| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ལོ་ཀཱ་ནནྡནྱཱ་ཊ་ཀ་ནཱ་མ། བོད་སྐད་དུ། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལོ།། བུང་བའི་ཕྲེང་བ་མི་གསལ་སྒྲ་སྒྲོགས་རྐང་པ་མུད་བ་མ་རྣམས ་བསྐྱོད་པས།། གེ་སར་ཁཱ་འབུས་རོ་བཅུད་དང་བཅས་རྡུལ་ཕྲན་ཚིགས་པས་ཁྱབ་གྱུར་ཅིང་།། སྦྲང་རྩི་རྒྱ་ཆེན་ཐིག་ལེས་རྣམས་ཁེངས་མཻ་ཏོག་ཐལ་མོ་སྦྱར་བ་འདིས།། བདག་གིས་རྒྱལ་བའི་ཞབས་ལྔ་མཆོད་པས་ཁྱེད་རྣམས་ལ་ནི་ཞི་བར་མཛོད།། ་གཞན་ཡང་བྱམས་པའི་ཐུགས་ནི་རྒྱ་ཆེན་དགའ་བས་མེགུལ་ནས་ཡང་དོག་འཁྱུད་གྱུར་པ།། ཁྱོད་ཀྱི་སྙིང་རྗེས་བདག་ཅག་ཀྱང་ནི་དེ་བཞིན་བཏང་སྙོམས་མཚུངས་མཛད་རིགས།། ལེགས་པའི་ལྷ་མོ་གྲགསོ་འཛིན་མཛད་བཞིན་བདག་ཅག ་གིས་ནི་རྗེས་མོ་འགྲོ། བདུད་ཀྱི་བུ་མོས་ཕྲག་དོག་གིས་སྨྲས་ཁྱེད་རྣམས་སངས་རྒྱས་རྟོགས་པར་ཤོག། རྫོགས་བྱང་ཆུབ་ལ་བདུད་ནི་ཁྲོ་བས་སྐད་ཅིག་གཞུ་བཀང་དེ་ཡི་སྡེ་ཚན་རྣམས།། གང་གིས་རྣམ་པར་བྲོས་པས་བུབ་ཅིང་ལོག་འདྲེན་ཞབས ་ཀྱིས་མནན་ཏེ་མངོན་སྐད་འབྱིན།། ལུས་མེད་བུ་མོ་མྱོས་བྱེད་མ་རྣམས་མཆི་མཆོག་འཆི་མེད་རྣམས་ཀྱིས་མཐོང་ནས་དགའ།། སྟོབས་བཅུ་མངའ་བའི་སྔོན་འགྲོ་གཞན་གྱི་མི་ཐུབ་མས་ནི་ཁྱེད་རྣམས་སྐྱོང་བར་ཤོག། དགའ་བྱེད་ཀྱིས་མཆོད་པའི ་མཐའ་ལས་མདོ་འཛིན་པའོ།། སྙན་ངག་ཙནྡྲ་དཱ་ཤ་ཡཱ།། ཟློས་གར་འཇིག་རྟེན་ཀུན་ཏུ་དགའ།། སྔོན་མེད་ཟློས་གར་རབ་སྦྱར་བས།། དེ་རིང་ཚོགས་ལ་བདག་གི་སྟོན།། དེ་ནི་ངེས་པར་སྙན་ངག་ཉིད།། ཤར་ཕྱོགས་ཛཾ་དཱུ་ར་ཎའི་རིགས་ལས་ནི།། ལྷ་མོ་རྒྱལ་མ ་ཡིད་ཀྱི་ཤིང་རྟ་ལས།། གང་འཁྲུངས་ཁུར་ན་འཁུར་བར་མི་ནུས་ཀྱང་།། དེའི་བུ་ཞེས་རབ་ཏུ་གྲགས་པ་ཐོབ།། གཞན་ཡང་རབ་འབྱམ་རྒྱན་དང་བཅས་ཤིང་ཚིགས་བཅད་རྐྱང་བ་མཁས་པའི་འཇུག་ངོགས་རྒྱ་ཆེན་རྣམས།། གང་གི ་དངོས་པོ་གཅིག་གི་བརྗོད་བྱས་ལ་ཡང་རྒྱ་ཆེན་ཟད་པར་མ་གྱུར་པ་དང་། གང་གི་བྱཱ་ཀཱར་ཎི་ནི་ཉུང་ཞིང་རབ་གསལ་ཡོངས་རྫོགས་གཞན་ཡང་མཇེད་གྱུར་ནས།། འཇིག་རྟེན་ཆགས་དང་འཇིག་རྟེན་མུན་པའི་ཚོགས་ཆེན་རབ་ཏུ་འཇོམས་མཛད་གྱུར།། ། ་དེ་ནས་ད་ནི་རོལ་ཆ་དང་བཅས་ཏེ་རྩོམ་པ་ན་རེ་ཞིག་རང་གི་འཕགས་མ་ལ་བོས་ཏེ། ཀྱེ་འཕགས་མ་རེ་ཞིག་འདིར་བྱོན་ཅེསོ།། དེ་ནས་དེའི་གདུང་བའི་ཤུག་དང་བཅས་ཏེ་རབ་ཏུ་ཞུགས་ནས། ཀྱེ་འཕགས་མ་བདག་འོང་སོ་བཀའ་སྒོས་ཤིག་ཅེ་སོ།། མདོ ་འཛིན་པ་ནས་ཀྱེ་འཕགས་པ་ཅིའི་ཕྱིར་ཁྱོད་སྡུག་བསྔལ་བར་བྱེད། ཟློས་གར་མ་ནས་ཅིའི་ཕྱིར་སྡུག་བསྔལ་མི་འགྱུར་ཏེ། ཇི་ལྟར་ཁྱོད་ཀྱི་མིང་ཙམ་གྱིས་ཀྱང་ནི།། གནས་རྣམས་ཡང་དག་འདྲེན་ནུས་བུ་གཅིག་པོ།། ངེས་པར་བདག་ནི་རབ་ཏུ ་བྱུང་ནས་ནི།། རང་ལུས་འབྲས་བཅས་བསྒྲུབ་པར་བྱེ་ཞེས་སྤྲོ།། མདོ་འཛིན་པ་ནས་འདྲི་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ཟློས་གར་མ་ནས་ཀྱེ་འཕགས་པ་དེ་བྱང་ཆུབ་སེམས་དཔའ་མ་ཡིན་ན་ནཱ་མཁའ་ལས་ཀྱང་མ་ལྷུང་ཞིང་རྣམ་པར ་འཛིན་བྱེད་ཀྱི་མཐིལ་བརྟོལ་ནས་ཀྱང་མ་བྱུང་ངོ་།། ཞེས་སྨྲ་ཞིང་གང་ཞིག་འདིར་སྙིང་རྗེ་སྐྱེ་བའི་ཕྱིར་འཚེ་བར་སྤྲོ་བ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ།། མདོ་འཛིན་པ་ནས། འཕགས་མ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། ་སྙིང་རྗེའི་ས་བོན་ལ་སྐྱེས་པའི།། བྱང་ཆུབ་སེམས་ཀྱི་མྱུ་གུ་འཁྲུངས།། ཕ་རོལ་ཕྱིན་པའི་ཡལ་འདབ་རྒྱས།། དཔག་བསམ་ཤིང་བཞིན་དགོས་འདོད་རྣམས།། སྡུག་བསྔལ་བ་དེས་ཆོག་གོ།། འདིའི་བསོད་ནམས་ཀྱི་སྟོབས་ལས་དེ་བཞིན་དུ་དཔལ ་དུ་འབྱུང་བར་འགྱུར་རོ།། ཡང་དག་པའི་རོལ་མོ་རྩོམ་པར་མཛོད་ཅིག་དང་། ཟློས་གར་མ་ནས། ཀྱེ་འཕགས་པ་འདིར་ཡང་དུས་གང་ལ་བརྟེན་ཡང་དག་པའི་རོལ་མོ་བརྩམ་པར་བགྱི། མདོ་འཛིན་མ་ནས། ཀྱེ་འཕགས་མ་འདིར་རེ་ཞིག་གསར་དུ ་མངོན་པར་བྱུང་བ་ལྷན་ཅིག་བྱེད་པའི་སྙིང་མིའི་དྲིས་ཡོངསུ་ཁྱབ་པ་མེ་ཏོག་གི་ཕྱེད་བ་ལེན་པ་སྦྲང་རྩི་བྱེད་པའི་རིགས་ཀུན་ཏུ་དགའ་ཞིང་རྩེ་བ་མྱེ་ཏོག་གི་དུས་ལ་བརྟེན་ལ་གླུ་ལོང་ཞིག། འདི་ལྟ་སྟེ། པདྨོ་རྣམས་ནི་བ་མོས་རིགས་ཉམས ་འོད་ལྡན་གང་ཞིག་ཤ་རཱ་ནས་དབུགས་རྣམསའི་བྱིན།། དེ་བཞིན་མཁས་པའི་ལྷོ་ཕྱོགས་རླུང་རྣམས་ཀྱིས་ནི་འཇིག་རྟེན་ཡང་དག་ཚིམ་པར་བྱེད།། ཕྱོགས་རྣམས་པ་ལཱ་ཤཱ་ཡི་ལྗོན་ཤིང་མེ་ཏོག་ཤ་དྲལ་བཞིན་དུ་ཤིན་ཏུ་དམར།། བསིལ་ཟེར ་འོད་ཟེར་འགྲོ་བ་རྣམས་ཀྱི་གཙུག་གི་ནོར་བཞིན་གསལ་པོ་ཡང་དག་གནས།། ཡོལ་བའི་ནང་ནས་ངོ་མཚར་ཆེ།། ངོ་མཚར་ཆེ་ཞེས།། ངོ་མཚར་ཚོ་ཞེས་སོ།། མདོ་འཛིན་པ་ནས། རྣ་བར་ཐོས་ནས། འདི་སུ་ཞིག་ཡིན། ངེས་པར་བརྟགས་པས། ་ཀུན་ནས་ཤེས་ཏེ། རིགས་འཛིན་མ་ཡིས་གཞོནུ་གཙུག་ན་ནོར་བུ་འདི་མཐོང་ནས།། རབ་དགའ་གཡོ་ཞིང་རང་གི་ལག་པའི་པདྨ་གར་རྩེ་ཞིང་།། ན་མཁར་རྐང་གདུབ་རྩེ་ལ་གོས་ཀྱི་འོད་ཟེར་རེག་གྱུར་ནས།། གང་ལྡན་རི་བོའི་རྩེ་མོ་ལ ་ནི་རབ་ཏུ་རྒྱུ་བར་བྱེད།། བདག་ཅག་རྣམས་ཀྱང་ཇི་ལྟར་མངོན་པར་འདོད་པ་ཕུན་སུམ་ཚོགས་པ་བརྩམ་མོ་ཞེས་ཟེར་ནས། གཉིས་པོ་ངེས་པར་ཞུགས་ཏེ། མངོན་དུ་ཕྱོགས་ནས་གནསོ།། དེ་ནས་རིག་འཛིན་མ་རབ ་ཏུ་ཞུགས་ཏེ་གར་བྱེད་ཅིང་ཨཙྪ་རཱི་ཨཾ་ཨོཾཙྪིཪྵ་ཨཾ། གང་གི་སྐྱེ་བློ་འདི་འདྲ་ས་ཆེན་སྟེང་།། ལྷ་རྣམས་ཀྱིས་ཀྱང་ཤིན་ཏུ་མཐོང་བར་དཀའ།། རབ་ཏུ་དགའ་བས་གཞན་གྱི་དབང་གྱུར་པ།། དགའ་བོའི་གྲོགས་མོ་པདྨ་ཝ་ཏཱིད་ལ།། བདག་གི་ཁུར་ནཱི ་ཡང་དག་གཏད་བྱས་ནས།། ནམ་ཞིག་འོང་བཱིར་གྱུར་ཏེ་བདག་མི་ཤེས།། ཞེས་ནས་ཡོངསུ་ཞུག་སོ།། གང་གྲིས་འོངས་པ་དང་འདུག་པའང་མི་དྲན་པར་དགའ་བའི་གྲོགས་མོའི་བསྟི་གནསུ་ཕྱིན་ཏེ། བདག་ཉིད་ངོ་མཚར་ཆེ་ནས་རབ་ཏུ་ཞུག་སྷོ།། ་འདིར་ཇི་ལྟར་སྦྲ་ངོ་རྩི་བྱེད་པའི་རྐང་པའི་ཁུར་གྱིས་མེ་ཏོག་རབ་ཏུ་རྒྱས་པའི་རྡུལ་གྱིས་ཚོགས་པས་ཁྱབ་པའི་རྡོ་ལེབ་ཀྱི་སྟེང་ནཱ་ག་གེ་སར་གྱི་སྲང་ལམ་དུ་བྱས་པ་ལ་དགའ་བའི་གྲོགས་མོ་པདྨ་བ་ཏི་ནི་སྦྲང་གི་བུ་མོ་དང་ལྷན་ཅིག་གནས་ཤིང ་ཅུང་ཟད་ཅུང་ཟད་སྤྱི་ཞིང་འཁོད་དེ། དྲུང་དུ་ཉེ་བར་འོང་སོ།། དེ་ནས་སྦྲང་གི་བུ་མོ་དང་པདྨ་ཅན་རབ་ཏུ་ཞུགས་ཏེ། པདྨ་ཅན་ནས། ཀྱཻ་སྦྲང་རྩིའི་བུ་མོ་བདག་གི་སྙིང་མྱོས་པ་སྙམ་བྱེད་དོ།། ཞེས་དགའ་བཱིའི་གྲོ་རིན་ཆེན་ཕྱེད་མ་ལ་ལྟ་བར་བྱེད་ཅིང་། ་ཅིའི་ཕྱིར་ནི་དེ་ཙམ་དུ་ཡང་མི་འོང་བར་གྱུར། རིག་འཛིན་མས་ཉེ་བར་ཐོས་ནས་ཀྱེ་པདྨ་ཅན་སེམས་གཏོར་བར་མི་བྱེད་ཅེས་ཟེར། འདིར་དེ་དག་གཉིས་ན་རེ་ཨ་རོ་དགའ། ཨ་རོ་དགའ་ཞེས་སྨྲ་ཞིང་གཉིས་པོ་རྟ་བརྟབ་བོར་ལངས་སོང་ནས། ཨ་ཨི ་ཅི་ཡིན་ཅི་ཡིན་རིག་འཛིན་མ་ནས་ཀུན་གྱི་ལྷ་བྱེད་རྣམས་ཀྱིས་བལྟ་བར་འོས་པ་བདག་གིས་མཐོང་སྟེ། མིག་གི་འབྲས་བུ་ཐོབ་བོ།། གཉིས་པོ་ནས་ཁྱོད་ཀྱི་མྱི་མཐོང་སྨྲོས་ཤིག། རིག་འཛིན་མ་ནི་སླར་ཡང་དེ་ཉིད་སྨྲ་བར་བྱེད་དོ།། གཉིས་པོས་ཡང་འདྲི་ཞིང ་རིག་འཛིན་མ་ལ་པདྨ་ཅན་རབ་ཏུ་འཁྱུད་དོ།། བདག་ནི་རབ་ཏུ་དགའ་བའི་གཞན་དབང་དུ་གྱུར་ཏེ་གལ་ཏེ་བདག་གིས་དབྱངས་ཅན་མ་ལ་བར་སྙེད་ན་ནི་སྨྲའོ།། གཉིས་པོ་ནས། ཁྱེད་ཀྱི་དགའ་བ་དེ་ཤིན་ཏུ་ཅི་མོ་ཞག་ཞུགས་པ་འདྲའོ།། རིགྲ་འཛིན་མ་ནས ་འདི་ནི་གཞན་མཐོང་ནས་ཀྱང་དེ་ལ་དགའ་བ་ཆེན་པོ་མཐོང་ངོ་།། གཉིས་པོ་ནས་བདག་ཉིད་གཅིག་པོ་འགེགས་པས་ཆོག་གོམ། བདག་ཅག་ལ་ཡང་ཆ་ཤས་ལེགས་པར་དགོས་མཛོད། རིག་འཛིན་མ་ནས། བདག་གིས་མཐོང་བ་དུལ་བའི་མདངས ་ལྡན་པ།། འོད་ཟེར་རབ་ཏུ་འདྲེན་པ་འཕྲོ་བ་ཅན།། ཕྱོགས་བཞི་ཆོས་རྣམས་མ་ལུས་སྒྱུ་རྩལ་ཚོགས།། ཡོངསུ་ཞུགས་རྣམས་མིག་ནི་དགའ་བར་བྱེད།། གཉིས་པོ་ནས། ལེགས་ལྡན་མ་ཟླ་བ་འམ་ཅི་ཞིག། རིག་འཛིན་མ་ཁྲོས་ཏེ། དེ་བཞིན་དུ་བདག་གིས ་མ་སྨྲས་པ་རང་མཆོག་གོ།། ཀྱེ་འདི་ནི་རི་དགས་ཀྱིས་མཚོན་ཏེ་དེ་ལ་མཚུངས་པར་བྱེད་དམ། གཉིས་པོ་ནས། ཡང་ན་མྱོས་བྱེད་དམ། རིག་འཛིན་མི་ནས། གང་དེའི་སྦྱོར་བ་དང་བྲལ་ན་ཧཱུཾ་ཞེས་བྱེད་ཅིང་བྱིན་ཟའི་རྩེ་མོ་ལ་ཕྱེ་མ་ལེབ་དང་འདྲ་བ་ནི་དུལ་བའི ་མདངས་དང་ལྡན་ཞིང་མཛེས་པར་རབ་ཏུ་བརྐྱང་ངམ། གཉིས་པོ་ནས། གང་ཇི་ལྟར་ཡིན་པ་སྨོས་དང་། རིག་འཛིན་མ་ནས་བདག་གི་སྨྲ་བར་བྱ་ཡིས་ལེགས་པར་དེ་ལེགས་པར་ཉོན་ཅིག། འདི་ནས་རིག་འཛིན་མ་སྐྱེ་བོའི་གཏམ་ཕན་ཚུན་སྨྲ་བ་ལས་གཞོན ་གཙུག་ན་ནོར་བུ་འདི་འདྲའོ་ཞེས་ཐོས་པས་ཡ་མཚན་ཆེ་བས་དགའ་བ་དང་ལྷན་ཅིག་སཱ་ཀེ་ཏིར་གྲོང་ཁྱེར་དུ་བདག་གིས་བྱིན་ནོ།། དེ་ནས་རྒྱལ་པོ་ཚངས་བྱིན་གྱི་ལྷ་མོ་འོད་ཀྱི་བློ་གྲོས་མ་ལ་ཁྱེའུ་ཞིག་ཡང་དག་པར་འཁྲུངས་ཏེ། གཞན ་གྱི་སྐྲུན་པར་མི་ནུས་ཤིང་གཟུགས་དང་ཕུན་སུམ་ཚོགས་པས་རྣམ་པར་སྤྲས་པ་མཆོག་གི་སྙིང་རྗེ་ཅན་གང་འདོད་པ་ཀུན་སྦྱིན་པ་གཞོན་གཙུག་ན་ནོར་བུ་ཞེས་པ་བདག་གི་མཐོང་ངོ་།། དེ་ཡང་མཐོང་བ་ན། ཀུན་གྱི་མངོན་པར་འདོད་པའི་དོན་ཕུན་སུམ་ཚོགས ་བ་གྲུབ་པའོ།། རྒྱལ་པོ་གང་ཞིག་གིས་བུ་མོའི་ཆེད་དུ་དེའི་སྐུ་གཟུགས་དང་དབྱིབས་ཀྱི་བཀོད་པ་ཐད་ཀ་ལ་རི་མོར་བྲིས་ཏེ་ཁྱེར་བ་ལ་བར་དུ་རིག་འཛིན་མ་རྣམས་ཀྱིས་བརྐུས་ཏེ་འཁྱེར་བར་བྱེད་དོ།། གཉིས་པོ་མངོན་པར་འདོད་པ་འཕེལ་ཏཱཾ། སླར་ཡང་དེ ་གང་ན་ཡོད། རེག་འཛིན་མ་ནས། ནོར་འཛིན་འདི་ཉིད་ནའོ།། གཉིས་པོ་ནས། ཁྱོད་ཀྱི་མཁའ་ལ་འགྲོ་བ་འབྲས་བུ་དང་བཅས་ཏེ་ཐོབ་བོ།། གང་ཇི་ལྟ་བ་དེ་བཞིན་དུ་མངོན་པར་འདོད་པ་ཡོད་འཕྲོགོ་པ་རྣམས།། ཁྱོད་ཀྱི་གང་བར་ཐོབ་བོ།། རིག་འཛིན་མ་ནས། ཀྱེ་མ ་རིངས་དང་ཁྱེད་ཅག་གི་ཡང་མངོན་པར་འདོད་པ་ཡོངསུ་འགྱུར་གྱིས། སྦྲང་རྩིའི་བུ་མོ་ནས། གང་ལས་བདག་ཅག་ལ་འདིའི་སྐལ་པ་སུས་སྟེར་བར་བྱེད། རིག་འཛིན་མ་ནས། ཡང་སྐྱོན་ཅིག་འདུག་ཟེར། གཉིས་པོ་ནས། སྐྱོན་གང་ཡིན་སྨྲོས་ཤིག ་རིག་འཛིན་མ་ནས། གང་གིས་ན་དེ་ཁྱིམ་ཐབ་བྱ་བ་ལས་ཕྱིར་ཕྱོག་སོ།། མཱ་དྷ་བི་དང་པདྨ་པ་ཏི་དག་འཇིག་རྟེན་ཡིད་བཞིན་གྱི་ནོར་བུ་ནི་ཤིན་ཏུ་དཀོན་ནོ།། བི་དྷཱ་རཱི་ནས། བདག་གི་དེའི་ངོ་མཚར་ཆེ་བ་གཞན་ཡང་དྲན་ཏེ། ཡང་བཞིན་གྱི་ནོར་བུའི་གཏམ་གྱིས ་ཡིད་བཞིན་གྱི་ནོར་བུ་ནི་ཇི་ལྟ་བ་བཞིན་དུ་དེ་ལ་ལྷན་ཅིགུ་སྐྱེས་པའི་གཙུག་ན་ནོར་བུའོ།། མཱ་དྷཱ་བི་ནས་ཨཙྪ་རཾ་ཨཾ་བིརྱཱ་དྷཱ་རི་ནས་ཅིའི་ཕྱིར་འདི་ངོ་མཚར་ཆེ། ན་མཁའི་སྤྱོད་ཡུལ་གྱིས་སྐྱེ་བོ་དེ་མཐོང་ངམྦ། མཱ་དྷཱ་བཱི་ནས། བདུག་ཅག་གིས་མཐོང ་བཱབཱིའི་ཐབས་འགའ་ཞིག་ཡོད་དམཱ། བཱིཪྻཱ་དྷཱ་རཱི་ནས་མ་ཡིན་ཏེ་བདག་གིས་ཁྱེར་འོང་སོ།། གཉིས་པོ་ངོ་ཚ་ཞིང་རྩུབ་རྟབ་བོར་ཕྱོགས་རྣམསུ་བལྟ་ཞིང་། དེ་གྲང་ན་གང་ནོ་ཞེས།། རིག་འཛིན་མས་བདག་གིས་སྟེང་གོས་ཀྱི་སེབ་ནས། ཐཱང་ཀ་ལ་རི་མོ ་བྲིས་པ་དེ་ཕྱུང་ནས། བསྟན་ནོ།། གཉིས་པོ་ངོ་མཚར་ནས་ངེས་པར་བལྟས་ཏེ། གནས་ཚུལ་ནི་རིན་ཆེན་ཕྲེང་བའི་ཕྱོགས་འདྲ་བ་ཞིག་གོ།། མཱ་དྷ་བཱི་དང་། པདྨ་པཱ་ཏི་དག་ནས། ཁྱོད་ཀྱི་དོན་མེད་པའི་དགའ་བ་འཕེལ་བར་བྱས་ཏེ། ཁྱོད་བཞིན་དུ་ལེགས ་པའི་ཉམས་དང་བཅས་སོ།། གྲོགས་མོ་དགའ་བ་བདག་སྐྱོན་ཅི་མཆིས་སྨྲོས་ཤིག། པདྨ་ཅན་ཡུན་རང་དུ་ངེས་པར་བལྟས་ནས། འདི་ལ་སྐྱོན་ཅིག་མཆི་སོ།། རིག་འཛིན་མ་ཁྲོས་ཏེ། སྐྱོན་གང་སྨོས་དང་། པདྨ་ཅན་སྦྲང་གི་བུ་མོས་མཐོང་ནས ་སྦྲང་གི་བུ་མོ་ནས།། སྨྲ་བ.རཱི་མ་ནུས་པའོ་ཞེས་ཟེར། རིག་འཛིན་མ་ནུས། ཀྱེ་པདྨ་པཱ་ཏི་གདུང་བར་མ་བྱེད་ཅིག། ཁྱོད་ཀྱི་ཡང་བདག་གིས་ཐང་ཀ་གཅིག་རི་མོར་བྲིས་ཏེ་ལྷ་མོ་འོད་ཀྱི་བློ་གྲོ་སཱ་མ་ལོ་བྱིན་པ་དང་། ཉེ་བར་བསྡུས་ནས། དེ་ཡང་མངོན ་པར་དགའ་ནས་འདི་ཙམ་ཞིག་བག་མ་དང་མནའ་མའི་གདོང་བ་མཐོ་ངོ་ཞེས་སྨྲའོ།། འདིས་ལྷན་དུ་མནའ་མ་བྱས་ནས་ཤིན་ཏུ་སྤྲོའོ་ཞེས་སྨྲའོ།། པདྨ་ཁྲོས་ཏེ། དགའ་བིའི་གྲོགས་མོ་དེ་བཞིན་དུ་བཙེ་བར་རིག་སམ། སྤྲིང་གི་བུ་མོ་དགའ་ནས ་དེ་ནས་དེ་ནས་ཞེས་ཟེར། རིག་འཛིན་མ་ནས། དེ་ནས་རྒྱལ་པོ་ཆུངས་སྦྱིན་གྱིས་མངོན་དུ་མཐོང་ངོ་།། གཉིས་གར་གྱིས་བལྟས་ནས་སྨྲ་བ། འདི་ནི་གཞོ་ནུའི་རྗེ་སུ་འོངསོ།། འོན་ཀྱང་བྱེད་པོའི་དབང་ལསོ་དེ་ནས་གཉིས་པོས ་རི་མོ་བྲིས་ལ་མངོན་དུ་བལྟས་ནས། གང་ན་སྤྱོད་པའི་མི་གཞོནུ་ལ་སྟོན་དུ་བཅུག་གོ།། དེ་ནས་དེས་ཡུན་རིང་དུ་བལྟས་ནས། ཤུགས་ནར་ཕྱུང་ངོ་།། མཱ་དྷུ་བཱ་ནས། དེའི་མཚན་ཉིད་གང་ཡིན་རིག་འཛིན་མ་ནས། ལྕི་བའི་སྐྱེ་བོ་ནི་རྗེ་སུ་ཆགསོ་ཞེས ་པའོ།། པདྨ་བ་ཏི་ནི་གང་མཉན་པར་བྱ་བ་མཉན་ནས་དུསོ།། རིག་འཛིན་མ་ནི་དེས་སྐྲག་ནས། ཇི་ལྟར་བདག་གི་བདུད་རྩིའི་ཆར་བྱིན་པས། དུག་གི་རྣམ་པར་ཁྱབ་པར་གྱུར།། དེ་འདིས་སླར་ཡང་ཇི་ལྟར་བཅོས་པར་བྱ་ཞོ་སྔོ།། ཡོལ་བའི་ནང་དུའོ།། ་དེ་བཞིན་དུ་དེ་རྣམས་གཅིག་ཏུ་འདིར་སུ་འོང་ངམ་སཱ་མོ།། དེ་ནས་དྲང་སྲོང་དཔོན་སློབ་གཉིས་རབ་ཏུ་ཞུག་སོ།། གཉིས་པོའོ།། བུའི་རྭ་ངོ་བཞིན་མཉེས་གཤིན་པ།། ཡིད་གདུང་གང་གིས་མི་ཤེས་པ།། དེ་ཉིད་གཅིག་ཏུ་སྐྱེས་བུ་སྟེ།། འཇིག་རྟེན་ན་ནི་བདེ་མཆོག ་ཐོབ།། སྤྱོད་པའི་བུ་ནས། བུ་མོ་པདྨ་ཅན་མ་བཱ་ཏི་མེ་ཏོག་ཐུར་སོང་པ་ལས་ཅི་སྟེ་ཡུན་རིང་དུ་འགོར་རོ།། ཅིའི་ཕྱིར་ཁྱབ་འཇུག་གིས་ནི་མཚོན་བྱེད་མ་ཞེས་སྟོབས་ཀྱི་ཁྱེར་གྱུར་རམ།། ཚ་ཟེར་བྱེད་པས་ཟླ་བའི་ཆེ་ཞོས་མི་བཟོད་འོད་ཀྱིས་རང་ཉིད་རྣམ ་ཞུགས་སམ།། ཡང་ན་རིག་འཛིན་ཐབས་དང་ཕྲད་ནས་རིག་འཛིན་ཡིན་ཞེས་ཕྱག་བྱས་ཁྱེར་གྱུར་ཏམ།། འདི་ལས་བདག་གིས་སེམས་འདོར་རང་དབང་མེད་པར་ཡོང་དག་རབ་ཏུ་མྱོས་པར་འགྱུར།། སློབ་མས་སྨྲས་པ། ཀྱེ་མཁན་པོ་དེ་ལྟར་སེམས། ་གདུང་མི་འཚལ། མཁན་པོའི་མཐུ་སྟོབས་ནི་ས་གསུམ་ན་སུས་ཀྱང་འདའ་བར་མི་ནུསོ།། ཞེས་ཟེར་ནས་གཉིས་པོ་ཡོངསུ་ཞུག་སོ།། དྲང་སྲོང་གིས་ཕྱོགས་རྣམསུ་བལྟས་ཏེ། མཆི་མ་འཛག་ཅིང་། གལ་ཏེ་བུང་བའི་རིག་ཀྱི་ལུས་ནི་རྣམ་ཁེབས ་ཟླ་རྣམས་འབྲས་གྱུར་ནས།། གདུང་བའི་ཞུགས་ཤིང་ཚང་ཚིང་གིས་སྒྲིབས་པའི་ཁྲོན་པ་རྣམསུ་ལྷུང་བ་འམ།། ཡང་ན་ཟླ་དང་འཐབས་པས་དེའི་མི་བཟོད་བརྩི་ཞིང་རྒྱུག་པས་ལྷུང་།། ཡང་ན་བྱིས་པ་གཅིག་བུར་ངུ་འམ་བདག་ནི་ཤིན་ཏུ་གདུང ་བར་བྱེད།། ཐམས་ཅད་ཀྱི་མཉམ་དུ་ཐོས་ཤིང་མཐོང་ནཱས་རྟབ་རྟབ་པར་གྱུར་ནས། རིག་འཛིན་མེ་ནས། ཡབ་ཡིན་ནམ་ཇི་ལྟར་ཡིན་ཞེས་ཟེར་རོ།། པདྨ་ཅན་སྦྲང་གྲི་བུ་མོ་དག་ངོ་ཆེ་དང་བཅོས་བཞིན་དུ་བདག་ཅག་གི་ཇི་ལྟར་སྨྲས་གཡབ ་ཀྱི་ཐོས་སོ།། ཞེས་ཟེར་རོ།། པུདྨ་བཱ་ཏི་ནས་སྦྲང་ཤིང་ཚང་ཚིང་འདིའི་ཆང་དུ་ཞུགས་ན་ཡབ་ཀྱིས་མ་མཐོང་བ་ཕྱིར་ལོག་པ་སྲིད་དམ་སྙམ་ནས་ཞུགསོ།། རིག་འཛིན་མ་ནི་རྟ་བ་རྟབ་པོ་ཉེ་བ་ར་བཏུད་དེ་ཕྱག་བྱསོ།། དྲང་སྲོང་ནས། དགེ་བར ་གྱུར་ཅིག་ཟེར། བྲིས་སྐུ་དེ་མཐོང་ནས། བུ་མོ་རིན་ཆེན་ཕྲེང་བ་མ་འདི་ཅི་ཡིན་ཟེར། རིག་འཛིན་མ་ནཱི་སྐྲག་ནོས་བདག་ནི་ངེས་པར་འཇིགས་པས་ན་སྐུ་མི་ནུ་སོ།། ཡབ་ཉིད་ཀྱིས་ཏིངེ་འཛིན་གྱིས་དེ་བཞིན་དུ་མངོན་དུ་མཛོད་ཅིག་ཅེས་ཟེར་རོ།། ་དྲང་སྲོང་གིས་བསམ་གཏན་བསྒོམ་སོ།། རིག་འཛིན་མ་ནི་ཤིན་ཏུ་འཇིགས་པར་འགྱུར་ཏེ།། འདིར་ཡབ་ཀྱིས་ཅི་སྨྲ་འམ་སྙ་མོ།། དྲང་སྲོང་ནས་བུ་མོ་འཇིགས་དེས་ཆོག་གོ།། ཀྱེ་འདི་ལ་ཇི་ལྟ་བ་དེ་བཞིན་བདག་དབང་ཆེའོ་ཞེས་ཟེར་ཡང་ཐམས་ཅད ་དགའ་བ་དང་བཅས་པར་གྱུར་ཏོ།། བདག་ཅག་རྣམས་ཀྱིས་འདིས་དབུགས་ཕྱུང་ངོ་སྙ་མོ།། དྲང་སྲོང་ནས། སྔོན་ནས་འདིའི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་ནི་ཉེ་བར་ཐོས་ཏེ། མངོན་པར་འདོད་པ་འདི་ནི་མཆོག ་ཡིན་ནོ།། རིག་འཛིན་མ་ནས། ལེགས་ལྡན་གྱིས། བདག་ཅག་རྣམས་རྗེ་སུ་བཟུང་ངོ་།། སྦྲང་གིས་བུ་མོ་ནས། ཀྱེ་པདྨ་པ་ཏི། ཐེ་ཚོམ་ངེས་ཆོག་དོན་རྣམས་གྲུབ།། ཡིད་ཀྱི་ཤིང་རྟ་ལས་བྱུང་བའི།། ངེས་པར་དཀའ་ཐུབ་སྐྱེ་བོ་ཨི།། མངོན་པར ་འདོད་འབྲས་མེད་མི་འགྱུར།། དྲང་སྲོང་ནས། བདག་ཉིད་ཆེན་པོ་འདིར་འོངས་པ།། རྩེ་ཞིག་རི་མོ་ལས་ཐོབ་པའང་མཆོད་པར་འོས་པར་བྱའོ།། ཞེས་སྨྲ། རིག་འཛིན་མ་ནས་མེ་ཏོག་བླངས་ནས་ཕུལོ།། དྲང་སྲོང་གྲིས་དྲ་ལཾ་ཕུལ་ཏེ་ངེས་པར ་བལྟས་ཏེ། ཨེ་མ་མཁས་པ་ཞིག་གིས་བྲིསོ།། འདི་ལྟ་སྟེ། ཡང་དག་གནས་ཀྱིས་རབ་དབྱེ་འདུག་སྟངས་ལྷ་ཚུལ་དང་།། ཕྲ་སྦོམ་ཟུག་དང་མཐོ་དམན་རྩིགས་པའི་ཆ་རྣམས་དང་།། ཞི་བ་ཆགས་རྣམ་དག་མིག་ནི་རབ་ཏུ་གཡོ་བ་འདྲ། ཡ ་མཚན་རི་མོ་དག་ནི་ངེས་པར་སྨྲ་བ་བཞིན།། ཨེ་མ་བདག་ནི་ཡིད་ཀྱི་ཤིང་རྟ་རབ་ཏུ་དགའ་བར་ཚིགསོ།། འདི་ལྟ་སྟེ། བདག་ཉིད་ཆེན་པ་དེ་ཉིད་ནི།། ཡུལ་རྣམས་ལ་ནི་ཁ་ཕྱི་ཕྱོགས།། གང་གིས་དེ་ཕྱིར་གུས་པ་ཡིས།། འདི་ནི་ཇི་ལྟར་འབྱུང ་བར་འགྱུར།། བུ་མོ་རིན་ཆེན་ཕྲེང་བ་མ་ཡང་ཁྱོད་ཀྱི་གྲོགས་མོ་དགའ་མ་དག་གང་ན་ཡོད་ཤེས་སམ། རིག་འཛིན་མ་ནས། ལེགས་ལྡན་ཁྱོད་ཉིད་མཐོང་ནས་ཆང་ཚིང་གིས། རབ་དི་ཞུག་སོ།། དྲང་སྲོང་ནས། པདྨ་པཱ་ཏི་ཁྱོད་ཀྱིས་ཇི་ལྔ ་ཡང་བསླབས་སམ། བུ་པདྨ་ཅན་འདིར་ཤོག། པདྨ་ཅན་ནི་ངོ་ཚ་བས་འདར་ཞིང་། ཉེ་བར་ཕྱིན་ཏོ།། དྲང་སྲོང་གིས་པདྨ་ཅན་མཐོང་སྟེ། འཚེར་དོ་དེས་ཆོག་གོ།། ཡིད་ཆེས་སེམས་ནི་ཐེ་ཚོམ་མེད་པར་ལྟ་བྱེད་ཅིང་།། ལུས་ནི་རྣམ་པར་གཡོ་མེད་བརྟན ་ཞིང་བཀུར་འདོད་མེད།། བྱིས་པའི་བློ་གློས་ཇི་བཞིན་ཁྱོད་ཀྱིས་རབ་དགྲར་འགྱུར།། རང་བཞིན་གྱིས་མཛེས་ལྡན་མ་ཅིའི་ཕྱིར་འདི་ངོ་ཚ།། པདྨ་པཱ་ཏི་ནི་ཕྱག་འཚལོ།། དྲང་སྲོང་ནི་སྤྱི་བོ་ལཱ་ཉེ་བར་གཏུགས་ཏེ་མངོན་པར་འདོད་སླར་ཐོབ་པར་གྱུར། ་ཅིག་ཅེས་ཟེར། རིག་འཛིན་མ་གང་གི་སྐྱེ་བར་གནས་པས་ཀྱེ་དགའ་བའི་གྲོག་མོ་བྱེད་པ་པོ་ཡི་ནོ།། གཞན་དུ་ནི་ལེགས་ལྗོན་གྱི་དབྱངས་ཅིའི་ཕྱིར་འཇུག་པར་འགྱུར།། བདག་ཀྱང་དོན་འདི་ལ་དེ་བཞིན་དུ་མངོན་པར་ཆགསོ།། དྲང་སྲོང་སློབ་མ ་མ་བྲམ་ཟེ་ནས་ཀྱེ་མཁན་པོ་མྱུར་དུ་མཛོད།། རིག་བྱེད་ཀྱི་དུས་ཚོད་ལ་སོང་ངོ་།། དྲང་སྲོང་ནས། ཇི་ལྟར་ཉི་མ་གུང་གི་དུས་ལ་ཉེ་བར་འོང་ངམ། འོད་ལྟ་སྟེ། ད་ནི་རབ་ཤིང་གི་གྲིབ་མ་རྣམས་ལ་རིག་འཛིན་རྣམས་ཀྱང་བསྙེལ་བསོའི་མཐའ།། ་བིའི་བསིལ་གྲིབ་འོག་ཏུ་རི་དགས་རྣམས་ནི་སྐྱུག་ལྷུད་བྱེད་ཅིང་གནས་པ་དང་། གཙུགས་ཤིང་ཡུར་ཆུ་རྣམས་ཉལ་ཞིང་གནས་པ་དང་། བཙུགས་ཡུ་འགྲོ་མེད་རྩེ་མོ་རྣམས་ལ་ལྷའི་སྲེད་རྫས་རྣམས་ཀྱི་དུ་བ་ཡང་དག་འཁྲིགས།། དཔལ ་ལྡན་ཆགས་བྲལ་བསོད་ནམས་མཆོག་གི་མངོན་བརྗོད་པོ།། མ་ལུས་ས་སྟེངས་གྲགས་པས་འགྲོ་བ་གཅིག་ཉིད་རྒྱལ།། གང་ཞིག་ཟློས་གར་རང་དབང་ནོར་གྱི་རབ་དགའ་གར།། དཔལ་ལྡན་ཙནྡྲ་གོ་མིའི་སྙན་ངག་ལེན་ཞིང་གནས།། འདིར ་ཐམས་ཅད་ངེས་པར་ཞུགསོ།། ཡན་ལག་དང་པོ་རྫོགས་སོ།། ། དེ་ནས་སྔར་འཇུག་མཱ་རབ་ཏུ་ཞུགས་ཏེ།། འདིར་ནི་རྒྱལ་རིགས་ལྕིའི་འཇིག་རྟེན་འདྲ་བར་མཐོང་།། རི་མོའི་རིག་སའང་བྲག་མའི་ལྟད་མོ་འདི་བཞིན ་ན།། གལ་ཏེ་འདི་ནི་བདེན་པ་ཡིན་ནཱ་ཇི་ལྟར་འགྱུར།། དེ་ཅི་གཞན་དུ་སྔོན་མེད་མཐོང་བར་འགྱུར་ཞེས་ཟེར་ནས་ཡོང་སུ་བལྟ་ཞིང་ཞུགས་སོ།། རྒྱལ་ཕྲན་གྲོང་མཐའི་ཤིན་ཏུ་མཛེས་མ་རྣམས།། འདི་རྣམས་འདིར་ནི་དེ་བཞིན་རྣམ་པར་སྨྲས།། རྒྱུན ་གྱི་འོད་ཟེར་འདི་བཞིན་འཕྲོ་བ་ཡིས།། གྲོང་བར་རྣམས་ཁེངས་གོས་དམར་བྱེད་བཞི་ནོ།། དེ་ནས་ཇི་ལྟར་དགའ་བའི་གྲོགས་མོ་ལོ་མ་ཅན་གྱིས་མཐོང་ནས་ངེས་པར་བལྟས་ཤིང་འདིར་ལོ་མ་ཅན་དང་། དེ་བཞིན་དུ་གར་བྱེད་ཅིང་འོང་སོ།། དེ་ནས ་ཡོ་མ་ཅན་རབ་ཏུ་ཞུགས་ཏེ། ཀྵེ་ཀུན་ཏ་ཁྱོད་ཉོན་ཅིག་གསུངས།། འདི་བཞིན་དུ་བག་མའི་ལྷུང་མོ་ལཱ་བཏང་སྙོམསུ་བྱེད་པ་ཅི་ཡིན། ཀུན་ཏཱ་ལི་ཀ་ནས། ཀླེ་ཧཉྩེ་ལོ་མ་ཅན་ལྷ་མོས་ནི་བག་མ་ལྡུདུ་མོར་བྱས་མོད་ཀྱིས། འོན་ཀྱང་གཞོནུ་འདིར་སྐྲ ་འཇུག་གམ། དེ་ནས་བདག་གིསུཾ་ཡིད་ཕྱིར་མི་ལྡོག་པར་བྱེད་དོ།། ལོ་མ་ཅན་ནི། གང་གི་སྐྱེ་བོ་ལྕི་བའི་དཀའ།། ནམ་ཞོག་གཞོ་ནུས་འདའ་བྱེད་དཱམ།། རིན་ཆེན་འབྱུང་གནས་དུས་བསླབས་ཀྱིས།། ཙཱི་སྟེ་མཚམས་ལས་འདའ་འགྱུར་རམ།། ཀུནྡ ་ཏ་ནས། འདིར་ལྷ་མོ་ཉིད་ཚད་མའོ།། ལོ་མི་ཅན་ནས། གཞོནུ་གཉེན་གྱི་སྤྱོད་ཡུལ་དུ་འཇུག་པ་འདི་རྣམས་སོང་ངམ།། ཀུན་ཏས། མ་སོང་སྟེ་འདི་བཞིན་འཇུག་པ་གཞོ་ནུ་ལ་སྨྲ་བ་ནི་ལྷ་མོ་འོད་ཀྱི་བློ་གྲོས་མ་ནས། བདག་ལ་འཕགས་པ་གཽ ་ཏ་མའི་ཉེ་འཁོར་ལྟོས་ལ་འཕགས་པ་གཽ་ཏ་མ་ལ་སྨྲོས་ཤིག། དེ་ཡང་འདི་བཞིན་དུ་གྲོགས་པོས་བྱས་པ་ལ་ཆགས་པ་ཡིན་གྱིས་ཞེས་ཟེ་རོ།། ལོ་མ་ཅན་ནས། ཇི་ལྟར་མངོན་པར་འདོད་པའི་དོན་ཕུན་སུམ་ཚོགས་ཏེ། ཐམས་ཅད་ཀྱང་རང་གི་གར་རྩེ་བར ་བྱེད་ཅིང་གཉིས་པ་ཡང་གར་བྱེད་དོ།། ལོ་མ་ཅན་ངེས་པར་བལྟས་ནས། ཀྱེ་དེ་བཞིན་ཡིན་ན་འདིར་འཕགས་པ་གཽ་ཏ་མས་ལེགས་ལྡན་མའི་སྤྱོད་པའི་རྗེ་སུ་འགྲོ་ཞིང་དེ་བཞིན་དུ་འདིར་སླར་འོང་ངམ་ཟེར་ནས། དེ་ནས་ལྷ་མོ་འདི་བདག་ཅག་གིས་སླར ་འདིང་ངོ་།། ཞེས་དེ་དག་སོང་སྟེ་རབ་ཏུ་ཞུགསོ།། དེ་ནས་རྩེ་གྲོགས་བཞད་གད་པ་རབ་ཏུ་ཞུགསོ།། ནཱ་མཉམ་དགའ་བ་ཐུབ་པའི་སྐྱེ་བོའི་རྗེསུ་འཇུག་ཅིང་ཡང་དག་པར་སྤྱོད་པ་ལ་ལྷ་མི་འོད་ཀྱི་བློ་གྲོས་མའི་སྐྱེས་འདིའོ།། བདག་ཅག་གིས་སྙིང་ལ་ཟུག་རྔུར། ་གནས་ཏེ། དེའི་རི་མོ་བྲིས་པ་ལ་ཡང་བག་མིའི་ལྟད་མོ་འདི་སྨྲ་ཞིང་། བག་མའི་མཚན་ཉིད་དོ།། འདིར་བལྟས་ནས་སླར་ཡང་ཇི་ལྟར་འཇུག་པར་འགྱུར་བར་འགྱུར་བ་དེ་ལྟ་དེ་ལྟར་འདིར་ཡང་དེའི་བློ་རྣམ་པར་བྱ་སྟེ། གལ་ཏེ་འཇིག་རྟེན་ཕ་རོལ་ཏུ། བདག ་ཅག་འདས་པར་གྱུར་ན་ཡང་།། རིགས་རྒྱུད་རྣམ་པར་ཆད་གྱུར་ནས།། མཚུན་ལ་ཆུ་བིཀུན་རྣམ་པར་འཆད།། ཡང་ཇི་ལྟར་སྨྲ་ན། ཉམས་དགའ་བའི་བྱ་བ་འགྲུབ་པར་འགྱུར་སྙམ་ནས་ངེས་པར་བལྟས་ནོས། དེར་ན་མཉམ་དགའ་བའི་སྔ་འཇུག ་མནྟྲ་རབ་ཏུ་དགའ་བའི་སྐྱེད་མོས་ཚལ་ནས་མཐོན་བྱུང་ངོ་།། ཞིག་འདི་ལ་འདྲའི་སྙམ་སྟེ། ཀྱེ་མཉམ་ཛུ་ལ། ན་མཉམ་དགའ་བ་གང་ན་ཡོད།། ན་མཁའོ་ལ་ཁྱོད་ཅི་ཞིག་སྨྲ།། དེ་འདི་ན་རབ་ཏུ་དགའ་བའོ།། ཚལ་ན་ཞུག་སོ།། དེར་ཉེ་བར་འགྲོ་བར་བྱའོ་ཞེས ་རབ་ཏུ་ཞུགས་ནས་བལྟས་པ་བ་ན་གང་ཞིག་སྦྲང་རྩི་བྱེད་པའི་བཤོག་པའི་རླུང་གིས་རབ་ཏུ་བསྐྱེད་ནས་མེ་ཏོག་རྣམས་ནི་ཁ་བྱེ་ཟེ་འབྲུའི་རྡུལ་དུ་འཁྲིགས་ཤིང་གདོང་ན་བུང་བ་རྣམས་ནི་དྷཾ་སྒྲེགས་ཤིང་འཁོར་བས་འཁྲིག་སོ། ་ནཱན་མཉམ་དགའ་བ་མ་མཐོང་ནས།། ཨནྡྷ་ལཱས་འདྲ་ན་བཞུགས་ཟེར་ཏེ། གལ་ཏེ་གདུག་པ་ཅན་གྱི་རིག་འཛིན་མས་འདི་ནས་བརྐུས་ཏེ་ཁྱེར་བ་མ་ཡིན་ནམ། ཞོས་སྨྲས་པ་ན། རིག་འཛིན་མཱ་རབ་ཏུ་ཞུགས་ཏེ། མྱ་ངན་དང་བཅས་ནས། ཇི་སྐྱིད་བདག ་གིས་དགའ་བའི་གྲོགས་མོ་ལ། གཞོ་ནུའི་ཚུལ་འདི་ཉེ་བར་སྨྲས་གྱུར་པ།། དེ་ནས་དགའ་གྲགས་པདྨ་བཱ་ཏི་ལཱ།། མགོ་ལ་ཟུག་རྔུ་ཡང་དག་སྐྱེས་པར་གྱུར།། ལུས་ནི་ཉལ་བ་ཙམ་ཐོབ་པ་མ་ཡིན་པ་ཤིན་ཏུ་གདུང་བ་འཕེལ་བར་འགྱུར་ཏེ། གྲོགས་མོ ་སྐྱེ་བོ་ཡང་ཤིན་ཏུ་གདུང་བར་བྱེད་དོ།། སྐབས་དགའ་བའི་གྲོགས་མོ་སྤངས་ཏེ་འོངས་ཀྱ་མ་འོངས་པ་ཇི་ལྟ་བ་བཞིན་ནོ།། གཞོ་ནུའི་ཐུགས་ཀྱང་ཤིན་ཏུ་གདུང་བར་བྱསོ་སྙམ་ནས། ལྷ་ཞིང་གཞོ་ནུའི་ན་མཉམ་མཐུན་པ་དེ་བལྟས་ནས་རེ་ཞིག ་བོར་དུ་འདི་གང་འགྲོ་བཱལྟ་བུར་བྱའོ་སྙམ།། བཞད་གང་བས་བལྟས་ཏེ་འདྲ་ན་རེ་ཞིག་རྩེད་མའི་རིའི་སྟེང་ན་ཆུའི་འཁྲུལ་འཁོར་སྟེང་དུ་འབབ་ཅིང་རབ་ཏུ་དགའ་བ་དབའ་རློབས་ཛྷ་རཱིའི་སྒྲ་འབྱིན་པའི་སྟེང་ནཱ་ན་མཉམ་མཐུན་པ་བལྟ་བར་བྱའོ།། ཞེས ་སྟེང་དུ་ཕྱིན་གར་བྱེད་ཅིང་ཧཱི་ཧཱི་བྷཽ་ཞེས་སོ།། དེ་ནས་མྱ་ངན་མེད་པའི་ཚིལ་གྱི་རིན་ཆེན་རྡོ་ལེབ་ཡངས་པའི་སྟེང་ན་ཅུང་ཟད་སྨྲ་བར་བྱེད་ཅིང་བཞུགས་ནས་མཆིསོ།། ཉེ་ལོགསུ་ཕྱིན་ནོ།། རིག་འཛིན་མ་ནི་འདི་རེ་ཞིག་གཞོ་ནུ་དག་ཡང་ཆེསཽ་པའི་གཏམ ་གུང་ཡིན་པ་མཉམ་པར་བྱའོ་སྙ་མོ།། དེ་ནས་རབ་ཏུ་ཞུགས་པ་ན་འདྲེན་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ་།། ཤུགས་ནར་ཕྱུང་སྟེ། ཀྱེ་མ་འཇིག་རྟེན་རྣམས་ནི་ཡུལ་མངོན་པར་ཞེན་པར་འགྱུར་ཏེ། གང་དེས་ཕྱིན་ཅིང་འགྲོ་བ་གང་ཞིག་ལ་བརྒྱུར ་སྐྱེས་གྱུར་པ།། བདྲེ་བ་གད་དེ་ལན་ཅིག་མ་ཡིན་མངོན་དུ་མ་གྱུར་མེད།། དཔལ་མོ་གང་དྲི་མཛེས་པའི་རྔ་མ་གཡོ་ཞིང་རྒོད་པ་ལྟར།། གང་ཞིག་མ་ཐོབ་མེད་ཅིང་སླར་ཡང་དེ་བཞིན་ཆགས།། བཞད་གོང་ཉེ་བྱར་གཉེན་ཏེ་ཁྱོད་ཀྱི་བདེ་ལྕོགས ་འཕེལ་བར་གྱུར་ཅིག། འདྲེན་པ་ནི་དེ་བཞིན་དུ་ཤོ་ལོ་ཀ་དཾ་ནི་ཀློག་པར་བྱེད་དོ།། རིག་མ་ནི་ཎཱ་བརྡུངས་ཞིང་གྲོགས་དགྲའ་མ་ལ་མཚུན་པའི་ཆུ་འབྱིན་ནོ་ཞེས་སོ།། བཞད་གྲང་པ་ནས། ཀྱེ་བྲམ་ཟེ་ཤིས་པ་བརྗོད་པའི་ལན་སྐྱོང་བཱ་ར་མཛོད ་ཟེར། འདྲེན་པ་ནི་ཇི་ལྟར་གཽ་ཏ་མྲ་འམ། ནཱ་མཉམ་བདེ་བར་འགྱུར་ཏཱ་མ། འདིར་བཞུགས་ཤིག། བཞད་གད་པས་རང་ཉིད་བསམས་ཏེ། ཇི་ལྟར་དུ་ཡོང་ན་མཉམ་མཐུན་པ་ཅི་ཟེར་ཞིང་བརྟགས་པ་ན་ཤིན་ཏུ་ལྕི་ཞིང་དེ་ཡང་དག་པར་མཱི་དགའོ།། དེ ་ནས་རེ་ཞིག། འདི་ལྟར་ལྷ་མོའི་སྐྱེས་སྨྲ་བའི་སྐབས་མ་རྙེད་དོ།། འདི་བཞིན་རེ་ཞིག་སྨྲའོ། སྙམ་ནས་གསལ་བར། ཀྱེ་ན་མཉམ་དགའ་བ་གཟིགས་གཟིགས། འདི་ལྟར་ཐབ་ཤིང་ལྗོན་པའི་དྲ་བའི།། བུ་ག་ལུས་པདྨའི་འདབ་མར་ནི།། སྦྲང་རྩིས་མྱོས་པའི། ་ཤུང་བ་གླུ་ལེན་ཅིང་།། པདྨའི་སྟེང་ནི་ཆུ་རྒྱུན་རབ་ཏུ་འབབ།། རིག་འཛིན་མ་ནི་ལེག་སོ།། གཽ་ཏ་མ་ལེག་སོ།། བདག་ཅག་ལ་རྗེ་སུ་བརྩེ་བར་མཛད་དོ་སྙ་མོ།། འདྲེན་པ་ནས། ན་མཉམ་འདིར་ཅི་ཞིག་ལྟ།། ཀུན་ཀྱང་བྱེ་ཞིང་རྒྱས་ལྡན་པ།། ཀོ་སར་ངེས་པར ་ལྟུང་བ་ཡིས།། འགྲོ་རྣམས་གནས་ཤིང་མི་རྟག་པ། ཇི་ལྟར་འདི་གསལ་པོ་སྨྲས།། རིག་འཛིན་མ་ནི་ཇི་ལྟར་གསུང་བ་ཐོས་ནས་བདག་ཉིད་ཤིན་ཏུ་གདུང་བར་བྱེད་དོ།། བཞད་གདབས་རང་ཉིད་བསམས་ཏེ་གཞན་ག ་ཡིན་སྨྲའོ་སྙམ་སྟེ། རབ་ཏུ་གསལ་བར་ཀྱེ་གཞན་ཡང་འདི་ལྟ་སྟེ། སྦྲང་རྩི་བསྟན་ཞིང་མྲིའི་འཁྲུལ་འཁོར་རབ་གཡོ་ལས།། ཆུ་འཛིན་ལྷོ་ནས་རྒྱུ་རྒྱུན་དབུསུ་རྣམ་འབབ་པ།། མཐོང་ནས་རྨ་བྱ་མདོངས་རྣམས་རབ་བརྐྱང་གར་བྱེད་པ།། ན་མཉམ ་དགའ་བ་ཆུ་རྒྱུན་དྲོ་ཤལ་རྣམས་ལ་གཟིགས།། འདྲེན་པ་ནས། ན་མཉམ་ཆུ་རྒྱུན་ཁང་པ་འདི་ཉིད་གཅིག་པུ་འམ། མངོན་འཛིན་དངོས་པོའི་རྒྱུན་རྣམས་ནི།། སྐད་ཅིག་སྐད་ཅིག་མངོན་པར་འཇིག། གླུ་བྱེད་རྒྱུ་ནི་གྱི་ཁ་ངོ་པ་བཞིན།། འགྲོ་བ ་ཐམདེ་དེ་བཞིན་འཇུག། རིག་འཛིན་མ་ནི་སྙིང་བརྟན་པར་བྱའོ།། གཞན་ཡང་མཉམ་པར་བྱའོ་སྙམོ།། བཞད་གད་པ་བདག་གི་གནས་ལ་རྣམ་པར་བསམས་ཏེ། གདུང་བས་སྲེག་པའི་མྱ་ངན་གྲོལ་ནུབ་རྣམས།། བླངས་ཏེ་གང་དང་གང ་ནི་འདིར་སྨྲས་ཀྱང་།། སྦྱིན་སྲེག་མར་རྒྱུན་འབ་བཱ་བཞིན་དེ་དང་དེ།། ལྷག་པར་ཤིན་ཏུ་ཡོངསུ་འབར་བར་བྱེད།། དེ་བས་འདིར་དགོན་པ་སྟོང་པརཱ་དུ་བར་བྱའོ་སྙམོ།། དེ་ནས་མངག་འཇུག་མ་རབ་ཏུ་ཞུགས་ནས། ལྷ་མོ་འོད་ཀྱི་བློ་གྲོས་མས། ་བདག་ལ་བཀའ་བསྒོས་ཏེ་བག་མའི་བཀྲ་ཤིས་ཀྱི་དྲ་བ་འདི་གཞོ་ནུ་ལ་ཁྱེར་ཏེ་འོངསོ།། གཞོནུ་ནི་དེ་ནས་ཡོངསུ་འཆག་ཅིང་མཆི་སོ།། དྲུང་དུ་ཕྱིན་ཏེ་ཉེ་བོར་བཏུད་ནས་ཕྱག་བྱས་ཏེ་གཞོནུ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག། ལྷ་མོའི ་བཀས་བཀྲ་ཤྲཱིས་ཀྱི་དྲ་བ་འདི་བློ་དང་ལྡན་པ་ཁྱོད་ཀྱིསྣ་ངེས་པར་བྱིན་ཅིག་ཅེས་སོ།། རིག་འཛིན་མ་ནི་མི་བཟོད་པར་གྱུར་ཏེ། ཨ་ཨེ་འདིར་གང་བག་མར་བྱས་སམ་སྣ་མོ།། དེ་བཞད་གང་བས་བཟུང་སྟེ། ཡོང་སུ་གཡོག་སོ།། མངག་འཇུག་ས ་ཤིན་ཏུ་དགའ་སྟེ། ཨེ་མ་ལྷ་མོ་མངོན་པར་འདོང་པོ་ཡིད་ཀྱི་ཤྲཱིང་ནི་ཤིན་ཏུ་ཡང་། དེ་སོ་ཟེར་ནས། ཡོངསུ་ཞུགས་ནས་སོང་ངོ་།། དྲེན་པ་ནས། ན་མཉམ་སྐབས་མེད་འདི་བཞིན་བཀྲ་ཤིས་ཀྱི་དྷ་བཱ་བསྒྱུར་བ་ཅི་ཞིག། བཞད་གདྲ་བ་ན་དེ་སེམ་མོ།། ་འདྲེན་བྱས་ཡད་དྲིས་བྱ་ན། བཞད་གླད་པ་ནས། བདག་གི་ཚིག་གང་ཞིག་ཡལ་པར་མི་འདོར་ན་སྨྲའོ།། འདྲེན་པ་ནས། ན་མེཉམ་སྒྲོས་དང་། བཞད་གད་བ་ནས། ཁྱོད་ཡོངསུ་ལྡན་པའོ།། རིག་འཛིན་མ་ནི་སྡུག་བསྔལ་ཏེ། ཨེ་མ་དཔའ ་བའི་གྲོགས་མོའི་ཁྲུས་རྫོགས་པ་ནི། ཇི་ལྟར་མཐོང་སྙམ་མོ།། འདྲེན་པས།། དེ་དག་གིས་སེམས་ལ་བལྟས་ནས། ཅི་སྐྱེ་བདག་ཡོངསུ་ལེནྡ་པ་ཡིན་ནུམ། གཞད་གོད་པས། ཤིན་ཏུའོ།། འདྲེན་པ་ནས། འདི་བཞིན་བྱིད་པ་ཇི་ལྟར། བཞད་གང ་བ་ནས། འདི་བཀྲ་ཤྲཱིས་དྲཝ་བ་ལ་དྲིས། འདྲེན་པ་ནས། ན་མཉམ་ཡོངསུ་ལེན་པ་ཞེས་བྱ་བ་ནི་སྤྲིན་མེད་པའི་ནད་ཡི་ནོ།། འདི་ལྟ་སྟེ། གཏི་མུག་སྐྱེ་མརྙེ་འཛིན་བཞི་བ་འཐོར་ཞིང་ཕྱིར་ལོག་སྒྲུབ་པར་བྱེད།། རྣམ་གཡོའི་ཡིད་འོང་མྱོས་པའི་གནས ་དང་བསམ་གཏན་གྱིས་ནི་གདུག་པའི་དགྲ། སྡུག་བསྔལ་འབྱུང་གནས་བདེ་བ་འཇོམས་བྱེད་སྡིག་པའི་རང་བཞིན་གནས་ཡིན་ཏེ། ཡོངས་འཛིན་གདོན་བཞིན་བློ་ལྡན་རྣམས་ཀྱང་ཉོན་མོངས་དང་ནི་ཉམས་པར་བྱེད།། རིགས་འཛིན་མ་ནི ་ཞིང་གཞན་ཅི་ཞིག་ལྟ་སྟ་མོ།། འདྲེན་པ་ནས་གཞན་ཡང་ན་མཉམ། ཡོངསུ་འཛིན་པ་བྱས་གྱུར་ཀྱང་།། བདག་ནི་ནགསུ་འགྲོ་བར་བྱེད།། དེ་ན་སྐྱེ་བོ་གཞན་རྣམས་ཀྱང་།། ཡོངསུ་སྡུག་བསྔལ་ཅི་ཞིག་བྱ།། རིག་འཛིན་ནི ་དགའ་བའི་གྲོགས་མོ་གཞོ་ནུའི་རྗེ་སུ་འདི་བཞིན་འཇུག་ན། ལེ་གསོ་སྙ་མོ།། བཞད་གད་པ་ནས། ཀྱོ་ཇི་ལྟར་འདི་བཞིན་དེར་ནི་འཇིགས་བཅས་འབབ།། མི་དབང་གཙུག་ནི་འོད་ཟེར་རབ་ཏུ་འཕྲོ་བ་ཡིས།། ཞབས་ལ་བཏུད་དང་རྒྱལ་པོའི་ཕུན་ཚེག ་ཡོངས་སྤངས་ནས།། ཁྱོད་ནི་ནགས་དང་གནས་པ་ཅིའི་ཕྱིར།། རབ་ཏུ་བསྔགས། འདྲེན་པ་ནས་རབ་ཏུ་བསྔགས་པའི་གནས་ལས་གཞན་གང་ཞིག་ཀྱང་མཆིས་སམ། གཟིགས་མཛོད། ཇི་ལྟར་དེར་ན་དགའ་འགྱུར་རབ་དགའི་ས་གཞི་རྣམས ་དང་ནི།། མཐོ་རིས་གངྒཱ་རྣམས་ཀྱི་བསྐྱེད་པས་བྱངས་གོར་མའི་སྟེང་།། གང་ཞིག་དགའ་ཞིང་དགའ་བའི་རི་དགས་ཚོགས་རྣམས་བསྙེན་བཀུར་ཅིང་། གྲོགས་དེས་ནགས་ཀྱི་ནང་དུ་གནས་གྱུར་པ་ནི་སྐལ་པ་བཟང་།། གཞན་ཡང་ན་མཉམ།། ་སྦྱོང་པའི་བྲག་རི་སྐྱེ་བོས་དབེན་ཞིང་ཕུན་སུམ་ཚོགས་པའི་གནས་བཟུང་ན།། ཕྱག་ཡཱ་རི་དགས་རྣམས་ཀྱི་སྤྱོད་ཡུལ་ནགས་ཀྱི་རི་མོས་ཡོངསུ་བསྐོར།། སོ་གྲྀའིའུ་དུས་ན་བུང་བ་རྣམས་ནི་རྔ་སྒྲ་སྙན་པར་རབ་སྒྲོགས་ཤིང་།། ལམ་ཞུགས་ཉོན ་མོངས་མེ་ཡང་བདོག་ཅག་རྣམས་ལ་འབྱུང་མི་འགྱུར་ཞེས་སྒྲོགས། རིག་འཛིན་མ་ནི་ཀྱེ་མེ་ཤིན་ཏུ་ལྕི་མོ་ཞོག་སྨྲས་མཉམ་མོ།། བཞད་གང་པ་ནས། ཀྱེ་སྙིང་རྗེ་མེད་པ་ཇི་ལྟ་བུ་གཉེན་མཐུན་གྱི་སྐྱེ་བོ་རྣམས་ལ་མཉེས་གཤིན་པའང་ཁྱོད ་ལ་མི་འདུག་གོ།། འདྲེན་པ་ནས། འཇིག་རྟེན་གྱི་གཉེན་ལྔ་དེ་བཞིན་དུ་མཉེས་གཤིན་པ་ནི་འདྲི་ལྟ་སྟེ། འཇིག་རྟེན་ཐམས་ཅད་མར་མེ་བཞིན།། སྐད་ཅིག་སྐད་ཅིག་གིས་སྐྱེ་ལྡིང་།། སྙུན་ཆགས་དབང་གི་འཇིག་ཅིང་འཁོར།། སྐྱེ་བ་མེད་དྲུག་མྱ་དྲན་འད ་གཞན་ཡོད་ན་མཉམ་མཉེས་གཤིན་པའི་རྩ་བར་མི་ཤེས་པ་ལས་ཏེ། ཤེས་རྡུལ་གྱིས་གཡོགས་གྱུར་པའི།། སྣརོན་ལས་ས་བོན་མ་ཟད་ལས།། སྲེད་པའི་རྒྱུ་ཡིས་དབང་སྒྱུར་ནས། སྐྱེ་བའི་མྱུ་གུ་སྐྱེ་བར་འགྱུརརོ།། རིག་འཛིན་མ་ནོ། ་བར་དུལ་བ་འདིདྲི་འདྲ་བ་ནི། ཐུབ་པའི་སྐྱེ་བོ་ལ་ཡང་ག་ལ་སྣ་མོ།། བཤད་གང་བ་ནས། གང་ཡང་འདིར་རེ་ཞིག་འཇིག་རྟེན་པོའི་ཆོས་ཀྱི་རྗེ་སུ་ཡང་འཇུག་པར་ཡང་མཛོད་ཅིག་འདྲེན་པ་ནས། འཇིག་རྟེན་གྱི་ཆོས་ཡང་གང་ཡང་ཡིན། བཞད་གང ་བནས། ཡུལ་གྱི་རྗེསུ་མངོན་པར་དགོའ་བོ།། འདྲེན་པ་ནས། ཡུལ་གྱིས་ཆོ་ག་ཚོགས་གཟིགས་མཛོད།། ཡུལ་ནི་དུག་བཞིན་ཐོས་ཙམ་ཉིད་མངར་ལྡན་ཞིང་།། རྣམ་པར་སྨིན་པ་རབ་ཏུ་ཚ་བ་དུག་བཞིན་ཡུལ།། ཡུལ་ནི་དུག་བཞིན་བསྲུང ་བར་མ་ནུས་རཱ་བ་གཡོའི་ཤུགས།། ཤིན་ཏུ་རྨོངས་བྱེད་མུན་པ་སྟུག་པོ་དུག་བཞིན་ཡུལ།། ཡང་ན་འདོད་པའི་དུག་ནི་གཞལ་ཞིང་བརྟགས་གྱུར་ན།། རང་བཞིན་མི་མཚུངས་ཡུལ་ལས་དུག་ནི་མཆོག་ཡིན་ཏེ།། དུག་གིས་སྐྱེ་བ་གཅིག་ཉིད་དུ ་ནི་རབ་འགྲོ་ཞིང་།། སྐྱེ་བ་དཔག་མེད་དུ་ཡང་ཡུལ་དུགོ་རབ་ཏུ་འགྲོ། བཞད་གད་པ་ནས། ཀྱེ་རེ་ཞིག་པུའི་གདོབོ་ཡོངས་མཛོད་དང་དེ་ནས་ནགསུ་ལྷན་ཅིག་ཏུ་འགྲོ་བར་བྱའོ།། འདྲེན་པ་ནས། འདི་ནི་མ་རྙེད་དོ།། དཔེར་ན་བྱ་བ་འདི་ནི་སྤོང་དུ་དི་རིང་ཕྱིན་པས ་ཤོལ་བྱེད་པ།། དེ་འདིར་སྐད་ཅིག་ཡུད་ཙམ་འདས་གྱུར་སྐྱེ་བོ་རྟོག་བྱེད་དེ།། མི་བཟང་གཤིན་རྗེ་ཁྲོས་པ་རྒོད་ཅིང་ཡོངསུ་རྟོག་པའི།། ཟུར་གྱིས་བལྟ་བས་བེ་ཅོན་མདྲངས་ཀྱང་རབ་ཏུ་དམར་བར་བྱེད།། རིག་འཛིན་མ་ནི། ་ངུ་ཞིང་ཀྱེ་མ་གྲོགས་མོ་དགའ་མོ། བདག་གིས་འདི་བཞིན་དུ་འཇིག་རྟེན་ཕ་རོལ་ཏུ་ཡང་ཁྱོད་ཀྱི་སྔོན་དུ་འགྲོ་ཞིང་ལམ་བསྟན་པར་བྱའོ་ཞེས་རང་ཉིད་སྨྲའོ།། བཞད་ག་པ་ངུ་ཞིང་། ཀྱེ་འཁོར་གྱི་སྐྱེ་བོ་ཐམས་ཅད་སྤོང་བ་ནི་སྙིང་རྗེ་བ་ཡང་མེད་དམ ་འདྲེན་པ་ནས། བདག་གི་རང་གི་ལུས་ཀྱང་ཡོངསུ་གཏོང་བར་བྱེད་དོ།། བཞད་གད་པ་ནོས་ཅིའི་ཕྱིར་སྟོང་།། འདྲེན་པ་ནས། གཞན་གྱི་དོན་དུའོ།། བཞད་གད་བ་ནས། དེ་ཁྱོད་བདག་གིས་བྱ་བ་བཏང་ནས། ཅི་སྟེ་གཞན་གྱི་བྱ་བ་ལ་བདག་ཉིད ་ལ་སྡུག་བསྔལ་བྱེད།། འདྲེན་པ་ནས། དམན་པ་བདག་ཉིད་མོ་ཤེས་པ་དུད་འགྲོ་རྣམས་ཀྱང་གནས་དང་ཟས་སྐོམ་རང་འབྱུང་སྤྱོད་ཅིང་རྙེད་པར་སླ།། གང་ཞིག་འདོད་རྙེད་ཤིན་ཏུ་སྐོམ་ཚེ་ཆུ་རྣམས་ཀྱང་ནི་འཐུང་བར་བྱེད།། གང་ཞིག ་གཞན་ཕྲན་དྲིན་དུ་བརྩོན་བྱེད་སྐྱེས་བུ་དེ་ཡི་ནི། རང་གི་གཟི་བརྗིད་ཀྱིས་ནི་བདེ་བྱེད་འདི་ནི་སྐྱེས་བུ་ཆེན་པོའོ།། རིག་འཛིན་མ་ནི་སྙིང་གི་དབུགས་ཕྱུང་ངོ་།། སྙམ་ནས་སྐབས་རྙེད་དེ་སྲོད་ཐག་རན་གྱི་བཅིངས་པའི་མཆིད་གྲོལོ་སྙམོ།། བཞད་གང ་པ་ནས། ཀྱེ་ཅིའི་ཕྱིར་དུ་ཁྱོད་གཞོན་དོན་སྒྲུབ་པར་བྱེད། འདྲེན་པ་ནས། གཞན་དོན་གྱི་རི་མོ་མངོན་པར་མི་ཤེས་པ་གཟིགས་མཛོད། གང་ཞིག་པལ་མེད་རྟ་མགྱོགས་ཀྱིས་བགྲོད་ཉི་མས་སྣང་བར་བྱེད།། གང་ཞིག་ཁུར་གྲངས་མེད་པར་ནོར ་སྟན་རྟག་ཏུ་འཇིག་རྟེན་འཛིན།། དེ་ནི་ནམ་ཡང་རང་དོན་མ་ཡིན་དེའི་རང་བཞིན་ཉིད།། ཆེན་པོ་གང་རྣམས་འཇིག་རྟེན་པན་དང་བདེ་བའི་རོ་གཅིག་རོ་དང་ལྡན།། བཞད་གླང་པ་ནས། ཀྱེ་དེ་བཞིན་དུ་ཁྱོད་ནི་བདག་གི་མ་ཡིན་པ་བྲམ་ཟེའི་དོན་དམ་གཞན་གྱི ་དོན་ལྷག་པ་ཞིག་ཡོད་དོ་སྙ་མོ།། འདྲེན་པ་ནས་སྙིང་རྗེ་ཡུན་རིང་དུ་མ་རེག་པ་ཡི་ནོ།། བདག་མཚོན་སྐྱེ་བོ་ནང་དུ་གདུང་བས་བསྲེག་ལྡན་པ།། གཉེན་བཤེས་འཇིག་རྟེན་སྡུག་བསྔལ་གནས་པ་ཅིའི་ཕྱིར་བདེ།། འཇིག་རྟེམཀུན་གྱི་སྡུག་བསྔལ ་བདག་གི་ལུས་ཀྱི་ཁུར།། དམ་པ་མནར་མེད་གནས་པ་ཡང་ནཱི་སྤྲོ་བར་བྱེད།། རིག་འཛིན་མ་ནི་མངོན་འདོད་ཀྱི་སྐབས་རྙེད་དོ་སྙམ།། བཞད་གད་པ་ནས། ཀྱེ་འཇིག་རྟེན་ཐམས་ཅིང་དེ་བཞིན་དུ་ཁྱོད་ཀྱི་གཉེན་ཡིན་ནམ། འདྲེན་པ་ནས། ནི་མཉ་མེ་དེ ་བཞིན་ཏེ་གང་གི་མངལ་དུ་དང་པོ་བཅིངས་ཤིང་གནས།། གང་གི་པང་དུ་བག་མའི་ཚ་ཞིང་བརྩེས།། གང་ཞིག་རྣམ་བྲལ་མཚན་རིངས་མྱ་ངན་བྱས།། འཇིག་རྟེན་འདི་རྣམས་སྔོན་ནས་གཉེན་བཤོས་ཚོགས།། རིག་འཛིན་མ་ནི། ཀྱེ་མ་འདིའི་ཐུག ་ཤིན་ཏུ་རྒྱ་ཆེའོ་སྙ་མོ།། བཞེད་གང་པ་ནས། གཉེན་འདུན་འཇིག་རྟེན་རྣམས་ཀྱི་དོན་མཛད་པ་ལ་དེ་ལས་ཅིའི་ཕྱིར་རིང་དུ་སྡོད་པར་བྱུད་ཅེས་ཟོར།། རིག་འཛིན་མ་ནི་དཱ་ལེགས་པར་སྨྲསོ་སྙམ་མོ།། འདྲེན་པ་ནི་ཤུགས་ནཱ་ར་ཞེས་ཕྱུང་ནས་དྲོན་འདོད་བའི ་སྐྱེ་བོ་ཤིན་ཏུ་རྙེད་པར་དཀའོ།། བཞད་གད་བ་ནས། དོན་བྱེ་བར་སྨྲ་བ་ནི་གང་། འདྲེན་པ་ནས། ལུས་ལ་སོགས་པ་ཅུང་ཟད་སློང་བའོ།། བཞད་གད་པ་ནས། དོན་བྱ་བའི་སྐྱེ་བོ་རྣམས་ཀྱི་ནང་ནས་ལྷག་པར་ཆེ་བ་གང་ཡིན། རིག་འཛིན་མ་ནི། ལེགས ་པར་དྲིས་སོ་སྙ་མོ།། འདྲེན་པ་ནས། གང་ཞིག་སྡུག་བསྔལ་གྱིས་མནར་བའི།། སྐྱབས་གན་སོ།། རིག་འཛིན་མ་ནི་ཤིན་ཏུ་དགའ་ནས་འདིར་མངོན་པར་འདོད་པའི་སྐབས་རྙེད་དོ་སྙམ་ནས། འཚེར་བཞིན་དུ་ཉེ་བཱར་བཏུདེ། ཕྱག ་འཚལ་ནས། དུ་བཞིན་དུ་བདག་ནི་ཤིན་ཏུ་མནར་བར་གྱུར་པས། སྐྱིབས་གནས།། མཐུ་ཆེན་པོ་བདག་ནི་སྐལ་བ་དམན་ཏེ་རྗེ་སུ་བརྩེ་བར་མཛོད་ཅིག། འདྲེན་པ་ནི་ཤིན་ཏུ་མཉེས་ཏེ་གཟིགས་ནས། བཟང་མོ་མ་འཇིགས་ཤིག་བདག་ནོ་འཇིག ་རྟེན་ཀུན་གྱི་གཉེན་དུ་གནས།། འགྲོ་རྣམས་དོན་གྲུབ་མཚན་དུ་ཉེ་བར་བཅིངས།། མ་འཇིགས་མ་འཇིགས་མི་དཀར་མིག་ཅན་མ།། དེ་རིང་ཅི་སྒྲུབས་བདག་ལ་མྱུར་དུ་སྨོས།། བཞད་གད་པ་ནི་ཡ་མཚན་དུ་གྱུར་ནས། ཨེ་མ་གཟུགས་བཟངས་རབ་ཏུ།། ་མཛེས་པ་བརྐྱང་བ་འདྀ་ག་ལས་ཡིན་སྙ་མོ།། འདྲེན་པ་ནས། དོན་གང་བྱ་བ་སྨྲོས་ཤིག། རིག་འཛིན་མ་ནི་མགོ་སྟོང་དེ་ཆགས་པས་བསྟན་ནས་མཐུ་ཆེན་པོ་ཁྱོད་ཀྱི་ལུས་སོ།། བཞད་གད་པ་ནི་མི་བཟོད་ཅིང་དགའ་ནས། འདི་ནི་ཇི་ལྟར་གདུག་པ་ཅན་གྱི ་རིག་འཛིན་མཱ་ལྟ་བུའོ།། དེ་རེ་ཞིག་སྒྲར་ཆུག་སྙམ་མོ།། གསལ་པོར་སྨོས་པ། ཀྱེ་ན་མཉམ་པར་ཟུར་པར་ཟུར། འདི་ནི་གདུགས་པ་ཅན་གྱི་སྲིང་མོ་ཏི། འདི་ན་མཉམ་དགའ་བ་ལུས་སློང་བར་བྱེད་དོ།། སྙམ་མོ། རིག་མ་འཇིགས་ནས། བདག་ཉིད་བསམ ་པཇི་ལྟར་འདིས་བདག་གཞན་དུ་ཤེས་ཏེ། བདག་གི་གྲོགས་མོ་དགའ་མའི་དོན་ཤིན་ཏུ་འགྲུབ་པ་ལྷ་མ་འགའ་ཞིག་གི་གཞན་དུ་བཅོས་སོ་སྙམ་མོ།། འདྲེན་མ་མཉེས་ནས་ལུས་རབ་ཏུ་སློང་བ་སྲིང་མོ་དེ་སྲིད་ནས་སྤོབས་པ་ཅན་གྱི་སྐྱེ་བོ་སློངས་མོ ་བདག་གིས་མཐོང་ངོ་སྙམོ།། བཞང་གང་པ་ནི།། དབྱུག་པའི་ཤིང་ཕྱར་ཏེ་ཕར་སོང་པར་སོང་སྲིང་མོ་གདུག་པ་ཅན་གྱི་སྐེ་བོ་སློངས་མོ་པ་བདག་གིས་མཐོང་ངོ་སྙམ་མོ་ན་སྙམ་དགའ་བ་ས་ཆེན་པོའི་དཀྱིལ་འཁོར་ཐམས་ཅད་ལས་ལྷག་པའི ་རྒྱལ་སྲིད་ཀྱི་འཁུར་བར་ནུས་པའི་ལུས་སློང་བྱེད་དམ་ཞེས་སྨྲ། འདྲེན་པ་ནས། ཇི་ལྟར་སྐོང་ཁྲིའི་སྐྱེ་བོ་སུན་འབྱིན་པར་བྱེད་ཅེས་བཞད་གད་པ་རྒྱབ་ཏུ་བྱས་ནས་ཤིན་ཏུ་དགའ་ནས་བཟང་མོ་བདག་གི་ལུས་སློང་བར་བྱེད་པ་དེ་དེ་བཞིན ་བདེན་ནམ། རིག་འཛི་ནི་མ་ནས། མཐུ་ཆེན་པོ་གཞན་དུ་ནུས་ཤིང་སླུ་བ་མ་ཡིན་ནོ།། ཁྱེད་ཀྱི་ལུས་མཐོང་བ་ཙོམ་གྱིས་ཀྱང་གང་གི་གདུང་བ་ཐམས་ཅད་ཉེ་བར་ཞི་བར་མཛད་ན། དེ་ཡིས་བདག་ལ་གནས་པར་མཛོད་ཅིག། འདྲེན་པ་ནི་མི ་དགའ་བར་འགྱུར་ཏེ། སྤོབས་ཆེན་གང་ལྔས་གནོད་བྱེད་འདིར།། རེ་ཞིག་བདག་གི་སྐལ་པ་མིན།། མངོན་འདོད་བདག་གིས་བསྒྲུབ་བྱ་བ།། དེ་ལྟ་ན་ཡང་ཅི་ཞིག་སྨོས།། རིག་འཛིན་མ་ངུ་ཞིང་། བདག་གི་ཡིད་བཅུགས་གྲོགས་མོ་ནི།། མགོ་པ ་ཟུག་རྔུ་དང་ལྡན་སྟེ། དེའི་མཐུ་ཆེན་པོ་ཁྱོད་ཀྱི་མཐོང་བ་ལས་གཏོང་སྟེ། ཉེ་བར་ཞི་བ་གཞན་མེད་དོ།། བཞད་གད་པ་ཤིན་ཏུ་འཇིགས་ནས། ཀྱེ་འདི་ནི་སྒྱུ་མ་སྤྲུལ་ནས་གཞན་དུ་སྨྲ་བརླ་བྱེད་དེ། གཞན་དུ་དེ་བཞིན་འདི་ཡིས་འཆོས་ཤིང་སྟོན་པར་བྱེད ་དོའདྲེན་པ་ནི། དེའི་གཏམ་ཡང་མི་ཉན་པར་ཁྱོད་ཀྱི་ཡིད་བཅུགས་གྲོགས་མོ་གང་ན་གནས། རིག་འཛིན་མ་ནས། འདི་ནི་དེ་བཞིན་དུ་རི་བོ་གངས་ལྡན་གྱི་རྩེ་མོ་ལ་གནས།། རོལ་པོའི་རི་བོའི་ཞོལ་ཉིད་དུ།། བོས་ནས་དེར་བདག་རེ་ཞིག་འགྲོའོ།། རིག་འཛིན ་མ་ནས། ཅི་སྟེ་མཐུ་ཆེན་པོ་འཁོར་དང་བཅས་པ་ན་མཁའ་ལ་འགྲོ་ཞིང་འདྲེན་པ་རྙེད་པར་དཀའ་བ་ཅི་ཡང་མ་མཆིསོ་ཞེས་གཉིས་པོ་གར་བྱེད་ཅིང་ན་མཁའ་ལ་སོང་ངོ་།། བཞད་གད་པ་ནས། ཁྱེད་ཅག་རབ་ཏུ་ཞུགས་ཏེ། བདག ་བྲམ་ཟེ་ནི་སླར་ཡང་དྲི་མ་བསྐུལ་པ་བཞིན་དུ་ཡོངསུ་སྤངསོ་ཞེས་སྨྲ། འདྲེན་པ་ནས། ན་མཉམ་ཁྱོད་རང་ཡང་ལོང་མཛོད། བཞད་གད་པ་བདག་ཉིད་འཇིགས་པར་མཐོང་ནས་རིག་འཛིན་མ་འཛུམ་ཞིང་བཞད་གང་བའི་ལག་པ་ནས་བཟུང་ནས ་ཡོངསུ་ཞུགསོ།། འདྲེན་མ་ནི་ཡ་མཚན་ཆེ་ནས་གྲོགས་པོ་ལྟོས་ལྟོས།། ཉི་མའི་གཟུགས་ནི་དེས་ལྷུང་རྣམ་པར་འཇུག་པ་བཞིན།། ས་ཆེན་རི་བོ་དང་བཅས་འོག་ཏུ་འགྲོ་བ་ལྟར།། ཏ་མ་ལའི་ནགས་ཚལ་སྔོན་པོའི་འགྲམ་རྣམས་ནི།། ཆུ་འཛིན་རབ་ཏུ་བསལ། ་གྱུར་རི་མོས་མཐའ་རྣམས་བསྐོར།། བཞད་གང་བ་ནས། ཀྱེ་ཁྱོད་ཀྱི་ཡ་མཚན་ཆེ་ཡང་བདག་ནི་བྲམ་ཟེ་ཏེ།། འདི་ཉིད་དུ་ནི་གང་ཞིག་ལ་བརྟེན་ནས་ཆུ་སྣོད་བཟུང་ནས་བསོད་སྙོམས་ལ་བརྟེན་ནས། ཁངད་ཀྱིས་འགྲོའོ་ཞེས་ཟེར། འདྲེན་པ་ནས་མ་འཇིག ་པར་རེ་ཞིག་ཡ་མཚན་ཆེ་བ་ལྟོས་ཤིག་དང་། རི་བོ་ཁང་བཟངས་འདྲ་ཞིང་ཆུ་འཛིན་གཡོ་བའི་བླ་རེ་ལ་བརྟེན་པ།། ཆུ་ཀླུང་ངུར་བཱིའི་སྒྲོག་གིས་འགྲམ་བཅིངས་ལམ་ཆེན་རྡུལ་རྣམས་འཐུལ་བ་ལྟར།། ཆུ་གཏེར་ཡོངསུ་བསྐོར་བའི་འོབས་ཆེན་བཞིན་དུ ་རབ་མཐོའི་འགྲམ་ལྡན་པ། ས་ཆེན་དཀྱིལ་འཁོར་གནས་གཅིག་བཞིན་དུ་ཡང་དག་གསལ་པོར་ཀུན་ནས་མཚོན།། རིག་འཛིན་མེ་ནས་ཨ་ཧོ་གཞོ་ནུས་ཉེ་བར་གཟིགས་སོ།། བཞད་གད་པ་ནས། གཏིང་ཟབ་མོ་འཇིགས་པའི་འོག་གི་ས་ཆེན་པོའི ་མཐིལ་མཐོང་ནས། བདག་ཉིད་ངེས་པར་འཇིགས་པར་སྣང་ནས་གཟུགས་གཞན་ལ་སྟེང་དུ་བལྟས་པ་དང་། ཤིན་ཏུ་འཇིགས་ཏེ། ཀྱེ་གངས་རིའི་རྩེ་མོ་ཚོགས་པ་བཞིན་དུ་ན་མཁའི་མཐིལ་ཁེངས་ནས་འཇུག་པ་འདི་ཅི་ཞིག་ཡིན། རིག་འཛིན་མ ་རྣམ་པར་རྒོད་ཅིང་། ཨཱ་ཧོ་བྲམ་ཟེ་འདི་ནི་མཚན་ཉིད་ཡིན།། འདྲེན་པས་གཟིགས་ནས་འདི་ནི་ངེས་པར་སྐར་མ་རྣམསོ།། བཞད་གད་བ་ནས། སྐར་མ་ལ་འདི་འདྲ་བའི་ཚད་གོ་ལ་ཡིན། འདྲེན་པ་ནས། དེ་ནི་འདི་བཞིན་རྒྱ་ཆེན་པོའི་ཚད་དང་ལྡན་ནོ།། ་བཞད་གད་པ་ནས། སའི་མཐིལ་ནས་ཆུང་ངུ་རུ་མཚོན་པ་ཇི་ལྟར་ཡིན། འདྲེན་པ་ནས། དེ་ཡང་རིང་པོ་ནས་ཤིན་ཏུ་ཕྲ་ཞིང་།། རྣམ་པར་མཛེསོ།། བཞད་གད་པ་ནུས། ཡང་འདི་མྱི་ལྟུང་བར་འཇུག་པ་ཇི་ལྟར་ཡིན། འདྲེན་པ་ནས། བདག་ཅག་ཤིན་ཏུ་མཐེན ་པོར་གནས་ཀྱང་མི་ལྟུང་བ་བཞིན་ནོ།། བཞད་གང་བ་ནས། ཡང་འདི་ཉིན་པར་མི་མཐོང་བ་ཇི་ལྟར་ཡིན། འདྲེན་པ་ནས། ཉེ་བར་བཏུད་ན་ཉིན་པར་ཀྱང་འདི་བཞིན་མཐོང་ངོ་།། རིག་འཛིན་མ་ནས། གཞོ་ནུས་འདི་རྣམས་ཐམས་ཅད་སྔོན་གཟིགས ་བ་སྙམ་བྱེད་དོ།། བཞད་གད་པ་ནས། ཀྱེ་ན་མཉམ་དགའ་བ་ཆུ་གཏེར་གྱི་རླབས་རྣམས་ལས་རླུང་དྲག་པས་རབ་ཏུ་བསྐྱོད་པ་བཞིན་དུ་ཀ་ལའི་སྒྲ་སྒྲོགས་པའང་འདི་ཇི་ལགས། འདྲེན་པ་ནས་བརྟགས་ནས་འདི་ནི་ན་མཁའ་ཆུ་ཀླུང་གེངྒཱའི་སྒྲ་སྟེ། ་འདི་ལྟ་སྟེ། ལྷག་མ་ཉལ་བ་བཞིན་དུ་ཆུ་ཀླུང་རྣམ་སྤངས་ལྷ་ལམ་མཐོང་པོའི་ཕུང་པོ་ལས།། ཕྱོགས་ཀྱི་གླང་ཆེན་རྣམས་ནི་རྩེ་ཞིང་སྣ་ཡིས་ཆུ་འཐོར་ཐིགས་པ་ཟེར་མ་རྣམས།། ཡང་དག་ཚམ་པ་སྐྱེ་འགྱུར་ཆུ་ཐིགས་མུ་ཏིག་འབྲས་བུའི་འོད ་པར་མཛེས་པལྟ་ཨཱ་སློད་བདུན་པོ་རྣམས་ནི་གསེ་རུ་གྷྲི་པདྨ་འཛིན་ཅིང་ཁྲུས་ལ་རབ་ཏུ་འཇུག་རླུང་སྲོང་བདུན་པོ་འང་རྣམས་ནི་ཕྱག་བྱུངའརྣམ་མ་མས་ཐམས་ཅད་ཀྱིས་ཕྱགྶ་བྱུགསས་པའི་མ་རུ།། ཇག ་རྟེན་ཀུན་གྱི་ཕན་མཛད་ཕྱིར།། གཞན་ཡང་གཙུག་གི་རཱིན་ནྡ་ཝཱཪྻཱ།། བུད་མེད་རིན་ཆེན་རོན་ཆེན་བྱཱ། མཚུངས་པ་ཡང་དག་པོ་གྱུར་ཅིག། རོག་འཛིན་མ་ཤིན་ཏུ་དགོའ་སྟེ། དེ་རྣམས་མ་རྨོངས་པའི་ཚིག་གི་སྡེ་ཇི་ལྟོ་བ་བཞིན་དུ་མཆོག་སྦྱིན་སྙམ་མ ་བཞད་གང་པ་ནས། ཀྱེ་ན་མོཉམ་འདི་ཡིས་མཁའ་ལ་འགྲོ་བའི་སྟོབས་ཀྱིས་བདག་ཅག་ཡོངསུ་ཕྱིན་ཏེ། དེ་ནས་འདིར་ན་མཁའི་གངྒཱ་ལ་ཡུད་ཙམྦ་ཅིག་ངལ་སོ་ཞིག་ཅེས་ཟེར་རོ།། སྙན་དག་ཚོགས་རྣམས་གླུ་ཡིས་སྙན་པར་རབ་སྒྲོགས་བསྐྱེད་པའི ་གནས།། ཆགས་བྲལ་སྨན་གྱི་སྒྲོགས་ཤིང་བརྗོད་པ་དེ་ནི་རྒྱལ་བར་བྱེད།། གང་གིས་རང་ཉིད་རྣམ་བྱུང་རྣམ་གཤེགས་གཟིངས་ཀྱི་ཡ་ལཱ་ག་ཡེ།། ལྕགས་ལྔས་ཉེ་བར་བླངས་ནས་ཙྪིནྡྲ་གི་མིསི་རབ་ཀྱི་སྦྱར། ཧྲཱིས་པས་རིག་ཏུ་ཞུག་སོ།། མྦྷ་ས~ཾ་སློང ་དེ་ནས་རླུང་གི་སུམ་རོ་ཏུ་ཞུགས་ཏེ།། དྷནི་ཆེན་བྱུང་བམ། དྲེནས་སོ་ནས་ས་དི་ནམ་ཀྱི་ཕྱིར་དུ་སྦྱར་བདག་གིས་བྱེདྷཱ་བ~ཾ་ཏྟ་དབུགས་བྱུང་།། ར་ནི་མྱུག་ཡོངམས་ཀྱི ་བ་སུ་མ་ནས་ན་རྒྱས་པ་འདེ་བས་མི་སྤོངས་སོ་མ་སེམ་འབ་ཀྱི་པ་སུ་པོ་བ་ན་མ་ཤེས་ག ་བར་བྱེད་དོ།། བདག་གི་དོན་གྲུབ་པ་དེ་རྣམས་དགོས་པ་ཡང་མི་ཤེས་ཏེ། རིན་ཆེན་ཕྲེང་བ་མ་འོངས་ན་ཡང་འབྲས་བུ་མེད་དོ་སྙམ་མོ།། བདག་གིས་རབ་ཏུ་གདུང་བའི་ཕྱིར་སྤང་བའི་ཐབསུ་གྱུར་པ་བཟུང་ནས། དེ་ནས་གྲོགས་མོ་དགའ ་མུའི་དྲོང་དུ་འགྲེའོ་སྙམ་མོ།། ཡོངསུ་ཞུགས་ནས་བལྟས་པ་ན་དེའི་གྲོགས་མོ་དགའ་བ་པུདྨ་བྷཱུ་ཏི་ནི་ཡོངསུ་སྡེ་བརྟུལ་རྐང་འཐུང་གི་ཟླ་བ་ནོར་བུ་རྡོ་བཱའི་སྟེང་ནི་ཐིག་ལོ་བློ་གྲོས་མའི་ལུས་ཀྱི་སྟེང་དུ་ཉེ་བར་བརྟེན་ནས་གན་སོ།། འདི་ནི ་སྟོང་པའི་མཐར་གཅིག་པུ་གནས་ཞེས་ཉེ་བར་ཞུགས་ཏེ། དེ་ནས་པདྨ་པཱ་ཏི་དང་། ཐིག་ལེའི་བློ་གྲོས་མའང་ཇི་ལྟར་ལྟ་ཞིང་རབ་ཏུ་ཞུགས་པ་ན་རང་ཉིད་བསམ་ཏེ་ཤུགས་ནས་ཕྱུངངོ་།། ལེགས་ལྡན་མེ་ཏོག་མཚོན་ཅན་གྱིས་ཀྱང་རང ་ལུས་སྲེག་པའི་ཚོར་བ་ཇི་ལྟར་ཤེས་པར་མ་གྱུར་ཏེ། ཤེས་ནས་གཞན་རྣམས་ཇི་ལྟར་བསྲེག་པར་བྱེད། སྦྲང་གི་བུ་མོ་ཉེ་བར་བཏུད་དེ། གྲོགས་མོ་དགའ་མ་དི་རང་མཉེལ་བར་མ་གྱུར་ཏ་མ། པདྨ་པཱ་ཏི་ནི་སླར་ཡང་ང་བཞིན་དུ་སྨྲ ་བར་བྱེད་དོ།། ཐིག་ལྡེ་བློ་གྲོས་མ་ནཱས། ཀྱེ་པདྨ་བྷཱུ་ཏི་ཅིའི་ཕྱིར་གུས་པར་མི་བྱེད། འདི་ནི་ཁྱོད་ཀྱིས་དགའོ་བའི་གྲོགས་མོའོ།། པདྨ་བྷཱུ་ཏི་རྟ་བ་རྩུབ་པར་གུང་གདཱ་ན་བདུག་གི་གྲོགས་མོ་དགའ་མ་རིན་ཚུན་ཕྲེང་བ་མཱ། ཐིག་ལེ་བློ་གྲོས་མ ་ནས། མཽ་ཡིན་ཏེ། འདི་ནི་སྦྲང་གི་བུ་མོའོ།། པདྨ་བཱ་ཏི་དག་དེ་ཚེན་ནི་ཡང་དག་པའི་ཡུལ་ཆོས་ལས་ཤིན་ཏུ་འདསོ་སྙམ་ནས། གསལ་བར་སྨྲས་པ། གྲོགས་མོ་སྦྲང་གི་བུ་མོ་བདག་ནི་ཤིན་ཏུ་གདུང་བས་གཟིར་བས་ཤིན་ཏུ་འཁྲུགས་པར ་ཁར་གྱུར་ཏོ།། སྦྲང་གི་བུ་མོ་ནས། གྲོགས་མོ་དགའ་མ་དབུག་ཕྱུང་ཞིག། སྐྱེས་བུ་དམ་པའི་གཏམ་བསིལ་བ་བཞིན་དུ་པདྨའི་འདབ་མ་འདི་རྣམས་ཁྱོད་ལ་བརླན་ནོ།། པདྨ་བྷཱུ་ཏི་ནས་འདི་སོལ་ཅིག། ནོར་བུ་ཆུ ་ཤེལ་གྱི་རྡོ་བའི་སྟེང་ན་ཡང་སྲེག་པ་སྙམ་བྱེད་དོ།། པདྨའི་ཨ་ན་ཁྱེབས་ཤོག་ཉིཉིས་པོ།། འདིར་ཇི་ལྟར་ཙན་གྱི་ཁུར་བས་གཏོར་ཞིང་། གྲོགས་དགའ་མ་ཁྱོད་ཀྱིས་ནུ་མ་དག་གི་བར་ནོ་བྱིན་ནས་བཞག་ཀྱང་དེ་ཡང་ལྷག་པར་ཤིན་ཏུ་གདུང་བྱས ་གཟིཟར་ནས་ཡོངསུ་སྐམ་པར་བྱེད་དོ།། པདྨ་བཱི་ཏི་སྡུག་བསྔལ་ནས་ཧ་ལ་འདི་རྣམས་སོལ་ལ་བདག་ནོར་བུ་ཆུ་ཤེལ་གྱི་རྡོ་བའི་སྟེང་དུ་ཁྱེར་ཅིག་ཅེས་སྨྲ། གཉིས་པོ་རང་ལ་བསམས་ཏེ་ངུ་ཞིང་། ཀྱེ་མ་འདིའི་སེམས་གཞན་དུ་གྱུར་ཏོ ་སྙམ་ནས་གསལ་པོར་སྨྲས་པ། གྲོགས་མོ་འདི་ནི་ཇི་ལྟར་ནོར་བུ་ནུ་ཤེལ་གྱི་རྡོ་བཱིའི་སྟེང་ན་ཐིག་པའི་རྒྱུན་མི་འཆུད་པར་རྣམ་པར་འབ་པ་པའི་ཟེར་མི་འཐོར་ཞིང་ཆག་སོ།། པདྨ་བྷཱུ་ཏཱི་ནཱས། འདི་ནི་ཆོག་གོ། བདག་གི་ནཱི་རིན་ཆེན་ཕྱུང་བྱ ་ལས་འོངས་པའི་བྲིས་སྐུ་བལྟའོ།། ཞེས་སྨྲའོ།། གཉིས་པ་ཕན་བལྟས་ཏེ། ཤིན་ཏུ་མི་དགའ་བར་གྱུར་ཏེ། ཇི་ལྟར་འདི་ལ་ཟུག་རྔུ་ཡང་མེད་དམ་ཞེས་གསལ་བར་སྨྲས་ལ། གྲོགས་མོ་འདི་ནི་ཇི་ལྟ་བ་འདི་ནི་འདྲིའོ།། པདྨ་བཱ་ཏི་ནས། ཡང?་རྀ་མོ ་བྲིས་པའི་གཟུགས་བརྙན་དེ་ག་ན་ཞེས་སྨྲ། གཉིས་པོ་ནས་འདི་ན་མེད་པ་མ་ཡིན་ཏེ། ཁྱེད་ཀྱིས་མདུན་ན་མཆི་སོ།། པདྨ་ཅན་གྱི་ཡུན་རིང་དུ་བལྟས་ནས་ངུ་ཞིང་བདག་ཉིད་བསམས་པ་གང་ཞིག་བྲིས་སྐུའི་གཟུགས་བརྙན་འདི་འདྲ་བ ་དེ་ནི་ཀྱེ་མ་བརྩེ་བ་མེད་པའི་ཚིག་ཙམ་ལ་འགའ་ཞིག་གིས་ཡང་སྐྱེ་བོ་འདི་རྗེསུ་བརྩེ་བ་ཅན་ནེ་ཞེས་སྒྲ་གསོ་སྙམ་ནས་ན་མཁའ་ལ་བལྟས་ཏེ། ལེགས་ལྡན་མངའ་ལྔ་ཁྱོད་ཀྱིས་འདྲིར།། མངའ་ནི་མ་སྐྱེས་འགྱུར་པའམ། འདི་ནི་ཡོན་ཏན་རྗེས ་ཆགས་པ་ས།། ཡང་ན་འདིས་བསྲེག་མཐུ་མེད་དམཱུ།། སྟོབས་མེད་རྣམས་དང་འདྲར་སྐྱེས་ནས།། དཔའ་མཐོང་མངོན་པའི་ང་རྒྱུལོ།། ཕྱོགས་རྣམསུ་བལྟ་བར་བྱས་ནས། གཞན་ཅི་ཞིག་ལྟ་བར་བྱེད་འོདར་ཡང་འཕགས་པའི་བུའི་བྲིས་སྐུ་ལ་འཁྱུད ་ནས། བདག་ཉིད་ཉམས་པར་བྱེད་དོ་ཞེས་སྨྲ། སྦྲང་གི་བུ་མོ་ལངས་ནས། ཕྱོགས་རྣམས་ལ་བལྟས་པས་ཇི་ལྟར་འདིས་དྲི་མོ་མེད་པོའི་ནཱ་མཁའི་མཐིལ་དུ་བྱོ་རྣམ་པར་རྒྱུ་བ་ཡང་མ་མཚན་ནོ།། སླར་ཡང་བལྟས་པས། ཡ་མཚན་ཆེ་ནས། གྲོགས ་དགའ་མོ་ལྟོས། ལྟོས་འདི་གློག་གིས་རི་མི་རབ་ཏུ་འགྱེད་པ་བཞིན་དུ་དྲི་མ་མེད་པའི་ན་མཁའི་ཁམས་ན་རྣམ་པར་འཕྲོ་བའི་མཚན་ཉིད་དོ།། ཧ་ལ་ཁྱེད་གཉིས་ཀྱིས་ཅི་ཞིག་ལྟོས་ཤིག། བདག་ནི་གདུང་བས་ནོན་ནོ།། སྦྲང་གི་བུ་མོ་ནས། རའི་རྩེ ་མོས་མངོན་པར་གཡོག་པ་བཞིན་ནོ།། དེ་ནས་ཐིག་ལེ་བློ་གྲོས་མས་ངེས་པར་བལྟས་ནས། རེ་ཞིག་འདི་ཅི་ཞིག་ཅེས་ཐིག་ལེ་བློ་གྲོས་མ་གྲོགས་དགའ་མ་ལ་སྨྲ་བར་བྱའོ་སྙམ་ནས་ངེས་བྱར་ཞུག་སོ།། ཡང་གཞོ་ནུ་དང་བཅས་ཏེ་རིན ་ཆེན་ཕྲེང་བ་མ་དེ་བཞིན་དུ་འབྱུང་བར་འགྱུར་རོ།། དེ་ནས་རིན་ཆེན་ཕྲེང་བ་མ་དང་གཞོནུ་དང་། བཞད་གད་པ་རྣམས་ཀྱང་རབ་ཏུ་ཞུག་སོ།། བཞད་གད་པ་ནས། བྷོ་ན་མཉམ་གཟིགས་གཟིགས། དྲང་སྲོང་གི་གནས་ཀྱི་མཚན་ཉིད་འདིར་ཡང་དག་པར ་འཕྲུལ་བདུ་བའི་རང་བཞིན་སྦྱིན་སྲེག་གྲི་དུ་བའི་ཕྲེང་བས་བར་སྣང་ཁེབས་ཤིང་ཕན་ཚུན་དགྲ་ཡོངསུ་འཇུག་པའི་དུད་འགྲོའི་ཚོགས་རྣམས་ཀྱང་གཉེན་གྱི་འཇུག་པ་ཁྱད་པར་ཅན་ཤིན་ཏུ་མཉེས་གཤིན་པ་ཕུན་སུམ་ཆོག ་བདྲང་སྲོང་གི་གན་སོ།། འདུན་པ་ནས། གྲོགས་པོ་མཚོར་ཆེ་བ་འདི་ལྟ་སྟེ། སྟག་མོ་ཡང་ནི་ཁོང་ནས་དུལ་ཞིང་མིག་ནཱི་རབ་བཙུམས་རི་དགས་ཕྲུག་གུ་རྣམས་ནི་ལྷག་པར་བྱེད།། མཉེས་གཤིན་རབ་དགའ་གཙུག་ཕུད་ཅན་ནི་མདོངས་རྣམས་རབ ་བརྐྱང་ལྟེང་ཀ་རྣམས་ནི་འཚེ་བ་སྐྱབ་ཕྱིར་སྐྱོང་།། སེངྒེ་ཡང་ནི་གླང་མེ་གང་ཞིག་སྐྱོང་བའི་ཕྲུག་གུ་རྣམས་ནི་རང་གི་བུ་བཞིན་སྲུང་བར་བྱེད།། གང་རྣམ་ས་ཀྱི་ནི་བྱམས་པའི་གནས་བཅས་ནགས་དང་རི་བོའི་ཕུག་ན་རྣམ་པར་གནས་པ་དེ་རྣམས་རྒྱལ ་རིག་འཛིན་མ་ངེས་པར་བལྟས་ནས། བདག་གི་གྲོགས་མོ་དགའ་མིའི་ཉེ་འཁོར་དུ་ཕྱིན་ནོ།། འདིར་ནི་གྲོགས་མོ་དགའ་མ་ཙན་རྣོན་པོ་ཤིན་ཏུ་ཆགས་པ་ཟླ་བ་བཞིན་དུ་ཟླ་བའི་འོད་ཟེར་གྱི་དཀྱིལ་འཁོར་དང་འདྲ་བར་རྣམ་པར་མཛེསོ་སྙམ་མོ།། བཤད ་གད་བ་ངོ་མཚར་ཆེ་ནས། བྷོ་ན་མཉམ་གཟིགས་གཟིགས། བུད་མེད་འདི་ནི་རིན་པོ་ཆེ་ལྟར་འདིའི་འཇམ་མདོངས་འོད་ཟེར་རབ་ཏུ་འབབ་པ་སྐྱེ་ཞིང་བསྐྱུང་བས་མཉེལ་ནས་གཟིགས་པ་ལྟ་བུའོ།། འདྲེན་པས་ངེས་པར་གཟིགས་ནས་ན་མཉམ་པ ་རྣམས་ཀྱི་ཁྱད་པར་ཅན་རྣམས་རིང་དུ་གྱུར་པས་ཁྱོད་ཀྱིས་མངོན་པར་མ་ཤེས་ཏེ་ཁྱོད་རིན་པོ་ཆེ་སྙོམ་མམ། འདིའི་ལུས་ལ་རེག་པ་ཙམོ། རིན་པོ་ཆེ་གཞན་རྣམས་མངོན་པར་འདོད་། དེ་ནི་རིན་ཆེན་ལྟ་མི་བྱེད། རང་ལུས་དེ་བཞིན་རྣམ་བརྒྱན་པ། ་དཤར་གང་པ་ནས་ཡིད་ཀྱི་ཤཱིང་རྟིའི་མེ་ཏོག་ནི་མཐོང་ངོ་ཞེསོ།། པདྨ་ཅན་དང་སྦྱང་གི་བུ་མོ་ཟུར་གྱིས་བལྟ་ཞིང་རིན་ཆེན་ཕྲེང་བ་མ་ནི་ཤིན་ཏུ་རིང་དུ་ཐོག་སོ་ཞེས་སྨྲ། བཞད་གདས་ནས། ཀྱེ་ན་མཉམ་སྙན་པར་སྨྲ་བ་ནི་འདི་ལྟ་བུའོ།། འདྲེར་བ་ནས། ་ཀྵེ་ན་མཉམ་སྙན་པར་སྨྲ་བ་འདི་ལྟ་བུའོ།། འདྲེན་པ་ནས། སྙན་པ་འདི་ཅི་ཞིག་བརྗོད་ཅེ་ན། ཀྱེ་གང་ཞིག་ཟུར་གྱིས་བལྟས་པས་རྣམ་པར་འཕངས་གྱུར་པ།། ཡིད་འོང་སྤྱན་ལས་སྙན་པར་སྨྲ་བ་ཕྱོགས་པ་ནི།། གཡོ་མེད་དོ་འདིས་ཆེན་སྟེང་གནས་མྱོས་པའི་ཕ་པོ ་ཡིས།། ལུསཱ་ལ་མེ་ཏོ་གཱི་ལཱ་གནས་པདྨ་ལྟར་འདི་ན་སྦྲང་རྩིའི།། རིག་འཛིན་མེ་ནི་བྱེད་པ་པོ་རྗེས་འཇུག་པར་མཐོང་ངོ་།། བཞད་གུང་པ་ནི། ཤིན་ཏུ་དགའ་ནས་རང་ཉིད་བསམས་ཏེ། འདི་ནི་མངོན་པར་གདོད་པའི་འབྲས་བུ་སྟེ། འདི་ནི་ཇི་སྦྱར་ཐུབ་པ་མོ་ས ་པ་བདག་གིས་མཐོང་བ་དེའི་སྙ་མོ།། རིག་འཛིན་མ་ནས། མཐུ་ཆེན་པོ་རེ་ཞིག་ཇི་སྲིད་དེ་ལ་སྨྲ་བའི་བར་དུ་མཉེལ་སོ་བར་མཛོད་ཅིག། འདྲེན་པ་ནས། ཁྱོད་ཇི་ལྟར་འདོད་པ་བཞིན་བྱའོ།། རིག་འཛིན་མ་ཤིན་ཏུ་དགའ་ནས་ཉེ་བར་སོང་ངོ་།། སྦྲང་གེ་ལུ་མ ་ནས། གྲོགས་མོ་དགྲའ་མ་ལྟོས་ལྟོས། འདི་ན་རིན་ཆེན་ཕྲེང་བ་མའོ།། པདྨ་ཅན་མ་ནས། དེ་གང་ན་གདྷ་ན་ཞེས་ཟེར་ཏེ། སྦྲང་རྩིའི་བུ་མོ་དང་པདྨ་ཅན་དག་གི་གཅིག་པུ་ཉིད་དུ་མཐོང་ནས་བརྒྱལ་ནས་གར་བྱེད་དོ།། རིག་འཛིན་མ་ཤིན་ཏུ་རདངས་ནས ་དགའ་མ་ཁྱོད་ཀྱི་ཡིད་ཀྱི་ཤིང་རྟ་གྲུབ་བོ།། སྦྲང་གི་བུ་མོ་ནས། གྲོགས་མོ་དགའ་མ་དབུགས་ཕྱུང་ཞིག། རིག་འཛིན་མ་ངེས་པར་བལྟས་ཏེ། ཀྱེ་མ་བདག་སྐལ་པ་དམན་པཾ་ད་ཤི་ཟིན། ཧ་དྷི་ཧ་དྷི་འདིར་སུ་འཇུག་པར་བྱེད་ཅེས་ཡོངསུ་འཁྱུད་ནས ་བལྟས་སོ།། ཀྱེ་མ་སྐལ་བ་དམན་པ་ཡིད་ཀྱི་ཤིང་རྟ་ལག་ཏུ་འོང་ནས་སླར་འདོར་བར་བྱེད་དམ་ཞེས་སྨྲ་ཞིང་རིག་འཛིན་མ་ནས། གཞོ་ནུ་ཡོངསུ་སྐྱོབ་པར་མཛོད་ཅིག། འདིར་ནི་བདག་གིས་གྲོགས་མོ་དགའ་མ་མཐར་བྱེད་ཀྱིས ་གསོད་ཅིང་འཕྲོག་པར་བྱེད་དོ།། འདྲེན་པ་ནི་རྟ་བ་རྟབ་བོར་ཀྱེ་མ་རབ་ཏུ་མྱོས་སོ།། གཞད་གད་པ་ནས། ན་མཉམ་དགའ་བ་མྱུར་དུ་མཛོད་ཅིག། གཉིས་པོ་ཡང་ཉེ་བར་དྲུང་དུ་ཕྱིན་ཏོ།། རིག་འཛིན་མ་གཞོ་ནུའི་ཞབས་ལ་ཕྱག་འཚལ་ཏེ། མཐུ་ཆེན་པོ ་གྲོགས་མོ་དགྲའུ་མ་རྗེ་སུཾ་བརྩེ་བར་མཛད་དུ་གསོལ།། འདྲེན་པ་ནི་ངོ་ཚ་ཞིང་འཇིགས་པ་དང་བཅས་ནས་བདག་གི་བསྒྲུབ་པར་བྱ་གང་། ཁྱོད་ཀྱིས་ཉེ་བར་བསྒོ་བར་མཛོད། རིག་འཛིན་མ་ནས་རིག་པ་ཀུན་གྱིས་ཕ་རོལ་ཏུ་ཕྱིན་པར་གྱུར་པ་ལ། ་བདག་གིས་ཅི་ཞིགཱ་ཏི་བཱིར་སྟོན། དེ་ལྟར་ན་འདི་རེ་ཞིག་མཐུ་ཆེན་པོའི་ཕྱག་ལས་བདུད་རྩིའི་རྒྱུན་བསིལ་བ་རབ་ཏུ་འབབ་པ་ལས་གྲོགས་མོ་དགའ་མ་ཡོངསུ་རེག་པར་མཛོད་ཅིག། འདྲེན་པ་ནས། པདྨ་ཅན་གྱི་མགོ་ལྔ་ལོག་པས་རྙོག་ནས། ་ཟླ་བ་བཞིན་འདྲ་འདི་ཡིས་ནི།། འདིར་ནི་རྣམ་པར་ཉམས་པ་བཞིན།། དགའ་བ་ཐོབ་ལས་རྣམས་ཉམས་སམ།། ཁྱོད་ཀྱི་རྣམས་ཉམས་སྡུག་བསྔལ་འཕེལ།། པདྨ་ཅན་ནི་མིག་ཅུང་ཟད་ཕྱེ་ནས་འདྲེན་པ་ནས། མ་ལ་ཡ་སྐྱེས་ཁུར་པ་སོར་མོས ་བཞིན་ལ་བྱུགས།། རི་དགས་མིག་ཅན་འདི་ནི་དཀྱུས་རིང་མིག་ཕྱེ་བ། ཆུ་འཛིན་རབ་ཏུ་དཀར་བས་ཆ་རྣམས་ཕྱེད་གཡོགས་པ།། མཁའ་ལ་ཆུ་འཛིན་དལ་གྱིས་འགྲོ་བ་ཟླ་བའི་དབྱིབ་སོ།། རིག་འཛིན་མ་ནི་གྲོགས་མོ་དགོའ་མ་འཚོ་བར་མཐོང ་སྟེ། ཤིན་ཏུ་དགའོ།། སྦྲང་གི་བུ་མོ་ནས། ཨ་ཧོ་གཞོནུ་མཐུའོ་བཞད་གད་པ་ནས་གྲོགས་མོ་དགའ་མ་ཡིད་ཀྱི་ཤིང་རྟ་མཐོང་ངོ་།། རིག་འཛིན་མ་ནས། མཐུ་ཆེན་པོས་འདི་རེ་ཤིག། མགྲོ་བོའི་ཟུག་ཉེ་བར་བཞིའོ།། འདིའི་ལུས་ཀྱང་ཕྱག ་གི་མཐིལ་གྱིས་རེག་པར་མཛོད་ཅིག། འདྲེན་པས་ལུས་རྣམས་ཀྱང་བྱུལ་ནས་ཤིན་ཏུ་མཉེས་ཏེ། མི་དགའ་བ་ད་ཆོག་གོ།། འདི་ནི་ཁུར་གྱི་དུབ་པ་འཇམ་པའི་ལུས་ནི་རབ་གཡོ་བཞིན།། ཡིད་འོང་དྲ་ཡིས་འགྲོ་ཞིང་བུང་བའི་གཤོག་པོས ་རྣམ་པར་བསྐྱོང་བ།། མཚན་མོ་མ་ལཱ་ཏིའི་མེ་ཏོག་ཕྲེང་བ་བྱ་བ་བཞིན།། འདིའི་ལུས་རྣམས་རིམ་གྱིས་གསལ་པོར་ཡང་དག་གཡོ་བར་བྱེད།། གྲོགས་མོ་དག་ནས། གྲོགས་མོ་དགའ་མ་དབུགས་ཤིག་དབུགས་ཤིག། མཐུ་ཆེན་པོས ་ཁྱོད་འདྲིར་རྗེ་སུཾ་བཟུང་ངོ་།། དེ་ཡིས་གཟིགས་ནས་འདིར་ཡོད་ཀྱི་ཤིང་རྟ་རང་གི་ལུས་བཞིན་དུ་བརྗོད།། པདྨ་ཅན་ནི་འཇིགས་ཤིང་ངེས་པོར་བལྟས་ཏེ། ངོ་ཆེ་བས་འདར་ཞིང་ལངས་ནས་འབྲོས་འདོད་པས་མ་ནུས་ཏེ་རིང་ནས་གར་བྱེད་དོ།། ་རརིག་འཛིན་མ་ནས་གྲོགས་མོ་དགའ་མ་དེ་ཙམ་མ་རིངས་ཤིག། རེ་ཞིག་གསར་དུ་འོངས་པ་ལ་སྟན་གཅིག་ལ་གནས་ནས་འདིར་བསྙེན་བཀུར་བཱར་གྱིས་ཤིག། འདྲེན་པ་ནས། དཀར་མིན་མག་ཅན་འཇིགས་བཅས་ཁྱོད་ནི་སྡུག་བསྔལ ་བ།། ཆོ་ག་ཆོ་ག་ལུས་ནི་གདུང་བས་ཅུང་ཟད་གཡོ་བ་ཅན།། མེ་ཏོག་ཕྲེང་བ་ཅུང་ཞིག་ཁ་འབུས་འདབ་མ་རྣམས།། བུང་བ་རྣམས་ཀྱི་རྐང་པ་ཡང་ནི་བཟོས་མི་ནུས།། པདྨ་ཅན་རང་ཉིད་བསམས་ཏེ། ཅི་སྟེ་འདི་ནི་ནགས་འོངས་སམ། ཡང་ནི ་ཡང་ནཱ་འདི་བཞིན་དུ་སྣང་བ་འམ། ཡང་ན་རྨི་ལམ་དུ་སྣང་བ་འམ་སྙ་མོ།། སྦྲང་གི་བུ་མོ་ནས། གྲོགས་མོ་དགའ་མ་འདི་ནི་དེ་ཡིན་ཏེ། ཁྱོད་ཀྱིས་གཞོ་ནུའི་སྐུ་གཟུགས་ཐང་སཱུ་ནཱི་རི་མོར་བྲིས་པ་ལ་མཆོད་པའི་ཕྱིར ་བ་ཀུ་ལའི་མེ་ཏོག་ཕྲེང་བ་གང་ཞིག་ཉིད་ཀྱི་བརྒྱས་པའོ།། ཞེས་བསྟོད་དོ།། པདྨ་ཅན་ནི་འདྲེན་པ་ལ་ཟུར་གྱིས་བལྟ་ཞིང་རི་མོའི་སྐུའི་གཟུག་དེ་ལ་པུའོ།། འདྲེན་པས་རི་མོ་བལྟས་ནས། འདི་ནི་ཁོ་བོ་བཞིན་དུ་རི་མོར་བྲིས་པ་ཞིག་གོ།། ཧཾ ་ཨ་ཧཾ་བདག་ལ་གུས་པ་ཆེར་མཆི་སོ།། བཞད་གད་པ་ནས། ཁྱོད་ཀྱི་ལྷ་རྣམས་གུས་པས་བསྙེན་བཀུར་བས་ད་ལྟར་དེ་ཁྱོད་ལ་འདི་བཞིན་དུའོ།། འདྲེན་པ་ནས། ཇི་ལྟར་འདི་བཞིན་དུའོ།། བཞད་གང་བ་ནས། ལྷ་རྣམས་ཀྱང་གུས་པས། ་བསྙེན་བཀུར་ནས་མཆོག་གསོལ་བར་བྱེད་དོ།། ཁྱོད་ནི་དཀའོ་ཐུབ་མའི་མངོན་པར་འདོད་པའི་མཆོག་གང་ཡང་སྦྱིན་པོར་མི་བྱེད་དོ།། གྲོགས་མོ་དགའ་མས་ལེགས་པར་སྨྲསོ།། འདྲེན་པ་ནི་འཛུམ་ཞིང་ཁྱོད་ཀྱི་དྲི་བཞིན་དུ་མཆོག ་སྟེར་ཤེས་སམ། བཞད་གང་པ་ནས། གལ་ཏེ་ཁྱོད་བདག་གི་རྗེསུ་འཇུག་ན་བདག་བྲམ་ཟེ་ཡིན་པས་སྦྱིན་པར་བྱའོ།། འདྲེན་པ་ནས། བདག་གིས་རྗེསུ་འཇུག་པར་བྱའོ།། བཞད་གད་པ་ནས་ཁྱོད་དེ་བཞིན་དུ་འདིའི་མཆོག་ཏུ་བདག་གིས ་སྦྱིན། འདྲེན་པ་ནས་ཁྱོད་ནི་བ་ཤལ་རྨོངས་པ་རབ་ཏུ་ཤེས་པའོ།། བཞད་གང་པ་ནས། ཁྱོད་མི་ཤིན་ཏུ་མི་བཟོད་དོ།། འདྲེན་པ་ནས། ན་མཉམ་རབ་ཏུ་གསལ་བའི་དགོངས་པ་ལ།། ཡང་འདིས་ཤིན་ཏུ་སྦྱིན་པར་བྱེད་དེ་གཟིགས་མཛོད།། ་བདག་ནི་རབ་ཏུ་བ་རྒྱུད་ལ་ཚུལ་འཆོས་ལུས་ནི་ངོ་ཚས་སྡུས་བྱེད་ཅི།། ཡིད་འོང་མིག་ནི་གསལ་པོར་འཕངས་ཤིང་སྐད་ཅིག་ཉིད་ལ་སྐྱོང་བར་བྱེད།། བདག་ནི་མི་བཟོད་ལྟ་བས་བལྟ་ཞིང་སླར་ཡང་མངོན་འདོད་འདྲེན་པར་བྱེད།། ་བྱིས་པའི་བློའི་དགོངས་པ་རབ་ཏུ་སྤྲོ་ཞིང་གཡོ་སྣང་འདིར་མཱི་བྱེད་ཅེས་གསུང་སོ།། ཡོལ་བའི་ནང་དུའོ།། མཚོ་ཆེན་པོ་ཞིག་གྲག་གྲོ།། ཐམས་ཅད་འཇིགས་ནས་ཉེ་བར་ལངས་སོ།། བའང་གང་བས་ཉེ་བར་བལྟས་ནས། འདིན ་གོང་ནས་གླང་ཆེན་མྱོས་པ་ཡང་དག་རྒྱུག་བྱེད་ཅིང་།། འདིར་ནི་ཇི་ལྟར་ཤུགས་ཀྱི་མི་བཟང་སྣའི་འཁྱིལ་བྱས་ནས།། ཆུ་རྣམས་འཕེན་པ་ཆར་འབབ་བཞིན་དུ་སྟོབས་ཀྱི་རབ་ཏུ་འཇུག། གདོང་ལ་མྱོས་འབབ་སྦྲང་རྩི་བྱེད་རྣམས་རྗེསུ ་འཇུག། ཡོལ་བ་ལྱ་ཅོ་ཆོས་སྨྲའོ།། བཞད་གད་པ་ནི་ཤིན་ཏུ་འཇིགས་ཏེ། ཀྱེ་ན་མཉམ་ཡོངསུ་སྐྱོབ་པོར་མཛོད་ཅེས་སྨྲས།། པདྨ་ཅན་ནི་ཤིན་ཏུ་འཇིགས་ཏེ། གྲིཞོ་ནུ་ལ་ཀུན་ནས་འཁྱུད་དོ།། གྲོགས་མོ་དག་ནས། མཐུ་ཆེན་པོ་གྲོགས ་མོས་སྲུང་བར་མཛོད་ཅིག་ཟེར། འདྲེན་པ་ནས། མ་འཇིགས་ཤིག་འཇིགས་ལྡན་མ་དུལ་གླང་ཆེན་མྱོས།། སོ་ལྡན་གནམ་ལྕགས་མཆེ་བ་ཅན།། བདག་གི་བྲང་གི་ངོ་མཚུངས་པར།། རྟག་ཏུ་རབ་གསལ་འདི་ཟུང་ངོ་།། རིག་འཛིན ་མ་ནས། ད་ནི་འཇིགས་པས་འདི་ག་ལ་བྱུང་།། ཡོལ་བའི་ནས། འཇིགས་པ་རྣམས་ཀྱི་མི་འཇིགས་རབ་སྦྱིན་ས་གསུམ་རབ་ཏུ་ཚིམ་བྱེད་ཁྱོད་ནི་གཉེན།། སྡུག་བསྔལ་ཆུ་གཏེར་དང་ཀློང་འཁྲུགས་ལས་འགྲོ་རྣམས་ཡང་དག་སྒྲོལ་བའི་གཟིང ་ཉིད་དོ།། ཁྱོད་ཀྱི་ཕྱག་ནི་རབ་ཏུ་གསལ་བའི་རྒྱན་གྱིས་རོལ་ཞིང་ཀུན་འཁྲིལ་སོ་ལྡན་སོ།། བརྟུན་ཤིང་གཡོ་བས་འཇིག་རྟེན་མ་ལུས་འདིར་ནི་སྐྲག་པའི་གནས་སྐབས་ག་ལ་འགྱུར། གཞོནུ་ནས། ཀྱེ་དགའ་མ་བདག་ཐོང ་ཞིག། གླང་པོ་གསུམ་པོ་ནི་སོང་། རིག་འཛིན་བརྒོད་ཅིང་དི་རིང་ཡང་ཁྱོད་གང་དུ་ཡང་མི་གཏོང་ངམ། གཞོནུ་རང་ཉིད་བསམས་ཏེ། གལ་ཏེ་བདག་འདི་ལྟ་བུའི་གནས་སྐབསུ་འགའ་ཞིག་མཐོང་བར་མི་འགྱུར་རམ། བདག་གི་ནི་ཚུལ་དང་འདྲ ་བ་མ་ཡིན་ནོ་སྙམ་ནས། དེ་ནས་དྲང་སྲོང་གི་སློབ་མ་རབ་ཏུ་ཞུག་སོ།། རྟབ་རྟབ་པར་ཀྱེ་མ་ཇི་ལྟར་རི་དགས་ཀྱང་འདྲ་ད་དེར་ཤིན་ཏུ་སྐྲག་པས་རབ་ཏུ་འཇུག་ཅིང་སེམས་ནི་དངས་པར་གྱུར། གླང་ཆེན་རབ་ཏུ་འཇིགས་པས་ཐུབ་པའི་གཞོནུ་རྣམས ་ཀྱང་གསལ་པོར་དུ་བར་གྱུར། པདྨ་བཱ་ཏི་ནི་གང་དུ་སོང་ངམ་སྙམ་ནས་ཡོངསུ་ཞུགསོ།། མཐོང་ནས་ཤིན་ཏུ་མི་བཟོད་པས། ཨ་ཚངས་པ་ཀྱེ། ཨ་ཚངས་པ་ཀྱེ། ཇི་ལྟར་དཀའ་ཐུབ་ཀྱི་ཚལ་ན་འགལ་བར་འཇུག་གོ་ཞེས་སྨྲ། ཐམས་ཅད ་ཤིན་ཏུ་འཇིགས་ཏེ། གྲོགས་མོ་དྲག་ནཱས། ཇི་ལྟར་འཕགས་པའི་སྤྱོད་པའི་བུའོ།། པདྨ་ཅན་ནི་གཞོནུ་བཏང་སྟེ། དྲོ་ཆེ་ནས་ཁ་འོག་ཏུ་ཕྱོགས་ནས་གནས་སོ་ཡོལ་བའི་ནང་དུའོ།། འདི་ལག་ལྡན་གྱི་འཇིགས་པས་བདག་གི་པདྨ་པཱ་ཏི་ནས ་འབྱུང་ཞེས་དྲང་སྲོང་དུས་སོ།། སློབ་མ་ནི་ངུ་ཞིང་མཁན་པོ་ཡོངསུ་སྐྱོབ་པར་མཛོད་ཅིག། ཡོངསུ་སྐྱོབ་པར་མཛོད་ཅིག། པདྨ་པཱ་ཏི་ནི་ན་ཡོངསུ་སུན་འབྱིན་པར་བྱེད་ཅིང་མཆིསོ།། གྲོགས་མོ་དག་ཤིན་ཏུ་འཇིགས་ཤིང་ཤིན་ཏུ་མི་ཕན་པོར་གྱུར་ཏོ།། ་སྙམ་མོ།། གཞོནུ་ནི་མི་མཐུན་པའི་མཚན་ཉིད་སྡུག་བསྔལ་བར་བདག་ཏུ་ལྟུ་ངོ་སྙམ་མོ།། བཞད་གང་པ་ནི་མི་བཟོད་པས་ཨེ་རེ་ཨེ་རེ་བྲམ་ཟེ་གདུག་པ་ཅན་མི་བདེན་པ་སྨྲ་ཞིང་ཅིའི་ཕྱིར་ཁྱོད་དུ་ཞེས་དབྱུག་པའི་ཤིང་གྱེ་ནུ་དུ་ཕྱར་ཏེ་ཉེ་བར་བཏུ།། ་བྲམ་ཟེ་ནི་ཨ་ཚངས་པ་ཀྱེ་མཁན་པོ་ཡིསུ་སྐྱོབ་པར་མཛོད་ཅེས་སྨྲ། དེ་ནས་ཐུབ་པ་ནི་ཁྲོས་ཏེ། རབ་ཏུ་ཞུགས་ནས་ཨ་འདི་སུ་ཞིག་ཅེས་ངེས་པར་བལྟས་ནས། ལག་དང་རྐང་པར་བཅས་པ་རྡོབས་ཤིང་། ལྷ་ཐམས་ཅད་སྟོངས་སམ་གྱི།། དམོད ་བ་རྣམས་ནི་ཡུལ་གྱུར་ཏམ།། གང་ཞིག་ཐུབ་པའི་རིགས་རྣམས་ཀྱང་།། ཀུན་ནས་གནོད་ཅིང་ཡོངསུ་འཇིག་ཅེས་སྨྲ།། ཀྱེ་བུ་པདྨ་པཱ་ཏི་ཨེ་མ་གཞོ་ནུ་གཙུག་ན་ནོར་བུ་ལ་པདྨ་ཅན་བདག་གིས་ཡིད་ཀྱི་སྦྱིན་པར་བྱས་ཏེ་གདུང་བར་བྱེད་དོ།། ་གཞོན་ནས། ལེགས་པའི་དྲང་སྲོང་ཆེན་པོ་གང་།། བདག་ཕྱིར་དེ་བཞིན་རྗེས་གདུང་བ།། ཀུན་སྤྱོད་ཁྲིམས་ལས་འདས་གྱུར་ན།། སྐྱེས་བུ་རྟག་ཏུ་དེ་བཞིན་གདུང་།། བདག་ལས་ཀུན་སྤྱོད་རྣམ་འགལ་ན།། འདི་ནི་ལྷ་རྣམས་ཀྱི་མཁྱེན་འགྱུར།། ་བཞད་གང་པ་ཤིན་ཏུ་འཇིགས་ནས་གནས་སྐབས་འདིར་ཅི་ཞིག་སྐུ། ལྷ་རྣམས་ཀྱི། དྲང་སྲོང་ནས། ཐུབ་པའི་སྐྱེ་བོའི་ལྷ་རྣམས་ནི།། གང་དང་གང་བཞད་གད་པ་ནས།། བྲམ་ཟེ་གཡོ་བ་ཅན་ཕར་སོང་བར་སོང་། མཁན་བྲོ་ལས་མཐུ ་ཆེ་བའི་ལྷ་གང་ཞིག་ཡོད་དམ། དྲང་སྲོང་ནས། ལྷ་རྣམས་ར་ལྟ་ཉིད་དུ་ས་སྟེངས་ལྟུང་བར་བྱ་འམ་ཅི།། ཆུ་གཏར་རབ་ཏུ་རྒྱུ་བ་སྐད་ཅིག་ཉིད་ལ་སྐམ་མ་མ་ཙི།། བསྐལ་པའི་མེ་ནི་འོད་ཟེར་འབར་བས་རྩ་རྣམས་མ་ལུས་པ།། སྲེག་པ་བཞིན་དུ་འཇིག ་འཇིག་རྟེན་རྣམས་ནི་མཐར་བར་བྱ་འམ་ཅི། རིག་འཛིན་མ་རང་ཉིད་བསམས་ཏེ། ཇི་སྲིད་འདི་ནི་མཐོང་དུག་བཞིན།། འདི་ཡིས་དམོད་དུག་མ་གྲོལ་བ།། དེ་སྲིད་འདིར་ནི་བདག་གིས་ནི།། ཉེས་རྣམས་རབ་ཏུ་གསལ ་བར་བྱ།། སྙམ་མོ།། ཉེ་བར་བཏུང་དེ་ཕྱག་འཚལ་ནས། ཡོ་བ་གཅིག་གནང་བར་མཛོད་གནང་བར་མཛོད།། འདིར་པདྨ་བཱ་ཏི་དགོན་པའི་གླང་པོ་ཆེ་མྱོས་པས་གསོད་པ་ལསྭ།། མཐུ་ཆེན་པོ་འདིས་བསྒྲུབས་པའོ།། དྲང་སྲོང་ནས། འདི་ཡང་སུ ་ཞིག་ཡིན།། བཞད་གད་པ་འཇིག་སོ་བཞིན་དུ། ལྷ་ཚངས་པས་བྱིན་གྱིས་གཞོནུ་གཙུག་ན་ནོར་བུའོ།། དྲང་སྲོང་ནས་འདི་ནི་གཞོནུ་གཙུག་ན་ནོར་བུ་ཡིན་ན་ནོར་བུ་ཡིན་པ་དེ་བདེན་ནམ། ཞེས་ངེས་པར་བལྟས་ནས་དུས་སོ།། ཐེ་ཚོམ ་ནིཆོ་གོ།། འདི་ནི་མཚུངས་མེད་དཔལ་དྲང་ལྡན།། རྟགས་ཀྱང་ནོར་བུས་རྣམ་པར་སྤྲས།། ཇི་ལྟར་དཔག་བསམ་ལྗོན་པ་ནི།། བདག་གིས་དུག་གི་སྡོང་པོར་ཤེས།། ཐམས་ཅད་དུ་བདག་དུམ་ནཱ་ནི་མི་བཟོད་མི་ཤེས་པ།། བདག་དམན་ཤིན་ཏུ་མངོན ་འདོད་ལ།། གང་ཞིག་མི་ཤེས་དབང་གི་ནི།། བདག་གི་སྡིག་པ་མངོན་པར་བྱས།། ཐལ་མོ་སྦྱར་ནས་ཀྱེ་མག་པ་སྐྱེ་བོ་ལས་ཐོས་པས།། ཉེས་པར་བྱས་པ་འདི་རྣམས་བཟོད་པར་མཛོད་ཅིག། མི་ཤེས་པའི་དབང་གིས་ཉེས་པར་བྱས།། བཞད ་གང་བ་ནི་བྲམ་ཟེ་འཚོའོ་སྙ་མོ།། གཞོ་ནུས་ནས་གོང་མ་རྣམས་ལ་ཉེས་པ་མ་མོཆིསོ།། བྲམ་ཟེ་དགའ་ནས། བཞང་གདེ་བ་ལ་འཁྱུད།། ཕན་ཚུན་ཁྱོད་ཀྱང་བཟོད་པར་མཛོད་ཅིག་ཅེ་སོ།། དྲང་སྲོང་ནས། ཨ་ཧོ་གཞོནུ་ནི་བསྟན་པའོ།། བུ་མོ་པདྨ་དྷཱ ་རིང་ངོ་ཚ་ཡང་ཆོག་པར་མཛོད།། སྲོག་ཆགས་དབང་ཕྱུག་བདག་པོར་གྱུར།། ཡང་དག་པས་ནི་སྤྲོ་བར་གྱིས།། གཞོནུ་རང་ཉིད་བསམ་པ། འདི་བློ་བུར་དུ་བྱུང་སྙམ་ནས། གསལ་བྱོར་སྨྲས་པ། ཀྱེ་ལེགས་ལྡན་རྗེ་སུ་བསྒོ་བར་མཛོད་ཅིག། ་བདག་ཅི་བ་དག་གིས།། ཞེས་སའི་དུས་འདས་འགྲོ་བས་འགྲོ་བར་བྱེད་དོ།། དྲང་སྲོང་ནས། ལག་པའི་མུ་འཛིན་གང་བར་གྱིས་ལ་ཁྱོད་དང་བཙུན་མོ་གཉིས་ཀར་གཤེགས་ཤིག། གཞོ་ནུས་རྣམ་པར་བསམས་ཏེ་ལེགས་ལྡན་བདག་ནི་རྒྱལ ་རིག་སོ།། དྲང་སྲོང་ནས། འདི་ཡང་ཡིད་ཀྱི་མཚོ་ཡི་ནི།། ཆུ་སྐྱེས་སྦུབས་ལས་ཡང་དག་བྱུང་། བཞད་གད་པ་ནས། དེ་བཞིན་བདག་ཅག་གིས་ཀྱང་ཐོ་སོ།། འདྲེན་པ་ནས། ལེགས་ལྡན་བདག་ལ་ལྕི་བ་བདག་གིས་རྗེ་སུ་གནས་པ་མེ་དོ།། བཞད་གང ་བ་ནས། འདི་འབའ་ཞིག་མ་ཡིན་པ་རྗེ་སུ་གནང་བ་ནི་རི་མི་འོངས་ནས་བག་མར་བྱས་པ་ནི་འདིའོ།། དྲང་སྲོང་ནས། གཞན་ཡང་འགའ་ཞིག་མེད་དམ། འདྲེན་པ་ནི། འདྲེན་པ་ནས། ངོ་ཚ་དང་བཅ་སོ།། དྲང་སྲོང་ནས། འདི་ཅི་ཞིག། འདྲེན་པ་ནས་དེ་ལྟརོ།། ་དྲང་སྲོང་ནས། དེ་ལྟར་འགྱུར་བ་ཅི་ཡིན། འདྲེན་པ་ནས། ཀྱེ་འདི་ཉིད་དོ།། བཞད་གོད་པ་ངུ་ཞིང་། ཀྱེ་ཁྱོད་ལ་ཆགས་པར་གྱུར་པའི་སྲོག་མ་བསྲུང་ན་ད་ནི་ཇི་ལྟར་དྲང་སྲོང་གི་རིགས་ཐམས་ཅད་དེ་བཞིན་དུ་སྟོངས་པར་འགྱུརརོ།། རིག་འཛིན་མ ་ངུདུ་ཞིང་ཐམས་ཅད་འདིས་ཕྱིར་སྤོང་བར་བྱེདདོ།། དྲང་སྲོང་ནི་ངུ་ཞིང་ཁྱོད་ཀྱིས་ལུས་དང་འདྲ་བར་འདིས་ཇི་ལྟར་ཚངས་པར་སྤྱོད་ཀྱང་འཇོམས་པར་བྱེད་མ། གལ་ཏེ་ཁྱོད་ཀྱི་དེ་བཞིན་དུ་བདག་ཅག་རྣམས་ལ་དགའ་བ་མཐོང་བ་ལས། སླར། ་ཡང་གཞན་དུ་བླང་བར་འགྱུར་ཞིང་། བདག་ལ་འདིར་ཆེན་པོས་ཡོངསུ་སུན་འབྱིན་ཅིང་དེ་ཡིས་བདག་འདིར་ཆེན་པོར་ཡོངསུ་བསླུ་ཞིང་བསྲེག་ནས། བདག་ཅག་འཁོར་དང་བཅས་བྱའི་སྐྱེ་བོ་རྣམས་དང་ནི་མེའི་ནང་དུ་རང ་ཉིད་སྦྱིན་སྲེག་ཏུ་བྱའོ།། ཀྱེ་འདི་ན་སུ་སུ། མེ་ཁྱེར་ལ་ཤོག་ཅིག། བྲམ་ཟེ་ནས། བདག་ནི་ལྟ་བ་མི་བཟོད་པས། སྔོན་དུ་མེའི་ནང་དུ་འཇུག་པར་བྱེ་དོ།། བཞད་གང་པ་རང་ཉིད་ཀྱི་བསམས་པ། ཁྱོད་ཀྱི་དེ་ཉིད་ལེགསོ།། འདྲེན་པ་ནས་རང་ཉིད་བསམས་ཏེ། ་ཐམས་ཅད་ཀྱིས་ཡོང་དག་པར་བརྟུན་པར་བྱེའོ།། སྙམ་མོ།། གསལ་པོར་སྨྲས་པ། ལོགས་ལྡན་བདག་ནི་གན་སྟེ་གང་ཞིག། ཅུང་ཟད་མི་སྦྱིན་ཞེས་བྱ་མེད།། ཅིའི་ཕྱིར་ཤིན་ཏུ་སྙིང་རྗེ་བས། ངོའི་ཕྱིར་བདག་ནི་ཡོངསུ་སྤོང་།། པདྨ་ཅན་ནི་འདིས་བདག་དེ་བཞིན ་དུ་བྱས་ན་མཆོག་ཏུ་ཡང་དགའོ་སྙམ་ནས།། དྲང་སྲོང་ནས། ཁྱོད་དང་བུ་མོ་པདྨ་ཅན་ལྷན་ཅིག་ཏུ་ཆོ་སྤྱོད་ཅིང་དུག་ནི་མི་སྤྱོད། བཞད་གད་པ་ནས། ཁྱོད་ཀྱི་སླར་ཡང་བདག་ཀྱང་མི་གྲོལ་བ་མ་ཡིན་ནམ། འདྲེན་པ་ནས། ཁྱོད་ཇི་ལྟ་བ་བཞིན་དུ་གསུངས་ཤིག། བཞད ་གོང་པ་དང་བྲམ་ཟེ་དག་གར་བྱེདའོ།། རིག་འཛིན་མ་ནི་བདག་གི་བརྩམས་པ་དོན་གྲུབ་སྙམ།། པདྨོ་ཙནྡ་ནི་བྱེད་པ་པོས་བདག་རྗེསུ་བཟུང་སྙམ་མོ།། དྲང་སྲོང་ནས། ཆོས་མཁྱེན་པ་དང་བརྩེ་བ་ཡིས། གཙུག་ན་ནོར་བུས་བདག་བཞིན་དུ། རི་དབང་བག་མར ་བྱས་ཀྱང་ནི།། རི་བོ་དྲན་གྱུར་དོ་བཞིན་མིན།། དེ་ནས་སྦྱིན་སྲེག་གི་ཁང་པར་ཞུགས་ཏེ་ཚིག་རྣམས་ཇི་ལྟོ་བ་བཞིན་དུ་བསམས་ཏེ། བྱིན་གྱིས་བརླབས་ནས་ཐམས་ཅད་ཡོངསུ་ཞུག་སོ།། དྲང་སྲོང་ནི་ཕྱོགས་རྣམསུ་ཉི་མའི་དུས་ཚོད་དུ་སོང་ངམ། བལྟས ་ནས་འདི་ལྟ་སྟེ། དུས་སུ་སོང་ཞིང་ཞིང་རྩཝ་ལའི་ནགས་ཚལ་ཚོགས་རྣམས་སྔོན་ཞིང་ཆུ་ཀླུང་འགྲམ་གྱི་རི་མོ་ལས།། གླང་ཆེན་རིགས་རྣམས་གཉིས་ཀྱིས་མྱོས་ཤིང་མིག་ནི་ཟླུམ་བྱེད་རི་སུལ་གནས་རྣམསུ་ནི་འགྲོ་བར་བྱེད།། ཤལ་མ་ཀཱི་རྣམས ་ཀྱི་ནི་ཡལ་ག་སྒྲ་བཅས་སྡུད་ཅིང་བཅག་ནས་ཁུར་བ་རྣམས་ནི་སྐྱེས་པ་ཡིས།། ཐུབ་པ་རྣམས་ཀྱི་སེམས་ནི་ཚིམ་བྱེད་ཡིང་འཕྲོག་གུ་གུལ་ཕྱེ་མའི་དྲི་བཟངས་ཕྱོགས་རྣམས་ཁྱབ་པར་གྱུར།། འདི་ནི་སྐྱེ་བོ་དམ་པ་རྣམས་ཀྱི་ཟླ་བ་བཙུན་པ་ཟླ་བ ་ཡིས།། མཆོག་ཏུ་གསལ་བར་རབ་སྦྱར་གར་གྱི་ས་གཞིར་གར་མཛད་གར་ཚེགས་ཀྱིས།། གང་གི་ལེགས་བར་འདྲེན་བྱེད་ཆགས་པ་དྲོང་བྲལ་རྒྱལ་བ་རྣམས་ཀྱི་ནི།། ཡུམ་གྱུར་རྟོགས་པ་མཆོག་གི་རིན་ཆེན་བླ་མེད་དེ་ནི་ཐོབ་པར་འགྱུར།། ་ཞེས་པ་ནི་ཐམས་ཅད་ངེས་པར་ཞུགསོ།། ཡན་ལག་གསུམ་པ་རྫོགསོ།། ། དེ་ནས་སྦྲང་གི་བུ་མོར་རབ་ཏུ་ཞུགས་ཏེ། ངུ་ཞིང་གྲོགས་མོ་དགའ་མ་པདྨ་ཅན་གྱིས་ནི་ལོ་གཅིག་ལྷག་སོང་སྟེ། བདག་སྐལ་བ་དམན་པས་གྲོགས ་མོ་དགའ་མ་སླར་མཐོང་བར་འགྱུར་མི་འགྱུར་ནི་མི་ཤེས།། དཀའ་ཐུབ་ཀྱི་ནགས་ཚལ་འདི་ན་ཐུབ་པའི་སྐྱེ་བོས་རབ་ཏུ་གང་ཡང་དག་ནི་སྟོང་པ་སྙམ་དུ་སེམསོ།། དེ་ལ་ཇི་ལྟར་བདག་གིས་གདུང་བ་བསལ་བར་བྱ། ཡང་ན་ས་ཕྱོགས་སྟོང་པར ་ཞུགས་ནས་དྲག་བོར་ངུ་བར་བྱ་སྙམ་སྟེ། འདི་ནི་ངེས་པར་དོན་དུ་སླར་བྱའོ་སྙམ་ནས་ཡོངསུ་ཞུགསོ།། སྐྱེད་མོས་ཚལ་འདི་ནས་ན་ཏཱ་ནིའི་ལྗོན་པ་འདི་ནི་གྲོགས་མོ་དགའ་མ་བྱིས་པའི་དུས་སུ་ཡང་དག་པར་བསྐོན་པ་གང་ཡིན་པ་དེ་ནི་འདིའོ།། མཱ ་ཏ་བཱི་འཁྲི་ཤིང་ཀྱང་འདིའོ།། བདག་ནི་སྐལ་བ་དམན་ཏེ་ལྷན་ཅིག་ཏུ་བྱས་ནས་གྲོགས་མོ་དགའ་མ་པདྨ་ཅན་གྱིས་ཁྱད་པར་དུ་ཉེ་བར་བསྐྱེད་པའོ་ཞེས་ཡང་དག་པར་འཁྱུད་ནས་ངུ་ཞིང་གྲོགས་མོ་དགའ་མ་ནི་གང་དུ་སོང་ཁྱེར་རྣམ ་ཀྱང་མེ་ཏོག་ཁ་འབུས་པར་རིགས་སམ། ཡང་ན་དེ་བཞིན་གྲོགས་མེ་དགའ་མ་ཡང་ངེས་པར་འཁྲུངས་པར་གྱུར་ཏེ་མ། ཞེས་རྟོགས་པར་བྱེད་དོ།། ཇི་ལྟར་འདི་བཞིན་དུ་ཐོས་ཏེ་ཤིང་རྣམས་ཀྱང་མཚུངས་པར་མཛེས་པར་སྨྲའོ་སྙ་མོ།། ཡོལ་བའི་ནོང་དུའོ།། ་ཨ་ཧོརྨ་དུ་བྱུང་བ་ཆེན་པོ་འཁྲུངས་སྙམ་ནས་སྦྲང་གི་བུ་མོས་བལྟས་པ་ན། ཇི་ལྟར་བྲམ་ཟེ་མུཉྫའི་བུ་དེ་ནས་རབ་ཏུ་ཞུགས་ནས་ཨ་ཧོ་ཆེན་པོ་འཁྲུངསོ།། སྦྲང་གི་བུ་མོ་ཉེ་བར་བཏུད་ནས། འཕགས་པ་མུཉྫིའི་བུ་ལ་ཕྱག་བྱསོ།། མུཉྫ་ཤིན་ཏུ་དགའ་ནས ་མཐོང་བའི་བྱཱདེ་ལེག། ས་འཕེལ་བར་གྱུར་ཅིག། ཁྱོད་ཀྱི་གྲོགས་མོ་དགའ་མ་པདྨ་ཅན་ལ་ཁྱེའུ་ཞིག་བཙ་སོ།། སྦྲང་གི་བུ་མོ་ཤིན་ཏུ་དགའ་ནས། མུཉྫའི་བུ་ཁྱོད་ཀྱིས་བདུད་རྩིའི་ཆར་ཕབ་བོ།། ཡང་དེའི་མིང་ཙིར་བརྗོད་ཙཱང་། བྱིན་གྱིས་བརླབས་མཱཉྫ་ནས། ་པདྨ་སྐྱེས་ཞེསོ།། སྦྲང་གི་བུ་མོ་ནས། དགའོ་དགའོ།། མོཉྫ་ནས། འདི་འབའ་ཞིག་ལས་ཡིད་གཞན་མེད་ངམ། སྦྲང་གི་བུ་མེ་ནས། འདི་ཡང་ཡིན་མོད། ཡང་གཞན་དགའ་བ་ཅི་ཞིག། མོཉྫ་ནས། དེ་ནས་རྒྱལ་པོ་ཚུངས་པས་བྱིན་གྱིས་ཁྱེའུ་ཡི་བཞིན་མཐོང་ནས་མཉེས ་ཏོཏེལྷོ་གཙུག་ན་ནོར་བུ་རྒྱལ་སྲིད་ལ་དབང་བསྐུརོ།། སྟེང་གི་བུ་མོ་ནས། ཧོ་དགའོ་དགའོ།། མོཉྫ་ནས་དེ་ནས་འོད་ཀྱི་བློ་གྲོས་མ་དང་། རྒྱལ་པོ་ཚངས་པས་བྱིན་གཉིས་དཀའ་ཐུབ་ཀྱི་ཆེལ་དུ་གཤེགས་ཤིང་བསྐྱེད་དོ།། དེ་ནས་གཞོནུ་གཙུག་ན་ནོར་བུའང་ཡབ ་ཀྱི་རྗེ་སུ་འཇུག་ཅིང་གཤོག་སོ།། སྦྲང་གི་བུ་མོ་མི་དུ་ཞིང་མོཉྫའི་བུ་བདག་གི་མའང་དེ་བཞིན་ནམ་ཞེས་སྒྲ། མོཉྫ་ནས། གཏམ་ལྷག་མྱ་མ་ལུས་པ་སྨྲ་བ་རྣ་བ་ལ་ཞོག་ཅིག་དང་། དེ་ནས་རྒྱལ་པོ་ཚངས་བྱིན་གྱིས་གཞོ་ནུའི་སྐྱོ་བ་ཡོངསུ་བསྩལ་བའི་ཕྱིར། ་ཕོ་བྲང་གི་སྐྱེད་མོས་ཚལ་དུ་དཀའ་ཐུབ་ཀྱི་ནགས་ཀྱི་བྱ་བེ་བྱེད་ཅིང་ནགས་ན་གནསོ།། དེ་ནས་ཡབ་ཀྱི་བཀ་སཱི་རྗེ་སུ་གནས་ནས་གཞོནུ་གཙུག་ན་ནོར་བུ་ནི་སྲུངས་མ་མེད་པའི་མཆོད་སྦྱིན་བཤམས་ནས་མཆི་སོ།། བདག་ཀྱང་དེར་འགྲོ་བར་བྱེད་དོ།། ་ཁྱོད་ཀྱི་གྲོག་མོ་དགའ་མ་ལ་བདག་གིས་ཅི་ཞིག་སྨྲ་བོར་བྱ། སྦྲང་གི་བུ་མོ་ནས་སྔར་ཡང་དྲང་སྲོང་གི་གནས་ཀྱི་རྒྱུན་དུ་གྱིས་ཤིག། མཉྫུ་ནས་དམན་དེ་སླར་ཡང་བཀྲ་ཤིས་འཇོམས་པའོ།། སྦྲང་གི་བུ་མོ་ཤིན་ཏུ་འཇིགས་ཏེ། བདག་གིས་ཅི་ཞོག་སྨྲས ་སྙམ་མོ།། དེ་ནས་འདིར་ནང་དུ་རབ་ཏུ་ཞུགས་ཤིག། སྐྱེས་གཞན་བསྒྱུར་བར་བྱའོ།། དེའི་ཕྱིར་རབ་ཏུ་ཞུགས་ནས་སོང་ངོ་།། དེ་ནས་བྲན་པོ་རབ་ཏུ་ཞུགས་ནས་པར་སྡོད་པར་སོང་། ཅིའི་ཕྱིར་ལྷག་པར་འཚང་ཞིང་འབུལ་བར་བྱེད། བྲམ་ཟེའི་ཁང་པ་དེར་རྒྱུ ་སིང་ཅི་བྱེད། ངེས་པར་བལྟས་ནས་ཇི་ལྟར་བསྲུང་ཀྱང་མི་སྡོད་པར་ཡོངསུ་འཇུག་ཅིང་འདི་ནི་འཛིན་ཅིང་། འདི་རྣམས་ནི་འཇོག་ཅིང་། ཡང་ལེན་ཅིང་། གཞན་རྣམས་ནི་སྦྱིན་སྲེག་བྱེད་ཅིང་བྲམ་ཟེ་འདྲང་བར་དཀའ་བ་རྣམས་ཐམས་ཅད་ཟ་འདོད་ནས་ཇི་ལྟར ་བྲམ་ཟེ་འཁྱམ་པོ་རྣམས་སེངྒེའི་གདན་གྱི་སྟེང་དུ་སྡོད། ཕར་སོང་བར་སོང་། ལ་བྲམ་ཟེ་རྣམས་པར་ཟུར་ཕར་ཟུར། དམོད་པའི་རྨ་རྣམས་ན་ནས་གར་བྱེད།། ངན་པོ་རྣམས་ང་ལ་ཅི་སྟེ་སྟེག་པར་བྱེད་ཅེས་སྨྲའོ།། དེའི་བློན་པོ་སྣ་ཆེན་པོ་ལག་བཟངས་ངེས ་པར་འོང་བར་མཐོང་ནས་འདི་རྣམས་དེ་ལ་སླུའོ་སྙམ།། དེ་ནས་ལག་བཟངས་རབ་ཏུ་ཞུགས་ནས་ཨ་རེ་རི་ལུས་ངན་པོ་པར་ཟུར་ཕར་ཟུར། འདིར་སྤྲོ་བས་དོན་གང་ཇི་ལྟར་འདོད་པས་སྟེར་བ་ལ་ཅིའི་ཕྱིར་སློངས་མོ་བ་རྣམས་ཡོངསུ་སུན ་འབྱེད་པར་བྱེད། འདི་རྣམས་ཀྱི་དོན་དུ་ཡང་དག་པར་བཙམ་པ་སྟེ། གཞོནུ་གཙུག་ན་ནོར་བུས་འགོག་པ་མེད་པའི་མཆོད་སྦྱིན་ཐམས་ཅད་རང་ལེན་གྱི། ཡོན་འདི་ནི་ལྷ་ཡིས་འགྲོ་བ་མ་ལུས་པ་ནི་མངོན་འདོད་ཡོངསུ་འགེངས་པ་མཚན་དུ་བཅིངས་པ ་ཡིན་ནོ།། ཆོག་འདི་ལ་སློངས་མོ་པ་རྣམས་ལ་དེ་བཞིན་དུ་ཅུང་ཟད་ནི་ལོས་ཀྱང་སྟེར། སྔོན་ཡང་འདིས་དེ་བཞིན་དུ་མཛད་ནས་ཇི་ལྟར་འདོད་པ་འཛིན་པར་བྱེད་དོ།། དེ་རྣམས་ཀྱི་འདི་བློ་བུར་དུ་བྱུང་བ་མ་ཡིནོ།། འདི་ལ་རབ་ཏུ་ཞུགས་ནས་དྲི་རིང་གི་ལཱྀ་ལ་སོང་ངོ་།། ་བྲན་པོ་ནི་ཇི་ལྟར་འདི་ཡང་རྣམ་པར་ཁྲོས་ན་དེ་བཞིན་དུ་འདིར་གཞན་ཡང་མི་རྙེད་དོ།། སྐྱེམ་ནས། དེ་ནས་བྲོས་ནས་སོང་ངོ་།། ལགས་བཟངས་ཡོངསུ་ཞུགས་ཏེ། ལྷ་གཙུག་ན་ནོར་བུས་སྦྱིན་པ་རྣམས་རྣམ་པར་ལྟ་བ་ལ་བདག་བསྐོས་པ་ཡིན་པས་ཇི་སྲིད ་བལྟའོ་སྙམ་ནས་ངེས་པར་བལྟས་པ་ན་ཤིན་ཏུ་དགའ་སྟེ། ཨ་ཧོ་དི་རིང་ལྕིའི་ཕུན་སུམ་ཚོགས་པ་ཆེན་པོ་ནི་གང་གིས་ཇི་ལྟ་བ་དེ་བཞིན་དུ་ཇི་ལྟར་འདོད་པ་ལེན་པས་ཀྱང་ཟད་པར་མ་གྱུར་ཏེ།། འདི་ལྟ་སྟེ། གསེར་གྱི་ཕུང་པོ་རྣམས་ནི་འདི་ན་རབ་ཏུ་མཐོ་ཞིང་རི ་རབ་དང་ནི་འགྲན་པ་ལྟར།། རིན་ཆེན་རྣམས་ཀྱི་ཕུང་པོ་འོད་ཟེར་རབ་ཏུ་འཕྲོ་བ་ཉི་མའི་འོད་ཀྱང་ཟིལ་གྱི་ནོམ།། མུ་ཏིག་མཆོག་ཟླུམ་དོ་ཤལ་ཚིགས་རྣམས་བཀོད་པ་འོད་ཟེར་འཚེར་བ་སྐར་མའི་ཕྲེང་བ་བཞིན།། སྐྱེ་བོ་རྣམས་ནི་གང་ཞིག་རང་དབང་བླངས་ནས ་རང་མ་བཞིན་དུ་དལ་བུས་འགྲོ་བར་བྱེད།། ཡོངསུ་ཞུགས་ནས་གཞན་ཡང་བལྟས་པ་མ།། གླང་ཆེན་དབང་པོ་རྣམས་ཀྱིས་མྱོས་པའི་ཆང་ནི་ས་ལ་བར་མེད་རབ་ཏུ་འབབ་པ་ལེན་བྱེད་པས།། མྱུར་འགྲོའི་སྲས་ནི་རྣམ་པར་རིང་རྣམས་རྨིག་པའི་ནརྣམ ་ངེས་པར་འདྲེད་པས་ངོ་མཚར་རབ་ཏུ་བཅས།། ཤིརྟྟི་རྣམས་ནི་རྒྱ་ནཱག་པ་དན་མདངས་ལྡན་རྣམས་ནི་རྒྱུ་ག་ཅིང་བསྐྱོད་པ་གཡོར་ཀའི་སྒྲ་བཅས་ལ།། བྲམ་ཟེ་རྣམས་ཀྱིས་རབ་བསྐྱོད་འཁོར་ལོའོ་མུ་ཁྱུད་སྒྲ་ཡིས་ས་ཚན་ནོར་ལྡན་རབ་ཏུ་གཡོ་བ་ལྟར། ་བརྒྱ་བྱིན་གྱིས་མཆོད་སྦྱིན་བརྒྱ་རབ་ཏུ་བྱིན་པ་དེ་འདིར་སའི་མཐིལ་དུ་ལྷ་ལ་བདག་གིས་སྨྲ་བར་བྱའོ།། སྣམ་ནོས་གཞན་ཡང་བལྟས་པ་ན།། ཇི་ལྟར་མཚན་ཉིད་འདི་ལྟ་བུ་ནཾ་ཀུ་རུའི་རྒྱལ་པོ་བཟོད་པར་དཀའ་བ་གང་ཞིག་གིས་མི་བཟོད་པར་མི ་འགྱུར་རམ། འོན་ཀྱང་དེས་ཅུང་ཟད་ཀྱང་མི་འགྱུར་སྐུ་མོ།། ཡོང་སུ་ཞུགས་པ་ན་དེར་སྦྱིན་སྲེག་གི་ཁང་པོར་ལྷ་ཉིད་རབ་ཏུ་ཞུག་སོ།། རང་འདོད་དཔལ་དང་བྱམས་པ་ཡིས།། ཚངས་པའི་ཞི་བ་ལས་ཀྱང་རྒྱལ།། བདེན་པས་ས་ཆེན་ལས་རྒྱལ་ནས།། ཆོས་ནི་མངོན ་སུམ་བཞིན་དུ་གནས།། ཇི་སྲིད་བདག་ཉིད་ཉེ་བར་བཏུད་དོ།། དེ་ནས་རྒྱལ་པོ་དང་། པདྨ་ཅན་དང་། བསྐྲད་གང་བ་དང་། མཁན་པོ་རྣམས་རབ་ཏུ་ཞུག་སོ།། རྒྱལ་པོ་དང་། མཁན་པོ་དང་། མཆོད་སྦྱིན་རྣམས་ལག་བཟངས་ཉེ་བར་བཏུ་དེ་ཕྱག་འཚལ་ཏེ། ་རྒྱལ་པོ་ཆེན་པོ་རྒྱལ་བར་གྱུར་ཅིག། རྒྱལ་བར་གྱུར་ཅིག། ལྷ་ཉིད་ཀྱི་བཀའ་ཡི་རྗེསུ་བསྒོ་ནས་སྦྱིན་པའི་ས་གཞི་རྣམས་བདག་གིས་བལྟསོ།། རྒྱལ་པོ་ནས་དེ་ན་ཡང་ནི་སློང་བ་རྣམས།། རང་གི་ཁྱི་བཞིན་རབ་ཞུགས་ནས།། ཇི་ལྟར་མངོན་འདོད ་ཡོངས་བླངས་ཤིང་།། ཡིད་ཀྱི་ཤི་རྟ་ག་འགྲོ་འམ།། ལྷག་བཟངས་ནས།། ཁྱུ་མངོན་པར་འདོད་པ་ཕུན་སུམ་ཚོགས་ཏེ། དཔལ་ནི་གང་ཞིག་ས་བདག་རྣམས་ཀྱིས་ས་སྟེངས་ནས།། རབ། འབ་རྙེད་རྣམས་ཀུན་ལ་བདེ་ས ་ཉེར་བསྙེན་གྱུར།། སྐྱེ་བོ་རྣམས་ཀྱི་རབ་ཏུ་ཞུགས་པས་ཁྱིམ་ཁྱིམ་རྣམས་ད་ནི་ཁྱོད་པས་ཀྱང་ནི་རྣམས་ཤིན་ཏུ་ལྷག། རྒྱལ་པོ་ནས་འདི་ནི་ཅུང་ཟད་ཀྱང་མ་ཡིན་ཏེ། འདིར་ཕྱི་རོལ་གྱི་དངོས་པོ་རྣམས་ནི་ཐམས་ཅད་ཀྱི་ཐུན་མོང་སྟེ། འདིར་བདག ་གི་ཅི་ཞིག་བྱིན། དེ་བཞིན་དུ་འཇིག་རྟེན་རྣམས་ནི་མཐུ་ཆེ་སྟེ་རང་དབང་བའི་དངོས་པོ་ཡང་དེ་བཞིན་དུ་བདག་གིས་སྦྱིན་པའི་གནས་ཞེས་སྒྲོག་པར་བྱེད།། གཟིགས་མཛོད།། འཇིག་རྟེན་ཀུན་གྱི་སྤྱི་ཡི་ནི།། ཕྱི་རོལ་དངོས་རྣམས་དེ་དག་གིས།། འཇིག ་རྟེན་སྲེད་པས་རྣམ་བསླུས་ནས།། བདག་ཅེས་འདིར་ནི་འཛིན་པར་བྱེད།། བདག་གིས་ནི། སྙིང་པོ་མེད་ཅིང་མི་དྲན་པའི་ལུས་འདི་ཡང་།། འགྲོ་བའི་དོན་གྲུབ་ཕྱིར་ནི་དྲག་ཏུ་ཡོངསུ་གཏོང་། གངྒཱ་འདྀ་ནི་ཛཱི་ཝཱ་ཛཱི་ལྟར་མངོན་འདོད་པ།། དེ་དང་དྭེ་ཡི་དེ་ཝཱ་ཧཱུཾ ་ལྟར་རབ་ཏུ་སྦྱོར་ཅེ་སོ།། ཡོཾ་ལཱ་བིའུ་ནད་དུ་ཀཱ་ལ་ཀཱ་ལེའི་སྒྲའོ།། ཐམས་ཅད་ཤིན་ཏུ་འཇིགས་ནས་ཕྱོགས་རྣམསུ་བལྟའོ།། རྒྱལ་པོ་ནི་སྐབས་མ་ཡིན་པོར་དེ་བཞིན་དུ་གཉིད་རྣམ་པར་ཡུར་རོ།། འཇིག་རྟེན་རྣམས་ནི་ཡོངསུ་གཡོའོ།། མཁྱེན་པ ་ནོ་གུས་ཤིང་འབད་པས་སྦྱིན་སྲེག་བྱེད།། ཨ་ཤ~ཾ་ཨ་ཤཾ་ཥཊ་ཅེ་སོ།། བཞད་གད་པ་ནས། ཀྱེ་ན་མཉམ་ཡ་མཚན་ཆེ། ཡ་མཚན་ཆེ། རླུང་ནི་དྲང་པོས་རྣམ་པར་སྤྱོད་པ་ཡིས།། ཆུ་གཏེར་སྐྱེ་བོ་དང་བཅས་ཆུ་རྣམས་ནི།། དབའ་རླབས་ཕྲེང་བས་ཡོངསུ ་བསྐྱོད་པའོ།། གྲཝ་བཞིན་ནོར་ལྡན་ཤིན་ཏུ་གཡོ་བར་གྱུར།། རྒྱལ་པོ་ནས། ན་མཉམ་ཁྱོད་ཀྱིས་ལེགས་པར་རྟགས་ཏེ། བྲག་ཆུང་མུའི་ཕུང་པོ་རླུང་གིས་ཡོངསུ་བསྐྱོད་པའི།། དཔའ་རླབས་རབ་ཏུ་འཁྲུགས་སྟར་ས་ཆེན་ཡང་དག་རྣམ་པར་གཡོ།། གང་ལ ་དེ་རིང་འདི་རྣམས་མཐོ་དད་དམའགྱུར་གྲུ་བཞིན་བྱེད།། འཇིག་རྟེན་རྣམས་ནི་རླུང་གིས་མྱོས་བཞིན་ལུས་ནི་རྣམ་པར་གཡོ།། པདྨ་ནཱན་ནི་ཧ་བུ་པདྨ་སྐྱེས་གང་དུ་སོང་ངམ་ཞེས་སྨྲ། དེ་ནས་གཡོག་མོས་པདྨ་སྐྱེས་ལག་པ་ནས་བཟུང་ནས་རབ་ཏུ ་ཞུགས་ནས་གཞོ་ནུ་པདྨ་སྐྱེས་ནི་འདའོ་ཞེསོ།། པདྨོ་སྐྱེས་ནས། འངགླས་པ་འདི་ཅི་ཞིག། ལྷ་མོ་ནི་བུའི་ལག་པ་ནས་བཟུང་ནས། རྒྱལ་པོའི་དྲུང་དུ་ཉེ་བར་བཏུད་ནས། རྗེའི་སྲས་འདི་བཞིན་དུ་འཁྲུགས་པ་འདི་བཞིན་དུ་འཁྲུག་པ་འདི་ཅི་ཞིག། འདྲེན་པ་ནི ་པདྨ་ཅན་གྱི་ལག་པ་ནས་བཟུང་ནས། དབུགས་འབྱིན་སྟེ། ཨ་ཡི་འཇིགས་ཅན་རེ་ཞིག་ལྟོས་དང་། སྔོན་མ་མཐོང་བའི་རྨད་དུ་བྱུང་བའི་དགའ་བའི་གནས་སྐབས་ཀྱི་མཐར་ཐུག་པ་འདི་ལྟ་སྟེ། ས་གཞིའི་དབའ་རླབས་རིམ་པ་མཐོ་དང་དམའ་བ་རྣམ ་པ་རིབ་ཏུ་མང་པོ་རྣམས།། ཁང་བཟངས་གདུགས་དང་རྒྱལ་མཚན་པ་དན་ཅོད་པན་རྣམས་ནི་བསྐྱེད་པའི་རིམ་པ་ལྟར།། སྒོ་ཆེན་རབ་ཏུ་འཇུག་པ་སྤྲིན་རྣམས་ཀྱིས་ནི་འབྱུག་སྒྲ་དྲག་ཏུ་སྒྲོག་པ་ལྟར།། འདི་རྣམས་ཆུ་གཏེར་འདྲ་ཞིང་མི་མཚུངས ་ཁྱད་པར་སླར་ཡང་འཇིག་རྟེན་མི་ལྟུང་ཙམ།། གཞན་ཡོང་ལྷ་མོ་ཁང་པའི་ཕྲེང་བ་རྣམས་ནི་འཕྲོད་ལ་འགྱེད་ཞིང་སླར་ཡང་ལངས།། ཆུ་བོ་རྣམས་ནི་གྱེན་དུ་འཕར་ཞིང་གཞན་དུའང་འགྲོ་མི་བྱེད།། ས་ཆེན་མཐོ་དང་དམའ་བ་རྣམ་པ་སྣ་ཚོགས ་བྱེད་པ་ནི།། མེ་ལོང་ནང་གིས་གཟུགས་བརྙན་རྣམ་པར་གཡོ་བ་རྟོགས་པ་ལྟར།། ལག་བཟང་ནས། ལྷ་མཐོང་ལག་སོ།། ཤར་ཕྱོགས་རྣམས་རིའི་འགྲམ་བཅས་འོག་ཏུ་འགྲོ་བྱེད་ནུབ་ཕྱོགས་ན་མཁའ་ལ་ནི་རབ་ཏུ་འགྲོ། རྣམ་པར ་གཡོ་བས་ལྷོ་ཕྱོགས་དམའ་བར་ལྟུང་ཞིང་བྱང་ཕྱོགས་འདི་རྣམས་ཤིན་ཏུ་མཐོན་པོར་འགྲོ།། ཆུ་གཏེར་གཡོ་བས་དབུས་ནི་འོག་ཏུ་རབ་ཏུ་འགྲོ་ཞིང་མཐའ་ཕྱོགས་རྣམས་སྟེང་དུ་རབ་ཏུ་འགྲོ། འདི་རྣམས་ཀྱང་ནི་སྟེང་དང་འོག་ཏུ་རབ་ཏུ་རེག་སྟེ་ཆུ ་འཛིན་མཐར་ཐུག་ཕྱོགས་ཀྱི་མཐར་ཐུག་པ།། རྒྱལ་པོ་ནི་ངོ་མཚར་ནས་ཕྱི་རོལ་ཏུ་ཉེ་བར་བྱུང་སྟེ་འཇིག་རྟེན་པ་རྣམས་ལ་དབུགས་འབྱིན་པ་མཛད་།། ལག་བཟངས་ནི་ལྷའི་བཀའ་ཡིས་ཇི་ལྟར་བསྒོ་ནས་ངེས་པར་ཞུགསོ།། རྒྱལ་པོ་ནི་ལེགས་ལྡན་ནོར ་འཛིན་མ་ལ་མཆོད་ཡོན་ཕུལ་ནས། སྐྱེ་དགུ་རྣམས་ལ་ལྟས་ངན་གང་ཡིན་དེ་འབྲས་དག་སྨིན་ནས།། བདག་གི་སྦྱིན་གནས་རྗེས་བཟུང་སྐྱེ་བོ་རྣམས་ལ་འབྱུང་མ་གྱུར།། འདིར་ནི་སྐྱེ་བོའི་མངོན་པར་འདོད་རྣམས་རབ་ཏུ་རྫོགས་ཕྱིའི་ཕྱིར།། གལ་ཏེ་སྐྱེ་བོ་འདི་རྣམས ་ཉེས་ནའང་བདག་གི་མངོན་འདོང་ཆ།། མཁན་པོ་ནི་གུསྭཱ་པཱ་དང་བཅས་ནས་སྦྱིན་སྲེག་བྱེད།། ཨིནྡྲ་ཨཱ་གཙྪ་ཧ་རཽ་ཨཱ་གཙྪ་ཧཱ་རཱི་ཨ་ཙྪ་མོ་མ་དྷ་ཏི་ཐེ་མེ་ཥེ་བྲི་ཥ་ཎ་མ་པ་ཥྱ་མེ་ཞེས་སོ།། མེའི་ཐལ་ཁུང་ལ་བལྟས་ནས་འཇིགས་པོས་ཕྱིར་འཕོར་རོ།། བཞད་གང། ་བ་ཤིན་ཏུ་འཇིགས་ནས་ཀྱེ་ན་མཉམ་ལྟོས་ལྟོས།། འདི་ནི་འཇིགས་ཤིང་ཁོའི་སྒོ་ནས་མཆེ་བ་རབ་ཏུ་གཙིགས།། མིག་ནི་ཉིན་བྱེད་གསལ་བའི་དཀྱིལ་འཁོར་འདྲ་ཞིང་རབ་ཏུ་དམར།། ཤིན་ཏུ་འཇིགས་ཆེན་གང་རྒྱངས་ངེས་པར་རབ་ཏུ་སྒྲོགས།། འདི ་ནི་སྦྱིན་སྲེག་ཐབ་ཁུང་བྱེད་ནས་ཡང་དག་བྱུང་བར་གྱུར།། དེ་ནས་སྲིན་པོ་རབ་ཏུ་ཞུགསོ།། ཨ་ཧོ་ཧུ་ཏཱ་མ་ཧོ་དཏ་ཧཱུཾ། ཞེས་གར་བྱེད་ཅིང་། འབྱུང་བཞི་འདི་རྣམས་གོམས་པའི་སྟོབས་ཀྱིས་རབ་འཇིག་ཅིང་།། བར་སྣང་འདི་རྣམས་འོད་ཟེར་མངོན་པར ་འབོར་བར་བུ་བྱ།། ཕྱོགས་ཀྱི་འཁོར་ལོ་ལག་པ་རབ་རྐྱང་བསྡུད་བྱེད་ཅིང་།། འགྲོ་བ་མ་ལུས་བདག་གིས་རྣམ་པར་གཡོ་བར་བྱ་ཞེསོ།། རྒྱལ་པོ་ནས་དགེ་བ་བྱེད་པ་ལྔ་བགེགས་མང་ངོ་ཞེས་བརྗོད་པ་འདི་བདེན་པ་འདི་བདེན་པར་འདུག་གོ་ཞེས་བསྲུང་།། ་པདྨ་ཅན་ནི་ཤིན་ཏུ་འཇིགས་བྱིས་པའི་གདོང་ལ་གོས་ཀྱི་བཀ་བོ་སྟེ་རྒྱལ་པོའི་རྒྱབ་ཏུ་འོངསོ།། རྒྱལ་པོ་ནས། ཀྱེ་སེམས་ཅན་དགོངས་ཅིའི་ཆེད་དུ་འདིར་འོངས། སྲིན་པོ་ནས། ཁྱོད་ཐམས་ཅད་རབ་ཏུ་འཇུག་པའི་ཚུལ་ཁང་ཆེན་པོ་བྱས་ནས་དགོས ་བ་ཅིའི་ཆེད་དུ་འོངས་ཀྱང་འདྲི་བར་བྱེད་དམ། རྒྱལ་པོ་ནི་ཤིན་ཏུ་མཉེས་ནས་གལ་ཏེ་ཁྱོད་ཀྱི་སློང་དུ་འོངས་སམ། ཅི་སློང་བ་སྨྲོས་ཤིག། སྲིན་པོ་ནས། ཟས་སོ།། བཞད་གདྲ་བ་འདྲེན་པའི་རྒྱབ་ཏུ་ཤིན་ཏུ་འཇིགས་ནས་འོངས་ཏེ་ཚུལ་གྱི་ཁང ་པར་ཟས་ལྔ་སོང་ཞེས་སྨྲ། སྲིན་པོ་ནས། བདག་གི་ཟས་ནི་གཞན་ཡིན་ནམ།། རྒྱལ་པོ་ནས་སྨྲོས་ཤིག། སྲིན་པོ་ནས། ཤུ་ནཱི་མདངས་ལྡན་སླར་ཡང་རལ་གྲིའི་ལོ་མས་སྔོན་ཉིད་དུ།། རྣམ་བཅས་རབ་ཏུ་ཤིན་ཏུ་མང་པོ་དྲོན་མོ་མྱདོག་ན་དམར་པོ ་རྣམས།། མིའི་དབང་པོ་སྲིན་པོ་རྣམས་ཀྱི་བཟའ་བ་དེ་རྣམས་ཡིན།། མི་ཡི་བཟའ་བའི་རིག་རྣམས་བདག་ལ་ངེས་པར་ཅི་ཞིག་བྱ།། རྒྱལ་པོ་ཤིན་ཏུ་མཉེས་ནས། ཚུར་ཤོག་མཁས་པ་ཡིད་ཀྱི་ཤིང་རྟ་རྫོགས་པར་བྱ།། ཚུར་ཤོག་བཟའ་པ་ཇི ་ལྔར་འདོད་བཞིན་ལུས་འདི་ནི།། ཕ་རོལ་དོན་ཕྱིར་བདག་གིས་འདི་ནི་ཉེ་བར་བསྲུངས།། ཤ་རྣམས་བཅད་པས་བདག་ནི་ཡུན་རིང་འབྲས་བཅས་འགྱུར།། པདྨ་ཅན་དུ་ཞིང་རྗེའི་སྲས་ཁྱོད་ཀྱི་དི་རིང་ཚུལ་ལུགས་འདི་ཅི ་ཞིག། རྒྱལ་པོ་ནས་ལྷ་མོ་སྐྱེས་པ་དེའི་འབྲས་བུ་དང་བཅསོ།། བཞུད་གོད་པ་ནས་ཀྱེ་ན་མཉམ་ཇི་ལྟར་གཅིག་གི་དོན་གྱི་ཕྱིར་འཇིག་རྟེན་འདི་རྣམས་ཡོངསུ་གཏོང་ངམ། རྒྱལ་པོ་ནས། བདག་ནི་དེ་བཞིན་གང་དུ་ཡང་།། འགྲོ་བ་འགའ་ཡང་འདོར་མི་བྱེད ་དེའི་ཕྱིར་ན་སྐྱེ་བོ་འདི།། ཟུག་རྔུའི་ཕྱིར་བདག་ཉིད་གཏོང་།། མཁན་པོ་ནས། བདག་ནི་དེ་ལྟ་བུའི་མཆོད་སྦྱིན་གྱི་ཆོ་ག་འདདི་མི་བྱེདདོ།། འདིར་ནི་ཕྱུགས་གསོད་ལེན་པའི་ཕྱིར།། བགེགས་ནི་ངེས་པར་རྣམ་པར་ཞུགས།། འདི་ཡི་ཆོ་ག་རིག་བྱེད་ལས།། འདི་ལ་ཕྱོག ་ནི་སྦྱིན་པར་བཤད།། རྒྱལ་པོ་ནས། གང་ཞིག་དགོས་འདོད་བགེགས་ཡིན་ན།། བདག་ནི་བགེགས་ཀྱང་མཆོག་ཏུ་མོས།། གོང་ལ་ཡིད་ཀྱི་ཤིང་རྟ་འགྲུབ།། ཆོ་ག་དེ་བཞིན་དྲུག་ཏུ་ཤོག། སླར་ཡང་། ཀྱེ་བྲམ་ཟེ་མཆོད་སྦྱིན་ལ།། སྲིན་པོ་ཕྱུགས་རྣམས་ཅི ་ཕྱིར་རླུང་།། ཡང་ན་བདུད་རྩི་སྤངས་ནས་ནི།། སྙིང་པོ་མེད་པས་ཅི་ཞིག་བྱ།། སྲིན་པོ་ནས། བྷོ་ཁྱོད་འདིར་ཅིའི་ཕྱིར་གཏམ་སྐམ་པོས་དུས་འཕྲོག་པར་བྱེད།། རྒྱལ་པོ་ནས། བྷོ་འདིར་མཆོག་གི་ཚེས་གྲངས་ལེ།། ལུས་ལྔ་ཇི་ལྟར་འདོད་པ་ཉེ་བར་སྤྱོད་ཅིག། པདྨ ་ཙན་ནི་ངུ་ཞིང་སྐལ་བ་དམན་པ་བདག་གི།། ལུས་འདི་ཡང་རེ་ཞིག་དང་པོར་ཉེ་བར་བཟའ་བར་གྱིས་ཤི་གོ།། རྒྱལ་པོ་ནས། འདི་ནི་བདག་འདོད་ཡིན་ནོ།། པདྨ་ཅན་ནམ། ལུས་འདི་ཡང་ལྷའི་ཡིན་མོད། སྲིན་པོ་ནས། ཨི་མྱ་ངན་གྱི་འཇིགས་པའི་བོག་ཆགས ་ཅན་འདིས་ཅི་ཞིག། ཤུམས་མེདོ།། ལྟོས་ཤིག་དང་། མྱ་ངན་བྱས་པའི་ཤ་ནི་བསྐ་དང་ཁ་ཞིང་ཚ་བའི་རོ་རྣམས་ཡང་དག་བྲོ་བར་བྱེད།། ཆགས་པ་ཅན་ནི་སླ་ཞིང་། ཁུ་བར་བྱས་བཞིན་རབ་ཏུ་སྐྲག་བཅས་དེ་ནི་བསྐམས་པ་འདྲ།། ཁྲོས་པའི་སྦྱར་ཞིང ་རབ་ཏུ་ཚ་དང་རྩུབ་ཅིང་བུད་མེད་ཟོས་ནས་བྲང་ནི་ཚ་བར་བྱེད།། མཆོག་ཏུ་བྱམས་པའི་ངོ་བོ་ཉིད་ཀྱི་ལུས་ནི་མངར་ཞིང་དབང་པོ་ཐམས་ཅད་མཆོག་ཏུ་ཚིམ།། རྒྱལ་པོ་ཤིན་ཏུ་མཉེས་ནས། རིང་པོ་ནས་སློང་བའི་མངོན་ཤེས་ཅན་རེ་ཞིག་བདག་གིས ་མཐོང་ངོ་ཞེས་ནས་མཚོན་ཐོགས་ཏེ། ཤ་གཅོད་པར་བྱས་པ་ན། པདྨ་ཅན་ནི་ལག་པ་ནས་བཟུང་ན། རྗེའི་སྲས་མ་བསམ་པར་མ་བྱེད་ཅིག། ཅེས་སྨྲ་ཞིང་། ཀྱེ་སེམས་ཅན་ཆེན་པོ་འཕགས་པའི་བུ་ཡོངསུ་ཐོང་ལ་བདག་ལོང་ཅིག་ཟེར། པདྨ་སྐྱེས་ནས། ་བྷོ་ལ་ཀྵ་ས་འཕགས་པ་ཐོང་ལ་བདག་ལོང་ཅིག་ཟེར། བཞད་གད་པ་ནས། བྷོ་སེམས་ཅན་ཆེན་པོ་གྲོགས་དགའ་བ་ཐོང་ལ་བདག་ཟོ་ཅིག་ཟེར། རྒྱལ་པོ་ནས། མ་འབྲེལ་པ་དེས་ཆོ་ག་ཆོ་ག། ལྷ་མོ་བདག་གི་ཆོས་ཀྱི་བགེགས་མ་བྱེད་ཅིག་ཅེས་གསུངས། པདྨ ་ཅན་ནི་རྨོངས་ནས་གར་བྱེད།། བཞད་གད་པ་ནཱི་གཞོ་ནུའོ་གདོང་གོས་ཀྱི་གཡོགས་པར་བྱེདའོ།། རྒྱལ་པོ་ནས། བྷོ་སེམས་ཅན་ཆེན་པོ་གནས་སྐབས་འདིར་བདག་གི་ཤ་ལ་ཉེ་བར་སྦྱོར་བར་གྱིས་ཤིག། སྲིན་པོ་ནི་བདག་ཉིད་བསམས་ཏེ། འདི་ལྟར་ཁྱོད་ནི་སེན་ཚནི ་བོ་སྟེ། བདག་ནི་མ་ཡིན་སྙམ་ནས། ཉེ་བར་ཟ་ཞིང་གར་བྱེའོ།། རབ་ཏུ་གསལ་བར་སྨྲས་པ། ཨ་ཧ་ཧ་འདི་ཤིན་ཏུ་རིང་པོར་ཚིམ་པར་བྱསོ།། བཞད་གད་པ་ནས། ལེགས་ལྡན་འཇིག་རྟེན་སྐྱོང་བ་རྣམས་ཡོངསུ་སྐྱོབ་པར་མཛོད།། ཡོངསུ་སྐྱོབ་པར་མཛད། བདག་གི་ན ་མཉམ་དགའ་བའི་སྲོག་འདོར་བར་བྱེད་དོ།། མཁན་པོ་ནི། འདིར་བསད་ནས་ཅི་ཞིག་བྱ་ཞེས་ནས་ངེས་པར་སོང་ངོ་།། སྲིན་པོ་ནི་དེ་ནས་རེ་ཞིག་ནཱི་མོ།། རྒྱལ་པོ་ནས། ཀྱེ་དགེ་བའི་བཤེས་གཉེན་འདི་ནི་ཇི་ལྟར་འདོད་བཞིན་དུ་ཉེ ་པར་སྤྱོད་ཅིག་ཅེས་ལུས་གཏད་ནས་བརྒྱལ་ཏེ་གྲཝར་བྱེད།། སྲིན་པོ་ནས་རང་ཉིད་བསམས་པ། ཨ་ཧོ་མཛད་སྟོང་ཆེའོ།། སེམས་ཅན་ཆེན་པོ་ཡུན་རིང་པོར་ཉོན་མོངས་པར་མི་རིགསོ་སྙམ་ནས་ངེས་པར་སོང་ངོ་།། མི་མངོན་ཙམ་ན་ཞུགས་ནས། བརྒྱ་བྱོནི ་ཀྱིས་གཟུགསུ་བསྟན་ནས། ཀྱེ་རྒྱལ་པོ་ཆེན་པོ་ཉེ་བོར་བཞེངས་ཤིག་ཉེ་བར་བཞེངས། གི། རྒྱལ་པོ་ནས། བདག་ནི་རྗེསུ་བཟུང་ཞིང་རབ་ཏུ་དགའ་བས་ལུས་ལ་ཇི་ལྟར་འདོད་པ་བཞིན་ཉེ་བར་ལོང་སྤྱོད་ཅིག། བརྒྱ་བྱིན་ནས་བདག་ནི་སྲིན་པོ་མ་ལོགས ་བདག་ནི་བརྒྱ་བྱིན་ནོ།། སླར་ཡང་ལེགས་པར་འོངས་པ་འདི་གང་ཞིག་བཞད་གང་བ་ནས་དབུགས་ཕྱུང་ཞིག་དབུགས་ཕྱུང་ཞིག། ཀྱེ་ན་མཉམ་དགའ་བ་འདི་ནི་ངེས་པར་ལྷའི་རྒྱལ་པོ་བདག་ཉིད་བྱོན།། ལྷོ་བཞེངས་པོར་མཛོད་ཅིག། ཀྱེ། འཕགས་པའི་བུ ་ཛྲད་སྦེད་འདོ་ན་ལྷོ་བས་ལྷག་པར་ལྷ་རྣམས་ལ་སྒྲོགས་པར་བྱེ་དོ།། པདྨ་ཅན་ནི་རྒྱལ་པོ་ལྟས་ནས་ངུ་ཞིང་འཕགས་པའི་བུ་འདི་ལྟ་བུ་མཐོང་ནས། བདག་གི་ལུས་མ་ཉམས་པར་གནསོ་སྙམ་མོ།། རྒྱལ་པོ་ནས། ཀྱེ། ལྷའི་རྒྱལ་པོ་རབ་ཏུ་དགོས་པ ་འི་ཕྱིར་འདིར་བྱོན།། བརྒྱ་བྱིན་ནས། ཁྱོད་ཀྱི་བསམ་པའི་མཐུ་མི་གཡོ་བ་ལ་ནོར་འཛིན་ད་རབ་དག་ཀྱང་གཡོས་ཏེ་གང་གི་འདིར་མི་དབང་ཁྱོད་ཀྱི་བསམ་པ་སྐྱེ་བོ་ཀུན་ལ་གསལ་བར་བྱ་བའི་ཕྱིར་འོངས་ཏེ། རྣམ་པར་སྤྱོད་པ་འདི་ནི་བདག་གི ་མིག་འཁྲུལ་པ་ཡི་ནོ།། བཞད་གད་བ་ནས། ཀྱེ། ན་མཉམ་གཟིགས་གཟིགས། གཞན་ཡང་ཡ་མཚན་ཆེ་བ་འདིར་ནི་སྤྲིན་གྱི་དཀྱིལ་འཁོར་ལ་རླུང་དྲག་པོས་བསྐྱེད་པ་ལྔར་འུར་འུར་ཞེས་རྣམ་པར་ཟློག་པར་རྩོམ་པར་བྱེད།། རྒྱལ་པོ་ནས། ཀྱེ་མ་འཇིག་རྟེན་རྣམས་སྡུག ་བསྔལ་གྱི་ལྟུང་བར་བྱེད་དམ་ཞེས་གསུངས། པདྨ་ཅན་ནམ། འདིར་གཞན་འགའ་ཞིག་ཀྱང་འབྱུང་ངམ་ཟེར། བཞད་གད་བ་ནས་གཟིགས་གཟིགས། སྟོན་ཀའི་ཟླ་བ་གང་བའི་འོད་ལྟར་དཀར་ཞིང་སྐར་མའི་ཕྲེང་བའོ་དེ་ཤལ་གྱིས་ཉེ་བར་བརྒྱན་ཅིང་གསལ་བལྟར ་རིན་པོ་ཆེའི་འོད་ཟེར་ཁྱད་པར་དུ་རབ་ཏུ་གསལ་པ་ནོར་རྒྱས་ཀྱི་གདེངས་ཀའི་དཀྱིལ་འཁོར་ལྟར་དཀར་པོ་ཡང་དག་པར་མཐོན་ནས་བྱུ་།། རྒྱལ་པོ་ནི་ཤིན་ཏུ་ཡ་མཚན་ཆེ་ནས། རྣམ་པར་བལྟས་ཏེ། འདིར་གཞན་འགའ་ཞིག་ཀྱང་འབྱུང་བར་འགྱུར་ཞེསོ།། ་གངད་པ་ནས། ཀྱེ་བུད་མེད་རིན་པོ་ཆེ་ལྷ་མོ་པདྨ་ཅན་གྱི་དབྱིབས་ལྟ་བུ་ཞིག་ས་གཞིའི་མཐིལ་ནས་ཡང་ལེགས་པར་ལངས་ནས་བྱུང་།། ཀྱེ་ན་མཉམ་དགའ་བ་གཟིགས་མཛོད། རྒྱལ་པོ་ནི་ཡ་མཚན་ཆེ་ནས། རྣམ་པར་བལྟས་ཏེ། རེ་ལྡན་མཐིལ་ནས་མངོན་སུ ་དུ། འདིར་ནི་དཔལ་མོ་བཞེངས་སུ་མི་ཅི།། ཡང་ན་འདི་ནི་རྣམ་གསལ་པ།། ས་ཆེན་ལྷག་པའི་སྐ་རགས་སམ།། དེ་ནས་སའི་ལྷ་མོ་རབ་ཏུ་ཞུགས་ནས་མཆོད་ཡོན་ཕུལ་ཏེ་སྐྱེས་བུ་ཆེན་པོ་ཚུར་གཤེགས། མཆོད་ཡོན་བཞེས་ཤིག་ཟེར། རྒྱལ་པོ་ནས། ཀྱེ་ཁྱེད་ནི ་འདིར་གསར་དུ་འོངས་པ་སྟེ། ལེགས་ལྡན་གྲོང་འཇིག་དང་གཉིས་པོ་བདག་གིས་མཆོད་པར་བགྱིའོ།། བརྒྱ་བྱིན་ནས། ཇི་ལྟར་བས་ས་རྣམ་དག་པས། དེའི་ཆེན་པོར་གྱུར་པ་བཞིན།། དེ་བཞིན་མཆོད་པས་ཚིམ་བྱས་ཀྱང་།། ཆོག་ཏུ་དགའ་བ་ཐོབ་མ་ཡིན།། ་རྒྱལ་པོ་ནས་ཁྱོད་འདི་རིང་དེ་ཙམ་སྔར་ཡང་རྣམ་པར་གཡོ་བ་ཅིའི་ཕྱིར་ལགས། ས་ནས་ཁྱོད་ཀྱིས་སེམས་པ་རྒྱ་ཆེན་མཐོང་བས་རབ་དགའ་ནས།། ཆུ་གཱ་ཏེར་རི་བོ་ནགས་ཚལ་མཐར་ཐུག་མངོན་པར་བསྐྱོད།། ཁྱོད་ཀྱི་ལྟད་མོ ་ཡ་མཚན་ངོ་མཚར་ལྟ་བ་ཡིས།། རབ་དགའི་ཁུར་གྱི་ལུས་ནོན་དབང་གིས་ཡོངསུ་འདྲར།། དེ་ནས་ད་ནི་བདུད་རྩིའི་ཁུ་བ་འདིས་སླར་ཡང་གསལ་བར་བྱའོ་ཞེས། འདྲེན་པའི་ལུས་ཡོངསུ་བྱུག་པ་བྱསོ།། བཞད་གང་བ་ཤིན་ཏུ་དགའ་སྟེ་ན་མཉཾ ་དགའ་བ་ཇི་ལྟ་བུ་དེ་བཞིན་དུ་མཐོང་བར་གྱུར་ཏོ། པདྨ་ཙནྡ་ནས། ལེགས་ལྡན་གྱི་ཆོས་ཀྱི་མཐུའོ།། བརྒྱ་བྱིན་ནས། ཤིན་ཏུ་དཀའ་བ་སྤྱད་པ་འདི་ཡིས་ལས་ཀྱི་ཚུལ་འདི་ནི་ཅུང་ཟད་ལས་མེ་དོ།། ས་ནས། ལྷའི་དབང་པོ་འདི་ལ་དགའ་བ་མེདདོ།། གཟིགས།། ་མཛོད།། ཀཽ་ཤི་ཀཱ་འདི་ཡིས་སྦྱིན་དུས་ནས།། འདི་བཞིན་ལུས་ནི་སྟོང་ཕྲག་སྨིན་པར་བྱས།། སྔོན་ཡང་དྲི་མ་བ་སྙིལ་བཞིན་སྤངས་པ་ནི།། བདག་གིས་ཕྱོགས་འགའ་ཡང་ནི་དེ་ཡོད་མིན།། སླར་ཡང་རྒྱལ་པོ་མཐོང་བས་འདིར་རྨད་དུ་བྱུང་ངོ་།། བདག་ནི། ་འགྲོ་བར་བྱེད་དོ་ཞེས་ནས་སོང་ངོ་།། བརྒྱ་བྱིན་ནས་རྒྱལ་པོ་རང་གི་བསོད་ནམས་བསོགས་པ་དེས།། མཐོ་རིས་སུ་ཡང་དག་པར་གཤེགས་པར་མཛོད་ཅིག། རྒྱལ་པོ་ནས་དེ་ན་སློངས་མོ་པ་ཡོད་དམ་ཅི་བྱེད།། བརྒྱ་བྱིན་ནས། དེ་མེད་དོ།། རྒྱལ་པོ་ནས ་གལ་ཏེ་དེ་བཞིན་ཡིན་ན་འགྲོ་བར་མི་བྱེད་དོ།། བརྒྱ་བྱིན་ནས་དེར་ཕ་མ་དག་འགྲོ་བར་མོས་སམ། ལྕི་བ་བདག་ཇི་ལྟར་འདོད་པར་རོ།། བརྒྱ་བྱིན་ནས་དེ་བཞིན་འདྲིར་འགྲོ་བར་བྱའོ་ཞེས་ནས་ཡོངསུ་སོང་ངོ་།། དེ་ནས་ཇི་ལྟར་བུད་མེད་པའི་ལེགས ་ལྡན་འོད་ཟེར་ཞེས་པའི་དྲང་སྲོང་རབ་ཏུ་བཞུགས་ནས། ཨ་ཧོ་རྒྱལ་པོ་ཆེན་པོའི་བསམ་པ་རབ་ཏུ་རྒྱ་ཆེའོ་ཞེས་རབ་ཏུ་ཞུགས་ཏེ། ཀྱེ་རྒྱལ་པོ་ཆེན་པོ་བདེ་ལེགསུ་གྱུར་ཅིག། རྒྱལ་པོས་ཕྱག་བྱས་ནས། ལེགས་ལྡན་ཅིའི་ཕྱིར་བློན། དྲང་སྲོང་ནས ་འདིར་ཁྱོད་ཀྱི་བཙུན་མོ་དང་བུའི་ཆེད་དུ་འོངསོ།། པདྨ་ཅན་ནི་འདི་ཅི་ཞིག་སྙམོ།། རྒྱལ་པོ་ཤིན་ཏུ་དགྲའ་ནས་ལེགས་ལྡན་བདག་གི་ལུས་ལ་སོགས་པ་འདི་སློང་བ་ཀུན་གྱི་རང་དབང་ངོ་།། དེ་ནས་ཡོལ་བ་ལས་ཙཱ་ཙེའི་སྒོའོ།། ཀྱེ་རེ་ཞིག་མཆོད ་སྦྱིན་གྱི་ཆོ་གའི་བཙུན་མོ་གཏོང་བ་མེད། རྒྱལ་པོ་ནས། སློང་ན་སྦྱིན་པར་མི་བྱ་ཞེས། འདི་ནི་ཆོས་ཀྱི་ཆོ་གར་མེད།། བཞད་གད་པ་ནས། ཕར་ཟུར་བྲམ་ཟེ་གདུགས་པ་ཕར་ཟུར་པར་ཟུར། རྒྱལ་པོའི་བཙུན་མོས་ཁྱོད་ཅི་ཞིག་བྱ། གཞན་སློངས། རྒྱལ ་པོ་ནས་དེ་སྐད་མ་ཟེར་གྱི། དྲང་སྲོང་ཆེན་པོ་བདག་སྙིང་ཡང་།། ཇི་ལྟར་འདོད་བཞིན་ལེགས་ལྡན་ལོང་།། དྲང་སྲོང་ནས། བུ་མོ་པདྨ་བཱ་ཏི་དང་། བུ་པདྨ་ཨུཏྟ་ར་ཆུར་ཤོག་ཅིག། ཁྱེད་གི་ཉེས་རྒྱལ་པོས་བྱིན་ནོ།། པདྨ་ཅན་དུ་ཞིང་རྒྱལ་པོ་ཆེན་པོ་བདག་པོ ་ནི་ཡིན་མོད་ཀྱི།། འོན་ཀྱང་རྒྱལ་པོའི་གདུང་རྒྱུད་ཆད་པར་འགྱུརོ།། རྒྱལ་པོ་ནས། བདག་ནི་མི་སྦྱིན་ཞེས་པ་ཅུང་ཟད་ཀྱང་མེད་དོ།། ཞེས་བཤད་ཟིན་ཏོ།། པདྨ་ཅན་ནས་ལོངས་ཤིག། དེ་བཞིན་དུ་ངུ་ནས་ཅི་ཞིག་བྷི་བུ་པདྨ་སྐྱེས་ཆུར་ཤོག། འཕགས་པ ་བུས་བདག་ཅག་ཡོངསུ་བཏང་ཟིན་གྱིས། ཡབ་ལ་ལེག་སུ་ལྟོས་ཤིག། ཕྱི་ནས་ནི་མཐོང་བར་མི་འགྱུ་རོ།། པདྨ་སྐྱེས་ནས་ཅི་སྟེ་ཕྱི་ནས་བདག་གི་ཡིབ་མཐོང་བར་མི་བྱེད། པདྨ་ཅན་ནས། པདྨ་སྐྱེས་གང་གི་ཕྱིར་ནི།། འདིས་བདག་ཅག་ཡོངསུ ་བཏང་ནས་གཞན་དུ་འགྲོའོ།། པདྨ་སྐྱེས་ནས་ཡུམ་ནི་ཅི་བྱེད་པདྨ་ཅན་ནས། བདག་ཅག་བྱིན་ནས་འགྲོའོ།། པདྨ་སྐྱེས་ནས། ཡབ་ཀྱང་དེ་བཞིན་དུ་འགྲོ་བར་བྱེད་དམ། པདྨ་ཅན་ནི་པདྨ་སྐྱེས་ཀྱི་དྲོན་ནི་མི་ཤེས་པར་ཤེས་ནས་བུ ་ཡབ་ལཱ། ཕྱག་འཆེལ་ཅིག་ཟེར། པདྨ་སྐྱེས་ནི་ཐལ་མོ་སྦྱར་ནས། ཡབ་བདུག་གི་ཡུམ་འདི་ཙམ་བཤུམས་ཅི་སྟེ། བཞད་གང་བ་ནས། ཀྱེ་མ་ཁྱོད་ནི་སྙིང་རྗེ་མེད།། གང་ཞིག་འདི་བཞོ་ནི་ཆོ་དེ་ཡིས།། ཁ་ཤུམས་ཤིང་བྱིས་པ་ཡོངསུ་བཏང་།། ཧཱ་ཞེས ་བདྨ་བཱ་ཏི་དང་། ཧཱ་བུ་པདྨ་ཨུཏྟ་ར།། ཁྱེད་ཅིག་གཉིས་པོ་དག་ཡིནོ།། བྲམ་ཟེའི་བུ་བདག་ཅག་གི་རྗེ་སུ་འགྲོ་བར་བྱའོ་ཞེས་རྨོངས་ནས་གར་བྱེད་དོ།། དྲང་སྲོང་ནས་ཤོག་ཤོག། བུ་མོ་བདག་ཅག་རྣམས་འགྲོ་བར་བྱ་བ་རིང་པོར་འགྲོ་དགསོ།། རྒྱལ་པོ་པདྨ ་སྐྱེས་ཀྱི་སྤྱི་བོ་ལ་བསྣོམས་ལོ། བཤོམ་ཤིང་། ནགས་སམ་ཡང་ན་གྲོང་ཁྱེར་རམ།། རི་བོ་དང་ནི་རྒྱ་མཚོ་འང་རུང་།། ཁྱེད་ཅག་ཉལ་ཞིང་གཽ་ཉྀད་ལོག་ཀྱང་།། ལྷ་རྣམས་ཀྱིས་ནི་སྲུང་བར་ཤོག། ལྷ་མོ་ཁྱོད་ནི་གར་གནས་དེར།། གཞོནུ་འདི་ལ་རྡེག་མོ ་བྱེད།། ལྷ་མོ་ནི་བསྟིང་ཚིག་གིས་འཕགས་པའི་བུ་དེ་བཞིན་དུའང་མཁྱེན་ནམ། རྒྱལ་པོ་ནས། ཁྱོད་ཅི་སྲོག་ནི་ཡོངས་འདོར་ཀྱང་།། དྲང་སྲོང་ཆེན་པོ་བཀའ་མ་འདའ།། མེའི་གཟུགས་དང་འདྲ་བ་ཡི།། མཆོག་གི་ཐུབ་པ་ཚིག་བྱས་པའོ།། བསོད་ནམས ་ཡོངསུ་བསྒྲུབ་བྱས་པས།། འཇིག་རྟེན་ཀུན་གྱི་མངོན་འདོད་ཚིམ།། དྲང་སྲོང་ནས་བུ་མོ་ལོང་ཤིག། བདག་ཅག་འགྲོ་བར་བྱའོ།། རྒྱལ་པོ་ནས། ལྷ་མོ་གཤེགས་པར་མཛོད་ཅིག། པདྨ་ཅན་ནི་ཕྱག་འཚལ་ཏེ། རྒྱལ་རིགས་སྐྱེས་པའི་མཐར་ཐུག་པར།། ་བདག་ཀྱང་དེ་བཞིན་འཇུག་པར་ཤོག་ཅེསོ།། པདྨ་སྐྱེས་ནས། ཡབ་ཀྱི་ང་ལ་སྔོན་ནི་རྟ་སྦྱིན་ཟེར་ནས་མ་བྱིན་པས་ད་ཁྱོད་ད་ལ་ནམ་སྟེར། རྒྱལ་པོ་ནི་བཤུམས་ཤིང་པདྨ་ཅན་ལ་འཁྱུད་ནས་བུ་དེ་ཐུབ་པ་འདིས་ཁྱོད་ལྔ་སྟེར་པར་འགྱུར་གྱིས།། ་པདྨ་སྐྱེས་ནས། ཡབ་པ། འདྲི་ན་ངའི་རྟ་དང་གླང་པོ་ཚེ་དང་། གླང་པོའི་ཁྱི་དང་། རྔའི་སྒྲ་འོད་རྣམས་ཚགས་གྱིས་ཤིག་ཟེར། རྒྱལ་པོ་རང་ཉིད་བསམ་པ་ན། སྐབས་འདོ་ནི་བདག་གི་ཟུག་ཊུ་ནི།། སྲོག་ལ་བབ་ཀྱང་དེ་བཞིན་མིན།། ཇི་ལྟར་པའི ་མཉེས་ཤིན་བིའོ།། པདྨ་མཆོག་ནི་རིང་དུ་འགྲོ།། དྲང་སྲོང་ནས། བུ་མོ་ཤོག། བདག་ཅག་འགྲོ་བར་བྱའོ།། པདྨ་ཅན་ནི་རྒྱལ་པོ་ལ་བལྟ་ཞིང་། བུའི་ལག་པཱ་ནས་བཟུང་ནས་སོང་ངོ་།། རྒྱལ་པོ་ནས། བརྩི་བའི་ཞགས་པས་ལེགས་བསྣམས་བཞིན།། ་གང་གི་བདག་ཀྱང་ཤིན་ཏུ་གདུང་།། ན་མཉམ་དབུགས་ཕྱུང་ཤིག། དབུགས་ཕྱུང་ཤིག། བཞད་གོང་པ་རྟ་བས་བཞིན་དུ་ལངས་ནས།། ཀྱེ། མི་སྟེར་ཅི་ཞིག་ཟེར།། རྒྱལ་པོ་རྟབ་རྟབ་མཛད་ནས་རྣ་བསམས་པ། ད་ནི་བདག་གི་ཕ་མི་དག་བལྟ་བ ་བྱའོ་སྙམ་པ་ན། ཕོ་བྲང་འཁོར་གྱི་མི་རྣམས་རབ་ཏུ་ཞུགས་ནས་ངོ་མཚར་ཆེ། ངོ་མཚར་ཆེ། ལྷའི་ཡབ་ཡུམ་དག་ན་མཁའ་ལ་བྱ་བ་མཛད་པ་གཅིག་གཟིགས་མཛོད།། དྲང་པའི་གཤོག་པའི་ཆ་ཡིས་བསྐྱོད་བཞིན་རྒྱལ་མཚན་ཕྲེང་བ་ཅན།། ་གཽཞལ་ཡས་ཁང་འདྲས་རི་རབ་ལྷུན་པོའི་རྩེ་མོར་རྣམ་པར་གནས། ལྷའི་དྲང་སྲོང་རྣམས་ཀྱང་མངོན་པར་དགའ་བརྒྱ་ཕྲག་རྣམས་ཀྱིས་བསྟོད་དང་འདི་དག་ལྷའི་གནསུ་ང་ནི་རབ་ཏུ་ཞུགས་པར་གྱུར། རྒྱལ་པོ་ཤིན་ཏུ་མཉེས་ཏེ་གཟིགས་ནས ་ཕྱག་འཚལ་ཞིང་དེ་བཞིན་ཚིག་སུ་བཅུད་པ་འདི་ཉིད་ཀློག་གོ།། སླར་ཡང་གཟིགས་ནས་བཤུམས་ཤིང་། ཡབ་ནི་རྣམ་སད་ལམ་དུ་རིང་དུ་གཤེགས་ཤིང་། ཡུམ་ཀྲུང་རྗེསུ་གཤེགས།། ། པདྨ་སྐྱེས་དང་ལྷ ་མོ་གྲོང་ཁྱེར་སྤངས་ཤིང་གཉིས་སྐྱེས་ཁྱིམ་དུ་སོང་།། ད་ནི་འདི་ནི་སྟོངས་གྱུར་རི་བ~ཾ་ཤིན་ཏུ་དབེན་པའི་ནགས་ཚལ་གྱི།། གནས་ལ་བདག་ཀྱང་རྟེན་བྱེད་བློ་ནི་འགྲོ་བར་ཤིན་ཏུ་རིངས་པར་གྱུར་ཞེས་གསུངས་ནས་ཡོངསུ་ཞུགས་པ་ནི། བཞད་གང ་པ་ནས། ཀྱོ་ན་མཉམ་ཁྱོད་ཀྱང་གཤེགས་པར་མཛད་ན། ནམ་བདག་བྲམ་ཟེ་ཡོངསུ་འཛིན་པར་བྱེད་དམ། འདྲེན་པ་ནས། ཁྱོད་ནི་ཇི་ལྟར་འདོད་པ་བཞི་ནོ།། ཁ་ཞད་གད་པ་ནས། བྲམ་ཟེ་ཡང་གལ་ཏེ་ཁྱོད་ཀྱིས་འགའ་ཞིག་གི་བྲན་ལ་མི་སྟེར་ན་རྗེསུ ་འགྲོའོ།། རྒྱལ་པོ་ནས། ཁྱོད་བྲམ་ཟེ་ཡིན་མོད། དེ་བཞིན་དུ་བདག་སྟེར་བའི་བདག་པོ་ཡང་ཁྱོད་ཉིད་དོ།། ཕོ་བྲང་འཁོར་གྱི་མི་རྣམས་ནས། ཀྱེ་གཞོན་གཙུག་ན་ན་ནོར་བུ་ཁྱོད་ཀྱང་བདག་ཅག་རྣམས་ཡོངསུ་འདོར་རམ། ནོར་ལྡནི་རཾ་ཕུག་ཁྱོད ་ཉིད་ནི།། བསམ་གཏན་གྱི་སྤྱན་འབྱེད་མི་བྱེད།། གཡོ་བ་མེད་པ་མཚོ་བཞིན་ནགས་ཀྱི་ལྷ་རྣམས་ཀྱིས་ནི་ལྟེ། རྒྱས་པའི་རྣམས་བསྡུས་ནུས་གང་གི་ཟློས་གར་རབ་སྦྱོར་ལོ།། ཉེ་བར་ཡོངསུ་རྩོམ་མཇེད་ཙནྡྲ་གོ་མིས་རབ་སྦྱོར་དང་། གལ་ཏེ་འགོའ ་མིག་ཆགས་པ་དང་བྲལ་མོཚུངས་གྱུར་འགྲོ་རྣམས་ལ།། ཡང་དག་སྐྱེས་སམ་ས་ཆེན་ཡུན་རིང་གནས་པས་བདེན་པར་སྨྲས། འདིར་ནི་ཐམས་ཅད་ངེས་པར་ཞུགསོ།། ཡན་ལག་བཞི་པ་རྫོགསོ།། །། དེ་ནས་རིག་འཛིན་པ་རབ་ཏུ ་ཞུག་སོ།། རྩེད་མོས་རོལ་ཅིང་ན་མཁའ་ལ་རྒྱུ་བ་ན་ཨ་ཧོ་ལྷ་གཙུག་ན་ནེར་བུའི་གྲགས་པ་རྒྱུན་མི་འཆད་པས་ཕྱོགས་མ་ལུས་པ་ཁྱབ་ཅིང་གང་བ་འདི་ལྟ་སྟེ། གཙུག་ན་ནོར་བུའི་སྙན་པའི་གྲགས་པ་ཆེན་པོས་ཕྱོགས་རྣམས་ཐམས་ཅད ་རབ་ཏུ་མཛེས་པར་བརྒྱན།། དེ་ཡིས་རྣ་བའི་རྒྱན་པ་ཞིན་གོས་དང་བཅས་བཞིན་ཀུན་ནས་རྒོད་བཅས་བཞིན།། ཙུན་ཚོགས་རྣམས་བདུད་རྩིས་གླང་དང་ཟླ་བའི་འོད་ཟེར་འཚེར་བས་རྣམ་པར་བྱུག་པ་ལྟར།། དོ་ཤལ་རྣམ་པར་འཕྱང་བ་འོད་ཟེར ་འཕྲོ་བའི་ཚོགས་ཀྱི་བྱུབ་ཅིང་རྣམ་པར་གཡོ་བ་ལྟར།། ལྟོས་ལྟོས། དེའི་གྲགས་པ་ངེས་པར་འཕེལ་བ་ནི།། ཕྱོགས་ཕྱོགས་མི་འམ་ཅིའི་བུ་མོ་རྣམས་ཀྱི་གླུ་ལེན་ཅིང་། རི་བོའི་རྩེ་ལ་གྲུབ་པ་རིག་འཛིན་རྣམས་ནི་བསྟོད་ཅིང་སྒྲོགས།། ས་འོག་མཐིལ་ན ་གཙུག་ན་ནོར་བུའི་འོད་ཟེར་རབ་འབར་བ།། ཀླུ་རྒྱལ་རྣམས་ཀྱི་གདེང་ཀྭའི་དཀྱིལ་འཁོར་ཞི་ནས་ཉན་པར་འདོད།། རིག་འཛིན་མ་ནས་པདྨ་པཱ་ཏི་ནི་ཡུགས་མི་མ་ཡིན་བཞིན་དུ་བུ་ཆུང་དང་བཅས་འཁོར་ཐམས་ཅད་ཡོངསུ་སྤང་སྟེ། བདག་པོས་བཀས ་དྲང་སྲོང་ཆེན་པོའི་རྗེསུ་འབྲང་ཞིང་ད་ལྟ་ཇི་ལྟར་གྱུར་ཏ་མ་རིག་པ་འཛིན་པ་ནས། དེ་བཞིན་ལེགས་ལྡན་འོད་ཟེར་ཅན་གྱི་གནས་བརྟེན་ནས། རི་བོ་གངས་ལྡན་མི་རིངའི་སུལ་དག་ན་སླར་ཡང་གནས།། དྲང་སྲོང་ཆེན་པོ་ང་ཡང་ཡབ་ནི་སྲིད་འབྱུང ་ཡིད་གཅུག་སོ།། དེའི་ཕྱིར་འདི་ནི་གཞན་གྱི་ལག་ཏུ་འགྲོ་བར་མི་བྱིའི་ཕྱིར། དྲང་སྲོང་ཆེན་པོས་དེ་ཉིད་སློང་བྲར་མཛད་ཅིང་ཞུགས་པར་ངསོ།། རིག་འཛིན་མ་དགའ་ནས། པདྨ་ཅན་ནི་སྔོན་གྱི་རིགསུ་ཞུགས་ཏེ། དེ་ནི་སྡུག་བསྔལ་གྱི་ཁུར་བཀུར ་དཀའ་བ་ནི་མེད་དོ།། དེ་ནས་ད་ལྟ་ལྷ་གཙུག་ན་ནོར་བུ་ཇི་ལྟར་ཐོས་སམ། རིག་པ་འཛིན་པ་ནས་དེ་ཡང་པདྨ་ཅན་གྱི་གང་དུ་ཁྱེར་དང་གནས་པ་མི་ཤེས་ཤིང་། དེ་དང་ཉེ་བ་ནི་དེ་བཞིན་རིའི་ཕུག་ཏུ་ཡ་ཏུ་ཞུགས་ནས་སོ་སོར་གནས་པ ་གྱུར་དེ་ཡི་རྣམ་པར་སྤངས་པའི་གྲོང་ཁྱེར་སཱ་ཀ་ཏཱ་ནི་མཆོད་སྦྱིན་ཕུན་སུམ་ཚོགས་པ་རྣམས།། ཤིན་ཏུ་མི་བཟང་བཟོད་པར་རབ་ཏུ་དགའ་བའི་རྒྱལ་པོས་མཐོང་ནས་ཉེ་བར་བསྐོར་བར་བྱས།། རིག་འཛིན་མུ་ནས་རྗེའི་སྲས་འདིའི་དགའ་བའི་གཏམ ་འོད་སྡུད་པར་འགྱུར་རམ་མི་འགྱུར།། རིག་པ་འཛིན་པས་འདི་ནི་བསམ་གྱི་སྟེ་ལྷའི་འོ།། རིག་འཛིན་མ་ནས་རྗེའི་སྲས་གང་དུ་བས་པར།། རིག་པ་འཛིན་པ། རྒོད་ཅིང་འདི་ཁྱོད་ཀྱི་སྨོས་ཤིག། གྲོང་ཞིག་མ་ལ་ཡའི་རྩེ་མོ།། རྒྱ་མཚོ་དབའ་རླབས་འཕེར་བའི ་མདང་སི་ཤཱན་ནམ།། རི་རབ་བང་རིམ་རྣམས་ཡང་དགའ་ཞིང་ཡ་མཚན་ཞིག་གྲམ་ཡོངསུ་ས་རྟོལ་རི་བོ་འམ།། གང་ཞིག་སྒེག་ཅིང་གསལ་ལཱ་གྲུབ་པ་རྣམས་ནི་རབ་དགཱའོ་རི་བྷོ་གང་ལྡན་རྩེ་མོ་འམ།། ས་གཞི་ཐམས་ཅད་བྲིས་པ་བཞིན་དུ་ན་མཁའ་མཐིལ ་ནས་ལྟ་ཞིང་འགྲོ་བར་བྱེད་དམ་ཅི། རིག་འཛིན་མཱ་ནས། ཤིན་ཏུ་ཕུལ་དུ་བྱུང་བའི་གནས་བདག་ལ་ཡོད་དེ་གཙུག་ན་ནོར་བུ་མཐོང་བ་དེ་རུ་དེ་བཞིན་དུ་བབས་པར་བྱའོ།། རིག་འཛིན་མ་ནས། ལེགས་ལྡན་རྣམས་ནི་མཐོང་བས་ཀྱང་།། དག་གྱུར་མངོན་པར ་བརྗོད་པ་ལེགས་ཞེས་ནས་ཡོངསུ་ཞུགསོ།། རི་ཕུག་འདི་ནི་ཆུ་བེ་དལ་གྱི་འབབ་པ་ཡི།། ཆུ་འཐོར་ཟེར་མ་བསིལ་ཞིང་རླུང་ནི་འཇམ་པོས་བསྐྱོད།། ལྗོན་ཤིང་གཞོ་ནུའང་ཡན་ལག་རྣམས་ནི་ཁ་འབུས་པ།། གང་དེ་སྐྱེས་བུ་སེངྒེའི་ཉ་འཁོར་གནས་ཡི་ནོ།། ། ་རིག་འཛིན་མས་རྣམ་པར་བལྟས་ཏེ། འདི་ནི་ངེས་པར་ཕྱག་བྱ་བའི་གན་སོ།། ཞེས་གཉིས་པོས་ཕྱག་འཚལ་ནས་རིག་པ་འཛིན་པས་ངེས་པར་བརྟགས་ནས། འདིར་ནི་དེ་པ་དཱ་རུ་ལྗོན་པའི་བསིལ་སྒྲིབ་འོག། ནོར་བུ་མུ་ཏིག་རྡོ་བ་དག་གི་སྟེང་ན། ་ནི།། པདྨའི་སྟན་ཅནྡ་མངོན་སུམ་བཞིན་དུ་སྐྱིལ་ཀྲུང་མཛོད།། གཞོ་ནུ་གཙུག་ན་ནོར་བུ་ཉེ་བར་བཞུགས་པར་འགྱུར།། རིག་འཛིན་མ་ནས། ཨ་ཧོ་དཾ་ནི་ཤིན་ཏུ་བརྟན་པ་ཟབ་པ་བརླིང་བའི་མཛད་པ་ཅན་ནོ།། འདས་གངས་རི་ཐམས་ཅད་དཔལ་གྱི ་གདུ་བར་བྱསོ།། རྗེའི་སྲས་འདིར་མེ་ཏོག་འདི་རྣམས་གང་ནས་བྱུང་།། རིག་པ་འཛིན་པས་སྟེང་དུ་བལྟས་པ་ན་ཡེ་མཚན་ཆེ་སྟེ། མཁའ་ལས་ལྷ་རྣམས་མེ་ཏོག་ཆར་འབེབས་ཤིང་།། སེམས་ཅན་ཆེན་པོ་མངོན་པར་མངོན་པར་མཆོད་པར་བྱེད།། ་དེ་བཞིན་མཆོད་པའི་དོན་དུ་ནི།། བདག་ཅག་ཀྱང་ནི་མེ་ཏོག་འཚོལ་དུ་དེངས་ཞེས་ནསོ།། དེ་ནས་རབ་ཏུ་ཞུགས་པ་ན་འདྲེན་པ་ཇི་ལྟ་པ་མཐོང་སྡེ་སྤྱན་ཅུང་ཟད་ཕྱེ་ནས་ཨ་ཧོ་ནད་མེད་པའི་བསམ་གཏན་བཞིནི་འདི་ལྟ་སྟེ། རྣམ་པར་རྟོག་བཅས ་རྣམ་པར་དཔྱོད་དང་གཡོ་བའི་བརླབས།། དང་པོ་ཡིན་ཏེ་དགའ་བདེ་གཡོ་བཅས་གཉིས་པོའོ།། བདེ་བ་ལ་ཆགས་འཇིག་པའི་ནད་ཅན་གསུམ་པའོ།། རབ་ཏུ་ཞི་བ་རོ་གཅོག་མཐར་ཐུག་འདི་ནི་བཞི་བཞད་གད་པ་ནས་ར་མཉམ་ཁྱེད་རང་གཅིག་པུདེ ་བཞིན་དུ་དང་པོ་དང་གཉིས་པ་དང་། གསུམ་པ་དང་། ཐེན་པའི་བསམ་གཏན་གྱི་བདེ་བ་ཐོབ་ནས་བདག་ཅིག་པུ་འགེངས་ཤིང་ཐུམ་པོར་བསྡམས་ནས་ཚོང་པ་བཞིན་དུ་རྙིང་པ་ཐོབ་ནས་གནས་པར་བྱེད་ངམ། བྲམ་ཐ་ལ་ཡང་བསམ་གཞི ་ཅིག་ཀྱང་མ་བྱིན་ཞེས་ཟེར། འདྲེན་པ་ནི་བཞད་ཅིང་ན་མཉམ་པ་འདི་ནི་སྒོམ་པའི་རྗེསུ་འཇུག་སྟེ། གཞན་ལ་སྦྱིན་པར་མི་ནུ་སོ།། ཕྲེང་བའི་ཡོན་ཏན་བདག་ཉིད་བཞིན།། གལ་ཏེ་བསམ་གཏན་འཇུག་འགྱུར་ན། འཇིག་རྟེན ་རྟེན་ཀུན་གྱི་དོན་བསྒྲུབ་ཕྱིར།། ཡིད་ཀྱི་ཤིང་རྟ་ཅིས་མི་སྐྱེ་བ།། བཞད་གྲད་པ་ནས། ཇི་ལྟར་བསམ་གཏན་གྱི་བདེ་བ་ཐོབ་པར་འགྱུར་བ་ལོགས།། འདྲེན་པ་ནས་གཉིས་མིན་རྟེན་ཅིང་འདོད་ལྷའི་མཚོན་རྣམས་བཅོམ།། བདེ་བ་འདི་ནི་རབ་དབང་ཡོ་བྱད ་ན།། གཡོ་བ་རྣམས་བསིལ་མཚོན་ཆུ་ཤིན་ཏུ་དངས།། བསིལ་བཞིན་རང་གི་སེམས་ལས་རབ་ཏུ་སྟེ།། བཞད་གད་པ་ནས། འདི་ནི་གཞན་ཞིག་། ཡུལ་གྱི་བདེ་བ་ཡང་གཞན་ཞིག་གམ་ཅི། ཅི་འདྲེན་པ་ནས།། ཁྱོད་ནི་བདུད་རྩི་དང་དུག་བོསྲེ ་བར་བྱེད་དམ་ཅི།། བསམ་གཏན་བདེ་བས་ཡིད་ཀྱི་བསལ་བར་བྱེད།། ཡུམ་གྱི་སླར་ཡང་དབང་མེད་སེམ་བྱེད་ཅིང་།། འདོད་ཆགས་ཞེ་སྡང་མ་ཡིས་རྣམས་བཅིངས་ནས།། དམྱལ་བའི་མེ་ཡིས་སྲེག་པར་བྱེད་པ་ལྟར།། བཞད་གད་པ་ནས ་གུལོ་ཏེ་དེ་བཞིན་དུ་ཡིན་ན་བདྲུག་ཀྱང་བསམ་གཏན་བྱེད་དོ།། རྒྱལ་པོ་ནས། དེ་བཞིན་དུ་མཛོད་ཅིག། བཞོད་གྲད་པ་བསམ་གཏན་བྱེད་པ་ན་རྣ་བར་ཅུང་ཟད་ཐོ་སོ།། ཀྱེ་ངུ་བ་བཞིན་དུ་ཐོས་པར་བྱེད།། འདྲེན་པོ་ནས། བསམ་གཏན་ཡ་མཚན ་ཆེའོ།། བཞེད་གང་པ་ནས་ཁྱོད་ཀྱིས་ཅི་ཡང་མ་ཐོས་ས་མོ།། རྒྱལ་པོས་ཅུང་ཟད་ཐོས་ཏེ། འདི་ནི་དྲག་པ་འབའ་ཞིག་ཏུ་མ་ཟད་ངེས་པར་ནུད་མེད་ངུ་ཞིང་འདུག། བཞད་གང་བ་ནས། ཇི་ལྟར་ཤེས། རྒྱལ་པོ་ནས། ཡན་ལག་མཆོག་རྣམས་དབྱངས ་མཉམ་ཞིང་།། རྣམ་པར་འདྲེན་རྙིང་སྙན་དང་འཛུམ།། བསྐྱོད་པ་རྣོ་ཞིང་རྣམ་པར་གཅོད།། སྐྱེས་བུ་རྣམས་ནི་རྣམ་པར་རྩུབ།། ན་མཉམ་མི་རིང་བར་མཉེན་པ་བཞིན་དུའོ།། བཞད་གད་པ་ནས། འདིའི་དབྱངས་སྒྲོག་ཚུལ་ནི་སྔོན་ཐོས་པ་གཅིག་འདྲ་བ་སྙམ་མོ།། ་རྒྱལ་པོ་ནས། བདག་ཀྱང་དེ་བཞིན་དུ་སྠཱ་མོ།། དེ་ནི་དཀའ་ཐུ་བྱ་མ་མནར་བ་ཞིག་ངུ་བ་ཡོན་ནམ། དེར་མངོན་པར་འགྲོ་བར་རིག་སོ།། བཞད་གང་བ་ནས། ཀྱེ། ན་མཉི་མ་དེ་ལྟས་ནས། ཅི་ཞིག་བྱེད་ཟེར། ཡོལ་བའི་ནང་དུའོ།། ལེགས་ལྡན་འཇིག་རྟེན ་རྣམས་ཡོངསུ་སྐྱེ་བ་ཞིག་ཡོངས་སྐྱོ་བ་ཞིག་ཟེར། རྒྱལ་པོ་ནས་སྐྱེ་བོ་འདི་བཞིན་དུ་མ་ནུར་པ་ཅི་ཞིག་ཉེ་བར་བལྟ་བར་རིགསོ།། ཁྭཞུད་གང་བ་ནས། ཀྱེ་ཁྱོད་ཇི་ལྟར་དུས་ཐམས་ཅད་དུ་གསར་བུ་བཞིན་དུ་ཕ་རོལ་གྱི་བདག་ཉིད་སྡུག་བསྔལ་བར་བྱེད ་རྒྱལ་པོ་ནས་ན་མ་ཉི་མ། འཁོར་པོ་རོ་རང་དུ་སླར་ཡང་ནི།། བདག་ཉིད་དེ་བཞིན་སྐྱེ་ཞིང་སྐྱེས།། སེམས་ཅན་འགའ་ཞིག་གཉེན་མིན་པ།། གང་ནའང་དེ་ནི་གཅིག་ཡིད་མིན།། གཉིས་པི་རྟ་བཌྷ་བྷ་པོརཱ་ལངས་ཏེ་ཡོངསུ་ཞུགས་པ་ནཱ་བཞེང་གླེང་པན ་ཀྱོ་འདི་ནཱི་གྷུ་མོ་པདྨ་ཅན་ལ་ཅི་ཞིག་རྗེ་སྨྲ་བྱེད་པ་མ་ཡིན་ནམ། རྒྱལ་པོ་ན་རེ་ཁྱོད་ཅི་ཞིག་སྒྲ།། གང་ན་ལྷ་མོ་པདྨ་ཅན་གང་ལའོ་སྐོལ་མཉེས་ཀྱང་ཕྱོགས་ཙམ་ཞེས་ཟེར། དེ་ནས་པདྨ་ཅན་ཤ་བ་རི་གཉིས་དང་རྗེ་སུ་འགྲོ་ཞིང་རབ་ཏུ་ཞུག་སོ།། ཤཱ་བ་རི་དགས ་ནས། སོང་མི་ཁྱོད་སོང་ཞེས་སྐད་ཆེན་པོས་སྨྲ་ཞིང་ཁྱོད་མི་འགྲོ་འམ་ཞེས་མདོ་མཱུ་ཏ་ཀ་ཞེས་པ་ནས་བུད་མེད་རྙེད་པ་འདིས་ངའི་བུ་ཆུང་དེའི་ནུ་མ་མོ་ནུན་པའི་མ་མ་བྱེདོ་ཞེས་ཟེར་གཉིས་པ་ནས་ཧ་ཀྱེ་ཎ་ཊེ་ཀ་ལ་ལོ་ལ་ཀཱ་འདི་ནི་འུ་ཅག་གཉིས་ཀྱི་ཐོབ་བོ།། ་ལྟར་འགྲོ་བ་དེ་ལྷུར་འགྲོར་ཆུག་ཟེར། པདྨ་ཅན་དུ་ཞིང་ཀྱེ་མ་ཇི་ལྟར་འཕགས་པའི་བུ་ཁྱོད་ནི་ཡོངསུ་སྐྱོབ་པའི་ངང་ཚུལ་དེ་ལྟ་ན་སྐལ་དམན་བདག་གི་གནས་སྐབས་འདྲི་ལྟ་བུར་འཇུག་པ་ལས་ཡོངསུ་སྐྱོབ་པར་མི་བྱེད་དམ་ཝེ ་སྒྲ། བཞད་གྲང་བ་ནས། ཀྱེ་ཇི་ལྟར་ཐེ་ཚོམ་བྱེད། ལྷ་མོ་པདྨ་ཅན་ནོ།། རྒྱལ་པོས་དེ་ལ་བལྟས་ནས་རྟ་བ་རྟ་བ་པཱར་ལྷ་མོ་མཱ་འཛེགས་ཤིག། པདྨ་ཅན་ནི་བརྟགས་ནས་འཕགས་པའི་བུ་འམ་སུ་ཞིག་ཡིན། ཡང་ན་བདག་གིས་འདིར་འབའི་ཞག་ལ ་འཕགས་པའི་བུའོ་ཞེས་ཉེ་བར་མཐོང་ངམ། རྒྱལ་པོ་ནི་བཱཤུམས་ཤིང་ལྷ་མོ་འདི་ཉེ་བར་མཐོང་བ་འདི་ནི་བདག་ཡིན་ཏེ། ཉེ་དུའི་སྐྱེ་བོ་སྡུག་བསྔལ་བར་བྱའོ།། བཞད་གུད་པ་ནས། ཀྱེ་ལྷ་མོ་ཇི་ལྟར་ཐད་གཞན་ཡིན་སྙམ་དུ་སེམས་ཤིག། འདི་ནི ་ན་མཉམ་དགའོ།། པདྨ་ཅན་ནི་གཉིས་པོ་ལ་བལྟས་ཏེ། ཤིན་ཏུ་སྡུག་བསྔལ་ན་ས་ལ་འགྱེ་ལོ།། ཤ་བ་རི་དགས་ནས། ཤོག་མོ་ཁྱོད་ཤིག། བཞད་གང་པོ་ནི་དབྱུག་པ་གྱེན་དུ་སྦྲེངས་ཏྭེ། ཧ་ན་དེ་བྲན་མོ་ཡི་བུ་སྡུག་པ་ཅན་གྱི་ཤཾ་བཱ་རི་དགས། དབྱུག ་པཀྱོག་པོ་ལག་འགྲོ་ཁྲོས་པ་འདྲ་བའི་དབྱུག་པ་འདིས་ཁྱེད་ཅག་གྲི་མགོ་གཞོམ་པར་བྱའོ།། ཞེས་ཟེར། རྒྱལ་པོ་ན་རེ་ན་མཉམ་དེ་བཞིན་དུ་མ་བྱེད་ཅིག། ཇི་ལྟར་གནོད་པ་བྱེད་པས་བཤེས་གྱུར་པ།། དེ་ལྟར་ཕན་པ་མཛད་པས་མི་འགྱུར་སྙམ། ག ་ལས་དེའི་བཟོད་པར་གྱུར་པ་ཡིས།། འགྲོ་བ་མཐའ་དག་ཟློ་ག་པའི་རྒྱུ་ཉིད་དོ།། ཤ་བ་རི་དགས་ཕན་ཚུན་བལྟས་ནས་ཤིན་ཏུ་བརྟན་ཏེ་གཡོ་བར་གོ་ལ་འགྱུར།། དེ་ལྟར་ན་བདག་ཅག་འགྲོ་བར་བྱའོ།། འདི་ནི་བདག་ཅག་དབང་པོས་སྤྲུལ་པ་བྱས་ཟེར། འཇིགས ་བས་གྱུར་བྱེད་ཅིང་ངེས་པར་ཞུགས་ཏེ་སོང་ངོ་།། འདྲེན་པ་ནས། ཨ་ཡི་སྒྱུ་མོ་འདིར་ཅིའི་ཕྱིར་ཇི་ལྟར་འདི་འདྲ་བའི་སྐབས་ཞུགས། པདྨ་ཅན་ངུ་ཞིང་འཕགས་པའི་བུ་དག་གི་སྐལ་བ་ལ་དྲི་བར་མཛོད།། བཞད་གླེང་པ་ན་ཀྱེ་ལྷ་མོ་གཞོནུ་པདྨ་སྐྱེས་ཇི་ལྟར། པདྨ ་ཙུན་ཕྱོག་སོ་རྣམས་བལྟས་ནས་སྐུལ་བ་དམན་པ་བདག་ལ་ང་བརྗོད་གཏམ་ཅི་ཞིག།། རྒྱལ་པོ་རྟབ་རྩུབ་པོར་བཅི་ཙོ་ཞེས་སྒྲ། པདྨི་ཅན་ནས། བུ་པདྨ་སྐྱེས་དེ་རིང་གང་ནཱ་ཞེས་སྒྲ། བཞད་གད་པ་ན་རེ། ཙི་ཙི་ཀྱེ་རྩེ་མོ་སྨྲོས་ཤིག། བིདྨི་ཅན་ནིས། བ ་གི་བུ་གང་གི་ཕྲོགས་པས་གླང་གིས་ཡང་ཤིནྡྷ་ཏུ་མི་བཟད་པ་འདིར་གནས་ཞེས་བཤམས་ཤིང་གནོད་པ་ཤིན་ཏུ་མིང་བ་དགོན་པའི་གནས་འདིར་བདག་གིས་གཞིན་ཅི་ཞིག་སེམས་པར་བྱེད།། གཞད་གང་བྱ་ངུ་ཞིང་ཀྱི་མ་ཡོངས ་བཱ་མེད་པའི་གྲཝ་ཤིནྡ་རྗེས་དེ་རིང་མེད་པར་བྱས། ཞེས་རྣམ་པར་བསམས་ཏེ། ཀྵེ་ཁྱཱ་མྦི་ཇི་ལྟར་འདི་བཙུན་དུ་སྡུག་བསྔལ་སྤྱོད་པ་དང་པྱད། པདྨཱ་ནྡན་ནས། བདག་མེ་ཏོག་བྷུ་བིར་ཕྱིར་གནས་ནས་འོང་བ་དང་ཕྲད།། རྒྱལ་པོ་ནས། ལྷ་མོན ་ཞིག་དྲང་སྲོང་ཆེན་པོས་ཁྱོད་མ་མཐོང་བ་དོང་ཁྲོ་བར་འགྱུ་རོ།། དེ་ནས་བཞེངས་ལ་དེ་བཞིན་དུ་འགྲོ་བར་མཛོད་ཅིག། བཤད་གླེང་པ་ནས། ཀྱེ་ཇི་ལྟར་སྒྲ་རི་བཙོན་ར་ནས་ལག་ཏུ་འོངས་པོ་ལ་སླར་ཡང་ཁྱོད་ཀྱི་ཇི་ལྟ་བ་བཞིན་དུ་དེར་འཇུག་གམ། ་རྒྱལ་པོ་ནས། ནམཉམ་འཛི་རྣ་ཆོས་ཀྱི་ལུགས་མ་ཡིན།། པདྨ་ཅན་རྒྱས་ཟོ་ལ་བལྟས་ནས་དྲི་ཞིང་འཕགས་པའི་བུ་ཁྱོད་ཀྱིས་བདག་སླར་ཡང་ཡངསུ་འདོར་རམ་རྒྱལ་པོ་ནས། ཇི་སྦྱར་ཁྱོད་ཀྱི་བདག་གཡེངས་ཆེན་ཟེའི་སྤྱིར་བར་བྱེད ་གཟིགས་མཛོད། དོན་གང་གིས་ཡོངསུ་བཏང་ནས།། སླར་ཡང་ལེན་པར་འདོད་པ་ན།། དཔེར་ན་ཁྱི་བཞིན་གསལ་པོར་ནི།། སླར་ཡང་སྐྱུག་པ་ཟུ་བྱེད་དམ།། ཤིན་ཏུ་ཡུན་རིང་གནས་གྱུར་ཀྱང་།། བདག་ཅག་ནམ་ཞིག་འབྲལ ་བར་ངེས།། དེ་བཞིན་དུ་ཡང་གསུངས་ཏེ། བསགས་པ་ཐམས་ཅད་མཐར་མཛད་ཅིང་།། མཐོན་པོ་རྣམས་ནི་དམའ་མོར་ལྷུང་།། འདུས་པའི་མཐའ་ནི་འབྲེལ་བ་སྟེ།། གསོན་པའི་མཐའ་ཡང་འཆི་བ་ཡི་ནི།། གཞན་ཡང་ལྷ་མོ་ཀུན་གྱི་རང ་བཞིན་ཡུན་རིང་གནས་ཀྱང་རྣམ་པར་འབྲལ།། འཆི་བདག་ཞགས་པས་འཛིན་ཅིང་རྣམ་པརརྱ་ཁ་གདགས་རྒྱུ།། གལ་ཏེ་ཆོས་ཕྱིར་འདི་ནི་ད་ལྟར་རྣམ་བྲལ་ཀྱང་།། ཡང་དུག་འདུས་པ་བས་ཀྱང་ཤིན་ཏུ་དགའ་བར་འགྱུར།། པདྨ་ཅན་ནས་འཕ ་པའི་སྲས་གང་གསུངས་པ་དེར་བདག་འགྲོའོ།། གལ་ཏེ་བདག་འགྲོ་ཡང་རྐང་པའི་སྣ་མི་འགྲོའོ།། རྒྱལ་པོ་ནས། ལྷ་མོ་དང་ཚུལ་འོད་ཡིས་བདག་གི་བཀའ་ནི་སྒྲུབ་པར་མཛོད།། ནི་མཉམ་དྲང་སྲོང་ཆེན་པོའི་གནསུ་ལྷ་མོ་བསྐྱལ་བར་མཛོད ་ཅིག། བཞད་གད་པ་ནས། ན་མཉམ་ཇི་ལྟར་གསུངས་པ་བཞིན་དུ་བྱའོ།། པདྨ་ཅན་ནི་དྲུ་ཞིང་ཀྱེ། གཽ་ཏ་མ་སྐད་ཅིག་པ་ཞེས་པར་མཛོད་ཅིག། བདག་ནི་རེ་ཞིག་འཕགས་པའི་བུ་ལྟ་བུའོ།། བདག་ནི་སྐལ་པ་དམན་ཏེ་སླརརྱ་ཡང་བདོག་གིས་མཐོང ་བར་བྱ་བ་ག་ལ་ཡིན་ཞེས་ཆགས་ཤིང་ངེས་པར་བལྟས་འཕགས་པའི་བུ་བདག་ལའང་ལེགས་པར་གཟིགས་མཛོད། སླར་ཡང་བདག་གིས་ཁྱོད་མཐོང་བར་མི་འགྱུར་རོ།། རྒྱལ་པོ་ནས་ལྷ་མོ་ངེས་པར་བསྟན་པས་ཅི་ཞིག། འདུས་པ་ཐམས་ཅད་འདི ་བཞིན་འགྲོ་བར་འགྱུར་ཏེ་གཟིགས་མཛོད།། དཔེར་ན་ལམ་ལ་ལམ་ཞུགས་རྣམས།། འགྲོ་ཞིང་ལམ་དུ་འདུས་འགྱུར་ནས།། ཚོགས་ཀྱང་ཕྱོགས་གཞན་འགྲོ་བར་བྱེད།། དེ་བཞིན་མཉེན་འདུན་ཚོགས་རྣམས་སོ།། བཞད་གད་པ་ནས། ཀྱེ་ན་མཉམ་སྙིང ་རྗེ་མེད་པར་མ་བྱེད། ཀྱེ་ལྷ་མོའི་དབུགས་འབྱིན་པར་མཛོད་ཅིག། རྒྱལ་པོ་ནི་བཤུམས་ཤིང་ཇི་ལྟར་བདག་གིས་དབུགས་དབྱུང་བར་བྱའོ།། སླར་ཡང་འབྱུང་འགྱུར་ཡང་དག་འདུས་པ་ཐོབ་ཅེ་འམ་ནི་སླར་ཡང་ཁྱོད་ནི་སྨྲས་པོ་ནི། པདྨ་སྐྱེས ་ཀྱིས་འདིར་ནི་བློན་པོ་དང་ནི་དཔུང་ཚོགས་ཐམས་ཅད་བཅས་པར་འགྱུར་ཅེ་འམ། ལྷ་མོའི་གྱོས་སྒྱུག་བདག་གི་ཡབ་ཡུམ་དག་ནི་རབ་ཏུ་དང་བས་དི་རིང་ཐོབ་ཅེ་འམ། མངའ་རིས་ཤིན་ཏུ་རྒྱས་པར་སྒྲ་འམ་ཇི་ལྟར་བདག་གིས་དགའ་བས་རབ ་ཏུཏུ་དབུགས་དབྱུང་བྱ།། ཡོལ་བའི་ནང་ནས་འདྲི་བཞིན་ནོ་ཞེས་སོ།། ཐམས་ཅད་རྟ་བ་རྟབ་པོར་གྱུར་ཏོ། སླར་ཡང་ཡོལ་བའི་ཕག་ནས་འདི་བཞིན་ནོ་ཞེས་པ་ནི་ཅི་ཞིག། འདི་བཞིན་གང་ལ་རིག་འཛིན་རྣམས།། དགའ་བས་ལེགས་འོངས་ན་མཁའ ་ལས།། མེ་ཏོག་རྣམས་ཀྱི་ཆར་ཕབ་སྟེ།། འདི་ནི་གསལ་པོར་གྱུར་པའོ།། རྒྱལ་པ་ནི་ངོ་མཚར་དང་བཅས་ཏེ། ལྷ་མོ་འདིར་ཡང་འགའ་ཞིག་འོངས་ནས་གལ་ཏེ་བདག་ལ་འདི་ལྷ་མོ་དང་བཅས་པ་མཐོང་ན་བརྫུན་གྱི་དམ་བཅའ་ཞེས་འབྱུང་བར ་འགྱུར་རོ།། པདྨ་ཅན་དུ་ཞིང་ཕྱག་འཚལ་ཏེ། ཁྱོད་ལ་ལྷ་རྣམས་ཀྱིས་མཐོང་བར་འགྱུར་མོད་ཅེས་ཟེར་ནས་ལྟ་ཞིང་ཡོངསུ་སོང་ངོ་།། བཞད་གད་པ་རྗེ་སུ་ཞུགས་ཏེ་སོང་ངོ་།། རྒྱལ་པོས་གཟིགས་ཏེ། བུད་མེད་རིན་ཆེན་སྦྱིན་པར་བཏང་། ་ཡིད་ནི་འགྲོ་ཞིང་བྱ་བ་བྱས།། བདག་གི་གཙུགྲི་རིན་ཆེན་འདི།། སྤུན་བཞིན་དུ་ནི་དོན་མེད་ནས།། ད་ནི་དམ་པ་སློང་བ་སུ་ཞིག་འབྱུང་སྙམ་པ་ན། དེ་ནས་བྲམ་ཟེ་གཅིག་ཞུགས་ནས་ཀྱེ་བདགེ་སློང་བ་པོ་ཞེས་ཡོངསུ་ཞུགསོ།། ་པདྨ་ཅན་གྱིས་བལྟས་ཏེ། གཽ་ཏ་མ་བྲམ་ཟེ་འདི་ནཱི་ཅི་ཞིག་སློང་བར་བྱེད་དོ་སྙམ་དུ་བདག་སྙིང་གི་སེམས་སོ།། བཞད་གད་པ་ནས་ཀྱེ་ལྷ་མོ་འདི་ཡང་བྲམ་ཟེ་སྟེ། ཐམས་ཅད་དུ་བདག་ཅག་བྲམ་ཟེས་གཏོང་བར་མི་བྱེད་དེ་འདི་ན་ཡང་སློབ་བོ།། ་ཡང་ན་ནགས་ཚང་ཚིང་གི་དཔག་ཏུ་ལྷ་མོ་ལྟ་ཞིང་སྡོད་ཅིག་བདག་གིས་ཉེ་བར་འགྲོ་བར་བྱའོ།། བྲམ་ཟེ་ངེས་པར་བལྟས་ཏེ། འདི་ནི་ལྕེ་གཙུག་ནཱ་ནོར་བུ། གང་ཡིན་པ་འདི་ཡིན་ཏེ། གཅིག་པུ་ཉིད་ཀྱི་ཕུན་ཚོགས་ཀྱིས།། ས་གསུམ་རྣམས ་ནི་ཁྱབ་པར་མཛད།། བསྐལ་པ་འཆགས་དུས་གནས་པ་ཡི།། ལེགས་ལྡན་པདྨོའི་སྐྱེ་གནོས་བཞིན་ཞེས་ཟེར་ནས།། ཀྱེ་རྒྱལ་པོ་བདེ་ཡིགསུ་གྱུར་ཅིག། རྒྱལ་པོ་ནས། བདེ་བར་འོངས་སམ་འདིར་ཞུགས་ཤིག་གསུང་མིག་གཡས་པ་འཕྲིགས ་བར་གྱུར་ནས་བསམས་པ། ཇི་ལྟར་མིགུ་གི་གཡས་འགུལ་ཞིང་།། གང་ཞིག་ལྷོག་པར་མངོན་གསལ་བྱེད།། གང་བ་རྒྱ་ཆེན་བསྔགས་འོས་པའི།། གསལ་བར་སློང་བ་པོར་གྱུར་ངེས།། བྲམ་ཟེ་ཆེན་པོ་ཅི་སློང་བཱར་བྱེད་གསུངས་ཤིག ་ཅེས་སོ།། བྲམ་ཟེ་ནི་ངོ་ཚ་བཞིན་དུ་བདག་ནི་ངེས་པར་འདོད་པ་ཆེའོ།། རྒྱལ་པོ་དགའ་བ་དང་བཅས་ཏེ་ངོ་ཚ་བ་ཆོག་གོ།། བདག་ཉིད་ཀྱི་བཞིན་དུ་འདི་ཐམས་ཅད་ཀྱང་ཁྱོད་ཀྱིའོ།། བྲམ་ཟེ་ནས། གཞན་དོན་རོ་ཅིག་ཤར་བ་ཡི་སོ།། འགྲོ་བའི་གཤེས ་གཉེན་ཞི་མཛད་པ།། བདག་གི་མངོན་འདོད་ཁྱོད་བཞིན་དུ།། ཁྱོད་ཀྱི་གཙུག་གི་ནོར་བུ་སྟེ།། བཞུད་གད་པ་རྟ་བ་རྟབ་པོར་ཉེ་བར་བཏུད་དེ། ཀྱེ་བྲམ་ཟེ་ཁྱེད་ལ་ངོ་ཚ་བའང་མེད་དོ།། ན་མཉམ་དགའ་བའི་ལུས་ཀྱི་གནས་སྐབས་ཀྱང་འདི་བཞིན་དུ་སྡུག ་བསྔལ་བར་བྱེད་དམ། རྒྱལ་པོ་ནས། ན་མཉམ་དེ་བཞིན་དུ་མ་བྱེད། ཇི་ལྟར་བདག་གི་མཆོད་པའི་གནས་ཁྱོད་ཀྱིས་རྒྱང་དུ་འཕེན་ནམ། འདི་ནི་སྦྱིན་བདག་འདིར་བདག་སློང་མོ་པ། གྲོགས་པོ་ཕྱིན་ཅི་ལོག་ཏུ་ཅི་ཕྱིར་བྱེད། འདི་ནི་འགྲོ་བ་མྱང ་འདས་རྒྱུར་འགྲོ་བའི།། བདག་གི་ཀུན་མཁྱེན་གཞོན་པའི་མཆོ་གོ་ཡིནོ།། གཞན་ཡང་ཡིད་བཞིན་ནོར་དང་སློང་བའི་སྐྱེ་བོ་བདག། ཕུན་ཚོགས་ཡོན་ཏྲན་སློང་བའི་སྐྱེ་བོ་འཕགས།། ཡིད་བཞིན་ནོར་ནི་ནོར་ཙམྱ་སྟེར་བྱེད་ཀྱི།། སློང་བའི་སྐྱེ་བོ ་ཡོན་ཏན་ཀུན་འབྱུང་ངོ་།། ཀྱེ་བྲམ་ཟེ་གཙུག་གི་ནོར་བུ་འདི་ནི་ཇི་ལྟར་འདོད་པར་བཏོན་ནས་ཁྱེར་ཅིག། བྲམ་ཟེ་ནས། ལྷ་ཡི་གཙུག་གི་ནོར་བུ་རི་རབ་ཀྱི།། རྩེ་མོ་ལྟ་བུར་སུ་ཡིས་བསྐྱོད་པར་ནུས།། རྒྱལ་པོ་ནས། རྣོ་བ་ཡཽས་བསྣུན་ཅིང་ཐེ་ནི་ཅིག། ་གཟིགས་མཛོད།། ཆུ་ཤིང་སྙིང་པོ་མེད་པ་ལྟར།། རྣམ་པར་ཉམས་གྱུར་བདག་མེད་པའི།། ལུས་འདི་གཞན་དོན་འགྲོ་བ་ཡི།། དགའི་འགྱུར་གང་གིས་སྐྱེ་བ་མེད།། བཞད་གད་པ་ནས།། ཡོངསུ་སྐྱོབ་ཞོག། ཡོངསུ་སྐྱོབ་ཞིག། ནགས་ཚལ་གྱི་ལྷ ་རྣམས་གདུགས་པ་ཅན་གྱི་བྲམ་ཟེས་ན་མཉམ་དགའ་བ་ནི་གསོད་པར་བྱེད་དོ།། ལྷ་མོ་རྟབ་རྟབ་པོར་གྱུར་ནས་འདི་ནས་གཞན་ཡང་མཐོང་བར་འགྱུར་རམ་ཞེས་འོངསོ།། བྲམ་ཟེ་ངོ་མཚོར་ཏེ། ཅི་སྟེ་ནགས་ཚལ་གྱི་ལྷ་རྣམས་འོངས ་ས་མ་སྙམ་མོ།། པདྨ་ཅན་ནས་འཕགས་པའི་སྲས་བྱ་བ་འདིས་ཅི་ཞིག་བྱེད།། རྒྱལ་པོ་ནས། ཡིད་ཀྱི་ཤིང་འདྲིའི་འབྲས་བུ་དང་བཅས་སོ།། པདྨ་ཅན་ངུ་ཞིང་འཕགས་བྱིའི་བུའི་ཡིད་ཀྱི་ཤིང་རྟའི་འབྲས་བུ་དང་བཅ་སོ།། བྲམྦྷ་ཟེའི ་འདོད་པ་གྲུབ་པོ།། རྒྱལ་པོ་ནས། ཤིན་ཏུ་བདག་ཏུ་རྨོངས་པས་ཆོག་གོ།། གཟིགས་མཛོད། འཁོར་བའི་ཆུ་གཏེར་སེམས་ཅན་རྣམས།། ལས་ཀྱི་དབའ་རླབས་ཤུགས་ཀྱིས་བསྐྱོ་བ།། མཐོན་པོ་དག་ནི་དམའ་མོར་འཕངས།། དེ་ལ་གང་དང་གང་གིས ་བསྙེན།། བྲམ་ཟེ་ནས། ཤིན་ཏུ་སྙིང་རྗེ་ཆེན་པོ་ལ་ལྟས་ནས་བདག་ཀྱང་ཡང་དག་པར་བརྩེ་བར་སྐྱེ་ན་གཙུག་གི་ནོར་བུ་རེ་ཞིག་ཞོག་ཅིག། པདྨ་ཅན་ནས། བྲམྦྷ་ཟེ་དེ་བཞིན་དུ་རྗེསུ་འཇུག་གོ།། བཞད་གད་པ་དགའ་ནས་ལེགས་པར་སྨྲསོ།། རྒྱལ་པོ ་ཤིན་ཏུ་མཉེས་ནས་ཀྱེ་བྲམ་ཟེ་ཁྱོད་ཀྱི་གཞན་དུ་སྨྲས་ནས་འདི་བཞིན་དུ་རིགས་སམ། བྲམ་ཟེ་ནས་རྒྱལ་པོ་བདག་ཅག་གི་ཡུལ་དུ་མཱ་རིའི་ནོད་ཞུགས་ཏེ། དེའི་ཕྱིར་བླངས་ནས་འདིས་སྤྲོ་བར་བྱེད་དོ།། རྒྱལ་པོ་ནི་རྟབ་རྟབ་པོར་ཇི་ལྟར་བྲམ་ཟེ་ཞེས ་གསུང་། བྲམ་ཟེ་ནུས། ཀྱོ་རྒྱལ་པོ། སྲང་དང་སོ་སོའི་ཁྱིམ་རྣམས་དུར་ཁྲོད་མི་བཟད་བཞིན།། ཡན་ལག་བརྐྱང་ཞིང་ལུས་འཛག་ཤིང་གི་ཕུང་པོ་བཞིན།། རི་རབ་ཀྱང་ནི་ཁྱི་དང་མཁའ་འགྲོས་སྒྱུ་མ་རྣམས།། རབ་ཞུགས་འདི་ནི་ཀུ་རུའི་ཡུལ་དུ་ཕྱུང ་བར་གྱུར།། རྒྱལ་པོ་ནས། སྡུག་བསྔལ་ལོ།། ཀྱེ། བྲམ་ཟེ་མཱ་རིའི་ནད་དེ་ལ་རབ་ཏུ་ཞི་བར་བྱེད་པའི་ཐབས་གང་ཡང་མེད་དམ། བྲམ་ཟེ་ནས། འཆ་ནད་རབ་ཏུ་ཞི་བར་བྱེད་པའི་ཚད་དུ་འདི་བཞིན་ལྷའི་གཙུག་གི་བུ་སློང་པོ་འཇིག་རྟེན་པོ་རྣམས་ཀྱི་བདག ་བཏང་ངོ་།། རྒྱལ་པོ་ཤིན་ཏུ་མཉེས་ནས་སྐྱེ་བོ་རྣམས་ལ་ཕན་པ་བྱ་བའི་ཕྱིར་བདག་གི་གཙུག་གི་ནོར་བུ་སློང་བར་བྱེད་དོ་ཞེས་ཀུན་ནས་ཕྱུང་ནས། གཙུག་གི་ནོར་བུ་བཀན་ནས་རྩ་བར་རྣམ་པར་བཅིངས་པར་ཕྱུང་ནས་ནི།། འདི་ནི་ཚད་ཆེན་རི་བོང ་འཛིན་པ་ཆེན་པོའི་འོད་ཟེར་ལྟ་བུར་དཀོར།། འགྲོ་བའི་དོན་རྣམས་ཡང་དག་བསྒྲུབ་མཛད་གཉིས་སྐྱེས་ལ་བྱིན་ནས། མི་དྲག་འགྲོ་བ་ཀུན་གྱི་ནད་རྣམས་འདི་ཡོས་སེལ་བར་ཤོག། ཅེས་བྱིན་ཏེ་བརྒྱལ་ནས་གར་བྱེད།། པདྨ་ཅན་དུ་ཞིང་ཧ་འཕགས ་པའི་སྲས་ཧ་མཐུ་ཆེན་པོ་མགོན་མེད་རྣམས་ཀྱི་གཉེན་ཁྱོད་ཀྱི་བདག་ཅིག་པུ་འདོར་ཡོངསུ་འདོར་བོར་བྱེད་དོམ་ཟེར། བཞད་གད་པ་ནས། ཧན་མཉམ་དགའ་བ་འགྲོ་བ་ཀུན་གྱི་གཉེན་བརྩེ་བ་ཆེན་པོ་ཡོངས་སྐྱོ་བོ་ཤིག། དཔག་བསམ་གྱི་ཤིང ་ཡོངསུ་འདོར་ཞིང་ཆུ་གཱ་ཏེར་ཡོངསུ་སྐ་མོ་ཞེས་ཟེར། བླམྦྷ་ཟེ་ནི་གཞན་དུ་འདིར་སྡུད་ནས་ཅི་ཞིག་བྱེད། འདི་ནི་སེམས་དཔའ་ཆེན་པོ་དེ་ཡི་མངོན་པར་འདོད་པ་བདག་གི་བསྒྲུབ་པར་བྱའོ།། སྙམ་ནས་ཡོངསུ་ཞུགས་ནོས་བལྟས་པ་ན་དྲེར་ཐུབ་པ་ཅིག ་འོངས་སོ།། བདག་ནི་སྡིག་བུ་མི་བཟད་པ་དང་ལྡན་པས་ཇི་སྲིད་འདིས་མྱི་མཐོང་བ་དེ་སྲོད་བདག་འབྲེ་སྒོ་སྙམ་ནས་ཞུག་སོ།། དེ་ནས་དྲང་སྲོང་འོད་ཟེར་ཙན་རིན་ཚུན་ཕྲེང་བ་མ་དང་བཅུས་ཏཱི་རབ་ཏུ་ཞུག་སོ།། ཅི་སྟི་སྒྲ་ཆེན་གནས་སྐབས་མ་ཡིན་འདི་ལྟར ་སྤུང་ནིང་ཅི་སྟེ་ས་ཆེན་གཡོ་བར་བྱེད། ཅི་སྟེ་རླུ་རྣམས་ཀྱང་ནི་རླུབ་ཅིང་ཅི་སྟེ་ཕྱོགས་རྣམས་ཀྱང་ནི་སྐྱེ་བར་འགྲོ་བར་བྱེད། ཎི་སྟྲཻ་ཉི་མ་ཡང་ནི་མཚམས་མིན་གཟའི་བདགེ་ཟས་འཛིན་ཅིང་བ་ཙམ་ནས་གནས་བྱེད་ཅིང་། ཅི་སྟེ་ཉི་མའི་གུང་ལ་ཛི ་འདིར་ནི་ཡུལ་རྣམས་མུན་པས་ཡང་དག་སྒྲིབ་པར་བྱེད།། འདི་བཞིན་དུ་མའི་བདག་པོ་ལ་ཇི་ལྟར་སྡུག་བསྔལ་མི་འདོད་པ་ཞིག་གོ་སྙམ་ནས་བུ་མོ་རིན་ཆེན་ཕྲེང་བ་མ་དཱ་ལྟར་པདྨ་པཱ་ཏི་གར་སོང་། རིན་ཆེན་ཕྲེང ་བཱ་མ་ནས། ཆུ་ཀླུང་དལ་གྱི་འབབ་པའི་འགྲམ་དུ་མེ་ཏོག་ཐུར་སོང་ངོ་།། དྲང་སྲོང་ནོས་འདི་མྱུར་དུ་ལྟར་འགྲོ་བར་བྱའོ་ཞེས་ཡོངསུ་ཞུགས་པ་ན་ཟླ་བར་ཅུང་ཟད་ཐོས་ནས་ཨ་ཡཻ་ཇི་ལྟར་ངུ་བིའི་སྒྲ་འདྲ་བ་ཞིག་གོ།། དྲྀར་རོ་ཞིག་བདག་འགྲོ་བར་བྱའོ། ་ཞེས་ནས་ཡོང་སུ་ཞུགས་ནས་བལྟས་པ་ནི། རིན་ན་ཕྲེང་བ་མ་ངུ་ཞིང་། ལོགས་ལྡན་པདྨ་ཅན་ནི་ཇི་ལྟར་ངུ་ཞིང་མཆི་སོ།། འདི་ལྟརཱ་གོ་ཏ་མའོ།། དྲང་སྲོང་མས་འདི་ལས་གཞན་འགའ་ཞིག་ཀྱང་ངོ་།། རིན་ཆེན་ཕྲེང་བ་མསྫ་ངེས་པར་བལྟ་སོ་ནས ་ཧཱ་བདག་གསོད་འདི་ནི་ལྷ་གཙུག་ན་ནོརཱ་བུ་སྟེ་ས་ལ་འགྱེལ་ནས་མཆི་སོ།། དྲང་སྲོང་ནས། ཧཱུཾ་བདག་གསོད་བདག་སྐལ་པ་དམན་པ་མི་རྟག་པ་ནི་སྟོབས་ཆེའོ།། སྐྱེ་བའི་དཔག་བསམ་ཤིང་བཞིན་དུ།། རྟག་ཏུ་འཚོ་བར་བྱེད་པའི།། དེ་ནི་འདི་མཉལ་ཞིང ་འགྱེལ།། ཕུན་ཚེགས་དྲིས་པར་སྐད་ཅིག་ཙམ།། བུ་མོ་པདྨ་བྷཱུ་ཏཱི་འདི་ཞིག། ཇི་ལྟར་བ་དེ་བཞིན་དུ་ངུ་བར་བྱེདདོ།། བཞད་གད་པ་ནས། ལེགས་ལྡན་གཟིགས་གཟོགས། དྲང་སྲོང་ནས། འདི་ཇི་ལྟར་ཡིན། བཞད་གླད་པ་ནོས། ལྗགས་ལྡན་གཙུག་ན ་ནོར་བུའི་སྦྱིན་པའོ།། དྲང་སྲོང་ནས། ཧཱ་དཔག་བསམ་གྱི་ཤིང་འགྲོ་བའི་གཉེན་གཅིག་པུ་ཞེས་ཟེར། པདྨ་ཙན་ལ་རིན་ཆེན་ཕྲེང་བ་མ་ལ་འཁྱུད་ནས་གྲོགས་མོ་དགའ་མ་འདིར་ཤོག། གནས་སྐབས་ཀྱི་མཐའ་འདི་ལ་ལྟོས་ཤིག། ཧཱ་བུ་པདྨ་སྐྱེས་ཡབ ་ཀྱིས་ཀྱང་ཡོངསུ་འདོར་བར་བྱེད་དོ།། དེ་ནས་པདྨ་སྐྱེས་དང་། ལགུ་བཟངས་དག་ཡང་རབ་ཏུ་ཞུགས་ཏེ། འདི་ནི་ངའོ།། པདྨ་སྐྱེས་ལ་ནི་འདིརྭ་བླངས་ནས།། བཟོད་པར་དཀའ་ལས་རྒྱལ་བར་བྱས།། རྗེའོ་ལྟ་ཞིང་འགྲོ་བར་བྱེད།། དེ་ལས་ཡིད་ཀྱི ་ཐེ་ཚོམ་ཙི།། པདྨཱ་སྐྱེས་ནས། ཨོཾཛྙཱ་སྣ་ཆེན་པོ་ཡུ་མོ་དང་བཅས་ཏེ་ཡབ་དང་མཇལ་བར་བྱེད་དོ་ཞེས་ཟེར། ལག་བཟངས་ནོས། གཞོནུ་དེ་ཇི་ལྟ་བ་དེ་བཞིན་དུ་བྱའོ་ཞེས་ཟེར། ཡོངསུ་ཞུགས་པ་ན་པདྨ་སྐྱེས་རྩཝ་བབས་བཞིན་དུ་འགྱེལ་བར ་གྱུར་ཏོ།། ཨཛྫཱ་དཾའི་རྐང་པ་ལ་ཅི་ན་མ་ཅིག་གིས་རྨུ་གསོ་ཤེས་ཟེར། ལག་འཇིགས་ནས།། མྱུར་དུ་བལྟས་ཏེ་རང་ཉིད་བསམ་པ་དང་། སྒེག་པས་ཀུན་ནས་འགྱེ་ལཽ་ཏེ། ཇི་ལྟར་འདི་ནི་སྦྲུལ་ཡིན་ཏེ། ས་ཡི་སེར་ག་འདིར་རྟ་སུ་ཞུགས་ཏེ་སོང་ངོ་།། ་བདག་གི་མངོན་པར་འདོད་གྲུབ་པ་འདི་ཉམསོ་སྙ་མོ།། ཡང་ན་མྱུར་དུ་ལྷའི་དྲུང་དུ་ཉེ་བར་འགྲོ་ཞིང་སླེབ་མ་ཐག་ཏུ་གཙུག་གི་ནོར་བུའི་འོད་ཟེར་གྱིས་དྲུག་མེད་པར་འགྱུ་རོ།། སྙམོ་ནས་གསལ་བར་སྨྲས་པ། གཞོ་ནུ་མྱུར་དུ་མཛོད་ཅིག། ་ཡབ་ཡུམ་དག་དང་མཇལ་བཱར་བྱའོ།། ཞེས་སྨྲསྟྲ་པཱ་ནཱ། ངའི་རྐང་པ་ནཱི་སྠིད་སིལ་སཱི་ལ་མཆི་སོ།། གྲཝ་ཉིད་ཀྱང་བློ་ལུས་པཾ་ཡང་འདར་ཞིང་མཆི་སོ་ཞེས་ཟེར། ལག་བཟངས་ཀྱི་རྣ་བར་ཅུང་ཟད་ཐོས་ཏེ། ཇི་ལྟར་འདིར་ཡང་ངུ་བའི་སྒྲ ་ཞིག་གོ་སྙམ་ནས་བརྟག་པ་ནི། དེ་ཅི་སྟེ་འདི་ནི་ལྷ་མོ་བཤུམས་པ་ཡིན་ནམ། འདི་ནི་རིན་ཆེན་ཕྲེང་བ་མའོ།། འདི་ནི་ལེགས་ལྡན་འོད་ཟེར་ཅན་ནོ།། སྙམ་མོ།། ཤིན་ཏུ་སྤངས་ནས་འདི་ཐམས་ཅད་ཅིའི་ཕྱིར་དུ་ཞེས་ཡང་བལྟས་པ་ན། ་དེ་རྣམས་ནི་དུ་ཞིང་ལྷ་ནི་གཟིམས་ནས་བཞུག་སོ།། ཨ་ཡེ་ལྷའི་དབུ་ནི་ཅིའི་ཕྱིར་འདི་བཞིན་དུ་སོང་། ངེས་པར་བལྟས་ནས་ཧཱ་རྒྱལ་པོ་ཆེན་པོ་ཇི་ལྟར་འདི་འདྲ་བའི་གནས་སྐབསུ་གྱུར་ཞེས་ལྷ་མོ་ལ་ལྟ་ཞིང་། ཁྱེད ་ཀྱེ་སྤྱན་ནི་བཙུམས་ཤིང་མཆིས།། དེ་རིང་འཇིག་རྟེན་སྣང་བ་མེད།། སྨད་བྱེད་དང་བྲལ་ན་མཁའ་བཞིན། དབུའི་གཙུག་ཀྱང་སྟོང་པར་སྣང་ཞེས་འདྲེན་པོའི་ཞབས་ལ་ཕྱག་འཚལ་ནཱས། འདིར་ནི་ལྷ་འབའ་ཞིག་གཤེགས་པར་མ་ཟོད ་དེ་གཙུག་གི་ནོར་བུའི་འོད་ཟེར་དང་བྲལ་བས་ད་ནི་གཞོནུ་ཡང་གཤིགས་པར་འགྱུ་རོ།། རིན་ཆེན་ཕྲེང་བ་མ་པདྨ་སྐྱེས་ལ་འཁྱུད་དོ་བུ་པདྨ་སྐྱེས་ཡ་བཱ་ལ་གཟིགས་མཛོད་ཅིག་ཕྱི་ནས་ནམ་ཡང་མཐོང་བར་མི་འགྱུར་རོ།། པདྨ་སྐྱེས ་ནས། ཡབ་འདི་བཞིན་དུ་ཅི་སྟེ། པདྨ་ཅན་ནས། བདག་ནི་སྐལ་པའི་རང་བཞིན་ནོ།། པདྨ་སྐྱེས་ནས། ཡབ་བཞེང་མཛོད་བདག་གི་ཡུམ་ཡང་བ་ཤུམས་ཤིང་མཆིསོ་ཤེས་བརྒྱལ་ཞིང་གར་བྱེད་དོ།། པདྨ་ཅན་དང་། རིན་ཆེན་ཕྲེང་བ་མཱཾ་བོ་དག ་ཀྱང་ཧཱ་བུ་ཧཱ་གཞོ་ནུ། ཧཱ་བུ་ཆུང་ཁྱོད་ཀྱིས་ཀྱང་བདག་ཅག་ཡོངསུ་འདོར་རམཱ། ལག་བཟིངས་ནས། ཧཱ་བཅོམ་མོ།། སྐལ་བ་དམན་པ་འདིར་ཕུན་སུམ་ཚོགས་པའི་རྒྱལ་རིགས་སྟོངསོ།། བཞད་གད་པ་ནས། བུ་པདྨ་སྐྱེས་དབུགས་ཕྱུང་ཞིག་དྲང ་སོང་ངེས་པ་རེ་བལྟས་པས་ངོ་མཚར་བར་གྱུར་ནས། འདིར་ནི་ཙན་ཆུས་ཡིས་ཐེག་ལེའི་ཟེར་མའི་མཁའ་ལས་ཡན་ལག་མཆོག་ཆར་འབེབས་ཤིང་།། བུང་བ་དང་བཅས་མེ་ཏོག་རྣམས་ནི་རིང་ནས་ལྡེང་ཞིང་རིག་འཛིན་རྣམས་ཀྱིས་འཐོར་བར ་བྱེད།། ཀླུ་རྣམས་ཀྱང་ནི་དལ་གྱིས་འབབ་ཅིང་ཆུ་ཀླུང་དལ་གྱིས་འབབ་པ་གཏིང་ཟ་བ་རྣམས་ཀྱང་ནི།། ཟིལ་པའི་འོད་ཟེར་འགྱེད་ཅིང་ལྷ་ཡི་རྔ་རྣམས་འདིར་ནི་རི་བོའི་ཕུག་རྣམས་རབ་མྱོས་བྱེད།། ཐམས་ཅད་ཡ་མཚན་ཆེ་ནས་བལྟ་སོ།། པ ་ནས།། འཕགས་པའི་སྲས་ཀྱི་སྐུ་ནི་ལྷ་རྣམས་ཀྱིས་མཆོད་པའི་ཆེད་དུ་ལྕིའི་འཇིག་རྟེན་དུ་ལེན་པར་བྱེད་དོ།། ཞེས་ཟེར་ནས་དྲང་སྲོང་གི་རྐང་པ་ལ་ཕྱག་འཚལ་ནས། ལེགས་ལྡན་བདག་བཀའ་ཡིས་རྗེ་སུ་ལྷན་ཅིག་འགྲོའོ་དྲང་སྲོང་ནིས ་གནང་བར་མཛོད་ཅིག་ཟེར་ནས། ལག་བཟངས་ལ་ལྟ་ཞིང་། བདག་གི་སྐྱེག་ཤིང་སྟ་གོནརྀ་གྱིས་ཤིག་བདག་གི་གཏམ་གྱི་ཕྱི་མ་ཡིན་ནོ་ཞེས་ཟེར། ངདྲ་གད་བ་ནས། ཀྱེ། ལྷ་མོ་ཐང་ཅིག་གཞེས་ཅིག། བདག་ཀྱང་ནཱ་མཉམ་དགའ་བ་རྗེ་སུ ་ལྷན་ཅིག་འགྲོའོ་དྲང་སྲོང་ནས་དཱ་དུང་ཡང་ངུས་ནས་ཅི་ཞིག་བྱེད་མ་མཐོང་ངམ་ཅི་སྟེ། འདི་ཡི་ཐུགས་ཀ་རབ་ཏུ་འགུལ་ཞིང་སྤྱན་ཡང་འབྲིག་པར་བྱེད།། འདི་ཡི་ཞལ་ནི་མཚོ་ཡི་པདྨ་བཞིན་དུ་རྣམ་པར་འཛུམ།། འདི་ཡི་སྐུ་ནི་བ་སྤུ་གཡོ་ཞིང ་ཕྱག་ཀྱང་སྐྱོབ་པར་རྩོམ།། འདིའི་སྤྱན་ནི་འཇིག་རྟེན་རྣམས་དང་ལྷན་ཅིག་འགྱོད་པཅོམ་བཤད་པ་ནས། ཀྱེ་ལྷ་མོ་འཁྲུག་པར་མ་བྱེད་ཅིག། ན་མཉོམ་དགའ་བས་ཀྱང་འཛིན་པར་བྱེད་དོ།། པདྨ་ཅན་ངེས་པར་བལྟས་ནས། འདིར་བདག་གི་སྐལ ་པོས་དབུགས་འབྱིན་པར་བྱེད་དོ།། ཞེས་པདྨ་སྐྱེས་ཀྱི་ལག་པ་ནས་བཟུང་ནས་བུ་དབྱུགས་ཕྱུང་ཞིག།། ཁྱོད་ཀྱི་ཡ་བ་ནི་འཚོ་བར་སྣང་ཞེས་ཟེར། རིན་ཆེན་ཕྲེང་བ་མ་ནས། ཀྱེ་རྒྱལ་པོ་ཆེན་པོའི་འཁོར་རྣམས་དབུགས་ཕྱུང་ཞིག་ཟེར། རྒྱལ་པོ ་བཀན་ནས་རྩ་བ་གཅེས་པའི་ཚིག་སུ་བཅད་པ་ཉིད་ཀློག་ཅིང་དལ་བུས་གས་པར་བྱེད་དོ།། པདྨ་ཅན་ནས། འཕགས་པའི་སྲས་འདི་ནི་གཞོ་ནུ་པདྨ་སྐྱེས་ཏེ། འདི་ཡང་འབྲིང་བར་མི་བྱེད་དམ། རྒྱལ་པོ་ནས་བུ་པདྨ་སྐྱེས་འདིར་ཤོག ་གསུང་། ལྷག་བཟུངས་ནས། བདག་གི་སྐབས་འདིར་ཇི་ལྟར་བྱ།། ལྷ་འདི་ནི་བདག་གི་ངལ་བས་ནས་སྟོང་པ་ནོ།། སྦྲུལ་གྱི་མཆེ་བས་བཟུང་སྟེ་བརྒྱ་ལཱི་ནས་མཆིསོ།། རྒྱལ་པོ་ནི་རྟི་བ་རྟ་བ་པོར་འདི་ཅི་ཞིག། པདྨོ་ནྡན་ནས། ཧཱ་བུ་པདྨ་སྐྱེས་ཀྱིསཽ་ཡབ་མ ་མཐོང་མུ་ཟེར། རིན་ཆེན་ཕྲེང་བ་མུ་ནས། ཧཱུ་གྲོགས་མཽ་དགོའ་བ་ཁྱོད་ཀྱི་ཡིད་ཀྱི་ཤིང་ཌྷ་མ་རྫོགསོ་ཞེས་ཟེར། བྱ་ཞང་གླད་པ་ནས། ཀྱཻ་གཞིན་ནྡྷེ་ནཱིམྦྷ་པ་མེད་པ་ཟློར། ལག་བཟངས་ནས།། ལྷ་ཡི་གཙུག་གི་ནོར་བུ་གང་ནི། བཞི་ག་བ་ནས། བྲམ་ཟེ ་ལ་བྱིན་ནོ།། ལག་བཟངས་ནས་གཡོ་སྒྱུས་བཅོམ་སྟེ་བཟོད་པར་རབ་ཏུ་དཀའ་བའི་གཡོ་ཐབས་ངེས་པར་ཡི་ནོ།། ལྷ་ཇི་ལྟར་དགྲ་རྣམས་འཚེ་བའི་ཕྱིར་གཙུག་གི་ནོར་བུ་སྟེར་བར་བྱེད། རྒྱལ་པོ་ནས། བདག་ལ་ཕྱིས་ཀྱང་གདུང་བ་མེད་དོ།། དྲང་སྲོང ་ནས་ཅིས་ཤེས་ཟེར། རྒྱལ་པོ་ནས་ལེགས་ལྡན་གང་གི་བདེན་པ་འདི་དང་སྙིང་རྗེའི་བསམ་པའི་འབྲས་བུ་དང་། དེ་བྱིན་བདག་ལ་ནེམ་ཡང་རྗེ་སུ་གདོང་བ་མེད་གྱུར་ན།། དེ་ཡིས་ད་ལྟར་དེ་བས་ནུས་མཐུ་ཤིན་ཏུ་ལྷོག་གྱུར་པའི།། འགྲོ་བ་ཕན་ཕྱིར ་བདག་ལ་གཙུག་གི་ནོར་བུ་འབྱུང་བར་ཤོག་ཅེས་གསུང་བ་དང་། གློག་འཁྱུག་པ་བཞིན་དུ་མཐོང་ནས་ཐམས་ཅད་རྟབ་རྟབ་པོར་གར་བྱེད་དོ།། པདྨ་སྐྱེས་ཀྱང་ཉེ་བར་ལང་སོ།། དྲང་སྲོང་ནས། ཨ་ཧོ་སེམས་དཔའ་ཆེན་པོའི་བསམ་པ་རྣམ་པར ་དག་གྱུར་ཏེ། ཉི་མ་འོད་ཟེར་སྟོང་ཕྲག་རྣམས་ནི་འཕྲོ་ཞིང་གསལ་བ་ལྟར།། སླར་ཡང་མིའི་བདག་ལ་གཙུག་གི་ནོར་བུ་འཁྲུངས་གྱུར་ནས།། གང་གི་མཐུ་ནཱི་རབ་བརྐྱང་དུག་གི་མུན་པ་མངོན་པར་བཅོམ།། པད་མ་སྐྱེས་ཀྱང་དུ ་ནི་པདྨ་བཞིན་དུ་རབ་ཏུ་འཛུམ་ཞེས་ཟེར་ནས་ཐམས་ཅད་རྩུབ་རྟབ་པོར་གར་བྱེད་དོ།། པདྨ་ཅན་ནི་རྒྱལ་པོ་ལ་ལྟ་ཞིང་པདྨ་སྐྱེས་ལ་འཁྱུད་ནས་སླར་བ་དག་གི་མིག་ཕྱེད་པར་གྱུར་ཏོ་ཞེས་སྨྲའོ།། བཞད་གང་བ་ནས། ན་མོཉམ་དགའི ་རྫུ་འཕྲུལ་མངོན་དུ་མཛད་དོ།། རིན་ཆེན་ཕྲེང་བ་མ་ནས། འདི་འདྲ་བ་ལྟར་ཡོད་པ་བདག་ཅིག་རྣམས་དགའ་མོ་ཡིན་ནོ་ཞེས་ཟེར་རོ།། ལག་བཟངས་ནས། གཞོན་ནུ་ཡབ་ཡུམ་དག་ལ་ཕྱག་འཚལ་ཅིག་ཟེར། པདྨ་སྐྱེས་ནི་ཐལ་མོ ་སྤྱིར་ནས་ཕྱག་འཚལ་བར་བྱེད།། རྒྱལ་པོ་ནས། ཆོས་དང་ལྡན་པར་གྱུར་ཅིག་ཅེས་གསུངས། པདྨ་ཅན་ནས། ཡ་བ་ཇི་ལྟར་བྱར་གྱུར་ཅིག་ཟེར། དྲང་སྲོང་ནས། ལྷ་མོ་དང་གཞོན་ནུ་ཡོང་འདིར་བདག་གིས་འབུལ་བས་རྒྱལ་པོ ་ཐོ་ཞེས་པར་མཛོད་ཅིག་ཟེར། རྒྱལ་པོ་ནས། ཁྱད་ཇི་ལྟར་གསུང་བ་བཞིན་དུ་བྱའོ།། ཐམས་ཅད་ཤིན་ཏུ་དགའ་ནས་གར་བྱེད་དོ།། དྲང་སྲོང་ནས་འདི་བཞིན་དུ་བྱས་པ་ཁྱོད་ཀྱིས་བཟོད་པར་མཛོད་ཅིག་ཟེར། འདྲེན་པ་ནས། རྗེས་སུ ་བཟུང་བ་ལ་བཟོད་པབ་ཡུལ་གང་ལ་ཡིན་གསུང་། ཡོལ་བའི་ནང་ནས། ཁྱོད་ཀྱི་ཡོན་ཏན་རྣམས་ཀྱིས་སྐྱེ་དགུའི་ཡིད་ཀྱི་ཤིང་རྟ་རྫོགས་པར་ཤོག། མྱ་ངནི་ཐ~ཾང་ལ་ཆུ་གཏོར་དང་ནི་རི་བོ་འཛེག་པའི་སྐབསུ་ཤོག། ཆུ་གཏེར་སྒྲོལ ་བར་གཟིངས་དང་མི་བཟད་མུན་པ་རྣམས་ཀྱི་སྣང་བར་ཤོག། འཇིགས་ཆེན་སྐྱབས་གནས་དང་ནི་དབུལ་པོ་རྣམས་ཀྱི་དཔག་བསམ་ཤྲིང་དུ་ཤློག་ཅེས་ཟེར་རོ།། རྒྱལ་པོ་ནས་འདི་གང་ཞིག། དྲང་སྲོང་ནས། འདི་ཡི་ལྷ ་ཡི་ཚོགས་རྣམས་མཉམ་དུ་ཁྱབ་འཇུག། དབྱུང་ཕྱུག་ཚུངས་པ་དབང་པོ་ཟླ་བ་སྩོགས།། ལྷ་རྣམས་ཀུན་གྱིས་མཁའི་ཁང་བཟངས་གནས་ཤིང་ཐམས་ཅད་འདྲ་བཞིན་ནམ་མཁའ་ཁྱབ་པར་གྱུར།། ཆེན་པོ་དེ་རྣམས་གང་རྣམས་ཀྱི་ནི་རྩཝ ་འཕྲུལ་རྣམ་པར་འཕེལ་ཞིང་སོར་པོ་དཀར་པོ་ཡིས།། ཕྱོགས་རྣམས་རབ་ཏུ་མཛེས་ཤིང་ཁྱབ་པ་རྩིགས་ལོགས་རི་མོར་བྲིས་པ་བཞིན་དུ་ཛད་གྱུར་ཏོ།། ཁྱེད་ཀྱི་ཡ་བ་ཡུམ་དག་ཀྱོང་ན་མཁའི་བཞོན་པ་ལ་གནས་ནས་བུ་དང་བཅས ་ཤིང་ཆུང་མཪྵ་བཅས་པ་ཤིས་པ་བརྗོད་པར་བྱའོ།། རྒྱལ་པོ་འཁོར་དང་བཅས་པས་ཕྱག་བྱསོ།། ལེགས་ལྡན་ཅིའི་ཞིག་བསྒྲུབ་པར་བྱ་བ་གསུངས་ཤིག། དྲང་སྲོང་ནས། ཁྱོད་ནི་མེད་གྱུར་མངའ་རིས་སྡུག་བསྔལ་གནས།། སླར་ཡང ་གཤེགས་ཤིང་སླར་ཡང་སྐྱོང་བར་མཛད།། དོ་རངས་ཀའི་གྲོང་ཁྱེར་གཤེགས་པའི་ཕྱིར།། མཁའ་བཞོན་འདི་ཡང་དབང་པོ་ས་ཁྱོད་ལ་བསྒྱིངས།། རྒྱལ་པོ་ནས། གོང་མ་རྣམས་ཇི་ལྟར་གསུང་བ་བཞིན་དུ་བྱའོ།། ཐམས་ཅད་ཤིན་ཏུ་དགའ ་ཞིང་ཞོན་ནས་གར་བྱེད་དོ།། ཡོངསུ་ཞུགས་པ་ན་རྒྱལ་པོ་ནས། ཨ་ཧོ་མཁའི་བཞོན་པ་ནི་ཤིན་ཏུ་མགྱོགས་ཏེ།། ངང་པའི་གཤོག་པ་རྣམ་པར་བསྐྱེད་པས་རྒྱུ་བའི་ཚོགས་ལྟར་ཆུ་འཛིན་རྣམས་ནི་རིང་པོར་གྱུར།། རི་བོའི་དབང་པོ་རྣམས་ནི་གླང ་རྐྱེན་དབ་སྨོས་བཞིན་མངོན་དུ་ཕྱོགས་ནས་རྒྱུ་ག་ཅིང་འོང་།། འདི་ནི་དབང་བྱོས་དཀྲིགས་ཤིང་འཁོར་ལོ་བཱཞིན་དུ་ན་མཁིའ་མ་ནི་པ་ནཱི་རྣམ་པར་སྤྱོ་པར་བྱེད།། ཉི་མཱིའི་དཀྱིལ་འ་བྱོར་གྱི་བའི་འོད་ཟེར་ཚོགས་པས་བསྐོར་ཞིང་ཀྱང ་ཕྱོགས་འགྲོ་བར་བྱེད། རླུང་སྲོད་ནས།། དིར་ནི་བཟོད་དཀའ་གྲོང་ཁྱེར་སྐྱེ་བོའི་གནས་བཅས་ཁྱོད་ལས་ནི།། བདྨ་རིས་དཀྲུགས་ཤིང་འཇིག་ཎྜོནི་ཀུན་འཚོ་བལྟ་ཞིང་ཕྱག་བྱའོ།། འདི་རྣམས་ཀྱང་ནི་སྐྱེ་བོའི་གནས་བནྡྷས་ཏུ་འས ་བྷྱོསྱཱ་ནྡྷས།། བདག་ཉིད་ཛིམྦྷ་བཞིན་དུ་གྲོང་ཁྱེར་སྭ་ཀི་ཏྱཱ་གནས།། སྐོར་ཡོད་ཁྱོད་ཀྱི་དགའ་བའི་བྱཱ་བ་ཅི་ཞིག།། ཡོད་པ་སྐུ་བྱར་གྱིས་ཤིག། རྨྨམྦྷ་པི་ནས། འདི་ལས་ཀྱང་དགའོ་བར་བྱ་བ་ཅི་ཞིག་ཡོད། སྒྱུ་མོ་བདྡྷ་བྷཱུ་ཏཱི་བུའི་ཞལ་དང་། དགས ་བོའི་གཽ་ཏ་མ། གཞོན་ཞིང་མཁྱིའུ་བཞོན་པ་ལྱ་གནས་ཡབ་ཡུམ་ལྷ་ཆོ་གས་འཁོར་བཅས་མོཐོང་།། དགའ་བའི་བློན་པོ་སྣ་ཚོན་དང་ནི་སྐྱེ་བོའི་སྡུག་བསྔ་ལཱ་མཱ་ལུས་པ།། རབ་ཏུ་ཞི་གྱུར་གཞནྡ་ནི་ཙི་ག་བསྒྲུབ་བོར་བྱ་ཞིང་བྱ་བྱ་ཅི།། འོནྡ ་ཀླུང་དགའ་བྱུར་བྱ་བ་ཡོད་དེ། བགྲོ་རྣམས་དྲམ་ཆོས་འབྱུང་ཞིང་རབ་ཏུ་སྦྱོར་བའི་སྤྱད་མོ་ཆེན་པོལེགས་སྤྱོད་ཡོན་ཏན་རྣམས་ཀྱིའོ་ཆི་བདག་ཡིད་ཀྵི་ཤིང་རྟ་འབྲས་མེད་ཤློག།། ཐུབ་པའི་སྐྱེ་བོའི་གཏམ་གྱིས་འབྲེལ་འཚོགས ་ཞིང་བདུད་རྩིའི་ཚོར་རྣམས་ཀྱིས།། བསིལ་ཞིང་དགེ་བས་ཟླ་བིའི་སྣང་བས་རབ་ཏུ་འགྲོ་ཞིང་དོན་བྱེད་ཤོག། གང་ཞིག་སྙན་དངགས་བདེན་པ་རྣམས་ཀྱིས་དུས་རིང་དགའ་བྱས་ཤཾ་ལཱུ་ཞིའི་སྲས་རྣམས་ཀྱིས།། དུས་རིང་ནས་ནི་ནོར་གྱི་ཁུར་པོ ་རིང་ནས་སྐྱེ་བོའི་སེམས་ནི་རབ་ཏུ་དགའ་བར་མཛད།། སླར་ཡང་བཀུར་གནས་མཐོང་བར་གྱུར་ནས་དཔལ་ལྡན་ཆགས་པ་དང་བྲལ་ཞེས་པས་མཛད་གྱུར་པ། འཇིག་རྟེན་ཀུན་ཏུ་དགའ་བ་སྣ་ཚོགས་ཟློས་གར ་འདི་ནི་གར་གྱི་ས་གཞིར་ཐོབ་པར་ཤོག། ཅེས་སྨྲས་ནས་ཐམས་ཅད་ངེས་པར་ཞུག་སོ།། ཡན་ལག་ལྔ་པ་རྫོགས་སོ།། ། གཞོན་ནུ་གཙུག་ན་ནོར་བུའི་སྐྱེས་པའི་རབས་ཟློས་གར་གྱིས་བསྟན་བཅོས་འཇིག་རྟེན ་ཏུ་དགའ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཅན་དྲ་གོ་མིས་རབ་ཏུ་སྦྱར་བའོ།། དམ་པ་རྣམས་ཀྱི་ཚུལ་ལ་བརྟེན་ནས་པ་ཎ་ཌི་ཏ་ཆེན་པོ་ཀརྟི་ཙན་དྲ་དང་། ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་པལ་ཡུལ ་གྲོང་ཁྱེར་དུ་ལེགས་པར་བསྒྱུར་བའོ།། ། ་