CLOSE WINDOW

GT3645: dge bsnyen gyi sdom pa brgyad pa
Wyliee-texts produced with BDRC’s OCR application

ཡེ་དྷརྨཱ་ཧ་ཏུ་པྲེ་བྷ་བཱ་ཧཻ་དུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དང་། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨོཾ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ།། ། རྒྱ་གར་སྐད་དུ། ཨུ་པ་སི་ཀ་སམ་པ་རཱཥྚ་ཀ། བོད་སྐད་དུ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སྡོམ་གནས་བླ་མ་མཁས་པ་ལས།། གསུམ་ལ་སྐྱབས་འགྲོ་བླངས་ནས་ནི།། ཇི་སྲིད་འཚོ་བར་གསོད་དང་འཕྲོག། ལོག་པར་སྤྱོད་དང་རྫུན ་གྱི་ཚིག། ཆང་གི་བཏུང་བ་དག་ལས་ལྡོག། ཡན་ལག་ཚང་བ་ཆོ་ག་བཞིན། རྫུན་གྱི་ཚིག་ལས་ལྡོག་པ་ཡིས།། དེ་ཡི་སྐྱོན་ནི་གཞན་ལས་ཀྱང་།། ལྡོག་པར་བྱ་སྟེ་ལྡོག་བཤད་པ།། དེ་ཡང་ཤིན་ཏུ་སྨད་པའི་ཕྱིར།། གང་ཕྱིར་ལུས་ངག ་མི་དགེ་ལས།། ལྡོག་པ་ཡིད་ཀྱི་དགེ་བ་ལས།། དེ་ཕྱིར་བརྣབ་སེམས་གནོད་པའི་སེམས།། ལྷ་ལས་ལྡོག་རྣམས་གྲུབ་པ་ཡིན།། ཡན་ལག་ལྔ་ཡི་སྡོམ་བཤད་ཉིད།། གཞུག་པ་རུ་ནི་འདོད་པས་སོ།། མི་གསོད་པ་དང་དངོས་པོ་བརྐུ།། ་ངས་སུ་རྫོགས་དང་གཞན་བུད་མེད།། བདག་གིར་བྱེད་དང་རྫུན་ཚིག་སྨྲ།། སྡོམ་པ་ཉམས་པའི་རྒྱུ་རྣམས་སོ།། སྡོམ་པ་སླར་ཡང་བླང་བར་བྱ།། དེ་འདྲའི་གང་ཟག་ཉིད་ལས་སོ།། གཞན་དག་ཇི་ལྟ་བར་ནི་བཤགས།། མཁས་ལ ་ཡང་རྣམས་ཡང་དག་བསྡམ།། འདི་ལྟར་སྡོམ་པའི་ཚུལ་ཁྲིམས་གནས།། འཇུག་པ་ལ་ཡང་སྟོབས་ཇི་ལྟར་གུས་པར་བྱ་སྟེ་དེའི་སྦྱོར་བས།། འབྲས་བུ་སྣ་ཚོགས་དེས་ནི་སྟེ།། འདི་ལ་འབད་དེ་སྦྱར་བར་བྱ།། བདེ་འགྲོ་ཡང་ནི་འདོད། ་བཔ་ཡིས།། ཁྲེ་ཡི་མྱུ་གུའི་རྒྱུ་རྒྱུ་ནི།། སཱ་ལུའི་ས་བོན་གང་དུ་མཐོང་།། ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ། སློབ་དཔོན་ཆེན་པོ་སུ་ནྱ་ཡ་ཤྲཱིས་མཛད་པ་རྫོགས་སོ།། །། རྒྱ་གོར་གྱི་མཁན་པོ་དེ་ཉིད་དང་། ་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་བའོ།། ། ཨ་མ་གྲིའི་རང་ཁྲེལ།། རྒྱ་གར་སྐད་དུ། ཨུ་པ་ལི་ཀ་སཾ་པ་རཱ་ཥྚ་ཀཾ་བི་བ་ར་ཎཾ། བོད་སྐད་དུ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་བཤད་པ། སངས་རྒྱས་དང་བྱང་ཆུབ ་