| Wylie | e-texts produced with BDRC’s OCR application |
ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཡོ་ག་ཡོ་གཱི་ནི་ནཱ་མཱ་སདྲ་ནཱ་ལོ་པ་དེ་ཤ་ནཱ་མ། བོད་སྐད་དུ། རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོངས་མ་ཡིན་པའི་དོན་ལ་གདམས་པ་ཞེས ་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལོ།། དུར་ཁྲོད་ཧ་ཧ་སྒྲོགས་པ་ཞེས་བྱ་བ་རུ། རྒྱལ་པོ་ས་མུནྣ་ཨ་ཞེས་བྱ་བས་ཡོན་བདག་བྱས་ཏེ། སློབ་དཔོན་ཌོམྦི་ཧེ་རུ་ཀ་ལ་སོགས་པ་རྣལ་འབྱོར་པའི་ཚོགས་དཔག་ཏུ་མེད་པ་འདུས་ཏེ་ཚོགས་ཀྱི་འཁོར་ལོ ་བསྐོར་བ་ལས། བྲམ་ཟེ་མུ་པ་ཁ་ད་ཞེས་པས་སློབ་དཔོན་ལ་མ་ཞུས་པར་སྟན་ལས་ལངས་ནས་ཕྱིར་སོང་བ་ལས། རྣལ་འབྱོར་པ་རྣམས་ཀྱི་བག་དང་མི་ལྡན་པར་རྟོགས་ནས་ཕྱིར་དབྱུང་བའི་ལས་བྱས་ཏེ་ཚོགས་ཁང་དུ་མ་བཙུད་དོ།། དེ་ནས་སློབ་དཔོན ་ཌོམྦི་ཧེ་རུ་ཀས་རྣལ་འབྱོར་པ་རྣམས་པ། ཀྱེ་ཐེག་པ་ཆེན་པོ་ཐུན་མ་ཡིན་པའི་ལམ་འདི་ལ་ཞུགས་ནས་དམ་ཚིག་དང་བརྟུལ་བཞུགས་དང་འགལ་བར་མི་བྱ་སྟེ། དེ་སྐད་དུ་ཡང་རྣལ་འབྱོར་ཀུན་ཏུ་སྤྱོད་པའི་རྒྱུད་ལས། དབང་ཐོབ་ནས་ནི་དམ་ཚིག་ཉམ ་མི་བྱ། ཚོགས་ཀྱི་འཁོར་ལོ་མཐུན་བྱས་གནསུ་བསྐོར།། བྱ་བ་ཐམས་ཅད་ཧེ་རུ་ཀ་ཡི་བདག། ཚུལ་མ་ཡིན་པ་བྱེད་པ་ཚར་བཅད་དོ་ཞེས་འབྱུང་བས་སོ།། ཨེ་མ་ཧོ་རྣལ་འབྱོར་པ་རྣམས་ཀྱིས་རྩོད་པའི་དུས་སུ་གྱུར་ན་ཡང་ཚེ་གཅིག་གི་ཕྱུག་རྒྱ་ཆེན ་པོབོའི་དངོས་གྲུབ་ཐོབ་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ཚོགས་ཀྱི་འཁོར་ལོ་བང་དག་ལོངས་སྤྱད་དུ་ཡོད་པ་འདི་ནི་ཐུན་མོངས་མ་ཡིན་པའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པས་ན། ཀྱེ་རྡོ་རྗེ་འཛིན་པ་རྣམས་དགའ་བར་བྱོས་ཤིག། འཁོར་ལོ་དམ ་འདི་དག་ཀྱང་ཕུལ་བའི་གནས་དག་ཏུ་བསྐོར་བར་མི་བྱ་སྟེ་ཚོང་དུས་སྤང་བར་བྱའོ།། གཡེང་བའི་གྲོང་དང་། བྲམ་ཟེའི་ཁྱིམ་དང་། རྒྱལ་པོའི་ཕོ་བྲང་དང་། རྗེ་རིགས་ཀྱི་ཁྱིམ་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། ཀླུ་ཀློ་བག་མེད་པ་དག་སྤང་བར་བྱའོ།། ་མུསུ་སྟེགས་ཀྱི་གྲོང་དང་། འབྲོག་དགོན་པ་དང་། གཅན་ཟིན་གདུག་པ་ཅན་རྒྱུ་བའི་གནས་ཀྱང་སྤྱང་བར་བྱའོ།། མཁོའ་འགྲོ་མ་རྒྱུ་བའི་གནས་དང་། གྲོང་ཟད་པའི་མཐའ་དང་། དགོན་པ་དང་། ལྷ་ཁང་དང་། དཱུར་ཁྲོད་དང་། ཕྱུག་སྟོང་དང་། ཤིང་རླུང་དང ་ནགས་མཚལ་གྱི་མཐོངས་དག་ཏུ་ཚོགས་ཀྱི་ཁང་པའི་རིམ་པ་གསུམ་དང་ལྡན་པ་བརྩིགས་ཏེ། ཚོགས་ཀྱི་འཁོར་ལོ་འམ། དཔའ་བོའི་སྟོན་མོ་བྱའོ།། དེ་དག་ཏུ་བརྡ་དང་མི་ལྡན་པ་དག་འདུ་བར་མི་བྱའོ།། སློབ་དཔོན་གྱིས་མི་བསྒོ་བར་བརྡ་མི་བྱས། ་གསོལ་བ་མ་བཏབ་པར་སྒོ་མི་དབྱེའོ།། བསང་གཏོར་མ་བྱས་པར་ནང་དུ་མི་འགྲོའོ།། མཆོད་ཡོན་མ་གྲངས་པར་གཏམ་མི་བྱའོ།། སློབ་དཔོན་ལ་མེ་ཏོག་མ་ཕུལ་བར་ཐང་ལ་འདུག་པར་མི་བྱའོ།། ལས་ཀྱི་སེམས་དཔའ་དང་སེམས་མས་མ ་བསྒོས་པར་གྲལ་དུ་འདུག་པར་མི་བྱའོ།། གསོལ་བ་མ་བཏབ་པར་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་མི་བྱའོ།། ཐིག་ལོ་མ་བཀོད་པར་རྣལ་འབྱོར་པ་ལ་མཆོད་པར་མི་བྱའོ།། བདུད་རྩིས་མ་བྲན་པར་ཁ་ཟས་བྱིན་གྱིས་བརླབ་པར་མི་བྱའོ།། ་འཇིགས་པ་དང་དོགས་པ་ངོ་ཚ་བ་མེད་པར་ལོངས་སྤྱད་པར་བྱའོ།། ཟས་ལ་ཞེན་པར་མི་བྱའོ།། རྣལ་འབྱོར་ཕོ་མོ་ལ་ཆགས་པར་མི་བྱའོ།། གཅེར་བུ་པའི་ཆ་བྱད་ཀྱི་གནས་པར་བྱའོ།། དུར་ཁྲོད་ཀྱི་རྒྱན་བྱིན་གྱིས་མ་རླབས་པར་བགོ་བར་མི་བྱའོ།། ་རྟོག་པ་དང་འཛེམ་པས་ཟོས་ན་དམྱལ་བ་ཆུ་བུར་ཅན་དུ་སྐྱེའོ།། དེས་དགེ་སློང་ལ་སོགས་པ་རྟོག་པ་དང་ལྡན་པས་ཀྱང་འདིར་རྟོག་པ་དང་ལྡན་པས་ཀྱང་འདིར་རྟོག་པར་མི་བྱའོ།། སྐྱིལ་མོ་ཀྲུང་གིས་གནས་པར་བྱའོ།། རྒན་པ ་རིམ་པ་བཞིན་དུ་གྲལ་ལ་འདུག་པར་བྱའོ།། སློབ་དཔོན་གྱིས་སྙོམས་པར་འཇུག་པར་མི་བྱའོ།། ཟས་ལ་ལག་པོ་གཉིས་ཀྱིས་དྲང་ཞིང་གཉིས་ཀྱིས་བླང་བར་བྱའོ།། སློབ་དཔོན་ལ་མ་ཞུས་པར་གླུ་དང་གར་དང་བག་ཡངས་པའི་སྤྱོད་པ་མི་བྱའོ།། ་ཤིང་ལ་སོགས་པ་འོག་གཞི་མེད་པའི་ཕྱོགསུ་ཟས་གཞག་པར་མི་བྱའོ།། ཁྱིམ་པ་ལ་སོགས་པའི་བློ་ཆུང་བ་རྣམས་ཀྱང་མ་གུས་པ་དང་སྐུར་པ་འདེབས་པར་མི་བྱའོ།། བཏབ་ན་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེ་བོ་ཞེས་རྒྱུད་ལས་གསུང ་སོ། ཨེ་མ་ཧོ་རྣལ་འབྱོར་པ་རྣམས་ཕ་རོལ་གྱི་སྐྱོན་རྟོག་པར་མ་བྱེད་ཅིག། འཆུང་འབྲུ་བ་དང་། རྩོད་པ་དང་། ང་རྒྱལ་དུས་ཐམས་ཅད་དུ་སྦྱང་བར་བྱའོ།། བླ་མ་ལ་མ་ཞུས་པར་བྱ་བ་ལ་མ་འཇུག་ཅིག། རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པའི་བརྟུལ་ཞུ ་ལམ་སྐྲ་ག་ཅིག། གལ་ཏེ་སྐྲག་ན་རྡོ་རྗེའི་དམྱལ་བར་སྐྱོ་བར་འགྱུརརོ།། དཔའ་བོ་དང་མི་ལྡན་པའི་དཔའ་མོ་དང་། དཔའ་མོ་དང་མི་ལྡན་པའི་དཔའ་བོ་དག་གིས་ཚོགས་ཀྱི་འཁོར་ལོ་བསྐོར་བར་མི་བྱའོ།། དཀྱིལ་འཁོར་དང་མི་ལྡན་པར་དཔའ་བོའི་སྟོན་མ ་དག་ཀྱང་མི་བྱའོ།། ཀྱེ་མ་རྣལ་འབྱོར་རྣམས་ཟས་ལ་བརྐམ་པ་དང་། ཆགས་པ་དང་། ལུས་ཀྱི་ཆེད་དང་། སྟོབས་ཀྱི་ཕྱིར་མི་བཟའ་སྟེ། གལ་ཏེ་ཟོས་ན་ཡི་དགས་རྒྱུ་བཅིངས་སུ་སྐྱེ་བར་འགྱུརརོ།། ཀྱེ་མ་རྣལ་འབྱོར་པ་རྣམས་འདོད་ཆགས་དང་། ཞེ་སྡང ་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲ་དོག་གིས་གནས་པར་མ་བྱེད་ཅིག། སྒྱུ་མ་མཁན་གྱི་གཏམ་དང་། རོལ་མོ་མཁན་དང་། རྒྱལ་པོ་དང་། དམག་དང་། ཚོང་དང་། སྨན་དང་། བཟོ་དང་། དོན་མེད་པའི་བསྟན་ཆོས་དང་། ཉན་ཐོས་ཀྱི ་བསླབ་པར་བྱ་བ་དང་། རིགས་ངན་དང་། སྨང་འཚོང་མ་ལ་སོགས་པའི་གཏམི་སྨྲ་བར་མ་བྱེད་ཅིག། བརྐང་པ་བརྐྱང་པ་ལ་སོགས་པའི་འདུག་སྟངས་ཀྱིས་ལུས་མ་བསྡམས་པར་འདུག་པར་མི་བྱའོ།། ལས་དང་པོ་པ་ལ་རྟོགས་པ་དང་མི ་ལྡན་པ་དག་གིས་ཀྱང་སྤྱོད་པ་དམ་པ་དག་གིས་ཀྱང་སྤྱོད་པ་དམ་པ་དག་པ་གང་ལ་ཡང་མི་དད་པར་མ་བྱེད་ཅིག། ཟས་མང་དུ་བཟའ་བར་བྱའོ།། ཟས་ལ་དབྱེ་བར་མི་བྱའོ།། ཟས་ཉེ་བར་མི་བྱའོ།། སྐོམ་ཅི་སྙེད་པ་བཏུང་བར་བྱའོ།། བླ་མས ་བཀའ་སྩལ་པ་དག་ནི་ཐམས་ཅད་བྱའོ།། ཟས་ཀྱི་ལུས་མ་འབྱོངས་པའི་ཕྱིར་འབྱུང་བར་མི་བྱའོ།། གཏོར་མ་མ་གཏང་བའི་ཕྱིར་འབྱུང་བར་མི་བྱའོ།། མོ་ཞུས་པ་དང་། བསྔོ་བ་མ་བྱས་པ་དང་། སྨོན་ལམ་མ་བཏབ་པར་ཉལ་བར་མི ་བྱའོ།། ཀྱེ་རྣལ་འབྱོར་པ་རྣམས་དོན་ཆེན་པོ་དང་ལྡན་པར་གོ་བར་གྱིས་ཤིག། དགའ་བ་དང་། སྤྲོ་བ་དང་། སེམས་གཟེངས་མཐོ་བར་གྱིས་ཤིག། ཚུལ་འདི་དག་གཞན་དུ་སྨྲ་བར་མ་བྱེད་ཅིག། གལ་ཏེ་སྨྲས་ན་མཁའ་འགྲོ་མ་རྣམས་ཀྱིས ་མགོ་འགས་པར་བྱེད་ཅིང་། དངོས་གྲུབ་ཀྱང་འཇིག་པར་བྱེད་དོ།། དེ་བས་ན་འདི་དག་ལས་མ་ཉམས་པར་བྱའོ་ཞེས་གདམས་ངག་གསུངས་པའོ།། སློབ་དཔོན་ཌོམྦི་ཧེ་རུ་ཀས་ཐུན་མོངས་མ་ཡིན་པའི་དོན་གྱི་གདམས་ངག་བརྗོད་པ་རྫོགསོ།། ་རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ནས་བསྡུས་པའོ།། ། རྒྱ་གར་སྐད་དུ། ག་ན་ཙཀྲ་བི་དྷི་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལོ།། ་