲས།། དྲན་པ་དང་ནི་གཟུགས་དང་ཕ་རོལ་གནོན་པ་ཡང་།། དེ་ལྟར་རྒས་པས་རྣམ་དཔྱོད་མེད་པར་འཇོམས་བྱས་དེ།། འདི་ལྟ་བུར་ནི་མངོན་སུམ་ཉིད་དུ་མཐོང ་ཡང་།། འཇིག་རྟེན་པ་དག་སྒྲོ་མདོ་ཉེར་འགྲོ་ཁོ་ནའོ།། དེ་ལྟར་སེང་ན་འདྲེན་པ་རྟ་རྣམས་ཕྱིར་བཟློག་ལ།། གྲོང་ནི་ཁྱིམ་ཉིད་དུ་ནི་སྦྱིན་པར་རབ་ཏུ་།། རྣས་པའི་འཇིགས་ཚེའི་སེམ་སུ་གནས་པ་ཁོ་བོ་ལ།། སྐྱེད་མིས་ཚལ་གྱི་ས་ལ་བདེ་བོགས་འང་། ་དེ་ནས་རྒྱལ་པོའི་སྲས་པོ་དེ་ཡི་བཀའ་ལུང་གིས།། ཁ་ལོ་སྒྱུར་བས་ཤིང་རྟ་ཕྱིར་ལ་བཟློག་པར་གྱུར།། དེ་ནས་གཞོན་ནུས་ཕོ་བྲང་དེ་ཉིད་ཁོ་ནར་ནི།། བསམ་པའི་དབང་གིས་སྟོང་པ་བཞིན་དུ་རབ་ཏུ་ཐོབ།། གང་གིས་ཚེ་ན་དེར་ཡང་བདེ་བཱ་མ་རྙེད་དེ།། རྒས་པ ་རྒས་པ་ཞེས་ནི་རབ་ཏུ་ཡོངསུ་རྟོགས།། དེ་ནས་མི་དབང་གིས་ནི་རྗེས་གནང་དེ་ནི་སླར།། རིམ་གྱིས་དེ་ཉིད་ཁོ་ནས་ཕྱི་རོལ་གཤེགས་པར་གྱུར།། དེ་ནས་གཞན་ཡང་ལུས་ལ་ནད་དང་ཡོངས་ལྡན་པ།། ལྷ་མཆོག་དེ་རྣམས་ཉིད་ཀྱིས་བསྐྱེད་ཅིང་སྤྲུལ ་པའི་མི།། ཟས་གཙང་རྒྱལ་པོའི་སྲས་པོ་སྤྱན་དེར་སྲོང་ཉིད་ཀྱིས།། གཟིགས་ནས་ཁ་ལོ་སྒྱུར་བ་དེ་ཉིད་ལ་སྨྲས་པ།། གསུས་པ་སྒོམ་ཞིང་དབུགས་དག་སྤྱོད་པའི་ལུས་པོ་ཅན།། ལག་པ་ཆ་ཤས་ཞ་ཞིང་རིང་ལ་སྐྱ་བཱ་ལུས།། ཨ་མ་ཞེས་ནི་སྙིང་རྗེའི ་ངག་དག་སྨྲ་བ་པོ།། གཞན་ལ་རྟེན་ནས་གནས་པའི་མི་དེ་སུ་ཞིག་ཡིན།། དེ་ནས་ཁ་ལོ་སྒྱུར་བས་སྨྲས་པ་ཞི་བ་ཀྱེ།། འདི་ཡི་ཁམས་ནི་རབ་འཁྲུགས་རབ་སྟོབས་རབ་ཏུ་འཕེལ།། ནད་ཅེས་བྱ་བ་མངོན་བརྗོད་ཤིན་ཏུ་དོན་མེད་ཆེན་པོ་སྟེ།། ནུས་ཀྱང་གང་གིས ་དེ་ནི་རང་དབང་མེད་པར་བྱས།། རྗེས་སུ་བརྩེ་བཅས་མི་ནི་དེ་ལ་གཟིགས་བཞིན་དུ།། རྒྱལ་པོའི་སྲས་དེས་སླར་ཡའདི་སྐད་ཅེས་སྨྲས་པ།། སྐྱེས་གྱུར་སྐྱོན་དེ་སོ་སོར་འདི་ཉིད་ཁོ་ནའི་འམ།། ནོད་ཀྱི་འཇིགས་ལ་སྐྱེ་དགུ་རྣམས་ཀྱི་ཅི་ལ་ཡིན།། དེ་ནས་ཤིང ་རྟ་རབ་ཏུ་འདྲེན་པ་དེས་སྨྲས་པ།། གཞོན་ནུ་ཉེས་པ་དེ་ནི་ཐུན་མོང་གྱུར་པ་སྟེ།། དེ་ལྟར་ནང་རྣས་དག་ནི་ཡོངསུ་གཙེར་བ་ནི།། ནད་ཐར་ཕྱིན་ན་འཇིག་རྟེན་དགའ་བར་ཉེ་བར་གཤེགས།། དེ་ལྟར་དོན་ཐོས་སེམས་ནི་ཁོང་དུ་ཆུད་པ་སྟེ།། ཆུ་རླབས་ནང ་སོང་རི་བོང་ཅན་བཞིན་རབ་འདར་ཞིང་།། བརྩེ་བ་ཐུགས་རྗེ་མངའ་བས་གསུང་ངག་ཚིག་འདི་ནི།། ཅུང་ཞིག་དངར་བའི་དབྱངས་ཀྱི་རབ་ཏུ་སྨྲས་པའོ།། སྐྱེ་དགུ་རྣམས་ལ་རྣམ་པར་ཞེན་པའི་ནད་འདི་ནི།། འཇིག་རྟེན་པ ་དག་རང་བཞིན་གནས་ཤིང་བློ་གཏང་བྱེད།། མི་ཤེས་རྣམ་པར་རྒྱ་ཆེན་ཨེ་མ་མི་རྣམས་ཀྱི།། གང་ཞིག་ནད་ལས་རྣམ་པར་གྲོལ་རྣམས་བཞད་གདོ་བྱེད།། འདྲེན་པའི་ཕྱི་རོལ་རབ་ཏུ་འགྲོ་ལས་ཕྱིར་ལོག་ལ།། མི་དབང་ཕོ་བྲང་ཉིད་དུ་ཤིང་རྟ ་རབ་ཏུ་སོང་།། བདག་གི་ནད་ཀྱི་འཇིགས་པ་ཐོས་ནས་དགའ་བ་ལས།། སེམས་ནི་འཁུམས་པ་བཞིན་དུ་རབ་ཏུ་བཅོམ་པར་གྱུར།། དེ་ལྟར་ལན་གཉིས་ཕྱིར་ལོག་དེ་ནི་རབ་གཟིགས་ནས།། ས་ཡི་བདག་པོ་ཡིས་ཀྱང་ཡོངསུ་གྲོས་བྱས་སོ།། དེ ་ཡི་ཕྱིར་ལོག་ངེས་པའི་མཚན་མ་ཐོས་གྱུར་ནས།། བདག་ཅག་རྣམས་ནི་འདི་ཡིས་ཡང་དག་འདོར་སྙམ་སྟེ།། ལམ་རྣམས་གཙང་མར་ལྷག་པར་བྱེད་པ་པོ་རྣཾས་ལ།། ཁྲོས་ཤིང་འཁྲུགས་ཀྱང་ཆུད་པ་དྲག་པོས་གཅོད་པ་མེད།། སླར་ཡང ་སྲས་པོ་དེ་ལ་ཁྱད་པར་འཕགས་པ་དང་།། ལྡན་པའི་ཡུལ་ལ་རབ་ཏུ་སྤྱོད་པ་རྣམས་མཛད་ཅིང་།། དབང་པོ་གཡོ་བ་ཉིད་ཀྱི་ཕྱིར་ཡང་ཚུགས་སྙམ་སྟེ།། བདག་ཅག་རྣམ་པར་མི་འདོར་ཞེས་ནི་མགོན་བསླང་སོ།། གང་གི་ཚེ་ན་སྒྱུ་སོགས ་དབང་པོའི་དོན་རྣམས་ཀྱིས།། སྲས་པོ་འདི་ལ་ཕོ་བྲང་འཁོར་ན་དགའ་བོ་མེད།། དེ་ནས་རོ་གཞན་རོ་ལ་གྱུར་ཅིག་ཅེས་སེམས་ཤིང་།། ཕྱི་རོལ་ལྟད་མོ་ལ་ནི་རྣམ་པར་བཀའ་སྩལ་ཏོ།། བརྩེ་བ་ལས་ནི་སྲས་པོའི་དགོངས་པ་རྟོགས་ནསུ།། ། ་དེ་ལ་ཆགས་པའི་སྐྱོན་རྣམས་འགའ་ཞིག་མ་བསམ་ནས།། སྒྱུ་རྩལ་རྣམས་ལ་མངོན་པར་ཤེས་ཞེས་རེས་མའི་གཙོ།། འཛངས་མ་རྣམས་ལ་དེས་ནི་ཡང་དག་བཀའ་སྩལ་ཏོ།། དེ་ནས་ཁྱད་པར་དུ་ཡང་མི་ཡི་དབང་པོའི་ལམ།། ལེགས ་པར་བརྒྱན་བྱས་ཉིད་དང་ཡོངསུ་བརྟགས་པ་ལ།། འདྲེན་པ་དང་ནི་ཤིང་རྟ་རྗེས་ནས་རྒྱལ་པོ་ཡིས།། གཞོན་ནུ་ཕྱི་རོལ་དུ་ནི་རབ་ཏུ་གཤེགསུ་གཞུག། དེ་ནས་དེ་ལྟར་རྒྱལ་པོའི་བུ་ནི་གཤེགས་པ་ན།། ལྷ་མཆོག་དེ་རྣམས་ཉིད་ཀྱིས་རྣམ ་པར་སྤྲུལ་པ་ཡི།། སྲོག་སོང་ཤི་བུའི་རོ་དེ་ལམ་དུ་བཏེགས་པ་ནི།། འདྲེན་པ་དང་ནི་གཞོན་ནུས་མཐོང་སྟེ་གཞན་གྱིས་མིན།། དེ་ནས་འདྲེན་ལ་རྒྱལ་པོའི་སྲས་པོ་དེས་སྨྲས་པ།། ཞན་ཞང་སྡུག་པའི་མི་རྣམས་དག་ནི་རྗེས་འབྲེང་ཞིང་།། རྒྱན་གྱིས ་བརྒྱན་པ་ཡིན་ཡང་ཀུན་ནས་དུ་བ་སྟེ།། མི་བཞི་རྣམས་ཀྱིས་བཏེགས་པ་ཕ་གི་སུ་ཞིག་ཡིན།། དེ་ནས་གཙང་བའི་བདག་ཉིད་གཙང་མར་གནས་པ་ཡི།། ལྷ་རྣམས་ངག་གིས་སེམས་ནི་ཟིལ་ནོན་འདྲེན་པ་པོ།། དེས་ནི་བརྗོད་པར་བྱ་བ་མིན་ཀྱང ་དོན་འདི་ནི།། དོན་ལྡན་དབང་ཕྱུག་ལ་ནི་རབ་ཏུ་རྣམ་པར་གསོལ།། བློ་དང་དབང་པོ་སྒྲོག་གི་སྟོན་དང་བྲལ་ཞིང་།། གཉིད་ལོག་མིང་བྲལ་རྩཝ་དང་ཤིང་དུ་གྱུར་པ་སྟེ།། བརྩོན་འགྲུས་ལྡན་པ་རྣམས་ཀྱིས་བསྐྱེད་ནས་བསྲུངས་ནས་ཀྱང་།། སྡུག་པ ་སྡུག་པ་རྣམས་ཀྱིས་སྤངས་པ་དེ་ནི་སུ་ཡིན་ནམ།། དེ་ལྟར་ཚིག་ནི་རབ་ཏུ་འདྲེན་པ་ལས་ཐོས་ནས།། ཅུང་ཞིག་ཀུན་ནས་བསྐྱོད་ནས་དེ་ཉིད་ལ་སྨྲས་པ།། ཆོས་འདི་ཉིད་ནི་སྐྱེ་བ་འདི་ཉིད་ཀྱང་གི་འམ།། མཐར་གྱུར་འདི་འདྲ་སྐྱེ་དགུ་ཀུན་གྱི་ཡིན་ནམ་ཅི།། ་དེ་ནས་རབ་ཏུ་འདྲེན་པས་འདི་ཉིད་ལ་གསོལ་པ།། མཐར་གྱུར་ལས་འདི་སྐྱེ་དགུ་རྣམས་ནི་ཀུན་གྱི་སྟེ།། དམན་དང་འབྲོང་དང་བདག་ཉིད་ཆེན་པོ་ཐམས་ཅད་ཀྱི།། འཇིག་རྟེན་དག་ནི་ངེས་པར་རྣམ་པར་ཉམས་པར་གྱུར། ་དེ་ནས་མི་དབང་སྲས་པོ་དེ་ནི་བརྟན་ན་ཡང་།། འཆི་བ་ཐོས་ནས་དེ་མ་ཐག་ཏུ་ཡི་མུག་ཅིང་།། དཔུང་པས་ཤིང་རྟའི་ཤིང་གི་རྩེ་ལ་རབ་འཁྱུད་ནས།། གདངས་སྙན་དང་ལྡན་དབྱངས་ཀྱིས་རབ་ཏུ་སྨྲས་པའོ།། འདི་ནི་ངེས་པར་སྐྱེ་དགུ་རྣམས་ཀྱི་མཐར་ཐུག་སྟེ།། ། ་འཇིག་རྟེན་པ་དག་འཇིགས་པ་སྤངས་ཤིང་བག་མེད་ལ།། མི་རྣམས་དག་གི་སེམས་རྣམས་སྲ་བ་སྙམ་པ་སྟེ།། ལམ་ལ་གནས་རྣམས་དེ་ལྟར་རང་བཞིན་ཉིད་དུ་གནས།། དེ་ཕྱིར་འདྲེན་པ་ཤིང་རྟའི་ཁ་ནི་ཕྱིར་བཟློག་དང་།། བདག་ཅགས་ལ་རྣམ་པར་རྒྱུ་བའི ་ཡུལ་དུས་ནི།། ཉམ་ཐག་དུས་སུ་རྣམ་པར་ཉམས་པ་ཤེས་ནས་ནི།། སེམས་དང་བཅས་པ་གང་འདྲ་འདི་ན་བག་མེད་ཡིན།། མི་བདག་བདག་སྐྱེས་ཀྱིས་ནི་དེ་སྐད་སྨྲས་ན་ཡང་།། དེ་ཡིས་ཤིང་རྟ་དེ་ནི་ཕྱིར་ལ་མ་བཟློག་སྟེ།། ཁྱབ་པར་ལྡན་པ་ཡིན་ཡང་མི ་དབང་བརྟན་པ་ལ།། པདྨའི་ཚོགས་བཅས་ནག་ཉིད་དུ་ནི་གཤེགས་པར་གྱུར།། དེ་ནས་མེ་ཏོག་རྒྱས་ལྡན་གཞོན་ནུའི་རྐང་འཐུང་ཞིང་།། ཡོངས་སུ་བསྐོར་ཞིང་རབ་དགའ་མོས་པའི་ཁུ་བྱུག་ཅན།། གཞལ་མེད་ཁང་ལྡན་པདྨ་དང་བཅས་མཛེས་པའི་རྫིང་།། ་དགའ་བའི་ཚལ་འདྲ་དགེ་བའི་ནགས་ཏེ་གཟིགས་པར་གྱུར།། ལྷ་མཆོག་མས་བསྐོར་གྲོང་ཁྱེར་རྒྱན་བྱེད་བདག་པོའི་གཞར།། བརྟུལ་ཞུགས་གསར་ལྡན་ཐུབ་པ་བགེགས་ཀྱི་འཇིགས་པ་བཞིན།། ཡན་ལག་མཆོག་མའི་ཚོགས་ཁྱབ་མི་སྐྱོང་བདག ་སྐྱེས་སྲས།། དེ་ནས་སྟོབས་ལས་ནགས་དེར་ཤིན་ཏུ་སྤྱན་དྲངས་སོ།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ་ལས། ཐུགས་སྐྱོ་བ་སྐྱེས་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་སྐྱེད་མོས་ཚལ་དེ་ནས།། ཡ་མཚན་གྱིས ་ནི་མགྲི་གཡོས་རྣམས།། བུད་མེད་རྣམས་ནི་ཁྱོ་ཐོབ་བཞིན།། མི་སྐྱོང་སྲས་ལ་མདུན་དུ་འོངས།། འོངས་ནས་དེ་ལ་དེ་རྣམས་ཀྱིས།། ཡ་མཚོན་རབོ་རྒྱུས་སྤྱན་མ་རྣམས།། པདྨའི་མཛོད་འདྲའི་ཕྱག་རྣམས་ཀྱིས།། འཕྲིན་ལས་ཡང་དག་སྤྱོད་པ་བྱས།། ་གཡོ་མེད་དགའ་བ་རྣམ་གསལ་བའི།། སྤྱན་མིག་རྣམས་ཀྱིས་འཐུང་བ་བཞིན།། ཡིད་དཀྲུག་འདོད་པས་སེམས་གཡེངས་རྣམས།། དེ་ལ་ཡོངསུ་བསྐོར་ནོས་གནས།། ལྷན་སྐྱེས་རྒྱན་རྣམས་ཀྱིས་བཞིན་དུ།། མཚན་ནི་མཛེས་རྣམས་ཀྱིས་བརྒྱན་པ།། ་འདོད་ལྷ་ལུས་དང་ལྡན་ནོ་ཞེས།། དེ་ལ་མི་མོ་དོ་རྣམས་སྙམ།། ཞི་བ་ཉིད་ཕྱིར་བསྟན་ཉིད་ཕྱིར།། གསང་བའི་འོད་ཟེར་ཟླ་བ་ནི།། ས་ལ་དངོས་སུ་བབ་པ་བཞིན།། དེ་ལ་ཁོ་ཅིག་རྣམས་ཀྱི་ཤེས།། དེ་ཡི་ལུས་ཀྱིས་གཡེངས་དེ་རྣམས།། ངེས་བཟུང ་ལུས་ནི་རྣམས་འགྱུར་ཞིང་།། ཕན་ཚུན་མིག་རྣམས་ཀྱིས་བསྣུན་ནས།། དལ་བུས་དབུགས་ནི་རྣམ་པར་བརྒྱུས།། དེ་ལྟར་མི་མོ་དེ་རྣམས་ཀྱིས།། དེ་ནི་མིག་ཙམ་གྱིས་མཐོང་ཉིད།། སྨྲ་བ་མེད་ཅིང་དགའ་མེད་པར།། འདི་ཡི་མཐུ་ཡི་ནོན་པར ་གྱུར།། དེ་ལྟར་དེ་རྣམས་རྩོམ་བྲལ་ཞིང་།། སྙིང་རྗེས་རྣམ་པར་འཁྲུགས་མཐོང་ནས།། བྲམ་ཟེ་མདུན་ན་འདོན་གྱི་སྲས།། བློ་ལྡན་འཆར་ཀས་ཚིག་སྨྲས་སོ།། ཀུན་གྱི་སྒྱུ་རྩལ་ཀུན་ཤོས་ཤིང་།། དགོངས་པ་ལེན་ལ་མཁས་པ་རྣམས།། གཟུགས ་དང་འཇུངས་དང་ལྡན་པ་སྟེ།། རང་གི་ཡོན་ཏན་གཙོར་ཕྱིན་ནོ།། ལུས་ངན་གྱི་ཡང་སྐྱེད་ཚོལ་དང་།། བྱང་གི་སྒྲ་མི་སྙན་ན་ཡ་།། ཡོན་ཏན་འདི་རྣམས་ཀྱིས་མཛེས་ཏོ།། ནོར་འཛིན་འདོན་སྔོན་ཉིད་དོ།། ཆགས་བྲལ་རྣམ་སྣ་ད ་དྲང་སྲོང་ཡང་།། ཁྱེད་ཅག་རྣམས་ཀྱིས་གཡོ་ནུས་ཤིང་།། ལྷ་མོ་རྣམས་ཀྱིས་ཤེས་པ་ཡིས།། ལྷ་རྣམས་ལ་ཡང་ལེན་པར་རོ།། དགོངས་པ་ཤེས་དང་རྩེ་འཇོ་དང་།། འཛངས་དང་གཟུགས་ནི་ཕུན་ཚོགས་པས།། བུད་མེད་རྣམས་ཀྱི་ཆགས་ནུས་ན།། སྐྱེས ་པ་རྣམས་ཀྱི་སྨོས་ཅི་དགོས།། རྣམ་པ་དེ་ལྟར་རབ་སྦྱར་བ།། དེ་ཡི་རང་གི་སྤྱོད་ཡུལ་ལས།། རྣམ་པ་དེ་ལྟར་སྤྱོད་པ་འདི།། ཁྱོད་ཀྱི་དྲང་པོའི་ཚིག་མ་གྱུར།། ཁྱོད་ཀྱི་འདི་ནི་ངོ་ཚ་བས།། མིག་འཁུམས་བག་མ་གསར་པ་ཡི།། སྤྱོད་པ་དང་མཚུངས ་ཡང་ན་ནི།། བ་གླང་སྐྱོང་གི་ཆུང་མའི་འོས།། གང་ཡང་འདི་ནི་དཔའ་བ་སྟེ།། དཔལ་གྱི་མཐུ་ལས་ཆེན་པོ་ཡོན།། བུད་མེད་ཀྱི་ཡང་གཟི་ཆེ་སྟེ།། དེ་ཕྱིར་འདི་ཡང་ངེས་པར་བྱ།། སྔོན་ཡང་ཀཱ་ཤིའི་མཛེས་མཱ་ནཱི།། སྨད་འཚོད་མ་ཡིས་དྲང་སྲོང་ཆེ།། ལྷ ་ཡིས་ཐུབ་པར་དཀའ་བ་ཡང་།། དྲང་སྲོང་རྒྱས་པ་རྐང་པས་བརྡུངས།། མཱན་ཐལ་གོ་ཏ་མ་དགེ་སློང་ནི།། སྨད་འཚོང་གཙོ་མོ་བྱིན་མ་ཡིས།། དགའ་འདོད་དེ་ཡི་དོན་ཆེད་དུ།། སྔོན་གྱི་ཚེ་ན་རོ་རྣམས་བཏོན།། གཽ་ཏ་མ་མུན་རིང་མིང་།། དྲང་སྲོང་ཆེན་པོ་ཆེ ་རིང་པོ།། ཁ་དོག་དབྱིབས་མཆོག་མ་ཡིན་པའི།། བུད་མེད་ཀྱིས་ནི་ཚིམ་པར་བྱས།། དྲང་སྲོང་རྭ་སྐྱེས་ཐུབ་པ་མཆོག། བུད་མེད་ཡུལ་ལ་མི་མཁས་པ།། རྣམ་པ་སྣ་ཚོགས་ཐབས་རྣམས་ཀྱིས།། ཞི་མས་དེ་ལྟར་བླངས་ཤིང་ཕམ།། སྣ་ཚོགས་བཤེས ་གཉེན་དྲང་སྲོང་ཆེ།། བརྟུལ་ཞུག་ཆེན་པོ་བསྟན་པ་ཡང་།། ལྷ་མོ་མར་བསྲུངས་མས་ཕྲོགས་ཏེ།། ལོ་བཅུ་རྣམས་ལ་ཉི་མར་ཤེས།། དྲང་སྲོང་དེ་རྣམས་དེ་རྣམས་སོགས།། བུད་མེད་ཀྱིས་བསྒྱུར་བླངས་གྱུར་ན།། རོལ་ཞིང་ལང་ཚོ་སྔ་མ་ཡིས།། མི་བདག ་སྲས་པོ་སྨོས་ཅི་དགོས།། དེ་ལྟར་གྱུར་ན་ཡིད་ཆེས་ཤིང་།། འདི་ནི་མི་སྐྱོང་རིགས་ཀྱི་དཔལ།། འདི་ལས་ཕྱིར་ཕྱོགས་མ་ཡིན་པ།། ཇི་ལྟར་དེ་ལྟར་ནན་ཏན་མཛོད།། ལང་ཚོ་ལྡན་མ་འགའ་ཞིག་རྣམས།། མཚུངས་པའི་སྐྱེ་བོ་འཕྲིག་པ་སྟེ།། མཆོག་དང ་མཆོག་མིན་དག་གི་སེམས།། ལེན་པ་གང་དེ་བུད་མེད་རྣམས།། ངོ་ལྟར་འཆར་ཀའི་ཚིག་ཐོས་ནས།། བུད་མེད་དེ་རྣམས་ཕུག་པ་བཞིན།། གཞོན་ནུ་ལེན་པར་རབ་མཚོན་ཏེ།། བདག་ཉིད་ཡང་དག་ཀུན་ནས་འཛེགས།། འཇིགས་ལས་འཇིགས ་བཞིན་ཡན་ལག་མ།། དེ་རྣམས་སྨིན་དང་ལྷ་དང་སྒེག། རྒོད་དང་རོལ་དང་འགྲོ་བ་ཡིས།། ཀུན་ནས་བསྐྱོད་པའི་སྤྱོད་པ་བྱས།། རྒྱུ་ལྔ་པོའི་བཀའ་ལུང་སྦྱར་ཕྱིར་དང་།། གཞོན་ནུ་ཉིད་ཀྱང་འཇམ་ཕྱིར་དང་།། རྒྱགས་པ་ཡིས་ནི་མྱོས་པའི་ཕྱིར།། ཡིད ་མི་ཆེས་ལ་མྱུར་བར་དོར།། གླང་མོའི་ཚོགས་དང་ཐུབས་གཅིག་ཏུ།། གླང་པོ་གངས་ཅན་ནགས་ན་ལྟར།། དེ་ནས་མཾ་མིའི་སྐྱེ་བོ་ཡིས།། གཞོན་ནུ་བསྐོར་ཞིང་ནགས་ནཱ་སྤྱད།། རྣམ་པར་མཛེས་པོའི་སྐྱེད་ཚལ་ན།། ལྷ་མོས་བསྐོར་བའི་ཉི་མ་བཞིན།། ་ཡིད་འོང་ནགས་དེར་གཞོན་ནུ་དེ།། བུད་མེད་རྣམས་ཀྱི་མདུན་འགྲོ་འབར།། རྣམ་པར་སྒེག་བཅས་གཞོན་ནུ་མ།། རྒྱགས་པས་མ་ཡངས་དེ་རྣམས་དགའ།། སྲ་ཞིང་ཟླུམ་རྒྱས་ལྷན་ཅིག་པའི།། ནུ་མ་རྣམས་ཀྱིས་དེ་ལ་དྲེགས།། དཔུང་པ་ལས་བྲུལ ་འཇམ་རིང་གམྦ།། ལག་པའི་ལྗོན་ཤྲཱིང་སྟོབས་མེང་མ།། ཁ་གཅིག་བདུན་མོན་འཁྲུལ་པ་རུ།། བྱས་ནས་དེ་ལ་སྟོ་བས་ལུས་ལྟུད་།། ཁྱཱ་ཙོག་ཟངས་མཛུམ་མཆུངན།། ཁ་ཡི་ཆུང་གི་དྡྷོ་དག་གློས། ་གཅིག་པོ་དབེན་པར་སྤྱོད་ཅིག་ཅེས།། འདི་ཡི་རྣ་བར་ཤབ་ཤུབ་བྱེད།། ཁ་ཅིག་བཀའ་ལུང་སྩོལ་བ་བཞིན།། བྱུག་པ་གཤེར་མསོ་རབ་སྨྲས་ཏེ།། འདིར་ནི་གུས་པར་གྱིས་ཤིག་ཅེས།། རྒོད་དང་འཁྱུད་དང་འདོད་པས་སོ།། ཁ་ཅིགས ་གསེར་གྱི་སྐ་རགས་ཀྱི།། ཅལ་ཅོལ་རྣམས་ཀྱི་ཙམ་ཙོམ་དང་།། ཕྲ་མོའི་དར་གྱིས་གོས་གྱོན་ཞིང་།། འདི་ལ་རོ་སྨད་སྟོན་ཅིང་བསྐོར།། ཡིད་དང་ཡང་དུ་མོས་མའི་སྐྱེས།། གཞན་མ་དར་སྔོན་ཉིལ་བ་དེ།། སྐ་རགས་ཕན་ཚུན་སྡུད་པ་ནི། ་མཚན་མོ་གློག་ཕྲེང་བཞིན་དུ་མཛེས།། ཙུ་ཏའི་ཡལ་ག་མེ་ཏོག་རྒྱས།། བཟུང་ནས་གཞན་ནི་འཆང་གྱུར་ལ།། གསེར་གྱི་བུམ་པར་མཚུངས་པ་ཡི།། འོ་མ་འཛིན་པ་སྟོན་པར་བྱེད།། ཁ་ཅིག་པདྨའི་ནགས་ཚལ་ནས།། འོངས་ནས་པད ་བཅས་པདྨའི་སྤྱན།། པདྨའི་ཞལ་གྱི་ལོགས་གནས་ཤིང་།། པདྨའི་དཔལ་བཞིན་བསྡད་པར་གྱུར།། རང་གནས་དེ་ལ་བསྐུལ་བ་བཞིན།། བསླུས་པར་གྱུར་ཅེས་མིག་རྣམས་ཀྱིས།། ཁ་ཅིག་མངོན་པར་འདྲེན་བཅས་ལག། དོན་ལྡན ་དངར་བའི་གླུ་ལེན་ནོ།། དགེ་བའི་གདོང་གིས་གཞན་མས་ནི།། སྨིན་མའི་གཞུ་ནི་རྣམ་བཀང་སྟེ།། བསྐོར་གནས་བསྟན་དང་རོལ་པ་ཡིས།། འདི་ཡི་སྤྱོད་ལ་རྗེས་འདོད་བྱས།། རྒྱས་ཟླུམ་ནུ་ལྡན་ཁ་ཅིག་ནི།། རྒོད་པས་རྣ་ལུང་གཡོས་གྱུར ་ཅིང་།། ཁྱོད་ནི་ཐོབ་པར་གྱུར་ཅིག་ཅེས།། མཐོན་པོ་རྣམས་ཀྱིས་བཞུད་ཅིང་སྨྲས།། གཞན་ནི་དེ་བཞིན་འགྲོ་འདོད་པ།། མེ་ཏོག་ཕྲེང་བའི་ཙཱར་གྱིས་བཅིངས།། ཁ་ཅིག་ཅོད་བཅས་དྲངར་མོ་ཡི།། ངག་གི་ཞགས་པ་རྣམས་ཀྱིས་བཟུང་།། ་སོ་སོར་འབྲལ་བ་དོན་གཉེར་དགའ།། ཙུ་ཏའི་སྙེ་མ་བཟུང་ནས་ནཱི།། མེ་ཏོག་འདི་ནི་གང་གི་ཞེས།། རྒྱགས་པར་རྣམ་པར་འཁྲུགས་ཤིང་དྲིས།། ཁ་ཅིག་འགྲོས་དང་ཆ་ལུགས་ནི།། སྐྱེས་པ་བཞིན་དུ་བྱས་ནས་ནི།། ས་འདིར་རྒྱལ་བར ་གྱུར་ཅིག་ཀྱེ།། བུད་མེད་ཀྱིས་ཕམ་དེ་ལ་སྨྲས།། དེ་ནས་གཡོ་བའི་མིག་ཅན་འགས།། ཨུཏྤལ་སྔོན་པོ་སྣོམ་བྱེད་ཅིང་།། ཅུང་ཞིག་རྒྱགས་སྐད་ཚིག་རྣམས་ཀྱིས།། མི་སྐྱོང་བདག་སྐྱེས་ལ་སྨྲས་སོ།། གཟིགས་ཤིང་ཇོ་བོ་ཙཱུ་ཏའི་ཤིང་།། མེ་ཏོག། ་སྦྲང་རྩིའི་དྲིས་ཁྱབ་ལ།། ཁུ་བྱུག་འདྲིར་ནི་སྐད་འདྲོན་པ།། གསེར་གྱི་གུར་ན་བཀག་པ་འདྲ།། མྱ་ངན་མེད་པའི་ཤིང་འདི་གཟིགས།། འདོད་པ་ཅན་གྱི་མྱ་ངན་འཕེལ།། བུང་པ་འདིར་ནི་སྒྲ་གླེགས་པ།། མེ་ཡིས་ཚིག་པ་ཡིན་པ་འདྲ།། ཙུ་ཏའི ་ཤིང་གིས་ཡང་དག་འཁྱུད།། གཟིགས་ཤིང་ཏི་ལ་ཀ་ཡི་ཤིང་།། བུད་མེད་ལུས་སེར་ཆགས་པ་ཡིས།། སྐྱེས་པ་གོས་དཀར་གོནྡ་པ་འདྲ།། རབ་རྒྱས་སྐུ་ར་བ་ཀ་གཟིགས།། མཱ་ཟོས་པ་ཡི་སྨུག་རྩི་འོད།། བུད་མེད་རྣམས་ཀྱི་སེན་འོད་ཀྱིས།། ་རྨ་ཕབ་གྱུར་ཏེ་དུད་པ་འདྲ།། གཞོན་ནུ་མྱ་ངན་མེད་འདི་གཟིགས།། འདབ་མ་རྣམས་ཀྱི་སྤྲས་པ་གང་།། ཁོ་མོའི་ལག་པ་མཛེས་པ་ཡིས།། ངོ་མཚར་གྱུར་ཏེ་གནས་པ་འདྲ།། རྫིང་བུ་གཟིགས་ཤིང་འགྲམ་སྐྱེས་པའི།། ལྕང་མ་རྣམས་ཀྱིས ་རབ་ཏུ་བསྐོར།། དཀར་པོའི་དར་གྱི་གོས་གྱོན་པའི།། རབ་མྱོས་མ་རྣམས་ཉལ་བ་འདྲ།། བུད་མེད་རྣམས་ལ་བདག་ཉིད་ཆེ།། གཟིགས་ཤིག་ངང་པ་ཆུ་འདི་ལ།། རྒྱབ་ན་བསྒོ་བྱའི་བྲན་བཞིན་དུ།། དང་མོ་རྗེས ་འཇུག་རྗེས་སུ་འགྲོ།། རབ་ཏུ་ལྟོས་པའི་ཁུ་བྱུག་ནི།། སྐད་གྲག་སྒྲ་ནི་གསོན་མཛོད་ཅིག། ཁུ་བྱུག་གཞན་ནི་མངོན་སུམ་དུ།། ཀུས་འདེབས་བྲག་ཅའི་སྒྲ་བརྙན་འདྲ།། མཁའ་ལ་རྒྱུད་རྣམས་ཀྱི་ཡང་།། རྒྱགས་པ་དཔྱིད་ཀྱིས་ཁྱེར་ཏེ་འོངས།། ་བསམ་བྱ་མིན་སེམས་སྐྱེ་བོ་ནི།། ཤེས་རབ་ཅན་དུ་རློམས་པ་མེད།། དེ་ལྟར་དར་ལ་བབ་པ་རྣམས།། ཡིད་དཀྲུགས་འདོད་པས་སེམས་དྲེགས་ཤིང་།། སྣ་ཚོགས་ཚུལ་ནི་དེ་དང་དེས།། གཞོན་ནུ་ལ་ནི་ཉེ་བར་བརྩམས།། དེ་ལྟར་ཀུན ་ནས་གཡེངས་ན་ཡང་།། བསྟན་པས་དབང་པོ་དཀྲིས་པ་དེ།། འཆི་བར་བྱ་ཞེས་སྐྱོ་བྱས་ཤིང་།། དགའ་དང་འཇིགས་པ་མེད་པར་འགྱུར།། དེ་རྣམས་ཀྱི་ནི་གནས་སྐབས་དེ།། གཟིགས་ནས་སྐྱེས་མ་ཆོག་དམ་པ་དེས།། མཉམ་ལ་སྐྱོ་དང ་བརྟན་པ་ཡིས།། ཐུགས་ཀྱི་བསམས་པར་གྱུར་པའོ།། ཅི་ཞིག་བུད་མེད་འདི་རྣམས་ནི།། ལང་ཚེ་གཡོ་བར་རྟོགས་པ་མིན།། གང་ཕྱིར་གཟུགས་ཀྱི་མྱོས་པ་ནི།། གང་ཞིག་དགའ་བས་ཉམས་པར་འགྱུར།། གང་གི་ནད་དུ་བྱིང་བ་རུ།། ངེས ་པར་དེ་རྣམས་ཀྱིས་མི་མཐོང་།། འགྲོ་བ་ནད་ཀྱི་ཆོས་ཅན་ལ།། འཇིགས་པ་སྤངས་ཏེ་དེ་ལྟར་དགའ།། ཐམས་ཅད་འཕྲོག་བྱེད་འཆི་བ་ཡི།། ངེས་པར་མངོན་པར་ཤེས་མིན་ཞིང་།། དེ་ལྟར་རང་གནས་སྐྱོ་མེད་པར།། རྩེད་མོ་དང་ནི་བཞད་གང་བྱེད།། ་རྒ་དང་ནཱ་དང་འཆི་བ་ཡང་།། ཤེས་ལྡན་མིན་ན་སེམས་ལྡན་སུ།། རང་གནས་ལངས་དང་འདུག་པའམ།། ཉལ་བྱེད་རྒོད་པ་སྨོས་ཅི་དགོས།། ནད་དང་འཆི་བ་ཉིད་དང་ནི།། མཆོག་ཏུ་འཁོགས་གང་དེ་མཐོང་ནས།། རང་གནས་གྱུར་ཅིང་སྐྱོ་མེད ་པ།། ཇི་ལྟར་སེམས་མེད་དེ་ལྟར་དེ།། མེ་ཏོག་རྣམས་དང་འབྲས་བུ་ཡིས།། རྣམ་པར་སྤངས་པར་གྱུར་པའི་ཤིང་།། འགྱེལ་ལམ་ཡང་ན་བཅད་པ་སྟེ།། ཤིང་གཞན་མཛེས་པར་བྱེད་མ་ཡིན།། དེ་ལྟར་བསམ་གཏན་མཆོག་མཐོ། ་ནས།། ཡུལ་རྣམས་ལ་ནི་འདོད་པ་ཐལ།། འཆར་ཀ་ཚུལ་ལུགས་བསྟན་བཅོས་ཤེས།། མཛའ་བོ་ཉིད་ཀྱིས་དེ་ལ་སྨྲས།། ཁོ་བོ་མི་སྐྱོང་གིས་བྱིན་ཏེ།། ཁྱོད་ལ་གློགསུ་ནུས་པ་ལོ།། གང་ཕྱིར་ཁྱོད་ལ་སྨྲ་འདོད་པ།། རབ་དགའ་ལྡན་པ་དེ ་ཕྱིར་རོ།། ཕན་པ་མིན་ལས་རབ་འགེགས་ཤིང་།། ཕན་པ་ལ་ཡང་རྗེས་རབ་འཇུག། སྡུག་པ་ན་ཡང་ཡོངས་མི་གཏོང་།། ཡོངས་རྫོགས་ཤེས་ཀྱི་མཚན་ཉིད་དོ།། བདག་མེད་བྱམས་པར་དམ་བཅས་ནས།། སྐྱེས་བུའི་དོན་ལ་ཕྱིར ་ཕྱོགས་པ།། གལ་ཏེ་ཁྱོད་ལ་བཏང་སྙོམས་བྱེད།། གྲོགས་པོ་ཉིད་ཀྱང་མ་ཡིན་ནོ།། དེ་ཕྱིར་མཛའ་བོར་གྱུར་ནས་སྨྲས།། གཞོན་ནུའི་ལུས་དང་ལྡན་པ་ནི།། ཁྱོད་ཀྱི་འདི་འདྲ་བུད་མེད་ཀྱི།། ཡུལ་ལ་མཁས་པའི་གཟུགས་བརྙན་མིན།། ་དེ་ཡི་ངོ་ཚའི་རྒོད་དོན་དང་།། བདག་ཉིད་དགའ་བའི་དོན་ཉིད་དུ།། བདེན་མིན་གྱིས་ཀྱང་མི་མོ་ཡི།། རྗེ་སུ་འཇུག་པ་རིགས་པ་ཡིན།། ཡང་དགེ་འདུད་དང་རྗེས་འཇུག་གོ། བུད་མེད་རྣམས་ཀྱི་སེམས་འཆིང་སྟེ།། བརྩེ་བའི་ཡོན་ཏན ་སྐྱེ་གནས་ཕྱིར།། ཡིད་ལ་འདོད་པ་བུད་མེ་ཡིན།། དེ་ཕྱིར་རྣམ་པར་སྦྱངས་པའི་སྤྱན།། སྣོང་ལ་གཞན་དུ་བྱིརརྱ་བལྟས་ཀྱང་།། འདི་ཡི་ཚུལ་དང་རྗེས་མཐུན་པར།། མཁས་པར་རྣམ་པར་དཔྱད་པར་འོས།། ་མཁས་པ་སྨན་ཡིན་བུད་མོད་ལ།། མཁས་པ་རབ་མཆོག་རྒྱན་ཡིན་ནོ།། མཁས་པ་དང་བྲལ་གཟུགས་དག་ནི།། མེ་ཏོག་མེད་པོའི་ནགས་དང་འདྲ།། ཡང་ན་མཁས་པའི་རང་བཞིན་གྱིས།། བསམ་པ་རང་བཞིན་ཁས་ལེན ་མཛོད།། ཡུལ་རྣམས་རྙེད་པར་དཀའ་ཐོབ་ནས།། ཕྱི་ཤོལ་བྱེད་པ་འོས་མ་ཡིན།། སྔོན་ཚེ་ལྷ་ཡི་དབང་པོས་ཀྱང་།། འདོད་པ་མཆོག་ཅེས་ཤེས་བྱས་ནས།། གོ་ཏ་མ་ཐུབ་པའི་བདག་ལྡན་མ།། བཤོལ་མེད་མ་ལ་འདོད་པ་བྱས། ་ཟླ་བའི་ཆུང་མ་སྣར་མ་ནི།། དྲང་སྲོབ་རི་བྱིས་དོན་དུ་གཉེར།། དེ་ནས་དེ་དང་འདྲ་བ་ཡི།། བསྐམ་བྱ་མ་ནི་རྙེད་ཅེས་ཐོས།། ཨུ་བྷ་ཐྱ་ཡི་ཆུང་མ་ནི།། རླུང་གི་བུ་མོ་འཐུན་མ་ལ།། དཀའ་ཐུབ་ཆེན་པོའི་ཕུར་བུ་ཡིས།། བྷ་ར་དྷ་ཛི་བསྐྱེད་པར ་གྱུར།། དྲང་སྲོང་ཕུར་བུའི་ཆུང་མ་ནི།། སྦྱིན་སྲེག་མ་ལ་སྦྱིན་སྲེག་མཆོག། ཟླ་བ་ཡིས་ནི་ལག་པ་ཡཽ།། ལྷ་ཡི་ལས་བྱེད་བསྐྱེད་པར་གྱུར།། སྔོན་ཆེ་བུ་མོ་ནག་མོ་ནི།། ཆུར་སྐྱེས་པ་ལས་སྐྱེས་མ་ལ།། རྩིབས་ལོགས་སྐྱེས་ནི་ཆགས་སྐྱེས ་ཤིང་།། ཡ་མུ་ནའི་གླིང་དུ་ཕྱིན།། གནོད་སྦྱིན་འཕྲེང་མ་རིགས་ངན་མ།། སྨོད་མ་ལ་ནི་དགའ་འདོད་པས།། གོང་མ་སྲོག་ནི་ཟ་བའི་བུ།། ཐུབ་པ་གནས་འཇོག་གིས་བསྐྱེད་དོ།། འགྲོ་མོགྱོགས་རྒྱལ་པོ་དྲང་སྲོང་ཉིད།། ན་ཚོང་རྣམ་པར ་སོང་བ་ཡིས།། ལྷ་མོ་སྣ་ཚོགས་མཆོད་མར་བཅས།། སྣ་ཚོགས་ཤིང་རྟའི་ནགས་སུ་དགའ།། བུད་མེད་འགྲོགས་མིན་ཞི་བཱ་ནི།། སྐྱ་བསེང་གིས་ནི་ཤེས་ནས་ཀྱང་།། དགའ་མའི་གཟུགས་ཡོན་གྱིས་བཀུག་སྟེ།། འདོད་ལས་སྐྱེས་པའི་བདེ་བ ་བསྟེན།། སྐྱེད་མཛད་རྒྱལ་པོ་དམར་སེར་ཡང་།། བྲམ་ཟེའི་བུ་མ་ཕྲོགས་ནས་ནི།། ན་བབས་ཐོབ་པ་ཉིད་ཡིན་ཀྱང་།། ཡིད་དཀྲུགས་འདོད་པ་མ་བསྟེན་མིན།། དེ་ལ་སོགས་པ་བདག་ཉིད་ཆེས།། ཡུལ་རྣམས་སྨད་པ་ཡིན་ན་ཡང་།། དག ་བའི་ཆེད་དུ་ལོངས་སྤྱད་དེ།། ཡོན་ཏན་ལྡན་ལ་སྔོན་ཉིད་དོ།། ཁྱོད་ཀྱང་རིགས་པ་ལྔས་ཐོབ་ཅིང་།། སྟོབས་ལྡན་གཟུགས་ལྡན་དར་ལ་བབ།། གང་དུ་སྐྱེ་འགྲོ་འདི་འཆགས་ན།། ཡུལ་རྣམས་ལ་ནི་ཕྱི་ཤོལ་བྱེད།། དེ་ལྟར་འཇམ་ཞིང་ལུང ་དང་བཅས།། དེ་ཡིས་ཚིག་ནི་གསན་གྱུར་ནས།། འབྲུག་གི་སྒྲ་སྐད་དབྱངས་ཀྱིས་ནི།། གཞོན་ནུ་ཡིས་ནི་ལན་སྨྲས་སོ།། ངག་ཚིག་འདི་ནི་འཐད་པ་སྟེ།། ཁྱོད་ལ་མཛའ་བོ་ཉིད་དུ་གསལ།། གང་དུ་བདག་ལ་ངན་པར་སེམས།། འདིར་ནི ་ཁྱོད་ལ་རྗེས་ཞི་བགྱི།། ཡུལ་རྣམས་ལ་ནི་ཕྱི་ཤོལ་མིན།། འཇིག་རྟེན་དེའི་བདག་ཉིད་དུ་ཤེས།། འགྲོ་བ་མི་རྟག་པར་ཤེས་ནས།། འདིར་ནི་བདག་ཡིད་དགའ་བ་མིན།། རྒ་དང་ན་དང་འཆི་བ་སྟེ།། གལ་ཏེ་འདི་གསུམ་མ་ཡིན། ་ནོ།། ཡིད་དུ་འོང་བའི་ཡུལ་རྣམས་ལ།། ཁོ་བོ་ཡང་ནི་དགའ་བར་འགྱུར།། གལ་ཏེ་བུད་མེད་རྣམས་ཀྱི་ལུས།། དེ་ཉིད་རྟག་པར་འགྱུར་ན་ནི།། སྐྱོན་ལྡན་འདོད་པ་རྣམས་ལ་ཡང་།། ཁོ་བོའི་སེམས་ནི་འདོད་ལ་ཕྱོགས།། གང་ཚེ ་འདི་དག་རྣམས་ཀྱི་གཟུགས།། རྒས་པས་འཐུང་བ་འབྱུང་འགྱུར་ཞིང་།། བདག་ཉིད་ཀྱི་ཡང་འདོད་མེད་ན།། རྨོངས་ལས་དེར་ནི་དགའ་བར་འགྱུར།། རྒ་དང་ན་དང་འཆི་བའི་ཆོས།། རྒན་འཆི་བའི་བདག་ཉིད་ཀྱིས།། སྐྱོ་བ་མེད ་པར་རོལ་པ་ནི།། རི་དགས་དང་ནི་བྱ་དང་མཚུངས།། བདག་ཉིད་ཆེན་པོ་འདི་རྣམས་ཀྱང་།། འདོད་པའི་བདག་ཉིད་ཅེས་སྨྲས་གང་།། རྨོངས་ལས་དོར་ནི་དགའ་བར་འགྱུར།། རྒ་དང་ན་དང་འཆི་བའི་ཆོས།། འདིར་ནི་སྐྱོ་བར་བྱ།། ་བཱ་སྟེ།། གང་ཚེ་དེ་རྣམས་ཀྱི་ཡང་ཚང་།། གང་དུ་ཙཱི་ལས་ཟད་པ་སྟེ།། བདག་ཉིད་ཆེན་པོར་མི་སེམས་ཏེ།། ཡུལ་རྣམས་ལ་ནི་ཆགས་པའམ།། སྦྱོར་མིན་བདག་ཉིད་ལྡན་ཉིད་ཀྱིས།། མཁས་པ་ཡིས་ཀྱང་དཔེ་བརྗོད་ཅིང་།། བདེན ་མིན་གྱིས་ཀྱང་བུད་མེད་ཀྱི།། སྐྱེ་ལ་ཞུགས་ཤེས་སྨྲས་པ་གང་།། དེ་མིན་བདག་གིས་ཤེས་མ་ཡིན།། གང་དུ་དྲུང་མིན་རྗེས་འཇུག་པ།། དེ་ལ་བདག་གི་སྲིད་པ་མེད།། དངོས་པོ་ཀུན་གྱི་ཚོགས་པ་དེ།། གལ་ཏེ་མེད་ན་སྨོད་པ ་ཤོག། མི་བརྟན་པ་ཡི་དད་པ་དང་།། སྐྱོན་དུ་མཐོང་བའི་ནུས་པ་ཡིས།། ཆ་ཌ་པ་སྐྱེས་པར་གྱུར་པའི་སེཾས།། བསླུ་བར་བྱ་བ་ཅི་ཞིག་ཡིན།། བུ་མེད་སྐྱེས་པའི་ཆ་གསྐྱེས་ཤིང་། བུད་མེད་སྐྱེས་པ་ཕན་ཚུན་དུ།། གལ་ཏེ་དེ་ལྟར་བསླུ་ན་ནི།། ལྟ་བར་ནུས་པ་ཉིད་མ ་ཡིན།། དེ་ལྟར་གྱུར་ན་སྡུག་བསྔལ་གྱིས།། ཉམ་ཐག་རྒ་འཆིའི་སྐལ་བ་ཅན།། བདག་ནི་འཕགས་མིན་འདོད་པ་ལ། སླུ་བར་འོས་པ་མ་ཡིནོ།། ཨེ་མ་ཤིན་ཏུ་བརྟན་ལ་སྟོབས་ལྡན་ཁྱོད་ཀྱི་སེམས།། འདོད་པ་གཡོ་བ་རྣམསུ་སྙིང་པོ ་མཐོང་གྱུར་ལ།། ཤིན་ཏུ་རྣོ་ཞིང་འཇིགས་པའི་ཡུལ་ལ་ཟོན་མཛད་ཅིང་།། རྒ་དང་རྒུད་པ་ནད་ཀྱི་འཇིགས་པ་རྣམ་སེམས་ཤིང་།། འགྲོ་བ་རྣམས་ནི་མེ་ཡིས་ཚིག་པ་བཞིན་ཐོས་ནས།། ཞི་བ་འཐོབ་མིན་བརྟན་མིན་དགའ་བ་ག་ལ་ཞིག། ་ཐེ་ཚོམ་མེད་པར་འཆི་ཞེས་རབ་ཏུ་ཤེས་པ་ཡི།། མི་རྣམས་གང་གི་སྙིང་ལ་ཆགས་པ་རབ་བསྐྱེད་པ།། དེ་ཡི་སེམས་ནི་ལྕགས་ལས་གྱུར་པར་ཤེས་པ་སྟེ།། འཇིགས་པ་ཆེ་ལ་ཆགས་པ་གང་ཞིག་དུ་བ་མེད།། དེ་ནས་གཞོན་ནུ ་ཡིས་ནཱི་འདོད་པ་རྣམས་ཀྱི་རྟེན།། འཇོམས་བྱེད་གཏམ་ནི་རྣམ་པར་ངེས་པའི་བདག་ཉིད་མཛད།། སྐྱེ་བོ་རྣམས་ཀྱི་མིག་གི་འགྲོ་བྱ་གསལ་བྱེད་ཀྱི།། དཀྱིལ་འཁོར་ས་འཛིན་རི་བོ་ལ་ནི་ནུབ་པར་གྱུར།། དེ་ནས་རྒྱས་སྲོག་ཕྲེང་བ་འབྲས ་མེད་འཛིན།། སྒྱུ་རྩལ་ཡོན་ཏན་གྱིས་དང་རབ་དགས་འབྲས་མེད་རྣམས།། རང་གི་སེམས་ལ་ཡིད་དཀྱོག་འདོད་པ་རྣམས་སྨད་ནས།། ཡིད་ལ་རེ་ཉམས་བུད་མེད་རྣམས་ནི་གྲོང་དུ་ཐལ།། དེ་ནས་གྲོང་ཁྱེར་སྐྱེད་མོས་ཚལ་སོང་སྐྱེ་བོའི ་དཔལ།། ལེགས་པར་བརྟགས་ནས་སྲོང་ལ་སོ་སོར་བརྟུལ་ཏེ་ཡང་།། ཐམས་ཅད་མི་རྟག་པར་གྱུར་རྣམ་པར་སེམས་བཞིན་དུ།། སླར་ཡང་མི་སྐྱོང་བདག་སྐྱེས་གྲོང་དུ་རྣམ་པར་ཞུགས།། དེ་ནས་དེ་ཡི་ཡོང་ནི་ཡུལ་ལ་རྣམ་པར་ཕྱིར ་ཕྱོགས་རྒྱལ་པོས་ཐོས་གྱུར་ནས། སྙིང་ལ་སོང་བའི་ཟུག་ལ་གླང་ཆེན་བཞིན་དུ་མཚན་མོ་དེ་ལ་གཉིད་མ་ལོག། དེ་ནས་སྔགས་མང་རྣམ་པ་སྣ་ཚོགས་ལ་མོ་རྣམས་ངག་གི་ཐང་ཆད་བློན་པོར་བཅས།། དེས་ནི་འདོད་པ་ལས་གཞན་སྲས་ཀྱི་བླ་ཡི ་ངེས་པ་གཟིགས་མ་གྱུར།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དང་གས་ཆེན་པོ་ལས། བུད་མེད་ཀྱིས་གླེགས་བྱས་པའི་ལེའུ་སྟེ་བཞི་པའོ།། ། དེ་ལྟར་ཡུལ་རྣམས་དམ་པའི་མཆོད ་པ་རྣམས་ཀྱིས་ནི།། སྲེད་དུ་བཅུག་ཀྱང་ཤཱཀྱའི་རྒྱལ་པོའི་སྲས་པོ་དེ།། དུག་བསྒོས་མངའ་ཡིས་སྙིང་ལ་ཕུག་པའི་སེང་གེ་བཞིན།། བདེ་བ་རྙེད་པ་མ་ཡིན་བརྟན་པར་གཤེགས་མ་གྱུར།། དེ་ནས་རེས་འགའ་ཞིག་ནཱ་བློན་པོའི་བུ་མཁས ་ཤིང་།། གྲོགས་གྱུར་སྣ་ཚོགས་གཏམ་གྱིས་རྗེས་སུ་འབྲངས་བྱས་པ།། ནགས་ཀྱི་ས་ལ་འགྲོ་འདོད་ལྟ་བར་འདོད་བུ་ཡིས།། མི་ཡི་ལྷ་ཡིས་རྗེས་སྣང་ཕྱི་རོལ་རབ་ཏུ་གཤེགས།། གསར་པའི་གསེར་གྱི་སྲབ་དང་དྲིལ་བུ་ཆུང་ངུ་དང་།། ་རབ་ཏུ་གཡོ་བའི་རྔ་ཡབ་མཛེས་པའི་གསེར་སྒྲ་དང་།། སྟན་བཅས་དམ་པའི་རྟ་ལྔ་མངོན་པར་ཞོན་ནས་ནི།། ཏོག་ལ་ལྗོན་དང་ཆུ་སྐྱེས་ཏོག་ཅན་བཞིན་དུ་གཤེགས།། དེ་ནི་མཆོག་ཏུ་རྣམ་པར་རྒྱང་རིང་ནགས་མཐའི་ས།། ནགས་ཚེལ་འདོད་དང ་ས་ཡི་ཡོན་ཏན་ལས་གཤེགས་ཏེ།། ཆུ་གཉེར་བཞིན་དུ་རྣམ་པར་བཀྲམ་པའི་བཤོལ་ལམ་ཅན།། ནོར་འཛིན་ས་ལ་ཞིང་དག་རྨོ་བ་གཟིགས་པར་གྱུར།། གཤེལ་གྱིས་ཕྱ་ལ་ཞང་དག་རྨ་བ་གཟིགས་པར་གྱུར།། གཤོལ་གྱིས་ཕྱེ་ལས ་རྣམ་བཀྲམ་རྩ་མྱུག་ཀུ་ཤ་དང་།། ཤོ་གྱུར་འབུ་སྲིན་སྲོག་ཆགས་ཕྲ་མོས་ཁྱབ་པ་སྟེ།། རྣམ་པར་དེ་འདྲའི་ས་དེ་ཡང་དག་མངོན་གཟིགས་ནས།། རང་གི་སྐྱེ་བོ་གསད་པ་ལ་བཞིན་མྱ་ངན་གྱུར།། ཞིང་དག་རྨོ་བའི་སྐྱེས་བུ་རྣམས་ནི་རྣམ་གཟིགས་པ ་རླུང་གིས་གཏོར་བའི་རྡུལ་གྱིས་རྣམ་འགྱུར་ཁ་དོག་ཅན།། ཁུར་བས་ཐང་ཆང་རྣམ་པར་འཁྲུགས་པའི་གླང་རྣམས་ལ།། འཕགས་པ་མཆོག་གི་མཆོག་ཏུ་བརྩེ་བའི་སྙིང་རྗེ་མཛད།། དེ་ནས་མགྱོགས་འགྲོའི་རྒྱབ་ནས་དྲལ་བུས་བབས་ནས ་ནི།། ས་ལ་རྣམ་པར་རྒྱུ་ཞིང་མྱ་ངན་དང་ལྡན་པ།། སྐྱེ་བོ་དག་གི་སྐྱེ་དང་འགོད་པ་རྣམ་སེམས་ཤིང་།། ངེས་པར་བཀྲེན་པ་འདི་བ་ཞེས་སྨྲས་ཤིང་ཉམ་ཐག་གྱུར།། བསམ་པ་ཡིས་ཀྱང་རྣམ་པར་དབེན་པ་མངོན་བཞེད་ཅིང་།། རྗེས་སུ་འོངས་པའི ་མཛའ་བཤེས་དེ་རྣམས་ཕྱིར་བཟློག་ནས།། ཀུན་ནོས་མངོན་པོར་གཡོ་ཞིང་མཛེས་པའི་ལོ་འདབས་ཅན།། འཛམ་བུའི་རྩ་བ་སྐྱེ་བོ་མྱེད་པར་དེ་གཤེགས་སོ།། རིན་ཆེན་བཻ་ཌཱུཪྵ་དང་མཚུངས་པའི་རྩ་འཇམ་ཅན།། གཙང་མར་ལྡན་པའི ་ས་གཞི་དེར་ནི་དེ་ཞུགས་ཏེ།། འགྲོ་བའི་སྐྱེ་བ་དང་ནི་འགོད་པ་རྣམ་སེམས་ཤིང་།། ཡི་བཱ་ནི་གནས་ཤིང་བརྟན་པའི་ལམ་ལ་དམིགས་པའོ།། ཡུལ་ལ་འདོད་སོགས་སེམས་ཀྱི་ནང་ལས་རྣམ་གྲོལ་བའི།། སེམས་གནས་པ་ནི་དེ་མ་ཐག་ཏུ་ཐོབ་གྱུར ་ལ།། བསམ་གཏན་དང་པོ་ཟག་པ་མེད་པའི་རབ་སྐྱོང་བ།། རྟོག་པ་དཔྱོད་པ་དང་བཅས་ཞི་བ་ཐོབ་པར་གྱུར།། རྣམ་པར་དབེན་པ་ལས་སྐྱེས་ཐོབ་ནས་དེ་ནས་ནི།། མཆོག་ཏུ་དགའ་བའི་བདེ་བ་སེམས་ཀྱི་ཏིང་ངེ་འཛིན།། ཡིད་ཀྱིས་འཇིག་རྟེན་འགྲོ ་བ་ཡང་དག་རབ་བརྟགས་ནས།། འདི་ཉིད་དེ་ནས་གཞན་ནི་རབ་ཏུ་རྟོགས་པར་གྱུར།། ཀྱེ་མ་སྐྱེ་བོ་བཀྲེན་པ་གང་ཞིག་རང་དབང་ནི།། ཡོད་མིན་རྒ་དང་ན་དང་རྣམ་པར་ཉམས་པའི་ཆོས།། ནད་པ་དང་ནི་ཤི་དང་རྒ་བས་ཉམ་ཐག་གམ།། གཞན་ལ ་རྒྱགས་པས་ལོང་ཞིང་ཤེས་པ་མེད་པས་སློད།། འདིར་ནི་གལ་ཏེ་བདག་གིས་རང་དང་མཚུངས་གྱུར་པ།། གཞན་གྱི་རང་བཞིན་དག་ལ་དེ་ལྟར་སྨོད་པ་ནི།། མཆོག་གི་ཆོས་འདི་རྣམ་པར་རྟོག་པ་ཁོ་བོ་ཡི།། མཚུངས་པར་གྱུར། ་པ་མ་ཡིན་ནུས་པའང་གཞན་མེད་དོ།། འགྲོ་བའི་རྒྱུ་དང་ན་དང་རྒུད་པའི་ཉེས་པ་རྣམས།། དེ་ལྟར་ཇི་ལྟ་བ་བཞིན་རྣམ་པར་གཟིགས་ཏེ་ཡི།། སྟོབས་དང་ལང་ཚོ་དང་ན་སྲོག་ལ་རབ་ཞུགས་པའི།། བདག་ཏུ་གྱུར་པའི་རྒྱགས་པ་སྐད་ཅིག་གིས་མེད་ཀྱུ། ་དེ་ནི་དགའ་བ་མེད་ཅིང་རྗེས་སུ་གདུང་མེད་ལ།། ཐེ་ཚོམ་སོམ་ཉིད་མ་གྱུར་གཉིད་དང་རྨུགས་པ་མེད།། འདོད་པའི་ཡོན་ཏན་རྣམས་ལ་ཡང་དག་མ་ཆགས་ཤིང་།། གཞན་ལ་རྣམ་པར་སྡང་བར་མ་གྱུར་ཕྱི་ཤོལ་མེད།། དེ་ལྟར་བདག་ཉིད་ཆེན་པོ ་དེ་ཡི་རྡུལ་མེད་ཅིང་།། རྣམ་པར་དག་པའི་བློ་གློས་འདི་ནི་འཕེལ་གྱུར་ལ།། སྐྱེས་བུ་གཞན་དག་རྣམས་ཀྱིས་མཐོང་བར་མ་གྱུར་པའི།། དགེ་སློང་ཆ་ལུགས་ལྡན་པའི་སྐྱེས་བུ་ཉེ་བར་འོངས།། སུ་ཞིག་ཡིན་པ་སྨོས་ཞེས་མི་ཡི་ལྷ་སྲས་ཀྱིས།། དེ་ལ ་མངོན་པར་དྲིས་གྱུར་དེ་ལ་དེས་སྨྲས་པ།། མི་ཡི་སྐྱེས་མཆོག་སྐྱེ་དང་འཆི་བས་འཇིགས་པ་ཡིས།། ཐར་པའི་ཕྱིར་ནི་རབ་ཏུ་ཞུགས་པའི་དགེ་སྦྱོང་ཡིན།། བདག་ནི་འགྲོ་བཟོད་པའི་ཆོས་ནི་ཐུར་འདོད་ཅིང་།། དགེ་ཞིང་འགྱུར་བ་མེད་པའི་གནས་དེ་ཚོལ ་བ་སྟེ།། ཡུལ་རྣམས་ལ་ནི་ཆགས་པའི་ཉེས་པོ་ཕྱིར་ལོག་པའོ།། སྐྱེ་བོ་མེད་པའི་གནས་ཁང་དང་ནི་རི་འམ་ནགས།། ཤིང་གི་རྩ་བ་འགའ་ཞིག་ཏུ་ནི་གནས་པ་ཡི།། དོན་དམ་ཕྱིར་ནི་ཇི་ལྟར་ཉེར་ལྡན་སློང་མོ་བ།། སྲེད་བྲལ་ཡོངསུ་འཛིན་པ ་མེད་པར་རྣམ་པར་རྒྱུ།། དེ་ལྟར་གཟིགས་པའི་རྒྱལ་པོའི་སྲས་པོ་དེ་ཉིད་ལ།། འདི་སྐད་སྨྲས་ནས་ན་མཁའ་ལ་ནི་གཤེགས་པར་གྱུར།། དེ་ནི་དེ་ཡི་ལུས་ཀྱིས་སངས་རྒྱས་གཞན་གཟིགས་ཤིང་།། ལྷ་ན་གནས་པ་དེ་ཡི་དྲན་པའི་ཆེད་དུ ་འོངས།། མཁའ་ལ་མཁ་འགྲོ་བཞིན་དུ་གཤེགས་པ་དེ་ལ་ནི།། མི་མཆོག་ཡང་དག་དགའ་བར་གྱུར་ཅིང་ཡ་མཚན་གྱུར།། དེ་ནས་ཆོས་ཀྱི་འདུ་ཤེས་ཉེ་བར་ཐོབ་གྱུར་ནས།། མངོན་པར་ངེས་འབྱུང་ཆོ་ག་ལ་ནི་བློ་གྲོས་མཛད།། དེ་ནས ་དབང་པོ་དང་མཉམ་དབང་པོའི་རྟ་ཐུལ་བ།། གྲོང་ལ་རབ་ཏུ་འཇུག་འདོད་རྟ་ལ་རབ་འཇིགས་ཤིང་།། འཁོར་གྱི་སྐྱེ་བོ་དག་ཀྱང་མངོན་པར་འདོད་པ་སྟེ།། དེ་ཉིད་ཕྱིར་ན་མངོན་འདོད་ནགས་ནི་མ་བསྟན་ཏོ།། དེ་ནི་རྒ་དང་འཆི་བ་ཟད་པར ་བྱེད་འདོད་པ།། ནགས་སུ་གནས་ཕྱིར་བློ་གྲོས་དྲན་པ་ལྔ་བཟུང་ནས།། གཉིས་འཐུང་དབང་པོ་ནགས་ཀྱིས་ནས་གྲོང་དུ་ལྟར།། འདོད་པ་ལས་མིན་གྲོང་ལ་སླར་ཡང་རབ་ཏུ་ཞུགས།། དེ་ནི་ཡང་དག་མཐོང་ནས་ཤཱཀྱའི་བུ་མོ་ཞོག། རབ ་ཞུགས་ལམ་ན་ཐལ་མོ་སྦྱར་བ་དང་བཅས་ཤིང་།། ཀྱེ་མ་སྤྱན་ཡངས་གང་གིས་བདག་པོ་འདི་འདྲ་འདིར།། མོ་དཾ་བདེ་མ་མྱ་ངན་འདས་མ་ཞེས་སྨྲས་སོ།། དེ་ནས་དབྱངས་འདི་སྤྲིན་ཆེན་དབྱངས་དང་ལྡན་པ་ཡི།། ཡོངསུ་ཐོས ་ནས་མཆོག་ཏུ་ཞི་བ་རྙེད་གྱུར་ལ།། མྱ་ངན་འདས་ཞེས་སྒྲ་སྐད་ཐོས་པ་དང་ལྡན་དེས།། ཡོངསུ་མྱ་ངན་འདའ་བའི་ཆོས་གར་བློ་གྲོས་མཛད།། དེ་ནས་གསེར་གྱི་རི་བོའི་རྩེ་མོའི་སྐུ་མངའ་ཞིང་།། གློང་ཆེན་ཕྱག་དང་འབྲུག་གི་སྒྲ་དབྱངས ་ཁྱུ་མཆོག་སྤྱན།། སེང་གེའི་སྟོབས་དང་རི་བོང་ཅན་གྱི་ཞལ་མངའ་བས།། མི་བཟད་ཆོས་ལ་ཆགས་སྐྱེས་ཕོ་བྲང་རབ་ཏུ་ཐོབ།། དེ་ནས་མཐོ་རིས་དག་ན་ལྷ་ཡི་མདུན་ས་རུ།། ལྷ་དབང་འབར་བ་ལ་ནི་ཀུན ་འགྱེད་གཞོན་ནུ་བཞིན།། བློན་པོའི་ཚོགས་ཀྱིས་ཉེ་བར་བསྙེན་པའི་མི་བདག་ལ།། རི་དགས་དབང་པོའི་འགྲོས་དང་ལྡན་པ་མངོན་པར་གཤེགས།། རབ་ཏུ་བཏུད་ནས་ཐལ་མོ་དང་བཅས་སྨྲས་གྱུར་པ།། མི་དབང་བདག་ལ ་ལེགས་པར་རྗེས་སུ་གནང་བ་བྱིན།། ངེས་པར་སྐྱེ་བོ་འདི་ནི་རྣམ་པར་འབྲལ་བ་སྟེ།། ཐར་པའི་ཆེད་དུ་ཡོངསུ་རྣམ་པར་གཤེགས་པར་བགྱི།། དེ་ལྟར་དེའི་ཚིག་ངེས་པར་ཐོས་ནས་རྒྱལ་པོ་ནི།། ལག་ལྡན་གྱིས་ནི་མངོན་བསྣུན ་ལྗོན་པ་ལྟར་གཡོས་ཤིང་།། ཀ་མ~ཾ་ལ་དང་རབ་མཚུངས་ཐལ་མོ་དག་བཟུང་ནས།། མཆི་མ་དང་ནི་གྲེ་བ་ཁ་ཞིང་ཚིག་འདི་སྨྲས།། བརྩེ་བའི་བློ་གྲོས་འདི་ནི་རབ་ཏུ་ཐོང་མཛོད་ཅིག། ཁྱེད་ཀྱི་ཆོས་ལ་བསྙེན་པའི་དུས་ནི་མ་ཡིན ་ཏེ།། ན་ཚོད་དང་པོ་དང་ནི་བློ་གྲོས་གཡོ་བ་ན།། ཆོས་ཀྱི་སྤྱོད་པ་གསུངས་པ་རྣམས་ནི་སྐྱོན་མང་ངོ་།། ཡུལ་རྣམས་སུ་ནི་དབང་པོ་ཡ་མཚན་གློ་བུར་ཞིང་།། བརྟུལ་ཞུགས་གཡོ་བ་རྣམསུ་ངེས་པར་ནུས་མེད་ལ།། ཁྱད་པར་དུ་ནི ་དབེན་པར་མངོན་པར་མི་ཤེས་པ།། དར་ལ་བབ་པའི་ཡིད་ནི་དགོན་པ་ནས་གཡོའོ།། མཚོན་གྱུར་ཁྱོད་ལ་ཕུན་སུམ་ཚོགས་པ་གཏད་ནས་ནི།། ཁོ་བོ་ཡི་ཡང་ཆོས་དགའ་ཆོས་ཀྱི་དུས་ཡིན་ཏེ།། རྣམ་པར་གནོན་པ་བརྟན་པ་རྣམ ་པར་གནོན་པ་ཡིས།། བླ་མ་སྤངས་ནས་ཁྱོད་ཀྱི་ཆོས་ཀྱིས་ཆོས་མ་ཡིན།། དེ་ཕྱིར་ཁྱོད་ཀྱིས་ནན་ཏན་ངེས་པ་འདི་དོར་ལ།། ཁྱོད་ནི་རེ་ཞིག་ཁྱིམ་གནས་ཆོས་ལ་དགའ་བར་གྱིས།། དར་ལ་བབ་པས་བདེ་བ་རྣམས་ནི་ལོངས་སྤྱད་ནས།། ་སྐྱེས་བུའི་དཀའ་ཐུབ་ནགས་སུ་འཇུག་པ་ཉམས་དགའོ།། དེ་ལྟར་རྒྱལ་པོའི་ཚིག་འདི་རྣམ་པར་གསན་ནས་ནི།། ཀཱ་ལ་པིང་ཀའི་དབྱངས་ཀྱིས་ལན་ནི་སྨྲས་པ་སྟེ།། རྒྱལ་པོ་གལ་ཏེ་བདག་གི་ཁས་ལེན་བཞི་རྣམས།། ཁྱོད་ཀྱིས་འགྱུར་ན ་དཀའ་ཐུབ་ནགས་ནི་མི་བསྙེན་ཏོ།། བདག་གི་སྲོག་ནི་འཆི་བ་ཉིད་དུ་མི་འགྱུར་ཞིང་།། བདག་གི་རང་གནས་གྱུར་འདི་ནད་ཀྱིས་མི་འཕྲོག་ལ།། བདག་གི་ལང་ཚོ་རྒས་པ་ཡིད་ནི་མཱི་གཡེང་ཞིང་།། ཕུན་སུམ་ཚོགས་པ་འདི་ནི་རྒུད་པས་མ་གཏོར ་ནཱའོ།། དེ་ལྟར་སྙེད་པར་དཀའ་བའི་དོན་སྨྲས་གྱུར་པ་ཡི།། སྲས་པོ་ལ་ནི་ཤཱཀྱའི་རྒྱལ་པོས་ཚིག་སྨྲས་པ།། ཤིན་ཏུ་རབ་ཏུ་ཞུགས་པའི་བློ་འདི་ཐོང་མཛོད་ཅིག། ཤིན་ཏུ་ཡིད་ལ་རེ་བ་འཕྱ་ཞིང་ཤ་ཐང་འཆད།། དེ་ནས་ལྷུན་པོ་ལྟར ་ལྕིས་བླ་མ་ལ་སྨྲས་པ།། གལ་ཏེ་རིམ་པ་དེ་དག་མེད་དེ་ཤོལ་མི་ཐེབས།། འབར་བའི་མེ་ཡིས་ཚིག་པའི་ཁང་པ་ནས།། ཕྱི་རོལ་འབྱུང་བར་འདོད་པ་འཛིན་པར་ནུས་མ་ཡིན།། གང་གི་ཚེ་ན་འགྲོ་བ་ངེས་པར་འབྲལ་བ་སྟེ།། ཆོས་ཕྱིར ་མ་ཡིན་འདི་ནི་རྣམ་པར་འབྲལ་བར་མཆོག། འོ་ན་བདག་ལ་འཆི་བས་དབང་མེད་འབྲལ་བྱེད་ཅིང་།། རང་གི་དོན་མ་བྱས་ཤིང་ཚིམ་པ་མ་ཡིན་ཉིད།། དེ་ལྟར་མཐར་བཞེད་སྲས་པོ་དེ་ཡིས་ངེས་པ་ནི།། ས་ཡིས་བདག་པོ་ཡིས་ནི་ངེས་པར་ཐོས ་ནས་ནི།། འགྲོ་བར་མི་བྱ་ཞེས་ནི་མངོན་པར་བརྗོད་ནས་སུ།། སླར་ཡང་བསྲུང་བ་དག་ནི་འདོད་པ་མཆོག་རྣམས་མཛད།། དགའ་ཞིང་ཞི་བ་སྔོན་འགྲོ་བཀུར་སྟི་མང་པོ་ལས།། བློན་པོ་རྣམས་ཀྱིས་ཇི་ལྟ ་བ་བཞིན་དཔེ་བསྐྲུན་ཅིང་།། བླ་མས་མཆི་མ་ལྷུང་བ་རྣམས་ཀྱི་ཤོལ་བཏབ་སྟི།། དེ་ནས་དེ་ནི་མྱ་ངན་བཞིན་དུ་ཁྱིམ་ལ་ཞུགས།། ནཱ་ལུང་འཁྱིལ་བུ་གཡོ་བས་འོ་བྱས་གདོང་ལྡན་མ།། དབུགས་རླུང་སྟུག་པོས་རྣམ་པར་བསྐྱོད་པའི་ནུ་མ་ཙན།། ་བརྟན་པ་མིན་པའི་མིག་ལྡན་བུད་མེད་རྣམས་ཀྱིས་ནི།། རི་དྭགས་མོ་རྣམས་ཀྱིས་བཞིན་མངོན་པར་གྱེན་དུ་ལྟ།། གསེར་གྱི་རི་བོ་དང་འདྲ་དཀར་སེར་མདོག་དེ་ནི།། ཡན་ལག་མཆོག་མ་རྣམས་ཀྱི་སྙིང་ནི་མྱོས་མཛད་ཅིང་།། ངག་དང་རེག ་བྱ་དང་ནི་ལུས་དང་ཡོན་ཏན་གྱིས།། ཐོས་བྱེད་ལུས་དང་ལྟ་བྱེད་བདག་གི་དངོས་རྣམས་ཕྲོག། ཉིན་མོ་རྣམ་པར་ཐལ་ཚེ་དེ་ནས་ཁང་བཟངས་ལ།། ལུས་ཀྱིས་ཉི་མ་བཞིན་དུ་མངོན་པར་གསལ་བ་ནི།། རབ་རིབ་རྣམ་པར་འཇོམས་འདོད་བདག ་ཉིད་སྣང་བ་ཡིས།། ཉི་མ་ཤར་བ་ལྷུན་པོ་ལ་བཞིན་ཀུན་ནས་འཛེགས།། གསེར་གྱིས་འབར་ཞིང་གསལ་བའི་སྒྲོན་མའི་ཤིང་དང་ནི།། ཨ་ཀ་རུ་མཆོག་ནག་པོའི་བདུག་པས་གང་བའི་ལྟོར།། མངོན་པར་འཛེགས་ནས་རྡོ་རྗེས་སྤྲས ་ཤིང་སྣ་ཚོགས་པ།། རབ་མཆོག་གསེར་གྱི་བཞུགས་གདན་ལ་ནི་བསྙེན་པའོ།། ཟླ་བ་ལྟར་དཀར་གངས་དང་ལྡན་པའི་རྩེ་མོ་ན།། ནོར་དབང་བདག་ཉིད་སྐྱེས་ལ་ལྷ་མོའི་ཚོགས་འདུས་བཞིན།། དེ་ནས་ལུས་མཆོག་མ་རྣམས ་དབང་པོ་དང་མཚུངས་མཆོག། དེ་ལ་མཚན་མོར་སིལ་སྙན་རྣམས་ཀྱི་ཉེ་བར་གནས།། མཆོག་རབ་ལྷ་ཡི་སིལ་སྙན་འདྲ་བ་རྣམས་ཀྱིས་ཀྱང་།། དེ་ཡང་དེ་ཡིས་བསྐྱེད་པར་མ་གྱུར་དགའ་བ་མེད།། དམ་པའི་དོན་གྱི་བདེ་ཕྱིར་ལེགས ་པ་དེ་ཡི་ནི།། མངོན་པར་ངེས་པར་འབྱུང་འདོད་གང་ལ་དགའ་མ་གྱུར།། དེ་ནས་དེར་ནི་བརྟུལ་ཞུགས་མཆོག་གྱུར་འོག་མིན་གྱི།། ལྷ་རྣམས་ཀྱིས་ནི་འདི་ཡི་ངེས་པོ་རྟོགས་ནས་ནི།། ལུས་ཀྱི་རྣམ་འགྱུར་རྣམ་པར་འགྱུར་བྱས་དུས ་གཅིག་ལ།། མོས་པའི་སྐྱེ་བོ་རྣམས་ནི་གཉིད་དུ་འགྲོ་བར་བྱས།། དྲི་ལ་ཁ་ཅིག་དགའ་བ་ཡིན་ཡང་འཁྲོས་པ་བཞིན།། པང་དུ་སོན་པའི་གསེར་གྱི་སྣོད་ན་སྣ་ཚོགས་པའི།། པི་ཝང་རྣམ་པར་སྤངས་ནས་ལག་པ་གཡོ་བ་ལ།། འགྲམ ་པ་རྣམ་པར་བཀོད་ནས་ཉུལ་བར་གྱུར་པའོ།། འཁྱོག་མིན་བུམ་པའི་ཕྲེང་བ་སྒྲ་སྒྲོགས་པདྨ་དང་།། ཆུ་བོའི་དོག་ན་ཆུ་སྦུར་རབ་ཏུ་རྒོད་པ་བཞིན།། གཞན་རྣམས་ནུ་མར་རྣམ་ཉིལ་དཀར་པོའི་དར་གོན་ཞིང་།། གླིང་བུ་ལག་པར་འབྱར་ཞིང ་གཉིད་ལོག་རྣམ་པར་མཛེས།། དེ་བཞིན་གཞན་རྣམས་པདྨ་གསར་པའི་སྙིང་པོ་ལྟར།། འཇམ་ཞིང་གདུང་བྱཱ་གྷསེར་གྱིས་བྱབར་བའི་དཔུང་བརྒྱ་ནཱ་ནི།། འདུས་པའི་ལག་པ་དག་གིས་དགའ་བ་བཞིན་དུ་ནི།། རྫུ་རྔ་ཉིད་ནི་ཡོངསུ་འཁྱུད་ནས ་གཉིད་ལོག་གྱུར།། དེ་བཞིན་གཞན་ནི་གསར་པོའི་གསེར་གྱིས་རྣམ་བརྒྱན་ཅིང་།། བགོ་བའི་གོས་ནི་སེར་པོ་མཆོག་དག་གོན་པ་སྟེ།། ཀར་ནི་ཀ་རོའི་ཡལ་ག་གླང་པོས་བསྒྱེལ་བ་བཞིན།། དབང་མེད་པར་ནི་སྡུག་མ་གཉིད་ཀྱིས་འགྱེལ ་བར་གྱུར།། དེ་བཞིན་གཞན་ནི་སྐུར་ཁུང་ལོགས་ལ་སྦས་ནས་ནི།། ཉལ་བར་གྱུར་པའི་ལུས་ཀྱི་མཆོད་སྡོང་རྣམ་འཁྱོག་པ།། རྟ་བབས་ལ་ནི་ཤཱ་ཡ་བྷན་ཛཱ་ཀྲ་བཞིན་དུ།། མཛེས་པའི་དོ་ཤལ་རྣམ་པར ་འཕྱང་བ་རྣམ་པར་མཛེས།། དེ་བཞིན་གཞན་གྱི་ཞལ་གྱི་པདྨ་རྣམ་རྒྱས་ཤིང་།། འགྲམ་པའི་ལོགས་ལ་ནོར་བུའི་རྣ་ལུང་གིས་དམུགས་པ།། མདབ་མ་བརྒྱ་པའི་སྡོང་བུའི་ཕྱེད་ནི་ཁྱོག་པ་ལ།། གནས་པའི་ཀ་རི་ཎ་ཌ་བས་སྤྱོད ་བཞིན་གཡོས་པར་གྱུར།། གཞན་ནི་ཇི་ལྟར་རྣམ་པར་ཞུགས་བཞིན་གཉིད་ལོག་ཅིང་།། ནུ་མའི་ཁུར་གྱིས་མངོན་པར་དུད་པའི་ལུས་པོ་རྣམས།། ལག་པོའི་ཞུགས་པ་གསེར་གྱི་གདུ་བུ་ཅན་རྣམས་ཀྱིས།། ཕན་ཚུན་ཉེ་བར ་འཁྱུད་ནས་རྣམ་པར་གནས་ཏེ་མཛེས་པའོ།། རྣམ་པར་གཡོ་ཞིང་བསྐྱོད་པའི་གསེར་གྱི་སྐུད་པ་ཅན།། རྣ་བའི་ཤོག་དྲིལ་ཀུན་ནས་འཁྲུགས་པའི་གདོང་གིས་ནི།། ཡོངས་སུ་སྨྲ་ལྡན་པི་ཝང་ཆེན་པོ་འཁྱུད་ནས་ནི།། བུད་ཁ་ཅིག་གྲོགས ་མོ་བཞིན་དུ་གཉིད་ལོག་གོ།། ལང་ཚོ་མ་གཞན་ལག་པའི་དཔུང་པའི་ཡུལ་ལས་ནི།། ཀུན་ནས་རྣམ་འཕྱང་མཛེས་པའི་ལོག་ཅན་པ་ཎ་ཝ།། སྒེག་བཅས་དགའ་བའི་མཐར་ནི་ཐང་ཆད་སྡུག་པ་བཞིན།། བརླ་གཉིས་དག་ནི་དབུས་སུ ་བླངས་ནས་ཉལ་བའོ།། རབ་ཏུ་ཡང་དག་འཁུམས་གྱུར་པདྨ་དམར་པོའི་མཛོད།། ཉི་མ་ནུབ་པར་གྱུར་ཚེ་རྫིང་བུ་རྣམས་ཇི་ལྟར།། རྣམ་རྒྱས་མིག་དང་མཛེས་པའི་སྨིན་མ་ཡོད་ན་ཡང་།། གཞན་རྣམས་མིག་རྣམས་བཙུམས ་ཤིང་མཛེས་པར་མ་གྱུར་ཏོ།། དེ་བཞིན་གཞན་ནི་མགོ་སྐྱེས་ལྷོད་པ་ལས་འཁྲུགས་ཤིང་།། རྒྱུན་དང་དར་རྣམས་དཔྱི་ལ་རྣམ་ཉིལ་དེ་རྣམས་ནི།། ཡན་ལག་མ་ཡི་གཟུགས་བརྙན་གླང་པོས་བཅོམ་པ་བཞིན།། མགྲིན་པའི་སྐུད་པའི་ངོ ་ཤལ་རྣམ་པར་བཀྲམ་ཞིང་ཉལ།། བརྟན་ལྡན་ལུས་ནི་སྟོན་རྣམས་དང་ལྡན་ན་ཡང་།། གཞན་རྣམས་ཀྱང་ནི་དབང་མེད་ངོ་ཚས་རྣམ་སྤངས་ཤིང་།། རྣམ་པར་འགྱུར་ཞིང་སྐྱོང་པའི་ཡན་ལག་གྱ་གྱུ་དང་།། དབུགས་ནི་རྣམ་པར་རྒྱུ་ཞིང ་ལུས་པོ་གསལ་བར་གཉིད།། གཞན་ནི་རྒྱན་དང་མེ་ཏོག་ཕྱེང་བ་རྣམ་བྲུལ་ཞིང་།། མདུད་པའི་གོས་རྣམས་རྣམ་པར་ཉིལ་གྱུར་འདུ་ཤེས་མེད།། བཙུམས་པ་མ་ཡིན་དཀོར་པོ་གཡོ་བ་དང་བྲལ་མིག། སྲོག་སོང་རོ་ལྟར་ཉལ་བ་རྣམ ་པར་མཛེས་མ་གྱུར།། ཁ་སྦྱར་རྣམ་པར་གདངས་ཏེ་ལུས་པོ་རཱ་བ་བརྐྱང་ཞིང་།། ཁ་ཡི་ཆུ་ནཱི་རབ་འཛག་གསང་བ་རྣམ་རབ་གསལ།། གཞན་མ་དག་ནི་ཆང་གྲིས་འཁྲུལ་པར་གྱུར་པ་ཉིད།། ལུས་རྒྱས་རྣམ་པར་འགྱུར་བར་གཉིད་ལོག ་མཛེས་མ་གྱུར།། དེ་ལྟར་སེམས་པ་དང་ནི་རིགས་ཀྱི་རྗེས་འགྲོའི་གཟུགས།། རྣམ་པ་སྣ་ཚོགས་རབ་མྱོས་སྐྱེ་བོ་དེ་ཉལ་བ།། རླུང་གི་ཀུན་ནས་བསྐྱོད་གྱུར་གསེར་གྱི་པདྨ་ཡི།། རྫིང་བུ་དང་ནི་མཚུངས་པའི་གཟུགས་ནི་མཛེས་པར་གྱུར།། ་དེ་ལྟར་རྣམ་པར་འགྱུར་ལ་བརྟན་མིན་སྤྱོད་པ་ཅན།། དེ་ལྟར་ཉལ་བའི་ལང་ཚོ་ལྡན་མ་དེ་མཐོང་ནས།། ལུས་ནི་ཡོན་ཏན་ལྡན་ཞིང་སྨྲ་བ་ཡིད་འོད་ཡང་།། མི་སྦྱོང་སྲས་པོ་དེས་ནི་རྣམ་པར་སྨད་པར་གྱུར།། མི་གཙང་རྣམ་པར་འགྱུར ་བ་གསོན་པའི་འཇིག་རྟེན་ཏེ།། བུད་མེད་རྣམས་ཀྱི་རང་གི་ངོ་བོ་འདི་འདྲ་བ།། བགོ་བ་རྣམས་ཀྱང་བརྒྱན་རྣམས་ཀྱིས་ཀྱང་སླུ་བ་སྟེ།། བུད་མེད་རྣམས་ཀྱིས་ཡུལ་ལ་སྐྱེས་པ་ཆགས་པར་འགྲོ།། གལ་ཏེ་སྐྱེས་པས་བུད་མེད ་རྣམས་ཀྱི་རང་བཞིན་ནི།། རྨི་ལམ་རྣམ་པར་འགྱུར་བ་བཞིན་དུ་རྣམ་དཔྱད་ན།། ངེས་པར་འདི་རཱི་བག་མེད་འཕེལ་བ་མ་ཡིན་ལོ།། འོན་ཀྱང་ཡོན་ཏན་རྟོག་པ་བཅོམ་སྟེ་ཆགས་པར་འགྲོ།། དེ་ལྟར་དེ་ཡི་གོ་སྐབས་རྣམ་པར་རིག་ནས་ནི།། མཚན་མོར ་ཕྱི་རུ་འགྲོ་འདོད་ཡང་དག་སྐྱེས་པར་གྱུར།། འདི་ཡིས་སེམས་ནི་ཀུན་ནས་རྟོག་ནས་དེ་ནས་ནི།། ལྷ་རྣམས་དྲག་གིས་ཁང་པའི་སྒོ་ནི་ཕྱེ་བར་གྱུར།། དེ་ནས་ལྗང་ཚོ་ལྡན་མ་ཉལ་བ་དེ་རྣམས་ནི།། སྨད་ཅིང་དེ་ནི་ལྡིང་ཁང་ལོགས་ནས་བབྱས་པ་སྟེ།། མངོན ་པོར་བབས་ནས་དེ་ནས་སོམ་ཉི་རྣམ་བྲལ་བར།། ཁང་པའི་རིམ་པ་དང་པོར་ཕྱི་རུ་རྣམ་པར་གཤགས།། དེ་ནི་མགྱོགས་འགྲོ་བསྲུང་ལ་གོ་བར་བྱས་ནས་ནི།། སྐྱེན་པར་འདུན་པ་ལ་ནི་འདི་སྐད་ཅེས་སྨོས་སོ།། བསྡིགས་ལྡན་རྟ་ནི་ཁྱེར་ཤོག་མྱུར་བ་དང ་ལྡན་པས།། བདུད་རྩི་ཐོབ་ཕྱིར་འདི་ལས་དི་རིང་བདག་སྐོམ་མོ།། བདག་གི་སྙིང་ལ་དེ་རིང་ཚིམ་པ་སྐྱེས་གྱུར་ཅིང་།། ངེས་པ་ཡང་སྟེ་ཏྲི་ལྟར་བློ་གྲོས་ལ་ཞུགས་ལ།། སྐྱེ་བོ་མེད་པ་ལ་ཡང་མགོན་དང་ལྡན་པ་སྟེ།། ངེས་པར་འདོད་པའི་དོན་ནི ་མངོན་དུ་ཕྱོགས་པར་འདུ།། ངོ་ཚ་ཉིད་དང་ཡང་དག་འདུད་པ་སྤངས་ནས་ནི།། ལང་ཚོ་མ་རྣམས་བདག་གི་གདོང་དུ་ཇི་བཞིན་ཉལ།། སྒོ་ནི་རང་བཞིན་ཇི་ལྟར་རྣམ་པར་བྱེ་བ་ལ།། ངེས་པར་བདག་ནི་འདི་ནས་དི་རིང་འགྲོ་བའི་དུས།། མི་དབང་བསྟན་པའི ་དོན་ནི་རྣམ་པར་རིག་ན་ཡང་།། ཇོ་བོ་བཀའ་ལུང་དེས་ནི་དེ་ནས་རབ་བཟུང་ནས།། ཡིད་ལ་ཕ་རོལ་པོ་ཡིས་ཡང་དག་བསྐུལ་བ་བཞིན།། མགྱོགས་འགྲོ་ཁྱེར་ཏེ་འོང་བ་ལ་ནི་བློ་གྲོས་བྱས།། དེ་ནས་གདོང་གི་གསེར་གྱི་སྲབ་ཀྱིས་གང་བ། ་སྟེ།། རྒྱབ་ན་ཡང་བའི་སྟན་གཡོགས་དག་གིས་ཉེ་བར་གཡོགས།། སྟོབས་དང་སེམས་དཔའ་མགྱོགས་དང་རྗེས་འགྲོ་ཉེར་ལྡན་པ།། དེ་ཡིས་རྟ་མཆོག་དེ་ལ་དིར་ནི་ཉེ་བར་འོངས།། སྔ་མུའི་རྩ་བ་རྩིབ་ལོག་གསུམ་ག་རབ་རྒྱས་ཤིང་།། རྒྱབ་དང་། ་རྣ་བ་ལུས་སྐྱེས་སྤུ་ནི་ཐུང་ཞིང་དུལ།། རྒྱབ་ཀྱི་སྒྲིབ་མ་དག་ནི་དུད་ཅིང་རྣམ་རྒྱལ་ལྔ།། མཆུ་དང་བྲལ་བ་བྱུང་དང་དབྱེ་ནི་རབ་རྒྱས་པའོ།། ཞི་ཞིང་ཀ་མ་ལ་དང་མཚུངས་པའི་ཕྱག་གིས་ཀྱང་།། སྐུ་སྟོང་རྣམ་པར་སྤངས་དེས་དེ་ལ་ཉེརརོ་འཁྱུད་ནས།། རྒྱལ ་མཚན་སྡེ་ལྔ་དམག་དཔོན་རབ་ཏུ་འཇུག་པ་བཞིན།། མངར་མོའི་ཡི་གེའི་ཚིག་གིས་ཞལ་ཏུ་མཇེད་པའོ།། གཡུལ་དུ་ཁྱོད་ལ་མངོན་པར་ཞོན་ནས་ས་སྐྱོང་གིས།། དགྲ་བོ་རྣམས་ནི་ལན་གྲངས་མང་པོར་ངེས་པར་གཏོར།། བདག་ཀྱང་འཆི་མེད་གློ་འཕང ་ཇི་ལྟ་བ་བཞིན་དུ།། མགྱོགས་འགྲོའི་གཙོ་བོ་ཉེ་བར་ཐོབ་པ་དེ་ལྟར་མཛོད།། ཡུལ་ཐོབ་བདེ་བ་ལ་དང་ནོར་བསྒྲུབ་པ་ལ་རུང་།། གཡུལ་འགྱེད་པ་ན་འཁོར་ནི་ངེས་པར་རྙེད་བླ་སྟེ།། རྒྱུད་པར་ལྷུང་བ་ལ་དང་ཆོས་ལ་བརྟེན་པར་རུང་།། སྐྱེས་བུ་ཡི་ཡང ་འཁོར་ནི་རྙེད་པར་དཀའ་བའོ།། འདི་ཉིད་དུ་ཡང་གང་ཞིག་འཁོར་དུ་གྱུར་པ་ནི།། སྡིག་པའི་ལས་ལ་དང་ནི་ཆོས་དང་ལྡན་ལ་རུང་།། ཇི་ལྟར་བདག་གི་ནང་གི་བདག་ཉིད་ཀྱིས་རྟོགས་པ།། མི་དེ་རྣམས་ཀྱང་དེ་ཡི་ཆ་ཤས་སྐལ་བ་ཡིས།། དེ་ཕྱིར་ཆོས་དང ་ལྡན་པ་འདི་ནི་ཡོངས་ཤེས་ནས།། བདག་ནི་འདི་ལས་ངེས་འབྱུང་འགྲོ་ལ་ཕན་པའི་ཕྱིར།། མགྱོགས་འགྲོ་མཆོག་སྐྱེ་ཤུགས་དང་རྣམ་པར་གནོན་པ་ཡིས།། བདག་ཕན་ལ་དང་འགྲོ་བྲན་ལ་ནི་འབད་པར་གྱིས།། དེ་ལྟར ་མཛའ་ཤེས་བཞིན་དུ་རྗེས་སུ་བསླབས་ནས་ནི།། མགྱོགས་འགྲོ་མཆོག་ལ་མི་མཆོག་འགྲོ་འདོད་དེ།། དཀར་ལ་དཀར་མིན་འགྲོས་ཀྱི་འོད་ཟེར་ལུས་ལྡན་པ།། ཉི་མ་སྟོན་ཀའི་སྤྲིན་ལ་བཞིན་དུ་ཡང་དག་འཛེགས།། དེ་ནས་འཁོར་གྱི་སྐྱེ་བོས་གོ ་བར་བྱེད་པའི་སྐད།། མཚན་མོར་གཏུམ་པ་དམ་པའི་རྟ་དེས་ཡོངས་བཀག་ཅིང་།། འགྲམ་པའི་སྒྲ་མེད་འཚེར་པའི་སྐད་ནི་རབ་ཞི་བར།། འཇིགས་པའི་སྒྲེ་ནི་རབ་ཞ་བོར།། འཇིགས་པའི་སྒྲ་ནི་དོར་བའི་གོམ་པའི་འགྲོས་ཀྱིས་གཤེགས།། གསེར ་གྱི་གདུ་བུའི་རྒྱན་ནི་ལག་པའི་འཁྲིག་མ་ལཱ།། ཀ་མ་ལ་འདྲས་ཀླ་མ་ལ་རྣམས་རྣམ་བྱས་ནས།། ལུས་འདུད་གནོད་སྦྱིན་རྣམས་ནི་དེ་ནས་འདི་ཡིས་ནི།། ཚིམ་གྱུར་ལག་པའི་རྩེ་མོས་རྨིག་པ་རྣམ་བཟུང་ངོ་།། ལྕི་མོའི་སྒོ་གཏན་སྒོ་གླེགས་ཡང་དག ་བཅས་པ་གང་།། བདེ་བར་གཉིས་མཐུང་གིས་ཀྱང་ཕྱེད་པ་མ་ཡིན་པ།། མི་སྐྱོང་སྲས་པོ་གཤེགས་ཆེ་སྐད་མེད་གྲོང་ཁྱེར་དང་།། སྒོ་ཁང་དེ་རྣམས་རང་ཉིད་རྣམ་པར་བྱེ་བར་གྱུར།། མངོན་པར་གདོང་ཕྱོགས་ཡབ་དང་སྲས་པོ་བྱིས་པ་དང་།། ། ་སྐྱེ་བོ་རྗེ་སུ་ཆགས་དང་ཕུན་ཚོགས་མཆོག་དང་ནི།། བློ་གྲོས་བྱས་ཤིང་ལྟོས་པ་མེད་པར་དོར་ནས་ནི།། ཡབ་ཀྱི་གྲོང་ནས་དེ་ནི་དེ་ནས་རྣམ་པར་གཤེགས།། དེ་ནས་དེ་ནི་རྣམ་རྒྱལ་འདམ་སྐྱེས་ཡངས་པོའི་སྤྱན།། གྲོང་ཁྱེར་ཀུན་ནས་གཟིགས ་ནས་སེང་གེའི་སྒྲ་བསྒྲགས་པ།། སྐྱེ་དང་འཆི་བ་དག་གིས་ཕ་རོལ་མ་མཐོང་བར།། གྲོང་ཁྱེར་སེར་སྐྱ་ཞེས་བྱ་རབ་ཏུ་མི་འཇུག་གོ།། དེ་ལྟར་དེ་ཡི་གསུང་འདི་ངེས་པར་ཐོས་ནས་ནི།། ནོར་གྱི་བདག་པོའི་འཁོར་རྣམས་དག་ནི་དགའ་བར། ་གྱུར།། རབ་ཏུ་དགའ་བའི་ཡུལ་ཅན་ལྷ་ཡི་ཚོགས་རྣམས་ནི།། ནན་ཕ་རོལ་སོང་བ་དེ་ལ་བསྔགས་པོ་བྱས།། མེ་ཡི་ལུས་ཅན་མཐོ་རིས་གནས་པ་གཞན་རྣམས་ནི།། འདི་ཡི་ངེས་པ་ཤིན་ཏུ་དཀའ་བ་རྣམ་རིག་ནས།། སྤྲིན་སྡུག་གསེབ ་ནས་ཟླ་བའི་འོད་ཟེར་འཐོན་པ་བཞིན།། མཚན་མོའི་མུན་པའི་ལམ་ནི་རབ་ཏུ་བསལ་བར་བྱས།། ཉི་མའི་མགྱོགས་འགྲོ་ལྟ་བུའི་མགྱོགས་འགྲོ་དེ།། ཡིད་ཀྱིས་སྤྲུལ་པ་བཞིན་དུ་རྣམ་པར་རྒྱུ་བཞིན་དུ།། ཤིང་རྟ་འདྲེན་པས་གཟི་ཉམ ་སྐར་ལྡན་པར་སྣང་ལ།། དེ་ནི་ཤིན་ཏུ་མང་པོའི་དཔག་ཚད་རྣམསུ་གཤེགས།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས།། ཕྱི་རོལ་ཏུ་མངོན་པར་འབྱུང་བའི་ལེའུ་སྟེ་ལྔ་པའོ།། ་དེ་ནས་འགྲོ་མིག་ཉི་མ་ནི།། སྔོན་པར་ཤེས་པའི་ཡུད་ཙམ་ན།། ངན་སྤོང་བུ་ཡི་དཀའ་ཐུབ་གནས།། མི་མཆོག་དྲིས་ནི་གཟིགས་པར་གྱུར།། བློ་པབ་གཉིད་ལོག་རི་དྲེགས་དང་།། རང་གནས་གནས་པར་བྱ་གང་ཞིག། གཟིགས་ནས་ངལ ་བསོས་བཞིན་དུ་དང་།། དོན་ནི་བྱས་པ་བཞིན་དུ་གྱུར།། དེ་ནི་རྒྱགས་པ་མེད་དོན་དང་།། དཀའ་ཐུབ་མཆོད་པའི་དོན་ཉིད་དང་།། རང་གི་རྗེསུ་བསྲུང་བ་ལ།། རྟ་ཡི་རྒྱབ་ནས་བབས་པར་གྱུར།། མངོན་པར་བབས་ནས་ཀྱང་རེག་ཅིང་།། དགའ་ཞིང་མིག ་གིས་འཁྲུ་བ་བཞིན།། ངེས་པར་འཁོར་ཞེས་རྟ་དང་ནི།། འདུན་པ་ལ་ནི་སྨྲས་པའོ།། འདི་ནི་མཁའ་ལྡིང་དཔེར་མགྱོགས་ལ།། མགྱོགས་འགྲོ་ལ་ནི་རྗེ་སུ་འོངས།། འདིས་ནི་བདག་གི་སྟོབས་དང་ནི།། ཞི་བ་བདག་ལ་གུས་པ་བརྟན།། ་ཐམས་ཅད་ནས་དོན་གཞན་ཡིན་ཀྱང་།། ཁྱོད་ཀྱིས་སྙིང་ལ་བཟུང་བ་སྟེ།། གང་གི་རྫི་བོ་དག་ལ་དགའ།། འདི་ནི་དེ་འདྲ་བ་དག་ལ་ཉིད།། གུས་པ་མེད་ལ་ནུས་པ་ཡོད།། ནུས་པ་མེད་ལ་གུས་པ་ལྡན།། གུས་པ་ལྡན་དང་ནུས་པ་སྟེ།། ཁྱོད ་འདྲ་སཱ་སྟེངས་རྙེད་པར་དཀའ།། དེ་ཕྱིར་སྐལ་བ་ཆེན་པོའི་ལས།། ཁྱོད་ཀྱིས་འདིས་ནི་བདག་དགའོ།། གང་ཞིག་ཁྱོད་ཀྱི་བསམས་པ་འདི།། འབྲས་བུ་ལས་ཀྱང་གཞན་དུ་ཕྱོགས།། སྐྱེ་བོ་འབྲས་བུ་ལ་གནས་པའི།། མཐུན་ཕྱོགས་སྐྱེ་བོ ་གང་གིས་མིན།། ཟློག་ལ་རང་གི་སྐྱེ་བོ་ཡང་།། ཕལ་ཆེར་ཕ་རོལ་སྐྱེ་བོར་གྱུར།། རིགས་ཀྱི་དོན་དུ་བུ་བཟུང་ཞིང་།། གསོས་པའི་དོན་དུ་པ་བསྐྱེད་ལ།། སྲེད་པའི་བསམ་པས་ཆགས་སྐྱེ་སྟེ།། བྱེད་པ་མེད་པར་རང་ཉིད་མེད།། མང་པོ་བརྗོད་ཅིང ་མདོར་བསྡུས་ནས།། བདག་གི་དགའ་ཆེན་ལེགས་བྱས་ཏེ།། རྟ་བླངས་ནས་ནི་ཕྱིར་ལོག་དང་།། བདག་ནི་འདོད་པའི་གནས་རབ་ཐོབ།། དེ་སྐད་སྨྲས་ནས་ཕྱག་ཆེན་དེ།། རྗེ་སུ་བསྔགས་པ་བྱེད་འདོད་པས།། རྒྱན་རྣམས་ཀུན་ནས་བཏོགས་ནས་ནི།། ། ་གདུང་སེམས་ལྡན་པ་འདི་ལ་བྱིན།། དབུ་རྒྱན་དག་ནས་ནོར་བུ་གསལ།། སྒྲོན་མའི་ལས་ལ་བླངས་ནས་ནི།། ཉི་མ་འབིགས་བྱེད་ལ་བཞིན་དེས།། ཚིག་འདི་སྨྲས་བཞིན་བཞུགས་པར་གྱུར།། འདུན་པ་ནོར་བུ་འདི་ལོང་ལ།། ལན་མང་བཏུད་ནས ་མི་སྐྱོང་ནི།། ཀུན་ནས་གདུང་བ་བཟློག་པའི་ཕྱིར།། བློ་འཕེབས་པར་ནི་གསོལ་བར་བྱ།། སྐྱེ་དང་འཆི་བ་ཉམས་དོན་དུ།། དཀའ་ཐུབ་ནགས་ཚལ་རབ་ཐོབ་སྟེ།། མཐོ་རིས་སྒོམ་པས་ངེས་མིན་ཞིང་།། བརྩེ་བ་མེད་མིན་ཁྲོས་པ་མིན།། དེ་ཕྱིར་དེ་ལྟར་མངོན ་བྱུང་བ།། བདག་ལ་མྱ་ངན་འོས་མ་ཡིན།། ཡུན་རིངས་འདུས་པར་གྱུར་ནས་ཀྱང་།། དུས་ཀྱིས་འགྱུར་བ་མ་ཡིན་ནོ།། གང་ཕྱིར་ངེས་པར་འབྲལ་བ་སྟེ།། དེ་ཕྱིར་ཐར་ཕྱིར་བདག་གི་བློ།། སླར་ཡང་རང་གི་སྐྱེ་བོ་ལས།། རྣམ་པར་འབྲེལ་བ་གང་ལས ་མིན།། མྱ་ངན་སྤོང་ཕྱིར་ངེས་འབྱུང་བ།། བདག་ལ་མྱ་ངན་པོས་མ་ཡིན།། མྱ་ངན་རྒྱུད་ནི་འདོད་ལ་ཆགས།། ཆགས་པ་ཅན་ལ་མྱ་ངན་བྱ།། འདི་ཡང་སྔ་མ་རྣམས་ལ་གྲགས།། ཁོ་བོ་ཅག་ལ་ངེས་པར་གནས།། དེ་ལྟར་སྟེར་བྱར་གྱུར་པས་ན།། མྱ་ངན ་འོས་མིན་ལམ་གྱིས་འགྲོ།། སྐྱེས་བུ་རྣམས་ལ་ཕྱིན་ལོག་ཏུ།། ནོར་གྱིས་གཏེར་བྱར་གྱུར་པ་སྟེ།། ས་ལ་ཆོས་ཀྱི་བདག་པོ་ཡང་།། རྙེད་དཀའ་ཡང་ནི་མ་ཡིན་ནོ།། གང་ཡང་འདི་ནི་དུས་མིན་པར།། ནགས་སུ་སོང་བ་ཡིན་ཞེ་ན།། སྲོག་ཀྱང ་གཡོ་བར་གྱུར་པ་ན།། ཆོས་ལ་དུས་ཡོད་མ་ཡིན་ནོ།། དེ་ཕྱིར་ད་ལྟ་ཉིད་དུ་བདག། དགེ་བ་བསག་ཅེས་ངེས་པ་དེ།། འཆི་བའི་དགྲ་ནི་གནས་པ་ན།། གསོན་པ་ལ་ནི་བློ་གཏད་ཅིང་།། ཞི་བ་ཁྱོད་ཀྱིས་དེ་ལ་སོགས།། ས་འཛིན་བདག་ལ་ཞུ་བྱ་སྟེ།། ། ་ཇི་ལྟར་བདག་ནི་མི་དྲན་པ།། དེ་ལྟར་ཉིད་དུ་འབད་པ་གྱིས།། གཞན་ཡང་བདག་ལ་ཡོན་ཏན་མེད།། ཁྱོད་ཀྱིས་མི་བདག་ལ་སྨྲ་བྱ།། ཡོན་ཏན་མེད་ལས་བརྩེ་བར་འདོར།། བརྩེ་བ་དོར་ལས་མྱ་ངན་མེད།། དེ་ལྟར་ཚིག་འདི་ཐོས་གྱུར་ནས།། འདུན ་བ་ཀླུདུང་བས་རྣམས་འཇུགས་ཤོག།། བཆོམཔ་འདུ་ན་ཉིད་རྩོག།། མ་སྦྱར་ཏོ་ལན་གསས་པ། ཁྱོད་ཐོས་དགངས་པ་ནོ།། གཉེན་ལ་ངལ་བསྦྱོར་བ་འདས།། ཆུ་བོའི་འགྲམ་ན་གཉིས་འབྱུང ་བཞིན།། བདག་གི་སེམས་འདི་འགྱུར་བའོ།། ཁྱོད་ཀྱི་ངེས་པ་འདི་ལྟ་བུས།། སུ་ཡིས་མཆི་མ་འབྱུང་བ་མེད།། ལྕགས་ལས་གྱུར་པའི་སྙིང་ལའང་སྟེ།། བརྩེ་བས་འཁྲུགས་ལ་སྨོས་ཅི་དགོས།། གཞལ་མེད་ཁང་གི་ལམ་འོས་པའི།། ། ་ཤིན་ཏུ་གཞོན་ནུ་འདི་གང་ན།། ཀུ་ཤའི་མྱུ་གུ་རྣོ་བ་ཅན།། དཀའ་ཐུབ་ནགས་ཀྱི་སྐུ་གུང་ན།། ཁྱོད་ཀྱི་འབ་བཟོས་ནས་ཀྱང་།། རྟ་གང་བདག་གིས་བླངས་པ་འདི།། མགོན་པོ་དེ་ནི་སྟོབས་ཀྱིས་ནི།། ལྷ་ཡིས་བྱེད་དུ་བཅུག་པ་འདྲ།། ཁྱོད་ཀྱི ་ནན་ཏན་ངེས་པ་འདྲ།། རང་དབང་ཤེས་ན་གང་གི་ཕྱིར།། ཉེ་བར་ལེན་ཏེ་མགྱོགས་འགྲོའི་རྟ།། སེར་སྐྱའི་གཞི་ཡི་མྱ་ངན་གནས།། མེད་པ་པོ་ཡིས་དམ་ཆོས་བཞིན།། རྒྱལ་པོ་བརྩེ་བ་བགྱེས་པ་དང་།། སྨྲས་པོ་སྡུག་གོ་འདོར་བ་ནི།། ཕྱག ་ཆེན་དེ་ནི་འོས་མ་ཡུན?།། དམ་པའི་བྱ་བ་བྱེད་བཅོམ་བཞིན།། ཡང་དག་བསྐྱེད་པས་ཡོངསུ་ནི།། ཐང་ཆད་གཉིས་པའི་མ་དེ་དང་།། ལྷ་མོ་བརྗོད་པར་འོས་མ་ཡིན།། མ་ནིང་གིས་ནི་དཔལ་ཐོབ་བཞིན།། སྲས་པོ་བྱིས་པ་ཡོན་ལྡན ་རིགས་བཙུན་བདག་པོའི་བརྟུལ་ཤུགས་མ།། ལྷ་མོ་འདོར་བར་འོས་མ་ཡིན།། བསྔགས་འོས་སྲས་པོ་གྲགས་པ་འཛིན།། སྙན་གྲགས་ཆོས་ནི་འཛིན་པའི་མཆོག། ཞེན་པ་ལྡན་པས་གྲོགས་མཆོག་བཞིན།། བྱིས་པ་འདོར་བར་འོས་མ་ཡིན ་ཅི་སྟེ་གཉེན་དང་རྒྱལ་སྐྱིད་དག། འདོར་བ་ཉིད་དུ་བློ་གྲོས་མཛད།། བདག་གི་འགྲོས་ནི་ཁྱོད་ཞབས་ན།། ཁྱབ་བདག་བདག་འདོར་འོས་མ་ཡིན།། ར་གྷུའི་བུ་ནི་བ་ཤེས་བཟང་བཞིན།། ཁྱོད་ནི་དགོན་པར་དོར་ནས་སུ།། མེ་ཡིས་ཚིགས ་པའི་སེམས་ཀྱིས་ནི།། གྲོང་དུ་འགྲོ་བར་ནུས་པ་མེད།། ཁྱོད་འདོར་གྲོང་དུ་འགྲོ་བ་ན།། རྒྱལ་པོས་བདག་ལ་ཅི་ཞིག་གསུང་།། ཁྱོད་ཀྱི་བཙུན་མོའི་འཁོར་དུ་འམ།། འོས་པ་མཐོང་ན་ཅི་ཞིག་སྨྲ།། གང་ཡང་ཡོན་ཏན་མེད་པ་ཡང་།། མི ་བདག་ལ་སྤྲོས་གསུང་བ་གང་།། སྐྱོན་མེད་ཐུབ་པའི་བཞིན་ཁྱོད་ཀྱི།། མྱ་གྱུར་པ་དེ་ཅི་ཞིག་སྨྲ།། བློ་ཆེ་དང་བཅས་སེམས་ཀྱིས་ནི།། ལྕེ་ནི་ཐིགས་པར་གྱུར་པ་ཡིས།། བདག་ནི་གལ་ཏེ་ཡང་སྨྲ་བ།། དེ་ལ་དད་པར་འོས་པ་སུ།། གང་ཞིག་ཟླ་བ ་བོའོརྣོ་བར།། སྨྲ་བར་དད་པར་འཛིན་པོ་འམ།། ཁྱེད་ཀྱིས་སྐྱོན་ཤེས་དེས་སྐྱོན་ནི།། སྨྲ་བ་དད་པར་འཛིན་པ་འམ།། རྟག་ཏུ་རྗེསུ་བརྗེ་བཅས་དང་།། རྟག་པར་སྙིང་རྗེ་ཤེས་པ་ཡི།། བརྩེ་བ་སྤོང་བ་ཚུལ་མིན་ཏེ།། ཕྱིར་ལོག་བདག་ལ་བཀའ་དྲིན ་མཛོད།། དེ་ལྟར་མྱ་ངན་གྱིས་ནོན་པའི།། འདུན་པའི་ཚིག་འདྲི་གསན་གྱུར་ནས།། རང་གནས་མཆོག་ཏུ་བརྟན་པ་ཡིས།། སྨྲ་བའི་མཆོག་གིས་བཀའ་སྩལ་ཏོ།། འདུན་པ་བདག་དང་བྲལ་བ་ལ།། ཀུན་ནས་གདུང་བྱ་འདི་ཐོང་ཞིག། ལུས་ཅན་འགྲོ ་པ་ཐ་དད་ལ།། དགོས་པ་སྣ་ཚོགས་ངེས་པ་ཡིན།། གང་ཡང་བརྩེ་ལས་རང་གི་སྐྱེ།། བདག་གིས་རང་ནི་མི་འདོར་ཏེ།། འཆི་བས་ཕན་ཚུན་དབང་མེད་པར།། བདག་ཅག་རྣམས་ནི་འདོར་བར་འགྱུར།། སྲིད་པ་ཆེན་པོའི་སྡུག་བསྔལ་གྱི།། མངལ་གང ་སྨྱསན་ཏུ་ག་། ཡ་འ་ས། ས་དག་ཀྱི་ས་།། སྨྲ་ངྒཱ་ས་སྨྲས་། དུསསུ་སུ་མ་བྱུ་བ་།། སྩུ་མ་འདུས་པན། 5 ་འཕྲུལ་བ་བཤཱ་ཡིན་ནོ། ཇི་ལྟར་སྣིན་རྣམས་དུ་ནས་ནི།། སྱཱད་སྲུང་རྣམ་པར་འབྱེད་པའོ།། དེ་ལྟར་འདྲ་དང་འབྲལ་བ་ནི།། བདག་དང་སྲོག་ཆགས་རྣམས་ཀྱི་ལུགས།། གླིང་གིས་བྱི་ན་འཇིག་རྟེན་འདྲཱྀ།། བས་ནུས་རྣམ་པ ་སྟྭ~ཾ།། དེ་བྱེ་དུས་གྱུར་ལོ།། བདག་གི་པོ་ཉིད་བཟེ་མ་ཡིན།། ཤིང་རྣམས་འདབ་མ་དམར་པོ་དང་།། ལྷུན་ཅིག་སྐྱེས་ཏེ་རྣམ་པར་འབྲལ།། གཞན་དང་གཞན་གྱི་འབྲལ་བྱོར་ནི།། འགྱུར་བ་མ་ཡིན་སྦྱིས་སྟི་དགོས།། དེ ་གྱུ་ནི།། ནུབས་མ་བྱུང་སོ།། ཏེ་སྤྱང་ནི་སྣརུ་བ་ས། སོང་ནས་པ་ནི་སྦྱ་བ་ལ་ས་བྱས་པ་ན་།། སོ་ཀྱི་མཐ~ཾ་ནིག་དང་། འ་མ ་བྷྲཱུཾ་ང་གྱི་ན་ནོ།། ཡང་ན་སྒྱུར་དུ་འོང་བ་གཏུས། པ་ཉས་ད་ན་ས་ངྱམྦྷ། ན་ཉམས་པར་ཧཱུ~ཾ་ཛྫ་ཙྪ། པ་སྨོས་ན།། ས་ལྡན་མ་ཐོགས་འགྲོ་མཆོག་ག་ཧཱུ~ཾ། ་དྲུག་།། མ་དྲི་མི་སྦྱང་བར་གྱུར།། དྲ་བ་དང་ནི་བཀྲ་ཤིས་ཆགས།། འཚ་ལོ་དབུས་ལྡན་ཕྱག་གིས་ཞིགཞན་ས་དེ་ལ་རེག་གྱུ་ཅིང་།། ན་ཚད་བཞིན་དུ་རྣམ་པར་སྨྲས།། སྔགས་ལྡམ། ་འདོན་ཅིག། དམ་པའི་རྟ་ཉིད་འདི་བསྟན་ཏོ།། སྲོན་མཛོད་ཁྱོད་ཀྱི་ངལ་བ་འདས།། མྱུར་དུ་འབྲས་བུ་བཅས་པར་འགྱུར།། དེ་ནས་རལ་གྲི་རྣོན་པོ་ནོར་བུའི་ཡུ་བ་ཅན།། གསེར་གྱི་ཕྲ་ནི་སྣ་ཚོགས་དང་ལྡན་འདུན་པ་ཡི།། ལག་ན་ཡང ་ངག་གནས་པ་བརྟན་པ་དེས་བསྣམས་ནཱ།། ཁུང་བུ་དག་ནས་སྦྲུལ་བཞིན་འུཊ་ནཱ་རབ་ཏུ་དང་།། ཨུཏྤ་ལ་ཡི་འདབ་མ་སྟོན་པོ་དེ་དྲངས་ནས།། སྣ་ཚོགས་དབུ་རྒྱན་དབུ་སྐར་བཅས་པ་རབ་བཅད་ཅིང་།། རྫིང་བུ་དག་ནི་ངང་པ་བཞིན་དུ་རྣམ་བཀྲམ་པ།། ་འོད་ཟེར་དང་ལྡན་པར་སྣང་དག་ལ་དེ་གཏོར་རོ།། མཆོད་པ་མངོན་པར་འདོད་ཕྱིར་རྣམ་མང་བཀུར་སྟིའི་ཕྱིར།། ལྷ་ནི་གནས་པས་རབ་ཏུ་བཀྲམ་པ་དེ་བཟུང་སྟེ།། ཇི་ལྟ་བ་བཞིན་དེ་ནི་ལྷ་ནི་ལྷ་ཚོ་སྡེ་རྣམས།། ལྷ་ཡི་ཁྱད་པར་འཕགས ་པ་རྣམས་ཀྱིས་མཆོད་པ་བྱས།། རྒྱན་གྱི་བུ་སྨད་ལྡན་པ་རྣམ་པར་སྤངས་ནས་ཀྱང་།། དབུ་ལས་དཔལ་ནི་རྣམ་པར་རྒྱང་རིང་བྱས་ནས་ནི།། ནགས་སུ་གསེར་གྱི་ངང་པའི་མཚན་མ་གོས་གཟིགས་ནས།། བརྟན་པ་དེས་ནི་གོས་དག་མངོན ་པར་འདོད་པར་གྱུར།། དེ་ནས་ལྷ་ནི་གནས་པར་རི་དགས་རྔོན་པའི་ལུས།། དགོངས་པ་རྣམ་དག་འདི་ཡི་དགོངས་པ་རྣམས་རིགས་ནས།། ཁ་བསྒྱུར་ངུར་སྨྲིག་གོས་ཅན་ཉེར་ལོགས་མངོན་པར་འོངས།། དེ་ལ་ཤཱཀྱའི་རྒྱལ་པོ་སྐྱེས་ཀྱིས ་མངོན་པར་སྨྲས།། ཁྱོད་ཀྱི་དགེ་ཡི་ངུར་སྨྲིག་དྲང་སྲོང་རྒྱལ་མཚན་དང་།། འཚེ་བ་བྱེད་པའི་གཞུང་འདི་རིགས་པ་མ་ཡིན་ཏེ།། དེ་ཕྱིར་ཞི་བ་གལ་ཏེ་འདིར་ནི་ཆགས་མེད་ན།། བདག་ལ་རབ་ཏུ་བྱིན་ལ་འདི་དང་འདི་སྣོམས་མཛོད།། ་རྔོན་པས་སྨྲས་པ་འདོད་སྦྱིན་འདོད་པ་སྙིང་པོ་ལས།། འདི་ཡིས་བློ་ནི་ཕབ་ནས་རི་དགས་རྣམས་གསོད་ངོ་།། བརྒྱ་བྱིན་མཚུངས་པ་གང་དེ་འདིས་ནི་དོན་འགྱུར་ན།། ཨེ་མ་རབ་ཏུ་བཞེས་ལ་དཀར་པོ་དེ་གསོལ་མཛོད།། དེ་ནས་དེ་ནི ་མཆོག་ཏུ་རབ་ཏུ་དགའ་བ་ཡིས།། ནགས་སུ་བྱུང་བའི་ན་བཟའ་བླངས་ཤིང་གོས་དོར་ལ།། རྔོན་པ་ཉིད་ཀྱང་ལྷ་ཡི་ལུས་ཉིད་རྣམ་བཟུང་སྟེ།། དཀར་པོ་དེ་ཉིད་བླངས་ནས་ལྷ་ནི་གཤེགས་པར་གྱུར།། དེ་ནས་གཞོན་ནུ་དང་ནི་རྟ་མཆོག་སྐྱོང་བ ་དེས།། དེ་ལྟར་གཤེགས་པ་དེ་ལ་ཡ་མཚན་སྐྱེས་གྱུར་ཏེ།། ནགས་ནས་བྱུང་བའི་ན་བཟའ་ཉིད་དང་དེ་ལ་ནི།། སླར་ཡང་རི་མོར་བྱ་བ་མང་པོ་སྐྱེན་པར་མཛད།། དེ་ནས་གདོང་ནི་མཆི་མ་དང་བཅས་འདུན་པ་རྣམས་བཟློག་ནས།། བདག་ཉིད ་ཆེན་པོ་བརྟན་དང་གྲགས་པ་འཆང་བ་སྟེ།། མཚམས་ཀྱི་སྤྲིན་གྱིས་གཡོགས་པའི་སྐར་མའི་རྒྱལ་པོ་བཞིན།། ངུར་སྨྲིག་གྱོན་ཞིང་གདུང་གནས་གང་ཡིན་དེ་ནས་གཤེགས།། དེ་ནས་དེ་ལྟར་ཇོ་བོ་རྒྱལ་སྲིད་མི་བཞེད་པར།། དཀའ་ཐུབ་ནག ་སུ་གཤེགས་པ་མདོག་ཉམས་སྣང་བ་ན།། མགྱོགས་འགྲོ་འཆང་དེ་ཕྱག་རྒྱས་གྱེན་དུ་བསྐྱོད་བྱས་ནས།། ཤིན་ཏུ་རྣམ་པར་ངུ་ཞིང་ས་ལ་འགྱེལ་གྱུར་ཏེ།། རྣམ་པར་བལྟས་ནས་སླར་ཡབ་སྒྲ་བཅས་པར་ངུ་ཞིང་།། བསྔགས་ལྡན་རྟ་ལ་ལག་པ ་ངག་གིས་ཉེར་འཁྱུད་ནས།། དེ་ནས་ཁོ་ཆད་ཡང་དང་ཡང་དུ་ཟློས་བཞིན་དུ།། ལུས་ཀྱི་སོང་པོར་གྱུར་ཀྱང་སེམས་ཀྱིས་མ་ཡི་ནོ།། ལ་ལ་རབ་ཏུ་སེམས་ཤིང་ལ་ལར་རྣམ་པར་དུ།། ལ་ལར་ས་ལ་རབ་ཏུ་འབྲད་ཅིང་ལ་ལར་འགྱེལ།། དེ་ནས ་འགྲོ་བཞིན་གུས་པའི་དབང་གི་སྡུག་བསྔལ་ཞིང་།། དབང་མེད་ལམ་ན་བྱ་བ་མང་པོ་བྱས་པའོ།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། སྔགས་ལྡན་ཕྱིར་ལ་ལྡོག་པའི་ལེའུ་སྟེ་དྲུག་པའོ།། ་དེ་ནས་འདུན་པ་ངུ་ཞིང་གདོང་ནི་མཚོ་མ་ཅན།། བཟློག་ནས་ནགས་སུ་འདུན་པའི་དཀའ་ཐུབ་ཆགས་མེད་པ།། དོན་ཀུན་གྲུབ་པའི་ལུས་ཀྱིས་མངོན་པར་ཟིལ་མནན་ནས།། དཀའ་ཐུབ་གནས་དེ་གྲུབ་པ་བཞིན་དུ་རབ་ཏུ་ཐོབ།། དེ་ནས་རི་དགས ་རྒྱལ་པོའི་འགྲོས་ཅན་རྒྱལ་པོའི་སྲས་པོ་དེ།། རི་དགས་གནས་དེར་རི་དགས་བཞིན་དུ་རབ་ཞུགས་པ།། ཕུན་ཚོགས་རྣམས་དང་བྲལ་ཡང་ལུས་ཀྱི་ཕུན་ཚོགས་ཀྱིས།། དཀའ་ཐུབ་གནས་ལྡན་ཀུན་གྱི་མིག་དག་ཕྲོགས་པར་གྱུར།། ཁུར་ལྡན ་རྣམས་བཞིན་མགོ་བོ་རྣམས་ནི་ཕྱེད་དུད་པས།། ལག་ན་གཉའ་ཤིང་བཅས་པར་འགྲོ་གྱུར་ཡ་མཚན་ལས།། དེ་བཞིན་འཁོར་ལོས་སྒྱུར་བ་ཆུང་མ་དང་བཅས་པ།། དབང་པོ་དང་མཚུངས་དེ་མཐོང་སོང་བར་མ་གྱུར་ཏོ།། སྦྱིན་སྲེག་བུད ་ཤིང་ཕྱིར་ནི་བྲམ་ཟེ་རྣམས་ཕྱིན་ནས།། མེ་ཏོག་ལོ་འདབ་ཐོབ་པའི་ལག་པ་གཙང་མ་རྣམས།། དཀའ་ཐུབ་གཙོ་བོ་རྣམས་ནི་བློ་རྣམས་བྱས་ན་ཡང་།། གཤེགས་པ་མཐོང་སྟེ་ཀློག་གྲར་སོང་བར་མ་གྱུར་ཏོ།། ཆུ་གཏེར་སྔོན་པོ་བཞིན་དུ ་མཐོང་ནས་རྨ་བྱ་རྣམས།། དགའ་ཞིང་གྱེན་དུ་དུད་ཅིང་སྐད་དག་འདོན་གྱུར་ལ།། རྒྱ་སྐྱུགས་རི་དགས་སྤྱོད་ལྡན་རྣམས་དང་རི་དགས་རྣམས།། འབྲུ་རྣམས་བོར་ནས་མངོན་པར་གདོང་ཕྱོགས་གནས་པར་གྱུར།། འོད་ཟེར་ལྡན་པ་ཤར་བ་ལྟེ ་བུར་འབར་བ་ཡོས།། བུ་རམ་ཤིང་བའི་རིགས་ཀྱི་སྒྲོན་མ་དེ་མཐོང་ནས།། སྦྱིན་སྲེག་འཇོ་རྣམས་བཞོས་པ་ཡིན་ན་ཡང་།། རབ་ཏུ་དགའ་བ་སྐྱེས་ཏེ་རབ་ཏུ་འཇོ་གྱུར་ཏོ།། འདི་ནི་ནོར་སྦྱིན་རྣམས་ཀྱི་བརྒྱད་པ་ཡིན། ་ན་མ་ཙི།། ཐ་སྐར་དག་གི་ནང་ནས་གཅིག་ནི་འཕོས་སམ་ཞེས།། དེ་མཐོང་བ་ལ་ཡ་མཚན་སྐྱེས་པར་གྱུར་པ་ཡི།། ཐུབ་པ་རྣམས་ཀྱི་ཚིག་དེར་མཐོན་པོར་སྒྲོགས་པར་གྱུར།། ལྷ་ཡི་ཁྱུ་མཆོག་གཉིས་པའི་ལུས་པོ་ལྟ་བུ་དང་།། འཇིག་རྟེན་རྒྱུ ་དང་མི་རྒྱུའི་སྙིང་པོ་ལྟ་བུ་དང་།། གང་འདོད་པ་ཡིས་ཉི་མ་མངོན་པར་བབས་འདྲ་བ།། དེས་ནི་ནགས་ཚལ་མཐའ་དག་རབ་ཏུ་སྣང་བར་མཇིད།། དེ་ནས་གདུང་གནས་པ་དེ་རྣམས་ཀྱི་ཇི་ལྟ་བཞིན།། ཉེ་བར་སྙན་གསན་ཕབ་ཅིང་མངོན་པར ་མཆོད་གྱུར་ལ།། དེ་ནི་ཆུ་བཅས་ཆུ་འཛིན་ལྟ་བུའི་དབྱངས་ཀྱིས་ནི།། ཆོས་འཛིན་རྣམས་ལ་སླར་ཡང་རབ་ཏུ་མཆོད་པར་གྱུར།། དེ་ནས་རྣམ་པར་ཐར་པ་ཞེས་བརྟན་པ་དེ་ཡིས་ནི།། དཀའ་ཐུབ་སྣ་ཚོགས་རྣམས་ལ་ངེས་པར་རྣམ་གཟིགས་ཤིང་།། ་མཐོ་རིས་མངོན་འདོད་བསོད་ནམས་བྱས་པའི་སྐྱེ་བ་ཡིས།། ཁྱབ་པའི་དཀའ་ཐུབ་གནས་དེར་རྗེས་སུ་སྤྱད་པར་གྱུར།། དཀའ་ཐུབ་ནོར་ཅན་རྣམས་ཀྱི་དཀའ་ཐུབ་ནགས་ཚལ་དེར།། དཀའ་ཐུབ་རྣམ་པར་འགྱུར་བ་རྣམས་ནི་ངེས་གསན་ནས།། རྗེས་སུ ་ཤེཤེགས་པའི་དཀའ་ཐུབ་ལྡན་པ་ཁ་ཅིག་ལ།། ཞི་བས་དེ་ཉིད་རྣམ་པར་ཤེས་བཞེད་འདི་གསུང་སོ།། གོང་ཕྱིར་ཆོས་ཀྱི་ཆོ་ག་འདི་ནི་མི་ཤེས་པ།། བདག་གི་དཀའ་ཐུབ་གནས་མཐོང་དེ་རིང་སྔ་མའོ།། དེ་ཕྱིར་ཁྱོར་ཀྱིས་བདག་ལ་སྨྲ་བར་འོས་མིན ་ཏོ།། ངེས་པ་གང་ཞིག་གང་ལ་རབ་ཏུ་འཇུག་པའོ།། དེ་ནས་དཀའ་ཐུབ་རྣམ་པར་རྒྱུ་བའི་གཉིས་སྐྱེས་དེས།། ཤཱཀྱའི་ཁྱུ་མཆོག་ཁྱུ་མཆོག་རྣམ་པར་གནོན་པ་པོ།། དེ་ལ་རིམ་གྱིས་དཀའ་ཐུབ་འབྲས་བུ་དང་བཅས་གཏམ་ངག་བྱས་པའོ།། གྲོང ་བྱུང་བཟའ་བ་མ་ཡིན་ཆུ་ལ་རབ་སྐྱེས་པའི།། འདབ་མ་རྣམས་དང་ཆུ་དང་འབྲས་བུ་རྩ་བ་ཉིད།། ཐུབ་པ་རྣམས་ཀྱི་སྤྱོད་པ་འདི་ནི་ལུང་ཇི་ལྟར།། དཀའ་ཐུབ་རྣམས་ཀྱི་རྣམ་རྟོག་ཐ་དད་དེ་དེའོ།། ཁ་ཅིག་རི་དགས་བཞིན་དུ་རྩཝ་རྣམས་ལ་སྤྱོད་དེ།། གཞན ་རྣམས་བོར་པ་ཡིས་ནི་མཁའ་ལོ་རྒྱུ་བའི་བྱ་ལྟར་འཚོ།། ཁ་ཅིག་ལག་འགྲོ་རྣམས་དང་ལྷན་ཅིག་འཚོ་བ་སྟེ།། གྲོག་མཁར་གྱུར་པ་རྣམས་ནི་ནགས་ན་རླུང་གིས་སོ།། རྡོ་ཡིས་རབ་འབད་བསྒྲུབ་པའི་སྤྱོད་པ་གཞན་རྣམས་ཏེ།། ཁ་ཅིག་རང་གི་ས། ་ཡིས་ཉེ་བར་བླངས་ཤིང་ཟ།། དེ་བཞིན་གཞན་ནི་གཞན་གྱིས་དོན་དུ་བཅོས་བྱས་ནས།། གལ་ཏེ་ལྷག་མ་ཡོད་ན་བྱ་བ་བྱེད་པའོ།། ཆུ་ཡིས་གཤེར་བའི་རལ་པའི་ཚོགས་ཅན་ཁ་ཅིག་ནི།། གསང་སྔགས་སྔོན་འགྲོ་ལན་གཉིས་མེ་ལ་སྦྱིན་སྲེག་ཅིང་།། ་ཁ་ཅིག་ཉ་དང་མཉམ་པར་ཚུལ་རྣམས་ཞུགས་ནས།། རུས་སྦྲུལ་བཞིན་དུ་ལུས་རྣམས་རབ་ཏུ་བསྐུམ་པའོ།། དེ་ལྟར་དུས་སུ་བསགས་པའི་དཀའ་ཐུབ་ནགས་ཚོགས་ཀྱི།། མཆོག་གིས་ལྷར་འགྲོ་གཞན་གྱིས་མི་ཡི་འཇིག་རྟེན་ཏོ།། སྡུག་བསྔལ ་ལམ་གྱིས་བདེ་བ་ཉེ་བར་ཐོབ་ཕྱིར་དང་།། ཆོས་ཀྱི་རྩ་བ་བདེ་བ་ཉིད་དུ་གསུང་ཕྱིར་རོ།། དེ་སྐད་ཅེས་སོགས་རྐང་གཉིས་དབང་པོའི་སྲས་པོ་ཡིས།། དཀའ་ཐུབ་ནོར་དང་ལྡན་པ་དེ་ཡི་ཚིག་གསན་ནས།། དེ་ཉིད་གཟིགས་པ་མིན་ཡང་ངོམས་པར་མ་གྱུར ་ལ8། བདག་ཏུ་སོང་བ་འདི་ནི་དལ་བུས་གསུངས་པར་གྱུར།། སྡུག་བསྔལ་བདག་ཉིད་དཀའ་ཐུབ་རྣམ་པ་དུ་མ་སྟེ།། དཀའ་ཐུབ་དག་གི་འབྲས་བུ་མཐོ་རིས་གཙོ་བོའོ།། འཇིག་རྟེན་ཐམས་ཅད་ཡོངསུ་འགྱུར་བ ་དང་ལྡན་ལ།། ཉུང་ངུ་ལ་ངལ་འདི་ནི་གདུང་གནས་རྣམས་ཀྱིའོ།། འཕངས་པ་རྣམས་དང་གཉེན་དང་ཡུལ་རྣམས་བོར་ནས་ནི།། གང་ཞིག་མཐོ་རིས་ཕྱིར་ནི་རྣམ་པར་སྤྱོད་བྱེད་ལ།། དེ་རྣམས་རྣམ་པར་བྲལ་ཏེ་ངེས་པར་འགྲོ་འདོད་ལ།། ་སླར་ཡང་ཤིན་ཏུ་འཆིང་བ་ཆེན་པོ་ཉིད་ཡིན་ནོ།། ལུས་ཀྱི་ངལ་དུབ་གདུང་བའི་བྱ་བ་རྣམས་ཀྱིས་ནི།། འདོད་པའི་རྒྱུ་ལས་རབ་ཏུ་འཇུག་པར་འདོད་པའོ།། འཁོར་བའི་རྒྱ་མཚོའི་སྐྱོན་རྣམས་ཡོངསུ་མི་རྟོགས་པར།། སྡུག་བསྔལ་གྱིས་ངེས ་སྡུག་བསྔལ་ཁོ་ན་རྗེས་སུ་ཚོལ།། འཆི་ལས་སྐྱེ་དགུ་རྣམས་ཀྱི་རྟག་པར་འཇིགས་པ་སྟེ།། འབད་པ་ཡིས་ནི་སླར་ཡང་རབ་ཏུ་འཇུག་པར་འདོད།། རབ་ཏུ་ཞུགས་པར་གྱུར་ན་ངེས་པར་འཆི་བ་སྟེ།། འདི་ཉིད་དུ་ནི་གང་ལས་འཇིགས་རྣམས་ལྷུང ་ངོངོ།། འདི་ཡི་དོན་དུ་གཅིག་རྣམས་ངལ་བར་རབ་འཇུག་ཅིང་།། གཞན་རྣམས་མཐོ་རིས་དྲོན་དུ་ངལ་བ་འཐོབ་པ་སྟེ།། བདེ་བའི་དོན་དུ་སྲེད་པའི་བཀྲེན་པ་དྲོན་མ་བྱས།། གསོན་པའི་འཇིག་རྟེན་ངེས་པར་དོན་མེད་ཉིད་དུ་ལྷུང་།། གང་ཞིག ་དམན་པ་དོར་ནས་ཁྱད་འཕགས་འགྲོ་བ་ཅན།། འབད་པ་འདི་ནི་ངེས་པར་སྨད་པ་མ་ཡིན་ལ།། ཤེས་ལྡན་རྣམས་དང་མཉམ་པའི་ཡོངསུ་གདུང་བ་ཡིས།། བྱ་བ་མ་ཡིན་དེ་འདིར་སླར་ཡང་བྱེད་པའོ།། ལུས་ཀྱི་གཙིར་བས་གལ་ཏེ ་འདིར་ནི་ཆོས་ཡིན་ན།། ལུས་ཀྱི་བདེ་བ་ཆོས་མ་ཡིན་པར་འགྱུར་བ་སྟེ།། ཕ་རོལ་ཏུ་བདེ་བ་ཆོས་ཀྱིས་ཀྱང་འཐོབ་ལ།། དེའི་ཕྱིར་འདི་ཡིས་ཆོས་ཀྱིས་ཆོས་མིན་འབྲས་བུའོ།། གང་གིས་ཕྱིར་ན་བསམ་པའི་དབང་གིས་ལུས་ཡིན་ལ།། རབ་ཏུ ་འཇུག་པ་དང་ནི་ལྡོག་པ་དག་ཀྱང་ངོ་།། དེ་ཕྱིར་སེམས་ཀྱི་དུལ་བ་ཉིད་ནི་རིགས་པ་སྟེ།། སེམས་ལས་གཞན་པའི་ལུས་ནི་ཤིང་དང་མཉམ་པའོ།། བཟའ་བ་གཙང་བས་གལ་ཏེ་བསོད་ནམས་འདོད་ན་ནི།། དེ་ཕྱིར་རི་དགས་རྣམས་ཀྱང ་བསོད་ནམས་ཡོད་པ་སྟེ།། ཕྱི་རོལ་སྐྱེས་བུ་གང་དག་རྣམས་ཀྱང་འབྲས་བུ་ལས།། བསྐལ་པའི་ཉེས་པས་དོན་རྣམས་གཞན་དུ་ཁ་བལྟས་སོ།། བསོད་ནམས་ཕྱིར་ནི་སྡུག་བསྔལ་མངོན་པར་མཚམས་སྦྱོར་ན།། འོ་ན་སྡུག་ལ་མངོན ་པར་མཚམས་སྦྱོར་ཚད་མ་མིན།། དེ་ལྟར་གང་དག་ལས་ནི་རྣམ་པར་དག་པའི་ཕྱིར།། སྟེགས་ཤེས་རབ་ཏུ་ཞུགས་ཏེ་ཆུ་ལ་རེག་པར་བྱེད།། དེར་ཡང་དེ་ཡི་སྙིང་ལ་ཚིམ་པ་ཅི་མ་ཡིན་ཏེ།། ཆུ་ཡིས་སྡིག་པ་དག་པར་བྱེད་པ་མ་ཡིན། ་ཕྱིར། ཡོན་ཏན་ལྡན་པས་རེག་པའི་ཆུ་ནི་གང་དང་གང་།། དེ་དང་དེ་ནི་ས་ལ་གལ་ཏེ་སྟེགས་འདོད་ན།། ཆུ་ཡང་ཐེ་ཚོམ་མེད་པར་ཆུ་ཉིད་ཁོ་ན་སྟེ།། དེ་ཕྱིར་ཡོན་ཏན་ལྡན་རྣམས་ཁོ་ན་སྟེགས་སུ་གོ།། དེ་ལྟར་རིག་པ་མང་པོ་ལྡན་པ་དེ ་དང་དེ།། སྨྲས་ཏེ་རྣམ་པར་མཛེས་པའི་ཉི་མ་ནུབ་པར་གྱུར།། དེ་ནས་སྦྱིན་སྲེག་དུ་བས་ཁ་དོག་འགྱུར་བའི་ཤིང་།། དཀའ་ཐུབ་རབ་ཏུ་ཞི་བའི་ཁྲུས་སར་རྣམ་པར་ཞུགས།། མངོན་པར་བཏོན་པའི་རབ་ཏུ་འབར་བའི་མེ་ཡིས་ཐབ ་ལ་ནིང་། དབང་བསྐུར་བྱས་པའི་དྲང་སྲོང་སྐྱེ་བོས་ཁྱབ་པ་སྟེ།། བཟླས་པ་བྱ་ཡི་དབྱངས་ཀྱིས་ཀུན་ནས་སྐད་སྒྲོག་ལྷ་ཡི་ཚོགས།། ཆོས་ཀྱི་ལམ་གྱི་ལས་ཀྱི་མཐའ་བཞིན་རབ་ཏུ་ཞུགས་པའོ།། ང་ནི་མཚན་མ་ཐང་འག ་མཚན་མོར་བྱེད་འོད་ཀྱི།། དཀའ་ཐུབ་རྣམས་ལ་ཡོངསུ་རྟོག་ཅིང་ཞུགས་གྱུར་ལ།། དཀའ་ཐུབ་ཐམས་ཅད་ཡོངསུ་བརྟགས་ཤིང་མཁྱེན་གྱུར་ན།། དཀའ་ཐུབ་ཞིང་གི་ཐང་དེ་ལས་ནི་གཤེགས་པར་གྱུར།། དེའི་གཟུགས་བདག་ཉིད་ཆེན་པོར་སོང ་བའི་ཡིད་རྣམས་ཀྱིས།། དཀའ་ཐུབ་གནས་ལྡན་རྣམས་ནི་དེ་ནས་དེ་རྗེས་གཤེག། འཕགས་མིན་སྡིག་པ་རྣམས་ཀྱིས་ཟིལ་ནོན་ཡུལ་ལས་ནི།། དྲང་སྲོང་ཆེན་པོ་རྣམས་ནི་ཆོས་བཞིན་ཕ་རོལ་གཤེགས།། དེ་ནས་རལ་པ་ཤིང་ཤུན་ཟུར་ཕུད་ཀྱིས ་རོལ་པའི།། དཀའ་ཐུབ་ནོར་དང་ལྡན་པ་དེ་རྣམས་དེས་གཟིགས་ཤིང་།། དེ་དག་རྣམས་ཀྱི་དཀའ་ཐུབ་རྣམས་ལ་བརྗེས་བརྟེན་ཏེ།། དཔལ་དང་ལྡན་ལ་དགེ་བའི་ཤིང་གི་རྩུ་བར་གནས།། དེ་ནས་དཀའ་ཐུབ་གནས་ལྡན་རྣམས་ནི་ཉེར་འོངས་ནས། ་མེ་མཆོག་དེ་ལ་ཡོངསུ་བསྐོར་ནས་གནས་གྱུར་ལ།། དེ་དག་རྣམས་ཀྱི་རྒྱན་པོས་མཆོད་མ་སྔོན་བཏང་སྟེ།། དུས་ཀྱི་ཞི་བས་ཚིག་འདི་རབ་ཏུ་འདི་སྨྲས་སོ།། ཁྱོད་ཀྱིས་བྱོན་ཚེ་གདུང་གནས་གང་བ་བཞིན་གྱུར་ལ།། རབ་ཏུ་གཤེགས་ཚེ་སྟོང་པ ་བཞིན་དུ་རབ་ཏུ་ཐོབ།། དེ་ཕྱིར་བརྩེ་བ་འདི་ནི་འབོར་བར་འོས་མིན་ཏེ།། འཚོ་བར་འདོད་པའི་ཕངས་པའི་ཚེ་ཡིས་ལུས་བཞིན་ནོ།། ལྷ་ཡི་དྲང་སྲོང་ཚངས་པའི་དྲང་སྲོང་རྒྱལ་པོ་ཡིས།། དྲང་སྲོང་གིས་བསྙེན་བསོད་ནམས་ཉེ་བར་གང་ལྡན་རི།། དཀའ ་ཐུབ་ནོར་ལྡན་རྣམས་ཀྱི་དཀའ་ཐུབ་དེ་རྣམས་ནི།། གང་གི་ཉེ་ལོགས་དགྲ་ནས་མང་པོར་འགྱུར་བའོ།། དེ་བཞིན་ཀུན་ནས་བསོད་ནམས་དག་གི་སྟེགས་གྱུར་ལ།། ན་མཁའི་འོག་གི་ཐེམ་སྐས་དག་ཏུ་གྱུར་པ་སྟེ།། ལྷ་ཡི་དྲང་སྲོང་རྣམས་དང ་དྲང་སྐྱོང་ཆེན་པོ་ནི།། ཆོས་ཀྱི་བདག་ཉིད་བདག་ཉིད་ཆེན་པོ་རྣམས་ཀྱིས་བསྙེན།། འདི་ནས་སླར་ཡང་ཁྱད་འཕགས་ཆོས་ཀྱི་ཚེ་ལས་ནི།། བྱང་གི་ཕྱོགས་ཉིད་ཁོ་ནར་བསྙེན་པར་ནུས་པ་སྟེ།། བློ་དང་ལྡན་པས་གོམ་པ་གཅིག་ཏུ་གྱུར་པ་ཡང་།། ལྷོ ་ཡི་ཕྱོགསུ་འགྲོ་བར་ནུས་པ་མ་ཡིན་ནོ།། དཀའ་ཐུབ་ནགས་འདིར་ཇི་སྟེ་བྱ་བ་ངན་པ་འམ།། བསྲེ་མའི་ཆོས་བསམ་ལྷུང་བ་མིན་ནམ་མི་གཙང་བར།། ཁྱེད་ཀྱིས་མཐོང་སྟེ་གང་གིས་ཁྱེད་འདི་བཞུགས་འདོད་མིན།། དེ་ནི་གསུང་ལ་རེ་ཞིག ་སྲེད་པར་བཞུགས་མཛོད་ཅིག། དཀའ་ཐུབ་གཏེར་དང་རབ་ཏུ་མཚུངས་པར་གྱུར་པ་ལས།། འདི་རྣམས་ཀྱིས་ནི་དཀའ་ཐུབ་གྲོགས་སུ་འདོད་པ་སྟེ།། དབང་པོ་དང་མཉམ་ཁྱེད་དང་ལྷན་ཅིག་གནས་པ་ནི།། པུར་བུ་ཡི་ཡང་མངོན་པར ་མཐོ་བ་འདྲེན་པ་ཡིན།། དཀའ་ཐུབ་ལྡན་པའི་གཙོ་བོས་དེ་སྐད་ཅེས་སྨྲས་ཏེ།། སྲིད་པར་རབ་ཏུ་ཉམས་ཕྱིར་དམ་བཅའ་བྱས་པ་ཡིས།། མཁས་པའི་གཙོ་བོ་དེས་ནི་དཀའ་ཐུབ་ལྡན་དབུས་སུ།། ནང་དུ་སོང་བའི་རང་བཞིན་སྨྲས་པར་གྱུར ་པའོ།། མགྲོན་ལ་སག་ཅིང་རང་གི་སྐྱེ་བོ་དང་མཚུངས་པའི།། དྲང་པོའི་བདག་ཉིད་ཆོས་འཛིན་ཐུབ་པ་རྣམས་ཀྱི་ནི།། བདག་ལ་རྣམ་པ་དེ་ལྟར་བསམ་པ་སྐྱེས་པ་ཡིས།། བདག་གིས་དགའ་བ་མཆོག་དང་བཀུར་སྟི་སྐྱེས་པར་གྱུར།། མདོ ་བསྡུས་གྱུར་ན་བརྩེ་ཞིང་གཉེན་པ་འདི་རྣམས་དག། སྙིང་ལ་སོང་བའི་ངག་རྣམས་དག་གིས་ཁྲུས་བྱས་བཞིན།། ཀུན་ནས་འཛིན་མེད་ཆོས་ཅན་བདག་གི་དགའ་བ་ནི།། དེ་རིང་སླར་ཡང་ཅུང་ཞིག་གཡོས ་པར་གྱུར་པ་ཉིད།། དེ་ལྟར་རབ་ཏུ་ཞུགས་པའི་ཁྱེད་ཅག་སྐྱབས་འོས་རྣམས།། ཤིན་ཏུ་ཕྱོགས་སུ་ལྟུང་བ་ཡང་དག་བསྟན་པ་རྣམས།། བོར་ནས་འགྲོ་ཞེས་ཁོ་བོ་ཡི་ཡང་སྡུག་བསྔལ་ཏེ།། ཇི་ལྟར་གཉེན་འདུན་རྣམས་ནི་སྤངས་པ་དེ ་ལྟརོ།། ཁྱེད་ཅག་རྣམས་ཀྱི་ཆོས་འདི་མཐོ་རིས་ཆེད་དུ་སྟེ།། འདྲག་གི་མངོན་པར་མཐོ་བ་ཡང་སྲིད་མ་ཡིན་ཕྱིར།། ནགས་དེར་གང་གི་བདག་ནི་སྡོད་འདོད་མ་ཡིན་ཏེ།། ཆོས་ལས་ལྡོག་པ་རབ་ཏུ་འཇུག་པ་ཐ་དད་ཕྱིར།། དེ་ཕྱིར་ནགས ་འདི་དག་ན་གང་གིས་ཡོངས་འགྲོ་བ།། བདག་གཱི་མ་དགའ་མ་ཡིན་ཕ་རོལ་སྤྱོད་ལོག་མིན།། སྔོན་གྱི་དུས་ན་རྗེས་མཐུན་ཆོས་ལ་གནས་པ་ཡི།། དྲང་སྲོང་ཆེན་པོ་ཐམས་ཅད་རྣམས་དང་མཚུངས་པར་གྱུར།། དེ་ན་དོན་དང་ལྡན་ལ་བདེ་ཞིང ་ཡིད་དུ་འོང་།། ལེགས་མཐུན་མདངས་དང་ལྡན་ལ་སྙིང་པོ་དང་ལྡན་པ།། གཞོན་ནུའི་ཚིག་ནི་དཀའ་ཐུབ་ལྡན་པ་དེ་རྣམས་ཀྱིས།། ཐོས་ནས་ཁྱད་འཕགས་དང་ལྡན་བཀུར་སྟི་མང་པོས་གཤེགས།། དེ་ནས་གཉིས་སྐྱེས་ཐལ་བ་ལ་ཉལ་ཁ་ཅིག་ནི།། ་ལུས་རིང་གཙུག་ཏོར་དང་ལྡན་ཤིང་ཤུན་གོས་གོན་ཞིང་།། མིག་ནི་དྲུང་ཟད་དཀར་སེར་སྣ་ནི་ཕྲ་ལ་རིང་།། ལ་གཅིག་སྤྱི་བླུགས་ལྡན་པས་ཚིག་འདི་སྨྲས་པའོ།། ཁྱོད་ཀྱི་ངེས་པ་ཉིད་དུ་རྒྱ་ཆེན་བློ་ལྡན་ཞིང་།། གཞོན་ནུ་ཁྱེད་ཀྱིས་སྐྱེ་བ་ལ་ནི ་ཉེས་པ་གཟིགས།། མཐོ་རིས་དང་ཐར་པ་ཡང་དག་རྣམ་སྤྱོད་ཕྱིར།། ཐར་པ་གང་གི་བློ་གྲོས་ཡོད་པ་དེ་ཡིན་ནོ།། མཆོད་སྦྱིན་དཀའ་ཐུབ་ངེས་པ་དེ་རྣམས་ཀྱིས།། ཆགས་པ་དང་ལྡན་མཐོ་རིས་ལ་ནི་འགྲོ་བར་འདོད།། དགྲ་བོ་བཞིན་དུ་ཆགས ་དང་ལྷན་ཅིག་གཡུལ་སྤྱད་ནས།། སེམས་པ་རུང་ལྡན་ཐར་པ་དུ་ནི་འགྲོ་བར་འདོད།། དེ་ཕྱིར་གལ་ཏེ་ཁྱོད་ཀྱི་བློ་གྲོས་འདྲི་ངོས་ན།། སྐྱེན་པར་ཁྱེད་ཉིད་འབིགས་བྱེད་ཕུག་པར་གཤེགས་མཛོད་ཅིག། གང་ཞིག་མཐར་ཐུག་ངེས་པར་ལེགས ་པ་ཐོབ་པའི་མིག། ཐུབ་པ་འདི་ནི་དེ་རུ་མཚན་མོ་མིན་པར་གནས།། དེ་ཕྱིར་ཁྱོད་ཀྱིས་དེ་ཉིད་ལམ་ནི་ཐོབ་གྱུར་ལ།། སྲེད་པར་གྱུར་ན་ཡང་དག་རབ་ཏུ་འཐོབ་པར་འགྱུར།། བདག་གི་མཐོང་བ་ཇི་ལྟར་བློ་གྲོས་དེ་དེ་ལྟར།། དེ་ཉིད་ཀྱི་ཡང་བློ ་གྲོས་བོར་ནས་འགྲོ་བར་འགྱུར།། གསལ་ཞིང་མཐོ་བའི་ཤངས་དང་རྣམ་རྒྱས་ཡངས་པའི་སྤྱན།། ཟངས་མདོག་ཡ་མཆུ་མ་མཆུ་རྣོ་དཀར་མཆེ་བ་ཅན།། ལྗགས་ནི་དམར་ཞིང་ཕྲ་བའི་ཞལ་དང་ལྡན་པ་འདི།། ཤེས་བྱའི་རྒྱ་མཚོ ་མཐའ་དག་ལ་ནི་འགྲོ་བ་ཉིད།། ཁྱོད་ཀྱི་ཟབ་པ་དང་ནི་གཏིང་དཔག་དཀའ་གང་དང་།། གང་ཞིག་སྒྲོན་མ་ཉིད་དང་མཚན་རྣམས་གང་ཡིན་པས།། སྔོན་གྱི་བསྒྲིལ་པར་དྲང་སྲོང་གིས་གང་མ་མཐོང་བའི།། སློབ་དཔོན་ཉིད་དེ་སོ་ལ་མདོ ་དགའ་ནས་གཤེགས།། དཀའ་ཐུབ་ལྡན་པ་དེ་རྣམས་ཀྱིས་ཀྱང་དེ་ལ་ཡང་།། ཆོ་ག་བཞིན་རྗེས་བྱས་ནས་དཀའ་ཐུབ་ནགས་དེར་གཤེགས།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། དཀའ་ཐུབ་ཀྱི་ནགསུ་ཞུགས ་བའི་ལེ་རུ་སྐྱེ་བདུན་པའོ།། ། དེ་ནས་མགྱོགས་འགྲོ་སྦྱོང་ང་ཡིད་མི་བདེ་གྱུར་ཏེ།། དེ་ལྟར་ཇོ་བོ་ནགས་སུང་མེད་པར་གཤེགས་ལ།། ལམ་དུ་མྱ་ངན་མེད་པ་འབད་པར་བྱ་གྱུས།། དེ་ལྟར ་ན་ཡང་དེའི་མཆི་མ་ཁྲོག་མ་གྱུར།། གོང་ལ་ཇོ་བོའི་བཀའ་ལ་མཚན་མོ་གཅིག་གིས་ནི།། མགྱོགས་འགྲོ་དེ་དང་གཤེགས་པར་གྱུར་པའི་ལམ།། ལམ་དེ་ཉིད་ལ་འགྲོ་བཞག་དག་ནི་བརྒྱད་རྣམས་ཀྱིས།། ཇོ་བོ་ཉིད་དང་བྲལ་བ་དེ་ཡིས་སེམས ་ཞིང་འོང་།། འཐོན་པ་མེད་པས་རྒྱགས་པ་མེད་པར་གྱུར་པ་ཡིས།། སྔགས་ལྡན་མགྱོགས་འགྲོ་ཉིད་ཀྱང་མདངས་མེད་རྒྱུ་བ་སྟེ།། དེ་ལྟར་རྒྱུན་དེ་རྣམས་ཀྱིས་བརྒྱན་པར་བྱས་ན་ཡང་།། དེ་ཡིས་དོར་བས་དཔལ་ནི་སོང་བ་བཞིན་དུ་གྱུར།། ཕྱིར ་ལོག་ནས་ཀྱང་དཀའ་ཐུབ་ནགས་སུ་མངོན་ཕྱོགས་ཏེ།། སྒྱིང་རྗེ་བར་ནི་ཡང་དང་ཡང་དུ་བྲག་ཏུ་འཆར།། ལམ་ན་རྟོགས་པ་ལྡན་པ་ཡིན་ཡང་འབྲུང་ཆུ།། ཇི་ལྟར་སྟོན་བཞིན་མངོན་པར་མ་དགའ་མྱ་བསླང་སོ།། དེ་ནས་འགྲོ་ལ་པོན་པའི ་བདག་ཉིད་བདག་ཉིད་ཆེན་པོ་དྷེ།། སྣེར་བྷྱོ་ཞེས་བྱའི་གྲོང་ཁྱེར་རྣམ་པར་དམུན་པཱ་ལ།། ཉིན་མོར་བྱེད་པས་བོར་བའི་ན་མཁྱེའ་འབྲས་མེད་བཞིན།། རིམ་གྱིས་དེ་གཉིས་སྟོང་པ་བཞིན་དུ་ཉེ་བར་སོང་།། དེདྨ་དཀར་པོ་དང་བཅས་ཆུ་ཡིས། ་མཛེས་གྱུར་ཅིང་།། མེ་ཏོག་འཛིན་པའི་ཤིང་རྣམས་ཀྱིས་ནི་བརྒྱན་ནི་ཡང་།། གྲོང་ཁྱེར་པ་རྣམས་རབ་ཏུ་དགའ་བ་སོང་གྱུར་ཏེ།། དེ་ཡི་ཉེ་བའི་ནགས་དེ་ནགས་ལྟར་མཛེས་མ་གྱུར།། དེ་ལྟར་ལྟ་བྱེད་མཆི་མས་བཅོམ་པའི་མི་རྣམས་ནི།། ་རབ་ཏུ་འངར་མིན་ཞན་པའི་ཡིད་ཀྱིས་ཕྱོགས་སུ་སྐོར།། འོང་དུ་མི་སྟེར་བ་བཞིན་གཉིས་པོ་དེ་གྲོང་དུ།། དྲལ་བུས་ལོག་པའི་ཁྲུས་བཞིན་མངོན་པར་སོང་བར་གྱུར།། ཤཱཀྱའི་རིགས་ཀྱི་དྲང་སྲོང་དང་བྲལ་འོངས་པ་ཡི།། ལུས་ཟགས་འགྲོས ་དང་ལྡན་པ་དེ་གཉིས་མཐོང་ནས་ཀྱང་།། སྔོན་ཚེ་ཤིང་རྟ་བཅུ་པའི་ཤིང་རྟ་འོངས་པ་བཞིན།། གྲོང་ཁྱེར་སྐྱེ་བོ་རྣམས་ནི་ལམ་དུ་མཆི་མ་ཕྱུང་།། དེ་ནས་མྱ་ངན་ཉེ་བར་ལྡན་པའི་སྐྱེ་བོ་དག། མཆི་མ་ཆུང་བ་རྣམས་ཀྱིས་འདུན་པ་ལ་སྨྲས་པ།། གྲོང ་ཁྱེར་ཡུལ་འཁོར་དགའ་མཛད་རྒྱལ་པོའི་སྲས་པོ་དེ།། ཁྱེད་ཀྱིས་གང་དུ་བོར་ཞེས་རྒྱབ་ནས་རྗེས་སུ་འགྲོ།། དེ་ནས་གུས་ལྡན་སྐྱེ་བོ་དེ་ལ་དེས་སྨྲས་པ།། མི་དབང་སྲས་པོ་བདག་གིས་ཡོངསུ་བོར་བ་མིན།། ངུ་བཞིན་སྐྱེ་བོ་རྙེད་པའི་ནགསུ་ཁོ་བོ ་དང་། ཁྱིམ་གནས་ཆ་ལུགས་ངག་ཀྱང་དེ་ཡིས་རྣམ་པར་སྤངས།། དེ་ཡི་ཚིག་ནི་སྐྱེ་བོ་དེ་རྣམས་ཀྱིས་ཐོས་ནས།། ངེས་པར་ཤིན་ཏུ་དཀའ་བ་ཉིད་ཅེས་ངེས་པར་སོང་གྱུར་ལ།། འགྱེལ་ཞིང་མིག་སྐྱེས་ཆུ་ནི་རྣམ་པར་མཐོར་བ་སྟེ།། ཡིད་ལ་སྨོད ་ཅིང་བདག་ཉིད་ཀྱིས་ནི་འབྲས་བུ་ལོང་།། དེ་ནས་སྨྲས་པ་གཉིས་སྐྱེས་རྒྱལ་པོའི་ཤུགས་མངའ་སྟེ།། གང་དུ་གཤེགས་པའི་ནགས་དེར་དཱི་རིང་ཞུགས་པར་བགྱི།། ལུས་ཅན་དབང་པོ་མ་ཚང་རྣམས་ཀྱི་ཇི་ལྟ་བར།། དེ་དག་བྲལ་བས་བདག་ཅག ་འཚོ་བར་འདོད་པ་མེད།། དེ་དང་བྲལ་བའི་གྲོང་ཁྱེར་འདི་ནི་ནགས་ཡོན་ལ།། དེ་དང་ཡང་དག་ལྡན་པའི་ནགས་དེ་གྲོང་ཁྱེར་ཡིན།། ལྷ་ནི་ལྷ་མིན་གསོད་ཚེ་བརྒྱ་བྱིན་གྱིས་ཇི་ལྟར།། དེ་དང་བྲལ་བས་བདག་གི་གྲོང་ཁྱེར་མཛེས་མར་གྱུར།། དེ་ནས ་སླར་ཡང་གཞོན་ནུ་ཕྱིར་ལ་ལོག་ཅེས་ཏེ།། ཡན་ལག་མ་རྣམས་སྐར་ཁུང་ཕྲེང་རྣམས་རབ་ཐོབ་སྟེ།། མགྱོགས་འགྲོའི་རྒྱབ་ནི་རྣམ་པར་དབེན་པ་མཐོང་གྱུར་ནས།། སླར་ཡང་སྐར་ཁུང་རྣམས་ནི་རྣམ་པར ་བཀག་ནས་ངུ།། བརྟུལ་ཞུགས་དང་ནི་མྱ་ངན་དག་གིས་ཡིད་དུ་བཅིང་།། བརྟུལ་ཞུགས་ལ་རབ་ཞུགས་པས་སྲས་པོ་ཉེར་ཐོབ་ཕྱིར།། བཟླས་བྱས་ཤིང་གི་ལྷ་ཡི་ཁང་པར་མི་བདག་གིས།། བསམ་པ་ཇི་ལྟར་དེ་དང་དེ་རྣམས་བྱས།། ། ་དེ་ནས་མིག་དག་མཆི་མས་རབ་ཏུ་གང་བ་དེས།། མགྱོགས་འགྲོ་བླངས་ནས་མགྱོགས་འགྲོ་རྗེས་སུ་འགྲོ་བ་སྟེ།། གཡུལ་འགྱེད་པ་ན་དག་པོས་ཇོ་བོ་ཁྱེར་བ་ལྟར།། མྱ་ངན་དག་གིས་མངོན་བཅོམ་མི་སྐྱོང་ཁང་པར་ཞུགས།། མི་དབང ་རྒྱལ་པོའི་ཁབ་ཏུ་རྣམ་པར་ཞུགས་པ་ན།། རྣམ་པར་བལྟ་ཞིང་མིག་དག་མཆི་མ་འབབ་པ་ཡིས།། སྐྱེ་བོ་ལ་ནི་སྡུག་བསྔལ་རབ་ཏུ་རྟོགས་འཇུག་བཞིན།། སྔགས་ལྡན་མགྱོགས་འགྲོ་བསལ་བའི་དབྱངས་ཀྱིས་ངུས་པར་གྱུར།། དེ་ནས ་ཁང་པའི་དབུས་ན་སྤྱོད་པའི་བྱ་རྣམས་དང་།། ཉེ་བར་བརྟག་པའི་མགྱོགས་འགྲོ་དམ་པར་བྱེད་རྣམས་ཀྱིས།། མི་དབང་སྲས་པོ་ལོག་པར་གཤེགས་ལ་ཐེ་ཚོམ་སྟེ།། མགྱོགས་འགྲོ་དེ་ཡི་དབྱངས་ལ་སོ་སོར་རམ་འདེགས་བྱས།། ཇི ་ལྟར་སྔགས་ལྡན་མགྱོགས་འགྲོ་འཚེར་བར་བྱེད་པ་སྟེ།། ངེས་པར་གཞོན་ནུ་ཁབ་ཏུ་རྣམ་པར་ཞུགས་སྙམ་སྟེ།། དགའ་བ་ཕུལ་དུ་བྱུང་པས་བསླུས་པའི་སྐྱེ་བོ་རྣམས།། སྐྱེ་བོའི་བདག་པོའི་བཙུན་མོའི་འཁོར་གྱི་ཉེ་ལོགས་སོང་།། ་ཤིན་ཏུ་དགའ་བ་ལས་ནི་མྱ་ངན་གྱིས་བརྒྱལ་རྣམས།། གཞོན་ནུ་བལྟ་བ་ལ་ནི་གཡོ་བའི་སྤྱན་མ་རྣམས།། སྟོན་ཀའི་ཆུ་གཏེར་སྤྲིན་ལས་གློག་ནི་གཡོ་བ་བཞིན།། བུད་མེད་རྣམས་ནི་སྲེད་པས་ཁྱིམ་ནས་ཕྱིར་ལ་འཐོན།། ལན་བུ་རྣམ ་པར་འཕྱང་ཞིང་དར་གོས་དྲི་མ་ཅན།། མིག་རྩི་དང་བྲལ་མཆི་མས་མིག་བཅོམ་གདོང་རྣམས་ཀྱིས།། མཚན་མོ་ཟད་ཆེ་སྐྱ་རེང་གིས་མཁར་སྐར་མ་བཞིན།། བྱི་དོར་དང་བྲལ་བུད་མེད་རིགས་རྣམས་མཛེས་མོ་གྱུར།། རྐང་པ་རྐང་གདུང ་དང་བྲལ་ཟངས་མདོག་མ་ཆགས་རྣམས།། གདོང་པ་རྣ་ལུང་དང་བྲལ་མགྲིན་པ་དྲང་པོ་རྣམས།། རང་བཞིན་གྱིས་རྒྱས་བོརླ་ནི་འོག་པབ་དང་བྲལ་རྣམས།། ནུ་མ་དོར་ཤལ་དང་བྲལ་སྟོད་གཡོགས་ཆད་རྣམསོ།། རྟེན་དང་བྲལ་བའི་འདུན་བྱ ་དང་ནི་མགྱོགས་འགྲོ་ཉིད།། མིག་ནི་མཆི་མ་དང་ལྡན་དེ་རྣམས་ཀྱིས་མཐོང་ནས།། ནགས་མཐར་ཁྱུ་མཆོག་དང་བྲལ་བ་གླང་རྣམས་བཞིན་དུ།། སེམས་ཁྲལ་གདོང་ལྡན་ཡན་ལག་མཆོག་མ་རྣམས་ནི་དུས།། དེ་ནས་རྒྱལ་བའི་བཙུན་མོ ་མཆི་མ་དང་བཅས་པར།། བེའུ་ཉམས་པའི་མ་ཧེ་མོ་ལྟར་མཉེས་བཤིན་མ།། གསེར་གྱི་ཆུ་ཤིང་ལོ་འདབ་རྣམ་པར་གསོ་བ་བཞིན།། གཽ་ཏ་མ་མུས་ནི་ལག་པ་བཟུང་ནས་འགྱེལ།། དཔུང་པ་ལག་པ་སྙོམས་ཤིང་གཟི་བརྗིད་བཅོམ ་པ་ཡི།། བུད་མེད་གཞན་རྣམས་ཡིད་མི་བདེ་བས་སེམས་མེད་བཞིན།། མཆི་མ་མ་བཏོན་འོ་དོད་འབོད་མིན་དབུགས་མེད་པར།། གཡོ་བྲལ་རི་མོ་བྲིས་པ་བཞིན་དུ་གནས་པར་གྱུར།། བརྟན་མིན་བདག་པོའི་མྱ་ངན་གྱིས་བརྒྱལ་བུང ་མེད་གཞན།། རྣམ་པར་ལྟ་བྱེད་ནས་འབབ་རྒྱུན་གྱི་གདོང་རྣམས་ཀྱིས།། ས་འཛིན་རི་བོ་ནས་འབབ་རྒྱུན་གྱི་རྡོ་བ་ལྟར།། ཙན་དན་རབ་བསྐུས་ནུ་མ་རྣམས་ལ་རྣམ་པར་འཐོར།། དེ་རྣམས་ཀྱིས་ནི་མིག་ཆུས ་བཏགས་པའི་གདོང་རྣམས་ཀྱིས།། རྒྱལ་པོའི་ཁབ་དེ་དེ་ཚེ་མཛེས་པར་གྱུར་པ་ནི།། ཆུ་གསར་དུས་ན་ཆུ་གཏེར་ཆར་གྱིས་བཏགས་པ་ཡི།། ཆུ་འཛིན་པདྨ་རྣམས་ཀྱིས་རྫིང་བུ་ཇི་ལྟར་རོ།། རྒྱས་ཤིང་བར་མེད་ལེགས་པར་ཟླུམ་པའི ་སོར་མོ་ཅན།། རྒྱན་བྲལ་རྩ་མི་མངོན་པོའི་ཡན་ལག་མཆོག་མ་རྣམས།། རླུང་གིས་གཡོས་པའི་ལྗོ་ནི་ཤིང་རང་གི་འདབ་མས་ལྟར།། པདྨ་ལྟ་བུའི་ལག་པ་རྣམས་ཀྱིས་བྲང་རྣམས་བརྡུངས།། ནགས་རླུང་གིས་བསྐུལ་པདྨ་ལྟ་བུར ་གཡོས་པ་ཡིས།། ངང་པ་རྣམས་ཀྱི་འཁྲིགས་པ་རྣམས་ཀྱི་ཆུ་ཀླུང་ལྟར།། བྲང་བརྡུངས་རབ་བསྐྱོད་འབྲེལ་མཐོའི་ནུ་མ་རྣམས་ཀྱིས་ནི།། དེ་ལྟ་ན་ཡང་མི་མོ་དེ་རྣམས་མཛེས་པར་གྱུར།། ཇི་ལྟར་བྲང་རྣམས་ལ་ནི་ལག་པས་ཟུག་བྱས ་པ།། དེ་ལྟར་ལག་པ་རྣམས་ལ་བྲང་ནི་ཟུག་བྱེད་ཅིང་།། ལེ་ལོ་ཅན་མེ་བརྩེ་མེད་སྟོབས་མེད་མ་ཡིས་དེར།། ལག་པའི་རྩེ་དང་བྲང་རྣམས་ཕན་ཚུན་ཟུག་བྱསོ།། དེ་ནས་ཁྲོས་པས་རབ་ཏུ་དམར་བའི་སྤྱན་ལྡན་མ།། སེམས་འཁྲལ་གྱིས་སྦྲེལ ་མགྲིན་པ་ཁ་ཞིང་ལྔཔ་ལྡིབ་དང་།། ཤུགས་རིངས་ཕྱུང་བས་འོ་མ་འཛིན་གཡོ་བརྟན་པ་ཡི།། མྱ་ངན་མཆི་མ་འཛིན་པའི་གྲགས་འཛིན་མས་སྨྲས་པ།། མཚན་མོ་གཉིད་ལོག་དབང་མེད་བདག་ནི་རྣམ་སྤངས་ནས།། འདུན་པ་འདོད་པའི ་ཤིང་རྟ་དེ་ནི་གང་དུ་ཐལ།། གསུམ་པོ་མཉམ་དུ་སོང་ལ་ཁྱོད་དང་སྔགས་ལྡན་ནི།། ཉེ་བར་འོངས་པས་ཁོ་མོའི་ཡིད་ནི་གཡོས་པར་གྱུར།། ཁོ་མོ་འཕགས་མིན་བརྩེ་མིན་བཤེས་མ་ཡིན་པའི་ལས།། ཕུལ་ཕྱུང་དེ་འདིར་བྱས ་ནས་ད་ནི་ཅི་ལ་དུ།། མཆི་མ་མ་འདོན་ཁྱོད་ཀྱི་སེམས་ནི་སིམ་པར་འགྱུར།། ཁྱོད་ཀྱི་མཆི་མ་དང་ནི་ལས་དེ་གཏམ་མ་ཡིན།། དགའ་དང་སོང་དང་ཕན་དང་ལེགས་པ་དང་།། ཇི་ལྟ་བ་བཞིན་དོན་བྱེད་ཁྱོད་ཉིད་དང་འགྲོགས་ཤིང་།། སླར་མི ་ལྡོག་པའི་ཆེད་དུ་ཇོ་བོ་སྲས་པོ་ཐལ།། ཁྱོད་ཀྱི་ང་ལ་འབྲས་བཅས་སེམས་ནི་དགའ་བར་གྱིས།། མི་ཡི་དབང་པོའི་དགྲ་བོ་དག་ནི་མཆོག་ཡིན་ལ།། སྦྱོར་མིན་ལ་མཁས་ཤེས་རབ་མེད་པའི་བཤེས་མཆོག་མིན།། ངེས་པར་མཛའ་བཤེ ་རྣམ་པར་མི་མཁས་ཁྱོད་ཀྱིས་ནི།། འདི་ཡི་རིགས་ཀྱི་ཉེ་བར་ནུབ་པ་ཆེན་པོ་བྱས།། རབ་ཆགས་དྲི་མས་འདྲེས་ཤིང་དམར་བའི་མིག་ཅན་མ།། ཀུན་ནས་རྒྱན་དང་བྲལ་བ་འདི་རྣམས་མྱ་ངན་བྱེད།། གངས་ལྡན་རི་བོ་དང་མཉམ་བདག་པོ་གནས་ན ་ཡང་།། བུད་མེད་རྣམས་ནི་ཡུགས་ས་མོ་བཞིན་མཛེས་པ་ཉམས།། འདི་དག་རྣམས་ཀྱང་བྱ་འདབ་ལག་པ་རྣམ་བསྐྱོད་ཅིང་།། རྟག་པར་ཕུག་རོན་རྣམས་ཀྱི་རིང་བའི་སྐད་རྣམས་དང་།། དེ་དང་བྲལ་བས་འབྲས་མེད་ཕོ་བྲང་འཁོར་དང་བཅས།། ་གཞལ་མེད་ཁང་པའི་གཅེར་རྣམས་ཤིན་ཏུ་ངུ་བ་འདྲ།། སྐྱེ་བོ་འདི་ནི་ཀུན་ནས་དོན་མེད་འདོད་པ་སྟེ།། བསྔགས་ལྗོན་པ་སོགས་འགྲོ་དེ་ཡང་ངེས་པ་ཉིད་དུའོ།། མཚན་མོ་སྐྱེ་བོ་གཉིད་ཚེ་རྐུན་པོས་རིན་ཆེན་བཞིན།། བདག་གི་འདི་ལྟར་འདི་ནས ་ནོར་རྫས་ཐམས་ཅུ་སྟོད།། མགྱོགས་འགྲོ་འདིས་ནི་མདའ་ཡི་རྨ་སྲོལ་བྱུང་རྣམས་ཀྱང་།། སྲོན་པར་ནུས་ཤེས་གྲགས་ན་ལྕགས་རྣམས་སྨོས་ཅི་དགོས།། བདག་གི་སྙིང་དང་འདྲ་བའི་དཔལ་ནི་བླངས་གྱུར་ནས།། འཛི ་ནི་ལྕགས་ལྷུང་འཇིགས་ལ་སོང་བ་ཡིན་ནམ་ཅི།། མི་དབང་ཕོ་བྲང་ཡོངསུ་གང་བ་བཞིན་དུ་ནི།། འཕགས་པ་མིན་ལས་ད་ལྟ་དྲག་ཏུ་འཚེར་བར་བྱེད།། གང་གི་ཚེ་ན་མགྱོགས་འགྲོ་ལྐུགས་ལ་ཐང་ཆང་གྱུར།། གལ་ཏེ་སྐྱེ་བོ་དག་ལ་གོ། ་བར་འཚེར་བྱེད་དམ།། ཡང་ན་རྨིག་པས་ས་ལ་རྨིག་པའི་སྒྲ་བྱེད་དམ།། ཡང་ན་འགྲམ་པའི་སྒྲ་ནི་མཆོག་ཏུ་བསྐྱོད་ན་ནི།། བདག་ལ་སྡུག་བསྔལ་འདི་འདྲ་འབྱུང་བ་མ་ཡིནོ།། དེ་ལྟར་འདིར་ནི་ལྷ་མོའི་སྨྲེ་སྔགས་ལ་བརྟེན་ཅིང་།། མཆི་མས ་མདུད་པ་ཡི་གེའི་ཚིག་དག་ཐོས་གྱུར་ནས།། འོག་ཏུ་གདོང་ཕྱོགས་མཆི་མ་དང་བཅས་ཐལ་སྦྱར་ཏེ།། འདུན་པས་ལོན་འདི་དལ་བུར་སྨྲས་པར་གྱུར་པའོ།། ལྷ་མོ་བསྔགས་ལྡན་ལ་ནི་སྨོད་པར་འོས་མི་ནི་ཞིང་།། ཁོ་བོ་ལ་ཡང་ཁྲོ་བར་མཛད་པ ་འོས་མ་ཡིན།། ཁོ་བོ་ཅག་གི་སྐྱོན་མནི་ལྷ་མོ་མཁྱེན་པར་མཛོད་།། མི་ཡི་ལྷ་དེ་ལྷ་བཞིན་བཀྲ་ཤིས་ཀུན་གྱིས་གཤེགས།། བདག་གི་རྒྱལ་པོའི་བསྟན་པ་ཤེས་པ་ཡིན་ན་ཡང་།། ལྷ་ཉིད་གང་དག་གིས་ནི་སྟོབས་ལས་བྱས་པ་བཞིན།། བདག ་གིས་མགྱོགས་འགྲོ་འདི་ནི་ཉེ་བར་འོངས་པ་སྟེ།། ལམ་ན་དལ་བ་མེད་པར་དེ་ལྟར་རྗེསུ་སོང་།། མགྱོགས་འགྲོ་མཆོག་འདི་ཉིད་ཀྱང་གཤེགས་ཚེ་ས་ལ་ནི།། བར་སྣང་དག་ན་བཟུང་བཞིན་རྨིགས་པས་མ་རེག་ཅིང་།། དེ་བཞིན་ལྷོ་ཡི་ཆེད་དུ་གདོང་ནི ་སྔོགས་བྱས་བཞིན།། འགྲམ་པའི་སྒྲ་ནི་བྱས་མིན་འཚེར་བ་དག་ཀྱང་མེད།། གང་ལས་ས་སྐྱོང་བདག་ཉིད་སྐྱེས་པ་གཤེགས་ན།། དེ་ཚེ་སྒོ་ནི་རང་ཉིད་བྱེ་བར་གྱུར་པ་སྟེ།། མཚན་མོའི་མུན་པ་ཉི་མས་བཞིན་དུ་བསལ་གྱུར་ཏེ།། དེའི་ཕྱིར་ཡང ་ལྷ་ཡི་ཆོ་གཱ་དེ་ཟུང་གི། གང་ཕྱིར་མི་དབང་བཀའ་ལས་སྐྱེ་བོ་སྟོང་ཕྲག་དག། ཁང་པ་དང་ནི་གྲོང་ཁྱེར་ཉིད་དུ་བ་ག་ཡོད་ཀྱང་།། དེ་ཚེ་དེ་ནི་གཉིད་ཀྱི་ཕྲོགས་ཤིང་མ་སད་དེ།། དེ་ཡི་ཕྱིར་ཡང་ལྷ་ཡི་ཆོ་ག་དེ་ཟུང་ཞིག། གང་ཕྱིར་ནགས་ན་གནས་ལ ་མཐུན་པའི་གོས་དག་ནི།། ལྷ་ན་གནས་པས་དུས་སུ་འདི་ལ་བྱིན་གྱུར་ལ།། རྒྱུན་དག་མཁའ་ལ་རབ་ཏུ་གཏོར་བ་དེ་ཁྱེར་ཏེ།། དེ་ཡི་ཕྱིར་ཡང་ལྷ་ཡི་ཆོ་ག་དེ་ཟུང་གི། དེ་ཕྱིར་དེ་ལྟར་ལྷ་མོ་ངེང་གཉིས་ལ་སྐྱོན་དུ།། ཇི་ལྟར་སོང་བ་དེ་ལ་རྟོག ་པར་འོས་མ་ཡིན།། མགྱོགས་འགྲོ་འདི་དང་བདག་གི་འདོད་པ་མྱི་མཛད་པར།། དེ་ནི་ལྷ་རྣམས་དག་གིས་རྗེས་འགྲོ་བྱས་ཤིང་གཤེགས།། དེ་ལྟར་བདག་ཉིད་ཆེན་པོ་དེ་ཡི་རབ་གཤེགས་པ།། ལྷ་ཡི་མཚོར་མང་བུད་མེད་དེ་རྣམས་ཀྱིས ་ཐོས་ནས།། རབ་ཏུ་གཤེགས་ལས་ཡིད་ལ་འབར་བ་ཡང་ཐོབ་སྟེ།། མྱ་ངན་རབ་ཏུ་ཉམས་བཞིན་ངོ་མཚར་ལྡན་པར་ཐལ།། དེ་ནུས་ཡིད་མི་བདེ་བས་ཡོངས་ལྡིང་མིག་ཅན་མ།། ཕྲུག་གུ་རབ་ཏུ་ཉམས་པའི་འོལ་བ་སྡུག་བསྔལ ་བཞིན།། རྨོངས་གྱུར་ཉིད་ཀྱང་མཆི་མ་དང་ལྡན་གདོང་གིས་སྨྲས།། རླབས་ཆེན་དང་ལྡན་འཇམ་ཞིང་དཀར་མིན་དགེ་བ་སྟེ།། སོ་སོ་སོ་སོར་རྩ་བ་ནས་འཁྲུངས་གྱེན་དུ་འཁྱིལ།། དེ་ཡི་དབུ་སྐྱེས་ས་ལ་འཐོར་བ་དེ་རྣམས་ནི།། མི་དབང་དབུ ་རྒྱུན་ལ་ནི་ཡོངསུ་བཀྐི་བུར་འོས།། ཕྱག་ནི་རབ་འཕྱང་རི་དགས་རྒྱལ་པོའི་སྟོབས་མངའ་ཞིང་།། ཁྱུ་མཆོག་ཆེན་པོའི་སྤྱན་ལྡན་གསེར་འབར་འོད་མངའ་བ།། འབྲུག་དང་རྩཝ་ཡི་སྒྲ་ལྡན་སྐུ་སྟོང་རྣམ་པར་ཡངས།། དེ་ལྟར ་གྱུར་ཀྱང་དཀའ་ཐུབ་གནས་སུ་གནས་པར་འོས།། སོར་མོ་ལེགས་སྐྱེས་འཇམ་ཞིང་དྲ་བས་འབྲེལ་པ་དང་།། ལོང་བུ་མི་མངོན་པད་མའི་རྩ་བ་ལྟར་འཇོམ་ལ།། དབུས་ན་འཁོར་ལོ་དང་བཅས་ཞབས་ནི་དེ་ངག་གིས།། དྲང་སྲོང་རྣམས་ཀྱི་ནགས་མཐའི ་ས་ལ་འགྲོ་འམ་ཅི།། ཁང་བཟང་ལོགས་ན་ཁྲི་དང་གདན་ལ་འོས་པ་སྟེ།། རིན་ཆེན་ན་བཟའ་ལྕི་མིན་ཅན་དན་གྱིས་སྤྲས་ཤིང་།། དེ་ཡི་ལུས་ནི་མདངས་དང་ལྡན་པ་ནགས་དག་ཏུ།། གྲང་དང་དྲོ་དང་ཆུ་འོབས་རྣམས་སུ་སྐོར་རམ་ཅི།། རིགས་དང་གཟུགས ་དང་སྟོབས་དང་སེམས་དཔའ་དག་དང་ནི།། ཐོས་དང་པུན་སུམ་ཚོགས་དང་ན་ཚོད་ཀྱིས་ཁེངས་ཤིང་།། སློང་བར་མ་ཡིན་སྟེར་བ་ཉིད་དུ་མངོན་འོངས་པ།། དེ་ནི་ཕ་རོལ་དག་ལ་སློངས་མོ་རྒྱུ་འམ་ཅི།། གསེར་ཁྲི་དང་ཞིང་གཟིམས་མལ་དག་ལ་གཟིམས ་ནས་ནི།། མཚན་མོ་སིལ་སྙན་སྒྲ་རྣམས་དག་གིས་རབ་སློང་བ།། གོས་ཀྱི་ཕྱོགས་གཅིག་པར་ན་ས་ཡི་ལོགས་ལ་ནི།། བདག་གི་བརྟུལ་ཞུགས་ལྡན་དེ་དེ་རིང་ཇི་ལྟར་གཟིམས།། སྙིང་རྗེའི་སྨྲེ་སྔགས་རབ་ཏུ་ཟློས་པ་འདི་ཐོས་ནས།། བུད་མེད་དེ་རྣམས ་ཕན་ཚུན་ལག་པས་ཡོངས་འཁྱུད་དེ།། ལྗོན་ཤིང་གཡོས་ལས་མེ་ཏོག་ལས་ནི་སྦྲང་རྩི་བཞིན།། རྣམ་པར་ལྟ་བྱེད་དག་ནས་ཆུ་དག་འཐོར་བའོ།། དེ་ནས་ངང་པ་མེད་པའི་དང་མོ་བཞིན་དུ་ནི།། གྲགས་འཛིན་མ་ནི་ནོར་འཛིན་ས་ལ་འགྱེལ ་གྱུར་ལ།། རྣམ་པར་འཁྲུགས་ཤིང་ཡང་དང་ཡང་དུ་ལྔ་པ་ལྗིབ་ཀྱི།། སྐད་ཀྱིས་དེ་དང་དེ་དག་རྣམ་པར་སྨྲས་པའོ།། ཆོས་དང་ལྷན་ཅིག་སྤྱོད་མ་མགོན་མེད་ཁོ་མོ་ནི།། དེ་ཡིས་དོར་ནས་གལ་ཏེ་ཆོས་མི་བྱེད་འདོད་ཅིང་། ཆོས་དང་ལྷན་ཅིག་སྤྱོད ་མ་དང་བྲལ་དཀའ་ཐུབ་གང་།། ཡོངསུ་ལོངས་སྤྱོད་འདོད་འདིའི་ཆོས་འདི་ག་ལ་ཞིག། སྔོན་གྱིས་སྐྱོང་རྣམས་དེས་ངེས་པར་མ་ཐོས་ཏེ།། ལོགས་མཐོང་ཆེན་པོ་ལ་སོགས་མེས་པོ་ཆེན་པོ་རྣམས།། བདག་པོ་ལྡན་མ་དང་བཅས་ན་གསུ་གཤེགས ་གྱུར་ལྔ།། ཁོ་མོ་དྲང་བྲལ་ཆོས་བྱེད་འདོད་པ་དེ་ལྷོར་ལྟོས།། མཆོད་སྦྱིན་དུ་འམ་རིག་བྱེད་ཆོ་གས་འདུས་བྱས་ཤིང་།། ཕོ་མོ་གཉིས་ལ་དབང་བསྐུར་དེ་ཡི་འབྲས་བུ་ནི།། གཞན་དུ་མཉམ་པོར་ལོངས་སྤྱོད་འདོད་པ་མ་མཐོང་སྟེ།། དེ་ནས་བདག་ལ ་འདི་ཡི་ཆོས་ལ་སེར་སྣ་སྐྱེས།། བདག་ནི་ཡིད་ལ་སྡུག་དང་ཕན་ཚུན་ཕྲག་དོག་རྙིང་།། ཡང་ཡང་རྩོད་པར་ཆོས་དགའ་དེས་ནི་ངེས་པར་ཤེས།། ཁྲོ་བ་ཁོ་མོ་སྤངས་ནས་དབདེ་ཆེན་འཇིག་རྟེན་དུ།། འཇིགས་མེད་ལྷ་མོ་ལས་ནི་དགའ་བ་ལེན ་པར་འདོད།། དེ་ལ་ལུས་ཀྱི་ཡོན་ཏན་བཟུང་བའི་བཙུན་མོ་དེ།། ཅི་འདྲ་ཞིག་གམ་འདི་ནི་བདག་གི་བསམ་མནོ་སྟེ།། བདག་གི་གུས་པ་ཉིད་དང་བུད་མེད་བོར་ནས་ནཱི།། ནགས་སུ་གང་ཕྱིར་དཀའ་ཐུབ་རྣམས་ལ་གདུང་།། ངེས་པར་བདག་གི་འདོད་འདི་མཐོ ་རིས་བདེ་ཕྱིར་མིན།། སེམས་ལྡན་སྐྱེ་བོའི་དེ་ནི་རྙེད་པར་དཀའ་བ་མིན།། སྡུག་པ་དེས་ཀྱང་བདག་ལ་འདི་འམ་གཞན་དུ་རུང་།། གང་གི་མ་སྤོང་ཞེས་ནི་བདག་གི་ཡིད་ལ་རེ།། གལ་ཏེ་བདག་ནི་ཇོ་བོའི་གཟིགས་བྱེད་ཡངས་པའི་ཞལ།། གཙང་ཞིང ་བཞད་པ་གྱེན་དུ་བལྟ་བའི་སྐལ་མེད་ན།། སྐལ་བ་དམན་པར་འོས་མིན་སྒྲ་གཅན་འཛིན་འདི་ཡང་།། ཕའི་པང་ན་ཡོངསུ་གནས་པར་ནམ་ཞིག་འགྱུར།། ཨེ་མ་ཡིད་མངའ་འདི་ཡི་ལུས་ནི་ཤིན་ཏུ ་གཞོན།། ཡིད་ནི་མི་རྣམས་ཀྱིས་བསྔགས་ཤིམ་ཏུ་སྲ་བ་སྟེ།། ངག་གི་སྐད་གྲག་རབ་ཟློས་དགྲ་ཡང་དགའ་བ་ཡི།། དུ་ནི་བྱིས་པ་འདི་འདྲ་ཀྱེ་མ་སྤོང་བར་བྱེད།། བདག་གི་འདོད་པའི་སེམས་ཡང་ཤིན་ཏུ་སྲ་བ་སྟེ།། རྡོ་ལས་གྱུར་རམ་ཡང ་ན་ལྕགས་ལས་བྱས་པའམ།། བདེར་འོས་ཇོ་བོ་དཔལ་དོར་ནགས་སུ་སོང་བ་ལ།། མགོན་མེད་ལྡན་པ་གང་ཞིག་དུམ་བུར་མ་སོང་ངོ་།། དེ་ལྟར་ལྷ་མོ་བདག་པོའི་མྱ་ངན་གྱིས་བརྒྱལ་ཏེ།། སེམས་ཤིང་རྣམ་ཟློས་ལན་ཎཱི་ཤ་མ་ཡིན་འདིས ་དུས་ལ།། རང་བཞིན་བརྟན་ཡང་དམ་པ་མོ་དེ་མྱ་ངན་གྱིས།། བརྟན་པ་དྲན་པ་མ་ཡིན་ངོ་ཚ་མ་བྱས་སོ།། དེ་ནས་ངོ་ལྟར་མྱ་ངན་གྱིས་སྒྲ་རྣམ་འཁྲུགས་པའི།། གྲགས་འཛིན་མ་ནི་ས་ལ་འགྱེལ་བ་མཐོང་ནས་ནི།། ཆར་གྱིས་བཏགས་པས ་པདྨ་ཆེན་པོ་བཞིན་དུ་ནི།། མཆི་བྱས་གདོང་གི་བུད་མེད་རྣམས་ནི་ཆོ་ངེ་འདེབས།། བཟླས་བརྗོད་རྫོགས་ཤིང་སྦྱིན་བསྲེགས་བཀྲ་ཤིས་བྱས་གྱུར་ཏེ།། མི་སྐྱོང་ཉིད་ཀྱང་ལྷ་ཁང་དག་ནས་ཕྱིར་གཤེགས་པ།། རྡོ་རྗེ་སྒྲ་ཡིས་གླང་པོ་ཇི་བཞིན ་སྐྱེ་བ་ཡི།། ཉམ་ཐག་སྒྲ་དེས་ཀུན་ནས་བཅོམ་ཞིང་གཡོས་པར་གྱུར།། འདུན་པ་དང་ནི་བསྔགས་ལྡན་གཉིས་པོ་མཐོང་ནས་ཀྱང་།། སྲས་ཀྱི་ངེས་པར་བརྟེན་པ་ཡང་དག་གསན་ནས་ནི།། བདེ་སོགས་བདག་པོའི་ལྟང་མི་ཟིན་པའི་རྒྱལ་མཚན ་བཞིན།། མྱ་ངན་གྱིས་བཅོམ་ས་ཡི་བདག་པོ་འགྱེལ་བར་གྱུར།། དེ་ནས་སྲས་པོའི་མྱ་ངན་གྱིས་རྨོངས་ཡུད་ཙམ་ཞིག། སྐྱེ་བོ་མཚུངས་མཉམ་མངོན་པའི་སྐྱེ་བོས་བཟུང་གྱུར་ལ།། ཆུབ་ཀྱི་གང་བའི་སྤྱན་གྱིས་མགྱོགས་འགྲོ་ལ་གཟིགས་ནས། ་ས་ཡི་ལོག་ནས་ས་སྐྱོང་གིས་ནི་སྨྲེ་སྔགས་བཏོན།། གཡུལ་འགྱེད་པ་ན་དགའ་ཆེན་མང་པོ་བྱས་ནཱ་ནི།། བསྔགས་ལྷུན་ཁྱོད་ཀྱིས་བདག་གི་དགའ་བ་མ་ཡིན་བྱས།། བདག་གི་དགའ་བ་ཡོན་ཏན་དགའ་དེ་གང་གིས་ནི།། དགའ་བ ་ཡིན་ཡང་དགའ་བ་མཽད་བཞིན་ནགས་སུ་བོར།། དེ་ཕྱིར་དེ་ཉིད་གང་དུ་གཤེགས་པ་དེར་བདག་ཁྱེར།། ཡང་ན་དེར་ནི་སླར་ཡང་སྦྱིན་པར་ཁྱེར་ལ་ཤོག། ཚ་བས་ཆེར་ནུ་བའི་སྨན་དང་བྲལ་བས་དེ་བཞིན་དུ།། དེ་དང་བྲལ་བས་བདག་གི། ་འཚོ་བ་མེད་པའོ།། རྒྱལ་བུ་གསེར་འབབ་འཆི་བས་ཕྲོགས་པར་གྱུར་པ་ན།། དཀའ་ཐུབ་གང་ལས་ཡང་དག་རྒྱལ་བ་ཤི་མ་གྱུར།། བདག་ཀྱང་ཆོས་འཛིན་སྲས་པོ་གཤེགས་པར་གྱུར་པ་ན།། བདག་ཉིད་ཐར་འདོད་བདག་ཉིད་མེད་པ་ལྟ་བུར་གྱུར།། རྒྱུ ་བཅུ་བྱས་ཁྱབ་བདག་སྐྱེ་དགུའི་བདག་པོ་ནི།། མཆོག་དང་མཆོག་མིན་ཤྲཱི་པ་ཉི་མའི་སྲས་པོ་ཡི།། བུ་ནི་འཕངས་ཤིང་སྡུག་བསྔལ་དམ་པ་དང་བྲལ་ལ།། ཡིད་མི་བདེ་བྱས་ཡིད་ཀྱི་རྨོངས་པ་གང་ལས་མན།། རྒྱལ་པོ་ཨཾ་ཛའི་སྲས ་པོ་བློ་དང་ལྡན་པ་ནི།། མི་བདག་དབང་པོའི་གྲོགས་ལ་བདག་གི་འདོད་པ་སྟེ།། སྲས་པོ་ནགསུ་སོང་ལ་གང་ཞིག་ལྟར་སོང་ལ།། མཆི་མ་དོན་ཡོད་མ་ཡིན་བཀྲེན་པས་འཆོས་སོ་ཀྱེ།། ཁྱོད་ཀྱིས་བདག་གི་ཆུ་ཡི་སྙིམ་པ་དེ་གང་དུ།། ཕྲོགས་པའི ་དཀའ་རྔུབ་གནས་དེར་བཟང་པོ་བདག་ལ་སྨོས།། དེ་ལྟ་བདག་གཅོམ་པ་དུན་ཡོངས་འདོད་དེ།། འདུ་གི་སྐྱོ་ན་མི་དགས་འགྲོ་བ་དང་།། དྨ་ལྟར་སྲས་དང་སྤྲུལ་བའི་རྒྱུག་བསྔལ་ས་གྱུ་། ་ས་དང་འདྲ་བའི་ལྷན་སྐྱེས་བརྟན་པ་རྣམ་སྤངས་ནས།། རཱ་མཱའི་མྱ་ངན་དག་གིས་ཤིང་རྟ་བཅུ་པ་བཞིན།། མི་སྐྱོང་འདུ་ཤེས་བྲལ་བཞིན་མང་པོ་རྣམ་པར་ལབས།། དེ་ནས་དེ་ལ་ཐོས་དང་དུལ་དང་ཡོན་ཏན་ལྡན།། རབ་བགྲོས་མདུན་ན ་འདོན་དང་བློན་པོ་བློ་གྲོས་ཀྱིས།། མཉམ་པར་བཞག་འདི་དྷི་ལྟ་བ་བཞིན་སྤྱས་གྱུར་ཏོ།། ཡོངས་སུ་གདུང་བའི་གདོང་མིན་མྱ་ངན་མེད་པའང་མཱིམ། མི་མཆོག་བརྟན་པ་མྱ་ངན་མཐོང་ལ་བརྟན་པར་གཤླེགས།། མྱ་ངན་བཞིན་དུ་མ ་མ་འདོན་པར་འོས་མ་ཡིན།། མེ་ཏོག་ཕྲེང་བ་རྙིང་བཞིན་ཕུན་ཚོགས་བོར་ནས་ནི།། ས་ན་མི་སྐྱོད་མང་པོ་ན་གསུ་ཤིན་ཏུ་སོང་།། གཞན་ཡང་དེ་ཡི་དགོངས་པ་ངེས་པ་འདི་སྔོན་ཚེ།། དྲང་སྲོང་དཀར་མིན་དེ་ཡི་ཚིག་ནི་དྲན་པར་མཛོད།། མཐོ ་རིས་སུ་དང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ།། སྐད་ཅིག་ཀྱང་དེ་གནས་པར་བདེ་བས་ནུས་མ་ཡིན།། གལ་ཏེ་ཡང་དེ་མཱཾ་མཆོག་འབད་པས་བྱས་པ་སྟེ།། མྱུར་བར་བཀའ་ལུང་སྩོལ་མཛོད་རྗེ་སྐྱེད་འདིར་འགྲོ་བབྷི། ཥྛ་མོ་ཙྪ་བྷི་སྲས་པོ་དེ་ཡི་ནི།། སྣ་ན་མང་པོ ་འཐབ་མོ་དེ་སྙེད་དེར་བྱེད་འཤོག། དེ་ནས་དེ་གཉིས་ལ་མི་མི་བདག་གིས་བསླབས་ལ།། དེ་ཕྱིར་ངེས་པར་འདི་ནས་ཁྱེད་གཉིས་མངོན་པར་སོང་།། བུ་ལ་ལྷག་པར་ཆགས་པའི་ནགས་ཀྱི་བྱ་ཡི་བཞིན།། བདག་གི་སེམས་ནི་དགའ་བར་རབ་ཏུ་སོང ་མེ་ཡིན།། དམ་པ་ཞེས་ནི་མི་དབང་བརྟན་ལས་བློན་པོ་དང་།། མདུན་ན་འདོན་པ་དེ་གཉིས་ནགས་དེར་སོང་བར་གྱུར།། བྱས་ཞེས་མནའ་མའི་སྐྱེ་བོ་དང་བཅུས་བཙུན་མོར་བཅས།། མི་སྐྱོང་གིས་ཀྱང་བྱ་བ་ལྷག་མ་རབ་ཏུ་མཇེད།། སངས་རྒྱས་ཀྱི་སྤྱོད ་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། བཙུན་མོའི་འཁོར་སྨྲེ་སྔགས་བཏོན་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་དེའི་ཚེ་མདུན་ན་འདོན་དང་བློན་པོ་དེ།། མི་སྐྱོང་མཚོ་མཱི་ལྷག་གིས་མངོན་པར་བསྣུན་པ་དག། ཕུག ་པའི་དམ་པའི་རྟ་བཞི་ན་འབད་པ་ཐམས་ཅད་ལས།། བསམ་པ་བཟང་པོས་སྦྱིན་པར་ནགས་དེར་སོང་བར་གྱུར།། འདྲ་བའི་རྗེས་འབྲང་དྲལ་བ་སྐྱེས་པ་དེ་གཉིས་ནི།། དཀའ་ཐུབ་ནགས་དེར་དུས་སུ་ཉེ་བར་ཕྱིན་ནས་ནི།། རྒྱལ་པོའི་རྫུ་འཕྲུལ་དོར་དེ ་དུལ་བའི་སྤྱོད་པ་ཡིས།། དྲང་སྲོང་ཤེས་ལྡན་བུ་ཡི་ཁབ་པར་ཉེ་བར་སོང་།། དེ་དག་གིས་ནི་ཚུལ་བཞིན་བྲམ་ཟེ་དེ་མཆོད་ནས།། དེ་ནི་དེ་དག་ལ་ཡང་རྗེས་མཐུན་མཆོད་པ་སྟེ།། གདན་བྱས་པ་དག་བདག་ཏུ་ལྟ་བ་བཅས་ནས་ནི།། ཤེས་ལྡན ་སྲས་པོ་གདོན་གནས་པ་ལ་གཏམ་སྨྲས་སོ།། མདངས་གཙང་གཙང་ཞིང་རྣམ་པར་ཡངས་པའི་གྲགས་པ་མངའ།། བུ་རམ་ཤིང་པའི་རིགསུ་རབ་འཁྲུངས་རྒྱལ་པོ་ཡིས།། ཤྲུ་ཀ་རབ་ཏུ་འཛིན་དང་གསང་སྔགས་ཡོངས་འཛིན་ལ།། ནག་པོར ་སྐྱེ་བོ་འདི་ནི་ཁྱོད་ཀྱིས་རིགས་པར་མཛོད།། དབང་པོ་དང་མཚུངས་དེ་ཡི་རྒྱལ་བ་དང་མཚུངས་སྲས།། རྒ་དང་འཆི་བའི་འཇིགས་པ་དག་ནི་སྒྲོལ་འདོད་དེ།། འདི་ན་མངོན་པར་ཉེ་བར་འོངས་གྲག་དེ་ཡི་ཕྱིར།། བདག་ཅག་ཉེ་བར་འོངས་པར་བཅོམ ་ལྡན་མཁྱེན་པར་མཛོད།། དེ་དག་ལ་ངེས་སྨྲས་པ་ཕྱག་རིང་གྱུར་པ་སྟེ།། རབ་ཏུ་ཐོབ་གྱུར་གཞོན་ནུར་ཤེས་པ་མིན་པ་མིན།། ཆོས་འདྲི་འཁོར་བར་བྱེད་ཅེས་མངོན་པར་མཁྱེན་ནས་ནི།། མངོན་པར་གདོང་ཕྱོགས་མ ་ཡིན་ཐར་བཞེད་སྦྱིན་པར་གཤེགས།། དེ་ནས་དེ་ལས་དེ་ཉིད་དེ་དག་ཉར་ཐོབ་ནས།། བྲམ་ཟེ་དེ་ལ་སྙན་དངགས་ཕབ་ནས་དམ་ཐག། དུབ་ཀྱང་མ་དྲུབ་པ་བཞིན་རྒྱལ་པོ་ལོ་གུས་པས།། དེ་ཉིད་གོང་ནས་གཤེགས་པ་དེ་ནས་རབ་ཏུ་འོང་།། སོ ་སྟེ་དེ་ནས་དེ་དག་གི་ནི་རྔོན་པ་དང་།། རྣམ་པར་བྲལ་བའི་སྐུ་ལུས་རབ་ཏུ་འབར་བ་དེ།། ཉི་མ་སྟུག་པོའི་ལོངས་སྤྱོད་དག་ལ་ཞུགས་པ་ལྟར།། ལམ་ནི་ཤིང་གི་རྩ་བར་ཉེ་བར་ཞུགས་པ་མཐོང་།། དེ་ནས་དེ་ལ་མདུན་ན་འདོན་དང་སྔགས་འཛིན་བཅས།། ཐེག ་རྣམ་པར་སྦྱངས་ནས་ཉེ་བར་གཤེགས་པ་སྟེ།། སླར་གནས་ཐུབ་པའི་བུ་ནི་གཡོན་གྱི་ལྷར་བཅས་པས།། ནགས་གནས་ལྷག་སྤྱོད་བལྟ་བར་འདོད་པ་ཇི་ལྟར་རོ།། ལྷ་ནི་པཱ་བ་སངས་དང་ཕུར་བུས་དབང་ཆེན་བཞིན།། དེ་དག་གི་ནི་དེ་ཉིད་བསྐྱེད ་ཅིང་མཆོད་པའོ།། ལྷ་ནི་པ་སངས་ཕུར་བུ་དག་ལ་དབང་ཆེན་བཞིན།། མཆོད་འོས་དེས་ནི་དེ་གཉིས་དག་ལ་སླར་མཆོད་དོ།། སྦྱོར་བར་སོང་བའི་ཟླ་བའི་ཉེ་སར་ནབས་སོ་བཞིན།། དེ་ནས་ཀུན་ནས་མངོན་པར་རྗེས་གནང་བྱས་པ་ནི།། དེ་དག་ཤཱཀྱའི ་རིགས་ཀྱི་རྒྱལ་མཚན་དེ་ཡི་ནི།། ཉེ་ལོགས་དག་ཏུ་སོང་བ་རྣམ་པར་མཛེས་པར་གྱུར།། ཤིང་གི་རྩ་བར་གནས་པ་མངོན་པར་འབར་བ་ཡི།། རྒྱལ་པོའི་སྲས་པོ་དེ་ལ་མདུན་ན་འདོན་གྱིས་སྨྲས།། ལྷ་ནི་ཡོངས་འདུས་དག་ལ་བརྒྱ་བྱིན་སྲས་པོ་ནི།། ་རྒྱུ་བ་ཉེ་བར་གནས་ལ་ཕུར་བུས་ཇི་ལྟར་རོ།། ཁྱོད་ཀྱིས་མྱ་ངན་ཟུག་རྔུ་སྙིང་ལ་བརྟགས་པ་ན།། ས་ཚོ་ལོགས་ལ་རྨོངས་ཤིང་བརྒྱལ་བར་གྱུར་པ་སྟེ།། གཞོན་ནུ་མིག་གི་ཆུ་ཡི་ཆར་ལྡན་རྒྱལ་པོ་ཡིས།། གང་ཞིག་ཁྱོད་ལ་སྨྲས་པ་འདི་ནི ་མཁྱེན་པར་མཛོད།། ཁྱོད་ཀྱིས་ཆོས་ལ་རབྱ་དམིགས་ངེས་པར་ཤེས་པ་སྟེ།། ཁྱོད་ཀྱི་འབྱུང་བར་འགྱུར་བའི་དོན་ནི་ཤེས་པའོ།། ཁྱོད་ཀྱི་དུས་མ་ཡིན་པར་ནགསུ་བསྐྱེན་ལས་བདག། མེ་དང་རབ་མཚུངས་མྱ་ངན་མེ་ཡིས་ཚིག་པའོ།། ་དེ་ཕྱིར་ཚུར་སྒྲོན་ཆོས་དགའ་དག་ནི་དགའ་སྟོན་དུ།། ཆོས་ཀྱི་དོན་དུ་བློ་གྲོས་དེ་ཉིད་མཐོང་མཛད་དང་།། ཆུ་བོའི་རིཤུགས་ཀྱིས་འགྲམ་ངོགས་མངོན་པར་བཅོམ་པ་བཞིན།། བདག་ལ་མྱ་ངན་ཤུགས་འདི་རབ་ཏུ་འཕེལ་བའོ།། རླུང་དང་ཞི ་མཱ་མེ་དང་ཐོག་ཆེན་རྣམས་ཀྱི་ནི།། འཇུག་པ་གང་ཞིག་སྤྲིན་དང་ཆུ་མེ་རི་རྣམས།། རྣམ་པར་འབྱེར་དང་སྐམས་དང་སྲེག་དང་འབྱེད་རྣམས་ཀྱིས།། བདག་ཅག་རྣམས་ལ་མྱ་ངན་གྱིས་འཇུག་པ་དེ་བྱེད།། དེ་ཕྱིར་རེ་ཞིག་ནོར་འཛིན་བདག ་ཉིད་ལོངས་སྤྱོད་ལ།། དུས་སུ་བསྟན་བཅོས་མཐོང་སྟེ་ནགསུཾ་ག་ཤེགས་གྱུར་ཏེ།། འབྱུང་པོ་ཐམས་ཅད་ལ་ནི་བརྩེ་བ་ཆོས་ཡིན་ཕྱིར།། མི་འདོད་གཉེན་འདུན་ཁོ་བོ་ལ་ནི་ལྟོས་པར་མཛོད།། ཆོས་དེ་ནོགས་ཉིད་ཁོ་ནར་འགྲུབ་པ་མ་ཡིན ་སྡོམ་བརྩོན་རྣམས་ཀྱི་ངེས་པར་ཕྲེང་ཁྱེར་ན་ཡང་འགྲུག་འདིར་ནི་བློ་དང་འབང་བ་དག་ནི་མཚན་མ་སྟེ། ཆགས་དང་སྦལ་ནི་འཇིགས་པ་དག་གི་མཚན་མའི།། ངབུ་རྒྱན་འཛིན་ཅིང་དཔུང་བར་ན་ཚུ་ཤལ་དང་།། པུང་རྒྱན་རྣམ་པ ་ཕྱག་མངའ་མི་དབང་རྣམས།། ཕུན་ཚོགས་ཡན་ལག་དབུས་ན་ཡོངསུ་གནས་རྣམས་ཀྱིས།། ཁྱིམ་ན་གནས་ཀྱང་ཐར་པའི་ལམ་ནི་རབ་ཏུ་འཐོབ།། བརྟན་པའི་ནུ་བོ་སྟོབས་དང་རྡོ་རྗེའི་ལག་པ་དང་།། རྣམ་མཛེས་བུ་དང་ཆུ ་སྟོང་དེ་ནས་མཐར་གནས་ལྷ།། ལུས་འཕགས་རྒྱལ་པོ་སྐྱེས་བྱེད་དང་ནི་དེ་བཞིན་དུ།། འགྲོ་དང་ལྗོན་ཤིང་ཅན་དང་སྡེ་རྒྱལ་རྒྱལ་པོ་རྣམས།། ཉེས་ལེགས་ཆོས་ཀྱི་ཆོ་ག་ལ་ནི་རྣམ་དུལ་བའི།། མི་བདག་ཁྱིམ་ན་གནས་པ་དེ་རྣམས་མཁྱེན་མཛོད ་ལ། ནོར་གྱི་བདག་པོ་དང་ནི་མི་སྐྱོང་དཔལ་དག་སྟེ།། གཉིས་པོ་དག་ཀྱང་དེ་ཕྱིར་དུས་གཅིག་མཁྱེན་པར་མཛོད།། མངོན་པར་དབང་བསྐུར་བྱས་པའི་ཆུ་ཡིས་བརླན་མ་ཉིད།། གདུང་བ་སྐྱོབ་པའི་གདུགས་བཟུང་ཁྱེད་ལ་དྲག་ཏུ་ནི།། ཉེ་བར ་འབྱུ་ནས་ཀུན་ནས་གྱེན་དུ་བལྟ་བ་སྟེ།། དགའ་པ་དེས་ནི་ན་གསུ་རབ་ཏུ་འཇུག་པར་འདོད།། དེ་ལྟར་མཆི་མས་འདུད་པའི་ཡི་གེའི་ཚིག་གིས་ནི།། ཁྱེད་གཉིས་ལ་ནི་ས་ཡི་བདག་པོས་སྨྲས་པ་སྟེ།། ཐོས་ནས་དེ་ལ་བརྩེ་ཞིང་དེ་ལ་དགའ་དོན་དུ།། ་ཁྱེད་ཀྱི་བརྩེ་བས་རྗེས་སུ་འགྲོ་བར་འོས་པའོ།། ཁྱོད་ལས་བྱུང་བའི་མྱ་ངན་ཆུ་ནི་གཏིང་མེད་པའི།། སྡུག་བསྔལ་རྒྱ་ཚེར་ཤཱཀྱའི་རྒྱལ་པོ་ནུབ་གྱུར་ཏེ།། དེ་ཕྱིར་མགོན་པོ་རྒྱ་མཚོར་བྱིང་ལ་གྲུ་བཞིན་དུ།། དམན་ཞིང་བརྟེན་དང་བྲལ་བ་དེ་ནི་སྒྲོལ་མཛད ་ཙོག། ཆུ་བོ་གངྒཱའི་ལྷོ་ནས་བྱུང་བ་འཇིགས་བྱེད་དང་།། ལྷག་སྤྱོད་དང་ནི་ངན་སློང་སྲས་པོ་ལྷག་སྤྱོད་ཀྱིས།། པ་ཡི་དགའ་བའི་དོན་དུ་ལས་བྱས་ཐོས་ནས་ནི།། ཁྱེད་ཀྱང་ཡབ་ཀྱི་བཞེད་པ་མཛད་པར་འོས་པ་ལགས།། གཉེན་བ་ཤེས་བོའུ་ཉམས ་པར་འགྱུར་བའི་བ་བཞིན་དུ།། རྒྱུན་མི་ཆད་པར་ཉམ་ཐག་སྙིང་རྗེར་དུ་བ་མོ།། དྲང་སྲོང་རི་བྱི་བསྙེན་ཞིང་ཕྱོགས་སུ་མ་སོང་བ།། ཡང་དག་བསྐྱེད་པར་བྱེད་པའི་ལྷ་མོ་མཁྱེན་པར་མཛོད།། དང་པ་རྣམ་པར་བྲལ་བའི་དང་མོ་ལྟ་བུ་དང་།། ་ནགས་ན་གླང་པོ་དང་བྲལ་གླང་མོ་ལྟ་བུ་ནི།། མགོན་དང་བཅས་ཀྱང་མགོན་མེད་དམན་ཞིང་ཉམ་ཐག་པའོ།། བཙུན་མོ་གཟིགས་པ་ཡིས་ནི་སྐྱོབ་པར་འོས་པ་ཡིན།། སྲས་གཅིག་བྱིས་པ་སྡུག་བསྔལ་འོས་པ་མ་ཡིན་པ།། ཀུན་ནས་གདུང ་བཱ་མཐར་གྱུར་པ་ནི་འདྲེན་པ་སྟེ།། གང་བའི་ཟླ་བ་སྒྲ་གཅན་ཉེ་བར་བསྒྱུར་ལས་བཞིན།། སྒྲ་གཅན་འཛིན་དེ་གཉེན་གྱི་མྱ་ངན་ལས་ཐར་མཱཛོད།། ཕོ་བྲང་བཙུན་མོའི་འཁོར་དང་གྲོང་ཁྱེར་མཐའ་དག་ནི།། ཁྱེད་དང་བྲལ་བའི་བུད་ཤིང་ཅན ་གྱི་མྱ་ངན་མེད།། ཕྱིར་འབྱུང་དབུགས་ནི་དུ་བ་མུན་པའི་རྩེ་མོ་ཡིས།། ཚིག་པ་དག་ནི་ཁྱེད་ལ་ལྟ་བའི་ཆུ་འདོད་དོ།། མདུན་ན་འདོན་པ་དེ་ཡི་ཆོ་ག་དག་གསན་གྱུར་ནས།། བྱང་ཆུབ་སེམས་དཔའ་ཡོངས་སུ་གང་བའི་སེམས་དཔའ་ངེས།། ཡོན ་ཏན་ལྡན་ཞིང་ཡོན་ཏན་ཤེས་པ་ཡུང་ཙམ་ཞིག། བསམ་གཏན་མཛད་ནས་རིགས་པའི་ལན་འདི་སྨྲས་པའོ།། ཕ་རྣམས་ཀྱི་ནི་བུ་ལ་དགོངས་པ་ཤེས་པ་སྟེ།། གང་ཞིག་བདག་ལ་ས་སྐྱོང་གི་ནི་ཁྱད་པར་དུ།། ཤེས་པ་ཡིན་ཡང་ན་དང་རྒ་དང ་རྒུད་པ་ལས།། འཇིགས་ཏེ་ནག་སུ་ཕྱིན་ནས་རང་གི་སྐྱེ་བོ་དོར།། མཐར་ནི་གལ་ཏེ་དགའ་བ་དང་བྲལ་མ་ཡིན་ན།། རང་གི་སྐྱེ་བོ་དགའ་བ་ལྷ་འདོད་ཅིས་མ་ཡིན།། གང་ཚེ་ཡུན་རིང་གྱུར་ཀྱང་རྣམ་པར་འབྲལ་སྟེ།། དེ་ཕྱིར་བླ་མ་བརྩེ་བ་ཡིན ་ཡང་འདོར་བར་བགྱི།། གང་ཡང་བདག་གི་ཆེད་དུ་མི་ཡི་བདག་པོ་ཡིས།། མྱ་ངན་ཁྱོད་ཀྱིས་སྨྲས་ངེས་བདག་ལ་དགའ་བ་མེད།། གང་ཕྱིར་རྨི་ལམ་ཡང་དག་འདུས་པར་གྱུར་རྣམས།། རྣམ་པར་བྲལ་བར་འགྱུར་ལ་ཀུན་ནས ་བ.རུང་བར་བྱེད།། འགྲོ་བའི་སྤྱོད་པ་རྣམ་པ་སྣ་ཚོགས་མཐོང་ནས་ནི།། དེ་བཞིན་དུ་ཡང་ཁྱོད་ཀྱིས་བློ་གྲོས་ངེས་པར་སོང་།། བུ་མིན་གཉེན་མན་ཀུན་ནས་གདུང་བའི་རྒྱུ་ཡིན་བཞིམ། འཆིང་བ་དེ་ནི་ཤེས་པ་མེད་པའི་མཚན་མ་ཉིད།། ལམ་དུ་འགྲོ་རྣམས ་འདིར་ནི་འདུས་པ་ཇི་ལྟ་བའི།། སྐྱེ་དགུ་རྣམས་ནི་དུས་སུ་ངེས་པར་འབྲལ་བ་སྟེ།། གཉེན་འདུན་དམ་འཆའ་སྐྱེ་བོས་རྣམ་པར་དམན་པ་ཡི།། ཤེས་རབ་ལྡན་པའི་སྐྱེ་བོས་མྱ་ངན་བསྙེན་ནམ་ཅི།། གཞན་དུ་རང་གི་སྐྱེ་བོ་དོར་ནས་འདྲིར་འོངས་ལ།། འདིར་ཡང ་རབ་ཏུ་བསླུས་ནས་སླར་ཡང་འགྲོ་བ་སྟེ།། དེར་སོང་ནས་ཀྱང་ཕ་རོལ་གཞན་དུ་འགྲོ་འགྱུར་ལ།། དེ་ལྟར་འདོར་ལྡན་སྒྲོ་ལ་རྗེསུ་བརྟེན་རྣམ་ཅི།། གང་ཚེ་མེངལ་ནས་བཟུང་སྟེ་གནས་སྐབས་ཐམས་ཅད་དུ།། གསོད་པའི་ཕྱིར་ནི་འཆི་བ་རབ་ཏུ་གནས་པ་སྟེ།། ་བུ་ལ་དགའ་བ་དེར་ནི་ཁྱེད་ཀྱིས་སྨྲས་པ་ཡི།། བདག་གི་ནག་སུ་བརྟེན་པ་གང་ཕྱིར་དུས་མ་ཡིན།། ཡུལ་ལ་མངོན་པར་ལྷུང་ཆེ་དུས་མ་ཡིན་པ་སྟེ།། དེ་བཞིན་ནོར་གྱི་ཆོ་གར་ཞུགས་པ་དུས་ཡིན་ནོ།། དུས་རྣམས་ཀུན་ཏུ་དུས་ཀྱི་འགྲོ་བ་ཁྱབ་པ་སྟེ།། དགེ་ལེགས་ངེས ་པར་ཐོབ་ལ་དུས་ཡོད་མ་ཡིནོ།། གང་ཡང་རྒྱལ་པོས་བདག་ལ་རྒྱལ་སྲིད་འདིར་བཞེད་པ།། དེ་ཡང་ཡབ་ཀྱི་རྒྱ་ཆེན་མཚུངས་ཤིང་འདྲ་བ་སྟེ།། སྲེད་པ་ལས་ནི་ནད་པའི་མི་འཕྲོད་ཟས་བཞིན་དུ།། བདག་གི་རབ་ཏུ་འཛིན་པར་ནུས་པ་མ་ཡིན་ནོ།། གཽཏི་མུག་རྨོངས་པའི ་གཞི་མ་མི་སྐྱོང་རྒྱལ་པོ་ཉིད།། རབ་ཏུ་འཐོབ་པར་མི་ནི་མཁས་པས་གང་ཕྱིར་ནུས།། གང་དུ་སྐྱོ་བ་དང་བཅས་རྒྱགས་དང་ལང་དུ་བ་དང་།། ཕ་རོལ་ལོག་པར་སྤྱོད་པས་ཆོས་ལ་གནོད་པའོ།། འཛམྦུ་ཆུ་གསེར་བཞིན་དུ་གསལ་བའི་ལྡིང་ཁང་ནི།། དུག་དང་འདྲེས ་པའི་ཁ་ཟས་བཟུང་པོ་ལྟ་བུ་དང་།། གཟའ་ཡི་སྣ་འཁྲུགས་པའི་པདྨ་དང་བཅས་ཆུ་ལྟ་བུ།། རྒྱལ་སྲིད་དང་ནི་གསྟེར་དག་སྡུག་བསྔལ་དག་གི་རྟེན།། དེ་ལྟར་རྒྱལ་སྲིད་ཆོས་མིན་བདེ་བ་མ་ཡིན་པ།། ཇི་ལྟར་མི་གཙང་སྐྱེས་ཏེ་མི་དབང་སྡེ་མ་རྣམས།། སྡུག་བསྔལ ་ཡོངསུ་སྤང་བྱ་ན་ཚོད་རབ་མཆོག་ཚ།། རྒྱལ་སྲིད་ངེས་པར་དོར་ནས་ནིགསུ་སོང་བར་གྱུར།། རིན་ཆེན་བཞིན་དུ་ཚིམ་པ་མཆོག་ནི་ཉེར་ཁྱུད་ནས།། འབྲོག་དགོན་དག་ན་རྩཝ་དག་ཟོས་པ་མཆོག་ཡིན་ལ།། སྦྲུལ་ནག་བཞིན་དུ་མཐོང་བ་མ་ཡིན་ཉེས་པ་ནི། ་རྙེད་བླའི་དཔལ་དང་ལྷན་ཅིག་ཉལ་བ་མཆོག་མ་ཡིན།། རྒྱལ་སྲིད་རྣཾ་པ་སྤངས་པ་རྒྱལ་པོ་རྣམས་ཀྱི་ཆོས།། མངོན་པར་འདོད་པས་ན་གསུ་རབ་འཇུག་བསྔགས་པ་སྟེ།། ནགས་ཚལ་ཡོངསུ་དོར་ནས་ཁྱིམ་དུ་རབ་འཇུག་པ།། དམ་བཅའ་ཉེ་བར་བཅོམ་པའི ་འཐད་པ་མ་ཡིན་ནོ།། རིགས་སུ་སྐྱེས་ཤིང་སེམས་པ་དང་བཅས་མི་གང་གིས།། ཆོས་ནི་མངོན་པར་འདོད་པས་ནུགསུ་རབ་ཞུགས་ལ།། ངུར་སྨྲིག་རབ་ཏུ་དོར་ནས་ངོ་ཚ་རྣམ་སྤངས་པ།། གྲོང་ཁྱེར་འཇོམས་པ་ཡི་ཡང་གྲོང་ལ་བསྙེན་མ་ཡིན།། སྲེད ་དང་རྣམ་པར་རྨོངས་དང་ཡང་ན་འཇིགས་པ་ཡིས།། གང་ཞིག་བསྐྱུགས་པའི་བཟའ་བ་སླར་ཡང་ལེན་བྱེད་ལ།། སྲེད་དང་དོ་ནི་རྨོངས་དང་ཡང་ན་འཇིགས་པ་ཡིས།། འདོད་པ་རྣམས་ནི་དོར་ནས་སླར་ཡང་ལེན་པར་བྱེད།། གང་ཞིག་རབ་འབར་ཁང ་པ་དག་ནས་ཅི་ཞིག་ལྟར།། བྱུང་ནས་སླར་ཡང་དེ་ཉིད་ཁོ་ནར་རབ་འཇུག་ལ།། ཉེས་པ་མཐོང་དེ་ཁྱིམ་ན་གནས་པ་དོར་ནས་ནི།། རྨོངས་པས་སླར་ཡང་ལེན་པར་མངོན་པར་འདོད་པའོ།། གང་ཡང་མི་སྐྱོང་ཁྱིམ་ན་གནས ་པས་ཐར་པ་ནི།། འཐོབ་པ་དང་ལྡན་ཞེས་ཐོས་དེ་ནི་མེད་པ་སྟེ།། ཞི་བ་གཙོ་བོའི་ཐར་པའི་ཆོས་ནི་གླེང་ལའང་།། ཆད་པ་གཙོ་བོའི་རྒྱལ་པོའི་ཆོས་ནི་གང་དུའོ།། ཞི་ལ་དགའ་བ་གལ་ཏེ་རྒྱལ་སྲིད་དམན་པ་སྟེ།། རྒྱལ་སྲིད་ལ་བློ་གལ་ཏེ་ཞི་བ་རྣམ་པར ་ཉམས།། གྲང་དང་དྲོ་དང་མེ་དང་ཆུ་ཡི་གཅིག་ཉིད་བཞིན།། ཞི་པ་དང་ནི་རྣོ་ཉིད་འཐད་པ་མ་ཡི་ནོ།། མེ་དང་ཆུ་ཡི་དུ་བ་ཡོད་པ་མ་ཡིན་ལ།། ཁྲམ་དང་དྲང་པོའི་འདུ་བ་ཡོད་པ་མ་ཡིན་ཞིང་།། འཕགས་དང་སྡིག་པའི་འདུ་བ་ཡོད་པ་མ་ཡིན་ཏེ།། ། ་ཞིང་དང་ཆད་པའི་འདུ་བ་ཡོད་པ་མ་ཡིནོ།། དེ་ཕྱིར་ས་འཛིན་བདག་པོ་དེ་རྣམས་ངེས་པས་སམ།། རྒྱལ་པོའི་སྲེད་རྣམས་སྤངས་ཏེ་ཞི་བ་ཐོབ་པ་ཅན།། རྒྱལ་སྲིད་དག་ལ་སྙེན་ནས་དབང་པོ་སྦས་ཉིད་ལས།། མཐར་མ་ཐུག་པར་ཐར་པར་མངོན་པའི ་ང་རྒྱལ་བྱས།། དེ་དག་རྣམས་ཀྱི་རྒྱལ་སྲིད་ལ་ཞི་ཇི་ལྟ་བཞིན།། བདག་ནི་ནགས་ཚལ་རབ་ཐོབ་ངེས་པས་མ་ཡིན་ཞིང་།། ཁྱིམ་དང་གཉེན་གྱི་འདུ་ཤེས་ཞགས་པ་བཅད་ནས་ནི།། ཐར་གྱུར་སླར་ཡང་རབ་ཏུ་འཇུག་པར་འདོད་མ་ཡིན།། དེ་ལྟར་བདག་ཉིད ་རྣམ་ཤེས་ཡོན་ཏན་རྗེས་མཐུན་པ།། རེ་འདོད་སྤངས་ཤིང་གཏན་ཚིགས་ལྡན་པ་སྒྲོག་པ་སྟེ།། མི་དབང་བདག་ཉིད་སྐྱེས་ཀྱི་སྨྲ་ལྡན་ཐོས་གྱུར་ནས།། གསང་སྔགས་འཛིན་པ་ཡིས་ཀྱང་ལན་ནི་སྨྲས་པའོ།། གང་ཞིག་ཆོས་ཀྱི་ཆོ་གར་ངེས་པ་ཁྱོད་ཀྱི ་འདི་རིག་པ་མིན་པ་མ་ཡིན་འདི་ནི་དུས་རིགས་མིན།། ན་ཚོང་ལ་གནས་ཡབ་ནི་མྱ་ངན་ཕྱིར་བྱིན་ནས།། ཆོས་འདོད་ཁྱོད་ཀྱི་ཆོས་མ་ཡིན་པར་གྱུར་པའོ།། ངེས་པར་ཁྱེད་ཀྱི་བློ་ནི་ཤིན་ཏུ་ཕྲ་མིན་ཞིང་།། ཡང་ན་ཆོས་དང་དོན་དང་འདོད་པར་མཁས་མ ་ཡིན།། གང་ཞིག་མ་མཐོང་འབྲས་བུའི་དོན་དུ་ཁྱེད་ཉིད་ཀྱིས།། མངོན་སུམ་དོན་ནི་ཡོངསུ་བརྙས་པར་མཛད་ནས་གཤེགས།། ཡང་སྲིད་ཡོད་ཅེས་ཁ་ཅིག་དག་ནི་སྨྲ་བ་སྟེ།། མིད་ཅེས་ཁ་ཅིག་དག་ནི་ངེས་པར་དམ་འཆའོ།། དེ་ལྟར་གང་ཚེ་དྲོན་འདི ་ཐེ་ཚོམ་གྱུར་པ་སྟེ།། དེ་ཕྱིར་ལོངས་སྤྱོད་བར་ནུས་དཔལ་ནི་ཉེ་བར་གནས།། གལ་ཏེ་སླར་ཡང་རབ་ཏུ་འཇུག་པ་གང་ཡང་ཡོད།། དེར་ནི་ཇི་ལྟར་འབད་པ་དག་ལ་དགའ་བར་བགྱི།། ཅི་སྟེ་གཞན་དུ་རབ་ཏུ་འཇུག་ལ་གང་ཡང་མེད།། འགྲོ་བ་འདི་ཡི ་འབད་རྩོལ་མེད་ལས་ཐར་པ་འགྲུབ།། ཁ་ཅིག་འཇིག་རྟེན་ཕ་རོལ་ཡོད་ཅེས་སྨྲ་བ་སྟེ།། ཐར་པའི་སྦྱོར་བ་ལ་ནི་བསྔགས་པ་བྱེད་མ་ཡིན།། ཇི་ལྟར་མེ་ཡི་དྲོ་དང་ཆུ་ཡི་གཤེར་བ་ཉིད།། དེ་ལྟར་རབ་ཏུ་འཇུག་པར་རང་བཞིན་ཉིད་དུ་སྨྲ།། དགེ་དང་མི་དགེ ་ཉིད་དང་སྲིད་དང་སྲིད་མིན་ལ།། ཁ་ཅིག་རང་བཞིན་ལས་ཞེས་བསྔགས་པ་བྱེད་པ་སྟེ།། གང་ཕྱིར་འདི་དག་ཐམས་ཅད་རང་བཞིན་ལས་ཡིན་ཏེ།། དེ་ཡི་ཕྱིར་ཡང་རབ་ཏུ་འབད་པ་དོན་མེད་འགྱུར།། གང་ཞིག་དབང་པོ་རྣམས་ཀྱིས་ངེས་པར་རབ་སྤྱོད ་པ། ཡུལ་རྣམས་ལ་ནི་དགའ་བ་དང་ནི་མི་དགའ་ཉིད།། གང་ཞིག་དགའ་དང་ནད་རྣམས་ངག་གིས་སྦྱོར་བྱེད་དེ།། དེ་ལ་གང་གིས་འབད་དམ་དེ་ནི་རང་བཞིན་ནོ།། ཆུ་རྣམས་ཀྱིས་ནི་མེ་རྣམས་ཞི་བར་ཉེ་འགྲོ་ཞིང་།། འོད་ཟེར་རྣམས་ཀྱི་ཆུ་ནི་སྐེམས་པར་བྱེད ་པ་སྟེ།། ལུས་ལ་ཡང་དག་གནས་པའི་འབྱུང་བ་ཐ་དད་རྣམས།། གཅིག་ཉིད་གྱུར་ནས་འགྲོ་བ་དག་ནི་འདྲེན་པར་བྱེད།། གང་ཞིག་ལག་པ་རྐང་པ་ལྟོ་རྒྱབ་མགོ་རྣམས་ཀྱི།། མངལ་དུ་སོང་བའི་ངོ་བོ་དེས་པར་སྒྲུབ་བྱེད ་ལ།། གང་ཚེ་བདག་ཉིད་དེ་ཡི་དེ་ཡིས་སྦྱོར་བ་སྟེ།། རང་བཞིན་ལས་བྱུང་བེ་ཤེས་རྣམས་ཀྱིས་དེ་སྨྲའོ།། བྱཱ་དང་རི་དགས་རྣམས་ཀྱི་སྣ་ཚོགས་ངོ་བོ་དང་།། ཚེར་མའི་རྣོན་པོ་ཉིད་དུ་རབ་ཏུ་བྱེད་པ་སུ།། རབ་ཏུ་འཇུག་པ་འདི་ཀུན་རང་བཞིན་ལས་ཡིན་ལ།། ་འདོད་པ་བྱེད་པ་ཡོད་མིན་འབད་པ་གང་ལས་སོ།། དེ་བཞིན་གཞན་རྣམས་དབང་ཕྱུག་ལས་སྐྱེས་སྨྲ་བ་སྟེ།། དེར་ནི་སྐྱེས་བུའི་རབ་ཏུ་འཇུག་པ་ལ་དོན་ཅི།། འགྲོ་བའི་རབ་ཏུ་འཇུག་ལ་གང་ཉིད་རྒྱུ་ཡིན་ཞིང་།། ལྡོག་པ་ལ་ནི་ངེས་པར་དེ་ཉིད་རྒྱུ་ཡིན་ནོ།། ཁ་ཅིག ་བདག་གི་མཚན་མ་ཉིད་དུ་སྨྲ་བ་སྟེ།། རབ་ཏུ་སྐྱེ་བ་ཉིད་དང་སྲིད་པ་ཟད་པ་ཡང་།། འབད་པ་མེད་ལས་རབ་ཏུ་སྐྱེ་བར་སྨྲ་བ་སྟེ།། འབད་པ་ཡིས་ནི་ཐུར་པ་འཐོབ་པར་སྨྲ་བའོ།། ལྷ་ཡི་མཆོད་སྦྱིན་དྲང་སྲོང་རྣམས་ཀྱི་རིག་བྱེད་དང་།། ཕ་ཡི་བུ་ལོན་མེད་པ་བུ ་རྣམས་ཀྱིས་ཏེ་མི།། གང་གིས་གྲོལ་བ་ཡོད་པ་ངོ་ཡི་ཐར་པ་ཞེས།། བུ་ལོན་གསུམ་པོ་དེ་དང་ལྷན་ཅིག་སྐྱེས་པའོ།། དེ་ལྟར་ཆོ་གའི་བྱ་བའི་རིམ་པ་འདི་ཡིས་ནི།། འབད་རྩོལ་བཅས་པའི་ཐར་པ་དེ་ཤེས་རྣམ་སྨྲ་ལ།། འབད་རྩོལ་ལྡན་པ་ཡིན་ཡང་རྣམ་པར ་རྣོན་པ་ཡིས།། ཐར་པ་འདོད་པ་རྣམས་ནི་ངལ་བ་ཐོབ་པར་བྱེད།། དེ་ཕྱིར་ཞི་བ་གལ་ཏེ་ཐར་ལ་གུས་ཡོད་ནོ།། ཆོ་གར་བརྗོད་པ་ཇི་ལྟར་རིགས་པས་བསྙེན་མཛོད་དང་།། འདི་ཡི་ཉེ་བར་འཐད་པ་དེ་ལྟར་གྱུར་པ་སྟེ།། མི་ཡི་བདག་པོའི་ཀུན་ནས་གདུང་བ་ཉམས ་པར་འགྱུར།། དཀའ་ཐུབ་ནགས་ཚལ་དག་ནས་ཁང་པར་འཇུག་པ་ལ།། ཁྱོད་ཀྱི་སྐྱོན་གྱི་བློ་གྲོས་གང་ཞིག་རབ་ཞུགས་ཏེ།། ཡ་བ་གཅིག་དེར་ཡང་ཁྱོད་ཀྱི་བསམ་པར་མ་གྱུར་དང་།། སྔ་མ་རྣམས་ཀྱང་ནགས་ནས་རང་གི་ཁང་པར་གཤེགས ་དཀའ་ཐུབ་ནགས་ན་གནས་པ་བུ་རྣམས་ཀྱིས་བསྐོར་ཏེ།། རྒྱལ་པོ་ཨ་མཱ་རི་ཥ་གྲོང་དུ་ཞུགས་གྱུར་ལ།། དེ་བཞིན་འཕགས་མིན་རྣམས་ཀྱིས་ས་ནི་རྣམ་བཅོམ་པ།། དཀའ་ཐུབ་ནགས་ནས་འོངས་ནས་རངས་བྱེད་ཀྱིས་བསྲུང་སོ།། དེ་བཞིན ་དོ་བ་དང་བཅས་བདག་པོའི་ལྗོན་ཤིང་མིང་།། ནགས་གནས་བུ་དང་བཅས་པ་གྲོང་དུ་ཞུགས་པ་སྟེ།། ཚངས་པའི་དྲང་སྲོང་གྱུར་དང་ཐུབ་པ་གནས་འཇོག་ལས།། སྦྱིན་བསྲེག་དང་བཅས་མཐའ་ཅན་ལྷ་ཡི་དཔལ་གཟུང་ངོ་།། རྣམ་པ་དེ་ལྟར ་ཆོས་དང་གྲགས་པར་རབ་ཞུགས་པ།། ནགས་རྣམས་བོར་ནས་ཁང་ཁྱིམ་རྣམསུ་སོང་བ་སྟེ།། དེ་ཕྱིར་དཀའ་ཐུབ་ནགས་ནས་ཆོས་ཀྱི་ཆེད་དུ་ཉིད།། ཁྱིམ་ན་རབ་ཏུ་འགྲོ་བ་སྐྱོན་ཡོད་མ་ཡིན་ནོ།། དེ་ནས་མི་སྐྱོང་རྒྱལ་པོའི་དགའ་དང་ཕན ་པ་ཉིད།། བྱས་པའི་བློན་པོ་དྲི་ཡི་ཚིག་དག་གསན་ནས་ནི།། དམན་མིན་མ་འཁྲུགས་ཆགས་མིན་བརྟན་དང་གནས་པ་ལྔ།། མྱུར་མིན་ཚིག་ནི་རྒྱལ་པོ་སྲས་ཀྱི་སྨྲས་པའོ།། འདིར་ནི་ཡོད་དང་མེད་ཅེས་ཐེ་ཚོམ་གང་དེ་ནི།། གཞན་གྱི ་ཚིག་གིས་བདག་ལ་འདི་ན་ངེས་པ་མེད།། དཀའ་ཐུབ་དང་ནི་ཞི་བས་དེ་ཉིད་རྟོགས་གྱུར་ནས།། གང་འདིར་ངེས་པར་བདག་ཉིད་ཀྱིས་ནི་བཟུང་བར་བགྱི།། ཕན་ཚུན་གནོད་ཅིང་མི་གསལ་ཐེ་ཚོམ་སྐྱེ་བ་ཡི།། ལྟ་བ་དག་ནི་ལེན་པར་བདག ་གིས་ནུས་མ་སྨིན།། མུན་པར་ལོང་བས་ཡོང་བའི་ལམ་མཁན་བྱེད་པ་བཞིན།། མཁས་པའི་སྒྱེབོ་སུ་ཞིག་གཞན་གྱི་རྒྱུན་བྷུ་།། དེ་ཉིད་མ་མཐོང་གྱུར་ཀྱང་འོན་ཀྱང་ཁོ་བོ་ཡི།། དགེ་དང་མི་དགེར་ཐེ་ཚོམ ་ན་དགེ་བློ་གྲོས་འགྱུར།། འབྲས་བུ་མེད་ཕྱིར་ལ་ཡང་དགེ་བའི་བདག་ཉིད་མཆོག། སྨོད་པའི་བདག་ཉིད་དེ་ཉིད་ལ་ཡང་བདེ་བ་མེད།། རྣམ་གཞག་མོང་བའི་ལུང་འདི་ཡང་ནང་ནི་མཐོང་གྱུར་ནས།། ཚད་ལྡན་རྣམས་ཀྱི་གང་སྨྲས་དེ་ནི་ལེགས། ་རྟོགས་མཛོད།། ཉེས་ལ་རབ་དམན་ཚད་ལྡན་ཉིད་ནི་རྟོགས་མཛོད་དང་།། ཉེས་པ་རབ་ཏུ་དམན་པས་བདུན་མིན་སྨྲ་བ་ཡིན།། ཁྱིམ་ལ་འཇུག་པར་དམིགས་གང་བདག་ལ་ཁྱོད་ཀྱིས་ནི།། སྨྲས་ཤིང་རེངས་བྱེད་ལ་སོགས་རྣམས་ནི་དཔེར ་བསྟན་ཏེ།། དེ་རྣམས་ཚད་མིན་ཆོས་ངེས་རྣམསུ་ནུས་མེད་ཅིང་།། ཚད་མའི་ཆེད་དུ་བརྟུལ་ཞུགས་རྣམས་ནི་ཡོངསུ་ཟད།། དེ་ལྟ་ན་ཡང་ཉི་མ་ས་ལ་ལྷུང་གྱུར་ལ།། གྲངས་དང་ལྡན་པའི་རི་བོས་བརྟན་ཉིད་ནོར་ན་ཡང་།། དེ་ཉིད་མ་མཐོང་ཡུལ་ལ ་ཁ་བལྟས་དབང་པོ་ནི།། ཁྱིམ་རྣམས་དག་ལ་སོ་སོ་སྐྱེ་བོ་མི་བསྙེན་ཏོ།། བདག་ནི་འབར་གྱུར་པའི་མེ་ལ་འཇུག་པ་སྟེ།། དོན་མ་བྱས་པར་ཁྱིམ་གྱི་གཞི་ལ་རབ་མི་འཇུག། དེ་ལྟར་ཐུགས་རྒྱལ་ལྡན་དེས་དམ་བཅའ་མཛད་གྱུར་ཅིང་།། ཇི་ལྟར ་འདོད་བཞིན་བཞེངས་ནས་སྔར་འཛིན་མེད་པར་གཤེགས།། དེ་ནས་མཆི་མ་དང་བཅས་བློན་དང་གཉིས་སྐྱེས་གཉིས།། དེ་ཡི་བརྟན་པ་ཉིད་དང་ངེས་པ་ཐོས་གྱུར་ནས།། ཡི་མུག་གཞི་ལྡན་རྗེ་སུ་སོང་ནས་སྡུག་བསྔལ་བ།། དལ་བུས་སོང་ནས་གྲོང ་ཁྱེར་ཉིད་དུ་སོང་བར་གྱུར།། དེ་ནས་དེ་ལ་བརྩེ་དང་མི་སྐྱོང་ལ་གུས་ལས།། དེ་དག་ལྟོས་བཅས་རབ་ཏུ་སོང་ཞིང་གནས་གྱུར་ལ།། གསལ་ཞིང་སྣང་བས་ཉི་མ་བལྟ་བར་དཀའ་བ་ལྟར།། དེ་ནི་ལམ་དུ་བལྟ་བར་མ་ནུས་དོར་བར་མིན།། མཆོག ་ཏུ་གཤེགས་ཏེ་གཤེགས་པ་ཤེས་ཕྱིར་དེ་དག་གིས།། སོ་པའི་སྐྱེས་བུ་གཙང་མ་སྦས་པ་རྣམས་བྱས་ནས།། དགའ་ཞིང་སྲས་པོ་འདོད་པའི་རྒྱལ་པོ་ལ་སོང་ནས།། ཇི་ལྟར་བལྟ་འམ་ཞེས་ནི་ཇི་ལྟར་ཡང་སོང་ངོ་།། སངས་རྒྱས་ཀྱི་སྤྱོད་པ ་ཞེས་བྱ་བའི་སྙན་དང་གྲས་ཆེན་པོ་ལས། གཞོན་ནུ་རྗེསུ་ཚོལ་བའི་ལེའུ་སྟེ་དགུ་པའོ།། ། སྐུ་སྟོང་རྒྱས་ཤིང་རྒྱ་ཆེན་རྒྱལ་པོའི་སྲས་པོ་སྟེ།། བསྲེག་བྱ་དང་བསྔགས་བདག་པོ་དེ་དག་རྣམས་སྤངས་ཏེ།། དཔའ ་རླབས་གཡོ་བའི་ཆུ་བོ་གངྒཱ་བརྒལ་ནས་ནི།། དཔལ་དང་ལྡན་པའི་རྒྱལ་པོའི་ཁབ་ཏུ་གཤེགས་པར་གྱུར།། རི་རྣམས་དག་གིས་ལེགས་པར་སྦས་དང་བརྒྱན་པ་དང་།། དགེ་དང་དཀའ་ཐུབ་གཏེར་བས་གཟུང་དང་གཙང་བ་སྟེ།། ཞི་བ་རང ་བྱུང་ཚངས་པ་མཐོ་རིས་ལོགསུ་བཞིན།། རིག་སྔགས་མཚན་མའི་གྲོང་ཁྱེར་རབ་ཏུ་ཐོབ་པར་གྱུར།། ཟབ་མོར་གྱུར་པའི་མདངས་དྲར་དྭེ་ཡི་ལུགས་གསལ་བ།། སྐྱེས་བུ་རྣམས་ནི་ཤིན་ཏུ་གནོན་པ་མཐོང་གྱུར་ནས།། ཁྱུ་མཆོག་རྒྱལ་མཚན་དེ་ཡི ་བརྟུལ་ཞུགས་བརྟན་པ་བཞིན།། དེར་ནི་དེ་ཚེ་སྐྱེ་བོ་རྣམས་ནི་ཡ་མཚན་གྱུར།། དེ་རབ་མཐོང་ནས་གཞན་གང་མ་སོང་དེ་གནས་ཤིང་།། དེར་ནི་གང་ཞིག་ལམ་ན་གནས་དེ་རྗེས་འགྲོ་ཞིང་།། གང་ཞིག་སྒྲེན་པོར་སོང་གྱུར་ལ།། ཁ་ཅིག་བསྡད་པ་གང ་ཡིན་དེ་ནི་ལང་པའོ།། སྐྱེ་བོ་ཁ་ཅིག་དེ་ལ་མཆོད་པའི་ལག་པ་ཡིས།། བསྟི་སྟང་བྱས་ནས་ཁ་ཅིག་མགོ་བོས་ཕྱག་འཚལ་ཞིང་།། ཁ་ཅིག་མཉེན་པའི་ཚིག་གིས་མངོན་པར་སྟོང་བྱེད་ཅིང་།། ཁ་ཅིག་དེ་ལ ་རབ་ཏུ་མཆོད་ནས་སོང་བར་གྱུར།། དེ་རབ་མཐོང་ནས་སྣ་ཚོགས་ཆ་ལུགས་རྣམས་ངོ་ཚ།། རབ་བཀྲམ་ཚིགས་ནི་ལམ་དུ་སྨྲ་བ་མེད་པར་སོང་།། དངོསུ་གཞན་དུ་ཆོས་རྣམས་དག་གི་ཉེ་ལོགསུ།། ཁ་ཅིག་ཚུལ་མ་ཡིན་པའི་བློ་གྲོས་མ་གྱུར་ཏོ།། ་ལྷ་དང་མཚུངས་པའི་མི་དབང་སྲས་པོ་དེ་མཐོང་ནས།། བྱ་བ་གཞན་མ་རྣམས་ཀྱང་རྒྱལ་པོའི་ལམ་དུ་ནི།། མཆོད་མང་བཀུར་སྟི་སྔོན་འགྲོ་བུད་མེད་རྣམས་ཀྱི་འམ།། སྐྱེས་པ་རྣམས་ཀྱི་མིག་དང་ངོམ་པར་མ་གྱུར་ཏོ།། དཔྲལ་བ ་འམ་སྨིན་མ་དག་དང་ཞལ་ལམ་སྤྱན་དག་དང་།། སྐུ་འམ་ཕྱག་དག་དང་ནི་འགྲོས་སམ་ཞབས་དག་ནི།། གང་གིས་དེ་ཡི་གང་ཉིད་དེར་ནི་མཐོང་གྱུར་པ།། དེ་ཉིད་ཀྱིས་ནི་དེ་ཡི་མིག་དག་བཅིངས་པར་གྱུར།། སྨིན་མ་མཛོད་སྤུ ་དང་བཅས་སྤྱན་དག་ཡངས་པ་དང་།། སྐུ་ལུས་མཛེས་ཤིང་དགེ་བའི་དྲ་བ་དང་ལྡན་ཕྱག། ས་སྐྱོང་ཉིད་དུ་འོས་པའི་དགེ་སློང་ཆ་ལུགས་དེ།། མཐོང་ནས་རྒྱལ་པོའི་ཁབ་ཀྱི་ཕུན་ཚོགས་གཡོས་པར་གྱུར།། དེ་ནས་ཁང་པའི་ཕྱི་ནས ་རྣམ་རྒྱལ་སྐྱེ་བོའི་ཚོགས།། མ་ག་དྷ་ཡི་ཁྱིམ་གྱི་ཇོ་བོ་བཟོ་སྦྱངས་ཀྱིས།། མཐོང་བར་གྱུར་ཏེ་དེ་ཡི་རྒྱུ་མཚན་དྲིས་པ་སྟེ།། དེ་ནས་འདི་ལ་སྐྱེས་བུ་རྣམས་ཀྱིས་དེ་སྨྲསོ།། ཡེ་ཤེས་མཆོག་གམ་ཡང་ན་ས་ཡི་དཔལ་དག་ནི།། ཐོབ་པར་འགྱུར། ་ཞེས་བྲམ་ཟེ་རྣམས་ཀྱིས་གང་སྨྲས་པ།། རབ་ཏུ་གཤེགས་པར་སྐྱེ་བོས་ངེས་པར་མཐོང་བ་ཡི།། ཤཱཀྱའི་བདག་པོའི་སྲས་པོ་དེ་ནི་འདི་ཡིན།། དེ་ནས་དོན་ཐོས་ཡིད་ཀྱི་ཆགས་ཤིང་ཞེན་གྱུར་པའི།། རྒྱལ་བའི་ས་ནི་སྐྱེས་བུ་དེ་ཉིད་ལ ་སྨྲས་པ།། དེ་ནི་གང་དུ་སོང་ཞེས་རྣམ་པར་ཤེས་པར་མཛོད།། དེ་ནས་དེ་ལྟར་བགྱི་ཞེས་སྐྱེས་བུ་རྗེ་སུ་སོང་།། གཡོ་མི་སྤྱན་ནི་གཉའ་ཤིང་གང་ཙམ་གཟིགས་པ་སྟེ།། གསུང་ནི་ཀུན་ནས་སྙོམས་ཤིང་ཟབ་མོའི་འགྲོས་མངའ་བ།། གཡོ་བའི་སེམས ་དང་ལུས་རྣམས་ངག་ནི་ངེས་བསྡམས་ན།། དགེ་སློང་མཆོག་ཉིད་དེ་ཡང་བསོད་སྙོམས་ལ་གཤེག་སོ།། ཇི་ལྟར་ཉེ་བར་འཐད་པའི་བསོད་སྙོམས་བསྣམས་ནས་ནི།། རྣམ་པར་དབེན་ཞིང་ཆར་རབ་འབབ་པར་རབ་གཤེགས་ལ།། དེར་ནི ་ཚུལ་བཞིན་རིགས་པས་མངོན་པར་གསོལ་གྱུར་ནས།། དེ་ནི་ས་འཛིན་རི་བོ་སྒྱུ་བསྲིང་ལ་འཛེག་སོ།། རོ་དྷའི་ནགས་ཀྱིས་ཉེ་བར་སྦས་པའི་རི་བོ་དོར།། རྨ་བྱིའི་སྐད་ཀྱིས་རབ་གང་ལོ་མའི་སྐྱིལ་པོ་ན།། འཆར་རིའི་སྟེང་ན་ཉི་མ་གཞོན་ནུ་ཇི་ལྟ་བར ་ངུར་སྨྲིག་གོས་ཀྱིས་ཉི་མའི་ཉི་མ་དེ་མཛེས་སོ།། དེར་ནི་དེ་ཉིད་རྒྱལ་པོའི་འཁོར་དེ་མཐོང་གྱུར་ནས།། བཟོ་སྦྱངས་རྒྱལ་པོ་ལ་ནི་གཏམ་དག་བྱས་པ་སྟེ།། ཐོས་ནས་རྒྱལ་པོ་དེས་ཀྱང་མཆོད་པ་མང་པོ་ལས།། དེར་ནི་སྦས་པའི་རྗེ་སུ་འབྲིང་བས ་རབ་ཏུ་སོང་།། སྒྱུ་བསེང་རི་བོ་མཆོག་ལ་སྐྱ་བསེང་ན་དང་ནི།། བརྩོན་འགྲུས་མཉམ་ཞིང་རི་བོ་དང་མཉམ་སྐུ་ལུས་ཅན།། མི་ཡི་སེང་གེའི་འགྲོས་ཅན་ཅོད་པན་འཛིན་པོ་སྟེ།། རལ་པ་གཡོ་བའི་སེང་གེ་བཞིན་དུ་འཛེགས་པར་གྱུར།། དེ་ནས་དེ་ཡི་སྟེང ་ན་རྩེ་མོར་གྱུར་པ་ཡི།། བྱང་ཆུབ་སེམས་དཔའ་དབང་པོ་ཉེ་བར་ཞི་བ་ནི།། རི་འོང་གིས་མཚན་སྤྲིན་གྱི་སྦུབས་ནས་བྱུང་བ་བཞིན།། སྐྱིལ་མོ་ཀྲུང་གིས་བཞུགས་ནས་རྣམ་པར་མཛེས་པ་མཐོང་།། གཟུགས་དང་ཕུན ་སུམ་ཚོགས་དང་ཉེ་བར་ཞི་བ་ཡིས།། ཆོས་ཀྱི་སྤྲུལ་པ་བཞིན་དུ་ཉེ་བར་བཞུགས་དེ་ལ།། ཡ་མཚན་དྲང་བཅས་རབ་ཏུ་གཉེན་ལྡན་མི་དབང་པོ།། རང་བྱུང་ལ་ནི་བརྒྱ་བྱིན་གྱིས་བཞིན་ཉེ་བར་གནས།། རིགས་པ་ཡིས་ནི་རིགས་པ་རིག་པ་རྣམས ་ཀྱི་མཆོག། ཁམས་མཉམ་གྱུར་པ་དེ་ལ་སོང་ནས་དྲིས་པ་སྟེ།། ངོ་ཉིད་ཀྱིས་ཀྱང་མཚུངས་ཤིང་ཞི་བས་མི་སྐྱོང་ལ།། ཡིད་ནི་རང་བཞིན་གནས་དང་ནད་མེད་སྨྲས་པར་གྱུར།། དེ་ནས་གཙང་ལ་གླང་པོའི་རྣ་བ་ལྟར་སྔོ་བའི།། རྡོ་བའི་ལོགས་ལ་རྒྱལ་པོ ་ཡང་དག་ངེས་གནས་ཤིང་།། ཉེ་སར་ཉེ་བར་བསྡད་ནས་རྗེ་སུ་མཐུན་པ་ཡིས།། དེ་ཡི་དགོངས་པ་རྣམ་པར་ཤེས་འདོད་འདི་སྨྲ་སོ།། རིམ་པས་འོངས་པ་ཉིད་དང་ཡོངསུ་བརྟགས་པ་སྟེ།། ཁྱོད་ཀྱི་རིགས་ཀྱིས་བདག་གི་དགའ་བ་མཆོག་ཡིན་ལ།། གང ་ཕྱིར་བདག་ལ་རང་གི་ན་ཚོད་སྨྲ་འདོད་པ།། སྐྱེས་ཏེ་དེ་ཕྱིར་བརྩེ་བའི་ཚིག་འདི་མཁྱེན་པར་མཛོད།། ཁྱོད་ཀྱི་རིགས་ནི་རྣམ་རྒྱས་སྔོན་དུ་ཉི་མ་སྟེ།། ལུས་ཀྱང་ན་ཚོད་གསར་པ་གསལ་ལ་མཛེས་པ་འདི།། གང་ཕྱི་འདི་ནི་ཁྱོད་ཀྱིས་བློ་གློས་རིམ ་མེང་པས།། སློང་མོ་ཉིད་ལ་མངོན་དགའ་རྒྱལ་སྲིད་ལ་མ་ཡིན།། ཁྱོད་ཀྱི་ལུས་འདི་ཙན་ངན་དམར་པོ་འོས་པ་སྟེ།། ངུར་སྨྲིག་གིས་དཀྲིས་དེ་ནི་འོས་པ་མ་ཡིན་ནོ།། ལག་པ་འདི་ནི་སྐྱེ་དགུ་སྐྱོང་བར་འོས་པ་སྟེ།། གཞན་གྱིས་བྱིན་པའི་བཟའ་བ་ཟ ་བར་འོས་མ་ཡིན།། དེ་ཕྱིར་ཞི་བ་གལ་ཏེ་ཡབ་ཀྱི་རྒྱལ་སྲིད་ལ།། ཁྱོད་ཀྱི་ཡབ་ཀྱི་བརྩེ་ལས་སྟོབས་ཀྱིས་མི་འདོད་ཅིང་།། ཁྱོད་ཀྱི་བློ་གྲོས་རིམ་པར་བཟོད་པར་མ་གྱུར་ན།། སྦྱིན་པར་ཁོ་བོའི་ཡུལ་གྱི་ཕྱེད་ལ་ལོངས་སྤྱོད་མཛོད།། དེ་ལྟ་ན་ནི ་རང་གི་སྐྱེ་ལ་གནོད་མིན་ཞིང་།། དུས་ཀྱི་རིམ་པ་ཡིད་ཀྱང་དཔལ་གང་བསྔགས་པ་སྟེ།། དེ་ཕྱིར་ཁྱོད་ཀྱིས་བདག་ལ་བརྩེ་བ་མཛོད་ཅིག་དང་།། དམ་པ་རྣམས་དང་བཅས་པས་ངོམ་པའི་དཔལ་འཕེ་ལོ།། ཅི་སྟེ་ད་ནི་རིགས་ཀྱི་ཁེངས་པ་ཉིད ་ལས་ནི།། བདག་ཅག་རྣ་ལ་ཁྱོད་ལ་བློ་གཏད་ཡོན་ཏན་མེད།། སྡེ་རྒྱས་རྣམས་ནི་མངའ་ཡིས་རྣམ་པར་དཀྲུགས་བྱས་ནས།། བདག་དང་བཅས་པས་ཕ་རོལ་རྣམས་ནི་ཕམ་པར་མཛོད།། དེ་ཕྱིར་འདིར་ནི་གཉིས་དབུས་གཅིག་བློ་ཚོལ་མཛོད ་ལ|། ཆོས་དོན་འདོད་པ་རྣམས་ལ་ཆོ་ག་བཞིན་བསྙེན་མཛོད།། འདི་ན་སྡེ་མཚན་གསུམ་པོ་ཆགས་ལས་རྣམ་བཟློག་ནས།། འདི་དང་གཞན་དུ་ཕྱིན་ནས་ལྷུང་བ་ཀུན་ནས་འཐོབ།། གང་ཞིག་དོན་དང་ཆོས་ལ་གནོད་ནས་འདོད་པ་དང་།། ་ཆོས་དང་འདོད་པ་ཡོངསུ་བརྙས་ནས་དོན་དང་ནི།། འདོད་དང་དོན་དག་ཉེ་བར་ཞི་བས་ཆོས་དེ་ནི།། དོན་བྱས་གལ་ཏེ་མཐའ་དག་འདོད་ན་ངོན་ཡིན་ནོ།། དེ་ཕྱིར་སྡེ་མཚན་གསུམ་ལ་ངེས་པར་བསྙེན་པ་ཡིས།། ཁྱོད་ཀྱི་གཟུགས་འདི་འབྲས་བུ ་བཅས་པ་ཉིད་དུ་མཛོད།། ཆོས་དང་དོན་དང་འདོད་པ་དམན་མིན་ཐོབ་པ་ལ།། མི་རྣམས་ངག་གི་དམན་མིན་སྐྱེ་བའི་དོན་དུ་སྨྲ།། དེ་ཕྱིར་གཞུ་ནི་རྣམ་པར་འགེངས་འོས་རྒྱས་པའི་ཕྱག། འདི་དག་འབྲས་བུ་མེད་པར་བྱེད་པར་འོས་མིན་ཏེ། ་ང་ལ་བཞིན་འདིས་ནི་འཇིག་རྟེན་གསུམ་རྣམས་ཀྱང་།། ཕམ་པར་འོས་པ་ཡིན་ན་ས་འདིར་སྨོས་ཅི་དགོས།། བརྩེ་བས་ངེས་པར་དེ་ནི་བདག་གིས་སྨྲ་བ་སྟེ།། ཡ་མཚན་གྱིས་མིན་དབང་ཕྱུག་ཉིད་ཀྱི་ཆགས་པས་མིན།། ་ཁྱོད་ཀྱི་དགེ་སློང་ཉིད་ཀྱི་ཆ་ལུགས་འདི་མཐོང་ནས།། རྗེས་སུ་བརྩེ་བ་སྐྱེས་ནས་མཆི་མ་ཡང་བྱུང་ངོ་།། དེ་ཕྱིར་རང་རིགས་རབ་མཚུངས་ཁྱོད་ཀྱི་གཟུགས་ཇི་སྲིད།། རྒ་བས་ཟིལ་གྱིས་མནན་ནས་སླར་ཡང་མ་འོངས་པར།། སློང་མོའི་གནས་འདོད་འདོད ་པ་རྣམས་ལ་ལོངས་སྤྱོད་ལ།། དུས་སུ་ཆོས་ལ་དགའ་བ་ཆོས་ནི་གྱིས་མཛོད་ཅིག། ཁོགས་པས་ངེས་པར་ཆོས་ནི་འཐོབ་པར་ནུས་པ་སྟེ།། འདོད་པ་ཉེ་བར་སྤྱོད་ལ་རྒས་པའི་འགྲོ་བ་མེད།། དེ་ཕྱིར་དར་ལ་བབ་པའི་འདོད་པ་རྣམས་སྨྲ་སྟེ།། བར་མའི ་ནོར་ཡིན་རྒན་པོ་རྣམས་ཀྱི་ཆོས་ཡི་མོ།། གསོན་པའི་འཇིག་རྟེན་དགྲ་ན་ཆོས་དང་དོན་དག་ནི།། རྣམ་པར་དགལ་བར་གྱུར་པ་ཡིན་ཕྱིར་ལང་ཚོ་རྣམས།། ཡང་དག་བསྲུང་བ་ཡིན་ཡང་ཐུབ་པར་དཀའ་བ་སྟེ།། གང་ཕྱིར་འདོད་པས་ལམ་དེ་ལས་ནི ་འཕྲོགས་པར་བྱེད།། ན་ཆོད་འཁོགས་པ་རྣམས་ནི་རྣམ་དཔྱོད་ལྡན་པ་སྟེ།། ཤིན་ཏུ་བརྟན་པའི་གནས་སྐབས་མཆོག་ཏུ་སོང་བ་རྣམས།། ངོ་ཚ་བ་ཉིད་ཕྱིར་དང་སོང་བ་མ་ཡིན་ཕྱིར།། འབད་པ་ཉུང་ངུས་ཞི་བའི་བདག་ཉིད་གྱུར་པའོ།། དེ་ཉིད་ཕྱིར་ན་གཡོ ་ཞིང་ཡུལ་ནི་གཙོ་བོ་དང་།། རབ་མོས་བཟོད་པ་མ་ཡིན་རིང་པོར་མཐོང་མིན་ལ།། འབྲོག་དགོན་དག་ལ་ངེས་པར་ཐར་ནས་དབུགས་ཕྱུང་བཞིན།། གཡོ་སྒྱུ་མང་པོའི་ལང་ཚོ་ཤིན་ཏུ་འདས་ནས་སོ།། དེ་ཕྱིར་མི་བརྟན་གཡོ་ལ་བག་མེད་ལྡན་པ་ཡི།། ་མཆོད་གསར་པ་འདི་ནི་རེ་ཞིག་རྣམ་པར་འོང་།། འདོད་པའི་ལྷ་ཡི་སྔོན་དུ་ན་ཚོད་འབེན་ཡིན་ལ།། དབང་པོ་རྣམས་ལས་བསྲུང་བར་ནུས་པ་མ་ཡིན་ནོ།། ཅི་སྟེ་ཁྱེད་ཀྱིས་ཆོས་ཉིད་མཛད་པར་འདོད་པ་ནི།། མཆོད་སྦྱིན་གྱིས་ལྷ་མཆོད་མཛོད ་འདི་ནི་རིགས་ཀྱི་ཆོས།། མཆོད་སྦྱིན་རྣམས་ཀྱིས་མཐོ་རིས་ལོགས་ནི་བྱིན་རླབས་ནས།། ལྷ་དབང་ཉིད་ཀྱང་མཐོ་རིས་ལོགསུ་གཤེགས་པར་གྱུར།། གསེར་གྱི་དཔུང་རྒྱན་རྣམ་པར་བཅིངས་པའི་ཕྱག་རྣམས་དང་།། ནོར་བུའི་སྒྲོན་མས་འབར་བའི ་དབུ་རྒྱན་སྣ་ཚོགས་ཅན།། མི་སྐྱོང་དྲང་སྲོང་རྣམས་དང་དྲང་སྲོང་ཆེན་པོ་རྣམས།། ངལ་བས་གུར་གཤེགས་འགྲོས་དེར་མཆོད་སྦྱིན་རྣམས་ཀྱིས་གཤེགས།། དེ་ལྟར་མ་ག་དྷ་ཡི་བདག་པོས་ཚིག་སྨྲས་པ།། གང་ཞིག་དབང་པོའི་བཞིན་དུ་སྨྲ།། ་པ་ཡང་དག་མཛེས།། སྣ་ཚོགས་དུ་མའི་ས་ཕྱོགས་ཏི་སིའི་གངས་རི་ལྟར།། རྒྱལ་པོ་སྲས་དེས་དེ་ཐོས་གྱུར་ནས་རྣམ་མ་གཡོས།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། བཟོ་སྦྱངས་སྔོན་དུ་སོང་བའི་ལེའུ་སྟེ་བཅུ་པའོ།། ་དེ་ནས་བཤེས་ཀྱི་སྒོ་ནས་ཕན་པ་ཡིན་པའི་དོན།། དེ་ལྟར་མ་ག་དྷ་ཡི་བདག་པོ་སྨྲས་པ་ཡིས།། རང་གནས་རྣམ་པར་འགྱུར་མིན་རིགས་གཙང་གཙང་བའོ།། ཟས་གཙང་རྒྱལ་པོའི་སྲས་ཀྱི་ཚིག་འདི་སྨྲས་པའོ།། སེང་གེས་མཚན་པའི་ཡང ་པའི་རིགས་སུ་རབ་སྐྱེས་པ།། ཁྱེད་ཀྱི་ཆོ་ག་དེ་ནི་ངོ་མཚར་ཆེ་མ་ཡིན།། གང་ཕྱིར་བཤེས་གཉེན་ཕྱོགསུ་གཤེགས་འདོད་ཁྱོད་ཀྱི་ནི།། ཡོངསུ་དག་པའི་སྤྱོད་པས་སྤྱོད་པ་དེ་ཡིན་ནོ།། རང་རིགས་རྗེ་སུ་སྤྱོད་པས་དམ་པ་མིན་ལ་བྱམས།། དབང་པོ ་མ་ཚང་བ་ལ་དཔལ་བཞིན་གནས་མིན་ལ།། སྣ་མས་བྱས་པའི་དགའ་བ་རིམས་རྣམས་ཀྱིས།། དེ་ནི་དམ་པ་རྣམས་ཀྱིས་རྣམ་པར་འཕེལ་བར་བྱེད།། དོན་ནི་དཀའ་བ་རྣམས་སུ་མི་རྣམས་གང་ཞིག་གིས།། མཛ་བོ་རྣམ ་ཀྱི་མཉམ་པའི་དོན་གྱུར་འཇིག་རྟེན་ན།། བཤེས་གཉེན་དེ་རྣམས་བློ་ཡཾ་ཡོངསུ་ཤེས་བགྱི་སྟེ། རང་གནས་དག་ནི་འཕེལ་བར་གང་གི་ཕྱིར་མ་ཡིན།། དེ་ལྟར་གང་གིས་རྫས་ངག་ཐོབ་ནས་འཇིག་རྟེན་ན།། བཤེས་རྣམས་དང་ནི་ཆོས་ལ་ངེས ་བར་སྦྱོར་བྱེད་པ།། དེ་རྣམས་ཀྱིས་ནི་ནོར་གྱི་སྙིང་པོ་ཐོབ་པ་སྟེ།། མཐར་ནི་ཉམས་ལས་གདུང་བ་སྐྱེད་པར་བྱེད་མ་ཡིན།། རྒྱལ་པོ་མཛའ་བོ་ཉིད་དང་འཕགས་པ་ཉིད་ཀྱིས་ཀྱང་།། ཁྱོད་ཀྱི་ངེས་པ་གང་ཞིག་བདག་ལ་དམིགས་པ་འདི།། མཛའ་བོ་ཉིད ་ཀྱི་འདིར་ནི་རྗེས་སུ་བསྙད་བགྱི་སྟེ།། རྒོལ་བ་གཞན་མིན་འདིར་ནི་བདག་གིས་སྨྲ་བར་བགྱི།། བདག་གིས་རྒ་དང་འཆི་བའི་འཇིགས་པ་རྣམས་རིགས་ནས།། ཐར་པ་འདོད་པས་ཆོས་འདི་རབ་ཏུ་ཐོབ་པ་སྟེ།། གཉེན་འདུན་དགའ་བ་མཆི་མའི་གདོད ་ལྡན་རྣམས་སྤངས་ནས།། མི་དགེའི་རྒྱུར་གྱུར་འདོད་པ་རྣམས་ནི་སྔོན་ཉིད་དོ།། བདག་གི་ཡུལ་རྣམས་ངག་ལས་ཇི་ལྟར་འཇིགས་པ་ཉིད།། དེ་ལྟར་སྦྲུལ་གྱི་དུག་རྣམས་ལ་ནི་མི་འཇིགས་ཤིང་།། ནམ་མཁའ་དག་ལས་འཕོས་པའི་ཐོག་རྣམས་ལས་མིན ་ལ།། རླུང་དང་བཅས་པའི་མེ་རྣམས་ངག་ལས་མ་ཡིན་ནོ།། མི་རྟག་འདོད་པ་རྣམས་ཀྱིས་དགེ་བའི་ནོར་རྐུ་ཞིང་།། སྟོང་པ་རྨི་ལམ་སྒྱུ་མ་དང་མཚུངས་འཇིག་རྟེན་ན།། ཡིད་ལ་སྨོས་པ་ཡིད་ཀྱང་སྨོས་པར་བྱེད་པ་སྟེ།། མེ་ཡི་སེམས་ནི་བདག་ཉིད་གནས ་པ་སྨོས་ཅི་འཚལ།། ཀྱེ་མ་འདོད་པས་ཟིལ་གྱིས་ནོན་ན་མཐོ་རིས་སུ།། བདེ་བ་ཐོབ་མིན་འཆི་བའི་འཇིག་རྟེན་ན་སྨོས་ཅི།། རླུང་གྲོགས་ལྡན་པའི་མེ་ཡི་བྱུད་ཤིང་གིས་ཇི་ལྟར།། སྲེད་དང་བཅས་པའི་འདོད་པ་རྣམས་ཀྱིས་ཚིམ་པ་མེད།། འགྲོ་ན་འདོད་པ ་རྣམས་དང་མཉམ་པའི་དོན་མེད་མེད།། རྨོངས་ལས་དེ་རྣམས་ཁོ་ནར་སྐྱེ་བོ་རབ་ཏུ་ཆགས།། དེ་ཉིད་ཤེས་ནས་དེ་ལྟར་དོན་མེད་འཇིགས་པ་སྟེ།། ཤེས་ལྡན་སུ་ཞིག་རང་གིས་དོན་མེད་མངོན་པར་འདོད།། རྒྱ་མཚོའི་གོས་ཅན་ས་ནི་ཀུན་ནས་ཀྱང་།། ་རྒྱ་མཚོ་ཆེན་པོའི་ཕ་རོལ་རྒལ་བར་འདོད་པ་སྟེ།། རྒྱ་མཚོའི་ཆུ་བོ་རྣམས་དང་ཆུ་བྲན་རྣམས་ཀྱིས་ལྟར།། འཇིག་རྟེན་པ་ཡི་འདོད་པ་རྣམས་ཀྱིས་ངོམས་པ་མེད།། ལྷ་ཡིས་གསེར་གྱི་ཆར་པ་དག་ཀྱང་ཕབ་གྱུར་ལ།། གླིང་རྣམས་བཞི་པོ་མཐའ་དག་ལ་ཡང ་ལོངས་སྤྱད་དེ།། བརྒྱ་བྱིན་གྱིས་ཀྱང་གདན་ཕྱེད་དག་ཀྱང་རབ་ཐོབ་ནས།། ང་ལ་ནུ་ནི་ཡུལ་རྣམས་དག་ལ་ངོམས་པ་མེད།། ལྷ་ན་ལྷ་རྣམས་ཀྱི་ཡང་རྒྱལ་སྲིད་ལོངས་སྤྱད་ནས།། མཆོད་སྦྱིན་བརྒྱ་པ་ལྷ་མིན་འཇིགས་ལས་རབ་ཉམས་ཚེ།། རྒྱགས་ལས་དྲང ་སྲོང་ཆེན་པོ་རྣམས་ལའང་ཁུར་བཅོལ་ནས།། འདོད་པ་རྣམས་ལ་ངོམས་མེད་སྒྲ་མེད་ལྷུང་བར་གྱུར།། ཨེ་ལའི་རྒྱལ་པོས་མཐོ་རིས་རྣམས་ནི་རྣམ་དཀྲུགས་ཏེ།། བརླ་མཛེས་ལྷ་མོ་དེ་ཉིད་དབང་དུ་བྱས་ནས་ཀྱང་།། སྲེད་ཕྱིར་དྲང་སྲོང་རྣམས་ལ་གསེར་དག ་ཕྲོག་པ་སྟེ།། ཡུལ་རྣམས་ལ་ནི་ངོམས་མེད་ཉམས་པར་སོང་བར་གྱུར།། ལྷ་མིན་ལས་ནི་དབང་ཆེན་ལས་དགྲ་མེད།། དགྲ་མེད་ལས་སླར་དབང་ཆེན་གང་དུ་ཉེར་སོང་སྟེ།། མཐོ་རིས་དང་ནི་ས་འམ་ཡུལ་ནི་དེ་རྣམསུ།། བསྐལ་པའི་ཚོགས་འཁྲུགས་རྣམས ་ལ་སུ་ཞིག་བློ་གཏང་བྱེད།། ཤིང་ཤུན་གོས་ཅན་རྩ་བ་འབྲས་བུ་ཆུ་ཟ་ཞིང་།། ལག་འགྲོའི་སྦྲུལ་ལྟར་རིང་བའི་རལ་པའི་ཁུར་རྣམས་ཀྱང་།། གང་གིས་དོན་གཞན་མ་ཡིན་ཐུབ་པ་ཡང་ཉམས་ཏེ།། འདོད་པ་ཞེས་བྱའི ་དགྲ་པོ་རྣམས་ནི་སུ་ཡིས་ཚོལ།། རྣོ་བའི་མཚོན་ཚེ་དང་ནི་རྣོ་འཛིན་མཚོན་ཆ་ཡང་།། གང་གི་དོན་དུ་འཇིགས་ཏེ་ལས་ནི་འཆི་ཐོབ་ལ།། དེ་དག་རྣམས་ཀྱི་དགེ་མིན་སེམས་ཀྱང་སྤྱོད་རྣམས་ཀྱི།། འཇོམས་ཕྱིར་དེ་ཕྱིར་བརྟུལ་ཞུགས་རྣམས ་ཀྱིས་སྨོས་ཅི་དགོས།། ཡུལ་རྣམས་སུ་ནི་མྱ་ངན་ཉུང་ངུ་ར་ཤེས་གྱུར་ནས།། ཀུན་ནས་སྦྱོར་ཞིང་མཆོག་ཏུ་ངོམས་པ་མེད་པ་ཉིད།། དམ་པ་རྣམས་ཀྱིས་སྨོད་ཅིང་ངེས་པར་སྡིག་པ་སྟེ།། འདོད་པའི་མིང་ཅན་དུག་ནི་སུ་ཡིས་ལེན་པར་བྱེད།། ཞིང ་གིས་ལས་ལ་སོགས་པ་རྣམས་ཀྱིས་ཉམ་ཐུག་ཅིང་།། འདོད་པ་རྣམས་ལ་མི་ཚར་རྣམས་ཀྱི་རང་གནས་དང་།། འདོད་པའི་བདག་ཉིད་རྣམས་ཀྱི་རང་གནས་ཐོབ་ནས་ནི།། འདོད་པ་རྣམས་ནི་སློང་བར་སེམས་ལྡན་རྣམས་ཀྱིས་ནུས།། གྲུབ ་འགྱུར་འདོད་པ་རྣམས་སུ་རྒྱགས་པ་ཉེར་འཐོབ་ཕྱིར།། འདོད་པ་ཅན་ལ་འདོད་འབྱོར་རྒུད་པ་ཤེས་བྱ་སྟེ།། རྒྱགས་ལས་བྱ་བ་མིན་བྱེད་བྱ་བ་མ་ཡིན་ལ།། གང་གིས་ཟད་ཅིང་ངན་འགྲོར་ཉེ་བ་འགྲོ་བ་འགྱུར། གང་ལ་འབད་པས་ཐོབ་ཅིང་ཡོངསུ ་བསྐྱངས་པ་རྣམས།། རྣམ་པར་བསླུས་ནས་སླར་ཡང་སོ་སོར་འགྲོ་བ་སྟེ།། བདག་ཉིད་ལྡན་པས་གཡར་པོ་དང་མཚུངས་དེ་རྣམ་སུ།། འདོད་པ་རྣམས་ལ་འདི་ན་མཁས་པ་སུ་ཞིག་དགའ།། བཙལ་ནས་དང་ནི་བླངས་ནས་སྐོམ་པ་སྐྱེས་པ་ཡི།། ་གང་རྣམས་མི་འདྲོར་སྡུག་བསྔལ་བར་ནི་ཡོངས་འགྲོ་ལ།། འཇིག་རྟེན་དག་ན་རྩཝ་སྒྲོན་དང་མཚུངས་དེ་རྣམསུ།། འདོད་པ་རྣམ་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན།། བདག་ལྡན་མིན་པའི་སྙིང་ལ་གང་གིས་རྣམ་རྨུགས་ཏེ།། རྣམ་པར་ཉེས ་པར་འགྲོ་འགྱུར་བདེ་བར་འགྲོ་མིན་ཞིང་།། ཀུན་ནས་ཁྲོས་པའི་སྦྲུལ་དང་རབ་མཚུངས་དེ་རྣམསུ།། འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན།། ལྟོགས་པས་ཉམ་ཐག་ཁྱི་བཞིན་རུས་པ་ཟོས་ནས་ཀྱང་།། གང་རྣམས་ལ་ནི ་ངོམས་པར་འགྱུར་བ་མ་ཡིན་ཉིད།། འཁོགས་པའི་རུས་པའི་ཀེང་རུས་དང་མཉམ་དེ་རྣམསུ།། འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན།། གང་གི་རྒྱལ་པོ་རྐུན་པོ་ཆུ་དང་མེ་རྣམས་ལས།། ཐུན་མོང་གྱུར་པ་ཉིད་ཕྱིར་སྡུག ་བསྔལ་བསྐྱེད་བྱེད་དེ།། རབ་ཏུ་གཏོར་བའི་ཤཱ་དང་མཚུངས་པ་དེ་རྣམསུ།། འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན།། དགྲ་བོ་དང་ནི་གཉེན་འདུན་འབྲེལ་པ་རྣམས་ལས་ཀྱང་།། གང་ལ་གནས་པ་རྣམས་ནི་སྐྱེན་པར་རྒུད ་པ་སྟེ།། སྐྱེ་མཆེད་དང་མཚུངས་ཉེ་བར་འཚེ་བ་དེ་རྣམསུ།། འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན།། རི་དང་ནགས་དང་ཆུ་དང་རྒྱ་མཚོ་རྣམས་སུ་ཡང་།། གང་ལ་རྣམ་པར་འཕྱོ་བ་རྣམས་ནི་ལྷུང་གྱུར་ཏེ།། ལྗོན་ཤིང་རྩེ་མོའི ་འབྲས་བུ་དང་མཚུངས་དེ་རྣམསུ།། འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན།། རྣམ་པ་སྣ་ཚོགས་འབད་པ་དྲག་པོ་འཐོབ་པ་རྣམས།། གང་གི་སྐད་ཅིག་གིས་འདིར་ཉམས་པར་འགྱུར་བ་སྟེ།། རྨི་ལམ་ཉེ་བར་ལོང་སྤྱོད་དང་མཚུངས་དེ་རྣམསུ།། ། ་འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན།། གང་རྣམས་བསྒྲུབས་ནས་དང་ནི་རྣམ་པར་སྤེལ་ནས་དང་།། ཡོངསུ་བསྐྱངས་ནས་ཀྱང་ནི་བདེ་བར་འགྲོ་མིན་ལ།། ལྕི་བའི་མེ་མ་མུ་ར་དང་རབ་མཚུངས་དེ་རྣམ་སུ།། ་འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན།། གང་གི་དོན་དུ་སྒྲ་ངན་རྣམས་ནི་ཉམས་གྱུར་ལ།། རོ་བསྲེགས་ཤིང་དང་རབ་ཏུ་མཚུངས་པ་དེ་རྣམསུ།། འདོད་པ་རྣམས་ལ་བདག་ལྡན་སུ་ཡི་དགའ་བ་ཡིན།། ལྷ་མིན་མཛེས་སྦྱིན་དང་ནི་ཉེ ་བའི་མཛེས་སྦྱིན་དག། གང་གི་དོན་དུ་ཕན་ཚུན་དགྲར་སོང་ཉམས་གྱུར་ལ།། མཛའ་བཤེས་གྱུར་ཅིང་རྣམ་པར་འབྲལ་བ་དེ་རྣམསུ།། འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན།། གང་དག་རྣམས་ཀྱི་དོན་དུ་ཆུ་དང་མེ་ལོ་དང་།། ཤ ་ཟ་རྣམས་ལ་བདག་ཉིད་འདིར་ནི་འདོར་བ་སྟེ།། དགེ་བ་མ་ཡིན་དགྲ་བོར་གྱུར་པ་དེ་རྣམསུ།། འདོད་པ་རྣམས་ལ་སེམས་ལྡན་སུ་ཡི་དགའ་བ་ཡིན།། བཤེས་མེད་འདོད་པའི་དོན་དུ་བཀྲེན་པོར་བྱེད་པ་སྟེ།། གསོད་དང་འཆིང་བ་ལ་སོགས་སྡུག ་སྔལ་རབ་ཐོབ་ལ།། འདོད་པའི་དོན་དུ་སེམས་ནི་བཀྲེན་པའི་དཀའ་ཐུབ་ཅན།། གསོན་པའི་འཇིག་རྟེན་འཆིང་བ་དང་ནི་ངལ་བར་འགྲོ།། རི་དགས་རྣམས་ནི་གསོང་ཕྱིར་གླུ་ཡིས་འཕྲོག་བྱེད་ལ།། གཟུགས་ཀྱི་དོན་དུ་ཕྱེ་མ་ལེབ་རྣམས་མེར་མཆོང་ཞིང་།། ་ཤ་ངག་དོན་གཉེར་ཉ་ཡིས་ལྕགས་ནི་ཟ་བ་སྟེ།། དེ་ཕྱིར་ཡུལ་རྣམས་དོན་མེད་ཉིད་དུ་འབྲས་བུ་སྨིན།། འདོད་པའི་ལོངས་སྤྱོད་ཡིན་ཞེས་གང་གིས་བློ་ཡིན་ལ།། ཁ་ཅིག་ལོང་སྤྱོད་རྣམས་ནི་ཡོངསུ་སྤྱོད་པ་སྟེ།། གོས་སོགས་རྫས་ཀྱི་ཡོན་ཏན་ཡིན་ཕྱིར་འཇིག ་རྟེན་ན།། སྡུག་བསྔལ་ཞི་བར་བྱེད་ཅེས་རབ་ཏུ་གཟུང་བར་བྱ།། སྐོམ་པ་རབ་ཏུ་ཞི་ཕྱིར་ཆུ་དག་འདོད་པ་སྟེ།། བཀྲེས་པ་རྣམ་པར་ཉམས་ཕྱིར་བཟའ་བ་དེ་བཞིན་དུ།། རླུང་དང་གདུང་བ་སྒྲིབ་པའི་ཆེད་དུ་ཁང་པ་སྟེ།། འདོམས་དང་གྲུང་བ་སྒྲིབ་པའི་ཕྱིར། ་ནི་བགོ་བའོ།། དེ་བཞིན་ཉིད་ནི་རྣམ་པར་འཇོམས་ཕྱིར་གནས་ཡིན་ལ།། དེ་བཞིན་ལམ་ལ་ངལ་བ་ཉམས་ཕྱིར་ཐེག་པ་སྟེ།། དེ་བཞིན་གནས་ནི་རྣམ་པར་སྦྱོང་ཕྱིར་སྟན་ཡིན་ལ།། གཙང་དང་ནད་མེད་སྟོབས་ལ་བརྟེན་ཕྱིར་ཁྲུས་ཡིན་ནོ།། སྡུག་བསྔལ ་རབ་ཏུ་ཞི་བའི་ཆེད་དུ་གྱུར་པ་སྟེ།། དེ་བཞིན་སྐྱེ་དགུ་རྣམས་ཀྱི་ཡུལ་ནས་ལོངས་སྤྱོད་མིན།། རབ་ཏུ་ཞི་བའི་ཆོ་གར་རབ་ཞུགས་ཤེས་རབ་ཅན།། ལོང་སྤྱོད་རྣམས་ནི་བཟའ་ཞེས་སུ་ཡིས་ཁས་ལེན་བྱེད།། གང་ཞིག་འགྲོ་བའི་གདུང་བས་རྣམ་པར་གདུང ་པ་ཡིན།། ལོངས་སྤྱོད་ཡིན་ཞེས་གྲང་བའི་བྱ་བར་ནན་ཏན་བྱེད།། སྡུག་བསྔལ་ཞི་བའི་བདག་ཉིད་ལ་ནི་རབ་འཇུག་ཅིང་།། དེས་ནི་འདོད་པ་རྣམས་ལ་ལོངས་སྤྱོད་འདུར་ཤེས་བྱེད།། གང་ཕྱིར་འདོད་པ་རྣམས་ལ་མཐའ་གཅིག་གྱུར་མིན་ཏེ།། དེ་ཕྱིར་བདག ་གི་དེ་ལ་ལྗོངས་སྤྱོད་འདུ་ཤེས་མེད།། དངོས་པོ་གང་ཉིད་ཀྱིས་ནི་བདེ་བ་སྟེར་བྱེད་པ།། དེ་ཉིད་ཀྱིས་ནི་སླར་ཡང་སྡུག་བསྔལ་འདྲེན་པར་བྱེད།། བགོ་བ་ལྕེ་མོ་དང་ནི་ལྕི་བ་མ་ཡིན་ཉིད།། གྲང་དང་དྲོ་བའི་ཚེ་ན་བདེ་དང་བདེ་མིན་ལ།། ཟླ་འོད་རྣམས་དང ་ཅན་ངན་ཉིད་ཀྱང་དྲི་བ་ན།། བདེ་བའི་ཕྱིར་དང་སྡུག་བསྔལ་ཕྱིར་ཡིན་གྲང་བ་ནའོ།། གང་ཕྱིར་རྙེད་དང་མ་རྙེད་ལ་སོགས་འཇིག་རྟེན་ན།། ཀུན་གྱི་གཉི་སུ་འཛིན་པ་རྣམས་ནི་རབ་ཞུགས་ཏེ།། དེ་ཕྱིར་མཐའ་གཅིག་བདེ་བ་ཡོད་པ་མ་ཡིན་ཞིང་།། ས་ན ་སྐྱེས་བུ་ཁ་ཅིག་མཐའ་ཅིག་སྡུག་བསྔལ་མིན།། བདེ་དང་སྡུག་བསྔལ་ཉིད་ནི་རྣམ་པར་འདྲེས་མཐོང་ནས།། རྒྱལ་སྲིད་དང་ནི་བྱན་ཉིད་མཉམ་པ་བདག་གི་ལུགས།། རྒྱལ་པོ་ཉིད་ནི་རྟག་པར་རྒོད་པ་མ་ཡིན་ཞིང་།། དྲན་ནི་ཀུན ་ནས་གདུང་བ་ཉིད་ཀྱང་མ་ཡིན་ནོ།། གདུ་ཕྱིར་མི་སྐྱོང་ཉིད་དུ་བཀའ་ལུང་ལྷག་པར་གྱུར།། དེ་ཕྱིར་རྒྱལ་པོའི་སྡུག་བསྔལ་དག་ནི་ཆེན་པོ་ཉིད།། ཀུན་ནས་བརྟེན་པའི་ཤིང་དང་རབ་མཚུངས་རྒྱལ་པོ་ནི།། སྲེད་པའི་རྒྱུ་ལས་ཡོངསུ་ངལ་བར ་འགྲོ་བ་ཉིད།། རྒྱལ་སྲིད་འདོར་ལྡན་པ་ཤེས་མིན་མང་པོར་མི་སྦྱོང་གིས།། གལ་ཏེ་བློ་གཏད་འཆའ་བར་གྱུར་ན་རྒུད་པ་སྟེ།། ཅི་སྟེ་ཡང་ནུ་བློ་གཏད་ཉེ་བར་བྱེད་མིན་ན།། འདིར་ནི་འཇིགས་ལྡན་རྒྱལ་པོའི་བདེ་བ་ཞེས་བྱ་ཅི།། གང་ཚེ་ས་ནི་མཐའ ་དྲག་རྒྱལ་བར་གྱུར་ནས་ཀྱང་།། གནས་པའི་ཆེད་དུ་གྲོང་ཁྱེར་གཅིག་བུ་ཉིད་མཐོང་ཞིང་།། དེ་ཉིད་ལ་ཡང་ཕོ་བྲང་གཅིག་པུ་གཉེན་བྱ་སྟེ།། རྒྱལ་པོར་གྱུར་པ་ཕ་རོལ་དོན་དུ་ངལ་ལམ་ཅི།། རྒྱལ་པོ་སྡོད་པའི་གནས་ཀྱང་གཉའ་ཤིང་གཅིག ་ཉིད་དོ།། དེ་བཞིན་བཀྲེས་པ་འགེགས་ཕྱིར་བཟའ་བ་ཙམ་ཡིན་ལ།། དེ་བཞིན་ཉལ་ལམ་གཅིག་དང་སྟན་ནི་གཅིག་ཉིད་དེ།། ལྷག་དང་ལྷག་མིན་མི་སྐྱོང་གིས་ནི་རྒྱགས་ཕྱིར་རོ།། གལ་ཏེ་ཚིམ་པའི་དོན་དུ་འབྲས་བུ་དེ་འདོད་ན།། རྒྱལ་སྲིད་རྣམས ་དང་བྲལ་ཡང་བདག་ནི་ཚིམ་པ་ཡོད།། ཚིམ་པ་ཡོད་པར་གྱུར་ན་སྐྱེས་བུའི་འཇིག་རྟེན་ན།། ཁྱད་པར་མེད་པ་མ་ཡིན་ཐམས་ཅད་ཁྱད་པར་རོ།། དེ་ཕྱིར་དགེ་དང་ཞི་བའི་ལམ་ནི་རབ་ཐོབ་པ།། ཁོ་བོ་འདོད་པ་རྣམས་ལ་བསླུ་བྱ་མ་ཡིན་ལ།། མཛ ་བཤེས་ཉིད་དུ་དྲན་པར་བྱས་ནས་ཡང་དང་ཡང་།། དམ་བཅའ་ངེས་པར་སྐྱོང་ཞེས་བདག་ལ་སྨྲས་པའོ།། བདག་ནི་ནགས་སུ་ཞུགས་པ་མེ་བཟོད་པས་མིན་ལ།། དགྲ་བོའི་མངའ་རྣམས་ཀྱིས་ནི་མགོ་བོ་འདར་བ་མིན།། འབྲས་བུ་ལྷག་པ་རྣམས ་ལས་རེ་བ་བྱས་མིན་ཏེ།། དེ་ཕྱིར་ཁྱེད་ཀྱི་ཚིག་དེ་བཟུང་བ་མ་ཡི་ནོ།། གང་ཞིག་ཡང་ཡང་ཤིན་ཏུ་སོས་འདེབས་ཁྲོས་པའི་སྦྲུལ།། སྤངས་ནས་སླར་ཡང་ལེན་པ་ལ་ནི་ནན་ཏན་བྱེད།། ཡང་ན་བསྲེག་པའི་རང་བཞིན་འབར་བའི་རྩཝ་ཡི་མེ།། སྤངས ་ནས་འདོད་པ་རྣམས་ནི་སླར་ཡང་དེ་ཡིས་བརྟེན།། གང་ཞིག་མ་ལོང་ལོང་བའི་ཕྱིར་ནི་འདོད་པ་སྟེ།། གྲོལ་བ་འཆིང་བའི་ཕྱིར་དྲང་ཕྱུག་པོ་ནོར་མེད་ཕྱིར།། རང་བཞིན་གནས་པའི་སེམས་ནི་བསྙོན་པའི་སེམས་ཕྱིར་ལ།། ཡུལ་གྱི་བདག་ཉིད་ཕྱིར་ནི ་འདོད་པར་དེ་ཡིས་བྱེད།། གང་ཞིག་འདིར་ནི་མཆོག་ཏུ་ཞི་བའི་བདེ་བ་དང་།། གཞན་དུ་སྡུག་བསྔལ་རྣམས་ནི་ཀུན་ནས་སྒྲིབ་པ་སྟེ།། བྱེང་ལྡན་རྒ་དང་འཆི་བའི་འཇིགས་ལས་སྒྲོལ་འདོད་པ།། སློངས་མོ་ཉོ་བར་རྒྱུ་ཞེས་རྗེ་སུ་བརྩེ་བྱ་མིན།། གང་ཞིག ་འདིར་ནི་ཞི་བའི་བདེ་བ་འཐོབ་མིན་ལ།། གཞན་དུ་སྡུག་བསྔལ་རྣམས་ཀྱིས་རབ་ཏུ་འཛིན་བྱེད་ཅིང་།། ཕུན་ཚོགས་ཆེན་པོའི་བདག་ཉིད་ལ་ཡང་རྣམས་གནས་པའི།། སྲེད་པ་ཟིལ་གྱིས་ནོན་ལ་རྗེསུ་བརྩེ་བར་བྱ།། སེམས་དཔལ་ཡི་དང་སྤྱོད་པ ་ཡི་དང་རིགས་ཉིད་ཀྱི།། ཁྱོད་ཀྱིས་བརྗོད་པ་ལ་ནི་རྗེསུ་མཐུན་པ་སྟེ།། སེམས་དཔའ་ཡི་དང་སྤྱོད་པ་ཡི་དང་རིགས་ཉིད་ཀྱིས།། ཁོ་བོ་ཡི་ཡང་ངམ་བཅའ་འདྲེན་པར་མཚུངས་པའོ།། བདག་ཀྱང་འཁོར་བའི་མདའ་ཡིས་རྣམ་ཕུག་པ།། ཞི་བ་ཐོབ་པས ་འདོད་པས་རྣམ་པར་ངེས་འབྱུང་སྟེ།། ནད་མེད་མཐོ་རིས་ན་ཡང་རྒྱལ་སྲིད་འཐོབ་པ་རུ།། འདོད་པ་མེད་ན་ཀྱེ་མ་མི་རྣམས་སུ་སྨོད་ཅི།། མི་སྐྱོང་གང་ཡང་སྡེ་གསུམ་མཐའ་དག་བརྟེན་པ་འདི།། རབ་མཆོག་མི་ཡ་དོན ་ཞེས་ཁྱེད་ཀྱིས་བདག་ལ་སྨྲས།། དེ་ལྟར་དོན་མེད་ཅེས་ནི་བདག་གི་བརྟན་པ་འདིར།། མཛད་ལྡན་སྡེ་མཚན་གསུམ་ནི་ཚིམ་བྱེད་ཀྱང་མ་ཡིན།། གང་དུ་དགའ་བར་འགྲོ་མིན་འཇིགས་མིན་ནང་མ་ཡིན།། སྐྱོ་མིན་ཉེ་བར་འདའ་མིན་སེམ ་ཀྱི་ནང་རྣམས་ནི།། གང་ན་ཡང་དང་ཡང་དུ་བྱ་བ་ཡོད་མིན་པ།། དེ་ཉིད་སྐྱེས་བུའི་དོན་ནི་མཆོག་ཏུ་ཤེས་པའོ།། ཇི་སྲིད་ན་ཚོང་སོ་མ་རྣམ་པར་འགྱུར་བ་འགྲོ།། དེ་སྲིང་དགའ་བ་ཡོངསུ་སྦྱོངས་མཛོད་ཞེས་སྨྲས་པ།། འདི་ནི་ངེས་པ་མ ་ཡིན་གཡོ་བར་མཐོང་བ་སྟེ།། རྒ་བ་བརྟན་པ་མིན་དང་ལང་ཚོ་བརྟན་ལྡན་མཐོང་།། རང་གི་ལས་མཁན་མཐར་བྱེད་གང་གི་འགྲོ་བ་མི། ན་ཚོང་ཀུན་ལ་དབང་མེད་རྣམ་པར་འགུགས་པ་སྟེ།། རྣམ་གཞག་མ་ཡིན་རྣམ་པར་ཉམས་ཚེ་གང ་ལྟར་ནི།། ཞི་འདོད་མཁས་པ་དག་གིས་དགའ་བ་རྟོགས་པར་བྱེད།། གང་ཚེ་རྒ་བའི་གཞུ་དང་ནད་རྣམས་བཀྲམ་པའི་མངའ།། མཐར་བྱེད་དགེ་བ་མ་ཡིན་རྔོན་པ་བཞིན་གནས་པས།། སྐྱེ་དགུའི་རི་དགས་བསྐལ་པའི་ནགས་རྟེན་རྣམས་གཏོར ་ཏེ། ན་ཚད་རབ་མཆོག་ལ་དམིགས་ཡིད་ལ་རེ་བ་ཡི།། དེ་ཕྱིར་གཞོན་ནམ་རྒན་དང་ཡང་ན་བྱིས་པ་ནི།། རབ་ཏུ་འཇུག་པར་འདོད་དམ་རྣམ་པར་ལྡོག་པ་ཉིད།། ཆོས་ལྡན་བདག་ཉིད་བྱས་པ་ཇི་ལྟ་བར་གྱུར་པ།། དེ་ལྟར་མྱུར་བ་ལྡན་པས་འདིར ་ནི་བྱ་བར་འོས།། ཡང་ན་འདོད་པའི་འབྲས་བུ་རིགསུ་བོས་པ་རྣམས།། ཆོས་ཕྱིར་མཆོད་སྦྱིན་བྱ་བ་གྱི་ཞེས་གང་སྨྲས་པ།། གང་ཞིག་གཞན་གྱི་སྡུག་བསྔལ་བྱ་བས་འདོད་པ་སྟེ།། མཆོད་སྦྱིན་རྣམས་ལ་ཕྱག་འཚལ་བདེ་བ་འདོད་པ ་མེད།། འབྲས་བུ་འདོད་པས་དབང་མེད་ཕ་རོལ་གསོད་པ་ལ།། སྙིང་རྗེའི་བདག་ཉིད་དམ་པོ་རྣམས་ཀྱི་རིགས་ཚུལ་མིན།། གང་ཡང་མཆོད་སྦྱིན་དག་གི་འབྲས་བུ་རྟག་གྱུར་པ།། སྙིང་རྗེའི་བདག་ཉིད་གང་གི་དེ་ལྟར་བྱས་ནས་ཅི།། སེམས ་ནཱི་ཞི་བ་ཡིས་སམ་ཚུལ་ཁྲིམས་བརྟུལ་ཞུགས་ཀྱིས།། གུལ་ཏེ་ཆོས་ཚུལ་གཞན་གྱི་ཆོ་ག་མ་ཡིན་ལ།། དེ་ལྟ་ན་ཡང་མཆོད་སྦྱིན་བསྙེན་པར་འོས་ཡིན་ཏེ།། གང་དུ་གཞན་ལ་འཚེས་ནས་འབྲས་བུར་བརྗོད་པའོ།། འདི་ཉིད་དུ་ཡང ་ཞིག་སྐྱེས་བུ་གནས་པ་ཡི།། བདེ་བ་གང་ཞིག་ཕ་རོལ་འཚེ་བས་རབ་ཞུགས་གྲཝ། དེ་ཡང་བརྩེ་བཅས་བློ་དང་ལྡན་པའི་འདོད་མིན་ཏེ།། གང་ཞིག་སྲིད་པའི་ཐ་མར་མཱི་མཐོད་ཀྱེ་མ་ཅི།། རྒྱལ་པོ་འཁོར་བར་བདག་གི་ཡིད་ནི་དགའ་མེད ་ཅིང་།། འབྲས་བུར་རབ་ཏུ་འཇུག་ཕྱིར་བདག་ནི་བསླུ་བྱ་མིན།། ཆུ་འཛིན་ཆར་གྱིས་བརྒྱབ་པའི་ལྗོན་ཤིང་བཞིན་དུ་ནཱི།། ཀུན་ཏུ་སོང་བའི་རབ་ཏུ་འཇུག་པ་རྣམས་ནི་གཡོ།། རྣམ་པར་ཐར་པ་སྨྲ་ལྡན་རྩིབས་ཕུར་ཐུབ་པ་ནི།། བལྟ ་བར་འདོད་པས་བདག་ནི་འདིར་ཡོངས་དེ་ཡི་ཕྱིར།། མི་སྐྱོང་ཁྱོད་ལ་དགེ་བར་གྱུར་ཅིག་ད་ནི་འགྲོ།། བདག་གི་དེ་ཉིད་ལྟོས་མེད་ངག་ནི་བཟོད་པར་མཛོད།། ལྷ་ན་དབང་པོ་བཞིན་བསྲུངས་རྟག་པར་ཉི་བཞིན་བསྲུངས།། ཡོན་ཏན ་གྱིས་བསྲུངས་སུ་སྲུངས་འདིར་ནི་དགེ་ལེགས་བསྲུངས།། ཚེ་སྲུངས་འཕགས་པ་ཡིས་སྲུངས་དམ་པའི་བུ་རྣམས་དང་།། དཔལ་སྲུངས་རྒྱལ་པོའི་བདག་ཉིད་ཀྱིས་ནི་ཆོས་སྲུངས་ཤིག། ཁ་བའི་དགྲ་ཡི ་རྟོགས་ལས་སྐྱེས་པ་ལས་སྐྱེས་ནས།། ཇི་ལྟར་གཉིས་སྐྱེས་གང་ཞིག་ལུས་ནི་རྣམ་ཐར་འགྲོ།། ཁ་བའི་དགྲ་ཡི་དགྲ་ཡིས་ཁྱིམ་གྱི་དགྲ་འཇོམས་ནང་།། ནང་དུ་དེ་ལྟར་གང་ཞིག་ཡིད་ནི་རྣམ་པར་ཐར་གཤེགས་མཛོད།། ཐལ ་མོ་སྦྱར་བཅས་རོ་ཐོ་བ་མི་སྐྱོང་གིས་སྨྲས་པ།། ཁྱེད་ཀྱིས་ཇི་ལྟར་འདོད་པ་གེགས་མེད་ཐོབ་པར་ཤོག། བྱ་བ་བྱས་པ་ཀུན་ནས་ཐོབ་པ་དུས་སུ་འདིར།། ཁོ་བོ་ཡི་ཡང་རྗེ་སུ་འཛིན་པ་ཁྱེད་ཀྱིས་མཛད་པའོ།། དེ་ལྟར་གྱུར་ཅེས་བརྟན་པའི ་དམ་བཅའ་མཛད་ནས་ས་སྐྱོང་ལ།། དེ་ནས་དེ་ནི་ཐམས་ཅད་སྒྲོལ་གྱི་དཀའ་ཐུབ་གནས་སུ་གཤེགས།། ཡོངསུ་གཤེགས་པ་དེ་མཐོང་ནས་ཀྱང་ཡ་མཚན་གྱུར་པ་ཡི།། མི་སྐྱོང་ཉིད་ཀྱང་རཱི་ཡི་ཚོགས་ཀྱི་གྲོང་ཁྱེར་ཉིད་དུ་སོང་།། ་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དང་གྲས་ཆེན་པོ་ལས། འདོད་པ་ལ་རྣམ་པར་སྨོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་ལུས་ཀྱི་གང་བ་བཞིན།། བུ་རམ་ཤོང་པོའི་ཟླ་བ་ཡིས།། ་བར་གནས་པའི་ཐུབ་པ་ཡིས།། རྩིབས་ཕུར་གྱིས་ནི་གནསུ་བསྙེན།། སྒྱུ་རྩལ་ཤེས་ཀྱི་རིགས་དེ་ཡིས།། རྒྱང་ནས་གཟིགས་ནས་མཐོན་པོ་ཡིས།། ལེགས་པར་འོངས་ཞེས་སྨྲས་པ་སྟེ།། དྲུང་དུ་ཉེ་བར་གཤེགས་པའོ།། དེ་གཉིས་ཕན ་ཚུན་རིགས་པར་ནི།། ཁམས་ནི་སྙོམས་པར་དྲིས་ནས་སུ།། ཤིང་གཙང་བརྟུལ་ཞུགས་གདན་དགྲ་ལ།། ས་ཕྱོགས་གཅིང་བར་བཞུགས་པའོ།། བཀུར་མང་རྣམ་པར་ཡངས་པ་ཡི།། ལྟ་བྱེད་དག་གིས་འཐུང་བ་བཞིན།། མི་སྐྱོང ་སྲས་པོ་བཞུགས་དེ་ལ།། ཐུབ་པ་མཆོག་དེས་སྨྲས་པའོ།། ཞི་བ་བདག་གིས་ཤེས་པ་ལྟར།། ཁྱིམ་ནས་ངེས་པར་འབྱུང་བར་འགྱུར།། གཉིས་འཐུངས་རྒྱགས་པས་ཞགས་པ་ལྟར།། བརྩེ་བའི་ཞགས་པ་བཅད་ནས་འོངས།། ་ཁྱོད་ཀྱི་ཡིད་ནི་ཤེས་རབ་དང་།། ཀུན་ནས་བརྟན་པ་ལྡན་པ་ཉིད།། དུག་གི་ལྗོན་པའི་འབྲས་བུ་བཞིན།། གང་ཁྱོད་དཔལ་དོར་ནས་འོངསོ།། ལོངས་སྤྱད་ལྷག་མའི་ཕྲེང་བ་བཞིན།། བུ་རྣམས་ངག་ལ་དཔལ་བྱིན་ནས།། ས་སྐྱོང་འཁོག། ་པའི་ན་ཚོད་རྣམས།། གང་ཞིག་ནགས་འོངས་ངོ་མཚར་མིན།། བདག་གི་ལུགས་ནི་ངོ་མཚར་ཏེ།། སོ་མའི་ན་ཚོད་ལ་ཁྱོད་ཀྱིས།། ཡུལ་གྱིས་སྤྱོད་ཡུལ་ལ་གནས་པ།། དཔལ་ཉིད་ལོངས་མ་སྤྱད་ནས་འོངས།། དེ་ཕྱིར་ཆོས་འདི ་ཤེས་པ་ལ།། ཁྱོད་ནི་དམ་པའི་སྣོད་ཡིན་ལ།། ཡེ་ཤེས་གྲུ་བོ་བྱིན་རླབས་ནས།། སྦྱིན་པར་སྡུག་བསྔལ་རྒྱ་མཚོ་སྒྲོལ།། གང་ཡང་སློབ་མར་ཤེས་པ་ན།། དུས་ཀྱིས་བསྟན་བཅོས་ལ་འཇུག་སྟེ།། ཟབ་པ་ལས་དང་ནཱན་ཏན་ལས།། བདག་གི ་ཡོངས་རྟོག་ཁྱོད་མ་ཡིན།། དེ་ལྟར་རྩིབ་འཕུར་ཉིད་ཀྱི་ཚིག། མི་ཡི་དྲང་སྲོང་ངོས་གསན་ནས།། མཆོག་ཏུ་དགའ་བར་གྱུར་པ་ཡིས།། ལན་གཉིས་རབ་ཏུ་སྨྲས་པའོ།། དོན་མ་བྱས་ཀྱང་འདི་ཡི་ནི།། དོན་བྱས་བཞིན་དུ་ད་ལྟ་ཉིད།། ཆགས ་དང་བྲལ་བ་འདི་ནི།། དམ་པ་ཁྱེད་ཀྱི་མངོན་དུ་གྱུར།། བལྟ་བར་འདོད་པས་འོད་བཞིན་དྲང་།། སྒྲོལ་བར་འདོད་པས་གྲུ་བཞིན་དང་།། འགྲོ་བར་འདོད་པས་ལམ་མཁན་བཞིན།། ཁྱེད་མཐོང་བ་ལ་བདག་གིས ་ཤེས།། རྒ་དང་འཆི་བའི་འཇིགས་རྣམས་ལས།། གལ་ཏེ་གསུང་བྱར་དགོངས་ནཱས་མི། དེ་ཕྱིར་གསུང་བར་འོས་པའོ།། དེ་ལྟར་ཎྜཱི་བས་ཕུར་གྱིས་གཞོན་ནུའི།། བདག་ཉིད་ཆེ་ལས་བསྐུལ་བ་ཉིད།། རང་ཉིད་ཀྱི་ནི་བསྟན་བཅོས་ཀྱི།། ངེས་པར་མདོར ་བསྡུས་གསུངས་པའོ།། ཇི་ལྟར་འཁོར་བ་ཡིན་པ་ལ།། ཇི་ལྟར་ངེས་པར་ལྡོག་པ་ཉིད།། ཉན་པོ་རྣམས་ཀྱི་མཆོག་གྲུབ་མཐའ།། ཁོ་བོའི་འདི་ནི་གསོན་མཛོད་ཅིག། རང་བཞིན་དང་ནི་རྣམ་འགྱུར་དང་།། སྐྱེ་དང་འཆི་དང་རྒ་བ་སྟེ།། རེ་ཞིག་སེམས་དཔའ ་ཞེས་བརྗོད་པ།། བརྟན་པའི་སེམས་དཔའ་དེ་ཤེས་མཛོད།། དེ་ལ་རང་བཞིན་ཤེས་བྱ་བ།། རང་བཞིན་ཤེས་པ་ཤེས་པར་མཛོད།། འབྱུང་བ་ལྔ་ཡི་བདག་ཉིད་དང་།། བློ་དང་མི་གསལ་བ་ཉིད་དོ།། རྣམ་འགྱུར་ཞེས་བྱ་མཁྱེན་པར་མཛོད།། ཡུལ་རྣམ ་དང་ནི་དབང་པོ་རྣམས།། ལག་པ་རྐང་པ་ངག་དང་ནི།། འཕོངས་དང་འདོམས་དང་དེ་བཞིན་ཡིད།། འདི་ཡི་ཞིང་ནི་ཤྲེ་བ་ལ།། ཞིང་ཤེས?་ཞེས་བྱ་བ་སྟེ།། ཞིང་ཤེས་པ་ཞེས་བདག་ཉིདདུ།། བདག་ཏུ་བསམ་བྱེད་རྣམས་ཀྱི་སྨྲས།། སློབ་མ་དང་བཅས་སེར་སྐྱ་ཡིས།། ་འདིར་ནི་རབ་ཏུ་རྟོགས་ཞེས་དྲན།། བུ་དང་བཅས་པའི་རྟོགས་པ་དང་།། སྐྱེ་དགུའི་བདག་པོར་འདི་བརྗོད་དོ།། སྐྱེ་བ་ཉིད་དང་རྒ་བ་དང་།། ན་བ་དང་ནི་འཆི་བ་གང་།། དེ་ནི་གསལ་ཞེས་རྟོགས་བྱ་སྟེ།། བཟློག་ལས་མི་གསལ་བ་ཡང་ངོ་།། མི་ཤེས་པོ་དང་ལས ་དང་སྲེད།། འཁོར་བའི་རྒྱུ་རྣམས་ཤེས་བྱ་སྟེ།། གསུམ་པོ་འདིར་གནས་འགྲོ་བ་ནི།། སྙིང་སྟོབས་དེ་ནི་འདབ་པ་མེད།། ལོག་པ་ལས་དང་ངར་འཛིན་ལས།། ཐེ་ཚོམ་ལས་དང་སྔོན་འཕྱོ་ལས།། ཁྱད་པར་མེད་ལས་ཐབས་མིན་ལས།། ཆགས ་པ་ལས་དང་མངོན་ལྷུང་ལས།། དེ་ལ་ལོག་པ་ཞེས་བྱ་བ།། ཕྱིན་ཅི་ལོག་ཏུ་འཇུག་པ་སྟེ།། བསམ་པར་བྱ་བ་གཞན་སེམས་ཞིང་།། བྱ་བ་གཞན་ནི་བྱེད་པའོ།། སྨྲ་བ་ང་དང་རིག་པ་དང་།། འགྲོ་བ་དྲ་དང་གནས་པ་ང་།། དེ་ལྟར་འདི་ནི་ངར་འཛིན ་པ།། ངར་འཛིན་མེད་ཀྱི་འཇུག་པའོ།། གང་ཞིག་ཐེ་ཚོམ་མཽང་དངོས་རྣམས།། གཅིག་ཏུ་གྱུར་པས་མཐོང་བ་སྟེ།། ཐེ་ཚོམ་མེད་པས་འཛི་མོ་གོང་ལྟར།། དེ་འདིར་ཐེ་ཚོམ་དུ་བརྗོད་དོ།། གང་ཞིག་ང་ཉིད་དེ་ཉིད་འདི།། ཡིན་དང་བློ་དང་ལས་ཡིན ་ལ། གང་ཞིག་དྲངས་ཏེ་དེ་ཉིད་དེང་།། ཞེས་གང་དེ་ནི་མངོན་པར་འཕྱོ།། རབ་རྒྱས་རབ་རྒྱས་མ་ཡིན་པའི།། ཁྱད་པར་མེད་པའི་ཁྱད་ཤེས་ཀྱེ།། རང་བཞིན་རྣམས་ཀྱི་གང་ཤེས་པ།། དེ་ནི་ཁྱད་པར་མེད་ཅེས་དྲན།། ཕྱག་འཚལ་བ་དང་གཞི་མི ་འགྲིབ།། གསང་གཏོར་དང་ནི་མངོན་མཐོར་སོགས།། ཐབས་མིན་ཞེས་ནི་ཤེས་ལྡན་གྱིས།། རབ་ཏུ་རྟོགས་བྱ་ཐབས་ཤེས་ཀྱེ།། ཆགས་ལ་མི་སྐྱེ་ཡུལ་རྣམས་ལ།། ཡི་ངག་བློ་དང་ལས་རྣམས་ཀྱིས།། བློ་ངན་གང་གིས་ཚོགས་བྱེད་པ།། དེ་ནི་མངོན་པར ་ཆགས་ཞེས་དྲན།། བདག་གི་འདི་དང་འདི་བདག་ཅེས།། གང་ཞིག་སྡུག་བསྔལ་མངོན་སྙམ་སྟེ།། གང་ཞིག་འཁོར་བར་ལྟུང་ཞེས་བྱ།། དེ་ལྟར་མཁས་ཀྱེ་མ་རིག་པ།། གནས་སྐབས་ལྔ་ནི་རབ་ཐོབ་སྟེ།། མུན་པ་རྨོངས་པ་རྨོངས་པ་ཆེ།། མུན་ལས་གྱུར ་པ་གཉིས་ཉིད་དོ།། དེ་ལ་མུན་པ་ལེ་ལོ་དང་།། རྨོངས་པ་སྐྱེ་འཆིར་རྟོགས་པར་མཛོད།། རྨོངས་པ་ཆེན་པོ་འདོད་པ་ཞེས།། ཀུན་ནས་རྨོངས་མེད་མཁྱེན་པར་མཛོད།། གང་ཕྱིར་འདི་ན་འབྱུང་རྣམས་ཀྱི།། ཆེན་པོར་ཡང ་ནི་རབ་རྨོངས་བྱེད།། དེ་ཕྱིར་ཕྱག་ཆེན་འདི་དག་ནི།། རྨོངས་པ་ཆེན་པོ་ཞེས་དྲན་ནོ།། མུན་ལས་གྱུར་པ་ཁྲོ་ཉིད་དུ།། ལྷག་པར་བྱེད་པའོ་ཁྲོ་མེད་ཀྱི།། མི་ཤེས་མུན་ལས་གྱུར་པ་ནི།། སྐྱོ་བར་རབ་བཤད་སྐྱོ་མེད་ཀྱེ།། མ་རིག་པ་འདིས་བྱིས་པ་ནི།། གནྡ ་སྐབས་ལྔ་དྲང་ལྡན་པ་སྟེ།། འཁོར་བར་སྡུག་བསྔལ་གྱུར་པ་ཡི།། སྐྱེ་བ་རྣམས་སུ་བབ་པར་བྱེད།། ལྟ་པོ་ཉན་པོ་ཤེས་པ་། བྱ་བ་དང་ནི་རྒྱུ་ཉིད་དག། ང་ཞེས་དེ་ལྟར་འོངས་ནས་ནི།། འཁོར་བར་ཡོངསུ་འཁོར་བར་བྱེད།། བློ་ལྡན་རྒྱུ་འདི་རྣམས ་ཀྱིས་འདི།། སྐྱེ་བའི་རྒྱུན་ལ་རབ་ཏུ་འཇུག། རྒྱུ་མེད་པ་ལས་འབྲས་བུ་མེད།། དེ་ལྟར་རྣམ་པར་ཤེས་པར་འོས།། དེ་ལ་རབ་རྒྱས་རབ་རྒྱས་མིག། གསལ་བ་དང་ནི་མི་གསལ་ཉིད།། ཐར་པ་འདོད་པ་བཞིན་རྣམས་ཏེ།། ཡང་དག་འགྲོ་བ་རིགས་པ ་མཛོད།། བཞི་པོ་དེ་དག་ཇི་ལྟ་བཞིན།། འགྱུར་མིང་གོ་བ་ཕངས་འཐོབ་པར་བྱེད།། དེ་ཕྱིར་འཇིག་རྟེན་ན་ཚངས་པ།། མཆོག་ཏུ་ཚངས་པར་སྨ་ཚངས་པའི་སྤྱོད་པ་སྤྱོད་བྱེད་འདིར།། ཚངས་པ་རྣམས་ཀྱི་གནས་པར་བྱེད།། མི་སྐྱོང་སྲས་ཀྱིས ་ཐུབ་པ་དེའི།། ཚིག་འདི་དེ་ལྟར་གསན་ནས་ནི།། མཐར་ཐུག་གོ་འཕང་ཉིད་དང་ནི།། ཐབས་མངོན་པ་དག་དྲན་པའོ།། ཇི་ལྟར་ཇི་སྲིད་གང་དུ་ནི།། ཚངས་པའི་སྤྱོད་པ་འདི་སྤྱད་ཅིང་།། ཆོས་འདི་ཡིས་ནི་མཐར་ཐུག་པ།། ཁྱོད་ཀྱིས་རྣམ་པར་བཤད ་པར་འོས།། དེ་ལྟར་ཐུབ་པས་བསྟན་བཅོས་ལྟར།། རྣམ་གསལ་དོན་ནི་མདོར་བསྡུས་པས།། ཆོ་གའི་རྟོག་པ་གཞན་ཉིད་ཀྱིས།། ཆོས་དེ་དེ་ལ་སྨྲས་པའོ།། འདིས་ནི་དང་པོར་ཁྱིམ་སྤངས་ནས།། སློངས་མོའི་རྟགས་ནི་བརྟེན་པ་སྟེ།། ་ཕྲིན་ལས་རྣམ་པར་རྒྱས་པ་ཡི།། ཚུལ་ཁྲིམས་བླངས་ནས་འཇུག་པར་བྱེད།། བྱེད་ལྡན་རྩོད་མེད་བསྟན་བཅོས་རིག། མཆོག་ཏུ་ཚིམ་པ་ལ་གནས་ནས།། གང་དང་དེ་ཡིས་གང་དང་དེར།། རྣམ་དབེན་གནས་ནི་བརྟེན་པའོ།། དེ་ནས ་ཆགས་ལས་འཇིགས་མཐོང་ནས།། ཆགས་པ་མེད་ལས་མཆོག་ཞི་ཡང་།། དབང་པོའི་གྲོང་ནི་ངེས་བཟུང་སྟེ།། ཡིད་ལ་ནི་ནི་འབད་པ་བྱེད།། དེ་ནས་འདོད་པ་རྣམས་ལས་དང་།། གནོད་སེམས་སོགས་ལས་རྣམ་དབེན་ཉིད།། བསམ ་གཏན་དང་པོ་རྣམ་དཔྱོད་ལྡན།། རྣམ་པར་དབེན་པ་ལས་སྐྱེས་ཐོབ།། བསམ་གཏན་བདེ་བ་དེ་ཐོབ་ནས།། དེ་དང་དེ་ཉིད་རྣམ་དཔྱོད་ཅིང་།། སྔར་མེད་བདེ་བ་ཐོབ་པ་ཡིས།། བྱིས་པའི་སྐྱེ་བོ་འཕྲོག་པར་བྱེད།། འདོད་དང་སྡང་བ་རྣམ་སྨད་པའི ་ཞི་བའི་ཆོ་ག་དེ་འདྲ་འདིས།། ཚངས་པའི་འཇིག་རྟེན་ཐོབ་པ་སྟེ།། ཡོངསུ་ཚིམ་པས་གནས་པའོ།། རྣམ་དཔྱོད་ཡིད་ནི་སྨྱོ་བྱེད་རྣམས།། མཁས་པར་རྣམ་པར་ཤེས་ནས་ཀྱང་།། དེ་ལས་རྣམ་པར་གྲོལ་བ་ནི།། བསམ་གཏན་དགའ ་བའི་བདེ་ལྡན་ཐོབ།། གང་ཞིག་ཁྱད་པར་མ་མཐོང་ཞིང་།། དགའ་བ་དེ་ཡིས་ཕྲོགས་པ་དེ།། འོད་གསལ་བ་ཡི་ལྷ་རྣམསུ།། འོད་གསལ་བ་ཡི་གནས་འཐོབ་བོ།། གང་ཡང་དགའ་བའི་བདེ་དེ་ལས།། ཡིད་ནི་རྣམ་པར་དབེན་བྱེད་པ།། ། ་དགའ་བའི་བདེ་བ་དང་བྲལ་བ།། བསམ་གཏན་གསུམ་པ་ཐོབ་པར་བྱེད།། དེ་འདྲའི་བདེ་བ་འདིར་ཐོབ་ནས།། གང་ཞིག་ཆགས་མིན་བཏང་སྙོམས་ཤིང་།། བདེ་དང་སྡུག་བསྔལ་རྣམ་སྤངས་པའོ།། བསམ་གཏན ་བཞི་པ་ཐོབ་པར་བྱེད།། བདེ་དང་སྡུག་བསྔལ་ཞི་ཕྱིར་དང་།། སེམས་ཀྱི་བྱ་བ་མེད་པའི་ཕྱིར།། ཐར་ཞེས་མངོན་པའི་ང་རྒྱལ་གྱིས།། དེར་ཡང་ཁ་ཅིག་འབད་པ་བྱེད།། བསམ་གཏན་དེ་ཡི་འབྲས་བུ་ནི།། འབྲས་བུ་ཆེ་བས་ལྷས་མཉམ་པར།། ཡོངས ་སྤྱོད་ཤེས་རབ་ཚེ་རྣམས་ཀྱིས།། ཆེན་པོའི་དུས་སུ་སྨྲ་བུའོ།། ཏིང་འཛིན་དེ་ལས་རྣམ་ལངས་ཤིང་།། ལུས་སྐྱེས་སྐྱོན་རྣམས་མཐོང་ནས་ནི།། ལུས་ལས་རྣམ་པར་ལྡོག་པའི་ཕྱིར། ཤེས་ལྡན་བསམ་གཏན་ལ་འཇོག་གོ།། དེ་ནས་བསམ ་གཽཏན་དེ་བོར་ནས།། ཁྱད་པར་ལ་ནི་ངེས་བྱས་པའི།། ཤེས་རབ་ལྡན་དེ་འདོད་ལས་བཞིན།། གཟུགས་རྣམས་ལྔས་ཀྱང་ཆགས་པ་མེད།། ལུས་འདི་ལ་ནི་ཁ་གང་དུ།། དེ་ལ་ཡོངསུ་རྟོག་པ་སྟེ།། དེ་ནས་རྫས་སྡུག་རྣམས་ལ་ཡང་།། ན་མཁར ་ལྷག་པར་མོས་པར་བྱེད།། ནུ་མཁར་སོང་བའི་བདག་ཉིད་དུ།། བསྡུས་ནས་གཞན་དུ་བློ་ལྡན་གྱིས།། དེ་ཉིད་མཐའ་མེད་པར་མཐོང་ཞིང་།། ཁྱད་པར་འཕགས་པ་ལྷག་པར་འཐོབ།། ནང་ལ་མཁས་པ་གཞན་དག་ནི།། བདག་ཉིད་བདག་ཉིད་ཀྱིས ་བཟློག་ནས།། ཅི་ཡང་མེད་ཅེས་མཐོང་བ་ནི།། ཅི་ཡང་མེད་པ་ཞེས་དྲན་ནོ།། དེ་ནས་གྱུར་ནས་བྱ་བཞིན་དང་།། ལྒང་བུ་དག་ནས་སྲིན་བལ་བཞིན།། ཞིང་ཞེས་ལུས་ལས་འཐོན་པ་ལས།། ཐར་པ་ཞེས་ནི་མངོན་པར་བརྗོད།། དེ་ཉིད་ཤེས་པའི་མཁས ་པ་ཡིས།། གང་ཞིག་ཐར་པ་ཞེས་བརྗོད་པ།། འདི་དེ་ཚང་སྨྲ་དམ་པ་སྟེ།། རྡུགས་མེད་རྟག་ཅིང་འགྱུར་བ་མེད།། དེ་ལྟར་ཐབས་དང་ཐུར་པ་དག། བདག་གིས་ཁྱོད་ལ་བརྟན་པ་སྟེ།། གལ་ཏེ་ཤེས་ཤིང་གལ་ཏེ་སྐྱེད།། ཇི་ལྟ་བ་བཞིན་རྟོགས་པར ་མཛོད།། རྒྱུ་ལ་འདོད་བུ་དང་སྐྱེད་བྱེད་དང་།། གཞན་མི་འབྱུང་བ་རྒན་པོ་དང་།། ཐར་པ་འདོད་པ་གཞན་རྣམས་ཀྱང་།། ལམ་འདི་ཐོབ་ནས་གྲོལ་བར་འགྱུར།། དེ་ཡི་དམ་པའི་ཚིག་འདི་དང་།། རྣམ་པར་དཔྱོད་པ་ཡང་བཟུང་ནས།། སྔོན་དུ་རྒྱུ་ཡི ་སྟོབས་ཐོབ་པས།། ལན་ནི་སྨྲས་པར་གྱུར་པའོ།། གོང་ནུས་གོང་དུ་ཞི་བ་ཡི།། ཡེ་ཤེས་ཕྲ་མོ་འདི་ཐོས་ཤིང་།། ཞིང་ཤེས་ཡོངསུ་མ་བཏང་ཕྱིར།། དེ་ནི་མཐར་ཐུག་མིན་པར་གོ།། རྣམ་འགྱུར་དང་ནི་རང་བཞིན་ལས།། ཞིབ་ཤེས་གྲོལ ་ཡང་ཁོ་བོ་ཡིས།། རབ་ཏུ་སྐྱེ་བོའི་ཆོས་སུ་དང་།། ས་བོན་ཚན་ཆོས་སུ་སྙམ་པའོ།། གང་ཡང་རྣམ་དག་བདག་ཉིད་ནི།། ངེས་པར་ཐར་ཞེས་རྟོགས་པ་སྟེ།། སླར་ཡང་རྐྱེན་དག་ཡོད་པ་ལས།། དེ་ནི་གྲོལ་བར་མི་འགྱུརརོ།། ཇི་ལྟར་དུས་སྦྱོར་ས་དང་ཆུ ་མེ་ལཱ་སེ་བོན་སྐྱེ་མ་ཡིན།། དེ་བཞིན་རྐྱེན་ནི་དེ་རྣམས་ཀྱིས།། སྨྲ་བ་དེ་ཡང་བདག་གི་ལུགས།། གང་ཞིག་མི་ཤེས་ལུས་སྲེད་རྣམས།། སྤངས་ལས་ཐར་པ་རྟོགས་བྱེད་པ།། དེ་ནི་མཆོག་ཏུ་ཡོངས་སྤོང་བ།། བདག་ཡོད་གྱུར་ན་ཡོད་མ་ཡིན།། སྤངས ་ནས་སྤངས་ནས་གསུམ་པོ་འདི།། ཁྱད་པར་དུ་ཡང་ཉེར་འཐོབ་ཅིང་།། གང་དུ་བདག་ནི་གནས་གྱུར་པ།། དེར་ནི་གསུམ་པོ་འདི་ཕྲའོ།། སྐྱོན་རྣམས་ཕྲ་བ་ཉིད་ལས་དང་།། སེམས་ཀྱི་བྱ་བ་མེད་ལས་དང་།། ཚེ་ནི་རིང་བ་ཉིད་ལས་ཀྱང་།། ཐར་པ། ་ཀྱང་ནི་ཡོངསུ་རྟོགས།། ངར་འཛིན་པར་ནི་ཡོངས་སྤོང་བར།། གང་དེ་ཡོངསུ་རྟོག་བྱེད་ལ།། བདག་སྤྱོད་གྱུར་ནས་ངར་འཛིན་པ།། ཡོངསུ་སྤོང་བ་ཡོད་མ་ཡིན།། དྲང་སྲོང་རྣམས་ཀྱིས་མ་སྦྱངས་པ།། འདི་ནི་ཡོན་ཏན་མེད། ་ཡིན།། དེ་ཕྱིར་ཡོན་ཏན་མེད་གྱུར་ན།། འདི་ཡི་ཐར་པ་མི་བརྗོད་དོ།། ཡོན་ཏན་ཅན་གྱི་ཡོན་ཏན་གྱི།། ལྡོག་པ་ཡོད་པ་མ་ཡིན་ཏེ།། གཟུགས་དང་དྲོ་བ་དང་བྲལ་བའི།། མེ་ནི་ཉེ་བར་འཐོབ་མ་ཡིན།། ལུས་ལས་སྔོན་ལུས་ཅན་དང་ནི།། ཡོན་ཏན ་ལས་སྔར་ཡོན་ཏན་ཅན།། མ་ཡིན་དེ་ཕྱིར་དང་པོར་གྲོལ།། ལུས་བཞིན་སླར་ཡང་འཆིང་བར་བྱེད།། ཞིང་ཤེས་ལུས་དྲང་རྣམ་བྲལ་བ།། ཤེས་པ་ཡིན་ནམ་ཤེས་མིན་ཉིད།། གལ་ཏེ་ཤེས་འདི་ཤེས་བྱ་ཡོད།། ཤེས་བྱ་ཡོད་ན་མི་གྲོལ་ལོ།། ། ་ཅི་སྟེ་ཁྱོད་ལ་ཤེས་མི་འགྲུབ།། བདག་ཏུ་རྟོག་པས་ཅི་ཞིག་བྱ།། བདག་དང་བྲལ་ཡང་ཤེས་པ་ནི།། རབ་གྲུབ་ཤིང་དང་རྩིག་པ་བཞིན།། གང་ཕྱིར་གོང་ནས་གོང་དུ་ནི།། དེ་ལྟར་རྩིབས་འཕུར་གྱི་ནི་ཆོས།། མཁྱེན་ནས་དེ་ནི་མཚིམ་ཞིང་།། མཐའ་དག ་མིན་ཞེས་ཤེས་ནས་སུ།། དེ་ནས་སོ་སོར་གཤེགས་པའོ།། དེ་ནས་ཁྱད་པར་ཆོས་འདོད་པ།། ལྷག་སྤྱོད་ཀྱི་ནི་གནས་སུ་གཤེགས།། དེ་ཡི་བ་དག་ཏུ་འཛིན་ལས་ཀྱང་།། དེས་ནི་ལྟ་བར་སྲེད་མ་གྱུར།། འདུ་ཤེས་འདུ་ཤེས་མེད་པའི་སྐྱོན།། ཐུབ ་པ་ལྷག་སྤྱོད་ཀྱིས་ཤེས་ནས།། འདུ་ཤེས་འདུ་ཤེས་མེད་བདག་མིན།། ཅུང་ཟད་མེད་ལས་གཞན་འགྲོ་ཐོབ།། གང་ཕྱིར་དམིགས་པ་ཕྲ་མོ་ནི།། འདུ་ཤེས་འདུ་ཤེས་མེད་ལས་གཞན།། འདུ་ཤེས་མེད་མན་འདུ་ཤེས་མིན།། དེ་ཕྱིར་དོར་ནི་རེ། ་འདོད་མེད།། གང་ཕྱིར་དེར་ནི་བླ་གནས་ཤིང་།། གཞན་དུ་རབ་ཏུ་རྒྱུ་བ་མེད།། ཕྲ་ཞིང་རྣོ་ལྡན་དེ་ཕྱིར་དེར།། འདུ་ཤེས་མེད་མིན་འདུ་ཤེས་མེད།། དེ་ཕྱིར་དེ་ཡང་རབ་ཐོབ་ནས།། སླར་ཡང་འགྲོ་བ་འཁོར་བ་སྟེ།། བྱང་ཆུབ་སེམས་དཔའ་མཆོག་འདོད ་པས།། དེ་ཕྱིར་ལྷག་སྤྱོད་དོར་བའོ།། དེ་ནུས་དེ་ཡི་གནས་ཐོབ་ནས།། དགེ་ལེགས་དོན་གཉེར་ངེས་བྱས་ནས།། གྲང་ཡང་རྒྱལ་བའི་དྲང་སྲོང་གི། གྲོང་ཁྱེར་ཞེས་བྱའི་གནས་བསྙེན་ནོ།། དེ་ནས་ནཻ་རཉྫ་ནའི་འགྲམ།། གཙང་མར་གཙང་ཞིང་ཕ་རོལ ་གནོན།། དབེན་པའི་གནས་ནི་མངོན་འདོད་པའི།། ཐུབ་པ་ཡིས་ནི་གནས་མཇེད་དོ།། དེ་ནས་དེ་ནི་སྔར་བརྟེན་ཞིང་།། དབང་པོ་ལྔ་ཡི་དབང་ལས་ཁེངས།། མུན་པས་བསྙེན་པའི་བརྟུལ་ཞུགས་ཅནི།། དགེ་སློང་ལྔ་རྣམས་ངེས་གཟིགས་སོ།། ་བསོད་ནམས་ཀྱིས་བསྒྲུབས་ནོར་ནད་མེད།། དབང་དོན་རྣམས་ཀྱིས་དབང་ཕྱུག་བཞིན།། དགེ་སློང་དེ་རྣམས་ཀྱིས་ཀྱང་འདིར།། དེ་མཐོང་གྱུར་ནས་ཉེ་བར་གནས།། དེའི་དབང་གིས་གནས་སློབ་མ་རྣམས།། དབང་པོ་གཡོས་པས་ཡིད་བཞིན་དུ།། རབ་ཏུ་དེ་རྣམ ་ཀྱིས་མཆོད་ཅིང་།། རྣམ་པར་དུལ་ལས་རྗེ་སུ་འཇུག། འཆི་དང་སྐྱེ་བ་མཐར་བྱེད་ལ།། དེ་ནས་ཐབས་ནི་འདི་ཡིས་ཞེས།། བཟའ་བ་མེད་པར་དེ་ཡིས་ནི།། དཀའ་ཐུབ་གདུང་བ་རྣམས་བརྩམསོ།། བསྙུན་གནས་ཆོ་གྲ་དུ་མ་རྣམས།། མི་ཡིས་སྤྱོད་དཀའ་རྣམས ་མཛད་ཅིང་།། ལས་ནི་ཐོབ་བཞེད་ལོ་དྲུག་ཏུ།། བདག་གིས་སྐུ་ལུས་རིད་པ་མཛད།། ཨ་མཐའ་མེད་པའི་འཁོར་བ་ཡི།། ཕ་རོལ་ཐོབ་པར་འདོད་པ་དེས།། བཟའ་བའི་དུས་སུ་ཏིལ་དང་འབྲུ།། རབ་ཤ་རྣམས་ནི་རེ་རེ་གསོལ།། དཀའ་ཐུབ་གདུང་བ་དེས་དེ་ཡི།། ་སྐུ་ལས་བྲི་བར་བྱས་པ་གང་།། སླར་ཡང་དེ་ཡི་གཎྜཱི་བརྗིད་ཀྱིས།། སྐུ་ལུས་ཉེ་བར་འཕེལ་བྱས་གྱུར།། སྟོན་ཀའི་དཀར་ཕྱོགས་དང་པོ་ཡི།། ཟླ་བས་ཀུ་མུ་ད་རྣམས་བཞིན།། རིང་ཀྱང་དཔལ་གྲགས་རིས་མིན་ཞིང་།། གཞུ ་གྱི་མིག་རྣམས་ཚིམ་པར་མཛད།། རུས་ལྕོགས་ལྷག་མ་ལྷག་མེད་པར།། ཚོལ་དང་ཤ་དང་ཁྲག་རྣམས་ཀྱིས།། ཟད་ཀྱང་ཟབ་མོ་མ་ཟད་པར།། རྒྱ་མཚོ་བཞིན་དུ་དེ་མཛེས།། དེ་ནས་སངས་རྒྱས་ཉིད་འདོད་པས།། ངལ་དུབ་གདུང་བས་དོན་མིང ་བཱབསལ།། ཉོན་མོངས་ལུས་ཅན་ཐུབ་པ་ནི།། སྲིད་ལས་འཇིགས་པ་བློ་མཛད་དོ།། ཆོས་འདི་ཆགས་བྲལ་ཕྱིར་མིན་ཞིང་།། རྟོགས་ཕྱིར་མ་ཡིན་ཐར་ཕྱི་རུ་མིན།། དེ་ཚེ་འཛམ་བུའི་རྩ་བར་གྲང་།། བདུག་གིས་ཐོས་ཏེ་ངེས་པ་ཡིན།། འདི་ནི་སྟོབས་ཆུང ་གྲིས་ཐོབ་པར།། ནུས་པ་མེད་ཕྱིར་གུས་འོངས་ཤིང་།། སྐུ་ཡི་སྟོབས་ནི་འཕེལ་དོན་དུ།། སླར་ཡང་འདི་ནི་རྗེས་སུ་བསམ།། བཀྲེས་དང་སྐོམ་པས་ཡོངས་བཙེར་ཞིང་།། ངལ་ལས་རང་གནས་མེད་པའི་སེམས།། ཡིད་ཀྱིས་ཐོབ་བྱའི་འབྲས་བུ་ནི།། ལྡོག་པ ་མེད་པ་གང་གིས་འཐོབ།། རྟག་པར་དབང་པོའི་ཚིམ་པ་ལཾ།། ས་དག་གནཔ་ཡོ་སྐྱེ་པོ་ཡང་ན་མ་། སྡེ་ནི་རང་བཞིན་པར་སྣ་མོག་ཤྲཱི་ང་པོ་མྱོས།། ཏིང་འཛིན་ཉེ་བར་སྐྱེ་བ་སྟེ།། ཏིང་འཛིན་གྱིས་སྦྱར་སེམས་ཀྱི་མཱི། བསམ་གཏན་སྦྱོར་བ་རབ་ཏུ་འཇུག། བསམ ་གཏན་རབ་ཏུ་ཞུགས་པ་ལས།། རྙེད་དཀའ་ཞི་ཞིང་དགའ་མེད་མཆོག། འཆི་མེད་གོ་འཕང་དེ་ཆོས་རྣམས།། གང་གིས་ཐོབ་པ་རབ་ཐོབ་བོ།། དེ་ཕྱིར་བཟའ་བ་རྩ་བ་སྟེ། འདི་ནི་ཐབས་ཤེས་ངེས་པ་ཡིན།། བཟའ་བ་བྱེད་ལ་བརྟན་པ་ནི།། དཔག་མེད་བློ ་ཡིས་བློ་མཛད་ནས།། ཁྲུས་བྱས་ནཻ་རཉྫ་འགྲམ་ནས།། ལགས་བྱིན་འགྲམ་གྱི་ལྗོན་ཤིང་ནི།། གུད་པ་ཡིད་དུང་ཡལ་གའི་རྩེས།། སྐུ་ལུས་རིད་པ་དྲལ་བུས་དྲངས།། དེ་ནས་ལྷ་རྣམས་ཀྱིས་བསྐུལ་བའི།། བ་གླང་སྐྱོང་བ་བདག་མོ་ནི།། སྙིང་ལ་དགའ ་སྐྱེས་འགྱུར་བ་ཡི།། དགའ་སྟོབས་མ་ནི་དེར་འོང་སོ།། དུང་དཀར་གྱིས་འབར་ལག་པ་ཅན།། ལྭ་བ་སྔོན་པོ་ཀོན་པ་མོ།། ལྦུ་བ་དང་བཅས་ཆུ་སྔོན་འཕྲེང་།། ཆུ་མཆོག་ཡ་མུ་ནཱ་བཞིན་ནོ།། སྤྱན་མིག་ཨུཏྤལ་རབ་རྒྱས་ཤིང་།། དད་པས་འཕེལ་བའི ་དགའ་མ་དྲིས།། དེ་ལ་མགོ་ཡིས་རབ་བཏུད་ནས།། འོ་མ་དྲངས་པར་གྱུར་པའོ།། དེས་དེ་གསོལ་ནས་དེ་ལ་ནི།། སྐྱེ་བའི་འབྲས་བུ་ཐོབ་བྱས་ནས།། ཡང་དག་དབང་པོ་དྲུག་ཚིམ་སྟེ།། བྱང་ཆུབ་འཐོབ་པར་ནུས་པར་གྱུར།། ཕུལ་བྱུང་རྒྱས་པའི ་སྐུ་མངའ་ཞིང་།། རང་གི་གྲགས་བཅས་ཐུབ་པ་ནི།། ནུས་གྱུར་རྒྱ་མཚོ་གཉིས་དག་གི། མཛེས་དང་བརྟན་པ་གཅིག་པོས་བཟུང་།། བདག་ནི་ངེས་པར་གྲོལ་བ་ལ།། བློ་ལྡན་ཁམས་ལྔ་རྣམས་ཀྱིས་ལྟར།། ཀུན་ནས་འཇུག་ཅེས་རྣམ་ཤེས་ནས། ་དགེ་སློང་ལྔ་རྣམས་ཀྱིས་དེ་དོར།། དེ་ནས་འབད་རྩོལ་གཉིས་པ་ནི།། བྱང་ཆུབ་ཆེད་དུ་ངེས་མཛད་དེ།། རྩ་འཇམ་བཀྲམ་པའི་ས་གཞི་ལ།། ཨ་ཤྭདྠ་ཡི་རྩ་བར་གཤེགས།། དེ་ཚེ་གླང་པོའི་འགྲོས་མངའ་བའི།། དཔེ་མེད་ཞབས་ཀྱི་སྒྲ་ཡིས་སད་པར་བྱས ་པ་ནི།། ཐུབ་པ་ཆེན་པོའི་བྱང་ཆུབ་ངེས་པར་རྟོགས་པ་ཡིས།། གྲུབ་མཆོག་ནག་པོ་ཞེས་བྱས་སྟོང་པ་སྨྲས་པར་གྱུར།། ཇི་ལྟར་ཐུབ་པ་ཁྱོད་ཀྱི་ཞབས་ཀྱིས་བརྫིས་པ་ནི།། ཡང་ནས་ཡང་དུ་ས་ནི་སྒྲ་སྐད་སྒྲོགས་པ་འདྲ།། ཇི་ལྟར་ཁྱོད་ཀྱི་འོད་ནི་ཉི ་ལྟར་སྣང་བ་སྟེ།། ཁྱོད་ཀྱིས་ངེས་པར་འདོད་པའི་གོ་འཕང་མཁྱེན་པ་ཉིད།། ཇི་ལྟར་མཁའ་ལ་ཁུག་རྟའི་ཕྲེང་བ་རྣམ་བསྐོར་ཞིང་།། པདྨའི་སྤྱན་མངའ་ཁྱེད་ལ་སྐོར་བ་བྱེད་པ་ཉིད།། ཇི་ལྟར་མཁའ་ལ་རླུང་རྣམས་ཞི་བར ་འགྲོ་བ་སྟེ།། ཁྱོད་ཀྱིས་ངེས་པར་དེ་རིང་སངས་རྒྱས་འགྱུར་བ་ཉིད།། དེ་ནས་ཀླུ་མཆོག་གིས་ནི་ཡང་དག་བསྐྱོད་པ་ནི།། ལྟོ་ག་ལས་ནི་གཙང་མའི་རྩཝ་རྣམས་ཉེར་བླངས་ནས།། བྱང་ཆུབ་ཤིང་ཚོན་རྩ་བ་དགེ་ལ་རབ་བརྟེན་ཅིང་།། བྱང་ཆུབ་ཆེད་དུ ་དམ་བཙའ་མཛད་ཅིང་བཞུགས་པའོ།། དེ་ནས་གཉིད་ལོག་ལྟོ་འཕྱེའི་གདེངས་སྐད་བསྡུས་པ་ལ།། དེས་ནི་རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་མཆོག་བཅིངས་ཏེ།། ཇི་སྲིད་བྱ་བ་བྱས་པ་ཉིད་ནི་མ་ཐོབ་པར།། དེ་སྲིད་ས་ལ་གདན་དེ་འབྱེད་པར་མི་བགྱི ་དེ་ནས་ངེས་པའི་བདག་ཉིད་བཅོམ་ལྡན་གང་ན་མཛད་ཚེ།། ལྷ་ན་གནས་རྣམས་མཉམ་མེད་དགའ་བ་ཐོབ་གྱུར་ལ།། རི་དག་སྣ་ཚོགས་རྣམས་གནས་པར་མ་གྱུར་བྱ་རྣམས་དང་།། རླུང་གིས་བསྣུན་པའི་ནགས་ཀྱི་ལྗོན་ཤིང་སྒྲ་མེད་གྱུར།། སྤངས ་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྨན་དང་གིས་ཆེན་པོ་ལས། རིང་ཕུར་དང་ལྷག་སྤྱོད་ཀྱི་དྲུང་དུ་གཤེགས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེར་ནི་རྣམ་པར་མཐར་ཕྱིར་དམ་བཅའ་མཛད་པ་ན།། རྒྱལ་པོའི་རིགས ་ལས་རབ་འཁྲུངས་དྲང་སྲོང་ཆེན་པོ་ནི།། དེར་ནི་ཉེ་བར་ཞུགས་ཚེ་འཇིག་རྟེན་རབ་དགའ་ཞིང་།། དེར་ནི་བདུད་ཀྱང་དམ་པའི་ཆོས་ཀྱི་དགྲར་གྱུར་ཏོ།། གང་ལ་འདོད་པའི་ལྷར་ནི་འཇིག་རྟེན་ན་སྨྲ་བ།། སྣ་ཚོགས་མཚོན་ཆ་མེ་ཏོག་མདའ་ཅན་དེ ་བཞིན་དུ།། འདོད་པ་རབ་ཏུ་སྤྱོད་པའི་བདག་བློ་དེ་ཉིད་ལ།། ཐར་པའི་དགྲ་བོ་བདུད་དུ་དབ་བརྗོད་བྱེད་པའོ།། དེ་ཡི་བུ་ནི་རོལ་པ་དགའ་བ་རྒྱགས་པ་དང་།། བུ་མོ་དགའ་མ་དགེས་མ་སྲེད་མ་གསུམ་རྣམས་ཀྱི།། དེ་ལ་སེམས་ཀྱི་རྣམ་པར ་འགྱུར་བ་དྲིས་པ་སྟེ།། དེས་ནི་དེ་རྣམས་ལ་ཚིག་མངོན་པར་སྨྲས།། ཐུབ་པ་འདིས་ནི་ངེས་པའི་གཽ་ཆ་རྣམ་གཟུང་ཞིང་།། སེམས་དཔའི་མཚོན་ཆ་བློ་ཡི་མདའ་ནི་བསྡོགས་བྱས་ནས།། བདག་ཅག་ཡུལ་རྣམས་ལ་ནི་རྒྱལ་འདོད་བསྡད་པ་སྟེ།། ག ་ཕྱིར་འདིས་ནི་བདག་གི་ཡིད་ནི་རྣམ་པར་འགྱུར།། གལ་ཏེ་འདིས་བདག་ཟིལ་གྱིས་མནན་ནས་འགྲོ་བ་སྟེ།། འཇིག་པ་ལ་ཡང་ཐར་པའི་ལམ་དག་འཆད་བྱེད་ཅིང་།། ལུས་འཕགས་ཇོ་བོ་སྤྱོད་ལས་ལྷུང་བའི་བཞིན་དུ་ནི།། དེ་ཕྱིར་འདི་ཡིས་བདག ་གིས་ཡུལ་ནི་དེ་རིང་སྟོངས།། དེ་ཕྱིར་ཇི་སྲིད་འདིས་ནི་སྤྱན་མིག་མ་ཐོབ་ཅིང་།། ཇི་སྲིད་བདག་གི་སྤྱོད་ཡུལ་དག་ན་གནས་པ་ཉིད།། ཆུ་བོ་ཤིན་ཏུ་འཕེལ་བའི་ཤུགས་ཀྱིས་ཟམ་པ་བཞིན།། དེ་སྲིད་འདི་ཡི་བརྟུལ་ཞུགས་འཇོམ་སུ་འགྲོ་བའོ།། དེ་ནས་མེ་ཏོག ་ལས་བྱས་གཞུ་ནི་བཟུང་ནས་དང་།། ཀུན་ཏུ་རྨོངས་པར་བྱེད་པའི་མདའ་ལྔ་རྣམས་བཟུང་ནས།། སྐྱེ་དགུ་རྣམས་ཀྱི་རང་གནས་མི་བྱེད་པ།། དེ་ནི་བུར་བཅས་ཨ་ཤྭདྠ་ཡི་རྩ་བར་སོང་།། དེ་ནས་སྲིད་པ་འཁོར་བའི་ཕ་རོལ་རྒལ་འདོད་པའི།། ཐུབ་པ་རག་ཏུ་ཞི ་བར་གདན་ལ་བཞུགས་པ་ལ།། ལག་པ་གཡས་པ་མཚོན་ཆའི་རྩེ་མོར་བརྡུངས་ནས་ནི།། མདའ་ཡིས་རོལ་ཞིང་བདུད་ཀྱིས་འདི་ནི་སྨྲས་པའོ།། ཀྱེ་ཧོ་རྒྱལ་རིགས་འཆི་བས་འཇིགས་པ་ལོངས་མཛོད་ཅིག། ཐར་པའི་ཆོས་ནི་སྤོངས་ལ་འཇིག་རྟེན་མཛོད།། ་མདའ་དང་མཆོད་སྦྱིན་རྣམས་ཀྱིས་འཇིག་རྟེན་ཕམ་བྱས་ནས།། འཇིག་རྟེན་དག་ནས་དབང་པོའི་གོ་འཕང་ཐོབ་པར་མཛོད།། གང་ཞིག་མི་དབང་སྔ་མ་རྣམས་ཀྱིས་འདྲིམས་པ་སྟེ།། ངེས་པར་འབྱུང་ལ་འདི་ནི་གྲགས ་པའི་ལམ་ཡིན་ཞིང་།། རྒྱལ་པོའི་དྲང་སྲོང་རྣམས་ཡངས་རིགས་སུ་སྐྱེས་པ་ཡིས།། སློང་མོ་རབ་ཐོབ་ལ་ནི་འདི་ནི་བསྔགས་མ་ཡིན།། ཇི་སྲིད་ངེས་པའི་བདག་ཉིད་དེ་རིང་མི་ལྡང་མ།། དམ་བཅའ་རྣམ་པར་མ་དོར་བརྟན་པར་གྱུར་ཅིག་དང་།། གང ་ཞིག་ཉ་དགྲ་སཱུརྦ་ཀ་ལ་རྣམ་སྤངས་པའི།། དེ་ཉིད་བདག་གི་མངའ་འདི་འབར་བར་བྱས་པའོ།། འདིས་ནི་ཅུང་ཞིག་རེག་པ་ཙམ་གྱིས་ཨེ་ལ་དེ།། ཟླ་བའི་ཚ་བོ་ཡིན་ཡང་སེམས་མེད་གྱུར་པ་སྟེ།། ཞི་བའི་ལུས་ཞེས་བྱ་བ་དེ་ཡང་དེར་འགྱུར་ནས།། ། ་ཟད་པའི་དུས་སུ་ཀྱེ་མ་མི་གཞན་སྨོས་ཅི་དགོས།། དེ་ཕྱིར་སྐྱེན་པར་ལོངས་ལ་འདུ་ཤེས་ཐོབ་ཀྱིས་དང་།། ཡང་ཡང་ཤིན་ཏུ་རོ་མྱང་མངའ་ནི་མནན་པ་སྟེ།། དགའ་མའི་བྱར་འོས་དགའ་ཞིང་དགེས་པ་རྣམས་ལ་ནི།། གང་ཞིག་དང་པ ་རྣམས་ལ་བཞིན་དུ་མི་འཕེན་ནོ།། གང་ཚེ་དེ་སྐད་བརྗོད་ཀྱང་ཚོགས་པ་དང་བྲལ་བའི།། ཤཱཀྱ་ཐུབ་པས་གདན་ནི་བཤིག་པ་མ་ཡིན་ཉིད།། དེ་ནས་འདི་ལ་བདུད་ཀྱི་མདའ་ནི་འཕངས་པ་སྟེ།། བུ་མོ་རྣམས་དང་བུ་རྣམས་མདུན་ནས་བྱས་ནསོ།། ་དེདེར་ནི་དེ་ཡི་མངའ་ན་རབ་ཏུ་འཕངས་ན་ཡང་།། ཆགས་པར་བྱས་པ་མེད་ཅིང་བརྟན་ལས་གཡོས་པ་མེད།། དེ་ལྟར་དེ་མཐོང་གྱུར་ནས་བདུད་ནི་ཡི་མུག་ཅིང་།། བསམ་མནོ་ཡོངསུ་ལྡན་པ་དལ་བུ་སྨྲས་པར་གྱུར།། རི་དབང་བུ་མོ་ལ ་དམིགས་གང་གིས་བུག་པ་ཡིས།། བདེ་འབྱུང་ལྷ་ཡང་ཡོངསུ་གཡོས་པར་གྱུར་པ་སྟེ།། འདིས་ནི་མདའ་དེ་ཉིད་ལ་སེམས་པར་མི་བྱེད་པ།། སེམས་མེ་དྲ་ཡིན་ནམ་མདའ་འདི་དེ་མ་ལྗིན་ནམ་ཅི།། དེ་ཕྱིར་མེ་ཏོག་མངའ་འདི་འོས་པ་མ་ཡིན་ཞིང་།། ་དཀའ་བ་མ་ཡིན་སྦྱོར་བ་འོས་མ་ཡིན།། འདི་ནི་ཞི་བ་མ་ཡིན་འབྱུང་པོའི་ཚོགས་རྣམས་ཀྱིས།། འཇིགས་དང་བསྡིགས་དང་རྡེག་པ་རྣམས་ནི་འོས་པའོ།། དེ་ནས་བདུད་ཀྱིས་རང་གི་སྡེ་ནི་དྲན་པ་སྟེ། ཤཱཀྱ་ཐུབ་པའི་བགེགས་ནི་མཉམ་པོར་བྱེད་འདོད་པ། ་ལ་ལྲྀ་རྦེ་ཛྫ་ནཱཿབྷྱོན་ཤིང་རྩེ་གསུམ་མདུང་ལག་རྣམས།། སྣ་ཚོགས་བསམ་པ་དང་ལྡན་རྗེསུ་འབྲངས་རྣམས་འོས།། ཕྱག་དང་ཉ་དང་བོང་བུ་རྔ་མོའི་གདོང་ཅན་རྣམས།། སྡུག་དང་དོམ་དང་སེང་གེ་གཉིས་འཐུང་གདོང་ཅན་རྣམས།། མིག་གཅིག་ཁ ་ནི་དུ་མ་མགོ་བོ་གསུམ་ལྡན་རྣམས།། གསུས་པ་འཕྱང་བ་རྣམས་དང་གསུས་པ་ཆེ་བ་རྣམས།། བརླ་རྣམས་པུས་མོའི་བར་དུ་བུམ་པའི་པུས་མོ་རྣམས།། མཆེ་བའི་མཚོན་ཆ་རྣམས་དང་སེན་མོའི་མཚོན་ཆ་རྣམས།། ཀེང་རུས་གདོང་ཅན་རྣམས ་དང་གཟུགས་ནི་མང་པོ་རྣམས།། གདང་ཕྱེད་ཞོམ་པ་རྣམས་དང་གདོང་ནི་ཆེན་པོ་རྣམས།། ཐལ་སྐྱ་རྣམས་དང་ཐིག་ལེ་དམར་པོ་སྣ་ཚོགས་རྣམས།། ཁ་ཊྭཱཾ་ག་རྣམས་དང་ནི་སྤྲེའུ་ལྟར་དུང་སྒྲ་རྣམས།། འཕོངས་འཕྱང་རྣམས་དང་གླང་པོའི་རྣ་བའི ་རྣ་བ་རྣམས།། པགས་པའི་གོས་ཅན་རྣམས་དང་གོས་དང་བྲལ་བ་རྣམས།། གདོང་ཕྱེད་དཀར་པོ་རྣམས་དང་ལུས་ཕྱེད་ལྗང་ཁུ་རྣམས།། ཟིངས་མདོག་དུད་མདོག་རྣམས་དང་ལྗང་གུ་དཀོར་པོ་རྣམས།། སྦྲུལ་གྱི་ཤམ་ཐབཱ་ཛྙཱ་དང་དེ་བཞིན་ལག་པ་རྣམས ་རབ་ཏུ་སྒྲ་སྒྲོགས་དྲིལ་བུ་འཁྲུགས་པའི་སྐ་རགས་རྣམས།། ཏ་ལའི་ཚད་མཉམ་རྣམས་དང་མདུང་རྣམས་བཟུང་བ་རྣམས།། བྱིས་པའི་ཚད་མཉམ་རྣམས་དང་མཆེ་བ་གཙིགས་པ་རྣམས།། ལུག་གི་གདོང་ཅན ་རྣམས་དང་བྱ་ཡི་མིག་ཅན་རྣམས།། བྱི་ལའི་གདོང་ཅན་རྣམས་དང་མི་ཡི་ལུས་ཅན་རྣམས།། སྐྲ་བཀྲམ་རྣམས་དང་རལ་པ་ཅན་དང་བྱི་བོ་རྣམས།། གོས་དམར་རྣམས་དང་རྣམ་པར་འཁྲུག་པས་དཀྲིས་པ་རྣམས།། རབ་དགའི་གདོང ་ཅན་རྣམས་དང་གཉེར་མའི་གདོང་ཅན་རྣཾས།། གཟི་བརྗིད་འཕྲོག་པ་རྣམས་དང་ཡིད་ནི་འཕྲོག་པ་རྣམས།། ཁཱ་ཅིག་དག་ནི་འབོ་ཞིང་དྲག་ཏུ་ཕན་ཚུན་དུ།། མཆན་ཁུང་འཁྱུད་ཅིང་དེ་བཞིན་གཞན་རྣམས་མཆོངས།། མཁའ་ལ་འགྲོ་བ ་རྣམས་ནི་ཁ་ཅིག་རྩེ་བ་སྟེ།། ཁ་ཅིག་ཤིང་གི་རྩེ་མོ་རྣམས་ལ་ཞོན་པའོ།། ཁ་ཅིག་རྩེ་གསུམ་སྐོར་ཞིང་ག་ར་ནི་བྱེད་པ་སྟེ།། ཁ་ཅིག་དབྱུག་པ་གི་དེངས་ཤིང་ཐོག་སྒྲ་སྒྲོགས་པའོ།། ཁ་ཅིག་དགའ་བས་ཁྱུ་མཆོག་བཞིན་དུ་སྐད་འདོན་ཞིང་།། ་ཁ་ཅིག་ལུས་འཕོས་རྣམས་ལས་རབ་ཏུ་འབར་བར་གྱུར།། འཛིན་པར་འདོད་པ་རྣམས་དང་འཇོམས་པར་འདོད་པ་རྣམས།། ཇོ་བོའི་བཀའ་ནི་རབ་ཏུ་སྐྱོང་བར་བྱེད་པ་སྟེ།། རྣམ་པ་དེ་ལྟར་འབྱུང་པོའི་ཚོགས་རྣམས་ཀུན་ནས་ནི།། བྱང་ཆུབ ་སེམས་དཔའ་དེ་ལ་ཡོངསུ་བསྐོར་ནས་གནས།། མཚོན་མོ་སྔ་མ་ལ་ནི་ཤཱཀྱའི་ཁྱུ་མཆོག་དང་།། བདུད་ཀྱི་འཐབ་མོ་དུས་དེ་རབ་ཏུ་མཐོང་ནས་ནི།། ནམ་མཁའ་གསལ་བ་མ་ཡིན་ས་ནི་གཡོས་གྱུར་ལ།། ཕྱོགས་རྣམས་སྒྲ་དང་བཅས་པ ་རབ་ཏུ་འབར་བར་གྱུར།། དྲག་པོའི་ཤུགས་ཅན་རླུང་ནི་ཀུན་ཏུ་གཡོས་གྱུར་ལ།། སྐར་མ་རྣམས་ནི་མི་སྣང་ཟླ་བ་གསལ་མ་གྱུར།། སླར་ཡང་མཚན་མོར་མུན་པ་རྣམ་པར་རྒྱས་གྱུར་ལ།། རྒྱ་མཚོ་རྣམས་ནི་ཐམས་ཅད་ཀུན་ཏུ་གཡོས་པར ་གྱུར།། ས་གཞི་འཛིན་ཅིང་ཆོས་དག་འཛིན་པའི་ཀླུ་རྣམས་ནི།། ཐུབ་པ་ཆེན་པོའི་བགེགས་ལ་བཟོད་པ་མ་ཡིན་ཞིང་།། བདུད་ལས་ཁྲོས་པས་རྣམ་པར་ལྡོག་པའི་མིག་ཅན་རྣམས།། རྔམ་པ་བཏོན་ཞིང་ལུས་ནི་རྣམ་པར་འགྱུར་བའོ།། གཙང ་མར་ལྷག་པར་གནས་པའི་ལྷ་ཡི་དྲང་སྲོང་ནི།། དམི་ཆོས་བསྒྲུབ་པའི་དོན་དུ་མངོན་པར་ཞུགས་པ་རྣམས།། བདུད་ལས་ཡིད་ཀྱི་རྗེས་སུ་བརྩེ་བ་བྱས་པ་སྟེ།། ཆགས་དང་བྲལ་བ་ལས་ཀྱང་ཁྲོས་པར་མ་གྱུར་ཏོ།། འཚེ་བའི་བདག་ཉིད་བདུད ་ཀྱི་དཔུང་ནི་དེ་ཡིས་ནི།། བྱང་ཆུབ་རྩ་བ་དེ་ནི་ཁྱབ་པ་མཐོང་ནས་ནི།། ཆོས་ཀྱི་བདག་ཉིད་འཇིག་རྟེན་ཐར་པ་འདོད་རྣམས་ཀྱིས།། ནམ་མཁའ་དག་ལ་ཧ་ཧའི་སྒྲ་དག་བྱས་པར་གྱུར།། ཆོས་ཀྱི་ཆོ་ག་དེ་ནི་ཉེ་བར་ཉམས་བྱེད་པ།། བདུད་དཔུང་གནས ་བ་དྲང་སྲོང་ཆེན་པོས་གཟིག་ས་ནི།། བ་ལང་རྣམས་ཀྱི་དབུས་སུ་སེང་གེ་གནས་པ་བཞིན།། གཡོ་འགུལ་མེད་ཅིང་རྣམ་པར་འགྱུར་བར་ཡང་མ་གྱུར།། དེ་ནས་དེ་ཡི་འཇིགས་པའི་ཆེད་དུ་བདུད་ཀྱི་སྟེ།། འབྱུང་པོའི་སྔོ་ནི་དྲང་པོ་རྣམས་ལ་བཀཱ་སྩ་ཏཱི། ་དེ་ནས་འདི་ཡི་སྡེ་དེས་རང་རང་མཐུ་རྣམས་ཀྱིས།། དེ་ཡི་བརྟན་པ་དབྱེ་ཕྱིར་བློ་གྲོས་བྱས་པའོ།། ཁ་ཅིག་ལྕེ་རྣམས་གཡོ་ཞིང་དུ་མས་རྣམ་འཆང་ཞིང་།། མཆེ་བའི་རྩེ་མོ་རྣམས་རྣོ་མིག་རྣམས་ལྗང་སེར་ཟླུམ།། ཁ་རྣམས་གདངས་ཤིང་བུར ་བུའི་རྣ་བ་རྣམས་བརྟན་ཅིང་།། ཀུན་ནས་སྐྲག་པར་བྱེད་པ་སྙམ་དུ་གནས་ཞེས་གྲག། དེས་ནི་གཟུགས་དང་བསམ་པ་དག་གིས་མི་ཟད་པ།། རྣམ་པ་དེ་ལྟ་ཉིད་དུ་གནས་པ་དེ་རྣམས་ལས།། རྩེད་མོ་བྱེད་པའི་བྱིས ་པ་རྒྱགས་པ་རྣམས་ལས་ནི།། དྲང་སྲོང་ཆེན་པོ་ཟུག་མེད་སྐྱོ་བར་མ་གྱུར་ཏོ།། དེ་ནས་ཁ་ཅིག་ཁྲོས་པས་ལྟ་བྱེད་རྣམ་འགྱུར་ཞིང་།། འདི་ལ་དབྱུག་པ་བརྡེག་པར་འབད་པ་བྱ་བ་སྟེ།། སྔོན་ཚེ་གྲོང་ཁྱེར་འཇོམས་པའི་རྡོ་རྗེ་དང་བཅས ་ལྟར།། དེ་ནས་འདི་ཡི་དབྱུག་པ་དང་བཅས་ལག་པ་རེངས།། ཁ་ཅིག་རྡོ་དང་ཤིང་རྣམས་གྱེན་དུ་འཕྱར་བ་ནི།། ཐུབ་པ་ལ་ནི་རྣམ་པར་འཕེན་པར་མ་ནུས་ཏེ།། འབིགས་བྱེད་རི་བྲག་རྣམས་ནི་རྡོ་རྗེས་བཅོམ་པ་བཞིན།། ཤིང་རྣམས་དང ་བཅས་རྡོ་རྣམས་བཅས་པ་དེ་བཞིན་ལྷུང་།། ཁ་ཅིག་མཁའ་ལྔ་གྱེན་དུ་འཕུར་བས་རྡོ་རྣམས་དང་།། དགྲ་སྟ་རྣམས་དང་ཤིང་རྣམས་རྣམ་པར་འཕང་བ་རྣམས།། ཁ་དོག་གཅིག་མིན་མཚམས་སྤྲིན་རྐང་པ་རྣམས་བཞིན་དུ།། མངོན ་པར་ལྷུང་བ་མ་ཡིན་ནཱ་མཁར་གནས་པར་གྱུར།། གཞན་ནི་དེ་ཡི་སྟེང་དུ་འབར་བའི་ཁྱུ་མཆོག་གིས།། གླང་བུ་རི་བོ་ཙམ་པའི་རྭ་ཅན་འཕངས་པ་སྟེ།། དེ་ནི་འཕངས་པ་ཙམ་ནཱ་ན་མཁར་གནས་པ་ཉིད།། དེ་ཡི་མཐུ་ལས་རྣམ་པ་བརྒྱར ་ནིགས་པར་གྱུར།། འཇིག་རྟེན་འཇིག་ཚེ་ལྷུན་པོ་རབ་ཏུ་འབར་བ་ཡིས།། གསེར་གྱི་བྱ་སྐྱིབས་རྣམས་ཀྱི་ཕྱེ་མ་རྣམ་བཞིན་དུ།། ཁ་ཅིག་ཉི་མ་ཤར་བ་བཞིན་དུ་འབར་བ་ཡིས་མེ་མངགས་ཆར་པ་ཆེན་པོ་མཁའ་ལས་ཕབ་པར ་གྱུར།། བྱང་ཆུབ་ཤིང་གི་རྩཝ་བར་རབ་ཏུ་རྣམ་འཕངས་པའི།། མེ་སྟག་འཕྲོ་བ་དྲང་བཅས་མེ་མུ་དག་ཆར་བ་སྟེ།། དྲང་སྲོང་དམ་པ་མཆོག་གི་བྱམས་པའི་གནས་པ་ལྔ།། ཨུཏྤལ་དམར་པོའི་འདབ་མའི་ཆར་པར་གྱུར་པའོ།། ལུས་དང་སེམ་ལ ་རྣམ་པར་གནོད་པར་བྱ་བའི་ཕྱིར།། རྣམ་པ་དེ་ལྟར་ཕབ་པ་དེ་དང་དེ་རྣམས་ཀྱིས།། རང་གི་ངེས་པའི་གཉེན་འདུན་ཉེ་བར་འཁྱུད་ནས་བཞིན།། ཤཱཀྱ་ཐུབ་པ་གདན་ལས་གཡོས་པར་མ་གྱུར་ཏོ།། དེ་ནས་གཞན་རྣམས་འཁོགས ་པའི་ལྗོན་ཤིང་རྣམ་ནས་ལྟར།། ཁ་ནཱས་ལས་ནི་སྦྲུལ་རྣམས་རྣམ་པར་སྐྱུགས་པ་སྟེ།། སྔགས་ཀྱིས་བཅིངས་བཞིན་དྲི་རྣམས་དེ་ཡི་དྲུང་དུ་མི།། སོང་བ་མ་ཡིན་དབུགས་མིནཱ་གཡོས་པར་མ་གྱུར་ཏོ།། གཞན་རྣམས་གློག་དང་བརྒྱ་ཤིང་ཐོག་ད ་པ་ཡིས།། ཆུ་འཛིན་ཆེན་པོ་གཏུམ་པའི་དབྱངས་ལྡན་རྣམས་གྱུར་ནས།། ལྗོན་ཤིང་དེ་ལ་རྡོ་བའི་ཆར་པ་ཕབ་པ་སྟེ།། དེ་ནི་མེ་ཏོག་ཆར་པ་མཛེས་པར་གྱུར་པའོ།། དབང་ཕྱུག་མ་ཡིན་སྲོན་པར་དཀའ་བའི་མི་ཡི་ནི།། སྙིང་ལ་ཡོངསུ་གཡོས ་པཔའི་ཁྲོ་བ་བཞིན་དུ་ནི།། དེ་ནས་གཞན་གྱི་གཞུ་ལ་མདའ་དག་བཀོད་པ་ནི།། དེ་ཉིད་དུ་ནི་འབར་ཞིང་ལྷུང་བར་མ་གྱུར་ཏོ།། ཡུལ་ལ་རབ་ཏུ་འཇུག་ལ་འཁོར་བ་ལ་འཇིགས་པ།། ཡོངསུ་རྟོག་པ་པོ་ཡི་དབང་པོ་ལྔ་རྣམས་བཞིན།། གཞན་རྣམས ་ངག་གིས་མདའ་ལྔ་རབ་ཏུ་འཕངས་པ་རྣམས།། ན་མཁར་གནས་ཤིང་ཐུབ་པ་ལ་ནི་མ་ལྷུང་ངོ་།། གཞན་ནི་རྡེག་པར་འདོད་པས་ཁྲོས་ཤིང་རབ་བསྐོར་ཞིང་།། དབྱུག་པ་བཟུང་ནས་དྲང་སྲོང་ཆེན་པོའི་མངོན་དུ་ཕྱོགས།། དོན་མེད་བྱེད་པའི ་ཉེས་པ་རྣམས་ལ་འཇིག་རྟེན་བཞིན།། དེས་ནི་འདོད་པ་མ་ཐོབ་དབང་མེད་འགྱེལ་བར་གྱུར།། བུད་མེད་སྦྱིན་པ་ནག་མོ་ལག་ནཱ་ཐོད་པ་ཅན།། དྲང་སྲོང་ཆེན་པོའི་ཐུགས་ནི་རྨོངས་པར་བྱེད་ཅེས་གྲག། གཡོ་བའི ་བདག་ཉིད་ཅན་གྱི་བློ་ནི་ལུང་ལ་བཞིན།། དེར་ནི་ངེས་པ་མེད་པར་སྐོར་ཞིང་གནས་མཱ་ཡིན།། ཁ་ཅིག་མིག་ནི་རབ་ཏུ་འདྲར་བར་བྱས་ནས་ནི།། མིག་གི་མེ་ཡི་སྦྲུལ་གྱི་དུག་བཞིན་བསྲེག་འདོད་པས།། འདོད་པའི་བདག་ཉིད་ཅན་གྱིས་ཉེར་གན ་པལ་བཞིན་དུ།། དེར་ནི་དྲང་སྲོང་བཞུགས་པ་མཐོང་བར་མ་གྱུར་ཏོ།། ཡེ་ཤེས་ཏིང་འཛིན་དག་གིས་འགྲོ་བྱ་ཉེས་ལེགས་ཆོས།། ལུས་ཀྱི་ངལ་བ་རྣམས་ཀྱིས་འཐོབ་པར་འདོད་པ་བཞིན།། དེ་བཞིན་གཞན་ནི་རྡོ་བ་ལྕི་མོ་བཏེག་པ་ནི།། རབ ་ཏུ་འབད་པ་རྣམ་བཅོམ་དོན་མེད་ངལ་བར་གྱུར།། དེ་བཞིན་གཞན་རྣམས་དྲེད་དང་སེང་གེའི་རྣམ་པ་ཡི།། ཆེན་པོའི་སྒྲ་རྣམས་མཐོན་པོར་རབ་ཏུ་སྒྲོག་པ་སྟེ།། རྡོ་རྗེས་བསྣུན་པའི་ན་མཁའ་འགས་པ་ཞེས་སྙམ་ནས།། སེམས་ཅན་རྣམས ་ནི་གང་གིས་ཀུན་ནས་འཁུམས་པར་གྱུར།། རི་དགས་གླང་པོ་རྣམས་ནི་ཉམ་ཐག་སྐུད་འདོན་ཞིང་།། རྣམ་པར་འབྲོས་ཤིང་ཐིག་པ་ཉིད་དུ་གྱུར་པ་སྟེ།། དེ་ཡི་མཚན་མོ་ཕྱོགས་རྣམས་ལས་ནི་ཉིན་མོ་བཞིན།། ཉམ་ཐག་བྱ་རྣམས་སྐད་དོ།། ་ཡོངསུ་བབས་པར་གྱུར།། རྣམ་པ་དེ་ལྟར་དེ་རྣམས་ཀྱི་སྒྲ་དེ་རྣམས་ཀྱིས།། འབྱུང་པོ་ཐམས་ཅད་རྣམསུ་གཡོས་པ་ཡིན་ན་ཡང་།། ཁབ་རྣམས་ངག་གི་སྒྲ་རྣམས་ངག་གིས་མཁའ་ལྡིང་ལྟར།། ཐུབ་པ་འཇིགས་པ་མ་ཡིན་འཁུམས་པར ་མ་གྱུར་ཏོ།། འཇིགས་པ་འདྲོན་པ་ཡོངསུ་བསྐོར་བའི་ཚོགས་རྣམས་ལས།། ཇི་ལྟར་ཇི་ལྟར་ཐུབ་པའི་འཇིགས་པ་མ་ཡིན་པ།། དེ་ལྟ་དེ་ལྟར་ཆོས་འཛིན་རྣམས་ཀྱི་དགྲ་བོ་ཡི།། བདུད་རྣམས་མྱ་ངན་ལས་དང་ཁྲོས་ནས་བྱེད་བའོ།། དེ་ནས ་བྱུང་པོ་ཅུང་ཞིག་གཟུགས་ནི་མཐོ་བ་མ་ཡིན་ཞིང་།། ཁྱད་པར་འ། ས་པར་གྱུར་པ་ནཱ་མཁར་གནས་ཉིད་ཀྱིས།། དྲང་སྲོང་ལ་གནོད་དགྲ་མ་ཡིན་ལ་ཁྲོས་མཐོང་ནས།། བདུད་རྒྱ་ཆེན་པོའི་དབྱངས་ཀྱིས་སྨྲས་པར་གྱུར་པའོ།། དོན་མེད ་བབ་འར་བྱེད་པར་ཐོས་པ་མ་ཡིན་བདྲུང་།། འཚེ་བའི་བདག་ཉིད་སྤོང་ལ་བདེ་བར་སོང་མཛོད་དང་།། རི་བོ་ཆེན་པོ་ལྷུན་པོ་རླུང་རྣམས་ཀྱིས་བཞིན་དུ།། ཁྱོད་ཀྱིས་བསྐྱོད་ཅིང་བསྐུལ་བར་ནུས་པ་མ་ཡིན་ནོ།། ས་ཡི་བརྟན་པ་ཉིད་ཆུ་ཡིས ་ག། པ་ད།། མེ་ཡིས་དྲོ་བ་ཉིད་ནི་རབ་ཏུ་འདོར་བ་ཡང་།། བསྐལ་པ་དུ་མར་བསྒྲུབ་པའི་བསོད་ནམས་ལས་འདའ་བ།། འདིས་ནི་ནན་ཏན་ངེས་པར་འདོར་བ་མ་ཡིནོ།། འདི་ཡི་ངེས་པ་གང་དང་ཕ་རོལ་གནོན་པ་དང་།། གཟི་བརྗིད་གང ་དྲ་བཛྲཱི་བ་སྐྱེ་དགུ་རྣམས་ལ་སྟེ།། འོད་ཟེར་སྟེང་གིས་མུན་རྣམས་མ་འཚོམ་གནས་བཞིན་དུ།། འདི་ནི་དེ་ཉིད་མ་ཐོབ་ནས་ནི་ལྡང་མ་ཡིན།། ཤིང་ལ་བསྲུབས་མེ་ནི་རྙེད་པར་འགྱུར་བ་སྟེ།། ས་པ་བརྐོས་ནུ་ཆུ་ཡང་འཐོབ་པར་འགྱུར་བ ་ཉིདན་རིགས་པ་དང་ནི་ལྡན་པའི་ཐམས་ཅད་བྱས་པ་སྟེ།། བརྩོན་འགྲུས་ལྡན་པའི་བསྒྲུབ་བྱ་མ་ཡིན་ཅི་ཡང་མེད།། དེ་ཕྱིར་ཆགས་སོགས་ནང་རྣམས་དག་ལ་གནས་པ་ཡི།། འཇིག་རྟེན་འམ་ཐག་པ་ལ་ཐུགས་རྗེ་མ་བ་ནི།། ཡེ་ཤེས ་དམན་གྱི་དོན་དུ་ཡོངསུ་དྲལ་བ་བོ།། སྨན་པ་ཆེན་པོ་འདི་ལ་བགེགས་འོས་མ་ཡིན་ནོ།། ལམ་ངན་མང་པོ་རྣམས་ཀྱིས་འཇིག་རྟེན་སྟོར་བ་ལ།། གང་ཞིག་ཞི་བས་དམ་པའི་ལམ་ནི་རྗེས་ཚོལ་བ།། ཆུད་ཟོས་པ་ལ ་ལེགས་པར་སྟོན་བྱེད་དེད་དཔོ་བཞིན་སྟོན་མཛད་དེ་ནི་བསྐྱོད་པར་རིགས་པ་མ་ཡིན་ནོ།། མུན་པ་ཆེན་པོ་སེམས་ཅན་ཆུད་ཟོས་རྣམས་ལ་ནི།། ཡེ་ཤེས་སྒྲོན་མ་རབ་ཏུ་གསལ་བར་མཛད་པ་འདི།། མུན་པ་ལ་ནི་རབ་ཏུ་འབར་བའི་སྒྲོན ་མ་བཞིན།། འཕགས་པའི་མྱ་ངན་འདའ་བར་བྱེད་པར་འོས་མ་ཡིན།། འཁོར་བའི་རྣམ་འགྱུར་ཆུ་བོ་ཆེན་པོར་འགྲོ་བ་ནི།། ཕ་རོལ་མ་ཐོབ་པར་ནི་གཟིགས་ནས་ནི།། གང་གིས་དེ་ནི་སྒྲོལ་བར་བྱེད་ལ་རབ་ཞུགས་ཏེ།། དེ་ལ་སྡིག ་བ་འཕགས་པ་སུ་ཡི་སེམས་པར་བྱེད།། བཟོད་པའི་རྒྱུས་བརྟན་པའི་རྩ་བ་བརྟན་པ་སྟེ།། སྤྱོད་པའི་མེ་ཏོག་བྷྱོ་དང་དྲན་པའི་ཡལ་ག་ཅན།། ཡེ་ཤེས་ལྗོན་ཤིང་ཆོས་ཀྱི་འབྲས་བུ་སྟེར་བ་བོ།། འཕེལ་བཞིན་པ་ནི་ཟློག་པར་འ ་པ་མ་ཡིན་ནོ།། གང་གི་སྙིང་ལ་རྨོངས་པོའི་ཞགས་པ་སྲ་རྣམས་ཀྱིས།། བཙོངས་པའི་སྐྱེ་དགུ་རྣམས་ཀྱིས་གྲོལ་ཕྱིར་བློ་མངའ་ཞིང་།། འགྲོ་བ་བཅིངས་པ་ཐར་པའི་ཆེང་དུའོ་རྒྱལ་བ།། དེ་ལ་བརྡེག་པ་ཁྱོད་ཀྱི་འཐད་པ་མ་ཡིན་ནོ།། བྱང ་ཆུབ་ཆེད་དུ་ལས་གང་དག་ནི་མཛད་པ་རྣམས།། དེ་རྣམས་ཀྱི་ནི་ངེས་པར་དེ་རིང་དུས་ཡིན་ལོ།། ཇི་ལྟར་ཐུབ་པ་སྔ་མམྦྷ་ནི་དེ་བཞིན་དུ།། གནས་དེར་དེ་བཞིན་འདི་ནི་ཉེ་བར་བཞུགས་པའོ།། དབྱིག་འཛིན་པ་ག་ནི་ཡིན་ལྟེ་བ་འདི་ཡིན་ནི ་སྙིང་པོ་དམ་པ་མཐའ་དག་དང་ནི་ལྡན་པ་ཉིད།། གང་ཞིག་འདི་ཡཱི་ཏིང་ངེ་འཛིན་གྱི་ཤུགས་བཟོད་པའི།། ས་ཡི་ཕྱོགས་དེ་འདི་ལས་གཞན་པ་ཡོད་མ་ཡིན།། དེ་ཕྱིར་ཁྲོ་བར་མ་བྱེད་ཞི་བར་ཉེར་སོང་ལ།། བདུད་ནི་ཁྱོད་ཀྱི་དྲེགས་པས ་ང་རྒྱལ་མ་གྱུར་ཅིག། དཔལ་ནི་མི་བརྟན་བློ་གཏད་པར་ནི་ནུས་མིན་ཞིང་།། གོ་འཕང་གཡོ་ལ་རྒྱགས་པར་མངོན་པར་ཉེར་འགྲོ་ཞིང་།། དེ་ནས་དེ་ཡི་ཚིག་དེ་ཡང་དག་ཐོས་ནས་ཀྱང་།། ཐུབ་པ་ཆེན་པོའི་གཡོ་བ་མེད་པ་ཉིད་མཐོང་ནས།། ་གང་གི་མདའ་ཡི་འགྲོ་བའི་སྙིང་ལ་རྡེག་བྱེད་པའི།། བདུད་ནི་འབད་བ་བཅོམ་ཞིང་ཡིད་མི་བདེ་བར་སོང་།། དགའ་བ་མེད་ཅིང་འབྲས་མེད་ངལ་བ་བྱས་པ་རྣམས།། ཕ་འོངད་རྣམས་ནི་ཁྱུ་མཆོག་ལྡོམ་ཤིང་རྣམས་གཏོར་ཏོ།། དགྲར་གྱུར་དགྲ ་བོའི་དཔུང་ནི་གཙོ་བོ་བསང་པ་ལྟར།། དེ་ནས་འདི་ཡི་དཔུང་ནི་ཕྱོགས་ཕྱོགས་བྲོས་པའོ།། མེ་ཏོག་ཏོག་ཅན་འཁོར་དང་བཅས་པ་བྲོས་ཤིང་ངེས་པར་འཕམ་པ་ནཱ། དྲང་སྲོང་ཆེན་པོ་མུན་པ་འབ་ཞིང་རྡུལ་དང་བྲལ་བ་རྒྱལ་བ་ན། རྒོད་པ་དང་ཅཝ་བམ ་རང་བཅས་མཁའ་གསལ་ཞིང་།། ཆུ་ཡི་སྙིང་པོ་ཅན་གྱི་དྲི་ཞིམ་མེ་ཏོག་ཆར་པ་བབ་པར་གྱུར་པའོ།། དེ་ལྟར་སྡིག་པ་ཅན་ནི་ངེས་པར་ཕམ་པ་ན།། དེ་ཚེ་ཕྱོགས་ནི་རབ་སྣང་མཚན་མོར་བྱེད་པ་མཛེས།། མཁའ་ལ་མེ་ཏོག་ཆར་རྣམས ་ས་ལ་བབ་པ་སྟེ། ལང་ཚོ་མ་བཞིནི་ངལ་བ་མེད་པར་མཚན་མོ་གསལ།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའོ་སྙན་དངགས་ཆེན་པོ་ལས། བདུད་ལས་རྣམ་པར་རྒྱལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། ་དེ་ནས་བརྟན་དང་ཞི་བ་ཡི།། བདུད་ཀྱི་སྟོབས་ནི་ཕམ་མཛད་ནས།། དོན་དམ་རྣམ་པར་མཁྱེན་བཞེད་པ།། བསམ་གཏན་མཁས་ཏེ་བསམ་གཏན་མཛད།། བསམ་གཏན་ཆོ་ག་ཐམས་ཅད་ལ།། དབང་ཕྱུག་དམ ་པ་རབ་བརྙེས་ནས།། སྔོན་གྱི་སྐྱེ་བ་རིམ་པ་ནི།། དང་པོའི་ཐུན་ལ་དྲན་པའོ།། ཆེ་གེ་མོ་བདག་མིང་འདི་ནི།། དེ་ནས་འཕོས་ཏེ་འདིར་འོངས་པའོ།། ཞེས་ནི་སྐྱེ་བ་སྟོང་ཕྲག་རྣམས།། རྗེས་སུ་མྱོང་བ་བཞིན་དུ་དྲན།། འཐད་པ་དེ་དང་དེ་རྣམས ་སྐྱེ་བར་འཆི་བ་དྲན་ནས་ནི།། དེ་ནས་སེམས་ཅན་ལ་ཐུགས་རྗེ།། ཐུགས་རྗེའི་བདག་ཉིད་ཅན་གྱིས་མཛད།། རང་གི་སྐྱེ་བོ་བོར་ནས་ནི།། སླར་ཡང་གཞན་དུ་བྱ་བ་རྣམས།། ངེས་པར་འཇིག་རྟེན་མགོན་མེད་འདི།། འཁོར་ལོ་བཞིན་དུ་ཡོད ་སུ་འཁོར། དེ་ལྟར་ངེས་པའི་བདག་ཉིད་ནི།། དེ་ཡི་དྲན་པར་གྱུར་པ་སྟེ།། ཆུ་ཤིང་སྙིང་པོ་སྙིང་པོ་མེད།། འཁོར་བ་དེ་ལྟར་ངེས་པར་རོ།། ཐུ་ནི་གཉིས་པ་བྱུང་བ་ན།། གཉིས་མེད་ཕ་རོལ་གནོན་པ་དེ།། མིག་དང་ལྡན་པ་ཀུན་གྱི་མཆོག། ་ལྷ་ཡི་སྤྱན་ནི་ཐོབ་པར་གྱུར།། དེ་ནས་དེས་ནི་ལྷ་ཡི་སྤྱན།། ཡོངསུ་དག་པ་དེ་ཡིས་ནི།། མེ་ལོང་དྲི་མ་མེད་པ་ལྟར།། འཇིག་རྟེན་མཐའ་དག་ལ་གཟིག་སོ།། མཆོག་དང་མཆོག་མིན་ལས་རྣམས་ཀྱིས།། སེམས་ཅན་རྣམས་ཀྱི་འཆི ་འཕོ་དང་།། སྐྱེ་བ་གཟིགས་པ་དེ་ཡི་ནི།། ཐུགས་རྗེའི་བདག་ཉིད་འཕེལ་བར་འགྱུར།། འདི་རྣམས་སྡིག་པའི་ལས་ཅན་རྣམས།། སྲོག་ཆགས་རྣམས་ནི་ངན་འགྲོར་འགྲོ།། འདི་གཞན་དགེ་བའི་ལས་ཅན་རྣམས།། མཐོ་རིསུ་ནི ་རབ་གནས།། ཤིན་ཏུ་མི་ཟད་དམྱལ་བ་རུ།། རབ་ཏུ་འཇིགས་པར་གྱུར་པ་རྣམས།། འདི་རྣམས་སྡུག་བསྔལ་སྣ་ཚོགས་ཀྱི།། ཀྱེ་མ་བཀྲེན་པར་བཅོར་བར་བྱེད།། ཁ་ཅིག་མེ་ཡི་ཁ་དོག་གི། ལྕགས་ཁུ་ཁོལ་མ་འཐུང་བར་བྱེད།། ལྷར ་ཀྱིཀྵི་ཀ་པ་ཆེན་མོ་ལཱ།། གཞན་རྣམས་ཆོ་ངེས་འདེབས་ཤིང་འཛེགས།། ལྕགས་ཟངས་རྣམསུ་ཁཱས་བུ་པ་རྣམས།། ཁ་ཅིག་ཐུག་པ་བཞིན་དུ་འཚེད།། མེ་མདག་དུང་པོའི་བར་རྣམ་སུ་ལ་ཅིག་སྙིང་རྗེས་ཟེའོ།། ཁྭ་ཅིག་ལྕགས་ཀྱི་མཆེ་རྣོ་ཅན།། མི་བཟང་ཁྱི་རྣམས ་ཀྱིས་ཟ་ཞིང་།། ཁ་ཅིག་མ་རུངས་ལྕགས་མཆུ་ཅན།། ལྕགས་འདྲའི་བྱ་རོག་རྣམས་ཀྱི་ཟ།། ཁ་ཅིག་གདུང་བས་ཡོངས་ངལ་རྣམས།། བསིལ་བའི་གྲིབ་མ་མངོན་འདོད་པས།། རལ་གྲའི་ལོ་མའི་ནགས་སྔོན་པོར།། འདི་རྣམས་བཅིངས་པ ་བཞིན་དུ་ཞུགས།། ཁ་ཅིག་སྟ་རེ་རྣམས་ཀྱིས་ནི།། ལག་པ་བཏེག་རྣམས་ཤིང་ལྟར་འགེམས།། ལས་རྣམས་ཀྱིས་བཟུང་སྲོག་རྣམས་ནི།། སྡུག་བསྔལ་ན་ཡང་རྣམས་མི་སྨིན།། སྡུག་བསྔལ་བཟློག་པའི་དོན་ཆེད་དུ།། བདེ་བ་ཡིན་ཞེས་ལས ་གང་བྱས།། དེ་ཡི་འབྲས་དེ་དབང་མེད་ཀྱིས།། སྡུག་བསྔལ་ཁོ་ན་ཉེར་ལོངས་སྤྱོད།། བདེ་དོན་མི་དགེ་བ་བྱས་ནས།། གང་དེ་ཤིན་ཏུ་སྡུག་བསྔལ་རྣམས།། དེ་དག་རྣམས་ཀྱི་རོ་མྱང་ངེས།། བདེ་བ་ཕྲ་མོ་ཡང་བྱེད་དམ།། སྡིག་པའི་བདག་ཉིད་རྒོད ་རྣམས་ཀྱིས།། སྡིག་པའི་ལས་ནི་བྱས་པ་གང་།། དེ་ན་སྔོན་དུ་གྱུར་པའི་ཚེ།། ཆོ་དེ་རྣམས་ཀྱིས་རྗེ་སུ་མྱོང་།། གལ་ཏེ་དེ་ལྟར་སྡོག་ལས་ཅན།། ལས་ཀྱི་འབྲས་བུ་མཐོང་བ་སྟེ།། དམིགསུ་མངོན་པར་བསྣུན་པ་བཞིན།། སྐྱེན་པར་ཁྲག་ནི ་སྐྱུག་པ་ཉིད།། ལུས་ཀྱི་སྡུག་བསྔལ་རྣམས་ལས་དང་།། དམྱལ་བའི་རྣམས་ལས་སེམས་ལྡན་གྱི།། འཕགས་མིན་རྣམས་དང་ལྷན་ཅིག་འགྲོགས།། ངལ་བ་མཆོག་ནི་བདག་གི་ལུགས།། གཞན་འདི་སེམས་ཀྱི་རྣམ ་གཡོ་ལས།། བྱུང་བའི་ལས་རྣམས་སྣ་ཚོགས་ཀྱིས།། བྱོལ་སོང་སྐྱེ་གནས་སྣ་ཚོགས་སུ།། ཉེ་བར་སྐྱེས་རྣམས་གདུང་བ་ཅན།། ཤ་ལྤགས་སྤུ་དང་སོ་ཡི་ཕྱིར།། ཆགས་པ་ལས་སམ་རྒྱགས་པ་ལས།། གཉེན་འདུན་རྣམས་ཀྱིས་མཐོང ་ང་།། གང་དུ་སྙིང་རྗེ་བར་བསོང་ངོ་།། ནུས་མང་ལྡན་ཡང་ངབང་མེད་རྣམས།། བཀྲེས་སྐོམ་ངལ་བས་ཅེར་བ་རྣམས།། ལྕགས་ཀྱིས་བསྣུན་པའི་དབྱིབས་ཅན་རྣམས།། རྟ་དང་བ་ལང་གྱུར་རྣམས་འཁོལ།། སྟོབས་ཅན་རྣམས་ཀྱང་སྟོབས་ཆུང ་གི། གླང་པོར་གྱུར་པ་རྣམ་འཁོམ་ཏེ།། ལྕགས་ཀྱུས་ཉོན་མོངས་མགོ་བོ་རྣམས།། རྐང་པའི་རྟིང་པ་རྣམས་ཀྱིས་བཏགས།། ཕན་ཚུན་རྣམ་པར་རྩོད་ལས་དང་།། གཞན་གྱི་དབང་དུ་གྱུར་ཉིད་ཀྱིས།། སྡུག་བསྔལ་གཞན་རྣམས་ལ་སྤྱོད་ཀྱང་།། ་གང་ལ་སྡུག་བསྔལ་ཁྱད་པར་ལྡན།། བན་ཚུན་དུ་ནི་རབ་ཕྲང་ནས།། མ་གུནས་སྐམ་གནས་རྣམས་ཀྱིས་དང་།། ཆུར་གནས་ཆུར་གནས་རྣམས་ཀྱིས་དང་།། མཁར་གནས་མཁར་གནས་རྣམས་ཀྱིས་འཇོམས།། སེར་སྣས་ནོན་པའི་སེམས་ལྡན་རྣམ ་ཡི་དགས་འཇིག་རྟེན་སྣང་མེད་དུ།། སྐྱེས་པ་འདི་རྣམས་དེ་བཞིན་དུ།། བཀྲེན་པ་འབྲས་བུ་ལ་ལོང་སྤྱོད།། ཁབ་མིག་ལྟ་བུའི་ཁ་རྣམས་དང་།། རི་བོ་ལྟ་བུའི་ལྟོ་བ་རྣམས།། བཀྲེས་སྒོམ་གྱིས་བསྐྱེད་སྡུག་བསྔལ་གྱིས།། སྡུག་བསྔལ་སྐལ་ཅན་རྣམས ་བཙིར་ཏོ།། སེར་སྣའི་འབྲས་བུ་འདི་འདྲ་བ།། སྐྱེས་བུས་གལ་ཏེ་ཤེས་ན་ནི།། ལུས་ཀྱི་ཆུ་ཤས་རྣམས་ཀྱང་ནི།། ཞི་བ་བཞིན་དུ་ཀུན་ནུས་གཏོང་།། རླུང་གི་ལས་རྣམས་ཀྱིས་བཟུང་ཞིང་།། སྲེད་པས་ཤིན་ཏུ་ནོན་པ་རྣམས།། བོར་བའི་མི་གཙང་བ་རྣམས ་ཀྱང་།། ལྗོངས་སྤྱོད་པར་ནི་འདིས་མི་རྙེད།། འདི་གཞན་དམྱལ་བ་དང་མཚུངས་པའི།། མྱུང་ལ་མིན་མྲྀ་གཙང་ཁུ་བ་རུ།། ཉེ་བར་སྐྱེས་རྣམས་མི་རྣམ་སུ།། གྲོ་བ་རྣམས་ནི་སྡུག་བསྔལ་འཐོ།། དེ་སྔོན་སྐྱེ་བ་ཙམན་ཡང་།། ལག་པ་རྣོན་པོ་སྨྲ་བརྡུང་པ་རྣམས། ་རྣམས་ཀྱིས་གཤེགས་པ་ལྟར།། གང་དུ་སྙིང་རྗེ་བར་ནི་དུ།། བྱམས་དང་བསྲུང་དྲང་སྐྱོང་རྣམས་ཀྱིས།། གཉེན་འདུན་རྣམས་ཀྱིས་འབད་ནས་སོང་།། སྡུག་བསྔལ་ལིས་སླར་སྡུག་བསྔལ་དྲག། རང་རང་ལས་ཀྱིས་ཉོན་མོངས།། བྱ་བ་འདི ་དུང་བྱ་བ་འདི།། ཞེས་ནི་གང་དུ་ལྷག་པར་ལ།། སྲེད་དང་ཡོངས་ལྡན་བྱིས་རྣམས་ཀྱིས།། རྒྱུན་ཆད་མེད་པར་རྗེ་སུ་མྱོང་།། འདི་གཞན་བསོད་ནམས་ལས་རྣམས་ཀྱིས།། མཐོ་རིས་སུ་ནི་སྐྱེས་པ་རྣམས།། འདོད་ཆགས་མེ་ཡིས་དྲག་ཏུ་ནི།། ་མེ་ལྟར་རབ་ཏུ་སྲེག་པར་བྱེད།། ཡུལ་རྣམས་ཀྱིས་ནི་ངོམས་མེད་རྣམས།། གང་ལས་འདི་རྣམས་གཟི་བཅོམ་སྟེ།། ཕྲེང་བ་ཡོངས་རྙིངས་ཞན་པ་རྣམས།། གྱེན་དུ་མིག་ཕྱོགས་རྣམ་ལྷུང་ངོ་།། གང་དུ་ལྷ་མོ་རྣམས་ཀྱིས་ནི།། སྡུག་པ་དབང ་མེད་ལྡང་བ་ལ།། སྒྱིང་ལ་བརྩུབ་ལྟོས་རྣམས་ཀྱིས།། ལག་པ་རྣམས་ཀྱིས་གོས་རྣམས་འཛིན།། གང་ཞིག་ས་ལ་ལྷུང་བ་བཞིན།། ལུང་འདོད་དོ་ཤལ་གཡོ་རྣམས་ཀྱིས།། སྡུག་རྣམས་གཞལ་མེད་ཁང་རྣམས་ནས།། སྙིང་བརྗེ་དང་བཅེས་ལྷུང་ལ ་ལྟ།། རྣམ་པ་སྣ་ཚོགས་རྒྱན་ཕྲེང་ཅན།། གཞན་འདིས་སྡུག་བསྔལ་ལྷུང་རྣམས་ལ།། གདུང་རྣམས་བརྩེ་དང་གཡོ་བ་ཡི།། ལྟ་བྱེད་རྣམས་ཀྱིས་རྗེས་སུ་འགྲོ།། འདོད་པ་ཅན་རྣམས་ལྷུང་བ་ལ།། ལག་པ་རྣམས ་ཀྱིས་བྲང་བརྡུང་ཞིང་།། འཁྲུགས་ཆེན་གྱི་ལྟར་ཉམ་ཐག་པ།། ལྷ་མོའི་ཚོགས་རྣམས་ཀྱིས་བརྟེན་ཏོ།། ཀྱི་ཧུད་ཤིང་རྟ་སྣ་ཚོགས་རྫིང་།། ཀྱི་ཧུད་སྡུག་པ་གང་ན་ཞེས།། ཉམ་ཐག་པ་རྣམས་རྣམ་ཟློས་ཤིང་།། ལྷ་ལ་གནས་རྣམས་པ ་ལ་ལྷུང་།། ལས་མང་རྣམས་ཀྱིས་ཐོབ་པ་ཡིས།། མཐོ་རིས་མི་བརྟན་གཡོ་བ་ལ།། འབྲལ་བས་བྱས་པའི་སྡུག་བསྔལ་ནི།། གང་དུ་འདི་འདྲ་ཐོབ་པར་འགྱུར།། ཀྱེ་མ་ངེས་ལས་ཁྱད་པར་དུ།། འཇིག་རྟེན་མཛད་པའི་ཆོས་ཉིད་དེ།། འདོད་ཆགས ་བྲལ་བ་ཐོབ་ནས་ཀྱང་གཞན་རྣམས་ལྷ་ནས་ངེས་པར་ལྷུང་།། འདི་ནི་རྟག་པར་གནས་པ་སྟེ།། ཞེས་ནི་ངེས་པའི་སེམས་ལྡན་རྣམས།། འཇིག་རྟེན་འདི་ཡི་རང་བཞིན་ནི།། འདི་ལྟ་བུར་ནི་མཐོང་མ་ཡིན།། ད་མྱལ་བ་རྣམསུ་སྡུག་བསྔལ་དྲག། དུད ་འགྲོ་རྣམསུ་ཕན་ཚུན་ཟ།། བཀྲེས་སྐོམ་སྡུག་བསྔལ་ཡི་དགས་སུ།། མི་ལ་ཚོལ་བའི་སྡུག་བསྔལ་ལོ།། ལྷ་ན་སྡུག་པ་དང་བྲལ་བ།། བསྐྱེད་པའི་སྡུག་བསྔལ་ཕུལ་ཕྱུང་སྟེ།། སྐོར་བ་གསོན་པའི་འཛག། རྟེན་གྱིས།། གང་ན་ཞི་བ་ངེས་པར ་མེད། འཁོར་བའི་ཆུ་བོ་རྟེན་མེད་དུ།། འདི་ནི་འཆི་བས་བསྐོར་བ་སྟེ།། ཙམ་ཙོམ་དུ་ནི་བསྐོར་བ་ཡི།། འགྲོ་བས་གནས་ནི་ཐོབ་མ་ཡིན།། དེ་ལྟར་དེས་ནི་འགྲོ་བ་ལྔ།། ལྷ་ཡི་སྨན་གྱིས་གཟིགས་པ་སྟེ།། ཆུ་ཤིང་བཤགས་པ་བཞིན་དུ་ནི། ་སྲིད་པར་སྙིང་པོ་རྙེད་མ་ཡིན།། དེ་ནས་དེ་ཡི་མཚན་མོའི་མཐུན།། གསུམ་པ་ཉེ་བར་གནས་པ་ན།། འཇིག་རྟེན་འདི་ཡི་རང་བཞིན་ནི།། བསམ་གཏན་རིག་པ་མཆོག་གིས་བསྒོམ།། ཀྱེ་མ་འཇིག་རྟེན་ངལ་ཐོབ་གང་།། ཡང་དང་ཡང་དུ་སྐྱེ་བ ་དང་།། འཁོགས་དང་ནི་འཆི་བ་དང་།། འཕོ་པ་དང་ནི་སྐྱེ་བ་ཉིད།། ཡང་ན་སྡུག་བསྔལ་ཆེ་འདི་ལས།། ཆགས་པས་ལོངས་མིན་གྱིས་བསྒྲིབས་པ།། སྐྱེས་ལོང་ཤིན་ཏུ་དོགས་ས་ནས།། ཕྱི་རོལ་འགྲོ་བ་ཤེས་མ་ཡིན།། དེ་ལྟར་བསམ་པ ་དེ་ཡིས་ནི།། ཐུགས་ཀྱི་རྣམ་དཔྱོད་གྱུར་པ་སྟེ།། གང་དུ་གྱུར་ན་ངེས་སམ་ཞེས།། རྨྱ་བས་འཆི་བ་མངོན་པར་སོང་།། སྐྱེ་གནས་ནས་དེ་ཉིད་བསྒོམས་པ།། དེ་ཡིས་མངོན་པར་རྟོགས་པར་གྱུར།། ཆུ་དང་འཆི་བ་དག་གིས་ནི།། སྐྱེ་བ་ཡོད ་ན་རྫོགས་པའོ།། མགོ་བོ་ཡོད་ན་མགོ་བོ་ཡི།། ནད་འདི་འབྱུང་བ་མཐོང་བ་སྟེ།། ཤིང་གི་སྐྱེ་བ་ཡོད་གྱུར་མ།། འགྱེལ་པ་འབྱུང་བར་འགྱུར་བའོ།། དེ་ནས་དེ་ཡི་སླར་གྱུར་པ།། སྐྱེ་བ་འདི་སླར་གང་ལ་ཞེས།། དེ་ནས་ལས་སྲིད་ལས་སྐྱེ་བར།། ་སྐྱེསྨྲ་བར།། སྐྱེ་བ་ཡང་དག་མཁྱེན་པའོ།། དེས་ནི་ལྷའི་སྤྱན་གྱིས་ནི།། ལས་ལས་འཇུག་པར་མཁྱེན་པ་སྟེ།། དབང་ཕྱུག་ལས་མིན་རང་བཞིན་མིན?།། བདག་ལས་མ་ཡིན་རྒྱུ་མེད་མིནི།། ཇི་ལྟར་རིགས་པ་ལས་གླིང་བུ།། དང་པོའི་ཚིག་ནི ་བཅད་པ་ནི།། ཆོ་ག་བཞིན་དུ་ཀུན་མྱུར་འགྲོ།། དེ་ལྟར་ཡེ་ཤེས་གོ་རིམ་སོ།། དེ་ནས་སྲིད་པའི་སྐྱེ་བ་ནི།། མཁྱེན་ཕྱིར་ཐུབ་པས་བློ་གྲོས་མཛད།། དེ་ནས་སྲིད་པའི་སྐྱེ་བ་དེས།། ཉེ་བར་ལེན་ལས་བྱུང་བར་མཁྱེན།། ཚུལ་ཁྲིམས་བརྟུལ ་ཞུགས་མཆོག་འཛིན་དང་།། འདོད་བློ་བདག་ཏུ་ལྷ་རྣམས་ཀྱིས།། བུད་ཤིང་རྣམས་ཀྱིས་མེ་བཞིན་དུ།། འདྲི་ཡི་ལུས་ནི་ཉེ་བར་ལེམ།། གདྲ་གིས་རྒྱུ་ལྔས་ལེན་པ་ཞེས།། དེ་ནས་དེ་ཡི་གྱུར་པ་སྟེ།། དེ་ནས་ཉེ་བར་ལེན ་པའི་རྐྱེམ།། སྲེད་པར་དེས་ནི་མཁྱེན་པའོ།། ཆུང་ངུའི་མེ་ཡིས་ནགས་ཀྱི་མེ།། རླུང་གིས་བུས་ཏེ་བསྐྱེད་པ་བཞིན།། འདོད་སོགས་ཉོན་མོངས་རྒྱ་ཆེན་རྣམས།། སྲེད་པ་ཡིས་ནི་སྐྱེད་པར་བྱེད།། དེ་ནས་དེ་ཡི་བསམ་པ་ཡི།། སྲེད་པ་གང ་ལས་བྱུང་ཞེས་སོ།། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས།། དེ་ནས་ཟླུམ་པར་ངེས་པ་མཛད།། ཚོར་བས་མངོན་བཅོམ་སྐྱེ་དགུ་རྣམས།། གཉེན་པོར་བྱེད་ལ་སྲེད་པ་སྟེ།། སྐོམ་པ་མེད་ནི་ཆུ་ལ་ནི།། ཁ་ཅིག་མངོན་པར་དགའ་བ་ཡིན།། དེ་ནས ་སླར་ཡང་ཚོར་བ་ཡི།། སྐྱེ་བའི་གནས་ནི་གང་ཞེས་བསམས།། ཚོར་བ་ཚོར་བ་མཐར་བྱེད་ཀྱིས།། རེག་པའི་རྒྱུ་ཅན་ཉིད་དུ་མཁྱེན།། ཡུལ་དྲང་དབང་པོ་བློ་རྣམས་ཀྱིས།། འདུས་པ་རེག་པར་བརྗོད་བྱ་སྟེ།། གཙུབས་ཤིང་ལས་ནི་མ་བཞིན ་དུ།། གང་ལས་ཚོར་བ་སྐྱེ་བའོ།། དེ་ནས་རེག་པ་རྒྱུ་ཡིན་ཞེས།། དེ་ཡིས་བསམ་པར་གྱུར་པའོ།། དེ་ནས་སྐྱེ་མཆེད་དྲུག་གི་ནི།། རྒྱུ་ཅན་ཉིད་དུ་དེ་མཁྱེན་ཏོ།། ལོང་བས་གཟུགས་ནི་མི་རིགས་ཅིང་།། མིག་ནི་བློ་ཡིས་མི་སྦྱོར་ཕྱིར།། མིག་ཡོད། ་གྱུར་ན་དེས་སྦྱོར་ཏེ།། དེ་ཕྱིར་དབང་པོ་ཡོད་ན་རེག། དེ་ནས་སྐྱེ་མཆེད་དྲུག་གི་ནི།། སྐྱེ་བ་མཁྱེན་ཕྱིར་བློ་གྲོས་མཛད།། དེ་ནས་དེའི་རྒྱུ་མིང་དང་གཟུགས།། རྒྱུ་ལ་མཁས་པས་མཁྱེན་པའོ།། ཇི་ལྟར་མྱུ་གུ་ཡོད་པ་ལས།། ལོ་མ་སྡོང་བུ་ཡོད ་པར་དྲན།། དེ་ལྟར་མིང་དང་གཟུགས་ཡོད་ན།། སྐྱེ་མཆེད་དྲུག་ནི་འབྱུང་བའོ།། མིང་དང་གཟུགས་ཀྱི་རྒྱུ་གང་ཞེས།། དེ་ཡི་དེ་ནས་གྱུར་དེ་ནས།། དེ་ཡི་སྐྱེ་བ་རྣམ་ཤེསུ།། ཡེ་ཤེས་ཕ་རོལ་སོན་པས་མཁྱེན།། རྣམ་པར་ཤེས་པས་མཁྱེན ་པ་ན།། རྣམ་པར་ཤེས་པ་འདས་པ་ན།། མིང་དང་གཟུགས་ནི་རེག་གནས་ཏེ།། ས་བོན་བསྐྲུན་པ་རྫོགས་པ་ན།། མྱུ་གུ་རྣར་འཛིན་པའོ།། དེ་ནས་རྣམ་པར་ཤེས་པ་ནི།། གང་ལས་ཡིན་ཞི་བས་བ་གྱུར།། མིང་དང་གཟུགས་ལ་བརྟེན་ནུས་དེ།། དེ་ནས་དེ་ཡི་སྐྱེ ་བ་མཁྱེན།། དེ་ནས་རྒྱུ་ཡི་གོ་རིམས་ནི།། མཁྱེན་ནས་དྲི་ཡི་བློར་གྱུར་ཏེ།། སེམས་ནི་ལུགས་འབྱུང་བསྐོར་བ་སྟེ།། གཞན་དུ་ལུགས་ལས་བཟློག་པར་མིན།། རྣམ་པར་ཤེས་པའི་རྐྱེན་ལས་ནི།། མིང་དང་གཟུགས་ཏེ་སྐྱེ་བ་སྟེ།། མིང་དང ་གཟུགས་ལ་བརྟེན་ནས་ནི།། སླར་ཡང་རྣམ་པར་ཤེས་བྱ་སྟེ།། ཇི་ལྟར་གླུ་ཡིས་མི་འདྲེན་ཞིང་།། དེ་བཞིན་རྣམ་པར་ཤེས་པ་དང་།། མིང་གཟུགས་པན་སྦྱིན་གྱི་རྒྱུའོ།། ཇི་ལྷུར་ལྐུགས་ནི་འབར་བ་ཡིས།། རྣ་རྣམས་འ་བར་བར་བྱེད་ན་ཡ ་བད་ཡིས་དེ་གདུང་སྒྲ།། དྲི་བཞིན་ཕན་ཚུན་རྒྱུ་ཉིད་དོ།། དྲི་ལྟར་རྣས་པཱུར་ཤེས་བྱ་ས་ས།། མིང་གཟུགས་འཇུད་པ་མཁྱེན་གྱུར་པ། དེ་ནས་དབང་པའི་རྒྱུང་འ་རིང་།། དབང་པོ་ལས་བྱུང་རེག་པའོ།། རིག་པ་ལས་སྐྱེས ་ཚོར་བ་ལས་སྐྱེས་སྲེད་པའོ།། སྲིད་པ་ལས་སྐྱེས་ཡིན་པའོ།། ལེན་པ་ལས་ནི་དེ་བཞིན་སྲིད་། སྲིད་པ་ལས་ནི་སྐྱེ་བ་དག། སྐྱེ་ལས་རྒོ་ཤི་འབྱུང་བར་མཁྱེན། འགྲོ་བ་དག་ནི་རྐྱེན་རྣམ་པ་ལས།། སྐྱེས་པ་ཤེས་ཡང་དག་མཁྱེན་པའོ།། ནས་འདི་མ ་གྲོས་ངེས་པར་སོང་བ་ནི།། སྐྱེ་བ་ཟད་ལས་འཆི་དང་རྒ་བ་འགག་པ་སྟེ།། སྲིད་པ་ཉམས་པ་ལས་ཀྱང་སྐྱེ་བ་ཉམས་པ་ཉིད།། ལེན་པ་འགག་པ་ལས་ནི་སྲིད་པ་རྣམས་ལྡོག་ཅིང་།། དེ་ནས་སྲིད་འགགས ་པ་ལས་དེ་ནི་འགག་པ་སྟེ།། ཚོར་བ་ཡོད་པ་མིན་ན་སྲིད་པ་ཡོད་མ་ཡིན།། རེག་ལས་ཆུད་ཟོས་གྱུར་ན་ཚོར་བ་ཡོད་མིན་ཞིང་།། སྐྱེ་མཆེད་འཇུག་པ་མེད་ལས་རེག་པ་ཟད་པའོ།། དེ་བཞིན་མིང་དང་གཟུགས་ནི་ཡང་དག་འག ་པ་ལས།། སྐྱེ་མཆེད་དྲུག་པོ་ཐམས་ཅད་རྣམ་པར་ཉམས་པ་ཉིད།། རྣམ་པར་ཤེས་པ་འགགས་ལས་དེ་དགྲ་འགག་པ་སྟེ།། འདུ་བྱེད་འགགས་པ་ལས་ཀྱང་དེ་ནི་འགག་པའོ།། མ་རིག་པ་ནི་མཐའ་དག་མེད་ལས་དེ ་བཞིན་དུ།། འདུ་བྱེད་འགག་པར་དྲང་སྲོང་ཆེན་པོས་མཁྱེན་པ་སྟེ།། འདི་ལས་མཁྱེན་བྱ་འདི་ནི་ཡང་དག་མཁྱེན་མཛད་ནས།། སངས་རྒྱས་ཞེས་ནི་འཇིག་རྟེན་ན་རབ་གནས་པར་གྱུར།། ཡན་ལ་ག་བརྒྱད་དང་ལྡན་པ་རབ་ཏུ་ཤར ་བ་ཡི།། རྩེ་མོར་མྱུར་འགྲོ་དམ་པའི་ལྟ་བའི་ལམ་གྱིས་ནི།། སྲིད་རྩེའི་བར་དུ་ལས་མཆོག་གྱུར་བདག་མེད་རྣམ་གཟིགས་ནས།། བུད་ཤིང་ཚིག་པའི་མེ་བཞིན་ཞི་བར་གཤེགས་པར་གྱུར།། དེ་ནས་བདག་ཉིད་མཛད་པ་དེ་ཡི་གྱུར ་པ་ནི།། མཆོག་གི་དྲང་སྲོང་མཆོག་དང་མཆོག་མིན་མཁྱེན་པའི་ཚོགས།། མནའ་མ་རྣམས་ཀྱི་དོན་དམ་རྒྱུད་ལས་གཤེགས་པ་ཡི།། སྙིང་པོའི་ལམ་འདི་བདག་གིས་ལྷག་པར་ཐོབ་པར་གྱུར།། ཐུན་ནི་བཞི་པའི་སྐྱ་རེངས་ཤར ་བའི་ཡུད་ཙམ་ན།། རྒྱུ་དང་མི་རྒྱུའི་འབྱུང་པོ་རྣམས་ནི་ཞི་བ་ན།། དྲང་སྲོང་མཆོག་གིས་འགྱུར་བ་མེད་པའི་གོ་འཕང་དང་།། ཀུན་གྱི་མགོན་གྱིས་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ།། དེ་ཉིད་འདི་ནི་སངས་རྒྱས་ཉིད་ཀྱིས་མཁྱེན ་པ་ན།། བུད་མེད་ཆང་གིས་མྱོས་པ་ཞིན་ས་ནི་གཡོས་གྱུར་ལ།། གྲུབ་པ་རྣམས་ཀྱིས་མངོན་གང་ཕྱོགས་ནི་རབ་སྣང་སྟེ།། མཁའ་ལ་རྔ་བོ་ཆེ་རྣམས་རབ་ཏུ་གྲག་པར་གྱུར།། དགེ་བའི་རླུང་རྣམས་རབ་ཏུ་ཞི་བར་གཡོས་གྱུར་ཅིང་།། སྦྱིན ་མེད་འོ་མ་རྣམས་ནི་ལྷ་ཡིས་ཆར་ཕབ་སྟེ།། ལྗོན་ཤིང་རྣམས་ལས་དུས་མིན་མེ་ཏོག་འབྲས་བུ་རྣམས།། མཆོད་པ་རབ་ཏུ་སྦྱོར་བའི་ཆེད་བཞིན་བྲུལ་བར་གྱུར།། མནྟ་ར་བའི་མེ་ཏོག་རྣམས་དང་པདྨ་དང་།། གསེར་དང་བཻནྡུཪྵ་ཡི་རང་བཞིན་པདྨ ་ནི། མཁའ་ལས་བབ་པ་རྣམས་ཀྱིས་ཤཱཀྱ་ཐུབ་པའི་སྲ།། དེ་ཚེ་མཐོ་རིས་བཞིན་དུ་ཀུན་ནས་བཀྲམ་པར་གྱུར།། ཡུད་ཙམ་དེ་ནི་ཁ་ཅིག་ཁྲོ་བ་མེད་གྱུར་ལ།། ནད་མེད་གྱུར་ཅིང་མི་དགའ་བར་ཡང་མ་སོང་སྟེ།། སྡིག་པ་བསྙེན་པ་མ་ཡིན་རྒྱ་གྲི ་པར་མ་བྱས་ཤིང་།། གྲུབ་པ་བརྙེས་པ་བཞིན་དུ་འཇིག་རྟེན་ཞི་བར་གྱུར།། ཐར་པ་འདོད་པའི་ལྷ་ཡི་ཚོགས་རྣམས་དགའ་བ་སྟེ།། སེམས་ཅན་འོག་ཏུ་སོང་བ་རྣམས་ཀྱང་དགའ་བར་གྱུར།། ཡོན་ཏན་ཕྱོགས་ཀྱིས་འཕེལ་བས་ཆོས་ནི་རྒྱས ་པ་སྟེ།། རྡུལ་དང་མུན་པ་དག་ལས་འགྲོ་བ་གྱེན་དུ་བྱུང་།། དེ་ཡི་ལས་ཀྱིས་ཡ་མཚན་དགའ་བས་གང་བ་ཡི།། བུ་རམ་ཤིང་པའི་རིགས་ཀྱི་མི་སྐྱོང་དྲང་སྲོང་རྣམས།། རྒྱལ་པོའི་དྲང་སྲོང་རྣམས་དང་དྲང་སྲོང་ཆེ་རྣམས་ཀྱིས།། ཡང་དག ་མཆོད་རྣམས་མཁའ་ལ་གཞལ་མེད་རྣམས་སུ་གནས།། མཐོང་མིན་འབྱུང་པོའི་ཚོགས་ཀྱི་དྲང་སྲོང་ཆེན་པོ་ཡི།། བསྟོད་པ་རྣམས་ནི་མཐོན་པོར་མཐོན་ཞིང་སྒྲོགས་པ་སྡེ།། བ་གསོན་པའི་འཕེལ་བ་བཞིན་དུ་དགའ ་གྱུར་ཞིང་།། ལྟུང་བ་མཆོག་ལ་བཞིན་དུ་བདུད་ནི་ཡི་མུག་གྱུར།། དེ་ནས་ནད་མི་མངའ་བ་ཞག་བདུན་བདག་ཉིད་ཀྱི།། སེམས་ལ་གཟིགས་ཤིང་སྤྱན་མི་འཛུམ་པར་བཞུགས་པ་སྟེ།། ཁོ་བོས་འདོར་ནི་རྣམ་པར་ཐར་པ་བརྙེས་སོ་ཞེས་ཐུང ་པ་ཡིད་ལ་རེ་བ་ཡོངསུ་རྫོགས་པར་གྱུར།། དེ་ནས་རྐྱེན་ཉིད་ཐོབ་པ་ཉིད།། བདག་མེད་ཆོ་གར་རྣམ་པར་བཞག་པས་གསན་ནས་ནི།། ཞི་ཕྱིར་འཇིག་རྟེན་དག་ལ་མཆོག་ཏུ་བརྩེ་བསོ།། སངས་རྒྱས་སྤྱན་གྱིས་རྣམ་པར་གཟིགས་པར་གྱུར་པའོ།། ། ་ལྟ་བ་ངན་པས་ཆུད་ཟོས་འབད་ལ་འཁྲུགས་པ་ཡི།། འགྲོ་བ་རྡུལ་ནི་རྒྱ་ཆེན་དང་ལྡན་གཟིགས་ནས་དང་།། རྣམ་ཐར་ཆོས་ནི་མཆོག་ཏུ་ཕྲ་བ་ཉིད་གཟིགས་ནས།། གཡོ་བ་མེད་པ་ཉིད་ཕྱིར་ཐུགས་ནི་མ་ཛད་པར་གྱུར།། དེ་ནས་སྨོན་གྱི་དམ་བཅའ ་ཡང་དག་མཁྱེན་གྱུར་ནས།། ཞི་བའི་གདམས་པ་ལ་ནི་སོ་སོར་ངེས་པར་གཤེགས།། དེ་ནས་ཆེན་པོའི་རྡུལ་དང་ཆུང་ངུའི་རྡུལ་ཉིད་དང་།། ལྡན་པའི་སྐྱེ་བོར་ཡིད་ནི་རྣམ་པར་དཔྱད་པའོ།། དེ་ནས་ཞི་བའི་དོན་དུ་གདམས་པའི་ཆེད་དུ་ངེས་པར་ནི། ་གཟུང་བའི་བདེ་བར་གཤེགས་པའི་ཐུགས་ནི་ཤེས་གྱུར་ནས།། མངོན་པར་སྣང་ཞིང་འགྲོ་ལ་ཕན་པར་འདོད་པ་ཅན།། མཐོ་རིས་གནས་པའི་གཙོ་བོ་གཉིས་ནི་ཉེ་བར་འོངས།། སྡིག་པ་སྤངས་ཤིང་དོན་མཛད་གདན་ལ་བཞུགས་པའོ།། ། ་མཆོག་གི་ཆོས་ནི་གཟིགས་པ་དེ་ལ་མཆོག་གཉིས་སོ།། མཆོག་ཏུ་ཞི་བས་རབ་ཏུ་བསྟོད་ནས་དེ་གཉིས་ཀྱིས།། འཇིག་རྟེན་པའི་དོན་དུ་ཚིག་འདི་གསོལ་བའོ།། ཨེ་མ་འགྲོ་བ་འདི་གང་ནོར་འོས་འདི་ལྟ་བུ།། སྐྱེ་དགུ་རྣམས་ལ་རྗེསུ་བརྩེ ་མཛད་ཁྱོད་ཀྱི་ཐུགས།། འཇིག་རྟེན་ན་ཡོད་སྐྱེ་བོ་རྣམ་པར་བསྲེ་མའི་རྒྱུ།། ཆེན་པོའི་རྡུལ་དྲང་ཆུང་ངུའི་རྡུལ་ཉིད་ལྡན་པའོ།། ཐུབ་པ་སྲིད་པའི་མཚོ་ལས་རང་ཉིད་རབ་བརྒལ་ནས།། འགྲོ་བ་སྡུག་བསྔལ་བྱིང་བ་རབ་ཏུ་དྲོངས་མཛོད་ཅིག། ལེགས ་པའི་དབང་ཕྱུག་གིས་ནི་ཕུན་སུམ་ཚོགས་པ་ཐོབ་ནས་བཞིན།། གཞན་རྣམས་ལ་ཡང་རང་གི་ཡོན་ཏན་གྱིས་སྦྱོར་མཛོད།། དོན་ཆེན་འདི་ནའི་དོན་དྲང་ཕ་རོལ་དུའམ་གང་།། སྐྱེ་བོ་ཁ་ཅིག་འདི་ན་བདག་གི་ཕན་པ་བྱེད།། གང་ཞིག་འཇིག་རྟེན་དགེ ་བའི་ཆེད་དུ་རབ་ཞུགས་ཏེ།། མི་ཡི་འཇིག་རྟེན་དང་ནི་མཐོ་རིས་སུ་བརྙེད་དཀའ།། དེ་ལྟར་དྲང་སྲོང་ཆེ་ལ་ཚིག་འདི་གསོལ་ནས་ནི།། ལྷ་ན་གནས་པ་དེ་ཉིད་ཇི་ལྟར་འོངས་པར་གཤེགས།། ཐུབ་པ་ཡིད་ཀྱང་དེ་ཡིས་ཚིག་དེ་རབ་མནོད་ནས། ་འགྲོ་བ་རྣམ་པར་ཐར་ཕྱིར་ངེས་པར་རྒྱས་པར་མཛད།། དེ་ནས་བསོད་སྙོམས་དུས་སུ་ཕྱོགས་བཞིར་དྲང་སྲོང་ལ།། ལྷ་ན་གནས་པས་ལྷུང་བཟེད་རྣམས་ནི་ཕུལ་བ་སྟེ། གཽ་ཏ་མས་བཞི་པོ་དེ་རྣམས་རབ་བཞེས་ནས།། དེ་ཡི་ཆོས་ཀྱི་ཆེད་དུ ་གཅིག་ཉིད་མཛད་པའོ།། དེ་ནས་དེ་ཚེ་དོན་བཅས་རབ་སོང་ཚོང་དཔོན་གཉིས།། མཛའ་བཤེས་ཉིད་ཀྱིས་ལྷ་ཡིས་རབ་ཏུ་བསྐུལ་བ་དག། རྒྱ་ཆེན་ཐུགས་མངའ་དྲང་སྲོང་ཚེ་ལ་ཐོག་མ་རུ།། དགའ་བ་དང་ལྡན་ཕྱག་བྱས་ནས་ནི་བསོད་སྙོམས ་ཡུལ།། རྩིབས་ཕུར་དང་ནི་རངས་བྱེད་བུ་སྟེ་དེ་གཉིས་ནི།། ཆོས་འཛིན་ནུས་པའི་བློ་གྲོས་ཐུབ་པས་གཟིགས་པ་སྟེ།། དེ་གཉིས་ལྷ་ན་གཤེགས་པར་ཐུགས་ཀྱིས་མངོན་གཟིགས་ནས།། དགེ་སློང་ལྔ་པོ ་རྣམས་ལ་ཐུགས་ཀྱིས་གྲར་ཤིགས་པའོ།། དེ་ནུས་ཞི་བའི་གདམས་པ་ལས་ནི་གཽ་ཏ་མས།། ཉི་མ་ཤར་བས་མུན་བཞིན་མུན་པ་རྣམ་འཇོམས་ཕྱིར།། བ་རཱ་ཎ་སེས་བརྒྱན་པའི་སྣ་ཚོགས་ནགས་ཚལ་ཅན།། འཇིགས་བྱེད་ཤྲྀང་རྟས ་བསྙེན་པའི་གྲོང་ཁྱེར་དགེ་བར་གཤེགས།། དེ་ནས་ཁྱུ་མཆོག་འདྲ་བའི་སྤྱན་མངའ་གླང་ཆེན་མྱོས་པའི་འགྲོས་ལྡན་པ།། འགྲོ་བ་མངོན་པར་རྣམ་པར་འདུས་ཕྱིར་ཀཱ་ཤི་སི་ལ་གཤེགས་བཞེད་པ།། གླང་ཆེན་བཞིན་དུ་རང་གི ་སྐུ་ལུས་མ་ལུས་ཕྱིར་ལ་རབ་ལོག་ནས།། ཐུབ་པས་སྤྱན་མིག་མི་འཛུམ་པར་ནི་བྱང་ཆུབ་ཤིང་གི་རྩ་བར་གཟིགས།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། མངོན་པར་རྫོགས་པར་བྱང་ཆུབ་པའི་ལེའུ ་སྟེ་བཅུ་བཞི་པའོ།། །། ཞི་ཞིང་མངངས་ལྡན་མཛད་པ་ཀུན་ནས་བརྙེས་པ་དེ།། གཅིག་པུར་ར་བ་གཤེགས་མང་པོ་དང་ནི་ཐབས་ཅིག་བཞིན།། ལམ་ན་དགེ་སློང་ཆོས་ལྡན་ཁ་ཅིག་གིས་མཐོང་ནས།། ཡ་མཚན ་དང་བཅས་ཐལ་མོར་བཅས་པས་འདི་སྐད་གསོལ།། དབང་པོའི་རྟ་ནི་གཡོ་བར་དབང་པོའི་རྟ་ཐུལ་ཞིང་།། སེམས་ཅན་ཆགས་རྣམས་ཇི་ལྟར་ཆགས་མ་གྱུར།། ཤིན་ཏུ་རོ་ལྡན་གསར་བའི་ཤེས་རབ་རོ་ཡིས་ནི།། རི་བོང་གིས ་མཚན་དང་མཚུངས་ཚིམ་པར་གྱུར་པ་རྣམས།། བརྟན་པ་ཁྱོད་ཀྱི་ཞལ་ནི་རབ་རྒྱས་ཤིང་།། འདིར་ནི་དབང་པོ་རྣམས་ཀྱི་དབང་ཕྱུག་མཛད་པ་སྟེ།། ཁྱུ་མཆོག་ཆེན་པོའི་སྤྱན་མངའ་ངེས་པར་དོན་མཛད་ཅིང་།། ཁྱོད་ཀྱི་བླ་མ་སུ་ལགས ་གང་ལས་གྲུབ་པ་གསུངས།། དེ་རྣམས་ལས་དེས་སྨྲས་པ་བདག་ལ་སྟོན་པ་མེད།། བདག་ལ་མཆོད་བྱ་མེད་ཅིང་སུ་ཡང་སྨད་བྱ་མེད།། མྱ་ངན་འདས་པ་ཐོབ་ཅིང་གཞན་རྣམས་དང་མི་མཉམ།། བདག་གི་ཆོས་ལ་རང་བྱུང་དུ་ནི ་ཤེས་པར་མཛོད།། གང་ཕྱིར་གཞན་རྣམས་ཀྱིས་མ་རྟོགས་པའི་རྟོགས་བྱ་ནི།། བདག་གིས་མཐའ་དག་རྟོགས་པ་དེ་ཕྱིར་སངས་རྒྱས་ཏེ།། གང་ཕྱིར་བདག་གི་ཉོན་མོངས་རྣམས་ནི་དགྲ་བཞིན་ཕམ།། དེ་ཕྱིར་ཞི་བ་དག་ནི་ཀུན་ནས ་ཤེས་པར་མཛོད།། སྡུག་བསྔལ་རྣམས་ཀྱིས་ཉམ་ཐག་གྲོགས་ལ་ཕན་དོན་དུ།། ཞི་བ་ཁྲོ་བོ་འདི་ཡང་བཱ་རཱ་ནཱ་སེར་འགྲོ།། དེར་ནཱི་འཆི་མེད་ཆོས་ཀྱི་རྡོ་དག་བརྡུང་བ་སྟེ།། སྙན་གྲགས་བདེ་བའི་ཕྱིར་མིན་ང་རྒྱལ་ཕྱིར་མ་ཡིན།། རྒལ་བས ་འགྲོ་བ་རྣམས་ནི་རྒལ་བར་འགྱུར་བགྱི་ཞིང་།། གྲོལ་བས་སེམས་ཅན་རྣམས་ནི་ཡོངསུ་ཐར་བར་བགྱི།། དེ་ལྟར་གསོན་པའི་འཇིག་རྟེན་ཉམ་ཐག་པར་མཐོང་ནས།། སྔོན་དུ་བདག་གི་དམ་བཅའ་འདྲི་ནི་གྱུར་པའོ།། འདི་ནི་ཁ ་ཅིག་ནོར་ནི་ཐོབ་ནས་བདག་ཉིད་ནི།། གཅིག་པུ་ཉིད་གང་འཛིན་པར་བྱེད་པ་ངོ་མཚར་ཅིང་།། སྐྱེ་བོ་ཆེན་པོ་མ་བཙུམ་མིག་ལ་གང་གིས་ཀྱང་།། ཁྱད་འཕགས་ཐོབ་ནས་རྣམ་པར་འཛིན་པ་དེ་དོན་ཡིན།། གང་ཞིག་སྐམ་ལ་གནས་པས་མི ་ནི་ཆུས་ཁྱེར་བ།། འདྲེན་པར་འདོད་མིན་དེ་ནི་ལེགས་པའི་གཟུགས་མ་ཡིན།། གང་ཞིག་གཏེར་ནི་ཐོབ་ནས་སྐྱེ་བོ་དབུལ་པོ་ལ།། ནོར་གྱིས་སྦྱོར་བ་མེད་པ་དེ་ནི་སྤྱང་པོ་མིན།། རང་བཞིན་གནས་པས་ནད་ཀྱིས་མངོན་པར ་བཅོམ་པ་ལ།། ལག་ཏུ་སོང་བའི་སྨན་གྱིས་གསོ་བར་རིགས་པ་སྟེ།། དེ་ལྟར་ལམ་ངན་སོང་བའི་ཆེད་དུ་ལམ་ངག་ནི།། ངེས་པར་བྱ་བའི་ལམ་གྱིས་བཤད་པར་འཐད་པ་ཡིན།། ཇི་ལྟར་སྒྲོན་མ་རབ་ཏུ་གསལ་བར་བྱེད་པ་སྟེ།། དེ་ཡི་རྒྱུ་ཅན ་དམར་པོར་འགྲོ་བ་མ་ཡིན་ཉིད།། དེ་བཞིན་སངས་རྒྱས་ཉིད་ཀྱིས་ཡེ་ཤེས་རབ་གསལ་བར།། མཛད་དེ་དེ་ཕྱིར་ཆགས་པར་འགྲོ་བ་མ་ཡིན་ནོ།། ཇི་ལྟར་ཤིང་རྣམས་ལ་ནི་མེ་དག་ངེས་པ་དང་།། མཁའ་ལ་རླུང་དང་ས་ལ་ཆུ་ནི་ངེས་པ་སྟེ།། ་དེ་བཞིན་གང་ཡང་རྣམས་སུ་ཐུབ་པ་རྣམས་ཀྱིས་ནི།། བྱང་ཆུབ་ངེས་ཤིང་ཀཱ་ཤི་རྣམས་དང་ཆོས་སྨྲ་ངོས།། དེ་ནས་ཉེ་བར་འོངས་ལས་ཨ་ལ་ལཾ་ཞེས་པ།། རྣམ་པར་བརྗོད་ནས་ཇི་ལྟར་འདྲོད་བཞིན་རབ་སྤངས་ནས།། ཡང་དང་ཡང ་དུ་ཡ་མཚན་མིག་མག་ནི་གཡོ་བ་ཡིས།། རེ་འདོད་སྐྱེས་ཤིང་སངས་རྒྱས་ལ་ནི་ལྷ་བཞིན་སོང་།། དེ་ནས་ཐུབ་པས་རིམ་གྱིས་ཀཱ་སའི་གྲོང་ཁྱེར་ནི།། ནོར་གནས་སྙིང་པོ་དང་ནི་རབ་མཚུངས་གཟིགས་པ་སྟེ།། གྲོགས་མོ་བཞིན་དུ་འཁྱུད ་ནས་ཡང་དག་འདུས་པ་འདི།། སྐལ་ལྡན་ཤིང་རྟ་དང་ནི་བོ་རཱ་ཎ་ས་ཉིད།། མཐུ་དང་གཟི་བརྗིད་དག་གིས་མངོན་པར་མཛེས་པ་ངེས།། ཁུ་བྱུག་རྣམས་ཀྱིས་སྒྲ་སྒྲོགས་ཤིང་གི་ཚོགས་ལྡན་ཞིང་།། དྲང་སྲོང་ཆེན་པོས་བསྙེན་པའི་རི་དགས ་ནགས་ཉིད་དུ།། རྣམ་པར་མཛེས་པས་ཉི་མ་བཞིན་དུ་རབ་ཐོབ་བོ།། ཀཽཎྜ་ཌི་ནྱའི་རིགས་དང་དེ་ནས་མིང་ཆེན་དང་།། རླངས་པ་དང་ནི་རྟ་ཐུལ་དེ་བཞིན་བཟང་རྒྱལ་ཏེ།། དགེ་སློང་ལྔ་ཡིས་དེ་ནི་རྒྱང་རིང་ནས་གཟིགས་ནས།། ཕན་ཚུན་དུ་ནི ་ཚིག་འདི་སྨྲས་པར་གྱུར་པའོ།། བདེ་བའི་བདག་ཉིད་དགེ་སློང་གཽ་ཏ་མ་འདི།། དཀའ་ཐུབ་དེ་ལས་ཕྱིར་ལོག་མངོན་པར་འོངས་པ་སྟེ།། མངོན་དུ་འགྲོ་བྱ་མ་ཡིན་ངེས་པར་ཕྱག་འོས་མིན།། དམ་བཅའ་བཅོམ་པ་མཆོད་པར་འོས་པ་མ་ཡིན།། ་དེ་ནི་བརྒྱ་ལ་གྲལ་ཏེ་སྡོད་པར་འདོད་གྱུར་ན།། དེ་ཉིད་ལ་ནི་གཏམ་ནི་རབ་ཏུ་གསོལ་མཛོད་དང་།། འགྲོན་པོ་ཉེ་བར་འོངས་པ་གང་དང་སུ་ལ་ནི།། འཕགས་པ་རྣམས་ཀྱིས་མི་བྱེད་པར་ནི་འོས་མ་ཡིན།། དེ་ལྟར་བྱ་བ་བྱས་ནས་དགེ་སློང ་དེ་རྣམས་ནི།། ཉེ་བར་གནས་པའི་ཉེ་བར་སངས་རྒྱས་གཤེགས་པ་སྟེ།། ཇི་ལྟ་ཇི་ལྟར་དྲི་རྣམས་ལྔ་ནི་ཉེ་བར་གཤེགས།། དེ་ལྟ་དེ་ལྟར་དེ་རྣམས་དམ་བཅའ་ཉམས་པར་གྱུར།། དེ་ནས་ཁ་ཅིག་འདི་ཡིན་བཟའ་བླངས་པ་སྟེ།། དེ་བཞིན ་གཞན་ནི་ཕྱག་འཚལ་ནས་ནི་ལྷུང་བཟེད་བཟུང་།། ཁ་ཅིག་འདི་ལ་འོས་པའི་གདྲན་ནི་ཕུལ་བ་སྟེ།། དེ་བཞིན་གཞན་གཉིས་ཞབས་བསིལ་ཉེ་བར་ཕུལ་བའོ།། དེ་ལྟར་རབ་བྱེད་མཆོད་པ་མང་པོ་ལྡན་པ་རྣམས།། འདི་ལ་ཐམས་ཅད ་ཀྱིས་ནི་བླ་མར་སྤྱོད་པ་བྱས།། རིགསུ་མངོན་བརྗོད་དེ་རྣམས་ཀྱིས་ཀྱང་མ་སྤངས་ཤིང་།། དེ་རྣམས་ལ་རྗེས་བརྩེ་བཅས་བཅོམ་ལྡན་གྱིས་སྨྲས་པ།། མཆོད་འོས་དགྲ་བཅོམ་ལ་ནི་གུས་པ་མ་ཡིན་པས།། སྔར་གྱིས་སྤྱོད་པས་དགེ་སློང་རྣམ ་ཀྱེ་མ་སྨྲ་ཞིག། བསྟོད་དང་སྨད་པ་ངེས་པར་བདག་གིས་མཉམ་པ་སྟེ།། ཁྱེད་རྣམས་བསོད་ནམས་མིན་ལས་རྣམ་པར་ཟློག་པར་བགྱི།། སངས་རྒྱས་འཕན་པའི་ཆེང་དུ་སངས་རྒྱས་ཤིང་།། འབྱུང་པོ་ཀུན་ལ ་ཕན་པས་རབ་ཏུ་ཞུགས་པ་ལ།། བླ་མ་ཉེ་བར་འཇོམས་ལས་མིང་གིས་གང་སྨྲ་སྟེ།། མ་རུངས་པ་ཡི་ཕ་མ་བཞིན་དུ་ཆོས་འཆད་དོ།། དེ་ལྟར་དྲང་སྲོང་ཆེན་པོ་ཐུགས་རྗེའི་བདག་ཉིད་ཅན།། སྨྲ་བ་རྣམས་ཀྱིས་མཆོག་གིས་དེ་སྐད་གསུ ་པ་སྟེ།། རྨོངས་ལས་སྙིང་པོ་མེད་པས་ཆུད་ཟོས་དེ་རྣམས་ཀྱིས།། གདོང་ནི་ཅུང་ཟིང་བཞད་པ་དང་ལྡན་རྒོལ་སྨྲས་པའོ།། གཽ་ཏཱ་མ་རེ་ཞིག་དཀའ་ཐུབ་མཆོག་དང་ནི།། དམ་པ་དེ་ཡིས་དེ་ཉིད་རྟོགས་པ་མ་ཡིན་ཏེ།། དོན་ནི་དཀའ་བས ་བསྒྲུབ་བྱ་བདེ་བས་གནས་པའོ།། ཁྱེད་ཀྱིས་མཐོང་ཞེས་བྱ་བ་འདིར་ནི་གཏན་ཚིགས་གང་།། གང་ཚེ་དེ་ལྟར་དེ་བཞིན་གཤེགས་པའི་དེ་ཉིད་ལ།། དེ་ནས་དགེ་སློང་དེ་རྣམས་དད་པར་གྱུར་མིན་ཏེ།། བྱང་ཆུབ་པ་ཡི་ལམ་ནི་དེ་ལས ་གཞན་དུ་ཤེས།། དེ་ནས་ལམ་མཁྱེན་པ་ཡི་ལཱམ་ནི་བཀའ་སྩལ་པ།། བྱིས་པའི་སྐྱེ་བོ་བདག་ཉིད་ངལ་བར་ལྡན་པ་དང་།། དབང་པོའི་སྤྱོད་ཡུལ་རྣམས་ལ་དེ་བཞིན་ཆགས་པ་སྟེ།། འཆི་བ་མེད་པའི་ལུང་གི་ལམ་མ་ཡིན་པའི་ཕྱོགས།། ་སྐྱོན་དང་ལྡན་པ་གཉིས་པོ་དེ་ལ་ལྟོས་མཛོད་ཅིང་།། གདུང་བར་མངོན་པར་བརྗོད་པའི་ལུས་ཀྱི་ངལ་རྣམས་ཀྱིས།། ཡོངསུ་འཁྲུགས་རོ་ཤིང་རྣམ་པར་གནོན་པའི་སེམས་ལ་ནི།། འཇིག་རྟེན་ཐ་སྙད་ཀྱང་ནི་བརྒྱ་ལ་ཤེས་མིན་ན།། དབང་པོ ་ལྔས་འདས་དེ་ཉིད་ལཱམ་ནི་ཀྵེ་མ་ཅི།། ཇི་ལྟར་སྒྲོན་མས་མཚན་མོའི་མུན་པ་ཉམས་པ་རུ།། འདིར་ནི་མངོན་པར་ཉེར་འགྲོ་ཆུ་རྣམས་གཏོར་བས་མིན།། དེ་བཞིན་ཡིས་མེ་ཡཱི་མི་ཤེས་མུན་པ་ནི།། ཉམས་པར་སྔོན་འགྲོ་ལུས་ཀྱི་ངལ་བ་རྣམས ་ཀྱིས་མིམ།། ཇི་ལྟར་མེ་ནི་འདོད་པས་ཤིང་ལ་འབིགས་པ་དང་།། རྣམ་པར་འགེམས་པས་མ་ནི་ཐོབ་པ་མ་ཡིན་ལ།། དེ་ཉིད་མངོན་པའི་ཐབས་ལས་བསྲུབས་པས་ཐོབ་པ་སྟེ།། དེ་བཞིན་སྦྱོར་ལས་འཆི་བ་མེད་ཐོབ་ངལ་ལས་མིན།། དེ་ལྟར ་དོན་མེད་འདོད་པ་རྣམས་ལ་ཆགས་པ་ནི།། རྡུལ་དང་མུན་པ་དག་གིས་ཟིལ་ནོན་སེམས་ལྡན་རྣམས།། བསྟན་བཅོས་དོན་ལ་ནུས་ཀྱང་གྲུབ་པ་ཐོབ་མིན་ན།། ཆག་བྲལ་འགོག་པའི་ཆོ་ག་ལ་ནི་སྔོན་ཉིད་དོ།། ཇི་ལྟར་ནད་ཀྱིས་མངོན་པར་བཅོམ ་པའི་སྲོག་ཆགས་ཀྱིས།། མི་ཕན་བཟའ་བ་ཟ་བའི་གསོ་བ་འདིར་ཡོད་མིན།། དེ་བཞིན་མི་ཤེས་ན་ཀྱིས་མངོན་པར་བཅོམ་པ་ཡི།། འདོད་པ་རྣམས་ལ་ཆགས་པའི་ཞི་བ་གང་ལས་སོ།། ཇི་ལྟར་སྐམ་པོའི་རྟེན་ལ་གནས་པའི་རླུང་གིས་ནི།། ། ་བུས་པའི་མེ་ཡི་ཞི་བ་ཡོད་པ་མ་ཡིན་ནོ།། དེ་བཞིན་འདོད་པའི་རྟེན་ལ་གནས་པའི་ཆགས་པ་ཡིས།། རྗེསུ་སོང་བའི་སེམས་ཀྱི་ཞི་བ་ཡོད་མ་ཡིན།། མཐའ་འདི་གཉིས་པོ་དག་ཀྱང་རྣམ་པར་དོར་བྱས་ནས།། བདག་གིས་ལམ་གཞན ་དབུ་མས་ལྷག་པར་རྟོག་པ་སྟེ།། ཤིན་ཏུ་སྡུག་བསྔལ་ཉེ་བར་ཞི་བའི་འདྲེན་པའོ།། བདེ་བ་དང་ནི་དགེ་བ་ཉིད་དང་བྲལ་བའོ།། ཡང་དག་ལྟ་བའི་ཉི་མས་རབ་ཏུ་གསལ་བྱས་ཤིང་།། རྣམ་དག་ཡང་དག་རྟོགས་པའི་ཤིང་རྟས་དྲངས་པ ་སྟེ། ཡང་དག་བརྗོད་པའི་ཡང་དག་དག་ནི་གཙུག་ལག་ཁང་།། དགེ་བའི་བྱ་བའི་སྐྱེད་ཚལ་བརྒྱ་ཕྲག་མངོན་པར་དགའ།། སྨད་པ་མེད་པའི་འཚོ་བ་ལོ་ལེགས་ཆེན་པོ་སྟེ།། ཡང་དག་རྩོལ་བས་སྟོབས་རབ་རྗེསུ ་འགྲོ་བ་ཅན།། ཀུན་ཏུ་ཡང་དག་དྲན་པའི་སྦས་པས་སྦས་པ་སྟེ།། ཏིང་འཛིན་གཟིམས་མལ་དང་ནི་གདན་དྲང་བཞུགས་པ་ཡིས།། དེ་ལྟར་མཆོག་གིས་ཡན་ལག་བརྒྱད་འདིར་འདི་ལམ་སྟེ།། འཆི་དང་རྒ་དང་ན་བ་རྣམས་ལས ་འདྲེན་པའོ།། གང་ལ་དྲངས་ནས་བྱ་བ་ཐམས་ཅད་བྱས་པ་སྟེ།། འདི་དང་ཆེ་གེ་མོར་ནི་སླན་ཆད་འགྲོ་བ་མེད།། འདི་ནི་སྡུག་བསྔལ་མཐའ་དག་འདི་ནི་མཚན་མ་སྟེ།། འདི་ནི་འགོག་པ་འདི་ཡི་ལམ་ནི་འདི་ཡིན་ཏེ།། དེ་ལྟར་མཐོས་ཆོས་ཀྱི་ཆོ་ག ་སྔར་མེད་པའི།། རྣམ་པར་ཐར་ཕྱིར་བདག་གི་སྤྱན་མིག་སྐྱེས་པའོ།། སྐྱེ་དང་རྒ་དང་ན་དང་ན་དང་དེ་ནས་རྒུད་པ་དང་།། སྡུག་པ་དང་བྲལ་མི་སྡུག་པ་དང་སྦྱོར་བ་དང་།། འདོད་པའི་དོན་ནི་རབ་ཏུ་ཐོབ་པ་མེད་པ་སྟེ།། རྣམ་པ་སྣ་ཚོགས་སྡུག ་བསྔལ་འདི་ནི་ཡོངསུ་འཐོབ།། འདོད་པའི་བདག་ཅན་གྱི་འམ་བདག་རྒྱལ་ཅན་གྱི་འམ།། ལུས་ཅན་གྱི་འམ་ཡང་ན་ལུས་ཅན་མ་ཡིན་པའི།། གང་ཞིག་ཡོན་ཏན་མེད་པ་གང་ལ་རབ་ཞུགས་ཀྱང་།། མདོར་བསྡུས་ནས་དེ་སྡུག་བསྔལ ་དུ་ནི་ཤེས་པར་མཛོད།། དེ་ལྟར་འབར་བ་ཞི་བའི་མེ་ནི་ཆུང་ན་ཡང་།། ལྷན་ཅིག་སྐྱེས་པ་དྲོ་བའི་ངོ་བོ་སྤོང་མིན་ཉིད།། དེ་བཞིན་བདག་ཏུ་འདུ་ཤེས་ཞི་སོགས་ཀྱིས་ཕྲ་ཡང་།། སྡུག་བསྔལ་བདག་ཉིད་ཅན་ཞེས་བདག་གི་ཤིན་ཏུ་ངེས།། ། ་ཇི་ལྟར་ས་ཆུ་ས་བོན་དུས་རྣམས་མྱུ་གུའི་བཞིན།། འདོད་ཆགས་ལ་སོགས་རྣམ་པ་སྣ་ཚོགས་སྐྱོན་རྣམས་དང་།། སྐྱོན་ལས་རབ་ཏུ་སྐྱེས་པའི་ལས་རྣམས་ཉིད་དག་ནི།། སྡུག་བསྔལ་དག་གིས་རྒྱུར་ནི་ངེས་པར་ཤེས་པར་མཛོད།། ་མཐོ་རིས་སུ་འམ་འོག་ཏུ་སྐྱིང་པའི་རྒྱུན་ལས་ནི།། འདོད་ཆགས་ལ་སོགས་སྐྱོན་གྱི་ཚོགས་རྣམ་རྒྱུ་ཡིན་ཞིང་།། དམན་དང་འབྱིང་དང་མཆོག་སྟེ་སྣ་ཚོགས་ཉིད་ཀྱི་ནི།། དེ་དང་དེར་ནི་ལས་ནི་ལས་རྣམས་ངག་ནི་རྩ་བའོ།། ཉེས་པ་ཟང ་ལས་འཁོར་བའི་རྒྱུན་ནི་ཡོད་མིན་ཏོ།། ལས་ཟད་པ་ལས་སྡུག་བསྔལ་དེ་ནི་ཡོད་མ་ཡིན།། གང་ཕྱིར་དོན་གང་ཡོད་པ་ལས་ནི་ཀུན་འབྱུང་སྟེ།། དྲི་ཕྱིར་མེད་པ་ལས་ཏེ་སླར་ཡང་འབྱུང་བ་མེད།། གང་དུ་སྐྱེ་བ་མེད་ཅིང་རྒ་མེད་འཆི་བ ་མེད།། མེ་མེད་ས་མེད་ཆུ་མེད་མཁའ་མེད་རླུང་མེད་ལ།། ཐོག་མ་བར་དང་མཐའ་མེད་འཕགས་པ་དབྲོག་བྱ་མིན།། དགེ་ཞིང་འགྱུར་མེད་འགོག་པ་དེ་ནི་ཤེས་པར་མཛོད།། ཡན་ལག་བརྒྱད་ལྡན་གང་ཞིག་མངོན་བརྗོད་དེ་ལམ་སྟེ།། ་ལྷག་པར་རྟོགས་ཕྱིར་འདི་ཡི་ཐབས་དེའི་གཞན་མ་ཡིན།། ལམ་འདི་ཡི་ནི་མ་མཐོང་བ་ལས་འཇིག་རྟེན་རྣམས།། དེ་ཉིད་དང་ནི་ཉེ་དུ་རྣམས་ནི་ཡོངསུ་འཁོར།། སྡུག་བསྔལ་ཡོང་སུ་ཤེས་པར་བྱ་ཞིང་རྒྱུ་འདི་ནི།། སྤང་བྱ་འགོག ་པ་ཡང་ནི་དབང་དུ་བྱ་བའོ།། དེ་བཞིན་ལམ་འདི་ཡང་ནི་བསྒོམ་པར་བྱ་བ་སྟེ།། དེ་ལྟར་འདི་ནི་བང་གི་བློ་གྲོས་རབ་ཞུག་སོ།། སྡུག་བསྔལ་འདི་ནི་ཡོངས་ཤེས་རྒྱུ་ནི་སྤངས་པ་སྟེ།། དེ་བཞིན་དུ་ནི་འགོག་པ་མངོན་དུ་བྱས་པའོ།། དེ་བཞིན ་དུ་ནི་འདི་ཡི་ལམ་འདི་བསྒོམས་པ་སྟེ།། དེ་ལྟར་འདིར་ནི་བདག་གི་སྤྱན་མིག་རབ་ཞུགསོ།། ཇི་སྲིད་དུ་ནི་ཡང་དག་འཕགས་པའི་བདེན་པ་ནི།། བཞི་པའི་རྐང་པ་འདི་རྣམས་མཐོང་བ་མ་ཡིན་པ།། དེ་སྲིད་བདག ་འདིར་གྲོལ་བ་མེད་པར་ཞེས་བརྗོད་ཅིང་།། བདག་ཉིད་ལ་ནི་དོན་བྱས་ཉིད་དུ་ཡང་མྱ་མཐོང་།། གང་ཚེ་འཕགས་པའི་བདེན་པ་རྣམས་ནི་རྟོགས་པ་སྟེ།། རྟོགས་ནས་ཀྱང་ནི་དོན་བྱར་འོས་པ་བྱས་པའོ།། དེ་ཚེ་བདག་འདིར་རྣམ་པར་གྲོལ ་ཞེས་བརྗོད་པ་སྟེ།། བདག་ཉིད་ལ་ནི་དོན་བྱས་ཉིད་དུ་ཡང་མཐོང་ངོ་།། དེ་ལྟར་དྲང་སྲོང་ཆེན་པོ་ཐུགས་རྗེ་མངའ་བ་ཡི།། འདིར་ནི་ཆོས་དག་དེ་སྐད་མངོན་པུར་གསུངས་པ་ན།། ཀཽཎྜི་ནྱའི་རིགས་དང་ལྷ་ནི་བརྒྱ་ཕྲག་རྣམས།། གཙང་ཞིང ་རྡུལ་དང་བྲལ་བའི་མིག་ནི་ཐོབ་པར་གྱུར།། བྱ་བ་ཐམས་ཅད་ངེས་པར་བྱས་ཤིང་ཞི་བ་དེ་ལ་ནི།། ཐམས་ཅད་མ་ཁྱེན་པས་ཁྱུ་མཆོག་བཞིན་དུ་མཐོན་པོའི་དབྱངས་ཀྱིས་གསུངས།། ཁྱོད་ཀྱིས་ཡེ་ཤེས་བདག་ཉིད་ཆེན་པོས་དེས་ནི ་ཚིག་གསོལ་པ།། ལེགསོ་ཁྱོད་ཀྱིས་བློ་གྲོས་མཆོག་ནི་བདག་གིས་ཤེས་པའོ།། ལེགསོ་བདག་གིས་ཤེས་ཤེས་དེ་ནས་དེས་ནི་འཇིག་རྟེན་ནི།། ཀཽཎྜ་ནྱས་དེའི་གོ་འཕང་རིགས་ནི་བཟུང་བ་སྟེ།། བླ་མ་དམ་པ་དེ་བཞིན་གཤེགས་པ་སློབ་མ ་རྣམས་ཀྱིས་ནི།། གཙོ་བོ་ཉིད་དུ་ཆོས་ལ་ཡང་དག་ལྷག་པར་གཤེགས་པའོ།། སྒྲ་དེ་ས་ལ་རྒྱུ་བའི་གནོད་སྦྱིན་རྣམས་ཀྱིས་ཐོས་ནས་ནི།། རྣམ་པར་རྒྱས་པའི་དབྱངས་ནི་རབ་ཏུ་གསོལ་བར་གྱུར་པ་སྟེ།། འབྱུང་པོ་རྣམས་ཀྱི་འཆི་མེད་ཞི་བའི ་ཆེད་དུ་ངེས་པར་ནི།། དམ་པ་གཟིགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ལེག་སོ།། ཚུལ་ཁྲིམས་རྩིབས་དང་ཞི་དང་དུལ་བའི་མུ་ཁྱུད་བློ་རྣམས་ཡངས།། དྲན་པས་བློ་གྲོས་བརྟན་པ་བརྩོན་འགྲུས་ལྟེ་བ་ངོ་ཚའི་གཟེར།། ཟབ་པའི་ཕྱིར ་དང་བརྟན་མེད་ཕྱིར་དང་ལེགས་པར་བསྟན་ཉིད་ཕྱིར།། འཇིག་རྟེན་གསུམ་ན་བསྟན་ཞིང་བསྟན་བཅོས་གཞན་རྣམས་ཀྱིས་མི་ལྡོག། ས་འཛིན་གནོད་སྦྱིན་རྣམས་ལས་སྒྲ་ནི་ཉེ་བར་ཐོབ་བྱས་ནས།། མཁའ་ལ་ལྷ་ཡི་ཚོགས་རྣམས་ཀྱིས་ནི ་དབྱངས་བྱས་ཤིང་།། དེ་ལྟར་ཐོས་ནས་མཐོ་རིས་རིམ་དང་རིམ་རྣམས་ཀྱིས་མཐོན་པོར།། ཚངས་པའི་འཇིག་རྟེན་བར་དུ་སྒྲ་ཡིས་ཉེ་བར་འཛེགས་པའོ།། མཐོ་རི་སི་དག་ན་གནས་པའི་བདག་ཉིད་ལྡན་པ་ཁ་ཅིག་གིས།། དྲང་སྲོང་ཆེ་ལས་འཇིག ་རྟེན་གསུམ་ནི་གཡོས་ཞེས་ཐོས་ནས་ནི།། སྣ་ཚོགས་ཡུལ་རྣམས་ལ་ནི་ཆགས་པར་གཤེགས་པ་མ་ཡིན་ཞིང་།། ཡང་དག་སྐྱོ་ལས་སྲིད་པ་གསུམ་ན་ཞི་བ་ཉིད་དུ་གཤེགས།། དེ་ལྟར་འཇིག་རྟེན་རྣམས་ཀྱི་མཆོག་ཏུ་ཞི་བའི་ཆེད་དུ་ནི།། ་མཐོ་རིས་དང་ནི་བླ་ཆོས་ཀྱི་འཁོར་ལོ་བསྐོ་རི་ཙམ་ན།། སྦྱིན་བྲལ་མཁའ་ལས་མེ་ཏོག་དང་བཅས་ཆུ་ཡི་ཆར་བབ་ཅིང་།། སྲིད་གསུམ་གནས་པ་རྣམས་ཀྱིས་རྔ་བོ་ཆེ་རྣམས་མངོན་པར་བརྡུངས།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དང་ག ་ཆེན་པོ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་ཐམས་ཅད་མཁྱེན་པ་ཡིས།། རྟ་ཐུལ་ལ་སོགས་དགེ་སློང་རྣམས།། རབ་སྙོམས་སེམས་ལྡན་དེ་རྣམས་ཀུན།། ཐར་པའི་ཆོས་ལ་བཀོད ་ཉི་མ་དྲང་ལྡན་སྐར་མ་ལྔས།། ན་མཁར་ཟླ་བ་ལྡན་པ་བཞིན།། ལྔ་སྡེ་ཕམ་པའི་ལྔ་སྡེ་ཡིས།། ཀུན་ནས་བསྐོར་བ་དེ་མཛེས་སོ།། དེ་ནས་དེ་ཚེ་ཁ་ཅིག་ནི།། མོ་རྣམས་བློ་ཕབ་ཉལ་མཐོང་ནས།། གྲགས་པ་ཞེས ་བྱ་ཆེན་པོའི་བུ།། ཡང་དག་སྐྱོ་བར་ཉེ་བར་སོང་།། འདི་ཀུན་ཉེ་བར་བརྩེ་བ་སྟེ།། ཞུས་ནི་ཚིག་དང་བརྗོད་བཞིན་དུ།། དཔལ་ལྡན་མཆོག་གི་རྒྱན་ལྡན་པ།། སངས་རྒྱས་ག་ལཱ་བུ་དེར་སོང་།། སེམས་དང་ཉོན་མོངས་མཁྱེན་པས་ངེས།། ་གས་ནས་དེ་བཞིན་གཤེགས་པས་གསུངས།། མྱ་ངན་འདས་ལ་ཉེར་ཚེ་མེད།། ཚུར་ཤོག་དགེ་བ་ཐོབ་པར་གྱིས།། དེ་ལྟར་རྣམ་རྒྱས་གྲགས་པའི་གསུང་།། འདི་ནི་ཐོས་ནས་ཆེལ་བ་ཡིས།། ཉམ་ཐག་ཆུ་ལ་འཛུལ་ནས་དང་།། ་མཆོག་ཏུ་ཚིམ་པ་ཉེ་བར་སོང་།། སྔོན་གྱི་རྒྱུ་ཡི་སྟོབས་བརྟེན་ནས།། དེ་ནས་ལུས་དེ་ཉིད་བཟུང་སྟེ།། ལུས་ཀྱིས་དང་ནི་སེམས་ཀྱིས་ནི།། དགྲ་བཅོམ་ཉིད་ནི་ཉེ་བར་ཐོབ།། སྟོན་ཀྭའི་ཆུ་ཡིས་བཀྲུས་པ་ཡིས།། གོས་ལ་ཚོན་ནི་བཀོད་པ ་བཞིན།། དཀར་པོའི་བློ་ཡི་དམ་པའི་ཆོས།། ཐོས་ནས་རབ་ཏུ་རྟོགས་པ་ཉིད།། ཆ་ལུགས་དེ་ཡི་ངོ་ཚ་བཞིན།། གནས་པ་དེ་ནི་གཟིགས་གྱུར་ནི།། དོན་མཛད་དམ་པའི་དོན་མཁྱེན་པ།། སྨྲ་བ་རྣམས་ཀྱི་མཆོག་གིས་སྨྲས།། རྟགས་ནི་ཆོས ་ཀྱི་རྒྱུ་མིན་ཞིང་།། འབྱུང་པོ་རྣམས་ལ་སྙོམས་པ་སྟེ།། ཞི་ཞིང་དུལ་ལ་དབང་པོ་དུལ།། བརྒྱན་པ་ཡིན་ཡང་ཆོས་ལ་སྤྱོད།། གང་ཞིག་ལུས་ནི་མཐོན་པོ་སྟེ།། སེམས་ཀྱིས་འཐོན་པ་མ་ཡིན་པ།། ནགས་ན་གནས་ཀྱང་ཆགས་པ་ཅན།། ཁྱིམ་ན ་གནས་ཤེས་དེ་ཤེས་བྱ།། གང་ཞིག་སེམས་ནི་མཐོན་པོ་སྟེ།། ལུས་ཀྱིས་མཐོན་པ་མ་ཡིན་པ།། ཁྱིམ་ན་གནྡ་ཀྱང་ང་མེད་པ།། ནགས་ན་གན་ཤེས་དེ་ཤེས་བྱ།། ཁྱིམ་ན་གནྡ་པ་གྱུར་པའི་འམ།། རབ་ཏུ་བྱུང་བར་གྱུར་པའི་ཡང་།། གང་གིས་བསྒྲུབ་པ་ཡོད་ན་ནི།། ། ་དེ་ཡི་ཐར་པ་མངོན་པར་བརྗོད།། ཇི་ལྟར་རྒྱལ་འདོད་དགྲ་དེ་ལ།། རྒྱལ་ཕྱིར་གོ་ཆ་འཛིན་པ་སྟེ།། དེ་བཞིན་ཉོན་མོངས་དགྲ་དེ་ལ།། རྒྱལ་ཕྱིར་བརྟགས་ནི་འདྲེན་པའོ།། དེ་ནས་དགེ་སློང་ཚུར་ཤོག་ཅེས།། དེ་བཞིན་གཤེགས་པས་དེ་ལ ་གསུངས།། དེས་ནི་དགེ་སློང་རྟགས་བཟུང་སྟེ།། སྐད་ཅིག་དེ་ཉིད་ཀྱིས་གྲོལ་ཏོ།། དེ་ནས་དེ་ཡི་རྗེས་ཆགས་པས།། དེ་ཡི་འཁོར་ནི་ལྔ་བཅུ་དང་།། གསུམ་རྣམས་ཉིད་དང་གཅིག་ཉིད་དང་།། ཆོས་དེ་རབ་ཏུ་ཐོབ་པར་འགྱུར།། འདག་ཚལ་གྱིས ་བསྒོས་གོས་རྣམས་ནི།། ཆུ་ཡི་ཡང་དག་རེག་པ་བཞིན།། སྔོན་ཚེ་བསྒོམས་པའི་ལས་ཅན་རྣམས།། དེ་རྣམས་མྱུར་དུ་དག་པར་གྱུར།། དེ་ནས་དེ་ཚེ་དགྲ་བཅོམ་སློབ་མ་ཡིས།། དང་པོ་དོན་བཅས་དྲུག་ཅུ་ཐམས་ཅད་ལ།། དགྲ་བཅོམ་རྣམས་ཀྱིས ་མངོན་མཆོད་དགྲ་བཅོམ་པས།། ཇི་ལྟར་འོས་པར་ཡང་དག་བཀའ་སྩལ་ཏོ།། དགེ་སློང་རྣམས་ཀྱི་སྡུག་བསྔལ་རྒལ།། རང་གི་བྱ་བ་ལེགས་ཆེན་བྱས།། ཕ་རོལ་སྡུག་བསྔལ་རྣམས་ལ་ཡང་།། རྗེས་སུ་འཛིན་པ་བྱེད་པའི་རིགས།། དེ་ཕྱིར་རེ་རེ ་ཐམས་ཅད་ཀྱིས།། ས་འདིར་ཡོངསུ་གཤེགས་མཛོད་ལ།། ཉམ་ཐག་འཇིག་རྟེན་ཆེད་དུ་ཆོས།། རྗེས་སུ་བརྩེ་བས་བསྟན་པར་བྱ།། གྲུབ་ཕྱིར་རྫུ་འཕྲུལ་ལྡན་པའི་སྤུན།། འོད་སྲུང་དྲང་སྲོང་རྣམས་འདུལ་ཕྱིར།། རྒྱལ་པོའི་དྲང་སྲོང་གིས་བསྙེན ་པའི།། ག་ཡར་ཁོ་བོ་འདི་ཡང་འགྲོ།། དེ་ནས་དེ་ཉིད་མཐོང་དེ་རྣམས།། དེ་ཡི་བཀའ་ལས་ཕྱོགསུ་སོང་།། རྩོད་བྲལ་བདེ་བར་གཤེགས་པ་ནི།། དྲང་སྲོང་ཆེ་ཡང་ག་ཡར་གཤེགས།། དེ་ནས་དུས་སུ་དེར ་གཤེགས་ནས།། ཆོས་ཀྱི་དགོན་པ་ཉེ་བར་གཤེགས།། དཀའ་ཐུབ་དངོས་སུ་གནས་པ་བཞིན།། དེར་ནི་འོད་སྲུང་གཟིགས་པའོ།། རི་རྣམས་དང་ནི་ནགས་རྣམ་སུ།། གནས་རྣམས་ཡོད་པ་ན་ཡང་དེ།། རྣམ་པར་འདུལ་བཞེད་སྟོབས ་བཅུ་པས།། རབ་ཏུ་བརྟེན་ནས་བླངས་པའོ།། དེ་ནས་གྲུབ་པ་ཉམས་ཚད་ཕྱིར།། མེ་ཁང་ལྟོ་འཕྱེ་ཆེས་བསྙེན་པར།། མ་རུངས་གནས་དེས་འདི་ལ་བྱིན།། དེར་གཟིགས་མཚན་མོར་རང་གནས་ཤིང་།། ལྟོས་བྲལ་ཐུབ་པ་ཆེན་པོ་ལ།། མཐོང ་བའི་དུག་ཅན་ཁྲོས་པ་ཡི།། སྦྲུལ་དེས་མཐོང་ནས་དབུགས་ཕྱུང་ངོ་།། དེ་ཡི་ཁྲོ་བས་འབར་བ་ཡི།། མེ་ཡི་ཁང་པར་གྱུར་པ་དེས།། དྲང་སྲོང་ཆེན་པོའི་སྐུ་ལུས་ལ།། འཇིགས་པ་བཞིན་དུ་མེས་མ་རཱག། དུས་མཐའི་མེ་ཉེར་ཞི་བ་ན།། ཚང ་པ་བཞུགས་པ་མཛེས་པ་ལྟར།། མེ་ཡི་ཁང་པར་བསྲེགས་ན་ཡང་།། གཽ་ཏ་མ་རྣམས་འགྱུར་མེད།། གང་ཚེ་སངས་རྒྱས་དེར་བཞུགས་ཚེ།། གནོད་སྡེ་གཡོ་བ་མེད་པ་སྟེ།། དེ་ཚེ་ཀླུ་དེ་ཡ་མཚན་ཞིང་།། དྲང་སྲོང་མཆོག་ལ་ཕྱག་འཚའོ།། ་རི་དགས་ནགས་དེར་སྐྱེ་བོ་ཡི།། ཐུབ་པ་དེར་བཞུགས་ཤེས་གྱུར་ནས།། སྡུག་པ་འོ་རྒྱལ་འདི་འདྲ་བའི།། དགེ་སློང་ཚིག་ཅེས་རྗེསུ་བརྩེ།། དེ་ནས་མཚན་མོ་འདས་པ་ན།། རྣམ་པར་འདྲེན་པས་འོད་སྲུང་ལ།། སྦྲུལ་ནི་ཞི་བས་ལྷུང་བཟེད་ཀྱིས།། ་བླངས་ནས་དེ་ལ་བསྟན་པའོ།། དེ་ནས་སངས་རྒྱས་ཆེ་བདག་ཉིད།། ཐོས་ནས་དྭེ་ནི་ཡ་མཚན་གྱུར།། དེ་ལྟ་ན་ཡང་བདག་ཉིད་ཀྱིས།། ཆེ་ཞིང་གོང་ན་མེད་པ་སྙམ།། དེ་ནས་དུས་སུ་རབ་སྦྱར་བའི།། སྣ་ཚོགས་རྫུ་འཕྲུལ་གཟུགས་རྣམས་ཀྱིས།། ་དེ་ཡི་སེམས་དེ་མཁྱེན་ཉིད་ལ།། ཞི་ལྡན་ཐུབ་པས་ཐུགས་དགོངས་མཛད།། ཇི་ལྟར་བདག་ལས་རྫུ་འཕྲུལ་གྱིས།། སངས་རྒྱས་ཁྱད་པཱ་བ་ག་པ་སྟེ།། དེ་ཡི་ཚེ་སྣ་རབ་བསྒྲུབ་ཕྱིར། དེ་ཚེ་དེས་ནི་ངོས་པ་བྱོས། ཀུན་ནས་སླར་ལོག་གནས་པ་ཡིས།། ལྟེང་རྒྱུས ་འོད་སྲུང་མཐོང་ནས་ནི།། སློབ་མ་རྣམས་ཀྱིས་ཚོགས་རྣམས་ཀྱང་།། ལྔ་བརྒྱས་དེ་ཡི་ཆོས་ལ་བསྙེན།། དྲིར་ནི་སྤུན་ཟླ་སློབ་མར་བཅས།། མཐར་ཕྱིན་ཤུན་ལྤགས་སྤངས་པ་ན།། ག་ཡ་ཆུ་ཀླུང་ཞེས་བྱས་ཀྱང་།། དེར་སོང་ལམ་ལ་བསྙེན་པའོ།། དེ ་ནས་ཐུབ་པས་སློབ་མར་བཅས།། འོད་སྲུང་གསུམ་པོ་དེ་རྣམས་ལ།། སཽ་འཛིན་གཱ་ཡའི་རྩེ་མོར་ནི།། ངེས་པར་མཐར་ཕྱིན་གཏམ་མཛད་དོ།། རྣམ་པར་རྟོགས་པའི་སྐྱེ་གནས་དང་།། གཏི་མུག་རྣམ་བཀྲམ་དུ་བ་ཅན།། ཆགས་སྡང་མེ་ཡི ་འགྲོ་བ་ནི།། ཐམས་ཅད་དབང་མེད་པར་བསྲེག་གོ།། དེ་ལྟར་ཉོན་མོངས་མེས་ཚིག་ཅིང་།། རབ་ཏུ་མ་ཞི་མགོན་མེད་ཅན།། རྒ་དང་འཆི་བའི་མེ་རྣམས་ཀྱིས།། སླར་ཡང་རྒྱུན་མི་ཆད་པར་སྲེག། རྣམ་པ་སྣ་ཚོགས་མེས་ཚིག་པའི ་འགྲོ་བ་སྐྱབས་མེད་འདི་མཐོང་ནས།། ཡིད་བཅས་དབང་པོ་དང་བཅས་པའི།། གཟུགས་ལ་བློ་ལྡན་སྐྱོ་བ་སྟེ།། སྐྱོ་བ་ལས་ནི་ཆགས་བྲལ་འགྲོ།། ཆགས་བྲལ་ལས་ནི་རྣམ་གྲོ་ལ་ཞིང་།། རྣམ་གྲོལ་དེ་ནས་ཐམས་ཅད་ན།། རྣམ་པར་གྲོལ ་ཞེས་ཤེས་པའོ་སྐྱེ་བའི་རྒྱུན་ནི་ཡོངས་མཛད་ཅིང་།། ཚངས་པའི་སྤྱོད་པ་འདིར་གནས་ལ།། བྱེད་པ་ཐམས་ཅད་བྱས་པ་སྟེ།། སྲེད་བུ་གཞན་ནི་ཡོད་མ་ཡིན།། བཅོམ་ལྡན་གྱི་གསུང་འདི་ཐོས་ནས།། དགེ་སློང་སྟོང ་ཕྲག་དག་གི་སེམས།། ལེན་པ་མེད་ནས་ཐོག་པ་ལུས།། དཾ་མ་ཐག་ཏུ་རྣམ་པར་གྲོལ།། སྦྱིན་པ་ཚུལ་ཁྲིམས་དུལ་རྣམས་ཀྱིས།། ཆོས་ནི་དངོསུ་ཡོངས་བསྐོར་བཞིན།། དེ་ནས་ཤེས་རབ་རྒྱ་ཆེ་བའི།། འོད་སྲུང་གསུམ་གྱིས་སངས་རྒྱས་མཛེས།། ཆོས ་དོན་འདོད་པ་དང་བྲལ་བའི།། སེམས་ཅན་ན་བའི་སྲོག་བཞིན་དུ།། བགྲེས་མཆོག་དེ་རྣམས་ཀྱིས་བོར་བའི།། དཀའ་ཐུབ་ནགས་དེ་མཛེས་མ་གྱུར།། དེ་ནས་དེ་རྣམས་ཀྱིས་ཡོངས་བསྐོར།། ཐུབ་པ་རྒྱལ་པོའི་ཁབ་དུ་གཤེགས།། མ་ག་དྷ་ཡི་མྱི ་དབང་ཕྱིར།། སྔོན་གྱི་དམ་བཅའ་དྲན་པའོ།། དེ་ནས་འོད་མའི་ཚལ་ཡུལ་ནི།། དེ་བཞིན་གཤེགས་པས་རབ་ཏུ་ཐོབ།། བློན་པོ་རྣམས་ནི་རྗེས་འགྲོ་བས།། ཐོས་ནས་རྒྱལ་པོ་མངོན་དུ་སོང་།། དེ་ནས་རང་གྲི་སྐལ་མཚུངས་པའི།། རྐང་པ་བཞོན ་པས་སྐྱེ་བོ་ནི།། ཡ་མཚན་གྱིས་ནི་རྣམ་ཡངས་མིག། རི་ཡི་ལམ་ནས་ཕྱི་རོལ་བྱུང་།། མཱ་ག་དྷ་ཡི་མི་དབང་གིས།། ཐུབ་མཆོག་རྒྱང་མ་ནས་མཐོང་ནས།། སྦྱིན་པ་དང་བཅས་མཆོད་པའི་ཕྱིར།། ཤིང་རྟ་ལུས་ནི་ས་ལ་བབས།། དེས་ནི་རྔ ་ཡབ་རླུང་ཡབ་དང་།། རྗེ་སུ་འབྲང་བ་རྣམས་སྤངས་ནས།། ཚངས་པ་ལ་ནི་དབང་པོས་བཞིན།། ཐུབ་ལ་རྒྱལ་པོ་སྔོན་དུ་སོང་།། ཅོད་པན་རབ་གཡོ་མགོན་པོ་ཡིསོ།། དྲང་སྲོང་མཆོག་ལ་ཕྱག་འཚལ་ནས།། ས་ཡཾ་ལོགས་ལ་རྩཝ་འཇམ་ལ།། མངོན ་པར་རྗེས་གནང་བསྡང་བའོ།། དེར་མི་རྣམས་ཀྱིས་བསམ་པར་གྱུར།། ཨེ་མཱ་ཤཱཀྱ་ཐུབ་པའི་སྟོབས།། འོད་སྲུང་བཅོམ་ལྡན་དྲང་སྲོང་ནི།། འདི་ཡི་སློབ་མ་ཉིད་དུ་གྱུར།། དེ་ནས་དེའི་སེམས་སངས་རྒྱས་ཀྱིས།། མཁྱེན་ནས་འོད་སྲུང་ལཱ་སྦྲུ ་པ། འོད་སྲུང་ཡོན་ཏན་གང་མཐོང་ནས།། ཁྱེད་ཀྱི་མེ་ནི་སྤངས་པའོ།། ཆུ་སྦྱིན་ཆེན་པོའི་དབྱངས་ཀྱིས་ནི།། བླ་མས་དེ་ལྟར་དེ་བསྐུལ་ཏེ།། མཐོན་པོས་སྐྱེ་བོ་ཀུན་ཁྱབ་པར།། ཐལ་མོ་སྦྱར་ཞིང་རྣམ་པར་གསོལ།། གླང་ཕྱིར་མཆོད་དང་སྦྱིན ་སྲེག་གིས།། འབྲས་བུ་ཡོངསུ་འཁོར་བ་སྟེ།། སེམས་ནང་སྣ་ཚོགས་དང་ལྗོན་ཏེ།། དེ་ཕྱིར་མི་རྣམས་བདག་གིས་སྤངས།། གང་ཕྱིར་ཡུལ་ལ་སྒོམ་པ་ཡིས།། བཟླས་དྲང་སྦྱིན་སྲེག་ལྀ་སོ་འཇུག། ཡུལ་རྣམས་ངག་གིས་སྐོམ་པ་མེད།། དེ ་ཕྱིར་མེ་རྣམས་བདག་གིས་སྤངས།། གྲང་ཕྱིར་བཟླས་ནས་སྲེག་ནས་ཀྱང་།། སྐྱེ་བ་ལྀ་ནི་ཐར་མིན་ཞིང་།། སྐྱེ་བ་ཡི་ནི་སྡུག་བསྔལ་ཆེ།། དེ་ཕྱིར་མེ་རྣམས་བདག་གིས་སྤངས།། གདྭ་ཕྱར་མཆོད་སྦྱིན་དྲཀའ་ཐུབ་ཀྱིས།། དགེ་ལེག ་ཡཽན་ཞེས་ཡིད་གྱུར་པ།། དྭེ་ནི་བརྫུན་པ་ཉིད་ཡིན་ཏེ།། དེ་ཕྱིར་མེ་རྣམས་བདགོ་གིས་སྤངས།། གང་ཕྱིར་སྒྱུ་འཆི་ལས་གྲོལ་བ།། འགྱུར་མེད་གོ་འཕང་དགེ་བར་ནི།། བརྗོད་པ་བདག་གིས་ཤེས་པ་སྟེ།། དེ་ཕྱིར་མེ་རྣམས་བདག ་གིས་སྤངས།། དེ་ལྟར་དེའི་ཆོ་ག་དང་སྤྱོད་ཅིང་།། དོན་དང་ལྡན་པས་གསན་གྱུར་གྱུར་ནས།། འདུལ་བའི་སློབ་དཔོན་གཽ་ཏ་མས།། དུལ་བའི་འོད་སྲུང་ལ་གསུང་སོ།། སྐལ་ཆེན་ཁྱོད་ནི་ལེགས་པར་འོངས།། འདི་ནི་ལེགས་བྱས་བྱས་མིན་མིན།། ་གང་ཁྱོད་ཐ་དད་ཆོས་རྣམས་སུ།། དགེ་ལེགས་གང་དེ་ཉེ་བར་ཐོབ།། དེ་ཕྱིར་རེ་ཞིག་འཁོར་རྣམས་ནི།། རྣམ་རྒྱས་ཡང་དག་འབྲེལ་བ་བཞིན།། སྣ་ཚོགས་རྫུ་འཕྲུལ་སྟོན་བཞིན་དུ།། ཡིད་ནི་ཡང་དག་སྐྱོ་བར་གྱིས།། ་དེ་ནས་མཆོག་ཅེས་སྨྲས་ནས་ནི།། བདག་ལ་བདག་ནི་ཡོངས་བསྡུས་ནས།། མཁའ་འགྲོའི་བྱ་ལྟར་འོད་སྲུང་ནི།། ཀླུང་གི་ལམ་ལ་འཕུར་པའོ།། དེ་མཁར་སྡོང་དུམ་བཞིན་གནས་ཤིང་།། ས་ལ་བཞིན་དུ་རྣམ་པར་རྒྱུ།། ཁྲི་ལ་བཞིན་དུ ་བཞུགས་པ་དང་།། རྫུ་འཕྲུལ་མཁས་པ་གཟིམས་པའོ།། སླར་ཡང་མི་བཞིན་འབར་བ་དང་།། སླར་ཡང་སྤྲིན་བཞིན་ཆར་འབབ་སྟེ།། སླར་ཡང་ཅིག་ཅར་ཤིན་ཏུ་ནི།། འབར་བ་དང་ནི་འབབ་པའོ།། གློག་གི་སྣང་བའི་འོད་ལྡན་པའི།། རབ་འབབ་ཆུ ་གཏེར་སྤྲིན་བཞིན་དུ།། འབར་བ་དང་ནི་འབབ་པ་ཡིས།། རྒྱ་ཆེར་རྣམ་པར་གནོན་ཏེ་མཛེས།། དེར་ནི་མིག་རྣམས་ཆགས་བྱས་ནས།། ཡ་མཚན་གྱེན་ཕྱོགས་སྐྱེ་བོ་རྣམས།། མཆོད་མང་པོ་ལས་ཕྱག་འཚལ་ཞིང་།། སེང་གེའི་སྒྲ་ནི ་སྒྲོགས་པའོ།། དེ་ནས་རྫུ་འཕྲུལ་བསྡུས་ནས་ངེས།། བྱ་བ་བྱས་པའི་སློབ་མ་ནི།། བདག་གི་སྟོན་པ་བཅོམ་ལྡན་ཞེས།། ཐུབ་ལ་མགོ་བོས་ཕྱག་འཚལ་ལོ།། དྲང་སྲོང་མཆོག་ལ་དེ་བཞིན་དུ།། ཕྱག་འཚལ་འོད་སྲུང་རབ་མཐོང་ནས།། བདེ་བར ་གཤེགས་ལ་ཀུན་མཁྱེན་ཞེས།། མ་ག་དྷ་པ་རྣམ་ངེས་སོ།། དེ་ནས་ཞིང་བྱས་མཁྱེན་ནས་ནི།། དགེ་ཕྱིར་དགེ་ལེགས་ལ་གནས་པས།། ཆོས་ཐོས་པར་ནི་འདོད་པ་ཡི། བཟོ་སྦྱངས་ལ་ནི་བཀའ་སྩལ་པ།། གཟི་ཆེན་ལྡན་པ་ཡིད་བཅས་ཤིང་།། ། ་དབང་པོ་ཐུལ་བ་དབང་པོར་བཅས།། ས་ཡི་བདག་པོ་གཟུགས་ཉིད་ནི།། སྐྱེ་བ་དང་ནི་རྣམ་པར་ཉམས།། ཡོན་ཏན་འཕེལ་ཕྱིར་འདི་ཡི་ནི།། སྐྱེ་དང་འགག་པ་ཤེས་བྱ་སྟེ།། ཤེས་ནས་དེ་གཉིས་ཡང་དག་པར།། ལུས་ནི་ཡང་དག་རིག་པར ་མཛོད།། སྐྱེ་དང་འགྲག་པའི་ཆོས་ཅན་དུ།། དབང་པོ་དང་བཅས་ལུས་ཤོས་ནས།། བདག་ལྡན་བདག་ཅེས་ཅུང་ཞིག་ནི།། ཉེ་བར་ལེན་མུ་ནི་ཉེར་འགྲོ་མཱནི།། ལུས་དང་དབང་པོ་བློ་རྣམས་ལས།། གཞན་ནི་དམིགས་པ་མ་ཡིན་ཏེ།། སྡུག ་བསྔལ་ཉིད་ནི་སྐྱེ་བ་སྟེ།། སྡུག་བསྔལ་ཉིད་ནི་འགག་པའོ།། གང་ཚེ་འདི་ཀུན་མངོན་པར་འགྲོ།། བདག་མེད་བདག་གི་བ་ཡང་མེད།། དེ་ཚེ་མཆོག་ཏུ་མི་གཡོ་བའི།། མྱ་ངན་འདས་པ་ཐོབ་པའོ།། ངར་འཛིན་ལ་སོགས་ཉོན་མོངས་ཀྱིས།། ་བདག་ཏུ་འཛིན་ལས་འཆིང་བ་སྟེ།། འཇིག་རྟེན་བདག་མེད་པར་མཐོང་ན།། ཆགས་པ་རྣམས་ལས་རྣམ་པར་གྲོལ།། མི་བདེན་པར་མཐོང་འཆིང་བ་སྟེ།། བདེན་པར་མཐོང་པ་རྣམ་པར་གྲོལ།། བདག་ཡོད་ཅེས་ནི་འཇིག་རྟེན་འདིར།། རབ ་ཏུ་འཇུག་འདི་བདེན་མཱི་འཛིམ།། གལ་ཏེ་བདག་ཡོད་གྱུར་ན་དེ།། རྟག་གམ་ཡང་ན་མི་རྟག་ཉིད།། ཕྱོགས་ནི་གཉིས་པོ་འདི་དག་ལ།། ཉེས་པ་ཆེན་པོ་རབ་ཏུ་ཆགས།། གལ་ཏེ་རེ་ཞིག་མི་རྟགས་གྱུར།། ལས་ཀྱི་འབྲས་བུ་མེད་པར་འགྱུར།། ཡང ་སྲིད་ཡོད་པ་མ་ཡིན་ཞིང་།། ཐད་པ་འབད་པ་མེད་པར་འགྱུར།། ཅི་སྟེ་རྟག་ཅིང་ཁྱབ་པར་འགྱུར།། སྐྱེ་བ་མེད་དང་སྐྱེ་བ་མིན།། ནམ་མཁའ་ཁྱབ་ཅིང་རྟག་པ་ནི།། འགོད་པ་མེད་ཅིང་སྐྱེ་བ་མེད།། གལ་ཏེ་བདག་འདི་ཁྱབ་བདག་འགྱུར།། གང་དུ་མི་གན ་པཱ་མ་ཡིན།། འདི་དང་སོང་ནས་དང་ཐར་པར།། ཐམས་ཅད་དུ་ནི་ཅིག་ཅར་འགྱུར།། ཁྱབ་བདག་ཉིད་ཕྱིར་བྱ་མེད་འདིའོ།། ལས་ཀྱི་བྱ་བ་མེད་པར་འགྱུར།། ལས་རྣམས་མ་བྱས་པ་ལས་ནི།། འབྲས་བུར་སྦྱོར་བར་གང ་གིས་འགྱུར།། གལ་ཏེ་འདི་ཡི་བྱེད་པར་འགྱུར།། བདག་གི་སྡུག་བསྔལ་བྱེད་མ་ཡིན།། རང་དབང་གྱུར་ན་སྡུག་བསྔལ་ནི།། བདག་གིས་བདག་གི་བྱེད་པ་སུ།། བདག་ནི་རྟག་པ་ཉིད་ལས་ནི།། རྣམ་པར་འགྱུར་པ་སྐྱེ་མིན་ཞིང་།། བདེ ་དང་སྡུག་བསྔལ་ཐོབ་པ་ལས།། དོ་ཡི་རྣམ་པར་འགྱུར་བ་མཐོང་།། ཡེ་ཤེས་ཐོབ་པས་དང་ཉོན་མོངས།། སྤངས་ལས་ཐར་པ་ཡོད་པ་སྟེ།། བྱ་མེད་ཁྱབ་བདག་འདི་ཡི་ནི།། དེ་ཕྱིར་ཐར་པ་ཡོད་མ་ཡིན།། ཡོད་མིན་གྱུརརཱ་ལས་དེ་ཉིད་ཀྱིས ་བདག་སྟེ་འདི་ནི་བརྗོད་མིན་ལ།། རྒྱུར་གྱུར་པས་ཀྱང་མ་ཡིན་ཞིང་།། འདི་ནི་ཅུང་ཟད་བྱེད་པ་ཡིན།། བྱ་བ་ལས་ཀྱང་གསལ་མིན་ཞིང་།། གང་རྣམས་ཀྱིས་འདི་བྱས་མིན་ལ།། རྣམ་པ་དེ་ལྟར་གྱུར་མིན་སྨྲ།། དེ་ཕྱིར་བདག་གི་ཡོད་མ་ཡིན།། ། ་བྱེད་པ་པོ་མེད་འདིར་ནི་རིག་པ་པོ་ཡང་མེད།། བདག་པོ་མེད་པའི་ལུས་པོ་འདི་ནི་འདྲེན་པར་བྱེད།། ཇི་ལྟར་འཁོར་བའི་ཆུ་བོ་རབ་ཏུ་བསྐོར་བ་སྟེ།། སྨྲ་བ་དེ་ནི་ཉོན་མཛོད་ཉན་པ་རྣམས་ཀྱི་མཆོག། དབང་པོ་དྲུག་དང་དབང་པོའི་སྤྱོད་ཡུལ ་དྲུག་རྣམས་ལ།། བརྟེན་ནས་རྣམ་པར་ཤེས་པ་རྣམ་དྲུག་ཆར་པ་སྟེ།། གསུམ་པོ་སོ་སོར་རིག་པའི་ཚི་ག་རབ་བསྐོར་ཞིང་།། གང་ལས་དྲན་དང་བློ་དང་ལས་ཀྱི་འཇུག་པར་ཡིན།། ནོར་བུ་བུད་ཤིང་ཉི་མ་ཡང་དག་ཕྲད་པ་ལས།། ཇི་ལྟར ་མེ་ནི་སྦྱར་བའི་དབང་གིས་སྐྱེ་བ་སྟེ།། དེ་བཞིན་བློ་དང་དབང་དོན་དབང་པོ་ལ་བརྟེན་ནས།། སྐྱེས་བུ་ལ་བརྟེན་བྱ་བ་རྣམས་ནི་ཐམས་ཅད་འགྱུར།། ཇི་ལྟར་ས་བོན་ལས་ནི་མྱུ་གུ་སྐྱེ་བ་སྟེ།། མྱུ་གུ་དེས་ནི་ས་བོན་དེ་ནི་ཤེས་མིན་ཞིང་།། གཞན་ལས་གཞན ་དུ་མ་ཡིན་དེ་ལས་དྲི་མ་ཡིནོ།། དེ་བཞིན་ལུས་དང་དབང་པོ་བློ་ཡཱི་རིམ་པའོ།། དེ་ལྟར་ཐུབ་པ་མཆོག་གི་གསུང་ནི་མཆོག་ཏུ་དགེ། དམ་པའི་དོན་དུ་བསྔགས་པ་ཡང་དག་ཐོས་ནས་ནི།། དྲི་མ་མེད་པའི་རྡུལ་མེད་གཞལ་དུ་མེད་པའོ།། མུ་ག་དྷ ་ཡི་བདག་པོ་ཆོས་མིག་སྐྱེས་པར་གྱུར།། འཁོར་དེར་མ་ག་དྷ་ཡི་གྲོང་ན་གནས་པ་ཡ།། མི་ནི་དུ་མ་རྣམས་དང་ལྷ་ན་གནས་པ་རྣམས།། ཐུབ་པའི་གསུང་ཐོབ་པ་ལ་རྣམ་དག་བསམ་ལྡན་རྣམས།། འགྱུར་སྡེ་འཆི་བ་མེད་པའི་གོ་འཕང་ཐོབ་པར ་གྱུར།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། སློབ་མ་མང་པོ་དང་ལྡན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་རྒྱལ་པོ་དེས་ནི་ཐུབས་རྣམ་གྲནས་ཕྱིར།། དཔལ་ལྡན་ནགས་ཚལ་འོད་མའི ་ཚེལ་ནི་རབ་ཕུལ་ནས།། དེ་ཉིད་ཁོང་དུ་ཆུད་ཕྱིར་ཀུན་ནས་གཉིས་པ་ནི།། མངོན་པར་རྗེས་གནང་བྱས་པ་གྲོང་ཁྱེར་ལ་ཞུགས་སོ།། དེ་ནས་གཙུག་ལག་ཁང་དེར་འགྲོ་ལ་ཕན་པའི་ཕྱིར།། ཡེ་ཤེས་ལོས་གྱུར་དགེ་བའི་སྒྲོན་མ་བསྣམས ་པ་སྟེ།། ཚངས་དང་ལྷ་དང་དེ་བཞིན་འཕགས་པ་རྣམས་ཀྱི་ནི།། གནས་པ་དེ་དང་དེ་ཡིས་སངས་རྒྱས་རྣམ་པར་གནས།། དེ་ནས་རྟ་ཐུལ་དབང་པོའི་རྟ་ནི་ཀུན་བསྡམས་ཤིང་།། བསོད་སྙོམས་འདོད་པས་རྒྱལ་པོའི་ཁབ་ནི་རབ་འཐོབ་སྟེ།། གཟུགས ་ཀྱི་དང་ནི་ཞི་བ་ཡིས་དང་རྣམ་འགྱུར་གྱིས།། སྐྱེ་བོ་ཆེན་པོ་རྣམས་ཀྱི་མིག་རྣམས་ཕྲོགས་པར་གྱུར།། སེར་སྐྱའི་རིགས་ཀྱི་དགེ་སློང་སློབ་མ་དུ་མ་ཅན།། ཤ་ར་དྭ་ཏིའི་བུ་ཞེས་རབ་ཏུ་གྲགས་པ་ཡིས།། དབང་། ་པོ་ཞི་བར་འོངས་པ་དེ་ནི་མཐོང་བ་སྟེ།། ལམ་ན་རྗེསུ་གནས་ནས་ཚིགས་ནི་མངོན་པར་སྨྲས།། ཁྱོད་ཀྱི་གསར་པའི་རྟགས་དང་མཚན་དང་ནི་ཞི་བ་ཉིད།། མཐོང་ནས་ཁོ་བོའི་བློ་གྲོས་ཡཱ་མཚན་མཆོག་གྱུར་ཏེ།། དེ་ཕྱིར་རེ་ཞིག་གལ ་ཏེ་དེ་ཉིད་རིག་པ་དང་།། ཁྱོད་ཀྱི་སྟོན་པའི་མཚན་ཅི་སྨྲ་བ་གང་ཡིན་སྨོས།། དེ་ལྟར་མཆོད་མང་སྔོན་འགྲོ་བྲམ་ཟེ་དེ་ཡིས་ནི།། དེ་སྐད་བརྗོད་ཅིང་རྟ་ཐུལ་གྱིས་ཀྱང་སྨྲས་པ་སྟེ།། བུ་རམ་ཤིང་པའི་རིགསུ་རབ་འཁྲུངས་ཐམས་ཅད ་མཁྱེན།། བདག་གི་སྟོན་པ་བླ་ན་མེད་པ་ཤེས་པར་མཛོད།། བྱིས་པ་གསར་བུ་ཆོས་ལས་སྐྱེས་པར་གྱུར་པ་ཡིས།། ཁྱོད་ལ་སྟོན་པ་བརྗོད་པར་ནུས་པ་མ་ཡིན་ནོ།། སྨྲས་པ་མཁྱེན་པའི་མཆོག་གྱུར་ཐུབ་པ་ཆེན་པོའི་གསུངས ་ཉུང་ངུ་ཅུང་ཟད་ཙམ་ཞིག་ངེས་པར་རྟོགས་པར་མཛོད།། གང་ཞིག་ཆོས་རྣམས་མཚན་མོ་ལས་ནི་བྱུང་བ་སྟེ།། དེ་དག་རྣམས་ཀྱི་མཚན་མ་བཅོམ་ལྡན་གྱིས་གསུངས་ཤིང་།། གང་ཞིག་དེ་དག་རྣམས་ཀྱིས་ངེས་པར་འགོག་པ ་དང་།། ཡང་དག་འགོག་པ་དེ་ཡི་ཐབས་གང་གསུངས་པའོ།། དེ་ལྟར་རྟ་ཐུལ་གྱིས་ནི་ཆོག་འདི་ཐོས་ནས་ནི།། གཉིས་སྐྱེས་ཉེར་རྒྱལ་ཞེས་བྱའི་མིང་ཅན་དེ་ཡི་ནི།། སྐྱེན་པར་ཆོས་ལ་མིག་ནི་རྡུལ་དང་བྲལ་བ་ནི།། དགེ་ཞིང་རྣམ་པ ་དག་པར་ངེས་པར་གྱུར་པའོ།། རྒྱུ་མེད་པ་དང་བྱ་བ་མེད་དང་དབང་ཕྱུག་སྟེ།། ཞིང་ཤེས་པ་ནི་ངེས་པར་དེ་ཡིས་སྔོན་རིག་ཅིང་།། རྒྱུ་ལས་འདི་རྣམས་རབ་ཏུ་འཇུག་པར་ཐོས་ནས་ནི།། བདག་མེད་གྱུར་པ་མཐོང་ནས་དམ་པའི་བདེན་པ ་གཟིགས།། སྦོམ་པོའི་ཉོན་མོངས་ཚོགས་ཀྱི་རྣམ་པར་ཉམས་པ་ནི།། གྲངས་ཅན་ལུས་ལས་ཚྭ་ཤས་དང་བཅེས་མཐོང་བ་སྟེ།། སྦོམ་པོ་དང་ནི་ཕྲ་མོ་དེ་ཡིས་ཉམས་པ་ནི།། སངས་རྒྱས་པ་ཡི་བསྟན་ལས་འགྱུར་ཞེས་སྙམ་པར་གྱུར།། ་བདག་ཏུ་འདུ་ཤེས་སྐྱེས་པ་ཉེ་བར་མཁྱུད་ནས་ནི།། ངར་འཛིན་སྤོང་བ་མ་ཡིན་དེ་ནས་དྲ་ཡི་ཉིད།། སྒྲོན་མ་དང་ནི་ཉིན་མོར་བྱེད་པ་ཡོད་པ་ན།། འོད་ཀྱི་རྣམ་པར་ཉམས་པར་གཏན་ཚིགས་ཤེས་བྱ་ཅི།། ཇི་ལྟར་པདྨའི་ཆུབ་ཆེ་བར་གྱུར། ་པ་ཡི།། སྣལ་མ་ཕྲ་མོ་ཉིད་ནི་གཞན་དང་བྲེལ་པ་སྟེ།། ཐར་པའི་ཆོ་ག་ཐར་ཐུག་མིན་པར་དེ་སྙམ་ཞིང་།། སངས་རྒྱས་པ་ཡི་རྡོ་བ་ཕྱེ་དང་མཉམ་པར་རྟོགས།། དེ་ནས་བྲམ་ཟེས་རྟ་ཐུལ་དེ་ལ་མངོན་མཆོད་ནས།། ཚིམ་ཞིང་རང་ཉིད་ཀྱིས ་ནི་ཁང་པར་རྣམས་སོང་ཞིང་།། བསོད་སྙོམས་རིམ་བཞིན་རྟ་ཐུལ་གྱིས་ཀྱང་རབ་ཐོབ་ནས།། རང་བཞིན་གནས་ཤིང་མཁས་པ་འོད་མའི་ཚལ་དུ་ནི།། དེ་བཞིན་རབ་ཏུ་ངང་བས་མཆོག་དང་ལྡན་པ་ཡི།། ཉེ་རྒྱལ་ཀྱང་ནི་མངོན་དུ་ཞུགས ་པ་མཐོང་ནས་ནི།། ཐོས་པ་དང་ནི་བསམ་པས་བྱ་བ་སྙམ་པ་ཡི།། མཽངྒལ་རིགསུ་རབ་ཏུ་སྐྱེས་པས་སྨྲས་པའོ།། དགེ་སློང་དེ་ཉིད་གང་གིས་གཞན་བཞིན་གྱུར་པ་སྟེ།། བརྟན་ཡིན་ཡང་དག་དགའ་ཞིང་ཉེ་བར་སོང་།། ཁྱེད་ཀྱིས་འཆི་མེད ་ཅི་ཞིག་དེ་རིང་ཐོབ་པ་སྟེ།། བཞིན་ནི་རབ་ཏུ་དང་འདི་གཏན་ཚིགས་མེད་མ་ཡིན།། དེ་ནས་འདི་ལྟར་བགྱི་ཞེས་འདི་ལ་ངེས་བདེན་སྨྲས།། དེ་ནས་དེས་ནི་བདག་ལ་སྨྱོས་པ་ཤེས་དེས་སྨྲས།། དེ་ནས་ཚིག་དེ་ཉིད་ནི་དེ ་ཡིས་སྨྲས་པ་སྟེ།། ཐོས་ནས་ཉིད་ཀྱི་ཡང་དག་མིག་ནི་སྐྱེས་པར་གྱུར།། ལས་དང་བསམ་པ་རྣམ་ངག་བློ་ལྡན་དེ་གཉིས་ནི།། ལག་གནས་སྒྲོན་མུ་བཞིན་དུ་དེ་ཉིད་མཐོང་བ་སྟེ།། ཤེས་པས་སྟོན་ལ་རྣམ་པར་གཡོ་མིན་བསམ་ལྡན་དག། དེ ་ནི་བལྟ་བའི་དོན་དུ་དཱ་ལྟ་ཉིད་དུ་གཤེགས།། སློབ་མོའི་སྡེར་བཅས་དེ་ཉིད་རྒྱང་མ་ནས་གཟིགས་ནས།། བཅོམ་ལྡན་དྲང་སྲོང་ཆེན་པོས་དགེ་སློང་རྣམས་ལ་གསུངས།། ཤེས་རབ་ཅན་དང་རྫུ་འཕྲུལ་ལྡན་པ་རྣམས་ཀྱི་གཙོ།། ཁོ་བོའི་མཆོག་གི ་སློབ་མི་འདི་གཉིས་འདིར་འོངས་སོ།། དེ་ནས་ཟབ་དང་བརྟན་པའི་གསུང་ན་ཞི་བོ་ཡི།། ཐུབ་པས་དེ་གཉིས་ལ་ནི་གཏམ་དག་མཛད་པ་སྟེ།། དགེ་སློང་འདིར་ནི་མངོན་པར་ཉེར་འོངས་ར་བཞིའི་ཕྱིར།། ཆོས་འདི་ཇི་ལྟ་བ་བཞིན་ཡང་དག་ཐོབ་པར ་གྱིས།། མྱུ་གུ་གསུམ་ལག་གཙུག་ཕུད་དང་ལྡན་གཉིས་སྐྱེས་ཏེ།། གཉིས་ལ་དེ་བཞིན་གཤེགས་པས་འདི་སྐད་ཅེས་གསུངས་ཏེ།། སངས་རྒྱས་མཐུ་ཡིས་ངུར་སྨྲིག་གོས་དང་ལྡན་པ་ཡི།། དགེ་སློང་ཉིད་དུ་སྐད་ཅིག་གིས་ནི་གྱུར་པའོ།། ། ་སློབ་མའི་སྡེར་བཅས་ཆ་ལུགས་དེ་ཡིས་དེ་གཉིས་ཀྱིས།། མགོ་བོ་དག་གིས་ཐམས་ཅད་མཁྱེན་ལ་མཆོད་པ་སྟེ།། དེ་ནས་སངས་རྒྱས་ཀྱིས་ཆོས་དེ་གཉིས་ལ་གསུངས་ཤིང་།། དུས་ཀྱི་དེ་གཉིས་ཀྱིས་ནི་ངེས་ལེགས་ཐོབ་པར་གྱུར།། ་དེ་ནས་འོད་སྲུངས་རིགས་ཀྱི་སྒྲོན་མ་གཉིས་སྐྱེས་ནི།། ཁ་དོག་དྲང་ནི་གཟུགས་དང་ནོར་དང་ཉེར་ལྡན་པས།། རྫུ་འཕྲུལ་དང་ནི་བདག་ལྡན་བཟང་མོ་རྣམ་སྤངས་ནས།། ཐར་པའི་ཆེད་དུ་ངུརུ་སྨྲིག་བཟུང་ཞིང་གཤེགས་པའོ།། མདོག་བཟངས ་གསེར་གྱི་མཆོད་སྡོང་དང་མཚུངས་འབར་བ་ནི།། བུ་མང་མིང་བཅུས་མཆོད་རྟེན་དུ་ནི་དེས་མཐོང་ནས།། དངོས་པོ་ཐམ་ཅད་སྤངས་ཤིང་ཡ་མཱཚུན་དང་བཅས་པས།། ཐམས་ཅད་མཁྱེན་ལ་ཐལ་མོ་རབ་སྦྱར་མངོན་པར་སོང་།། ཐུབ་པ ་ལྔལ་ནི་རྒྱངས་ནས་མགོ་བོས་ཕྱག་འཚལ་ཞིང་།། ཕྱག་འཚལ་ནས་ནི་ཇི་ལྟ་བ་བཞིན་མཐོན་པོར་གསོལ།། བདག་ནི་སློབ་མ་བཅོམ་ལྡན་བདག་གི་སྟོན་པ་ལགས།། མུན་པ་རྣམསུ་བསྟན་པ་བདག་གི་སྒྲོན་མར་གྱུར།། གཉིས་སྐྱེས་སྐོམ་པ ་སྐྱེས་ཤིང་ཉེ་བར་འོངས་པར་ནི།། མཁྱེན་ནས་བསམ་པ་རྣམ་དག་ཐུར་འདོད་དེ་ལ་ནི།། སེམས་ལ་གསུང་གི་ཆབ་ཀྱིས་རབ་ཏུ་ཚིམ་མཛད་པ།། དེ་བཞིན་གཤེགས་པས་ལེགས་པར་འོངས་ཞེས་བཀའ་སྩལ་ཏོ།། གསུ་འདི་ཡིས་ནི ་ངོལ་བ་རྣམ་པར་སོ་ས་བཞིན་ཏེ།། ངེས་པར་ལེགས་པར་རྟོགས་པའི་ཆེད་དུ་གནས་པ་སྟེ།། དེ་ནས་དག་པའི་བདག་ཉིད་འདི་ལ་ཐུགས་རྗེ་ཅན།། ཐུབ་པས་ཆོས་ནི་མདོར་བསྡུས་པ་ཡིས་གསུངས་པའོ།། གང་ཕྱིར་ཐུབ་པས་ཆོས་ནི་ཕྲ་མོར ་གསུངས་ཙམ་ན།། དེ་ཡིས་དོན་ནི་མཐའ་དག་ཡང་དག་ཐོབ་གྱུར་ཏེ།། དེ་ཕྱིར་ཡང་དག་རིག་དང་ན་ཚོང་ཆེ་ཉིད་ལས།། དགྲ་བཅོམ་འོད་སྲུངས་ཆེན་པོ་ཉིད་དུ་མཚན་གྱུར་ཏོ།། གང་གིས་ལུས་ལས་གཞན་དང་ཡང་ན་ལུས་སུ་ནཾ།། བདག ་དང་བདག་གི་བ་ཞེས་བདག་ཏུ་རྟོག་པ་སྟེ།། དེ་ཡིས་བདག་ཏུ་ལྟ་བ་དེ་ནི་ངེས་སྤུངས་ཤིང་།། ཉི་ཚེ་བ་མིན་སྡུག་བསྔལ་འདི་ནི་མཐོང་བར་གྱུར།། ཚུལ་ཁྲིམས་བརྟུལ་ཞུགས་དག་གིས་དྲུག་པར་བྱེད་ཅེས ་གང་།། རྒྱུ་མེད་པ་དང་རྒྱུ་ལས་དེ་ཡིས་རྟོགས་པ་སྟེ།། སྡུག་བསྔལ་ཉིད་དང་ལམ་ནཱི་ཡང་དག་ཐོབ་ནས་ཏེ།། ཚུལ་ཁྲིམས་དང་ནརི་བརྟུལ་ཞུགས་མཆོག་ཏུ་མ་བཟུང་ངོ་།། ཕྱིན་ཅི་ལོག་ཏུ་གྱུར་པར་སོང་བ་གང་གི་ནི།། མངོན་དུ ་བསྐོར་ཞིང་མཆོག་ནི་རབ་ཏུ་ཐོབ་མ་ཡིན།། བདེན་པ་བཞི་པོའི་གོ་འཕང་རྣམས་ནི་མཐོང་གྱུར་ནས།། ཐེ་ཚོམ་སོམ་ཉིར་གྱུར་ཏེ་ཡང་དག་མཆོད་པར་གྱུར།། འདོད་པ་གང་རྣམས་སུ་ནི་ཡང་དག་བརྒྱར་ཉིད་དང་།། བརྒྱལ ་བར་གྱུར་དང་བརྒྱལ་བར་འགྱུར་ཉིད་འཇིག་རྟེན་གམི་གཙང་བདེན་པ་མ་ཡིན་དེ་རྣམས་དེས་ཤེས་ནས།། འདོད་ཆགས་ཤེས་བྱའི་ཡུལ་དེ་སྤངས་པར་གྱུར་པའོ།། དེ་བཞིན་དུ་ནི་བྱམས་པར་གྱུར་པའི་སེམས་ཀྱིས་དེས།། ། ་བཤེས་དང་བཤིས་མིན་རྣམསུ་ཁྱད་པར་མེད་པ་སྟེ།། འབྱུང་པོ་ཀུན་ལ་རྗེསུ་གཙེ་བ་བྱས་པ་ཡིས།། ནང་དུ་སོང་བའི་གནོད་སེམས་ཡང་བར་གྱུར་པའོ།། གཟུགས་ལ་བརྟེན་པ་རྣམས་དང་གྲོང་ཁྱེར་བརྟེན་པ་རྣམས།། སྣ ་ཚོགས་ཉིད་དང་ལྡན་པའི་འདུ་ཤེས་རྣམས་སྤངས་ནས།། དེས་ནི་གཟུགས་ཀྱི་ཁམས་སུ་ཆགས་པ་རྣམས་བཅོམ་སྟེ།། གཟུགས་ལ་འཇུག་པའི་ཉེས་པ་རྣམས་ནི་རྟོགས་ནས་སོ།། རྨོངས་ལས་སྙོམས་འཇུག་རྣམསུ་ཐར་པའི ་འདུ་ཤེས་དང་།། གཟུགས་མེད་ལྷ་རྣམས་མཛད་པ་ཅན་དུ་རྟོགས་ནས་ནི།། ཞི་ཞིང་མཚན་མ་མེད་པའི་སེམས་ནི་གཟུང་ནསུ།། གཟུགས་མེད་སྲེད་པ་ལས་ནི་ཆགས་དང་བྲལ་བར་སོང་།། ཆུ་བོ་སིནྡྷུའི་ཤུགས་ཆེན་རབ་ཏུ ་འཇུག་པ་བཞིན།། སེམས་ནི་གཡོ་ཞིང་བསྐྱོད་པར་བྱེད་པ་ཤེས་ནས་ནི།། བརྟན་པའི་རྟེན་ལས་རྒོད་པ་རྣམ་པར་སྤངས་པ་སྟེ།། ཞི་ཞིང་རྫིང་བུ་གང་བྱ་བཞིན་དུ་གནས་པར་གྱུར།། སྙིང་པོ་ཨུ་བའི་ཕྱིར་བའི་ནད་སྡེ་ཆོས་ཉིད་ཕྱིས། བདག་མེད་ཕྱིར ་དངོས་རྣམས་ཡང་དག་རབ་མཐོང་ནས།། ཁྱད་འཕགས་ཉིད་དང་མཉམ་དང་མཆོག་ཉིད་མཐོང་བ་སྟེ།། ང་རྒྱལ་རྣམ་པར་སྤངས་ནས་ཡོད་མ་ཡིན་ཞེས་རྟོགས།། ཡེ་ཤེས་མེ་ཡིས་མི་ཤེས་མུན་པ་རྣམས་བཅོམ་ནས།། ཟད་པ་ཅན་དང ་ཟད་པ་མེད་པར་སྣ་ཚོགས་མཐོང་།། རྣལ་འབྱོར་གྱིས་ནི་རིག་པ་ཉིད་ནི་ཡོངས་བསྒོམས་ནས།། མ་རིག་པ་ནི་མཐའ་དག་ཇི་ལྟ་བ་བཞིན་སྤངས།། མཐོང་དང་བསྒོམ་པ་དག་གི་ཀུན་ཏུ་སྦྱོར་བ་ནི།། བཅུ་པོ་འདི་དག་རྣམས་ཀྱིས་རྣམ ་པར་གྲོལ་གྱུར་ཅིང་།། ཐལ་མོ་སྦྱར་བྱས་སངས་རྒྱས་ཉིད་ལ་ལྟ་བཞིན་དུ།། བྱ་བ་ཀུན་བྱས་རང་བཞིན་གནས་ཏེ་གནས་པར་གྱུར།། སྐར་མ་གསུམ་གྱི་གནས་སྐབས་གསུམ་སྐྱོང་རྗེས་སྐྱེས་ལྷ་དང་ནི།། ལྡན་པའི་ལྔ་གསུམ ་ཚེཆོས་ཀྱི་དུས་སུ་སྐར་མའི་རྒྱལ་པོ་བཞིན།། གསུམ་ནི་ཆུད་ཟོས་གྱུར་ཅིང་གསུམ་ནི་ལྷག་པར་ཐོབ་པ་ཡི།། གསུམ་རིག་སློབ་མ་གསུམ་གྱིས་བདེ་བར་གཤེགས་པ་རྣམ་པར་མཛེ་སོ།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས ་ཆེན་པོ་ལས། ཉན་ཐོས་ཆེན་པོ་རབ་ཏུ་གཤེགས་པར་མཛད་པའི་ལེའུ་སྟེ་བཅུ་བདུན་པའོ།། ། དེ་ནས་འགའ་ཞིག་ཚེ་ན་ནོར་ལྡན་ཁྱིམ་བདག་ནི།། སྐལ་བ་མེད་པ་རྣམས་ལ ་ནོར་ནི་རབ་སྦྱིན་པ།། བཟང་སྦྱིན་ཞེས་ནི་རབ་ཏུ་གྲགས་པའི་མིང་ལྡན་པ།། བྱང་ཕྱོགས་ཡུལ་ཀོ་ས་ལ་རྣམས་ནས་དེར་སོང་གྱུར།། དེ་ཡིས་དེར་ནི་ཐུབ་པ་བཞུགས་པ་ཐོས་པ་སྟེ།། ཐོས་ནས་བལྟ་བར་འདོད་པས་མཚན་མོ་རབ ་ཏུ་སོང་།། རྣམ་དུག་སེམས་དཔའ་དེས་ནི་རབ་སླེབ་རླབ་མཁྱེན་ནས།། རག་ཏུ་ཕྱག་བྱས་པ་ལ་བདེ་བར་གཤེགས་པ་བསྟན།། གང་ཕྱིར་ཆོས་ལ་བསྒོམས་པས་ཉིད་ནི་རྣམ་སྤངས་ནས།། བློ་ལྡན་མཚན་མོར་བདག་ལ ་ལྟ་འདོད་རབ་སླེབས་ཏེ།། དེ་ལྟ་ཉིད་དུ་འོངས་པ་དེ་ཡི་དེ་མ་ཐོག། ངེས་པར་ལེགས་པའི་འགྲོན་འདི་རབ་ཏུ་ལྡོང་མཛོད་ཅིག། གྲང་ཞིག་ཁྱོད་ཀྱི་ལྷག་བསམ་གང་ཞིག་བསྟན་པ་དང་།། བདག་གིས་གྲགས་པ་ཉིད་ལས་གང ་ཞིག་དང་བ་དང་།། གང་ཞིག་སྔོན་གྱི་རྒྱུ་ལས་བློ་གྲོས་རབ་ཞུགས་ཏེ།། དེས་ནི་ཡོན་ཏན?་ཆེན་པོ་རྣམས་ཀྱི་སྣོད་ཡིན་ནོ།། དེ་ཕྱིར་འཇིག་རྟེན་དག་ན་གྲགས་དང་གཞན་དུ་ནི།། འབྲས་བུ་སྦྱིན་པ་མཆོག་ལས་བྱུང་བར་རིག ་ནས་ནི།། བཀུར་སྟི་བྱས་ནས་དུས་སུ་སྙོམས་པའི་བདག་ཉིད་ཀྱིས།། ཆོས་ལས་ཐོབ་པའི་ནོར་ནི་སྦྱིན་པར་བྱ་བའི།། ཚུལ་ཁྲིམས་ཡང་དག་བླངས་ནས་སྤྱད་པར་བྱ་བ་སྟེ།། ཚུལ་ཁྲིམས་ཉིད་ནི་བསྲུང་བ་དང་ནི་རྒྱན་ཡིན་ཞིང་།། འོག ་ཏུ་སོང་བ་རྣམས་ཀྱི་རྣམ་པར་ལྡོག་བྱེད་དོ།། ནམ་མཁའི་སྟེང་གི་ངེས་པར་རྫོགས་པ་པོ་ཉིད་ཡིན།། འདོད་པ་རྣམསུ་གཅིག་མིན་ཞེན་པས་རྗེས་བཅིངས་པའི།། ཡོངསུ་ཚོལ་བ་ལ་སོགས་སྐྱོན་རྣམས་ཐོས་ནས་ནི།། ངེས་པར་འབྱུང ་པའི་ཆོ་གར་ཡོན་ཏན་རྣམས་དེ་ཤེས་ནས།། རྣམ་དབེན་ལས་སྐྱེས་ཤི་བའི་བདྲེན་པ་བསྙེན་པར་མཛོད།། འཆི་བས་ཉེ་བར་གཟིར་ཞིང་རྒ་བས་ཟིལ་ནོན་པའི།། འཇིག་རྟེན་རབ་ཏུ་བསྐོར་བ་རོ་ཡང་དག་ཡོངས་ཤེས་ནས།། ཞི་བ་སྐྱེ ་བ་མེད་ཕྱིར་འབད་པ་མཛོད་ཅིག་དང་།། སྐྱེ་བ་བདེན་པ་མེད་ནོ་རྒ་མེད་འཆི་བ་མེད།། ཇི་ལྟར་མི་རྣམས་ལ་ནི་མི་རྟག་བདག་ཉིད་ཀྱིས།། རབ་ཆགས་སྡུག་བསྔལ་མངོན་སུམ་དུ་ནི་རིགས་མཛོད་ལ།། དེ་བཞིན་ལྷ་རྣམས་ལ་ཡང ་སྡུག་བསྔལ་རིག་མཛོད་དང་།། འཇུག་པོ་རྟག་པ་ཉིད་ནི་སུ་ཡང་ཡོད་མ་ཡིན།། གང་དུ་མི་རྟག་པ་ཉིད་དེར་ནི་སྡུག་བསྔལ་ཞིང་།། གང་དུ་རུང་ཉིད་མེད་པར་དེརརུ་ཡང་སྡུག་བསྔལ་ཏེ།། གང་དུ་བདག་ཅེས་པ་དང་བདག་གི ་བཾ་ཞེས་པ།། དེ་ཚེ་མི་རྟག་སྡུག་བསྔལ་བདག་མེང་གང་ལ་ཡན།། དེ་ཕྱིར་སྡུག་བསྔལ་ལས་ནི་སྡུག་བསྔལ་འདི་དང་ནི།། མཚན་མཱ་ལས་ནཱི་འདི་ཡི་མཚན་མ་ལྟོས་མཛོད་ལཱ།། རྣམ་པརྱ་ཉེ་བར་ཞི་ལས་སྡུག་བསྔལ་ཞི་བ་དང་།། ་ལམ་ལས་ཁྱོད་ཀྱིས་ལམ་ནི་དགེ་བ་ཤེས་པར་གྱིས།། འགྲོ་བ་གཡོ་བ་སྡུག་བསྔལ་འདི་ནི་ཤེས་ནས་སུ།། མེ་དང་རབ་མཚུངས་དུས་ཀྱི་མེ་ཡིས་འཇིག་རྟེན་ནི།། མཐའ་དག་རབ་ཏུ་ཚིག་པར་ཡོངསུ་རྟོག་བཞིན་དུ།། སྲིད་དང་སྲིད་མིན་རྣམས ་སྨོན་པ་མེད་པར་གྱིས།། སྟོང་པ་ཉིད་དང་བདག་མེད་བདག་གི་བ་མེད་པ།། སྒྱུ་མ་དང་མཚུངས་འཇིག་རྟེན་འདི་ནི་ཤེས་བྱས་ནས།། འདུ་བྱེད་ཙམ་ཞིག་རབ་ཏུ་ཡོངསུ་རྟོགས་བཞིན་དུ།། ལུས་འདི་ལ་ན ་ཁམས་ཀྱི་འདུ་ཤེས་ཉིད་དུ་གྱིས།། སེམས་ནི་སྲེད་པ་གཡོས་ལུས་ཡང་དག་གཡོས་ནས་དང་།། འཁོར་བའི་འགྲོ་བ་རྣམ་པ་སྣ་ཚོགས་མཐོང་ནས་ནི།། རྟོགས་པ་མེད་ཅིང་ཞི་ལ་བདེ་ནི་ཞང་ཆགས་མེད་པར།། སེམས་ནི། ་སྙོམས་ཞིང་མཚན་མ་མེད་པ་བསྙེན་པར་གྱིས།། དེ་ནས་དྲང་སྲོང་ཆེན་པོའི་ཆོས་དེ་ཐོས་པ་ལས།། ཆོས་ཀྱི་ཆོ་གའི་སྔོན་གྱི་འབྲས་བུ་ཐོབ་གྱུར་ཅིང་།། གང་ཞིག་ཐོབ་ནས་འདི་ཡི་སྡུག་བསྔལ་ལས་ལྷག་མ།། རྒྱ་མཚོ་ཆེན་པོ ་ལས་ནི་ཐེག་པ་གཅིག་བཞིན་གྱུར།། ཆགས་བྲལ་རྣམས་ཀྱི་དགོན་པར་ཡང་དག་གནས་ཀྱང་ངམ།། ལུས་མེད་རྣམས་ཀྱི་སྲིད་རྩེར་ཡང་དག་གནས་ན་ཡང་།། ནགས་སམ་ལྷ་ན་དེ་ཉིད་མཐོང་མིན་མ་ཡིན་ལ།། ཁྱིམ་ན་གནས ་པ་ཡིན་ཡང་ལྟ་བས་དགེ་ལེགས་གྱུར།། རྣམ་པ་སྣ་ཚོགས་ལྟ་བའི་དྲ་བ་རྣམས་ཀྱིས་དང་།། འཁོར་བའི་སྡུག་བསྔལ་རྣམས་ཀྱི་དེ་རྣམས་རྣམ་མི་གྲོལ།། དེ་ཕྱིར་རབ་ཏུ་ཉམས་ཤིང་དེ་ཉིད་མ་མཐོང་བར།། ཆགས་པ་རྣམ་པར ་བསལ་ནས་ཁྱད་པར་འཕགས་པར་གཤེགས།། ལྟ་བ་ལེགས་སྐྱེས་དེས་ནི་ལྟ་བ་ངན་དེ་རྣམས།། སྟོན་ཀའི་སྤྲིན་གྱིས་རྡོ་ཡི་ཆར་བཞིན་སྤངས་པ་སྟེ།། དབང་ཕྱུག་ལ་སོགས་མི་མཐུན་རྒྱུ་ལས་མ་ཡིན་ཞིང་།། དེ་ནི ་འཇིག་རྟེན་རྒྱུ་མེད་པར་མིནུ་ཞེས་རྟོག་སོ།། དེ་ཕྱིར་མི་མཉམ་རྒྱུརྭ་ནི་འཐུད་པ་མ་ཡིན་ཞིང་།། རྒྱུ་མེད་པར་ནི་འགྲལ་བ་ཆེན་པོ་ཡོད་པ་ཉིད།། འདི་ཡང་རིག་པས་ཤེས་པས་སོ་སོར་མཐོང་བས་ཏེ།། ཐེ་ཚོམ་མེད་པས་དེ་ཉིད་མཐོང་བ་ཀྱེ་མ ་ཅི།། གལ་ཏེ་དབང་ཕྱུག་གིས་ནི་འགྲོ་བ་སྐྱེད་གྱུར་ན།། འགྲོ་བ་རིམ་གྱིས་རབ་ཏུ་འཇུག་པ་མ་ཡིན་ལ།། སྐྱེ་དགུ་རྣམས་ཀྱི་འཁོར་བའི་འཁོར་ལོ་མ་ཡིན་ཞིང་།། གང་དུ་གང་ཞིག་བསྐྱེད་ནས་དེ་དང་དེ་ཉིད་འགྱུར།། ལུས་ཅན་རྣམས ་ཀྱི་མི་འདོད་འཐོབ་པ་མ་ཡིན་ཞིང་།། དེ་ཡི་བདག་ཉིད་རྣམས་ཀྱི་འདོད་པའི་སྤྱོད་པ་མེད།། གང་ཞིག་ལུས་ཅན་རྣམས་ཀྱི་དགེ་དང་མི་དགེར་གྱུར།། དེ་ནི་དབང་ཕྱུག་ཉིད་ཕྱིར་དབང་ཕྱུག་ལ་ཡིནོ།། དེ་ཡི་དབང་ཕྱུག་ཉིད་ལ་ཐེ་ཚོམ་འགྱུར་མིན་ཞིང་།། དེ ་ནི་མི་རྣམས་དག་གིས་བྱམས་པ་པ་བཞིན་འགྱུར།། དེ་ལ་ཉམ་ཐག་པས་ནི་སྤྱི་སྒྲ་སྒྱུ་མིན་ཞིང་།། ལྷ་རྣམས་དེ་དང་དེ་ལ་འཇིག་རྟེན་མཆོད་མ་ཡིན།། གལ་ཏཱི་འདི་མཱི་སྐྱེད་ལ་དགོངས་པར་གྱུར་ན་ནི།། བྱ་ལྷུན་ཉིད་ཕྱིར་དེང་འདིར་དབང་ཕྱུག ་མ་ཡིན་ཞིང་།། གལ་ཏེ་འདི་ཡི་འཇུག་ལ་འདོད་པར་གྱུར་ནཱ་ནཱི།། དེ་ཉིད་དབང་ཕྱུག་ཡོད་པ་ཉིད་ལ་བྱེད་པར་འགྱུར།། ཅི་སྟེ་དེ་ཡི་སྐྱེ་ལ་ནུས་པ་ཅུང་ཞིག་མེད།། བྱིས་པ་བཞོན་དུ་འདི་ཡིས་སྤྱོད་རྣམས་རྒྱུ་མེད་དོ།། གལ་ཏེ་དབང་ཕྱུག་གི་ནི་བདག་ལ ་མངའ་ཉིད་མེད།། འཇིག་རྟེན་བསྐྱེད་ལ་འདི་ཡི་སྟོབས་དེ་ཅི་ཞིག་ཡོད།། ཇི་ལྟར་འདོད་ལ་གལ་ཏེ་བདེ་སྡུག་ལས་བསྙེན་ན།། འོབྱུང་པོ་རྣམས་ནི་འཇིག་རྟེན་ན་དེས་བྱས་པ་ཉིད།། གང་ཕྱིར་འདོད་ལ་ཆགས་པ་ཁོང་ཁྲོ་ལ་འཇུག་སྟེ།། དེ་ཕྱིར་དེ ་ཡི་དབང་ཉིད་ཡོད་པ་མ་ཡིན་ནོ།། དེའི་རྟེན་ཉིད་ལ་སེམས་མེད་རྣམས་ཀྱིས་གནས་བྱ་སྟེ།། སྐྱེས་བུའི་འབད་རྩོལ་ཚང་མར་གྱུར་པ་ཉིད་ཡིན་ནོ།། ལས་འབྲས་མེད་པར་འགྱུར་ཞིང་ལུས་ནི་བྱས་མིན་ལ།། ལས ་ཀྱི་སྦྱོར་བ་རྣམས་ནི་དེ་ཡི་རྟེན་ཡིན་ན།། གྲལ་ཏེ་དབང་ཕྱུག་རང་གི་ལས་ཀྱིས་འགྱུར་ན་ནི།། ཐུན་མོང་གྱུར་པའི་ལས་ལ་དབང་ཕྱུག་གྱུར་མ་ཡིན།། ཅི་སྟེ་དེ་ཡི་ཁྱབ་བདག་རྒྱུ་མེད་གྱུར་ན་ནི།། འགྲོ་བ་ཀུན་གྱི་དབང་ཕྱུག་ཉིད་ནི་རབ་ཏུ་གྲུབ།། ཅི ་སྟེ་ངོ་ཡི་དབང་ཕྱུག་ཉིད་གཞན་ལས་ཡིན་ཞིང་།། དེ་ཉིད་ཀྱི་ཡང་བྱེད་པ་པོ་ཡི་དབང་ཕྱུག་གཞན་ཡིན་ལ།། དེ་ཡིས་གཞན་ཞེས་དེ་ལྟར་འདིར་ནི་རྣམ་གཞག་མེད།། དེ་ཕྱིར་འགྲོ་བ་བསྐྱེད་པ་ཡོད་པ་མ་ཡིན་ཉིད།། དབང་ཕྱུག་སྐྱེད ་པོར་གྱུར་ན་རིགས་པས་ཐ་དད་དུ།། རྣམ་པར་འགལ་བ་རྣམ་པོ་དུ་མ་མཐོང་བ་སྟེ།། དེ་ཡི་ཕྱིར་ཡང་རང་བཞིན་ལྔ་ནཱི་ཉེས་པ་དེ།། སླར་ཡང་རབ་ཏུ་ཆགས་པར་འགྱུར་བ་ཉིད་ཡིནོ།། རྒྱུ་ཤེས་རྣམས་ཀྱི་རྟེན་ནི་ཅུང་ཟད་རྣམས ་ལོག་པའོ།། རྒྱུ་ནི་བྱ་བའི་ཆོ་གྲར་སྨྲ་བ་མེ་ཡིན་ཞིང་།། བྱ་བའི་ཆོ་གར་ས་བོན་ལ་སྔོགས་དེ་དང་དེ།། ལྟོས་པ་ཡིན་ཏེ་དེ་ཕྱིར་རང་བཞིན་རྒྱུ་མ་ཡིན།། འབྲས་མི་རྫོགས་པར་བྱེད་པ་པོ་ནི་གཅིག་པ་ཉིད།། འགའ་ཞིག་གི་ཡང་རྒྱུ་ནི་ཅུང ་ཟད་ཡོད་མ་ཡིན།། གཅིག་གི་བདག་ཉིད་ཅན་གྱི་རང་བཞིན་རབ་བསྟན་ཏེ།། དེ་ཕྱིར་རབ་ཏུ་འཇུག་ལ་རང་བཞིན་རྒྱུ་མ་ཡིན།། གང་གི་རང་བཞིན་གྱིས་ནི་ཁྱབ་པ་ཉིད་འདོད་པ།། དེ་ཡི་བྱ་བ་མེད་པ་ཉིད་ཀྱང་རབ་ཆགས་ཤིང་།། བྱ་བ ་མ་གཏོགས་འབྲས་བུའི་ཆོ་ག་མཐོང་མིན་ཏེ།། ཛ་ཡ~ཾ་ཧཱུ~ཾར་ཡང་བསྐྱེད་ལ་རང་བཞིན་རྒྱུ་མ་ཡིམྦ།། དེ་ཡི་ཁྱབ་པ་པོ་ཉིད་ལ་ནི་རྒྱུ་ཉིད་ཕྱིར།། ཐམས་ཅད་ལས་ནི་ཐམས་ཅད་རྒྱུན་མ་ཆད་པར་འགྱུར།། འབྲས་བུའི་རབ་ཏུ་འཇུག་ལ་ངས། ་པ་མཐོང་བ་སྟེ།། དེ་ཕྱིར་སྐྱེད་པ་ལ་ནི་རང་བཞིན་རྒྱུ་མ་ཡིན།། ཇི་ལྟོར་འདི་ཡི་ཡོན་ཏན་མེད་ཉིད་གྲུབ་པ་སྟེ།། དེ་ལྟར་འབྲས་བུ་ལ་ནི་ཡོན་ཏན་ཅན་རྣམས་འཇིག་རྟེན་ན་མཐོང་སྟེ།། དེ་ཕྱིར་རབ་ཏུ་འཇུག་ལ་རང་བཞིན་རྒྱུ་མ་ཡིན།། ། ་རྟག་པའི་རྒྱུ་ལས་ཁྱད་པར་འགྱུར་བ་མ་ཡིན་ཞིང་།། རྣམ་འགྱུར་ལ་ནི་ཐ་དད་ཡོན་ཏན་ཉིད་མ་ཡིན།། རྣམ་འགྱུར་ལ་ནི་ཐ་དད་ཡོན་ཏན་ཞུགས་པ་སྟེ།། དེ་ཕྱིར་རང་བཞིན་ལས་ནི་སྐྱེད་པ་རིགས་མ་ཡིན།། རང་བཞིན་གྱི་ནི་བསྐྱེད ་པའི་བདག་ཉིད་ཅན་ཉིད་ལ།། འབྲས་བུ་རྣམསུ་ཉམས་པའི་རྒྱུ་ནི་གྲུབ་མ་ཡིན།། གང་ཕྱིར་རྣམ་འགྱུར་གྱིས་ནི་ཉམས་པ་མཐོང་བ་སྟེ།། དེ་ཕྱིར་རྟོག་པར་བྱ་བ་རྒྱུ་ནི་གཞན་ཉིད་དོ།། ནུས་པར་གྱུར་པའི་སྦྱོར་ལ་ཤིན་ཏུ་མཐར་ཐུག ་པའི།། ཐར་པ་འདོད་པའི་སྡོམ་བརྩོན་རྣམས་ཀྱི་མ་ཡིན་ཞིང་།། སྐྱེ་དགུ་རྣམས་ཀྱི་རང་བཞིན་རབ་ཏུ་འཇུག་པའི་ཕྱིར།། གང་ལས་ཐར་པའི་ཆེད་དང་ཕ་རོལ་གནོན་པར་གྱུར།། སྐྱེད་པའི་བདག་ཉིད་རང་བཞིན་གྱིས་ནི་ངེས་ཉིད་ཕྱིར ་དེ་ཡི་བདག་ཉིད་རྣམས་འགྱུར་ལ་ནི་ངེས་ཉིད་ཡིན།། འཇིག་རྟེན་དོག་ན་རྣམ་འགྱུར་ལ་ནི་བརྟན་ཉིད་མེད།། དེ་ཕྱི་རོ་རང་བཞིན་གྱིས་ནི་སྐྱེད་པར་རིག་མ་ཡིན།། སེམས་ཀྱི་སྤྱོད་པ་མོ་བསལ་རང་བཞིན་ཞེས་བྱ་ཞིང་།། རྣམ་འགྱུར་གསལ ་བ་འདི་ནི་དེ་ནས་གྲགས་པ་སྟེ།། དེ་ཕྱིར་རབ་ཏུ་འཇུག་ལ་རང་བཞིན་རྒྱུ་མིན་ཞིང་།། གསལ་བའི་རྒྱུ་ལ་འདིར་ནི་འབྲས་བུ་གྲུབ་པ་ཉིད།། སེམས་མེད་རང་བཞིན་ལས་ནི་སེམས་དང་བཅས་པ་ཡི།། རྟ་གླང ་བོང་བུ་ལ་སོགས་འབྲས་བུ་རིགས་པ་མ་ཡིན་ཞིང་།། སེམས་དང་རྣམ་པར་བྲལ་བའི་རྒྱུ་རྣམས་ངག་ལས་ནི།། སེམས་དང་ལྡན་པ་ཅུང་ཟད་ཞིག་ནི་འཇུག་མ་ཡིན།། གལ་ཏེ་འགྲོ་བ་སྐྱེད་ཕྱིར་དུས་ནི་ངེས་པ་སྟེ།། དེ་ཕྱིར་ཡོངསུ་རྟོག་བྱེད་རྣམས་ཀྱི་ཐེར་པ་ནྡེ། ་གང་ཕྱིར་སྐྱེ་དགུ་རྣམས་ཀྱི་མཐའ་ནི་བྱས་མིན་ཏེ།། དེ་ཕྱིར་འཇིག་རྟེན་རྒྱུན་ཆད་མེད་པར་སྐྱེ་བར་འགྱུར།། གང་ཞིག་ཡོན་ཏན་རྣམས་ཀྱི་གཅིག་དང་དུ་མས་བྱས།། རྗེས་རྣམས་སུ་ནི་རང་ཉིད་ངེས་པ་མཐོང་བ་སྟེ།། གལ་ཏེ ་རྒྱུ་གཅིག་ཉིད་དུ་གནས་པར་གྱུར་པ་ན།། དེ་ཡང་ཐ་དད་ཁྱད་པར་གྱུར་པ་ཉིད།། གང་ཞིག་སྨིན་པ་ལས་སྐྱེས་རྫས་ཀྱི་ཆོ་གར་སར།། ཡོན་ཏན་ཤེས་པས་ཡོན་ཏན་ཐ་དད་ཉིད་དུ་མཐོང་།། གང་ཕྱིར་རྒྱུ་ནི་ཁྱད་པར་མིན་པ་འདོད། ་པ་སྟེ།། སྟོང་པའི་རྫས་རྣམསུ་ཡང་ངེས་པར་གྱུར་པ་ཉིད།། གང་གི་མི་གསལ་བ་ལས་རྫས་ནི་འཆར་པ་སྟེ།། དེ་ཡི་རྗེས་སུ་དཔག་པ་ངེས་པར་གྲུབ་མ་ཡིན།། འབྲས་བུ་བསལ་བ་ཡཱི་ནི་ཡང་དག་རབ་འཇུག་པ།། མི་གསལ ་བ་ལས་གང་གིས་མངོན་དུ་མཐོང་མ་ཡིན།། གསལ་བ་གཉིས་པ་དག་ལས་རབ་ཏུ་འཇུག་པ་བཞིན།། མི་གསལ་བ་ལས་གང་གི་འབྲས་བུ་དང་པོར་གྱུར།། དེ་ཡི་འདོད་པ་ལས་འདིར་མི་འདོད་ཆེན་པོའོ།། རང་བཞིན་ཉིད་ཀྱིས ་ཉེས་པ་གཉིས་ནི་རབ་ཏུ་ཆགས།། ཇི་ལྟར་གསེར་གྱི་ཕྲེང་བ་ཁྱད་པར་འཕགས་པ་སྟེ།། དེ་ལྟར་རང་བཞིན་གྱི་ནི་རྣམ་འགྱུར་ཁྱད་པར་འཕགས།། འབྲས་བུ་ཁྱད་པར་ཡིན་ཞིང་རྒྱུ་ཡི་མ་ཡིན་ཏེ།། དེ་ཕྱིར་བསྐྱེད་ལ་རང་བཞིན་རིགས་པ་མ ་ཡིན་ནོ།། གལཱ་ཏེ་བྱ་བར་སྐྱེས་བུ་དེ་ནི་རྒྱུ་ཡིན་ན།། གང་གིས་ངེས་པར་གང་འདོད་དྲོས་དེ་འཐོབ་པར་འགྱུར།། འདོད་ཀྱང་ཁ་ཅིག་དོན་ནི་འཐོབ་པ་མ་ཡིན་ལ།། མི་འདོད་ན་ཡང་དབང་མེད་འདིར་ནི་འཐོབ་པར་འགྱུར།། གང་གྲིས་པ་ལང ་རྟ་བོང་རྔ་མོའི་སྐྱེ་གནས་འགྲོ།། མངའ་བདག་ཉིད་དུ་གྱུར་ན་དེ་ནི་བསྙེན་མིན་ཞིང་།། དེ་རུ་འགྲོ་བའི་སྡིག་པའི་ལས་ནི་བྱེད་པ་དང་།། སྡུག་བསྔལ་མྱི་འདོད་སུ་ཡིས་སྡུག་བསྔལ་བྱེད་པར་འགྱུར།། གལ་ཏེ་འཇིག་རྟེན་དག་ན་སྐྱེས་བུ ་བྱེད་པར་གྱུར།། སྡུག་བསྔལ་བྱེད་པ་མ་ཡིན་བདེ་བ་ཁོ་ན་བྱེད།། འདོད་པ་བྱེད་པར་འདོད་ཀྱང་མ་འདོད་བྱེད་པ་སྟེ།། དབང་ཕྱུག་ཆེན་པོར་གྱུར་ན་མི་འདོད་སུ་ཡིས་སྤྱོད།། གང་ཚེ་མི་ནི་ཆོས་མིན་པ་ལས་རྣམ་འཇིགས་ཤིང་།། འབད་པས་ཆོས་ནི ་རབ་ཏུ་སོན་པར་བྱེད་པ་ཉིད།། སྣ་ཚོགས་ཉོན་མོངས་རྣམས་ཀྱི་དབང་མེད་འཕྲོག་པ་སྟེ།། དེ་ཕྱིར་འདུན་མི་ནི་ཕ་རོལ་རྒྱུད་དུ་གྱུར།། གྲང་དང་དང་ཆར་དང་ཐོག་དང་གློག་སོགས་ཀྱི།། བྱ་བ་རྣམས་ནི་མི་ལ་བཟློག་ནས་མཐོང་བ་སྟེ།། གང་ཕྱིར ་རང་དབང་མ་ཡིན་མི་ནི་གཞན་ལྡན་ཏེ།། དེ་ཕྱིར་བྱ་བ་རྣམ་སུ་སྐྱེས་བུ་དབང་ཕྱུག་མིན།། གང་ཚེ་ས་བོན་ལས་དང་ས་ཆུའི་རྟེན་ལས་ནི།། དུས་སྦྱོར་རབ་ཏུ་འཇུག་ལ་ལོ་ཏོག་ཕུན་ཚོགས་ཤིང་།། མར་མི་དག་ལས་རབ་གསལ་ཤིང ་ལས་མེ་ཡིན་ཏེ།། རྒྱུ་མེད་ལས་ཡིན་ཞེས་པ་རྒྱུ་མེད་མ་ཡིན་ནོ།། རྒྱུ་མེད་པ་ལས་གལ་ཏེ་འགྲོ་བའི་རབ་འཇུག་ན།། མི་ཡི་བྱེད་པ་ཡིས་ནི་མེད་པར་འགྱུར་བ་སྟེ།། ཐམས་ཅད་ཀྱིས་ནི་ཐམས་ཅད་ངེས། ་པར་འཐོབ་བྱེད་ཅིང་།། རྟག་ན་འདི་ནི་ཐམས་ཅད་དུ་ནི་སོང་བར་གྲུབ།། དེ་དང་སྡུག་བསྔལ་གལ་ཏེ་རྒྱུ་མེད་ལས་ཡིན་ན།། གང་ཆེར་ཀུན་གྱི་བདེ་དང་སྡུག་བསྔལ་སྐལ་མིན་ཞིང་།། རྒྱུ་མེད་ལས་ཀྱང་བདེ་དང་སྡུག་བསྔལ་རྟོགས་མིན ་ཏེ། དེ་ཕྱིར་རྒྱུ་མེད་ལས་ཤེས་འདི་ནི་རྒྱུ་མ་ཡིན།། དེ་སྐད་ཅེས་པ་ལ་སོགས་མི་མཉམ་རྒྱུ་རྣམས་དེས།། འཇིག་རྟེན་རབ་ཏུ་འཇུག་ལ་རྒྱུ་རྣམས་ཤེས་མ་ཡིན།། རྒྱུ་མེད་པརི་ནི་འཇིག་རྟེན་མཐོང་བ་མ་ཡིན་ཞིང་།། ཉེས་པ་འདི ་རྣམས་རྒྱུ་མེད་ལས་ནི་ཡང་དག་རྟོགས།། བརྟན་པ་དང་ནི་གཡོ་བའི་འབྱུང་པོ་རྣམསུ་ཡང་།། དེ་དང་དེ་ལ་བརྟེན་ནས་དེ་དང་དེ་འབྱུང་སྟེ།། འཇིག་རྟེན་དག་ནུ་རྒྱུ་མེད་ཙོ་ཡང་ཡོད་མིན་ཞིང་།། ཀུན་གྱི་རྒྱུ་ནི་འཇིག་རྟེན་པ་ཡིས། ་ཤེས་མ་ཡིན།། དེ་ནས་སྦྱིན་པ་བཟང་པོར་བྱིན་པའི་བཟང་བྱིན་དེས།། རྒྱ་ཆེའི་ཆོས་ཀྱི་དམ་པའི་ཆོས་ནི་རྣམས་ཤེས་ནས།། གཡོ་བ་མེད་པའི་བློ་གྲོས་ངེས་པར་རབ་དང་བས།། དྲང་སྲོང་ཆེན་པོ་ལ་ནི་ཚིག་འདི་གསོལ ་བའོ།། མཉན་ཡང་རྟ་ལྗང་རྟ་རིད་ཀྱིས་བསྙེན་གྲོང་ཁྱེར་ནི།། བདག་གི་གནས་ཀྱི་གནས་ནི་བསོད་ནམས་གྲགས་པ་ཅན།། དེར་ནི་བདག་གིས་ཁྱེད་ཀྱི་གནས་ནི་བྱེད་འདོད་དེ།། སྡིག་མེད་གནས་མཆོག་དམ་པ་དེ་ནི་བསྙེན་པར ་མཛོད།། གང་བལྟ་ན་ཡང་ཐུབ་པ་ཁྱེད་ཀྱིས་གནས་སུ་སྙོམས་པ་ནི།། གཞལ་ཡས་ཁང་གི་ལོགས་སམ་རྣམ་དབེན་ནགས་སུ་ནི།། བདག་ལ་རྗེ་སུ་བརྩེ་ཕྱིར་གནས་ཀྱི་ཆེད་དུ་ནི།། དགྲ་བཅོམ་རབ་ཏུ་གཞེས་པར་མཛད་པར་འོས་པ ་ལགས།། དེ་ནས་གཏོང་བར་ལྷག་པར་མོས་པ་འདི་ཡིས་ནི།། རྣམ་པར་གྲོལ་བའི་སེམས་ནི་རྣམ་པར་མཁྱེན་ནས་ནི།། ཆགས་པ་མེད་པའི་བློ་མངའ་བློ་གྲོས་མཁྱེན་པ་ཡིས།། མཆོག་ཏུ་ཞི་བས་བློ་གྲོས་ཡང་དག་བཀའ་སྩལ་ཏོ།། ། ་སེམས་དཔའ་བརྟན་ཀྱེ་གང་ཞིག་རྫས་གློག་གཡོ་རྣམས་སུ།། ཁྱོད་ཀྱི་སེམས་དཔའ་གཏོང་ལ་ལྷག་པར་མོས་པ་སྟེ།། རང་བཞིན་གྱིས་ནི་སྦྱིན་ལ་དགའ་ཞིང་ཆོས་ལ་དགྱེས།། དེ་ཉིད་མཐོང་བ་ཁྱོད་ལ་དེ་ནི་ངོ་མཚར་མིན།། གང་ཞིག ་ཁྱིམ་ནི་ཚིག་ལས་ཕྱི་རོལ་འཐོན་བྱེད་པ།། དེ་ཡི་དོན་དེ་འཚིག་པར་བྱེད་པ་མ་ཡིན་ཏེ།། དེ་བཞིན་དུས་ཀྱི་མེ་ཡིས་འགྲོ་བ་ཚིག་པ་ན།། གང་གིས་གང་ཞིག་སྦྱིན་པ་དེ་ཡིས་དེ་ཉེར་འཐོབ།། དེ་ཕྱིར་རྣམ་སྤངས་སེམས་དཔའ་རྣམས ་ཀྱིས་སྦྱིན་པར་དང་།། ཡུལ་རྣམས་ཡང་དག་ལོངས་སྤྱོད་པར་ནི་ཤེས་པ་ཉིད།། བཀྲེན་པ་འཇིག་རྟེན་དག་ནཱ་ཟད་པའི་སྐྱོན་མཐོང་བས།། ཉེ་བར་ལོངས་སྤྱོད་མ་ཡིན་འཇིག་ལས་སྦྱིན་མ་ཡིན།། དུས་སུ་སྨོད་ལ་དོན་ནི་རྣམ་པར་གཏོང་བ་དང ་དཔའ་དང་ང་རྒྱལ་ལས་ནི་དེ་བཞིན་གཡུལ་འགྱེད་པོར།། སེམས་དཔའ་ལྷག་པ་ཉིད་ཀྱིས་ཤེས་ཏེ་གཞན་གྱིས་མིན།། སོམས་དཔའ་ཡིས་ནི་སྦྱིན་པ་ཉིད་དང་གཡུལ་འགྱེད་དོ།། སྦྱིན་བྱེད་དགའ་བ་ཉིད་དུ་འགྲོ་ལ་འགྲོ་བ་སྟེ།། སྙན་པ ་དང་ནི་དམ་པར་གྲགས་པ་རབ་ཏུ་འཐོབ།། སྦྱིན་པ་པོ་ཡོད་གང་ཞེས་དམ་པ་རྣམས་སྦྱིན་ནས།། ཡང་དག་བཀུར་བ་དང་ནི་མངོན་དུ་འགྲོ་བར་བྱེད།། དེ་བཞིན་འཇིག་རྟེན་དག་ན་བློ་གཏད་ཉིད་འགྱུར་ཞིང་།། མི་བཟད་པ་རྣམས ་ལས་ཀྱང་ཉེས་པ་འཐོབ་མ་ཡིན།། བསོད་ནམས་རྣམས་ནི་བདག་གིས་བྱས་ཞེས་ཚིམ་པ་སྟེ།། འཆི་བའི་དུས་སུ་སྐྲག་པར་མངོན་པར་འགྲོ་མ་ཡིན།། སྦྱིན་པའི་འབྲས་བུ་འདིར་ནི་མེ་ཏོག་ཙམ་ཞིག་སྟེ།། སྦྱིན་པ་པོ་ཡི་འབྲས་བུ་གཞན་ཉིད ་རབ་ཏུ་འཐོབ། འཁོར་བའི་འཁོར་ལོ་ལ་ནི་འཁོར་བའི་སྐྱེ་བོ་ཡི།། གཏོང་བ་དང་མཉམ་གཉེན་ནི་ཡོད་པ་མ་ཡིན་ནོ།། མི་ཡི་འཇིག་རྟེན་ནཱ་དང་ལྷ་ན་སྐྱེས་པོ་རྣམས།། གཏོང་བ་ལས་དང་མཉམ་པ་རྣམས་ལས་ལྷག་པར་གྱུར།། རྟ་དང་གླང་པོའི ་སྐྱེ་གནས་སུ་ཡང་གནས་པ་རྣམས།། འབྲས་བུ་དེ་ནི་གཙོ་བོ་ཐོབ་པར་འགྱུར་བའོ།། སྦྱིན་པས་ལོངས་སྤྱོད་རྣམས་ཀྱིས་ཡོངསུ་འཛིན་པ་སྟེ།། ཚུལ་ཁྲིམས་ཀྱིས་བསྲུངས་མཐོ་རིས་སུ་ནི་འགྲོ་བར་འགྱུར།། ཡེ་ཤེས་སྔོན་དུ་འགྲོ་བ་ཅན་གྱི ་ཞོ་བ་ཡིས་ཀྱང་ནི།། རྟེན་དང་བྲལ་བ་གང་ན་གྲངསུ་འགྲོ་བ་འགྲོ་མ་ཡིན།། འཆི་མེད་བདུད་རྩི་དེ་ཡིས་འཐོབ་པའི་ཚོད་དུ་ཡང་།། སྡོམ་པར་གྱུར་པ་རབ་ཏུ་སྦྱིན་པ་ཡིན་པ་ཉིད།། སྦྱིན་པ་དྲན་ནས་རབ་ཏུ་དགའ་བར་གྱུར་པ་སྟེ།། ཡིད་ནི་རིག་ཏུ་དགའ ་ལས་ངེས་པར་ཏིང་འཛིན་ཡིན།། མཉམ་པར་བཞག་ན་ཡང་དག་མཐོ་བ་འདི་རུ་ནི།། སྐྱེ་དང་འགོད་པ་ཤེས་པར་རིམ་གྱིས་འགྱུར་བ་སྟེ།། གཞན་ལོ་སྦྱིན་པ་སྦྱིན་པའི་སྦྱིན་པ་པོ་ཡིས་ནི།། སྙིང་ལ་གནས་པའི་ཉོན་མོངས་རྣམས་ནི་བསྲབ ་པར་གྱུར།། གང་ཞིག་སྦྱིན་པ་སྦྱིན་བྱེད་དེ་ཡི་དོན་རྣམསུ།། ཆགས་པར་གྲགས་པ་དེ་ནི་དང་པོར་ཚོད་པ་ཉིད།། གང་ལ་རབ་ཏུ་བྱམས་པའི་སེམས་ཀྱིས་སྦྱིན་པ་སྟེ།། དེ་ཕྱིར་ཞེ་སྡང་དང་ནི་ང་རྒྱུ་ལ་སྦྱངས་པར་གྱུར།། རབ་ཏུ་ལེན་པ་པོ ་ནི་བདེ་ལྡན་རྣམས་མཐོང་ནས།། གླང་ཞིག་དགའ་སྟེ་དེས་ན་སེར་སྣ་ཡོད་མ་ཡིན།། སྦྱིན་པ་པོས་ནི་སྦྱིན་པའི་འབྲས་བུ་མངོན་རྟོགས་ནས།། མེད་པ་ཉིད་དང་མི་ཤེས་མུན་པ་འཇོམས་པ་པོ།། དེ་ཕྱིར་ཞི་བ་འཕགས་མིན་གྱིས་བསྙེན ་སེར་སྣ་དང་།། སྲེད་པ་གང་ལས་སྦྱིན་པ་བྱེད་པས་བཅོམ་པ་སྟེ།། དེས་ན་ཐར་པའི་ཡན་ལོག་གྱུར་པ་སྦྱིན་པ་ནི།། ཡིན་ཞིང་ཉེས་པ་རབ་ཏུ་ཉམས་ཕྱིར་ཐར་པའོ།། ཇི་ལྟར་གཞན་རྣམས་གྲིབ་མའི་དོན་དུ་ཤིང་འདོད་ཅིང་།། ཁ་ཅིག་འབྲས་བུའི་དོན ་དུ་གཞིན་རྣམས་མེ་ཏོག་ཕྱིར།། དེ་ལྟར་སྦྱིན་པ་ཡོངསུ་སྒྱུར་བར་བྱེད་པ་སྟེ།། ཁྭ་ཅིག་ཞི་བའི་དོན་དུ་གཞན་རྣམས་ནོར་གྱི་ཕྱིར།། དེ་ཕྱིར་ཁྱད་པོར་དུ་ནི་ཁྱིམ་ན་གནས་རྣམས་ཀྱིས།། སྦྱིན་པ་ཇི་ལྟར་ནུས་པ་མཆོག་ནི་གཏེར་ཡིན་ཞིང་།། སྦྱིན་པ ་སྙིང་པོ་མེད་པའི་ནོར་གྱི་སྙིང་པོ་སྟེ།། དམ་པོ་རྣམས་ཀྱི་རྗེས་སུ་སོང་བ་ལམ་འདི་ཡིན།། བཟའ་བ་རབ་ཏུ་སྦྱིན་པར་སྟོབས་ནི་རབ་སྟོར་ཞིང་།། བགོ་བ་སྦྱིན་བྱེད་ལ་ཡང་ལུས་ནི་སྟེར་པོའོ།། གང་གིས་དམ་པ་རྣམས་ལ་གནས་ནི་སྦྱིན་བྱེད་པ།། ་དེས་ཀྱང་འཇིག་རྟེན་དག་ན་ཐམས་ཅད་སྦྱིན་པ་ཡིན།། ཐེག་པ་སྦྱིན་བྱེད་ལ་ཡང་བདེ་བ་སྦྱིན་པ་སྟེ།། མར་མོ་སྦྱིན་བྱེད་ལ་ནི་སྤྱན་མིག་སྦྱིན་པ་ཉིད།། དེ་ནས་དབྲོག་བྱ་མ་ཡིན་འཆི་མེད་རབ་སྦྱིན་ཞིང་།། གང་གིས་མཐར་ཐུག་གྱུར་པའི་ཆོས ་ཀྱིས་སྟོན་པ་ཉིད།། ཁ་ཅིག་འདོད་པའི་ཆེད་དུ་སྦྱིན་པ་གཏོང་བ་སྟེ།། གཞན་ནི་དོན་གྱི་དོན་དུ་གཅིག་ནི་གྲགས་པའི་ཕྱིར།། ཁ་གཅིག་མཐོ་རིས་དོན་དུ་གཞན་ནི་བརྩེ་བའི་ཕྱིར།། ཁྱོད་ཀྱི་སྦྱིན་པ་འདི་ནི་ཆགས་པ་མེད། ་པ་ཡིན།། དེ་ཕྱིར་ལེགས་སོ་ཁྱོད་ནི་སྲེད་པ་དེ་ལྟར་གྱུར།། གང་ཞིག་ཡོང་དག་བསྒྲུངས་མཛོད་འདོད་པ་ཚིམ་པར་ཤོག། རྡུལ་བཅས་མུན་པ་དང་ལྡན་གང་ཁྱེད་འོངས་ནས་ནི།། ཡེ་ཤེས་རྣམ་དགེ་བློ་ནི་རབ་ཏུ་འགྲོ་བར་འགྱུར།། དེ་ཉིད་དེ ་ནི་གཤེགས་པས་ལམ་གྱིས་ཡང་དག་པར། དགའ་བ་བྱས་པ་དང་ཡང་གཞུག་པ་བྱས་པ་ནི།། གཙུག་ལག་ཁང་དེ་སྙིང་ལ་རྣམ་པར་བྱས་ནས་ནི།། ཉེ་རྒྱལ་དང་ནི་ལྷན་ཅིག་དུས་སུ་སོང་བར་གྱུར།། སོང་ནས་དེ་ན་ཀཽ་ཤམ་རྒྱལ་པོའི ་ཁབ་དྲང་ནི།། གཙུག་ལག་ཁང་གི་ས་ལ་སོ་སོར་ཡང་དག་རྒྱུས།། དཔལ་ལྡན་མཉམ་ཞིང་མཛེས་ལ་ཡིད་འོང་ཤིང་ལྡན་པ།། དེར་ནི་དེ་ཡིས་རྒྱལ་བྱེད་ཀྱི་ནི་ཚལ་མཐོང་ངོ་།། དེ་ནས་དེ་ཡི་དོན་དུ་རྒྱལ་བྱེད་ལ་ཞུགས་ཏེ།། དེ་ཡིས་ཆགས་པ ་ལས་ནི་དེ་ལ་མ་བྱིན་ནོ།། ཁྱོད་ཀྱི་གལ་ཏེ་དོན་གྱིས་ཀུན་ནས་བཀྲམ་ན་ཡང་།། ས་ནི་བདག་གིས་སྦྱིན་པ་མ་ཡིན་ཞེས་སྨྲས་སོ།། དེ་ནས་དེར་ནི་བཟང་སྦྱིན་གྱིས་དེ་ལ་སྨྲས་པ།། ཚལ་དེ་ལ་ནི་རིམོ་བྱས་ཤེས་ནི་མངོན་འདོད་དོ།། དེ་ནས་དེས ་ནི་ནོར་གྱིས་ནི་ཡོངས་གཡོགས་ནས།། ཆོས་ཀྱི་ཐ་སྙད་མཐོང་ཞིང་ཉོས་པར་གྱུར་པའོ།། དེ་ཡིས་གཏོང་བ་དེས་ནི་མཐོང་ནས་རྒྱལ་བྱེད་ཀྱིས།། སངས་རྒྱས་ལ་ནི་མཆོག་ཏུ་རབ་ཏུ་དང་བ་བྱས།། ནགས་ཚལ་དེ་ཡི་ལྷག་མ་དག་ནི་ཀུན་ནས ་ནི།། དེ་བཞིན་གཤེགས་པ་ལ་ནི་ཕུལ་བར་གྱུར་པའོ།། དེ་ནས་མགོན་མེད་ཟས་སྦྱིན་གྱིས་ནི་དྲང་སྲོང་ཆེན་པོ་ཡིས།། ཉེ་རྒྱལ་གྱིས་ནི་ངེས་པར་གཟིགས་པར་བྱ་བའི་དོན་ལྡན་པར།། མྱུར་བའི་བློ་གྲོས་དང་། མ་ཆགས་གྲོལ་བའི་སེམས་ཀྱིས་ནི ་མཛེས་ཤིང་དགེ་བ་མཆོག་གི་གཙུག་ལག་ཁང་ན་བྱེད་དུ་བཅུག། ནོར་གྱི་དབང་ཕྱུག་ཉིད་ཀྱི་གནས་ནི་འཕོས་པ་ལྟ་བུ་དང་། བྱང་ཕྱོགས་ཀོ་ཤུ་ལ་ཡི་ཁང་པའི་བདེ་བ་ལྟ་བུ་དང་།། དེ་བཞིན་གཤེགས་པ་ཉིད་ཀྱི་གཞི་ནི་མཚུངས་པ་ལྟ་བུ་དང་། ་རང་གི་ནོར་དང་སྟོབས་ཀྱི་དང་ནི་ལྟ་བ་ཡིན་ཡང་ངོ་།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། མགོན་མེད་ཟས་སྦྱིན་ལ་རྗེསུ་སྟོན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་ཐུབ་པ་སྣ་ཚོགས་ཐ་དད་བློ ་ཅན་གྱི།། སྟོན་པས་ཐམས་ཅད་ཡེ་ཤེས་ཀྱིས་ནི་ཟིལ་མནན་ནས།། བཅུ་ཕྱེད་ཕྲག་རི་ནཱ་དང་གྲོང་ཁྱེར་ནས་རིམ་གྱིས།། རྒྱལ་པོ་བུམ་པས་བསྙེན་པའི་གྲོང་ཁྱེར་དུ་གཤེགསོ།། དེ་ནས་སློབ་མ་སྟོང་ཕྲག་ཙམ་ནི་དུལ་བ་ན།། གཤེགསོ་དེས་ནི ་ཡབ་ཀྱི་ཡུལ་ནི་རབ་ཏུ་ཐོབ།། དེ་ནས་དེ་ལ་རྗེས་སུ་འཛིན་པ་མཛད་བཞེད་པ།། རང་གི་གློག་གི་གནས་ལ་མཐའ་རུ་བསྙེན་པའོ།། དེ་ནས་མདུན་ན་འདོན་དང་བློན་པོ་བློ་གྲོས་ཅན།། དགའ་བའི་གཏམ་ལ་དམ་པ་རྒྱུ་བ་དེ་རྣམས་ཀྱིས།། ཡོངསུ་རྫོགས་པའི ་རབ་རྙེད་འཕགས་པ་སྟེ།། ས་སྐྱོང་རྒྱལ་པོ་དེ་ལ་ཞུས་ཤིང་གསོལ་བའོ།། དེ་ནས་དེ་ནི་འོངས་པ་ཐོས་ནས་ས་སྐྱོང་ནི།། དགའ་བ་ཡོངས་ལྡན་སེམས་ཀྱིས་ལྟ་བར་འདོད་པ་ཡིས།། གྲོང་ཁྱེར་པ་ནི་ཀུན་གྱི་རྗེསུ་འགྲོ་བྱས་པ།། མྱུར་བས་བསྟན་པ ་སྤངས་ཤིང་བསུ་བ་ལ་གཤེགས་སོ།། དྲང་སྲོང་དབུས་སུ་ཚངས་པ་བཞིན་དུ་ནི།། སློབ་མས་བསྐོར་བ་དེ་ནི་རྒྱུད་རིང་ནས་གཟིགས་ནས།། དྲང་སྲོང་ཆེན་པ་ཆོས་ལ་རྗེསུ་འགྲོ་བས་ནི།། ཤིང་རྟ་སྤངས་ནས་རྐང་པ ་རྣམས་ཀྱིས་ཉེ་བར་གཤེགས།། མྱུར་བར་དེ་ཡི་ཉེ་ལོག་སུ་ནི་ཡོངས་ཕྱིན་ནས།། ཐུབ་པ་མཐོང་བ་ཉིད་དེ་དེས་ནི་མ་སྨྲས་སོ།། དེ་ལྟ་བུ་ཞེས་སྨྲ་བར་ནུས་པ་མ་ཡིན་ཞིང་།། དེ་བཞིན་དགེ་སློང་ཞེས་ནི་ནུས་པ་མ་ཡིན་ནོ།། དེ་ནས་དེག་ཡི་དགེ ་སློང་ཆ་ལུགས་དེ་མཐོང་ཞིང་།། བདག་ཏུ་སོང་བའི་སྣ་ཚོགས་དཔལ་ལ་བརྟགས་ནས་ནི།། དབུགས་རིངས་རྒྱུས་ནས་འཆི་མ་རྣམ་པར་བཏོན་པ་སྟེ།། དྲག་ཏུ་མིན་པར་གྱུར་ཅིང་རྣམ་པར་ཟློས་པ་ཉིད།། ལམ་འགྲོ་སྒོམ་པར་གྱུར་པ་མངོན་པ་སོ ་བ་ཡི།། རྒྱང་རིང་དག་ནས་རྫིང་བུ་རྐམ་པོ་མཐོང་ནས་ལྟར།། རང་གནས་རྣམ་པ་དང་བྲལ་ཉེ་བར་ཉེར་བཞུགས་བ།། མཐོང་ནས་བདག་གི་ཉམ་ཐག་སྟོབས་ལྡན་མཆོག་ཏུ་གྱུར།། འཇིག་རྟེནི་མཐའ་རུ་གནས་པའི་སེམས་གྱུར་ཐིམ་པ་ན།། སྡུག ་པའི་རྣམ་འགྱུར་རི་མོར་སོང་བ་ཇི་ལྟ་བར།། གཟུགས་དེ་ཉིད་ནི་མཐོང་བ་ན་ནི་བདག་ལ་ནི།། དགའ་བུ་ཡོད་པ་མ་ཡིན་འདི་ལ་དགའ་བ་ཐལ།། གང་གི་མཐའ་དག་རི་ཡིས་བཟླུམ་པས་ས་གཞི་ནི།། དང་པོའི་དུསུ་ང་ལ་ནུ་ནི་གནས་པ་བཞིན ་གང་ཞིག་དབང་པོ་ལ་ཡང་སློང་བར་འོས་མིན་པ།། བདག་གི་དེ་ནི་ཕ་རོལ་རྣམས་ལ་སློང་མོས་མཚོ།། གངས་འདི་སྙིང་པོ་ལྷུན་པོ་ལ་ནི་ཁྱད་འཕགས་ཤིང་།། གསལ་བས་ཉི་མ་ལང་མཛེས་པས་ཟླ་བ་ལ།། འགྲོས་ཀྱིས་གླང་པོ་ཆེ་ལ ་དབྱངས་ཀྱིས་ཁྱུ་མཆོག་ལ།། དེས་ནི་སློང་མོ་ཟ་ཞིང་ས་ནི་རྫོགས་ལ་མིན།། དེ་ནས་བུ་ཡི་འདུ་ཤེས་ཀྱིས་ནི་འཕྱོ་བ་ཉིད།། རྒྱལ་པོའི་བསམ་པ་འདི་ནི་རྣམ་པར་མཁྱེན་ནས་དང་།། འཇིག་རྟེན་ལྷག་མ་ལྷ་ཡང་རྗེ་སུ་བརྩུ་བ་སྟེ།། དེ་ཡི་དོན་དུ ་སངས་རྒྱས་མཁའ་ལ་འཕུར་བར་གྱུར།། ཉི་མའི་ཤིང་རྟ་ཕྱག་གིས་རེག་པར་མཛད་ནས་ནི།། རླུང་གིས་བསྙེན་པའི་ལམ་ལ་ཞབས་དག་གིས་གཤེགས་ཤིང་།། སྐུ་ལ་གཅིག་ཏུ་གྱུར་ཅིང་དུ་མར་འགྱུར་པ་དང་།། མང་པོ་ཉིད་དུ་གྱུར་ནས ་གཅིག། ཏུ་གྱུར་པའོ།། ས་ལ་ཆུ་བཞིན་དུ་ཡང་ཞུགས་ཤིང་ཐོགས་མེད་ལ།། ཆུ་ཡི་ལོག་ལ་ས་ལ་བཞིན་དུ་སྤྱོད་པ་དང་།། ར་བ་དང་ནི་རི་ལ་ཐང་དཀར་མཛད་པ་དང་།། ཐོགས་པ་མེད་ཅིང་མཁའ་ལ་བཞིན་དུ་རབ་ཏུ་བཞུགས།། ལུས་ཀྱི་ཕྱེད ་ཀྱིས་ཆུ་ཡི་ཆར་པ་འབེབ་པ་དང་།། ཕྱེད་ཀྱི་མེ་བཞིན་དུ་ནི་འབར་བར་གྱུར་པ་སྟེ།། རི་བོས་འབར་བའི་སྨན་དང་རབ་ཏུ་འབར་བ་བཞིན།། མཁའ་ལ་གང་ཞིག་འབར་དང་འབར་བས་མཛེས་པར་གྱུར།། དབང་ཕྱུག་མངོན་པར་འདོད་པའི་སྐྱེ་བོ ་དེ་ཡི་ནི།། སེམས་ཀྱི་རབ་ཏུ་དགའ་བ་དེ་ལྟར་བསྐྱེད་ནས་ནི།། ཉི་མ་གཉིས་པ་བཞིན་དུ་མཁའ་ལ་བཞུགས་ནས་སུ།། མི་སྐྱོང་ལ་ནི་ཆོས་དག་བགྲོ་བར་མཛད་པའོ།། མི་སྐྱོང་ཁྱེད་ཀྱི་བདག་ལ་གང་ཞིག་ལྟོས་པ་དང་།། མྱ་ངན་རྗེསུ་ཞུགས་པ ་སྙིང་རྗེའི་བདག་ཉིད་ཤེས།། བུ་ལ་དགའ་བ་དེ་ནི་ཚོད་མཛོད་ཞི་བར་གཤེགས།། བདག་ལས་བུ་ཡི་གསར་པ་བསྣོམས་མཛོད་ཅིག། གང་ཞིག་སྔོན་ཆད་བུ་ཡིས་པ་ལ་མི་བྱིན་ཞིང་།། སྔོན་ནི་ཕ་ཡིས་བུ་ལས་རབ་ཏུ་མ་ཐོབ་པ།། རྒྱལ ་སྲིད་ལས་ཁྱད་འཕགསྔ་ཤིང་མཐོ་རིས་ལས་ཁྱུད་འཕགས།། རྒྱལ་པོ་མཆོག་གི་བདུད་རྩི་དེ་ནི་བཞེས་མཛོད་ཅིག། ས་སྐྱོང་ལྔས་ཀྱི་བདག་ཉིད་ལས་ཀྱི་སྐྱེ་གནས་དང་།། ལས་ཀྱི་རྟེན་དང་ལས་ཀྱི་རྣམ་སྨིན་སྐལ ་བ་དང་།། ལས་ཀྱི་དབང་གིས་གནས་པར་འགྲོ་བ་ཤེས་ནས་ནི།། ཕན་པའི་ཆེད་དུ་ལས་གང་གྱུར་པ་དེ་བསྙེན་མཛོད།། འཇིག་རྟེན་དེ་ཉིད་རྟོགས་ནས་དང་ནི་བཙལ་ནས་སུ།། དམ་པའི་ལས་ནི་མི་ཡི་བཤེས་ཡིན་གཞན་མ་ཡིན།། ཐམས་ཅད ་བོར་ནས་ལས་དང་ལྷན་ཅིག་ཁྱོད་ཀྱི་ནི།། རྟེན་དང་བྲལ་ཞིང་གཅིག་པུར་འགྲོ་བར་བྱ་བའོ།། ལྷ་འམ་དམྱལ་བ་དུད་འགྲོ་མི་ཡི་འཇིག་རྟེན་དུ།། ལས་ཀྱི་རྟེན་ལས་སོན་པའི་འཇིག་རྟེན་འགྲོ་བ་སྟེ།། སྲིད་པའི་རྒྱུ་ནི་རྣམ་པ་གསུམ་དང་སྐྱེ་གནས ་གསུམ།། སྣ་ཚོགས་ལས་ནི་འཇིག་རྟེན་པ་ཡིས་རབ་ཏུ་བྱེད།། དེ་ཕྱིར་སྡེ་མཚན་གཉིས་ནི་ཡང་དག་འཇུག་པར་དང་།། ལུས་དང་དག་གི་ལས་འདི་རྣམ་པར་དག་པ་དང་།། ཡིད་ཀྱི་རབ་ཏུ་ཞི་ལ་འབད་པར་བྱ་བ་སྟེ།། དེ་ནི་བདག་གི་དོན་ཡིན ་གཞན་དོན་མི་ཡིན་ནོ།། འགྲོ་བ་ཆུ་ཡི་དཔའ་རླབས་གཡོ་བར་ཤེས་ནས་ནི།། བརྟགས་ནས་ཁྱོད་ཀྱི་སྲིད་པ་རྣམས་སུ་དགའ་མི་བྱ།། ལས་ནི་ཡོངས་སུ་ཟད་ཕྱིར་དམ་པའི་ལས་གང་དེས།། མཆོག་ཏུ་བདེ་བའི་དོན་དུ་གང་གྱུར་བསྙེན་པར་བྱ།། ། ་རྒྱུ་སྐར་འཁོར་ལོ་མཁའ་ལ་བཞིན་དུ་རྟག་པར་ནི།། འཇིག་རྟེན་ཡོངསུ་འཁོར་བར་ཤེས་པར་བྱས་ནས་ནི།། རྩེ་མོ་འདས་ནས་ལྷ་ནས་ལྷ་ཡང་ལྟུང་བ་སྟེ།། ཀྱེ་མ་མིར་གྱུར་སྨོས་ཅི་བློ་གཏང་བྱེད་པ་སུ།། བདེ་བ་རྣམས་ལས་མཆོག་ཏུ་ཐར་པའི ་བདེ་བ་དང་།། དགའ་བ་རྣམས་ལས་ལས་བདག་ཏུ་དགའ་བས་གཙོར་ཤེས་ནས།། ལག་འགྲོ་རྣམས་ཀྱི་བྲང་ལ་བཞིན་དུ་བདག་ལྡན་ནི།། སུ་ཞིག་འཇིགས་པ་དུ་མའི་དཔལ་གྱི་བདེ་ལ་དགའ།། དེ་ཕྱིར་རྟེན་པ་ཁྱིམ་ན་མེ་བཞིན ་འཇིག་རྟེན་ནི།། འཇིགས་པ་ཆེན་པོ་དང་ནི་ཡོངས་ལྡན་མཐོང་ནས་ནི།། གང་ཞིག་སྐྱེ་འཆི་ངལ་པ་མྱ་ངན་དང་བྲལ་བ།། ཞི་ཞིང་བརྟེན་པའི་གོ་འཕང་དེ་ནི་སློངས་མཛོད་ཅིག། དོན་གྱིས་མ་ཡིན་ཡུལ་གྱིས་མ་ཡིན་མཚོན་གྱིས་མིན།། ་གང་ལ་རྟ་དང་གླང་པོས་དོན་ནི་ཡོད་མ་ཡིན།། སྐྱོན་ནི་དགྲ་བོ་རྣམས་ཀྱི་སྡེ་དེ་ཚེམས་མཛོད་དང་།། དེ་ལྔས་རྒྱལ་ན་རྣམ་པར་རྒྱལ་བ་གཞལ་དུ་མེད།། སྡུག་བསྔལ་དང་ནི་སྡུག་བསྔལ་གྱི་རྒྱུ་ཞི་བ་དང་།། ཞི་བ་ཡི་ཡང་མངོན་པའི ་ཐབས་ནི་ཤེས་པར་མཛོད།། བཞི་པོ་འདི་ཡི་ཀུན་ནས་ཁོང་དུ་ཆུད་པ་ལས།། འཇིགས་པ་ཆེན་པོ་དང་ནི་ངན་འགྲོ་རྣམས་འགོག་གོ།། དེ་ནས་བདེ་བར་གཤེགས་པས་རྫུ་འཕྲུལ་གྱིས་སྔོན་དུ།། ཞིང་དུ་བྱས་པའི་སེམས་ལ་དགའ་བ ་སྐྱེས་པ་སྟེ།། ཐོས་ནས་མི་སྐྱོང་དེ་ཡིས་ཆོས་ནི་རབ་ཐོབ་ཅིང་།། དགའ་བཞིན་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། བློ་ལྡན་དང་བཅས་འབྲས་བུ་དང་བཅས་ཁྱེད་དགྱེས་ཤིང་།། སྡུག་བསྔལ་ཆེན་པོ་ལས་ནི་རྣམ་གྲོལ་ཁྱེད་དགྱེསོ།། ། ་མྱ་ངན་ཆེད་དུ་དོན་མེངས་སྦྱིན་བདག་དགའ་ལ།། བུ་ཡིས་འབྲས་བུ་དང་ལྡན་བདག་ནི་དགའ་བར་གྱུར།། ཕུན་ཚོགས་སྤངས་ནས་གཤེགས་པ་ཁྱེད་ནི་གནས་སུ་གྱུར།། ངལ་བ་ཆེན་པོས་དུབ་པས་ཁྱེད་ནི་གནསུ་གྱུར།། དགའ་བའི་གཉེན ་འདུན་དགའ་བ་ཁྱོད་ཀྱིས་བོར་བ་རྣམས།། བདག་ཅག་རྣམས་ནི་སྙིང་རྗེ་བར་དུ་གནས་སུ་གྱུར།། ལྷ་ཡི་དྲང་སྲོང་རྣམས་སམ་རྒྱལ་པོའི་དྲང་སྲོང་རྣམས།། དེ་རྣམས་སྔོན་དུས་ན་ཡང་གང་ལ་མ་གཤེགས་པ།། ་ཉམ་ཐག་འཇིག་རྟེན་དག་གི་དགེའ་བའི་ཆེད་དུ་ལམྦ།། ངེས་པར་ལེགས་པ་འདི་དང་ཁྱེད་ཀྱིས་ལྷག་པར་ཐོབ།། ཁྱོད་ནི་འཁོར་ལོས་སྒྱུར་བར་གལ་ཏེ་གྱུར་ན་མི། བདག་གི་དགའ་བ་དེ་ལྟར་འགྱུར་བ་མ་ཡིན་ཞིང་།། རྣམ་པ་དེ་ལྟར་རྫུ་འཕྲུལ ་འདི་དང་ཁྱོད་ཀྱིས་ཆོས།། མཐོང་ནས་ཇི་ལྟར་བདག་གི་བསྟན་པ་དགའ་བར་འགྱུར།། འདིར་ནི་ཡང་སྲིད་ཉིད་དུ་སྦྱོར་བའི་ཆོས་ལ་ནི།། འཁོར་ལོས་སྒྱུར་བས་སྐྱེ་དགུ་རྣམས་ནི་སྐྱོང་བ་སྟེ།། འཁོར་བའི་སྡུག་བསྔལ་ཆེན་པོ་རྣམས་ན ་འཇོམས་པ་ལ།། འཇིག་རྟེན་ཆེད་དུ་ཆོས་ཀྱང་ཐུབ་པ་ཁྱོད་ཀྱིས་གསུངས།། གང་གི་རྫུ་འཕྲུལ་འདི་དང་རྣམ་རྒྱས་བློ་གྲོས་དང་།། འཁོར་བའི་འཇིགས་པ་མཐའ་དག་ངེས་པར་ལོག་པ་ནི།། དཔལ་དང་བྲལ་ཡང་འཇིག་རྟེན་ན་ཁྱོད་དབང ་ཕྱུག་སྟེ།། དཔལ་ནི་འཕེལ་ཡང་དབང་མེད་སྲེད་བཅས་མ་ཡིན་ནོ།། བརྩེ་བའི་ཆོས་ཀྱི་བསྟན་པའི་འོས་གྱུར་པ།། ཤཱཀྱའི་རྒྱལ་པོ་མང་པོར་སྐད་སྨྲས་རྦས་ནི།། རྒྱལ་པོ་ཉིད་དང་ལས་ཉིད་དུ་ནི་གནས་ནས། སྲས་ལ་དེ་ཉིད་ཁོང་དུ་ཆུད་ཕྱིར་ཕྱག་བྱསོ།། ཐུབ་པའི་མཐུ་ནི་ལྷག ་བར་ཐོབ་པ་མཐོང་ནས་དང་།། དེ་ཉིད་རབ་ཏུ་འབིགས་པའི་བསྟན་བཅོས་མཐོང་ནས་དང་། བླ་མ་རྒྱལ་པོས་སྦྱར་བའི་མཆོད་པ་མཐོང་ནས་ནི།། དུ་མ་རྣམས་ཀྱིས་རབ་ཏུ་འབྱུང་ཕྱིར་རེ་འདོད་བྱས།། དེ་ནས་གཞོན་ནུ་མང་པོ་འབྲས་བུ་ལ་གནས ་རྣམས།། ཆོས་ཀྱི་ཆོ་ག་དེ་ཉིད་རབ་ཏུ་ཐོབ་གྱུར་ཏེ།། སྔགས་དང་འདོད་པ་ཆེན་པོ་རྣམས་ལ་བལྟོས་མེད་ནས།། བྱམས་པའི་གཉེན་འདུན་དུ་བ་རྣམས་ནི་སྤངས་ནསོ།། ཀུན་དགའ་མཛེས་དགའ་ཀྲ་མི་ལ་དང་མ་འགགས་པ།། དགའ་བོ ་ཉེ་དགའ་དུག་དང་དེ་ནས་འཁྱིལ་བ་འཛིན།། སློབ་མའི་ལྐོག་ཏུ་སྟོན་པ་ཡིས་ནི་ལྷས་བྱིན་ཏེ།། ཐུབ་པས་རྗེསུ་བསླབས་པ་དེ་རྣམས་བྱུང་བར་གྱུར།། དེ་ནས་མདུན་ན་འདོན་གྱི་བུ་ནི་བདག་ཉིད་ཆེ།། འཆར་ཀས་ལམ་དེ་ཉིད་ལ་རབ་ཏུ ་སོང་བ་སྟེ།། དེ་ཡིས་ངེས་པ་རབ་ཏུ་མཐོང་ནས་དེ་བཞིན་དུ།། ཉེ་བར་འཁོར་དང་རྒྱུན་ཤེས་བུ་ཡིས་བློ་བྱས་སོ།། རྒྱལ་པོ་ཡིས་ཀྱང་སྲས་ཀྱི་མཐུ་ནི་མཐོང་ནས་དང་།། མཆོག་གི་བདུད་རྩིའི་རྒྱུན་ནི་རབ་ཏུ་ཐོབ་བྱས་ནས།། ཆགས་པ་མེད་པར་རྒྱལ ་སྲིད་སྤུན་ཟླ་ལ་བྱིན་ཞིང་།། རྒྱལ་པོའི་དྲང་སྲོང་སྤྱོད་པས་ཁྱིམ་རྣམས་ལ་བསྙེན་ཏོ།། དེ་སྐད་ཅེས་པོ་ལ་སོགསོ་ལེགས་པའི་གཉེན་རྣམས་དང་།། འཁོར་དང་གཉེན་རྣམས་རྗེསུ་བརྟུལ་ནས་སངས་རྒྱས་ནི།། མཆི་མ་དང་བཅས་གྲོང་ཁྱེར་པ་ཡི ་མངོན་དགའ་བ།། རང་གནས་གྲོང་ཁྱེར་ལ་ནི་དུས་སུ་རབ་ཞུགས་པ།། དྲོན་ཀུན་གྲུབ་པ་ཞེས་པ་རྒྱལ་པོའི་སྲས་པོ་ནི།། དོན་མཛད་གྲུབ་པ་གྲོང་ཁྱེར་དུ་ནི་རབ་ཞུགས་པ།། ཞེས་ནི་དོན་ཐོས་ཁང་པ་རྣམསུ་མི་མོ་རྣམས།། སྒོ་རྣམས་དང་ནི་སྐར་ཁུང ་རྣམས་ལ་མཉམ་པར་བརྟེན།། མཚམས་ཀྱི་སྤྲིན་གྱིས་ཕྱེད་བཀག་འོད་ཟེར་ལྡན་པ་བཞིན།། ངུར་སྨྲིག་བསྣམས་ཤིང་མཛེས་པ་དེ་ནི་རབ་མཐོང་ནས།། བུད་མེད་དེ་རྣམས་མིག་ནས་མཆི་མ་ཕྱུང་བ་སྟེ།། པདྨ་དང་མཚུངས་ཐལ་མོ་རྣམས་ཀྱིས ་ཕྱག་འཚལ་ལོ།། ཆོས་ཀྱི་དག་གཟུགས་ཀྱི་གསལ་བར་གྱུར་པ་ནི།། འོག་ཏུ་ཞལ་གཟིགས་གཤེགས་པ་དེ་ནི་མཐོང་གྱུར་ནས།། བརྩེ་བ་དང་ནི་གུས་པ་རྣམ་པར་སྟོན་པ་སྟེ།། མཆི་མས་རྙོགས་པའི་མིག་ཅན་རབ ་མྱོས་མ་རྣམས་ཟློས།། ལེགས་སྐྱེས་དབུ་ནི་བཞར་བར་རྣམ་པར་མཛད་ནས་དང་།། ན་བཟའ་རྙིང་པ་ཡོངས་སུ་གསོལ་ནས་དང་།། སྐུ་ལས་གསེར་གྱི་ཁ་དོག་རབ་ཏུ་གཡོགས་ནས་དང་།། དེས་ནི་སྤྱན་མིག་རབ་ཏུ་བཀོད་ནས་གཤེགས།། ་གང་ཞིག་གདུང་བ་སྐྱོབ་པའི་གདུགས་དཀར་བསྙེན་ཕྱིར་དང་།། སྲས་པོ་རྣམ་པར་དུལ་བ་བལྟ་བའི་ཕྱིར་འོང་ཞིང་།། ཀུན་ནས་གནས་ཕྱིར་འོས་ཤིང་རྒྱལ་བའི་ཕྱིར་འོས་པ།། དེས་ནི་ལྷུང་བཟོད་ཡང་དག་ཡོངསུ་བཟུང་ནས་གཤེགས།། ་འགྲམ་པར་ཏ་མ་ལ་ཡི་ལོ་མ་རྣམ་བཀོད་པའི།། མཛེས་མའི་གདོང་དང་གདུང་པ་སྐྱོབ་པའི་གདུགས་དཀར་ནི།། གང་གིས་བསྙེན་པར་འོས་ཞིང་མགྱོགས་འགྲོ་འོས་པ་སྟེ།། དེས་ནི་ལྷུང་བཟེད་ཡོངསུ་བཟུང་ནས་རྐང་པས་གཤེགས།། ་ས་སྐྱོང་བདག་སྐྱེས་རྣམས་ཀྱི་དགྲ་རྣམས་ཟད་པ་དང་།། དགའ་བ་རྣམས་ཀྱི་ཆགས་དང་འགྲོ་བའི་རྗེས་ཆགས་པར།། བལྟ་བར་འོས་ཤིང་སྣ་ཚོགས་དབུ་རྒྱན་བསྣམས་པ་གང་།། དེས་ནི་ས་ཡི་གཉའ་ཤིང་གང་ཙམ་གཟིགས་ཤིང་ག། ་འདི་ཡི་ལྟ་བ་ཅི་ཞིག་མཚན་ཉིད་དེ་ནི་ཅི།། དོན་གཉེར་ཅི་ཞིག་རོལ་པས་དགྲ་བོར་གྱུར་པ་ཅི།། གང་འདི་བརྟུལ་ཞུགས་དང་ལྷན་ཅིག་རོལ་པ་སྟེ།། བུ་བྱིས་རྣམས་དང་མོ་བཙུན་འཛངས་མ་རྣམས་དང་མིན།། རྒྱལ་པོའི་མནའ་མ་ངེས་པར ་མྱ་ངན་འཛིན་མའོ།། གྲགས་འཛིན་མ་དེ་ཤིན་ཏུ་དཀའ་ཐུབ་བྱེད་པ་སྟེ།། གང་གིས་རྡོ་བོའི་རབ་ཏུ་སྤྱོད་པ་འདི་ཐོས་ཤིང་།། ཐོས་ནས་ཀྱང་ནི་གནས་ཤིང་ཉམས་པར་འགྲོ་བ་མེད་།། འདི་ཡི་གཟུགས་ནི་ངེས་པར་རྗེསུ་མཐུན་པ་དང་།། ་ཁ་དོག་དྲནྡ་པའི་གཟུགས་འདི་སྣང་བ་མཐོང་ནུས་ཀྱང་།། སྲས་འདོད་མི་དབང་རྒྱལ་པོ་ཇི་ལྟ་བུར་གྱུར་ཅིང་།། འཚེ་བའི་དགྲ་བོ་ལ་ཡང་ཇི་ལྟ་བུར་བྱེད་དམ།། མཆི་མས་གང་བའི་སྲས་པོ་སྒྲ་གཅན་འཛིན་མཐོང་ནས།། གལ་ཏེ་དེ་ལྟ ་ཉིད་དུ་འདི་ནི་ཆགས་མ་ཡིན།། བྱིམས་པའི་གཉེན་རྣམས་ཀྱང་གཞན་དུ་ཁ་བལྟས་པ།། འདི་འདྲ་ངེས་པའི་བརྟུལ་ཞུགས་ལ་ནི་དགེ་ལེགས་ཤོག། གཟི་མདངས་དང་ནི་ལུས་ཀྱི་དབྱིབས་དང་འགྲོས་སམ་སྟེ།། བདེ་བའི་རབ་ཏུ ་འཇུག་ལ་ངེས་པར་ཚད་མ་ཡིན།། ཡོན་ཏན་དེ་རྣམས་ངག་གིས་འདི་ནི་མཛེས་པ་སྟེ།། ཞི་བས་ལྡན་ཞིང་ཡུལ་རྣམས་ཀྱིས་ནི་རྣམ་པར་བྲལ།། སྣ་ཚོགས་སྟོན་ནི་རབ་མཚུངས་བསམ་པ་ཡང་དག་ཡོངས་བཟུང་ནས།། དེ་སྐད་ཅེས ་སོགས་རབ་མྱོས་མ་རྣམས་མང་པོ་རྣམ་པར་ལབས།། སངས་རྒྱས་མ་ཆར་ས་ཀྱང་རང་གི་གྲོང་ཁྱེར་ལ་གཤེགས་ནས།། བསོད་སྙོམས་བརྙེས་ཤིང་མྱ་གྲོ་དྷ་ཡི་མཚན་མའི་ནགསུ་གཤེགས།། ཉུང་ངུ་ཉུང་ངུའི་བསོད་སྙོམས ་སྦྱིན་པ་རྣམས་ཀྱིས་ནོར་རྫས་ཕྲ་ཞིང་དགེ་བ་མ་བྱས་སྐྱེ་བོ་སྒྲོལ་བར་མཛད་བཞེད་པ།། སྤྱོད་པ་འདི་ཡིས་ཡང་དག་ཚིམ་པ་མ་ཡིན་དགེ་བ་སྦྱོང་སྐྱེ་བོ་བསམ་པ་མ་ཐུལ་བ་ལ་བརྟེན་པ་མཛད་བཞེད་ལ།། འཇིག་རྟེན་དག་ན་སྒྱིད་དེ ་བ་ཞེས་རྒོལ་བ་ནུབ་པར་མཛད་བཞེད་དེ་བཞིན་ཡོངསུ་བྲིས་ཉིད་སྟོན་པར་མཛད་བཞེད་པ།། རྟག་པར་མཉམ་པ་བསོད་སྙོམས་ཕྱིར་ནི་ཡབ་ཀྱི་གྲོང་ཁྱེར་ལ་ནི་སྐྱེད་མེད་ཐུགས་མངའ་དེ་བཞིན་ག ་པ་བཞུགས་པར་གྱུར།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ཡབ་དང་སྲས་འཇལ་བའི་ལེའུ་སྟེ་བཅུ་དགུ་པའོ།། །། ང་རྒྱལ་ཉིད་ཀྱིས་སྐྱེ་བོ་དམ་པ་མ་རྨོད་ཅིག། བཤེས ་གཉེན་འདུ་ཤེས་དཀའ་ཐུབ་རྣམས་འཇོམས་ཤིག།། ཉོན་མོངས་དབང་གིས་དམ་པའི་བརྟུལ་ཞུགས་མ་བྱེད་ཅིག། དམ་པ་མིན་པའི་ལྟ་བ་ཅུང་ཟད་མ་བསྙེན་ཅིག། མཚར་ལོ་མ་འགྲོ་མི་དགོའི་ལྔས་ལ་མ་གནས་ཤིག། ་རྒྱགས་པར་མ་འགྲོ་དགའ་མིན་མ་བཟོད་མ་ཉན་ཅིག། སྙན་གྲགས་མི་བཟང་བརྫུན་ལ་བློ་གྲོས་མ་འཛིན་ཅིག། བསྟན་བཅོས་མཐོང་ལ་ལྷགས་པར་གཏོར་མ་མ་འཕྲོག་ཅིག། བློ་ནི་མཉམ་པར་ཞོག་ཅིང་ཆོས་ནི་གྱིས་མཛོད་ཅིག། ་དྲམ་པ་རྣམས་དང་སྦྲེལ་མཛོད་རི་མོ་ཁོང་མཛོད་ཅིག། ཇི་ལྟར་ཕུལ་བྱུང་འདི་ནི་ཐོབ་ནས་སླར་ཡང་ནི།། རྒྱ་ཆེར་མངོན་པར་འགྲོ་བ་དེ་ལྟར་གྱིས་མཛོད་ཅིག། བརྩོན་འགྲུས་བརྩམས་ནས་དང་ནི་བསྟན་པ་ཡོངས་བཟུང་ནས།། ། ་རིག་པ་རྣམས་ནི་བསྐྱོད་ནས་སྐྱོན་རྣམས་ཟིལ་མནན་ནས།། འཆི་བ་ཡང་དག་དྲན་ནས་འཕགས་པའི་བྱ་བ་གྱིས།། ཆེ་བའི་བདག་ཉིད་ཐོབ་ནས་ཞི་ལམ་ཐོབ་པར་གྱིས།། གང་གི་འབྲས་བུ་འདི་ནི་ཞི་བ་སྐྱོང་བ་ནི།། ལས་དེ་ཉིད ་ནི་སླར་ཡང་བྱེད་པ་འོས་པ་སྟེ།། ཡིད་གཞུངས་ལྡན་པ་འདི་དང་བྱེད་པ་བྱས་པ་ཉིད།། འབྲས་བུ་གང་ཞིག་མཐོང་བས་ས་བོན་བསྐྲུན་པར་བྱེད།། འདི་ན་མཆོག་གྱུར་གང་ཞིག་སྡིག་པ་བྱེད་པ་སྟེ།། སྣང་བ་དེ་ནི་མུན་པཱ་གནྟ། ་པ་པདགི་ལུགས།། ཚྭས་ནཱི་གཙོ་བོ་སྐྱེས་བུ་གཙོ་བོ་མ་ཡིན་པ།། མུན་པོ་སྣང་བ་ལ་ནི་གནས་པ་བདག་གི་ལུགས།། ཁྱད་འཕགས་གང་ཞིག་ཆོས་ཀྱི་ཆོ་གར་འཇུག་པ་སྟེ།། དཀར་པོ་དཀར་པོར་མཆོག་ཏུ་འགྲོ་བ་བདག་གྲི་ལུགས ་དམན་པ་གང་ཞིག་སྡིག་པའི་ལས་ནི་བྱེད་པ་སྟེ།། དེ་ཡང་མུན་པ་མུན་པའི་མཐའ་རུ་འགྲོ་བ་ལུགས།། དེ་ཕྱིར་ཕུང་པོ་བཞི་པོ་དེ་རྣམས་ཤེས་བྱས་ནས།། རྒྱལ་པོ་འབད་པ་གྱིས་ཤིག་དེ་ལྟར་ཇི་ལྟར་འདིར།། དེ་ནས་བདེ་བར ་གལ་ཏེ་འགྲོ་བར་འདོད་ན་ནི།། ཕྱོགས་ནི་གསུམ་བསྙེན་ཞིང་སྔ་མ་མ་ཡིན་ནོ།། གཞན་གྱི་གཞན་ལ་དགེ་བློ་བྱེད་པ་མ་ཡིན་ཞིང་།། ཅི་སྟེ་བྱེད་ན་དྲི་ལ་རྗེསུ་འགྲོ་མ་ཡིན།། བྱིས་པའི་ཉམས་པ་ཡོད་མིན་རང་ལ་ཐོབ་པ་སྟེ།། མ ་བྱས་པ་ཡི་འོང་བ་འགྲུབ་པ་ཡོད་མ་ཡིན།། མ་བྱས་པ་ཡང་བརྒྱ་ལ་བྱེད་པ་མ་ཡིན་ཞིང་།། མ་བྱས་པ་ནི་གཞན་དུ་དགེ་ལྡེགས་འགྱུར་མ་ཡིན།། དེར་ནི་འགྲོ་བ་ལ་ཡང་ནོར་ནི་ཡོད་མིན་ཏེ།། དེ་ཕྱིར་དགེ་བའི་ལུས་ཀྱི་ཚོ་གར ་འབད་པ་གྱིས།། གང་ཞིག་སྡིག་པ་ལྷག་པར་སྤྱོད་པ་ལེགས་མིན་ཞིང་།། གསོན་པའི་འཇིག་རྟེན་ནི་དེའི་བདག་ལ་དགའ་མ་ཡིན།། བདག་གི་ཆེད་དུ་བདག་གི་སྡིག་པ་བྱས་ནས་ནི།། གཞན་དུ་འབྲས་བུ་བདག་ཉིད་ཁོ་ནས་ལོང་སྤྱོདདོ།། ། ་རྒྱལ་པོ་ཆེན་པོ་རི་བོ་ཆེན་པོ་བཞི་རྣམས་ནི།། འོངས་པ་རྣམས་སུ་འགྲོ་བ་ཀུན་ནས་སྲུབ་པ་སྟེ།། ཆོས་ཀྱི་བྱ་བ་རྣམ་པ་སྣ་ཚོགས་བསྟེན་ལས་ནི།། ཇི་ལྟར་འཐད་པས་གཞན་ན་བྱ་བ་ཅི་ཞིག་ཡོད།། ་དང་རྒུད་པ་ནད་དང་དེ་ནས་འཆི་བ་སྟེ།། བཞི་པོ་འདི་རྣམས་དེ་བཞིན་དུ་ནི་འོངས་པ་སྟེ།། རི་བ་པོ་རྣམས་ཀྱི་ཀུན་ནས་བསྐོར་བ་བཞིན་དུ་ནི།། འཇིག་རྟེན་མཐའ་དག་དབང་མེད་འཁོལ་བར་བྱེད་པའོ།། དེ་ནས་འོངས་པ་རྣམས་སུ ་དབང་མེད་སྡུག་བསྔལ་ཏེ།། རྟེན་ནི་ཡང་མིན་མངོན་དུ་འཐབ་མིནྡ་བསྲུང་བ་མེད།། དྭེར་ནི་བྱེད་པའི་ཆེད་དུ་ནོར་མེད་ཆད་པ་མེད།། ཆོས་ལུས་མ་གཏོགས་སྨན་གཞན་ཡོད་མིན་ནོ།། དེ་ལྟར་མཱི་རྟག་གྱུར་པ་གསོན་པའི་འཇིག ་རྟེན་ན།། གློག་ནི་གཡོ་པའི་ཡུལ་ལ་རབ་ཏུ་ཞུགས་པ་ན།། འཆི་བའི་ལག་པའི་རྩེ་ལ་ཡོངསུ་གནས་པ་སྟེ།། ཆོས་མ་ཡིན་པས་འབྲས་བུ་ལོངས་སྤྱོད་པར་འོས་མིན།། དབང་ཆེན་དང་མཚུངས་མི་དབང་དེ་དང་དེ་རྣམས་ནི།། ་གཡུལ་དུ་ལྷ་ཡི་མངོན་པར་འཐབ་ལ་བྱིན་ནས་ཀྱང་།། རབ་ཏུ་རྒྱས་པ་རྣམས་དང་ངེས་པར་ཟུམ་པ་རྣམས།། དུས་ཀྱི་དུས་སུ་དེ་དང་སྡུག་བསྔལ་སྐལ་བློ།། འབྱུང་པོ་འཛིན་པའི་ས་ཡང་ཟད་པར་འགྲོ་བ་སྟེ།། འཇིགས་པའི་མེས་ནི། ་ལྷུན་པོ་དེ་བཞིན་བསྲེག་པར་བྱེད།། རྒྱ་མཚོ་ཆེན་པོ་ཡོངསུ་བསྐམས་པར་འགྲོ་བ་སྟེ།། ལྦུ་བ་དང་མཚུངས་མི་ཡི་འཇིག་རྟེན་ཀྱེ་མ་ཙ།། ཤུགས་བྱས་ནས་ཀྱང་རླུང་ནི་ཞི་བར་འགྲོ་བ་སྟེ།། འཇིག་རྟེན་གདུངས་ནས་ཀྱང་ནི་ཉི་མ་ནུབ ་པར་འགྲོ།། བསྲེགས་ནས་ཀྱང་ནི་མེ་ཉིད་འདའ་བར་ཉེར་འགྲོ་སྟེ།། གང་དེ་ལྟར་གནས་པར་འགྱུར་བ་ཡིན་སྙམ་མམ།། ལུས་པོ་འདི་ནི་ཡུན་རིང་དུས་སུ་བསྲུངས་ཀྱང་ངམ།། སྣ་ཚོགས་ལོངས་སྤྱོད་རྣམས་ཀྱིས་ཉེ་བར་བསྐྱངས་ཀྱང་ནི།། ། ་དེ་ཡིས་འདིར་ནི་ཉིན་ཞག་འགའ་ཞིག་བཞུགས་ནས་སུ།། སྐྱེ་བོ་ཆེན་པོའི་རྗེ་སུ་བརྩེ་བ་མཛད་ནས་ནི།། སྡེ་རབ་འཕམ་བྱེད་ཀྱིས་ནི་ཕྱག་གིས་མངོན་བསྲུངས་པའི།། གྲོང་ཁྱེར་ལ་ནི་ཆེན་པོའི་ཚོགས་ཀྱི་རབ་ཏུ་དཔགས།། མེ་ཏོག་རབ་རྒྱས ་མྱ་ངན་མེད་པས་གསལ་བྱས་ཤིང་།། ཡན་ལག་དམར་པོར་གྱུར་ཅིང་ཁུ་བྱུག་སྐད་སྒྲོགས་པ།། ཏི་སིའི་གངས་ལྟར་མཐོ་བའི་ལྡིང་ཁང་ཕྲེང་བ་ཅན།། དཔལ་ལྡན་རྒྱལ་བྱེད་ཚལ་ནི་དེ་ནས་རབ་ཏུ་ཐོབ།། དེས་ནི་གཅིང་མའི་ཆུས་གྲང ་ཕྲེང་བ་དཀར་པོ་ཅན།། གསེར་གྱི་བུམ་པ་དང་བཅས་བུམ་པ་བླངས་ནས་ནི།། དེ་ནས་དུས་སུ་རྒྱལ་བྱེད་ཚལ་ནི་བཟང་སྦྱིན་གྱིས།། དེ་བཞིན་གཤེགས་པ་ལ་ནི་རབ་ཏུ་ཕུལ་བར་གྱུར།། དེ་ནས་ཤཱཀྱ་ཐུབ་པ་ལྟ་འདོད་རྒྱལ་པོ་ནི།། སྡེ་རབ ་འཕམ་བྱེད་རྒྱལ་བྱེད་ཚུལ་དུ་སོང་བ་སྟེ།། སྡོང་ནས་དེ་ནས་བཀུར་སྟི་བྱས་ཏེ་ཐུབ་པ་ལ།། རབ་ཏུ་བཏུད་ཅིང་གདན་བྱོས་ཚིག་འདི་གསོལ་པའོ།། ཐུབ་པ་གྲོང་ཁྱེར་འདིར་ནི་ཁྱེད་ཀྱི་གནས་བཞེད་པ།། ངེས་པར་དང་ནརྀ་ཀོ་ས་ལ་རྣམས ་ཀྱི་དགེ་བའོ།། དེ་ཉིད་གཟིགས་པ་འདི་འདྲ་བརྟེན་པ་མེད་པ་ནི།། ཉེ་བར་འཚོ་བྱས་ཡུལ་ནི་སྐལ་བ་མེད་པའམ།། ཁྱེད་མཐོང་བ་འམ་ཡང་ན་མངོན་པར་ཕྱག་འཚལ་བ།། ཡང་དག་ཐོབ་པོ་བདག་ཅག་རྣམས་ཀྱི་རྗེས་བཟུང་ཕྱིར།། ། ་དམ་པ་རྣམས་ཀྱི་འདུས་པ་ཐོབ་ནས་འཇིག་རྟེན་ན།། ཚིམ་པ་མེད་ཀྱང་ཇི་ལྟར་ཚིམ་པ་ཉིད་ཡིན་ནོ།། གང་གི་རྟེན་ཅན་རླུང་ནི་རབ་ཏུ་གཡོས་པ་སྟེ།། དེ་ཡི་བདག་ཉིད་ལས་ནི་ཉེ་བ་ལྔས་འགྲོ་སྟེ།། མཁའ་འགྲོའི ་བྱ་རྣམས་ལྷུན་པོའི་འདུས་པ་ཉེར་ཐོབ་ནས།། རང་བཞིན་རྣམ་པར་སྤངས་ནས་གསེར་དུ་འགྱུར་བའོ།། དེ་ཕྱིར་འདི་དང་ཆེ་གྲེ་མོར་ནི་མགོན་གྱུར་ཅིང་།། སྐྱེ་བོ་ལེགས་པའི་རྟེན་ལས་གཞན་མིན་བདག་གི་ནགས།། གཱ་དྷིའི་སྲས་པོ ་ཐོབ་པ་ཆེན་པོ་རབ་ཐོབ་ནས།། ཕུར་བུ་གསུམ་པའི་ཁྱིམ་ལྟར་ལྟ་ན་མཛེས་པར་གྱུར།། འཇིག་རྟེན་དག་ན་རྙེད་པ་རབ་བརྙེད་སྣ་ཚོགས་པ།། ཚད་དང་ལྡན་པ་དག་ནི་མཛད་པ་ཅན་ཡིན་ལ།། ཁྱེད་ཀྱི་ཉེ་བ་ལས་ནི་དོན་གང་ཡིན་པ ་རྣམས།། དེ་དག་རྣམ་སྡེ་གྲངས་མྱེད་ཉམས་པ་ཡོད་མ་ཡིན།། ལེགས་པ་ཁྱེད་ཀྱི་ངེས་པའི་ལྟ་བའི་ལྟ་བ་ལས།། འདི་ལས་གཞན་དུ་རྙེད་པ་ཤེས་པ་མ་ཡིན་ཞིང་།། ཁྱབ་བ་དགྲ་བདག་ནི་གནོད་པ་རྙེད་ལ་སྡུག་བསྔལ་བ།། ཆགས ་པ་དང་ལྡན་རྒྱལ་པོའི་ཆོས་ལ་སྤྱོད་པར་གྱུར།། དེ་ལྟར་དབང་པོ་དང་མཚུངས་རྒྱལ་པོ་དྲོ་ཡིས་ནི།། རྣམ་པ་དེ་ལྟར་མངོན་དུ་གྱུར་ཏེ་གསན་ནས་ནི།། དོན་དང་འདོད་པ་དག་གི་ཆགས་པ་མཁྱེན་ནས་སུ།། དེ་ཡི་བསམ་པ་ཡང ་ངག་བསྐུལ་པོ་ཐུབ་པས་གསུངས།། མི་དབང་ཁྱོད་ཀྱི་ཚིག་འདི་ངོ་མཚར་ཆེ་མ་ཡིན།། ཁྱོད་ཀྱི་སྤྱོད་པ་འདི་ནི་ལེགས་པ་རྣམས་ལ་མིན།། ལོགས་ནས་འཕོས་པ་འགྲོ་བར་འདོད་པ་རྣམས་ཀྱིས་ནི།། ཕན་པ་འདོད་པའི་དམ་པའི་སྐྱེས་བུ ་རྣམས་ལ་ནི།། གང་ཕྱིར་ས་སྦྱོང་ཁྱེད་ཀྱི་དགོངས་པ་དེ་ཉིད་ནི།། དེས་ནུ་ཁྱོད་ལ་འདིར་ནི་ཅུང་ཟད་སྨྲ་འདོད་ཏེ།། དེ་ནི་ཤེས་པར་གྱིས་ཤིག་བདག་གི་ལྟ་བ་ནི།། འབྲས་བཅས་ཇི་ལྟར་གྱུར་པ་ཁྱེད་ཀྱི་དེ་ལྟར་གྱིས།། མི་སྐྱོང་རྒྱལ་པོའི་དུས་ཀྱིས ་བཅིངས་ནས་བཀུག་པ་ན།། མཛོའ་བཽ་ཤོས་མ་ཡིན་གཉེན་མིན་ཕུན་ཚོགས་རྗེས་འགྲོ་མིན།། ཐམས་ཅད་ཀྱིས་ནི་དམན་ཞིང་དབང་མེད་འགྲོ་བ་ནི།། གྲིབ་མ་བཞིན་དུ་ལས་ཅིག་རྗེས་སུ་འགྲོ་བ་ཉིད།། དེ་ཕྱིར་མཐོ་རིས་དང་ནི་གྲགས་པ་དམ་པ་ནི།། ་མངོན་པར་འདོད་བཞིན་ཆོས་ཀྱི་རྒྱལ་སྲིད་རྗེསུ་སྐྱོངས།། རྨོངས་པ་ལས་ནི་ཆོས་ལ་འཁྲུལ་པའི་རྒྱལ་པོ་ཡི།། རྒྱལ་སྲིད་དེ་ཉིད་མཐོ་རིས་ན་ཡང་མ་ཡིན་ནོ།། འདིར་ནི་རྒྱལ་སྲིད་ཡང་དག་ཡོངསུ་བསྐྱངས་ནས་ནི།། ཆོས་ལས་རིན་མིན་དྷ་རིང ་མཐོ་རིས་རབ་ཐོབ་ནས།། འདིར་ནི་རྨོངས་ལས་མི་ཡི་བདག་པོ་ནི་ཀུམ་བྷ།། ཆོས་ལས་འཕོས་ཤིང་ཀཱ་ཤི་རྣམསུ་ས་ལ་ཞུགས།། འཕགས་པ་ཡི་དང་སྡིག་པ་ཡི་ནི་ལས་ཀྱི་ནི།། ཁྱོད་ལ་དཔེར་བསྟནི་ཞི་བ་བདག་གིས་དེ་སྨྲས་ཏེ།། རང་གིས་སྐྱེ ་དགུ་རྣམས་ནི་རྟག་ཏུ་ལེགས་བསྲུང་ཞིང་།། དཔྱད་ནས་དེ་ཕྱིར་བརྟན་པ་དགེ་ལ་འབད་བ་གྱིས།། ཇི་ལྟར་སྲོག་ཆགས་རྣམས་ནི་གཙེ་བར་མ་བྱེད་ཅིག། རྟག་པར་དབང་པོ་རྣམས་ནི་རོལ་པར་མ་བྱེད་ཅིག། འཕགས་མིན་གྱིས་བསྙེན་ཁྲོ་བ་འཛིན་པར་མ ་བྱེད་ཅིག། མཆོག་མིན་བྱ་བར་སེམས་ནི་གཡོ་བར་མི་བྱེད་ཅིག། ང་རྒྱལ་དང་ནི་རྒྱགས་པ་ཁུར་ནས་དུས་སུ་ནི།། རབ་ཏུ་མཐོར་ཞིང་ཤིང་དུ་གྱུར་པ་ཉིད་ལོག་གྱུར།། རྣམ་པ་དེ་ལྟར་འཇིག་རྟེན་འགྲོ་བ་ཤེས་ནས་སུ།། དེ་ལ་མ་ཉལ་དགེ་བ་ལ ་ནི་གཉིད་མཱ་ལོག། འཁོར་བའི་ཕྱོགས་ནི་གཡོ་བར་འཛེགས་ནས་སུ།། ངེས་པར་ལྷུང་ན་ས་གཞི་བྲག་མེད་འགྱུར་བའོ།། གང་ཞིག་བདེ་ལྔ་འདྲེལ་མིནྨ་དེ་ནི་བསྟེན་བྱ་མིན།། གང་གིས་འབྲས་བུ་ལེགས་མིན་གང ་དེ་བྱ་བ་མིན།། གང་ཞིག་དགེ་ལ་སྦྱོར་མིན་དེ་ནི་བཤེས་མཽ་ཡིན།། སྡུག་བསལ་རྣམ་པར་འཇོམས་མིན་ག་ང་དེ་ཡེ་ཤེས་མིན།། གླལ་ཏེ་ཡེ་ཤེས་མིན་ན་ཡང་སྲིད་མ་ཡིན་ཞིང་།། སྲིད་པར་གྱུར་ན་ལུས་མེད་ཉིད་ལ་ཡིན་པ་སྟེ།། ལུས་སུ ་གྱུར་ན་ཡུལ་ལས་ཐར་པ་མ་ཡིན་ཞིང་།། ཉི་ཚེ་མ་ཡིན་འདོད་པའི་སྙིང་པོ་དོན་མེད་།། གང་ཕྱིར་ལྷ་ན་གནས་རྣམས་དུས་ཀྱི་དབང་གིས་ནི།། གཟུགས་མེད་རྣམས་ཀྱང་མཛད་པ་ཅན་ཕྱིར་མི་རྟག་སྟེ།། དེ་བཞིན་འཇུག་པ་མིན་ལ་བློ་གྲོས ་ཞུགས་བྱ་ཞིང་།། གལ་ཏེ་འཇུག་པ་མེད་ན་སྡུག་བསྔལ་ཡོད་མ་ཡིན།། གང་ཕྱིར་ལུས་ནི་འགྲོ་དང་གནས་པ་ལ་སོགས་པའི།། སྣ་ཚོགས་རྟེན་གྱི་སྡུག་བསྔལ་དག་གི་རྩ་བ་སྟེ།། དེ་ཕྱིར་ལུས་མེང་དུས་ནི་ཡེ་ཤེས་ནུས་པ་གང་།། དེ་ཡོད ་ལུས་ཀྱི་བུ་ལོན་ཡོད་པ་མ་ཡིན་ནོ།། གང་ལས་འགྲོ་བས་འདོད་པའི་ཆེད་དུ་བསྐྱེད་པ་ཡིས།། སྡུག་བསྔལ་ཆེན་པོ་དུ་མ་རྣམས་ལ་ཉེ་ར་འགྲོ་སྟེ།། འདི་ལས་འདོད་པའི་སྲེད་པས་རྣམ་པར་དབེན་ནུས་ཤིང་།། སྡུག་བསྔལ་ཆགས་མེད་ཉམ་ཐག ་ཡོད་མ་ཡིན།། དེ་ཕྱིར་གཟུགས་དང་བྲལ་བའི་ལྷ་རྣམས་ན་ཡང་ངམ།། འདོད་པ་རྣམས་དང་ལྡན་པའི་གཟུགས་ལྡན་རྣམས་ན་ཡང་།། སྐོར་བ་ཉིད་ཕྱིར་འཇུག་པ་ཞི་བ་མ་ཡིན་ན།། འདོད་པར་སྤྱོད་པ་དྲུག་པོ་རྣམསུ་སྔོན་ཉིད་དོ།། རྣམ་པ་དེ ་ལྟར་མི་རྟག་སྡུག་བསྔལ་དེ་མེད་ཅིང་།། རྟག་པར་འབར་བའི་འཇིག་རྟེན་གསུམ་པོ་ཉིད་མཐོང་ནས།། བྱ་ཚང་ཤིང་ལ་སྒོང་སྐྱེས་རྣམས་ཀྱི་གདུང་བ་ལྟར།། གང་དུ་འཇུག་ལ་སྨོན་ལམ་རིགས་པ་མ་ཡིན་ནོ།། མཆོག་དེ་རིག་པར་བྱ ་ཞིང་གཞན་ནི་རེག་བྱ་མིན།། མཆོག་དེ་བློ་གྲོས་ཡིན་ཞིང་གཞན་ནི་བློ་གྲོས་མིན།། མཆོག་དེ་བྱ་བ་ཡིན་ཞིང་གཞན་ནི་གྲུབ་པ་མིན།། ཆོས་འདི་ཁྱིམ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་ཏེ།། ཡོད་པ་མིན་ཞེས་དེ་ལྟར་ངེས་པར་རིག་བྱ་མིན ་གས་སམ་ཁྱིམ་ན་གནས་པ་དག་གི་ཞི་བ་ནི།། གང་གིས་སྒྲུབ་པ་ཡོད་པ་དེ་ཡི་ཡོད་པའོ།། ཚོད་པས་མངོན་པར་གདུངས་པ་ཆུ་ལ་རྣམ་ཞུགས་ཏེ།། སྤྲིན་ལས་ཐམས་ཅད་ཚིམ་པ་ཉེ་བར་འགྲོ་བ་ཉིད།། སྒྲོན་མ་དང་ལྡན་མུན་པ་རུ་ནི ་མཐོང་བ་སྟེ།། རྣལ་འབྱོར་ཚད་མའོ་ན་ཚོད་མ་ཡིན་རིགས་མཱ་ཡིན།། ཁ་ཅིག་ནགས་ན་གནས་ཀྱང་ན་ཚོད་ལ་མི་སྦྱོར།། བརྟུལ་རུ་ཟད་ཅིང་ངན་འགྲོ་ལ་ནི་བསྙེན་པ་ཉིད།། ཁ་ཅིག་ཁྱིམ་ན་གནས་ཀྱང་རྣམ་དག་ལས་ཅནྡ་ནོ།། བག་དང ་ལྡན་པ་དེས་ལེགས་ལ་ནི་བསྙེན་པའོ།། མུན་པའི་རྒྱ་མཚོ་ལ་ནི་ལྟ་ངན་དབའ་རླབས་ཅན།། སྲེད་པའི་ཆུ་ལ་སྲོག་ཆགས་རྣམ་པར་འཕྱོ་རྣམསུ།། ཤེས་རབ་གྲུ་བོ་དྲན་དང་བརྩོན་འགྲུས་སྐྱ་བ་ནི།། གང་གིས་ཡོད་པ་དེ་ནི་དེ་ལ་སྒྲོལ་བ ་ཡོད།། དེ་ལྟར་ཡུལ་ལ་མཆོག་ཏུ་སོང་བའི་རྒྱལ་པོ་དེ་ཡིས་ནི།། ཐམས་ཅད་མཁྱེན་ལས་ཆོས་ཀྱི་དེ་ཉིད་འདི་ནི་ཉེར་ཐོབ་ནས།། རྒྱལ་སྲིད་ངན་པ་མི་རྟག་གཡོ་ཞེས་ཉེར་སྐྱེས་བློ་ཅན་ནོ།། མྱོས་པ་དང་བྲལ་གཉིས་འཐུང་བཞིན་དུ ་མཉན་ཡོད་ཉིད་དུ་ཞུགས།། ས་དབང་བཏུད་པ་དེ་ནི་ཤེས་ནས་མུ་སྟེགས་ཅན་གཞན་རྣམས།། དེར་ནི་སྟོབས་བཅུ་པ་ལ་རྫུ་འཕྲུལ་གྱིས་ནི་འགྲན་བཙུག་གྱུར།། ས་སྐྱོང་ལས་ནི་རྣམ་པར་གསོལ་ལས་དེ ་ནས་བདག་ཕམ་པའི།། དྲང་སྲོང་གིས་ནི་རྫུ་འཕྲུལ་ཆེད་དུ་སྡུག་པས་གནས་པ་བྱས།། དེ་ནས་གསལ་ཞིང་འོད་ཟེར་འཕྲོ་བ་དང་བཅས་དཀྱིལ་འཁོར་ཅན།། སྐར་མ་རྣམས་ནི་འབར་བར་གྱུར་པའི་ཉི་མ་ཤར་བ་བཞིན།། ཡང་དག་དགའ ་མ་པ་སྣ་ཚོགས་བློ་ཅན་སྟོན་པ་རྣམས།། དེར་ནི་ཐུབ་པས་རྫུ་འཕྲུལ་རྣམ་པ་མང་པོས་ཕྲམ་པ་མཛད།། དེ་ནས་མཉན་ཡོད་ཀྱིསྤྱི་དེ་ལས་སྐྱེས་པའི་གྲགས་པ་དང་།། བཀུར་སཱི་ངེས་པ་མཆོག་གི་དཔལ་གྱིས་ཡོང་སུ་སྤངས་པར་གྱུར།། ་དེ་ཉིད་ཀྱིས་ནི་སྲིད་པ་གསུམ་ལས་གྱེན་དུ་འཛེགས་པ་སྟེ།། དེ་ཕྱིར་ཆོས་དག་བསྲུང་བར་བཞེད་ཅིང་ཡུམ་ལ་ཕན་ཕྱིར་རོ།། དེ་ནས་ཐུབ་པ་མཐོ་རིས་གནས་པའི་ཡུམ་ནི་ཡེ་ཤེས་ཀྱིས།། རྣམ་པར་བརྟུལ་ནས་མཐོ་རིས་གཤེགས་པ་ལ ་ནི་རྣམ་ཕུལ་དེས།། མཁའ་ལ་ལྷ་ཡི་རྒྱལ་པོའི་བསོད་སྙོམས་ཚོ་གྲ་བཞིན་བཞེས་ནས།། ལྷ་ཡི་འཇིག་རྟེན་དག་ནས་སྭཾ་ཀ་སར་ནི་ཡང་དག་བབས།། དེ་ལ་གཞལ་མེད་གནམ་སའི་ལྕོགས་ལ་བབས་པ་ཡི།། ཞི་བ་ཐོབ་ཅིང་ལྟོས་པ་དང ་བཅས་ལྷ་རྣམས་རྗེ་སུ་འོངས།། སར་གནས་ན་མཁའི་ལོགས་ལ་གྱེན་དུ་གདོང་ཕྱོགས་རྒྱལ་པོ་ནི།། དེ་དང་དེ་རྣམས་མགོ་བོ་རྣམས་ཀྱིས་བཏུད་ཅིང་རབ་ཏུ་བཟུང་།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ་རྒྱལ་བྱེད་ཀྱི་ཚུལ་རབ་ཏུ་བཞེས་པའི་ལེའུ་སྟེ་ཉི་ཤུ་བའོ།། ། ཐར་འདོད་ལྷ་ན་གནས་རྣམས་དང་།། སྐྱེད་མ་མཐོ་རིས་སུ་བཏུལ་ནས།། ཐུབ་པས་གདུལ་བྱ་རྣམས་འདུལ་ཞིང་།། དེ་ནས་དེ་ནི་འཇིག་རྟེན་རྒྱུས།། རི་ལྔའི ་དབུས་ཀྱི་གྲོང་ཁྱེར་དུ།། འོད་ལྡན་འཚོ་བྱེད་དབང་པོ་དང་།། གྲོ་བཞིན་སྐྱེས་དང་ཡན་ལག་སྦྱིན།། རྣམ་པར་འདྲེན་པས་དེ་ནས་བཏུལ།། རྒྱལ་པོའི་བུ་ནི་འཇིགས་མེད་དང་།། དཔལ་སྔས་དང་ནཱི་ཉེ་བར་འཁོར།། ནྱ་གྲོ་དྷ་སོགས་མཐར་ལྡན ་རྣམས།། སྔ་མའི་ལྟ་བ་ལས་བཟློག་གོ།། ཆོས་ཀྱི་ཐོས་པ་ཉིད་ལས་ནི།། མི་སྐྱོང་དཔལ་ནི་སྤངས་པ་ཅན།། སྤོས་འཛིན་གྱིས་ནི་དབང་ཕྱུག་འདིར།། པདྨ་ཞེས་བྱ་རྣམ་པར་བཏུལ།། དེ་ནས་གནོད་སྦྱིན་གངས་ལྡན་དང་།། རྩེ་མོ་རྒྱས་པ་དེ་ནས་ནི།། ་རྣམ་རྒྱས་ཕ་རོལ་གནོན་པ་ཡིས།། རྣམ་རྒྱས་རི་བོར་བཏུལ་བའོ།། ཡོནྡ་ཏནི་གཟིགས་པས་མི་སྐྱོང་ནི།། ལྷ་བྱེད་བཙུན་མོའི་འཁོར་བཅས་ལ།། འཚོ་བྱེད་ཨོཾ་མུའི་ནགས་ཚལ་དུ།། མཚན་མོ་དད་པར་སྦྱར་བར་མཛད།། དེ་ནས་ཕ་རོལ་འགྲོ ་བ་ཅན།། བྲམ་ཟེ་ཞི་བར་འགྲོ་རྣམས་དེས།། རྡོ་བའི་རི་བློར་ཕྲ་མོ་ཡི།། ཚིགས་བཅད་དོན་རྣམས་ཀློག་ཏུ་བཅུག། དེ་ནས་དམ་པ་དྲན་མཛད་པས།། དངོས་སུ་ནོར་སྦྱིན་མཐོང་བ་མོ།། དགའ་བའི་སྐྱེད་མ་ལེགས་ལྡན་མ།། འོད་མའི་ཚེར་མ་ཅན ་དུ་བཏུལ།། དེ་ནས་བརྟན་ལྡན་གྲོང་ཁྱེར་དུ།། རྩེགས་སྦྱིན་གཉིས་སྐྱེས་དམ་པ་ནི།། མཆོད་སྦྱིན་རྣམ་པ་སྣ་ཚོགས་ཀྱིས།། མཆོད་འདོད་ཐར་པའི་ཆོས་ལ་བཙུད།། དེ་ནས་ལུས་འཕགས་རི་བོ་རུ།། བཅུ་ཕྱེད་རྩེ་མོ་ཉིད་དང་ནི།། ལྷ་མིན་སྐྱེས་མ་དང་ལྷ ་རྣམས།། ངེས་པར་འཛིན་དུ་བཙུད་པར་གྱུར།། དེ་ནུས་ཨངྒའི་གྲོང་ཁྱེར་དུ།། གནོད་སྦྱིན་གང་བ་བཟང་པོ་དང་།། མཆོག་དང་དབྱུག་པ་དཀར་དམར་དང་།། གཏུམ་པོ་ལྟོ་འཕྱེ་ཆེ་རྣམས་བཏུལ།། ཨ་པ་ཎཱ་ཡི ་གྲོང་ཁྱེར་དུ།། བྲམ་ཟེ་ཀེ་བྱ་ཤེ་ལ་དག། དཀའ་ཐུབ་ཐོབ་པ་ཐར་པར་སྦྱར།། འཚེ་བྱེད་སོར་མོའི་ཕྲེང་མོ་ཙནྡ།། བྲན་བཟངས་དང་མཚུངས་གཉིས་སྐྱེས་ནི།། བཅོམ་ལྡན་རྫུ་འཕྲུལ་ཕུན་ཚོགས་ཀྱིས།། ཕྲ་མོ་རྣམས་སུ་བཏུལ་བར་མཛད།། ་གང་བ་བཟང་པོ་དང་མཚུངས་རྫས།། ལུག་ཅེས་བྱ་བ་བཟང་པོས་འཚོ།། ནོར་སྦྱིན་བཟང་དང་བཟང་པོའི་བུ།། བཟང་པོར་ཡང་དག་རྟོགས་པར་མཛོད།། དེ་ནས་ཚངས་པའི་ཚེ་ལྡན་མིང་།། རྣམ་རྒྱལ་ཚངས་པས་ཚེ་ལྡན་པ།། རང་གི ་སྨྲ་བར་སྨྲ་མཆོག་གིས།། ལུས་འཕགས་པོ་ཡི་མདུན་དུ་ཕམ།། ཡངས་པ་ཅན་གྱི་རྫིང་བུ་རུ།། སྲིནྡ་བུ་ཤ་ཟ་དང་སེང་གེ། ལ་སོགས་ལིཙྪ་བི་རྣམས་དང་།། མཆོག་དང་བདེན་བྱེད་ཉིད་བཏུལ་ཏོ།། དེ་ནས་ལས་བཟང་པོས ་གནོད་སྦྱིན།། བཟང་པོ་བཟང་པོའི་སེམས་ལྡན་པས།། རྒྱན་བྱེད་དང་མཚུངས་གྲོང་ཁྱེར་དུ།། ཆོས་ཀྱི་ལམ་ལ་བཙུད་པའོ།། དེ་ནས་བློ་དང་ལྡན་པ་ཡིས།། ཤིན་ཏུ་མི་བཟང་འབྲོག་ཏུ་ནི།། གནོད་སྦྱིན་འབྲོག་གནས་ཞེས་བྱ་དང་།། གཞོན ་ནུ་ལེགས་འོངས་ལ་བསྟན་ཏོ།། དེ་ནས་གནོད་སྦྱིན་སྡིག་མེད་ལ།། གནོད་སྦྱིན་བདག་པོས་ཕྱག་བྱས་པས།། བདེ་དགའི་གྲོང་དུ་ཐར་པ་ནི།། ཐར་པ་གཟིགས་པས་གདམས་པ་མཛད།། ཐུབ་པ་དྲེགས་པ་ཡངས་རྣམས་དང་།། གནོད ་སྦྱིན་དྲག་པོའི་ལས་ཅན་དང་།། ཁ་སྤུ་ལྡན་པ་གཉིས་ལྔ་ནི།། ག་ཡར་དྲང་སྲོང་ཀྱི་སྟན་ཏོ།། དེ་ནས་དྲང་སྲོང་དཀར་མིན་གྱི།། ཚ་བོ་ཀ་ཏྱཱ་ཡ་ནརི་ན།། བ་ར་ཏཱ་སེའི་གྲོང་དུ་མངོན།། ། གཉིས་སྐྱེས་སྟོབས་བཅུ་ལྡན་པས་བཏུལ།། མཚོ་འོབས ་བེབོད་པར་ཕ་རོལ་འགྲོའི།། གྲོང་ལ་རྫུ་འཕྲུལ་གྱིས་གཤེགས་ནས།། དུས་སུ་ཚོང་པ་སྣ་སྟོད་ལ།། དེ་ནས་དེས་ནི་རྗེ་སུ་བསྟན།། རྗེསུ་བསྟེན་དེ་རབ་དང་བས།། དྲང་སྲོང་མཆོག་གི་གཙུག་ལག་ཁང་།། རྟག་པར་དྲི་ལྡན་མཁའ་ལ་རེག། ་ཙནྡ་དནྡ་རང་བཞིན་བྱེད་དུ་བཅུག། དེ་ནུས་གང་དུ་ཐུབ་པའི་ཞབས།། རྡོ་ལས་འཁོར་ལོའི་མཚན་མཐོང་བར།། སེར་སྒྲ་དཀའ་ཐུབ་ལྡན་པ་ནི།། འོད་ཟེར་ལྡན་པ་དེས་བཏུལ་ལོ།། དེ་ནས་གནོད་སྦྱིན་གླང་པོ་ལ།། གླང་པོ་ལྡན་པར་བསྟན ་པ་ནི།། དེ་བཞིན་དྲག་པོ་བོང་བུ་ནི།། བཅོམ་རླག་ཏུ་ནི་བཏུལ་བའོ།། ཡུལ་འཁོར་སྐྱོང་དང་རྫས་མཉམ་པ།། ཡུལ་འཁོར་སྐྱོང་ཞེས་དྲན་པ་ནི།། གྲོང་རྡལ་རགས་པའི་མཛོད་ལྡན་དུ།། སྟོན་པས་དེ་ནས་རྣམ་པར་བཏུལ།། ཚངས་པ་དང་འདྲ ་སྐྱེ་བོ་མཆོག། དགྲ་ཅན་དུ་ནི་བཏུལ་བ་སྟེ།། མཁས་པ་རྒྱ་ཆེན་སྐྱེས་བུ་ཅན།། ཉོན་མོངས་དུལ་བར་དེ་བཞིན་ནོ།། འཇིགས་བཅས་ཀྱི་དེང་མཚམས་བཟངས་ཀྱི།། བུའི་བུ་མོས་འཇུག་བུ་དག་དང་།། མུ་སྟེགས་གཞན་རྣམས་ཀྱིས་མུན་པ།། ་མོཉན་ཡོད་ཉིད་དུ་ཐུབ་པས་བཅོམ།། འདིར་ནི་བྲམ་ཟེ་མཆོག་སྐྱོན་ཅན།། དགེ་སོགས་རྣམས་དང་རིགས་གཙང་དང་།། ཀོ་ས་ལ་ཡི་དབང་ཕྱུག་ནི།། སངས་རྒྱས་ཉིད་ཀྱི་དད་པས་སྦྱར།། དེ་ནས་བྲམ་ཟེ་སུ་ཀ་སཱ་རི་ལ།། ཤེ་ཏ་བི་ཀེའི ་འབྲོག་ཞི་བར།། བསྟན་པ་མཆོག་གིས་བསྟན་པའོ།། དེ་ནས་ཐོབ་པའི་གྲོང་ཁྱེར་དུ།། གྲོང་ཁྱེར་གཙོ་དང་དུས་བྱེད་དང་།། འཇིགས་པའི་ལས་ཅན་ཆུ་སྲིན་ཀླུ།། རབ་ཏུ་མ་ཞི་ཞི་བར་མཛད།། དེ་ནས ་བྷ་ར་གས་རྣམས་སུ་ངེས།། གནོད་སྦྱིན་འཇིགས་བྱེད་བཏུལ་མཛད་ཅིང་།། རིགས་མེད་ཀྱི་ནི་བླ་མ་གཉིས།། རྒན་པོ་དྲི་བཞིན་རྗེས་སུ་བཟུང་།། ནོར་ལྡན་གྱི་མཆོག་དབྱངས་ལྡན་དང་།། བུད་མེད་སྒྱུར་མཆོག་སོགས ་རྣམས་དང་།། སྐྱེས་ཆེན་དེ་རྣམས་དྲི་རྣམས་ནི།། ཀཽ་ཤྲཱིཾ་བཱི་ར་ནཱི་རྗེས་སུ་བཟུང་།། དེ་ནས་སྤོས་འཛིན་ཡུལ་ཉིད་དང་།། ཀླུ་ཆེན་སོགས་མ་མེད་པ་ནི།། དུལ་བའི་བདག་ཉིད་དུལ་བ་ལ།། ནང་གི་ཕ་རོལ་སོན་པ་གཤེགས།། ། ་འབར་ཞིང་འཇིགས་པའི་ལས་ཅན་ནི།། མཐར་བྱེད་བཞིན་དུ་སྲོག་འདོད་པ།། རྣམ་པར་བཏུལ་ནས་མཁས་པ་དེས།། དུས་སུ་དེ་ནས་གདམས་ངག་བསྟན།། དེ་ལ་སོགས་པའི་འབྱུང་པོ་རྣམས།། ས་པ་རྣམས་དང་མཁའ ་འགྲོ་རྣམས།། བརྟུལ་ནས་ཚིགསུ་རྒྱ་མཚོ་བཞིན།། སངས་རྒྱས་གྲགས་པ་འཕེལ་བར་འགྱུར།། ཆེ་བའི་བདག་ཉིད་དེ་མཐོང་ནས།། ལྷས་བྱིན་རློམ་སེམས་བྱས་པ་སྟེ།། བསམ་གཏན་རྣམས་ལས་འཁྲུལ་ཐོབ་ཅིང་།། ་འདྲ་བ་མིན་པ་མང་པོ་བྱས།། ཉེ་བར་བཅོམ་པའི་སེམས་ལྡན་དེས།། ཐུབ་པ་དགེ་འདུན་དབེན་བྱས་ཤིང་།། ཕྱེ་ལས་འདོད་པ་མ་བྱས་ཏེ།། དེ་ལ་གནོད་པའི་ཕྱིར་བརྩམ་སོ།། དེ་ནས་བྱ་རྒོད་ཕུང་པོའི་རིར།། རྡོ་བའི་འཁྲུལ་འཁོར། ་བྱས་པ་སྟེ།། ཐུབ་པའི་སྟེང་དུ་གང་འཕངས་པ།། ལྟུང་བ་མ་ཡིན་གཉིས་སུ་གྱུར།། འཇིག་རྟེན་དུས་སུ་ཆུ་འཛིན་སྔོན་པོ་སྒྲ་སྒྲོགས་པ།། ཟླ་བ་འགོགས་པ་ལ་ནི་མ་ཁཱ་ལ་རླུང་བཞིན་དུ།། དེ་བཞིན་གཤེགས་པ་ལ་ནི ་མངོན་དུ་གདོང་ཕྱོགས་པར།། གླང་པོའི་རྒྱལ་པོའི་ལམ་ལ་གཏད་པའོ།། ལུས་ཀྱིས་བསྣུན་པས་ཡན་ལག་མཆོག་ནི་ཉེར་བླངས་ཤིང་།། མཆི་བས་ཕུག་པས་སྒྱུ་མའི་དྲ་བ་རབ་བཀྲམ་པའི།། ལུས་པོ་རྣམས་ཀྱིས་རྒྱལ་པོའི ་ཁབ་ཀྱི་ལམ་རྣམས་ནི།། རྒྱུ་བར་དཀའ་བར་བྱེད་ལ་མངོན་པར་རབ་ཏུ་ཞུགས།། ཤི་ནི་འདོད་པས་མི་ཡི་བཪྻ་ལ་དམུགས་པ་སྟེ།། མཆེ་བའི་རྩེ་མོ་རེག་ཅིང་གཡོ་བའི་རྒྱུ་མའི་ཕྲེང་།། ཁྲག་གིས་གཤེར་བའི་མགོ་བོ་སྣ ་ལྗགས་དྲག་པོ་ཡིས།། འཕེན་པའི་དོན་དུ་རྡོ་རྣམས་བཞིན་དུ་གྱེན་དུ་འཕེན།། གསུམ་དུ་རབ་དགའི་ཆང་གིས་མཐོར་མའི་དྲི་ལྡན་ཞིང་།། རུལ་པའི་ཁྲག་དང་ཞག་གི་དྲི་ཡིས་བསྒོས་རྣམས་ཀྱིས།། དེ་ཚེ་བསྐོར་ཞིང་མཐའི ་མེད་ཁྲོ་བ་དང་ལྡན་པ།། གྲོང་ཁྱེར་སྐྱེ་བོ་དེ་ལ་སྐྱོ་བས་འཇིགས་པར་བྱེད།། གཉིས་མཐུང་མྱོས་པ་དུས་ཀྱི་དབྱུག་པ་འཇིགས་འདྲ་བ།། ཁྱེང་སཱ་ལས་གདོང་ནི་བཅོས་ཤིང་སྒྲ་སྐད་འཐོན་པ་སྟེ།། ཁྲོས་པས་རྣམ་པར་ལོག་པའི ་མིག་ཅན་དེ་མཐོང་ནས།། ཧ་ཧ་ཞེས་པོ་རྒྱལ་པོའི་ཁབ་ནས་བྱུང་བར་གྱུར།། ཁ་ཅིག་ཡིད་མི་བདེ་བས་ཕྱོགསུ་བྲོས་པ་སྟེ།། གཞན་ནི་མཐོང་བ་མིན་པའི་ཡུལ་རྣམས་ལ་ཐིམ་ཞིང་།། དེ་བཞིན་འཇིགས་པ་ལས་གཞན་འཇིགས ་པ་མ་བཟུང་ནས།། གཞན་རྣམས་གཞན་རྣམས་ངག་གི་ཁྱིམ་རྣམས་ལ་ཞུགསོ།། ཁ་ཅིག་རྣ་བར་འདུག་པའི་སེང་གེའི་སྒྲ་རྣམས་ནི།། རང་གི་སྲོག་ལ་ཐེ་ཚོམ་ཡང་དག་མ་བསམས་ཤིང་།། སངས་རྒྱས ་ལ་ནི་མངོན་པར་འཚེ་བ་མ་བྱེད་ཅེས།། རབ་ཏུ་བཟུང་ནས་གཉིས་འཐུང་དེ་ལ་རྒྱབ་ནས་འབོད།། དེ་བཞིན་གཞན་རྣམས་གླང་པོ་སྐྱོང་ལ་འབོད་པ་སྟེ།། གཞན་རྣམས་འདི་ལ་ཐལ་མོ་དག་གིས་ཕྱག་འཚལོ།། དེ་ནས་དེ་ལ་གཞན ་རྣམས་དེ་ལ་བསྡིགས་པར་བྱེད་པ་སྟེ།། ཁ་ཅིག་ནོར་གྱི་སྲེད་ཅིང་འདོད་པར་བྱེད་པའོ།། རླུང་འགྲོས་སྐར་ཁུང་དག་ནས་རྣམ་པར་ལྕི་བཞིན་དུ།། ལང་ཚོ་མ་རྣམས་ལག་པ་གཡོ་ཞིང་དུ་བ་སྟེ།། འཇིགས་མ་གཞན་རྣམས་གསེར་གྱི ་གདུ་བུ་དག་དང་ལྡན་པ་ཡིས།། ཟངས་མདོག་ལག་པ་རྣམས་ཀྱིས་མིག་རྣམས་འགེབས་པའོ།། ཡོངས་སུ་རོ་མྱོང་གླང་པོས་འཇོམས་པར་འདོད་པ་ན།། གྱེན་དུ་ལག་བཏེག་སྐྱེ་བོ་དུ་བར་གྱུར་ན་ཡང་།། གཤེགས་པ་མེད་ཅིང་གནོད ་པ་མི་མངའ་བར།། བདེ་བར་གཤེགས་པ་རང་གནས་རྣམ་འགྱུར་མེད་པར་གཤེགས།། བྱམས་པས་འབྱུང་པོ་རྣམས་ལ་རྗེསུ་བརྩེ་བ་ནི།། གུས་པས་ལྷ་རྣམས་ཀྱིས་ནི་རྗེསུ་འགྲོ་བ་སྟེ།། དེ་ལ་དབང་པོ་ཆེས་ཀྱང་རེག་པ་རུ།། ནུས ་པ་མ་ཡིན་གང་ཕྱིར་ཐུབ་པ་བརྟན་པར་གཤེགས།། གང་ཞིག་སངས་རྒྱས་ལ་ནི་རྗེས་འགྲོ་དགེ་སློང་སྟེ།། དེས་ནི་རྒྱང་ནས་གླང་ཆེན་མཐོང་ནས་བྲོས་པ་སྟེ།། སྣ་ཚོགས་བདག་ཉིད་འཇིག་རྟེན་རང་ཉིད་ཀྱིས་བཞིན་དུ།། ཀུན་དགའ ་བོཔོ་གཅིག་སངས་རྒྱས་ལ་ནི་རྗེ་སུ་སོང་།། དེ་ནས་གླང་ཆེན་ཁྲོས་པ་དེ་ནི་ཉེར་འོངས་ནས།། ཐུབ་པའི་མཐུ་ལས་འདུ་ཤེས་ཉེ་བར་ཐོབ་པ་སྟེ།། མིག་སྨན་རི་བོ་རྡོ་རྗེས་ཕྱེ་མར་བཅོམ་པ་བཞིན།། ལུས་པོ་རབ་ཏུ་ཟགས་ཤིང་སྤྱི་བོས ་འགྱེལ་བར་གྱུར།། དེ་ལ་ཤིན་ཏུ་མཛེས་ཤིང་འཇམ་སྐྱེས་འཇམ་པོ་ཡིས།། ལེག་སྐྱེ་སོར་མོའི་དྲ་བའི་ཕྱག་གི་མགོ་བོ་ལ།། ཟླ་བ་ཆུ་འཛིན་ལ་ནི་འོད་ཟེར་གྱིས་བཞིན་དུ།། གཉིས་འཐུང་དབང་པོ་ལ་ནི་ཐུབ་པས་རེག་པར་གྱུར།། ཆུ ་ཡི་ཤིན་ཏུ་ཁུར་ལས་དུས་ཀྱི་སྤྲིན་བཞིན་དུ།། ཞབས་ཀྱི་རྩ་བར་གཉིས་འཐུང་དེ་ནི་བསྡད་པ་སྟེ།། ཐུབ་པས་རྣ་བའི་ཏཱ་ལ་གཡོ་མེད་ལ་གཟིགས་ཤིང་།། དེ་ལ་སེམས་ཅནྡ་ལ་འོས་ཞི་བས་བསྟན་པའོ།། སྡིག་མེད་དང་བཅས་རྣམ་པར ་འཇོམས་པ་སྡུག་བསྔལ་ཏེ།། སྡིག་མེད་ཉིད་ལ་གླང་ཆེན་གནོད་པ་མ་བྱེད་ཅིག། སྲིད་པ་སྲིད་པར་སྡིག་མེད་བཅོམ་པའི་སྲོག་ཆགས་ཀྱིས།། བདེ་འགྲོ་བརྒྱད་ལ་གླང་ཆེན་འགྱུར་པ་མ་ཡིན་ནོ།། འདོད་ཆགས་དང་ནི་ཞེ་སྡང་དེ ་བཞིན་གཏི་མུག་སྟེ།། གླང་ཆེན་གསུམ་པོ་བཟོད་པར་དཀའ་བའི་ཆང་ཡིན་ལ།། ཆང་གསུམ་རྣམས་དང་ཐུབ་པ་རྣམས་ནི་བྲལ་བ་སྟེ།། རིམས་ནད་མེད་ཅིང་མྱ་ངན་འདས་པ་མངོན་པར་བརྙེས།། དེ་ཕྱིར་མུན་པར་འདོད་པ་འདི་ནི་སྤོང ་འདོད་པ།། ཆང་ནི་སྤོང་ལ་རང་བཞིན་འདུ་ཤེས་ཐོབ་པར་གྱིས།། འཁོ་བཱི་རྒྱ་མཚོའི་འདམ་ནི་རྒྱས་པར་ཆགས་པ་སྟེ།། སླར་ཡང་དེ་ལྟར་གཉིས་འཐུང་དབང་པོ་མ་ལྟུང་ཞིག། དེ་ནས་གླང་པོ་དེས་ནི་གསུང་འདི་ཐོས་ནས་སུ།། ཆང་ནི་སྤངས ་ཤིང་ཡང་དག་རིག་པར་སྤྱོད་པ་སྟེ།། བདུད་རྩི་འཐུངས་ནས་ནང་རྣམས་དག་ལས་གྲོལ་བ་བཞིན།། ནང་དུ་སོང་བའི་བདེ་བ་དམ་བྱ་ཐོ་པར་གྱུར།། སློབ་མ་བཞིན་དུ་རྩུབ་ལ་རབ་བཏུད་དེ་མ་ཐག། ཆང་ནི་ཡོད ་སྤངས་གླང་པོའི་དབང་པོ་དེ་མཐོང་ནས།། ཁ་ཅིག་གོས་རྣམས་བསྐོར་ཞིང་གཡུག་པར་གྱུར་པ་དེས།། གཞན་རྣམས་ལག་པ་རྣམས་ནི་རྡེ་བས་ཤིང་དེ་འདོན་ཏོ།། གཞན་རྣམས་ཀྱིས་ནི་ཐུབ་པ་ཕྱག་འཚལ་ཞིང་།། དེ་ནས་དེ་ལ་གཞུན ་རྣམས་བསྐོར་བ་བྱས་པ་སྟེ།། གཞན་རྣམས་འཕགས་པ་ཉིད་ལས་གླང་ཆེན་ལ་བསྟོད་ཅིང་།། ཡ་མཚན་དང་བཅས་གཞན་རྣམས་རེག་པའོ།། ལྡིང་ཁང་ལ་གནས་བུད་མེད་གཞན་རྣམས་དེ་ལ་ནི།། གཙང་ཞིང་རིན་ཐང་ཆེན་པོའི་རྒ ་རྣམས་ཀྱིས་མཆོད་ཅིང་།། གཞན་རྣམས་གསར་བའི་ཕྲེང་བ་ཡོན་ཏན་ཡིད་འོང་དང་།། རྒྱུན་ནི་དེ་དང་དེ་དྲུག་རྣམས་ཀྱིས་མངོན་པར་འཐོར།། དུས་དང་མཚུངས་པའི་གླང་པོ་དུལ་བར་གནས་པ་ན།། སྐྱེ་བློ་དད་པ་མེད་པ་དབུས་ནས ་སོང་བ་སྟེ།། དབུས་ནས་ཁྱད་པར་ལས་ནི་དང་བར་རབ་སོང་ཞིང་།། དད་པ་རྣམས་ཀྱང་ག་དེ་བརྟན་པར་ཉེ་བར་སོང་།། དད་པ་ལ་གནས་མྱ་སྐྱེས་དགྲ་ནི་ཐུབ་པ་ཡི།། གླང་ཆེན་དབང་པོ་དེ་ནི་བཏུལ་བ་མཐོང་ནས་ནི།། ཡ་མཚན་གྱུར་ཅིང ་དེ་ནས་དགའ་བ་སྐྱེས་པ་སྟེ།། སངས་རྒྱས་ལ་ནི་མཆོག་ཏུ་དད་པ་བྱས་པའོ།། ཉོན་མོངས་རྩོད་ལྡན་དུས་ནི་འོངས་ནས་སླར་ཡང་ཆོས་དོན་བཞིན།། དེ་ལྟར་རྫུ་འཕྲུལ་དང་ལྡན་སྙན་གྲགས་མཆོག་རྣམས་ཀྱིས།། རབ་ཏུ་གནས་པའི ་དཀའ་ལྡན་ཐུབ་པ་མཆོག་འཕེལ་ཏོ།། མི་དགེ་བ་དང་ཡོངསུ་ལྡན་པའི་ལྷས་བྱིན་ནི།། ཉོན་མོངས་སྡིག་པའི་ལས་ནི་མང་པོ་བྱས་ནས་ནི།། མི་སྐྱོང་སྟེ་ན་རྐུ་བ་གཉིས་སྐྱེས་དྲང་སྲོང་གི། དམོད་པ་ལས་བཞིན་པ་ཡི་འོག་ཏུ་བྱིང་བར ་གྱུར།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པ་ལས། ལས་ཀྱི་རྒྱུན་གྱི་ལེའུ་སྟེ། ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་འཇིག་རྟེན་རྗེས་བཟུང་ནས།། དུས་ཀྱི་སྨྲ་བུ་རྣམས་ཀྱི་མཆོག། ཆོས་ཀྱི་སྭ་ནི ་ཁྱབ་མཛད་ནས།། མྱ་ངན་འདའ་བ་དང་མཚུངས་དགོངས།། དེ་ནས་དུས་སུ་རྒྱལ་ཁོབ་ནས།། པ་ཊཱ་ལི་ཡི་གྲོང་དུ་གཤེགས།། མཆོད་རྟེན་པཱ་ཊ་ལ་མཚོན་པ།། དེར་ནི་འཕགས་པ་དེ་བཞུགསོ།། དུས་ནི་དེ་ཆེ་གྲོང་ཁྱེར་གྱི།། ལིཙྪ་ཝི་ནཱི ་ཞི་བའི་ཕྱིར།། མ་གཽ་དྷ་ཡི་རྒྱལ་པོ་ཡི།། བློན་པོ་ཆར་དབྱིབས་ཀྱིས་བྱས་སྐྱོ།། ལྷ་རྣམས་ཀྱིས་དེར་རང་གི་ནོར།། ཉེ་བར་ལེན་པ་རབ་གཟིགས་ནས།། གྲོང་དེ་འགྲོ་ན་ཕུལ་བྱུང་དུ།། དེ་བཞིན་གཤེགས་རྣམ་པར་གསུངས།། དེ་ཚེ་ཆར་པའི ་རྣམ་པ་ཡི།། བཀུར་བྱས་བྱེད་པ་རྣམས་ཀྱི་མཆོག། རྒྱ་མཚོའི་ཆུང་མ་གོ་ཙོ་མོ་ལ།། མངོན་ཕྱོགས་སློབ་མ་དང་བཅས་གཤེགས།། གངྒཱའི་འགྲམ་དུ་དེ་གཤེགས་ནས།། ཇི་ལྟར་རྙེད་གྲུ་དེ་དང་དེས།། སྐྱེ་བོ་རྣམས་ནི་སྒྲོལ་བ་གཟིགས།། ་དེ་རྣམས་གཟིགས་ནས་ཐུགས་མཛད་དོ།། འབད་པས་ཆུ་བོ་སྒྲོལ་བ་ལ།། བདག་གི་དེ་ལྟར་འདྲ་མ་ཡིན།། དེ་ཕྱིར་རྫུ་འཕྲུལ་མཐུ་ཡིས་ནི།། བདག་གི་གྲུ་མེད་རབ་ཏུ་འགྲོ།། དེ་ལྟར་དེར་ནི་སློབ་མར་བཅས།། ལྷ་ཡི ་རྣམས་ལ་མི་སྣང་ཞིང་།། རླུང་གི་འགྲོས་ཀྱང་ཕན་མཛད་ནས།། སྐད་ཅིག་གིས་ནི་ཕ་རོལ་འགྱུར།། སྡུག་བསྔལ་མཚོ་ཡིས་ཕ་རོལ་སྔོན།། ཡེ་ཤེས་གྲུ་བོས་དེ་མཁྱེན་ནས།། སླར་ཡང་གྲུ་འདི་མ་དམི ་ནས།། ཐུབ་པས་གངྒཱ་བསྒྲལ་བའོ།། བཅོམ་ལྡན་ཉི་མ་མཛེས་པ་ནི།། གང་གི་སྒོ་ལས་ངེས་འབྱུང་བ།། དེ་ནི་དེ་ཚེ་གཽ་ཏམ་སྦྱོར།། དེ་ལ་མཆོད་དོན་ཉིད་དུ་བྱས།། འགྲམ་གང་དག་ལས་རྣམ་འདྲེན་པོ།། གངྒཱའི་ཕ་རོལ་ཏུ་གཤེགས་པ།། དེ་ནི ་སྟེགས་སུ་འགྲོ་ལ་གྲགས།། དེ་ཡི་རིགས་ཀྱི་མངོན་པར་བརྗོད།། དེ་ནས་སྒྲོལ་འདོད་མི་རྣམས་དང་།། རྒལ་བ་རྣམས་དང་སྒྲོལ་བ་རྣམས།། ཡ་མཚན་རྣམས་རྒྱས་གདོང་རྣམས་ཀྱི།། མིག་རྣམས་དེ་ལ་ལྟུང་བར་གྱུར།། དེ་ནས་གངྒཱའི་འགྲོ ་ནས་ནི།། སངས་རྒྱས་ཀུ་ཌིའི་གྲོང་དུ་གཤེགས།། དེར་ནི་ཆོས་བསྟན་གཏམ་མཛད་ནས།། ནཱ་དཱའི་ཀ་ར་ནི་མངོན་པར་གཤེགས།། དུས་ནི་དེ་ཚེ་དེ་ན་ནི།། སྐྱེ་བོ་ཆེན་པོ་རྒུད་པ་སྟེ།། གང་གི་གང་དུ་གང་འགྲོ་བ།། དེ་རྣམས ་ལྔ་དེར་ཐུབ་པས་གསུངས།། དེར་ནི་མཚན་མོ་གཅིག་ཕུལ་བས།། ཡངས་པ་ཅན་གྱི་གྲོང་དུ་གཤེགས།། དེ་ནས་ཨ་མཱ་སྐྱོང་མའི་ས།། དཔལ་ལྡན་ཚལ་དུ་དཔལ་སྡུག་གཤེགས།། ཨ་མྲ་སྐྱོང་མ་རེ་མའི་གཙོ།། རྣམ་པར ་འདྲེན་པ་དེར་ཐོས་ནས།། རྣམ་དལ་ཐེག་པ་ལ་གནས་ནས།། མཆོག་ཏུ་དགའ་བས་རབ་ཏུ་སོང་།། ཕྲ་བའི་གོས་དཀར་འཛིན་པ་མོ།། ཕྲེང་བ་མེད་ཅིང་བྱུག་བྲལ་མ།། ལྷ་ཡི་བྱ་བའི་དུས་སུ་ནི།། ལོགས་པར་རིགས་ཀྱི་མནའ་མ ་འདྲ།། རང་གི་གཟུགས་ཀྱིས་ཁེངས་པ་ཡི།། དམ་པ་ལིཙྪ་ཝི་རྣམས་ཀྱི།། སེམས་རྣམས་དང་ནི་ནོར་རྣམས་དང་།། ཡོན་ཏན་མཐའ་དག་རྣམས་ཀྱི་ཕྲོགས།། དཔལ་དང་མཛེས་པ་བརྟན་པ་ཡིས།། ནགས་ཀྱིས་ལྷ་མོའི་གཟུགས་འདྲ་བ།། ་ནི་ཐེག་པ་ལ་བབས་ནས།། སྐྱེན་པར་ནགས་དེར་རག་ཏུ་ཞུགས།། རིགས་ཀྱི་མོ་བཙུན་གདུང་བ་མོ།། མིག་རབ་གཡོ་བ་དེ་གཟིགས་ནས།། བདེ་བར་གཤེགས་པས་རྔ་དབྱངས་ཀྱིས།། དགེ་སློང་རྣམས་ལ་བཀའ་སྩལ་པ།། སྟོབས ་ཆུང་རྣམས་ཀྱིས་ཡིད་ཀྱི་རིམྦོ།། ཨ་མྲ་སྐྱོང་མ་འདི་སྔོན་འོངས།། དྲན་ལྡན་བདུད་རྩིའི་སེམས་ལྡན་རྣམས།། ཡེ་ཤེས་ཀྱིས་ནི་ཁྱེད་རྣམས་གནས།། ཉེ་སར་སྦྲུལ་ནི་མཆོག་ཡིན་ཞིང་།། རལ་གྲི་གདེངས་པའི་དགྲ་བོ་མཆོག། དྲན ་དང་ཡེ་ཤེས་རྣམ་བྲལ་བའི།། ཉེ་སར་བུད་མེད་རྣམས་མ་ཡིན།། བསྡད་པ་འམ་ནི་ཉལ་བ་འམ།། འགྲོ་བ་འམ་ཡང་ན་གནས་པ་འམ།། བུད་མེད་རི་མོར་བྲིས་པས་ཀྱང་།། མི་རྣམས་ཀྱི་ནི་ཡིད་འཕྲོག་གོ། འདི་རྣམས་ཞེན་བས ་ཉམ་ཐག་གམ།། གྱེན་དུ་ལག་བཏེག་དུ་ནཱ་ཡང་།། སྐྲ་བཀྲམ་རྣམས་ཀྱི་བསྲེག་པ་རུ།། ནུས་ནུ་མོ་བཙུན་རྣམས་སྔོན་ཉིད།། ཕ་རོལ་པོ་འབྲེལ་རྣམ་མང་པོའི།། ད་བྲོག་བྱ་ཡོན་ཏན་གྱིས་བསླུས་རྣམས།། དེ་ཡི་རུང་བཞིན་མ་མཐོང་སྟེ།། ། ་བུད་མེད་རྣམས་ལ་བྱིས་རྣམས་རྨོངས།། མི་རྟག་སྡུག་བསྔལ་བདག་མེད་དང་།། མི་དགེ་བ་ཞེས་མཐོང་ནས་ནི།། ལྟ་ཞིང་བསྒོམ་པ་པོ་རྣམས་ཀྱི།། སེམས་ནི་ཟིལ་གྱིས་ནོན་མ་ཡིན།། གནས་དེ་རྣམས་སུ་ལེགས་གོམས་བློ།། སྤྱོད་ཡུལ ་དུ་། ནསས་ས་སུ་སྨྲ། ན། སྨྲ་སྨྲ་། ས་རྣ། ་ཤི་།། སྣརུབ་ཀྱི་འདུ་ཤེས་ན་དུམ་སྷོ།། ལྕགས་མ་ཙྪ་མི་ཡིས།། ཊཱིག་ལ་རྙོག་པ་མཆོག་ཡིན་ནི་།། གཡོ་བའི་སྤྱན་བུང་སྐྱེད་ལ།། རྩཝ་རུ་ས་དྲན་པས་མེ།། ཎྜི་རྒྱགས་ས ་དུས་བྱེད་ན།། དུ་འགྲོའམ་ནི་འོག་ཉི་དུ།། དབང་སྟོང་བཅིངས་རྒྱས་འཁྲིད་པར་བྱེད།། དེ་ཕྱིར་འཇིགས་པ་འདི་དབྱེསྨྲ་ནུས།། མཚན་མེ་སློང་ས་དྷ་མི་བྱཱ་ཞིང་།། ལུས་པ་ལནྡྷ་གཟུགས་ཙམ་དུ།། གླང་གིས་མཐོང་བ་དེ་མཐོང་ངོ་།། ་པོས་འཇིག་རྟེན་ན་ཡུལ་རྣམས།། འཆི་མེད་དབང་པོ་རྣམས་ངེས་མིན། གང་ཞིག་དུ་རྣམས་ལ་ཚུགས་གྱུར།། དེ་ནི་དེ་རྣམས་ལས་འཆིང་ངོ་།། བ་ལོང་གཉིས་ཀྱི་སྦྱོར་བའི་ཕྱིར།། སྦྱོར་བ་ལ་གཅིག་ཇི་ལྟར་འགྱུར།། ཡུལ་དང་དབང་པོ ་དེ་དག་ནི།། རྨུགས་པ་པན་ཚུན་དེ་ལྟར་མིན།། མིག་གིས་གཟུགས་ནི་འཛིན་པ་སྟེ།། སེམས་ཀྱི་རྣམ་པར་རྟོགས་བྱར་བྱེད།། རྣས་པར་རྟོགས་ལས་དེར་སྨྲ་ཞིང་།། ཆགས་དང་རྒྱགས་བྲལ་ཉིད་མྱེད་ངོ་།། རྣམ་པར་མ་བརྟགས ་དབང་པོའི་དོན།། གལ་ཏེ་དོན་མེད་ཆེར་གྱུར་ན།། དབང་པོའི་སྤྱོད་ཡུལ་ལ་སྤྱོད་པ།། ཐམས་ཅད་དོན་མེད་ཀྱིས་སྦྱོར་ཏོ།། དེ་ཕྱིར་མ་དོར་དྲན་པས་དང་།། བག་ཡོད་མཆོག་ཏུ་འགྲོ་བས་དང་།། རང་དོན་རྗེ་སུ་མཐོང་བས་དང་།། གདུང ་མེད་སེམས་ཀྱིས་བསྒོམ་པར་བྱ།། དེ་ལྟར་དོན་མཐར་མ་གྱུར་པའི།། དགེ་སློང་རྣམས་ལ་དེ་རྗེས་བསྟན།། ལྟོས་བྱས་ཨ་མྲ་སྐྱོང་མ་ནི།། ཐལ་མོ་སྦྱར་བྱས་ཉེ་བར་འོངས།། དེས་ནི་ཐུགས་ཞི་དྲང་སྲོང་མ།། ཤིང་དྲུང་གནས་པ་མཐོང ་ནས་ནི།། ནགས་ཀྱི་ཡོངས་སུ་ལོངས་སྤྱོད་ཀྱིས།། མཆོག་ཏུ་རྗེས་སུ་འཛིན་པ་སྙམ།། དེ་ནས་བཀུར་སྟི་མང་པོ་ལས།། གཡོ་ཡང་ལྟ་བྱེད་རབུ་བཀོད་ནས།། མེ་ཏོག་ཙམ་པ་ཀ་རྒྱས་ལྟར།། མགོ་བོས་ཐུབ་པ་ལ་ཕྱག་འཚལ།། ཀུན་མཁྱེན ་གྱིས་ཀྱང་རྗེས་གནས་མ།། དྲི་ནས་ས་ལྀ་བསྡད་པ་སྟེ།། དེ་ཡིས་བློ་ལ་བཟོད་གསུང་གིས།། ཐུབ་པས་དེ་ལ་བཀའ་སྩལ་ཏོ།། བསམ་པ་འདི་ནི་ཡོན་ཏན་ལྡན།། རྣམ་དག་སེམས་པ་ཉིད་བསྟན་ཏོ།། བུད་མེད་བྱིས་པ་བུལ་གནས་པ།། ཆོས་ལ ་འདོད་པ་རྙེད་པ་དཀའ།། གལ་ཏེ་ཆོས་ཀྱི་བདག་ཉིད་གྱུར།། ཞེན་པས་བཅོམ་པའི་སེམས་ལྡན་པའི།། ན་ར་བ་མི་མོ་རྣམས་ཀྱི་དང་།། བློ་ལྷུན་མི་རྣམས་ཀྱི་མཚར་ཅི།། རང་བཞིན་གྱིས་ནི་བློ་ཆུང་ཞིང་།། གཡོ་བའི་སེམས་ལྡན་ལང་ཚོ་མ།། ཡུལ་གཎྜཱིག ་རོ་ཡིས་འཇིག་རྟེན་ན།། ཆོས་ཤེས་ཤེས་པ་ཡ་མཚན་ནོ།། ཁྱོད་ཀྱི་ཆོས་ལ་ཡིད་གྱུར་པ།། དེ་ནི་ཁྱོད་ཀྱི་བདག་ཉིད་དོན།། མི་རྟག་གསོན་པའི་འཇིག་རྟེན་ན།། ཆོས་ལས་གཞན་ན་ནོར་ཡོད་མིན།། ནད་ཀྱི་ནད་མེད་འཇོམས་པ་སྟེ།། རྒ་བས་ལང་ཚོ ་གཅོད་པ་ཉིད།། འཆི་བས་སྲོག་ནི་ལེན་པ་སྟེ།། ཆོས་ཀྱིས་རྒུད་པ་ཡོད་མ་ཡིན།། གང་ཕྱིར་དགའ་བ་རྣམས་དང་བྲལ།། མི་དགའ་བ་རྣམས་དང་སྦྱོར་ཞིང་།། མངོན་པར་འདོད་པ་ཐོབ་པ་ན།། དེ་ཕྱིར་ཆོས་ནི་མཆོག་ཏུ་འགྲོ།། གཞན་དབང་སྡུག་བསྔལ ་ཆེན་པོ་སྟེ།། རང་དབང་མཆོག་ཏུ་བདེ་བ་ཉིད།། མ་ནུའི་རིགསུ་སྐྱེས་ན་ཡང་།། བུད་མེད་ཐམས་ཅད་གཞན་དབང་ངོ་།། གང་ཕྱིར་གཞན་དབང་ཉིད་ཕྱིར་དང་།། དེ་བཞིན་ཕྲུ་གུ་འཛིན་པའི་ཕྱིར།། བུད་མེད་རྣམས་ཀྱི ་སྡུག་བསྔལ་ལྷག། དེ་ཕྱིར་ཡང་དག་ངེས་པར་འོས།། དེ་ལྟར་ཐུབ་པ་ཆེན་པོའི་གསུང་།། རང་བཞིན་གྱིས་དང་མཁས་ལས་དང་།། བརྟན་ལས་བྱིས་ཀྱང་བྱིས་མིན་བཞིན་ཐོས་ཤིང་མངོན་པར་དགའ་བའོ།། དེ་བཞིན་གཤེགས་པའི ་པོའི་ཆོས་ཀྱི་སྨྲ་བ་ཡི།། འདོད་པའི་བདག་ཉིད་ཅན་གྱི་སེམས་ལ་བྲབས་པ་ནི།། བུད་མེད་ཉིད་ནི་སྨད་ཅིང་ཡུལ་ལས་ལོག་པ་སྟེ།། རང་གི་སྐྱེ་བོའི་རྟེན་ལ་བརྩོག་པར་བྱས་པའོ།། དེ་ནས་མེ་ཏོག་ཁུར་ལས་ཙུ་ཏའི་མཆོད་སྡོང་བཞིན།། ཡང ་དག་ཀུན་ནས་དུད་པའི་ལུས་ཀྱི་མཆོད་སྡོང་ཅན།། ཐུབ་པ་ཆེན་པོ་ལ་ནི་གུས་པས་མིག་ཞུགས་ཤིང་།། ཡང་ཡང་ཆོས་ནི་རྣམ་པར་དག་པའི་ལྟ་བས་གནས།། རང་བཞིན་གྱིས་ནི་ངོ་ཚ་དང་ལྡན་བུད་མེད་དེ།། ཆོས་ནི་མངོན་པར་འདོད་པ ་ཡང་ཡང་བསྐུལ་བ་ནི།། འདམ་སྐྱེས་མཛོད་དང་འདྲ་བས་ཐལ་མོ་སྦྱར་ནས་ནི།། ངལ་བུས་སྨྲ་བའི་སྐད་ཀྱིས་གདངས་ཀྱི་གསོལ་བའོ།། བཅོམ་ལྡན་དོན་མཛད་བདག་ལ་རྗེ་སུ་གསུང་དོན་དུ།། ནང་པར་བསོད་སྙོམས་དུས་སུ་དགེ་སློང ་སྡེར་བཅས་པ།། སྡུག་བསྔལ་ཉེ་བར་ཞི་བའི་མཛད་པོ་འཇིག་རྟེན་ནོ།། འབྲས་བུར་གྱུར་པའི་བདག་ལ་འབྲས་བུར་མཛད་དུ་གསོལ།། དེ་ནས་དེ་ཡི་གུས་པ་དེ་ལྟར་གཟིགས་ནས་དང་།། སེམས་ཅན་རྣམས་ནི་བཟའ་བའི་དབང་ཉིད་མཁྱེན ་ནས་ནི།། གསུང་མ་ཕྱེ་ནས་བདེ་བར་གཤེགས་པས་དེ་ལྟར་ཞེས།། དེ་ལ་ངེས་པ་རྣམ་འགྱུར་བརྡ་ཡིས་མཛད་པའོ།། སྐད་ཅིག་མཛད་པ་དང་ལྡན་སྤྱན་ཡང་མཆོག་གི་ཆོས་མངའ་ཞིང་།། ཆོས་ཀྱི་སྣོད་ལ་དེས་ནི་དགའ་ཞིང་མགུ་ལ་རངས་པ་སྟེ།། ་གུས་པས་རྙེད་པ་མཆོག་ནི་རྣམ་པར་ངེས་ཤིང་བསྟོད་པར་གྱུར།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། ཨ་མྲ་སྐྱོང་མའི་ནགས་གཟིགས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། ། ་དེ་ནས་ཐུབ་པའི་ཐུགས་རིགས་ནས།། ཕྱག་འཚལ་ནས་ཀྱང་གྲོང་དུ་སོང་།། དེ་ནི་ལིཙྪ་བ~ཾས་ཐོས་ནས།། ལྟ་འདོད་སངས་རྒྱས་ལ་སོང་ངོ་།། དཀར་པོའི་རྟ་དང་ཤིང་རྟ་གདུགས།། ཕྲེང་བ་རྒྱན་དང་བགོ་བ་རྣམས།། ཁ་ཅིག་ཁ་ཅིག་དེ་རྣམས་དང་།། ་དམར་སེར་རྣམས་དང་དེ་བཞིན་གཞན།། ཁ་ཅིག་བཻ་ཌཱུརྱཱ་ལྗང་དང་།། གཞན་རྣམས་རྨ་བྱའི་མཇུག་མ་སྟེ།། དེ་ལྟར་ཆ་ལུགས་རྒྱ་ཆེན་པོ།། བདག་གི་དགའ་བྱེད་རྣམས་དང་སོང་།། རི་བོ་རྣམས་རྒྱས་རོ་སྟོད་ཅན།། གསེར་གྱི་གཉའ་ཤིང་ལག་པ ་རྣམས།། དཔལ་ལྡན་པོང་རིང་དངོས་སུ་ནི།། དེ་རྣམས་མཐོ་རིས་བཞིན་དུ་མཛེས།། མཚམས་སྤྲིན་རྐང་ལ་སྣ་ཚོགས་རྣམས།། གློག་ནི་རབ་ཏུ་སྣང་བ་བཞིན།། ཤིང་རྟ་རྣམས་ལས་བབས་འདོད་པས།། དེ་རྣམས་གནས་པ་རྣམ་པར་མཛེས ་དབུ་རྒྱན་རྣམ་གཡོ་རྣམ་བཏུད་པའི།། བརྟན་རྣམས་ཐུབ་ལ་ཕྱག་འཚལ་ནས།། ང་རྒྱལ་ལྡན་རྣམས་རྒྱགས་མེད་བཞིན།། ཆོས་ལ་དགའ་བས་དེ་རྣམས་གནས།། ཉི་མ་སྤྲིན་དང་བྲལ་བ་ཡིས།། ལོག་སུ་ཁྱེར་འཇིགས་གཞུ་བཞིན་དུ།། ཐུབ ་པའི་དྲུན་དེ་རྣམས་ཀྱི།། ཆགས་བྲལ་དཀྱིལ་འཁོར་མཛེས་པའོ།། ས་ལ་སེང་གེ་གནས་པ་རྣམས།། གསེར་གྱིས་སྤྲས་པའི་སྟེང་གེའི་གདན།། སེང་གེ་ལ་སོགས་དེ་རྣམས་ལ།། མི་ཡི་སེང་གེས་དེ་ནས ་གསུངས།། གཟུགས་དང་དཔལ་དང་སྟོབས་ལ་སོགས།། བཀུར་མདོ་རྣམས་དང་ལྡན་པ་ནི།། ཁྱེད་ཀྱི་ཆོས་ལ་གུས་འདི་གང་།། དེ་ལས་ལྷག་པར་མཛེས་པ་ཉིད།། ཚུལ་ཁྲིམས་ལ་སོགས་ཡོན་ཏན་གྱིས།། ཇི་ལྟར་འཇིག་རྟེན་མཛེས་དེ ་ལྟར།། ལུས་ནི་སྣ་ཚོགས་གོས་སམ་རྒྱན།། ཕྲེང་བ་རྣམས་ཀྱི་མ་ཡིན་ནོ།། གང་དུ་ཁྱེད་ཅག་བདག་པོ་རྣམས།། ། ཆོས་ཤེས་འདུལ་བ་འདོད་པ་རྣམས།། སྤོང་བྱེད་པ་རྣམས་རྗེས་བཟུང་ཞིང་།། སྐལ་བ་བཅས་རྣམས་བདག་གི་ལུགས།། ། ་འཕགས་ཀྱི་རྙེད་པར་དཀའ་དུས་སུ།། ཆོས་ལ་གནས་རྣམས་སྲུང་བྱེད་གྱུར།། ཕྱིས་འབྱུང་མ་ཡིན་ཡུལ་རྣམས་ཀྱི།། སྐལ་བ་དམུན་པ་རྣམས་ཀྱི་མིན།། དཔལ་ལྡན་སྐལ་བ་ཆེན་པོ་རྣམས།། ཆོས་ཤེས་སྲུང་བར་བྱེད་རྣམས་ཀྱི།། བསྲུང་བ ་ཉིད་ཀྱི་ཡུལ་འདི་ནི།། ཆོས་ཀྱིས་ཀྱང་ནི་རྗེ་སུ་འཛིན།། ཀླུང་རྣམས་རྒལ་འདོད་པ་ལ་རྣམས།། ཁྱུ་མཆོག་རྒྱལ་བ་རྣམས་ཀྱི་བཞིན།། རྒྱལ་པོ་རྣམས་ཀྱིས་གང་བཟུང་བའི།། ཡུལ་ལ་དེ་ནས་སྐྱེ་དགུ་འགྲོ།། ཁྱེད་ཅག་རྣམས་ལ་ཚུལ་ཁྲིམས ་རྨེ། རྟག་པར་འགྱུར་བར་ཐོས་པ་སྟེ།། བདག་གི་དོན་ནའི་རིང་རྣམས་ཀྱི།། འདིར་དང་སོང་ནས་དབྱིག་བྱ་མ་ནོ།། ཡིད་ནི་ཚིམ་ཞིང་བཀུ་རི་མང་དང་།། རྙེང་དང་གྲགས་དང་ཡོད་ཆོས་ཉིད།། དགའི་པ་ཉིད་དང་སོང་ནས་འདི།། ཚུལ་ཁྲིམ་བྱིན ་འབྲས་བུ་ཆེ།། འབྱུང་པོ་རྒྱུ་དང་མི་རྒྱུ་ཡི།། རྟེན་ནི་ཇི་ལྟར་ས་ཡིན་པ།། དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི།། རྟེན་ནི་ཚུལ་ཁྲིམས་དམ་པའོ།། འབུར་འདོད་གཤོག་པ་མེད་པ་དང་།། རྒལ་འདོད་གྲུ་མེད་ཇི་ལྟ་བར།། མི་ནི་ཚུལ་ཁྲིམས་རྣམ ་སྤངས་པར།། དགེ་ལེགས་འདོད་པ་དེ་ལྟར་ཤེས།། མེ་ཏོག་འབྲས་བུས་ཁྱབ་པའི་ཤིང་།། ཚེར་མ་ཅན་གྱུར་ཇི་ལྟ་བར།། ཐོས་དང་གཟུགས་དོན་ཕུན་ཚོགས་པ།། ཚུལ་ཁྲིམས་འཆལ་པ་དེ་ལྟར་རོ།། སྣ་ཚོགས་གོས་དང་རྒྱན་ལྡན ་ཁང་བཟངས་རྣམས་སུ་གནས་ན་ཡང་།། ཚུལ་ཁྲིམས་དང་ལྡན་སྐེ་བོ་གང་།། དེ་ཡི་དྲང་སྲོང་དང་མོཉམ་འགྲོས།། ངུར་སྨབ། ཤིང་ཤུན་ཟུར་ཕུད་དང་།། གཙུག་བུད་སྒྲི་བོ་རལ་པ་རྣམས།། ཚུལ་ཁྲིམས་ཉམས་པ་ཀུན ་རྣམས་ཀྱི།། བཅོས་མ་ཉིད་དུ་ཤེས་པར་བྱ།། སྟེགས་ལས་དུས་གསུམ་ཁྲུས་བྱས་ནས། མེ་ལ་ལན་གཉིས་བསྲེགས་ནས་དང་།། གཱིདུང་བ་དྲག་པོར་གདུངས་ནས་ཀྱང་།། ཚུལ་ཁྲིམས་མེད་ན་བདག་མ་ཡིན། ཤ་ཊ་ཙྪ་ལ་ལུས་བྱིན་ན།། རི་ཡ་འོ་ཞྭ་ཧོ། ་ནས་སམ།། མེ་འམ་ཚུར་ནི་བདུག་མཆོངས་ན།། ཚུལ་ཁྲིམས་མེད་ན་བདུག་མོ་ཡིན།། འབྲས་བུ་རྩཝ་བྱ་ཆུད་ཟ་ཞིང་།། རཱི་དགས་བཞིན་དུ་རྩ་ཟ་འམ།། རླུང་གི་བཟའ་བཱ་འདོད་པ་ཡང་།། ཚུལ་ཁྲིམས་མེད་ན་དག་མོ་འགྱུར།། མྱི་གང ་ཚུལ་ཁྲིམས་ཀྱིས་དམན་པ།། དེ་ནི་བྱ་དང་རི་དགས་ཚུངས།། རྡོལ་བའི་སྣོད་ནི་ཆུ་ཡི་བཞིན།། དེ་ནི་ཆོས་ཀྱི་སྣོད་མ་ཡིན།། འཇིགས་པ་དང་ནི་གཏམ་ངན་དང་།། ཡིད་མི་ཆེས་དང་མེ་དགའི་ཉིད།། མངོན་སུམ་འདིར་ནི་འཐོབ་པ་སྟེ།། ་སོང་ནས་དོན་མེད་ཟ་བར་འགྱུར།། དེ་ཕྱིར་ཚུལ་ཁྲིམས་གཞོམ་མི་བྱ།། འབྲོག་དགོན་དག་ན་ལམ་མཁན་བཞིན།། རང་དབང་དག་ནི་རྙེད་དཀའ་བའི།། ཚུལ་ཁྲིམས་མཐོ་རིས་དག་ན་གྲུ།། སྐྱོན་རྣམས་ཀྱིས ་བཅོམ་སེམས་ཀྱིས་ནི།། ཐམས་ཅད་བཅོམ་ནས་འཇུག་པ་སྟེ།། ཚུལ་ཁྲིམས་རབ་ཏུ་གནས་བྱས་ནས།། ཉོན་མོངས་འཇོམས་ལ་དད་པ་གྱིས།། དེ་ཕྱིར་དང་པོར་ང་སྙམ་པ།། བརྒྱན་པར་འདོད་པས་སྤང་བར་བྱ།། བསྲེག་བྱ་ཟ་བའི་དུ ་བ་བཞིན།། ཡོན་ཏན་རྣམས་ཀྱི་ང་སྙོམས་ཉིད།། སྐར་མ་ཉི་མ་ཟླ་བ་རྣམས།། སྤྲིན་གྱི་དྲ་བ་ཆེན་པོས་བཞིན།། ང་རྒྱལ་གྱིས་བཅོམ་ཡོན་ཏན་རྣམས།། ཡོད་པར་གྱུར་ཀྱང་མཛེས་མ་ཡིན།། དྲེགས་པ་ངོ་ཚ་འཇོམས་པ་སྟེ།། མྱ་ངན་གྱིས ་གཏན་དགའ་བས་ལུས།། ཡོན་ཏན་རྣམས་ཀྱི་རྩ་བ་ནས།། འཇོམས་ཕྱིར་ངའོ་སྙམ་པ་སྐྱེ།། འགྲན་པ་དང་ལྡན་ང་རྒྱལ་ལས།། ལྷ་མིན་ལྷ་རྣམས་ཀྱིས་བཅོམ་ཞིང་།། མི་སྐྱོང་ཏཱ་ལའི་བྱིན་པ་དང་།། དོང་གསུམ་པ་རྣམས་ཟད་པར་གྱུར།། ་གང་ཞིག་མི་རྟག་དངོས་རྣམས་སུ།། མཆོག་ནཱི་ང་ཡིན་སྙམ་པ་དང་།། མི་དམན་པ་ནི་ང་ཞེས་སྙམ།། དེ་ནི་མཁས་པ་མིན་པར་རྟོགས།། གཟུགས་ནི་བརྟན་པ་མ་ཡིན་ཞིང་།། འཛེགས་པའི་ཆོས་ཅན་གཡོ་བ་ཡིས།། དྲ་ཞེས་གྲང ་ཞིག་ང་རྒྱལ་ཏེ།། ཡོངས་སུ་རྟོག་པ་མིན་གཞན་ཅི།། འདོད་པའི་འདོད་ཆགས་སྟོབས་ལྡན་པ།། རབ་གཾ་པ་ལྷན་སྐྱེས་དགྲ་པོ་སྟེ།། བཤེས་མིན་ངན་ན་སྤྱོད་པ་བཞིན།། གང་གིས་བཤེས་ཀྱི་སྒོ་ནས་འཇོམས།། འདོད་ཆགས་མེ་དང་མེ ་ཉིད་ནི།། སྒེག་པའི་བདག་ཉིད་ཀྱིས་མཉམ་སྟེ།། འདོད་ཆགས་མེ་ནི་འབར་བ་ན།། མཚན་མོ་དེ་ཉིད་རིང་བར་འགྱུར།། འདོད་ཆགས་མེའི་སྟོབས་ཇི་འདྲ་བ།། མེ་ཡི་འོབས་ནི་དེ་འདྲར་སྨིན།། མེ་ནི་ཆུ་རྣམས་ཀྱིས་ཤེས་ཏེ།། འདོད ་ཆགས་མེ་ནི་མཚོས་ཀྱང་མིན།། དུས་སུ་ན་གསུ་མེས་ཚིག་རྣམས།། ནགས་ཀྱི་ཤིང་རྣམས་སྐྱེ་བ་སྟེ།། འདོད་ཆགས་མེས་ཚིག་བློ་མེ་རྣམས།། ཆོས་ལ་སྐྱེ་བ་མ་ཡིན་ནོ།། ཆགས་ལས་བདེ་བ་ཚོལ་བ་སྟེ།། བདེ་ཕྱིར་མི་དགེ་བ་བྱེད་ཅིང་།། ་མི་དགེ་བ་ལས་དམྱལ་བར་འགྲོ།། ཆགས་པ་དང་མཉམ་དགྲ་པོ་མེད།། ཆགས་ལས་སྲད་པ་སྲེད་པ་སྐྱེ་བ་སྟེ།། སྲེད་ལས་འདོད་པ་རྣམས་ལ་ཆགས།། འདོད་པ་རྣམས་ལས་སྡུག་བསྔལ་འཐོབ།། ཆགས་པ་དང་མཉམ་ཡུལ་མེདོ ་ཆགས་པ་ཞེས་བྱའི་ནད་ཆེན་པོ།། དེ་ནི་བྱིས་པས་རྟོགས་མ་ཡིན།། མི་རྟག་ཉིད་ལས་མི་གཙང་ལས།། སྡུག་བསྔལ་ཉིད་ལས་བདག་མེད་ལས།། གལ་ཏེ་མཐོང་ན་མི་ཆགས་ཏེ།། ལོག་པའི་བློ་ཡིས་ཆགས་པའོ།། དེ་ཕྱིར་དངོས་པོ ་ལ་ཆགས་པ།། གོང་དུ་ཉེ་བར་སྐྱེ་བ་ནི།། དོར་ནི་ཇི་ལྟར་འགྱུར་བརྟག་སྟེ།། གྱུར་པ་མཐོང་བ་ཞེས་བརྗོད་དོ།། ཡོན་ཏན་ཡོངསུ་རྟོག་པ་ན།། ཇི་ལྟར་ཆགས་པར་ཉེ་བར་འགྲོ།། ཡོན་ཏན་མེད་ན་ཡོངས་རྟོག་ན།། དེ་བཞིན་ཁྲོ་བ་འགུགས། ་པར་བྱེད།། དེ་ཕྱིར་ཁྲོ་བ་སྤོང་འདོད་པས།། ཞེ་སྡང་ཡོངསུ་བརྟག་མི་བྱ།། དཀར་མིན་འགྲོས་ལས་དུ་བ་བཞིན།། ཁྲོ་བ་ལས་ནི་ཞེ་སྡང་འཛག། ཁྲོ་བ་གཟུགས་ལྡན་རྣམས་ཀྱི་རྒ།། མིག་ལྡན་རྣམས་ཀྱི་མུན་པ་ཡང་།། ཆོས་དོན་འདོད་པ། ་རྣམས་ཤེད།། ཐོས་བྱ་མ་མཐུང་བ་ད་པ་བ་རྒྱུས་སུན་པ་པནྡོག། སཱུཊྚ་ཧླཱ་ཤས་གྱུར་བ་དག་བུ་མཆོག། ཤཱ་ཀཱར་སྟི་སྣང་བ་གླུན་དཱ་བྷ་ག། ཟལ་གྱིས་གནན་པ་བྱུད། ་པའོ།། དེ་བཞིན་ཐོ་བ་མི་བྱ་ཞིང་།། བྱས་ནས་མྱེད་ནི་དོར་བར་བྱ།། དེ་ས་སྨྲས་ཀྱི་འང་བྱིཤིན་སྟེ་བཞིན།། ཁྲོ་བའི་རྗེས་སུ་གྷྲ་སྟྭ~ཾ་བྷྱ།། སྦྱོར་བ་རྗེ་བཞིན་གང་གིས།། ཟློ་བ་བརྟན་པས་ཕྲག་པས་བྷ་ཟླ ་དེ་བདག་ཁ་ལོ་སྒྱུར་སྣུམ་སྟེ།། ཊཱིག་ཤོས་སྐྱེ་བོ་ཐུག་པ་འཛྲཱི་མ~ཾ།། གང་ཞིག་ཁྲོ་བ་འདོད་པ་སྟེ།། སྐྱེ་བ་འགོག་པར་འདོད་མ་ཡིན།། ཕྱིས་དེ་ཁྲོ་བ་མེད་པ་ན།། མེ་ལ་རེག་པ་བཞིན་དུ་བསྲེག། ཁྲོ་བ་སྐྱེས་པས་སྔོན་རོལ་དུ ་བདག་ཉིད་སེམས་སྨྲིག་སྟེ།། རྣམ་པར་འཕེལ་ཞིང་ཕྱི་ནས་ནི།། གཞན་གྱི་བསྲེག་ནས་མི་ག་གམྦ།། ནད་སོགས་ཉེ་བར་འཆི་རྣམས་ཀྱིས།། གླང་ཚེ་འཇིག་རྟེན་བཙིར་བ་ནི།། ལུས་ཅན་པ་ས་མ་ཡིན་རྣམས་། ་གནོང་སེམས་བྱསན་སུ་ཡོན་ཏན་ནོ།། དེ་བྱར་འཛག་རྟེན་སྡུག་པསྔལ་པ། ཤེས་ནས་ཁྲོབ་པདག་པའི་ཕྱི། བྱུང་བ་ཀུན་ས་བྱམས་པ་དང་།། རྗེ་ན་བསྟིམ་པརྱཱཿ།། དེ་སྟིར་ཉོན་མོངས་ལྷག་པགི་། ་ཡི་དེ་ཆེ་གཟུགས་པ་སྟེ།། དེ་ལོ་བརྩེ་བས་སངས་རྒྱས་ཀྱིས།། དེ་རྣམས་ལ་གསུངས་སྨད་པའོ།། སེམས་ཅན་ཉམས་ཟག་རྣམས་ལོ་ནི།། ཇི་ལྟར་རང་བཞིན་གྱིས་མཁས་པའོ།། སྨན་པས་སྨན་ནི་གསུངས་པ་སྟེ།། ནད་རྣམ། ་ཉེ་བར་ཞི་ཕྱིར་རོ།། དེ་བཞིན་ཆགས་དང་རྒ་སོགས་ཀྱི།། ནད་ཀྱིས་འབྱུང་པོ་ཉམ་ཐག་ལ།། ཐུབ་པས་བསམ་པ་མཁྱེན་ནས་ནི།། དེ་ཉིད་ཤེས་པའི་སྨན་བྱིན་ཏོ།། དེ་ལྟར་ཐུབ་པའི་གསུང་ལ་ནི།། ལིཙྪ་བི་རྣམས་མངོན་དགའ་སྟེ།། ། ་རབ་འཕྱང་གཙུག་གི་ནོར་བུ་ཅན།། མགོ་བོ་རྣམས་ཀྱིས་ཕྱག་འཚལོ།། དེ་ནས་ཐལ་མོ་རྣམ་སྦྱར་ནས།། ཅུང་ཞིག་དུད་པའི་ལུས་རྣམས་ཀྱིས།། ཕུར་བུ་ལྀ་ནི་ལྷ་རྣམས་བཞིན།། སངས་རྒྱས་ལ་ནི་བྱོན་པར་ཞུས།། དང་པོ་ཨ ་མྲ་སྐྱོང་མའི་རིགས།། ཐུབ་པས་དེ་ལྟར་རྣམས་ལ་གསུངས་ཤིང་།། དམ་པ་རྣམས་ཀྱི་ཐོག་མར་ནི།། སྙན་མནན་འདོར་བྱ་མིན་པར་གསུངས།། དེ་རྣམས་བུད་མེད་དེ་ཡིས་ནི།། བདག་ལ་བསླུས་པར་ཤེས་པ་སྟེ།། དེ་བཞིན་གཤེགས ་ལ་མཆོད་མང་པོ།། ཉིད་འགྱུར་ཉིད་དུ་བྱས་པའོ།། ལེགས་བརྗོད་དྲང་སྲོང་སྔ་ག་རྣཾས་ཀྱིས།། སྦྲུལ་རྣམས་ཀྱི་ནརྀ་དུག་བཞིན་དུ།། ཀུན་མཁྱེན་གྱིས་བསྟན་དེ་རྣམས་ནི།། རབ་ཏུ་ཞི་བའི་ཡིད་རྣམས་སོང་།། དེ་ཡི་མཚན་མོ་འདས་ནས་ནི།། ཨ ་མྲ་སྐྱོང་མས་བཀུར་བྱས་ཏེ།། འོ་མ་ལྡན་པོའི་གྲོང་དུ་ནི།། དབྱར་རྣམས་རྣམ་པར་འདས་པ་ན།། ཡངས་པ་ཅན་ཉིད་དུ་གཤེགས་ཤིང་།། སྤྲེའུ་རྫིང་གི་འགྲམ་དུ་ནི།། ཐུབ་པ་ཆེན་པོ་བཞུགས་པའོ།། ཤིང་གི་རྩ་བར་དེ་བཞུགསོ།། དེ ་བཞིན་དུ་ནི་འབར་བ་ལ།། ནགས་ཚལ་དེ་ནི་སྣང་བྱས་ཤིང་།། ཉེ་བར་འོངས་ནས་བདུད་ཀྱིས་སྨྲས།། ནེ་རཉྫ་ནའི་འགྲམ་དུ་སྔོན།། ཐུབ་པ་ཁྱོད་ལ་བདག་གིས་སྨྲས།། བྱ་བ་བྱས་པ་མྱ་ངན་ཟློས།། ཞེས་འདིར་ཁྱོད་ཀྱིས་ལན་སྨྲསོ།། ་ཉམ་ཐག་པ་རྣམས་འཇིགས་མེད་ཅིང་།། ཉོན་མོངས་རྣམསཱི་དོན་བྱས་པར།། བདག་གིས་ཇི་སྲིད་མ་གྱུར་པ།། དེ་སྲིད་མྱ་ངན་མི་མངའ་ཞེས།། དེ་འདི་མང་པོ་རྣམ་གྲོལ་ཞིང་།། དེ་བཞིན་གྲོལ་བར ་འདོད་རྣམས་དང་།། གྲོལ་བར་འགྱུར་བ་རྣམས་ཉིད་དེ།། དེ་ཕྱིར་མྱ་ངན་འདའ་བར་འོས།། དེ་ནས་ཚིག་འདི་གསན་གྱུར་ནས།། ཟླ་བ་གསུམ་ན་མྱ་ངན་འདའ།། མི་བརྟན་པ་ནི་དོར་ཅིག་ཅེས།། དགྲ་བཅོམ་རྣམས་ཀྱི་མཆོག་གི་གསུང ་དེ་ནས་དམ་བཅའ་འདི་ཤེས་ནས།། ཡིད་ལ་རེ་བ་གང་བ་སྟེ།། རབ་ཏུ་དགའ་ཞིང་མགུ་བ་ནི།། དེ་ཉིད་དུ་ནི་མི་སྣང་གྱུར།། དེ་ནས་དྲང་སྲོང་ཆེན་པོའི་ཐུགས་ཀྱི་ཏིང་འཛིན།། རྣམ་པ་དེ་ལྟར་རྣལ་འབྱོར་སྟོབས་ལས་མཛད་པ་ཉིད།། སྐུ ་ཚེ་ཇི་ལྟར་གྱུར་པ་སྔོན་དུ་བཏང་བ་སྟེ།། རྫུ་འཕྲུལ་མཐུ་ལས་མཚུངས་པ་མེད་པ་འཚོ་བར་འགྱུར།། དེས་ནི་སྐུ་ཚེ་བཏང་བའི་ཡུད་ཙམ་དེ་ལ་ནི།། བུད་མེད་མྱོས་པ་བཞིན་དུ་ས་ནི་གཡོས་གྱུར་ལ།། མེ་ཡིས་ཚོས་པའི་ལྷུན་པོའི་རྡོ་བ ་བ་རིམ་བཞིན་དུ།། ཕྱོགས་རྣམས་དག་ལས་སྒྲོན་མ་ཆེན་པོ་རྣམས་ལྷུང་ངོ་།། དེ་བཞིན་དུ་ཀུན་ནས་དབང་པོའི་རྡོ་རྗེ་མི་ཟད་རྣམས།། གློག་དང་བཅས་ཤིང་མེ་ཡིས་སྙིང་པོ་ཅན་གཡོས་ཤིང་།། བསྐལ་པ་འཇིགས་ཚེ་འཇིག་རྟེན་བསྲེག ་པར་འདོད་པ་བཞིན།། ཕྱོགས་རྣམས་ཐམས་ཅད་རྣམསུ་མེ་དག་འབར་བར་གྱུར།། ཤིང་རྣམས་ཀྱི་ནི་ཕུང་པོ་འཁོགས་པ་རྣམས་བོར་ཞིང་།། རི་རྣམས་ཀྱིས་ནི་རྩེ་མོ་རྣམས་ནི་དོར་བ་སྟེ།། རླུང་གིས་མངོན་པར་གང་བའི་རྡོ་བའི ་ཕུག་བཞིན་དུ།། མཁའ་ལ་རྔ་རྣམས་ཀྱི་མ་རུངས་སྒྲ་རྣམས་བསྒྲགས།། དེ་ནས་དེ་ལྟར་ཀུན་ཏུ་བསྐྱོད་ཚེ་ཡུད་ཙམ་ལ།། མི་ཡི་འཇིག་རྟེན་ན་དང་ལྷ་དང་ན་མཁའ་ལཱ།། ཏིང་འཛིན་ཆེན་པོ་དེ་ལས་རྣམ་པར་བཞེངས་མཛད། ་ནས། མ་པ་ཆེན་པོས་གསུང་ནི་འདི་ཉིད་གསུངས་པའོ།། ཤིང་རྟ་སྲོག་ཤིང་རྣམ་པར་ཉམས་པ་དང་འདྲ་བའི།། ཚེ་བཏང་ལུས་པོ་ན་གི་སྟོབས་ལས་འདྲེན་བགྱི་ཞིང་།། སྒོ་ངའི་སྐྱེ་གནས་པ་རྣམས་སྒོ་ང་ཕྱེ་ནས་བཞིན།། ་སྲིད་པའི་འཆིང་ལས་ཚེ་དང་ལྷན་ཅིག་འགྲོལ་བར་བགྱི།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། ། ་དེ་ནས་སྤྱོད་པ་དེ་མཐོང་ནས།། ཀུན་དགའ་བོ་ནི་སྒྲ་ལངས་ཤིང་།། ཅི་ཞིག་གྱུར་ཞེས་ཤུགས་འོངས་ཏེ།། འདར་བར་གྱུར་ཙང་དགའ་མ་གྱུར།། ཀུན་མཁྱེན་གཏན་ཚིག་མཁས་པ་ལ།། དེས་དེར་གཏན་ཚིགས་དྲིས་པ ་སྟེ།། དེ་ནས་དེ་ལ་ཐུབ་པས་ནི།། ཁྱུ་མཆོག་མོས་པའི་དབྱངས་ཀྱིས་གསུངས།། རྒྱུ་མཚན་གང་གིས་གཡོས་པ་འདི།། བདག་གི་ཚེ་འདི་བཏང་བ་ལ།། ཟླ་བ་གསུམ་ནི་ཡོངས་བགྲངས་པར།། བྱིན་གྱིས་བརླབས་ནས་ད་ནི་འཚོ།། ་དེ་ལྟར་ཐོས་ནས་ཀུན་དགའ་བོ།། ཅན་དན་ལྗོན་པའི་ཐང་ཆུ་ནི།། གླང་པོ་ཆེ་ཡི་བྲབས་པ་བཞིན།། མཆི་མ་ཕྱུང་ཞིང་གཡོས་པར་གྱུར།། དེས་གཉེན་ཉིད་ཕྱིར་བླ་མའི་ཕྱིར།། ཆགས་བྲལ་མིན་ཕྱིར་སྡུག་བསྔལ་ཞིང་།། སྙིང་རྗེ་རབ ་ནི་རྣམ་ཟློག་སྟེ།། ཡོངསུ་དགའ་བ་མེད་པར་དུས།། མགོན་གྱི་ངེས་པ་ཐོས་གྱུར་ནས།། བདག་གི་ལུས་ནི་ལྟུང་བ་བཞིན།། བདག་གི་ཕྱོགས་རྣམས་སྤོབས་པ་མེད།། བདག་གི་ཆོས་རྣམས་ཐོས་པ་རྨོངས།། ་གངས་ཀྱིས་བཙེར་རྣམས་ལམ་མེ་བཞིན།། རྒ་བ་རྙིངས་པའི་གོས་རྣམས་སུ།། ཀྱི་ཧུད་མིས་བསྔགས་སྦྱིན་པར་ནི།། དེ་བཞིན་གཤེགས་པ་མྱ་ངན་འདའ།། ཉོན་མོངས་འབྲོག་དགོན་ཆེན་པོ་རུ།། ཆུད་ཟོས་ལུས་དང་ལྡན་རྣམ་སྟེ། ་ལ།། ལམ་མཁྱེན་ཤིན་ཏུ་སྦྱིན་བཱ་རུ།། ལམ་མཁན་ངེས་པར་ཉམས་པར་འགྱུར།། ཐག་རིངས་ལ་མཽ་ལ་རབ་ཞུགས་པའི།། སྲེད་པ་ཡོངས་ལྡན་བདག་རྣམས་ཀྱི།། ལམ་ནི་རྫིང་བུ་བསིལ་བའི་ཆུ།། ཤིན་ཏུ་མྱུར་བར་སྐམ ་པར་འགྱུར།། བློ་ནི་རྫི་མ་ཞི་བ་བཞིན།། འདས་དང་མ་འོངས་ད་ལྟར་གཟིགས།། ཡེ་ཤེས་རྣམ་སྤངས་འཇིག་རྟེན་གྱི།། མིག་ནི་ངེས་པར་ཟུམ་པར་འགྱུར།། ངེས་པར་ལོ་ཏོག་སྐྱེས་རྣམས་སུ།། ཆུ་ནི་དྲོན་གཉེར་ཉལ་རྣམས ་ལ། ཆར་ཕབ་གྱུར་ནས་སྦྱིན་པ་རུ།། ཆུ་སྦྱིན་སྦྱིན་ནི་ནུབ་པར་འགྱུར།། མི་ཤེས་མུན་པས་ཕྱོགས་རྣམས།། སེམས་ཅན་ལམ་གོལ་བ་ལ་རྣམས།། རབ་ཏུ་གསལ་བའི་སྒྲོན་མ་ནི། ཤིན་ཏུ་སྦྱིན་པར་ཞི་བར་འགྱུར།། དེ་ནས་དེ ་ལྟར་མྱ་ངན་གྱིས།། སེམས་གཟིར་ཀུན་དགའ་བོ་གཟིགས་ནས།། ཞི་བྱེད་མགོན་པོས་དེ་ཉིད་ནི།། དེ་ཉིད་རིགས་པའི་མཆོག་གི་གསུངས།། འགྲོ་བའི་རང་བཞིན་ཤེས་ནས་ནི།། མྱ་ངན་མོ་བྱེད་ཀུན་དགའ་བོ།། འདུས་བྱས་ངོ་བོ ་མི་རྟག་ཅིང་།། འགྲོ་བ་འདི་ཀུན་མཛད་པ་ཉིད།། ལུས་ཅན་བརྩོད་པའི་སྐྱེད་ཚུལ་དུ།། སྡུག་པ་ཀུན་དང་འབྲལ་བ་སྟེ།། བརྩེ་བ་ཀུན་ནས་ཐོང་ཞིག་ཅེས།། སྔོན་དུ་བདག་གིས་སྨྲས་པ་ཉིད།། འདུས་བྱས་གཡོ་བ་སྐྱེས་པ་གང་།། རྟེན་ནས ་འབྱུང་བ་དབང་མེད་དེ།། བཻདག་གིས་རྟག་པཱར་གྱུར་ཅིག་ཅེས།། འདི་ནི་རྙེད་པར་མི་ནུས།། སྡེ་སྦྱོང་འབྱུང་པོ་རྟག་གྱུར་ན།། འཇུག་པ་གཡོ་བ་མ་ཡིན་ཞིང་།། ཐར་པས་བྱ་བ་སུ་ཡོས་འགྱུར།། དེ་ཕྱིར་མཐར་ཐུག་གདོད་དོ།། ་ཅི་སྟེ་ཁྱོད་དམ་སྐྱེ་བོ་གཞན།། བདག་ལ་ཁྱོད་ཀྱི་སྲེད་པ་ཅི།། གང་ཕྱིར་ངལ་བ་སྐྱེས་པ་འདྲི།། ཁྱོད་ཀྱིས་བདག་དང་བྲལ་བས་བྱས།། ལམ་ནི་མཐའ་དག་ཁྱེད་ཅག་ལ།། བདག་གིས་བརྟན་ཅིང་བཤད་པ་སྟེ།། སངས་རྒྱས་རྣམས ་ལ་སློབ་དཔོན་གྱིས།། དཔེ་མཁྱུད་མེད་ཅེས་བཟུང་མཛོད་ཅིག། བདོག་གིས་གནས་སམ་ཉེར་ཞེ་ན།། དོན་ནི་དེ་ཙམ་ཉིད་ཡིན་ཏེ།། དེ་བཞིན་གཤེགས་རྣམས་ཆོས་ཀྱི་སྐུ།། ལུས་ཀྱིས་ཁྱེད་ཅག་ལ་དོན་ཅི།། དེ་ཕྱིར་དོད་དམ ་བདག་འདས་ཚེ།། སྐྱོ་བ་ཡིས་དང་བག་ཡོད་དང་།། བདག་གི་སྒྲོན་མས་གསལ་བྱས་ཏེ།། ཆོས་ཀྱི་སྒྲོན་མ་རྟག་པར་རོ།། དེར་ཞུགས་བརྩོན་འགྲུས་བརྟན་པ་དང་།། རྒྱུད་མེད་བདག་གི་དོན་ལ་མཁས།། བློ་ནི་གཞན་དབང་མ་ཡིན ་པ།། བདག་གི་སྒྲོན་མ་ཞེས་ཤེས་བྱ།། རིག་པ་དང་ལྡན་མཁས་པ་ནི།། རང་གིས་སྒྲོན་མས་མུན་པ་བཞིན།། ཤེས་རབ་སྒྲོན་མེས་འཇོམས་པ་ནི།། ཆོས་ཀྱི་སྒྲོན་མར་ཤེས་པར་བྱ།། དགེ་ལེགས་ཉེ་བར་ཐོབ་བྱའི་ཕྱིར།། ་དེ་དག་རྣམས་ཀྱི་སྤྱོད་ཞི།། ལུས་དང་ཚོར་བ་ཉིད་དང་ནི།། སེམས་དང་བདག་མེད་པ་ཉིད་དོ།། རུས་ལྤགས་ཁྲག་དང་རྒྱུས་པ་དང་། ཤ་དང་སྤུ་སོགས་རྣམས་ཀྱིས་དཀྲིས།། མི་གཙང་ལུས་སུ་མཐོང་བས་ནི།། ་ལུས་ལ་ཆགས་པ་མ་ཡིན་ནོ།། དེ་ལྟ་དེ་ལྟར་རྐྱེན་རྣམས་ཀྱིས།། འཇུག་པའི་ཚོར་བ་རྣམས་སུ་ནི།། སྡུག་བསྔལ་ཞེས་དེ་ལྟར་མཐོང་བའི།། བ~ཾ་དེ་བའི་ཤེས་རབ་རབ་ཏུ་འཇོམས།། སྐྱེ་བ་དང་ནི་གནས་པ་དང་།། ཆོས་ཀྱི་བགོད་པ་ཉིད ་དག་ནཱི།། ཞི་བའི་སེམས་ཀྱིས་མཐོང་བ་ཡི།། རྟག་པར་འཛིན་པ་ལྡོག་པའོ།། རྐྱེན་རྣམས་ལས་ནི་སྐྱེས་པ་རྣམས།། ཕུང་པོ་རྣམས་ནི་མཐོང་བ་ཡི།། ངར་འཛིན་གྱིས་ནི་སྐྱེད་པ་པོ།། བདག་ཏུ་འཛིན་པ་འཇུག་མ་ཡིན།། སྡུག་བསྔལ་ཉེ་བར་ནི ་བའི་ཕྱིར།། བགྲོད་པ་གཅིག་པའི་ལམ་འདི་ནི།། ལམ་ནི་བཞི་པོ་དེ་རྣམ་སུ།། དེ་ལྟར་དྲན་པ་ཉེ་བར་གཞག། དེ་ལྟར་རཱམ་ནི་བདག་འདས་ཚེ།། གང་རྣམས་འདི་ལ་གནས་འགྱུར་བ།། དེ་རྣམས་འགོད་མེད་གོ་འཕང་མཆོག། ངེས་པར ་ལེགས་པ་འཐོབ་པར་འགྱུར།། དེ་ལྟར་ཀུན་དགའ་བོ་ལ་གཏམས།། དེ་རྣམས་རྣམ་པར་འདྲེན་པས་མཛད།། ལྀ་ཙ་བཱི་རྣམས་ཀྱིས་ཐོས་ནས།། དེ་ལ་གུས་ཕྱིར་སྐྱེན་པར་སོང་།། ཐུབ་ལ་བརྩེ་དང་གུས་བུའི་ཕྱིར།། གདུང་བས་ཕྲོག ་པཔའི་སེམས་ཅན་རྣམས།། སྤྱོད་མཐའ་བཀོད་པའི་དོན་རྣམས་ཀུན།། མྱུར་ལས་རྫུ་འཕྲུལ་དོན་རྣམསོ།། སྟོན་པ་ལ་ནི་སྨྲེ་འདོད་པ།། དེ་རྣམས་བཏུད་ནས་ཉེ་བར་གནས།། སྨྲ་བར་འདོད་རྣམས་སྟོན་པོ་ཡིས།། མཁྱེན་ནས་ཐུབ་པས ་ཚིག་གསུང་སོ།། གང་འདི་བདག་ལ་སློང་བའི་སེམས།། ཁྱེད་ཅག་རྣམས་ཀྱི་དེ་ཀུན་ཤེས།། དེ་ཉིད་གཞན་བཞིན་མྱ་ངན་གྱིས།། དེ་རིང་ཁྱེད་ཀྱིས་སྤོབས་པར་གྱུར།། དཔལ་གྱི་སྡེ་རྣམས་ལ་གནས་ཀྱང་།། ཁྱེད་ཅག་རྣམས་ཀྱིས་ཐད་ནས།། ་མངོན་པར་བཞུགས་པ་འདི་ཡིས་ནི།། གསལ་བ་ཉིད་དང་ཆོས་མཁས་ཉིད།། གལ་ཏེ་ཡང་ཤེས་བདག་ལས་ཀྱང་།། ཅུང་ཞིག་ཐོས་ཤིང་ཤེས་པ་ན།། བདག་གི་ཞིང་པ་རབ་དམིགས་ཏེ།། གདུང་བ་མ་བྱེད་བརྟན་པོར་སོང་།། མི་རྟག ་འདུས་བྱས་དངོས་པོ་རྣམས།། གཡོ་ཞིང་ཡོངསུ་འགྱུར་པ་ཅན།། སྙིང་པོ་དང་བྲལ་བློ་གཏད་མིན།། ཅུང་ཞིག་བརྟན་པར་གནས་པ་མེད།། གནས་འཇོག་རྒྱུན་ཤེས་ལ་སོགས་དང་།། གང་གཞན་ཐིག་ལེ་གྱེན་རྣམས་དང་།། དུས་ཀྱི་དབང ་དུ་སོང་བ་སྟེ།། སྲིད་པ་འདི་ནི་མ་རུང་ཉིད།། ས་འཛིན་ང་ལ་ནུ་དང་ནི།། བརྒྱ་བྱིན་དང་མཚུངས་དབྱིགས་ནོར་དང་།། བསྐལ་པ་ཆེ་དང་སྐལ་མེད་མིན།། འབྱུང་པོར་མཉེས་གཤིན་འབྱུང་བའོ།། འགྲོ་མགྱོགས་དེ་ནས་འགྲོ་བྱར་འགྲོ།། སྐལ ་ལྡན་ཤིང་རྟ་ཤིང་རྟ་བཟང་།། སྒྲ་ངན་གྱིས་སྨད་སྒྲ་ངན་རྫོགས།། རངས་བྱེད་རི་མོ་རྡུལ་མ་སྐྱེས།། མི་སྐྱོང་དྲང་སྤོང་བདག་ཉིད་ཆེ།། དེ་རྣམས་དང་གཞན་མང་པོ་རྣམ།། དབང་ཆེན་དང་མཚུངས་ཉམས་པ་སྟེ།། མི་ཉམས་པ་ནི་ཡོད་མ་ཡིན།། ་ཉི་མ་གནས་ལས་འཕོས་པ་སྟེ།། ནོར་ལྷ་རྣམས་ནི་ས་ལ་སོང་།། དབང་པོ་བརྒྱ་རྣམས་འདས་པ་སྟེ།། རྟག་པ་ཅི་ཡང་ཡོད་མ་ཡིན།། གང་གཞན་ཡང་དག་སངས་རྒྱས་རྣམས།། འགྲོ་བའི་སྣང་བ་མཛད་ནས་སུ།། མར་མེ་སྣམ་ཟད་བཞིན་དུ་ནི།། ། ་དེ་རྣམས་མྱ་ངན་འདས་པར་གྱུར།། གང་གཞན་བདག་ཉིད་ཆེན་པོ་རྣམས།། འབྱུང་འགྱུར་དེ་བཞིན་གཤེགས་རྣམས་ཀྱང་།། བུད་ཤིང་ཚིག་པའི་མེ་བཞིན་དུ།། དེ་རྣམས་མྱ་ངན་འདའ་བར་འགྱུར།། ཐར་འདོད ་དཀའ་ཐུབ་ནགསུ་བཞིན།། དེ་ཕྱིར་བདག་ཀྱང་འགྲོ་བར་བགྱི།། བདག་གི་དོན་མེད་ལུས་མིང་ནི།། འདྲེན་པ་ལ་ནི་རྒྱུ་མཚན་མེད།། གང་དུ་གདུལ་བྱ་འགའ་ཞིག་ཡོད།། གང་ཕྱིར་འདི་ནས་འགྲོ་བར་བློ།། ཉམས་དགའ་ཡངས་པ་ཅན་ལ་ནི།། ་ཁྱེད་ཅག་བློ་གཞན་མ་གྱུར་ཅིག། དེ་ཕྱིར་འཇིག་རྟེན་སྐྱབས་མེད་ཅིང་།། དབང་མེད་གཡོ་བར་ཤེས་ནསུ།། ཆགས་བྲལ་ལ་ནི་འགྲོ་བར་དང་།། སྐྱོ་བ་འཐོབ་པར་འོས་པའོ།། དེ་ལྟར་གཏམས་བཅས་ནས་དུས་སུ།། ལྟོས་མེད་དེ་བཞིན ་གཤེགས་པ་ནི།། སྣརོན་གྱི་ཟླ་བར་སྣོད་བྱེད་བཞིན།། ལུས་ངན་ཕྱོགསུ་རབ་ཏུ་གཤེགས།། དེ་ལ་མཆི་མས་ཡོངས་གང་མིག། ལི་ཙ་བཱི་རྣམས་རྗེས་སོང་ཞིང་།། རྒྱན་བཅས་ལག་པ་རྒྱས་རྣམས་ཀྱིས།། ཐལ་མོ་སྦྱར་ནས་རྣམ་པར ་སྨྲས།། ཀྱི་ཧུད་འོ་རྒྱལ་གསེར་མཚུངས་ཤིང་།། སུམ་ཅུ་རྩ་གཉིས་མཚན་མངའ་བ།། སྟོན་པའི་སྐུ་ལུས་འབྱེ་འགྱུར་ཞིང་།། ཐུགས་རྗེ་མངའ་བ་མི་རྟག་ཉིད།། སྲིད་ཅིང་འོ་མ་མེད་པ་ཡི།། སེམས་མ་ཐོབ་པའི་བེའུ་ནི།། བཀྲེན ་རྣམས་ཡེ་ཤེས་འཇོ་བའི་བས།། ཀྱེ་མ་ཤིན་ཏུ་སྦྱིན་པར་འབོར།། འགྲོ་ན་མི་ལྡན་མི་རྣམས་ཀྱིས། རྨོངས་པོའི་མུན་པ་བཙམ་མཛད་ནས།། ཡེ་ཤེས་འོད་ཟེར་སྨིན་པ་རུ།། ཐུབ་པ་ཉི་མ་ནུབ་པར་འགྱུར།། མི་ཤེས་རྒྱུན་གྱི་ཛིན ་རྟེན་ན།། དེ་ལས་དེ་ལས་ཁྱེར་བ་ལ།། རྣམས་ཡངས་ཆོས་ཀྱི་ཟུམ་པ་ནི།། ཤིན་ཏུ་མྱུར་བར་འཆག་པར་འགྱུར།། བརྩེ་ལྡན་སྨན་པ་ཆེན་པོ་ནི།། ཡེ་ཤེས་མཆོག་གི་སྨན་མངའ་བས།། སེམས་ནད་ཀྱིས་ན་འཇིག་རྟེན་ནི།། བོར་ནས ་ངེས་པར་གཤེགས་པར་འགྱུར།། སེམས་ཀྱིས་གཟེར་བུའི་ཡོ་བྱད་དང་།། ཤེས་རབ་རྒྱན་གྱིས་བརྒྱན་པ་སྟེ།། ལྟད་མོ་ལ་ནི་སྙོམས་རྣམས་ཀྱིས།། དབང་པོའི་ཏོག་ནི་འགྱེལ་བར་འགྱུར།། འགྲོ་བ་སྡུག་བསྔལ་སྐལ་པ་ཅན།། འཁོར་བའི ་འཆིང་བས་བཅིངས་པ་ལ།། གལ་ཏེ་ཐར་པའི་སྒོ་འདི་ནི།། དུས་ཀྱིས་སྡོམ་པར་འགྱུར་པའོ།། དེ་ལྟར་རྣམ་ཟློག་ལིཙྪ་བཱི།། མིག་རྣམས་འཆི་མས་རྣམ་འཁྲུགས་པ།། རྗེ་སུ་འོངས་པ་དེ་རྣམས་ནི།། ཐུབ་པས་སླར་ལ་བཟློག་པར་མཛད།། དེ་ནས ་ཐུབ་པས་བཅད་ཤེས་ནས།། བསྟན་པ་རབ་ཏུ་བཟུང་ནས་སུ།། ཕྱིར་ལེ་ལྡོག་ཕྱིར་ངེས་པ་ནི།། སྡུག་བསྔལ་སྡུག་བསྔལ་གྱིས་བྱསོ།། རླུང་གིས་བསྐྱོད་པའི་མེ་ཏོག་རྣམས།། ཀར་ནི་ཀཱ་རའི་ལྗོན་ཤིང་བཞིན།། གསེར་གྱི་རི་ལྟར་དཀཪྵ་རྣམས།། ་ཐུབ་པའི་ཞབས་ལ་ཕྱག་འཚལ་ཏོ།། དེ་ལ་སེམས་རྣམས་ཀྱིས་ཆགས་ཤིང་།། རྐང་པ་རྣམས་ཀྱང་འཁྱུར་བ་སྟེ།། གཉེན་པོའི་ཀླུང་ལ་ཆུ་གཉེར་བཞིནི།། འགྲོ་བ་མེད་པར་དེ་རྣམས་ལོག། ཞེ་ས་ཡིན་ཞིང་དགའ་མ་ཡིན།། དགའ་བ་ཡིན་ཞིང་ཞེ ་ས་མིན།། ཐུབ་པ་ལ་ནི་དེ་དག་གིས།། དགའ་དང་ཞེས་གཡོ་བ་མེད།། འབྲོག་མཐའ་ནས་འཐོན་ཁྱུ་མཆོག་ཆེ།། ཁྱུ་མཆོག་ཆེན་པོ་རྣམས་ཀྱིས་བཞིན།། གནས་ན་གནས་ནས་དེ་རྣམས་ཀྱིས།། ཡང་ཡང་སྟོབས་བཅུ་ལྡན་ལ་ལྟ།། དེ་བཞིན ་གཤེགས་པར་སེམས་འོང་བ།། ལུས་དང་ལྡན་ཡང་འོད་མེད་རྣམས།། རྐང་པས་དེ་ནས་མྱ་ངན་འདས།། ལོག་པའི་ཁྲུས་བཞིན་རྗེས་སུ་འོངས།། རྣམ་པར་མ་འཁྲུགས་མདའ་གཞུ་རྣམས་ཀྱིས་དགྲ་རྣམསྟྭཾ། ་ཟིལ་མནན་ནས།། དེ་རྣམས་ང་རྒྱལ་ལྡན་ཡང་སྟོབས་དང་ལྡན་ཡང་འགུགས་ལྡན་ཡང་།། འགྲོ་ན་དཔལ་འདོད་ལིཙྪ་བཱི་ནི་འདོད་པ་ཆེན་པོ་རྣམས།། མྱ་ངན་གྱིས་འཁྲུགས་གདོང་རྣམས་རང་གི་ཁང་པ་རྣམསུ་འོངས།། སངས་རྒྱས་ཀྱི ་སྤྱོད་པ་ཞེས་བྱ་བའི་སྙན་དདྭགས་ཆེན་པོ་ལས། ལི་ཙ་བཱི་རྣམས་ལ་ཐུགས་བརྩེ་བའི་ལེའུ་སྟེ། ཉི་ཤུ་རྩ་བཞི་པའོ།། ། སྣང་བྱེད་འཛིན་པར་གྱུར་པ་ན།། མུན་བཅས་ཀྱིས་འཁྲུགས་ན་མཁའ་བཞིན།། ཐུབ་པ་འདའ ་ཕྱིར་གཤེགས་པ་ནི།། དེ་ཕྱིར་ཡངས་པ་ཅན་མ་མཛེས།། དཔལ་ལྡན་དྲེགས་པ་མི་ལྡན་ཞིང་།། ཐམས་ཅད་དུ་ནི་ཉམས་དགའ་ཡང་།། བདག་པོ་ཉམས་ལས་བུད་མེད་བཞིན།། ཀུན་ནས་གདུངས་པས་མཛེས་མ་གྱུར།། ཐོས་པའི་དམན ་པོའི་གཟུགས་བཞིན་དང་།། ཡོན་ཏན་དང་བྲལ་རིག་པ་བཞིན།། ངག་གིས་དམན་པའི་བློ་བཞིན་དང་།། འདུ་བྱེད་དང་བྲལ་དག་བཞིན་ནོ།། སྤྱོད་པས་དམན་པའི་དཔལ་བཞིན་དང་།། དང་པོ་དང་བྲལ་བྱམས་པ་བཞིན།། རྣམ ་གནོན་ཕུན་སུམ་ཚོགས་པ་བཞིན།། ཆོས་ཀྱི་དམན་པའི་བྱ་བ་བཞིན།། སྟོན་ཀར་ཆར་ནི་ལོག་པ་ན།། ཤཱ་ལའི་བསྐམས་པ་ནོར་འཛིན་བཞིན།། དེ་ཆེ་མྱ་ངན་ལས་མ་ཛེས།། གང་དུ་དེ་ནི་མ་བཅོས་ཤིང་།། ཟོས་པ་མ་ཡིན་མྱ་ངན་དེས།། ་ཀུན་ཏུ་ངུ་ཞིང་ཐམས་ཅད་ཀྱིས།། གྲགས་ལྡན་ཐུབ་པ་གྲགས་པ་བྱས།། གཞན་ནི་མ་གཏམ་མ་བྱས་ཤིང་།། སུས་ཀྱང་བསམས་པ་མ་ཡིན་ལ།། མྱ་ངན་དང་ནི་ངུ་བ་སྟེ།། གྲོང་ཁྱེར་པ་ཀུན་བྱ་བ་གཅིག། དེ་ནས་དགའ་འདུན ་གཙོ་བོ་ལ།། བརྟན་ཀྱང་མྱ་ངན་གྱིས་ཉམ་ཐག། བདེ་ཆེན་བདག་པོ་སོང་གེ་ནི།། བསམས་ཤིང་རྣམ་པར་ཟློས་པའོ།། ལམ་ལོག་མུ་སྟེགས་རྣམས་ཕ་མཽ་ན།། འདི་འདྲའི་ལམ་ལ་གཤེགས་ན་སུ།། གང་གིས་དམ་པའི་ལམ་བརྟན ་ཏེ། སླར་མི་ལྡོག་ཕྱིར་གཤེགས་པ་ཉིད།། ཉམ་ཐག་ཉམས་པར་གྱུར་པ་ཡི།། སྣང་མེད་འཇིག་རྟེན་བོར་ནས་སུ།། སྐྱེ་དགུ་མགོན་མེད་མཛད་ནས་ནི།། མགོན་པོ་དེ་ནི་ཞི་ཕྱིར་གཤེགས།། རྣལ་འབྱོར་གཙོ་བོ་བླ་མ་མཆོག། ་མཐར་ཐུག་ཞི་ལ་མངོན་ཕྱོགས་ནས།། ཚེ་ཟད་པ་ལས་གཟི་མདངས་བཞིན།། བདྲིག་གི་བརྟན་པ་ཉམས་པར་འགྱུར།། མི་སྐྱོང་སྒྲ་ངན་མཐོ་རིས་ལས།། རྫུ་འཕྲུལ་དང་ལྡན་ལྷུང་བ་བཞིན།། དེ་དང་བྲལ་བ་རྩེ་བྱར་གྱུརརེ།། ས་ལ་མི ་ཤེས་བྱ་བ་ཅི།། ཚ་བས་དུབ་པ་ཆུར་བཞིན་དང་།། གྲང་བས་ཉམ་ཐག་མེ་ལ་བཞིན།། ཐེ་ཚོམ་གཅོད་ལྔ་སྐྱེ་བོ་རྣམས།། དཱ་ནི་སུ་ལ་བརྟེན་པར་འགྱུར།། མཽ་ནི་འཕེལ་ཕྱིར་སྤྱོད་པ་བཞིན།། གང་གིས་སྡུད་པ་དགེ་ལེགས་ཕྱིར།། ་འཇིག་རྟེན་སློབ་དཔོན་ཐུབ་པ་དེར།། ཉམས་ཚེ་ཆོས་ནི་ཉམས་པར་འགྱུར།། ཚུལ་མེད་ཚུལ་ངན་གྱིས་བཅིངསོ་པའི།། རྒ་ཤི་དབང་བདག་རྣམས་ཀྱི་ནི།། སྡུག་བསྔལ་འཁྲུལ་འཁོར་ཆེན་པོ་ཡིས།། གཤིག་བྱེད་དེ་འདྲ་སུ་ཞིག་ཡོད། ་སིནྡྷུ་ཤིང་ནི་བསྐམས་པ་རྣམས།། དཔྱིད་མཐར་ཆུ་གཏེར་གྱིས་བཞིན་དུ།། ཆགས་སྐྱེས་རྒོད་པའི་མི་རྣམས་ནི།། གསུང་གིས་ཚིམ་མཛད་སུ་དག་ལགས།། གང་དུ་བླ་མ་ལྷུན་པོའི་སྙིང་།། ཀུན་མཁྱེན་ཉིད་ཀྱང ་རྒུད་འགྱུར་ན།། བློ་གྲོས་ལྡན་བ་འཇིག་རྟེན་ན།། བློ་གཏད་ལ་འགྲོ་འོས་པ་སུ།། ཇི་ལྟར་གསད་བྱ་སྦྱང་བྱས་ནུས།། འཆི་བའི་ཆེད་དུ་འཁྲིད་པར་བྱེད།། དེ་བཞིན་གསོན་པའི་འཇིག་རྟེན་སྡུག། འཆི་བའི་ཆེད་དུ་སྐྱེ་བར་བྱེད།། ཇི་ལྟར ་ཤིང་ནི་རྣོ་བ་ཡི།། སོག་ལྕེ་ཡིས་ནི་གཤེགས་པར་བྱེད།། དེ་བཞིན་འགྲོ་འདི་ཉམས་པ་ཡིསོ།། སོག་ལེ་ཡིས་ནི་གཤེགས་པར་བྱེད།། ཉོན་མོངས་མཐའ་དག་བསྲེགས་ནས་ཀྱང་།། ཡེ་ཤེས་ཀྱི་ནི་སྟོབས་ལྡན་ཀྱང་།། འགྲོ ་བུའི་མཆོག་གི་སློབ་དཔོནྡ་ནི།། རབ་ཏུ་ཉམས་ཕྱིར་གྲཝ་ཤིགས་པར་འགྱུར།། ལྷ་དྲན་སྒྲོག་ཆགས་ངན་བྲ་ཆུ།། སྲིད་པའི་ད་ཟླས་རྡུལ་ནཱི་འོ།། ཡེ་ཤེས་གྲུ་བོ་ཆེན་པོ་ཡིས། གང་གིས་སྲིད་པའི་མཚོ་ལས་རྒལ།། རྒ་བའི་ཡེལ་གནང ་མེ་ཏོག། འཆི་བའི་རྩ་བ་སྲིང་མྱུ་གུ། ཡེ་ཤེས་མཚོན་ཆ་ཆེན་པོ་ཡིས།། གང་གིས་སྲིད་པའི་ལྗོན་ཤིང་བཙས།། མ་རིག་བཅུ་བི་ཤིང་ལས་སྐྱེས་ཤཱིང་།། འདོད་ཆགས་མེ་སྐྱེ་ཡུལ་བུད་ཤིང་།། གང་གི་ཡེ་ཤེས་བསིལ ་ཆུས།། སྐྱོན་གྱི་མེ་ནི་ཞི་བར་མཛད།། གང་གི་ཞི་བའི་ལམ་ལ་གཤེགས།། གང་གིས་མུན་པ་ཆེན་པོ་སྤངས།། གང་གིས་དགེ་ལེགས་མཆོག་མོཁྱེན་ཞེ།། མཁྱེན་ནས་བྱམས་པ་ཡིས་བསྟན་ཏོ།། དེས་ཀྱང་ཉོན་མོངས་ཀུན་མཐར ་ཕྱིན།། ཀུམ་ཏུ་ཞི་བ་གཟིགས་པ་སྟེ།། ཀུན་མཁྱེན་ཀུན་ལ་ཕན་པ་མཛད།། ཀུན་སྤངས་ཆེད་དུ་གཤེགས་པ་ཉིད།། མཉེན་ཞིང་རྣམ་ཡངས་དབྱངས་མངའ་བའི།། ཕྱག་རིང་ཐུབ་པ་ཆེན་པོ་དེའི།། གལ་ཏེ་མཐའ་ན་སུ་ཡི་མཐའ།། ་འབྱུང་འགྱུར་མ་ཡིན་འབྱུང་འགྱུར་མིན།། འགྲོག་དགོན་དག་ན་ཆུ་མཐོང་ནས།། ལམ་འགྲོ་དོན་བཅས་འཁྲུལ་པ་བཞིན།། མྱུར་བ་དང་ལྡན་མཁས་པས་ནི།། དྲི་ཕྱིར་ཆོས་ལ་བསྙེན་པར་འོས།། ཉམས་ཕྱིར་ཁྱད་པར་མེད ་པ་ཡི།། སྡིག་པ་མི་རྟག་ཉིད་ཤེས་ནས།། གང་ཞིག་ཆོས་ལ་གཉིད་མ་ལོག། དེ་ནི་ཉལ་ཡུ་གཉིད་མ་ལོག།། དེ་ནས་མི་ཡི་སེངྒེ་ཡི། ཡཱཾ་ཟ་པོས་སེང་གི་དེས།། སྐྱེ་བའི་ཉེས་པ་རྣམས་སྨད་ཅིང་།། སྲིད་པ་ཟད་པའི་བསྟོད་པ་ཉིད།། སྲིད་པའི་རྩ་བ་འདོར ་ཅིང་།། བརྟུལ་ཞུགས་ངམ་པ་ལེན་འདོད་ལ།། གཡོ་བའི་སེམས་ནི་ཐུལ་འདོད་དེ།། དགེ་བའི་ལམ་ལ་གནས་པར་འདོད།། ཞི་བའི་ལམི་ལ་འགྲོ་འདོད་ཅིང་།། སྲིད་པའི་མཚོ་ལས་རྒལ་འདོད་ལ།། རྟག་པར་སྦྱིན་པ་གཏོང ་འདོད་དེ།། ཡང་སྲིད་གཅོད་པར་འདོད་པའོ།། སྦྱིན་པ་བྱིན་ཞིང་ང་རྒྱལ་སྤངས།། ཆོས་ནི་བསམས་ཤིང་ཞི་བར་སོང་།། ཐུབ་པ་མྱ་ངན་འདའ་བཞེད་ཚེ།། དེ་ཡིས་ས་ནི་སྟོང་པར་གོ།། དེ་ནས་སྐུ་ལུས་ཐམས་ཅད་ཀྱིས།། ་གཉིས་འཐུང་རྒྱལ་པོ་བཞིན་བཟློག་ནས།། གྲོང་ཁྱེར་ལ་ནི་གཟིགས་ཤིན་ཏུ།། ཐུབ་པས་འདི་སྐད་བཀའ་སྩལ་ཏོ།། ཡངས་པ་ཅན་གྱི་བདག་པོ་འདི།། ཁྱོད་ལ་ལྟ་བའི་ཕྱི་མ་ཡིན།། གྱད་གནས་ཀྱི་ཚེ་ཚོང་དུས་སུ།། མྱ ་ངན་འདྲར་ཕྱིར་འགྲོ་བར་གྱིས།། དེ་ནས་གུས་ལྡན་ཆོས་འདོད་པ།། ཉེ་བར་འོངས་པ་རྣམས་གཟུགས་ནས།། དེ་ཡི་རབ་སྤྱོད་ལས་རྣམས་ལ།། ཐུབ་པས་མངོན་པར་རྗེས་གནང་མཛད།། དེ་ནས་རིམ ་གྱིས་རྣམ་འདྲེན་པ།། ལོངས་སྤྱོད་གྲོང་ལོ་བསྙེན་པ་སྟེ།། དེར་ཞུགས་ཐམས་ཅད་མཁྱེན་པ་ཡིས།། དགེ་སློང་རྣམས་ལ་མངོན་པར་གསུངས།། ད་ལྟར་རམ་ནི་བདག་འདས་ནས།། ཆོས་ལྔ་མཆོག་ཏུ་གཞོལ་བར་བྱ།། དེ་ནི་ཁྱེད ་ཀྱིས་དོན་མཆོག་སྟེ།། གང་གཞོན་དེ་ནི་ངལ་བར་འགྱུར།། གང་ཞིག་མདོ་སྡེར་མ་ཞུགས་ཤིང་།། འདུལ་བ་ནུ་ཡང་མི་སྣང་ལ།། རིགས་པར་སོ་སོར་གནོད་པ་སྟེ།། དེ་ནི་ཅིས་ཀྱང་བཟུང་མི་བྱ།། དེ་ནི་ཆོས་མིན་འདུལ་བ་མིན།། དེ་ནི། ་བདག་གི་ཚིག་མ་ཡིན།། མང་པོ་རྣམས་ཀྱི་ཚིག་ཡིན་ཀྱང་།། ནག་པོའི་གདེམས་པ་དེ་དོར་བྱས།། དག་པའི་གདམས་པི་བཟུང་བྱ་ཞིང་།། གང་ལ་ཡོད་མིན་བཟློག་པ་སྟེ།། དེ་ནི་ཆོས་ཡིན་འདུལ་བ་སྟེ།། དེ་ནི་བདག་གི་ཚིག ་ཡིན་ནོ།། དེ་ཕྱིར་བདག་གི་མདོར་བསྡུས་ནས།། ཚད་མ་འདི་རྣམས་བཤད་པ་སྟེ།། གང་ཞིག་བྱེད་དེ་ཚད་མ་ཡིན།། འདི་ལས་གཞན་དུ་ཚད་མ་མིན།། བདག་གི་དགོངས་པ་ཕྲ་མོ་དེ། རྣམ་པར་མ་བཞག་མ་ཤེས་ནས།། རྨོངས ་ནས་ཆོས་མ་ཡིན་པ་ལ།། ཆོས་ཀྱི་བློ་རྣམས་འབྱུང་བར་འགྱུར།། མུན་པ་དང་བཅས་བལྟ་བས་སོམ།། ཁྱད་པར་རྣམས་ནི་ཤེས་མིན་ལས།། གསེར་དང་རབ་ཏུ་མཚུངས་པ་ཡི།། ཇི་ལྟར་ཟངས་ཀྱི་སླུ་བར་བྱེད།། ཤེས་རབ ་ཁྱབ་པ་མེད་པས་སམྦ།། དེ་ཉིད་འཛིན་པ་མ་ཡིན་པས།། དམ་པའི་ཆོས་ཀྱི་གཟུགས་བརྙན་གྱི།། དེ་ལྟར་ཆོས་མ་ཡིན་པ་སྐུ།། བརྡར་ལས་བཅད་ལས་བསྲེགས་པ་ལས།། མཁས་པ་རྣམས་ཀྱི་གསེར་བཞིན་དུ།། འདུལ་བ་མདོ་ལས ་རིགས་པ་ལས།། དེ་ཕྱིར་ཡོངསུ་རྟོགས་པར་རིགས།། བསྟན་བཅོས་རྣམ་པར་མི་ཤེས་པས།། མཁས་པ་རྣམས་ནི་མ་ཡིན་ཞིང་།། ཚུལ་མིན་ལ་ཚུལ་བློ་གྲོས་དང་།། ཚུལ་ལ་ཚུལ་མིན་མཐོང་བ་ཉིད།། དེ་ཕྱི་དོན་དང་ཚིག་གིས་ནི།། ་ཡང་དག་ཐོས་པས་བཟུང་བྱ་སྟེ།། བསྟན་བཅོས་ལོག་པར་བཟུང་བ་ཡིས།། མཚོན་བྱ་བཞིན་དུ་རྣམ་པར་འཇོམས།། སྔར་མེད་ལྡན་པས་འཁྱོགས་མང་པོའི།། མཚན་མོའི་འོད་བྱེད་ཁྱིམ་ལ་བཞིན།། ཚི་ག་ནཱི་ལོག་པར་བརྗོད་པ་ཡི།། ་དོན་ལ་སྡུག་བསྔལ་གྱིས་འཇུག་གོ།། དོན་ཉམས་པ་ལས་ཆོས་ཉམས་ཤིང་།། ཆོས་ཉམས་པ་ལས་ནུས་པ་སྟེ།། དེ་ཕྱིར་མེ་ལོག་དོན་ལ་ནི།། གང་གི་བློ་དེ་བློ་ལྡན་ནོ།། དགེ་མངས་དེ་སྐད་གསུངས་ནས་ནི།། དུས་སུ་སྡིག་པའི་གྲོང་ལ་ག ་དེར་ནི་འདི་ལ་ཁྱེད་རྣམས་ཀྱིས།། བསྙེན་བཀུར་དམ་པ་བྱེད་པའོ།། དེ་ནས་དེར་ནི་གུས་ལྡན་པ།། སྐུལ་བྱེད་ལེགས་པའི་ཁྱིམ་ཉིད་དུ།། བཅོམ་ལྡན་འདས་ཀྱིས་ཟས་མཛད་དེ།། དེ་ཡི་ཕྱིར་ཡིན་རྒྱས་ཕྱིར་མནི།། དེ་ནས་ཉན་ཐོས་ཚོགས ་བཅས་ཏེ།། དེ་བཞིན་གཤེགས་པས་ཟས་མཛད་ནས།། སྐུལ་བྱེད་ལ་ནི་ཆོས་གསུངས་ཏེ།། ཀུ་ཤ་ལྡན་པའི་གྲོང་དུ་གཤེགས།། དེ་བཞིན་ནོར་ལྡན་ཞེས་བྱའི་ཀླུང་།། སྐུལ་བྱེད་བཅས་པ་དཽ་བརྒལ་ནས།། གྲོང་ཁྱེར་དེ་ནི་ཞི་བ་ཡི། ་པདྨའི་གནས་བཅས་ནགས་སུ་བསྙེན།། གསེར་དང་འདྲ་བའི་འོད་མདའ་དེས།། གསེར་ལྡན་ལ་ནི་ཁྲུས་མཛད་ནས།། ཀུན་དགའ་བོ་ནི་དགའ་མེད་ལ།། འཇིག་རྟེན་དགའ་ལ་བཀའ་སྩལ་ཏོ།། ཀུན་དགའ་གཤིན ་རྗེའི་ར་བ་ཡི།། དབུས་སུ་དག་གི་ཁྲི་བ་ཤོམ་ཞིག། དེ་རིང་ནམ་གྱི་ཆ་སྨད་ལ།། དེ་བཞིན་གཤེགས་པ་མྱ་ངན་འདའ།། ཞེས་གསུངས་ཀུན་དགའ་བོས་ཐོས་ནས།། མཆི་མས་ཞག་ན་མིག་ལྡན་པས།། ཐུབ་པའི་གཟིམས་མལ་བཤམ ་པ་སྟེ།། བཤམས་ནས་བསྟོད་ཅིང་ཀྱི་ཧུད་དོ།། དེ་ནས་གཟིམས་མལ་སྟབས་པ་ལ།། རྐང་གཉིས་རྣམས་ཀྱི་མཆོག་བྱོན་ཏེ།། ཡང་ཡང་སད་པ་མེད་ཕྱིར་དང་།། སྡུག་བསྔལ་ཐམས་ཅད་ཟད་ཕྱིར་རོ།། དེ་ནི་རྩིབས་ལོགས་གཡས ་ཀྱི་ནི།། ཕྱག་ལ་དབུ་ནི་རྣམ་བཞག་ནས།། ཞབས་ལ་ཞབས་ནི་བཀོད་ནས་སུ།། སློབ་མས་མདུན་བདར་གཟིམས་པའོ།། དེ་ནས་ཡུད་ཙམ་དེ་ན་དེར།། བྱ་རྣམས་སྐད་ནི་མི་སྒྲོགས་ཏེ།། ཟགས་ཤིང་སྙོམས་པའི་ལུས་རྣམས་ཀྱིས།། བས ་གཏན་ལྀ་ནི་གཞོལ་བཞིན་གནས།། དེ་ཚེ་འདབ་མ་གཡོས་རྣམས་ལས།། རླུང་རྣམས་ཀྱིས་ཀྱང་མ་གཡོས་པའི།། ལྗོན་ཤིང་རྣམས་ཀྱིས་མཆི་མ་བཞིན།། མདོག་ངན་མེ་ཏོགྲ་རྣམས་གཏོར་ཏོ།། ནུབ་རིའི་རྩེ་ལ་ཉིན་མོར་བྱེད།། ། ་གནས་ལ་ལམ་འགྲོ་རྣམ་པ་བཞིན།། ཁྲི་ལ་ཐུབ་པ་ལྟ་བཞིན་དུ།། དོན་དམ་མཐོང་རྣམས་སྐྱེན་པར་གྱུར།། དེ་ནས་མཐར་ཐུག་གཟིམས་མལ་ལ།། ཐམས་ཅད་མཁྱེན་པ་གཟིམས་པ་ཡིས།། མཆི་མས་རྣམ་འཁྲུགས་ཀུན ་དགའ་ལ།། རྗེས་སུ་བརྩེ་བས་བཀའ་སྩལ་ཏོ།། བདག་གི་མྱ་ངན་འདའ་བའི་དུས།། གྱད་རྣམས་ལ་སྨོས་ཀུན་དགའ་བོ།། མྱ་ངན་འདའ་བ་མ་མཐོང་ན།། ཕྱིས་ན་བདག་ལ་གདུང་བར་འགྱུར།། དེ་ནས ་གསུང་ནི་རབ་བཟུང་ནས།། མཆི་མས་བརྒྱལ་བའི་ཀུན་དགའ་བོས།། ཐུབ་པའི་གཟུམས་མལ་མཐར་ཐུག་པ།། གྱང་རྣམས་ལྀ་ནི་སྨྲས་པའོ།། དེ་ནས་དེ་ཚེ་ཀུན་དགའ་བོ་ཡི་ཚིག་ཐོས་ནས།། མིག་ནུས་ཆུ་ཡི་ཆར་ལྡན་དེ་རྣམས་ངུ ་བཞིན་དུ།། སེང་གེའི་འཇིགས་ལས་ས་འཛིན་དག་ནས་ཁྱུ་མཆོག་ལྟར།། བརྟན་མིན་རྣམ་པར་གནོན་རྣམས་གྲོང་ཁྱེར་ནས་ཐོན་ཏོ།། ཞེན་པ་མེད་པས་གོས་རྣམས་གཡེངས་ཤིང་རྣམ་བཀྲམ་སྟེ།། འགྲོས་ཀྱིས་ཀུན་ནས་བསྐྱོད ་པས་ཅོད་པན་གཡོ་བ་རྣམས།། ལྷ་ན་གནས་རྣམས་བསྟོད་ནམས་ཡོངས་སུ་ཟད་ལས་བཞིན།། དེ་ནས་ཉམ་ཐག་འོངས་པ་རྣམས་ནི་ནགས་དེར་སོང་།། དེ་ལྟར་འོངས་པ་རྣམས་ཀྱིས་ཐུབ་པ་མཐོང་བ་སྟེ།། མཐོང་ནས་མཆི་མའི་གདོད ་ལྡན་རྣམས་ཀྱིས་ཕྱག་འཚལ་ཞིང་།། ཕྱག་འཚལ་ནས་ནི་ཡོངས་གདུང་སེམས་རྣམས་གནས་པ་སྟེ།། གནས་པ་དེ་རྣམས་ལ་ནི་ཐུབ་པས་བཀའ་སྤྲུལ་ཏོ།། དགའ་བའི་དུས་སུ་མྱ་ངན་བྱེད་པ་རིགས་མིན་ཞིང་།། ཡིད་མི་བདེ་བས་དོན་མེད་བརྟན ་པ་བསྙེན་པར་གྱིས།། བསྐལ་པ་དུ་མི་རྣམསུ་བདག་གིས་འདོད་པ་གང་།། ཤིན་ཏུ་རྙེད་དཀའི་དོན་དེ་བདག་ལ་ཉེ་བར་གནས།། ས་དང་ཆུ་དང་མེ་དང་རླུང་དང་མཁའ་མེད་པའི།། དགེ་ཞིང་འགྱུར་མེད་དབང་པོའི་དབང་དོན་ལས ་འདས་པ།། གཞིང་དབྲོག་དྷ་མ་ཡིནྡ་མཱ་ཆོ་གུ་གླང་པོ་ནས།། སྐྱེ་བ་མེད་ཅིང་འཕོ་བ་མེད་ལ་མྦྷ་དྲན་རྙེད་།། གྷ་ས་རྣམས་བྱུང་ཆུ་རྟེན་བདག་གས་སྟོམ།། དག་ལྡན་སྲིང་བ་དྷཱརྣམས་སྤྲུལ་བཞིན་དྲོར་བ་སྟེ།། ཛྙཱནྡ ་བསགས་པའི་ལས་ཀྱི་རྣམ་པར་གནས་བྱ་འདི།། ལུས་འདི་ཉིད་ནི་དེ་རིང་ཉེ་བར་འགྲོ་བར་འགྱུར།། སྡུག་བསྔལ་གྱི་ནི་གཏེར་ཆེན་ཕུང་པོ་སོང་བ་ནཱ།། འཇིགས་པ་ཆེན་པོ་ཡང་སྲིད་ཉེ་བར་ཞི་བ་མ།། གང་ཚེ་སྨྲིག་བསྔལ་ཆེན་པོ་ལྔས་ནི་བྱུང་བ ་སྟེ།། གང་གིས་དྲུ་བ་བྱདག་ལ་མྱ་ངན་འོས་ཅི་ཡོད།། རབ་ཏུ་ཞི་བའི་དུས་ཡིན་ན་ཡང་འབྲུག་གི་དབྱངས།། ཤཱཀྱ་ཐུབ་པའི་གསུང་ནི་དེ་རྣམས་ཀྱིས་ཐོས་ནས།། དེ་ནས་ཁ་རྣམས་བྱེ་ཞིང་སྒྱུ་འདོད་གྱུར་པ་སྟེ།། དེ་དག་རྣམས་ཀྱིས་ཚིག་དེ་གནས ་བརྟན་གྱིས་གསོལ་ཏོ།། གང་གི་ངུ་བ་ཁྱོད་ཀྱི་མྱ་ངན་འོས་ཅི་ཡོད།། མེ་ནི་ཁང་པ་འབར་ལས་རྣམ་པར་མཐོན་པ་ལྟར།། དེ་ལྟར་ཐུབ་པ་དེས་ནི་ལྷ་གཙོ་རྣམས་ཀྱིས་ཀྱང་།། ངེས་པར་བསྙེན་བྱ་ཡིན་ན་མི་རྣམས་ཀྱིས་སྨོས་ཅི།། ཁྱབ་བདག ་སྐྱེ་བོ་གང་འདི་དེ་བཞིན་གཤེགས་པ་ནི།། མྱ་ངན་འདས་འདི་མངོན་མིན་དེས་ན་མྱ་ངན་བྱེད།། འབྲོག་དགོན་དག་ན་སོང་བྱའི་ལམ་མཁན་བཟང་པོ་ནི།། རྣམ་པར་ཉམས་ཚེ་ཀུནྡ་ནས་འཁྲུལ་པར་ཅིས་མི་འགྱུར།། བླ་མ་དྲང་སྲོང་ཆེན་པོ ་ཐམས་ཅད་གཟིགས་པ་ནི།། དངོས་སུ་མཐོང་ནས་གལ་ཏེ་ཁྱད་པར་མ་ཐོབ་ན།། གསེར་གྱི་འབྱུང་གནས་དག་ནས་དབུལ་པོ་སོང་རྣམས་བཞིན།། དེ་ཚེ་འདི་ནི་གཞད་གང་ཉིད་དུ་འགྲོ་བ་ཉིད།། དེ་ལྟར་དོན་ལྡན་མང་པོ་དེ་དེ་སྨྲ་བ་རྣམས།། བུ་རྣམས ་ལ་བཞིན་གུས་ལྡན་པལ་མོ་སྦྱར་བ་རྣམས།། དྲུགེ་ཞིང་ཞལ་དམ་པ་དོན་ནི་བསྔགས་པ་ཡིས།། རྒྱུད་རྣམས་དག་ལྷ་མཆོག་བདག་རྣམས་ཀྱི་མཆོག་གིས་གསུངས།། དེ་ལྟར་ངོས་པ་རྨཱ་བ་མཐོང་བ་ལས། ཚུལ་འབྱོར་ཚོ་གཔ་རྩོལ་སློདུ། ་པར་གྲོལ་མིན་ཏེ།། བདག་གིས་ཆོས་འདི་གང་ཞིག་རྗེ་སུ་རྟོག་བྱེད་པ།། སྡུག་བསྔལ་དྲ་བ་ལས་དེ་མ་མཐོང་ན་ཡང་གྲོལ།། ཇི་ལྟར་སྨན་ནི་བསྙེན་པར་མི་བྱེད་སྐྱེས་བུ་ཡིས།། སྨིན་པ་མཐོང་བ་ལས་ཀྱང་ནད་ནི་འཇོམས་ཡིན་ཏེ།། དེ་བཞིན་བདག་གི་ཡེ ་ཤེས་འདི་ནི་མ་བསྒོམས་ན།། བདག་ནི་མཐོང་བ་ལས་ཀྱང་སྡུག་བསྔལ་འཇོམས་མ་ཡིན།། འདི་ནི་བདག་ལྡན་གང་ཞིག་བདག་གི་ཆོས་མཐོང་བོ།། རྒྱང་རིང་དག་ན་གནས་ཀྱང་དེས་ནི་བདག་མཐོང་སྟེ།། གང་ཞིག་དགེ་ལེགས་ལ་ནི་གཞོལ ་ཞིང་མི་འཇུག་པ།། བདག་གི་ཉེ་བར་གནས་ཀྱང་དེ་ནི་རྒྱུད་རང་ཉིད།། དེ་ཕྱིར་བརྩོན་འགྲུས་མ་སྤངས་བསྡམས་པའི་སེམས་རྣམས་ཀྱིས།། དགེ་བའི་ལས་རྣམས་ལ་ནི་བག་དང་ལྡན་པར་གྱིས།། སྡུག་བསྔལ་དུ་མ་ཉེ་བར་འདུས་ཤིང ་གཡོ་བ་སྟེ།། སྲོག་ནི་མཐོ་རངས་མར་མེ་དང་དང་ནི་མཚུངས་པ་ཉིད།། དེ་ལྟར་ཐུབ་པའི་སྐྱེས་མཆོག་གིས་བརྟན་དེ་རྣམས་ནི།། མིག་ནས་ཆུ་ནི་རྣམ་བྱུང་ཉམ་ཐག་ཡིད་རྣམས་ཀྱིས།། ཆུ་བོའི་གཞུང་ནི་སོ་སོར་སྒྲོལ་བར་བྱེད་པ་བཞིན།། ཀུ་ཤ་ཞེས ་བྱའི་གྲོང་ལ་དལ་བུས་དབང་མེད་ཞུགས།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དང་གོས་ཆེན་པོ་ལས། མྱ་ངན་ལས་འདའ་བར་གཤེགས་པའི་ལེའུ་སྟེ། ཉི་ཤུ་རྩ་ལྔ་པའོ།། །། དེ་ནས་བཟང་པོས་ཡང་དག ་ཉེར་ལྡན་ལེགས་བཟུངས་ནི།། དབྱུ་གུ་གསུམ་འཛིན་འབྱུང་པོའི་ཚོགས་སུ་མི་མཆོད་པ།། བདེ་བར་གཤེགས་པ་ལྟ་འདོད་དགེ་སློང་ཐར་འདོད་པས།། ཀུན་དགའ་བྱེད་པའི་ཀུན་དགའ་བོ་ལ་སྨྲས་པའོ།། ཐུབ་པའི་མྱ་ངན ་འདའ་བའི་དུས་ནི་བདག་གིས་ཐོས།། གང་གི་ཆེད་དུ་བདག་གིས་ལྟ་འདོད་སྐྱེས་པ་སྟེ།། འཇིག་རྟེན་དག་ན་མཆོག་གི་ཆོས་ཀྱི་རྟོག་པའོ།། ཟླ་བ་གནམ་སྟོང་ལ་བཞིན་མཐོང་བར་བླ་བ་མིན།། སྡུག་བསྔལ་མཐའ་དག་རྣམས་ཀྱི་ཐ་མར ་གཤེགས་བཞེད་པ།། ཁྱོད་ཀྱིས་འདྲེན་པ་དེ་ནི་ལྟར་བར་འདོད་པ་སྟེ།། སྤྲིན་གྱི་མངོན་པར་བཀག་པའི་མཁའ་ལ་ཉི་མ་བཞིན།། བདག་གིས་མ་མཐོང་བར་དེ་ནུབ་པར་འགྲོ་མ་ཡིན།། དེ་ནས་ཡོངསུ་འགྲོ་བ་པོའི་འོངས་པ་སྟེ།། སྨྲ་བར་འདོད་ཅིང ་ཆོས་འདོད་པ་ནི་དེས་ཤེས་ནས།། ལ་བ་དང་ལྡན་པའི་སེམས་ལྡན་ཀུན་དགའ་བོས།། དུས་མ་ཡིན་ཞེས་མཆི་མའི་གདོང་གིས་སྨྲས་པའོ།། དེ་ནི་ཟླ་བའི་འོད་མངའ་བསམ་པ་མཁྱེན་པའོ།། འདབ་མ་རྒྱས་པ་ནི་སྤྱན་ཡང་རྣམ་པར་མཁྱེན ་ནས་སུ།། གུང་ཕྱིར་ཁོ་བོ་འཇིག་རྟེན་ཕན་ཕྱིར་སྐྱེས་པ་སྟེ།། ཀུན་དགའ་བོ་སྐྱེས་གཉིས་སྐྱེས་མ་འགོགས་ཞེས་གསུང་སོ།། དེ་ལས་ལེགས་བཟང་མཆོག་ཏུ་དགའ་ཞིང་ཡིད་ཆེས་ཤིང་།། དཔལ་སྡུག་དགེ་ལོགས་མཛོད་ལ་མངོན ་དུ་སོང་བ་སྟེ།། དེ་ནས་དུས་ཀྱི་རྗེ་སུ་མཐུན་པས་ཞི་བ་ཡིས།། གསུང་ནི་མངོན་པར་གསུངས་ནས་སླར་ཡང་དེ་གསོལ་ཏོ།། ཁོ་བོ་ལྟ་བུའི་ཡོངསུ་རྟོག་པ་པོ་རྣམས་ལས།། ཐར་པའི་ལམ་གཞན་ལྷག་པར་ཐོབ་ཅེས་གྲག། དེ་ཕྱིར་བདག་ལ ་གསུངས་མཛོད་བདག་ལ་འཛིན་འདོད་ཡོད།། བདག་གི་ལྟ་འདོད་བརྩེ་བར་རྩོད་པར་ཕྱིར་མ་ཡིན།། དེ་ནས་གཉིས་སྐྱེས་མངོན་པར་འོངས་པ་དེ་ལ་ནི།། ཡན་ལག་བརྒྱད་ཀྱི་ལམ་ནི་སངས་རྒྱས་ཀྱིས་གསུངས་ཤིང་།། རབ་ཏུ་ཆུད་ཟོས ་ལམ་ནི་ཡང་དག་དྲན་པ་བཞིན།། ཐོས་ནས་གང་གིས་ཡང་དག་རྟོགས།། དེས་ནི་སྔོན་དུ་མཐོང་བར་གྱུར་པའི་ལམ་གཞན་ལ།། དེས་ནི་མཐར་ཐུག་དམ་པ་ཉེ་བར་མ་ཐོབ་སྟེ།། སྔོན་དུ་མ་མཐོང་ལམ་ནི་ལྷག་པར་ཐོབ་ནས་སུ།། སྙིང ་ལ་མུན་པ་དང་བཅས་ལམ་དེ་དོར་བར་གྱུར།། རྡུལ་དང་ལྷན་ཅིག་མུན་པ་རབ་ཏུ་ཐོབ་པ་སྟེ།། དེ་དག་རྣམས་ཀྱི་མི་དགེའི་ལས་ནི་སོག་ཅེས་གྲག། སྙིང་སྟོབས་དང་བཅས་རྡུལ་ནི་རབ་ཏུ་འཕེལ་བ་སྟེ།། དེ་དག་རྣམས་ཀྱི་དགེ་བའི་ལས ་ནི་རྒྱས་ཞེས་གྲག། ཐོས་དང་བློ་དང་འབད་པས་སྙིང་སྟོབས་འཕེལ་བ་ན།། རྡུལ་དང་མུན་པ་དག་ནི་རྣམ་པ་མེད་པའི་ཕྱིར།། ལས་ཉམས་པ་ལས་ལས་ནི་ཟད་པར་འགྲོ་བ་སྟེ།། དེ་དག་རྣམས་ཀྱི་ལས་དེ་འཐད་པ་མིན་ཞེས་གྲག། ཡིད་ནི ་རྨོངས་པར་བྱེད་པ་རྡུལ་དང་མུན་པ་དག། རང་བཞིན་པར་ནི་འཇིག་རྟེན་དག་ན་སྨྲ་བ་སྟེ།། དེ་ཕྱིར་དེ་གཉིས་ཟད་པ་ཡོད་མིན་བརྟན་ཉིད་ཕྱིར།། རང་བཞིན་པར་ནི་བརྟན་པ་ཉིད་དུ་རབ་ཏུ་གྲུབ།། སྙིང་སྟོབས་སྦྱོར་ལས་དེ་དག་དེ་བར་གྱུར་ནས། ་དུས་ཀྱི་དབང་གིས་སླར་ཡང་འབྱུང་བར་འགྱུར་བ་སྟེ།། བསིལ་བའི་ཆུ་ནི་མཚན་མོ་བཞིན་དུ་རིམ་གྱིས་ནི།། དུས་ཀྱི་རིམ་ལས་རང་བཞིན་དུ་ནི་འགྲོ་བར་འགྱུར།། རྟག་པའི་བདག་ཉིད་སྙིང་སྟོབས་དེ་ལྟར་འཕེལ་བ་རུ།། ཐོས་པ་བློ་དང ་འབད་པ་རྣམས་ཀྱི་མི་ནུས་ཏེ།། དེ་མ་འཕེལ་ན་དེ་དག་ཉམས་པ་ཡོད་མིན་ཞིང་།། དེ་དག་མ་ཉམས་པ་ལས་ཞི་བ་ཡོད་མ་ཡིན།། སྟོན་དུ་དེས་ནི་རང་བཞིན་ལྔས་ནི་སྟེ་སྐྱེ་སྟེ།། དེས་ཀྱང་དེར་ནི་ཐར་པ་མཐོང་བ ་མ་ཡིན་ཞིང་།། མེ་ཡི་འབར་བའི་འོད་ཀྱི་ཉམས་པ་ཇི་ལྟ་བར།། རང་བཞིན་ལས་ནི་གནས་ན་མཐར་ཐུག་གང་ལས་ཡིན།། སངས་རྒྱས་པ་ཡི་ལམ་གྱིས་དེ་ཉིད་མཐོང་བ་སྟེ།། སྲིད་པ་ལ་ནི་བརྟེན་ནས་འཇིག་རྟེན་དེས་རྟོགས ་ཤིང་།། དེ་ཡིས་རྣམ་པར་ཉམས་ཞི་བ་རིག་པ་སྟེ།། རྒྱུན་ནི་རབ་ཏུ་ཉམས་ཕྱིར་འབྲས་བུ་ཉམས་པའོ།། གསལ་བ་འདི་ཡིན་རྣམ་པར་འགྱུར་བ་མེད་པའི་བ་དག། ལུས་ལས་གཞན་ནི་དེ་ཡིས་སྔོན་དུ་རྟོགས་པ་སྟེ།། ཐུབ ་པའི་གསུང་ནི་ཡོངསུ་ཐོབ་ནས་འཇིག་རྟེན་ནི།། བདག་མཽ་ད་པ་དང་བདག་ཏུ་བྱ་བ་མེད་པར་ཤེས།། ཆོས་ནི་དུ་མ་སོ་སོར་བརྟེན་ནས་སྐྱེས་པ་སྟེ།། རང་ཉིད་དབང་མེད་ཡོང་སུ་ཤེས་ནས་ནི།། དེས་ནི་རབ་ཏུ་འཇུག་པ་སྡུག་བསྔལ་ཉིད ་དུ་དང་།། ངེས་པར་ལྡོག་སྟེ་སྡུག་བསྔལ་ཉིད་དུ་ཀྱེ་མ་མཐོང་།། ཇི་ལྟར་འཇིག་རྟེན་ངག་ནི་སྐྱེ་བ་རྟོགས་ནས་སུ།། དེས་ནི་ཆད་པའི་ལྟ་བ་རྣམ་པར་སྤངས་པ་སྟེ།། འཇིག་རྟེན་དག་གི་ནུབ་པར་འགྲོ་བ་ཤེས་ནས་སུ།། རྟག་པའི་ལྟ་བ་བརྟན ་པོ་སྦྱིན་པར་སྤངས་པའོ།། དྲང་སྲོང་ཆེན་པོའི་གསུང་ནི་ཐོས་ནས་བཟུང་བ་སྟེ།། དེ་ལྟར་འདི་ནི་དེས་ནི་སྔོན་གྱི་ལྟ་བ་བཏང་།། དེ་ཡི་སྔོན་དུ་ཡོངསུ་ལས་ནི་བྱས་པས་ཏེ།། གང་གོས་སྦྱིན་པར་དམ་པའི་ཆོས་ལ་རྗེསུ་སོང་།། ཡིད་ནི་རབ་ཏུ ་དང་པས་མཆོག་དང་ལྡན་པ་དེས།། ཞི་ཞིང་འགྱུར་མེད་གོ་འཕང་དེ་ནི་རབ་ཐོབ་ནས།། ཐུབ་པ་གཟིམས་པ་ལ་ནི་བསྔགས་པ་བྱས་པ་སྟེ།། ལྟ་བཞིན་འདི་ལས་བློ་འདི་རྣམས་ནི་བྱས་པའོ།། མཆོད་འོས་དམ་པ་མྱ་ངན་འདའ་བ ་འོས་པ་ཡིས།། མགོན་པོ་མཐོང་ནས་བདག་ནི་གནས་པར་འོས་མ་ཡིན།། སྟོན་པ་ཐུགས་རྗེ་ལྡན་པ་མྱ་ངན་འདའ་བ་ཡི།། སྔོན་དུ་རེ་ཞིག་བདུག་ནི་མཐར་ཐུག་ལ་འགྲོའོ།། དེ་ནས་དེས་ནི་ཐུབ་པ་ལ་ནི་ཕྱག་འཚལ་ནས།། སྤྲུལ ་བཞིན་གཡོ་བ་མེད་པའི་གདན་ནི་བཅིངས་ནས་སུ།། སྤྲིན་རླུང་གིས་ནི་ཕྲ་མོར་བྱེད་པ་བཞིན།། དེ་མ་ཐག་ཏུ་ཞི་བ་མྱ་ངན་འདའ་བར་གཤེགས།། དེ་ནས་དེ་ཕྱིར་གདུང་གི་འདུ་བྱེད་ཆོ་གཱ་ནི།། ཆོ་ག་མཁྱེན་པའི་ཐུབ་པས ་བཀའ་སྩལ་པ།། མཐར་གྱུར་དེ་ནི་སྐྱེ་བ་མཐར་མཛོད་དྲང་སྲོང་ཆེ།། རྒྱ་ཆེན་སློབ་མ་མངའ་བའི་སློབ་མར་གྱུར་པའོ།། དེ་ནས་ནམ་གྱི་ཐུན་ནི་འདས་པ་ན།། ཟླ་བསྨཻ་སྐར་མ་རྣམས་ཀྱི་འོད་ནི་ཕྲོགས་པ་ན།། ནགས་རྣམས་ཉལ ་ཉལ་བ་བཞིན་དུ་སྒྲ་མེད་གྱུར་པ་ན།། དགེ་སློང་རྣམས་ལ་ཐུགས་རྗེ་ཆེན་པོ་མངའ་བས་བསྟན།། སློབ་དཔོན་བཞིན་དུ་སྒྲོན་མ་བཞིན། དུ་དོན་བཞིན་དུ།། བདག་འདས་ཆེ་ནྱ་སོར་ཐར་པ་བསྟེན་བྱུ་སྟེ།། ཁྱེད་ཀྱི་སྟོན་པ་དེ་ཡིན་དེའི་དབང་གིས ་འགྱུར་བྱ།། ཁོ་བོ་གནས་པ་ན་ཡང་དེ་ཙམ་ཉིད་ཉིང་སྨྲའོ།། ལུས་དང་ངག་གི་ལས་ནི་རྣམ་པར་དག་འདོད་པས།། དེ་བཞིན་འཇིག་རྟེན་ཐ་སྙད་ཐམས་ཅད་འདོར་བ་དང་།། ས་དང་སྲོག་ཆགས་ས་བོན་རྫས་ལ་སོགས་རྣམས ་ཀྱི།། རབ་ཏུ་འཛིན་པ་ལས་ནི་མེ་བཞིན་ལྡོག་པའོ།། ས་ལ་སྐྱེ་བ་གཅོད་དང་འབྱེད་པ་དག་ལས་དང་།། ས་ཡཱི་ལོགས་ལ་རྐོ་དང་རྨོ་བ་དག་ལས་དང་གསོ་བ་དང་ནི་སྐར་རྩིས་མཚན་ཉིད་རྣམས་ལས་ནི།། ངེས་པར ་ལྡོག་པ་བཟའ་བའི་ཆོ་ག་དུས་ཡིན་ནོ།། ཕོ་ཉའི་རིག་པ་སྨན་དང་སྔགས་ནི་བསྙེན་རྣམས་ལ།། སྦྱོར་མིན་ཉིད་དང་ཁྱབ་པ་ཉིད་ནི་མེད་པ་ཉིད།། ཆོས་ལས་མ་བཀག་པ་ཡི་སྒྲུབ་པ་རྣམས་ལ་ནི།། ཚོད་ཤེས་ཉིད་དང་ཚི་མུ་དང ་སྲོག་པ་མ་ཡིནོ།། རྣམ་པ་དེ་ལྟར་ཚུལ་ཁྲིམས་ཡཱ་ག་བསྡུས་པ་འདི།། ཐར་པའི་རྩ་བ་སོ་སོར་ཐར་པ་སྟེ།། འདི་ལས་ཏིང་ངེ་འཛིན་རྣམས་རབ་ཏུ་སྐྱེ་བ་སྟེ།། ཡེ་ཤེས་ཐམས་ཅད་རྣམས་དང་མཐར་ཐུག་རྣམས་འདིའོ།། དེ ་ཕྱིར་མ་རལ་མ་ཉམས་དབྲོག་བྱ་མ་ཡིན་པའི།། རང་གི་ཚུལ་ཁྲིམས་གཙང་མ་ཡོད་པ་དེ་ཡི་ཆོས།། དེ་མེད་གལ་ཏེ་འདི་ཡི་ཐམས་ཅད་མེད་པ་སྟེ།། ཚུལ་ཁྲིམས་ཡོན་ཏན་དམ་པ་རྣམས་ཀྱི་རྟེན་ཡིན་ནོ།། ཚུལ་ཁྲིམས ་མ་ཉམས་རྣམ་པར་དག་པ་གནས་པ་ན།། དབང་པོ་སྤྱོད་ཡུལ་རྣམས་ལ་འཇུག་པ་མ་ཡིན་ཞིང་།། དབྱུག་པས་པ་གླང་ཚོགས་རྣམས་ལོ་ཏོག་ལས་བཞིན་དུ།། བརྟན་ལས་དབང་པོ་དྲུག་རྣམས་སྒྲིབ་པར་བྱ་བའོ།། དང་པོའི་རྟ ་རྣམས་ཡུལ་རྣམས་ལ་གྲོལ་གང་ཞིག་གཞན།། ལེན་ཞིང་དེ་རྣམས་ལས་ནི་དེ་ཙམ་ཉིད་མ་ཡིན།། གཡོ་བའི་རྟ་རྣམས་ཀྱིས་ཕྲོགས་ལམ་ངན་ལ་བཞིན་དུ།། དེས་ནི་དེ་ཡི་ཆེད་དུ་དོན་མེད་ཐོབ་པར་འགྱུར།། དགྲ་བོ་ཆེན་པོ་རྣམས ་ཀྱི་དབང་དུ་སོང་བ་རྣམས་འདྲིན་ཁ་ཅིག་སྡུག་བསྔལ་ཐོབ་པར་འགྱུར་བ་སྟེ།། རྨོངས་པས་ཡུལ་རྣམས་དག་གི་དབང་དུ་སོང་ནས་ནི།། སོང་ནས་དེང་འདིར་དབང་མེད་རྣམས་ནི་སྡུག་བསྔལ་ངོས།། དེ་ཕྱིར་དགྲ་བོམ་ཀྱང་དབང་པོ་རྣམས ་ཀྱི་བཞིན།། དབང་པོ་རྣམས་ཀྱི་འགྲོ་བ་འགྲོ་བྱ་མ་ཡིན་ཞིང་།། དབང་པོ་རྣམས་ཀྱི་དགའ་བ་འཇིག་རྟེན་ན་བྱས་ནས།། དབང་པོ་རྣམས་ཀྱི་གཤེད་མ་འཇིག་རྟེན་ན་མཐོང་ངོ་།། རང་གི་གཡོ་བའི་སེམས་ལས་འཇིག་པ་ཇི་ལྟ་བར།། རྟག་རྣམས ་ལས་དང་སྦྲུལ་དང་འབར་བའི་མེ་ལས་དང་།། དགྲ་བོ་ལས་ནི་དེ་ལྟར་འཇིགས་པར་མི་བྱ་སྟེ།། གང་གི་སྦྲང་རྩི་དང་ནཱི་ཡང་དག་རྟོག་པ་མེད།། ལྕགས་ཀྱུ་མེད་པའི་གཉིས་འཐུང་མྱོས་ལྟ་བུ་དང་།། ཡལ་གའི་རི་དགས་ཤིང་ལ་རབ་ཏུ་མ་ཞི ་ལྟར།། སེམས་ནི་ཇི་ལྟར་འདོད་བཞིན་ཕྱོགསུ་བསྐོར་བ་སྟེ།། གཡོ་ཞིང་བསྐྱོད་པ་དེ་ལ་གོ་སྐབས་སྦྱིན་མི་བྱ།། དེ་ནི་རང་དབང་ཡིན་ན་ཞི་བ་ཡོད་མིན་ཞིང་།། དེ་ཡི་གནས་པར་ཡིན་ན་བྱེད་པ་བྱས་པ་ཉིད།། དེ་ཕྱིར་སེམས་འདི་ཇི་ལྟར་རྣམ་པར་མི ་གཡོ་བ།། དེ་ལྟར་རབ་ཏུ་འབད་པ་ཡིས་ནི་གྱིས་མཛོད་ཅིག། བཟའ་བཙོམ་ནི་སྨན་བཞིན་ངེས་པར་བསྟེན་བྱ་སྟེ།། འདིར་ནི་ཁོང་ཁྲོ་བྱ་བ་མ་ཡིན་ཆགས་པ་མིན།། ཇི་སྲིད་བཀྲུས་པ་ཉིད་ནི་ལྡོག་པའི་ཚོད་དུ་དང་། ལུས་ཀྱི་འཁྲུལ་འཁོར་གྱིས ་འཛིན་པ་ཡི་ཆེད་དུའོ།། ཇི་ལྟར་ནགས་སུ་བུང་བ་རྣམས་ཀྱིས་མེ་ཏོག་རོ།། འཐུང་སྟེ་མེ་ཏོག་རྣམས་ནི་ཉམས་པར་བྱེད་མ་ཡིན།། དེ་བཞིན་དུས་ཀྱི་དབང་ལས་བསོད་སྙོམས་རྒྱ་བ་སྟེ།། ཕ་རོལ་དད་པ་རྣམས་ནི་ཉམས་པར་བྱེད ་མ་ཡིན།། དྲང་པོས་རྟག་པར་ཁུང་བར་བྱེད་ཅེས་ཁུར་བྱ་དང་།། སྐྱེ་བོ་སྦྱིན་པ་པོ་ཡང་ཡོད་པ་མ་ཡིན་ཏེ།། འདི་ན་སྦྱོར་བ་མིན་ལས་ཁུར་བ་ལྟུང་བ་སྟེ།། ཇི་ལྟར་ཁུར་བུ་དེ་ལྟར་སྦྱིན་པ་པོ་ཡིན་ནོ།། རྣལ་འབྱོར་རིམ་ལས ་ཉིན་མོ་མཐའ་དག་ཕུལ་ནས་དང་།། མཚན་མོའི་དང་པོའི་ཐུན་དང་ཅིག་ཤོས་ལ་ཉོལ་ལོ།། གཉིད་ཀྱི་ཚེ་ནི་དོན་མེད་བྱེད་པ་མ་ཡིན།། དུས་ཀྱི་མེ་ཡིས་འདི་ན་འགྲོ་བ་སྲེག་པ་ན།། མཚན་མོ་མཐའ་དག་ལ་ནི་གཉིད་པར་འོས་པ་སུ།། ཉོན་མོངས ་དགྲ་བོ་དང་མཚུངས་འཇོམས་པ་པོ་རྣམས་ནི།། སྙིང་ལ་གནས་པ་ཡིན་ན་སུ་ཡི་གཉིད་ལོག་འགྱུར།། དེ་ཕྱིར་ཁྱིམ་ནཱ་ནག་པོའི་སྦྲུལ་རྣམས་ཉལ་བ་ལྟར།། ཡིད་ལ་ཉེས་སྐྱོན་སྦྲུལ་རྣམས་རབ་ཏུ་ཉལ་བ་རྣམས།། རིགསྨ་དང་ནི་རྐང་པ ་སྨིན་གྱིས་སྟོན་ནས་སུ།། གཉིད་ལོག་པར་འོས་འདི་ལས་གཞན་དུ་ངོ་ཚའོ།། ངོ་ཚ་རྒྱུན་ཉིད་དང་ནི་མཆོག་གི་གོས་ཡིན་ཞིང་།། ངོ་ཆེ་ལམ་ལས་འཁྱོགས་པ་རྣམས་ཀྱི་ལྕགས་ཀྱུས་ཏེ།། ངོ་ཚ་ལྡན་པས་དེ་ལྟར་གྱུར་ན་འཇུག་བྱ་ཞིང་།། ་དེ་ཚིས་རྣམ་པར་སྤངས་པའི་ཡོན་ཏན་རྣམས་ཀྱི་སྤངས།། ཇི་སྐྱིད་པ་ལ་སྐྱེས་བུ་ངོ་ཚྭ་དང་བཅས་པ།། དེ་སྲིད་དེ་ཡི་ངོ་བོ་ཉིད་ཡིན་ཏེ།། དོན་དང་དོན་མིན?་རྣམས་ལ་རྣམ་དཔྱོད་མེད་པ་ནི།། ངོ་ཚྭས་རྣམ་པར་དམནུ་པ་ཕྱུག་དང་མཉམ ་པའོ།། གང་ཡང་ཡན་ལག་ཉིད་ལག་རྣམས་ནི་རལ་གྲིས་གཅོད།། དེར་ཡང་ཡིད་ཀྱི་ཉེས་པ་བྱ་བ་མ་ཡིན་ཞིང་།། ཞི་བ་མ་ཡིན་ངག་ནི་བརྗོད་པར་མི་བྱ་སྟེ།། བདག་གི་དེ་ཡཽ་ཁྱེད་ཅག་རྣམས་ཀྱི་བར་ཆོད་ཡིན།། བཟོད་པ་དང་མཉམ ་དཀའ་ཐུབ་ཡོད་པ་མ་ཡིན་ཞིང་།། གང་གི་བཟོད་པ་དེ་ཡི་སྟོབས་དང་བརྟན་པ་སྟེ།། གང་རྣམས་ཕ་རོལ་རྣམས་ལས་རྩུབ་མོ་མི་བཟོད་པ།། དེ་རྣམས་ཆོས་བྱེད་རྣམས་ཀྱི་ལུགས་མིན་གྲོལ་བ་མིན།། ཆོས་ཀྱི་འབྱེད་པ་པོ་དང ་གྲགས་པའི་འཇོམས་པ་པོ།། གཟུགས་ཀྱི་དགྲ་བོ་དང་ནི་སྙིང་གི་མེ་ཡིན་ཏེ།། ཁྲོ་བི་དེ་ཡི་གོ་སྐབས་རབ་འབྱམས་མི་སྦྱིན་ཞིང་།། ཡོན་ཏན་རྣམས་ཀྱི་དགྲ་བཽ་དེ་འདྲ་གཞན་མ་ཡིན།། ཡོངསུ་བསིལ་བའི་ཆུ་ལསཽ་གློག་གི་མེ ་བཞིན་དུ།། ཇི་ལྟར་རབ་བྱུང་ལས་ནི་ཁྲོ་བ་འགལ་བ་སྟེ།། དེ་ལྟར་ཁྱིམ་པ་རྣམས་ཀྱི་སྐྱེས་པ་མི་འགལ་ཏེ།། ཆགས་ལྡན་དེ་རྣམས་དེ་ལ་དམ་བཅའ་མ་ཡིན་ནོ།། མཛེས་པའི་སྒྲ་ནི་རྒྱང་རིང་མགོ་ལ་རེག་ནས་དང་།། རྣམ་པར་འགྱུར། ་བའི་གོས་དང་ལྷུང་བཟེད་མཐོང་ནས་དང་།། གཞན་ལས་མཐར་གྱུར་སྤྱོད་པ་རྣམ་པར་བསམས་ནས་སུ།། སྙིང་ལ་སྐྱེས་པའི་ང་རྒྱལ་རབ་ཏུ་སྤང་བར་བྱ།། ཁྱིམ་ལ་བརྟེན་པ་ཁེངས་པ་རྣམས་ཀྱི་ཡང་།། ང་རྒྱལ་རྣམ་པར་འཇོམས ་པའི་ཕྱིར་ཡིན་ན།། སློང་མོ་ཟ་བས་བདག་ཉིད་ཡོངསུ་རྟོགས་པ་པོ།། ཐར་པ་ལ་དེམིགས་སྐྲ་བཞར་རྣམས་ཀྱི་སྔོན་ཉིད་དོ།། ངན་གཡོ་དང་ནི་ཆོས་ཀྱི་མཆིམས་སྦྱོར་ཡོད་མིན་ཏེ།། གང་ཕྱིར་འདི་ལས་འཁྱོག་པོ་ཉིད་ནི་བསྙེན་མི་བྱ།། ་ནག་ཡོ་ཉིད་དང་སྒྱུ་ནི་སླུ་བའི་དོན་དུ་ནི།། ཆོས་ཀྱི་བདག་ཉིད་རྣམས་ཀྱི་བསླུ་བྱ་ཡོད་མ་ཡིན།། གང་ཞིག་རྒྱ་ཆེན་རྣམས་ལས་སྡུག་བསྔལ་འོང་བ་སྟེ།། ཉུང་ངུ་འདོད་ལ་འོང་བ་མ་ཡིན་དེ་དང་བྲལ།། དེ་ཡི་ཕྱིར་ཡང་ཉུང་ངུ་འདོད་ཉིད་བསྙེན། ་བྱ་སྟེ།། གང་ཞིག་ཡོན་ཏན་རྣམས་ཀྱི་རྫོགས་བྱེད་ཀྱེ་མ་ཅི།། དེ་ནི་བཀྲེན་པའི་ལྟ་བ་རྣམས་ལ་མི་འཇིགས་ཤིང་།། དབང་པོ་རྣམས་ལས་གང་ཞིག་ཅུང་ཟད་འཇིགས་མིན་ལ།། གང་ཞིག་ཐོས་ནས་མེད་ཅེས ་མྱ་ངན་མེད་པ་སྟེ།། གང་གི་ཉུང་ངུ་འདོད་དེ་དེ་ཡི་ཐར་པ་མིན།། གལ་ཏེ་གྲོལ་བ་འདོད་ན་ཚིམ་པ་བསྙེན་མཛོད་དང་།། ཚིམ་པ་ན་ནི་འདིར་བདེ་དེ་འདི་ཆོས་ཡིན་ཞིང་།། ཚིམ་པ་རྣམས་ནི་སར་ཡང་བདེ་བར་གཉིད་ལོག་སྟེ།། ཚིམ ་རྣམས་ནི་མཐོ་རིས་ན་ཡང་ཉེ་བར་སྲེག། ཕྱག་ཀྱང་ཚིམ་པ་མེད་པ་རྟག་ཏུ་དབུལ་པོ་སྟེ།། དབུལ་ཡང་ཚིམ་པ་དང་ལྡན་རྟག་ཏུ་ཕྱུག་པོ་ཉིད།། ཚིམ་པ་མེད་པ་སྡུག་པའི་ཡུལ་རྣམས་དང་འབྱེ་ཞིང་།། ཚིམ་པར་འགྲོ་བ་ངལ་བ ་ལྡན་ལ་མྱ་ངན་བྱེད།། ཞི་བའི་བདེ་བ་དམ་པ་ཐོབ་པར་འདོད་རྣམས་ཀྱིས།། དེ་ལྟར་ཚོགས་ལ་དགའ་བ་རྣམསུ་འགྱུར་མི་བྱ།། ཞི་བའི་བདག་ཉིད་གཅིག་ཏུ་རྒྱུ་ཕྱིར་འཇིག་རྟེན་ན།། བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱིས་ཀྱང་རེ་འདོད། ་བྱིད།། ཆགས་པོ་སྡུག་བསྔལ་གྱི་ནི་གནས་པའི་ཤིང་ཡིན་ཏེ།། རང་གི་སྐྱེ་བོ་ལ་འམ་སྐྱེ་ལ་ཆགས་པ་སྤངས།། ཆགས་པ་རྣམ་རྒྱས་སྡུག་བསྔལྔ་ནི་འཇིག་རྟེན་ན།། གཉིས་འཐུང་འཁོགས་པ་འདམ་ལ་བཞིན་དུ་འཆགས་པར ་འགྱུར།། རྟག་པར་རབ་ཏུ་ཞུགས་ཆུ་ཡི་རྒྱུན་ནི་མཉེན་ན་ཡང་།། རྡོ་བའི་ལོགས་ལ་དུས་སུ་རྣམ་པར་འབིགས་པ་སྟེ།། བརྩོན་འགྲུས་ཀྱིས་ནི་རྙེད་པར་དཀའ་བ་ཅི་ཡང་མེད།། དེ་ཕྱིར་ཁུར་རྣམས་མི་འབོར་བར་ནི་བཟོ་བགྱིས་དང་།། ་གང་ཞིག་ཡང་ཡང་ངལ་གསོ་ནས་ནི་སྲུབ་བྱེད་པ།། དེ་ཡིས་ཤིང་ལ་མེ་ནི་རྙེད་པར་སླ་མིན་ཞིང་།། བརྩོན་འགྲུས་བརྩམས་པས་རྙེད་པར་སྨྲ་བར་འགྱུར་བ་སྟེ།། དེ་ཕྱིར་སྦྱོར་བ་ཡོད་ན་བྱ་བ་གྲུབ་པ་ཉིད།། དྲན་པ་ཡོད་ན་སྐྱོན་རྣམས ་འཇུག་པ་མུ་ཡིན་ཏེ།། དྲན་པ་དང་མཉམ་མཛའ་བོ་མེད་ཅིང་བསྲུང་བ་མེད།། དྲན་པ་ཉམས་ལས་ངེས་པར་ཐམས་ཅད་ཉམས་པ་སྟེ།། དེ་ཕྱིར་ལུས་ལ་སོང་བའི་དྲན་པ་སྤང་མི་བྱ།། ཇི་ལྟར་དཔའ་བོ་རྣམས་ནི་གོ་ཆ་བཟུང་ནས་སུ།། ། ་དགྲ་བོའི་སྡེ་ལ་འཇིགས་པ་མེད་རྣམས་འཇུག་པ་སྟེ།། དེ་བཞིན་ལུས་ལ་དྲན་པའི་གོ་ཆ་བགོས་ནས་སུ།། བརྟན་པ་རྣམས་ནི་ཡུལ་གྱི་གཡུལ་རྣམས་ལ་སྤྱོད་དོ།། མཉམ་པར་བཞག་པ་བློ་དང་སེམས་ནི་ཡོངས་བསྡམས་ཤིང་།། ། ་འཇིག་རྟེན་དག་གི་སྐྱེ་དང་འགོག་པ་ཤེས་པ་སྟེ།། དེ་ཕྱིར་ཏིངངེ་འཛིན་ལ་ཡོང་སུ་འཇུག་བྱ་སྟེ།། ཏིང་འཛིན་རབ་ཏུ་ཐོབ་པའི་སེམས་ནད་ཡོད་མ་ཡིན།། རྣམ་པར་འཐོར་བའི་ཆུ་ནི་རྣམ་པར་འཛིན་དོན་དུ།། ཇི་ལྟར་འབད་པས་དོང ་དང་འོབས་ནི་བྱེད་པ་སྟེ།། ཡིས་ཆུ་ནི་གནས་པའི་དོན་དུ་ཏིངེ་འཛིན།། དེ་ལྟར་དོང་དང་འོབས་དང་མཚུངས་པར་རབ་ཏུ་བསྟན།། ཤེས་རབ་ལྡན་པ་ཡོངསུ་འཛིན་པ་བཏང་བ་ཡི།། ཆོས་འདི་ནང་ལ་མཆོག་ཏུ་གཞོལ་བ་དག་གི ་ཏེ།། དེ་ལྟར་གནས་པའི་གྲོལ་བ་ཡོད་ཅིང་འདི་ཡི་ནི།། ཕྱིན་ཅི་ལོག་ནི་ཁྱིམ་པ་མ་ཡིན་དགེ་སློང་མིན།། ཤེས་རབ་རྒ་དང་ཤི་བའི་མཚོ་ཆེན་དག་ལ་གྲུ།། རྨོངས་པའི་མུན་པ་རྣམས་ལ་ཇི་ལྟར་སྒྲོན་མ་སྟེ།། ནད་རྣམས་ཐ~ཾང་འཇོན ་པ་དག་གིས་སྨན་ཡིན་ཞིང་།། ཉོན་མོངས་ལྗོན་ཤིང་འཇོམས་བྱེད་མཚོན་ཆ་རྣོན་པོ་ཡིན།། དེ་ཕྱིར་ཐོས་པ་བསམ་པ་བསྒོམ་པ་རྣམས་ཀྱི་ནི།། ཤེས་རབ་རྣམ་པར་འཕེལ་ལ་རབ་ཏུ་འཇུག་བྱར་བྱ།། གླང ་གིས་ཤེས་རབ་རང་བཞིན་རང་བཞིན་ལྟ་བྱེད་མིག་ཡོད་པ།། དེ་ནི་མིག་དང་བྲལ་ཡང་མི་གོ་དང་ལྡན་པ་ཉིད།། སེམས་ལ་རྒྱུ་བའི་སྤྲོས་པ་དེ་དང་དེ་རྣམས་ཀྱིས།། ཁྱིམ་ན་གནས་པ་སྤངས་ནས་ཀྱང་ནི་གྲོལ་མིན་ཉིད།། མཆོག་ཏུ་ཞི ་བ་ཐོབ་པར་འདོད་པ་རྣམས་ཀྱི་འདི།། ཤེས་ནས་སྤྲོས་པ་མེད་པ་རྣམསུ་འགྱུར་བར་བྱ།། དེ་ཕྱིར་བག་ཡོད་བླ་མ་བཞིན་དུ་བསྙེན་མཛོད་ལ།། བག་མེད་དགྲ་བོ་བཞིན་དུ་རྣམ་པར་སྤོངས་མཛོད་དང་།། བག་ཡོད་པ་ལས་བརྒྱ་བྱོན ་གྱིས་ནི་དཔལ་ཐོབ་ཅིང་།། བག་མེད་པ་ལས་ལྷ་མིན་ཁེངས་རྣམས་རྣམ་པར་ཉམས།། ཕན་པ་དང་ལྡན་རྗེས་སུ་བརྩེ་བ་མངའ་པ་ཡི།། སྟོན་པ་ཐུགས་རྗེ་མངའ་བས་མཛད་བྱ་གང་ཡིན་པ།། དེ་ནི་བདག་གིས་བྱས་ཤིང་དང་ནི་རབ་བསྡམས ་པ|། ཁྱེད་ཅག་རྣམས་ཀྱི་སེམས་ནི་ཞི་བས་བྱས་པའོ།། ཅི་སྟེ་རི་རྣམས་དང་ནི་ཁང་པ་སྟོང་པ་རྣམས།། དགོན་པ་དེ་ནི་གླང་དང་དེར་ནི་ཡོད་པ་ན།། རབ་ཏུ་སྦྱོར་ལ་རྟག་ཏུ་འབོད་པ་བྱ་བ་སྟེ།། ཕྱི་ནས་ཡོངསུ་གདུང་བ་ལྡན་པར་མ་གྱུར ་ཅིག། སྨན་པ་རང་བཞིན་ཡང་དག་ལེགསོ་བར་ཤེས་ནས་ན།། ནད་པ་རྣམས་ལ་དམ་པའི་སྨན་ནི་བརྗོད་བྱ་སྟེ།། དེ་ཡི་དུས་ཀྱིས་སྦྱར་བར་ངེས་པར་བསྟན་པ་ལ།། ནད་པ་གང་དེ་བདག་པོ་ཡིན་ཏེ་སྨན་པ་མིན།། དཔལ་ལྡན་དྲང་ཞིང ་མཉམ་ལ་འཇིགས་པ་མེད་པ་ཡི།། ལམ་ནི་ལམ་མཁན་གྱིས་ནི་རྣམ་པར་བསྟན་པ་ན།། ཐོས་ནས་གང་ཞིག་མི་འགྲོ་ང་ཡི་ཉམས་བྱ་སྟེ།། བསྟན་པས་འདྲེན་པ་པོ་ནི་བུ་ལོན་ཡོད་མ་ཡིན།། སྡུག་བསྔལ་ལ་སོགས་བདེན་པ ་བཞི་པོ་ཁོ་བོ་ཡིས།། བསྟན་པ་རྣམས་ལ་འདི་ནི་གང་གིས་འདོད་པ་ཡོད།། དེ་ནི་མྱུར་ཞིང་སྤོབས་པར་བདག་ལ་སྨྲོས་ཤིག་དང་།། ཐེ་ཚོམ་ཤིན་ཏུ་རྣམ་པར་དཔྱད་བྱ་བཅད་པར་བགྱི།། དེ་ལྟར་མཐོན་པོར་གསུང་བའི་དྲང་སྲོང ་ཆེན་པོ་ལ།། ཐེ་ཚོམ་མེད་པ་དེ་རྣམས་ཅི་ཡང་མ་གསོལ་ཏོ།། སེམས་ཀྱི་དེ་དག་རྣམས་ཀྱི་སེམས་ཀྱི་གཏིང་དཔག་ནས།། བྱེད་ལྡན་མ་འགགས་པས་ཀྱང་ཚིག་འདི་སྨྲས་པའོ།། རླུང་ནི་གཡོ་བ་མ་ཡིན་ཉི་མ་བསིལ་པ་དང་།། ་རི་བོང་མཚན་མ་ཅན་ནི་དྲོ་བ་ཉིད་ན་ཡང་།། འཇིག་རྟེན་དག་ན་རྐང་པ་བཞི་པོ་རྣམས་ལ་ནི།། བདེན་པ་མིན་པར་བྱེད་པར་ནུས་པ་མ་ཡིན་ནོ།། གང་ཞིག་སྡུགས་ཡོད་པ་དོ་ནི་བདེ་བ་མིན།། འདི་ཡི་རྒྱུ་གང་རབ་ཏུ་སྐྱེ་བོ་དེ་གཞན་མིན།། ། ་རྒྱུ་ནི་འགགས་པ་ལས་ནི་ངེས་པར་ཐར་པ་སྟེ།། གང་ཞིག་འདི་ཡི་ལམ་ནི་ཐབས་མ་ཡིན་བྱ་མིན།། དེ་ཕྱིར་བདག་ཉིད་ཆེན་པོ་བདེན་པ་བཞི་རྣམས་ལ།། དགེ་སློང་སྐྱེ་བོ་ངེས་འདི་གཏམ་ཅི་ཡོད་མ་ཡིན།། སྟོན་པ་མྱ་ངན་འདའ་བ་བརྙེས ་པར་འགྱུར་ཞེས་ཏེ།། གང་ཞིག་དོན་ནི་རྫོགས་པ་མ་ཡིན་སྡུག་བསྔལ་ཏེ།། གང་ཞིག་ཚོགས་པ་འདི་ནི་བརྟུལ་ཞུགས་གཞོན་ཉིད་ལས།། སྔོན་དུ་དོན་ནི་མཐོང་བར་གྱུར་པ་མ་ཡིན་པ།། དེ་ཡང་ཁྱོད་ཀྱི་གསུང་འདིས་ད་ནི་དེ་མཾ ་ཐག། གློག་གི་འོད་ཀྱི་ལམ་བཞིན་ཡང་དག་མཐོང་བར་གྱུར།། གང་གི་དོན་གྱི་ལྷག་མ་ཡོད་པ་མ་ཡིན་ཞིང་།། གང་ཡང་སྦྲིད་པའི་མཚོ་ཡི་ཕ་རོལ་ཕྱིན་པ་སྟེ།། མགོན་པོ་ཤིན་ཏུ་བརྒྱན་པ་ངེས ་པར་གཤེགས་ཐོས་ཏེ།། དེ་དག་གི་ཡང་སྙིང་ལ་བསམ་པར་གྱུར་པ་ཉིད།། དེ་ལྟར་འཕགས་པ་མ་འགགས་པ་ཡི་ཚིག་དེ་ཡིས།། དོན་ནི་རྣམ་པར་ཤེས་ཀྱང་ཤེས་ནས་སླར་ཡང་ནི།། གུས་ལྡན་རྣམས་ཀྱི་བློ ་གྲོས་བརྟན་པོ་མཛད་བཞེད་པ།། བྱམས་པས་སླར་ཡང་སངས་རྒྱས་ཀྱིས་ནི་བཀའ་སྩལ་ཏོ།། གང་ཕྱིར་བསྐལ་པར་གནས་ཀྱང་དེ་ན་ཉམས་པ་སྟེ།། ཕན་ཚུན་དུ་ནི་འདུ་བ་ངེས་པར་ཡོངས་མ་ཡིན།། བདག་ཉིད་ཀྱི ་དང་གཞན་གྱི་དོན་ནི་བྱས་ནས་ནི།། ཁོ་བོའི་གནས་པ་ལ་ནི་དགོས་པ་ཡོད་མ་ཡིན།། གང་རྣམས་མཁར་དྲང་ས་ན་བདག་གི་གདུལ་བྱ་རྣམས།། དེ་རྣམས་ཐར་པར་བྱས་ཤིང་རྒྱུན་ལ་བཅུག་པ་སྟེ།། འདི་ལས ་གཞན་བུ་སློབ་མ་རིམོ་དང་རིམ་རྣམས་ཀྱིས།། ང་ཡི་ཆོས་འདི་སྐྱེ་དགུ་རྣམས་ལ་གནས་པར་འགྱུར།། དེ་ཕྱིར་འགྲོ་བའི་རང་བཞིན་རྣམ་པར་ཤེས་བྱས་ནས།། བསམ་མནོ་མ་བྱེད་ངེས་པར་རྗེ་འབྲལ་བ་སྟེ།། རྣམ ་པ་དེ་ལྟར་འགྲོ་བར་ཤེས་ནས་སུ།། ཇི་ལྟར་འདི་ལྟར་མ་ཡིན་དེ་ལྟར་གྱིས་མཛོད་ཅིག་དང་།། ཡེ་ཤེས་སྒྲོན་མས་མུན་པ་རྣམ་པར་བསལ་བྱས་ནས།། སྲིད་པ་རྣམས་ལ་སྙིང་པོ་མེད་པར་མཐོང་ནས་སུ།། ཇི་ལྟར ་ནད་ནི་ཉེ་བར་ཞི་བ་དེ་ལྟར་ནི། ཚེ་ན་རྣམ་པར་འགགས་ན་ཚིམ་པ་ཉིད་ཡིན་ནོ།། དོར་བར་བྱ་ཞིང་རྩོད་ལྡན་ལུས་ཞེས་བྱ་བ་ནི།། སྲིད་པའི་མཚོ་ཡི་རྒྱུན་ནི་རྣམ་པར་འགགས་པ་ན།། དོན་མེད་བྱེད་པའི་དགྲ་བོའི་རྣམ་པར་ཉམས་ལས་བཞིན ་ཚེ་ནི་ཉེ་བར་ཞི་བས་ཚིམ་པ་མ་ཡིན་སུ།། རྒྱུ་དང་མི་རྒྱུ་ཐམས་ཅད་རྣམ་པར་འགོད་པ་སྟེ།། དེ་ཕྱིར་ཁྱེད་ཅག་རྣམས་ནི་ལེགས་པར་བག་ཡོད་ཀྱི།། མྱ་ངན་འདའ་བའི་དུས་ནི་ཡོངསུ་གྱུར་པ་སྟེ།། ཁྱེད་ཅག་མ་སྨྲ་འདི་ནི་བདག་གི་ཕྱི་མའི་ཚིག། ་དེ་ནས་བསམ་གཏན་རིག་པ་རྣམས་ཀྱི་མཆོག་གིས་ནི།། ཡུད་ཙམ་དེ་ལ་བསམ་གཏན་དང་པོ་ཐོབ་མཛད་ནས།། དེ་ལས་རྣམ་པར་བཞེངས་ནས་གཉིས་པར་གཤེགས་པ་སྟེ།། རིམ་གྱིས་མ་ཚང་མེད་པར་ཐམས་ཅད་ལ་གཤེག་སོ།། དེ་ནས ་རྗེས་སུ་རིམ་པས་རབ་ཏུ་བྱེད་པ་དགུ།། སྙོམས་པར་འཇུག་པའི་ཚོགས་ནི་མཐའ་དག་བསམ་གཏན་མཛད།། དེ་ནས་དྲང་སྲོང་ཆེན་པོས་སླར་ཡང་རིམ་གྱིས་ནི།། བསམ་གཏན་དང་པོ་དེ་ཉིད་ལ་ནི་བབས་པའོ།། དེ་ལས་རྣམ་པར་བཞེངས ་ནས་ཀྱང་ནི་རིམ་གྱིས་ནི།། བསམ་གཏན་བཞི་པ་ལ་ནི་སླར་ཡང་འཛེགས་པ་སྟེ།། བསམ་གཏན་བཞི་པའི་ཆོ་ག་ལས་དེ་རྣམས་བཞེངས་ཤིང་།། མངོན་སུམ་ཉིད་དུ་ཉེ་བར་ཞི་བ་ལ་གཤེག་སོ།། དེ་ནས་ཐུབ་པ་མྱ་ངན་འདྲའ་བར་གཤེགས ་པ་ན།། ཆར་གྱིས་བསྣུན་པའི་བ་ལང་བཞིན་དུ་ས་གཡོས་ཤིང་།། ཕྱོགས་ཀྱི་གླང་པོ་རྣམས་ཀྱི་སྦྱང་བ་བཞིན་དུ་ནི།། ན་མཁའ་ལས་ཀྱང་སྒྲོན་མ་རྣམས་ནི་ལྷུང་བར་གྱུར།། ལྷ་ཡི་ནགས་ཚལ་སྣ་ཚོགས་ཤིང་རྟ་སྲེག་འདོད་པའི།། ་ནགས་ཀྱི་མེ་ནི་བར་སྣང་དག་ལ་བྱུང་བ་བཞིན།། བུད་ཤིང་མེད་ཅིང་རླུང་མེད་དུ་བ་མེད་པའི་མེ།། ཕྱོགས་ནི་སྲེག་པར་བྱེད་པ་བྱུང་བར་གྱུར་པ་ཉིད།། ལྷ་མིན་འཇོམས་པར་འདོད་པ་གཡུལ་དུ་འཇུག ་པ་ན།། ཁྲོ་བ་བརྒྱ་པས་ཁྲོ་བ་རྣམ་པར་གཏོང་བཞིན།། དྲི་བཞིན་མེ་སྟག་བརྒྱ་པའི་མེ་ནི་སྐྱུག་པ་ཡི།། དབང་པོའི་རྡོ་རྗེ་མ་བཟད་པ་རྣམས་ལྟུང་བར་གྱུར།། འཇིག་པའི་རླུང་རྣམས་དག་གིས་བཏགས་པ་རྣམས་ཀྱིས་བཞིན།། ། ་འཛིན་པ་འཛིན་པ་རྣམས་ཀྱི་རྩེ་མོ་རྣམས་ལྒང་བཞིན།། 2རྨི་ཤིང་ཤིང་རྣམས་དག་ནི་ཟུག་རྔུ་བྱེད་པ་ཡི།། ཕྱག་དར། ཁུར་བའི་རླུང་ནི་དྲག་ཏུ་གཡོས་པར་གྱུར།། འདམ་གྱིས་ཆུས་བསྒོས་སྡོང་བུ་གཞོན་ནུ་རྣམས་ཀྱིས་ནི།། ་ལུས་ནི་ཡོངསུ་དཀྲིས་པའི་ངང་པའི་རྒྱལ་པོ་བཞིན།། ཅུང་ཞིག་འོད་ཟེར་ཁ་དོག་ངན་པ་དེ་རྣམས་ཀྱིས།། འོདི་ནི་བཅོམ་སྟེ་ཟླ་བ་མངོན་པ་གསལ་བར་གྱུར།། སྤྲིན་དང་བྲལ་ཡང་མཁའ་ལ་ཟླ་བ་གནས་ན་ཡང་།། མུན་པ་མི ་བཟང་རྣམས་ཀྱི་ཕྱོགས་རྣམས་རྒྱས་པ་སྟེ།། ཡུད་ཙམ་དེ་ལ་མྱ་ངན་གྱིས་ནི་ཟིལ་ནོན་ཞིང་།། ཆུ་བོ་རྣམས་ནི་དེ་མ་ཐག་ཏུ་ཆུ་དྲོན་འབབ།། དེ་ནས་ཉེས་སརེ་སྐྱེས་པའི་ཤཱུ་ལིའི་ཤིང་དག་གིས།། རང་གི་མེ་ཏོག་མཛེས་པ ་འཇུག་པ་དུས་མིན་ལ།། རྣམ་པར་བཏུད་ནས་དྲང་སྲོང་ཆེན་པོའི་སྐུ་ལུས་ནི།། གསེར་གྱི་སྟེག་བུའི་གཟུགས་བརྙན་ལ་ནི་ཡང་དག་གཏོར།། མེཁའ་ལ་མགོ་བོ་ལྔ་རྣམས་མི་གཡོ་ཀླུ་རྣམས་ནི།། མྱ་ངན་གྱིས་སླར་སོ་སོར་དམར ་བླའི་མིག་ཅན་རྣམས།། རབ་ཏུ་གཉིད་ལོག་གདེངས་ཀ་བསྟོད་པའི་ལུས་རྣམས་ཀྱིས།། ཐུབ་པ་ལ་ནི་གུས་པས་ལྷ་བཞིན་གནས་པར་གྱུར།། ནང་དུ་སོང་བའི་ཀུན་ནས་གདུང་བ་རྣམས།། དེ་རྣམས་ཤིན་ཏུ་དྲོན་མོའི་དབུགས ་ནི་རྒྱས་པ་སྟེ།། འགྲོ་བའི་རང་བཞིན་མི་རྟག་པ་ནི་རྟོགས་ནས་སུ།། མྱ་ངན་འོངས་པ་མིན་རྣམས་མྱ་ངན་སྨད་པར་གྱུར།། ངེས་པར་ལེགས་པའི་ཆོས་ཀྱི་ཆོ་གར་རབ་ཞུགས་པ།། རྒྱལ་པོ་རྣམ་ཐོས་སྲས་ཀྱི་འདུས་པ་དམ་པ་སྟེ།། ཆོས་ལ་མངོན ་དར་ཆགས་པས་མྱ་ངན་མ་བྱས་ཤིང་།། ལྷ་ཡི་རྟེན་ལ་མཆི་མ་ཆུང་བར་མ་གྱུར་ཏོ།། གཙང་མར་ལྷག་པར་གནས་པའི་བྱེད་ལྡན་ལྷ་རྣམས་ཀྱང་།། དྲང་སྲོང་ཆེན་པོའི་ཡང་དག་ཤིན་ཏུ་གུས་ལྡན་རྣམས།། རང་གནས་གྱུར་ཅིང་རྣམ་པར་སྨད ་འགྱུར་བ་མ་སོང་སྟེ།། འཇིག་རྟེན་དག་ནི་རང་བཞིན་ན་སྨད་པའོ།། དྲི་ཟའི་རྒྱལ་པོ་རྣམས་དེ་ནས་ཀླུ་ཡི་རྒྱལ་པོ་རྣམས།། གནོད་སྦྱིན་རྣམས་དང་དམ་ཆོས་ལ་དགའ་ལྷ་རྣམས་ནི།། མྱ་ངན་བྱེད་ཅིང་མྱ་ངན་མཆོག་ལ་གཞོལ་རྣམས ་ཀྱིས།། རིགས་ཆེན་པོ་ཡི་ཉམ་ཐག་བཞིན་དུ་མཁའ་ལ་གྱུར།། ཡིད་ལ་རེ་བ་ཐོབ་པའི་བདུད་ཀྱི་སྡེ་རྣམ་སཱི།། རབ་ཏུ་དགའ་བས་སྐད་ནི་འཐོན་ཞིང་རྒོད་པ་སྟེ།། འཕྱོ་ཞིང་གླུ་དབྱངས་གར་བྱས་དགའ་བར་གྱུར་པ་རྣམས།། རྔ་བོ་ཆེ་དང་རྫ ་པ་ཊ་ཧ་རྣམས་བརྡུངས།། དེ་ནས་རྡོ་རྗེ་རྩེ་མོ་བཅོམ་པའི་རི་བོ་བཞིན།། ཆང་དང་བྲལ་བའི་གཉིས་འཐུང་དགའ་བ་མེད་པ་བཞིན།། ནོག་གྲི་རྣར་དམན་པའི་དབྱིབས་ཅན་ཁྱུ་མཆོག་བཞིན།། ཐུབ་བཱི་ཁྱུ་མཆོག་ནུབ་པ་ན་ནི་འཛིན་གྱུར།། ཉིན་མོར་བྱེད་པས་རབ་ཏུ་དམཱ་སཱི་ན་མའ།། ་བཞིན།། བ་མོས་བསྲེགས་པའི་པདྨ་དང་ལྡན་རྫིང་བུ་བཞིན།། ནོར་དང་བྲལ་ཞིང་བྱ་བ་མེད་པའི་རིགས་བཞིན་དུ།། སྲིད་པ་ཉམས་མཛད་རབ་ཏུ་ཉམས་ལས་འགྲོ་བར་གྱུར།། སངས་རྒྱས་ཀྱི་སྤྱོད ་བ་ཞེས་བྱ་བའི་སྙན་དང་གས་ཆེན་པོ་ལས། ཡོངསུ་མྱ་ངན་ལས་འདའ་བ་ཆེན་པོའི་ལེའུ་སྟེ། ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་ངང་པ་སྟོང་དང་ལྡན་པའི་ལྷ་ཡི་ནི།། གཞལ་མེད་ཁོང་ནས ་གདོང་ནི་ཅུང་ཞིག་རབ་བཏུད་ནས།། ཡུད་ཙམ་ཐམས་ཅད་མཁྱེན་པ་ལ་ནི་བལྟས་ནས་སུ།། ལྷ་ན་གནས་པ་ཆེན་པོ་གཞན་ཞིག་གིས་སྨྲས་སོ།། ཀྱེ་མ་འགྲོ་ན་དངོས་པོ་ཐམས་ཅད་མི་རྟག་ཅིང་།། སྐྱེ་བའི་ཆོས་ཅན་དང་ནི ་འཛད་པའི་ཆོས་ཅན་ལ།། སྐྱེ་བ་རྣམས་ནི་སྡུག་བསྔལ་སྐྱེད་པར་བྱེད་པ་སྟེ།། དེ་དག་རྣམས་ཀྱི་ལྷག་མེད་ཞི་བས་ཞི་བ་ཉིད།། སྐྱེ་བའི་བུད་ཤིང་ཚད་མ་མིན་པ་བསྲེག་མཛད་ནས།། ཡེ་ཤེས་མེ་ལྕེ་གྲགས་པས་རྣམ་ཁྱབ་དུ་བ ་ཅན།། ཆུ་ཡཱ་མེ་བཞིན་དུ་ནི་དུས་ཀྱི་ཆུ་ཡིས་ནི།། དེ་བཞིན་གཤེགས་པའི་མེ་དེ་མྱ་ངན་འདའ་བར་བྱ།། དེ་ནས་མཆོག་གི་དྲང་སྲོང་དང་མཚུངས་དྲང་སྲོང་གཞན།། མཐོ་རིས་གནས་ཀྱང་འབྲས་བུ་རྣམས་ལ་མ་ཆགས་པས།། ་རབ་ཏུ་ཞི་བའི་དགྲ་བཅོམ་དྲང་སྲོང་མཐོང་ནསུ།། རི་དབང་བརྟན་པས་ཚིག་ནི་རྣམ་པར་སྨྲས་པའོ།། འཇིག་རྟེན་དག་ན་འགའ་ཞིག་ཉམས་པར་མི་འགྲོ་མེད།། དེ་ལྟར་འགྲོ་བ་མེད་ཅིང་སོང་བ་མེད་པ་སྟེ།། མཆོག་དང་མཆོག ་མཁྱེན་མཆོག་གི་དོན་རིག་པ།། སྟོན་པ་མཚུངས་མེད་གང་དུ་རབ་ཏུ་ཞི་བར་གྱུར།། ཤེས་རབ་རྣམ་པར་དག་ཅིང་མཆོག་གི་སྤྱན་མངའ་བ།། ཡོངས་སུ་འདྲེན་པ་པོ་ཉིད་འདི་ཡིས་དམན་པ་ནི།། རྨོངས་པ་ངེས་པར་མིག་ལོང ་གསོན་པའི་འཇིག་རྟེན་ནི།། འདུ་ཤེས་ཉམས་ཤིང་ལམ་ངན་ལ་ནི་གནས་པར་འགྱུར།། དེ་ནས་འགྲོ་བའི་འགལ་བ་མ་ཡིན་མ་འགགས་པ།། རྗེས་སུ་ཆགས་པ་ཉམས་ཤིང་སྐྱེ་བ་འགགས་བྱས་པས།། འཇིག་རྟེན ་སྣང་བས་དམན་པ་མཐོང་ནས་སུ།། ཐུབ་པའི་ཞི་བ་ན་ནི་ཞི་བའི་ཡིད་ཀྱིས་སྨྲས།། ཤེས་རབ་ལྡན་པ་འདུ་བྱེད་ཆོ་ག་ལ་གནས་པ།། དུས་འདིར་ངེས་པར་བློ་གཏད་བྱ་བ་མ་ཡིན་ཞིང་།། མི་རྟག་ཉིད་ཀྱི་རྡོ་རྗེ་ངེས་པར་ལྟུང་བ་ཡི།། ་གླིང་དུ་ཐུབ་པ་རི་བོ་ཆེན་པོ་བཅོམ་པར་གྱུར།། སྙིང་པོ་མེད་ཅིང་ང་མེད་རྣམ་པར་ཉམས་པའི་ཆོས།། འཇིག་རྟེན་སོན་པའི་འཇིག་རྟེན་ཀྱེ་མ་སྨོད་པར་བཤོག། གང་དུ་ཐུབ་དཀའ་དྲང་སྲོང་ཆེན་པོ་སེང་གི་ཡང་།། ཉེས ་པའི་གཉིས་འཐུང་རྣམས་ནི་ཉམས་པར་མཛད་ནས་ཉམས།། འདོད་ཆགས་བྲལ་བ་མིན་པའི་འགྲོ་བ་འཇུག་པ་ལ།། ད་ནི་འཇིགས་པ་ཆེན་པོ་མ་ཡིན་སུ་ཡི་ལགས།། ཐུན་མྱོང་ལས་ནི་གང་དུ་དེ་བཞིན་གཤེགས ་པ་ཡང་།། གསེར་གྱི་ཀ་བ་ལྟ་བུ་ཀུན་ནས་ཆགས་པར་གྱུར།། ས་བོན་དྲུག་དང་མྱུ་གུ་གཅིག་དང་གཏོར་མ་གཅིག། རྩ་བ་དྲུག་དང་འབྲས་བུ་ལྔ་དང་ཡལ་ག་གཉིས།། ཕུང་པོ་གསུམ་དང་བདག་ཉིད་གཅིག་ལ་ཉོན ་མོངས་ཀྱིས།། སྡོང་པོ་འདི་ནི་བཅག་ནས་ཐུབ་པ་གཉིས་འཐུངས་གཟིམས།། འགྲོ་རྒྱལ་མདའ་བཞིན་དགྲ་བོ་རྣམས་ནི་བཅོམ་ནས་སུ།། ཆུ་མེད་པར་ན་རྨ་བྱ་བཞིན་དུ་ཆགས་བྲལ་ཞིང་།། མགྱོགས་འགྲོ་རྟ་བཞིན་དུ་ནི་རྣམ ་རྒྱལ་ལམྲ་སོང་བ།། མེ་བཞིན་ཐུབ་པ་སྐྱེ་བ་མེད་ཅིང་ཞི་བར་གྱུར།། ཐོ་རེསྟེ་དབང་ཕྱུག་རྡོ་རྗེ་འཛིན་པ་མིག་འཕེལ་ན།། རབ་ཏུ་ཚིམ་བྱེད་རྒྱུན་བཞིན་གསུང་རྣམས་བཏང་ནས་སུ།། འོད་ཀྱི་ཉམ་ཐག་པ་ལང་བཞིན་སར་རྣམ་རྒྱུས་ནས།། གླགས་པས ་ཕྱོགས་ནི་མངོན་པར་བཀང་ནུས་བླ་མ་གཟིམས།། སྙན་གྲགས་ལྡན་པ་ཉིད་དང་འོད་ཟེར་ལྡན་པ་སྟེ།། ཆུ་བོ་སིནཱ་དྷུ་བཞིན་དུ་གསེར་སྐྱུགྲི་ཤུགས་ལྡན་པ།། རྣམ་ཐོས་བུ་ཡི་རྫུ་འཕྲུལ་མི་སྐྱོང་སྡེར་བཅས་པ།། ལམ་ལ་བཅུག་ནས་མི་ཡི་ཉི་མ ་ནུབ་པར་གྱུར།། རྨུགས་པའི་དོ་ཤལ་གྱིས་ནི་ཕྱོགས་དག་དཀྲིས་པ་བཞིན།། རྒྱ་ཆེན་སྤྲིན་རྣམས་ཀྱིས་དཀྲིས་ཉི་མའི་འོད་རྣམས་བཞིན།། མཆོད་སྦྱིན་རྫོགས་ཚི་མར་གྱི་སྨན་པོའི་མེ་བཞིན་དུ།། ཐུབ་བཞི་ཚེ་དེ་རིང་འཇིག་རྟེན་གསྔལ་མ་གྱུར། ་མདུད་པ་མེད་པ་བདེན་པའི་ལམ་ནི་བསྙེན་ནས་སོ།། མདུད་པ་མེད་པ་ཞི་བའི་ཆོས་ནི་བརྙེས་ནས་ནི།། རྫུ་འཕྲུལ་གྱིས་ནི་སྐུ་ལུས་འདྲེན་པར་ནུས་ན་ཡང་།། སྡུག་བསྔལ་དག་གི་གཏེར་ནི་ལུས་ཡིན་ཞེས་སྤངས་སོ།། མུན་པ་མུན་པ་ཉི་མས་བཞིན ་དུ་ཟིལ་མནན་ནས།། རྡུལ་ནི་རྡུལ་ནི་ཆར་བ་བཞིན་དུ་མངོན་བཅོམ་ནས།། སླར་ཡང་སླར་ཡང་སྡུག་བསྔལ་འཁྲུལ་འཁོར་མི་ལེན་ཏེ།། ཐུབ་པ་ཐུབ་པ་སྐར་རྒྱལ་བཞིན་དུ་མངོན་པར་གཤེགས།། གང་ཞིག་སྐྱེ་བས་སྡུག་བསྔལ་འཇོམས་ཕྱིར ་སྐྱེས་པ་སྐྱེས་པ་སྟེ།། གང་ལ་འཇིག་རྟེན་པས་ནི་ཞི་བའི་ཆེད་དུ་བསྟན།། གང་ཞིག་འོད་ཟེར་མཆོག་གི་རྣམ་པར་གསལ་བ་དང་།། ཁྱད་པར་འཕགས་པའི་བློ་ཡིས་རྣམ་པར་བསལ་བར་གྱུར།། གང་གིས་སྐྱེ་དགུ་རྣམས་ནི་དགེ་ལེགས ་ལྷོ་བཅུག་སྟེ།། ཡོན་ཏན་རྒྱ་ཆེན་རྣམས་ཀྱི་ས་ལ་རྒྱས་པ་ཉིད།། འདོད་པའི་སྙན་གྲགས་གསལ་བ་རྣམས་ཀྱིས་འཕེལ་བ་སྟེ།། ཁྱིམ་ན་གནས་པ་ཡིན་ཀྱང་གྲགས་པས་འཕེལ་བ་ཉིད།། གང་གིས་མཁྱེན་ཞིང་སྨོད་པས་འོ་དོད་མ་བོས་ཤིང། ་མཱི་ནི་ཉམ་ཐག་རྣམས་ལ་བརྩེ་བས་བོས་པ་སྟེ།། བཟའ་བ་ངན་བྱར་རབ་ཏུ་འཇོམས་ཤིང་མ་གསོལ་ལོ།། བཟའ་བ་ལེགས་པ་རྗེསུ་འགྲོ་ཞིང་མ་གསོལ་ཏོ།། མི་གནས་དབང་པོ་ཞི་བ་གང་ཞིག་ཡུལ་རྣམས་ལ།། སྟོབས་རབ་དབང་པོ ་ཉིད་ལས་ཡང་དག་མི་གནས་ཤིང་།། གཞན་རྣམས་ཀྱིས་མ་ཐོབ་པའི་ལམ་བཟངས་ཐོབ་པ་སྟེ།། རོ་མཁྱེན་པས་ནི་ངེས་པར་འབྱུང་བའི་རོ་གསོལ་ཏོ།། གང་གིས་སྔར་མ་བྱིན་པའི་སྦྱིན་པ་སྟེ།། འབྲས་བུ་འདོད་པས་ཅུང་ཟད་ཞིག ་ནི་མ་བྱིན་ལ།། མཉམ་ཉིད་རྗེས་མཐུན་ཕུན་སུམ་ཚོགས་པ་དོར་བ་སྟེ།། དམ་པ་རྣམས་ཀྱི་ཡིད་རྣམས་ཡོན་ཏན་རྣམས་ཀྱིས་འཕྲོགས།། བརྟན་པ་རྣམས་ཀྱིས་གཡོ་བའི་སྤྱན་ནི་བསྲུངས་པ་སྟེ།། བརྟན་པར་གཤེགས་ཤིང་སེམས་ནི་བསྲུང ་དུ་བཅུག་གྱུར་ལ།། དགེ་ལེགས་རྣམས་ལ་ནི་བསྲུངས་ཤིག་འཕེལ་བར་མཛད་པ་སྟེ།། ཆོས་སྐྱེས་པ་ནི་ཅུང་ཞིག་འདོད་པར་མ་མཛད་དོ།། བརྟན་པས་མི་དགེ་བ་ལས་མི་དགེ་རྣམས་སྤངས་ནས།། དགེ་ལེགས་ཀྱིས་ནི་དགྲ་བོ་སྐྱོན་རྣམས ་སྦྱངས་བྱ་སྟེ།། གྲང་ཞིག་བློ་ཡིས་ཉེས་པ་རྣམས་ནི་ཀུན་སྤངས་ལ།། དེ་ནི་འཕགས་མིན་མི་རྟག་ཉིད་ཀྱིས་ནུབ་བྱར་གྱུར།། གང་ལ་ཆོས་ནི་ཡང་དག་རྗེས་སོང་ཞིང་།། དགའ་བས་མཆོག་ཏུ་ངེས་པ་རྣམ ་པར་བཟུང་བ་སྟེ།། མེ་ཡིས་ནོར་ནི་ཟོས་པ་ཇི་ལྟ་བ་བཞིན་དུ།། ཁྱབ་བདག་ཡེ་ཤེས་ནོར་ཅན་དེ་ཡང་སྲོག་སོང་ངོ་།། བརྒྱད་པོ་རྣམས་ལ་མཆོག་ཏུ་སྡེ་མཚན་ལྔ་ཐུལ་ཞིང་།། གསུམ་གཟིགས་སྤྱོད་པ་གསུམ་ནི་ཟད་བྱེད་སྤྱན་གསུམ ་པ།། གཅིག་ནི་བསྲུངས་ནས་གཅིག་ནི་ཐོབ་ནས་གཅིག་རྟོགས་ནས།། ལྕི་བ་བདུན་རྣམས་སྤངས་ནས་བླ་མ་གཟིམས་པར་གྱུར།། གང་གིས་ཞི་བའི་ཆེད་དུ་ལམ་ནི་གསལ་མཛད་དེ།། ལེགས་པའི་སྐྱེ་བོ་ཞི་བས་རབ་ཏུ་དང་མཛོད་ཅིང་།། ་ཉོན་མོངས་ལྗོན་ཤིང་རབ་ཏུ་ཆགས་པ་བཅད་པ་སྟེ།། སྲིད་པ་རྣམས་ལས་གུས་པ་ལྡན་པ་རྣམས་བསྒྲལ་ཏོ།། གསུང་གི་བདུད་རྩིས་འཇིག་རྟེན་ཤིན་ཏུ་ཚིམ་མཛད་ཅིང་།། བཟོད་པ་ཡིས་ནི་ཁྲོ་བོ་ཡོངསུ་བཟུང་བ་སྟེ།། སློབ་མའི་སྡེ ་ནི་དགེ་ལེགས་ལ་ནི་རོལ་མཛད་ལ།། དགེ་ལེགས་དོན་དུ་གཉེར་རྣམས་ཕྲ་མོ་རྟོག་སུ་བཅུག། ལེགས་པ་རྣམས་ལ་ཆོས་ཀྱི་ས་བྱོན་སྐྱེད་མཛུད་ཅིང་།། རྒྱུ་ཡི་བདག་ཉིད་འཕགས་པའི་ལམ་ནི་ཐོབ་མཛོད་ལ།། འཇིག་རྟེན་འདས་པས ་འཕགས་པ་མིན་པ་མ་བསྟན་ཅིང་།། ཆོས་ལས་མ་གཏོགས་གཞན་ལ་སྦྱར་བ་མ་ཡིན་ནོ།། ཀཱ་ཤི་གན་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ།། བློ་དང་ལྡན་པ་ཉིད་ཀྱིས་འཇིག་རྟེན་ཚོམ་མཛད་ཅིང་།། གདུལ་བྱ་རྣམས་ནི་ཆོས་ཀྱི་ཆོ་གར་སྤྱད ་མཛད་ལ།། བདག་ཅག་རྣམས་ལ་ཕན་པའི་ཆེད་དུ་དགེ་བ་མཛད།། གཞན་རྣམས་མ་མཐོང་བ་ཡི་དེ་ཉིད་མཐོང་མཛད་ཅིང་།། ཡོན་ཏན་རྣམས་ཀྱིས་ཆོས་བྱེད་རྣམས་ལ་སྦྱར་བ་སྟེ།། གཞན་གྱི་ལུགས་རྣམས་ཚར་བཅད་ནས ་ནི་བསྐུལ་གྱུར་ལ།། རྟོགས་པར་དཀའ་བའི་དོན་ནི་རྣམ་པར་ཤེས་པར་མཛད།། ཐམས་ཅད་མྱི་རྟག་པ་དང་བདག་མེད་པར་གསུངས་ཤིང་།། སྲིད་པ་རྣམས་སུ་བདེ་བ་ཅུང་ཟད་མ་གསུངས་ལ།། སྙན་པའི་བ་དན་གྱེན་དུ་རྣམ་པར ་བསྒྲེང་བ་སྟེ།། ང་རྒྱལ་ཀ་བ་མཐོན་པོ་རྣམ་པར་བསྒྱེལ་བར་མཛད།། སྨད་ཀྱང་རང་གི་ཐུགས་ནི་བསྐྱོད་པ་མ་ཡིན་ཞིང་།། ཐམས་ཅད་ལ་ནི་འཇུག་པ་རྣམས་ལ་སྲེད་མ་མཇེད།། རང་ཉིད་རྒལ་ཞིང་བྱིང་བ་བསྒྲལ་བར་མཛད་པ་སྟེ།། ཞི་ཞིང་ཕ ་རོལ་འཁྲུལ་པ་ཞི་བར་མཛད་གྱུར་ལ།། གྲོལ་ཞིང་ཕ་རོལ་བཅིང་བ་གྲོལ་བར་མཛད་པ་སྟེ།། རྟོགས་ཤིང་ཕ་རོལ་རྨོངས་པས་རྟོགས་པར་མཛད་པའོ།། ཐུབ་པས་ཐུབ་པས་ཚུལ་དྲང་ཚུལ་མིན་མཁྱེན་འོད་དེས།། སེམས་ཅན་རྣམས་ནི་ཡང ་དག་གཏམ་གྱིས་རྗེས་བཟུང་ནས།། ཚུལ་མིན་ལ་དགའ་ཚུལ་མིནྡ་འབྱུང་པོ་རྣམས་ལ་ནི།། བསྐལ་པ་འཇིགས་པའི་ཚེ་ན་ཆོས་བཞིན་རབ་ཏུ་གཟིམས།། ཆུ་ལྡན་སྤྲིན་བཞིན་ས་འཛིན་རི་བོ་ནགས་ཚལ་རེ་བ་ནགས་ཚལ་བཞིན།། ་འོད་ལྡན་རྒན་པོ་བཞིན་དུ་འོང་ལྡན་གཞོན་ནུ་བཞིན།། འཇིག་རྟེན་དག་གི་ལྟོ་བྱེད་བཅོམ་ནས་འཇིག་རྟེན་གྱིས།། ལྟ་བྱེད་ཉེ་བར་ཕྲོགས་ནས་འགྲོས་སུ་འདི་གཤེགས་སོ།། དབང་ཕྱུག་དམ་པ་གང་ལ་ལྟུང་བས་མེ་རེག་ཅིང་།། གང་གི་མཆོག ་ཏུ་ཞི་བའི་ལམ་ནི་རྙེད་པ་སྟེ།། ཞི་བ་བརྙེས་པ་དེ་ནི་གུས་པས་མཐོང་ནས་སུ།། དེ་རིང་འཇིག་རྟེན་གཉེན་འདུན་མེད་ཅིང་གུས་པ་འདྲ།། འཇོམས་པར་འདོད་ཅིང་སྟོབས་ནི་རབ་ཞུགས་བདུད་ཀྱང་ནི།། སྡེ་དང་བཅས་བྱས ་གང་ནི་ཐུབ་པར་མི་ནུས་པ།། འཇོམས་པར་འདོད་ཅིང་སྟོབས་ཞུགས་བདུད་ཀྱིས་དེ་རིང་ནི།། དེ་ནི་བདུད་ཀྱིས་སྦྱོར་ལས་འཇོམས་པར་ནུས་པར་གྱུར།། འབྱུང་པོ་རྣམས་ནི་ཐམས་ཅད་རྣམས་ནི་འདུས་པ་རྣམས།། སྡུག་བསྔལ་རྣམས་ཀྱིས ་ཟིལ་ནོན་ལྷ་དང་བཅས་པ་རྣམས།། འཁོར་བའི་འཇིགས་པ་གང་རྣམས་ཟད་པ་མ་ཡིན་ཞིང་།། དེ་ལྟར་མཆོག་ཏུ་མྱ་ངན་འདས་པ་ཐོབ་མ་ཡིན།། སྐྱེ་དགུའི་རྣམས་ཀྱི་སྣང་མཛད་གང་གིས་འཇིག་རྟེན་ནི།། ཉེ་བར་སྐྱེ་བ་མེ ་ལོང་བཞིན་དུ་གཟིགས་པ་སྟེ།། རྒྱང་རིང་དུ་འམ་ཉེ་བར་མཐོ་རིས་སུ་འམ་མཐར།། ལྷ་ཡི་རྣ་བས་སྒྲ་ནི་རྣམ་པར་ཐོས་པའོ།། བར་སྣང་དག་ལ་སྐར་མའི་ཁང་པར་འཛེགས་པ་སྟེ།། སི་ལ་རབ་ཏུ་ཞུགས་ཀྱང་ཐིག་པ་མ་ཡིན་ཞིང་།། ཚུ་ལ་རབ་ཏུ ་གཤེགས་ཀྱང་ནུབ་པ་མ་ཡིན་ལོ།། སྐུ་ཡིས་རྣམ་པར་འགྱུར་བ་མང་པོ་རྣམ་མཛད་དོ།། དེ་རྣམས་དེ་རྣམས་གནས་རྣམས་ལམ་འགྲོས་ལམ་ན་བཞིན།། གང་གིས་སྐྱེ་བ་དུ་མ་རྣམས་ཀྱང་དྲན་པ་སྟེ།། ཡིད་ཀྱི་ཕ་རོལ་རྣམས་ཀྱི་ཡིད་ཀྱི ་སྤྱོད་པ་རྣམས།། དབང་པོ་ལས་འདས་སྣ་ཚོགས་རྣམས་ཀྱང་མཁྱེན་པའོ།། ཐམས་ཅད་མཉམ་པར་རབ་ཞུགས་ཐམས་ཅད་མཁྱེན་པ་དེས།། ཟག་པ་ཐས་ཅད་བཅད་ཅིང་བྱ་བ་ཐམས་ཅད་མཛད།། ཡེ་ཤེས་ཀྱིས་ནི་ཉོན་མོངས་ཐམས་ཅད ་རྣམ་སྤངས་ནས།། ཡེ་ཤེས་དེ་ཉིད་ཀུན་ནས་བརྙེས་ནས་གཟིམས་པར་གྱུར།། སྐྱེས་བུ་རྣམས་ནི་རྣོ་བའི་སེམས་རྣམས་བཏུལ་བ་སྟེ།། རྣོ་བ་མ་ཡིན་བློ་རྣམས་རིམ་གྱིས་དྲག་པར་མཛད།། རིགས་ལས་ཆོས་ཀྱི་ཉེས་པ་སྤང་བར ་མཛད་པ་སྟེ།། འཆི་མེད་ཆེད་དུ་ཆོས་ནི་སུ་ཡིས་སྟོན་པར་འགྱུར།། སྟེང་དང་བྲལ་བའི་འཇིག་རྟེན་ཉམ་ཐག་པ་ལ་ནི།། ཞི་བའི་ཆེད་དུ་ཆོས་ཀྱི་འཐོར་མ་སུ་ཡིས་སྟེར།། ཐུགས་རྗེའི་བདག་ཉིད་ལྡན་ལས་རང་གི་དོན་མཛད ་ནས།། གཞན་གྱི་ཉོན་མོངས་དྲ་བ་སུ་ཡིས་བྱེད་པར་འགྱུར།། འཁོར་བའི་རྒྱ་མཚོར་གཞོལ་བའི་འཇིག་རྟེན་དག་གི་ནི།། ཞི་བའི་ཆེད་དུ་ཡེ་ཤེས་དམ་པ་སུ་ཡིས་སྨྲ།། ཤེས་པ་མེད་པར་གཞོལ་བའི་འཇིག་རྟེན་དག་གི་ནི།། དགེ ་བའི་ཆེད་དུ་ཡེ་ཤེས་དམ་པ་སུ་ཡིས་སྨྲ།། ཇི་ལྟར་ཉིན་མོར་བྱེད་པ་འོད་ཟེར་མེད་པ་དང་།། ཇི་ལྟར་ཆུ་བོ་སིན་དྷུ་འབབས་པ་མེད་པ་དང་།། ས་བདག་རྒྱལ་སྲིད་དང་ནི་རྣམ་པར་འབྲལ་བའོ།། དེ་ལྟར་འཇིག་རྟེན་འཇིག་རྟེན་མཁྱེན ་པས་རྣམ་པར་དམན།། བློ་ཡིས་རིག་པ་བཞིན་དུ་བདེ་བས་དབྱིངས་བཞིན་དུ།། དཔལ་གྱིས་མི་སྐྱོང་བཞིན་དུ་བཟོད་པས་ཆོས་བཞིན་དུ།། དེ་བཞིན་སྐྱེས་བུ་མཆོག་གིས་རྣམ་པར་དམན་པ་ནི།། འགྲོ་བ་དེ་ནི་ཡོད་པ་དང་ནཱི ་མེད་པ་ཉིད།། ཇི་ལྟར་ཁ་ལོ་སྒྱུར་བས་ཤིང་རྟ་བོར་བ་དང་།། སྐྱེ་བ་འཛིན་པས་གྲུ་དང་ཚུལ་གྱིས་སྡེ་དང་ནི།། ཚོང་དཔོན་གྱི་ནི་ཚོང་པ་སྨན་པས་ནད་པ་སྟེ།། དེ་བཞིན་འཇིག་རྟེན་བདེ་བར་གཤེགས་པ་རྣམ་པར་དམན།། དབྱར་ཐ་དད་ནི ་སྟོན་དང་མཁའ་ལ་སྤྲིན་མེད་ན།། རླུང་གིས་ཀྱང་ནི་མཁའ་ལ་བསྙེན་པ་མེད་པན་འཚོ་བར་འདོད་པ་རྣམས་ཀྱི་སྡུག་བསྔལ་ཇི་ལྟ་བ།། དེ་ལྟར་ཐར་འདོད་རྣམས་ཀྱི་ང་ནི་ཉམ་ཐག་འདི།། དེ་ལྟར་དམ་པའི་དོན་མཛད་དགྲ་བཅོམ་ཡིན་ན་ཡང་།། ་བྱེད་པ་ཤེས་པ་ཉིད་ཀྱི་བླ་མ་ལ་ཞུགས་པ།། དེ་ནི་ཆགས་བྲལ་ཡིན་ཀྱང་སྲིད་པའི་སྐྱོན་རྣམས་དང་།། སྟོན་པས་ཡོན་རྣམས་ལ་ནི་མང་པོ་རྣམས་སྨྲས་སོ།། དེ་ནས་ཆགས་བྲལ་མི་རྣམས་མཆི་མ་འཐོན་པ་སྟེ།། སྟོན་པ་བཏང་ནས་དགེ་སློང་ཚོགས།། ་ནོ་མྱ་ངན་དང་།། འཇིག་རྟེན་འགོད་པའི་བདག་ཉིད་ཅན་ཞེས་རབ་བཟུང་ནས།། བྱ་བའི་འཁོར་ལོ་རྣམས་ནི་བརྟན་ལས་མ་གཡོས་སོ།། དེ་ནས་དུས་ཀྱི་དབང་གིས་གྱང་རྣམས་ཀྱིས་ཐོས་ནས།། གུད་པའི་དབང་གིས་སྐྱེན་པར་འཐོན་ཞིང ་སོང་བ་སྟེ།། ཁྲ་ཡིས་སྟོབས་ཀྱི་ཟིལ་མཱནན་ཁྲུང་ཁྲུང་རྣམས་བཞིན་དུ།། ཀྱཻ་ཧུད་འོ་རྒྱལ་ཞེས་ནི་ཉམ་ཐག་འཐོན་པའོ།། མུན་པ་རབ་ཏུ་རྒྱས་ཕྱིར་ཐུབ་པ་རབ་གཟིམས་པ།། ཉི་མ་འོད་མེད་བཞིན་དུ་དེ་རྣམས་ཀྱིས་མཐོང་ནས།། སེང་གེ་ཁྱུ ་མཆོག་དམུགས་ཚེ་བ་ལང་རྣམས་བཞིན་དུ།། གུས་པས་དྲག་ཏུ་ཆོ་ངེས་བཏབ་ཅིང་དུས་པའོ།། ཆོས་དགའ་ཆོས་ཀྱི་བླ་མ་རབ་ཏུ་ཞི་བ་ནི།། གུས་པ་ཇི་ལྟ་བ་དང་བསམ་པ་ཇི་ལྟ་བར།། འོ་དོང་འབོད་ཅིང་མཆི་མས་མིག་བཅོམ་དེ་རྣམས ་ཀྱིས།། དཔལ་ལྡན་དམ་པ་འགའ་ཞིག་འདི་ནི་སྨྲས་པའོ།། གང་ཞིག་སོན་པའི་འཇིག་རྟེན་གཉིད་ཚེ་རབ་སད་པ།། འདི་དེ་མཐར་ཐུག་གཟམ་མལ་ལ་ནི་གཟིམས་པ་སྟེ།། ཆོས་ནི་རྣམ་པར་འཛིན་པའི་རྒྱལ་མཚན་འདི་དེ་ནི།། མཆོད ་སྦྱིན་མཐའ་ན་དབང་པོའི་རྒྱལ་མཚན་བཞིན་དུ་བརྟུལ།། དེ་བཞིན་གཤེགས་པའི་ཉི་མ་ངེས་པར་བློ་གསལ་ཞིང་།། བརྩོན་འགྲུས་ཚད་གདུངས་ཡེ་ཤེས་འོད་ཟེར་སྟོང་ལྡན་པ།། ནུབ་པར་གྱུར་ཚེ་མི་ཤེས་མུན་པ་རྣམ་བཅོམ་ནས།། ་འཇིག་རྟེན་དག་ན་སླར་ཡང་མུན་པ་འདི་མཛད་དོ།། འདས་དང་མ་འོངས་པ་དང་ད་ལྟར་གཟིགས་ན་སུ།། ད་ནི་ངེས་པར་འཇིག་རྟེན་མིགྲི་ནི་བསྒྲིབས་པ་སྟེ།། སྡུག་བསྔལ་རྒྱ་མཚོ་ཆེན་པོ་རྒོད་པའི་དབའ་རླབས་ལས།། འདྲེན་མཛད ་ཟམ་པ་འདི་ནི་ངེས་པར་དེ་ནི་རྒུད།། དེ་ལྟར་འདི་ན་ཁ་ཅིག་སྙིང་རྗེ་བར་ཟླས་ཤིང་།། གཞན་རྣམས་ཤིང་རྟའི་རྟ་རྣམས་དུད་པ་བཞིན་དུ་སེམས།། གཞན་རྣམས་སྐད་བཏོན་གཞན་རྣམས་སྭ་ལ་འགྱེལ་བ་སྟེ།། བྱ་བ་དེ་རྣམས་དེ་རྣམ ་སེམས་ཅན་དབང་གི་བྱས།། དེ་ནས་དུས་སུ་གསེར་གྱིས་སྤྲས་ཤིང་སྣ་ཚོགས་པ།། མཆེ་བ་རིན་ཐང་ཆེན་པོ་ལོངས་མ་སྤྱད་པའི་ཁྱོགས།། གྱད་རྣམས་དུ་བཞིན་དྲང་སྲོང་ལ་ནི་གླང་ཆེན་གྱི།། ལག་པ་དང་མཚུངས་ལག་པ་རྣམས ་ནི་བཅུག་པའོ།། དེ་ནས་དུས་དང་མཐུན་པའི་ཆོ་ག་བྱས་ནས་སུ།། དེ་ལ་ཕྲེང་བ་ཡིད་འོང་རྣམ་པ་སྣ་ཚོགས་དང་།། ཆེ་བ་དྲི་མཆོག་ང་བ་རྣམ་ཀྱིས་དེ་སྒྲ་ཀྱིས་མཆོད་ཅིང་།། དེ་ནས་དགའ་དང་གུས་པས་མཐའ་དག་བཟུང་བའོ།། དེ་ནས ་ཤིང་བཞོན་ལུས་ཅན་གཞོན་ནུ་མ་རྣམས་ཀྱིས།། གདུ་བུ་རབ་འཁྲོལ་ཟངས་མདོག་ལག་པ་རྣམས་ཀྱིས་ནི།། གློག་གི་འཕན་རྣམས་ངག་གས་སྤྲིན་ནི་དཀར་པོ་བཞིན།། འདི་ལ་རིན་ཐང་མཆོག་གི་བླ་བྲེ་བཟུང་བའོ།། དེ་བཞིན ་མི་རྣམས་ཁ་ཅིག་དག་གིས་གདུགས་རྣམས་ནི།། ཕྲེང་བ་དཀར་པོ་ལྡན་རྣམས་ཀུན་ནས་བཟུང་བ་སྟེ།། ཁ་ཅིག་དག་གིས་གསེར་གྱི་ཡོ་བྱད་དང་ལྡན་པའི།། རྔ་ཡབ་དཀར་པོ་རྣམས་ནི་རྣམ་པར་གཡབ་པའོ།། ་དེ་ནས་ཁྱུ་མཆོག་རྣམས་ཀྱིས་བཞིན་དུ་ངལ་བ་ཡིས།། མིག་དམར་གྱུད་རྣམས་ངག་གིས་ཁྱོགས་ནི་བཟུང་བ་སྟེ།། སིལ་སྙན་རྣམས་ནི་རྣ་བའི་ཡིད་དུ་འོང་བ་རྣམས།། དབྱར་དུས་ཆུ་གཏེར་བཞིན་དུ་མཁའ་ལ་རབ་ཏུ་གྲགས།། ་ཕྱོགས་ཀྱི་གླང་པོའི་དབང་པོ་རྣམས་ཀྱི་བསྐུལ་བ་ཡི།། མཛེས་པ་དང་ནི་རྩུབ་གྱུར་ཤིང་རྣམས་ལས་བཞིན་དུ།། མེ་ཏོག་པདྨ་ལ་སོགས་དེ་རྣམས་དེ་རྣམས་ནི།། ལྷ་ཡི་མེ་ཏོག་རྣམས་ནི་ལྷ་ནས་ལྷུང་བར་འགྱུར།། དབང་པོའི ་གླང་པོ་ལས་སྐྱེས་གླང་པོ་ཆེ་རྣམས་ཀྱིས།། ནོར་གནས་སྙིང་པོའི་ཆུ་སྐྱེས་པདྨ་རྣམས་དང་ནི།། མན་དཱ་ར་ཡི་མེ་ཏོག་འབབ་བཅས་ཆགས་པ་རྣམས།། ཆུ་ཐིགས་ཟེར་མས་འཐོར་བ་རྣམས་ཀྱིས་མངོན་པར་འཐོར།། དེ་ནས་དགའ ་བའི་ཚལ་སྐྱེས་ལུས་མཆོག་ལྡན་པ་ཡི།། ནྡན་དམར་པོའི་རོ་ནི་རྣམ་པར་དུལ་བ་དང་།། འབད་པས་མ་བསྒྲུབས་བགྲོ་བ་རྣམས་ནི་དཀར་པོ་རྣམས།། དྲི་ཟའི་བུ་མོ་རྣམས་ཀྱིས་ཡང་དག་འཐོར་བའོ།། རབ་ཏུ་གཡོ་བའི་བ་དན ་རྣམས་ནི་བཟུང་བ་སྟེ།། ཕྲེང་བ་སྣ་ཚོགས་རྣམས་ཀྱིས་བཀྲམ་པ་སྟེ།། སིལ་སྙན་རྒྱ་ཆེན་རྣམས་ཀྱིས་རྗེས་སུ་འགྲོ་བ་སྟེ།། ཞི་བའི་ཆེད་དུ་ཞི་བའི་ལམ་ནས་ཁྱོགས་ཏེ་དྲངས།། གུས་པ་དང་ལྡན་གྱང་རྣམས་ཀྱིས་ཏེ་ཡོངས་བཟུང ་ནས།། ཐུབ་པའི་མཐུ་ལས་ལན་བརྒྱར་མངོན་པར་ཕྱག་འཚལ་ཞིང་དེ་ཡི་རྣམ་པར་ཉམས་ལ་ཀུན་ནས་ངུ་བ་སྟེ།། གྲོང་ཁྱེར་གྱིས་ནི་དབུས་ནས་ཡོངསུ་དྲངས་པའོ།། ཀླུ་ཡི་སྒོ་ནས་ཞུགས་ཏེ་ཕྱི་རོལ་བྱུང་ནས་ནི།། ཆུ་བོ་གསེར་ལྡན་ཞེས་པ ་ཡང་དག་རྒལ་ནས་སུ།། ཅོད་པན་ཞེས་བྱའི་མཆོད་རྟེན་གྱི་ནི་རྩ་བ་རུ།། གྲགས་པས་བསགས་པ་དེ་རྣམས་ཀྱིས་བྱས་སོ།། དེ་ནས་ཤུན་པ་འདབ་མ་དྲི་བཟངས་ཨ་ཀ་རུ།། ཙན་དན་ཨེ་ལ་ཀླུ་རྣམས་ཀྱིས་བསགས་བསགས་པ་རུ།། མྱ ་ངན་ལས་ནི་སྦྲུལ་བཞིན་དབུགས་རྒྱུ་དེ་རྣམས་ནི།། བརྟན་མིན་མིག་ཅན་རྣམས་ཀྱིས་ཐུབ་པའི་སྐུ་བཞུགསོ།། དེ་ནས་ལན་གསུམ་བཀོད་ཀྱང་སེ་ཡི་སྒྲོན་མ་ཡིས།། དྲི་ཚེ་དྲང་སྲོང་ཆེན་པོའི་བསགས་པ་མ་འབར་ཏེ།། བབ་མེད་ལྡན ་པ་གཞུ་ནི་རྣམ་པར་འཁྲུགས་པ་ཡོཾ།། མེ་ནིང་རང་བཞིན་ས་ཡི་བདག་པོའི་དཔལ་བཞིན་ནོ།། ལམ་དག་ཏུ་ནི་རྣམ་པར་འོང་བའི་འོད་བསྲུང་ནི།། རྣམ་པར་དག་པའི་སེམས་ཀྱིས་སེམས་ནི་གྱུར་པའོ།། བཅོམ་ལྡན་འདས་ཀྱི་སྐུ ་གདུངས་ཚངས་པ་ལྟ་འདོད་དེ།། གང་གི་མཐུ་ལས་མེ་ཡིས་འབར་བ་མ་ཡིན་ནོ།། དེ་ནས་དེ་ཚེ་བླ་མ་བལྟ་བའི་དོན་དུ་ནི།། དེར་ནི་དགེ་སློང་སྦྱིན་པར་ཉེ་བར་སོང་བ་ན།། ཐུབ་པ་མཆོག་ལ་རབ་ཏུ་བཏུད་པ་བྱས་པ་ནི།། དེ་མ་ཐག་ཏུ་ཨེ་ནི ་རང་ཉིད་འབར་བར་གྱུར།། ཉོན་མོངས་རྣམས་ཀྱིས་མ་ཚིག་ཐུབ་པའི་སྐུ་གདུང་ལ།། ལྤགས་པ་ཤ་དང་སྤུ་དང་ཆ་ཤས་རྣམ་ཚིག་ནས།། མར་དང་རླུམ་དང་བུད་ཤིང་ཡོངསུ་རྒྱས་ན་ཡང་།། མེ་ཡིས་རུལ་བ་ཚིག་པར་ནུས་པ་མ་ཡིན་ནོ།། ་སྤྱན། དེ་ནས་པདྲུག་བྱེད་ཆེན་པོ་འདས་པའི་དི་རྣམས་། དྷུམ་རྨུགས་ནི་དང་བྱུརྱ་བྱས་ནས་དུས་སུ་ས། ན་བར་བསྣང་རླུང་བྱུ་ནུམས་དྲུག་སློང་ཥྚེ་བུ། གསར་གྱི་ཟླུམ་པ་རྣམས་ཀྱིས་རབ་ཏུ་སྤྱན་ཐམ།། དུ ་རི་བོ་ཆེན་པོའི་རིན་ཆེན་ཁམས་བཞིན་དུ།། དགེ་ལེགས་གང་པོ་ཆེན་པོ་རྣམས་ནི་འཛིན་པ་སྟེ།། མཐོ་རིས་དག་ན་ལ་ལྷ་ཡི་གཙོ་བོའི་ཁམས་བཞིན་དུ།། ཁམས་ནི་མེ་ཡིས་ལོག་པར་སྦྱོར་བ་མ་ཡིན་ཉིད།། བྱམས་པས་ཡོང་སུ་རྣམ་པར་བསྒོམས ་པཔ་འདི་རྣམས་ནི།། འདོད་ཆགས་མེ་ཡིས་ཚིག་པས་རྣམ་པར་སྤངས་པ་སྟེ།། དེ་ཡི་གུས་པའི་དབང་གིས་བཟུང་བའི་གདུང་རུས་རྣམས།། བསིལ་བ་ཡིན་ཀྱང་བདག་ཅག་རྣམས་ཀྱི་ཡོད་རྣམས་སྲེགས།། སྲེད་པ་འཇོམས་མཛད་གང་གི་མཐུ ་ལས་ཁྱབ་འཇུག་གི། མཁའ་ལྡིང་གིས་ཀྱང་ཁུར་བར་ནུས་པ་མ་ཡིན་པ།། འཇིག་རྟེན་དག་ན་མཚུངས་མེད་དེ་ཡི་རུས་པ་རྣམས།། མི་རུ་གྱུར་པ་ཁོ་བོ་ཅག་གིས་ཁུར་བར་བགྱི།། ཨེ་མ་འཇིག་རྟེན་ཆོས་ནི་ངེས་པར་སྟོབས་ལྡན་ཏེ།། ཆོས་ལ ་ནུས་ཀྱང་ནུས་པས་གང་གིས་མ་བཟློག་ཅིང་།། གང་ཞིག་སྙན་པས་འགྲོ་བ་མཐའ་དྲག་ཁྱབ་པ་སྟེ།། དེ་ཡི་སྐུ་ཡི་ཆ་ཤས་འདི་ནི་བུམ་པར་གནས།། གང་ཞིག་བདག་གི་སྣང་བས་ཉི་མ་གཞན་སྣང་ཞིང་།། དེ་ཡི་ས་ནི་སྣང་བས་སྣང་བར ་མཛད་པ་སྟེ།། གསེར་གྱི་མདོག་དང་ལྡན་པ་དེ་ཡི་སྐུ་ལུས་ནི།། མེ་རྣམས་ཀྱིས་ནི་རུས་པ་ལྷག་མར་བྱས་པའོ།། གང་གིས་ཉོན་མོངས་རི་བོ་རྒྱས་པ་རྣམས་བྱེ་སྟེ།། སྡུག་བསྔལ་ཐོབ་པ་ན་ཡང་བརྟན་པ་མ་ཕྱེ་ཞིང་།། སྡུག་བསྔལ་མཐར ་དངག་རྣམས་ནི་བཀག་པར་གྱུར་པ་སྟེ།། དྲང་སྲོང་དེ་ཡི་སྐུ་ལུས་མེ་ཡིས་བསྲེག་པའོ།། གཡུལ་དུ་དགྲ་པོ་རྣམས་ཀྱི་མཆི་མ་ཕྱུང་ནསུ།། སྐབས་འོངས་རྣམས་ཀྱི་མཆི་མ་རྣམ་པར་བཏུལ་ནས་སུ།། སྡུག་པ་ནཱ་ཡང་མཆི་མ་སྟོན་པས་མ་བཏོན་པར།། ་ལམ་དུ་མཆི་མ་འཇོམ་ཞིང་དེ་རྣམས་རྣམ་པར་ཟློས།། དེ་རྣམས་ང་རྒྱལ་ལྡན་ཞིང་ལག་པ་སྟོབས་དང་ལྡན་ན་ཡང་།། དེ་ལྟར་མྱ་ངན་བྱེད་ཅིང་ནགས་བཞིན་གྲོང་ཁྱེར་དེར་ཞུགས་ཤིང་།། ལམ་རྣམས་སུ་ནི་གདུང་དེ་རྣམས་ནི་སྐྱེ་བོས་མཆོག ་བ་སྟེ།། མཆོད་པའི་དོན་དུ་གཞལ་ཡས་ཁང་པར་མཛེས་པར་བྱས་པའོ།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས་མྱ་ངན་ལས་འདའ་བ་བསྔགས་པའི་ལེའུ་སྟེ། ཉི་ཤུ་རྩ་བདུན་པའོ།། ། ་ཇི་ལྟ་བ་བཞིན་ཉིན་ཞག་འགའ་ཞིག་དེ་རྣམས་ཀྱིས།། དེ་རྣམས་མཆོད་པ་དམ་པ་རྣམས་ཀྱིས་མཆོད་པ་སྟེ།། ཆབ་འོག་རྒྱལ་བྲན་པོ་ཉ་བདུན་རྣམས་རིམ་གྱིས་ནི།། དེ་ཡི་ཆེད་དུ་གྲོང་མར་དེར་ནི་ཉེ་བར་འོངས།། དེ་ནས་དེའི་ཚེ་གང་རྣམ་ཐོ ་ནས་དུསུ་ནཱི།། ང་རྒྱལ་ལས་དང་དེ་ཡི་གུས་པའི་དབང་ལས་ནི།། གྱད་རྣམས་འཐབ་མོ་ལ་ཡང་ངེས་པར་སོང་བ་སྟེ།། སྦྱིན་པ་ལ་ནི་ཡིད་རྣམས་བྱས་པ་མ་ཡིན་ནོ།། དེ་ནས་དེ་དག་རྣམས་ཀྱི་རྣམ་གཞན་འདི་རྟོགས་ནས།། རླུང་བདུན ་བཞིན་དུ་མི་དབང་བདུན་པོ་དེ་རྣམས་ནི།། གྱེན་དུ་ཞུགས་པའི་གངྒཱའི་ཤུགས་འདྲ་སྟོབས་ཚོགས་ནི།། ཤིན་ཏུ་དྲག་པོ་རྣམས་ཀྱི་ཀུ་ཤ་ཞེས་བྱར་འོངས།། དེ་ནས་གྲོང་པའི་སྐྱེ་བོ་ནགས་མཐའ་ནས་སྦྱིན་པར།། མི་སྐྱོང་དེ་རྣམས་ཀྱི ་འཁྱོགས་འགྲོའི་སྒྲ་ཡིས་ནི།། འཁྲོས་ལས་ནི་མགོ་བོ་རྣམས་ལ་བཟུང་བ་བཞིན།། འཇིགས་པས་རྒྱས་པའི་གདོང་རྣམས་གྲོང་ཁྱེར་ལ་ཞུགསོ།། དེ་ནས་མ་སྦྱོང་དེ་རྣམས་གྲོང་ཁྱེར་རེ་བཀག་ནས།། གླང་པོ ་དབང་པོ་རྣམས་བཅིངས་རྩེ་མོའི་ནགས་རྣམསུ།། གྱད་མཆོག་རྣམས་ཀྱི་མི་མཐུན་སྤྱད་དུ་གྱུར་པ་རྣམས།། རིགས་ཀྱི་རྗེས་མཐུན་ཆ་ལུག་ལྡན་རྣམས་ལ་གསོས་སོ།། དེ་ནས་མངའ་ཡབ་མཛེས་ཤིང་རིང་བའི་སྨིན་མཱ་དེ།། སྒོ་ཡི ་མིག་ནི་རྣམ་པར་བཙུམས་ཤིང་གྲོང་ཁྱེར་རོ།། མི་དགའ་བ་དང་འདྲེས་པའི་ཡན་ལག་མ་བཞིན་དུ།། དཔུང་པའི་ཁྱོགས་ནི་བཏེག་པ་ཉམ་ཐག་པར་གྱུར་པའོ།། རྒྱལ་པོ་བདུན་པོ་རྣམས་ནི་བྱ་བ་གཅིག་པ་སྟེ།། དཔལ་གྱི་འབར་ཞིང ་ཤུགས་ཀྱིས་འཕྲོ་བ་རྣམས་ཀྱིས་ནི།། མཉམ་དུ་དུས་གཅིག་ལ་ནི་བཟའ་བདུན་རྣམས་ཀྱི་ནི།། འཇིགས་པ་དང་བཅས་ནཱ་མཁའ་བཞིན་དུ་ས་གྱུར་ཏོ།། སྐུ་རྣམས་གཉིས་འཐུང་མོས་པའི་ཆང་དྲི་རྣམས་ཀྱིས་དང་།། མིག་རྣམས ་དཔུང་གིས་བསྣུན་པའི་རྡུལ་རྣམས་ངག་གིས་དང་།། རྣ་བ་རྣམས་ནི་རྟ་གླང་རྔ་ཡི་དབྱངས་རྣམས་ཀྱིས།། མི་མོའི་སྐྱེ་བོ་ཡི་ཡང་དེར་ནི་བཅོམ་པར་གྱུར།། དེ་ནས་སྐྱོགས་རྣམས་ནང་དུ་ཁུ་བ་འབབ་པ་ནི།། མདུན་དུ་བདར་རྣམས ་སྔོགས་བྱས་རྔ་བོའི་ཚོགས་རྣམས་དང་།། གླང་པོ་རྣམས་ཀྱིས་ཡོངས་བསྐོར་སྒོ་ནི་ཕྱེད་བཀག་སྟེ།། འགེགས་ཤིང་གཡུལ་ལ་ཕྱོགས་རྣམས་ཀྱིས་བྱསོ།། དེ་ནས་ཤག་ཏི་རལ་གྲི་མངའ་ལག་གྲོང་ཁྱེར་པ།། སྐྲག་པས་དང་ནི ་དཔའ་བས་ངོ་ཚ་བཏང་བ་རྣམས།། ཁྲ་རྣམས་བཞིན་དུ་དགྲ་བོ་རྣམས་ལ་ལྷ་བཞིན་དུ།། ཉེ་བའི་འཐབ་ར་རྣམསུ་ཀུན་ནཱ་ཀ་པའོ།། བརྟན་མིན་ལྡན་པ་ཁ་ཅིག་འོ་དོད་འབོད་པ་སྟེ།། དེ་བཞིན་གཞན་རྣམས་ཚོགས་ནས་དུང་ནི་རབ་ཏུ་སྒྲོགས ་དྲག་ཏུ་དྲེགས་རྣམས་ཁ་ཅིག་རབ་ཏུ་འཕེན་པ་སྟེ།། དེ་བཞིན་གཞན་རྣམས་རལ་གྲི་སྔོན་པོ་རྣམས་འདེབ་སོ།། དེ་ནིས་རྒྱལ་བའི་ཆེད་དུ་གྱིད་རྣམས་འཐབ་འདོད་ཅིང་།། གྱུང་རྣམས་བཞིན་དུ་མཚན་རྣམས་སྒྲོགས་པ་མཐོང་ནས ་ནི། གཡུལ་འགྱེད་ཡན་ལག་མ་རྣམས་ངག་གིས་སེམས་རྣམས་དང་།། སྨན་རྣམས་དང་མཉམ་མཆོད་ཡོན་རྣམས་ནི་གཡོས་པར་གྱུར།། གཡུལ་དེར་ཐོག་མར་འགྲོ་བར་འདོད་པའི་བུ་ལ་ནི།། གཡུལ་འགྱེད་ཡན་ལག་མ་རྣམས་དེར་ནི ་ཡོངས་འདར་ཞིང་།། གོ་ཆ་བཅིངས་ནས་ཞི་བའི་ཤེས་པ་བྱེད་པ་སྟེ།། སེམས་ཁྲེལ་གདོང་རྣམས་མཆི་མ་བཏོན་པ་མ་ཡིན་ནོ།། སེམས་ཁྲལ་གདོང་ལས་གཞན་རྣམས་རི་དགས་མོ་བཞིན་དུ།། ཁྱིམ་ཐབ་འགྲོ་བར་འདོད་པའི ་གཞུ་ལ་འཕྱངས་པ་སྟེ།། གང་གིས་གདོང་ནི་འཐབ་ལ་དཔའ་བ་དེ་མཐོང་ནས།། བཅིངས་པའི་འཕྲོ་བ་མ་ཡིན་གནས་མ་ཡིན།། བུམ་པའི་ནང་དུ་ཡང་དག་བཀག་པའི་སྦྲུལ་རྣམས་བཞིན།། སྟོབས་ཀྱིས་དེ་ལྟར་རབ་ཏུ་འཕྲོ་བ་དེ་རྣམས ་ནི། ཇི་ལྟར་རྣམ་པར་བཞག་པའི་གྱད་རྣམས་མཐོང་ནས་ནི།། མི་དབང་རྣམས་ཀྱིས་གཡུལ་གྱི་ཆེད་དུ་བློ་བསམ་སོ།། ཤིང་རྟ་གླང་པོ་རྟ་དང་རྐང་ཐང་དྲེགས་པ་ནི།། གཡུལ་ལ་ཀུན་ནས་ཉེ་བར་གཞོལ་བར་མཐོང་ནས་ནི།། མཁས་པ་ཉིད་ཀྱིས ་དང་ནི་མཛའ་བོ་ཉིད་ཀྱིས་ནི།། གཉིས་སྐྱེས་བྲེ་བོས་ཚིག་ནི་འདི་སྐད་ཅེས་སྨྲས་སོ།། གཡུལ་དུ་དགྲ་པོ་རྣམས་ཀྱི་སྲོག་དང་དྲེགས་པ་ནི།། ཁྱེད་ཅག་རྣམས་ནི་མདའ་ཡིས་འཇོམས་པར་ནུས་པ་སྟེ།། རྩོང་པ། ་ཐ་དད་གནས་རྣམས་བདེ་བར་མི་ནུས་ན།། ཕ་རོལ་བྱ་བ་གཅིག་པ་རྣམས་ནི་སྨོས་ཅི་དགོས།། ཅི་སྟེ་ཀུན་ནས་བཀག་པས་ཕ་རོལ་འཇོམས་པ་ལ་བློ་ནི་བྱས་རྣམས་དེ་ནི་རྣམ་པར་ཟློག་མཛོད་དང་།། ཉེས་པ་མེད་པའི་གྲོང་བའི་སྦྱི ་པོ་འགེགས་པ་ཡི།། རྩེར་བར་བྱེད་པ་དེ་ནི་ཆོས་ནི་ཙོ་ཞིག་ཡིན།། དོང་དུ་ཞུགས་པའི་ནག་པོའི་སྦྲུལ་རྣམས་བགྲོད་པ་ནི།། གཅིག་ལ་གནས་པ་རྣམས་ཀྱིས་དུས་སུ་དམུགས་པ་བཞིན།། བཀག་ནས་རྒྱལ་བ་མཐའ་གཅིག ་ཡོད་པ་མ་ཡིན་ཞིང་།། བརྒྱ་ལ་བཀག་པ་རྣམས་ཀྱིས་རྒྱལ་བ་ཐོབ་པོར་འགྱུར།། གྲོང་གི་ནང་དུ་བཀག་པའི་གཏམས་རྣམས་བཞུགས་པ་རྣམས།། ཡིད་དང་ལྡན་པ་ཉིད་ལས་མི་རྣམས་ཀྱིས་ཐོས་ནས།། སྲེག་བྱ་རྣམས ་ཀྱིས་འཐོར་བའི་ཆུང་ངུའི་མོ་བཞིན་དུ།། གཟི་བརྗིད་དམོན་ཀྱང་ལེགས་པ་ཆེན་པོར་འགྲོ་བར་འགྱུར།། ཆོས་ཀྱི་བདག་ཉིད་ཅན་རྣམས་གྲོང་དུ་བཀུག་ན་ཡང་།། འཇོམས་འདོད་ཐོབ་པ་རྣམས་ནི་དཀའ་ཐུབ་ཀྱིས་གཏོ་ཏེ།། ་དཔུང་ནི་ཟད་པར་གྱུར་ཀྱང་ཀུ་ཤའི་གྲོང་ཁྱེར་དུ།། ལག་པ་སྒྲ་བྱེད་ཆོས་ཀྱི་སྟོབས་ལས་རྣམ་པར་རྒྱལ།། སྙན་གྲགས་ཆེད་དམ་ཡུལ་ནི་འཐོབ་པའི་ཆེད་དུ་ས།། མཐའ་དག་གང་རྣམས་ཀྱིས་ཀྱང་མངོན་པར་འཐོབ་པ་སྟེ།། ་བ་ལང་རྣམས་ཀྱིས་ཆུ་གནས་ནས་ཆུ་འཐུང་ནས་བཞིན།། བོར་ནས་ནོར་འཛིན་བདག་པོ་དེ་རྣམས་ས་ལ་སྤོང་།། དེ་ཕྱིར་ཆོས་དང་དོན་ནི་ཡང་དག་མཐོང་ན་སུ།། ཁྱེད་ཅུག་རྣམས་ཀྱི་ཞི་བས་འབད་པ་མཛོད་ཅིག་དང་།། མངའ ་ཡི་ཕམ་པ་རྣམས་ནི་སླར་ཡང་འབར་བ་སྟེ།། ཞི་བས་འཕམ་པ་རྣམས་ཀྱི་རྣམ་འགྱུར་ཡོད་མ་ཡིན།། འདི་ཀུན་ཁྱེད་ཅག་རྣམས་ཀྱི་ཚོད་མ་མ་ཡིན་ཏེ།། ཁྱེད་ཀྱི་སྟོབས་ནི་དགྲའི་སྟོབས་ལས་འགྲོ་བར་ནུས།། ཤཱཀྱ་ཐུབ ་པ་གང་ལ་མཆོད་པར་བློ་ཡོད་ན།། དེ་ཉིད་ཀྱི་ནི་གསུང་ལ་བཟོད་པ་དེ་བསྙེན་མཛོད་ཅིག། དེ་སྐད་ཅེས་སོགས་འདོད་པ་རྣམ་པར་ངེས་པ་ནི།། བྲམ་ཟེའི་དྲང་པོས་དང་ནི་རབ་ཏུ་དགའ་བ་ཡིས།། རྒྱལ་པོ་ཡིན་ཡང་རྗེསུ་བསྟན ་ནས་ལེགས་པ་དེས།། དགེ་ལེགས་སྨྲས་རཤིང་དེ་ནས་དེ་རྣམས་ཀྱིས་སྨྲས་སོ།། དུས་དང་སྦྱར་ཏེ་མ་ཁས་ཤིང་པན་ལ་བ་ཤེས་ཀྱིས་ནི།། ཚིག་འདི་ཁྱེད་ཀྱིས་རྣམ་པར་སྨྲས་པ་སྟེ།། ཆོས་ལ་དགའ་བོ་ཉིད་དང་སྟོབས་ལ་རྟེན་པ ་ལས།། རྒྱལ་པོ་རྣམས་ཀྱིས་བསམ་པ་ངེས་པར་ཤེས་པར་མཛོད།། འདོད་པའི་ཕྱིར་དོང་ཁྲོ་ཕྱིར་སྟོབས་ཕྱིར་འཆི་བའི་ཕྱིར།། ཕལ་ཆུ་བར་ནི་བྱེ་བར་སོང་ཞིང་འགྲོ་བ་སྟེ།། མངོན་པའི་ང་རྒྱལ་དང་བཅས་ཁོ་བོ་ཅག་རྣམས། ་ཀྱིས།། སངས་རྒྱས་ཉིད་ལ་མཆོད་པ་ལ་ནི་གཞུ་རྣམས་བཟུང་།། ང་རྒྱལ་དོན་དུ་མཆོད་ཡོན་བླངས་ལ་རྩོད་པོ་ནི།། བྱིས་པ་སློང་དང་དྲག་པོ་དག་གིས་ཁྱབ་འཇུག་བྱུང་།། ང་རྒྱལ་སྤངས་ཕྱིར་མཆོད་པའི་དོན་དུ་ངེད་རྣམས་ཀྱིས།། ། ་ཚེ་རྣམས་དག་ཀྱང་འདོར་བར་མི་བགྱི་གང་ལས་ཡིན།། བུ་མོ་ལ་ནིས་སྐྱོང་དག་གི་རྒྱལ་པོ་རྣམས།། གཏུམ་པོ་ལོང་བྱེད་རྣམས་ནི་རྩོད་པར་སོང་བ་སྟེ།། འདོད་པ་འཇོམས་ཕྱིར་མཆོད་པའི་དོན་དུ་ངེད་རྣམས་ཀྱིས། ་ཚེ་རྣམས་དག་ཀྱང་འདོར་བར་མི་བགྱིང་གང་ལས་ཡིན།། རྒྱལ་རིགས་ཟད་ཕྱིར་དྲང་སྲོང་དྲག་ཏུ་ཁྲོས་པ་ནི།། ངན་སྨོང་བུ་ཡིས་གཡུལ་དུ་མཚོན་རྣམས་བཟུང་བ་སྟེ།། ཁྲོ་བ་འཇོམས་ཕྱིར་མཆོད་པའི་དོན་དུ་དོད་རྣམས་ཀྱིས།། ། ་ཚེ་རྣམས་ངག་ཀྱང་འདོར་བར་མི་བགྱིད་གང་ལས་ཡིན།། ལྷ་མོ་སཱི་ཏར་མངོན་བརྗོད་འཆི་པ་ཡོངས་བཟུང་ནས།། སྲིན་པ་ཤིན་ཏུ་དྲེགས་པ་ཡང་ནི་ཉམས་པ་སྟེ།། ཡོངས་འཛིན་སྤོངས་ཕྱིར་མཆོད་པ་དོན་དུ་ངེད་རྣམས་ཀྱིས ་ཚེ་རྣམས་དག་ཀྱང་འདོར་བར་མི་བགྱིད་གང་ལས་ཡིན།། ཨེ་ཌཱི་འམ་ནི་པྲ་ཀ་ཞེས་ནི་དགྲ་འཕེལ་ཞིང་།། རྒྱལ་རིགས་ཀྱི་རྣམས་ནི་དེ་ལྟར་ཉམས་པ་སྟེ།། རྨོངས་མིན་གཏོར་ཕྱིར་མཆོད་པོའི་དོན་དུ་ངེད་རྣམས་ཀྱིས།། ཚེ་རྣམ ་ངག་ཀྱང་འདོར་བར་མི་བགྱིད་གང་ལས་ཡིན།། དེ་སྐད་ཅེས་སོགས་འཇིག་རྟེན་དག་ན་འཐུབ་མོ་ནི།། སྐྱོན་ལས་སྐྱེས་པ་མང་པོ་རྣམས་ནི་བྱུང་གྱུར་ཏེ།། སྟོན་པ་བླ་ན་མེད་པའི་གུས་པས་འཆིང་བ་དང་།། བཅས་པ་ཡིན་ཡཱ ་འཐོབ་མོ་མི་བགྱིད་གང་ལས་ཡིན།། དེ་ལྟ་ན་ཡང་བདག་ཅག་རྣམས་ཀྱི་ངེས་པ་འདི།། ཁྱེད་ཀྱི་ཕོ་ཉར་གྱུར་ཅིག་སྐྱེན་པར་གཤེགས་མཛོད་ལ།། ཇི་ལྟར་དོན་འདི་འཐབ་མོ་མིན་པས་འགྲུབ་པ་ཅིག། དེ་ལྟར་བདག་ཉིད་ཀུན ་གྱིས་འབད་པ་གྱིས་མཛོད་ཅིག། ཁྱེད་ཀྱི་ཆོས་ལྡན་ཚིག་རྣམས་ཀྱིས་ནི་ངེད་ཅག་རྣམས།། འཐབ་པར་འདོད་ཅིང་མུངྒ་ཡི་ཆེ་བ་རྣོན་པོ་ཅན།། ནང་དུ་རབ་ཏུ་འཕེལ་བའི་དུག་ནི་འཐུང་བ་རྣམས།། སྔགས་རྣམས་ཀྱིས་ནི་སྦྲུལ ་རྣམས་བཞིན་དུ་བཀག་པའོ།། དོ་ལྟར་བགྱི་ཞེས་རྒྱལ་པོ་རྣམས་ཀྱི་ཚིག་གཟུང་ནས།། བྲམ་ཟེ་དེ་ནི་གྲོང་ཁྱེར་དེ་ལ་རབ་ཞུགས་ཤིང་།། ཇི་ལྟར་རིམ་གྱིས་གྱད་རྣམས་དག་ནི་མཐོང་བ་སྟེ།། མཐོང་ནས་དུས་སུ་ཚིག་ནི ་འདྲི་སྐད་ཅེས་སྨྲས་སོ།། གཞུ་རྣམས་ལག་ན་གནས་པའི་མི་དབང་འདི་རྣམས་ནི།། ཉི་ལྟར་བྱི་དོར་གོ་ཆ་འབར་རྣམས་ཀྱིས།། ཁྱེད་ཅག་རྣམས་ཀྱིས་གྲོང་འདིར་ངེས་པར་རོ་མྱང་ཞིང་།། སེང་གེ་བཞིན་དུ་རྣམ་པར ་འགྱིང་ཞིང་གནས་པའོ།། དེ་རྣམས་ཀྱི་ནི་ཤུ་བ་སུ་བཀོད་པའི་རལ་གྲི་དང་།། གསེར་གྱི་རྒྱབ་ལྡན་གཞུ་རྣམས་ངེས་པར་རྟོགས་པ་སྟེ།། ཐུབ་པའི་ཆོས་དྲན་ནས་ནི་ཆོས་མིན་གྱིས་འཇིགས་ཤིང་།། ཞུ་བ་གསོལ་བར ་བྱེད་དེ་གཡུལ་ལ་འཇིགས་རྣམས་མིན།། དེ་རྣམས་མངོན་པར་འོངས་རྣམས་ས་ཡི་ཕྱིར་མིན་ཞིང་།། ནོར་ཕྱིར་མ་ཡིན་རྨྱཌ་ཕྱིར་མ་ཡིན་དགྲ་བྱི་ཀྵྨཱི་ཐུབ་པའི་གུས་པས་ངེད་ཅག་རྣམས་ཀྱི་ཞེས་འདི།། དེ་ཕྱིར་ཁྱེད་ཅག ་རྣམས་ཀྱི་བྱ་བས་བཀུར་སྟི་མཛད།། ཐུབ་པ་དེ་ལ་ཁྱེད་ཅག་གི་དང་ངེད་ཅག་གི། བླ་མ་ཉིད་དུ་མཉམ་སྟེ་འདི་ལས་ངལ་བ་འདི།། དེ་ཕྱིར་སྤུན་གྱི་ཚོགས་ནི་འདུས་ནས་འོངས་པ་སྟེ།། བླ་མའི་གདུང་རྣམས་མཆོད་པ ་ལ་ནི་བྱ་བཱ་གཅིག། ཇི་ལྟར་ཆོས་ཀྱི་ཆོ་ག་ལ་ནི་སེརྱ་སྣ་ཉིད།། ནོར་རུ་རྣམས་ལ་ནི་སེར་སྣ་དེ་ལྟར་སྒྲོན་མ་ཡིན།། སེར་སྣ་སྨྲ་བ་ངེས་པ་ཉིད་དུ་སྐྱོན་ཡིན་ཞིང་།། སྐྱོན་ནི་ཆོས་ཀྱི་དགྲ་བོར་གྱུར་པ་ཉིད་ཡིནོ།། ་གལ་ཏེ་མི་སྦྱིན་པར་ནི་ཁྱེད་རྣམས་ཀྱིས་དེས་ན།། རྫོང་ནས་འཐོན་ནས་འགྲོན་པོ་རྣམས་ལ་བསྙེན་པར་མཛོད།། གླིང་རྣམས་ཀྱིས་སྟོབས་མངའ་རྣམས་མ་ཡིན་སྒྲོ་གླེགས་རྣམས།། དེ་རྣམས་རིགསུ་སྐྱེས་པའི་རྒྱལ་རིགས་མ ་ཡིན་ནོ།། བྱམས་པ་དང་ནི་གཟི་བརྗིད་སྟོན་པར་བྱེད་བཞིན་དུ།། མི་དབང་རྣམས་ཀྱིས་ཁྱེད་ཅག་རྣམས་ལ་དེ་སྐད་སྨྲས།། བདག་གི་སྒྲ་འདོད་གང་ཡང་རང་གི་རྟོག་ནས་སུ།། དགའ་ལས་བདག་གོས་དེ་ནི་ཁྱོད་ཅག་རྣམས ་ཀྱིས་ཉོན།། འགའ་ཞིག་རྩོད་པ་དགེ་བ་མ་ཡིན་ཆོས་མིན་ཏེ། རྣམ་པར་འགྲས་པར་མ་འགྲོ་ཞི་བ་བསྙེན་པར་མཛོད།། ཐུབ་པ་དེས་ནི་བཟོད་པ་རབ་ཏུ་བསྔགས་པ་སྟེ།། གང་གིས་གུས་པས་མེ་ནི་ཀུན་ནས་འཕེལ་བར་འགྱུར།། ་ནོར་དང་འདོད་པ་དག་གི་གཅིག་གི་ཆེད་དུ་ནི།། རྣམ་པར་རྩོད་པ་ཚུལ་ནི་ཉེ་བར་གྱུར་པ་སྟེ།། ཆོས་ཀྱི་ཆེད་དུ་སླར་ཡང་འཕགས་པར་གྱུར་པ་ནི།། ཞི་བ་དང་ནི་དགྲ་བོ་རྣམ་པར་རྩོད་པར་སྨྲ།། གང་ཞིག་ཉེ་བར་ཞི་ཞིང་བྱམས་པའི་ཐུགས ་ཀྱི་ནི།། སེམས་ཅན་ཐམས་ཅད་རྣམས་ལ་བརྩེ་བ་གསུངས་པ་སྟེ།། ཐུགས་རྗེ་མངའ་བ་དེ་ལ་མཆོད་པ་ནི།། འཚེ་བ་བྱས་ནས་བདག་གི་ལུགས་དང་མཚུངས་མ་ཡིན།། དེ་ཕྱིར་གདུང་ནི་རབ་ཏུ་སྦྱིན་ལས་འདི་རྣམས་ལ།། གྲགས ་པ་དང་ནི་ཆོས་ཀྱི་ཡན་ལག་བགོ་བ་མཛོད།། དེ་ལྟར་འགྱུར་ན་ཁྱེད་ཀྱི་རྩོད་མིན་དེ་དག་དང་།། དེ་དག་གིས་ཀྱང་ཆོས་དང་གྲགས་པ་འཐོབ་པར་འགྱུར།། ཆོས་ལྡན་སྐྱེས་བུ་རྣམས་ཀྱིས་ཆོས་ལས་གཡོས་པ་ནི།། ཆོས་ལ་འབད་པ ་ལས་ཀྱང་ངེད་རྣམས་ཀྱིས་སྦྱོར་ན།། གང་དག་རྣམས་ཀྱི་གཞན་དག་ཆོས་ལ་སྦྱོར་བྱེད་པ།། དེ་དག་རྣམས་ཀྱིས་ཆོས་ནི་གནས་པའི་ཆེད་དུ་འཇུག། དྲང་སྲོང་དྲི་མ་ནི་པ་མཆོག་གིས་ཆོས་ཀྱི་སྦྱིན་པ་ནི།། སྦྱིན་པ་ཐམས་ཅད ་ཀྱིས་ནི་ཁྱད་པར་འཕགས་པར་གསུངས།། གླང་ཞིག་ལ་ལུས་ནོར་ལ་སྦྱོར་བར་བྱེད་པ་རོ།། ཆོས་ཀྱི་སྦྱིན་པ་པོ་ནི་རྣམ་པར་བསགས་པ་ཡིན།། དེ་ནས་སྙན་གྲགས་དང་ནི་བདེ་བ་འདྲེན་པ་དང་།། ཆོས་ཀྱི་ཚིག་ནི་དེ་ལས་ཉེ་བར་ཐོབ་ནས་ནི།། ་ངོ་ཚ་དང་བཅས་ཕན་ཚུན་ལྟ་བ་དེ་རྣམས་ཀྱིས།། བྲེ་བོའི་རིགས་མཉམ་བྲམ་ཟེ་ལ་ནི་སྨྲས་པའོ།། ཨེ་མ་མཛའ་བོའི་དགེ་ལ་ཁྱོད་ཀྱིས་ངེས་པ་སྟེ།། ཡོན་ཏན་རྣམས་ལ་བྲམ་ཟེའི་རྗེསུ་འཐུན་པས་ཆགས།། ལམ་གཞན་གྱིས་ནི ་འཁྲུལ་པའི་རྟ་ངན་རྣམས་བཞིན་དུ།། གང་གིས་ལེགས་པར་བསྙེན་པའི་ལམ་ལ་བཀོད་པར་གྱུར།། ཇི་ལྟར་སྨྲས་པ་དེ་ལྟར་དེ་ནི་ལྡན་འགྱུར་ཞིང་།། བརྩེ་ཞིང་གཉེན་པའི་ཚིག་འདི་འཛིན་པར་རིག་པ་སྟེ།། མཛའ་བོའི་སྐྱེ་བོའི ་ཚིག་ལ་ཤིན་ཏུ་འདས་ནས་སུ།། ཕྱི་ནས་སྡུག་བསྔལ་ཉིད་དུ་ལྷུང་རྣམས་མྱ་ངན་འགྱུར།། དེ་ནས་འགྲོ་བའི་ཁམས་རིགས་གདུང་ནི་གྱད་རྣམས་ཀྱིས།། དེ་རྣམས་བརྒྱད་དུ་གུས་པས་ཡོན་ཏན་ལས་བགོས་སོ།། དེ་ནས་རང ་ཉིད་ཀྱིས་ནི་ཆ་ཤས་བཟུང་ནས་ནི།། བདུན་པོ་སོ་སོ་སོར་གཞན་རྣམས་ལ་སྦྱིན་ཏོ།། གྱད་རྣམས་ངག་གིས་མངོན་མཆོད་ས་སྐྱོང་དེ་རྣམས་ཀྱང་།། དགའ་ཞིང་དོན་བྱས་རྣམས་ནི་རང་ཡུལ་རྣམསུ་གཤེགས།། ་དེ་ནས་དྲང་སྲོང་གིས་གདུང་དེ་རྣམས་ཆོ་ག་བཞིན།། རང་གྲོང་རྣམས་སུ་མཆོད་རྟེན་རབ་གནས་རྣམས་དེ་བྱས།། དེ་ནས་རང་གི་ཡུལ་དུ་ཐུབ་པའི་མཆོད་རྟེམ་ནི།། བྱེད་འདོད་བྲེ་བོས་སོ་སོ་བགོས་པའི་བུམ་པ་བླངས།། སོལ་བ་ལྷག ་མ་རྣམས་ཀྱང་བི་ས་ལ་ཞེས་པའི།། གུས་པས་རྗེ་སུ་རབ་ལྡན་རྣམས་ཀྱི་བསླངས་པར་གྱུར།། དེ་ནས་གདུང་གི་སྙིང་པོ་ཅན་གྱི་སྔོན་དུ་བརྒྱད།། བྲག་རི་དཀར་པོ་དང་མཚུངས་མཆོད་རྟེན་རྣམས་གྱུར་ཅིང་།། དེ་ཡི་བུམ་པས་བསྙེན ་པ་བྲམ་ཟེའི་དགུ་པ་སྟེ།། སོལ་བའི་སྙིང་པོ་དང་ལྡན་བཅུ་པ་བྱུང་བར་གྱུར།། ཐུབ་པའི་མཆོད་རྟེན་སྣ་ཚོགས་པ་དུནི་གཡོ་བ་རྣམས།། ཏི་སེའི་གངས་རིའི་རྩེ་མོ་དང་མཚུངས་དེ་རྣམས་ལ།། རང་གི་སྐྱེ་བོ་དང་བཅས་མི་སྐྱོད་དེ་རྣམས་དང ་སྐྱེ་དགུ་དང་བཅས་བྲམ་ཟེ་རྣམས་ཀྱི་ས་ན་མཆོད།། ཕྲེང་བ་སྔོན་སྦྱར་རྣམས་དང་དྲི་བཟངས་མཆོག་རྣམས་དང་།། ཕྲེང་བ་དགེ་བ་རྣམས་དང་སིལ་སྙན་དབྱངས་རྣམས་ཀྱིས།། མཆོད་པ་དམ་པ་མི་སྐྱོང་དེ་རྣམས་དེ་རྣམས་ཀྱིས།། རྒྱལ ་བའི་གདུང་ནི་འཛིན་པ་དེ་རྣམས་ལ་བྱས་སོ།། དེ་ནས་དུས་སུ་དགྲོ་བཅོམ་རྣམས་ཀྱི་ལྔ་བརྒྱ་རྣམས།། རི་བོ་ལྔས་མཚན་གྲོང་ཁྱེར་དུ་ནི་ཡོངས་འདུས་ནས།། སླར་ཡང་ཇི་ལྟ་བ་བཞིན་ཆོས་ནི་གནས་པའི་ཕྱིར།། ཐུབ་པའི་གསུང་ནི ་རི་ཡི་ལོགས་སུ་ཡང་དག་བསྡུས།། གནས་སྐབས་ཀུན་ཏུ་དྲང་སྲོང་ཆེ་ལས་ཐོས་པ་ནི།། ཀུན་དགའ་བོ་ཉིད་ཡིན་ཞེས་ངེས་པར་གྱུར་པ་ཡི།། དགེ་སློང་དེ་རྣམས་ཀྱིས་ནི་འདུས་པ་མཐུན་པ་རུ།། གསུང་རབ་ཞུ་ཞེས་ལུས་འཕགས ་ཐུབ་པ་ལ་ཞུས་སོ།། དེ་ནས་དེ་དག་རྣམས་ཀྱི་དབུསུ་དཱི་བཞུགས་ནས།། སྨྲ་བ་རྣམས་ཀྱི་མཆོག་གིས་ཇི་ལྟར་གསུངས་པའི་ཚིག། གང་དུ་གང་ལ་གང་གི་ཚེ་ན་གང་ཞིག་དང་།། འདི་སྐད་བདག་གིས་འདི་ནི་ཐོས་ཞེས་གསུངས ་པར་གྱུར།། དེ་ཕྱིར་དགྲ་བཅོམ་རྣམས་ཀྱིས་རྗེསུ་བཅིངས་པ་དེས།། ཐུབ་པ་ཆེན་པོས་ཆོས་ཀྱི་བསྟན་བཅོས་གནས་པ་སྟེ།། གང་ཞིག་འབད་པས་ཡང་དག་རབ་ཏུ་ཐོབ་པ་ནི།། མྱ་ངན་འདས་ཤིང་འདའ་ལ་མྱ་ངན་འདིར ་བ.རརྱ་འགྱུར།། དགྲ་བོ་ཁེངས་པ་རྣམས་ཀྱི་མྱ་ངན་སྟེར་བ་པོ།། སྐྱེ་དགུ་སྡུག་བསྔལ་རྣམས་ཀྱི་མྱ་ངན་གཅོད་པའོ།། མེ་ཏོག་འབྲས་ལྡན་མྱ་ངན་མེད་ལྟར་བལྟ་ན་སྡུག། དུས་སུ་དེ་གུས་ས་བདག་མྱ་ངན་མེད་པ་བྱུང་།། འདྲ ་པ་མཽརྱ་དཔལ་ཏེ་སྐྱེ་དགུའི་ཕན་དོན་དུ།། འཇིག་རྟེན་ཀུན་ལ་མཆོད་རྟེན་མཚན་མ་བྱེད་དུ་བཅུག། གཏུམ་པོ་མྱ་ངན་མེད་ཉིད་ཐོབ་ནས་ས་ལ་ནི།། ཆོས་རྒྱལ་མྱ་ངན་མེད་ཉིད་ལས་ངེས་ཐོབ་པར་གྱུར།། མངོན་དུ་བྱས ་པའི་མཆོད་རྟེན་བདུན་པོ་དེ་རྣམས་ལས།། དྲང་སྲོང་དེ་ཡི་གདུང་རྣམས་མོརྱ་དེས་བླངས་ནས།། དཔལ་ལྡན་མཆོད་རྟེན་སྟོན་ཀའི་སྤྲིན་གྱི་འོད་རྣམས་ཀྱི།། སྟོང་ཕྲག་བརྒྱད་ཅུར་བབས་པ་དུས་སུ་ཞག་གིས་པས།། དགའ ་བྱེད་གྲོང་གནས་མཆོད་རྟེན་བརྒྱུད་པ་དང་པོ་ནི།། དེ་ཡི་དུས་སུ་གུས་ལྡན་ཀླུ་རྣམས་ཀྱིས་བསྲུངས་ཏེ།། དེ་ཕྱིར་གདུང་རྣམས་ཐོབ་པ་མ་ཡིན་རྒྱལ་པོ་དེས།། དེར་བྱས་པ་ལ་མ་དང་རྒྱུ་རྒྱུན ་གྱུར་པའོ།། དེ་ཕྱིར་ཡིད་ཀྱི་དགྲ་བོ་འབྲས་བུ་རྣམས་ལྔ་ནི།། ཀུན་ནས་གནས་ཤིང་གཡོ་བའི་དཔལ་ནི་བསྲུངས་ན་ཡང་།། མི་སྐྱོང་དེས་ནཱི་ངུར་སྨྲིག་གིན་པ་ལས་གཞན་དུ།། ལྟོ་བ་རྣམ་པར་དག་ཙོང་འབྲས་བུ་དང་པོ་ཐོབ། ་དེ་ལས་གཞན་དུ་གཞན་གྱིས་ཐུབ་པའི་མཆོད་པ་ནི།། གང་གིས་བྱས་ཤིང་བྱེད་ལ་བྱེད་པར་འགྱུར་བ་སྟེ།། དམ་པའི་སྐྱེ་བོས་བསྙེན་པའི་འབྲས་བུ་བླ་ན་མེད།། དེ་ཡིས་ཐོབ་ཅིང་འཐོབ་ལ་འཐོབ་ལར་འགྱུར་བ་ཉིད།། དྲང་སྲོང ་བཞུགས་པ་ལ་ནི་མཆོད་པ་སྦྱར་ནས་སམ།། ཡོངསུ་མྱ་ངན་ལས་འདས་པའི་གདུང་ལ་ཕྱག་བྱས་ནས།། ཡིད་ཀྱི་དང་པོ་མཉམ་ན་འབྲས་བུ་མཉམ་པ་སྟེ།། སངས་རྒྱས་ཡོན་ཏན་རྣམས་ནི་མཁས་རྣམས་ཤེས་པར་མཛོད།། ། ་དེ་ལྟར་རྟག་ཏུ་མཆོག་གི་ཆོས་ནི་མཁྱེན་པའོ།། མཆོགཽ་ཏུ་མི་འགྱུར་འཕོ་བ་མེད་པ་བརྙེས་ལྡན་པ།། བརྩེ་བ་དང་བཅས་ཐུབ་པ་བློ་གྲོས་ཆེན་པོ་ནི།། མཆོད་འོས་མཆོག་ལ་མཆོད་པ་དམ་པ་འོངས་པའོ།། མཆོག་ཏུ་ཐུགས་རྗེ ་དང་ལྡན་མཆོག་གི་ཐུགས་མཁྱེན་པོ།། གཞན་ལ་ཕན་ཕྱིར་མཆོག་ཏུ་ངལ་བར་བྱོན་པ་དེ།། མཛད་པ་མཁྱེན་པ་ཉིད་ཀྱི་དམ་པ་མཁས་རྣམས་ཀྱི།། འདི་ན་གཏང་རག་མཆོད་པ་གང་ཕྱིར་འོས་མ་ཡིན།། ས་ན་འཚོ་དང་རྒ ་བུ་དང་མཉམ་འཇིགས་པ་དང་།། མཐོ་རིས་དག་ན་འཕྲོ་བ་དང་མཉམ་ཡོད་མིན་ཏེ།། འགྲོ་བའི་དེ་གཉིས་མཁྱེན་ནས་གང་ཞིག་གནས་པ་སྟེ།། དེ་ཕྱིར་མཆོད་པར་བྱ་བ་དམ་པ་སུ་འདྲ་ཡོད།། སྐྱེ་བ་ཡོད་ན་བདེ་བ་མིན་པ་འབྱུང ་བསྟེ།། ཡང་སྲིད་མེད་ལས་ཤིན་ཏུ་བདེ་བས་བདེ་བ་མེད།། དེ་ནི་བརྙེས་ཤིང་གང་གིས་འགྲོ་ལ་བྱིན་པ་སྟེ།། དེ་ཕྱིར་མཆོད་པར་བྱ་བ་དམ་པ་སུ་འདྲ་ཡོད།། དེ་ལྟར་ཐུབ་པའི་སྐྱེས་མཆོག་དེ་ཡི་གུས་པ་ཡིས།། མཁས་ཉིད ་ལས་མིན་སྙན་དངགས་ནུས་པས་མིན།། ཐུབ་པའི་ལུང་གི་རྗེ་སུ་འབྲངས་ནས་འདི་བརྩམས་ཏེ།། སྐྱེ་དགུ་རྣམས་ཀྱི་ཕན་དང་བདེ་བའི་ཕྱིར་གྱུར་ཅིག། ཡུལ་ཤཱ་ཀྲེ་ཏ་ཀཱའི་གསེརི་མཽག་མའི་བུ་དགེ་སློང་སློབ་དཔོན་སྙན་དངགས ་མཁྱེན་ཆེན་པོ། སྨྲ་བ་དང་ལྡན་པ་ཕྱོགསུ་རྣམ་པར་གྲགས་པ། བཙུན་པ་རྟ་དབྱངས་ཀྱིས་མཛད་པའི། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས་སྐུ་གདུང་རྣམ་པར་བགོ་བའི་ལེའུ་སྟེ། ཉི་ཤུ་རྩ་བརྒྱད ་པ་ཡོངས་སུ་རྫོགས་སོ།། ། ས་སྟེང་རྒྱ་མཚོའི་མཐར་ཐུགས་བསྟན་པའི་བདྲག་པོའི་མཆོག། ཡོན་ཏན་མཚུངས་མེད་ཕུལ་བྱུང་དུ་མའི་གཏེར་ཆེན་པོ།། མཁས་པ་རྣམས་ཀྱི་བླ་མྱ་སྐྱེ་དགུ་རྣམས ་ཀྱི་དཔལ།། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གིས།། འཇིག་རྟེན་ཀུན་ན་ཟླ་བྲལ་སྐྱེས་མཆོག་དེ་ཉིད་ཀྱི།། ཕྲིན་ལས་སྒྲུབ་པ་བརྙེས་པའི་ཐུགས་དགོངས་རྣམ་དག་དང་།། མི་རྗེ་ལྷ་སྲས་གུང་ཐང་རྒྱལ་མོ་ཡུམ་སྲོས་དང་།། ་ཆོས་ལ་གཅིག་ཏུ་དཀར་བའི་ལྷ་ཅིག་ཀུན་དགའ་འབུམ།། མང་ཡུལ་སྤྱི་རོང་བཟོ་མོ་ཡོན་ཏན་སྐྱིད་ལ་སོགས།། ཆོས་ལྡན་དམ་པ་རྣམས་ཀྱིས་སྦྱིན་དེ་དག་བགྱིད་པའི་ངོར།། འཕགས་པ་རྟ་དབྱངས་ཀྱིས་མཇེད ་ཐུབ་པའི་མཛད་པ་འདི།། ས་དབང་བཟང་པོ་དང་ནི་བློ་གྲོས་རྒྱལ་པོས་བསྒྱུར།། འདི་སྒྱུར་བསོད་ནམས་རྒྱལ་པོ་གོང་དེས་པ་མ་དང་།། འགྲོ་རྣམས་ལམ་གྱི་རྒྱལ་པོ་འདིར་ཞུགས་ཏེ།། ཉེས་ཚོགས་ཚང་ཚོང་ཀུན་དང་བདུད ་བཞིའི་རྒྱལ་པོ་རྣམས།། བཅོམ་ནས་ཆོས་ཀྱི་རྒྱལ་པོ་ཐོབ་པར་ཤོག། དགེ་དེས་ཐུབ་བསྟན་ཡུན་དུ་གནས་པར་ཤོག།། བྱང་ཆུབ་སེམས་དཔའི་སྐྱེས་རབས་ཆོས་ཀྱི་གཎྜཱིའི་སྒྲ་སྐྱུགས་པ་སློབ་དཔོན་དཔའ་བོས་མཛད་པ་བཞུགས ་