CLOSE WINDOW

GT3642: gzhung lugs kyi bye brag bkod pa'i 'khor lo
Wyliee-texts produced with BDRC’s OCR application

ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུརེ་ཅིང་ཞུས་ཏེ་གཏན་ལ་ཡབ་པའོ།། ། @། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་བྱི་གི་བཤེས་གཉེན ་རྒྱ་གར་སྐད་དུ། ས་མ་ཡ་བེ་དྷོ་པ་ར་ཙ་ན་ཙ་ཀྲ་ན། བོད་སྐད་དུ། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། རྫོགས་པའི་སངས་རྒྱས་མྱ་ངན་འདས།། ལོ་བརྒྱ་རྫོགས་པར་ཚངས་ནས་སུ།། ་བསྟན་པ་ལ་ནི་གནོད་པ་སྐྱེད་པ།། གྱེས་པ་ཇི་ལྟར་བྱུང་བ་བཞིན།། སྡེ་པ་རྣམས་ནི་ཕན་ཚུན་དུ།། བློ་གྲོས་ཐ་དད་བྱུང་བ་བཞིན།། སྐྱོ་བར་བྱེད་པ་དེ་རྣམས་ནི།། བདག་ལ་སྤྱོད་པ་བསྟེན་ནས་བཤད།། དེ་ཚེ་དབྱིག་བཤེས་བློ་ལྡན་པ།། ཤཱཀྱའི ་དགེ་སློང་བློ་ཆེན་པོ།། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེ།། ཁྱད་པར་སེམས་ལ་བརྟག་བྱ་སྟེ། འཇིག་རྟེན་ལྟ་བ་སྣ་ཚོགས་ཀྱིས།། རྣམ་པར་སེལ་ལ་ཀུན་བརྟག་ཞིང་།། ཐུབ་པའི་བཀའ་ནི་གྱོས་པ་བཞིན།། གཞུང་ལུགས་དེ་དང་དེ་དགེ ་བཤད།། འཕགས་པའི་བདེན་པའི་གཏམ་གྱི་གནས།། སངས་རྒྱས་བསྟན་པ་ཀུན་བསྟན་ནས།། རྡུལ་རྣམས་ལ་ནི་གསེར་བཞིན་དུ།། དེ་ཕྱིར་དེ་ལས་སྙིང་པོ་བླངས།། འདི་སྐད་ཅེས་གྲག་སྟེ།། སངས་རྒྱས་བཅོམ་ལྡན་འདས་ཡོངསུ ་མྱ་ངན་ལས་འདས་ཤིང་རྒྱལ་བའི་ཉི་མ་ནུབ་ནས་ལོ་བརྒྱ་ལོན་ཏེ། དུས་ཅུང་ཟད་ཅིག་འདས་ནས་ཤིང་སྐྱ་ནར་གྱི་བུ་མེ་ཏོག་གི་གྲོ་བར་གྱི་རྟེན་ན་རྒྱལ་པོ་མྱ་ངན་མེད་གདུགས་གཅིག་པའི་ས་སྐྱོང་ཞིང་རྒྱལ་སྲིད་མཛད་པའི ་དགེ་འདུན་པ་ལ་ཆེན་པ་གྱེས་པ་བྱུང་སྟེ།། འདི་ལྟ་སྟེ། གཞན་གྱིས་ཉེ་བར་བསྒྲུབ་པ་དང་། མི་ཤེས་པ་དང་། སོམ་ཉི་དང་། གཞན་གྱི་རྣམ་པར་སྤྱོད་པ་དང་། ལམ་སྒྲ་འབྱིན་པ་དང་བཅས་པ་འདི་ནི། སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་བྱ་བ ་གནས་ལྔ་རྗེས་སུ་བརྗོད་ཅིང་རྗེས་སུ་སྒྲོགས་པར་གནས་བསྟན་ཀླུ་དང་། ཤར་ཕྱོགས་པ་དང་། ནང་དུ་ཐོས་པར་བྱུང་བར་འགྱུར་ཏོ།། གནས་ལྔ་པོ་དེ་དག་པར་རྗེས་སུ་བརྗོད་ཅིང་རྗེས་སུ་བསྒྲགས་ནས་ཀྱང་དགེ་འདུན་ཕལ་ཆེན་པའི་སྡེ་དང་། ་གནས་བརྟན་པའི་སྡེ་ཞེས་བྱ་བ་སྡེ་པོ་གཉིས་རྣམ་པར་བཞག་གོ། ལོ་བརྒྱ་དེ་གཉིས་ལ་གནས་པའི་ཚེ་སྡེ་པ་དགེ་འདུན་ཕལ་ཆེན་པའི་སྡེ་ལས་ཐ་དང་གཅིག་པའི་སྡེ་དང་། འཇིག་རྟེན་འདས་སྨྲའི་སྡེ་དང་། བྱ་གག་རིས་ཀྱི་སྡེ་ཞེས་བྱ་བ ་སྡེ་པ་གཞན་དག་ཀྱང་རྣམ་པར་བཀོད་དོ།། ལོ་བརྒྱ་པ་དེ་ཉིད་ཀྱི་ཚེ་སྡེ་པ་དགེ་འདུན་ཕལ་ཆེན་པའི་སྡེ་ལས་མང་དུ་ཐོས་པའི་སྡེ་པ་ཞེས་བྱ་བ་སྡེ་པ་གཞན་ཡང་རྣམ་པར་བཞག་གོ། ལོ་བརྒྱ་པ་དེ་ཉིད་ཀྱི་ཚེ། སྡེ་པ་དགེ་འདུན་ཕོལ ་ཆེན་པའི་སྡེ་ལས་གཏགས་པར་སྨྲ་བའི་སྡེ་ཞེས་བྱ་བ་སྡེ་པ་གཞན་ཡང་རྣམ་པར་བཞག་གོ།། ལོ་ཉིས་བརྒྱ་པ་ལ་གནས་པའི་ཚེ་ཀུན་ཏུ་རྒྱུ་ལྷ་ཆེན་པོ་ཞེས་བྱ་བ་རབ་ཏུ་བྱུང་སྟེ་མཆོད་རྟེན་གྱི་རི་ལ་གནས་པས་དགེ་འདུན་ཕལ་ཆེན ་པའི་ལུགས་ལྔ་པོ་དེ་དག་ཡང་དག་པར་རྗེ་སུ་བརྗོད་ཅིང་། ཡང་དག་པར་རྗེས་སུ་བསྒྲགས་པ་ནས་མཆོད་རྟེན་པའི་སྡེ་དང་། ནུབ་ཀྱི་རི་བོའི་སྡེ་དང་། བྱང་གི་རི་བོའི་སྡེ་ཞེས་བྱ་བ་སྡེ་པ་གསུམ་པར་བཀོད་དོ།། དེ་ལྟར་ན་དགེ་འདུན་ཕལ་ཆེན་པའི ་སྡེ་པ་དེ་ནི་དགེ་འདུན་ཕལ་ཆེན་པའི་སྡེ་དང་། ཐ་སྙད་གཅིག་པའི་སྡེ་དང་། འཇིག་རྟེན་ལས་འདས་སྒྲའི་སྡེ་དང་། བྱེ་གག་རིས་ཀྱི་སྡེ་དང་། མང་དུ་ཐོས་པའི་སྡེ་དང་། བཏགས་པར་སྨྲ་བའི་སྡེ་དང་། མཆོད་རྟེན་པའི་སྡེ་དང་། ནུབ་ཀྱི་རི ་བིའི་སྡེ་དང་ཞེས་བྱ་བ་རྣམ་པ་བཞི་དང་། རྣམ་པ་ལྔར་རྣམ་པར་བཀོད་དོ།། སྡེ་པ་གནས་བརྟན་པའི་སྡེ་དང་དུས་ཅུང་ཟད་ཅིག་རྗེས་སུ་ཞུགས་ནས་ལོ་གསུམ་བརྒྱ་པ་ལ་གནས་པའི་ཚེ། རྩོད་པ་འགའ་ཞིག་གི་ཕྱིར་ཐམས་ཅད་ཡོད ་པར་སྨྲ་བའི་གང་དོག་རྒྱུར་སྨྲ་བའི་སྡེ་ཞེས་བྱ་བ་དང་། སྔོན་གནས་བརྟན་པའི་སྡེ་གང་དག་གང་རི་བའི་སྡེ་ཞེས་བྱ་བ་སྡེ་པ་གཉིས་རྣམ་པར་བཞག་གོ།། ལོ་སུམ་བརྒྱ་པ་དེ་ཉིད་ཀྱི་ཚེ་སྡེ་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་གནས ་མ་བུའི་སྡེ་ཞེས་བྱ་བ་སྡེ་པ་གཞན་རྣམ་པར་བཞག་གོ།། ལོ་བརྒྱ་པ་དེ་ཉིད་ལ་གནས་པའི་ཚེ། སྡེ་པ་གནས་མ་བུའི་སྡེ་ལས་ཆོས་མཆོག་པའི་སྡེ་དང་། བཟང་པོ་བུའི་སྡེ་དང་། ཀུན་གྱིས་བཀུར་བའི་སྡེ་དང་། གྲོང་ཁྱེར་དྲུག་པའི་སྡེ་དང ་ཞེས་བྱ་བ་སྡེ་པ་གཞན་དག་རྣམ་པར་བཀོད་དོ།། ལོ་བརྒྱ་པ་དེ་ཉིད་ལ་གནས་པའི་ཚེ། སྡེ་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་ས་སྟོན་གྱི་སྡེ་དང་ཞེས་བྱ་བ་སྡེ་པ་གཞན་དག་རྣམ་པར་བཞག་གོ། ལོ་བརྒྱ་པ་དེ་ཉིད་ལ་གནས ་པའི་ཚེ། སྡེ་པས་སྟོན་པའི་སྡེ་ལས་དེ་དག་ལས་སློབ་དཔོན་མོ་འགལ་ཡིན་པར་སྟོན་པས། ཆོས་སྲུང་སྟེ་ཞེས་བྱ་བ་སྡེ་བ་གཞན་རྣམ་པར་བཞུག་གོ།། ལོ་བརྒྱ་པ་དེ་ཉིད་ལ་གནས་པའི་ཚེ། སྡེ་པ་ཐམས་ཅད་ཡོད་པར། ་སྨྲ་བའི་སྟེ་ལས་ལ་ལར་འོད་སྲུངས་པའི་སྡེ་ཞེས་བྱ་བ་བྱུང་སྟེ། ལོ་བཟང་བའི་སྡེ་ཞེས་བྱ་བ་སྡེ་པ་གཞན་རྣམ་པར་བཞག་གོ། ཡོང་ལོ་བཞི་བརྒྱ་ལ་གནས་པའི་ཚེ། སྡེ་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས། དེ་དག་སློབ་དཔོན ་ཆོས་མཆོག་ཡིན་པར་སྟོན་པས་ལ་ལར་མདོ་སྡེ་སྨྲ་བའི་སྡེ་ཞེས་བྱ་བ་སྟེ། འཕོ་བར་སྨྲ་བའི་སྡེ་ཞེས་བྱ་བ་སྡེ་པ་གཞན་རྣམ་པར་བཞག་གོ།། དེ་ལྟར་གནས་བསྟན་པའི་སྡེ་ཞེས་བྱ་བའི་སྡེ་པ་དེ་ནི་ཐམས་ཅད་ཡོད་པར་སྨྲ་བའི ་སྡེ་དང་། གངས་རི་བའི་སྡེ་དང་། གནས་མ་བུའི་སྡེ་དང་། ཆོས་མཆོག་པའི་སྡེ་དང་། བཟང་པོའི་བུའི་སྟི་དང་། ཀུན་གྱིས་བཀུར་བའི་སྡེ་དང་། གྲོང་ཁྱེར་དྲུག་པའི་སྡེ་དང་། ས་སྟོན་པའི་སྡེ་དང་། ཆོས་སྲུངས་སྡེ་དང་། འོད་སྲུངས ་པའི་སྡེ་དང་། འཕོ་བར་སྨྲ་བའི་སྡེ་ཞེས་བྱ་བ་རྣམ་པ་བཅུ་གཅིག་ཏུ་རབ་ཏུ་བཞག་གོ།། དེ་དག་གི་གཞིའི་གཞུང་ལུགས་དང་། བར་གྱི་གཞུང་ལུགས་རྣམས་རྣམ་པར་བཤད་པར་བྱའི།། དེ་ལ་དགེ་འདུན་ཕེལ་ཆེན་པོའི་སྡེ ་ཞེས་བྱ་བ་ཐ་སྙད་ཅིག་པའི་སྡེ་དང་། འཇིག་རྟེན་འདས་སྨྲའི་སྡེ་དང་། བྱ་གག་རིས་ཀྱི་སྡེ་ཞེས་བྱ་བ་རྣམས་ཀྱི་གཞིའི་གཞུང་དག་ཡོད་དེ། དེ་དག་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ལས་འདས་པའི ་དེ་བཞིན་གཤེགས་པའི་ཆོས་མི་མངའོ།། དེ་བཞིན་གཤེགས་པའི་གསུང་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བའོ།། ཐམས་ཅད་རྫས་སུ་མངོན་པར་བསྲུངས་པའོ།། ཐམས་ཅད་དོན་ཅི་ལྟ་བ་བཞིན་ཉིད་དུ་གསུངས་པ་ཉིད་དོ།། དེ་བཞིན ་གཤེགས་པ་རྣམས་ལ་ཐུགས་ཀྱི་མཐའ་མི་མངའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་མཐའ་ཡས་པའོ།། སྐུ་ཚེ་དཔག་ཏུ་མེད་པའོ།། རབ་ཏུ་དང་པར་མཛད་པའོ།། ཆོག་པར་མི་འཛིན་པའོ།། མནལ་བར་ཡང་མི་མཛད་དོ།། ཞུས་ན ་དགོངས་པར་ཡང་མཛད་དོ།། མེད་ཅེས་ཀྱང་མི་གསུང་སྟེ། རྟག་ཏུ་མཉམ་པར་བཞག་པ་ཉིད་ཀྱི་ཕྱིར་རོ།། འོན་ཀྱང་སེམས་ཅན་གྱི་ཚོགས་རྣམས་ལ་མིང་དང་ངེས་པའི་ཚིག་གིས་ཡང་དག་པར་གསུང་ངོ་།། སེམས་གཅིག་གིས་ཆོས་ཐམས་ཅད ་རྣམ་པར་མཁྱེན་ཏོ།། སེམས་ཀྱི་སྐད་ཅིག་གཅིག་དང་མཚུངས་པར་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཡོངསུ་མཁྱེན་ཏོ།། རྟག་པར་རྒྱུན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཟད ་པ་དང་མི་སྐྱེ་བོའི་ཡེ་ཤེས་ངག་རྗེས་སུ་འཇུག་གོ།། བྱང་ཆུབ་སེམས་དཔའ་རྣམས་ཡུམ་གྱི་ལྷུམ་སུ་ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནོར་པོ་དང་། གོར་གོར་པོའི་དངོས་པོ་ལེན་པར་མི་མཛད་དོ།། བྱང་ཆུབ་སེམས་དཔའ་རྣམས ་གླང་པོ་ཆེར་གྱུར་པ་ནས་ཡུམ་གྱི་ལྷུམསུ་འཇུག་གོ།། བྱང་ཆུབ་སེམས་དཔའ་རྣམས་ཡུམ་གྱི་ལྷུམས་བརྟོལ་ནས་འབྱུང་བར་མཛད་དོ།། བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་པའི་འདུ་ཤེས་མི་འབྱུང་ངོ་།། གནོད་སེམས་ཀྱི་འདུ་ཤེས ་མི་འབྱུང་ངོ་།། རྣམ་པར་འཚེ་བའི་འདུ་ཤེས་མི་འབྱུང་ངོ་།། བྱང་ཆུབ་སེམས་དཔའ་རྣམས་བཞེད་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ངན་སོང་རྣམས་སུ་སྐྱེ་བར་མཛད་དོ།། མངོན་པར་རྟོག་པར་མཐའ་ལས ་བྱུང་བའི་ཡེ་ཤེས་གཅིག་གིས་འཕགས་པའི་བདེན་པ་བཞི་མཚན་ཉིད་མི་འདྲ་བ་རྣམས་མཁྱེན་ཏོ།། རྣམ་པར་ཤེས་པའི་ཚོགས་ལྔས་ཀུན་ཏུ་འདོད་ཆགས་པ་དང་། འདོད་ཆགས་དང་བྲལ་བར་གྱུར་ཏོ།། གཟུགས་དང་གཟུགས་མེད ་པོའི་ཁམས་རྣམ་པར་ཤེས་པའི་ཚོགས་དྲུག་དམིགས་སོ།། དབང་པོ་ལྔ་རིལ་པོ་ཤའི་མིག་གིས་གཟུགས་རིལ་པོ་རྣམས་མི་མཐོང་ངོ་།། ཞེས་བྱ་བ་ནས་ལུས་ཀྱི་རེག་པ་རྣམས་ལ་མི་རེག་གོ་ཞེས་བྱ་བའི་བར་དུའོ།། མཉམ་པར་བཞག ་པབཔའི་ཚིག་བརྗོད་པ་ཡོད་།། སེམས་ལ་ཡང་ལུས་ཡོད་དོ།། ཡིད་ལ་བྱེད་པ་ལ་ཡང་ལུས་ཡོད་དོ།། ཆོས་བཞིན་དུ་བྱས་པ་རྣམས་ལ་སྐབས་མེད་དོ།། རྒྱུན་ཏུ་ཞུགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ངོ་བོ་ཉིད་ཤེས་སོ།། དགྲ ་བཅོམ་པ་ལ་གཞན་ཉེ་བར་བསྒྲུབས་པ་དང་། གཞན་གྱི་རྣམ་པར་སྤྱོད་པ་དང་། ལམ་སྒྲ་འབྱིན་པ་དང་བཅས་པའོ།། ལམ་གྱི་སྡུག་བསྔལ་བྱེད་པའོ།། ཕན་བདགས་པ་ནི་སྡུག་བསྔལ་བརྗོད་པའོ།། སྡུག་བསྔལ་སྤངས་པའི་ཕྱིར་ཤེས་རབ་ཀྱི ་སྦྱོར་བ་དང་། བདེ་བའི་ཡོ་བྱད་དོ།། བརྒྱད་པ་ཡུན་རིངས་དུ་གནས་པར་ཡང་བྱེད་དོ་ཞེས་བྱ་བ་ནས་རིགས་ཀྱི་ཆོས་ཀྱི་བར་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ།། ཞེས་བརྗོད་པར་བྱའོ།། རྒྱུན་ཏུ་ཞུགས་པ་ནི་ཡོངས་སུ་ཉམས་པའི་ཆོས་ཅན། ་དགྲ་བཅོམ་པ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཅན་ནོ།། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མེད་དོ།། འཇིག་རྟེན་པའི་དད་པའི་དབང་པོ་མེད་དོ།། ལུང་དུ་མི་སྟོན་པའི་ཆོས་རྣམས་མེད་དོ།། ཡང་དག་པ་ཉིད་སྐྱོན་མེད་པར་འཇུག་པས་ཀུན་ཏུ་སྦྱོར་བ་ཐམས ་ཅད་མ་སྤངས་པར་བརྗོད་པར་བྱའོ།། རྒྱུན་ཏུ་ཞུགས་པ་ལ་ནི་མཚམས་མེད་པ་རྣམས་མ་གཏོགས་པར་སྡིག་པ་ཐམས་ཅད་བྱེད་དོ།། མདོ་སྡེ་ཐམས་ཅད་ངེས་པའི་དོན་ཡིན་ནོ།། སོ་སོར་བརྟགས་པའི་འགོག་པ་དང་། ནམ་མཁའ་དང་། ན་མཁའ་མཐའ ་ཡས་སྐྱེད་མཆེད་དང་། རྣམ་ཤོས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་། གློ་བུར་དུ་འོངས་པའི་ཉེ་བའི་ཉོན་མོངས་པས་སེམས་རང ་བཞིན་གྱིས་འོད་གསལ་བ་ནི་འདུས་མ་བྱས་ཀྱི་དངོས་པོ་དགུའོ།། བག་ལ་ཉལ་དག་ནི་སེམས་མ་ཡིན། སེམས་ལས་བྱུང་བ་མ་ཡིན་པར་བརྗོད་པར་བྱའོ།། དམིགས་པ་མེད་པར་བརྗོད་པར་བྱའོ།། བག་ལ་ཉལ་དག་གཞན་ལ་ཀུན་ནས་དཀྲིས་པ ་དག་གཞན་ཡིན་པར་བརྗོད་པར་བྱའོ།། བག་ལས་ཉལ་རྣམས་ནི་སེམས་དང་མི་ལྡན་པ་ཡིན་པར་བརྗོད་པར་བྱའོ།། ཀུན་ནས་དཀྲིས་པ་དག་ནི་སེམས་དང་མཚུངས་པར་ལྡན་པ་དག་གོ།། འདས་པ་དང་། མ་འོངས་པ་མེད་དོ།། ཆོས་ཀྱི་སྐྱེ་མཆེད་ནི་ཤེས ་པབར་བྱ་བ་མ་ཡིན། རྣམ་པར་ཤེས་པའི་བྱ་བ་མ་ཡིན་ནོ།། བར་མ་དོའི་སྲིད་པ་མེད་དོ།། རྒྱུན་ཏུ་ཞུགས་པ་ལ་ནི་བསམ་གཏན་ཐོབ་པར་ཡིན་ནོ་ཞེས་བྱ་བ་ཟེར་ཏེ་དེ་དག་ནི་གཞིའི་གཞུང་ལུགས་དག་གོ།། དེ་དག་གི་བར་གྱི་གཞུང་ལུགས་ནི་འདི་དག ་ཡིན་ཏེ། ཇི་ལྟ་ཇི་ལྟར་བདེན་པ་རྣམས་ཕྱེ་བ་དེ་ལྟ་དེ་ལྟར་མངོན་པར་རྟོགས་པ་འབྱུང་ངོ་།། ཅུང་ཟད་ནི་རང་གིས་བྱས་པའོ།། ཅུང་ཟད་ནི་གཞན་གྱིས་བྱས་པའོ།། ཅུང་ཟད་ནི་གཉི་གས་བྱས་པའོ།། ཅུང་ཟད་ནི་རྟེན་ཅིང་འབྲེལ་པར་འབྱུང ་བས་བྱས་པའོ།། དུས་གཅིག་ཏུ་སེམས་གཉིས་ཕྲད་དོ།། ཉོན་མོངས་པ་དང་ལམ་ཕྲད་དོ།། ལས་དང་རྣམ་པར་སྨིན་པ་ཕྲད་དོ།། ས་བོན་ཉིད་མྱུ་གུར་འགྱུར་རོ།། དབང་པོའི་འབྱུང་བ་ཆེན་པོ་རྣམས་ནི་འགྱུར་བའོ།། སེམས་དང་སེམས་ལས་བྱུང ་བ་རྣམས་ནི་མི་འགྱུར་རོ།། སེམས་ཀྱིས་ནི་ལུས་ལ་ཁྱབ་པ་དང་སེམས་གདུག་པ་ཡང་དམིག་སོ།། དེ་ལྟར་དེ་ལ་སོགས་པ་གཞན་དག་དམིགས་པ་ཅན་དག་འདོད་དེ། དེ་ལྟར་དེ་དག་ནི་བར་གྱི་གཞུང་ལུགས་དག་ཡིན། དེ་ལ་མང་དུ་ཐོས ་བའི་སྡེ་རྣམས་གཞིའི་གཞུང་ལུགས་ངག་ཡོད་དེ། དེ་བཞིན་གཤེགས་པའི་དབྱངས་ལྔ་པོ་མི་རྟགས་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བག་མེད་པ་དང་། མྱ་ངན་ལས་འདས་པ་ནི། ཞི་བ། ལམ་ནི་ངེས་པར་འབྱིན་པ་འཇིག་རྟེན ་ལས་འདས་པ་དག་ཡིན་པར་བརྗོད་པར་བྱའོ།། ལྷག་མ་རྣམས་ནི་འཇིག་རྟེན་པ་དག་ཡིན་ནོ།། དགྲ་བཅོམ་པ་ལ་གཞན་གྱིས་ཉེས་པར་བསྒྲུབ་པ་དང་། མི་ཤེས་པ་དང་། སོམ་ཉི་དང་། གཞན་གྱི་རྣམ་པར་སྤྱོད་པ་དང་། ལམ་སྒྲ་འབྱིན་པ ་དང་བཅས་པ་ཡོད་དོ།། ལྷག་མ་རྣམས་ནི་ཐམས་ཅད་ཡོད་པ་སྨྲ་བའི་ལུགས་ངག་ཡིན་ནོ།། དེ་བཏགས་པར་སྨྲ་བ་རྣམས་ཀྱི་ས་གཞིའི་ལུགས་ངག་ནི་བསྡུ་བ་ལྔ་ནི་ཕུང་པོ་མེད་པའོ།། སྐྱེ་མཆེད་དག་ནི་ཡོངས་སུ་མ་རེག་པ་དག་གོ།། ་འདུ་བྱེད་རྣམས་ཕན་ཚུན་བཏགས་པའི་སྒོ་ནས་སྡུག་བསྔལ་བའོ།། སྐྱེས་བུའི་བྱེད་པ་མེད་དོ།། དུས་མ་ཡིན་པའི་འཆི་བ་མེད་དོ།། སྔོན་གྱི་ལས་ཀྱིས་ཐོབ་བོ།། རྣམ་པར་སྨིན་པ་མངོན་པར་གྲུབ་པ་ནི་ལས་འཕེལ་བའི་རྒྱུ་ལས་འབྱུང་བའོ།། བསོད་ནམ ་དག་གིས་ཀུན་ཆུབ་པར་བྱས་ནས་ལམ་འཐོབ་བོ།། ལམ་བསྒོམ་པར་བྱ་བ་མ་ཡིན་ནོ།། ལམ་ནི་འཇིག་པར་མི་འགྱུར་རོ།། ལྷག་མ་རྣམས་ནི་དགེ་འདུན་ཕལ་ཆེན་སྡེའི་ལུགས་དག་ཡིན་ནོ།། དེ་ལ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རྣམས ་ཀྱིས་གཞུང་ལུགས་ནི་ཐམས་ཅད་ཡོད་དོ།། གང་ཇི་ལྟར་ཡོད་པ་དེ་དེ་བཞིན་དུ་ཡོད་དོ།། མིང་དང་གཟུགས་གཉིས་ཀྱིས་འདུས་བྱས་ཐམས་ཅད་བསྡུས་སོ།། འདས་པ་དང་མ་འོངས་པ་ཡོད་དོ།། ཆོས་ཀྱི་སྐྱེ་མཆེད་ནི་ཤེས་པར་བྱ་བ་དང ་རྣམ་པར་ཤེས་པར་བྱ་བ་དང་། མངོན་པར་ཤེས་པར་བྱ་བ་ཡིན་ནོ།། སྐྱེ་བ་དང་། འགགས་པ་དང་། གནས་དང་། མི་རྟག་པ་ཉིད་དང་། སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་དག་གོ།། བསྡུ་བའི ་དངོས་པོ་དག་གསུམ་མོ།། འདུས་མ་བྱས་ཀྱི་དངོས་པོ་དག་གསུམ་མོ།། འདུས་བྱས་ཀྱི་མཚན་ཉིད་དག་གསུམ་མོ།། བདེན་པ་འདུས་བྱས་དག་གསུམ་མོ།། འདུས་མི་བྱས་གཅིག་གོ།། འཕགས་པའི་བདེན་པ་བཞི་མཐར་ཕྱིན་པ་མངོན ་པར་རྫོགས་པ་ཡིན་ནོ།། སྟོང་པ་ཉིད་དང་སྨོན་པ་མེད་པས་ཡང་དག་པ་ཉིད་སྐྱོན་མེད་པར་འཇུག་གོ། འདོད་པ་དང་ལྡན་པའི་འདུ་བྱེད་པ་རྣམས་ཡིད་ལ་བྱེད་པས་ཡང་དག་པར་སྐྱོན་མེད་དོ།། ཡང་དག་པ་ཉིད་སྐྱོན་མེད་པར་ཞུགས ་པས་སེམས་བསྐྱེད་པ་བཅོ་ལྔ་ལ་རྒྱུན་ཏུ་ཞུགས་པ་ཞེས་བརྗོད་པར་བྱའོ།། བཅུ་དྲུག་པ་ལ་རྒྱུན་ཏུ་ཞུགས་པའོ།། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ནི་སེམས་གཅིག་པར་རྣམ་པ་གསུམ་མོ།། འཇིག་རྟེན་པའི་ཆོས ་ཀྱིས་མཆོག་རྣམ་པ་ལས་སོ་ཡོངས་སུ་ཉམས་པར་མི་འགྱུར་རོ།། རྒྱུན་ཏུ་ཞུགས་པའི་ཡོངས་སུ་མི་ཉམས་པ་ཅན་ནོ།། དགྲ་བཅོམ་པ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ནོ།། དགྲ་བཅོམ་པ་ཐམས་ཅད་ཀྱིས་མི་སྐྱེ་བར་ཤེས་པ་མི ་འཐོབ་བོ།། སོ་སོའི་སྐྱེ་བོས་འདོད་པའི་འདོད་ཆགས་དང་གནོད་སེམས་གཉིས་སྤོང་ངོ་།། ཕྱི་རོལ་པའི་མངོན་པར་ཤེས་པ་ལྔ་ཡོད་དོ།། ལྷ་རྣམས་ལ་ཚངས་པར་སྤྱོད་པ་ལ་གནས་པ་ལ་དམིགས་སོ།། སྙོམས་པར་ཞུགས་པ་བདུན་ལ་བྱང ་ཆུབ་ཀྱི་ཡན་ལག་རྣམས་དམིགས་ཀྱི་གཞན་རྣམས་ལ་མ་ཡིན་ནོ།། བསམ་གཏན་རྣམས་ནི་དྲན་པ་ཉེ་བར་བཞག་པ་རྣམས་ཀྱིས་བསྡུས་སོ།། བསམ་གཏན་ལ་བརྟེན་ནས་ནི་ཡང་དག་པ་ཉིད་སྐྱོན་མེད་པ་ཉིད་དུ་འཇུག་གོ།། དགྲ ་བཅོམ་པ་ཉིད་ཀྱང་འཐོབ་བོ།། གཟུགས་དང་གཟུགས་མེད་པའི་ཁམས་དག་ལ་བརྟེན་ནས་དགྲ་བཅོམ་པ་ཉིད་རྗེས་སུ་འཐོབ་ཀྱི་ཡང་དག་པ་ཉིད་སྐྱོན་མེད་པར་མི་འཇུག་གོ།། འདོད་ཁམས་སུ་ཡང་དག་པ་ཉིད་སྐྱོན་མེད་པར་འཇུག ་གོ། དགྲ་བཅོམ་པ་ཉིད་ཀྱང་འཐོབ་བོ།། གཟུགས་ཀྱི་ཁམས་སུ་དགྲ་བཅོམ་པ་ཉིད་འཐོབ་ཀྱི་ཡང་དག་པ་ཉིད་སྐྱོན་མེད་པར་མི་འཇུག་གོ།། བྱང་གི་སྒྲ་མོ་སྙན་དག་ན་འདོད་ཆགས་དང་བྲལ་བ་མེད་དོ།། དེར་འཕགས་པ་རྣམས་སྐྱེ་བར ་མ་འགྱུར་རོ།། འདུ་ཤེསྣ་མེད་པའི་སེམས་ཅན་རྣམས་ཀྱི་ནང་དུ་མྱི་སྐྱེའོ།། མཐར་གྱིས་ངག་སྦྱོང་གི་ཚུལ་གྱིས་འབྲས་བུ་བཞི་ཐོབ་པར་ངེས་པ་མེད་དོ།། སྐྱོན་མེད་པར་ཞུགས་པ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང ་བྲལ་བས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ།། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ།། དྲན་པ་ཉེ་བར་བཞག་པ་བཞི་ནི་ཆོས་ཐམས་ཅད་ཡིན་པར་བརྗོད་པར་བྱའོ།། ཕྲ་རྒྱུས་རྣམས་ནི་སེམས་ལས་འབྱུང་བའི་སེམས་དང ་ཚུངས་པར་ལྡན་པ་རྣམས་སོ།། ཕྲ་རྒྱས་ཐམས་ཅད་ནི་ཀུན་ནས་དཀྲིས་པ་དག་ནི་ཕྲ་རྒྱས་དག་མ་ཡིན་ནོ།། རྟེན་ཅིང་འབྲེལ་པར་འབྱུང་བ་དག་འདུས་བྱས་སོ།། དགྲ་བཅོམ་པ་ལ་རྟེན་ཅིང་བྱུང་བའི་ཡན་ལག་ཁ་ཅིག་རྗེས་སུ་འཇུག་གོ།། ་དགྲ་བཅོམ་པ་ལ་བསོད་ནམས་འཕེལ་བ་ཡོད་དོ།། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ན་བར་མ་དོའི་སྲིད་པ་དམིག་སོ།། རྣམ་པར་ཤེས་པའི་ཚོགས་ལྔས་འདོད་ཆགས་པར་འགྱུར་གྱི་ཀུན་ཏུ་འདོད་ཆགས་བྲལ་བར་མི་འགྱུར་རོ།། ་རྣམ་པར་ཤེས་པའི་ཚོགས་ལྔ་ནི་རང་གི་མཚན་ཉིད་འཛིན་པ་དང་། རྣམ་པར་མི་རྟོགས་པ་ཡིན་ནོ།། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཡོད་དོ།། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་དམིགས་པ་ཡོད་དོ།། ། ་ངོ་བོ་ཉིད་ནི་ངོ་བོ་ཉིད་དང་མི་ལྡན་པའོ།། སེམས་ནི་སེམས་དང་མི་ལྡན་པའོ།། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡོད་དོ།། འཇིག་རྟེན་པའི་དད་པའི་དབང་པོ་ཡོད་དོ།། ལུང་དུ་མི་སྟོན་པའི་ཆོས་རྣམས་ཡོད་དོ།། དགྲ་བཅོམ་པ ་ལ་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་རྣམས་ཡོད་དོ།། དགྲ་བཅོམ་པ་ཐམས་ཅད་བསམ་གཏན་འཐོབ་པ་ཡིན་ཀྱང་ཐམས་ཅད་དུ་བསམ་གཏན་མངོན་དུ་མི་བྱེད་དོ།། དགྲ་བཅོམ་པ་ལ་མངོན་གྱི་ལས་ཡང་དག ་པར་མྱོང་བར་འགྱུར་བ་ཡོད་དོ།། སོ་སོའི་སྐྱེ་བོ་ལ་འཆི་བའི་མཐའ་ལས་བྱུང་བའི་སེམས་མི་དགེ་བ་ཡོད་དོ།། མཉམ་པར་བཞག་པ་ལ་དེའི་ཚེ་འཆི་བའི་དུས་ན་བྱེད་པ་མདོགས་བྱང་ཆུབ་སེམས་དཔའ་ལ་ནི་སོ་སོའི་སྐྱེ་བོ་དང་ཀུན་ཏུ་སྦྱོར་བ་དང ་བཅས་པ་དང་། ཡང་དག་པ་ཉིད་སྐྱོན་མེད་པར་མ་ཞུགས་པ་དང་། སོ་སོའི་སྐྱེ་བོའི་བར་ཞུགས་པ་ཡིན་པར་བརྗོད་པར་བྱའོ།། སེམས་ཅན་དུ་གདགས་པ་རྣམས་ལ་ཟིན་པའི་རྒྱུད་ཡིན་པར་བརྗོད་པར་བྱའོ།། འདུ་སྲིད་ཐམས་ཅད་ནི་སྐད་ཅིག། ་མ་ངག་གོ།། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཆོས་གང་ཡང་འཕོ་བོ་མེད་ཀྱང་གང་ཟག་འཕོ་ཞེས་བྱ་བ་རྡར་བརྗོད་པར་བྱའོ།། འཆི་བཞིན་དུ་འདུ་བྱེད་ཀྱི་ཕུང་པོ་ལྷག་མ་མེད་པར་འགགས་ཀྱང་ཕུང་པོ་རྣམས་ལ་འགྱུར་བ་མེད་དོ།། འཇིག ་རྟེན་ལས་འདས་པའི་བསམ་གཏན་ཡོད་དོ།། རྣམ་པར་རྟོག་པ་ཟག་པ་མེད་པ་ཡོད་དོ།། རྣམ་པར་རྟོག་པ་སྲིད་པའི་དགེ་བ་ཡོད་དོ།། མཉམ་པར་བཞག་པ་ལ་ཚིག་པ་བརྗོད་པ་མེད་དོ།། ཆོས་ཀྱི་འཁོར་ལོ་ནི་འཕགས་པའི་ལམ་ཡན་ལག ་བརྒྱད་པའོ།། དེ་བཞིན་གཤེགས་པའི་གསུང་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བ་ཡིན་ནོ།། ཐམས་ཅད་རྫས་སུ་མངོན་པར་གསུངས་པ་མ་ཡིན་ནོ།། ཐམས་ཅད་དོན་ཇི་ལྟ་བ་བཞིན་གསུངས་པ་མ་ཡིན་ནོ།། མདོ་སྡེ་ཐམས ་ཅད་ངེས་པའི་དོན་གྱིས་གསུངས་པ་མ་ཡིན་ནོ།། མདོ་སྡེ་ཐམས་ཅད་ངེས་པའི་དོན་མ་ཡིན་ཏེ། ངེས་པའི་དོན་གྱིས་མདོ་སྡེ་ཡོད་དོ།། དེ་ལྟར་དེ་དག་གིས་བཞིའི་གཞུང་ལུགས་དག་གོ།། བར་གྱི་གཞུང་ལུགས་དག་ནི་མཐའ་ཡས་སོ།། དེ་ལ་གངས་རི་པའི་གཞིའི ་གཞུང་ལུགས་ངག་ནི་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་དག་བརྣབ་སེམས་མེད་པར་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔའ་དགོངས་བཞིན་དུ་ཡུམ་གྱིས་ལྷུམསུ་འཇུག་གོ།། ཕྱི་རོལ་པ་ལ་མངོན་པར་ཤེས་པ་ལྔ་མེད་དོ།། ལྷ་རྣམས་ལ་ཚངས ་བར་སྤྱོད་པ་ལ་གནས་པ་མི་དམིགས་སོ།། དགྲ་བཅོམ་པ་ལ་གཞན་གྱི་ཉེ་བར་བསྒྲུབ་པ་དང་། མི་ཤེས་པ་དང་། སོམ་ཉི་དང་། གཞན་གྱི་རྣམ་པར་སྤྱོད་པ་དང་། ལམ་སྒྲ་འབྱིན་པ་དང་བཅས་པ་ཡོད་དོ།། ལྷག་མ་རྣམས་ནི་ཐམས་ཅད་ཡོད་པར ་སྨྲ་བའི་སྡེ་པའི་ལུགས་དག་ཡིན་ནོ།། དེ་ལ་གནས་མ་བུའི་སྡེ་རྣམས་ཀྱི་གཞིའི་གཞུང་ལུགས་དག་ནི་ཕུང་པོ་རྣམས་གང་ཟག་མ་ཡིན་ནོ།། ཕུང་པོ་རྣམས་ལས་གུད་ན་ཡང་མེད་དོ།། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་བརྟེན་ཏེ་བདགས་སོ།། ་འདུ་བྱེད་ཐམས་ཅད་ནི་དུས་གཞན་ལ་སྐད་ཅིག་དག་གོ།། གང་ཟག་མ་རྟོགས་པ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་གང་འཕོ་བའི་ཆོས་གང་ཡང་མེད་དོ།། གང་ཟག་འཕོའོ་ཞེས་བརྗོད་པར་བྱའོ།། ཕྱི་རོལ་པའི་མངོན་པར་ཤེས་པ་ལྔ ་ཡོད་དོ།། རྣམ་པར་ཤེས་པའི་ཚོགས་ལྔས་ཀུན་ཏུ་འདོད་ཆགས་པ་མེད་དོ།། འདོད་ཆགས་དང་བྲལ་བ་མ་ཡིན་ནོ།། འདོད་ཆགས་དང་ལྡན་པའི་ཀུན་ཏུ་སྦྱོར་བ་སྤངས་པར་བྱ་བ་རྣམས་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བར་འགྱུར་རོ།། ། ་བཟོད་པ་དང་། མིང་དང་མཚན་དང་། ཆོས་ཀྱི་མཆོག་རྣམས་ལ་ཡང་དག་པར་ཞུགས་ནས་ཀུན་ཏུ་སྦྱོར་བ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པས་སེམས་བསྐྱེད་པ་བཅུ་གཉིས་པ་ནི་འཇུག་པ་ཡིན་ནོ།། བཅུ་གསུམ་པ ་ལ་ནི་འབྲས་བུ་ལ་གནས་པ་ཡིན་ནོ།། དེ་དང་ཁྱད་པར་མེད་པ་ཆོས་མཆོག་པའི་སྡེ་དང་། བཟང་པོའི་བུའི་སྡེ་དང་། ཀུན་གྱིས་བཀུར་བའི་སྡེ་དང་། གྲོང་ཁྱེར་དྲུག་པའི་སྡེ་རྣམས་ནི་གློལ་བ་རྣམས་ནི་བརྡེག་པོས་འགྱུར།། ཡོངས་སུ་ཆུམས ་པའང་སླར་ལྷགས་ཤིང་།། དགའ་བྱའི་དགའ་བ་དེ་ཐོབ་བྱ།། བདེ་དང་ལྡན་པ་རྣམས་ནི་བདེ།། ཞེས་བྱ་བའི་ཐ་ཚིགས་སུ་བཅད་དེ་ལ་རྩོད་པར་གྱུར་ཏོ།། དེ་ལས་སྔོན་གྱི་སྡེ་པ་རྣམས་ཀྱི་གཞིའི་གཞུང་ལུགས་དག་ནི་འདས་པ་དང་། མ་འོངས་པ ་མེད་དོ།། ད་ལྟར་བྱུང་བ་དང་འདུས་མ་བྱས་ཡོད་དོ།། འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་པ་ཅིག་ཡིན་ནོ།། སྡུག་བསྔལ་མ་མཐོང་བས་བདེན་པ་རྣམས་མ་མཐོང་ངོ་།། མཐོང་བ་ནི་མཐོང་བ་དག་ཡིན་ནོ།། ཕྲ་རྒྱས་རྣམས་ནི་སེམས ་མ་ཡིན། སེམས་ལས་བྱུང་བ་རྣམས་མ་ཡིན།། དམིགས་པ་མེད་པ་དག་གོ།། ཕྲ་རྒྱས་ངག་གཞན་ལ། ཀུན་ནས་དཀྲིས་པ་དགེ་གཞན་ཡིན་ནོ།། ཕྲ་རྒྱས་རྣམས་ནི་སེམས་དང་མི་ལྡན་པ་དག་ཡིན་ནོ།། ཀུན་ནས་དཀྲིས་པ་རྣམས་མཚུངས ་པར་ལྡན་པ་དག་ཡིན་ནོ།། སོ་སོའི་སྐྱེ་བོ་འདོད་པའི་འདོད་ཆགས་དང་གནོད་སེམས་གཉིས་མི་སྤོང་ངོ་།། ཕྱི་རོལ་པའི་མངོན་པར་ཤེས་པ་ལྔ་མེད་དོ།། ལྷ་རྣམས་ལ་ཚངས་པར་སྤྱོད་པ་གནས་པ་མི་དམིག་ས།། བར་མ་དོའི་སྲིད་པ་མེད་དོ།། ངགྲ ་བཅོམ་པ་ལ་བསོད་ནམས་འཕེལ་བ་མེད་དོ།། རྣམ་པར་ཤེས་པའི་ཚོགས་ལྔས་ཀུན་ཏུ་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དག་ཏུ་འགྱུར་རོ།། རྣམ་པར་ཤེས་པའི་ཚོགས་དྲུག་ནི་རྟོགས་པ་དང་སྤྱོད་པ་དང་མཚུངས་པ་ལྡན་པ་དག་གོ།། ་གང་ཟག་པ་མགོ་མཉམ་པ་ཡོད་དོ།། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡོད་དོ།། འཇིག་རྟེན་ལས་འདས་པའི་བསམ་གཏན་མེད་དོ།། རྣམ་པར་ཤེས་པ་ཟག་པ་མེད་པ་དག་མེད་དོ།། སྲིད་པའི་རྒྱུན་དགེ་བ་མེད་དོ།། རྒྱུན་ཏུ་ཞུགས་པ་ནི ་ཡོངས་སུ་ཉམས་པའི་ཆོས་ཅན་ནོ།། དགྲ་བཅོམ་པ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཅན་ནོ།། ལམ་ཡན་ལག་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་གསུངས་སོ།། འདུས་མ་བྱས་ཀྱི་དངོས་པོ་དགུ་སྟེ།། སོ་སོར་བརྟགས་པ་མ ་ཡིན་པའི་འགོག་པ་དང་། ནམ་མཁའ་དང་། མི་གཡོ་བ་དང་། དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་གཤེགས་པ། མི་དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དང་། ལུང་དུ་མི་སྟོན་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དང་། ལམ་གྱི་དེ་བཞིན་ཉིད་དང་། ་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་དོ།། མི་ལ་ཐོག་མ་དང་ཐ་མའི་དབང་པོ་འབྱུང་བ་རྣམས་ནི་འགྱུར་བའོ།། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་འགྱུར་བའོ།། སངས་རྒྱས་ནི་དགེ་འདུན་ལ་དམིག་སོ།། དགེ་འདུན ་ལ་ཕུལ་བ་འབྲས་བུ་ཆེའོ།། སངས་རྒྱས་ལ་ནི་མ་ཡིན་ནོ།། སངས་རྒྱས་རྣམས་དང་ཉན་ཐོས་ནི་ལམ་གཅིག་གོ། འདུ་བྱེད་ཐམས་ཅད་སྐད་ཅིག་མ་དག་གོ། འཇིག་རྟེན་འདི་དང་ཕ་རོལ་ཏུ་འཕོ་བའི་ཆོས་གང་ཡང་མེད་དོ།། དེ་ལྟར ་དེ་དག་གི་གཞིའི་གཞུང་ལུགས་དག་གོ། དེ་དག་གི་བར་གྱི་གཞུང་ལུགས་དག་ནི་འདི་ཡིན་ཏེ། འདས་པ་དང་མ་འོངས་པ་ཡོད་དོ།། བར་མ་དོའི་སྲིད་པ་ཡོད་དོ།། ཆོས་ཀྱི་སྐྱེ་མཆེད་ནི་ཤེས་པར་བྱ་བ་དང་། རྣམ་པར་ཤེས་པར་བྱ་བ་ཡིན་ནོ།། ། ་སེམས་པ་ནི་ལས་ཡིན་ནོ།། ལུས་དང་ངག་གི་ལས་ནི་མེད་དོ།། རྟོག་པ་དང་སྤྱོད་པ་དག་ནི་མཚུངས་པར་ལྡན་པ་དག་ཡིན་ནོ།། ས་ནི་བསྐལ་པས་གནས་པ་ཡིན་ནོ།། མཆོད་རྟེན་ལ་མཆོད་པའི་ལས་ནི་འབྲས་བུ་ཆུང་བའོ།། ཕྲ་རྒྱས་རྣམས་ནི་རྟག་ཏུ ་ད་ལྟར་བྱུང་བ་དག་ཡིན་ནོ།། འཆི་བར་བྱེད་པའི་ཆོས་ལྔ་པོ་མ་རིགས་པ་དང་། ང་རྒྱལ་དང་། སྲིད་པ་དང་། ལྟེ་བ་དང་། ལྔ་པ་ལས་ཀྱི་ལམ་ནི་རྟག་ཏུ་མཚན་མ་ཡིན་ཏེ། དེ་ལས་སྡུག་བསྔལ་རབ་ཏུ་འབྱུང་བ་ཡིན་ནོ།། དེ་ལྟར་དེ་དག་ནི་བར་གྱི ་གཞུང་ལུགས་དག་ཡིན་ནོ།། དེ་ལ་ཆོས་སྲུང་སྟེ་རྣམས་ཀྱིས་གཞིའི་གཞུང་ལུགས་དག་ནི་སངས་རྒྱས་ནི་དགེ་འདུན་ལ་དམིགས་སོ།། སངས་རྒྱས་ལ་ཕུལ་བ་ནི་འབྲས་བུ་ཆེ་བའོ།། དགེ་འདུན་ལ་ནི་མཱ་ཡིན་ནོ།། ཉན་ཐོས་རྣམས་ཀྱི་ལམ ་གཞན་ཡིན་ལ། སངས་རྒྱས་ཀྱི་གཞན་ཡིན་ནོ།། ཕྱི་རོལ་པའི་མངོན་པར་ཤེས་པ་ལྔ་མེད་དོ།། དགྲ་བཅོམ་པའི་ལུས་ནི་ཟག་པ་མེད་དོ།། ལྷག་མ་རྣམས་ནི་དགེ་འདུན་ཕལ་ཆེན་སྡེའི་ལུགས་དག་ཡིན་ནོ།། དེ་ལ་འོད་སྲུངས་པའི་སྡེ་རྣམ ་ཀྱི་གཞུང་ལུགས་ནི་སྤངས་པ་ཡོངས་སུ་ཤེས་པ་ཡོད་དོ།། མ་སྤངས་པ་ཡོངསུ་སྤང་ཞེས་པ་མེད་དོ།། རྣམ་པར་སྨིན་པ་རྣམ་པར་སྨིན་པར་འགྱུར་བའི་ལས་ཡོད་དོ།། རྣམ་པར་སྨིན་པར་མི་འགྱུར་བ་མེད་དོ།། འདུ་བྱེད་རྣམས་འདས་པའི ་རྒྱུ་ལས་བྱུང་བ་དག་ཡོད་དོ།། འདུ་བྱེད་ཐམས་ཅད་མ་འོངས་པའི་རྒྱུ་ལས་བྱུང་བ་དག་ནི་མེད་དོ།། སློབ་པའི་ཆོས་རྣམས་ནི་རྣམ་པར་སྨིན་པ་དང་བཅས་པའི་ཆོས་དག་གོ།། ལྷག་མ་རྣམས་ནི་ཆོས་སྲུངས་སྡེའི་ལུགས་དག་ཡིན་ནོ།། དེ་ལ་འཕོ ་བར་སྨྲ་བའི་སྡེ་རྣམས་ཀྱི་གཞིའི་གཞུང་ལུགས་ནི་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཕུང་པོ་འཕོའོ་ཞེས་ཟེར་རོ།། འཕགས་པའི་ལམ་མེད་པར་ཕུང་པོ་རྣམས་འགག་གོ། གཞིའི་མཐའ་ལས་བྱུང་བའི་ཕུང་པོ་རྣམས་ཡོད་དོ།། ། ་ཕུང་པོ་རོ་གཅིག་པ་རྣམས་ཡོད་དོ།། དོན་དམ་པར་གང་ཟག་ཡོད་དོ།། ལྷག་མ་རྣམས་ནི་ཐམས་ཅད་ཡོད་པར་སྨྲ་བའི་སྡེའི་ལུགས་དག་ཡིན་ནོ་ཞེས་ཟེར་རོ།། གཞུང་ལུགས་ཀྱི་བྱེ་བྲག་ཏུ་བཀོད་པའི་འཁོར་ལོ་བཙུན་པ་དབྱིག་གི ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དྷརྨ་ཀ་ར་དང་། ལོ་ཙཱ་བ་བནྡེ་བཟང་སྐྱོང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། སྔོབ་ད་པ་བྱད་པ་དང་མ་པར་བཤད་པ་རྣ་མ་མཛདཔ་བཙུགས་སོ།། ་