| Wylie | e-texts produced with BDRC’s OCR application |
དག། སློང་གི་ལོ་དྲི་བ་བཞུགས་སོ།། @#།། རྒྱ་གར་སྐད་དུ། བྷིཀྵཱ་པ་ར་ཤ་གྲྀ་པྲྀཙྪ། བོད་སྐད་དུ། དགེ་སློང་གི་དང་པོའི་ལོ་དྲི་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། མཁན་པོ་དགོངས་སུ་གསོལ་ཕྱག་འཚལ་ལོ།། དགུང་ལ ་བདེ་འམ་ཞེས་དྲི། ཆག་ཆག་དང་ཕྱག་དཱར་དང་། མཎྜལ་བགྱི། ཀློག་པ་དང་། ཁ་ཏོ་ན་དང་། དགེ་བའི་ཕྱོགས་ཀྱིས་ཀུན་ཏུ་སྤྱད་པ་ལ་ཆོས་དང་མཐུན་པར་བགྱི། གཎྜཱིའི་དུས་སུ་བརྗོད་པར་བྱ་བ་ནི། མཁན་པོ་དགོངས་སུ་གསོལ། ཕྱག ་འཚལ་ལོ།། བདེ་བར་གསོལ་ལམ་ཞེས་དྲི། ཀློག་པ་དང་། ཁ་ཏོན་བགྱི། ཅུང་ཞིག་ངལ་བསོ་ཞེས་ཞུ། མཁན་པོ་དགོངས་སུ་གསོལ། ཕྱག་འཚལ་ལོ།། གདུགས་ལ་བདེ་འམ་ཞེས་དྲི། རྐང་པོ་དག་བཀྲུ། མཆིལ་མལ་འཆའ། སྲོང་དོང ་ཐོ་རངས་ལ་མི་ཉལ་བར་དགེའི་སྦྱོར་བ་བགྱི། ཅུང་ཞིག་ངལ་བསོ་ཞེས་ཞུ། སློབ་དཔོན་དགོངས་སུ་གསོལ། ཕྱག་འཚལ་ལོ།། དགུང་ལོ་བདེ་འམ་ཞེས་དྲི། ཆག་ཆག་དང་། ཕྱག་དར་དང་། མཎྜལ་ལ་སོགས་པ་བགྱིད། ཀློག་པ་དང་། ་ཁ་ཏོནྡ་བགྱིད། བསམ་གཏན་བགྱིད།། ཅེས་ཞུ། གཎྜཱིའི་དུས་སུ་ནི། ཟས་ལ་ཀུན་ཏུ་སྤྱད་པར་བགྱིད། ཞབས་ལ་སྐུ་མཉེ་ལ་སོགས་པ་བགྱིད། མཉན་པ་དང་བསམ་པ་ལ་སོགས་པ་བགྱིད་ཅེས་ཞུ། དེ་ནི་ཁྱོད་ཀྱི་རྗེས་སུ་གནང ་བས་སོ།། གློ་བུར་དུ་འོངས་པ་ལ་དྲི་ཞིང་ལན་གདབ་པ། ལོ་དུ་ལོན་ཞེ་ན། ལོ་ལོན་པ་འམ་མ་ལོན་པ་ཞེས་བྱ་བཱ་ལ་སོགས་པ་བརྗོད། དུས་གང་ཞེ་ན། སོ་གའི་དུས་ལ་སོགས་པའོ།། ཅི་ཙཱམ་ཐིབ་ཅེ་ནཽ། ཟླ་བ་གཅིག་གམ། ་ཟླ་བ་ཕྱེད་དམ། ཞག་བཅུ་པ་ལ་སོགས་པའོ།། ཟས་ཀྱི་སྔ་རོལ་ལམ་ཟས་ཀྱི་འོག་རོལ་ཅེ་ན། དེ་བཞིན་དུ་ཟོས་ཀྱི་སྔ་རོལ་ལམ་ཟས་ཀྱི་འོག་རོལ་ཞི་ལན་གདབ་བོ།། སྐྱེས་བུ་དུ་དང་རྩ་བ་དུ་ཞེ་ན། སྐྱེས་བུ་གཅིག་དང་རྩ་བ ་གཉིས་ཞེས་བྱ་བ་ལ་སོགས་པ་བརྗོད་དོ།། མཁན་པོ་གང་ཡིན་ཞེ་ན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བླ་མ་མཁན་པོ་ཆེ་གེ་མོ་ཞེས་བྱའོ།། ལས་བྱེད་པའི་སློབ་ངོ་པོན་གང་ཞེ་ན། སློབ་དཔོན་ཆེ་ག་མོ་ཞེས་སོ།། གསུང ་སྟེ་གསུང་བ་སྟོན་པའི་སློབ་དཔོན་གང་ཞེ་ན། སློབ་དཔོན་ཆེ་གེ་མོ་ཞེས་སོ།། དུས་དུ་ཡོད་ཅེ་ནཱ་ལྔའོ།། ལྔ་པོ་དག་གང་ཞེ་ན། དགུན་དང་། སོ་ག་དང་། དབྱར་དང་། དབྱར་ཐུང་ངུ་དང་། དབྱར་རིང་པོ་ཞེས་བྱ་བའོ།། དེ་ལ་དགུན་གྱི ་དུས་ཚོད་ཇི་ཙམ་ཞེ་ན། ཟླ་བ་བཞིའོ།། བཞི་པོ་དག་གང་ཞེ་ན། དགུན་ཟླ་ར་བ་དང་། དགུན་ཟླ་འབྲིང་པོ་དང་། དགུན་ཟླ་ཐ་ཆུང་དང་། དཔྱིད་ཟླ་ར་བ་ཞེས་སོ།། སོ་གའི་དུས་ཚད་ཇི་ཙམ་ཞེ་ན། ཟླ་བ་བཞིའོ།། དཔྱིད་ཟླ་འབྲིང་པོ་དང་། ་དཔྱིད་ཟླ་ཐུ་ཆུང་དང་། དབྱར་ཟླ་ར་བ་དང་། དབྱར་ཟླ་འབྲིང་པོ་དག་གོ།། དབྱར་གྱི་དུས་ཇི་ཙམ་ཞེ་ན། ཟླ་བ་གཅིག་སྟེ། དབྱར་ཟླ་ཐ་ཆུང་ངོ་།། དབྱར་ཐུང་ངུའི་དུས་ཇི་ཙམ་ཞེ་ན། ཉིན་ཞག་གཅིག་སྟེ། ཉིན་ཞག ་གཅིག་པོ་གང་ཡིན་ཞེ་ན། སྟོན་ཟླ་ར་བེ་ཚེས་གཅིག་གི་ཉིན་ཞག་གོ།། དཔྱོར་རིང་པོའི་ཚད་ཇི་ཙམ་ཞེ་ན།། ཉིན་ཞག་དེ་ཉིད་མ་ཚང་བའི་ཟླ་བ་གསུམ་མོ།། ཟླ་བ་གསུམ་པོ་དག་གང་ཡིན་ཞེ་ན། སྟོན་ཟླ་ར་བ་དང་། སྟོན་ཟླ་འབྲིང་པོ་དང ་སྟོན་ཟླ་ཐ་ཆུང་ངོ་།། ཡང་སྨྲས་པ། ཞག་གཅིག་མ་ཚང་ཟླ་གསུམ་དང་།། བཞི་དང་དེ་བཞིན་བཞི་པོ་དང་།། ཟླ་བ་གཅིག་ཡིན་ཞག་གཅིག་ཡིན།། ཞེས་བྱ་དུས་ཀྱི་ལྔ་པོར་བརྗོད།། སྡེ་པ་གང་ཞེ་ན། འཕགས་པ་ཐམས་ཅད་ཡོད་པར ་སྨྲ་བ་ཞེས་བྱ་བ་ལ་སོགས་པའོ།། །། དེའི་དབྱེ་བ་གང་ཞེ་ན། འཕགས་པ་གཞི་ཐམས་ཅད་ཡིད་པར་སྨྲ་བ་ཞེས་བྱ་བ་ལ་སོགས་པའོ།། །། ཡང་སྡེ་པ་དུ་ཞེ་ན། བཞིའོ། བཞི་པོ་གང་དག་ཅེ་ན། འཕགས་པ ་ཐམས་ཅད་ཡོད་པར་སྨྲ་བ་དང་། འཕགས་པ་དགེ་འདུན་ཕལ་ཆེན་པ་དང་། འཕགས་པ་མང་པོས་བཀུར་བ་དང་། འཕགས་པ་གནས་བརྟན་པའོ།། །། དེ་དག་ལེ་དབྱེ་བ་དུ་ཡོད་ཅེ་ན། བཅཝོ་བརྒྱད་དོ།། བཅོ་བརྒྱད་པོ་དེ་དག། ་ཇི་ལྟར་ན་བཅོ་བརྒྱད་དུའི་གྱུར་ཞེ་ན། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་དབྱེ་བ་བཞིའོ།། དེ་བསྟན་པར་བྱ་སྟེ། འོད་སྲུངས་ཞེས་བྱ་ས་སྲུང་དང་། ཆོས་སྲུང་བ་ཞེས་བྱ་བ་དང་། གཞི་ཀུན་ཡོད་པོར་སྨྲ་བ་སྟེ།། ལྟ་བའི་བྱེ་བྲག ་འདའ་ཞིག་གིས།། རྒྱུ་སྐྱེས་འདི་དག་ཐ་དད་བྱས།། སྟོན་པ་ཐ་དད་ཡོད་མ་ཡིན།། དགེ་འདུན་ཕལ་ཆེན་དབྱེ་བ་ནི། དྲུག་སྡེ་ཤར་གྷི་རི་བོ་དང་།། དེ་བཞིན་ནུ་པཱུ་རི་ཞེས་བྱ་དང་།། གང་གནས་པས་བྱུང་ལ་གཞན།། རྣམ་པར་བྱ་སྟ་སྨྲ ་དང་།། གཞན་ནི་དེ་བཞིན་བཏགས་པར་སྨྲ།། འཇིག་རྟེན་འདས་སྤྱི་ཞེས་བྱ་བ། དག་ཏུ་ནི་ཡང་དག་སྨྲས།། ། མང་བས་བསྐུ་ཅིའི་བུ་བྲན་ནོ།། རྣམ་ན་མཁས་པས་བསྒྲོགས།། གོས་དམར་བ་དང་སྐྱོང་བ་ག ་ཀུ་རུ་གུལླེ་དཾ་ལས་གཞན།། མང་དུ་ཐོས་པ་ཞེས་བྱ་དང་།། གནས་མ་བུ་ཞེས་བྱ་བའོ།། རྒྱལ་བྱེད་ཚལ་ན་གནས་པ་དང་།། འཇིགས་མེད་རི་ལ་གནས་པ་དང་།། གཙུག་ལག་ཁང་ཆེན་ལ་གནས་དང་།། གནས་བརྟན་དབྱི་བྱ་གསུམ ་དུ་འདོད།། ཤཱཀྱ་སེང་གེའི་བསྟན་པ་ནོ།། དེ་ལྟར་བྱེ་བྲག་བཅོ་བརྒྱད་དུ།། གྱུར་ཏེ་འགྲོ་བའི་བླ་མ་དེའི།། སྔོན་གྱི་ཕྲིན་ལས་ཉེས་པ་ཡིན།། རྟེན་དུ་ཞེ་ན། བཞི་སྟེ། བཞི་གང་དག་པ་ནི། གིས་ཕྱག་ད་ཁྲོད ་བརྟན་པ་དང་། ཟས་བསྟོད་སྙོམས་ལ་བརྟེན་པ་དང་། གཱ་ནས་མོལ་ཤིང་དྲང་ལ་བརྟེན་པ་དང་། སྨན་བསྐུས་ཏེ་བོར་བ་ལ་བརྟེན་པའོ།། ལྟུང་བར་འགྱུར་བའི་ཆོས་དུ་ཞེ་ན། བཞི་སྟེ། བན་པོ་གང་དག་ཅེ་ན། མཱི་ཚངས་པ ་སྤྱང་པ་དང་། གཞན་གྱིས་ནོར་འཕྲག་པ་དང་། མིའི་སྲོག་གཅོད་པ་དང་། མིའི་ཆོས་ཐ་མར་སྨྲཿ།། དགེ་སྦྱོང་དུ་བྱེད་པའི་ཆོ་མརྫུན་ན། ཙ་ནི་སྟེ། བཞི་པོ་གང་དག་ཡིན་ཞེ་ན། གཤེ་བ་ལ་ཡང་སྲེར་མི་གཤེ ་དང་། ཁྲོས་ཀྱང་སླར་མཱི་ཁྲོ་བ་དང་། བརྡེག་ཀྱང་སླར་མི་རྡེག་པ་དང་། མཚང་བྲུས་ཀྱང་སླར་མི་འདྲུ་བའོ།། །། ལྟུང་བ་རིས་དུ་ཡོད་ཅེ་ན། ལྔ་སྟེ། ལྔ་པོ་གང་དག་ཅེ་ན། ཕས་ཕམ་པར་འགྱུར་བའི ་རིས་དང་། དགེ་འདུན་ལྷག་མའི་རིས་དང་། ལྟུང་བྱེད་ཀྱི་རིས་དང་། སོ་སོར་བཤགས་པའི་རིས་དང་། བསླབ་པའི་རིས་ཞེས་བྱ་བའོ།། དེ་ལ་ཕས་ཕམ་པར་འགྱུར་བ་དུ་ཡོད་ཅེ་ན། བཞི་སྟེ། བཞི་པོ་གང་དག་ཡིན་ཞེ་ན། མི་ཚངས་པ ་སྤྱོད་པ་དང་། མ་བྱིན་པར་ལེན་པ་དང་། མི་གསོད་པ་དང་། མིའི་ཆོས་བླ་མ་སྨྲ་བའོ།། དགེ་འདུན་ལྷག་མའི་ཆོས་དུ་ཡོད་ཅེ་ན། བཅུ་གསུམ་མོ།། བཅུ་གསུམ་པོ་གང་དག་ཡིན་ཞེ་ན། འབྱིན་པ་དང་། ལུས་ཀྱིས་རེག་པ་དང་། འཁྲིག ་ཚིག་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་དང་། སྨྱན་བྱེད་པ་དང་། ཁང་པ་བརྩིགས་པ་དང་། གཙུག་ལག་ཁང་བརྩིགས་པ་དང་། གཞི་མེད་པའི་ཆོས་ཀྱིས་སྨྲ་བ་དང་། གཞན་གྱི་ཆ་དང་མཐུན་པས་རྗེས་སུ་སྨྲ་བ་དང་། དགེ་འདུན ་གྱི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ཕྱོགསུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མོ་བདེ་བར་བྱེད་པའོ།། ལྟུང་བྱེད་ཀྱི་ཆོས་དུ་ཡོད་ཅེ་ན། བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག་པའོ།། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ ་པོ་གང་དག་ཡིན། ལྟུང་བ་འབའ་ཞིག་དགུ་བཅུ་ནི་གང་དག་ཡིནོ། སྤང་པོའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་ནི། གོས་འཚ་བ་དང་། འབྲལ་བ་དང་། ཟླ་བ་གཅིག་ལས་ལྷག་པ་དང་། འཁྲུར་འཇུག་པ་དང་། ལེན་པ་དང་། སློང་བ་དང་། ་གཡོགས་སྨད་གཡོགས་མཐར་ཐུག་པ་ལས། ལྷག་པ་དང་། མ་བསྟབས་པའི་གོས་ཀྱི་རིན་དང་། སོ་སོ་བ་དང་། གོས་ཀྱི་རིན་བསྐུར་བ་ཞེས་བྱ་བའོ།། སྲིན་བལ་དང་། ནག་པོ་འབའ་ཞིག་དང་། མེ་གཉིས་དང་། ལོ་དྲུག ་དང་གདིང་བ་མཐི་གང་མ་གླན་པ་དང་། བལ་ཁུར་བ་དང་། བལ་གྱི་ལས་དང་། གསེར་དངུལ་ལེན་པ་དང་། མངོན་མཚན་ཅན་དེ་ང་། ཉོ་ཚོང་ངོ་།། ལྷུང་བཟང་ལྷག་པ་འཆང་བ་དང་། ལྷུང་བཟེད་གཞན་ཚོལ་བ་དང་། ་འཐག་པ་དང་། འཐག་པ་བསྐྱེད་པ་དང་། བྱིན་འཕྲོག་དང་། བརྟད་པ་ལས་བྱུང་བ་དང་། ཞག་དྲུག་ལས་ལྷག་པར་འབྲལ་བ་དང་། དབྱར་གྱི་གོས་རས་ཆེན་གྱི་དང་། བསྡུས་པ་གཞན་དུ་བ་སྒྱུར་བ་དང་། ཞག་བདུན་པ ་ཞེས་བྱ་བ་དག་གོ།། ལྟུང་བ་འབའ་ཞིག་དགུ་བཅུ་གང་དག་ཡིན་ཞེ་ན། རྫུན་དུ་སྨྲ་བ་དང་། དགེ་སློང་གི་སྐྱོན་སྨྲ་བ་དང་། དགེ་སློང་གི་དབྱེན་དང་། ལས་དཀྲུག་པ་དང་། སྟོན་པ་དང་། འདོན་པ་དང་། གནས་ངན་ལེན་བརྗོད ་པ་དང་། མི་ཆོས་བླ་མ་སྒྲོགས་པ་དང་། སྐུར་པ་འདེབས་པ་དང་། བསླབ་པ་ལི་ཁྱད་དུ་གསོད་པའོ།། སོ་བོན་འཇོམས་པ་དང་། འཕྱོ་བ་དང་། བསྒོ་བ་དང་། མལ་ཁྲི་དང་། གདིང་བ་དང་། གཙུག་ལག་ཁྱང་ནས་བསྐྱོད་པ ་དང་། ཕྱིས་གནོན་བྱེད་པོ་དང་། རྐང་པ་དབྱུང་བའི་ཁྲི་ལ་འདུག་པ་དང་། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་དང་། གཙུག་ལག་ཁང་ཞེས་བྱ་བའོ།། མ་བསྐོས་པར་སྟོན་པ་དང་། ཉི་མ་ནུབ་ཀྱི་བར་དུ་སྟོན་པ་དང་། ཟས ་དང་། གླང་པོ་ཆེའི་སྣ་ལྟ་བུ་དང་། ཏ་ལའི་ལོ་མ་ལྟ་བུ་དང་། འབྲུའི་ཕུར་མ་ལྟ་བུ་དང་། སྦྲུལ་མགོའི་གདེངས་ཀ་ལྟ་བུར་མ་ཡིན་པར་ཅིག་ཅར་བསླབ་པར་བྱའོ།། དེ་ལ་ཆོས་གོས་ལ་ཡང ་རྣམ་པ་གསུམ་སྟེ། ཆོས་གོས་ཟླུམ་པོར་བགོ་བ་དང་། ཧ་ཅང་རྩེངས་པ་དང་། འཇོལ་བ་མ་ཡིན་པར་བགོ་བའོ།། ཤིན་ཏུ་བ་སྔམས་པ་ལ་སོགས་པ་ནི་ལྔ་སྟེ། ཁྱིམ་དུ་འགྲོ་བའི་བསླབ་པའོ།། ཤིན་ཏུ་བསྡམས་པ་དང་། ་ལེགས་པར་བགོས་པ་དང་། སྒྲ་བསྐྱང་བ་དང་། མིག་མི་གཡེང་བ་དང་། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་འགྲོ་བའོ།། མགོ་གཡོགས་པ་ལ་སོགས་པ་ནི་ལྔ་སྟེ། ཁྱིམ་དུ་འགྲོ་བའི་བསླབ་པའོ།། མགོ་མི་གཡོགས་པ་དང་། ་མི་བརྫི་བ་དང་། མི་གཟར་བཱ་དང་། གེ་ཉའ་གོང་དུ་མི་བསྣོལ་བ་དང་ལྷག་པར་མི་བསྣོལ་བའོ།། མི་མཆོང་བ་ལ་སོགས་པ་ལ་ལྔ་ཡང་། ཁྱིམ་དུ་འགྲོ་བའི་བསླབ་པ་སྟེ། མི་མཆོང་བ་དང་། མི་བརྐྱང་པ་དང་། ཙོག་བུས་མ ་ཡིན་པ་དང་། བྲང་བས་མ་ཡིན་པ་དང་། དཀུར་མི་བརྟེན་པའོ།། ལུས་ལ་སོགས་པ་ལྔ་ཡང་། ཁྱིམ་དུ་འགྲོ་བའི་བསླབ་པ་སྟེ། ལུས་མི་བསྒྱུར་བ་དང་། ལག་པ་མི་ཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། ཕྲག་པ་མི་སྤྲད་པ ་དང་། ལག་པ་མི་སྦྲེལ་བའོ།། འདུག་པར་བྱ་བཱི་སྟན་ནི་དགུ་སྟེ། ཁྱིམ་དུ་འདུག་པའི་བསླབ་པའོ།། སྟན་ལ་མ་བསྒོ་བ་དང་། མ་བརྟགས་པ་དང་། ལྗིད་ཀྱིས་མེ་དབབ་པ་དང་། རྐང་པ་མི་བསྣོལ་བ་དང་། བཪྻ་མི་བསྣོལ། ་བ་དང་། ཡོང་བུ་མི་བརྩེག་པ་དང་། རྐང་པ་མི་དགུག་པ་དང་། རྐང་པ་མི་གདང་བ་དང་། འདོམས་མི་བསྟན་པའོ།། བྱིན་ལེན་བྱ་བ་བརྒྱད་དེ། ཟས་བླང་བའི་དུས་ཀྱི་བསླབ་པའོ།། ལེགས་པར་ཟས་བླང་བ་དང་། མུ་དང་མཉམ ་པཱར་མ་ཡིན་པ་དང་། ཚོད་མ་དང་མཉམ་པར་མ་ཡིན་པ་དང་། མཐའ་ཆགས་དང་། ལྷུང་བཟེད་ལ་ལྟ་བ་དང་། མི་འོངས་པར་ལྷུང་བཟེད་མི་བཟོད་པ་དང་། འདོད་པའི་ཕྱིར་ཕན་ཚུན་མི་གདབ་པ་དང་། བཟའ་བོ་དང་བཅས ་པའི་སྟེང་དུ་ལྷུང་བཟེད་མི་བཟུང་བར་བྱའོ།། ཟས་ལ་ལེགས་པར་བྱ་བ་དྲུག་ནི། ཟས་ཟ་བའི་དུས་ཀྱི་བསླབ་པ་སྟེ། ལེགས་པར་ཟས་བཟའ་བ་དང་། ཁམས་ཧ་ཅང་མི་ཆེ་བ་དང་། ཆུང་བ་མ་ཡིན་པ་དང་། རན་པ་དང་། ་མ་བཟས་པཱ་ར་ཁ་མི་གདང་བ་དང་། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བའོ།། ཙུག་ཙུག་ལ་སོགས་པ་ལྔ་ཡང་། ཟླས་ཟ་བའི་དུས་ཀྱི་བསླབ་པ་སྟེ། ཙུག་ཙུག་དང་། ལྕག་ལྕག་དང་། ཧུ་ཧུ་དང་། ཕུ་ཕུ་མི་བྱ་བ་དང་། ལྕེ ་ཕྱུང་སྟེ་ཟས་མི་བཟའ་བའོ།། །། འབྲུ་ནས་ཐ་དད་བྱེད་པ་ལྔ་ཡང་། ཟས་ཟ་བའི་དུས་ཀྱི་བསླབ་པ་སྟེ། འབྲུ་ནས་ཐ་དད་དུ་མ་ཡིན་པ་དང་། འཕྱས་མི་གདགས་པ་དང་། ཁུར་བ་མི་སྤྲོ་བ་དང་། ་རྐན་མི་གཏོག་པ་དང་། ཁམ་འཕྲོར་མི་བཅད་པར་ཟས་བཟའ་བའོ།། ལག་པ་བལྡག་པ་ལ་སོགས་པ་ལྔ་ཡང་། ཟས་ཟ་བའི་དུས་ཀྱི་བསླབ་པ་སྟེ། ལག་པ་མི་སྐྲག་པ་དང་། ལྷུང་བཟེད་མི་ཕྱོགས་པ་དང་། ལག་པ་མི ་བལྡག་པ་དང་། ལྷུང་བཟེད་མི་བསྐུམ་པ་དང་། མཆོད་རྟེན་འདྲ་བ་བཅོམ་སྟེ་མི་བཟའ་བའོ།། ། འཕྱས་ལ་སོགས་པ་རྣམ་པ་བཞི་ནི། གཞན་གྱིས ་སེམས་བསྲུང་བ་ལ་སོགས་པའི་བསླབ་པ་སྟེ། འབྲས་ཀྱི་བསམ་པ་ས་མི་བལྟ་བ་དང་། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་བཟུང་བ་དང་། ཟས་དང་འབགས་པས་དྲུང་ནུ་མོ་ལ་མི་གཏོར་བ་དང་། མྱ ་དྲིས་པར་ཚུ་ཟས་དང་འཕགས་པ་ཁྱིམ་གཞན་དུ་མི་དབོ་པར་བསྒྲུབ་པར་བྱའོ།། ལྷུང་བཟེད་ལ་ཡང་རྣམ་པ་བཅུ་སྟེ། ལྷུང་བཟེད་ཀྱི་བསྒྲུབ་པ་སྟེ་ཟླས་ཀྱི་ལྷག་མ་ལྷུང་བཟེད་ཀྱིས་མི་ངོ ་བྱདང་། གཱ་ཞི་མེད་པར་ལྟུང་བད་མོ་བཞག་པ་ད། གང་ཁར་མི་ཡིན་པོ་དང་། གླུ་ཡང་སྦྱར་མ་ཡིན་པ་དང་། དནཱ་གཟར་བར་ལྷུང་བཟེད་མཻ་དཱ་ཊྭཱཾ་ག་པ་དང་། འགྷཱུངྒ་སྟཱ་མི་བཀྐ་བྷ་དང་། གང་ཁ་དང་། ཀྲཱ་ཡཱ ་སྱཱ་ང་། དྲུགནཱ~ཾ་གིང་ར་མ་ཡིན་པར་ལྟུང་བམེད་བཞིག་བྱུར་བྷ། རྐྱེན་པས་བཙུག་སྟེ་མྀ་འདྲ་བར་བྱེ་སྨྲ་བར་བྷ། འགྲེང་བར་བྱེད་བ་ལ་སོགས་པ་ལྡ་ནི། ཆོས་ཀྱི་ཤྀ་པཥྚི་དུས་ཀྱི་བསྒྲུ ་པ་སྟེ། མི་ན་བར་འདུག་པ་དང་། ཉལ་པོ་དང་། སྟན་མཐོན་གྲོལཔོ་འདུག་པ་དང་། མདུན་དུ་འགྲོ་བ་དང་། ལམ་ནས་འགྲོ་བ་ལ་འགྲེང་བ་དང་། འདུག་པ་དང་། དམའ་བ་ལ་འདུག་པ་དང་། ཕྱི་ནས་འགྲོ་བ ་དང་། འགྲམ་ནས་འགྲོ་བ་ལ་ཆོས་མི་བཤད་པའོ།། ། མགོ་གཡོགས་པ་རྣམ་པ་ལྔ་ཡང་། ཆོས་བཤད་པའི་དུས་ཀྱིས་བསླབ་པ་སྟེ། མི་ན་བར་མགོ་གཡོགས་པ་དང་། བརྗེས་པ་དང་། ་གཟར་བ་དང་། གཉར་བསྣོལ་བ་དང་། ལྷགས་པར་བསྣོལ་བ་ལ་ཆོས་མི་བཤད་དོ།། དོ་ཀར་ཅན་ལ་སོགས་པ་ལྷ་ཡང་། དུས་དེའི་བསླབ་པ་སྟེ། མི་ན་བར་སྟྭཾ་ངོ་ཀར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པནྡ་ཅན ་དང་། ཕྲེང་བ་ཅན་དང་། དཀྲིས་པ་ལ་ཆོས་མི་བཤད་དོ།། གླང་ཆེན་ལ་སོགས་པ་བཞོན་པ་ལྔ་ཡང་། དུས་དེའི་བསླབ་པ་སྟེ། གླང་པོ་ཆེ་དང་། རྟ་དང་། ཁྱོགས་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ ་ལྷམ་གྱོན་པ་རྣམས་ལ་ཆོས་མི་བཤད་དོ།། ལག་ན་བཁར་བ་ལ་སོགས་དྲུག་འདི་ཡང་། དེའི་དུས་ཀྱི་བསླབ་པ་སྟེ། མི་ན་བར་ལག་ན་འཁར་བ་དང་། གདུགས་དང་། མཚོན་ཆ་དང་། རལ་གྲི་དང་། ་དགྲ་སྟ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་དོ།། ན་བ་རྣམ་པ་བཞི་རྣམས་ཏེ། མི་ན་བའི་དུས་ཀྱི་བསླབ་པའོ།། མི་ནུ་བར་འགྲེང་བས་དུས་ཀྱི་བཤང་གཅི་མི་བྱ། ཆུའི་ནང་དུ་བཤང་གཅི་དང་། མཆིལ ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་རོ།། རྩེ་སྔོན་པོ་ལ་དེ་དག་མི་དོར་རོ།། གནོད་པ་མ་བྱུང་བར་ཤིང་ལ་མི་གང་ལས་མཐོར་མོ་འཛེགས་པར་བསླབ་པར་བྱའོ།། དེ་ལྟ་བུའི་བསླབ་པའི་གནས ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལྷག་པ་འདི་དག་བསྲུངས་ཤིང་མ་འདས་ན་དེའི་འབྲས་བུ་ནི་གང་། ཕན་ཡོན་ནི་ཅི་ཡོད། གང་གིས་མ་བསྲུངས་ཤིང་འདས་པ་དེ་དག་གི་རྣམ་པར ་སྨིན་པ་ནི་གང་ཡིན། ཉེས་དམིགས་ནི་ཅི་ཡོད་ཅེ་ན། དེ་ལ་གང་བསྲུངས་པ་དེ་ནི་ཚངས་པ་མཚུངས་པར་སྤྱོད་པ་མཁན་པོ་རྣམས་ཀྱིས་རབ་ཏུ་བསྔགས་པར་འགྱུར། འཆི་བ་འི་དུས་བྱེད་པའི་ཚེ་འགྱོད་པ་མེད་པར ་འགྱུར་རོ།། དེ་ལ་ཕས་ཕམ་པར་འགྱུར་བ་བསྲུང་ན། ལུས་ཞིག་པའི་འོག་ཏུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། སྐུལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། དགེ་འདུན་ལྷག་མ་བསྲུངས་ནས། ལུས་ཞིག་པའི་འོག་ཏུ ་འཕྲུལ་དགའི་ལྷ་རྣམས་དང་། སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། དེ་ལ་ལྟུང་བ་སྦོམ་པོ་བསྲུངས་ནས། ལུས་ཞིག་པའི་འོག་ཏུ་དགའ་ལྡན་གྱི་ལྷ་རྣམས་དང་། སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། ལྟུང་བྱེད་བསྡུ ་འཐབ་བྲལ་དུ་སྐྱེའོ།། སོ་སོར་བཤགས་པ་བསྲུངས་པས་ནི་སུམ་ཅུ་རྩཝ་གསུམ་དུའོ།། བསླབ་པའི་ཆོས་བསྲུངས་པས་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེའོ།། གལ་ཏེ་ཡང་དག་པར་བསྟེན་ན་ནི་མྱ་ངན་ལས་འདས་པའོ།། ། ་དེ་དག་མ་བསྲུངས་པས་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་སྨད་པར་འགྱུར། འགྱོད་པ་དང་བཅེས་པས་འཆི་བའི་དུས་བྱེད་པར་འགྱུར་རོ་རོ།། ཕས་ཕམ་པར་འགྱུར་པ་ལས་འདས་པས་ནི། ཚ་བའི ་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ།། ལྕུག་མའི་ཆོས་ལ་སྐུ་འངས་པས་ནི་ངུ་འབད་རྒྱུན་པོར་རོ།། ལྟུང་བ་སྦོམ་པོ་ལས་འདས་པསྣུ་ནི་དུ་འབོད་དུའོ།། ལྟུང་བྱེད་ལུས་འདས་པས་ནི་བསྡུས་འཇོམས་སུན།། སོ་སོང ་བཤགས་པ་ལས་འདྲེས་པས་ནི་ཐིག་ནག་ཏུའོ།། བསླབ་པའི་ཆོས་ལས་འདུས་པས་ནི་ཡང་ཡོངས་སུ་སྐྱེའོ།། མ་ངེས་པ་ནི་གཉིས་ཏེ། དབེན་པ་སྐྱ་བོས་ཡོང་འདུག་པའོ།། རྩོ་པ་ཞི་བར་བྱེད་པའི་ཆོས ་དུ་ཡང་ཅེ་ན། རྩོད་པ་ཞི་བར་བྱ་བའི་ཆོས་ནི་བདུན་ཏེ། མངོན་སུམ་དྲན་པ་མ་མྱོས་དང་།། དེ་བཞིན་གང་མེའི་ངོ་བོ་ཉིད།། རྩ་རྣམས་བཀྲམ་པ་ལྟ་བུ་དང་།། ཁས་བླང་བར་ཡང་བྱའོ།། ཡིད་བརྟོན་པར་བྱ་བ་དུ ་ཡིད་ཅེ་ན། ལྷ་སྟེ། ལྔ་གང་དག་ཅེ་ན། ཆུ་ཚུགས་ཡིད་བརྟན་པ་དང་། བཀོད་མ་ཡིད་བརྟན་མ་དང་། ཡིད་ཆེས་པས་ཡིད་བརྟན་པ་དང་། དགེ་སློང་ཡང་བརྟན་པ་དང་། དགེ་འདུན་ཡིད་བརྟན་པའོ།། ། ་ཡོངས་སུ་ལོངས་སྤྱོད་པ་དུ་ཞེ་ན། བཞི་སྟེ། བཞི་པོ་གང་དགྲ་ཅེ་ན། བདག་པོ་ཡོངས་སུ་ལོངས་སྤྱོད་པ་དང་། བྱིན་པ་ཡོངས་སུ་ལོངས་སྤྱོད་པ་དང་། རྗེས་སྨྲ་གནང་བ་ཡོངས་སུ་ལོངས་སྤྱོད་པ་དང་། སྦྱིན་པོ་ཡོངས། ་སུ་ལོངས་སྤྱོད་པ་དང་། མི་སྤྱོད་པའི་ཡོངས་སུ་ལོངས་སྤྱོད་པའི་ནི་ལྔ་པའོ།། ། ཡང་སྨྲས་པ། མི་སློབ་པ་ནི་བདག་པོར་བཤད།། སློབ་པ་ལེན་པ་སྤྱོད་པ་ཡིན། བསམ་གཏན་ཀློག་དང ་ལྡན་པ་ནི།། གཟི་བརྗིད་ལྡན་པས་རྗེས་གནང་བརྗོད།། སྦྱིན་པོ་སྤྱོད་པ་ལྷག་མ་སྟེ།། ལེ་ལོས་ཉམས་པའི་བདག་ཉིད་ཡིན།། གཙུག་ལག་ཁང་སྩོགས་ལྗོངས་སྤྱོད་ལ།། ཚུལ་འཚལ་རྣམས ་ཀྱི་སྤྱོད་པ་བཀག། གསོ་སྦྱོང་དུ་ཡོད། ཉི་ཤུ་རྩ་བཞི་སྟེ། དགུན་ཟླ་འབྲིང་པོ་དང་། དཔྱིད་ཟླ་ར་བ་དང་། ཐ་ཆུང་དང་། དབྱར་ཟླ་འབྲིང་པོ་དང་། སྟན་ཟླ་ར་བ་དང་། ཐ་ཆུང་རྣམས་ནི། མར་ངོའི་ག་སེ་སྦྱོང་ནི་བཅུ་བཞི་པའོ།། ་གེ་མ་རྣམས་ནི་བཅོཾ་ལྔ་པའོ།། དགེ་སློང་དང་བྱོ་ལོ་དྲི་བོ་རྫོགས་སོ།། ། དཔལ་ར་སའི་གཙུག་ལག་ཁང་གི་འོད་མཆོག་དངོས་གྲུབ་གཙུག་ལག་ཁང་དུ། ་རྒྱ་གར་གྱི་མཁན་པོ་དྷི་བི་ཀ་རཱ་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། སརྦ་མངྒ་ལཾ།། ་