CLOSE WINDOW

GT3643: sde pa tha dad par byed pa dang rnam par bshad pa
Wyliee-texts produced with BDRC’s OCR application

བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དྷརྨ་ཀ་ར་དང་། ལོ་ཙཱ་བ་བནྡེ་བཟང་སྐྱོང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། སྔོབ་ད་པ་བྱད་པ་དང་མ་པར་བཤད་པ་རྣ་མ་མཛདཔ་བཙུགས་སོ།། ་རྒྱ་གར་སྐད་དུ། ཀཱ་ཡ་བྷེ་ཏྲོ་བི་བྷངྒ་བྱ་ཁྱ་ན། བོད་སྐད་དུ། སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སྡེ་པ་བཅོ་བརྒྱད་པོ་དག་ནི་གང་ཡིན། དེ་དག་གི་བྱེ་བྲག་ནི་ཇི་ལྟར་བྱུང་ཞེ་ན། བདག ་གི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འདི་ལྟར་རྗེསུ་ཐོས་སྟེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་བརྒྱ་དྲུག་ཅུ་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར་རྒྱལ་པོ་དྷརྨ་ཨ ་ཤཱ་ཀ་ཞེས་བྱ་བ་རྒྱལ་སྲིད་བྱེད་པའི་ཚེ། རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གི་དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ཏོ།། དེས་རེ་ཞིག་དང་པོར་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ། དགེ་འདུན་ཕལ་ཆེན་པ་དང་། ་གནས་བརྟན་པའོ།། དེ་ལ་དགེ་འདུན་ཕལ་ཆེན་པའི་སྡེ་པ་ཡང་རིམ་གྱིས་བྱེ་བར་གྱུར་པ་ན། རྣམ་པ་བརྒྱད་དུ་གནས་ཏེ། དགེ་འདུན་ཕལ་ཆེན་སྡེ་པ་དང་། ཐ་སྙད་གཅིག་པ་དང་འཇིག་རྟེན་ལས་འདས་པར་སྨྲ་བ་དང་། མང་དུ་ཐོས་པ ་དང་བཏགས་པར་སྨྲ་བ་དང་། མཆོད་རྟེན་པ་དང་། ཤར་གྱི་རི་བོ་དང་། ནུབ་ཀྱི་རི་བོ་པའོ།། གནས་བརྟན་པ་ཡང་རིམ་གྱིས་བྱེ་བར་གྱུར་པ་ན་རྣམ་པ་བཅུར་གྱུར་ཏེ། འདི་ལྟ་སྟེ་གནས་བརྟན་པ་ཉིད་ལ་གངས་རི་པ་ཞེས་ཀྱང་བརྗོད་པ ་དང་། ཐམས་ཅད་ཡོད་པར་སྨྲ་བ་པ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བ་དང་། རྒྱུར་སྨྲ་བ་དང་། ཁ་ཅིག་མུ་རུནྟ་ཀ་པ་ཞེས་ཀྱང་ཟེར་བ་དང་། གནས་མའི་བུ་དང་། ཆོས་མཆོག་པ་དང་། བཟང་པོའི་ལམ་པའོ།། ཀུན་གྱིས་བཀུར་བ་ལ ་ཁ་ཅིག་ནི་ཨ་བནྡྷ་ཀ་པ་ཞེས་ཀྱང་ཟེར།། ཁ་ཅིག་ནི་ཀུ་རུ་ཀུ་ལ་པ་ཞེས་ཀྱང་ཟེར་བ་དང་། མང་སྟོན་པ་དང་། ཆོས་སྦས་པ་དང་། ཆོས་བཟང་འབེབས་ཞེས་བྱ་བ་ལ་ཁ་ཅིག་ནི་འོད་སྲུངས་པ་ཞེས་བྱ་བ་ཟེར་བ་དང་། བླ་མ་པ་ལཱ་ཁ་ཅིག ་ནི་འཕོ་བར་སྨྲ་བ་ཞེས་ཟེར་བ་སྟེ། སྡེ་པ་བཅོ་བརྒྱད་ཀྱི་དབྱེ་བ་ནི་དེ་དག་གོ། དེ་ལ་དགེ་འདུན་ཡང་ཡིན་ལ་ཕལ་ཆེན་པ་ཡང་ཡིན་པས་དགེ་འདུན་ཕལ་ཆེན་ཏེ། དེ་ཉེ་བར་སྟོན་པར་བྱེད་པ་ནི་དགེ་འདུན་ཕལ་ཆེན་པའོ།། ཁ་ཅིག་ནི ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཐམས་ཅད་ཐུག་གཅིག་གི་རྣམ་པར་མཁྱེན་ཅིང་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཡོངས་སུ་མཁྱེན་ཏོ་ཞེས་ཐ་སྙད་འདོགས་ཏེ།། དེས་ན་ཐ་སྙད་གཅིག་པ་ཞེས ་བྱའོ།། འཇིག་རྟེན་ཐམས་ཅད་ཀྱི་འཇིག་རྟེན་པ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་འདས་པར་གྱུར་པས་དེ་བཞིན་གཤེགས་པ་ལ་འཇིག་རྟེན་པའི་ཆོས་མི་མངའ་བོ་ཞེས་སྨྲ་བ་ནི་འཇིག་རྟེན་ལས་འདས་པར་སྨྲ་བ་པའོ།། ། ་མང་དུ་ཐོས་པའི་སློབ་དཔོན་གྱི་རྗེས་སུ་སྟོན་པར་བྱེད་པས་ན་མང་དུ་ཐོས་པར་སྨྲ་བའོ།། འདུས་བྱས་རྣམས་ཕན་ཚུན་བཏགས་པ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ་ཞེས་སྨྲ་བའི་ཕྱིར་བཏགས་པར་སྨྲ་བའོ།། མཆོད་རྟེན་ཅན་གྱི་རི་ལ་གན ་བཅས་པ་ཉིད་ནི་མཆོད་རྟེན་པའོ།། ཤར་གྱི་རི་དང་ནུབ་ཀྱི་རི་ལ་གནས་པ་ཉིད་ནི། ཤར་གྱི་རི་བོ་པ་དང་། ནུབ་ཀྱི་རི་བོ་བའོ།། གནས་བརྟན་འཕགས་པའི་རིགས་ཡིན་པར་སྟོན་པ་ན་གནས་བརྟན་པའོ།། དེ་ཉིད་ལ་གངས་རི་པ་ཞེས་ཀྱང ་ཟེར་ཏེ། གྲངས་ཀྱི་རི་ལ་བརྟེན་ནས་གནས་པའི་ཕྱིར་རོ།། གང་ཅུང་ཞིག་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཡོད་དོ་ཞེས་སྨྲ་བའི་ཕྱིར། ཐམས་ཅད་ཡོད་པར་སྨྲ་བའོ།། དེ་དག་ཉིད་ལས་འགའ་ཞིག་ནི་ཡོད་དོ།། ། ་འདས་པའི་ལས་འབྲས་བུ་མ་ཕྱུང་བ་གང་ཡིན་པའོ།། ལ་ལ་ནི་མེད་དེ། གང་འབྲས་བུ་མྱོང་ཟིན་པ་དང་། མ་འོངས་པ་དག་གོ་ཞེས་རྣམ་པར་ཕྱེ་ནས་སྨྲ་བར་བྱེད་པའི་ཕྱིར། དེ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བ་ཞེས་བྱའོ།། དེ་དག་ཉིད་ལས ་གང་ཅུང་ཞིག་བྱུང་བ་དང་། འབྱུང་བ་དང་། འབྱུང་བར་འགྱུར་བ་དེ་ཐམས་ཅད་ནི་རྒྱུ་དང་བཅས་པའོ།། ཞེས་སྨྲ་བས་རླུང་སྨྲ་བའོ།། དེ་རྣམས་ཉིད་ལ་ཁ་ཅིག་མུ་རུནྡྷའི་རི་ལ་གནས་པའི་ཕྱིར་མུ་རུན་ཏཱ་པ་ཀ་ཞེས ་བྱའོ།། གནས་པ་ནི་རིགས་ཉིད་ཀྱི་བུད་མེད་ནི་གནས་མ་ཡིན་ལ། དེ་ལས་སྐྱེས་པའི་བུ་ནི་གནས་མའི་བུ་སྟེ། དེའི་རིགས་ཡིན་པར་སྟོན་པོ་ནི་གནས་མའི་བུའོ།། སློབ་དཔོན་ཆོས་མཆོག་གི་རྗེས་སུ་སྟོན་པར་བྱེད་པ་ནི་ཆོས ་མཆོག་པའོ།། བཟང་པོའི་ལམ་པའི་སློབ་མ་ནི་བཟང་པོའི་ལམ་པའོ།། ཀུནྡ་གྱིས་བཀུར་བའི་སློབ་དཔོན་གྱི་ལུགས་སྟོན་པར་བྱེད་པ་ནི་ཀུན་གྱིས་བཀུར་བའོ།། དེ་ཉིད་ལུས་ཨ་བནྡྷའི་གྲོང་ཁྱེར་དུ་ཡིད་དག་པར་བསྡུས་པ ་བྱ་བའི་ཕྱིར་ཨ་པཱན་ཏ་ཀཱ་པའོ།། ཁ་ཅིག་ནི་ཀུ་རུ་ཀུ་ལའི་རཱི་ལ་གནས་པའི་ཕྱིར་ཀུ་རུ་ཀུ་ལ་བའོ།། ས་སུའི་སྐད་ཀྱི་དབྱིངས་ལས་རྗེས་སུ་སྟོན་དུ་བསྒྱུར་ཏེ། སྐྱེ་བོའི་ཚོགས་ཆེན་པོ་ལ་ཡོང་སྲིད་པའི་མི་འབྱུང་བ་དྷཱ་སུ ་སྟོན་པར་བྱེད་པ་ནི་མང་སྟོན་པའོ།། སློབ་དཔོན་ཆོས་སྦས་ཀྱིས་ཡིན་པར་སྨྲ་བ་ནི་ཆོས་སྤྲས་པའོ།། རབ་ཏུ་བསྔགས་པོའི་དམིགས་པའི་ཆོས་ཀྱི་ཆར་འབེབས་པར་བྱེད་པས་ན་ཆར་བཟངས་འབེབས་པའོ།། དེ་ཉིད་སློབ་དཔོན ་འདི་བསྲུངས་གི་ཡིན་པར་སྨྲ་བས་ནི་འོད་སྲུངས་པའོ།། དེ་བཞིན་དུ་བླ་མ་པའི་ཡིན་པར་སྨྲ་བ་ནི་བླ་མ་པའོ།། དེ་ཉིད་ལས་ཁ་ཅིག་ན་རེ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་གང་ཟག་འཕྲོ་བར་འགྱུར་རོ་ཞེས་སྨྲ ་འཕྲོ་བར་སྨྲ་བ་པའོ།། དེ་རྣམས་ལས་སྔར་བསྟན་པའི་དགེ་འདུན་ཕལ་ཆེན་པ་ལ་སོགས་པ་བརྒྱད་དང་། ཕྱིས་བསྟན་པའི་ཕྱིར་གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། མང་སྟོན་པ་དང་། ཆོས་མཆོག་པ་དང་། འོད་སྲུངས་པ་རྣམ ་ནི་བདག་མེད་པར་སྨྲ་བ་ཡིན་ཏེ། མུ་སྟེགས་པའི་འདོད་པས་བརྟགས་པའི་བདག་དང་བདག་གི་ངག་ནི་སྟོན་པ་ཡིན་པ་དང་། ཆོས་ཐམས་ཅད་ནི་བདག་མེད་པ་ཡང་ཡིན་པར་སྨྲ་བ་ཡིན་ནོ།། ལྷག་མ་གནས་མའི་བུ་ལ་སོགས་པ་སྡེ་པ ་ལྔ་ནི་གང་ཟག་ཏུ་སྨྲ་བ་ཡིན་ནོ།། གང་ཟག་ནི་ཕུང་པོ་དག་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་རྣམ་པར་ཤེས་པ་དྲུག་གིས་ཤེས་པར་བྱ་བ་འཁོར་བ་ཡོངས་སུ་བསལ་བར་གྱུར་པ་ཡིན་ནོ་ཞེས་ཟེར་རོ།། དེ་དག་ནི་སྡེ་པ་བཅོ ་བརྒྱད་ཀྱི་དབྱེ་བ་ཡིན་ནོ།། གཞན་ཉིད་ཀྱིས་སྨྲ་བ་ནི་གཞི་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ།། རྩ་བའི་དབྱེ་བ་ནི་གསུམ་སྟེ། འདི་ལྟར་གནས་བསྟོན་པ་དང་། དགེ་འདུན་ཕལ་ཆེན་པ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའོ།། དེ་ལ་གནས་བསྟན་པ ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་མའི་བུའི་སྡེ་པ་ཞེས་བྱའོ།། ཡང་ཐམས་ཅད་ཡོད་པར་སྨྲ་བ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། མདོ་སྡེ་སྨྲ་བ་ཞེས་བྱ་བའོ།། གནས་མའི་བུའི ་ཡང་རྣམ་པ་བཞི་སྟེ། མང་པོས་བཀུར་བ་དང་ཆོས་མཆོག་པ་དང་། བཟང་པོའི་ལམ་པ་དང་། གྲོང་ཁྱེར་དྲུག་པ་ཞེས་བྱ་བ་སྟེ། དེ་ལྟར་ན་གནས་བརྟན་པ་ནི་རྣམ་པ་དྲུག་ཏུ་གནས་སོ།། ཡང་དགེ་འདུན་ཕལ་ཆེན་སྡེ་ནི་རྣམ་པ་བརྒྱད་དེ། ་དགེ་འདུན་ཕལ་ཆེན་པ་དང་། ཤར་གྱི་རི་བོ་དང་། ནུབ་ཀྱི་རི་བོ་དང་། རྒྱལ་པོ་རི་པ་དང་། གངས་རི་པ་དང་མཆོད་རྟེན་པ་དང་། བདེན་དྲུག་པ་དང་། བ་ལང་གནས་པ་ཞེས་བྱ་བ་སྟེ། དེ་ལྟར་ན་དེ་དག་ནི་དགེ་འདུན ་ཕལ་ཆེན་པའི་དབྱེ་བ་ཡིན་ནོ།། རྣམ་པར་ཕྱེ་སྟེ་སྨྲ་བ་ཡང་རྣམ་པ་བཞི་སྟེ། ས་སྟོན་པ་དང་། འོད་སྲུངས་པ་དང་། ཆོས་སྦས་པ་དང་། གོས་དམར་བ་ཞེས་བྱའོ།། དེ་ལྟར་འདི་དག་ནི་འཕགས་པའི་སྡེ་རྣམས་རྣམ་པར་ཕྱེ་བ་ནས་རྣམ ་པ་བཅོ་བརྒྱད་དུ་གྱུར་པའོ།། ཡང་གཞན་དོག་ནི་འདི་སྐད་སྨྲ་སྟེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ནས་བཟུང་ནས། ལོ་བརྒྱ་སུམ་ཅུ་རྩ་བདུན་ལོན་པ་ན་རྒྱལ་པོ་དགའ་བོ་དང་པད་མ་ཆེན་པོ་ཞེས་བྱ་བས་གྲོང ་ཁྱེར་པ་ཏ་ལི་པུ་ཏྲཾའི་ནང་དུ་སྡུད་པར་བྱེད་པ་ལ་སོགས་པའི་འཕགས་པ་ཕེལ་ནི་ཡང་ལེན་པ་མེད་པར་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་ན་འཕགས་པ་འོད་སྲུངས་ཆེན་པོ་དང་། འཕགས་པ་སྤུ་ཆེན་པོ་དང་། གཏོང་བ ་ཆེན་པོ་དང་། བླ་མ་དང་། རེ་པ་ཏ་ལ་སྩོགས་པ་སོ་སོར་ཡང་དྲག་པར་རིག་པ་ཐོབ་པའི་དགྲ་བཅོམ་པའི་དགེ་འདུན་དེ་ལྟར་བཞུགས་པ་ན་བདུད་སྡིག་ཏོ་ཅན་བཟང་པོ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ། དགེ་སློང ་གི་ཆ་བྱང་འཛིན་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས། གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ། གནས་བརྟན་ཀླུ་ཞེས་བྱ་བ་དང་། ཡིད་བསྟན་པ་ཞེས་བྱ་བ་མང་དུ་ཐོས་པ་དག་གིས་གཞི་ལྔ་བསྔགས་པར་བྱེད། རྗེསུ ་སྟན་བྱེད་ཅིང་དེ་གཞན་ལ་ལན་གདབ་པ་དང་། མི་ཤེས་པ་དང་། ཡིད་གཉིས་པ་དང་། ཡོངས་སུ་བཏགས་པ་དང་། བདག་ཉིད་གསོ་བར་བྱེད་པ་ནི་ལམ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ།། ཞེས་ཟེར་རོ།། དེ་ནས་སྡེ་པ་གཉིས་སུ་ཆད ་ནས་གནས་ཏེ། གནས་བརྟན་པ་དང་། དགེ་འདུན་ཕལ་ཆེན་སྡེ་ཞེས་བྱའོ།། དེ་ལྟར་ལོ་དྲུག་ཅུ་རྩ་གསུམ་གྱི་བར་དུ་དགེ་འདུན་བྱེ་ནས་འཁྲུག་ལོང་གིས་གནས་སོ།། དེ་ནས་ལོ་བརྒྱ་ཕྲག་གཉིས་འདས་པའི་རྗེས་ལ་གནས་བརྟན་གནས ་མའི་བུས་བསྟན་པ་ཡང་དག་པར་བསྡུས་སོ།། དེ་ཡང་དག་པར་བསྡུས་པ་ན་དགེ་འདུན་ཕལ་ཆེན་པ་ཡང་རྣམ་པ་གཉིས་སུ་བྱུང་བར་གྱུར་ཏེ། ཐ་སྙད་གཅིག་པ་དང་། བ་ལང་གནས་པ་ཞེས་བྱའོ།། དེ་ལ་ཐ་སྙད་གཅིག་པ་རྣམས་ཀྱི་དམ ་ཚིག་གི་རྩ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་བཞིན་གཤེགས་པ་ལ་འཇིག་རྟེན་གྱི་ཆོས་ནི་མི་མངའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེསུ་གསུངས ་པ་ནི་མི་འཇུག་གོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་སྙིང་པོ་ལ་མངོན་པར་མོས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་གནས་དེར་གཟུགས་ཉེ་བར་ལེན་པ་ནི་མི་མངའོ།། བྱང་ཆུབ་སེམས་དཔའི་དུས་ན་ནུར་ནུར ་པོ་དང་། མེར་མེར་པོ་དང་། ལྟར་ལྟར་པོས་འཇུག་པ་མ་ཡིན་ཏེ། གླང་པོ་ཚར་གྱུར་ནས་ཡུམ་གྱི་དཀུ་ནས་ཞུགས་ནས་རང་ཉིད་ངེས་པར་འབྱུང་བ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་པའི་འདུ་ཤེས་ནི་མི་འབྱུང་ངོ་།། ་ངན་འགྲོ་རྣམས་སུ་བདག་ཉིད་ཀྱི་འདོད་པས་སྐྱེ་བ་བླངས་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ།། ཡེ་ཤེས་གཅིག་གིས་བདེན་པ་བཞི་རྣམས་ཡོངས་སུ་ཤེས་སོ།། རྣམ་པར་ཤེས་པ་དྲུག་པོ་དག་ནི་འདོད་ཆགས་དང ་བཅས་པ་དང་འདོད་ཆགས་དང་བྲལ་བ་ཡིན་ནོ།། མིག་གིས་གཟུགས་རྣམས་མཐོང་ངོ་།། དགྲ་བཅོམ་པ་རྣམས་ཀྱང་གཞན་དག་གིས་བསྟན་པ་སྒྲུབ་པར་བྱེད་དོ།། མི་ཤེས་པ་དང་། ཡིད་གཉིས་དང་། ཡོངས་སུ་བརྟགས་པ་དང་། སྡུག ་བསྔལ་སྤོང་བའི་ལམ་ཡང་ཡོད་དོ།། མཉམ་པར་བཞག་པའི་ཚེ་དག་འཇུག་པ་ཡང་ཡོད་དོ།། མི་གཙང་བ་སྤངས་པ་ཡང་ཡོད་དོ།། ཡང་དག་པར་སྡོམ་པ་མངོན་དུ་བྱས་པ་ཉིད་ཀྱིས་ཀུན་ཏུ་སྦྱོར་བ་ཐམས་ཅད་རབ་ཏུ་སྤངས་པར་བརྗོད་པར ་བྱའོ།། དེ་བཞིན་གཤེགས་པ་རྣམས་ལ་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ནི་མི་མངའོ།། སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་པས་བགེ་ལ་ཉལ་བ་རྣམས་སེམས་དང་མཚུངས་པོར་ལྡན་ཞེ་འམ། མི་ལྡན་ཞེས་བརྗོད་པར་མི་བྱའོ།། ་བོག་ལ་ཉལ་བ་ཡང་གཞན་ལ། ཀུན་ནས་ལྟུང་བ་གཞན་ཡིན་ནོ།། འདས་པ་དང་མ་འོངས་པ་ནི་མེད་དོ།། རྒྱུན་དུ་ཞུགས་པ་ནི་བསམ་གཏན་ཐོབ་པ་ཡིན་ནོ།། ཞེས་བྱ་བ་སྟེ་དེ་ལྟ་བུ་རྣམས་ནི་ཐ་སྙད་གཅིག་པ་རྣམས་ཀྱི་དམ་ཚིག་ཡིན་ནོ།། ་ཡང་བ་ལང་གནས་པ་རྣམས་ཀྱི་དབྱེ་བ་ནི་མང་དུ་ཐོས་པ་དང་བརྟགས་པས་སྨྲ་བ་ཞེས་བྱའོ།། དེ་ལ་མང་དུ་ཐོས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་ངེས་པར་འབྱུང་བའི་ལམ་ལ་ནི་རྣམ་པར་སྤྱོད་པ་མེད་དོ།། སྡུག་བསྔལ་གྱི་བདེན་པ་དང ་ཀུན་རྫོབ་ཀྱི་བདེན་པ་དང་། འཕགས་པའི་བདེན་པ་ནི་བདེན་པའོ།། འདུ་བྱེད་ཀྱི་སྡུག་བསྔལ་མཐོང་བས་ཡང་དག་པར་སྐྱོན་མེད་པ་ལ་འཇུག་གི། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་མཐོང་བས་ནི་མ་ཡིན་ནོ།། དགེ་འདུན་ནི ་འཇིག་རྟེན་ལས་འདས་པའོ།། དགྲ་བཅོམ་པ་རྣམས་ལ་ཡང་གཞན་གྱིས་ཉེ་བར་བསྟན་པ་བསྒྲུབ་པའོ།། ཡང་དག་པར་བསྒྲགས་པའི་ལམ་ཡང་ཡོད་དོ།། མཉམ་པར་བཞག་པ་ལ་ཡང་དག་པར་འཇུག་པ་ལ་ཡོད་དོ་ཞེས་བྱ་བ་རྣམས ་ནི་མང་དུ་ཐོས་པ་རྣམས་ཀྱི་དམ་ཚིག་གོ།། ཡང་བརྟགས་པར་སྨྲ་བ་རྣམས་ཀྱི་ཕུང་པོ་མེད་པའི་སྡུག་བསྔལ་ཡང་ཡོད་དོ།། ཡོངས་སུ་མ་རྫོགས་པའི་སྐྱེ་མཆེད་ཀྱང་ཡོད་དོ།། འདུ་བྱེད་རྣམས་ནི་ཕན་ཚུན་བརྟགས་པ་ཡིན་ནོ།། ཡང ་སྡུག་བསྔལ་ནི་དོནྡ་དམ་པར་རོ།། སེམས་ལས་བྱུང་བ་ནི་ལམ་མ་ཡིན་ནོ།། དུས་མ་ཡིན་པར་འཆི་བ་ནི་མིད་དོ།། སྐྱེས་བུ་བྱེད་པ་ཡང་མེད་དོ།། སྡུག་བསྔལ་ཐམས་ཅད་ནི་ལས་ལས་བྱུང་བ་ཡིན་ནོ།། ཞེས་བྱ་བ་དེ་ལྟ་བུ་ནི་བརྟགས ་པར་སྨྲ་བ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ།། ཡང་བ་ལང་གནས་པ་རྣམས་ཀྱིས་བྱེ་བྲག་ལས་གནས་བརྟན་མཆོད་རྟེན་པ་ཞེས་བྱ་བ་སྟེ། དེ་ནི་ལྕེ་ཆེན་པོ་ཞེས་བྱ་བའི་ཀུན་ཏུ་རྒྱུ་ཞིག་རབ་ཏུ་བྱུང་ནས་མཆོད་རྟེན་ཅན་གྱི་རི ་ལ་གནས་པ་ཡིན་ཏེ། ཡང་དེ་ནི་དགེ་འདུན་ཕལ་ཆེན་པའི་གཞི་འདོན་པར་གྱུར་པ་ན་མཆོད་རྟེན་པ་ཞེས་བྱ་བའི་སྡེ་བར་རྣམ་པར་བཞག་ཏེ་དེ་དག་ནི་དགེ་འདུན་ཕལ་ཆེན་པ་རྣམས་ཀྱི་སྡེ་པ་དྲུག་ཏུ་བཞག་པ་ཡིན་ནོ།། ཡང་གནས ་བརྟན་པ་ཡང་རྣམ་པ་ཉིད་ཏེ། སྔར་གྱི་གནས་བརྟན་པ་དང་། གངས་རི་བ་ཞེས་བྱ་བའོ།། སྔར་གྱི་གནས་བརྟན་པའི་རྩ་བའི་དམ་ཚིག་ནི་དགྲ་བཅོམ་པ་རྣམས་ལ་གཞན་གྱི་སྟོན་ཅིང་བསྒྲུབ་པ་ནི་མེད་དོ།། དེ་བཞིན་དུ་གཞི་ལྔ ་པོ་ཡང་མེད་དོ།། གང་ཟག་ནི་ཡོད་དོ།། སྲིད་པ་བར་མ་ནི་ཡོད་དོ།། དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདས་པ་ནི་ཡོད་དོ།། འདུས་པ་དང་མ་འོངས་པ་ཡང་ཡོད་དོ།། མྱ་ངན་ལས་འདས་པའི་དོན་ནི་ཡོད་དོ།། ཞེས་བྱ་བ་ནི་གནས་བརྟན་པའི ་རྩ་བའི་དམ་ཚིག་གོ།། དེ་ལ་གངས་རི་བའི་རྩ་བའི་དམ་ཚིག་ནི་བྱང་ཆུབ་སེམས་དཔའ་ནི་སོ་སོའི་སྐྱེ་བོ་མ་ཡིན་པ་ཞེས་བྱའོ།། ཕྱི་རོལ་པ་ལ་ཡང་མངོན་པར་ཤེས་པ་ལྔ་ནི་ཡོད་དོ།། ཕུང་པོ་ལས་གང་ཟག་ནི་གཞན་ཡིན་པར་བརྗོད་པར་བྱ་སྟེ། ་མྱ་ངན་ལས་འདས་པར་འགྱུར་བ་ན་གང་དུ་ཕུང་པོ་འགགས་པར་ན་གང་ཟག་ནི་གནས་པའི་ཕྱིར་རོ།། མཉམ་པར་བཞག་པ་ལ་ངག་འཇུག་པ་ནི་ཡོད་དོ།། ལམ་གྱིས་སྡུག་བསྔལ་སྤོང་ངོ་ཞེས་བྱ་བ་དེ་དག་ནི་གངས་རི་བའི་དམ་ཚིག་གོ།། ་ཡོང་དང་པོའི་གནས་བརྟན་པ་ཡང་རྣམ་པ་གཉིས་སུ་གྱུར་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་མ་བུའི་ཞེས་བྱའོ།། དེ་ལ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དམ་ཚིག་ནི་གཉིས་ཀྱིས་ཐམས་ཅད་བསྡུས་ཏེ། འདུས་བྱས ་དང་འདུས་མ་བྱས་སོ།། དེ་སྐད་སྨྲས་པས་ཅིར་འགྱུར།། གང་ཟག་ནི་མེད་ཅེས་བྱ་བ་སྟེ། ཇི་སྐད་དུ། བདག་མེད་པ་ཡི་ལུས་འདི་འབྱུང་བ་ན། བྱེད་པ་མེད་ཅིང་རིགས་པ་པོ་ཡང་མེད། ཇི་ལྟར་འཁོར་བའི་ཆུ་ཀླུང་འཇུག་འགྱུར་རོ།། ་ཉན་པའི་མཆོག་ཁྱོད་དེ་ནི་བསྟན་གྱིས་ཉོན།། ཞེས་གསུངས་པ་ལྟ་བུའོ།། དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དམ་ཚིག་གོ།། ཡང་དེ་དག་གིས་རྩ་བའི་དམ་ཚིག་ནི་མིང་དང་གཟུགས་ཀྱིས་ཐམས་ཅད་བསྡུས་སོ།། འདས་པ་དང་མ་འོངས ་བ་ནི་ཡོད་དོ།། རྒྱུན་ཏུ་ཞུགས་པ་ནི་མི་ཉམས་པའི་ཆོས་ཅན་ཡིན་པར་བརྗོད་པར་བྱའོ།། འདུས་བྱས་རྣམས་ཀྱི་མཚན་ཉིད་ནི་གསུམ་ཡིན་ནོ།། འཕགས་པའི་བདེན་པ་བཞི་ནི་རིམ་གྱིས་རྟོགས་པར་འགྱུར་རོ།། སྟོང་པ་ཉིད་དང་། སྨོན ་པ་མེད་པ་དང་། མཚན་མ་མེད་པ་དག་གིས་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ།། སྐད་ཅིག་མ་བཅོ་ལྔས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ།། རྒྱུན་ཏུ་ཞུགས་པ་ནི་བསམ་གཏན་ཐོབ་པ་ཡིན་ནོ།། དགྲ་བཅོམ ་པ་ཡང་ཉམ་པ་སྲིད་དོ།། སོ་སོའི་སྐྱེ་བོ་ལ་ཡང་འདོད་པའི་འདོད་ཆགས་སམ་གནོད་སེམས་སྤོང་བ་ཡོད་དོ།། ཕྱི་རོལ་པ་ལ་ཡང་མངོན་པར་ཤེས་པ་ལྔ་ཡོད་དོ།། ལྷ་རྣམས་ལ་ཡང་ཚངས་པར་སྤྱོད་པ་ལ་གནས་པ་ཡོད་དོ།། མདོ ་སྟེ་ཐམས་ཅད་ནི་དྲང་བའི་དོན་ཡིན་ནོ།། སྐྱོན་མེད་པ་ལ་འཇུག་པར་འགྱུར་བ་ནི་འདོད་པའི་ཁམས་ནས་སོ།། འདོད་པའི་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ནི་ཡོད་དོ།། རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པ ་ཡང་མ་ཡིན་ནོ།། འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་དག་ནི་ཐམས་ཅད་ཡོད་པར་སྨྲ་བའི་དམ་ཚིག་གོ།། ཡང་ཐམས་ཅད་ཡོད་པར་སྨྲ་བའི་བྱེ་བྲག་ནི་རྣམ་པར་ཕྱེ་སྟེ་སྨྲ་བ་ཡིན་ནོ།། ཡང་རྣམ་པར་ཕྱེ་སྟེ་སྨྲ་བའི ་བྱེ་བྲག་ནི་མང་སྟོན་པ་དང་། ཆོས་སྦས་པ་དང་། གོས་དམར་བ་དང་། འོད་སྲུངས་པ་ཞེས་བྱ་བ།། དེ་ལ་མང་སྟོན་པ་རྣམས་ཀྱིས་རྩ་བའི་དམ་ཚིག་ནི་འདས་པ་དང་མ་འོངས་པ་ནི་མེད་དོ།། ད་ལྟར་བྱུང་བའི་འདུས་བྱས་ཉིད་ནི་ཡོད་དོ།། སྡུག ་བསྔལ་མཐོང་བས་བདེན་པ་བཞི་ཆར་མཐོང་བར་འགྱུར་རོ།། བག་ལ་ཉལ་ཡང་གཞན་ཡིན་ལ་མངོན་དུ་རྒྱུ་ཡང་གཞན་ཡིན་ནོ།། སྲིད་པ་བར་མ་ནི་མེད་དོ།། ལྷའི་གནས་ན་ཡང་ཚངས་པར་སྤྱོད་པ་ནི་ཡོད་དོ།། དགྲ་བཅོམ་པ་ཡང་བསོད་ནམས ་སོག་གོ། རྣམ་པར་ཤེས་པའི་ཚོགས་ལྔ་ལ་ཡང་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཡོད་དོ།། གང་ཟག་ནི་མགོ་ལ་སོགས་པ་ལུས་དང་མཉམ་པོ་ཡིན་ནོ།། རྒྱུན་ཏུ་ཞུགས་པ་ནི་བསམ་གཏན་ཐོབ་པའོ།། སོ་སོའི ་སྐྱེ་བོས་ཀྱང་འདོད་ཆགས་སམ་གནོད་སེམས་སྤོང་ངོ་།། སངས་རྒྱས་ནི་དགེ་འདུན་གྱི་ཁོངས་སུ་གཏོགས་པའོ།། དགེ་འདུན་ནི་འབྲས་བུ་ཆེན་པོ་འབྱུང་བར་བྱེད་ཀྱི་སངས་རྒྱས་ནི་དེ་ལྟ་མ་ཡིན་ནོ།། སངས་རྒྱས་དང་ཉན་ཐོས་ཀྱི་རྣམ་པར ་གྲོལ་བ་ནི་གཅིག་གོ།། གང་ཟག་ནི་མི་མཐོང་ངོ་།། སེམས་དང་སེམས་ལས་བྱུང་བ་འབའ་ཞིག་ནི་སྐྱེ་བའི་ཆོས་ཅུང་ཟད་ཙམ་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ནི་མེད་པ་ཉིད་དོ།། འདུས་བྱས་ཐམས་ཅད་ནི་སྐད ་ཅིག་མའོ།། འདུ་བྱེད་རྒྱས་པར་གྱུར་པ་ལས་ནི་སྐྱེ་བ་ཡིན་ནོ།། འདུ་བྱེད་རྣམས་གནས་པ་ནི་མེད་དོ།། སེམས་ཇི་ལྟ་བ་དེ་ལྟར་ལས་ཡིན་གྱི་ལུས་དང་ངག་གི་ལས་ནི་མེད་དོ།། ཉམས་པར་མི་འགྱུར་བའི་ཆོས་མེད་དོ།། མཆོད ་རྟེན་མཆོད་པཱ་ལ་ནི་འབྲས་བུ་མེད་དོ།། ད་ལྟར་བྱུང་བ་རྟག་ཏུ་ནི་བག་ལ་ཉལ་བ་ཡིན་ནོ།། འདུས་བྱས་མཐོང་བས་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ།། ཞེས་བྱ་བ་འདི་དག་ནི་མང་སྟོན་པ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ།། ཡང་ཆོས་སྦས་པ་རྣམས་ཀྱི ་རྩ་བའི་དམ་ཚིག་ནི་སངས་རྒྱས་ནི་དགེ་འདུན་གྱི་ཁོངས་སུ་གཏོགས་པ་མ་ཡིན་ནོ།། སངས་རྒྱས་ལས་འབྲས་བུ་ཆེན་པོ་འབྱུང་བ་དེ་ལྟར་དགེ་འདུན་ལས་ནི་མ་ཡིན་ནོ།། ལྷའི་གནས་ན་ཡང་ཚངས་པར་སྤྱོད་པ་ནི་ཡོད་དོ།། འཇིག་རྟེན་པའི་ཆོས་ནི ་སྤྱོད་དོ་ཞེས་བྱ་བ་དེ་དག་ནི་ཆོས་སྨྲས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ།། དེ་ལ་འོད་སྲུངས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་རྣམ་པར་སྦྱིན་པ་རྣམ་པར་སྨིན་པའི་ཆོས་རྣམས་ཡང་འབྱུང་བར་འགྱུར་བའི་ཆོས་ནི་ཡོང་ངོ་།། སྦྲེངས་ལ ་ཡོངས་སྒྱུ་མ་ཤེས་པ་ཡོད་དེ་ཞེས་བྱ་བ་དང་། ཆོས་སྨྲས་པའི་ཐམས་ཅད་ཀྱང་འདོད་དེ་དག་ནི་འོད་སྲུངས་པའི་དམ་ཚིག་ཡིན་ནོ།། གིས་དམར་བ་རྣམས་ཀྱི་དམ་ཚིག་ནི་གང་ཟག་ནི་མེད་དོ་ཞེས་བྱ་བའོ།། ཡང་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི ་བྱེ་བྲག་སློབ་དཔོན་བླ་མའི་གཞུང་སྟོན་པར་བྱེད་པའི་འཕོ་བར་སྨྲ་བ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་ཕུང་པོ་ལྔ་ནི་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕྲོ་བའོ།། ལམ་མ་རྟོགས་པར་ཕུང་པོ་འགག་པ་མེད་དོ།། རྩ་བའི་ལྟུང་བ་དང་བཅས་པའི ་ཕུང་པོ་ནི་ཡོད་དོ།། གང་ཟག་ནི་དོན་དམ་པར་མི་དམིགས་སོ།། ཀུན་ཀྱང་མི་རྟག་གོ་ཞེས་བྱ་བ་དེ་དག་ནི་འཕྲོ་བའི་དམ་ཚིག་ཡིན་ཏེ། རྣམ་པ་བདུན་པོ་དེ་ལྟ་བུ་དག་ཏུ་ཐམས་ཅད་ཡོད་པར་སྨྲ་བར་དམ་ཚིག་དག་གནས་སོ།། ཡང་གནས་མའི་བུའི ་དམ་ཚིག་ནི་ཉེ་བར་བླངས་པ་ཉེ་བར་ལེན་པ་དང་ལྡན་པ་ནི་བཏགས་པའོ།། ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་མེད་དོ།། གང་ཟག་ནི་ཕུང་པོ་ལྔ་ཉེ་བར་བླངས་ནས་འཕྲོ་བར་འགྱུར་རོ།། འདུས་བྱས་ནི་སྐད ་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་ཡང་ཡོད་དོ།། གང་ཟག་ནི་ཉེ་བར་བླངས་པའི་ཕུང་པོ་ཉིད་དང་། གཅིག་པ་འམ་གཅིག་པ་མ་ཡིན་པར་བརྗོད་པར་མི་བྱའོ།། མྱ་ངན་ལས་འདས་པ་ནི་ཆོས་ཐམས་ཅད་དང་གཅིག་པ་ཉིད་དམ་ཐ་དད་པ་ཉིད་དུ ་མི་བརྗོད་དོ།། མྱ་ངན་ལས་འདས་པ་ནི་ཡོད་པ་ཉིད་དམ་མེད་པ་ཉིད་དུ་མི་བརྗོད་དོ།། རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པ་ཡང་མ་ཡིན། འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ནོ།། ཞེས་བྱ་བ་ནི་གནས་མའི་བུ་བ་རྣམས ་ཀྱི་དམ་ཚིག་ཉིད་དོ།། ཡང་གནས་མའི་བུ་ཡང་རྣམ་པ་གཉིས་ཏེ། རི་ཆེན་པོ་དང་། མང་པོས་བཀུར་བ་བའོ།། དེ་ལ་མང་པོ་བཀུར་བ་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་འབྱུང་བར་འགྱུར་བ་དང་། འབྱུང་བ་དང་འགག་པར་འགྱུར་བ་དང་། འགགས་པ ་དང་སྐྱེ་བར་འགྱུར་བ་དང་། སྐྱེ་བ་དང་། འཆི་བར་འགྱུར་བ་དང་། འཆི་བ་དང་བྱེད་པར་འགྱུར་བ་དང་། བྱེད་པ་དང་། ཆད་པར་འགྱུར་བ་དང་། ཆད་པ་དང་། འགྲོ་བར་འགྱུར་བ་དང་། འགྲོ་བ་དང་། རྣམ་པར་ཤེས་པའི་འགྱུར་བ་དང་། རྣམ་པར་ཤེས་པ་ནི ་ཡོད་དོ་ཞེས་བྱ་བ་དེ་ལྟ་བུ་མང་པོས་བཀུར་བ་པ་རྣམས་ཀྱི་རྩ་བའི་དམ་ཚིག་གོ།། ཡང་རི་ཆེན་པོ་པ་ཡང་རྣམ་པ་གཉིས་ཏེ། ཆོས་མཆོག་པ་དང་། ལམ་བཟངས་པ་ཞེས་བྱ་བའོ།། ཆོས་མཆོག་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་སྐྱེ་བ་ལ་མ་རིག ་པ་དང་། སྐྱེ་བ་དང་། འགག་པ་ལ་མ་རིག་པ་དང་། འགག་པའོ།། ལམ་བཟངས་པའི་ཡང་དེ་བཞིན་ནོ།། གྲོང་ཁྱེར་དྲུག་པ་ལ་ཁ་ཅིག་ན་རེ་རི་ཆེན་པོ་པའི་བྱེ་བྲག་ཡིན་ཟེར། གཞན་དག་གིས་སྨྲས་པ་ནི། མང་པོས་བཀུར་བ་པའི་བྱེ་བྲག་ཡིན་པར་འདོད་དེ། ་དེ་ལྟར་དེ་རྣམས་ནི་གནས་མའི་བུའི་སྡེ་པ་རྣམ་པ་བཞིར་གནས་པ་ཡིན་ནོ།། གང་དེ་དག་ནི་སློབ་དཔོན་དག་གི་རྗེས་སུ་འབྲེངས་པའི་རིམ་གྱིས་རྣམ་པ་བཅོ་བརྒྱད་དུ་གྱུར་པ་ཡིན་ཏེ། དེ་དག་ནི་རྩ་བའི་རྟོགས་པ་དག་ཡིནོ།། གཞན་ན་གསེས་གྱི་དབྱེ ་བ་ནི། མང་དུ་ཡོད་པས་བརྗོད་པར་བྱའོ།། ཅི་ལྟ་ཞེ་ན། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་འདོད་གཞུང་གི་བྱེ་བྲག་ཀྱང་དབྱེ་བ་རྣམ་པ་བཞི་སྟེ། དངོས་པོ་དང་། མཚན་ཉིད་དང་། གནས་སྐབས་དང་། གཞན་གཞན་དུ་འགྱུར་བ་ཉིད་ཀྱི་བྱེ་བྲག ་གིས་སོ།། དེ་ལ་དང་པོ་དངོས་པོ་གཞོན་ཉིད་དུ་འགྱུར་བ་ཉིད་ནི་བཙུན་པ་ཆོས་སྐྱོབ་ཀྱི་སྟེ། དེ་ནི་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་པ་ན། དངོས་པོ་གཞན་དུ་གྱུར་པ་ཉིད་ཡིན་གྱི། རྫས་གཞན་དུ་གྱུར་པ་ཉིད་ནི་མ་ཡིན་ཏེ། གསེར་གྱི་སྣོད ་བཅོམ་ནས་གཞན་དུ་བྱས་པ་ན་དབྱིབས་གཞན་དུ་གྱུར་པ་ཉིད་ཡིན་གྱི་རྗེས་གཞན་དུ་གྱུར་པ་ནི་མ་ཡིན་ནོ།། ཇི་ལྟར་འོ་མ་ལ་ཞོར་གྱུར་པ་ན། རོ་དང་ནུས་པ་དང་སྨིན་པ་གཞན་དུ་གྱུར་པ་ལས། ཁ་དོག་ནི་མ་ཡིན་པ་དེ་བཞིན་དུ་ཆོས ་རྣམས་ཀྱང་འདས་པའི་དུས་ནས་ད་ལྟར་གྱི་དུས་སུ་བྱུང་བ་ན། འདས་པའི་དུས་ཀྱི་དངོས་པོ། ཉམས་པ་ཡིན་གྱི་རྫས་ནི་མ་ཡིན་ནོ།། དེ་བཞིན་དུ་ད་ལྟར་གྱི་དུས་ནས་མ་འོངས་པར་འབྱུང་བ་ན་ཡང་། ད་ལྟར་གྱི་དངོས་པོ་ཉམས་པར་ཡིན ་གྱི་རྫས་ཀྱི་དངོས་པོ་ནི་མ་ཡིན་ནོ་ཞེས་ཟེར་རོ།། མཚན་ཉིད་གཞན་དུ་གྱུར་པ་ནི་བཙུན་པ་དབྱངས་གྲོགས་ཀྱི་སྟེ། དེ་ན་རེ་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་པ་ན། འདས་པའི་མཚན་ཉིད་ལྡན་པ་ནི་མ་འོངས་པ་དང་། ་ད་ལྟར་གྱི་མཚན་ཉིད་དང་མི་ལྡན་པ་ཡང་མ་ཡིན་ལ། མ་འོངས་པ་ཡང་མ་འོངས་པའི་མཚན་ཉིད་དང་ལྡན་པ་ནི་འདས་པ་དང་ད་ལྟར་གྱི་ངག་དང་མ་ལྡན་པ་ནི་མ་ཡིན་ནོ།། དཔེར་ན་སྐྱེས་བུ་དག་བུད་མེད་གཅིག་ལ་ཆགས་པར་གྱུར་པ་ན། ་ལྷག་མ་རྣམས་ལ་ཆགས་པ་དང་བྲལ་བ་ནི་མ་ཡིན་ནོ་ཞེས་ཟེར་རོ།། གནས་སྐབསུ་གཞན་དུ་གྱུར་པ་ནི་བཙུན་པ་དབྱིག་བཤེས་ཀྱི་སྟེ། དེ་ནི་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་པ་ནི་གཞན་དང་གཞན་དུ་བརྗོད་པར་བྱེད་པ་ནི་གནས་སྐབས ་སུ་གཞན་དུ་གྱུར་པ་ནི་མ་ཡིན་ཏེ། དཔེར་ན་སྡོང་བུ་གཅིག་པུ་བགྲངས་པའི་ཚེ་ནི་གཅིག་ཅེས་བརྗོད་པར་གྱུར་པ་ལ། གྲངས་བརྒྱར་གཏོགས་པའི་ཚེ་ནི་བརྒྱ་ཞེས་བྱ། གྲངས་སྟོང་དུ་བགྲང་བའི་ཚེ་ནི་སྟོང་ཞེས་བྱ་བ་དང་འདྲའོ།། ཞེས ་ཟེར་རོ།། གཞན་གཞན་དུ་གྱུར་པ་ནི་བཙུན་པ་སངས་རྒྱས་ལྷའི་སྟེ། དེ་ནི་ཆོས་རྣམས་སུ་དུས་ཀྱིས་འཇུག་པར་གྱུར་ན་སྔོན་དང་ཕྱི་མ་བལྟོས་ནས་གཞན་དང་གཞན་དུ་བརྗོད་པར་བྱ་སྟེ། དཔེར་ན་བུད་མེད་གཅིག་ལ་མ་ཞེས་ཀྱང ་བརྗོད། བུ་མོ་ཞེས་ཀྱང་བརྗོད་པ་ཡིན་ནོ།། བཞི་པོ་དེ་དག་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཡོད་ཞེས་སྨྲ་བའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བའོ།། དེ་བཞིན་དུ་ཁ་ཅིག་རྐྱེ་ནི་བདུན་ཏེ། རྒྱུ་དང་། དམིགས་པ་དང་། དེ་མ་ཐག་པ་དང་། བདག ་པོ་དང་། ལས་དང་། ཟས་དང་། རྟེན་ཞེས་བྱའོ།། དེ་བཞིན་དུ་ལ་ལ་ནི་རྟོགས་པའི་སེམས་བཞི་སྟེ། བདེན་པ་སོ་སོའོ།། གཞན་རྣམས་ནི་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་བརྒྱད་ཡིན་ཏེ། སོ་སོར་རྟོགས་པའི་ཡེ་ཤེས་ནི་མ་ཡིན་ནོ་ཞེས་ཟེའོ།། ་གཞན་རྣམས་ནི་བཅུ་གཉིས་སུ་འདོད་དོ།། དེ་ལས་ཀྱང་གཞན་པ་རྣམས་ནི་བཅུ་དྲུག་ཏུ་འདོད་དེ། དེ་བཞིན་དུ་སེམས་མེད་པའི་གཉིད་ལྔ་ནི་སེམས་མ་ཡིན་ནོ།། མཚུངས་པར་ལྡན་པ་ལྷགས་མ་རྣམས་ལ་ནི་ཡོད་དོ།། འདུ་ཤེས་དང་ཚོར ་པབ་འགོག་པ་ལ་འདུ་ཤེས་དང་ཚེར་བ་འགོག་པ་ནི་མེ་ད་དོ།། ལྷག་མ་རྣམས་ལ་ནི་མཚུངས་པར་ལྡན་པ་ཡོད་དོ།། ཇི་ལྟར་ཡིད་ཀྱིས་སྐྱོ་བར་གྱུར་པ་ནི་སྤྱོད་པ་མེད་པའི་བསམ་གཏན་ལ་སྙོམས་པར་འཇུག་ལ། དགའ་བས ་སྐྱོ་བར་གྱུར་པ་ནི་དགའ་བ་མེད་པའི་བསམ་གཏན་ལ་སྙོམས་པར་འཇུག་བཞིན་དུ་འདུ་ཤེས་པ་དང་། ཚེར་བས་སྐྱོ་བར་གྱུར་པ་ནི་འདུ་ཤེས་དྲང་ཚེར་བ་འགོག་པ་ལ་སྙོམས་པར་འཇུག་ལ། དེ་བཞིན་དུ་ཁ་ཅིག་ན་རེ་སེམས་ཀྱིས ་ཡུལ་གྱི་ཁྱད་པར་ཐོབ་པ་ནི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ་ཞེས་ཟེར་རོ།། ལ་ལ་ན་རེ་ཕུང་པོ་མེད་པར་གྱུར་པ་མྱ་ངན་ལས་འདས་པ་ཡིན་གྱི་དངོས་པོའི་དོན་ནི་མ་ཡིན་ནོ་ཞེས་ཟེར། ཁ་ཅིག་ནུ་ར་རདྭ་བཞིན་གྱི་ལུང་བསྟན ་དུ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བརྗོད་དོ།། དེ་བཞིན་དུ་ལ་ལ་ན་རེ་ཚད་མེད་པ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལོག་ཡིན་ནོ་ཡང་ཟེར་རོ།། ཁོ་ཅག་ན་རེ་འབྲས་བུ་ཆེ་བ་ནི་གསུམ་ཏེ། གཞན་གྱི་སེམས་ཀྱིས་འབྲས་བུ་དང་འབྲས ་བུ་ཆེ་བ་དང་། ཚད་མེད་པའི་འབྲས་བུ་ཞེས་བྱ་བའོ།། དེ་བཞིན་དུ་ཉོན་མོངས་པའི་དབང་གིས་འགྲོ་བར་འགྲོ་བ་ན་གྲོགས་སུ་གྱུར་པ་ནི་ལས་ཡིན་ནོ།། དེ་བཞིན་དུ་དེ་སྦྱངས་པར་གྱུར་པ་ནི་འགྲོ་བ་དེ་དག་ཏུ་འགྲོ་བར་མི་འགྱུརརོ།། ་ཡང་ལ་ལེན་རེ་སྔར་བྱས་པའི་ལས་རྣམས་ཀྱི་དབང་གིས་དང་པོར་འགྲོ་བར་འདོད་དོ།། ཁ་ཅིག་ནི་ཇི་ལྟར་གོམས་པའི་ལས་རྣམས་ཀྱིས་ཡིན་པར་འདོད་དོ།། ལ་ལ་ན་རེ་རྣམ་པ་ལྔས་གོམས་པས་ཏེ། སྔ་མ་བཞི་དང་རྐྱེན་གྱི་ཁྱད་པར་གོམས ་པས་སོ།། ཁ་ཅིག་ན་རོ་འདས་པའི་ཉེ་བར་ལེན་པ་ལས་མེ་འབར་རོ་ཞེས་ཟེར་རོ།། ཁ་ཅིག་ན་རེ་ད་ལྟར་གྱི་ལས་སོ་ཞེས་ཟེར་རོ།། ཁ་ཅིག་ན་རེ་སྒྲིབ་པ་ལྔ་པོ་རྣམས་ལས་གང་ཡང་རུང་བ་ལ་མི་མཐུན་པས་སེམས་ལས་སོ་ཞེས་ཟེར། ་ཁ་ཅིག་ནི་གཟུགས་ཀྱི་ཁམས་ནི་ཁམས་བཞི་པར་ཁ་དོག་བཞི་པར་འདོད་དོ།། གཞན་ནི་ཁ་དོག་གཅིག་པར་འདོད་དོ།། དེ་བཞིན་དུ་གཞན་དག་ནི་གང་ཟག་ནི་ཡོད་དོ།། དེ་ཡང་ཕུང་པོ་ལས་གཞན་ཡིན་ནོ་ཞེས་ཟེར།། ཕུང་པོ་ཙམ་ཡང་མ་ཡིན་ཏེ། ་ཕུང་པོ་ཉེ་བར་བླང་བ་དང་ལྡན་པར་བརྟགས་པའོ།། ཉེ་བར་ལེན་པ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་པས་སོ།། འདི་ལྟར་འཕགས་པའི་བདེན་པ་བཞི་ལས་རིམ་གྱིས་བརྟགས་ནས་མངོན་པར་རྟོགས་པར་འགྱུར་ཏེ། བར་མ་དོར་མི་མཐུན ་པའི་སེམས་བྱུང་བ་མེད་དོ།། སྡུག་བསྔལ་ལ་དམིགས་པའི་བྱང་ཆུབ་ཀྱི་ཡན་ལག་གིས་སྐྱོན་མེད་པར་འཇུག་གོ།། འདོད་པར་གཏོགས་པའི་འདུ་བྱེད་མི་རྟག་པར་ཡིད་ལ་བྱེད་པ་ལ་བརྟེན་པའི་སེམས་བཅུ་གསུམ་གྱིས་རྒྱུན་ཏུ ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། ཆོས་དེ་ལ་གནས་པ་ལ་ཉམས་པ་མེད་དོ།། དེ་བཞིན་དུ་ཞུགས་པ་ཡང་ངོ་།། དགྲ་བཅོམ་པ་ཡང་ཉམས་པའི་ཆོས་ཡོད་དོ།། སྲིད་པ་བར་མ་དོ་ཡང་ཡོད་དོ།། འདས་པ་དང་མ་འོངས་པ་ཡང་ཡོད་དོ།། ། ་གཅིག་ཏུ་དགེ་བའི་ཆོས་ཀྱིས་དོན་མྱ་ངན་ལས་འདས་པ་ནི་ཡོད་དོ།། ཕུང་པོ་འགག་པ་ནི་དུས་ལས་རྣམ་པར་གྲོལ་བ་ཡིན་ནོ།། ལྷ་ལ་ཡང་ཚངས་པར་སྤྱོད་པ་ལ་གནས་པ་ཡོད་དོ།། འདོད་པའི་ཁམས་ནས་སྐྱོན་མེད་པ་ལ་འཇུག ་པར་འགྱུར་རོ།། སོ་སོའི་སྐྱེ་བོས་ཀྱང་འདོད་པའི་འདོད་ཆགས་དང་གནོད་སེམས་སྟོང་ངོ་།། རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པ་འམ་བྲེལ་བ་ཡང་མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། དྲུག ་པ་ནི་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཡང་ཡིན་ནོ།། དགྲ་བཅོམ་པ་ནི་ཟག་པ་དང་བཅས་པའི་གཟུགས་དང་སེམས་ཀྱིས་ཟག་པ་དང་བཅས་པ་དང་། ཟུག་པ་མེད་པ་ལ་དམིགས་པ་ཡིན་ནོ།། སེམས ་ཀྱིས་ཡུལ་གཞན་དུ་ཕྱིན་པ་ནི་མ་ཡིན་གྱི། འདི་གནས་བཞིན་དུ་ཐུག་རིང་པོ་ན་གནས་པ་ལ་དམིགས་པར་བྱེད་དོ།། གཟུགས་མེད་པའི་ཁམས་ན་གཟུགས་མེད་དོ།། དགྲ་བཅོམ་པ་ལ་ཡང་ཉམས་པའི་ཆོས་ཡོད་དོ།། དུས ་མ་ཡིན་པར་འཆི་བ་ཡོད་དོ།། སྐྱེས་བུའི་བྱེད་པ་ཡོད་དོ།། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡོད་དོ།། ཕྱི་རོལ་པ་ལོ་ཡང་མངོན་པར་ཤེས་པ་ལྔ་ཡོད་དོ།། དགྲ་བཅོམ་པ་ལ་གཞན་གྱིས་བསྟན་ཅིང་བསྒྲུབ་པ་མེད་དོ།། མི་ཤེས་པ ་མེད་དོ།། ཡིད་གཉིས་མེད་དོ།། གཞན་གྱི་ལ་ཡོངས་སུ་བརྟགས་པ་མེད་དོ།། ངག་འཇུག་པའི་སྨྲ་བ་མེད་དེ། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་བསྐྱེད་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་བྱང ་སྒྲ་མི་སྙན་དང་། བདུད་རིས་དང་། འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བ་ནི་མེད་དོ།། རྒྱུན་ཏུ་ཞུགས་པས་བསམ་གཏན་རྣམས་ཐོབ་པ་མ་ཡིན་ནོ།། མདོ་སྟེ་ཐམས་ཅད་ནི་ངེས་པའི་དོན་ཡིན་ནོ།། མཚུངས་པར་མི་ལྡན་པའི་བག་ལ ་ཉལ་དང་སེམས་ལས་བྱུང་བའི་བག་ལ་ཉལ་ཡང་ཡོད་དོ།། འདུས་བྱས་ནི་སྐད་ཅིག་མ་དང་། སྐད་ཅིག་མ་མ་ཡིན་པ་ཡང་ཡོད་དོ།། འགགས་པར་འགྱུར་བའི་ཉེ་བར་ལེན་པ་ལས་མེ་འབར་བར་འགྱུར་རོ།། སེམས་ཅན་གཅིག ་ཅིག་འཆི་ཞིང་སྐྱེ་བོ་མི་ཤེས་པའི་གཞི་ལས་འཆི་བའི་མཐར་ཐུག་པའི་བར་དུའོ།། འཆི་བའི་རྐྱེན་བྱེད་པའི་སེམས་གཅིག་པ་དེ་ཉིད་ཡང་དག་པར་ཞི་བར་བྱའོ།། ཚད་མེད་པ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་ནོ།། སྙོམས ་པར་འཇུག་པ་དྲུག་ཅུ་རྩ་བདུན་གྲུབ་པར་བྱས་ནས་སྙོམས་པར་འཇུག་པ་བཅུ་དགུ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་བྱང་ཆུབ་སེམས་དཔའ་ཡང་དག་པར་སྦྱོང་བར་བྱེད་དོ།། ཀུན་ཏུ་སྦྱོར་བ་རྣམས ་མ་གཏོགས་པ་ཉིད་ནི་བར་ཆད་མེད་པའི་ལམ་གྱི་སྤང་བར་བྱ་བ་རྣམས་སོ།། འགྲོ་བ་དང་བཅས་པའི་ལམ་ནི་ངེས་པར་གཉིས་ཉིད་ཡིན་ནོ།། དགེ་སྦྱོང་གིས་འབྲས་བུ་ནི་རིམ་གྱིས་ཐོབ་པ་མོ་ཡིན་ནོ།། འཇིག་རྟེན་པའི་ལམ་གྱིས ་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་དོ།། འཁོར་བ་གཞན་དུ་འགྱུར་བ་ཡང་ཡོད་དོ།། ཆོས་ཅུང་ཞིག་ཀྱང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་མེད་དོ།། ཕུང་པོ་ཉེ་བར་བླངས ་ནས་སེམས་ཅན་ནི་འཕྲོ་བར་འགྱུར་རོ།། གཟུགས་ཀྱི་ཁམས་ནི་ཁ་དོག་བཞི་པ་ཡིན་ནོ།། དེ་བཞིན་དུ་སྲིད་པ་བར་མ་ནི་ཁ་དོག་བཅུ་འམ་ཉ་ཕྱིས་ཀྱི་མདོག་འདྲ་བ་ཡིན་ནོ།། དེ་བཞིན་དུ་སྲིད་པ་བར་མ་ནི་ཞག་ལྔ་འམ་བདུན་དུ་གནས ་པའམ་ཡུན་རིང་པོར་ཡང་ངོ་།། དེ་བཞིན་དུ་ལས་ནི་ནམ་ཡང་མེད་པར་མི་འགྱུར་རོ།། ཉམས་པར་མི་འགྱུར་རོ།། འཕྲོགས་པར་མི་འགྱུར་རོ།། ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་གྱུར་པ་ནི་མེད་དོ།། སྲིད་པ་ཇི་སྲིད་ཀྱི་བར་དུ ་རིགས་ཀྱི་ངོ་བོ་དང་ལྷན་ཅིག་ཏུ་གནས་སོ།། སྔར་ཉེ་བར་བསགས་པ་དང་ཕྱིས་ཉེ་བར་བསགས་པའི་ལས་ཀྱི་རྐྱེན་ཉེ་བར་རྙེད་པར་གྱུར་ནས་འགྲོ་བ་རྣམསུ་འགྲོ་བར་བྱེད་དོ།། ངེས་པའི་ལས་ནི་བཟློག་པར་མི་ནུས་སོ།། བྱང་ཆུབ ་སེམས་དཔའ་ནི་སྐྱེས་བུའི་གཟུགས་ཀྱིས་ལྷུམསུ་ཞུགས་པ་ཡིན། ཡུམ་གྱི་དཀུ་ནས་གླང་པོ་ཆེར་གྱུར་ནས་ཞུགས་པ་ནི་མ་ཡིན་ཏེ། དེ་ནི་དེའི་རྨི་ལམ་གྱི་རྣམ་རྟོག་ཡིན་ནོ།། ནུར་ནུར་པོ་དང་། མེར་མེར་པོ་དང་། ལྟར་ལྟར་པོའི ་ངོ་བོར་ཡང་འགྱུར་རོ།། སྐྱེ་གནས་ན་ཡང་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་ནུས་པ་ཅན་དུ་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ནི་ལོངས་སྤྱོད་པ་ལ་འཇུག་པར་འགྱུར་རོ།། སོ་སོའི་སྐྱེ་བོ་ཉིད་ཀྱང ་སེམས་གཅིག་གིས་འགོག་གོ།། སེམས་གཅིག་གིས་སྒྲིབ་པ་ཐམས་ཅད་སྤོང་། སེམས་གཅིག་གིས་ཐམས་ཅད་མཁྱེན་པའི་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཡང་རབ་ཏུ་ཐོབ་བོ།། སེམས་གཅིག་གིས ་ཞུགས་པའི་ཆོས་རྣམས་འགག་པར་བྱེད་ཅིང་འབྲས་བུ་ལ་གནས་པ་རྣམས་སྐྱིད་པར་བྱེད་དོ།། རྐྱེན་བཞི་ཉིད་ཀྱིས་རྐྱེན་ཐམས་ཅད་བསྡུས་སོ།། སྡུག་བསྔལ་གྱིས་སྤངས་པར་བྱ་བའི་ཀུན་ནས་ལྟུང་བ་ལ་གནས་པ་ནི་མཚམས ་མེད་པ་དག་བྱེད་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ།། མཐོང་བས་སྤང་བར་བྱ་བའི་བག་ལ་ཉལ་བཞིས་བསྡུས་པས་ཐམས་ཅད་བསྡུས་པ་སྟེ་དེས་དགེ་བའི་རྩ་བ་ཐམས་ཅད་གཙིང་བར་བྱེད་ཀྱིས་བསྒོམ་པས་སྤང་བར་བྱ་བས ་ནི་མ་ཡིན་ནོ།། བསྒོམ་པའི་རང་བཞིན་ཐམས་ཅད་ལ་ཇི་སྲིད་གནས་ཀྱི་བར་དུ་གཞན་གྱིས་གནོད་པར་བྱེད་པའི་འབད་པས་གནོད་པར་མི་འགྱུར་གྱི་བདག་ཉིད་ཀྱི་ཚེ་ཟད་པས་དུས་བྱེད་པར་འགྱུར་རོ།། དགྲ་བཅོམ་པ་ཐམས ་ཅད་ནི་འབྲལ་བས་འཆི་བར་འགྱུར་གྱི། འཕྲོ་བས་ནི་འཆི་བ་མེད་དེ། ཇི་སྐད་དུ་ལུས་དང་བྲལ་བས་དུས་བྱེད་པར་འགྱུར་ཏེ། དགྲ་བཅོམ་པ་ནི་ལུས་དང་བྲལ་བས་འབྲལ་བའི་ཕྱིར་ཞེས་བྱ་བར་གསུངས་པ་ལྟ་བུ་སྟེ། ལུས་ནི་འདིར ་དབང་པོའི་ལུས་ལ་བྱ་བར་བཞེད་དོ།། འབྱུང་བར་འགྱུར་བ་དང་། འབྱུང་བ་དང་། འགག་པར་གྱུར་པ་དང་། འགག་པ་དང་། སྐྱེ་བར་འགྱུར་བ་དང་། སྐྱེ་བ་དང་། འཆི་བར་འགྱུར་བ་དང་། འཚོ་བ་དང་། བྱེད་པར་འགྱུར་བ་དང་། བྱེད་པ་དང ་ཆད་པར་འགྱུར་བ་དང་། ཆད་པ་དང་། འགྲོ་བར་འགྱུར་བ་དང་། འགྲོ་བ་དང་། རྣམ་པར་ཤེས་པར་འགྱུར་བ་དང་། རྣམ་པར་ཤེས་པའོ།། ཕུང་བ་གསུམ་གྱིས་སེམས་ཐམས་ཅད་བསྡུས་ཀྱི་ཆོས་ཐམས་ཅད་ནི་མ་ཡིན་ན།། ཚོར་བླ་རྣམ་སྒྲ། ་ས་སུ་སྦྱིན་ནི་རྫ་ནས་མས་ས་པ་དྷཱ་མྦྷི་སུ་སྒྱུ་གྱུ་ནས་རྣམ་པས། ང་བྱར་བྱུང་བ་དང་ནས་། སློང ་བྷྲཱུཾ་བྷྱས་མཛད་པ་རྫོགས་སྷོའོ། 4རསུཾ་འཕྲུལ་སྣང་གཱ་གཙུག་ལག་ཁང་དུ་ངན་སློང་ལེགས་ཀྱིམ་ཤེས་ར་ཀྱིས་གསོལ་བ་བཏབ་ནས་རྒྱུ་ག་ཤར་ཕྱུགས་བྷྲ་མ་ག་ལིའི་མཁས་པ་ཆེན་པོ་དཱི་བ་ཀ་ཐཾ་ཛྙཱ་ན་ས ་བའི་པཎྜི་ཏའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གརི་སྐད་དུ། ས་མ་ཡ་བྷེ་དེ་བ་ར་ཙ་ན་ཙཀྵ་སྱ་ནེ་ཀཱ་ཡ་བྷྱཱཾ ་