CLOSE WINDOW

GT3638: 'dul ba dri ba'i tshig le'ur byas pa
Wyliee-texts produced with BDRC’s OCR application

དེ་བི་དང་། ལོ་ཙའི་ཤཱཀྱའི་དགེ་སློང་རྒྱལ་བའི་ཤེས་རབ་ཀྱིས་པོ་སྦྱར་བའོ།། @།། འདུས་འི་བྲི་འི་ཚིག་ལེའུ་བྱས་པ་བཟུངས་སོ།། རྒྱ་གེར་སྐད་དུ། བི་ན་ཡ་པྲ་ཤྭཱ་ཀཱ་རི་ཀྵ། བོད་སྐད་དུ། འདུལ ་དྲི་བའི་ཚིག་ལེའུར་བྱས་པ། ཐམས་ཅད་མཁྱེན་པའི་ཉམ་ཐེ་ཆོས་ཀྱི་མུན་པ་མང་བ་མ་ཟད་བ་བསལ་བ་ལ་ཕྱག་རྣཚལ་མ།། རྒྱལ་བཿརྨཱན་ཆབ་སྟེ།། སྨྱ་འཛུམས་ཀུན་རིང་ཕྱུག་བརྒྱ་ལ་ནཱས།། དུལ་བ་ལས་ནི་ལེགས་གཏུས་། ་དྲིབཱི་ཀུན་ལས་བཏུས་པོ་བཤད།། གླང་ཤིག་འདུལ་བ་ལ་བསྐྱད་ཞིང་།། དེ་རིག་པ་ལ་རྣམ་སྤྱོད་བྱ།། བདག་ཉིད་མ་ཡང་སྐྱེམས་འཆང་བ།། དེ་ཡི་ཆེད་དུ་འདི་བརྗོད་།། སེམས་ཅན་མི་ཡི་འགྲོ་བ་ཡིན།། བར་ཆད་རྣམས་ཀྱང་སྤང་བ་ལ།། སྒོས ་པ་མི་འཆགས་པར་གསུངས་པ།། ཇི་ལྟ་བུ་ཡིནི་བསྒྲིམས་ཏེ་སྨྲོས།། ཕ་མཆེད་དུ་བྱས་མ་གསོད་དང་།། དགེ་སྦྱོང་མ་ནི་སུན་ཕྱུང་དང་།། དགེ་འདུན་དབྱེན་བྱེད་སྡོམ་པ་ཡི།། ཞིང་དུ་གསུང་བ་ཇི་ལྟ་བུ།། སྔོན་དུ་ཕམ་པ་བྱས་གྱུར་ལ།། དགྲ ་སློང་རྣམས་ལ་རབ་བསྒྲིམས་ཏེ།། བསྙེན་རྫོགས་གསོལ་བ་གང་ཡིན་པ།། དེ་ལ་ཇི་ལྟར་འཆགས་འགྱུར་སྤྲོས།། བསམ་པ་ཐེག་པས་དཀོན་མཆོག་གས་མེ།། ཕྱིར་སྤངས་པར་ནི་བྱེད་པ་ལ།། སྡོམ་པ་མེད་པར་མི་འགྱུར་བས།། ཅི་ཕྱིར ་འདི་ལ་ལན་བརྗོད་ཅིག། སྔོན་དུ་ལུས་ཀྱི་ཆོ་ག་ཡིས།། ལེགས་པར་བསྙེན་པར་རྫོགས་བྱས་ཏེ།། འཁྲིག་པ་བསྟེན་པ་བྱས་ནས་ཕྱིར།། ཅི་ཕྱིར་དགེ་སློང་མིང་མི་འདོར།། གང་ཞིག་དགེ་སློང་ཉིད་གནས་ཤིང་།། འདོད་པ་ལ་ཡང་སྟན ་བྱེད་པ།། དེ་ལ་ཐར་མ་གསུངས་ཅི་ཕྱིར།། དྲི་ཡིས་དེ་ནི་བདག་ལ་སྨྲོས།། དགེ་སློང་གཅིག་ཏུ་ཟླ་མེད་པར།། གནས་ན་འདུག་པར་གྱུར་པ་ལོ།། ཕས་ཕམ་འགྱུར་བ་ཇི་ལྟ་བུ།། སྡོམ་བཅན་སོམས་ཏེ་སྨྲ་བར་གྱིས།། གང་གིས ་ཡན་ལག་ལྔ་ལྡན་པས།། གཞན་གྱི་ནོར་ནི་བརྐུ་བྱས་པས།། དེ་ཕམ་པར་མ་གསུངས་པ།། དེ་ནི་ཅི་ཕྱིར་བསལ་བར་སྨྲོས།། སྡོམ་བརྩོན་བློ་ལྡན་གང་ཞིག་གིས།། གཞན་རྫས་འགྲང་འདས་བརྐུས་པ་དེ།། ཅི་ཕྱིར་ཕམ ་བར་མ་གསུངས་པས།། དེ་ནི་བདག་ལ་མྱུར་དུ་སྨྲོས།། སྡོམ་བརྩོན་རིང་ཐུང་ཚང་བ་ཡིན།། ཡོ་བྱད་གནས་ནས་མ་སྤ་གས་པར།། མཐར་འགྱུར་བ་ནི་ཅི་ཕྱིར་ཀྱེ།། བདག་ལ་ངེས་པར་ལེགས་པར་སྨྲོས།། སྡོམ་བརྩོན་རྐུ་བོའི་སེམས ་ཀྱིས་ནི།། མ་བྱིན་གནས་ནས་སྤགས་པ་ལ།། ཕས་ཕ་མེ་མཱི་གསུངས་ཇི་ལྟ་བུ།། ཁྱོད་ནི་བདོག་ལ་རྒྱུ་སྨྲོས་ཅིག། དགེ་སློང་ཚུལ་ཁྲིམས་ལྡན་པ་ཡིས།། མ་བྱིན་ཡན་ལག་ལྔ་ལྡན་པར།། རྐུས་ན་ལྷུང་བ་མེད་གསུངས་པ།། ཅི་ཕྱིར ་ཁྱོད་ཀྱིས་ཐེ་ཚིམ་ཆོད།། དུད་འགྲོའི་མངལ་ན་གནས་པ་ཡི།། བུ་ནི་བསད་སེམས་ཀྱིས་བསད་ན།། ཐུབ་པ་དེ་ཉིད་མཁྱེན་པ་ཡིས།། ཕམ་འགྱུར་གསུངས་པ་ཇི་ལྟ་བུ།། སྡོམ་བརྩོན་བསད་པའི་སེམས་ལྡན་གྱིས།། མིའི་མངལ ་ནོ་ལྟུང་བྱེད་པ།། ཕན་བྱེད་མིན་གསུངས་ཇི་ལྟ་བུ།། གལ་ཏེ་ཁྱོད་ལ་མཐུ་ཡོད་སྨྲོས།། ཕ་མ་བསམས་བཞིན་བསད་པ་དངོ་།། ཕམ་འགྱུར་མིན་ཞིང་མནར་མེད་པའང་།། མིན་ཞེས་གསུངས་པ་ཅིའི་ཕྱིར།། དེ་དྲིས་བདག་གིས་མདུན ་དུ་སྤྲོས།། བརྡ་ཕྲག་མདུན་དུ་བདག་སངས་རྒྱས།། དགྲ་བཅོམ་སྟོན་པ་ཞེས་སྨྲ་བ།། ཕམ་པར་མ་གསུངས་ཅིའི་ཕྱིར།། ཁོ་བོ་དོན་དུ་གཉེར་གྱི་སྤྲོས།། ཁྱོད་འབྲས་ཐོབ་ཅེས་དེ་སྐད་འདྲིས།། དེ་བཞིན་ནོ་ཞེས་གསལ་སྨྲས་ནས།། ་ཕྲཕམ་འགྱུར་བྱེད་པ་ཡིན་གསུངས་པ།། ཅི་ཕྱིར་དོན་བཞིན་སྨྲ་བར་གྱིས།། བརྡ་ཕྲད་པའི་མའི་མདུན་དུ།། འབྲས་བུ་རྣམ་པ་བཞི་སྨྲས་པ།། དེ་གཉིས་གཟིགས་པས་མཐར་འགྱུར་བ།། ཅིའི་ཕྱིར་ན་གསུངས་པ་ཡིན།། དགེ་སློང་འབྲས ་ཅིག་སྒྲ་བྱས་ལས།། གལ་ཏེ་འབྲས་བུ་གཞན་སྨྲས་ན།། མཐར་འགྱུར་བྱེད་པ་མིན་གསུངས་པ།། ཅི་ཕྱིར་རྒྱུ་ནི་སྒྲ་བྱར་གྱིས།། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལུས་ལེའུ་དྲང་པོའོ།། །། ཡན་ལག་བཅུ་ལྡན་འ ་བྱེད་པ།། དགེ་འདུན་ལྷག་མ་བྱེད་པ་ཞེས།། བདེ་བར་གཤེགས་པས་མ་གསུངས་པ།། ཇི་ལྟར་རྒྱུ་ནི་བདོག་མདུན་སྨྲོས།། འདོད་ཆགས་ལ་སོགས་མཚུངས་ལྡན་པའི།། སེམས་ཀྱི་བུད་མེད་བཟོད་པ་ལ།། རེག་པ་དགེ་འདུན ་ལྐོག་མ་ཞེས།། ཐུབ་པས་མ་གསུངས་ཇི་ལྟ་བུ།། སྡོམ་བརྩོན་བསམ་བཞིན་དགེ་འདུན་གྱི།། ལྷག་མ་བྱས་ནས་ཆོ་ག་བཞིན།། བཤགས་པ་ལ་སོགས་མ་བྱས་པར།། ངག་གསུངས་ཅི་ཕྱིར་ངེས་པར་སྨྲོས།། གང་ཟག་གཅིག། ་ལ་སྤོང་བ་དང་།། སྤྱད་པ་ཉིད་དང་མགུ་བ་དང་།། སྤྱད་པ་ཉིད་དེ་བཞི་པོ་དག། གང་གི་སྲིད་པར་སྨྲ་བར་གྱིས།། ཇི་སྲིད་འཚོ་བར་རང་གི་གོས།། རབ་ཏུ་མང་པོ་མོ་བསྔོས་ཤིང་།། བྱིན་མ་བརླབསྡུ་པར་འཆུང་ཡང་ནི།། དྲི་མ་མེད ་པར་ཇི་ལྟར་བཞེད།། ཐ་དད་གནས་ནི་སྤངས་པའི་གནས།། གཅིག་ན་གནས་པའི་དགེ་སློང་ལ།། འབྲལ་བའི་དྲི་མས་དྲི་མ་དང་།། བཅས་པར་གྱུར་པ་ཇི་ལྟ་བུ།། ཟླ་བས་སྤང་གོས་དགེ་སློང་གིས།། ཇི་སྲིད་འཚོ་བར་མ་སྤངས་ན། ་ཅི་ཕྱིར་ལྟུང་བ་མེད་པ་ཞེས།། གསུངས་པ་དྲི་ཡིས་བསལ་བར་སྨྲོས།། སྡོམ་བརྩོན་ཅན་གྱི་ཕ་མ་ལས།། ཆོས་གོས་རུང་བ་བླངས་བྱས་ནས།། ཅི་ཕྱིར་སྤང་བའི་ཉེས་པ་ཡིས།། དྲི་མ་ཅན་དུ་གྱུར་པར ་གསུངས།། ཞག་བདུན་པའི་སྨན་དག་ནི།། ཇི་སྲིད་འཚོ་བའི་བྱར་བཅངས་ན།། ཇི་ལྟར་སྡོམ་བརྩོན་ལྟུང་མེད་པར།། གསུངས་པའི་དོན་དེ་སྨྲ་བར་གྱིས།། ཤེས་བཞིན་དུ་ནི་བརྫུན་གྱི་ཚིག། སྨྲས་ནས་ལྷུང་བྱེད་མེ་ཡིས་ནི ་ཅིའི་ཕྱིར་ན་སྡོམ་བརྩོན་ཅན།། ཤིན་ཏུ་སྲེག་མིན་གསལ་པོར་སྨྲོས།། དགེ་སློང་གིས་ནི་དགེ་སློང་ལ།། སྐྱོན་ནས་སྨྲ་བར་བྱེད་པ་ལ།། ཀུན་མཁྱེན་ཐུབ་པས་ཅིའི་ཕྱིར།། ལྟུང་བྱེད་མ་གསུངས་ངེས་པར་སྨྲོས།། དགེ ་སློང་ཉོན་མོངས་སེམས་ཅན་གྱིས།། དགེ་སློང་གིས་སྨྲས་ཕྲ་མ་ནི།། དགེ་སློང་ལ་བྱས་ཐུབ་པ་ཡིས།། ཇི་ལྟར་དོག་གསུངས་ཁྱོད་བཅོལ་སྨྲོས།། སྡོམ་བརྩོན་གྱིས་ནི་རུང་བ་ཡིས།། ས་བོན་རྣམས་པ་ལྔ་ཟོས་ནས།། ཇི་ལྟ་ལྟུང ་བྱེད་བྱེད་པར་གསུངས།། སྡོམ་བརྩོན་གྱིས་ནི་བསྒྲིམས་ཏེ་སྨྲོས།། གཡོགས་མ་མེད་པར་དགེ་འདུན་གྱི་སྤྱི།། གནས་མ་ལ་རུང་བ་བཤམ་ནས་ནི།། མ་བྲུབ་མ་བལྟབས་པར་སོང་ན།། ཇི་ལྟ་བུར་ན་དག་པ་གསུངས།། སྡོམ ་བརྩོན་གྱིས་ནི་རུང་བའི་གོས།། ཉེ་དུ་མིན་པའི་དགེ་སློང་མ། བྱིན་ལ་ལྟུང་བ་མེད་པར་ཞེས།། གསུངས་པ་ཅི་ཕྱིར་ངེས་པར་སྨོས།། མཚན་གཅིག་གནས་པའི་དགེ་སློང་དག། མང་པོ་ཁ་ཟས་མང་བསྲུལ་དང་།། ཐ་དད་ཟ་བ ་ཅིའི་ཕྱིར།། དག་པར་གསུངས་པ་གསལ་བར་སྨྲོས།། ཁ་ཟས་བཅའ་བར་བྱ་ལ་སོགས།། རུང་བ་དུས་མིན་ཟ་བྱེད་པ།། ཇི་ལྟར་དག་པ་ཞེས་གསུངས་པ།། ཐེ་ཚོམ་གཏན་ལ་དབབ་པར་གྱིས།། དགེ་སློང་ཆོ་ག་སྔོན་འགྲོ་བའི།། བྱིན ་ལེན་བྱས་ན་ཟ་བྱེད་པ།། ཇི་ལྟར་ལྷུང་དང་བཅས་ཞེས་གསུངས།། ཁྱོད་ལོ་མཐུ་ཡོད་གསལ་བར་སྨྲོས།། དགེ་སློང་གིས་ནི་དགེ་སློང་ལ།། ཉོན་མོངས་སེམས་ཀྱིས་རྡེག་བྱེད་པ།། ཐུབ་པས་ཇི་ལྟར་ཉེས་བྱས་གསུངས།། ཁྱོད ་ཀྱི་གསོལ་བར་ལོན་ཐོབ་ཅིག། སྡོམ་བརྩོན་མེ་ལ་རེགས་བྱེད་པ།། ཀུན་མཁྱེན་ཐུགས་རྗེ་ལྡན་པ་ཡིས།། ཅི་ཕྱིར་ལྟུང་བ་ཉེས་བྱས་གསུངས།། དྲི་ཡིས་ངེས་པར་སྨྲ་བར་གྱིས།། དགེ་སློང་ནུབ་གསུམ་ལས་ལྷག་པར།། ་བསྙེན་པར་རྫོགས་དང་བྲལ་བ་དང་།། ཉལ་བར་བྱེད་པ་ཇི་ལྟ་བུར།། ཉེས་བྱས་ལྟུང་བར་བྱེད་པར་འགྱུར།། སྡོམ་པ་རྩོན་ཚོན་རྩི་སྣ་གསུམ་གྱིས།། ཁ་མ་བསྒྱུར་བའི་གོས་གྱོན་ན།། ཅི་ཕྱིར་ལྟུང་བ་མེད་གསུངས་པ། ་ཁོ་བོས་བཅོལ་གྱིས་ཁྱོད་སྨྲོས་ཤིག། སྡོམ་བརྩོན་ཚོན་རྩི་སྣ་གསུམ་གྱིས།། ལེགས་པརརྱ་ཁ་བོ་སྒྱུར་གིས་གྱོན་པ།། ཅི་ཕྱིར་ལྕིང་བ་བཅས་གསུངས་པ།། ཐེ་ཚོམ་གྱིས་ནི་མཆོག་ཆོད་ཅིག། སྡོམ་བརྩོན་རིན ་ཆེན་ལ་རེག་ན།། ཇི་ལྟར་དགེ་འདུན་ལྷག་མ་དང་།། སྦོམ་གསུམ་འཇོའ་བོ་ཁོ་བོ་ཡིས།། ཐེ་ཚོམ་པ་རྟེན་པོ་མྱུར་དུ་ཆོད།། རིན་པོ་ཆེ་དང་དེ་སྨོས་ལ།། རེག་པའི་དགེ་སློང་ཇི་ལྟ་བུར།། ཉེས་བྱས་གསུངས་པ་ཁོ ་བོ་ཡི།། ཐེ་ཚོམ་བསལ་བར་རངས་པར་གྱིས།། དགེ་སློང་རིན་ཆེན་ལ་རེག་པ།། ཐུབ་པས་ཇི་ལྟར་ལྟུང་མེད་ཅེས།། གསུངས་པ་ཁོ་བོ་དོན་གཉེར་ཁྱོད།། མྱུར་དུ་གསལ་བར་སྨྲ་བར་གྱིས།། སྡོམ་བརྩོན་རྟག་ཏུ ་ཁྲུས་བྱེད་པ།། བདེ་བར་གཤེགས་པས་ཇི་ལྟ་བུར།། ཉེ་པ་ཅིར་ཡང་མ་གསུངས་ཁྱོད།། གལ་ཏེ་འདུལ་དོན་ཤེས་ན་སྨྲོས།། གལ་ཏེ་སྡོམ་ཅན་གྱི་ནི་དུས།། བྱིན་གྱིས་བརླབས་ནས་བརྟག་བྱེད་ན།། ཐུབ་པ་ཐམས་ཅད ་གྲི་ཟིགས་པ་ཡིས།། ཇི་ལྟར་ལྷུང་དང་བཅས་པར་གསུངས།། དགེ་སློང་གིས་ནི་དགེ་སློང་ལ།། གཡའ་བསྒྲག་བསམས་པས་ག་གེ་ཚི་ལ།། བྱེད་པ་ཙེ་ཕྱིར་ཐུབ་པ་ཡིས།། ཉེས་བྱས་ལྷུང་གསུངས་བཅོལ་གྱི་སྒྲོས།། ལོ་ནི ་ཉི་ཤུ་མ་ལོན་པ།། བསྙེན་པ་རྫོགས་པར་བྱེད་པ་ལ།། ཇི་ལྟར་ལྟུང་བ་མེད་པ་དང་།། དེ་དོན་གཉེར་ལའང་ཆགས་པར་གསུངས།། དེ་ཡི་ཐེ་ཚོམཽ་མྱུར་དུ་སོལ།། སྡོམ་བརྩོན་མྱོས་འགྱུར་འདུ་ཤེས་ཀྱིས།། ཆང་འཐུང་ཇི ་ལྟར་ཉེས་བྱས་ཀྱི།། ལྟུང་བར་གསུངས་པ་གྲོལ་ཏེ་མཐུ།། ཡོད་ནི་དོག་པ་མེད་པར་སྨྲོས།། སྡོམ་བརྩོན་མཚན་མོ་རིན་ཆེན་དག། འདུག་བཞིན་དུ་ནི་རྒྱལ་པོ་ཡི།། གཏན་བརྟེན་བཙུན་མོའི་གནས་ཡོད་ལ།། གཏུག་ན ་ཇི་ལྟར་ལྷུང་བ་མེད།། གྲོང་གནས་དགེ་སློང་མ་ལ་ནི།། སྡོམ་བརྩོན་དེ་ན་གནས་དག་གིས།། ཁ་ཟས་བླངས་ནས་ཇི་ལྟ་བུར།། སོ་སོར་བཤགས་བྱེའོ་ཉེས་བྱས་གསུངས།། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལས ་ལེའུ་གཉིས་པའོ།། །། དགེ་སློང་སོ་སོར་ཐར་པ་ཡི།། གདོན་པ་ལྔ་འཆར་མ་གཏོན་པར།། ཇི་ལྟར་དེ་ཡི་གསོ་སྦྱོང་བྱས།། དྲི་ཡིས་ཁོ་བོ་ལ་སྨྲོས་ཤིག། སོ་སོར་ཐར་པ་མི་འདོན་ཅིང་།། གཞན་གྱི་དྲུང་དུ་བྱིན་མི་རློབ ་ཅི་ཕྱིར་གསོ་སྦྱོང་བྱས་འགྱུར་འདིར།། བདག་ལ་ཐེ་ཚོམ་ཡོད་ཀྱིས་སྨྲོས།། དགེ་འདུན་རྙེད་པ་དགེ་སློང་ནི།། གཅིག་པུས་བླང་ན་ཇི་ལྟ་བུར།། ཉེས་མེད་གསུངས་པ་ཁོ་བོ་ཡིས།། དོན་དུ་གཉེར་གྱི་ཁྱེད་བོས་ལ་སྨྲས ་སྡོམ་བརྩོན་ཅན་གྱི་དགེ་འདུན་གྱི།། རྙེད་པ་རུང་བ་བདག་གིར་བྱས།། ལྟུང་བཅུས་ཞེས་གསུངས་རྒྱུ་ཅི་ཡོད།། འབྱུང་དེ་བདག་ལ་སྨྲ་བར་གྱི།། མཆོད་རྟེན་ལ་ཕུལ་རྙེད་པ་གང་།། དེ་ལས་དགེ་སློང་གིས་བླངས་ན།། ཇི་ལྟར ་ལྟུང་བ་མེད་པ་ཞེས།། རྒྱལ་བས་གསུངས་པ་སྡོམ་བརྩོན་སྨོས།། ཉན་ཐོས་ཀྱི་ལ་སྔོས་པའི་རྫས།། སྡོམ་བརྩོན་མཆོད་རྟེན་ལ་བླངས་ན།། ཇི་ལྟར་ལྷུང་བ་དང་བཅས་པར།། ཐུབ་པས་གསུངས་པ་སྡོམ་བརྩོན ་སྨྲོས།། སྤྲོ་བ་སྤྱོད་གཉིས་གནས་གཅིག་ན།། གནས་བྱེད་ཅི་ཕྱིར་ཉེས་མེད་ཉིད།། ཁྱོད་ལ་ནུས་པ་ཡོད་ཅེསཱ་ན།། ཁོ་བོ་ལྔ་ནི་ཤིན་ཏུ་སྨྲོས།། ནམ་ཡང་ལྟུང་བ་མེད་བྱེད་པ།། ཙྭིའི་ཕྱིར་ན་ཐུབ་པ་ཡིས།། སྤོ་བར་འོས ་ཡིན་པར་གསུངས།། བརྩེ་ལྡན་ཁྱོད་ནི་གསལ་བ་རོ་སྐྱེས།། ལྟུང་བ་ཡོད་པ་མོ་ཡོན་ལ།། གྲིལ་ཏེ་སྤྱི་བོ་སྦྱིན་བྱང་ན།། ཅི་ཕྱིར་ཐུབ་བྲིས་ལྡིང་མེང་གི་སྲུངས།། ཁོ་བོ་ལ་ནི་ངེས་པར་སྤྲོས།། གསར་བུས་རྒན ་པོ་ལ་འདས་ན།། གནས་ངན་ལེན་པར་བྱེད་པ་ལ།། ཅི་ཕྱིར་ལྟུང་བ་མེད་པར་གསུངས།། ཁོ་བོ་ཐེ་ཚོམ་ཟློག་པར་གྱིས།། གནས་མལ་དེ་ཉིད་སྤྱོད་པ་ལ།། ཅིའི་ཕྱིར་ན་ཐུབ་པ་ཡི།། ཉེས་པ་མེད་དང་ཉེས་བྱས་གསུངས།། འབོད ་དེ་གསལ་བར་སྨྲ་བར་གྱིས།། དགེ་འདུན་གྱི་ནི་གནས་མལ་ལ།། རང་གི་གོས་ཀྱིས་མ་གཡོགས་པར།། སྤྱོད་པ་ཅི་ལྟར་ལྷུང་མེད་གསུངས།། བརྟུལོ་ཞུགས་ཅན་གྱི་བདག་ལ་སྨྲོས།། འདུལ་བ་དྲི་བའི་ཚི་གཽ་ལེའུར་བྱས་པ་ལས ་ལེའུ་གསུམ་པའོ།། །། ལྟུང་བ་རྣམ་པར་རིག་བྱེད་དམ།། ཅི་ཞིག་གཟུགས་ཅན་བསྟན་ཡོད་དམ།། ཐོགས་དང་བཅས་སམ་ཟག་བཅས་སམ།། འདུས་བྱས་ཡིན་ནམ་འོན་ཏེ་ཅི།། འཇིག་རྟེན་པ་འམ་ཕུང་པོར་ལྡན།། ། ་ཁམས་དང་སྐྱེ་མཆེད་ལྡན་པ་འམ།། ཟིན་པ་འམ་ལུང་བསྟན་འབྱུང་བར་ལྡན།། དེ་བཞིན་འབྱུང་བ་ལས་གྱུར་པ་འམ།། ཀུན་སྦྱོར་སྒྲིབས་པ་འམ་ཉོན་མོངས་ཅན།། ཟང་ཟིང་བཅས་པ་འམ་འོན་ཏེ་ན།། ཞེན་པ་བརྟེན ་པའམ་འཐབ་བཅས་སམྨེ།། དམིག་པ་དང་བཅཝ་སྭ་ཡཾ་ནམྦ་ཅི།། སེམས་སམྦེ་ལྔས་སམ་འོན་ཏེ་ན།། རྣམ་སྨིན་བཅས་སམ་དེ་ལས་གཞན།། འདས་པ་འམ་མ་འོངས་ད་ལྟར་ཡིན།། དགེ་བ་འམ་འདོད་དང་གཟུགས ་ཁམས་ལྡན།། སློབ་བམ་འོན་ཏེ་མི་སློབ་བམ།། ཅི་ཞིག་དེ་ཉིད་སྤང་བྱ་འམ།། ཅི་ཞིག་བསྒོམ་པས་སྤང་བྱེ་འམི།། འོན་ཏེ་མཐོང་བས་བྱ་བ་ཡིན།། ལུས་ཀྱི་འམ་འོན་ཏེ་ངག་གིའམ།། འོན་ཏེ་ཅི་ཞིག་སེམས་ཀྱི་ཡིན།། ་དགེ་སློང་བདག་ལ་མྱུར་དུ་ནི།། དོན་བཞིན་དག་ཏུ་སྨྲ་བར་གྱིས།། ནི་དངོས་དེ་ཉིད་བྱེད་པ་ལ།། ལྟུང་བ་དང་ནི་ལྟུང་བ་མེད།། གཉིས་སུ་འགྱུར་བ་སྲིད་ཡོད་དམ།། ཁྱོད་ལ་དྲི་ཡི་སྣ་མྱུར་དུ་སྨྱོས།། ཅི་ཞིག་གང་གིས་ལྕུག་མེད་པར།། འགྱུར ་བ་གཞི་ནི་དེ་ཉིད་ཀྱིས།། ལྷག་མ་དང་བཅས་ལྟུང་འི་གྱུར་རམ།། དྲི་ཡིས་བདག་ལ་གསལ་པོར་སྨྲོས།། ཅིག་ཞིག་གང་གིས་ཕས་ཕམ་པའི།། ལྟུང་འགྱུར་གཞི་ནི་དེ་ཉིད་ཀྱིས།། དགེ་འདུན་ལྷག་འགྱུར་དེ་བཞིན་ལྷུང་།། འགྱུར་རམ ་ཇི་ལྟར་བདག་ལ་སྨྲོས།། གང་གིས་དགེ་འདུན་ལྷག་འགྱུར་བའི།། གཞི་དེ་ཉིད་ཀྱིས་དགེ་སློང་ལ།། ལྟུང་བྱེད་དང་ནི་དེ་བཞིན་དུ།། ཉེས་བྱས་སུ་ཡང་ཅི་ཕྱིར་འགྱུར།། ཅིག་ཞིག་གང་གིས་ལྟུང་བྱེད་པའི།། ལྟུང་བར་འགྱུར་བ་དེ་ཉིད་ཀྱིས།། ། ་སོ་སོར་བཤགས་འགྱུར་ཅིའི་ཕྱིར།། དགེ་སློང་ཇི་ལྟར་འདོད་བཞིན་སྨོས།། གཞི་གཅིག་གང་གི་ལྟུང་བྱེད་ཀྱི།། ལྟུང་བར་འགྱུར་བ་དེ་ཉིད་ཀྱིས།། ཉེས་པར་འགྱུར་རམ་དགེ་སློང་ཁྱོད།། གལ་ཏེ་ནུས་པ་ཡོད་བདག་སྨྲོས།། གང་གིས ་སྒོ་སོར་བཤུག་པ་ཡིས།། ལྷུང་བར་འགྱུར་བའི་གཞི་དེ་ཅི།། ཉེས་བྱས་སྲིད་དམ་མཐུ་ཡོད་ན།། དྲི་ཡི་བདག་གིས་མདུན་དུ་སྨྲོས།། ཇི་ལྟར་དགེ་ལུང་མ་བསྟེན་པའི།། སེམས་གནས་པ་ལ་གསོད་བྱེད་པ།། མནར་བར་གསུངས ་མི་དགེ་བ་ཡི།། སེམས་ལ་གནས་པ་ལེགས་གསུངས་པ།། དགེ་འདུན་རུང་བ་གནས་གཅིག་དང་།། མཚམས་གཅིག་གནས་བཞི་དེ་ཡི་ཚིག། མེད་པར་དགེ་འདུན་ལས་བྱས་ན།། ཉེས་མེད་མིན་གསུངས་ཅི་འདྲ་སྨྲོས།། ་ཁྱིམ་པ་གནས་བཞིན་དགེ་འདུན་གྱིས།། ལས་ཤིག་བྱས་ན་ཇི་ལྟ་བུར།། དེ་ཡིས་ལས་ཀྱང་བྱས་འགྱུར་ཞིང་།། ལྟུང་བ་མེད་པར་འགྱུར་བ་སྨོས།། དགེ་དང་ལུང་མ་བསྟན་སེམས་ལ།། གནས་པ་ལ་ནི་ཇི་ལྟ་བུར།། ་ལྷུང་དང་བཅས་པ་ཞེས་གསུངས་སྲིད།། བདག་འདུན་ཇི་ལྟར་འདོད་པ་སྨྲོས།། ཅི་དགྲ་བཅོམ་ལ་ལྟུང་འབྱུང་ངམ།། འདི་ལ་བདག་ལ་ཐེ་ཚོམ་ནི།། བརྟན་པོ་ཡོད་ཀྱིས་འབོད་དེ་ཁྱོད།། དོགས་པ་མེད་པར་བདག་མདུན་སྨྲོས།། དགེ་འདུན ་དབྱེན་བྱེད་གང་ཡང་རུང་།། དེ་ཀུན་བསྐུལ་པར་གནས་སམ་ཅི།། དགེ་སློང་གལ་ཏེ་ཁྱོད་བྱམས་ན།། ཁྲ་བོའི་ཐེ་ཚོས་མྱུར་དུ་གསོལ།། དགེ་སློང་གྱུར་ནས་སྟོང་འགྱུར་དང་།། བཟློག་པ་ཡང་ནི་ཇི་ལྟ་བུར།། བདག་གི་ཐེ་ཚོམ་མྱུར་དུ ་ཆོདང་དགེ་སློང་གཉིད་མ་ལོག་པའི་ཚེ།། ལྟུང་བ་བྱས་ནས་གཉིད་ལོག་ན།། ལྷུང་པོར་འགྱུར་དང་བཟློག་པ་ཡང་།། ཇི་ལྟར་དྲི་ཡིས་གསལ་བར་སྨྲོས།། བསྟན་ཅིག་ལ་ནི་འདུག་པ་ཡི།། དགེ་སློང་ལ་ནི་རྒྱུ་གང་གིས།། ལྡིང་བ ་རིས་ནི་ལྔ་པོ་དག། འབྱུང་བར་འགྱུར་བ་སྲིད་ཡོད་དམ།། དགེ་སློང་སྦྱོར་བ་གཅིག་གིས་ནི།། ཇི་ལྟར་ལྟུང་བ་སྟོང་བྱེད་འགྱུར།། གལ་ཏེ་དེ་ཉིད་རིག་ཅེ་ན།། དྲི་ཡིས་ཁྱོད་ཀྱི་སྨེ་བར་གྱིས།། བསམ་གཏན་དང་པོ་ལ་སོགས་ལ ་སྙོམས་པར་ཞུགས་པ་ཐུབ་པ་ཡིས།། དགེ་འདུན་ལྷག་མར་ཅིའི་ཕྱིར།། རབ་ཏུ་གསུངས་པ་བདག་ལ་སྨྲོས།། དགེ་སློང་ཐ་ན་ཉེས་བྱས་ཀྱིས།། ལྟུང་བ་ནམ་དུའང་མི་འབྱིན་ཀྱང་།། འོན་ཀྱང་དགེ་སློང་མ་ཡིན་པར།། ་གསུངས་པ་ཅི་ཕྱིར་གསལ་བར་སྨྲོས།། དགེ་སློང་མ་ནི་ནམ་དུ་ཡང་།། ཉེས་བྱས་ཀྱང་ནི་མི་བྱེད་ཀྱང་།། འོན་ཀྱང་ཇི་ལྟར་དགེ་སློང་མ།། མིན་གསུངས་བདག་དོན་གཉེར་གྱིས་སྨྲོས།། གལ་ཏེ་དགེ་སློང་དགྲ་བཅོམ་མིན།། ཕ་མིན་བསད་ན ་ཇི་ལྟ་བུར།། མཚམས་མེད་པ་དང་དེ་བཞིན་དུ།། ཕས་ཕམ་གསུངས་པར་འགྱུར་བ་སྨྲོས།། དགེ་སློང་མ་ནི་དགྲ་བཅོམ་མིན།། མ་མིན་བསད་ན་ཇི་ལྟ་བུ།། མཚམས་མེད་པ་དང་དེ་བཞིན་དུ།། ཕས་ཕམ་འགྱུར་བར་གསུངས ་པྲཔ་སྨོས།། གཞན་གྱི་ཚིག་སྨྲས་གཞན་ལ་ནི།། ཇི་ལྟར་ལྟུང་བ་རིས་ལྔ་པོ།། འབྱུང་བར་འགྱུར་བ་བདག་ལ་ནི།། སྡོམ་བརྩོན་མྱུར་དུ་སྨྲ་བར་གྱིས།། ཇི་ལྟར་དགེ་སློང་གཅིག་པུ་ལ།། ཕས་ཕམ་འགྱུར་བ་བཞི་འབྱུང་བ།། དྲི ་ཡིས་ཁྱོད་ཀྱིས་བདག་ལ་ནི།། དོན་བཞིན་དུ་ནི་སྨྲ་བར་གྱིས།། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལས་ལེའུ་བཞི་པའོ།། །། འདི་ལ་གསོལ་བའི་ལས་དང་ནི།། གསོལ་བར་བཅས་པ་དུ་ཞིག་ཡོད།། ལེགས་གྲོགས ་དེ་དང་རྣམ་དབྱེ་བ།། ཁྱོད་ནི་འབོད་དེ་སྨྲ་བར་གྱིས།། ཚིག་ཏུ་ཡང་ནི་མི་སྨྲ་ལ།། ལུས་ཀྱི་རྩོལ་བ་མི་བྱེད་པར།། ཕས་ཕམ་ལྟུང་བ་འབྱུང་འགྱུར་བ།། ཇི་ལྟ་བུར་ནི་ཁྱོད་སྨོས་ཅིག། ལྟུང་བ་རིས་ལྔ་བྱས་ནས་ནི།། འཆགས་པར ་ཡང་ནི་མོ་བྱེད་ཅིང་།། ཕྱིར་བཅོས་པར་ཡང་མི་བྱེད་པར།། ཇི་ལྟར་དག་པར་གསུངས་པར་སྨྲོས།། གཞན་གྱིས་ཕས་ཕམ་བྱས་གྱུར་ལ།། གཞན་ཞིག་ཕམ་པར་འགྱུར་བ་ནི།། ཐུབ་པས་ཇི་ལྟར་གསུངས་པ་དྲིས།། དེས་ནས ་འདི་ལྟར་བདག་ལ་སྨྲོས།། ལྟུང་བ་ཀུན་ལ་གང་གིས་ནི།། བསྟན་པ་དང་ནི་བསྡུ་བར་འགྱུར།། ངག་གིས་ཀུན་ནས་བསླང་བ་ཡི།། ཁ་ནས་མཐོ་གང་ཆེ་དང་།། ལུས་ཀྱི་ཁ་ནཱ་མ་ཐོ་ཆེ།། གང་ཡིན་ཕྲ་མས་གང་ཞིག་འགྱུར།། ་དགེ་འདུན་གང་ཟག་ལས་འབྱུང་ཁྱེད།། ཁ་ནས་མ་ཐོ་གང་ཆེར་འདོད།། སྲོག་གཅོད་རྒྱུ་ལས་སྡིག་ཆེན་ཡང་།། ཁྱོད་ནི་གསལ་བར་སྨྲ་བར་གྱིས།། འཁྲིག་དང་བརྫུན་ལས་གང་ཡིན་ཏེ།། དེ་ནི་བདག་ལ་སྨྲ་བར་གྱིས།། མང་དུ ་སྨྲ་ལྔ་ཅི་ཞིག་དགོས།། མདོར་བསྔོས་ཚིག་ཅིག་ཁྱོད་ལ་ནི།། ཁྲོ་སྤངས་མཛའ་བོར་གྱུར་བྱས་ནས།། རབ་ཏུ་བསྒོམས་ཏེ་སྨྲ་བར་བྱ།། སྡོམ་པ་ཀུན་ལ་ཀུན་མཁྱེན་གྱིས།། སྐྱབས་གསུམ་དགེ་སློང་ཉིད་ལ་ནི།། ཇི་ལྟ་བུར་ནི་མ ་གསུངས་པ།། དེ་ནི་བདག་ལ་གསལ་བར་སྨྲོས།། དེ་ལྟར་འདུལ་པ་རྒྱ་མཚོ་ལས།། དྲི་བ་ཐིགས་པ་ཙམཱ་བརྒྱ་ཞིག། བདག་གིས་འབད་དེ་བརྙས་བྱེད་ལ།། མ་རངས་ནཱ་ནི་བརྒྱུས་པ་ཡིན།། ནོངས་བགྱིད་བླ་མས་ཐུགས་རྗེས ་ཀྱང་། བཅོས་ཤིང་བཟོད་པ་མཛད་དུ་གསོལ།། མཐོང་བ་རྣམས་ཀྱི་ལོངས་པ་ནི།། དམ་པའི་ལམ་དུ་ཅིས་མི་གཟུང་།། འདུལ་བ་དྲི་བ་རྣམས་བྱས་ནས།། དགེ་བ་ཟླ་བ་ལྟ་བུར་ནི།། དཀར་པོ་བརྩམས་པ་དེ་ཡིས་ནི།། འགྲོ་བ ་རྟག་ཏུ་དགེ་ལེགས་ཤོག། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་ལེའུ་ལྔ་པ་རྫོགས་སོ།། །། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་སློབ་དཔོན་མདོ་སྡེ་འཛིན་པ་ཀ་ལཱ་པཱ་མི་ཏྲས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་དྷརྨྨ་ཀ་ར་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བརྗེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། @།། བམྦྷ་ཕྲུལ་འས་པགགྱུ་ལ།། རྩཝ་གར་སྤྱད་དུ། བི་ན་ཡ་ཀ་པྲ་ཤྭཱ་དྷྲྀ་ཀཱ། ་