| Wylie | e-texts produced with BDRC’s OCR application |
རྒྱ་གར་གྱི་མཁན་པོ་ཀཱ་མ་ལ་ཤྲཱི་དང་། དགེ་སློང་ཤེས་རབ་སྐྱབས་ཀྱིས་བསྒྱུར།། རྒྱ་གར་སྐད་དུ། ད་ཤ་ཏཏྟ། བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། དཔལ་ལྡན་ཧེ་རུ་ཀ ་དང་བླ་མ་ལ།། གུས་པས་ཕྱག་བྱས་དགྱེས་པའི་རྡོ་རྗེ་ལས།། གསུངས་པའི་དེ་ཁོ་ན་ཉིད་བཅུ་པ་ལས།། རྣམ་པ་ངེས་པ་མདོར་བསྡུས་ནས་བཤད་བྱ།། བསྲུང་བ་དབང་བསྐུར་གཏོར་མ་བཟླས་དགར་དང་།། ཕྱིར་ཟློག་པ་དང་དཀྱིལ་འཁོར་བསྒྲུབ་པ ་དང་། བསྡིགས་སྦྱོར་བ་དང་གཤེགསུ་གསོལ་བ་སྟེ།། དེ་ཉིད་བཅུ་ཞེས་སངས་རྒྱས་རྣམས་ཀྱི་གསུངས།། དེ་ལ་དོན་ནི་འདི་ཡིན་ཏེ། བསྲུང་བའི་འཁོར་ལོ་ཞེས་བྱ་བ་ནི་ཡི་གེ་བཾ་སེར་པོའི་ས་བོན་ལས་བྱུང་བའི་སྣ་ཚོགས་པདྨ་ལ། ཡི་གེ་རཾ་ལས ་སྐྱེས་པའི་ཉི་མ་ལ་གནས་པའི་ས་བོན་ཧཱུཾ་སེར་པོ་དེ་ཡོངསུ་གྱུར་པའི་འཁོར་ལོ་རྩིབས་བཅུ་པའོ།། དེའི་དབུས་ཀྱི་ལྟེ་བ་ལ་གནས་པའི་ཡི་གེ་ཧཱུཾ་སྔོན་པོ་དེ་ཡོངསུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་མཛད་དང་། ཆོ་ག་བཞིན་དུ་ས་བོན་གྱི་ཡི་གེ་ཧཱུཾ་བཅུ་རྩིབས་བཅུ་ལ ་གོནས་པ་དེ་ལས་སྐྱེས་པའི་ཁྲོ་བོ་བཅུ་པོ་ཡིནོ།། དེ་ལ་ཤར་གྱི་རྩིབས་ལ་གཤིན་རྗེ་གཤེད་སྔོན་པོ་ཐོ་བ་བསྣམས་པའོ།། ལྷོའི་རྩིབས་ལ་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན་དཀར་པོ་འཆང་བའོ།། ནུབ་ཀྱི་རྩིབས་ལ་པདྨ་ཐར་བྱེད་དམར་པོ་པདྨ ་དམར་པོ་འཛིན་པའོ།། བྱང་གི་རྩིབས་ལ་བགེགས་མཐར་བྱེད་རྡོ་རྗེ་ནག་པོ་འཛིན་པའོ།། དབང་ལྡན་གྱི་རྩིབས་ལ་འདོད་པའི་རྒྱལ་པོ་ནག་པོ་ལྕགས་ཀྱུ་འཆང་བའོ།། མེའི་རྩིབས་ལ་དབྱུག་པ་སྔོན་པོ་ཕྱག་ན་དབྱུག་པ་ནག་པོ་འཛིན་པའོ།། བདེན ་བྲལ་གྱི་རྩིབས་ལ་སྟོབས་པོ་ཆེ་ཕྱག་ན་རྩེ་གསུམ་པ་བསྣམས་པའོ།། རླུང་གི་རྩིབས་ལ་མི་གཡོ་བ་རལ་གྲི་ནག་པོ་འཆང་བའོ།། སྟེང་གི་རྩིབས་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ་རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་འཁོར ་ལོ་སེར་པོ་བསྣམས་པའོ།། འོག་གི་རྩིབས་ལ་གནོད་མཛེས་རྒྱལ་པོ་མི་བསྐྱོད་པའི་གཅོད་པན་ཅན་ཕྱག་ན་རྡོ་རྗེ་ནག་པོ་བསྣམས་པའོ།། རྡོ་རྗེ་ཧཱུཾ་མཛད་དབུ་མི་བསྐྱོད་པས་གནོན་པ་རྡོ་རྗེ་ནག་པོ་འཆང་བའོ།། ཤར་ལ་སོགས་པའི་ཁྲོ་བོ་བཞི་པོ་གཤིན ་རྗེ་གཤེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་ཐར་བྱེད་དང་། བགེགས་མཐར་བྱེད་དག་ནི་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པའི་ཅོད་པན་དག་ཡིནོ།། རིམ་པ་དེ་བཞིན་དུ་དབང་ལྡན་ལ་སོགས་པ་ན ་བཞུགས་པའི་འདོད་པའི་རྒྱལ་པོ་དང་། དབྱིག་པ་སྔོན་པོ་དང་སྟོབས་པོ་ཆེ་དང་། མི་གཡོ་བ་དག་ནི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པའི་ཅོད་པན་དག་ཡིནོ།། ཁྲོ་བོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ ་སྟེ། གཡོན་གྱི་མཛུབ་མོ་དག་ནི་སྡིགས་མཛུབ་དང་བཅས་པ། གཡས་རྣམས་ནི་རང་གི་ཕྱག་མཚོན་འཆང་བ་ཁྲོ་བོ་དང་བཅས་པའི་ཞལ་གདོང་ཟླུམ་ལ་དམར་བ་སྐྲ་སེར་པོ་གྱེན་དུ་རྗེས་པ། གཟུགས་འཕྲོ་བས་བདུད་རྣམས་བསྡིགས་པར་མཛད ་པ། ཉི་མ་ལ་བཞུགས་ཤིང་ཉི་མའི་དཀྱིལ་འཁོར་གྱི་འོད་ཅན་དག་གོ། གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་པ་དག་ནི་སྦོམ་ལ་གསུས་པ་འཕྱང་བ་སྦྲུལ་གྱིས་བརྒྱན་པ། སྨིན་མ་སེར་པོ ་གྱེན་དུ་བརྗེས་པ་ཡིན་ལ། གཞན་རྣམས་རོལ་པའི་སྐུ་ཅན་ཡི་ནོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དང་པོའོ།། ད་ནི་དབང་བསྐུར་བ་བརྗོད་པར་བྱའོ།། གོ་རིམས་བཞིན་དུ་དཀྱིལ་འཁོར་གྱི་གནས་དཀྱིལ་འཁོར་བྱས་ལ། དཀྱིལ་འཁོར་ལ་འཇུག་པའི་ཆོ་གས་དཀྱིལ་འཁོར ་ལ་བཅུག་པ། རྒྱགས་པ་དང་། ང་རྒྱལ་དང་། དྲེགས་པ་ཆུང་ཟད་མེད་པ། ཤིན་ཏུ་དད་པས་བལྟ་བ། ཆུ་དང་། ཅོད་པན་དང་། རྡོ་རྗེ་དང་། བདག་པོ་ལ་སོགས་པ་བདུན་པོས་དབང་བསྐུར་བའི་སློབ་མ་ལ་ཆོ་ག་བཞིན་དུ་གསང་བའི་དབང་སྦྱིན་པར་བྱའོ།། དེའི ་རྗེས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གྱི་ཆོ་ག་དང་ལྡན་པ་བདུན་པོ་དང་། གསང་བའི་དབང་བསྐུར་བ་ཐོབ་པ་ཤེས་རབ་ཡེ་ཤེས་ལ་སེམས་རབ་ཏུ་དགའ་བ། ཤེས་རབ་དང་སྦྱོར་བ་བདེ་བའི་བརྡས་བསྟན་པ་ལ་ཤེས་རབ་ཡང་དག་པར་གཏད་པའི ་ཆོ་གས་ལུང་ལས་གསུངས་པ་བཞིན་ཤེས་རབ་གཏང་པར་བྱའོ།། ཤེས་རབ་ཡང་དག་པར་གཏང་པ་བླངས་པའི་བདེ་བའི་བརྡ་གང་ཡིན་པ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རོ།། དེ་ནས་ཀྱང་འོག་ཏུ་བླ་མ་དམ་པས་བསྟན་པས་རེག་པར་བྱ་བ་དེ་ནི ་དབང་བསྐུར་བ་ཡིན་ནོ།། དེ་ཁོ་ན་ཉིད་གཉིས་པའོ།། ད་ནི་གཏོར་མ་བཤད་པར་བྱ་སྟེ། གསང་སྔགས་ཧཱུཾ་བརྗོད་ནས་བདག་ཉིད་དབུལ་ཧེ་རུ་ཀའི་རྣམ་པར་གྱུར་པ་དང་། ཐམས་ཅད་བསྲུངས་པ་དེའི་གནས་དང་། དཀྱིལ་འཁོར་མདུན་དུ་བསམ་མོ།། གོང ་མ་གོང་མའི་རིམ་པས་ཆོས་འབྱུང་སུམ་བརྒྱུད་ཀྱི་དབུས་སུ་ཆུད་པ་པདྨ་དམར་པོ་འདབ་མ་བརྒྱད་པ་བལྟས་ལ། དེ་ལས་སྟེང་དུ་གཽ་རཱི་ལ་སོགས་པས་དཔག་ཏུ་མེད་པའི་འཇིག་རྟེན་ན་གནས་པའི་ཁྱབ་འཇུག་དང་། ལྷ་ཆེན་པོ་དང་དབང་ཕྱུག་ཆེན་པོ ་དང་། ཉི་མ་དང་། ཟླ་བ་ལ་སོགས་པའི་ལྷའི་སྐྱེ་གནས་པ་འཁོར་དང་བཅས་པ་ཐམས་ཅད་དྲངས་ལ། ས་བོན་གྱི་ཡི་གེ་ཨོཾ་ཡོངསུ་གྱུར་པ་ལས་གཉིས་པ་རྡོ་རྗེ་དྲིལ་བུ་བསྣམས་པ། སྐུ་མདོག་དཀར་པོ་རང་གི་ཤེས་རབ་ཀྱིས་འཁྱུད ་པའི་ལུས་ཅན། གཡས་བརྐྱང་བས་བཞུགས་པ། ཡན་ལག་བཞིས་བྱིན་གྱིས་བརླབས་པ། རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་ཨརྒྷ་དང་། བཏུང་བ་ལ་སོགས་པ་བསྟབས་པ། ཟས་ལ་ཆགས་པ་མེད་པའི་སེམས་ཀྱིས་བསྒོམ་པར་བྱའོ།། དབུས་སུ ་ཕྱོགས་སྐྱོང་རང་རང་གི་ཕྱོགསུ་གྱུར་པའི་འདབ་མོར་ཆུད་པ་རྣམས་བོན་གྱི་ཡི་གེ་ཧཱུཾ་ཡོངསུ་གྱུར་པ་ལས་ནག་པོ་ཆེན་པོ་མི་བསྐྱོད་པའི་ཅོད་པན་ཅན་ནོ།། འོག་ཏུ་སྟོབས་ཀྱི་རྒྱུ་དང་། མཐའ་མེད་མ་དང་། ནོར་རྒྱལ་གྱི་བུ་དང་། འཇོག་པོ་དང་། རིགས་སྦྱིན ་དང་། དུང་དང་། པདྨ་དང་། པདྨ་ཆེན་པོ་རང་གི་ཕྱོགས་ཀྱི་འདབ་མར་ཆུད་པ། ལྷ་མཾ་ཡིན་དང་བཅས་པ་ས་བོན་གྱི་ཡི་གེ་ཨ་ཡོངསུ་གྱུར་པ་ལས་མདོག་དམར་པོ་སྣང་བ་མཐའ་ཡས་ཀྱི་ཅོད་པན་ཅན་ཡིན་ལ། ཕྱི་མ་སྔ་མ་བཞིན་ནོ།། དེའི་འོག་ཏུ ་བཟའ་བ་དང་། བཏུང་བ་དང་། བདུད་རྩི་ལ་སོགས་པ་བདུད་རྩི་ཉིད་དུ་བསྒྲུབ་པར་བྱའོ།། དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཨཾ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུའི་དབྱིབས་ལྟ་བུ་དང་། དེའི་སྟེང་དུ་རཾ་ལས་གྱུར་པའི་མེའི་དཀྱིལ ་འཁོར་མདོག་དམར་པོ།། དེའི་སྟེང་དུ་ཡི་གེ་ཨ་ཡོངསུ་གྱུར་པའི་པདྨའི་སྣོད་བཟའ་བ་ལ་སོགས་པས་བཀང་བ། ས་བོན་ལྔས་བྱིན་གྱིས་བརླབས་པ། འབར་བ་དང་དྲོས་པ་དག་གིས་ཞུ་བར་གྱུར་པ། དེའི་སྟེང་དུ་ས་བོན་གྱི་ཡི་གེ་ཨོཾ་ཡོངསུ་གྱུར ་པའི་ཟླ་བ་ཞུ་བདུད་རྩིར་བྱས་ལ། དྲི་དང་མེ་ཏོག་དང་སྤོས་དང་། རྒྱལ་མཚན་དང་། གདུགས་དང་། གོས་ལ་སོགས་པ་དང་། བཏུང་བ་ལ་སོགས་པ་དང་བཅས་པ་སློབ་དཔོན་དྲིལ་བུ་བརྡུང་བ་ལ་ཕྱོགས་པ། ཨོཾ་ཨིནྡྲ་ཡ་མམྦྷ་ལ་ཡཀྵ་ཞེས་བྱ་བ་ལ་སོགས་པས་གཏོར ་མ་སྦྱིན་པར་བྱ་ཞིང་། དེ་ནས་རང་གི་སྙིང་གར་ཡེ་ཤེས་ཀྱི་སེམས་དཔའི་ཐུགས་ཀའི་ས་བོན་ལས་བྱུང་བའི་གཽ་རཱི་ལ་སོགས་པའི་ཕྱག་ན་མཆོད་པ་སྣ་ཚོགས་ཐོགས་པ་ལ་སོགས་པས་མཆོད་པ་བྱ་ཞིང་། དེའི་འོག་ཏུ་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་ཞེས ་བྱ་བོ་ལ་སོགས་པའི་ཚིག་སུ་བཙང་བས་བསྟོད་པར་བྱ།། བསྟོད་མ་ཐག་ཏུ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏཱི་ནོ་པ་ཏཱིཥྛ། དྲི་ཌྷོ་མཾ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་ག། ཨ་ནུ་རཀྟོ་མེ་བྷ། སརྦ་སིདྡྷི་དྷི། མེ་པ་ཨཙྪ། སརྦ་ཀརྨ་སུ ་ཙ་མེ་ཙིཏྟ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ་བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྫ། མ་ཧཱ་ས་མ་ཡ་སཏྭ་ཨཱཿམུཿཞེས་བྱ་བའི་སྔགས་ཀྱིས་གཤེགསུ་གསོལ་བར་བྱ་སྟེ། གཏོར་མ་རྒྱས་པའོ།། ད་ནི་གཏོར་མ་མདོར་བསྡུས་པ་བསྟན་པར་བྱ་སྟེ། ལྷའི ་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པ་དྲིལ་བུ་བརྡུང་བ་ལ་གཞོལ་བས་ཆོས་འབྱུང་གསུམ་གྱི་དབུས་ཀྱི་པདྨ་དམར་པོ་ལ་གོང་དུ་སྨོས་པའི་ལྷའི་དེ་ཉིད་གོ་རིམས་བཞིན་གཽ་རཱི་ལ་སོགས་པས་བཀུག་ལ་ཡུད་ཙམ་གྱིས་སྔར་བསྒྲུབ་པའི་གཏོར་མ ་དང་དབང་པོ་ལ་སོགས་པའི་སྔགས་ཀྱིས་ཚིམ་པར་བྱས་པ་ཡིན་ཏེ། ཕྱི་མ་སྔ་མ་བཞིན་ནོ།། མདོར་བསྡུས་པའི་གཏོར་མ་སྟེ་དེ་ཁོ་ན་ཉིད་གསུམ་པའོ།། །། ད་ནི་བཟླས་པ་བསྟན་པར་བྱ་སྟེ། ཏིང་ངེ་འཛིན་གསུམ་སྔོན ་དུ་སོང་བའི་རང་ལྷའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པ་བསྒོམ་པའི་དེ་མ་ཐག་རང་གི་ལྷ་ཉིད་ཀྱི་གསང་སྔགས་བཟླས་པ་བྱས་ཤིང་མཆོད་པ་ལ་སོགས་པ་བྱས་ཤིང་མཆོད་པ་ལ་སོགས་པ་བྱས་ཤིང་ལྡང་བར ་བྱའོ།། གསང་སྔགས་བཟླས་པ་སྟེ། དེ་ཁོ་ན་ཉིད་བཞི་པའོ།། དགར་བ་ཡང་བརྗོད་པར་བྱ་སྟེ། བསྟན་པ་ལ་གནོད་པར་བྱེད་པ་དང་། བླ་མ་དང་སངས་རྒྱས་བསླུས་པ་དང་། ཕ་དང་མ་གསོད་པ་ལ་འཆེལ་བ་མཐོང་ན་གཞན་གྱི་ལས་དགེ་བ་དང་མི་དགེ་བ་མངོན་པར ་ཤེས་པ་ཡོད་པའི་རྣལ་འབྱོར་པས་སྙིང་བརྩེ་བ་དང་ལྡན་པའི་སེམས་ཀྱིས་སྦྱིན་པ་དང་གུས་པ་ལ་སོགས་པས་དོན་དུ་གཉེར་བ་ན་བདག་ཉིད་ངན་པ་མི་ཉེད་ན་ཡང་དེ་བཞིན་དུ་ལས་བྱེད་ན་ཡང་དང་ཡང་དུ་གཉེར་བྱའོ།། གལ་ཏེ་ཚིག་མི་ཉན་ན། དེའི་ཚེ་བརྩེ། ་བ་དང་ལྡན་པའི་སེམས་ཀྱིས་དཔལ་དགྱེས་པའི་རྡོ་རྗེ་ལས་གསུངས་པའི་ཆོ་ག་དྲག་པོ་ལས་བྱ་སྟེ། དེ་ལ་རིམ་པ་ནི་བིདི་ཡིན་ཏེ། དུས་མཚསུ་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་ཟེར ་འཕྲོས་པས་སངས་རྒྱས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་དེ་རྣམས་ཀྱི་སྤྱན་སྔར་དེ་ལྟ་བུའི་ལས་བྱེད་པའི་བསྒྲུབ་བྱ་ལ་བལྟས་ནས་སངས་རྒྱས་རྣམས་ལ་བསྒྲགས་པར་བྱའོ།། དེའི་འོག་ཏུ་དཀྱིལ་འཁོར་བ་དང་བཅས་པ་སྤྱན་དྲངས་ལ། མཆོད་པ ་དང་བསྟོད་པ་དང་། བདུད་རྩི་མྱང་བར་བྱས་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱི་རང་གི་འཁོར་ལོའི་གཙོ་བོ་སྤྱན་དྲངས་ལ། རྡོ་རྗེ་ལམ་ལས་པདྨར་ཞུ་བར་གྱུར་པ་ལས་ཞགས་པ་དང་ལྕགས་ཀྱུ་དང་ཐོ་བ་ཐོགས་པའི་གཽ་རཱི་གཟུ ་འབྱུང་བར་བལྟའོ།། གཽ་ནཱི་དེ་རང་གི་འོད་ཟེར་རྡོ་རྗེའི་གཟུགསུ་སྤྲོས་པས་བསྒྲུབ་བྱ་དེའི་སྔགས་དང་ཕྱག་རྒྱ་ལ་སོགས་པ་གསལ་ནས་ཞགས་པས་བཅིངས་ཤིང་ལྕགས་ཀྱུས་དྲངས་ནས་འཁོར་ལོའི་མདུན་དུ་བཀུག་ལ། རྣལ་འབྱོར་པ་དེས་ཡེ་ཤེས ་སེམས་དཔའ་དེ་ལ། བདག་ནི་ངོ་བོའི་དབང་དང་ནི།། མི་བསྐྱེད་ངོ་བོ་ལ་ཆགས་པས།། སྨད་པའི་ལས་རྣམས་ཀུན་འབྱུང་བའི།། ལུས་འདི་ཁྱོད་ཀྱི་སྤང་བྱ་ཞེས།། དོན་དུ་གཉེར་བ་བྱས་ནས་ནི།། གཽ་རཱིའི་ལྕགས་ཀྱུ་ཞགས་པ་ཡིས།། ཡེ་ཤེས་སེམས ་དཔའ་ངེས་འཕྱང་ནས། གཽ་རཱིའི་ལག་པའི་ལྕགས་ཀྱུ་ཡིས།། བསྒྲུབ་བྱའི་ལྟེ་བའི་རྩ་བ་ནས།། རྒྱུ་མ་མ་ལུས་དྲངས་ནས་ནི།། དཀའ་ཐུབ་ཅན་གྱི་དེ་མ་ཐག། དྲག་པོའི་ལས་ལ་སྦྱར་བར་བྱ།། ཡང་ན་དུད་འགྲོའི་གཟུགསུ་བལྟས་ནས་ནཾ།། སྤྱི་འགྲེང་ཁ་ནས ་ཁྲག་སྐྱུག་པ།། འདར་བ་སྐྱབས་མེད་པ། ཏིལ་མར་གྱིས་བྱུགས་པ། གོས་མེད་པ། སྐྲ་གྱེན་དུ་བརྫེས་པ་དེའི་ལམ་ལ་ཁབ་མེའི་གཟུགས་ཅན་རབ་ཏུ་ཞུགས་པར་བསམས་ལ། སྙིང་གར་མེའི་ས་བོན་བསམས་ནས་དེ་ཐག་ཏུ་བསྒྲལ་བར་བྱའོ།། ་ཡེ་ཤེས་སེམས་དཔའ་ཡང་མི་བསྐྱོད་པར་བསྒྲུབས་ལ་ཆོ་གའི་རིམ་པ་ཇི་ལྟ་བཞིན་དུ་མཆོད་པ་དང་། བསྟོད་པ་དང་བདུད་རྩི་མྱང་བ་བྱས་ནས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་བལྟ་བར་བྱའོ།། དགར་བའི་དེ་ཁོ་ན་ཉིད་དེ་ལྔ་པའོ།། ་ད་ནི་བསྒོམ་པའི་ཕྱིར་བཟློག་པ་བསྟན་པར་བྱ་སྟེ། གཙོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བའི་འཁོར་ལོ་ཕྱག་གཉིས་རང་གི་ཕྱག་མཚན་དང་། སྡིག་འཛུབ་ཅན། ཁྲོ་བོ་དང་བཅས་པ་ཉི་མའི་གདན་ལ་གཡས་བརྐྱང་བས་བཞུག་སྦ། འཕྲོ་བའི་གཟུགས ་ཅན་དབང་བསྐུར་བ་ལ་སོགས་པ་བླངས་ལ། དགྲ་བོའི་ཚོགས་ལ་བསྡིགས་པ། གཡོན་དུ་འཁོར་བས་གཡོ་བ་རྣམ་པར་བསམས་ལ། ན་མ་ས་མནྟ་བུདྡྷཱ་ནཱཾ། ན་མ་ས་མནྟ་དྷྱརྨཱ་ནཱཾ། ན་མ་ས་མནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ་ཨོཾ་བི་མ་ལ་ཨོཾ་ཤཾ་ཀ་ར། ་ཨོཾཔྲཿཀཱ་ར་ཨ་བཛྲ་པཱནྡྷི་ལྱཱ་ཙརྦཾ་བྲྀནྡྷ་སརྦྦ་ཡཱནྟྲ་མཱནྟ། ནྡྷམྦྷཱ་ལ་ཀྲཱན་སཱ་རཱ། དྷཱཊྚཱ་ནཱཾ་ཀཱཾ་ལ་ནཱ་ཐ་མ་མཾ་གྲྀ་ཏ་ཡེན་ཞེན། ཙི་ཏྟཏྱཱཏྟྭ་སརྦམྦྷ། ཎཾ་\ུ0f7f། ཛ~ཾ་གཽ་། མ་རྱཱ་ས་ར། ཕཱ་ལ་ཕཊ། 1ལ ་སུ་ལན་བདུན་བཟླས་ནས་བསྒོམ་པར་བྱའོ།། བསྒོམ་པའི་ཕྱིར་བཟློག་པའི་དེ་ཁོ་ན་ཉིད་སྟེ་དྲུག་པའོ།། ། གྲོང་ལ་སོགས་པའི་རྩིབས་བཅུ་པའི་འཁོར་ལོ་བྲིས་ལ། རྩིམས་དང་པོ་ལ། ན་མཿསཾ་མོནྟ་བུདྡྷོ་བྷྲཱུ~ཾ། ན་མོ་བཛྲ་མུངྒ་ར་ཧསྟཱ་ཡ། ཙ ་མཎྜ་ལཱ་ཀྵེ་བ་ཀ་རཱ་ཡ། ཆེ་གེ་མོ་ཀྵཾ་ཀུ་རུ་ཧཱུ~ཾ་ཕཊ། ལྷོའི་རྩིབས་ལ། ན་མཿས་མནྟ་བུདྡྷེ་བྷྱོ། ན་མ་མཱ་ཧཱ་དཎྜ་དྷ་ར་བི་བི་དྷ། སུ་རཱ་སུ་ར། མརྦཱན། བྷཱུ་ཏནྣིརྨྨ་ཐ། ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཕཊ། ནུ་ཀྱི་རྩིབས་ན་ཨཿས་མནྟ་བུདྡྷེ་བྷྱོ། མ་ཧཱ་པདྨོ་ཨ་མྲྀ་ཏཱཾ་ཀུ་རུ་བཾའི་ཆེ་གེ་མོ་རཀྵ ་ཀུ་རུ་ཧཱུཾ་ཕཊ། བྱང་གི་རྩིབས་ལ་ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དེཥྚོཀྟ་ཊ་བྷཻ་ར་བཱ་ཡ། བཛྲ་སནྣ་ཧ་དཛྙཱ་ཡ། ཨོཾ་ཨ་མྲི་ཏ་ཀུཏྟི་ལི། ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཕཊ། དབང་ལྡན་མ་ལ་ན་མཿས་མནྟ་བུདྡྷ་བྷྱོ། ཨོཾ་ཡ་མ་དརྞྞ་ཡ། ནཱི་ལ་དརྞྞ་ཡ། ཏུ་རུ་ཏུ་རུ། ་སུ་རུ་ལུ་རུ། སརྦ་དུཥྚཱ་ན། མཱ་ར་ཡ། མཱ་ར་ཡ~ཾ། ཚི་ག་མོ་རཀྵ་ཀུ་རུ་ཧཱུ~ཾ་ཕཿ། མེ་ལ་ན་མེཿས་མནྟ་བུདྡྷེ་བྷྱོ། ན་མ་མ་ཧཱ་བ་ལཱ་ཡ། ཨུ་ཆུལླ་ཀྲྀ་དྷ་རཱ་ཛཱ་ཡ། སརྦ་ནཱ་གཱ་ནཱ~ཾ། ཧྲྀ་ད་ཡ་ཨ། ཆེ་གེ་མོ་རཀྵ་ཀུ་རུ་ཧཱུ~ཾ་ཕཊ། བདེན་བྲལ་ལྡན་མཿས་མནྟ་བུདྡྷི་བྷྱོ། ན་མ་ཨ ་ཙལ་ཀ་ཥཱ་ཡ། ཙིནྡྲ་ཙེནྡྲ། མོཊྚ་མོནྟ། ཏུནྣ་ཏུནྡྷ། གྷ་གྷ། གྷཱ་ཏ་ཡཱ་གྷཱ་ཏ་ཡ། ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཕཊ། རླུང་གི་ཕྱོགས་ལ་ནཱ་མཿས་མནྟ་བུདྡྷེ་བྷྱོ། ཨོཾ་ཊཀྐི་རཱ་ཛ་ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཕཊ། འཁོར་ལོའི་ལྟེ་བ་ལཱ། ཨོཾ་སུཾ་བྷ་ནཱི་སུཾ་བྷཱ་ར་ཧཱུཾ། ཨཱ་ནཱ་ཡཱ་ཧོ། བྷ ་ག་བཱན། བིདྱཱ་རཱ་ཛ། ཆེ་གེ་མོ་རཀྵ་ཀུ་རུ་ཧཱུ~ཾ་ཕཊ་སྭཱ་ཧཱ། འཁོར་ལོའི་མོ་འཁྱུང་ལ་སྔགས་འདི་བྲི་བར་བྱ་སྟེ། ན་མཱཿས་མནྟ་བུདྡྷཱ་ནཱཾ། ནཱ་མཱ་ས་མནྟོ་དྷུརྨྨ་ནཱཾ། ན་མ་ས་མནྟ་སཾ་གྷཱ་ནཱཾ། ཨོཾ་སཽ་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱཾ་གི་ར། ཨོཾ་ཨུཥྞཱི་ཥ་ཙཀྲ ་བདྷི། སརྦ་ཡནྡྲ་མཱནྟྲ། མུ་ལ་ཀརྨ། བནྡྷ་ནཱཾ། ཏྲཱ་ནཱ་ནཱཾ། ཀཱི་ལ་ནཱཾ་བྷཱུ། མ་མ་ཀྲྀ་ཏི། ཡེ་ན་ཀེ་ན། ཙིཏྟཾ་ཏ་ཏ་སརྦཛྫ་ཙྪིནྡྷ་ཙྪིརྞྞ། དྷཱིཿཛྷིནྟི། ཙ་རྀ་ཙི་རི། ཀཻ་རྀ་གཽ་ར~ཾ། མཱ་ར་མ་རཱ། ཥྚྲྀ་དྷཱཧཱཧཱུཾ། ཕཊ་ཕཊ་ཕཊ། བསྲུང་བའི་སྦྱོར་བ་འདིས་འཁྲུལ་འཁོར་དང་སྔགས ་ལ་སོགས་པ་འཇིག་པར་བྱེད་པ་ཡིན་ཏེ། བསྲུང་བའི་འཁོར་ལོ་བྱཅ་པ་དཔུང་པ་ལ་བཏགས་ན་ཁམས་གསུམ་པོས་ཟིལ་གྱིས་གནོན་པར་མི་འགྱུར་རོ།། བྲིས་པའི་ཕྱིར་བཟློག་པོ་སྟེ། དེ་ཁོ་ན་ཉིད་བདུན་པའོ།། དེ་མ་ཐག་ཏུ་དཀྱིལ་འཁོར་གྱི་སྒྲུབ་པ་བརྗོད ་པར་བྱ་སྟེ། སྔགས་པ་རྣམས་ཁ་བལྟས་ཏེ་དཀྱིལ་འཁོར་གྱི་སྒྲུབ་པོ་བརྩམ་པར་བྱའོ།། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ན་མཁའ་ལ་གནས་པའི་དཀྱིལ་འཁོར་དྲངས་ནས་རང་གི་རིག་མའི་པདྨ་ཞུགས་པར་གྱུར་པར་བས་མོ།། ་ཤུ་བ་དེ་ལས་རང་གི་ས་བོན་གྱི་མཚོན་གྱི་དཀྱིལ་འཁོར་དུ་འཁོར་ལོའི་གཙོ་བོ་ལ་སོགས་པ་གོ་རིམས་བཞིན་དུ་སྤྲོ་བར་བྱའོ།། དེའི་འོག་ཏུ་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ལ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བའི་བར་དུ་བྱའོ།། དཀྱིལ་འཁོར ་གྱི་སྒྲུབ་པ་སྟེ་དེ་ཁོ་ན་ཉིད་བརྒྱད་པའོ།། ། ད་ནི་སྡིག་པའི་སྦྱོར་བ་བརྗོད་པར་བྱ་སྟེ། རྣལ་འབྱོར་པའི་སེམས་བསྒོམ་པ་ལ་ཅུང་ཞིག་བརྟན་པོར་གྱུར་ཅིང་མཚན་མ་ཅུང་ཞིག་རྙེད་པར་གྱུར་པས་ཟླ་བ་དྲུག་གི་བར་དུ ་བསྒོམ་པར་བྱའོ།། དེ་ལྟར་ན་ཡང་གལ་ཏེ་མ་གྲུབ་ན་དེའི་ཚེ་རང་གི་འདོད་པའི་ལྷ་ཉིད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བ་ཅོན་གྱི་ཇི་སྐད་བརྗོད་པའི་ཆོ་ག་དམ་ཚིག་ལ་སོགས་པ་སྔོན་དུ་འགྲོ་བས་ཟླ་བ་བཅོ་བརྒྱད་བསྒོམ་པར་བྱའོ།། དེ་ལྟ་ན་ཡང་གྲུབ་པར་མ ་གྱུར་ཏོ་ཞེ་ན། དེའི་ཚེ་ཐུན་མཚམསུ་རྣམསུ་བསྡིགས་པའི་སྦྱོར་བ་བརྩམ་པར་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ནོ།། མི་བསྐྱོད་པའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་གསུམ་དང་ལྡན་པ། དཀྱིལ་འཁོར་བ་ནག་པོས་ཡོངསུ་བསྐོར་བ། ་གཞལ་ཡས་ཁང་སྤྱན་ནག་པོར་བསྒྲུབས་པ་བསྒོ་མོ།། དེའི་འོག་ཏུ་མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བར་བྱས་ནས་ཡེ་ཤེས་ཀྱི་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱི་དེ་བཞིན་གཤེགས་པའི་འཁོར་ལོ་དྲངས་ཏེ་པདྨའི་དཀྱིལ ་འཁོར་དུ་ལྟུང་བར་གྱུར་པ་མེའི་དཀྱིལ་འཁོར་གྱི་ཡོངས་སུ་བསྐོར་བ། འཇིགས་ཤིང་སྐྲག་ལ་རབ་ཏུ་འདར་བར་གྱུར་པ་བལྟས་ལ། དེའི་ས་བོན་གྱི་འོད་ཟེར་གྱི་དེ་བཞིན་གཤེགས་པའི་ཚོགས་ཤེས་རབ་ཆགས་པས་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས ་བྱུང་བ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་གཤེད་ཕྱག་གཉིས་པས་ཕྱོགས་བརྒྱད་ནས། ཨོཾ་ཨཱཿབཛྲ་རཱ་ཛ་ཨཀྵོ་བྷྱཱཾ་ཀི་ལ་ཡ་ཧཱུཾ་ཕཊ། ཞེས་བྱ་བས་ཕུར་བུ་གདབ་པར་བྱའོ།། འདི་ནི་མི་བསྐྱོད་པའི་ཆོ་ག་ཡིན་ནོ།། དེ་དག་ཐམས་ཅད་ལ་གདབ་པར་བྱ་བ ་དང་། འདེབས་པར་བྱེད་དོ།། བདེབས་པར་བྱེད་པར་མངོན་པར་ཞེན་པ་མེད་པས་བྱས་ན། འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ།། བསྡིགས་པའི་སྒྲུབ་པ་སྟེ་དེ་ཁོ་ན་ཉིད་དགུ་པའོ།། དེའི་འོག་ཏུ་གཤེགསུ་གསོལ་བ་བསྟན་པར་བྱ་སྟེ། དེ་འི་རིམ་པ་ནི་འདི་ཡིན། ་དཀྱིལ་འཁོར་གྱི་ཁང་པ་ལས་བྱུང་ལ་ཞི་བའི་སྦྱིན་བསྲེགས་བྱས་ནས་ཡང་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་མཆོད་པ་སྣ་ཚོགས་པས་དཀྱིལ་འཁོར་མཆོད་པ་བྱས་ནས་སྤྲོས་པ་དང་བཅས་པའི་དྲིལ་བུ་དཀྲོལ། ལ། ཨོཾ་ཁྱེད་ཀྱི་འགྲོ་བའི་དོན་མཛད་ཀུན། ་རྗེས་སུ་མཐུན་པར་དངོས་གྲུབ་སྩོལ།། སངས་རྒྱས་ཡུལ་དུ་གཤེགས་ནས་ནི།། སླར་ཡང་འབྱོན་པར་མཛད་དུ་གསོལ།། མུཿཞེས་བྱ་བའི་ཚིགསུ་བཅད་པ་བརྗོད་ལ། དེའི་འོག་ཏུ་ས་ཚོན་གྱི་དཀྱིལ་འཁོར་ལས་བསྐྱོད་དེ། དཀྱིལ་འཁོར་གྱི་འཁོར་ལོ ་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་བསམ་མོ།། ཡི་གེ་གསུམ་པོའི་མཐའ་ཅན་གྱི་དཀྱིལ་འཁོར་གྱིས་ཆེན་ཕྱག་ལ་དྲི་ཞིམ་པོའི་སྣོད་དུ་བཅུག་ལ། རྒྱ་མཚོར་འབབ་པའི་ཆུ་བོ་ལ་དོར་བར་བྱའོ།། དཀྱིལ་འཁོར་གྱི་ས་བ་བྱུང་གིས་བྱུགས་ཤིང ་ཡི་གེ་མུཿཡི་མཐའ་ཅན་གྱིས་ཆོ་གས་གཏོར་མ་སྦྱིན་པར་བྱའོ།། གཤེགསུ་གསོལ་བའི་དེ་ཁོ་ན་ཉིད་བཅུ་པའོ།། དེ་ཉིད་བཅུ་པ་ངེས་བྱས་ལས།། བདག་གིས་བསོད་ནམས་གང་བསགས་པོ།། དེ་ནི་འགྲོ་བ་མི་ཤེས་པའོ།། རབ་རིབ་རྣམས་ནི་ནི ་འགྱུར་ཤོག། སློབ་དཔོན་ཌོམྦི་པས་མཛད་པའི་དེ་ཁོ་ན་ཉིད་བཅུ་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར ་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཡོ་ག་ཡོ་གཱི་ནི་ནཱ་མཱ་སདྲ་ནཱ་ལོ་པ་དེ་ཤ་ནཱ་མ། བོད་སྐད་དུ། རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོངས་མ་ཡིན་པའི་དོན་ལ་གདམས་པ་ཞེས ་