CLOSE WINDOW

GT365: tshogs kyi 'khor lo'i cho ga zhes bya ba
Wyliee-texts produced with BDRC’s OCR application

རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ནས་བསྡུས་པའོ།། ། རྒྱ་གར་སྐད་དུ། ག་ན་ཙཀྲ་བི་དྷི་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལོ།། ་ན་མཁའི་མདོག་ལ་དྲི་མེད་རྒྱས་པོ་སྦྱོར་བས་རྣམ་པར་རོལ།། བདུད་བཞི་ཞབས་ཀྱི་རྣམ་པར་མནན་པས་འཇིག་རྟེན་ལེགས་པར་སྐྱོང་།། མཁའ་འགྲོ་མ་ཡི་གཙོ་བཟང་འཇིགས་པ་དེ་ལ་ཕྱག་འཚལ་ཏེ།། འགྲོ་བ་རྣམས་ཀྱི་བསོད་ནམས ་ཚོགས་ནི་རབ་ཏུ་བསགས་པའི་ཕྱིར།། རྒྱུད་རྣམས་ཀུན་གྱི་མཆོག་ཏུ་བསྔགས་པའི་ཚོགས་ཆེན་ཉོན་མོངས་བསྲེག། ཐབས་དང་ཤེས་རབ་རོལ་པས་ཆོ་ག་བསྡུས་པ་བཤད་པར་བྱ།། དེ་ལ་དང་པོར་ཚོགས་འདོད་པས།། རིག་པ་ཡིས་ནི ་རྗེས་འབྲངས་ནས།། ཡོངས་སུ་དང་བའི་དད་པ་ཡིས།། བླ་མ་དང་ནི་འདོད་ལྷ་གཟུང་།། དེ་ལ་སངས་རྒྱས་ཐོབ་པའི་རྒྱུ།། བསོད་ནམས་ཡེ་ཤེས་ཚོགས་ཡིན་ཏེ།། ཚོགས་ལས་དངོས་གྲུབ་མཆོག་ཏུ་གྱུར།། དེ་ཕྱིར་རྟག་ཏུ་ཚོགས་བསགས ་བྱ། ཡེ་ཤེས་མངོན་པར་རྟོག་པ་སྟེ།། བསོད་ནམས་ཡེ་ཤེས་རྣམ་པ་མང་ཡོད་ཀྱང་།། རང་གི་ལྷ་ཡི་འཁོར་ལོ་ཡིས།། འདོད་ཡོན་ལྔ་སྦྱོར་བླ་ན་མེད།། དེ་ཕྱིར་དེ་ཡི་ཆོ་ག་ནི།། ཡར་ངོའི་བརྒྱད་དང་བཅུ་བཞི་དང་།། བཅོ་ལྔ་དག་ནི་རབ་ཏུ་བསྔགས།། ་དེ་བཞིན་མར་པོའི་བརྒྱད་དང་ནི།། བཅུ་བཞི་དང་ནི་བཅོ་ལྔ་ལ།། མཁས་པ་ཡིས་ནི་འཁོར་ལོ་བསྐོར།། དུར་ཁྲོད་དམ་ནི་ཤིང་གཅིག་གོམ།། སྐྱེད་མོས་ཚོལ་དང་ཀུན་དགའ་དང་།། དེ་བཞིན་རང་གི་ཁྱིམ་དང་ནི།། གཞན་ཡང་དབེན་པའི་ཁྱིམ ་རྣམས་སུ།། ས་གཞི་པ་ཡི་ལྔས་བྱུགས་ལ།། མེ་ཏོག་དྲི་ཞིམ་སྣ་ཚོགས་དགྲམ།། དེ་ལ་དང་པོར་ཚོགས་འདོད་པས།། ཚོགས་ཀྱི་སློབ་དཔོན་དགེ་སློང་ལ།། རྒྱུད་རྣམས་མང་པོ་ཤེས་གྱུར་པ།། རྣལ་འབྱོར་བརྩོན་ལ་རྟོག་པ་སྤངས།། དེ་ཉིད་བཅུ ་ཤེས་སྙིང་རྗེ་ཆེ།། དམ་ཚིག་ལྡན་པ་འདོད་པ་ཆུང་།། ཡང་ན་དེ་འདྲའི་སློབ་དཔོན་ལ།། སེམས་བསྐྱེད་པ་ནས་སྙན་གསན་དབབ།། དེ་ནས་གཞན་ཡང་དམ་ཚིག་ལྡན།། བླ་མ་ལ་གུས་རྟོག་པ་ཆུང་།། འཁོན་བཙུགས་མེད་ཅིང་རང་དད་པའི།། ། ་ལྷ་གྲངས་མི་ལ་གསོལ་བ་གདབ།། མགྲོན་རྣམས་དགའ་བར་བྱ་བའི་ཕྱིར།། དེ་ལ་ཤ་དང་ཆང་དག་དང་།། འབྲས་ཆན་ལ་དུ་ཁུར་བ་དང་།། དེ་བཞིན་བཟའ་དང་བཅའ་བ་དང་།། བཏུང་དང་དེ་བཞིན་བལྡག་དང་མྱང་།། འཇིག་རྟེན་པ་ཡི་འབྱོར ་བ་ཡིས།། ཚོགས་ནི་འབྱོར་ཚང་སྟ་གོན་བྱ།། དེ་བཞིན་སྤོས་དང་བྱུག་པ་དང་།། དྲི་དང་མེ་ཏོག་ཕྲེང་མཆོག་དང་།། མར་མེ་བདུག་པ་སྣ་ཚོགས་བཞག། དེ་ནས་སློབ་དཔོན་སྟན་བཟང་ལ།། དབུས་ཕྱོགསུ་ནི་ཡང་དག་བཞུགས།། དེ་བཞིན་སྟན་ནི ་བཟང་པོ་ལ།། རྣལ་འབྱོར་པ་ཡི་འཁོར་ལོ་གཡས།། རྣལ་འབྱོར་མ་ཡིས་གཡོན་དུ་བཤམ།། དེ་ནས་སློབ་དཔོན་བདག་ཉིད་ཀྱིས།། རྡོ་རྗེ་དང་བཅས་ཐིག་ལེ་ཡིས།། ལུས་ངག་ཡིད་ཀྱི་གནས་གསུམ་དུ།། ཀུན་ལ་བྱིན་གྱིས་བརླབ་པར་བྱ།། ་དེ་བཞིན་མེ་ཏོག་ཕྲེང་མཆོག་གིས།། ཐོད་དང་ག་ཤར་རྣམ་པོར་བརྒྱན།། དེས་ན་བདུད་རྩི་བཟང་པོའི་ཆུས།། ཁ་ཟས་ཀུན་ལ་བསྲེ་བར་བྱ།། གཙོ་བོ་དེ་ཡི་བྱ་བའི་ལས།། སྣོད་རྣམས་ཨ་ལས་ཐོད་པར་བསམ།། དེ་ནཱ་བདུད་རྩི་ལྔ་བསམ་སྟྭ~ཾ།། ་ཡང་ན་ཧཱུཾ་ལས་རྡོ་རྗེ་བསྒོམ།། དེ་འོག་ལས་ཀྱི་རླུང་དང་མེ།། སྦར་ནས་ཐོགས་ནས་རྡོ་རྗེ་ལྷུང་།། དེ་ཡིས་ལྷ་ཡིས་བདུད་རྩིར་བསམ།། བདུད་རྩི་བྱུང་ནས་སྔགས་ཀྱང་བརྗོད།། ཡང་ན་རྡོ་རྗེ་ལས་ཀྱང་ནི།། འོད་ཟེར་འཕྲོས་པས ་ཡེ་ཤེས་ཀྱི།། བདུད་རྩི་བཀུག་ནས་ཡེ་ཤེས་དང་།། རོ་གཅིག་ཏུ་ནི་གསུམ་བསྲེས་པས།། རྡོ་རྗེ་བདུད་རྩི་ཞེས་བྱ་སྟེ།། རང་བཞིན་དག་པའི་བསྔགས་ཀྱང་བརྗོད།། དེ་དག་ཚོགས་ཀྱི་འཁོར་ལོ་ཡིས།། ཆ་ནི་དང་པོ་ཡིན་པར་འདོད།། དེ་ནས་རྣལ་འབྱོར་པ་རྣམས ་ཀྱིས། ཆུ་གནས་སུ་ནི་རཾ་ལས་ཀྱང་།། འབར་བའི་ཁུང་བུ་འོད་གསལ་བསམ།། དེ་དབུས་པཾ་ལས་པདྨ་བརྒྱད།། དེ་སྟེང་ལྷ་ཡི་འཁོར་ལོ་བསམ།། ཁ་ནི་ཧ~ཾ་ཁུང་རབ་བསམ་སྟེ།། ལག་གཉིས་ཧཱུཾ་ལས་རྡོ་རྗེ་ཡི།། གཟར་བུ་གཉིས་ནི་ཡང་དག་བསྒོམ།། ་རང་རང་སོ་སོའི་ལྷ་རུ་བསམ།། རྡོ་རྗེའི་བཟླས་པའི་ཚུལ་གྱིས་ནི།། མི་རྟོག་སེམས་ཀྱིས་གསང་སྔགས་བཟླས།། ནང་གི་རྣལ་འབྱོར་ངེས་པ་ནི།། ཐུགས་ཀྱི་འཁོར་ལོ་ཞེས་བྱར་བརྗོད།། དེས་ནི་ཚོགས་ཀྱི་འཁོར་ལོ་ཡི།། ཆ་ནི་གཉིས་པ་ཡིན་པར་འདོད།། ་དེ་ནས་ཡོན་གྱི་བདག་པོ་ཡིས།། སོ་སོའི་མདུན་དུ་མཎྜལ་བྱ།། དེ་རྗེས་ཀུན་ལ་མཆོད་པའི་ཚོགས།། ཡོངས་སུ་དག་པ་མདུན་དུ་བཞག། མེ་ཏོག་ཐོགས་ཏེ་མདུན་གནས་ནས།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས།། རྡོ་རྗེ་འཛིན་སོགས་དགོངས་སུ ་གསོལ།། བདག་གི་ཚོགས་ཀྱི་ཁྱད་པར་འདི།། དད་པའི་སེམས་ཀྱིས་དབུལ་ལགས་ན།། ཅི་བདེར་བར་ཡང་བཞེས་སུ་གསོལ།། དེ་འདྲའི་ཚིག་གིས་གསོལ་བཏབ་ནས།། མེ་ཏོག་དག་ནི་གཏོར་བར་བྱ།། དེ་ནས་གཙོ་བོས་ལྷ་རྣམས་ལ།། ཨེ་མའོ་ཡེ ་ཤེས་ཆེན་པོ་རྣམས།། ཚོགས་ཆེན་འབར་བས་ཉོན་མོངས་བསྲེག། འདི་འདྲའི་བདེ་བ་ཐོབ་ནས་ནི།། ཀུན་གྱིས་ཨ་ཧོ་སུ་ཀ་བརྗོད།། དེ་ནས་ཀུན་གྱིས་མགྲིན་གཅིག་ཏུ།། སྔགས་འདི་དག་ནི་བརྗོད་པར་བྱ།། ཨ་ཧོ་སུ་ཁ་བྷཀྵ་ནཱཾ། ཨ་ཧོ་སུ་ཁ་པྲཱ་ཡ་ནཱཾ། ་མ་ད་མུ་དྲ་སིདྡྷི་ནཱ་པྲ་པ་ཐ་ཏ་ནི་རྟེ་ན། ཧཱུཾ་ཧ་ཧ་ཧོ།། དེ་ནས་དང་པོའི་རྣལ་འབྱོར་ལས།། ཧཱུཾ་གི་སྒྲ་དང་རབ་ལྡན་ཞིང་།། ཕྱག་རྒྱ་སྔགས་དང་རབ་ལྡན་པས།། གཟར་བུས་བདུད་རྩི་བླངས་ནས་ནི།། འབར་བའི་ནང་དུ་བསྲེག་པར་བྱ།། ཐོད་པ་དུམ་བུ་གཅིག་པའི ་ནང་། བདུད་རྩི་ཡིས་ནི་བཀང་ནས་ཀྱང་།། གཙོ་བོ་ལ་ནི་རྣལ་འབྱོར་མས།། པདྨའི་ཕྱུག་རྒྱུས་དྲང་བར་བྱ།། དེ་བཞིན་གཅིག་ནས་གཅིག་ཏུ་ནི།། བསྐོར་བ་ཕྱག་རྒྱའི་འཁོར་ལོ་སྟེ།། དེ་དག་ཚིགས་ཀྱི་འཁོར་ལོ་ཡི།། ཆ་ནི་གསུམ་པ་ཡིན་པར་འདོད་།། ་དེ་ནས་གཙོ་བོས་ཟབ་མོའི་ཆོས།། མཉམ་པར་བཞག་པས་བསྒྲགས་པར་བྱ།། རྡོ་རྗེ་དེ་ཡིས་བདེ་བསྐུལོ་བྱ།། བདེ་བ་ཆེན་པོའི་ཚོགས་རྣམས་ཀྱིས།། ཡོ་ན་བདག་ཚོགས་ནི་བསག་པའི་ཕྱིར།། ཟབ་མོའི་ཆོས་ནི་སྒྲགས་ཞེས་བྱ།། དེ་ལྟར་ཐབས་དང ་ཤེས་རབ་ཚོགས།། གོ་རིམས་བཞིན་དུ་ཆོས་སྨྲ་བ།། དམ་ཆོས་གསུང་གི་འཁོར་ལོ་ཡིན།། དེ་ནས་གཙོ་བོས་བསྐུལ་ནས་ནི།། རྣམ་པར་རྟོག་བྲལ་རོལ་པ་ཡིས།། ཐབས་ཀྱི་གཏེ་ཤེས་རབ་གླུ།། ཡང་ན་དེ་ལས་བཟློག་བྱ་བ།། དེ་དག་གོ་རིམ་ཇི་བཞིན ་དུ། ཀུན་གྱི་འཁོར་ལོ་བསྐོར་བར་བྱ།། དེ་ནས་ཕན་ཚུན་རིམ་པ་ལ།། དེའང་ཡོན་གྱི་བདག་པོས་ནི།། མཆོད་ཕྱིར་རང་གི་ཆུང་མ་འམ།། དེ་ལ་སོགས་པའི་བུད་མེད་ནི།། མཛེས་མེ་དག་ནི་དབུལ་བ་འམ།། བསོད་ནམས་འདོད་པའི་རྣལ་འབྱོར་པས།། ་གཙོ་བོ་ལ་ནི་གསོལ་བ་གང་བ།། དེ་ནས་གཙོ་བོས་ལྷ་རྣམས་ཀུན།། དམ་ཚིག་ལ་ནི་གནས་བྱའི་ཕྱིར།། བདེ་བ་ཆེན་པོའི་རྣལ་འབྱོར་གྱིས།། ཡོལ་བའི་ནང་དུ་དམ་འཁྱུད་དེ།། སྟན་བདེ་བ་ལ་སྙོམས་ཞུགས་ཏེ།། རྔ་སྲིད་བདེ་བར་གངྒཱ ་ཀྱི་བར།། དེ་སྲིད་ཁམས་གསུམ་པོ་རྣམས་སྟོང་།། ཡིད་ཀྱིས་གཅིག་ཏུ་བྱས་ནས་ནི།། ག་པུར་ལྕེ་ཡི་བླངས་ནས་ཀྱང་།། ལྷོ་རྣམས་ཀུན་ལ་ཐིག་ལེ་དག། གདོང་གི་པདྨའི་ནང་དུ་བཏང་།། དེ་ནི་ཡེ་ཤེས་བདེ་བ་སྟེ།། ལོངས་སྤྱོད་འཁོར་ལོར་ཞུགས་པར་བྱ།། ་དེ་ལྟར་རིམ་པ་ཇི་ལྟ་བར།། དེར་ནི་ལྷ་རྣམས་མ་ལུས་ཀུན།། བདག་བྱིན་བརླབ་པའི་རིམ་པ་ཡིས།། སྟན་བདེ་བ་ལ་སྙོམས་ཞུགས་ནས།། རང་གི་བདུད་རྩི་རང་གི་བཟའ།། དེ་བདེ་ཐབས་ཀྱི་ཡང་དག་མཁྱེན།། སེམས་ཀྱི་བདེ་བ་གང་སྐྱེས་པས།། ཐུགས ་ཀྱི་འཁོར་ལོ་ཡིན་པར་འདོད།། དེ་དག་ཡོངས་སུ་མ་གྲུབ་ན།། སྨན་དང་མར་གྱི་ཁུ་བ་ཡིས།། སྙིང་ག་རུ་ནི་བྱུགས་ནས་ཀྱང་།། དལ་གྱིས་ཅུང་ཟད་ཉེ་བར་བྱ།། དེ་ཡང་སེམས་ཀྱི་བདེ་བ་ཆེ།། ཐུགས་ཀྱི་འཁོར་ལོ་ངེས་པར་ཡིན།། དེ་ལྟར་ཡོངས་སུ་སྦྱོར ་བའི་ཚོགས།། རང་རང་ལྷའི་རྣལ་འབྱོར་གྱིས།། ལོངས་སྤྱོད་རྣམས་ནི་ཡོན་ཕུལ་ནས།། གསེར་དང་རིན་ཆེན་ལ་སོགས་དང་།། དར་དང་རས་དང་ཡང་ན་སྨན།། གཙོ་བོ་དང་ནི་བདེ་བ་ཡི།། ཤེས་རབ་ཏུ་ནི་མཉམ་པ་སྟེ།། དེ་དག་གཞན་ལས་ཉིས་འགྱུར། ་ཚང་། གཞན་ལ་དེ་ཡི་ཕྱེད་ཕུལ་ནས།། ཡོན་གྱི་བདག་པོས་དགེ་བསྐུལ་བྱ།། དཀྱིལ་འཁོར་མེ་ཏོག་བཅས་ལྡན་དང་།། ལག་པར་མེ་ཏོག་ཐོགས་ནས་ནི།། ཚིག་ནི་འདི་སྐད་བརྗོད་པར་བྱ།། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ།། ཁྱེད་ལ་རབ་ཏུ ་དང་པ་ཡིས།། མཆོད་པའི་ཚོགས་ནི་རབ་ཕུལ་བས།། བདག་མཐའ་སེམས་ཅན་མ་ལུས་རྣམས།། འཁོར་བའི་སྡུག་བསྔལ་སྤངས་ནས་ནི།། བདེ་ཆེན་རྡོ་རྗེ་འཛིན་རྒྱལ་ཤོག། དེ་ནས་དེ་ཡི་སྤྲོ་སྐྱེད་ཕྱིར།། གཙོ་བོས་ཚིག་འདི་བརྗོད་པར་བྱ།། ཨེ་མའོ ་སེམས་ཅན་ཆེན་པོ་ཁྱོད།། སངས་རྒྱས་རྣམས་ཀྱིས་དེ་རིང་ནི།། ཁྱོད་ལ་རབ་ཏུ་དགོངས་འགྱུར་ཏེ།། སངས་རྒྱས་ཉིད་དུ་འགྱུར་བས་ན།། འབྲས་བུ་ཆེན་པོ་མཐོང་བ་སྟེ།། ཡིད་ཆེས་པ་ཡོས་བརྩོན་པར་བྱ།། དེ་དག་བསོད་ནམས་ཀྱི་གཞིར་རོ།། ་དེ་ནས་ལྷག་དང་ཕུང་བསྲེས་ཏེ།། འབྱུང་པོ་ཀུན་ལ་གཏོར་མ་ནི།། རྣལ་འབྱོར་ཕུན་སུམ་ཚོགས་པས་བཏང་།། མེ་ཏོག་ལ་སོགས་བསྡུས་ནས་ནི།། ཐིག་ལེ་དག་ནི་དབྱི་བར་བྱ།། རང་རང་ལྷ་ཡི་རྣལ་འབྱོར་ནི།། ཏིང་འཛིན་སྔགས་དང་ཕྱག་རྒྱས་ནི།། ་འགྲོ་བའི་དོན་དུ་གཤེགས་གསོལ་གདབས།། དེ་ནས་གཙོ་བོས་ལྷ་ཚོགས་ལ།། དམ་ཚིག་བསྟན་པར་བྱ་བའི་ཕྱིར།། དམྱལ་སོགས་སྡུག་བསྔལ་མཐོང་ནས་ནི།། བདག་གིས་ཚོགས་བསྒྲུབ་དོན་བྱས་པས།། དགེ་བ་དྲི་མེད་གང་ཐོ་བ་དེས།། ་ཚོགས་གཉིས་ཚིགས་ནི་བསགས་ནས་ཀྱང་།། འགྲོ་ཀུན་རྡོ་རྗེ་འཛིན་ཐོབ་ཤོག། ཚོགས་ཀྱི་འཁོར་ལོའི་ཚིག། སློབ་དཔོན་ཌོམྦི་ཧེ་རུ་ཀའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛྙཱ་ནཱ་ཀ་ར་དང་། ་བཅབ་མར་བ་ཟླ་ཟས་ཀྱིས་བསྐུ་རྩ་གེར་སྲུད་དུ། ཛཱ་ཧི་བཛྲ་སྭཱ་དྷ་ན། ང་སྲུང་དུ། བ་ལ་མ་པའི་ཐས། པ ་