| Wylie | e-texts produced with BDRC’s OCR application |
text in 2 volumes
volume 1 ('dul ba ('u)) - volume 2 ('dul ba (yu)) -
རྒྱ་གར་སྐད་དུ། སབྷཱཛྙཱ་ན་ས་རྒྱུན་ནས་སྨྲ།
་ཏྲབྲྀཏྟ་ཏི་ནཱ་མ། བོད་སྐད་དུ། འདུལ་བ་མདོའི་འགྲེལ་པ་མངོན།
་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདུ
་བའི་མདོ་རྣམས་གང་ཡིན་པ།། བསྡུ་བའི་ཕྱིར་ནི་མཛད་གྱུར་ཏེ།། བྱང་ཆུབ་སེམས་དཔའ་ཡོན་ཏན་འོད།། རང་གིས་དེ་ཉིད
་རྣམ་བཤད་བྱ།། དེ་ལ་མདོ་དང་པོ་ནི་འདི་ཡིན་ཏེ། དེ་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས
་བྱ་བ་སྨོས་ཏེ། དེ་ལ་དེ་ནས་ཞེས་བྱ་བའི་སྒྲ་ནི་དབང་དུ་བྱེད་པའི་དོན་ནོ།། མདོ་བརྩམས་པ་ནས་ཡོངསསུ་རྫོགས་པའི་བར་གྱིས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ
་བྱས་པར་རིག་པར་བྱའོ།། འདིར་འབྱུང་བ་ནི་ཐོབ་པ་ཡིན་ཏེ་འགྲོ་བ་ནི་མ་ཡིན་ནོ།། འདིས་ངེས་པར་འབྱུང་བས་ན་ངེས་པར་འབྱུང་བ་ཞེས་བྱའོ།། དཔེར་ན་གྲོང་ཐོབ་པ་ཞེས
་བྱབྱོ་བ་ལྟ་བུའོ།། ངེས་པའི་སྒྲ་ནི་ཕྱིར་མི་ལྡོག་པ་བསྒྲགས་པའི་དོན་དུ་སྟེ། ཕྱིར་མི་ལྡོག་པར་འབྱུང་བ་ནི་ངེས་པར་འབྱུང་བ་ཞེས་བྱའོ།། ད་ལྟར་ན་འོདི་ཕུང་པོ་ལྷག་མ་མེད་པའི་མྱ
་ངན་ལས་འདས་པ་ཡང་དག་པར་ཐོབ་པ་བརྗོད་པ་སྟེ། གང་གི་ཕྱིར་དེ་ནི་ཕྱིར་མི་ལྡོག་པར་བྱེད་པའི་འབྱུང་བའོ།། འོ་ན་དེ་ལས་ངེས་པར་འབྱུང་བས་ན་ངེས་པར་འབྱུང་བ་ཞེ་བྱིསྒྲ།
་། འདིས་ཅིའི་ཕྱིར་འདིར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡང་དག་པར་ཐོས་བརྗོད་པ་ཞེས་བྱ་བ་གོ་བར་བྱེད་པ་མ་ཡིན་ནམ། འདིས་ངེས་པར་འབྱུང་བ་ཞེས་བྱ་བས་ལམ་མངོན་པར་བརྗོད་པ་ཞེས་བྱ་བ
་ཡིན་ཞེས། གང་གི་ཕྱིར་ངེས་པའི་སྒྲ་ནི་རྩོམ་པའི་དོན་ཅན་བསྟེན་པ་མ་ཡིན་ལ། ཐ་མའི་དོན་ཅན་ཡང་མ་ཡིན་ནོ།། འདི་བསྟེན་པས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལྔ་འདྲ་བ་ཡང་དག་པར་བརྗོད་པར་འགྱུར་བ་ཡིན་ཏེ། འཁོར་བར་འཇུག་པ
་རྩོམ་པར་གྱུར་པ་འདི་ལས་འབྱུང་བས་ན་ངེས་པར་འབྱུང་བའམ་འཁོར་བར་འཇུག་པ་ལ་མཐར་ཐུག་པར་འགྲོ་བ་ཞེས་བྱ་བ་སྟེ་དེ་ཡང་བསྟེན་པ་མ་ཡིན་ནོ།། འོན་ཀྱང་ཕྱིར་མི་ལྡོག་པའི་དོན་ཅན་ནི་ངེས་པའི་སྒྲ་འདིར་མངོན་པར་འདོད་པའོ།། །
་དེས་ན་གང་ཉིད་ཕྱིར་མི་ལྡོག་པར་འཇུག་པར་བྱེད་པའི་འབྱུང་བ་དེ་ཉིད་འདིས་བརྗོད་ཀྱི་གཞན་ནི་མ་ཡིན་ནོ།། གང་གི་ཕྱིར་གང་ཞིག་སྙོམས་པར་འཇུག་པའི་ལམ་དུ་འོངས་ནས་རྡོ་རྗེ་ལྟ་བུའི་རྗེས་ལ། ཕུང་པོ་ལྷག་མ་དང་བཅས་པའི་མྱ
་ངན་ལས་འདས་པ་ཡང་དག་པར་ཐོབ་པའོ།། དེའི་ལམ་ལས་གང་ཞིག་ལངས་ནས་ལམ་གཞན་དུ་འགྲོ་བའི་དེ་ནི། ཕྱིར་མི་ལྡོག་པ་ནི་མ་ཡིན་ཏེ། དགྲ་བཅོམ་པ་ཉིད་ལ་སོགས་པ་ལས་ཉམས་པ་དེ་ནི་འདིའི་མིང་དུ་སྣང་བ་ཉིད་དོ།། །
་འདིར་འབྱུང་བ་ནི་ལམ་ཐོབ་པ་སྟེ་འགྲོ་བ་ནི་མ་ཡིན་ནོ།། དེ་བས་ན་འགྲོ་བའི་དོན་ལ་ཡང་དག་པར་མ་བརྟེན་པས་ཀྱང་ངེས་པར་འབྱུང་བ་ཉིད་དུ་ཐལ་བ་མ་ཡིན་ནོ།། ངེས་པར་འབྱུང་བ་ལ་འགྲོ་བའི་ཚུལ་ཁྲིམས་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས
་སོ།། དེ་ཡང་འདིར་ཆོས་ཀྱི་རྒྱུ་གང་ཞིག་ཚུལ་ཁྲིམས་དེ་ནི་མ་ལུས་པའི་འདུལ་བས་གསུངས་པར་ཤེས་པར་བྱའོ།། དེ་བས་ན་འདིར་རབ་ཏུ་བྱུང་བའི་གཞི་དང་། རྣམ་པར་འབྱེད་པའི་གཞི་དང་། གསོ་སྦྱོང་གི་གཞི་དང་། དབྱར་གྱི་གཞི་དང་།
་དགག་དབྱེའི་གཞི་དང་། སྲ་བརྐྱང་གི་གཞི་དང་། ཆོས་གོས་ཀྱི་གཞི་དང་། ཀོ་ལྤགས་ཀྱི་གཞི་དང་། སྨན་གྱི་གཞི་དང་། ལས་ཀྱི་གཞི་དང་། ཕྱིར་བཅོས་ཀྱི་གཞི་དང་། དུས་དང་དུས་མ་ཡིན་པ་བསྡུས་པ་བསྡུས་པ་འབྱུང་བའི་གཞི་དང་། ས་གཞན
་ན་གནས་པ་སྤྱོད་པའི་གཞི་དང་། ཡོངས་སུ་སྦྱང་བའི་གཞི་དང་། ལས་བྱེ་བའི་གཞི་དང་། འཁོར་ལོ་བྱེ་བའི་གཞི་དང་། རྩོད་པའི་གཞི་དང་། གནས་མལ་གྱི་གཞི་ཞེས་བྱ་བའི་གོ་རིམ་འདིས་འདུལ་བའི་ཆོ་ག་མ་ལུས་པ་ལ་ཡང་དག་པར་འཇུག་པའོ།། །
་གང་གི་ཕྱིར་འདིར་དགོངས་པ་ནི་འདི་ཡིན་ཏེ། རྣམ་པ་འདིས་རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པ་དག་ལ་ཉེ་བར་ཐོབ་པ་ནི་རིགས་པ་སྟེ། འདི་ནི་འདི་ལྟ་བུའི་རྣམས་པོ་ཅན་བསྡུ་བ་དང་། འདིར་འདི་ལྟ་བུའི་རྣམ་པ་ཅན་ཡང་སྤང་བར་བྱ་བ་ཞེས་བྱ་བ
་འདི་ལ་ཐོག་མར་སྦྱར་བ་ཞེས་བྱ་བ་དེའི་ཕྱིར་དང་པོར་རབ་ཏུ་བྱུང་བའི་གཞི་ཡང་དག་པར་བཞག་པའོ།། བསྟན་པ་ལ་རབ་ཏུ་ཞུགས་པ་དེ་ལ་བསླབ་པ་མ་ལུས་པ་འདོར་བ་ལ་སོགས་པས་ཚུལ་མ་ཡིན་པ་ལ་འཇུག་པ་ལས་བསླབ་པ་ནི་འདི་ཡིན་ཏེ།
་དེ་བས་ན་དེའི་རྗེས་ལ་རྣམ་པར་འབྱེད་པ་ལ་ཡང་དག་པར་འཇུག་པའོ།། གསོ་སྦྱོང་གི་གཞི་ལ་སོགས་པ་རྣམས་ལ་ཡང་གོ་རིམ་གྱིས་རྒྱུ་འདི་རྣམས་ཡིན་ཏེ། ཇི་ལྟར་བསླབ་པ་མཚུངས་པ་ཉིད་དུ་དུས་དུས་སུ་མདོ་ལ་བརྟེན་ནས་ཡོངས་སུ་རྒྱས་པར་བྱེད
་པ་དེའི་ཕྱིར་གསོ་སྦྱོང་གི་གཞི་མངོན་པར་བརྗོད་པ་ཡིན་ནོ།། དུས་གང་ཞིག་ལ་དུས་གཅིག་ཏུ་གནས་པས་དོན་བསྒྲུབ་པ་དེ་ལ་གནས་པ་ལས་སོན་པའི་ཆོ་ག་སྟེ་དེའི་རྗེས་ལ་དབྱེར་གྱི་གཞི་བསྟན་པ་ཡིན་ནོ།། གནས
་ངེས་པའི་བདག་ཉིད་ཅན་དབྱར་གྱི་གཞི་ལ་གནས་པའི་ཐ་མར་མཐོང་བ་ལ་སོགས་པའི་གནས་གསུམ་རྣམས་ཀྱིས་དགེ་འདུན་ལ་དགག་དབྱེ་བགྱིད་དོ།། ཞེས་བྱ་བས་དག་པ་ཡོད་པ་ལ་སྦྱིན་པ་གཏོང་བ་ལ་སྦྱར་བ་ཉིད་དོ།། ཞེས་བྱ་བ་སྟེ། དོར་རྗེས
་དགག་དབྱེའི་གཞི་བསྟན་པ་ཡིན་ནོ།། བཀོད་པ་དང་འབྲེལ་པ་སུ་ཞིག་དབྱར་གྱི་གཞི་ལ་གནས་པའི་བདག་ཉིད་ཅན་གྱིས་གནས་ངེས་པ་ལས་ལུས་གཞན་དུ་འགྱུར་བ་ཡོད་དེ། ཤིན་ཏུ་སྦྱངས་པ་ལ་གནས་པ་ཉིད་ཀྱི་དོན་དུ་བསྟེན་པར་བྱ་བ་ཡིན་ཏེ།
་འདིའི་རྗེས་ལ་དེའི་རིམ་པ་ནི་དེའི་ཕྱིར་སྲ་བརྐྱང་གི་གཞི་བསྟན་པ་ཡིན་ནོ།། དེ་ལ་སོ་སོར་སྒྲུབ་པ་མེད་པ་ལས་གོས་ཀྱི་རྣམ་པར་དབྱེ་བ་ལ་སྦྱོར་བ་ཞེས་བྱ་བ་དང་བྲལ་བ་ཉིད་ཀྱི་བཀོད་པ་དང་འབྲེལ་པ་དེ་དག་ལ་གོས་སྦྱིན་པའི་དུས་ཡིན་ཏེ། དེའི་ཕྱིར་གོས
་ཀྱི་གཞིའི་ཆོ་ག་བསྟན་པ་ཡིན་ནོ།། གོས་ཀྱི་རབ་ཏུ་དབྱེ་བ་ཤེས་པ་ནི་ཀོ་ལྤགས་ཞེས་བྱ་བ་ཡིན་ཏེ། དེའི་རྗེས་ལ་ཀོ་ལྤགས་ཀྱི་གཞི་བསྟན་པ་ཡིན་ནོ།། ནད་གསོ་བ་མེད་པས་གནས་གཅིག་གམ་སོ་སོར་གནས་པོར་མི་ནུས་པས་དེའི་ཕྱིར་ལྷན་ཅིག
་དང་ཉེ་བའི་སྔ་མ་དང་ཕྱི་མའི་དུས་དག་གིས་དང་པོར་གོས་སྦྱིན་པའི་དུས་ལ་ཕལ་ཆེར་ནད་ཀྱིས་བཏབ་པ་བྱུང་བ་དེ་ལ་བརྟེན་པ་དེས་ལས་དགོས་པའི་ཆོ་ག་རིགས་པའི་ངོ་བོ་སྟེ། དེའི་རྗེས་ལ་སྨན་གྱི་གཞི་བསྟན་པ་ཡིན་ནོ།། དེ་ལྟར་གནས་པ་རྣམས
་ཀྱིས་འབྱུང་ཞིང་འབྱུང་བའི་བྱ་བ་རྣམས་ལ་རྗེས་སུ་སྒྲུབ་པའི་ཆོ་ག་ཞེས་བྱ་བ་སྟེ། དེའི་རྗེས་ལ་ལས་ཀྱི་གཞི་བརྗོད་པ་ཡིན་ནོ།། སྨོན་ལམ་གྱི་ལས་ལ་སོགས་པ་འབྱུང་བ་རྣམས་ལ་སྨོན་ལམ་གྱི་ལས་བྱེད་པ་ལ་སོགས་པ་ངེས་པར་བྱེད་པ་དང་སོ
་སོར་བསྒྲུབ་པར་སྐབས་ལ་སོགས་པས་རིགས་པ་ཞེས་བྱ་བ་དེའི་རྗེས་ལ་ཕྱིར་བཅོས་པའི་གཞི་བསྟན་པ་ཡིན་ནོ།། དགེ་འདུན་ལྷག་མ་དང་ལྡན་པ་ལ་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བ་དང་། ས་གཞན་གནས་པ་ལ་སྤྱོད་པའི་གཞི་དག་ལ
་ངེས་པར་སྤྱོད་པ་དང་སོ་སོར་སྤྱོད་པའི་དོན་དུ་ཡང་དག་པར་འཇུག་པ་ཡིན་ནོ།། ཀཽ་ཤཱམྦཱི་དང་། སྐྱེ་བོ་དང་། དམར་བ་དང་གང་ཟག་ཀུན་ནས་གནས་པའི་གཞི་རྣམས་ནི་ཕྱིར་བཅོས་པའི་གཞི་ལ་སོགས་པའི་མིང་རྣམས་ཀྱིས་གསུངས་པ་ཡིན་ཏེ། མིང
་གཞན་འཇུག་པའི་དགོངས་པ་ནི་རིམ་པ་དེ་ཉིད་ལས་བཤད་པར་བྱའོ།། ངེས་པར་འབྱེད་པ་ལ་སོགས་པ་ལ་རྗེས་སུ་ཉེ་བར་གནས་པ་རྣམས་ལ་ཡོངསུ་འདུལ་བར་བྱེད་པ་ནི་རིགས་པར་ངོ་བོ་ཉིད་ཡིན་ཏེ། དེའི་རྗེས་ལ་ཡོངས་སུ་སྦྱང་བའི་གཞི་བསྟན
་པ་ཡིན་ནོ།། གསོ་སྦྱོང་བཞག་པའི་གཞིའི་མིང་གཞན་འདི་འཆད་པར་འགྱུར་བའི་དོན་དུ་ཤེས་པ་རྣམས་ལ་འཇུག་པ་ཞེས་བྱ་བ་དེའི་རྗེས་སུ་ལས་བྱེད་པ་དང་། འཁོར་ལོ་བྱེ་བའི་གཞི་དག་བསྟན་པ་ཡིན་ནོ།། ཐ་སྙད་ལ་བརྟེན་པའི་ཆོ་ག་འདིའི་རྗེས་སུ་རིགས
་པ་ཡིན་ཞེས་བྱ་བ་འདིའི་དོན་ལ་བརྩོད་པའི་གཞི་བསྟན་པ་ཡིན་ནོ།། གནས་གང་དུ་འདི་ཐམས་ཅད་དང་དགེ་བའི་ཕྱོགས་གཞན་རྗེས་སུ་སྒྲུབ་པར་བྱེད་པ་དེ་ལ་བརྟན་པའི་ཆོ་ག་འདི་ལས་རིགས་པ་ཡིན་ཏེ། དེའི་རྗེས་ལ་གནས་མལ་གྱི་གཞི་བསྟན་པ་ཡིན་ནོ།། ཕྲན་ཚེགས
་ལ་སོགས་པ་རྣམས་ཀྱང་འདི་རྣམས་རབ་ཏུ་དབྱེ་བར་གྱུར་པ་ཉིད་ཀྱི་ཕྱིར་འདི་རྣམས་ལས་ལྷག་པ་ཉིད་ནི་མ་ཡིན་ནོ།། དེ་བས་ན་སོ་སོར་མདོར་བྱས་པ་མ་ཡིན་ནོ།། གང་དུ་གང་གི་སྦྱོར་བ་ནི་དེ་ཉིད་ལས་ངེས་པར་བསྡུས་པ་ཡིན་ནོ།།
་མཁན་པོ་དང་སློབ་དཔོན་དག་གིས་རྗེས་སུ་གནང་བས་མཐར་ཕྱིན་པ་ནི་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་ཆོ་ག་སྟེ། དེ་ཉེ་བར་བསྟན་པའི་དོན་དུ། དགེ་འདུན་ཐམས་ཅད་འདུས་པ་ནི་ཆ་ལུགས་འདི་བཞིན་དུ་བྱས། རྒན་རིམས་ལ་ཕྱག་འཚལ་ནས།
་ཐལ་མོ་སྦྱར་ཙོག་ཙོག་པོར་འདུག་ཅིང་གསོལ་བ་བཏབ་པར་གྱུར་པ་གསུམ་དང་། གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་ཉེ་བར་བསྒྲུབས་པར་གྱུར་པ་ལྟ་བུ་ནི་སྔོན་གྱི་ཆོ་གའོ།། ཞེས་བྱ་བ་གསུངས་ཏེ། འཁོར་དུ
་དགེ་འདུན་གྱི་ཕྱོགས་གཅིག་བསྡུས་པ་དགག་པའི་དོན་དུ་ཐམས་ཅད་ཅེས་བྱ་བའི་ཐ་ཚིག་གོ།། འཁོར་དུ་གནས་པ་ཡང་དགེ་འདུན་གྱི་ཕྱོགས་གཅིག་ལ་ནི་མ་ཡིན་ཏེ། འོན་ཀྱང་དེའི་ནང་དུ་མཚམས་ན་གནས་པ་ཐམས་ཅད་དོ།། འདིས་ཆ་ལུགས་འདི
་ཞེན་བྱས་པ་ནི་ཆ་ལུགས་འདི་བཞིན་དུ་བྱས་པའོ།། འདི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་དགེ་སློང་གི་ཆ་ལུགས་འདི་བཞིན་ཏེ་སྐྲ་དང་ཁ་སྤུ་བྲེགས་པའི་དགེ་སློང་གི་ཆ་ལུགས་ཀྱི་ཆོས་གོས་གསུམ་གྱོན་པ་ཞེས་བྱ་བའི་དོན་ཏོ།། ཕྱག་འཚལ་ནས
་ཞེས་བྱ་བ་ནི་རྒན་རིམས་ལ་ཞེས་བྱའོ།། ཇི་སྐད་དུ་འཆད་པར་འགྱུར་བ་སྟེ། དེ་ལ་འདིར་མངོན་པར་འབྲེལ་པ་ནི་རྒན་རིམས་ལ་ཕྱག་འཚལ་ནས་ཡན་ལག་ལྔས་ཕྱག་བྱས་ཏེ་ཞེས་བྱ་བའི་དོན་ཏོ།། ཐལ་མོ་སྦྱར་བ་ཞེས་བྱ་བ་ནི་ཐལ་མོ་སྦྱར་བའོ།།
་ཙོག་ཙོག་པོར་འདུག་ཅིང་ཞེས་བྱ་བ་ནི་ཅོག་ཙོག་པོར་ཉིད་ཀྱིས་གནས་པ་སྟེ། སྟན་ལ་ཉེ་བར་འདུག་པས་ནི་མ་ཡིན་ནོ།། གང་དུ་གནས་ཞེ་ན། རྒན་རིམས་ལ་ཞེས་བྱ་བའོ།། འོ་ན་རྒན་རིམས་ལ་ཙོག་ཙོག་པོ་ཉིད་ཀྱིས་འདུག་ལ་ཐལ་མོ་སྦྱར་བ་ཉིད་ཅེས་བྱ
་པ་འདིས་ནི་དགེ་འདུན་ལ་རག་ལས་པའི་ལས་ལ་ངེས་པ་ཡིན་ཏེ། ལས་ཐམས་ཅད་ལ་དབང་དུ་བྱེད་པའི་མདོར་བྱས་པ་སྟེ། དེ་ཉིད་ཀྱི་ཕྱིར་འདིས་ཡང་ལས་ཉིད་ཀྱི་ཕྱིར་གསུམ་པོ་འདིས་ཐོབ་པར་གྱུར་པ་ལ་ཅིའི་ཕྱིར་སླར་ཚིག་ལྟར་བྱུང་བའི་ཆོ་ག་དབང་དུ
་བྱེད་པ་ཉིད་ཀྱིས་ཐལ་མོ་སྦྱར་ཞེས་པ་ལ་སོགས་པ་ངེས་པ་ལས། འདིར་འདི་ལ་བསྒྲུབ་པར་གྱུར་པ་ལྟ་བུ་ནི་སྔོན་གྱི་ཆོ་ག་ཞེས་བྱ་བའི་ཚིག་ཡོད་པ་ཡིན་ནོ།། གསོལ་བ་བཏབ་པར་གྱུར་པ་ཞེས་པ་ནི་ཅི་ཞིག་ཅེ་ན། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ
་དག་གོ།། སླར་གསོལ་བ་བཏབ་པ་ནི་བཙུན་པ་རྣམས་གསོན་ཅིག། དགེ་འདུན་གྱི་པད་ག་མིང་འདི་ཞེས་བགྱི་བ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་ཉིད་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བདག་འདོད་ཅེས་བྱ་བ་ནི
་རྒྱ་ཆེར་བཤད་པའོ།། སྔགས་འདིས་ལན་གསུམ་གྱི་བར་དུ་གསོལ་བ་བཏབ་པའོ།། གསོལ་བ་དང་གཞིའི་ལས་ཀྱིས་ཞེས་བྱ་བ་ནི་ལན་གསུམ་དུ་བརྗོད་པས་གསོལ་པ་དང་གཞིའི་ལས་གང་ཞིག་ལ་ཡོད་པ་དེ་ནི་གསོལ་བ་དང་བཞིའི་ལས་དེ་ཉིད
་ཀྱིས་སོ།། ཅིག་ཅར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དག་ཅེས་བྱ་བ་ནི་རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པ་དུས་མཉམ་དུ་ཡིན་གྱིས་རིམ་གྱིས་ནི་མ་ཡིན་ནོ།། ཉེ་བར་བསྒྲུབས་པར་གྱུར་པ་ཞེས་བྱ་བ་ནི་དགེ་འདུན་དུ་གྱུར་པའི་དགེ
་སྲོང་རྣམས་སྷོ། དེ་ལྟར་ན་ཡང་སྔགས་མི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མང་འདྲ་ཞེས་འགྱི་བ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་ཉིད་དང་བསྟན་པར་རྫོགས་པ་དགེ་སློང
་དངོས་པོར་འདོད་ཅིང་གསོལ་ན། བདག་མིང་འདི་ཞེས་བགྱི་བ་དགེ་འདུན་གྱིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མཛད་དོ་ཞེས་བྱ་བའོ།། ལྟ་བུ་ནི་སྔོན་གྱི་ཚོགས་ཏེ། ལྟ་བུའི་སྒྲ་ནི་རབ་ཏུ་དབྱེ་བ་བརྗོད་པར་བྱེད་པའོ།། སྔོན་གྱི་ཆོ་ག་ཞེས་བྱ་བ
་ནི་ད་ལྟར་བྱུང་བའི་ཆོ་ག་ལས་སྔ་རོལ་དུ་འདི་ལྟ་བུའི་རབ་ཏུ་དབྱེ་བ་ཅན་རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པའི་ཆོ་ག་ཞེས་བྱ་བའི་དོན་ཏོ།། ཅི་འོ་ན་ང་ལྟར་བྱུང་བའི་ཆོ་ག་ཉིད་བཅོམ་ལྡན་འདས་ཀྱིས་སྔ་རོལ་ཏུ་ཅིའི་ཕྱིར་མ་གསུངས་ཡང་ན་ཆོ་ག་འདི
་སར་ཅིའི་ཕྱིར་མ་གསུངས་ཞེ་ན། གང་གི་ཕྱིར་དེའི་ཚེ་ན་རྣམ་པར་དག་པའི་སེམས་ཅན་རྣམས་ནི་རྟོགས་པ་པོ་ཡིན་ཏེ། དེ་རྣམས་ལ་རིམ་གྱིས་རྣམ་པར་ངེས་པ་ཉིད་མ་ཡིན་ཏེ། གཞན་དག་ལ་བརྟེན་ནས་མ་ཡིན་པ་དང་། ཡོངས་སུ་སློབ་པར་བྱེད་པས
་སམ། འདི་རྣམས་ནི་དམན་པ་མ་ཡིན་ཏེ། བསོད་ནམས་བྱས་པ་ཉིད་ཀྱི་ཕྱིར་མི་ལེགས་པ་སྒྲུབ་པ་མ་ཡིན་ཏེ། འོན་ཏེ་སྒྲུབ་པ་ལ་རང་ཉིད་ཀྱིས་འདི་རྣམས་ལ་བརྩེ་བུར་བྱེད་པ་རྣམས་ཡོད་པ་ཡིན་ཏེ། བར་དུ་གཅོད་པར་བྱེད་པའི་ཆོས་རྣམས་ལ་ནི
་དེའི་ཚེ་ན་ལྟུང་བ་མེད་པའི་ཕྱིར་རོ།། དེ་བཞིན་དུ་གསལ་བར་བྱེད་པ་རྣམས་ལ་ལྟུང་བ་མེད་པའི་ཕྱིར་ཞེས་བྱ་བ་སྟེ། དེ་བས་ན་སྔོན་གྱི་ཆོ་ག་བརྗོད་པའོ།། གང་གི་ཚེ་རྣམ་པ་གཞན་དུ་ཡང་འདི་རྣམས་འབྱུང་བ་དེའི་ཚེ་ཕྱེ་མ་ཐམས་ཅད་ལ་ཉེ་བར་མི
་མཁོ་བ་འགའ་ཡང་མ་ཡིན་ཏེ། དེ་བས་ན་འདིར་ཉེ་བར་བརྟགས་པ་འདིས་ཅི་ཞིག་བྱའོ།། གལ་ཏེ་ཆོ་ག་འདིས་ད་ལྟར་ཐ་སྙད་མ་ཡིན་ཏེ། དེ་ལྟར་ན་ཡང་འདི་ལ་ཕྱི་མ་ལས་གཞན་ཉིད་ཡོད་པ་མ་ཡིན་ཏེ། གང་ཞིག་ཕྱི་མ་ལས་ཁྱད་པར་དེ་ནི་འདིའི་ཆ་ལག་ཙམ
་ཡིན་ནོ།། དེ་ལ་འདི་ནི་སྔགས་དང་རྒྱུད་ཡིན་ཏེ། འདི་ཙམ་ཉིད་དེའི་ཚེ་ཡོད་པར་འགྱུར་ཏེ། འདུལ་བའི་དབང་གིས་གཞན་འདིར་འདིའི་ཆོ་ག་རྣམ་པར་བཞག་པ་ཞེས་བྱ་བའི་དོན་ནི་བསྒྲགས་པའི་དོན་དུ་ཉེ་བར་བཏགས་པའོ།། དེ་ལྟར་ན་དགོས་པ་དང་བཅས་པ་ནི
་སྔོན་གྱི་ཆོ་ག་ཉེ་བར་བསྟན་པའོ།། །། ད་ནི་ད་ལྟར་བྱུང་བའི་ཆོ་ག་བརྗེད་པར་བྱ་སྟེ། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ་ཞེས་བྱ་བ་སྟེ། དགེ་སློང་འགའ་ཞིག་ལ་ཞེས་བྱ
་བ་ནི་གདོན་མི་ཟ་བར་འགའ་ཞིག་ལ་བརྟེན་ནས་རབ་ཏུ་འབྱུང་བ་ཉིད་དེ་ཉིད་ལ་ནི་བསྙེན་པར་རྫོགས་པ་མ་ཡིན་ནོ།། ཞེས་བྱ་བ་རབ་ཏུ་བསྟན་པའི་དོན་དུ་འགའ་ཞིག་ཅེས་བྱ་བའི་ཚིག་གོ། ཇི་ལྟར་བརྟེན་ནས་ཞེ་ན། སྨྲས་པ། མཁན་པོ་ཉིད་དུའོ།། ཅིའི
་དོན་དུ་བརྟེན་པ་ལ་ཞེས་བྱ་ཞེ་ན། སྨྲས་པ་དེའི་ཕྱིར་ཞེས་བྱ་བ་སྟེ། རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པ་ལ་བལྟོས་པ་ལའོ།། འདིའི་རྒྱུ་མཚན་གྱི་བདུན་པ་སྟེ། འདི་རྣམས་ལ་རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པའི་རྒྱུ་མཚན་དུ་མཁན་པོ་ཉིད
་ཀྱིས་དགེ་སློང་འགའ་ཞིག་ལ་རྟེན་པ་ལ་རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པ་དག་ཏུ་འགྱུར་གྱི། ཇི་ལྟར་སྔོན་གྱི་ཆོ་ག་ལྟར་འགའ་ཞིག་ལ་མ་བརྟེན་པ་ཉིད་ཀྱིས་ནི་མ་ཡིན་ཞེས་བྱ་བའོ།། འདི་སླར་རབ་ཏུ་བྱུང་བ་ཉིད་ནི་གང་ཞིག་དེ་ལ་འོས་པའི
་ཚུལ་ཁྲིམས་དགེ་ཚུལ་གྱིས་སྡོམ་པ་དེས་རྗེས་སུ་ཆགས་པར་རིག་པར་བྱའོ།། རབ་ཏུ་བྱུང་བ་ཉིད་དང་དགེ་ཚུལ་གྱི་སྡོམ་པ་དག་གཉིས་པོ་འདི་ཡང་བརྟེན་པ་ལའོ།། སླར་འདིར་ཁྱད་པར་ཡིན་ཏེ། མཁན་པོ་ཉིད་ལས་རབ་ཏུ་བྱུང་བ་སྟེ།
་སྡོམ་པ་ནི་གཞན་ལས་ཞེས་བྱའོ།། རྟེན་ལ་བརྟེན་པ་ཡོངས་སུ་འཛིན་པ་ལ་ཆོ་ག་ནི་དང་པོའི་མཁན་པོ་ཉིད་ཀྱི་བར་ཆོད་དྲིས་ནས་ཡོངས་སུ་དགེ་བ་ལ་སྐབས་དབྱེའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་བྱུང་བ་ཉིད་ལ་གང་ཞིག་བར་ཆད་བྱེད་པ་མ་བསད་པ་ལ་སོགས
་པ་དེ་ནི་འདིར་བར་ཆད་དུ་མངོན་པར་འདོད་དོ།། དེ་བས་ན་བརྟེན་གང་ཞིག་རབ་ཏུ་བྱུང་བ་ཉིད་ལ་བལྟོས་པའི་བར་ཆད་དྲིས་ནས་གལ་ཏེ་འདི་ལ་ཆོས་དེ་རྣམས་ཡོད་པ་མ་ཡིན་ནོ།། དེའི་ཕྱིར་ཡོངས་སུ་དག་པ་འདི་ལ་དང་པོའི་མཁན་པོ་ཉིད་ཀྱིས་དག་ཚུལ་གྱི
་མཁན་པོ་ཉིད་ཀྱིས་བདག་གིས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་སྐབས་དབྱེ་བ་ནི་བྱ་བའོ།། དེ་ལྟར་ན་ཡང་གཞུང་ལས་གང་སུ་དག་ལས་རབ་ཏུ་བྱུང་བ་ལ་བལྟོས་པ་ཉེ་བར་འགྲོ་བར་བྱེད་པ་དེ་ངེས་པར་ཆད་ཀྱི་ཆོས་རྣམས་དྲིས་ཏེ་བཟུང་བར་བྱ་ཞེས་བྱའོ།། སྡོམ་པ་རྣམས
་གོ་རིམས་བསྟན་པར་བྱ་བའི་ཕྱིར། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དང་དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ།། ཞེས་སྨྲས་ཏེ། དགེ་བསྙེན་ཉིད་ལ་སོགས་པ་འདི་རྣམས་ཀྱིས་སྔ་མ་སྔ་མ་ནི་སྔ་མ་བསྙེན་པར་མ་རྫོགས་པ་ལ
་དེའི་བདག་ཉིད་དུ་ཉེ་བར་སོང་བས་ཁས་མ་བླངས་པ་ལ་གང་ཞིག་ཕྱི་མ་ཕྱི་མ་དེ་ནི་བྱ་བ་མ་ཡིན་ཏེ། འདི་ནི་རྣམ་པར་བཞག་པ་བསྟན་པའོ།། བར་ཆད་དྲིས་ནས་རབ་ཏུ་བྱུང་བ་བཟུང་བ་ལ་བལྟོས་པ་དང་པོ་དགེ་བསྙེན་ཉིད་འཛིན་དུ་བཞུག་གོ།། དེ་ནས་དགེ
་ཚུལ་ཉིད་དང་། དེ་ནས་དགེ་སློང་ཉིད་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདི་ཤེས་པར་བྱ་བའི་དོན་དུ་སྟེ། འདིའི་དོན་ནི་མ་ཡིན་ཏེ། སྔ་མ་མ་བཟུང་བ་ལ་ཕྱི་མ་སྐྱེ་བར་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའོ།། དགེ་སློང་གི་སྡོམ་པའི་སྔོན་དུ་སྡོམ་པ་གཞན་སྐྱེ་བ་ལ་ཡང་ཁུངས
་ཀྱི་ཚིག་གཙོ་བོ་ཡོད་པ་ཉིད་དེ། དགེ་ཚུལ་གྱི་སྡོམ་པ་ལ་ནི་དགེ་བསྙེན་གྱི་སྡོམ་པ་མེད་པར་སྐྱེ་བ་འབྱུང་བ་ཡིན་ནོ།། དགེ་སློང་གི་སྡོམ་པ་ལ་ནི་ཁུངས་ཀྱི་ཚིག་ཡོད་པ་མ་ཡིན་ནོ།། སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བས་སྡོམ་པ་བླང་ངོ་ཞེས་བྱ་བ་བསྟན་པའི་ཕྱིར་སྐྱབས་སུ
་འགྲོ་བ་ཁས་བླང་བའི་ཚིག་རྩོམ་པ་དང་། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དུ་ཁས་བླངས་པོའི་ཚིག་བྱའོ།། ཞེས་སྨྲས་ཏེ། འགྲོ་བ་ནི་འགྲོ་བ་སྟེ་སྐྱབསུ་འགྲོ་ག་པས་ལེན་པའོ།། སངས་རྒྱས་ལ་སྐྱབསུ་མཆིའོ་ཞེས་བྱ་བ་ལ་སོགས་པ་དེ་བརྗོད་པར་བྱེད་པོའི་ཚིག
་སྐྱབསུ་འགྲོ་བ་ཁས་ལེན་པའི་ཚིག་ནི་དེའི་ཚིག་གོ།། རྩོམ་པ་ནི་བརྩམས་པའོ།། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དུ་ཁས་བླངས་པའི་ཚིག་བྱའོ།། འདི་སུ་ཞིག་ཅེ་ན། སྒྲུབ་པ་པོའོ།། དེ་ནི་འདི་ཡིན་ཏེ། འདི་ལྟར་ལེན་པ་པོས་སྨྲ་བར་བྱ་སྟེ། བཙུན་པ
་དགོངསུ་གསོལ། བདག་མིང་འདི་ཞེས་བགྱི་བ། སངས་རྒྱས་ལ་སྐྱབ་སུ་མཆིའོ།། ཇི་སྲིད་ཚོགས་རྣམས་ཀྱི་མཆོག་བཙུན་པས་བདག་དགེ་བསྙེན་དུ་གཟུང་དུ་གསོལ།། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ
་སངས་རྒྱས་ལ་སྐྱབས་སུ་མཆིའོ།། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་རྣམས་ལ་སྐྱབས་སུ་མཆིའོ།། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབསུ་མཆིའོ།། ཇི་སྲིད་འཚོའི་བར་དུ་བདག་དགེ་ཚུལ་དུ་སློབ་དཔོན་གྱིས་གཟུང་དུ་གསོལ།། འདི་ལྟ
་བུར་གྱུར་པ་ཉིད་རྩོམ་པ་ལན་གསུམ་དུ་བརྗོད་པར་བྱའོ།། གང་ཁ་ཅིག་དང་པོར་སྐྱབས་སུ་འགྲོ་བ་ལན་གསུམ་དུ་བརྗོད་ནས་དེའི་འོག་ཏུ་བཙུན་པས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། བདག་དགེ་ཚུལ་སློབ་དཔོན་གྱིས་གཟུང་དུ་གསོལ།། ཞེས
་བྱ་བ་བརྗོད་པ་འདིས་ནི་རིགས་པར་བརྗོད་པར་བྱའོ།། གང་གི་ཕྱིར་སྡོམ་པ་ཡང་དག་པར་བླང་བའི་ཚིག་འདི་དག་འདི་ལྟར་ཡོད་པ་ལ་སྐྱབས་སུ་འགྲོ་བའི་ཚིག་ཡན་ལག་གི་ངོ་བོ་སོ་སོར་གྱུར་པ་ཉིད་ནི་མ་ཡིན་ནོ།། གཞན་ཡང་གང་གིས་སྔར་ཉིད་དུ་སྐྱབས་སུ་འགྲོ་བ་ཙམ་ཁས
་བླངས་པ་དེ་ལ་སྡོམ་པ་ལེན་པའི་དུས་སུ་སྐྱབས་སུ་འགྲོ་བ་མི་བརྗོད་པ་ཉིད་དུ་ཐལ་བར་འགྱུར་རོ།། འདི་ནི་ཅི་ནས་ཀྱང་མྱ་ངན་ལས་འདས་པའི་བསམ་པ་རབ་ཏུ་བསྐྱེད་པའི་དོན་དུ་དུས་སུ་འདི་ལ་བརྗོད་པར་བྱ་སྟེ། གང་གི་ཕྱིར་འདི་ལྟར་སྡོམ་པ་ཡང་དག་པར་བླངས་པའི
་དག་གིས་འདི་ནི་ཡན་ལག་ཏུ་གྱུར་པོ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ།། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་བླང་བ་ནི་མ་ཡིན་ཏེ། གང་གི་ཕྱིར་མྱ་ངན་ལས་འདས་པ་ལ་རྗེས་སུ་མཐུན་པ་ནི་སྡོམ་པ་ཡིན་ནོ།། འོ་ན་བསྙེན་པར་རྫོགས་པ་ལ
་སྐྱབས་སུ་འགྲོ་བའི་ཚིག་མེད་པར་ཇི་ལྟར་སྐྱེ་བ་ཡིན་ཞེ་ན། འདིས་ནི་སྐྱོན་དུ་མི་འགྱུར་ཏེ། བསྙེན་པར་རྫོགས་པའི་སྒྲ་ཉིད་ལས་ནི་དེའི་དོན་སྒྲུབ་པའི་ཕྱིར་དང་། བྱ་བ་མ་ཡིན་པ་ཐམས་ཅད་ལྡོག་པའི་མཚན་ཉིད་ཀྱི་ཕྱིར་རོ།། གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་མྱ་ངན་ལས
་འདས་པར་ཁས་ལེན་པའི་ནི་བསྙེན་པར་རྫོགས་པ་ཡིན་ཏེ། གཚོན་བྱོར་བསྙེན་པོར་རྫོགས་པ་ལ་གནས་པ་མྱ་ངན་ལས་འདས་པ་ལ་རྗེས་སུ་མཐུན་པར་རྣམ་པར་གནས་པར་འགྱུར་རོ།། བྱའི་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཕྱི་ཚིག་ནི་སྒྲུབ་པ་ཐོས་འདི་ཕྱི་ཞེས་བྱ་བ་འདི
་ཡང་དག་པར་བསྟན་པའི་དོན་དུའོ།། གང་ཞིག་འདིར་གཞན་གྱིས་བརྗོད་པ་འདི་ནི་སློབ་པར་བྱེད་པ་ཞེས་བྱ་བར་ཤེས་བྱའི་སྦྱིན་པ་དང་ལེན་པ་ནི་མ་ཡིན་ནོ།། བསྙེན་གནས་ལ་ཡང་སྒྲུབ་པ་པོ་ཉིད་ཀྱིས་འདི་བྱ་ཞེས་བྱ་བ་ཤེས་པར་བྱའོ།། གང་ཞིག་དེ་སྦྱིན་པ་དང་ལེན་པའི་ཆོས
་དེར་ཞེས་བྱ་བ་ནི་ཁ་ཅིག་སྨྲ་སྟེ། བཟླས་པ་ཉིད་ཀྱི་ཕྱིར་དེ་རྣམས་ལ་འདི་འཁྲུལ་པ་ཞེས་ཤེས་པར་བྱ་སྟེ། ཡང་དག་པར་བླངས་པ་ལ་མཚུངས་པ་ཉིད་ཀྱི་ཕྱིར་རོ།། དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བསླབ་པའི་ཚིག་རྣམས་ལ་ཇི་ལྟར་རིག་པས
་བརྗོད་པ་སྟེ། ཐོག་མར་ལྔ་རྣམས་ལའོ།། ཕྱི་མ་ནི་བཅུ་རྣམས་ལའོ།། རྣམ་པ་གང་གིས་ཞེས་ཤེ་ན། ཁས་བླངས་པའི་ཚུལ་གྱིས་ཏེ། འདི་དང་འདི་ལས་བཟློག་པར་བགྱིད་ཅེས་བྱ་བ་ཡིན་གྱི། འདི་དང་འདི་ཁྱེད་ཀྱིས་བྱིན་པ་དེ་ནི་བསྲུང་བར་བགྱི་ཞེས་བྱ་བ་དེ་མ་ཡིན་ནོ།། རང
་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས་དགེ་འདུན་ལ་ཞུ་བའི་དགེ་སློང་ལ་གཏད་པར་བྱའོ་ཞེས་བྱ་བ་སྟེ། རང་གིས་ཞེས་བྱ་བ་ནི་སྐབས་འདི་ཉིད་ཀྱི་ཕྱིར་མཁན་པོས་སོ།། གང་གི་ཕྱིར་དེ་ནི་རབ་ཏུ་འབྱུང་བ་ལ་སྐབས་བྱས་པའོ།། དེ་རང་ཉིད་ཀྱིས་དགེ་བསྙེན་དུ་ཉེ
་བར་བསྒྲུབས་ནས་ནི་དགེ་བསྙེན་གྱི་སྡོམ་པ་བྱིན་ནས་སོ།། གང་ཞིག་དེ་རབ་ཏུ་བྱུང་བ་ལ་བལྟོས་པ་ལ་དགེ་འདུན་ལ་ཞུ་བའི་དགེ་སློང་དེ་ལ་འདི་ནི་ཞུ་བ་མཛོད་ཅིག་ཅེས་བྱ་བས་གཏད་པར་བྱའོ།། དགེ་སློང་དང་འབྲེལ་པས་འདི་བྱ་བ་ཉིད་ནི་སྐྱེས་པས་སོ།། འདི་ནི་མཁན
་པོ་ཉིད་ཀྱིས་རང་དོན་ཉིད་ཡིན་ནོ་ཞེས་བྱ་བ་རབ་ཏུ་བསྟན་པའི་དོན་དུ་བདག་གི་དོན་གྱི་ཚིག་གོ།། གསོལ་བ་ལ་སོགས་པའི་ལས་ཀྱི་བདག་ཉིད་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་བསྙེན་པར་རྫོགས་པ་མ་བྱས་པས་ཀྱང་དགེ་འདུན་ལ་རབ་ཏུ་འབྱུང་བ་ལ་བལྟོས་པ་འདི་ལ
་ཞུ་བ་ནི་འགལ་བ་མ་ཡིན་ཏེ་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་རྣམ་པར་གསོལ་བའི་དོན་དུ་དགེ་སློང་ལ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་ཡང་གཞུང་ལས་དེའི་འོག་ཏུ་དགེ་སློང་ལ་གསོལ་བ་བཏབ་པར་བྱའོ།། གང་ཞིག་འདི་ལ་ཞུ་བར
་བྱེད་པ་པས་ཅི་ཞིག་བྱ་ཞེ་ན། ཞུ་བར་བྱེད་པ་པོས་ཀྱང་ཅི་ཡོངས་སུ་དག་གམ་ཞེས་དྲིས་ནས་དག་ནི་ཞུ་བར་བྱའོ་ཞེས་བྱ་བ་ནི་གཏོད་པར་བྱེད་པའི་མཁན་པོ་ལ་དྲིས་ནས་དག་པར་གྱུར་ན་རབ་ཏུ་བྱུང་བ་བལྟོས་པས་ཞུ་བར་བྱའོ།། བཙུན་པ་དགོངས་སུ་གསོལ།། མིང
་འདི་ཞེས་བགྱི་བ་འདི་རབ་ཏུ་བྱུང་བ་ཉིད་ལ་བལྟོས་པས་གོས་དཀར་པོ་འཛིན་པ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཞུ་བར་བྱའོ་ཞེས་བྱ་བ་གང་ཞིག་གི་གཞན་གྱི་ཚིག་དོན་གཞན་གྱི་བྱ་བས་འདི་འཇུག་པའི་ཕྱིར་རང་གི་དོན་ཉིད་མ་ཡིན་པའི་ཕྱིར་རོ།། ཇི་ལྟར
་འདིར་མཁན་པོས་བུ་དང་འདྲ་བར་འཇུག་པ་ལ་རང་གི་དོན་ཉིད་མ་ཡིན་པ་དེ་བཞིན་དུ་འདི་ལའོ།། ཇི་ལྟར་ན་གནས་པའི་དགེ་འདུན་ལ་ཞུ་བར་བྱ་ཞེ་ན། ཐམས་ཅད་འདུས་པ་ལ་ཡང་རུང་། གནས་ཁང་སོ་སོ་ན་འཁོད་པ་ལ་ཡང་རུང་ངོ་ཞེས་བྱ་བ་སྨྲ་སྟེ། སོ་སོར་ཡོངས་སུ
་བབྲང་བ་ཉིད་ཀྱིས་ཞེས་བྱ་བ་འདིའི་འགྲེལ་པ་ནི་གནས་ཁང་སོ་སོ་ན་ཞེས་བྱ་བའོ།། གང་གི་ཡོངས་སུ་བགྲང་བ་ནི་གནས་ཁང་ཁྱད་པར་རོ།། གང་རྣམས་ཀྱི་སྔོན་དུ་ཞུ་བར་བྱེད་པ་དེ་རྣམས་ཀྱི་ཆོ་ག་གང་ཞིག་དེ་བསྟན་པའི་ཕྱིར། ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག
་ནའོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཞེས་བྱ་བ་ནི་གལ་ཏེ་ཞེས་བྱ་བའི་དོན་ཏེ། ཞུ་བར་བྱེད་པའི་དུས་ཕྱི་མ་ལ་རབ་ཏུ་བྱུང་བ་ཉིད་ལ་བལྟོས་པའིའོ།། མཁན་པོར་གསོལ་བར་བྱའོ་ཞེས་བྱ་བ་ནི་བླང་བའི་སྔགས་ཀྱིས་མཁན་པོས་འདི་ལ་གཙུག་ཕུང་མོ
་གཏོགས་པ་སྒྲ་དང་ཁ་སུ་བྲེག་པར་བྱའོ་ཞེས་བྱ་བའོ།། མཁན་པ་ཉིད་ཀྱུས་ལྷག་པར་གནས་ནས་གང་ཞག་འབྲེག་མཁན་གྱི་བྱ་བ་ཡང་དག་པར་བསྟན་པའི་དོན་དུ་བྲེག་པར་བྱའོ་ཞེས་བྱ་བ་ནི་བདག་པ་མདུན་གྱི་ཚིག་གོ།། མཁན་པ་ཉིད་ཀྱིས་འདིར་རང་གིས་བྱནནས
་བྱ་བ་འདི་ལྟར་ཤེས་པར་བྱ་བ་མ་ཡིན་ཏེ། བརྒྱུད་ནས་བྱེད་དུ་བཅུག་པ་ནི་བྱེད་དུ་བཅུག་པ་ཡིན་པར་ཡང་ཤེས་པར་བྱ་བ་མ་ཡིན་དོན་དང་དོན་ཉིད་ཀྱི་ཕྱིར་འཇུག་པའོ།། དེ་བས་ན་དོན་སྒྲུབ་པ་ལ་འཇུག་པ་མི་སྣང་བའོ།། དེ་ལ་མཁན་པོའི་བསྒོ་བ་ལ་ནི་མི་སྡོད་པར་སྨྲ
་དང་ཁ་སྤུ་བྲེགས་པ་གཞན་གྱིས་སྒྲུབ་པ་ལ་སླར་མཁན་པོས་འདི་ལ་འཇུག་པར་བྱ་ཞེས་བྱ་བ་ཤེས་པར་བྱ་བ་མ་ཡིན་ནོ།། གཙུག་པུད་མ་གཏོགས་པ་ཞེས་བྱ་བ་ནི་གཙུག་པུད་མ་ལས་གཞན་ནོ།། ཁ་སྤུ་བྲེག་པ་ལ་ཡང་ཇི་ལྟར་འདི་ལ་གཟུགས་མི་སྡུག་པའི་བློ
་དེ་ལྟར་ནི་མ་ཡིན་ཏེ། དེ་བས་ན་འདི་ངེས་པ་ཡིན་ནམ། མ་ཡིན་ཞེས་བྱ་བའི་དྲིས་པས་གསོལ་བའི་དོན་དུ་འདི་བཞག་པའོ།། གཙུག་པུད་བྲེག་གོ་ཞེས་དྲིས་ནས་སྟེར་ན་དེའོ་ཞེས་བྱ་བ་སྟེ། གཙུག་པུད་ཕྲག་གམ་ཞེས་དྲིས་པར་གྱུར་པའི་རབ་ཏུ་བྱུང་བར་བྱ་བས
་གལ་ཏེ་སྟེར་བར་གྱུར་ན་དེ་ནས་སྟེར་བ་ལ་གཙུག་པུད་བྲེག་པར་བྱ་ཞེས་བྱ་བ་ནི་རྗེས་སུ་འཇུག་གོ། དེ་ལྟར་སྐྲ་དང་ཁ་སྤུ་བྲེགས་པས་ཁྲུས་བྱའོ།། ཞེས་བྱ་བ་ནི་དུས་དང་རྗེས་སུ་མཐུན་པའི་ཆུས་སོ།། ཁྲུས་ཀྱི་རྗེས་ཀྱི་དུས་ལ་མཁན་པོས་གོས་ངུར་སྨྲིག་དང
་སྦྱིན་པར་བྱའོ།། དེས་ཀྱང་མཁན་པོའི་རྐང་པ་གཉིས་ལ་གཏུགས་ཏེ་བླང་བར་བྱའོ།། དེ་ནས་རང་གིས་དེ་ལ་མཁན་པོས་བསྐོན་པར་བྱའོ།། བསྐོན་པ་ནི་ཟ་མ་དང་མ་ནིང་དང་མཚན་མེད་པ་དང་མཚན་གཉིས་པ་ཉིད་ཀྱི་སྐྱོན་ཡོངསུ་སྤང་བའི་དོན་དུ་མཚན་མ
་ཚོར་བར་བརྟག་གོ།། གཅེར་བུར་བྱས་ནས་མ་ཡིན་ཏེ། འོན་ཀྱང་མ་ཚོར་བར་རོ།། ཇི་ལྟར་འདིས་བདག་གི་མཚན་མ་མཐོང་ངོ་སྙམ་དུ་ཤེས་པར་མི་འགྱུར་བར་རོ།། ཁས་བླངས་པས་མཁན་པོའི་ལས་འདིའོ།། ཡིད་ཆེས་པའི
་དགེ་སློང་གཞན་གྱིས་ཀྱང་བྱས་པས་ནི་གོ་ཆོད་པའོ།། བྱས་པ་ཞེས་བྱ་བ་ཉིད་ནི་མཁན་པོ་ཉིད་ཀྱིས་ཞེས་བྱ་བར་ཤེས་པར་བྱའོ།། སྐྱབས་སུ་འགྲོ་བར་རྩོམ་པས་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་བདག་མིང་འདི་ཞེས་བགྱི་བ་ཇི
་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ། ཇི་སྲིད་དུ་ཚོགས་རྣམས་ཀྱི་མཆོག། ཇི་སྲིད་དུ་རབ་ཏུ་བྱུང་བ་ཉིད་ཀྱི་རྟོགས་ཡང་དག་པར་ལེན་ཏོ།། ཞེས་བྱ་བའི་སྔགས་འདིས་མཁན་པོས་སྐབས་སུ་འགྲོ་བར་བརྩམས་པས་རབ་ཏུ་འབྱུང
་པ་ཉེ་བར་བསྒྲུབ་པར་བྱའོ།། སྐྱབས་སུ་འགྲོ་བ་དང་པོར་གྱུར་པ་མེད་པ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། འོ་ན་འདི་ནི་སྡོམ་པ་མ་ཡིན་ཞེས་བྱ་བ་ནི་འདི་ལ་སྐྱབས་སུ་འགྲོ་བར་རྩོམ་པ་ཉིད་ཀྱི་དོན་ཅི་ཞིག་ཡིན་ཞེས་བྱ་བ་ཁ་ཅིག་སྨྲ་ན་དེ་ནི་ཡང་དག་པར་མ
་ཡིན་ཏེ། གང་གི་ཕྱིར་རབ་ཏུ་བྱུང་བ་ཉིད་ཅེས་བྱ་བ་ནི་ངེས་པར་ཞུགས་པ་ཉིད་ཡོངས་སུ་དོར་བ་སྟེ། ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་མ་ངོན་པར་མི་དགའ་བ་དེ་ལ་ངེས་པར་ཞུགས་པའོ།། དེ་བས་ན་འཁོར་བ་ལ་རྒྱབ་ཏུ་ཕྱོགས
་པ་ནི་ངེས་པར་ཞུགས་པ་ཡོངས་སུ་དོར་བ་མ་ལུས་པའོ།། མྱ་ངན་ལས་འདས་པ་ལ་བརྟེན་པ་མེད་པར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་གྲུབ་པ་མ་ཡིན་ཏེ། དེ་བས་ན་སྡོམ་པ་བཞིན་དུ་འདིར་ཡང་མྱ་ངན་ལས་འདས་པའི་བསམ་པ་རབ་ཏུ
་བསྒྲུབ་པར་བྱའོ།། དེ་བས་ན་འདིར་ཡང་སྐྱབསུ་འགྲོ་བ་རྩོམ་པ་ཉིད་དོ།། ཁ་ཅིག་ནི་རབ་ཏུ་བྱུང་བ་ཉིད་ཉེ་བར་བླང་བའི་སྔགས་ལ་རབ་ཏུ་བྱུང་བ་ཉིད་ཀྱི་རྟགས་ཡང་དག་པར་བླང་བར་བགྱི་ཞེས་བྱ་བ་འདིའི་མདུན་དུ་བདག་ནི་དགེ་ཚུལ་དུ་མཁན་པས
་གཟུང་དུ་གསོལ་ཞེས་བྱ་བ་འདོན་པ་ཡིན་ནོ།། ཞེ་ན་དེ་ནི་རིགས་པ་མ་ཡིན་ཏེ། རབ་ཏུ་སྐྱེས་པ་ལ་སླར་རབ་ཏུ་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་དང་། ཡང་དག་པར་བླངས་པ་ལ་ཡང་དག་པར་བླང་བ་མི་འཐད་པའི་ཕྱིར་དང་། སློབ་དཔོན་གྱིས་སྔགས་ལ་ཡང
་གདོན་པར་བྱ་བ་ཉིད་མི་འཐད་པའི་ཕྱིར་རོ།། དགེ་ཚུལ་ཉིད་དུ་སྒྲུབ་པར་བྱེད་པའི་སྔགས་ལོ་རབ་ཏུ་བྱུང་བ་ཉིད་དུ་གོ་བས་བླངས་པ་ལ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་ཇི་སྲིད་དུ་རབ་ཏུ་བྱུང་བ་ཉིད་ཀྱི་རྟགས་ཡང་དག་པར་ལེན་ཏོ།། དོན་གྱི་སྐད་དུ
་མཚན་ནས་བརྗོད་དེ་མཁན་པོ་འདི་ཞེས་བྱ་བས་མཁན་པོའི་མིང་གཟུང་ངོ་།། བདག་དགེ་ཚུལ་ཉིད་དུ་སློབ་དཔོན་གྱིས་གཟུང་དུ་གསོལ། ཞེས་པ་ནི་དེ་རྣམས་ཀྱི་འདོན་པ་ཡིན་ནོ།། དེ་ཡང་ཡང་དག་པར་བླངས་པ་མི་འཐད་པས་དེ་ཉིད་ཀྱིས་ཕྱིར་མི་རིགསོ།། །
་གསོལ་བའི་འོག་ཏུ་ཡང་རུང་ངོ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་ཉིད་ཉེ་བར་སྒྲུབ་པ་ཞེས་བྱ་བ་ལ་འཇུག་གོ།། རུང་ངོའི་སྒྲ་ནི་འདོད་པ་རྣམས་རྣམ་པར་བརྟགས་པའི་དོན་དུའོ།། མཁན་པོ་ལ་གསོལ་བའི་རྗེས་ཉིད་ལ་སྐྲ་དང་ཁ་སྤུ་བྲེགས་པ་རབ་ཏུ་དབྱུང་བར་བྱ་ཞེས་བྱ
་བ་ནི་ཁ་ཅིག་རྣམས་འདོན་ནོ།། དེ་རྣམས་ཀྱི་དགོངས་པ་ནི་འདི་ཡིན་ཏེ། ཇི་ལྟར་དགེ་ཚུལ་ཉིད་དེ་བཞིན་དུ་སྐྲ་བྲེགས་པ་ལ་སོགས་པ་ཡང་རབ་ཏུ་བྱུང་བ་ཉིད་ཀྱི་ལུགས་ཏེ། དེ་བས་ན་དེ་འདོན་པའི་རྣམ་པར་རྟོག་པ་ཉེ་བར་འབྲེལ་པའོ།། དེ་བཞིན་དུ་མཁན་པོས
་དེ་དགེ་ཚུབ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་ལ་གཏད་པར་བྱའོ་ཞེས་བྱ་བ་ནི་གང་ཞིག་འདི་ལ་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པ་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་ཕྱིར་དང་ཚུལ་འདི་ལ་ཡོད་པས་དགེ་ཚུལ་ཉིང་དུ་སྐྱེ
་བར་བསྒྲུབ་པའོ།། གང་ཞིག་འདི་ལ་དགེ་ཚུལ་གྱི་སྡེ་མ་པ་ཉེ་བར་སྒྲུབ་པ་ལ་མངོན་པར་ཤེས་པའི་སླད་དུའོ།། སེམས་ཀྱི་རབ་ཏུ་ཕྱེ་བ་ཉིད་འདིར་དེའི་ངང་ཚུལ་ཉིད་ཀྱིས་བརྟེན་པར་རིག་པར་བྱའོ།། གང་ལ་ཉེ་བར་བསྒྲུབ་པའི་དོན་དུ་འདི་གཏད་པའོ།། ཅི་ཡོངསུ
་དག་གམ་ཞེས་དྲིས་ནས་དག་ན་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་སྟེ། དེ་ནི་སློབ་དཔོན་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པ་དེ་ནི་སློབ་དཔོན་དུ་བལྟ་བར་བྱའོ།། གསང་སྟེ་སྟོན་པ་དང་། ལས་བྱེད་པ་དང་། གནས་སྦྱིན་པ་དང་།
་ཀློག་པ་ཡང་ངོ་ཞེས་བྱ་བ་ནི་སློབ་དཔོན་རྣམས་ཞེས་བྱ་བའི་བསྡུས་པའི་དོན་ནི་ཡང་གི་སྒྲའོ།། ཅི་ཙམ་གྱིས་སློབ་དཔོན་ཉིད་འདི་རྣམས་ལ་ཤེས་པ་ཉིད་ཅེ་ན། དོན་གྲུབ་ན་གྱུར་པ་ཉིད་དོ།། ཞེས་བྱ་བ་སྨྲས་ཏེ། དོན་གང་ཞིག་གིས་སྔགས་ལ་རྣམ
་བར་བཞག་པ་འདི་ལྟ་སྟེ། དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་དོན་གྱིས་དགེ་ཚུལ་ཉིད་ཀྱི་སློབ་དཔོན་ཉིད་ལའོ།། དེ་གྲུབ་པ་ནི་དོན་ངེས་པ་ལ་སློབ་དཔོན་ཉིད་ལ་སོགས་པ་གྱུར་པ་དེ་ལའོ།། གྲུབ་པ་ཉིད་ནི་སྐྱེ་བ་ཉིད་དོ།། དེ་བས་ན་ཉེ་བར་སྒྲུབ་པ་རྣམས
་ལ་སློབ་དཔོན་ཉིད་འདི་རྣམས་ལ་སྐྱེ་བ་ཉིད་དུ་རིག་པར་བྱའོ།། དོན་གང་ཞིག་གིས་འདི་མཁན་པོ་ཡིན་པ་མཁན་པོ་ཉིད་ལ་ཡང་དེ་ངེས་པའི་དོན་ལ་ཅི་ཞིག་སྐྱེས་པ་ཉིད་ཅེས་བྱ་བ་མཁན་པོར་གསོལ་བ་ཁས་བླངས་པ་ན་དེར་གྱུར་ཏོ་ཞེས་བྱ་བ་སྨྲས་ཏེ།
་གསོལ་བའི་དུས་མཁན་པོས་ཁས་བླངས་པ་གང་ཞིག་དེ་ལ་མཁན་པ་ཉིད་དུ་གྱུར་ཏོ།། རབ་ཏུ་བྱུང་བ་ཉིད་ཉེ་བར་བསྒྲུབ་པའམ། བསྙེན་པར་རྫོགས་པའི་མཚན་ཉིད་ཅན་གྱི་དོན་དུ་བསྒྲུབ་པ་ལ་ནི་མ་ཡིན་ནོ།། དོན་གང་ཞིག་གྲུབ་པས་སློབ་དཔོན
་ཉིད་དང་མཁན་པོ་ཉིད་འདི་སྐྱེ་བ་དོན་དེ་ལ་གང་གི་ཚེ་གྲུབ་པ་ཉིད་ཅེས་བྱ་བ་བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་གྲུབ་པ་ལ་ཉིད་དུ་ཞེས་བྱ་བ་སྨྲས་ཏེ། བརྗོད་པ་གང་ཞིག་ལ་དོན་དེ་གང་ཡིན་པའི་ཆ་སློབ་དཔོན་ཉིད་ལ་སོགས་པ་རྣམས་གྲུབ
་པ་ཉིད་དུ་དེ་ནི་བརྗོད་པ་སྟེ། དེའི་ཆ་ལ་དོན་གྲུབ་པ་ཉིད་དེ་བརྗོད་པ་དེ་རྣམས་ཀྱང་གསུམ་ཡིན་ཏེ། དེ་ལ་བརྗོད་པ་གང་ཞིག་ལ་འམ་བརྗོད་པའི་ཚེ་ཅི་ཙམ་པ་ལ་ཞེས་བྱ་བ་ཤེས་པ་མ་ཡིན་ཏེ། དེ་ལ་འདི་བརྗོད་པར་བྱ་སྟེ། དེ་ལ་ཐ་མ་ཡིན་ཏེ་ཕྱི་མ
་ལའོ།། དེའི་བརྗོད་པ་ཡིན་པ་དེའི་ཆ་གསུམ་པ་གང་ཞིག་དེ་ལ་གྲུབ་པ་ཉིད་དོན་དེ་ལ་ཤེས་པར་བྱའོ།། དཔེ་ཉིད་ཀྱིས་དོན་དེ་རབ་ཏུ་གྲུབ་པར་བྱེད་པ་དཔེར་ན་གཞན་བརྗོད་པའི་དུས་ན་དགེ་ཚུལ་ཉིད་བཞིན་ནོ་ཞེས་བྱ་བ་སྟེ། གཞན་ནི་ཉེ་བར་བསྒྲུབ
་པ་པོའི་བརྗོད་པའི་དུས་ནའོ།། བདག་དགེ་ཚུལ་འདི་ཞེས་བྱ་བ་འདི་ལས་ཕ་རོལ་ཏུ་སློབ་དཔོན་ཞེས་བྱ་བ་གང་ཞིག་གཞན་བརྗོད་པ་དེར་དགེ་ཚུལ་འདི་བྱེད་པ་པོ་ཉེ་བར་བསྒྲུབ་པ་པོའི་དོན་གང་ཞིག་དགེ་ཚུལ་གྱི་སྡོམ་པ་ཞེས་བྱ་བ་དེའི་གྲུབ་པ་ཉིད
་ཤེས་པར་བྱའོ།། སློབ་དཔོན་གྱི་གཟུང་དུ་གསོལ།། ཞེས་བྱ་བ་འདིར་ཤེས་པར་བྱའོ།། བཙུན་པས་གཟུང་དུ་གསོལ་ཞེས་བྱ་བ་ནི་མ་ཡིན་ནོ།། འདིར་ཐ་མ་ལ་མཁན་པོའི་དོན་ཏོ།། ཞེས་བྱ་བ་ནི་གྲུབ་པ་ཉིད་ཅེས་བྱ་བ་འཇུག་པ་ཡིན་ནོ།། འདིར་ཞེས
་བྱ་བ་ནི་གཞན་གྱིས་བརྗོད་པའི་དུས་ནའོ།། མཁན་པོ་ལ་གསོལ་བ་གདབ་པ་ལ་དགོངས་སུ་གསོལ་ཞེས་བྱ་བའི་སྒྲ་ལས་དགེ་སློང་དང་འབྲེལ་པ་བརྗོད་པས་ཕྱི་མ་མང་པོ་མཁན་པོས་བརྗོད་པ་རྣམས་སོ།། དེ་ལ་གང
་ཞིག་གསུམ་པ་བརྗོད་པ་མཁན་པོས་རབ་ཏུ་དབྱུང་བར་བགྱི་བའམ། བསྙེན་པར་རྫོགས་པར་བགྱི་ཞེས་བྱ་བ་འདི་ལས་སྔོན་དུ་གང་ཞིག་དེའི་དུས་ལ་མཁན་པོའི་དོན་དེ་ཁས་ལེན་པའི་བདག་ཉིད་ལ་གྲུབ་པ་ཉིད་དོ།། དུས་ཉིད་དུ་རབ་ཏུ་བྱུང་བ་མཁན་པོས་ཞེས་བྱ
་བྱ་བརྗོད་པར་བྱའོ།། བསྙེན་པར་རྫོགས་པ་ལ་ནི་གལ་ཏེ་དང་པོ་ཉིད་དུ་སློབ་དཔོན་མེད་པ་ཡིན་ན་སློབ་དཔོན་གྱིས་ནི་མ་ཡིན་པ་འམ། བཙུན་པ་ཞེས་བྱ་བ་བར་དུ་གཅོད་པ་མེད་པ་ཉིད་ཀྱིས་འདིར་ཆ་གསུམ་པར་རིག་པར་བྱའོ།། ཡི་གེའི་ཚད་ཀྱིས་ནི་མ་ཡིན
་ཏི། དེ་ལྟར་ནོ་མཁན་པོར་གསོལ་བ་གདབ་པ་ལ་བར་དུ་གཅོད་པ་གསུམ་འབྱུང་བ་ཡིན་ཏེ། བདག་མིང་འདི་ཞེས་བགྱི་བ་བཙུན་པ་ལ་མཁན་པོར་གསོལ་བར་བགྱིའོ།། བཙུན་པ་བདག་གི་མཁན་པོ་མཛོད་ཅིག། བཙུན་པ་མཁན་པོས་རབ་ཏུ་བྱུང་བའམ
་བསྙེན་པར་རྫོགས་པར་འགྱུར་བར་བགྱིའོ།། དགེ་ཚུལ་ཉིད་དུ་ཁས་བླངས་པ་ལ་རྒྱུན་དང་རབ་ཏུ་ཆད་པ་དག་སྐྱབས་སུ་འགྲོ་བ་དགེ་ཚུལ་ཉིད་དུ་ཁས་ལེན་པའོ།། དེ་ལ་ཐ་མ་རབ་ཏུ་ཆད་པ་ནི་དོན་གཞན་ལ་རྗེས་སུ་འགྲོ་བ་སྟེ། བདག་དགེ་ཚུལ་ཞེས་བྱ་བར
་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བྱ་བ་རྣམ་པོ་གཉིས་སུ་བྱ་སྟེ། གསུམ་ཉིད་དུ་ངེས་པ་ཡིན་ནོ།། བརྗོད་པ་མ་རྫོགས་པ་ཉིད་ལ་ཅིའི་ཕྱིར་ཆ་གསུམ་པ་ལ་འདི་ལ་འཇུག་པ་ལ་གྲུབ་པ་ཉིད་འབྱུང་བ་ཡིན་ཏེ། གང་ཞིག་སླར་བྱས་སོ་ཞེས་བྱ་བ་སྟེ། པོ་རྣམས
་བཅད་པ་ལ་སོགས་པ་ཐམས་ཅད་ལ་ཆོ་ག་འདི་བལྟ་བར་བྱའོ།། དེ་ལྟར་ན་གསང་སྟེ་སྟོན་པ་ལ་གསང་སྟེ་བསྟན་པ་མ་རྫོགས་པ་ལ་སློབ་དཔོན་ཉིད་དང་། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་དུས་འདི་ལ་ལས་བྱེད་པ་འདི་ལྟ་བུ་ཞེས་བྱ་བས་སོ།། གནས་སྦྱིན་པ་དང
་ཀློག་པ་པོ་དག་ལ་དུས་གང་གི་ཚེ་ན་ཞེས་བྱ་བ་ཤེས་པ་མ་ཡིན་ཏེ། གནས་སྦྱིན་པ་དང་ཀློག་པ་པོ་དག་གི་ཚད་ལ་མི་གནས་པ་ཉིད་ཀྱི་ཕྱིར་རོ།། དེ་ལ་ཅི་ཙམ་གྱིས་འདི་དག་ལ་སློབ་དཔོན་ཉིད་དུ་བྱ་བ་ཉིད་བཤད་པར་བྱའོ།། གནས་སྦྱིན་པ་ནི་ཞག་གཅིག
་གནས་ཉིད་ཀྱི་ཕྱིར་ཉེ་བར་གནས་པ་མཐར་ཐུག་ནའོ་ཞེས་བྱ་བ་སྟེ། ཞག་གཅིག་ཅེས་བྱ་བ་ནི་ཉིན་མོ་དང་མཚན་མོ་གཅིག་ནི་ཞག་གཅོག་སྟེ། གནས་ཀྱི་སློབ་དཔོན་ལ་གནས་པའི་སླད་དུ་གནས་པ་ཉིད་ཀྱིས་གང་ཞིག་ཉེ་བར་གནས་པ་ལ་མཐར་ཐུག་པ
་ཉིད་གནས་སྦྱིན་པ་མཐར་ཐུག་པའོ།། དེ་ལྟར་ཡང་གཞུང་ལས་གནས་ཀྱི་སློབ་དཔོན་ནི་གང་ཡིན་ཞེ་ན། གང་ཞིག་ཉེ་བར་མཚན་མོ་གཅིག་ཀྱང་གནས་པ་ལས་གནས་སུ་འགྱུར་ཞེས་བྱ་བའོ།། འདི་ནས་བརྩམས་ཏེ་འདི་ལ་ཡོངསུ་རྫོགས་པའི་ངོ་བོ་ཉིད་ཆུ
་རོལ་དུ་ནི་རེག་པ་ཙམ་མི་འགྲོ་བའི་མཐར་ཐུག་པ་མ་བྱས་པ་ཉིད་ཀྱིས་ཡིད་ལ་ངེས་པར་འབྲེལ་བཞིན་པ་ངེས་པའི་གྲངསུ་འགྲོ་བར་འོས་པ་མ་ཡིན་ནོ།། ཀློག་པའི་ཚིགསུ་བཅད་པ་གཅིག་ལན་གསུམ་བཟླས་ནའོ་ཞེས་བྱ་བ་ནི་གང་ཞིག་དང་ཉེ་བར་ཀློག་པའི
་བསམ་པས་ཚིགསུ་བཅད་པ་གཅིག་ལན་གསུམ་དུ་བཟླས་པ་དེ་ནི་ཀློག་པའི་སློབ་དཔོན་ནོ།། དེ་ལྟར་ན་ཀློག་པའི་མཐར་ཐུག་པའོ།། དེ་ལྟར་ཡང་གཞུང་ལས། ཀློག་པའི་སློབ་དཔོན་གང་ཞེ་ན། གང་ཞིག་དང་ཉེ་བར་རྐང་པ་བཞིའི་ཚིགསུ་བཅད་པ་ཡང་ལན
་གསུམ་བཟླས་ནས་འཛིན་པར་འགྱུར་ཞེས་བྱ་བའོ།། དེ་བས་ན་འདིར་དྲང་སྲོང་གི་གཞུང་གི་དགོངས་པ་འདི་མཚོན་པ་ཡིན་ནོ།། ཀློག་པའི་སློབ་དཔོན་གྱིས་བརྗོད་པའི་ཀློག་པ་པོའི་རྗེས་སུ་བརྗོད་པ་ནི་འཛིན་པའོ།། ལན་ཅིག
་བརྗོད་པ་ལ་རེག་པ་ཙམ་མ་རྫོགས་པའི་ངོ་བོའི་ཀློག་པ་ཡིད་ལ་ངེས་པར་འབྲེལ་པ་ཡིན་ནོ།། ལན་གསུམ་དུ་བརྩམས་ནས་མཐར་ཐུག་པར་འགྲོ་བ་དང་འདྲ་བར་རྒྱུན་བཞིན་དུ་མཚོན་པ་ཡིན་ནོ།། དེ་བས་ན་ཀློག་པའི་མཐར་ཐུག་པ་འདི་རིགས་པ་ཡིན
་ཞེས་བྱ་བའོ།། སློབ་དཔོན་རིན་ཆེན་སེང་གེས་གསུངས་པ། མ་ཐུ་རའི་ཀློག་པ་རྣམས་ནི་འདི་ལྟ་བུར་གྱུར་པ་སྟེ། འདི་ལྟར་མཐོང་བའི་ཕྱིར་རོ།། དེས་ནི་མདོ་འདི་བརྩམས་སོ།། འདི་ལྟར་རིགས་པ་ཡིན་ཏེ། གང་གིས་ཕྱིར་གང་ཞིག་འདི་གཞུང་ལ་མ་བལྟོས
་པར་མདོ་བྱེད་པ་ཡིན་ནོ།། དེ་ལ་འཐད་པ་སྨྲས་པ། འདི་ནི་རིགས་པ་མེད་པར་མདོ་ཙམ་ཉིད་དུ་ཉེ་བར་འབྲེལ་པ་སྟེ། དེ་བས་ན་ངེས་པར་འདི་འགའ་ཞིག་ཏུ་འདི་ལྟ་བུའི་ངོ་བོའི་དྲང་སྲོང་གིས་མཛད་པ་འབྱུང་བ་ཡིན་ཞེས་བྱ་བའོ།། ཀློག་པའི་བས
་པ་མེད་པས་བརྗོད་པ་ནི་ཀློག་པ་ཉིད་མ་ཡིན་ནོ།། ཀློག་པའི་བསམ་པ་མེད་པས་གང་ཞིག་བརྗོད་པ་ནི་ཀློག་པ་ཉིད་དུ་མི་འགྱུར་ཏེ། དཔེར་ན་ཁ་ཏོན་བྱེད་པ་ལ་སོགས་པ་ལྟ་བུའོ།། གེམས་པར་བྱ་བའི་བསམ་པས་ཀློག་པ་ལས་སྙད
་འདི་གྲགས་པ་ཉིད་ཀྱི་ཕྱིར་རོ།། དེ་བས་ན་འདིར་སློབ་དཔོན་ཉིད་ལ་ལྟ་བ་མ་ཡིན་ནོ།། དེ་གཉིས་ལ་གཞན་དུ་ཉེ་བར་མི་བརྗོད་དོ་ཞེས་བྱ་བ་སྟེ། དེ་གཉིས་ནི་མཁན་པོ་དང་སློབ་དཔོན་དག་གོ།། ཉེ་བར་ཀློག་པའི་ཚིག་ནི་ཉེ་བར་ཀློག་པའོ།། ཚེ་དང
་ལྡན་པ་དང་བཙུན་པ་དང་གནས་བརྟན་གྱི་ཉེ་བར་ཀློག་པར་བྱས་པ་མ་ཡིན་ནོ།། ཉེ་བར་ཀློག་པ་མེད་པར་འདི་དག་གི་མིང་བཟུང་བ་ལ་རྒན་རིམས་ཉེ་བར་ཀློག་པ་མེད་པའི་མིང་བཟུང་བར་མི་བྱ་ཞེས་བྱ་བ་འདི་ཉིད་ཀྱིས་བཀག་པར་རིག་པར་བྱའོ།།
་སློབ་དཔོན་ཉིད་སློབ་དཔོན་ཉིད་ཀྱིས་བརྗོད་པར་བྱའོ།། མཁན་པོ་ཡང་མཁན་པོ་ཉིད་དོ།། ཞེས་བྱ་བའོ།། དེ་ལྟར་གཞན་ལ་མི་བྱའོ་ཞེས་བྱ་བ་ནི་མཁན་པོ་དང་སློབ་དཔོན་དག་ལས་གཞན་པའི་གང་ཟག་ལ་མཁན་པོ་དང་སློབ་དཔོན་གྱི་སྒྲ་དག
་གིས་ཉེ་བར་བརྗོད་པར་བྱ་བ་མ་ཡིན་ནོ།། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཞེས་བྱ་བ་དང་བཅས་པར་མ་སྨྲས་པར་མཁན་པོའི་མིང་མི་གཟུང་ངོ་ཞེས་བྱ་བ་སྟེ། བཅས་པར་ཞེས་བྱ་བ་ནི་མཁན་པོའི་གཟུང་བས་སོ།། དོན་གྱི་སླད་དུ་མཚན་ནས
་སྨོས་ཏེ་ཞེས་བྱ་བའི་ངག་འདི་དག་དང་བཅས་པས་མཁན་པོའི་མིང་གཟུང་བར་བྱ་སྟེ། ཚིག་འདི་མ་བརྗོད་པར་ནི་མ་ཡིན་ཞེས་བྱ་བའི་དོན་ཏེ།། དེ་ཡང་འདི་ལ་དེ་མ་ཐག་པ་དང་བཅས་པར་བྱེད་པ་ཚིག་གང་ལ་འདི་ནི་འཇུག་པ་ལོག་པ་ཞེས་བྱ་ཊཱི
་བློའོ།། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་གའོ།། །། དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་རབ་ཏུ་འབྱུང་བ་དང་། དགེ་ཚུལ་ཉིད་དུ་ཁས་ལེན་པ་ལྟར་གང་ཟག་ལས་ནི་མ་ཡིན་ནོ།། འོན་ཀྱང་དགེ་འདུན
་ལས་བསྙེན་པར་རྫོགས་པར་བྱའོ།། མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པས་ལས་བྱེད་པ་དང་གསང་སྟེ་སྟོན་པའི་དགེ་སློང་ལ་གསོལ་བ་གདབ་པར་བྱའོ་ཞེས་བྱ་བ་སྟེ། མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་ལ
་མཁན་པོ་ཉིད་ཀྱིས་སོ་སོར་ཉེ་བར་གནས་པའོ།། གསོལ་བ་གདབ་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་གདབ་པའོ།། གསང་སྟེ་སྟོན་པ་ལ་ཡང་གསོལ་བ་གདབ་པར་བྱའོ།། དགེ་སློང་ལ་ཞེས་བྱ་བ་ནི་གསང་སྟེ་སྟོན
་བའི་དོན་དུ་དགེ་སློང་ག་ཚིག་སྟེ། ལས་བྱེད་པའི་དོན་དུ་ནི་མ་ཡིན་ནོ།། ལས་བྱེད་པ་ལ་ནི་གང་ཞིག་ལས་ཀྱི་ཆོ་ག་གསུངས་པ་དེ་ལ་དགེ་སློང་ཉིད་གྲུབ་པའི་ཕྱིར་རོ།། མཁན་པོར་གསོལ་བར་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱི་དབུས་སུ་བསྙེན་པར
་རྫོགས་པ་བྱས་པས་སོ།། དེ་རང་གིས་དེ་ལ་ཆོས་གོས་གསུམ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་སྟེ། དེ་ཞེས་བྱ་བ་ནི་མཁན་པོའོ།། རང་གིས་ཞེས་བྱ་བ་ནི་འདིར་དབུགས་དབྱུང་བའི་ཆོ་ག་བྲེགཽ་པ་ལ་སོགས་པ་བཞིན་དུ་ཅི་ནས་ཀྱང་མ་ཡིན་ཏེ།
་རང་གིས་འདི་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱ་བ་ལའོ།། ཚོགས་པ་ཡོད་པ་ལ་དྲས་ཤིང་དྲུབས་པས་བྱིན་གྱིས་བརླབས་པས་ཀྱང་ངོ་།། མེད་པ་ལ་གཞན་ཞེས་བྱ་བ་གོས་ཀྱིས་གཞི་ལས་རྟོགས་པར་བྱའོ།། །
་བྱིན་གྱིས་བརླབ་པ་ནི་ཆ་ལུགས་ཀྱི་དོན་ཉིད་ཀྱི་ཕྱིར་བྱིན་གྱིས་བརླབས་པའི་དེ་མ་ཐིག་ཏུ་འདི་རྣམས་བགོ་བར་བྱ་ཞེས་བྱ་པར་ཤེས་པར་བྱའོ།། ལྷུང་བཟེད་ཀྱང་མི་ཆུང་ངམ་མི་ཆེའམ་མི་སྐྱ་འམ་ཞེས་དགེ་འདུན་བསྟན་ནས་སོ་ཞེས་བྱ་བ་སྟེ།
་བསྟན་ནས་ཞེས་བྱ་བ་དགེ་འདུན་ལ་ཞེས་བྱ་བ་འདི་དང་འདི་ལ་འབྲེལ་ཏོ།། ཅིའི་ཕྱིར་བསྟན་ཞེ་ན། མི་ཆུང་ངམ་མི་ཆེའམ་མི་སྐྱ་འམ་ཞེས་བྱ་བ་སྨོས་ཏེ། སྐྱོན་འདི་ཡོངས་སུ་སྤང་བའི་དོན་དུ་རྣམ་པ་འདི་ལྟ་བུ་ལ་བྱིན་གྱིས་བརླབ་པ་རིགས་པ་མ
་ཡིན་ནོ།། དགེ་འདུན་ལ་བསྟན་ནས་སོ་ཞེས་བྱ་བ་ནི་ལྷག་པར་གནས་པར་བྱའོ་ཞེས་བྱ་བའི་རྗེས་སུ་འཇུག་གོ།། ཐམས་ཅད་ཀྱིས་དེ་ལྟ་བུ་ཉིད་མ་ཡིན་ཏེ་ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་དགེ་སློང་རྣམས་འདུས་པས་སོ།།
་དེ་ལྟ་བུའི་དངོས་པོ་ནི་དེ་ལྟ་བུ་ཉིད་དེ་ཆུང་བ་ལ་སོགས་པའི་སྐྱོན་དང་ལྡན་པ་ཉིད་དོ།། དེ་ལྟ་བུ་ཉིད་མ་ཡིན་པ་ནི་དེ་ལྟ་བུ་ཉིད་མ་ཡིན་པ་སྟེ། སྐྱོན་འདི་རྣམས་དང་བྲལ་བ་ཉིད་ཅེས་བྱ་བའི་དོན་ཏོ།། དཀར་ནས་ལས་བྱེད་པས་གསང་སྟེ་སྟོན་པ་ལ་གང
་ཞེས་བྱ་བས་སླར་བཅུག་སྟེ། སྤོ་བར་བྱས་ནས་དགེ་འདུན་ལ་གསོལ་བའོ་ཞེས་བྱ་བའི་སྟེ། དཀར་ནས་ཞེས་བྱ་བ་ནི་དཀྱིཁ་འཁོར་གྱི་གནས་ནས་གཞན་དུ་སྔོན་པོའི་ཉེ་བར་གནས་པར་བྱ་བ་ལ་གསོང་སྣ་སྟོན་པར་གནས་པའི་ལས
་ཐོས་པའི་ཉན་འཁོར་མ་ཡིན་པ་ནི་འདིར་བཀར་བའི་དོན་ཏེ་གཞན་མཐོང་བ་མ་ཡིན་ནོ།། དྲི་བོས་ན་གང་དུ་གནས་པ་འདི་ལ་ཐོས་པའི་ཉན་འཁོར་མ་ཡིན་པར་འགྲོ་བ་དེའོ་ཞེས་བྱ་བ་ལས་ཀྱི་ཆོ་ག་རྟོགས་པར་བྱའོ།། མཐོང་བ་ཉེ་བར་སྤྱད་པ་ལ
་འདི་འཆད་པར་འགྱུར་ཏེ། ཚོགས་པ་ལ་མངོན་པར་ཕྱོགས་ཤིང་ཐལ་མོ་རབ་ཏུ་སྦྱར་བ་འདི་བཀར་ནས་བཞག་པར་བྱ་ཞེས་བྱ་བའོ།། སུ་ཞིག་ཅེ་ན། བཀར་ནས་ཞེས་བྱ་བ་སྟེ། མིང་འདི་ཞེས་བྱ་བ་གསོལ་བ་བཏབ་པར་གྱུར་པ་གསང་སྟེ་སྟོན་པ
་ཞེས་བྱ་བའི་སྔགས་འདིས་བདག་མིང་འདི་ཞེས་བགྱི་བ་གསང་སྟེ་སྟོན་པ་བཙལ་ནོས་ཞེས་བྱ་བའོ།། སྤྲོ་བར་བྱས་ནས་ཞེས་བྱ་བ་ནི་ཁྱོད་སྤྲོ་འམ་ཞེས་བྱ་བ་ལ་སོགས་པས་གསང་སྟེ་སྟོན་པ་དེ་ཉིད་ལའོ།། དེ་ཞེས་བྱ་བ་ནི་གསང་སྟེ་སྟོན་པའོ།། གསོལ
་བར་བྱའོ་ཞེས་བྱ་བ་ནི་འདིའི་དོན་དུ་ལས་བྱེད་པ་པོས་གསོལ་བར་བྱའོ།། ཁ་ཅིག་ནི་འདིར་སོན་པའི་སྡིགས་ལ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བའི་གསང་སྟེ་སྟོན་པ་ལ་ཡང་དག་པར་བསམས་པ་ཞེས
་བྱ་བ་གང་ཞིག་འདོན་པར་བྱེད་པ་དེ་ནི་རིགས་པ་མ་ཡིན་ཏེ། ལས་བརྗོད་པ་ལ་ཡང་བྱ་བ་ཉིད་དུ་ཐལ་བའི་ཕྱིར་དང་། འདི་རྣམས་ལ་བློ་མཐུན་པར་གསོལ་བར་བྱ་བ་འདི་ཞེས་བྱ་བ་རྣམ་པར་བཞག་པའོ།། དེ་བས་ན་མིང་འདི་ཞེས་བགྱི
་བའི་གསང་སྟེ་སྟོན་པ་མིང་འདི་ཞེས་བགྱི་བ་ལྐོག་ཏུ་སྟོན་པར་བྱེད་པ་ཞེས་བྱ་བ་འདི་ལ་གདོན་བར་རིགས་པ་ཡིན་ཏེ། དེ་བས་ན་གསོལ་བར་བྱ་བ་ནི་འདི་ལྟར་མདོར་བྱས་པ་ཡིན་ཏེ་བློ་མཐུན་པ་ནི་མ་ཡིན་ནོ།། ཁྱོད་ཉོན་ཅིག་ཅེས
་བྱ་བས་ལྐོག་ཏུ་རྗེས་སུ་བསྟན་པར་བྱའོ་ཞེས་བྱ་བ་ནི་གསང་སྟེ་སྟོན་པ་ཞེས་བྱ་བ་ཤུགས་ཀྱིས་རིགས་པར་བྱའོ།། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག། ཁྱོད་ཀྱིས་འདི་ནི་བདེན་པའི་དུས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྔགས་ལ་ཁྱོད་ཉོན་ཅིག་ཅེས་བྱ
་བའི་ཚིག་འདི་དང་འབྲེལ་པའོ།། མ་བོས་ཀྱི་བར་དུ་མ་འོང་བར་སྡུད་ཅིག་ཅེ་སྟེ་སྨྲས་ནས་རྗེས་སུ་བསྟན་ན་ཞེས་བྱ་བས་དགེ་འདུན་ལ་ཡོངས་སུ་དག་པར་གོ་བར་བྱ་སྟེ། ཞེས་བྱ་བ་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས
་བྱ་བས་བདག་གི་དགེ་འདུན་ལ་རྗེས་སུ་བསྟན་པོས་ཞེས་བྱ་བའི་སྔགས་ཀྱིས་སོ།། ཅི་མཆོགག་གམ་ཞེས་བྱ་བས་དགེ་འདུན་ལ་འོས་པ་ཞུ་བར་བྱའོ།། མ་སོ་ཅད་ཀྱིས་གོལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་དག
་སློང་རྣམས་ཀྱིས་བསྙེན་པར་རྫོགས་པ་གཅིག་གོ།། ཁ་ཅིག་ནི་འདི་དང་སྔ་མ་ལ་རབ་ཏུ་བྱུང་བའི་དོན་དུ་ཞུ་བའི་ཚིག་ལ་ལན་བརྗོད་པ་ཡིན་ཏེ། གལ་ཏཱ་ཡོངས་སུ་དག་ནའོ་ཞེས་དགེ་འདུན་ཐམས་ཅད་ཀྱིས་བརྗོད་པར་བྱའོ།། དེས་ན་ཡོངསུ་དག་གི
་ཞེས་བྱ་བ་བརྗོད་པར་བྱ་བ་དེ་ནི་མི་འཐད་བ། གང་གི་ཕྱིར་བརྗོད་པ་པོ་ལ་ཁུར་བཀལ་བ་འདི་ཡིན་ཏེ། གསང་སྟེ་སྟོན་པས་དང་པོ་ཉིད་དུ་བརྗོད་པ་ཉིད་ཀྱི་ཕྱིར་རོ།། ལས་བྱེད་པས་བསྙེན་པར་རྫོགས་པ་གསོལ་དུ་གཞུག་གོ་ཞེས་བྱ་བ་སྟེ། བསྙེན
་པར་རྫོགས་པ་ལ་བལྟོས་པའོ།། དགེ་འདུན་ལ་གསོལ་ནས་བར་ཆད་དྲི་བར་བྱ་བ་ཞེས་བྱ་བ་ནི་བར་ཆད་ཡོངས་སུ་དྲི་བའི་དོན་དུ་གསོལ་བ་བྱས་ནས་སོ།། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག། འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་ཁྱོད
་ཀྱི་འབྱུང་བའི་དུས་ཏེ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་བར་ཆད་ཡོངསུ་དྲི་བོའོ།། བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་ཏེ། ལས་བྱེད་པ་པོ་ལ་སྐབས་དོན་ཡིན་པའི་ཕྱིར།།
་དེ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱའོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་པོའི་རྗེས་སུ་གྲིབ་ཚོང་བསྟེན་པ་ར་རྫོགས་པ་ལ་རིག་པར་བྱ་ཞེས་བྱ་བའི་དོན་ཏོ།། དེ་མ་ཐག་ཏུ་ནི་ཐོགས་པ་མེད་པའོ།། ཇི་ལྟར་རིག་པར་བྱ
་བ་ནི་ཆ་ལྷག་མའི་བྱ་བའི་ཚད་བྱེ་བ་ལ་གཏོན་འཇུག་པ་མི་རིགས་པས་ལས་བྱེད་པས་ལས་གཞོན་གྱིས་ཚད་འདི་ལ་སྦྱར་བའོ།། ཞེས་བྱ་བ་སྨོས་ཏེ། དེ་ཡང་ཚང་འདི་ལ་རྐང་པ་ལ་སོགས་པ་རྣམས་ལ་གང་ཞིག་ཅེ་ན། དེ་ནི
་ཐུར་མ་སེར་བཞི་པས་བཟང་ངོ་ཞེས་བྱ་བ་སྨོས་སོ།། དེ་ནི་ཞེས་བྱ་བ་ནི་ཆུང་དེ་རིང་བ་ཉིད་མེད་པའི་ཕྱིར་ཐུར་མ་སོར་བཞི་པས་ཆང་མཛེས་པའོ།། དེ་ནི་སྐྱེས་བུ་ཉིད་ཅེས་ཐ་སྙད་དུ་བྱའི་ཞེས་བྱ་བ་ནི་བཟང
་ཞེས་སྦྱར་བར་རོ།། དེ་ནི་ཞེས་བྱ་བ་ནི་ཐུར་མ་སོར་བཞི་པ་ལ་ཇི་ཙམ་པའི་ཐུར་མ་རྣམས་དེ་ཙམ་དུ་སྐྱེས་བུ་དྲིབ་མ་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ།། ཉིན་མཚན་གྱི་ཆ་སྔ་དྲོ་ལ་སོགས་པ་དོང་ཞེས་བྱ་བ་ནི་རིགས་པར་བྱ་ཞེས་བྱ་བ་རྗེསུ་འཇུག་གོ།།
་སྔ་དྲོ་དོང་གུང་གི་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་གསུངས་སོ།། དུས་ཆོད་ཀྱང་ངོ་ཞེས་བྱ་བ་ནི་རིག་པར་བྱའོ།། དེ་དག་ལྔའོ་ཞེས་བྱ་བ་ནི་དུས་ཚོད་རྣམས་ཏེ། དགུན་གྱིས་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་ངུའི་དུས་དང་།
་དབྱེར་རིང་པོའི་དུས་སོ།། འདི་རྣམས་ཀྱི་ཚད་བརྗོད་པ་ཡིན་ནོ།། དང་པོ་གཉིས་ནི་ཟླ་བ་བཞི་བཞིའོ་ཞེས་བྱ་བ་ནི་དགུན་གྱི་དུས་དུས་དང་དཔྱིད་ཀྱི་དུས་སོ།། འོག་མ་ནི་ཟླ་བ་གཅིག་གོ་ཞེས་བྱ་བ་ནི་དབྱར་གྱི་དུས་སོ།། དེའི་འོག་མ་ནི་ཉིན་ཞག་གཅིག་གོ་ཞེས
་བོ་ནི་དེ་ནི་དབྱར་གྱི་དུས་ལས་འོག་མ་ནི་དབྱར་གྱི་ཐུང་ངུའི་དུས་ཏེ་ཉིན་ཞུག་གཅིག་གོ།། ཐ་མ་ནི་ངེས་ཟླ་བོ་གསུམ་དུ་མཆོག་པའི་ཞེས་བྱ་བ་ནི་སྦྱིན་ཞག་གཅིག་པོ་དེས་མཆོག་པའི་ཟླ་བ་གསུས་ནི་བླ་མའི་དུས་ཏེ་དབྱར་རིང་པོའི་དུས་སོ།། དུས་ཆོད་བརྗོད
་པའི་དེ་མ་ཐག་ཏུ་བསྙེན་པར་རྫོགས་པར་བྱས་པ་ཙམྲ་ལ་ལས་བྱེད་པ་པོས་གནས་རྣམས་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཕྱག་དར་ཁྲོད་པ་ལ་སོགས་པ་བཞི་པོ་དེ་རྣམས་སོ།། ལྟུང་བར་འགྱུར་བའི་ཆོས་རྣམས་དང་། དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས
་ཀྱང་ངོ་ཞེས་བྱ་བ་སྟེ། ཁྲོ་བ་ལ་སླར་མི་ཁྲོ་བ་ལ་སོགས་པ་རྣམས་བརྗོད་པ་རྣམས་ས་བྱ་བར་འབྲེལ་ཏོ།། མཆོག་ཏུ་འདོད་པར་བྱ་བ་ཡང་དག་པར་ཉིད་ཀྱིས་རྫོགས་པ་ཉིད་ཀྱིས་རྫོགས་པ་ཉིད་བརྗོད་ནས། ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད
་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་མཆོག་ཏུ་འདོད་པར་བྱས་པས་ན་མཆོག་ཏུ་འདོད་པར་བྱ་བ་ཡིན་ཏེ། གང་ཞིག་ཁྱེད་ལ་སྔོན་བྱུང་བ་སྟོན་པར་བྱེད་པའོ།། བདག་གིས་ཅི་ཞིག་ཐོབ་པར་འགྱུར་རམ་ཞེས་བྱ་བ་ལ་སོགས་པ་དེ་ནི་འདིའི་འདོད་པའོ།། །
་དེའི་རྫོགས་པ་ཉིད་ནི་ཡོད་པ་ཉིད་བཟུང་ནས་སུ་འདི་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཞེས་བྱ་བ་ལ་སོགས་པས་སོ།། སླར་རྫོགས་པ་ཉིད་ལ་མཐུན་པའི་མཁན་པོས་ཞེས་བྱ་བ་ལ་སོགས་པས་ཡང་དག་པ་ཉིད་བརྗོད་པའོ།། རྫོགས་པ་ཉིད་བརྗོད
་ནས་ཅི་ཞིག་བྱ་ཞེ་ན། ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་སྨོས་ཏེ། གང་དུ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ཞེས་བྱ་བ་ལ་སོགས་པའི་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་དོ།། བསྒྲུབ་པ
་ནི་བསྟེན་པར་བྱེད་པའོ།། ཚུལ་དཔའ་བྲེལ་པའི་གཟུགས་བརྙན་དང་ཞེས་བྱ་བ་ནི་ངེས་པར་སྦྱོར་བར་བྱ་ཞེས་པ་ཐམས་ཅད་དུ་དབང་དུ་བྱེད་པར་རིག་པར་བྱའོ།། ཚུལ་དང་འབྲེལ་པ་ནི་ཕ་མ་ལྟ་བུར་འབྲེལ་པའོ།། དེའི་གཟུགས་བརྙན་ནི་ཕྱིན་ཆད་ནས་མཆོག་ཏུ་ཁྱོད
་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་བཞག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་སོ།། དེ་ལྟར་ན་ཁྱོད་ཀྱིས་ཁྱིམ་པའི་འབྲེལ་པ་དེ་གོམས་པ་སོ་སོར་སྦྱང་བར་ཞེས་བྱ་བའོ།། འདུལ་བར་གནས་པ་ཉིད་དང་ཞེས་བྱ་བ་ནི་དེ་ཕྱིན་ཆད་ཁྱོད་ཀྱིས་གུས་པ་དང
་། བཅས་པ་ཞེས་བྱ་བ་ལ་སོགས་པས་སོ།། གོས་པ་རྗེས་སུ་བསྒྲུབ་པ་ཡང་ངོ་ཞེས་བྱ་བ་ནི་དེང་ཕྱིན་ཆད་མཆོག་ཏུ་ཁྱོད་ལ་བསྟན་པར་བྱ་ཞེས་བྱ་བ་ལ་སོགས་པས་སོ།། མ་བརྗོད་པ་ཡང་དག་པར་བླངས་པ
་ཡོངས་སུ་ཤེས་པའི་བསྒྲུབ་པར་འགྱུར་བ་ཉིད་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཁྱོད་ལ་འདི་དངའ་དེ་རྣམས་བདག་གིས་རྒྱ་ཆེརཽ་ཞེས་བྱ་བ་འདི་ལྟ་བུ་ལ་སོགས་པས་སོ།། དེ་ནི་མ་བརྗོད་པར་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ལ་གནས
་པ་ལ་ཡོངསུ་ཤེས་པ་དེ་ལྟར་བསྒྲུབ་པར་འགྱུར་ཞེས་བྱ་བའོ།། གུས་པ་ལ་ཡོད་ངེས་པར་སྦྱར་བ་བྱའོ་ཞེས་བྱ་བ་ནི་ཁྱོད་ནི་བསྙེན་པོར་རྫོགས་པར་གྱུར་ཅེས་བྱ་བའི་ཚིགས་སུ་བཅད་པ་དག་གིས་དང་། བསྐྱེད་པ་ཞེས་བྱ་བ་འདིས་དྲལ
་འབྱོར་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བ་ཉིད་བསྟན་པ་ཡིན་ཏེ། གང་གི་ཕྱིར་མི་ཁོམ་པ་གཞན་མེད་པས་ཀྱང་ཐོབ་པར་བྱ་བ་རྙེད་པ་ལ་ཡང་ཐུགས་བརྩེ་བ་དང་ལྡན་པ་རྣམས་ཀྱིས་ངལ་འབྱོར་ཕུན་སུམ་ཚོགས་པའི་མིའི་ལུས་འདི་ལ་རྣམ
་བར་མ་དག་པའི་གྲངས་མང་པོ་ནི་བར་ཆད་རྣམས་དང་གཟུགས་ངན་པ་ཉིད་དོ།། དེ་བས་ན་འདི་རྙེད་པར་དཀའ་བའོ།། བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ཡང་ངོ་ཞེས་བྱ་བ་ནི་བརྗོད་པ་དང་ལྷན་ཅིག་ཏུ་ནི་བརྗོད་པ་དང་བཅས
་པའོ།། གང་གིས་དོན་དུ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེ་བསྒྲུབ་པར་བྱ་བ་ལ་ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་བསྒྲུབས་ཤིག་ཅེས་བྱ་བ་འདིས་ངེས་པར་སྦྱར་བར་བྱའོ།། འདི་ལྔ་སྟེ་ཁྱོད་ནི་གནས་འདི
་རྗེས་སུ་ཐོབ་པ་སྟེ། ད་ནི་འདིར་ཁྱོད་ཀྱིས་མངོན་པར་དགའ་བར་བྱ་ཞེས་བྱ་བའོ།། དང་པོ་ཕྱག་ལན་གསུམ་བྱས་ནས་དགེ་འདུན་འདུས་པའི་ནང་དུ་རྗེས་སུ་བསྟན་པ་ལ་ཅོག་ཙོག་པོར་འདུག་པའི་མདུན་དུ་སོ་ཕག་བཏིང་བ་དག་གིས
་གསང་སྟེ་སྟོན་པ་ལ་བསྙེན་པར་རྫོགས་པ་ལ་གནས་པའི་ལག་པ་གཡོན་པར་ལྷུང་བཟེད་བཞག་སྟེ། ལག་པ་གཡས་པས་བཀབ་ནས་ཞེས་བྱ་བ་ལ་སོགས་པ་ལས་ཀྱི་གཞིར་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་འདིར་རྗེས་སུ་འབྲེལ་པ
་མ་བྱས་པ།། བསྙེན་པར་རྫོགས་པའི་ཆོ་གའོ།། །། གནས་པས་གནས་པ་ལ་མ་ཞུས་པར་བྱ་བ་མི་བྱའོ།། ཞེས་བྱ་བ་ལ་སོགས་པ་ལ་མཽ་ཞུས་པ་ནི་མ་དྲིས་པའོ།། མ་དྲིས་པར་ཅུང་ཟད་ཀྱང་མི་བྱའོ་ཞེས་བྱ་བའི་དོན་ཏོ།། བྱ་བ་མཐའ
་དག་གནས་ལ་ཞུ་བར་ཐལ་བ་ལ། བྱ་བ་འགའ་ཞིག་མ་དྲིས་པར་ཡང་བྱེད་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེའི་ཕྱིར་བཤང་བ་གཅི་བ་དང་སོ་ཤིང་དོར་བ་དང་ཉེན་འཁོར་དང་བཅས་པའི་གཙུག་ལག་ཁང་དུ་མཆོད་རྟེན་ལ་ཕྱག
་བྱ་བ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་གང་ཞིག་འདིར་ནང་དུ་བྱ་བའི་གྲངས་འདྲི་བ་ལ་སོགས་པའི་བྱ་བས་མངོན་པར་ཁྱབ་པ་དེ་ནི་འདིར་ཉེན་འཁོར་དུ་རིག་པ་ཡིན་ནོ།། ཉེན་འཁོར་དུ་ལྷན་ཅིག་ཏུ་ནི་ཉེན་འཁོར་དང་བཅས་པའོ།། དེར་མཆོད
་རྟེན་གང་ཞིག་ལ་ཕྱག་འཚལ་བའོ།། གཙུག་ལག་ཁང་ནས་འདོམ་བཞི་བཅུ་རྩ་དགུའི་མཐའ་ཚུན་ཆད་དུ་འགྲོ་བ་ཡང་ངོ་ཞེས་བྱ་བ་ནི་མ་གཏོགས་སོ་ཞེས་བྱ་བར་རྗེས་སུ་འབྲེལ་ལོ།། གཅིག་གིས་མ་ཚང་བའི་ལྔ་བཅུ་ཞེས་བྱ་བ་ལ། སྔ
་ཟས་མཚམས་སྦྱར་བྱའོ།། འདས་གཟིགགས་མཆོག་འཇ་རྫུམ་རྫུན་ཅན་། གདུན་པའཁོར་སུ་གཞན་ཡོད་པ་ལ་གཙུག་ལག་ཁང
་གིས་མཐའ་མ་ཞེས་བྱ་བའི་ངེས་པར་རིག་པ་ཡིན་ནོ།། རབ་དུ་མ་ལ་སོགས་པ་ལ་ཐམས་ཅད་ཀྱི་ཕྱི་རོལ་ལོ།། དེ་བས་ན་དེའི་ཕྱི་རོལ་གྱི་ལོགས་ཀྱི་ཚད་ནི་འདིའི་ཚད་ཀྱི་ཐ་མའོ།། གང་ཞིག་འཁོར་ས་མེད་པ་དེ་ལ་གཙུག་ལག་ཁང་གིས་རྩིག
་པ་ཉིད་ནི་ཐ་མའོ།། འདིར་གང་ཞིག་འོག་ཏུ་སྔར་བཤད་པའི་ཉེ་འཁོར་གྱི་གནས་དེ་ལ་བརྟེན་པའི་མཆོད་རྟེན་ནི་ཕྱག་བཀྱིལ་པོར་བྱ་བ་མ་ཡིན་ཞེས་བྱ་བ་འདིར་ཉེ་བར་གནས་པ་ཡིན་ནོ།། བཅག་པར་བྱ་བའི་ཕྱིར་རྗེས་སུ་གནང་བ་འདི་ཡིན་ཏེ།
་གཞན་ཡང་དེ་བས་ན་མཆོད་རྟེན་ལ་ཕྱག་བཅོལ་བ་ཞེས་བྱ་བའོ།། དེར་ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། དེའི་དོན་དུ་མ་དྲིས་པར་འགྲོ་བར་མི་བྱའོ།། བཅག་པར་བྱ་བའི་ཕྱིར་འགྲོ་བ་ནི་ཕྱག་བཙལ་བར་བྱ་ཞེས་བྱ་བའོ།། བྱ་བ་འདི་ནི་རྣམ་པ་གཉིས་ཏེ།
་ཙརྩོམ་པར་གྱུར་པ་དང་མངོན་པར་ཕྱག་འཚལ་བར་གྱུར་པའོ།། དེ་ལ་གང་ཟག་རློམ་པར་གྱུར་པ་དེ་ཉིད་བཀག་པ་ཡིན་ཏེ། མངོན་པར་ཕྱུག་འཚལ་བར་གྱུར་པོ་ལ་ནི་དགག་པར་བྱ་བ་མ་ཡིན་པ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ།། འདི་ལྟ་སྟེ་གཏས
་འདྲེ་བ་དང་ཕབས་པར་སྨྲ་བ་དང་། ཕན་ཚུན་ཀུན་དགའ་བར་བྱ་བ་དང་། ལན་གདབ་པ་དང་འོངས་པོ་ལེགས་སོ་ཞེས་བརྗོད་པ་ལ་མགོས་པ་དང་། ལག་པ་ཆུར་བསྔགས་པས་རྐང་པ་དག་ལ་བྱུགས་པ་དང་། གོས་ལ་རྡུལ་ཆགས་པ་སྐྲག
་དང་། དེ་ལྟ་བུ་ལ་སོགས་པའོ།། དེ་ནི་མ་ཞུས་པར་ཡང་བྱ་སྟེ། དེ་དག་ཞུས་ན་གཞད་གད་ཀྱི་གཞིར་འགྱུར་བའི་ཕྱིར་རོ།། མཆིལ་ལྷམ་དང་སོ་ཤིང་དང་ཀློག་པ་དང་། ཁ་དོན་བྱེད་པ་དང་། ཉེ་བར་བསྡུ་བ་རྣམས་བྱེད་པ་དང་སོ་སོར་འདོད་པ་པོ་རྣམ
་ལ་དེའི་རིགས་ཅན་དགེ་སློང་དང་ཉེ་བར་བསྡུ་བ་དེ་དག་རྗེས་སུ་གནས་ཞེས་བྱ་བའི་ཁྱད་པར་ཡོངས་སུ་འཛིན་པས་འདིར་མངོན་པར་ཕྱག་འཚལ་བར་གྱུར་པ་འདོད་པ་ཡིན་ཞེས་བྱ་བར་ཤེས་པར་བྱའོ།། འོདིར་རབ་ཏུ་བྱུང་བ་གདུག་པ་ཅན་ཤྲེ
་པའམ། དོགས་པ་མིག་དྲིས་པར་ཡོངས་སུ་སྤང་བར་བྱ་བ་མ་ཡིན་ཏེ་གཞོན་ནཱི་མ་ཡིན་ནོ།། གང་གི་ཕྱིར་ཀློག་པ་འམ་ཁ་དོན་བྱེད་པ་ལ་ཉེ་བར་བསྡུ་བ་དེ་དག་རྗེས་སུ་མཐུན་པའི་དུས་ལ་ཉེ་བར་བསྡུ་བ་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ
་བྱ་བ་ཉིད་ཀྱིས་རབ་ཏུ་ཤེས་སོ།། མངོན་པར་ཕྱག་འཚལ་པོའི་རྣམ་པ་ཉིད་ཀྱིས་འདིའི་ཡིད་ལ་ངེས་པར་གནས་སོ།། གདུག་པ་ཅན་ལ་མི་མཐུན་པའི་རྗེ་སུ་འགྲོ་བ་ཅན་ཉིད་ཀྱིས་འདི་སོ་སོར་སྨྲ་བར་གྱུར་པ་ནི་རྣམ་པ་ཉིད་ཀྱིས་གྲགས་པ་ཉེ་བར་འགྲོ་བ
་ཡིན་ཏེ། དེ་བས་ན་དེ་ལ་འབད་པར་བྱ་ཞེས་བྱ་བས་འདིར་དགོངས་པ་མཐོང་བ་ཡིན་ཏེ། ཆུ་འཐུང་བ་ལ་ཡང་མ་ཞུས་པར་བྱེད་པ་རབ་ཏུ་གཅོད་པ་འདིས་བྱས་པར་རིག་པར་བྱའོ།། གང་གི་ཕྱིར་འདི་ནི་རྣམ་པ་གཉིས་ཡིན་ཏེ། རྡུལ་དང་འབྲལ་བའི་ཡན
་ལག་རྣམས་ལ་ཆུས་ཡང་དག་པར་རིག་པོའོ།། གནས་པའི་ཚུལ་ཁྲིམས་བརྗོད་པར་བྱ་སྟེ། ལྷུང་བཟེད་དང་ཆོས་གིས་ཀྱི་ལས་དོང་། ནང་གཡོག་དོང་འགྱོད་པ་བསལ་བ་དང་། སྡིག་བ་ཅན་གྱི་ལྟ་བའི་རྣམ་པ་སྦྱོང་བ་ལཾ་ཨེནའོ་བདག་གི
་བྱའོ་ཞེ་འམ། བྱེད་དུ་འཇུག་གོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ། འདིར་ཁ་ཅིག་ནི་ཚོན་གྱི་ལས་ཀྱང་འདོན་པ་ཡིན་ཏེ། དེ་ཆོས་གོས་ཀྱི་ལས་ལྷག་པ་མེད་པའི་ཕྱིར་གཟུང་བར་མི་བྱའོ།། ནན་ཏུར་བྱེད་པར
་འདོད་པའི་དགེ་འདུན་ལ་ཨོཾ་མའོ་དགེ་འདུན་གྱིས་འདི་ལ་ནན་ཏུར་གྱི་ལས་འདི་ལྟ་བུ་མི་བྱའོ།། ཞེས་ཀྱང་ངོ་ཞེས་བྱ་བ་ལ་ནན་ཏུར་བྱེད་པར་འདོད་པ་ལ་ཞེས་བྱ་བ་ནི་གདོན་པར་འདོད་པ་ལ་སོགས་པའི་ནན་ཏུར་གྱི་ལས་བྱེད་པར་འདོད་པའི་དགེ
་འདུན་ལའོ།། ཨེ་མའོ་དགེ་འདུན་གྱིས་འདི་ལ་ཞེས་བྱ་བ་ནི་རྟེན་ལའོ།། ནན་ཏུར་གྱི་ལས་འདི་ལྟ་བུ་མི་བྱའོ་ཞེས་ཀྱང་ངོ་ཞེས་བྱ་བ་ནི་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱ་བ་དང་། ལྡོག་པར་བྱ་བ་དང་། ཇི་སྲིད་དུ་བཟོད་པར་བྱ་བ་ཞེས་བྱ་བ
་ཐམས་ཅད་དུ་འདི་རྗེས་སུ་འབྲེལ་པར་རིག་པར་བྱའོ།། བྱས་ན་བཟོད་པར་བྱའོ་ཞེས་བྱ་བ་ནི་ནན་ཏུར་གྱི་ལས་བྱས་པ་ལ། ཨེ་མའོ་དགེ་འདུན་གྱིས་འདི་ལ་བཟོད་པར་བྱ་ཞེས་བྱ་བའོ།། སྤོ་བ་དང་གཞི་ནས་སྤྲོ་བར་བྱ་བ་དང་། མགུ་བར་བྱ་བ་དང་། གཞི
་ནས་མགུ་བར་བྷ་བུ་དང་། དབྱུང་བར་འདོད་པའི་གནས་ལ་ཨེ་མའོ་དགེ་འདུན་གྱིས་འདི་ལ་སྤོང་བ་ལ་སོགས་པ་བཞི་པོ་སྦྱིན་པར་བྱ་ཞིང་དབྱུང་བར་འདོད་པ་ལ་ཨེ་མའི་ཕྱུང་ཞིག་ཅེས་བྱ་བའོ།། དེས་ཀྱང་འདི་ལ་དེ་བྱ་སྟེ་ཞེས་བྱ་བ་ལ་དེས་ཀྱང་ཞེས
་བྱ་བ་ནི་གནས་སོ།། དེ་ཞེས་བྱ་བ་ནི་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་ལ་སོགས་པའོ།། འདི་ལ་ནི་གནས་པ་ལ་བྱའོ།། ཟླ་བ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་ཞུབ་གཅིག་ཏུ་དེར་ནས་སོ།། བསྙེན་པར་རྫོགས་ནས་ལོ་བཙུ་མ་ལོན་པོར་མཁན་པོ་ཉིང་དུས
་གནས་ཉིད་རང་སྟི་གནས་པར་འདུག་པར་མི་བྷྱ་ཞེས་བྱ་བ་ནི་བསྟན་པར་རྫོགས་ནས་གང་ཞིག་ལོ་བདུ་མ་ལོན་པར་ངོས་འདི་གསུམ་མི་བྱའོ།། བསྟན་པར་རྫོགས་ནས་ལོ་བཅུ་ལོན་པས་ཀྱང་འོག་ནས་འབྱུང་བ་དག་ལྔས་ལྷན་ཅིག་སྦྱར་བ་གང་དང་ཡང་མ
་ལྡན་པས་ནི་མ་ཡིན་ནོ་ཞེས་བྱ་བ་གང་ཞིག་འོག་ནས་འཆད་པར་འགྱུར་བའི་ཡན་ལག་ལྔ་དང་ལྡན་པའི་ལྷན་ཅིག་སྦྱར་བ་རྣམས་ནི་དེ་རྣམས་ལས་གང་ཡང་རུང་བ་དག་ཅིག་གིས་ཀྱང་ཡང་དག་པར་ལྡན་པ་འོས་པ་སྟེ། གཞན་ནི་མ་ཡིན་ཞེས་བྱ་བར
་དགོངས་པའོ།། དེ་ལྟ་ན་ཡང་ཇི་སྐད་དུ་གསུངས་པ། ཆོས་ལྟ་པོ་གཞན་རྣམས་ཀྱིས་ཀྱང་ཡང་དག་པར་ལྡན་པོས་ཞེས་བྱ་བ་འདིར་འདི་དང་འདི་རྣམས་གཞན་གྱིས་ཀྱང་ཞེས་བྱ་བའི་བསྡུས་པ་རྣམ་པར་ཤེས་པར་བྱ་བ་མ་ཡིན་ཏེ། འོན་ཀྱང
་ཞིག་འདི་རྣམས་ཀྱིས་ཀྱང་བྱ་ཞེས་བྱ་བ་སྨོས་ཏེ། འདི་རྣམས་ཀྱིས་ཀྱང་གཞན་དག་གིས་ཞེས་བྱ་བ་གང་ཡང་རུང་བ་གཅིག་གིས་ཞེས་བྱ་བའི་རྣམ་པར་སོ་སོར་རྟོག་པའོ།། འདི་ཅིའི་ཕྱིར་ཞེ་ན། ལྔ་པོ་འདི་རྣམས་ཐམས་ཅད་མེད་པའི་ཕྱིར་དེ་ནི་གཞན
་ལའོ།། ལྔ་པོ་དང་པོ་ལ་ནི་ལོ་བཅུ་ཉིད་ཡན་ལག་ཏུ་སྨྲ་སྟེ། བསྙེན་པར་རྫོགས་ཤིང་ལོ་བཅུ་ལོན་པས་ཡིན་ཞེས་བྱ་བས་ནི་ལོ་བཅུ་ལོན་པོ་ཉིད་ཡན་ལག་ཏུ་གསུངས་སོ།། དེ་བས་ན་འདི་ལོ་བཅུ་ལོན་པ་ཉིད་ཀྱིས་ཚིག་དང་པོ་ཕྱི་མ་ཐམས་ཅད་ཀྱི་ཡུལ
་ཡོངས་སུ་འཛིན་པ་འདི་ཞེས་བྱ་བ་གྲགས་པའི་དོན་དུའོ།། འདུལ་བ་ནི་དོན་ཉིད་གནས་པ་སྟེ། ལོ་བཅུ་ལོན་པ་ཡོད་པ་ལ་མཁན་པོ་བྱེད་པ་ལ་སོགས་པ་ལ་རྒྱུ་ཡིན་ཏེ། ལྷག་མ་དེར་ཁྱད་པར་དུ་གྱུར་པ་ཉིད་གལ་ཏེ་ཡོད་པ་ཁྱད་པར་ཉིད་དང་བཅས
་པ་ནི་མཆོག་གི་ཆོ་གའོ།། གལ་ཏེ་མིན་ན་འདི་ཙམ་ལ་འདིར་བསྟེན་པར་བྱའོ།། ཇི་ལྟར་སློབ་པ་ཉིད་ལ་སོགས་པའི་ཁྱད་པར་ལ་འདའ་བ་ཉིད་དེ་བཞིན་དུ་ལོ་བཅུ་ལོན་ནས་འདུལ་བའི་དོན་ལ་གནས་པ་འདི་ཡང
་མ་ཡིན་ནོ་ཞེས་བྱ་བའོ།། ང་ནི་ལྷན་ཅིག་སྦྱར་བ་དེ་རྣམས་བརྗོད་པར་བྱ་སྟེ། ནད་གཡོག་དང་འགྱོད་པ་བསལ་བ་དང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་དང་གནས་མངོན་པར་མི་དགའ་བ་དོར་བ་དག་ལ་བྱེད་དམ་བྱེད་དུ་འཇུག་ནུས་པའོ།།
་ཞེས་བྱ་བ་ནི་འགྱོད་པ་བསལ་བར་བྱེད་པའི་ནུས་པའི་ཚིག་གིས་འདུལ་བའི་དོན་ལ་གནས་པ་བསྟན་པའོ།། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་ཞེས་བྱ་བའི་ཚིག་གིས་མཆོས་མངོན་པ་ལ་མཁས་པ་ཉིད་ལའོ།། གནས་མངོན་པར་མི་དགའ་བ་དོར
་བའི་ཚིག་གིས་བསལ་བ་ཞེས་པ་ཉིད་དང་ངག་འཛིན་པ་ཉིད་ལ་ཡང་ངོ་།། འདིར་བྱེད་དུ་འཇུག་པའི་སྒྲས་ནི་མི་ནུས་པས་ཀྱང་བྱེད་པ་ཞེས་བྱ་བ་བྱས་པ་ཤེས་པར་བྱ་བ་མ་ཡིནའོ།། འོན་ཀྱང་འདུལ་བྱའི་དབང་གིས་ཤེས་པར་བྱ་བ་ཉིད་ཡོད་པ
་ལ་གཞན་འཇུག་པ་ལ་བྱ་བར་འགྲོ་བར་ནུས་པ་ཉེ་བར་བཟུང་བ་ཉིད་དོ།། དེ་ལྟར་ན་འདིར་ཤིན་ཏུ་འདའ་བར་བྱ་བ་མ་ཡིན་པའི་བྱེད་དུ་འདུག་པའི་དོན་འདུལ་བ་ལ་གནས་པ་ཉིད་ལ་ཤིན་ཏུ་འདའ་བར་བྱེད་པ་མེད་པར་འགྱུར་བ་མི་ཡིན་ནོ།། སློབ
་པ་ཉིད་ཡན་ཆད་ལྔ་པ་ཉིད་མ་ཡིན་པ་ལ་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་དང་སྦྱར་རོ་ཞེས་བྱ་བ་ལ།། སློབ་པ་ཉིད་དང་མི་སློབ་པ་ཉིད་ཅེས་བྱ་བ་འདི་ལས་ཡན་ཆད་གང་ལྷན་ཅིག་ཏུ་བརྗོད་པའི་ལྔ་པ་མ་ཡིན་པ་འདི་ལྟ
་སྟེ། དད་པ་དང་ཚུལ་ཁྲིམས་ལ་སོགས་པ་ལས་གཞན་པའི་ལྷན་ཅིག་སྒྱུར་བ་རྣམས་ཏེ། ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་དང་བཅས་བསྒྱུར་བར་རིག་པར་བྱའོ།། ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་དང་བཅས
་པ་ལྔ་པའོ།། འདིར་ཚུལ་ཁྲིམས་དང་ལྡན་པ་ཉིད་ནི་ཚུལ་ཁྲིམས་འཆོལ་པ་དང་ལྷན་ཅིག་ཏུ་གནས་པ་མི་རིགས་པས་ཁྱད་པར་ཅན་ཏེ། གང་གིས་འདི་དགེའོ་ཞེས་བྱ་བར་བསམས་པར་བྱེད་པ་དེ་རིག་པར་བྱའོ།། སླར་མང་དུ་ཐོས་པ་ཉིད་ནི་ལྷན་ཅིག་སྦྱར
་སྦྱར་བ་གང་ལ་སྡེ་སྣོད་རྣམས་འཛིན་པ་ཡོད་པ་དེ་ལ་དེའི་མི་མཐུན་པའི་ཕྱོགསུ་གྱུར་པ་ཕ་རོལ་གྱི་གཙོ་བོ་ལ་སོགས་པ་དང་། དངོས་པོ་དང་ཚིག་དང་ངག་ལ་སོགས་པའི་ཡན་ལག་རྣམས་དང་། ཚིག་སུ་བཅད་པ་རྣམ་པར་བསགས་པ་ལ་སོགས་པ་རྣམས་དང་།
་བཞད་གང་དང་སྔོན་བྱུང་བ་ལ་སོགས་པ་རྣམས་ལ་མངོན་པར་ཤེས་པ་ཉིད་གང་ལ་ཡོད་པ་མ་ཡིན་པ་དེ་སྡེ་སྣོད་རྣམས་འཛིན་པར་རྟོགས་པར་བྱའོ།། སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ་ཞེས་བྱ་བ་ནི་མདོ་སྡེ་དང་། འདུལ་བ་དང་། མ་མོ་མངོན་པར་ཤེས་པ་ཉིད
་དང་། ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་དང་སྦྱར་ནས་ལྔའོ།། འདུལ་བ་ལས་གསུངས་ཏེ། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པའོ།། མདོ་སྡེ་ལ་གསལ་བ་དང་། འདུལ་བ་ལས་གསལ་བ་དང་། མ་མོ་ལས་གླསྔལ
་པའོ།། མདོ་སྡེ་ལ་མཁསེ་བ་དང་། འདུལ་བ་ལ་མཁས་པ་དང་། མ་མོ་ལ་མཁས་པའོ།། མདོ་སྡེ་ལ་རིག་པ་དང་། འདུལ་བ་ལ་རིག་པ་དང་། མ་མོ་ལ་རིག་པ་དང་ཞེས་བྱ་བའོ།། དེ་ལ་མདོ་སྡེ་ལ་སོགས་པ་བཟུང་བ་མི་བརྗེད་པ་ནི་འཛིན་པའོ།། འདི་ནི་སྔ
་སྡུད་གསུམ་ཡན་ཏུ། གཅིག་ཏུ་གནས་པ་ལ་གཞན་ལ་མཐོང་བས་འདྲེས་པར་གནས་པའོ།། དེ་ལྟར་གནས་པ་འདི་ལ་གང་ཞིག་མ་འདྲེས་པ་ཡོངས་སུ་དཔྱོད་པར་རྣས་པ་འདི་ན་མཁམ་པ་ཤད་དོ།། ལུང་དང་ག་བཱ
་གིས་མདོ་སྡེ་ལ་སོགས་པ་སྦྱོར་བ་འདི་ནི་རིག་པ་ཉིད་དོ།། དེ་ལྟར་སྦྱར་བས་གང་ཞིག་གཞན་ལ་སྟོན་པར་ནུས་པ་འདི་ནི་གསལ་བ་ཉིད་དོ།། མི་བརྗེད་པ་དང་ལྷན་ཅིག་ཏུ་ཐམས་ཅད་མངོན་པར་ཤེས་པ་ཉིད་ཅེས་བྱ་བ་སྤྱིར་མངོན་པར་ཤེས་པའི་ཚིག་གིས
་གསུངས་སོ།། དེ་དག་འཛིན་དུ་འཇུག་ནུས་པ་ཉིད་དོ་ཞེས་བྱ་བ་ནི་མདོ་སྡེ་རྣམས་མངོན་པར་མི་ཤེས་པ་ལ་དེ་རྣམས་འཛིན་དུ་འཇུག་ཅིང་གོ་བར་བྱེད་ནུས་པ་ཡིན་ནོ།། དེ་བས་ན་སྡེ་སྣོད་མངོན་པར་ཤེས་པའི་ཚིག་འདི་ཁྱོད་པར་ཉིད་ལ་རིག་པར་བྱའོ།། ལྷག
་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ལ་སློབ་པ་ཉིད་དོ་ཞེས་བྱ་བ་ལ་སློབ་པའི་དངོས་པོ་ནི་སློབ་པ་ཉིད་དེ་གཉིས་ལྡན་གྱིས་གཅིག་དང་ལྡན་པའི་དངོས་པོའོ།། ལྷག་པའི་ཚུལ་ཁྲིམས་ཀྱི་ཚིག་གིས་འདུལ་བའི་ལུགས་ཐམས་ཅད་བཟུང་བ
་ཡིན་ནོ།། ལྷག་པའི་སེམས་ཀྱི་ཚིག་གིས་ནི་བསམ་གཏན་རྣམས་ལའོ།། ལྷག་པའི་ཤེས་རབ་ཀྱི་ཚིག་གིས་ནི་བདེན་པ་མཐོང་བའི་གོམས་པ་ལྔའོ།། སློབ་དུ་འཇུག་ཀྱང་ནུས་པ་ཉིད་དོ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ལྔ་སོགས་པ་ཡིད་ཆེས
་བསྐྱེད་པའི་དོན་དུ་ཀྱང་གི་སྒྲ་བྱས་པ་ཡིན་གྱི་ཐ་དད་པ་རྟོག་པའི་དོན་དུ་ནི་མ་ཡིན་ནོ།། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་ལ་མི་སློབ་ཅིང་དེ་སློབ་པ་ལ་སྟོབས་དང་ལྡན་པར་གྱུར་པ་མ་ཡིན་ནོ།། སློབ་པ་ཞེས་བྱ་བའི་ཚིག་གིས་འདི་བྱེ་བྲག
་ཡིན་པར་རིག་པར་བྱའོ།། ལྷག་པའི་སྤྱོད་པ་དང་འདུལ་བ་དང་སོ་སོར་ཐར་པ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ལ། དེ་བཞིན་ནོ་ཞེས་བྱ་བ་འདིས་སློབ་པ་ཉིད་ལ་འཇུག་ནུས་པ་ཉིད་དམ། སློབ་ཏུ་འཇུག་པ་ལ་ཞེས་བྱ་བ་འདི་བཟུང་བའོ།། དེམས་ན
་སྦྱར་བ་འདི་དག་གཉིས་སུ་གྱུར་པ་ཡིན་ཏེ། དེ་ལ་ལྷག་པའི་སྤྱོད་པ་ནི་རིག་པར་སྤྱོད་པ་ཅན་ནོ།། འདུལ་བ་ནི་ལྷག་པར་གྱུར་པའོ།། སོ་སོར་ཐར་པའི་བསླབ་པ་རྣམས་དང་གཞིའི་ཆོ་ག་རྣམས་ཡན་ལག་དང་བཅས་པ་ནི་སོ་སོར་ཐར་པ་སྟེ། དེ་ཞེས་བྱ་བ
་གཏོགས་པའི་སློབ་པའི་གཞི་རྣམས་སོ།། དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་ཕུན་སུམ་ཚོགས་པ་ཉིད་དོ་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་ཚིག་གིས་ནི་འདིར་འདུལ་བ་བཅུ་པ་ཡིན་ནོ།། ཁྲིམས་དང་ཏི་ངེ་འཛིན་དང་ཤེས་རབ
་རྣམ་པར་གྲོལ་བ་དང་དེ་ཤེས་པ་དང་མཐོང་བ་རྣམས་ཀྱང་ངོ་ཞེས་བྱ་བ་ཕུན་སུམ་ཚོགས་པ་ཉིད་དོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ།། ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་ཚིག་གིས་འདིར་འདུལ་བ་གྲགས་པ་ཉིད་ཡིན་གྱིས་གཞན་དུ་མ་ཡིན་ནོ།། དང་སྐ
་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་ཡང་དག་པར་འབྱུང་བ་ཡིན་ནོ།། ཞེས་བྱ་བའོ།། དེ་ཤེས་པ་ཞེས་བྱ་བ་ལ་དེའི་སྒྲས་ནི་རྣམ་པར་འགྲེལ་པ་བཟུང་བ་ཡིན་ཏེ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཞེས་བྱ་བའོ།། དེཚན་འགྲུས་བརྩམས་པ
་ཉིད་དང་ཤེས་རབ་དང་ལྡན་པ་ཉིད་དང་ཡང་སྦྱར་རོ།། ཞེས་བྱ་བ་ནི་སློབ་པ་ཉིད་ཡན་ཆད་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་ཅེས་བྱ་བ་འདི་ལ་ཡང་གི་སྒྲས་ནི་སོ་སོར་ཉེ་བར་གནས་པ་འདིའི་རེག་ཏུ་སློབ་པ་ཉིད་ཡན་ཆང་གང་ཞིག
་ལྷན་ཅིག་ཏུ་གསུངས་པ་ལྔ་བ་མ་ཡིན་པ་དེ་ནི་བརྩོན་འགྲུས་བརྩམས་པ་ཉིད་དང་ཤེས་རབ་དང་ལྡན་པ་ཉིད་དག་གོས་ལྷན་ཅིག་ཏུ་བརྗོད་པ་ལོག་པར་བྱའོ།། ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད
་ངག་གིས་ཀྱང་གསུམ་པོ་འདི་རེ་རེ་ལས་གྲོལ་བ་རྣམས་སོ་དྲན་པ་དང་ལྡན་པ་ཉིད་དང་ནང་དུ་ཡང་དག་པར་བཞག་པར་ཉིད་དང་མཉམ་པར་བཞག་པ་ཉིད་དོ།། ཞེས་བྱ་བ་ནི་དེ་རྣམས་ལ་ལྡཞི་པོ་འདི་ཁ་སྐོང་བ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་དང་། མང
་དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་ཉིད་དང་། ཤེས་རབ་དང་ལྡན་པ་ཉིད་དང་། དྲན་པ་དང་ལྡན་པ་ཡིན་ཏེ། སླར་བཞི་པོ་འདི་བརྗོད་ནས་ནང་དུ་ཡང་དག་པར་བཞག་པ་ཉིད་ཡིན་ནོ་ཞེས་བྱ་བ་བརྗོད་པར་བྱ་བ་དང་། སླར་མཉམ་པར་བཞག་པ
་ཉིད་ཞེས་བྱ་བའོ།། སློབ་པ་ཉིད་དོ་ཞེས་བྱ་བ་ནི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཡང་དག་པར་ལྡན་པ་ཡིན་པ་སློབ་པའི་ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ཞེས་བྱ་བ་འདིས
་བསྡུས་པ་ཡིན་ནོ།། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་འདི་དག་ལ་ཆོས་ཉིད་དང་རྣམ་པར་ངེས་པའི་ཚུལ་ཁྲིམས་དེ་ལ་གང་ཞིག་ལེགས་པ་དང་མི་ལེགས་པ་ཉིད་ཡོངསུ་ཤེས་པ་འདི་ནི་རེ་ཞིག་འདི་དག
་ལ་ས་རྟོག་འབྱུང་བ་ཡིན་ནོ།། གང་ཞིག་ལྟུང་བ་རྣམ་པར་བཞག་པ་ཡོངས་སུ་ཤེས་པ་དང་། ལྷག་མའི་འདུལ་བའི་ཆོ་ག་ཡང་གང་ཞིག་དེ་ལ་ཡང་འདི་དག་ལོ་བཅུ་ལོན་པ་ལ་སོགས་པ་ཉིད་རང་དགར་རྣམ་པར་གནས་པ་ངེས་པར་འབད་པ་བྱས
་ཞེས་བྱ་བ་འདི་ཤིན་ཏུ་འདའ་བར་མ་བྱས་པར་བྱེད་དུ་འཇུག་པ་ཤིན་ཏུ་འདའ་བར་བྱས་པ་མ་ཡིན་པར་རིག་པར་བྱའོ།། བྱུང་བ་དང་བཅས་པ་དང་། རྗེས་སུ་བཅས་པ་དང་བཀག་པ་དང་གནང་བ་མངོན་པར་ཤེས་པ་ཉིད་དོ་ཞེས་བྱ་བ་ནི་འདི་ལས་འདི་བྱུང
་ཞེས་བྱ་བ་བསླབ་པའི་གཞི་བསྐྱེད་པའི་རྒྱུ་ལས་བསྐྱེད་པའི་སྒྲས་བརྗོད་དོ།། བསླབ་པོའི་གཞི་རྣམ་པར་བཞག་པར་བྱེད་པ་ནི་བཅས་པའོ།། བྱས་པའི་ཚིག་གིས་ནི་ཙམ་དང་ཉེས་པ་སྦོམ་པོའི་ལྟུང་བ་བཤགས་པར་ཞེས་བྱ་བ་ལ་སོགས་པ་ཡང་བཟུང
་ངོ་།། འདི་ནི་འདིར་སླར་བཀག་པ་དང་གནང་བ་མངོན་པར་ཤེས་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་བཅས་པའོ།། དཔེར་ན་མཆིལ་ལྷམ་རྗེས་སུ་གནང་བས་ཀྲིག་ཀྲིག་བྱེད་པ་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་བཀག་པའོ།། དུས་མ་ཡིན་པའི་ཁ་ཟས
་བཀག་ཀྱང་ནད་པ་ལ་སྨན་པའི་ཚིག་གིས་གནང་བའོ།། ཤིན་ཏུ་ནས་ཀྱང་འདོ་མ་བྱ་ཞེས་བྱ་བ་བསྒྲུབ་པ་ནི་བཀག་པའོ།། དཔེར་ན་རྩ་མཆོག་གིས་ཀྱང་ཆང་མི་འཐུང་བ་དང་མི་ཚངས་པར་སྤྱོད་པ་ལ་སོགས་པ་ལའོ།། གནང་བ་མངོན་པར་ཤེས་པ
་ཉིད་དང་ཞེས་བྱ་བ་ནི་སླར་བྱ་བ་གང་ཞིག་བྱེད་པ་ལ་སྐྱོན་མེད་པ་དེར་འཇུག་པ་ལ་མི་བྱེད་དམ་བྱེད་ན་འཇུག་པ་ལའོ།། དཔེར་ན་ཕས་ཀྱི་རྒོལ་བ་ཚར་བཅད་པའི་ཕྱིར། ཕྱི་རོལ་གྱི་བསྟན་བཅོས་རྣམས་ཀླག་པར་བྱ་ཞེས་བྱ་བ་ལ་སོགས་པ་འདི
་ལ་མི་བྱེད་པ་དང་མི་བྱེད་པ་ལ་ལྟུང་བའི་སྐྱོན་འགའ་ཡོང་མེད་དེ་ངས་རྗེས་སུ་གནང་ངོ་ཞེས་གསུངས་པ་ལྟ་བུའོ།། བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་ཤེས་པ་འདི་ཙམ་ནི་འདུལ་བ་སོ་སོར་ལས་ཤེས་པར་བྱའོ།། འདི་ནི་འདུལ་བ་ཤེས་པ་མ
་ཡོན་པ་ཉིད་གཅིག་ཏུ་ལྔ་པས་བསྟན་པ་དང་ལྟུང་བ་ལ་སོགས་པ་ལྔ་པས་ཀྱང་རིག་པར་བྱའོ།། བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ་ཉིད་དང་། སྨྲ་བ་པོ་ཉིད་དང་། རྗེས་སུ་སྟོན་པ་ཉིད་དང
་ཞེས་བྱ་བ་ནི་བར་དུ་གཅོད་པ་དང་བར་དུ་གཅོད་པ་མངོན་པར་ཤེས་པ་ཉིད་དང་སྨྲ་བ་ཉིད་དང་ཞེས་བྱ་བའི་བསྡུ་བའོ།། གང་ཞིག་འདུལ་བ་ལ་བྱ་བ་མ་ཡིན་པ་དེ་ནི་བར་ཆད་དོ།། གང་ཞིག་བྱ་བ་དེ་ནི་བར་ཆད་མ་ཡིན་པའོ།། དེ་དག་ལ་མངོན་པར་ཤེ
་པ་ཉིད་དོ།། གཉིས་པོ་འདི་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ཏོ།། སྨྲ་བ་པོ་ཉིད་ནི་སླར་སྨྲ་བའི་ཕྱིར་དང་རྟོགས་པའི་ཕྱིར་གཉིས་པོ་འདི་ལ་མཁས་པར་འགྱུར་བའི་ནུས་པའམ་ལེ་ལོ་མེད་པ་ཉིད་དོ།། རྗེས་སུ་སྟོན་པ་ཉིད་ནི་རྣམ་པར་བཟློག་པ
་ལ་ཡང་དག་པར་གནས་པ་ཉིད་དང་རྗེས་སུ་མཐུན་པར་སྨྲ་བ་པོ་ཉིད་དེ་ལེ་ལོར་གྱུར་པ་ལ་ཡང་རབ་ཏུ་འཇུག་པ་དང་། རྗེས་སུ་མཐུན་པའི་སྨྲ་བ་པོ་དང་། རྗེས་སུ་སྟོན་པར་བྱེད་ཅེས་བྱ་བ་འདོན་པ་འདིས་ནི་འདོན་པ་འདིའི་དོན་འདི་བརྗོད་དོ།། ཁ་ཅིག་ནི
་འདི་དག་གིས་གནས་ལ་གདམས་ངག་དུ་བྱེད་པ་དང་རྗེས་སུ་སྟོན་པར་བྱེད་པ་ཞེས་བྱ་བ་འདོན་པ་ཡིན་ཏེ། དེ་ལ་རྗེས་སུ་སྟོན་པར་འགྱུར་ཞེས་བྱ་བ་འདི་དང་མཚུངས་པའོ།། གདམས་ངག་ཏུ་བྱེད་ཅེས་བྱ་བ་ནི་ཡིད་ལ་བྱེད་པའི་དོན་དུ་གདམས
་ངག་གང་ཞིག་དེ་ལ་འདིས་བརྗོད་པའོ།། འདིའི་དོན་དུ་རབ་ཏུ་བྱུང་བ་ཉིད་དོ།། དེ་བས་ན་འདིར་བྱེ་བྲག་ཏུ་འཁོར་བསྡུས་པ་འདི་འོས་པ་ཡིན་ཏེ་ཞེས་བྱ་བ་འདིའི་ཉེ་བར་བསྡུས་པའོ།། ལྷན་ཅིག་འཛིན་དུ་འཇུག་ནུས་པ་ཉིད་ཀྱིས་གནས་སམ་ཉེ་བའི་གནས
་འཛིན་དུ་འཇུག་ནུས་པ་ཉིད་འདི་དང་ལྷན་ཅིག་ཏུ་ཡན་ལག་བཞི་པོ་འདི་རྣམས་ཤེས་ནས་གཉིས་པོ་འདི་དག་ལྷན་ཅིག་སྦྱར་བས་ཏེ། གཅིག་ནི་གནས་ལ་བརྟེན་པ་འདིར་བཅུག་ནས་གཞན་ནི་ཉེ་བའི་གནས་ལ་གནས་པ་ཞེས་བྱ་བ་བསྟན་པའི
་དོན་དུ་འམ་གྱི་སྒྲའི་མཁན་པོ་གཞན་དུ་འཆག་པ་ལ་གནས་འཛིན་དུ་འཇུག་ནུས་པ་ཉིད་ཉེ་བར་སྦྱར་བ་ཡིན་ནོ།། མཁན་པོ་གཞན་དུ་གནས་པ་ལ་དེ་སྲིད་ཀྱི་དུས་ལོས་དགོངས་པས་འཇུག་པ་དང་གནས་པ་ལ་དགོས་པ་འབའ་ཞིག་གིས་དབང་གི་ཉེ་བར
་གནས་འཛིན་དུ་འཇུག་པ་ནུས་པ་ཉིད་དང་སྦྱར་རོ།། ལྟུང་བ་དང་ལྟུང་བ་མ་ཡིན་པ་དང་ཡང་བ་དང་ལྕི་བ་ཉིད་མངོན་པར་ཤེས་པ་ཉིད་དང་སོ་སོར་ཐར་པ་རྒྱས་པ་ཐོན་པ་ཉིད་དོ་ཞེས་བྱ་བ་ནི་དེ་ལ་ལྟུང་བ་དང་ལྟུང་བ་མ་ཡིན་པ་དང་། མངོན་པར་ཤེས
་པ་ཉིད་ལ་བྱ་བ་ཉིད་དང་། བྱ་བ་མ་ཡིན་པ་ཉིད་དང་རྣམ་པར་སྦྱར་བ་ལ་གནས་པའི་སླད་དུ་ཉེ་བར་སྦྱར་བ་ལ་དགོངས་སོ།། ཡང་བ་དང་ལྕི་བ་ཉིད་མངོན་པར་ཤེས་པ་ཉིད་ནི་ལྟུང་བ་སྦོམ་པོ་བཤགས་པ་ལ་དགོངས་པའོ།། སོ་སོར་ཐར་པ་དང་རྒྱུས
་བ་ཐོན་པ་ཉིད་ཀྱིས་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ཏོ།། རྒྱས་པའི་སྒྲ་འདིས་ནི་འདུལ་པོ་མཐའ་དག་བསྡུས་པ་ཉིད་དོ།། སོ་སོར་ཐར་པ་དང་རྒྱས་པའི་སྒྲ་ནི་རྣམ་པར་འབྱེད་པ་ལས་ལྷག་པའི་གཞི་དང་ཕྲན་ཚེགས་ལ་སོགས་པ་སྟོན
་པར་བྱེད་པ་ཞེས་བྱ་བ་ཤེས་པར་བྱ་བ་ཡིན་ཏེ། སོ་སོར་ཐར་པ་རྒྱས་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ།། དང་པོ་ཐམས་ཅི་ལ་ཡང་སོ་སོར་ཐར་པ་ལས་འབྱུང་ངོ་།། གང་ཞིག་ཡང་དགེ་སློང་དང་དགེ་སློང་མ་རྣམས་ལྷན་ཅིག་ཏུ་ཞེས་བྱ་བ་འདི་ལས་རབ
་ཏུ་བྱུང་བའི་གཞི་འབྱུང་བའོ།། གསོ་སྦྱོང་གི་ཚིག་ཚེ་དང་ལྡན་པ་རྣམས་ཞེས་བྱ་བ་གསོ་སྦྱོང་གི་བཞི་འབྱུང་ངོ་།། གསོ་སྦྱོང་གི་བྱེ་བྲག་ནི་དགག་དབྱེ་སྟེ། དབྱར་མ་ཚང་པ་ཞེས་བྱ་བས་དབྱར་གྱི་གཞི་འབྱུང་ངོ་།། འདི་ཉིད
་ཀྱི་ཕྱིར་དགག་དབྱེའི་གཞི་ལ་དབྱར་གནས་པ་དང་འབྲེལ་བས་རྣམ་པར་བཞོག་པའོ།། ཚུལ་ཁྲིམས་ལ་གནས་པོ་ལ་ནི་སྲོ་དརྐྱང་ཞེས་བྱ་བ་སྲ་བརྐྱ་གཽ་གཞི་འབྱུང་ངོ་།། གོས་ཀྱི་མཐར་ཐུག་པའི་དགེ་སློང་ཞེས་བྱ་བས་གོས་ཀྱི་ཕྱོགས་ནི་ཀོ་ལྤགས
་དང་སྨན་གྱི་ཕྱོགས་ཞེས་བྱ་བ་དེ་ལས་ལྡང་བར་བྱེད་དུ་འཇུག་པ་ཉིད་ཀྱིས་གོ་ལྤགས་ཀྱི་གཞི་འབྱུང་བ་དང་། དགེ་སློང་ནད་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས་གང་ཞིག་སྨན་དེ་རྣམས་གནང་བ་ཞེས་བྱ་བ་དེས་སྨན་གྱི་གཞི་འབྱུང་བའོ།། ཚེ་དང
་ལྡན་པ་རྣམས་མ་འོངས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་ཞུ་བར་གྱིས་ཤིག། དགེ་འདུན་དབྱེ་བའི་ཕྱིར་གཞན་དུ་འགྲོ་བར་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པ་ལ་ཀཽ་ཤྭམྦི་གཞི་འབྱུང་བའོ།། དགེ་འདུན་དབྱེ་བའི་ཕྱིར་གཞི་དང་འདི
་ལས་ཀྱང་རབ་ཏུ་འབྱུང་བ་ལ་སོགས་པའི་ལས་ཡང་དག་པར་མཚོན་པས་མ་ཐོབ་པ་ཉིད་འདིར་གནས་བ་ཞེས་བྱ་བའི་ཚིག་འདི་ལ་སྭཱ་ཀྱཻ་གཞི་འབྱུང་།། དགེ་སློང་ཀུན་ནས་འདོད་པས་དགེ་འདུན་ལ་ཡོངས་སུ་གནས་པར་བྱའོ་ཞེས་བྱ་བས་སྐྱེ་བ
་དང་དམར་བའི་གཞི་འབྱུང་ངོ་།། མི་འདོད་པ་ཉིད་ཀྱིས་བྱ་བ་ལ་སོགས་པས་སྤོ་བའི་གཞི་འབྱུང་ངོ་།། གང་ཞིག་ལྟུང་བ་རྣམ་པར་བཞག་པའི་སླད་དུ་བྱེད་པ་བསྟན་པ་དང་། དགེ་འདུན་ལྷག་མ་སོ་སོར་བཤགས་པ་རྣམས་ལ་དེ་ནས་གསོ་སྦྱོ
་བསྒྲག་པ་ཀཱའབྱུང་བ་།། དུས་སློང་ནསས་ཙྪ་གནས་པན་ཅན་པ་སན་\ུ0f7f། ཞུས་བྱ་ས་གནས་སལ་ཕྱག་སྟེ་འབྱུང་།། ད་བུས་ནུས་བུའི་བསྟན་པ་དང་ནས་མྦྷ་སྣ་བ་དང་རྣན་ན་པར་བཞག་པས་ཅད་པ་གངྒཱ་འབྱུང་བ།། དྷཱ
་པའི་ཡན་ལགཱ་ཏུ་བྷཻ་བདྨོ་རིགས་ཅན་རྡུལ་ས་སུ་གཞན་དྷ་རྣམ་པ་ཉིས་སྟོན་ནམ་མོར་བྱུང་བ་དང་ཀུནནམས་ཀྱི་སྔགས་ར།། སྨན་ཚུགས་རྣམས་དང་ས་མ་ལ~ཾ་གནཱ་པའི་གཞི་རྣམས་ཀྱི་རྒྱུ་རླུང་ཟད་གསུངས་པ་ལ་སོགས་པ་རྣམས
་པར་མཚོན་པ་ནི་དྲི་བ་སྟེ། སྤྱོད་པ་རྣམ་པར་མཚོན་པ་ནི་དྲི་བ་དུལ་བར་བྱེད་པ་རྣམས་སོ།། ཀཽ་ལྤགས་ཀྱི་གཞི་ལ་སོགས་པ་རྣམས་ནི་ཁྱེའུ་ལའོ།། དེ་ལྟར་འདི་ལས་ལྷག་མ་མེད་པའི་སོ་སོར་ཐར་པ་རྒྱས་པོ་ཉིད་ནི་མ་ཡིན་ནོ།། རྣམ་པར་འབྱེད་པ་ཙམ་གྱིས
་འཇུག་པ་ལ་རབ་ཏུ་བྱུང་བ་ལ་སོགས་པ་བྱེད་པ་མ་ཡིན་ཏེ། འདི་ལྟར་བྱ་བ་ཉིད་རྣམས་ལ་ཡང་འདི་ཙམ་གྱིས་བསྟན་པའི་ཕྱིར་རོ།། རྒན་པ་མེད་ན་གཞོན་པ་ལ་གནས་བཅའ་བར་བྱའོ་ཞེས་བྱ་བ་ནི་གལ་ཏེ་རྒན་པ་ལྔ་པ་གང་ཡང་རུང་བ་གཅིག་དང་མི
་ལྡན་པར་གྱུར་ན་དེའི་ཆོ་ག་ནི་འདི་ཡིན་ནོ།། བཙུན་པ་དགེ་སློང་བསྙེན་པར་རྫོགས་པ་ནས་ལོ་དྲུག་ཅུ་ལགས་ལ། དེས་སོ་སོར་ཐར་པའི་མདོ་གདོན་པ་དང་རྒྱས་པར་ཀླགས་པ་དང་ཐོན་པ་མ་ལེགས་ན་དེས་ཀྱང་གཞན་ལ་གནས་པས་མཆིས་པར་བགྱི་འམ
་ཉེ་བར་འཁོར་དེས་ཀྱང་གཞན་ལ་གནས་པས་འདུག་པར་བྱའོ།། ཞེས་གསུངས་པ་ཡིན་ནོ།། འདིར་ལོ་དྲུག་ཅུ་ལོན་པ་ཉིད་ཀྱང་རང་དབང་ཅན་མ་ཡིན་གྱི། ཤིན་ཏུ་མང་བ་ཉིད་སྟོན་པར་གནས་པ་ཡིན་ཞེས་བྱ་བ་ཁྱད་པར་མེད་པར་རྒན་པ་མེད་ན་ཞེས་བྱ
་བ་ལ་སོགས་པ་གསུངས་སོ།། འདུད་པ་འབའ་ཞིག་མ་གཏོགས་སོ་ཞེས་བྱ་བ་ནི་ཕྱག་བྱ་བ་འབའ་ཞིག་མ་གཏོགས་པ་གནས་པའི་ཚུལ་ཁྲིམས་དེ་ལས་གཞན་པ་དག་ལ་རྒན་པས་ནས་གཞོན་པ་ལ་རྗེས་སུ
་གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ལོ་ལྔ་ལོན་ཅིང་ལྷན་ཅིག་སྦྱོར་བས་ཐ་མ་དང་ལྡན་ན་གནས་པར་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ།། ཞེས་བྱ་ནི་ལྟུང་བ་དང་ལྟུང་བ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལྷན་ཅིག་སྦྱར་བ་ཐ་མ་སྟེ།
་དང་ཡང་དག་པར་ལྡན་པའི་ལོ་ལྔ་ལོན་པས་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ།། གཞན་དུ་ན་གསུམ་རིག་པ་ཡིན་ཡང་མི་བྱའོ་ཞེས་བྱ་བ་ལ། ཆོས་ལྔ་དང་མི་ལྡན་པ་དང་ལོ་ལྔ་མ་ལོན་པ་ཡང་ངོ་།། གང་གི་ཕྱིར་ལམ་དུ་འདུལ་བ
་ཉམས་པར་གྱུར་པ་ཡིན་ཏེ། དེར་ལོ་ལྔ་ཚུལ་ཁྲིམས་ཀྱི་དངོས་པོ་དང་ལྡན་པའི་ཕྱིར་སྡུག་བསྔལ་གྱིས་རྣམ་པར་གྱུར་པ་འབྱུང་བ་ཡིན་ཏེ། ལོ་མ་ཚང་བ་ལ་མ་ཡིན་ནོ་ཞེས་བྱ་བ་འདིར་དགོངས་པ་མཐོང་བ་ཡིན་ནོ།། གསུམ་རིག་པ་ཡང་ཞེས་བྱ་བ་ནི
་གནས་ལ་གནས་པའི་དོན་དུ་བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་ཤེས་པ་གཉིས་དང་ཡོངས་སུ་འདུལ་བར་བྱེད་པའོ།། དེ་ལ་གལ་ཏེ་ཡང་འདི་ལ་ཆོས་ཉིད་མངོན་པར་ཤེས་པ་ཉིད་ཀྱི་ཕྱིར་དང་མངོན་པར་གནས་ཤེས་པ་ཉིད་ཀྱིས་འཇུག་པ་ལ་ལྟ་བའི
་ཕྱིར་དང་དཀའ་བ་ཆུང་ངུའི་རིག་པ་བསྟེན་པས་འོང་བ་ཕུན་སུམ་ཚོགས་པས་བྱ་བ་དང་བྱ་བ་མ་ཡིན་པ་ཡོངསུ་ཤེས་པར་འགྲུབ་པར་འགྱུར་ཏེ། དེ་ལྟར་ན་ཡོངས་སུ་འདུལ་བར་བྱ་བའི་དོན་དུ་གནས་ལ་གནས་པར་བྱའོ།། གང་གི་ཕྱིར་སྡུག་བསྔལ་བའི
་ཐ་སྙད་ནི་འདུལ་བ་ཉིད་ལ་བདག་ཉིད་དང་བཅས་པའི་དངོས་པོ་སྔོན་གྱི་རང་བཞིན་འཕྲོགས་པའི་ཕྱིར་རོ།། དགྲ་བཅོམ་པ་རྣམས་ལ་ནི་སྔོན་གྱི་རང་བཞིན་འཕྲོག་པ་ཐོས་པ་ཡིན་ཏེ། དགྲ་བཅོམ་པ་ལ་ལ་ཞིག་ནི་མཆོང་ཞིང་མཆོང་ཞིང་ཆུ་བོ་རྣམས་ལས
་བརྒལ་བར་གྱུར་པ་དང་། ཚེ་དང་ལྡན་པ་པི་ལིན་དའི་བུས་གཾ་གཱའི་ལྷ་མོ་ལ་རླངས་མ་འདུག་ཅིག་ཅེས་བྱ་བརྗོད་པར་གྱུར་ཅེས་བྱ་བ་ལ་སོགས་པའོ།། གཞན་ཡང་འདིར་ནི་འདུལ་བ་ཡོངས་སུ་ཤེས་པར་ཅི་ནས་ཀྱང་བྱ་བ་མ་ཡིན་ཏེ། དཀའ
་པ་ཉིད་ཀྱི་ཕྱིར་དང་། མང་བ་དང་ཕྲིན་མོ་དངས་གཅིག་ན་མི་གནས་པ་ལྟ་བ་དང་འབད་པ་རྣམས་ལ་བར་ཆད་མང་པོ་ཉིད་ཀྱི་ཕྱིར་རོ།། གང་གི་ཕྱིར་གནས་སྐབས་ནི་རྣམ་པ་སྣ་ཚོགས་པ་ཡིན་ནོ།། འདི་ལྟ་སྟེ་བཙུན་པ་གལ་ཏེ་དེ་གསུམ་རིག་པ
་ལོ་གསུམ་ལོན་པ་དྲི་མ་གསུམ་རབ་ཏུ་སྤངས་པ་ཡིན་ལ། དེ་ཡང་ཆོས་ལྔ་དང་ཡང་དག་པར་ལྡན་པར་མ་གྱུར་ན་དེས་ཀྱང་མི་གནས་པ་ལ་ལྗོངས་རྒྱུ་ཞིང་མཆི་བར་མི་བགྱི་འམ། ཉེ་བར་འཁོར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ།། རིང་པོ་ནས
་རིང་པོར་འདི་ནི་སྤོང་བར་མཛོད་ཅིག་ཅེས་བྱ་བ་ཡོངས་སུ་བཅས་པ་བསྒྲུབ་པའི་དོན་དུ་འདིས་འདུལ་བ་ལས་གནས་པ་ཡང་བསྲུང་བར་བྱ་བ་སྟེ། གང་ཞིག་ལྷག་པར་སྤྱོད་པས་གཞན་དག་ལ་དང་བ་མ་ཡིན་པ་སྐྱེ་བར་འགྱུར་བ་དེ་ཡོངས་སུ
་སྤང་བའི་དོན་དུ་བསླབ་པ་རྣམས་ལ་དོན་བྱིས་པ་དང་འདི་ལ་གུས་པ་ལྡན་པ་ཞེས་བྱ་བ་གུས་པ་བསྐྱེད་པའི་དོན་དང་། བསྟན་པ་གནས་པའི་དོན་དུ་གྲགས་པ་ཉིད་ལ་སོགས་པ་མི་འདའ་བར་འགྲོ་བར་འགྱུར་རོ།། གཞན་དུ་ན་གང་གིས
་འདས་པར་གྱུར་ན་བསྟན་པ་ཉམས་པ་གྲུབ་པ་ཡིན་ནོ།། དེ་བས་ན་འདིར་ཇི་ལྟར་གསུམ་རིག་པ་ཡང་མ་གནང་བ་བཞིན་དུ་གཞན་པ་ཡ་དེ་ཁོ་ན་བཞིན་ནོ།། གནས་ཀྱི་སྐབས་སོ།། །། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར
་འོངས་པ་ལ་མུ་སྟེགས་ཅནཱ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་ངོ་ཞེས་བྱ་བ་ལ། དྲི་བར་བྱ་ཞིང་ཞེས་བྱ་བ་ནི་མཁན་པོས་སོ།། འདྲི་བར་འགྱུར་རོ་ཞེས་བྱ་བ་ཡོངས་སུ་གྱུར་པ་ལ་བསྙེན་པར་རྫོགས་པ་བྱེད་པ
་རྣམས་ཁོ་ནས་དྲི་བ་འདི་ཡིན་ཏེ། གང་ཞིག་གསང་སྟེ་སྟོན་པས་དེ་ལ་དེ་ངེས་པར་སྦྱར་བའི་ཕྱིར་རོ།། ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས
་བྱ་བ་ལ། ཤཱཀྱ་དང་མེ་བའི་རིགས་ཅན་དག་ལ་ངེས་པར་བཅོམ་ལྡན་འདས་ཀྱིས་ངེས་པར་འདི་དག་གིས་སྒྲིབ་པ་སྙིང་པོར་བྱེད་པ་ལ་བདེན་པར་བསྒྲུབ་པ་ཡིན་ཏེ། བཅོས་མས་ནི་མ་ཡིན་ནོ་ཞེས་བྱ་བ་བཅུང་ཟད་བཟང་བ་སྐལ་བ་དང་བཅས་པ་ཡིན་ནོ།།
་གང་དུ་འདི་གནང་བ་ཞེས་བྱ་བ་རྟོགས་པར་བྱའོ།། བདག་གིས་གཉེན་འདུན་རྣམས་ལ་གཉེན་ཉིད་ཡོངས་སུ་སྤང་བ་བདག་གིས་སྦྱིན་པར་བྱ་བ་གང་ཞིག་གསུངས་པ་དེར་གཉེན་འདུན་ཉིད་མ་མཐོང་བ་འདི་རྣམས་ལ་བདེན་པར་བསྒྲུབ་པ་འབྱུང་བར
་འགྱུར་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་མཁྱེན་པ་ཡིན་ཏེ། དེ་བས་ན་གཉེན་འདུན་གྱི་རྒྱུ་མཚན་ཡོངས་སུ་སྤང་བ་སྦྱིན་པ་ཞེས་གསུངས་པ་ཡིན་ནོ།། འདིར་མེ་པ་ནི་བདེན་པར་མེའི་བསྙེན་བཀུར་བྱེད་པའི་ལས་ལ་འཇུགཔ་ཡིན་ཏེ། དེའི
་བསམ་པ་ཡོངས་སུ་དག་པ་ལ་འཇུག་བཞིན་པ་བཟུང་བ་ཞེས་བྱ་བ་རིག་པར་བྱ་བ་སྟེ། དེ་ལྟར་གྱུར་པ་ལ་བསམ་པ་ཕུན་སུམ་ཚོགས་པ་མེད་མི་སྲིད་པ་ཉིད་ཀྱི་ཕྱིར་རོ།། བཀོལ་བ་དེ་ནི་མུ་སྟེགས་ཅན་དང་ཤཱཀྱ་ལ་སོགས་པའི་འཇུག་གི་མུ་སྟེགས་ཅན
་བཀྲོལ་བའོ་ཞེས་བྱ་བ་ལ་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་གྱི་མཐའ་ཅན་མ་གཏོགས་པ་སྟེ་ཞེས་བྱ་བའི་སྒྲ་ལས་ཐོག་མར་མུ་སྟེགས་ཅན་གྱི་སྒྲ་སྤངས་ནས་སེམས་མགུ་བར་མ་གྱུར་པ་སྤངས་ཏེ། ཤཱཀྱ་དང་མེ་པ་རལ་པ་ཅན་མུ་སྟེགས་པ་ཞེས་བྱ་བ
་འདི་ནི་མགུ་བར་མ་གྱུར་པའི་སྒྲ་དང་པོ་མུ་སྟེགས་ཅན་གྱི་སྒྲའི་ཐ་མར་སྤངས་ཏེ། གང་ཞིག་འདི་ཁྱོད་མ་ཡིནི་ནམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་ནི་མིང་དུ་བཏགས་པར་རིག་པར་བྱའོ།། གང་དུ་བཀོལ་བ་ཞེས་བྱ་བ་བརྗོད་པ་དེར་ཁྱོད་ནི་མ་ཡིན
་ནམ་ཞེས་བྱ་བ་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཁྱོད་མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བྱ་བ་ནི་བརྗོད་པར་རྟོགས་པར་བྱའོ།།
་འདི་ནས་བརྩམས་ཏེ་འདི་ཉིད་ལོ་རབ་ཏུ་དབྱུང་བའི་གཞི་ཕྲིན་ཚོགས་འདི་ལ་བརྟེན་པ་རྣམས་ལ་ཕྱོགས་བྱས་པ་རྣམསོ།། སེམས་མགུ་བར་གྱུར་པ་རྣམས་ཀྱིས་ཇི་ཙམ་གྱིས་མུ་སྟེགས་ཅན་བརྗོད་པར་བྱ་ཞེས་བྱ་བ་མ་ལུས་པ་ཤེས་པའི་དོན་དུ། དཀོན
་མཆོག་རྣམས་ཀྱིས་བསྔགས་པ་དང་། མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པར་བརྗོད་པ་མི་ཡིན་གཡོ་བ་ཉིད་ནི་སེམས་མགུ་བར་གྱུར་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཁྲོ་བར་མི་བྱེད་པོས་ནི་མོ་གཡོ་བ་སྟེ། མི་གཡོ་བའི་དངོས
་མི་གཡོ་བ་ཉིད་དོ།། དེའི་དོན་དུ་དེ་དང་མི་ལྡན་པ་དེ་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་དེ་ལ་དགེ་འདུན་གྱི་ལས་ཀྱིས་གནས་པ་བྱིན་ལ་ཟླ་བ་བཞིར་གནས་པར་བྱའོ་ཞེས་བྱ་བ་ལ་འོ། དོན་དུ་ཤེས་བྱ་བ་ནི་སེམས་མགུ
་བར་གྱུར་པ་ཉིད་ཀྱི་དོན་དུའོ།། དེ་དང་མི་ལྡན་པ་ཞེས་བྱ་བ་ནི་སེམས་མགུ་བར་གྱུར་པ་དང་ལྡན་པའོ།། དེ་ཞེས་བྱ་བ་ནི་མུ་སྟེགས་ཅན་ནོ།། དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་ཞེས་བྱ་བ་ནི་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་གྱི་ཆོ་ག་འདི་ལ
་བྱས་པས་ན་དགེ་བསྙེན་དུ་བྱས་པའི་མཐའ་ཅན་ནོ།། དེ་ལྟར་གྱུར་པ་དེ་ལ་གསོལ་བ་དང་། བཞིའི་ལས་ཀྱི་དགེ་འདུན་གྱིས་གནས་བྱིན་པ་ལ་ཟླ་བ་བཞིར་གནས་པར་བྱའོ།། གནས་པ་བྱིན་པ་ལ། དེའི་ཟན་ནི་དགེ་འདུན་ལས་སོ།། གོས་ནི་མཁན་པོ་ལས་སོ།།
་ས་སུ་བསྐོ་བ་ནི་བྱེད་པ་པོ་ཉིད་དོ།། རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི་མཁན་པོས་སོ།། ལོ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དང་། ནུས་པ་ལོ་བདུན་མ་ལོན་པ་རབ་ཏུ་བྱུང་བར་མི་བྱའོ་ཞེས་བྱ་བ་ནི་ལོ
་བཅོ་ལྔ་མ་ལོན་པ་མི་ནུས་པ་དང་ལོ་བདུན་མ་ལོན་པ་ནུས་པ་གཉིས་པོ་འདི་དག་རབ་ཏུ་བྱུང་བར་མི་བྱའོ་ཞེས་བྱ་བ་མང་པོའི་ཚིག་ཅིའི་དོན་དུ་ཡིན་ཞེ་ན། ཞུ་བ་པོས་འདི་ནི་མ་དགག་གོ་ཞེས་བྱ་བར་ཤེས་ནས་ཞུ་བར་བྱ་བ་མ་ཡིན་ལ། དགེ་འདུན་གྱིས་གནང་བར
་བྱ་བ་མ་ཡིན་ཏེ། དགེ་ཚུལ་ཉིད་དུ་ཉེ་བར་ཐོབ་པའི་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ཉེ་བར་བསྡུ་བའི་དོན་དུའོ།། དགེ་ཚུལ་གཅིག་ལས་ལྷག་པ་ཉེ་བར་བཞག་པར་མི་བྱའོ་ཞེས་བྱ་བ་ནི་དགེ་ཚུལ་གཉིས་ལས་ལྷག་པ་ཉེ་བར་བཞག་པ
་མ་ཡིན་པ་ལ་གཉིས་པ་ལ་རབ་ཏུ་བྱུང་བ་ལ་ཡང་ཐལ་བ་དེ་གསལ་བའི་དོན་དུ། གལ་ཏེ་སོ་སོར་རབ་ཏུ་འབྱུང་བར་མི་འདོད་ན་རབ་ཏུ་ཕྱུང་ལ་རྒན་པ་ལས་ལྷག་མན་གྱུར་པ་བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བ་སྨོས་ཏེ། གཉིས་ཀ་རབ་ཏུ་དབྱུང་བའི་དོན་དུ
་བདག་ཅག། གིས་གནས་གཅིག་ཏུ་རབ་ཏུ་དབྱུང་བར་བྱའོ་ཞེས་བྱ་བ་འདི་ལྟར་ངེས་ནས་འོངས་པ་དག་ལ་གལ་ཏེ་སོ་སོ་ནི་སོ་སོར་རབ་ཏུ་དབྱུང་བར་མི་འདོད་ན་དེ་ནས་གཉིས་ཀ་རབ་ཏུ་ཕྱུང་ནས་གཅིག་ལས་ལྷག་མར་གྱུར་པ་བསྙེན་པར་རྫོགས་པར་བྱའོ།། །
་གལ་ཏེ་མ་ལོན་པ་གཞན་ལ་རེ་ཞིག་གནས་པའི་དོན་དུ་གཏད་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ལོ་ཉི་ཤུ་མ་ལོན་ན་དེ་ནས་དགེ་སློང་གཞན་ལ་ཉེ་བར་གནས་པའི་དོན་དུ་གཏད་པར་བྱའོ།། ཉེ་བར་གནས་པའི་དོན་དུ་གང་ལ་གཏད་པ་དེ་ནི་དེ་དབྲོག་པར་མི་བྱའོ།
་ཞེས་བྱ་སྟེ། གང་ཞིག་གཏད་པ་དེས་འདི་ལ་བསྙེན་པར་རྫོགས་པར་བྱའོ།། མི་སྟེར་བ་ལ་མཐུས་བཀུག་སྟེའོ་ཞེས་བྱ་བ་ལ་གང་གི་ཕྱིར་ཆོ་ག་འདིའི་དོན་དུ་གཞན་ལ་ཉེ་བར་གནས་པས་སྦྱིན་པ་སྟེ་ཐམས་ཅད་ཀྱིས་ནི་མ་ཡིན་ནོ།། དེ་བས་ན་དབྲོག་པ་མ་ཡིན་ནོ།། །
་བཀོལ་བ་བྲན་ནོ་ཞེས་བྱ་བ་ནི་བཀོལ་བ་ཞེས་བྱ་བའི་མིང་འདིས་ཁྱོད་བྲན་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པའི་མིང་ཅན་བྲན་དང་འབྲེལ་པ་ལ་སོ་སོར་ཉེ་བར་བཞག་པའོ།། དེ་བས་ནོ་མིང་བསྟན་པ་འདི་ལ་གང་ཞིག་ལྡན་པ་ཁས་ལེན་པར་བྱེད་པ་དེ
་དོན་ཇི་ལྟར་ཡོངས་སུ་གྱུར་ཀྱང་གནས་ཇི་ལྟ་བར་ཡང་དག་པར་གནས་པ་ཡིན་ནོ།། འདིར་ནི་ངག་ཀྱང་འདི་སྐྱེད་པ་ཡིན་ཏེ། ཁྱོད་ནི་བྲན་མ་ཡིན་ནམ་ཞེས་བྱ་བ་རབ་ཏུ་བྱུང་བའི་དོན་དུ་ཉེ་བར་འོངས་པ་ལ་དྲི་བར་བྱའོ།། བསྙེན་པར་རྫོགས་པར་བྱེད་པ་རྣམས
་ཀྱང་བྲན་ལས་རབ་ཏུ་དབྱུང་བ་མ་ཡིན་པ་དང་བསྙེན་པར་རྫོགས་པར་བྱ་བ་མ་ཡིན་པ་ཞེས་བྱ་བའོ།། ཡིན་ནམ་བཏང་ལ་ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་བྱ་བ་ཁྱོད
་རྣམས་པར་བཏང་བ་ནི་ཡིན་ནམ་ཞེས་པ་བཏང་སྟེ། ཁྱོད་ཀྱི་སྒྲ་དང་འབྲལ་བ་ནི་བཀོལ་བར་བརྗོད་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། ཁྱོད་ཅེས་བྱ་བའི་གནས་འདི་ལ་ཁྱོད་ལ་ཞེས་བྱ་བ་བརྗོད་པར་བྱ་སྟེ། དེ་བས་ན་ངག་ནི་འདི་ཡིན་ཏེ། ཁྱོད་ལ་ལ་ལའི་བུ་ལོན
་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་བྱ་བ་རབ་ཏུ་བྱུང་བའི་དོན་དུ་ཉེ་བར་འོངས་པ་ལ་དྲི་བར་བྱའོ།། བསྙེན་པར་རྫོགས་པར་བྱེད་པ་པོ་རྣམས་ཀྱང་བུ་ལོན་ཆགས་པ་དང་ལྡན་པ་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི
་བྱ་ཞེས་བྱ་བའི་སྔགས་ཀྱིས་སོ།། འདིའི་སྔགས་ལས་རབ་ཏུ་དབྱུང་དུ་བཅུག་ནས་བསྙེན་པར་རྫོགས་པར་བྱ་སྟེ། སྦྱིན་པར་ནུས་པར་གྱུར་པ་སོ་སོར་ཤེས་པར་བྱ་ཞིང་བུ་ལོན་ཆགས་པ་མ་གཏོགས་པར་ཞེས་བྱ་བའི་གྲངས་བྱེ་བྲག་སོ་སོར་བསྒྲུབ
་པར་བྱའོ།། རབ་ཏུ་དབྱུང་བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བ་ཡུལ་ཐག་མི་རིང་བ་ནི་ཞག་བདུན་བསྲེལ་བར་བྱའོ་ཞེས་བྱ་བ་ནི་ཕ་མ་དག་གསོན་བཞིན་པ་དང་གང་ལ་ཡོད་པ་དེ་ནི་ཕ་མ་གསོན་བཞིན་པ་ཅན་ནོ།། དེ་གཉིས་ཀྱིས
་གནང་བ་ཞེས་བྱ་བ་ནི་ཕ་མ་དག་ལས་སོ།། དེ་གཉིས་ཀྱི་སྒྲས་ནི་ཕ་མ་དག་འདིར་ཕ་མའི་སྒྲ་ཞེས་བྱ་བས་ཤེས་པར་བྱའོ།། དེ་ཡུལ་ཐག་རིང་ན་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཕ་མ་གསོན་བཞིན
་པས་གནང་བའོ།། དེ་གཉིས་ཀྱི་ནང་ནས་པ་མ་གསོན་བཞིན་པ་མ་ཡིན་པ་འམ་ཕ་མ་དག་གིས་གནང་བ་མ་ཞུས་པ་ཡང་སྐྱོན་དང་བྲལ་བ་ཞེས་བྱ་བར་རྟོགས་པར་བྱའོ།། དེ་ལྟ་ན་ཡང་ཕ་མ་གསོན་བཞིན་པ་ལ་བྲི་བར་ཀློག་པ་སྟེ། བཙུན་པ་རེ་ཞིག་གང
་ལ་ཕ་མ་དག་དུས་འདས་པར་གྱུར་པ་འམ། དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ནི་དེ་སྐྲ་བྲེག་པའི་ཕྱིར་དགེ་འདུན་ཐམས་ཅད་ལ་ཞུ་བར་བགྱི་འམ། ཉེ་བར་འཁོར་མི་བྱའོ།། ཞེས་གསུངས་པའོ།། ཡུལ་ཐག་རིང་པོའི་ཚིག་ནི་ཅིའི་དོན་དུ་བྱས་ཞེ་ན། གང་གི
་ཕྱིར་ཁྱིམ་བདག་གི་ཆུང་མ་འབའ་ཞིག་གིས་བུ་རབ་ཏུ་འབྱུང་བ་ལ་འོངས་ཏེ་སྨྲས་པ། ཁྱོད་ནི་ཤཱཀྱའི་སྲས་ཆོམ་རྐུན་འདི་རྣམས་ཀྱི་ནང་དུ་ཅིའི་ཕྱིར་རོབ་ཏུ་བྱུང་སྟེ། ཚུར་ཤོག་འགྲོ་བར་བགྱིའོ་ཞེས་ཏེ། དེས་འདི་བཟུང་ནས་ཁྱིམ་དུ་ཁྲིད་དོ།། །
་དེ་ལྟར་ནི་ཆོམ་རྐུན་ཉིད་དུ་སྐུར་པ་འདེབས་པ་ནི་འདིར་ཉེས་དམིགས་ཏེ། ཡུལ་ཐག་རིང་བ་ལ་ནི་ཉེས་པ་མེད་དོ།། རང་གི་གནས་ལ་གནས་པ་དག་ལ་ཡང་ཐོས་ནས་བྱས་པ་ལ་ཉེས་དམིགས་སུ་གྱུར་པ་ཉིད་ཀྱི་ཕྱིར་འོངས་ནས་ཀྱང་ཉེས་དམིགས
་བྱེད་པ་སྲིད་པ་ཉིད་ཀྱི་ཕྱིར་དེ་བས་ན་ཡུལ་ཐག་རིང་བ་ལ་ཞེས་བྱ་བ་མདོར་བྱས་པ་ཡིན་ནོ།། རབ་ཏུ་འབྱུང་བར་འདོད་པའི་ཟན་ནི་དགེ་འདུན་གྱི་བྱིན་ན་རུང་ངོ་ཞེས་བྱ་བ་ལ། རུང་བ་ཞེས་བྱ་བ་ནི་འདི་ངེས་པ་མ་ཡིན་ཏེ། དགེ་སློང་དེ་རྣམས་ལ་སྨྱོས་པ
་འཇུག་པའི་ཕྱིར་ཞེས་བྱ་བ་སྟོན་པར་བྱེད་དོ།། བཀོལ་བ་ཕ་མས་ཁྱོད་གནང་ངམ་འཇུག་ཏུ་ཡུལ་ཐག་རིང་པོ་ནི་མ་གཏོགས་སོ་ཞེས་བྱ་བ་ལ། ཁྱོད་གནང་ངམ་ཞེས་བྱ་བ་ནི་ཁྱོད་མ་ཡིན་ནམ་ཞེས་བྱ་བ་འདིའི་གནས་ལ་འདི་ཡིན་ཏེ། བཀོལ་བ་ཞེ་བྱ
་བ་འདིས་བརྗོད་པའི་ཐ་མ་ལ་ཡུལ་ཐག་རིང་བ་ནི་མ་གཏོགས་པ་ཞེས་བྱ་བའི་སྒྲས་འདི་ལྷག་པར་བརྗོད་པར་བྱའོ།། དེ་ལྟར་ན་ངག་ནི་འདི་ཡིན་ཏེ། ཁྱོད་ཕ་མ་དག་གིས་གནང་ངམ་ཞེས་བྱ་བའོ།། རབ་ཏུ་འབྱུང
་བའི་དོན་དུ་ཞེས་བྱ་བ་ལ་སོགས་པ་ནས་ཇི་སྲིད་དུ་ཕ་མ་དག་གིས་མ་གནང་བ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ་སྟེ། ཡུལ་ཐག་རིང་བ་ནི་མ་གཏོགས་སོ།། ཞེས་བྱ་བའོ་ཉེ་བར་འོངས་པ་ལ་ཁྱོད་ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས
་བྱ་བ་ནི་རབ་ཏུ་བྱུང་བའི་དོན་དུ་སྟེ་ཞེས་བྱ་བ་སྐབས་ཀྱིས་ཤེས་པར་བྱའོ།། ཁྱོད་ལ་ནད་གང་ཡང་རུང་བ་མེད་དམ་ཞེས་བྱ་བར་ཡང་རུང་ངོ་ཞེས་བྱ་བ་ནི་འདེན་པའི་རྟོག་པ་ལ་འདིར་ཉེ་བར་འབྲེལ་བའོ།། གཉིས་པོ་དག་ལས་གང་ཡང་རུང་བ་བརྗོད་པར
་བྱའོ་ཞེས་བྱ་བར་བསྟན་པར་བྱེད་དོ།། བསྙེན་པར་རྫོགས་པར་བྱེད་པ་དག་གི་བྱེ་བྲག་ཏུའོ་ཞེས་བྱ་བ་ནི་དྲི་བར་བྱའོ་ཞེས་བྱ་བ་ནི་ཡོངས་སུ་གྱུར་པ་ལ་དྲི་བར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། སྐྱེས་པ་རྣམས་ཀྱིས་ལུས་ལ་འདི་རྣམས་འདི་ལྟ་བུའི་ངོ་བོ
་ཉིད་ལུས་ཀྱི་གནོད་པ་འབྱུང་བ་འདི་ལྟ་སྟེ། མཛེ་དང་འབྲས་དང་ཞེས་བྱ་བ་ལ་སོགས་པ་བྱེ་བྲག་དང་ལྡན་པ་སྟེ། ཁྱོད་ནི་འདི་ཙམ་དུ་ནད་པ་མ་ཡིན་ན་མོ་ཞེས་བྱ་བའོ།། ནད་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བྱ་བ་ནི་ཞུ་བ་བྱེད
་པ་པོ་དང་། རབ་ཏུ་འབྱིན་པར་བྱེད་པ་དང་། དགེ་ཚུལ་ཉིད་དུ་ཉེ་བར་ཁྲིད་པའི་དགེ་འདུན་མང་པོ་རྣམས་ཀྱི་བྱ་བ་སྟེ། དེ་བས་ན་མང་པོའི་ཚིག་གོ།། བཀོལ་བ་ཆད་པ་ཡན་ཆད་དོ་ཞེས་བྱ་བ་ནི་རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་དག་ལ་ཞེས་བྱ་བ
་འདི་ཡན་ཆད་ལས་ཅི་ཙམ་རྣམས་བསྟན་པ་ཐམས་ཅད་དུ་བཀོལ་བ་ཞེས་བྱ་བའི་དུས་བྱས་ནས་རིག་པར་བྱ་སྟེ། དེ་རྣམས་ཐམས་ཅད་བཀོལ་བ་དང་འབྲེལ་བ་རྣམས་སོ།། འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ་ཞེས་བྱ་བ་ནི་འདིར་གང་ཞིག
་སྤྲུལ་པ་ལ་སོགས་པ་འགག་པར་འགྱུར་བ་དེ་ལ་ཡང་གི་སྒྲ་ནི་ཡན་ཆད་པ་ཞེས་བྱ་བ་ལས་འབྲེལ་བའི་དོན་དུའོ།། དེ་ལྟ་བུའི་རྟགས་ཅན་ནི་བསྙིལ་བར་བྱའོ་ཞེས་བྱ་བ་ལ། དེ་ལྟ་བུའི་ཞེས་བྱ་བ་ནི་སྐྱེ་བའི་ཆོས་དང་མི་ལྡན་པ་ལའོ།། རྟགས་ཅན
་ཞེས་བྱ་བ་ནི་རབ་ཏུ་བྱུང་ངམ་བསྙེན་པར་རྫོགས་པ་ལའོ།། ཁྱིམ་ན་གནས་པར་གྱུར་པ་ལ་དགེ་སློང་རྣམས་ཀྱིས་དབུས་སུ་གནས་པ་ལ་འགྲོ་བ་པའི་དགོངས་པའི་དབང་གིས་བསྙིལ་བ་ཡ་ནི་མ་ཡིན་ནོ།། ད་ནི་བཀོལ་བ་ལ་སོགས་པ
་དདང་འབྲེལ་པ་ཅན་བཤད་པར་བྱའོ།། སྤྲུལ་པའོ་ཞེས་བྱ་བ་ལ། ཁྱོད་ནི་སྤྲུལ་པ་མ་ཡིན་ནམ་ཞེས་བྱ་བ་རབ་ཏུ་འབྱུང་བའི་དོན་དུ་ཉེ་བར་འོངས་པ་ལ་དྲི་བ་ཡིན་ཏེ། བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་སྤྲུལ་པ་རབ་ཏུ་དབྱུང་བ་དང
་བསྙེན་པར་རྫོགས་པར་མི་བྱའོ།། འདི་ལ་སྐྱེ་བའི་ཆོས་ཉིད་ཡོད་པ་མ་ཡིན་ཏེ། དེ་ལྟ་བུའི་རྟགས་ཅན་ནི་བ་སྙིལ་བར་བྱའོ།། དེ་བཞིན་དུ་མ་ནིང་ལ་སོགས་པ་གཞན་དག་ལ་ཡང་སྦྱར་བར་བྱའོ།། མ་ནིང་ངོ་།། དེ་ནི་རྣམ་པ་ལྔའོ་ཞེས་བྱ་བ་ལ། དེ་ནི
་ཞེས་བྱ་བ་ནི་མ་ནིང་ལས་སོ།། ལྔ་པོ་གང་ཞེ་ན། སྐྱེས་ནས་དང་ཟླ་བ་ཕྱེད་པ་དང་། འཁྱུད་ནས་ལྡང་བ་དང་། ཕྲག་དོག་ཅན་དང་། ཉམས་པའོ་ཞེས་བྱ་བ་ལ། སྐྱེས་ནང་ནི་ང་ནི་གང་ཞིག་སྐྱེ་བ་ཉིད་ཀྱིས་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན
་པའོ།། ཟླ་བ་ཕྱེད་པ་ཞེས་བྱ་བ་ནི་གང་ཞིག་ཟླ་བ་ཕྱེད་ལ་བུད་མེད་ཟླ་བ་ཕྱེད་ལ་སྐྱེས་པོ་དེ་ནི་ཟླ་བ་ཕྱེད་པའི་མ་ནིང་ངོ་།། ཟླ་བ་ཕྱེད་པ་ནི་ཟླ་བ་ཕྱེད་དོ།། འཁྱུད་ནས་ལྡང་བ་ཞེས་བྱ་བ་ནི་གང་ཞིག་གཞན་གྱིས་འོངས་པ་ལ་འབྱུང
་བར་འགྱུར་བ་དེ་ནི་ཁྱད་ནས་ལྡང་བའི་མ་ནིང་ངོ་།། ཕྲག་དོག་ཅན་དང་ཞེས་བྱ་བ་ནི་གང་ཞིག་གཞན་དག་གིས་ཉེ་བར་འོངས་པའི་བུད་མེད་མཐོང་ནས་བརྩལ་བར་གྱུར་པ་དེ་ནི་ཕྲག་དོག་ཅན་གྱི་མ་ནིང་ངོ་ཉམས་པའོ།། ཞེས་བྱ་བ་ལ། ཉམས་པའི་མ་ནིང་ནི་གང་གི།
་པོའི་དབང་པོ་བཅད་པ་ལ་སོགས་པས་ཉམས་པར་གྱུར་པ་སྟེ། དེ་ནི་ཉམས་པའི་མ་ནིང་ངོ་།། འདི་ལས་ཐ་མ་ནི་ཉེས་པ་བསྟེན་ན་བསྙིལ་བར་བྱའོ་ཞེས་བྱ་བ་ལ། ཐ་མ་ཞེས་བྱ་བ་ནི་ཉམས་པའི་མ་ནིང་ངོ་།། སྐད་ཅིག་དེ་ལ་མ་ནིང་གི་སྐྱོན་ལ་བརྟེན་པ་དེ
་ལས་བསྙིལ་བར་བྱའི་གཞན་དུ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། རྐུན་ཐབས་སུ་གནས་པའོ་ཞེས་བྱ་བ་འདིའི་མཚན་ཉིད་ནི་གང་ཞེ་ན། བསྙེན་པར་རྫོགས་པའི་ཆོ་ག་མ་བྱས་པ་ཉིད་དམ་མ་ཆགས་པ་ཉིད་དུ་ཤེས་ལ་ལན་གཉིས་སུ་དགེ་འདུན་དང་ལྷན
་ཅིག་ཉམས་སུ་མྱོང་བར་གྱུར་པ་ཉིད་ན་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བསྙེན་པར་རྫོགས་པར་ལོ་འདྲེན་པའི་གང་ཞིག་གསོལ་བ་ལ་སོགས་པ་དེ་མ་བྱས་པ་ཉིད་དུ་ཤེས་ཤིང་བྱས་པ་ཉིད་དུ་ཡང་མ་ཆགས་པ་ཉིད་དུ་ཤེས་ཤིང་། གལ་ཏེ་ཡང་ཆོ་ག
་བྱས་པ་བསྙེན་པར་རྫོགས་པ་ནི་ཆགས་པ་མ་ཡིན་ནོ།། ལོ་བཅུ་དགུ་ལོན་པ་ལ་སོགས་པའི་སྐྱོན་གྱིས་དེའི་ཕྱིར་དགེ་འདུན་དང་ལྷན་ཅིག་ལས་གཉིས་པ་ཉམས་མྱོང་བ་ལ་དེ་ཉེས་ཅེས་བྱ་བ་ནི་རྐུ་ཐབས་སུ་གནས་པ་ཉིད་དོ།། འོ་ན་གང་གི་ཕྱིར་ཉེ་བར་འཁོར
་རང་བཞིན་དུ་གནས་པའི་དགེ་སློང་རྣམ་དང་ལྷན་ཅིག་ཏུ་གསོ་སྦྱོང་གི་ལས་ལན་གཉིས་ལན་གསུམ་ཉམས་སུ་མྱོང་བར་གྱུར་པ་དེ་ཙམ་གྱིས་ནི་རྐུ་ཐབ་སུ་གནས་པ་ཡིན་ནོ་ཞེས་གསུངས་ན། གསུམ་ཞེས་བྱ་བ་དེ་ཅིའི་ཕྱིར་མདོར་མ་བྲིས་ཞེ་ན། གང
་གི་ཕྱིར་ངེས་པར་བྱེད་པའི་ཚིག་ནི་འདི་མ་ཡིན་ཏེ། འོན་ཀྱང་རྒྱུན་ལ་འདི་རབ་ཏུ་བསྟན་པའོ།། རྒྱུན་ལ་རྩོམ་པར་གྱུར་པ་ན་ཉམས་པར་འགྱུར་ཞེས་བྱ་བ་སྟེ། གཞན་དུ་ན་གཉིས་ཞེས་བྱ་བས་འདི་རྣམ་པར་གཞག་པ་ལ། གསུམ་ཞེས་བྱ་བ་འདི་དབུགས་ཕྱུང
་དབྱུང་བ་ཞེས་བྱ་བ་རྣམ་པར་ཤེས་པར་འགྱུར་རོ།། དེ་ལྟར་ན་འདི་ནི་རྩོམ་པ་སྟེ་ཐ་སྙད་དུ་བྱ་བ་ཆོས་ཉིད་ཀྱི་རྣམ་པར་གཞག་པ་མ་ཡིན་པ་ཞེས་བྱ་བར་ཐལ་བར་འགྱུར་རོ།། འདིར་ལུང་ཡང་ཡོད་དེ། གཏམ་གྱི་གཞི་ལས། གང་གི་རྐུ་ཐབས་སུ་གནས་པ་རབ་ཏུ
་དབྱུང་བར་མི་བགྱི། བསྙེན་པར་རྫོགས་པར་མི་བགྱི་བའི་གཞི་དེ་ཉིད་ཀྱིས་རབ་ཏུ་དབྱུང་བར་བགྱི་བ་དང་། བསྙེན་པར་རྫོགས་པར་བགྱི་བ་མ་མཆིས་སམ་ཞེ་ན། བཀའ་སྩལ་པ་ཡོད་དེ། གང་གིས་ལན་གཉིས་ལན་གསུམ་དུ་གསོ་སྦྱོང་ཉམསུ་མྱོང་བར་གྱུར
་པ་དེ་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱའི། གང་གིས་ལན་ཅིག་གསོ་སྦྱོང་ཉམས་སུ་མྱོང་བར་གྱུར་པ་དེ་ནི་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱའོ་ཞེས་བྱའོ།། གང་གིས་ཕྱིར་གཞན་དུ་ན་ཁ་ཅིག་གིས་ལན་གཉིས་སོ་སོར་ཉམས
་མྱོ་བ་ལ་འོས་པ་ཉིད་མ་ཡིན་ཏེ། སླར་རིགས་པ་ནི་གང་གི་ཕྱིར་འདི་ཐོག་མར་རབ་ཏུ་འཇུག་པ་ན་དོགས་པ་དང་བཅས་འགྱུར་རོ།། དེ་ལས་རྫུན་པ་ཉིད་ཀྱིས་རང་བཞིན་ཉིད་ནི་འགྲོ་བར་མི་འགྱུར་ཏེ། རྒྱུན་ཏུ་བྱེད་ཅིང་དེའི་རང་བཞིན་ཉིད་ཐོབ་པ་ཡིན་ཞེས་བྱ
་བའོ།། འོ་ན་འདིར་གསོ་སྦྱོང་བཟུང་བར་བྱ་བ་སྟེ། དེ་བས་ན་འདིར་ཅིའི་ཕྱིར་ཁྱད་པར་མེད་པར་ལས་ཐམས་ཅད་སོ་སོར་ཉམས་སུ་མྱོང་བ་ཞེ་ན། བརྗོད་པར་བྱ་སྟེ། དགེ་འདུན་ལ་ཡང་དག་པར་བརྟེན་པའི་བྱ།
་བ་ལ་འདིའི་ཁོངས་སུ་བསྡུས་པའོ།། གང་ཞིག་གསོ་སྦྱོང་ལ་མཚུངས་པོའམ་ལས་གཞན་རྣམས་ལ་ཡང་དགེ་འདུན་ལ་གནས་པ་ཉིད་དོ།། དེ་བས་ན་ད་པ་ཉིད་ཀྱིས་འདིར་གསོ་སྦྱོང་བཟུང་བ་རྣམ་པར་གནས་པ་ཡིན་ནོ།། བསྙེན་པར་རྫོགས་པ་མ
་ཚང་བའི་ལྟུང་བྱེད་དྲི་བ་ལས་འདི་ལ་ལུང་ཡང་ཡོད་དེ། གང་ཞིག་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་མ་རྫོགས་པར་དགེ་འདུན་གྱི་ལས་གསོ་སྦྱོང་ངམ། དགག་དབྱེ་འམ། གོང་ཟག་བཅུ་གཉིས་བསྐོ་བ་དག་ཉམས་སུ་མྱོང་བར་གྱུར་པ་དེ་ཡང་དེ
་ཙམ་གྱིས་ན་རྐུ་ཐབས་སུ་གནས་པ་ཡིན་ནོ།། ཞེས་གསུངས་སོ།། ཇི་སྲིད་དུ་བསྙེན་པར་མ་རྫོགསཔས་བྱ་བ་མ་ཡིན་པ་རྗེས་སུ་མཚོན་པར་གྱུར་པ་དགེ་འདུན་ལ་རབ་ཏུ་འབྱུང་བ་ཞུ་བ་ལ་སོགས་པ་ཐམས་ཅད་དགེ་འདུན་ལ་རག་ལས་པའི་ཕྱིར
་ལས་ཀྱིས་ཕྱོགས་པ་ཉིད་དོ།། དེ་བས་ན་ལས་ཀྱི་ཚིག་ཀྱང་འདིར་དཔེར་རྟོགས་པར་བྱའོ།། གལ་ཏེ་དེ་ལྟ་ཡིན་ན་རབ་ཏུ་འབྱུང་བར་ཞུ་བ་དང་། དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་དང་གསང་སྟེ། སྟོན་པ་དང་ཡོངས་སུ་དག་པ་དང་། བསྡུ་བ་དང་། སྤོ་བ་ལ་སོགས
་བཞུ་བ་དང་རྗེས་སུ་ཐོབ་པ་རྣམས་ཀྱང་སོ་སོར་ཉམས་སུ་མྱོང་བ་ལ་རྐུ་ཐབས་སུ་གནས་པ་ཉིད་རྣམ་པར་གནས་པ་ཡིན་ནོ།། མུ་སྟེགས་ཅན་ཞུགས་པའོ་ཞེས་བྱ་བ་ནི་དེའི་རང་གི་ངོ་བོ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། རབ་ཏུ་བྱུང་བ་འདི་ཡང
་དག་པར་བླངས་པར་ལྟ་བ་དང་ལྡན་པ་ཆོས་གོས་འདི་བོར་ཏེ། རྒྱལ་མཚན་དེས་དེར་སྐྱ་རང་ཤར་ན་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་བ་འདིར་ཡང་དག་པར་བླངས་པ་འདི་ཡིན་པས་ན་ཡང་དག་པར་བླངས་པའི་རབ་ཏུ་བྱུང་བ་འདིའོ།། ལྟ
་བ་དེ་དང་ལྡན་པ་ཞེས་བྱ་བ་ནི་མུ་སྟེགས་ཅན། དེ་རྣམས་ཀྱི་ལྟ་བ་འདི་ལ་ཡོད་པས་ནི་དེའི་ལྟ་བ་ཅན་ནོ།། ཆོས་གོས་འདི་བོར་ཏེ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་དགེ་སློང་གི་ཆ་བྱད་བོར་བར་ནས་སོ།། རྒྱལ་མཚན་དེས་ཞེས་བྱ་བ་ནི་མུ
་སྟེགས་ཅན་གྱི་རྒྱལ་མཚན་གྱིས་སོ།། དེར་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་འདུག་གནས་སུའོ།། སྐྱ་རེང་ཤར་ན་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཞུགས་པ་ཅན་ཡིན་ནོ།། དེ་མ་བྱས་པ་ཡང་རྐུ་ཐབས་དང་འདྲའོ་ཞེས་བྱ་བ་ནི་དེ་བཞིན
་གཤེགས་པའི་ཆ་བྱད་མ་བྱས་པར་བོར་ཏེ་མངོན་པར་འདོད་པའི་མུ་སྟེགས་ཅན་གྱི་རྟགས་འདོད་པས་བགོས་ནས་དེའི་འདུག་གནས་སྐྱ་རེང་ཤར་བ་ཞེས་བྱ་བ་འདི་དེ་བཞིན་གཤེགས་པའི་རྟགས་ཅན་གང་གིས་ཡང་དག་པར་བླངས་པ་སྟེ། མུ་སྟེགས
་བའི་ལྟ་བ་ཅན་གྱིས་ནི་མ་ཡིན་ནོ།། འདི་ནི་དེ་མ་བྱས་པའོ།། འོག་མ་འདི་མ་བྱས་པས་གཞན་དུ་ཡང་མུ་སྟེགས་ཅན་དུ་སོང་བ་ཉིད་འབྱུང་བ་ཡིན་ཏེ་ཇི་ལྟར་ཞེ་ན། དཔེར་ན་རྐུ་ཐབས་དང་འདྲའོ།། རྐུ་ཐབས་ཀྱི་དེ་ཉིད་བརྗོད་དེ་ལས་ཉམས་སུ་མྱོང་བ
་གཉིས་པ་ལ་ཞེས་བྱ་བའི་དོན་ཏོ།། རྐུ་ཐབས་ཀྱི་དེ་ཉིད་བརྗོད་ཟིན་ཏོ།། མ་བསོད་པ་དང་ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་སློང་མ
་སུན་ཕྱུང་བ་དང་། ཕམ་པར་གྱུར་པ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ་ཞེས་སོ།། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མ
་བྱའོ་ཞེས་བྱ་བ་ལ། རྒྱུ་ལས་བཟློག་པའི་ཞེས་བྱ་བ་ནི་རྒྱུ་གང་གིས་འཐབ་རྩོད་བྱེད་པ་ལ་སོགས་པས་སྡིགས་པ་ལ་སོགས་པའི་ནན་ཏུར་གྱི་ལས་བྱེད་པར་འགྱུར་བ་དེ་བཟློག་པ་ནི་འཐབ་རྩོད་བྱེད་པ་ཉིད་ལ་སོགས་པ་མ་ཡིན་པའོ།། ཆད་པ་བླ
་མི་ལེན་པོ་ནི་གྲུབ་པར་བྱེད་བཞིན་པ་མ་ཡིན་པའོ།། བསྙེན་པར་རྫོགས་ན་བཟོད་པ་གསོལ་ཟིན་པ་ཡིན་ནོ་ཞེས་བྱ་བ་ནི་མི་བཟོད་པ་བསྙེན་པར་མ་རྫོགས་པ་རྣམས་བསྙེན་པར་རྫོགས་པ་ཉིད་བཟོད་པ་ཉིད་ཀྱི་ཕྱིར་སླར་བཟོད་པ་གཞན་ནི་བྱ་བ་མ
་ཡིན་ནོ།། བཟོད་པ་ཞེས་བྱ་བ་ནི་བཟོད་པར་བྱའོ།། བཙུན་པ་དགེ་སློང་དག་བསྡིགས་པའི་ལས་བགྱིས་ནས་རེ་ཞིག་བསྙེན་པར་རྫོགས་པར་བགྱི་ན་བསྙེན་པར་རྫོགས་ཞེས་བགྱི་འམ། བསྙེན་པར་མ་རྫོགས་ཞེས་བགྱི། ཉེ་བར་འཁོར་བསྙོན་པར
་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་ལ། བཟོད་པ་ནི་གསོལ་ཟིན་པ་ཞེས་བྱ་བའོ་ཞེས་བྱ་བ་ནི་གླེང་གཞི་དག་ལས་གསུངས་སོ།། གལ་ཏེ་བསྙེན་པར་རྫོགས་ནས་ཁས་མི་ལེན་པ་ནི་ཚོགས་པ
་ཡོད་ན་ཡང་ཆད་པས་བཅད་དོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་ནས་འཐབ་ཀྲོལ་མི་བྱེད་པ་ཉིད་ལ་སོགས་པ་རྒྱུ་བཟློག་པ་གལ་ཏེ་ཁས་མི་ལེན་ན་ཚོགས་པ་ཡོད་པ་ན་ཡང་ཆད་པའི་ལས་བྱའོ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་མ་མཐོང་ངོ་ཞེས་རྫུན་ཟེར་ན
་ལྟུང་བྱེད་དོ་ཞེས་བྱ་བ་ནི་ལྟུང་བ་དག་གིས་མ་མཐོང་ཞེས་བྱ་བ་གལ་ཏེ་རྫུན་ཟེར་ན་ལྟུང་བར་བྱེད་པ་འདིའི་ལྟུང་བྱེད་དོ།། འདི་ལྟ་བུའི་རིགས་ཅན་གྱི་རྫུན་དུ་སྨྲ་བ་རྣམས་ལ་ལྟུང་བྱེད་མེད་པར་དོགས་པར་བྱ་བ་མ་ཡིན་ནོ།། ལག་རྡུ་མ་དག་དང་རྐང་རྡུམ་དང་།
་ལག་སོར་ཟླུམ་པོར་འཛེས་པ་དང་།། ཆུ་མེད་ལུས་ལ་རྨ་མཚན་ཅན།། རྒན་ཆེས་པ་དང་གཞོན་ཆེས་དང་།། འཐེང་པོ་སྨད་འཚལ་ཞར་བ་དང་།། ལག་སོར་རྡུམ་རྒུར་མིའུ་ཐུང་དང་།། ལྦ་པ་ལྐུགས་པ་འོན་པ་དང་།། རྟེན་འཕྱེ་དང་ནི་རྐང་བམ་དང་།། བུད་མེད
་ཀྱིས་དུབ་ཁུར་གྱིས་དུབ།། མི་གང་ལམ་གྱིས་དུབ་རྣམས་དང་།། ཡ་ཟ་མ་ལུག་གཏའ་གམ་དང་།། དེ་ལྟ་བུ་ཡི་མི་རྣམས་ནི།། དྲང་སྲོང་ཆེན་པོས་དགག་པར་མཛད།། མཛེས་པ་རབ་ཏུ་དབྱུང་བ་དང་།། ཡོངསུ་དག་པ་བསྙེན་རྫོགས་པར།། རྫོགས་སངས
་རྒྱས་ཀྱིས་རབ་མཁྱེན་ཏེ།། བདེན་པའི་མཚན་གྱིས་བཀའ་སྩལ་ཏོ།། ཞེས་བྱ་བ་ལ། ལག་རྡུམ་ཞེས་བྱ་བ་ནི་ནོར་བུ་འཆིང་བ་ནས་བཟུང་ནས་གང་རྣམས་ཀྱི་ལག་རྡུམ་མོ།། རྐང་རྡུམ་ཞེས་བྱ་བ་ནི་གང་རྣམས་ཀྱིས་ལུང་བུ་མན་ཆད་ཆད་པ་དེ་རྣམས་ནི
་རྐང་རྡུམ་མོ།། གང་རྣམས་ཀྱིས་ལག་པའི་སོ་སོར་མོ་སྦྲུལ་གྱི་གདེངས་ཀ་འདྲ་བ་དེ་རྣམས་ནི་ལག་སོར་ཟླུམ་པོར་འཇས་པའོ།། གང་རྣམས་ཀྱི་མཆུ་གཉིས་མེད་པ་དེ་རྣམས་ཀྱི་མཆུ་མེད་པའོ།། གང་རྣམས་ཀྱི་ལུས་ལ་རྨ་མཚན་རྣམས་ཡོད་པ་དེ་ནི་རྨ
་མཚན་ཅན་ཏེ། ལག་པ་ལ་སོགས་བྲིས་པ་ནི་རྨ་མཚན་ཅན་ཡིན་ཏེ། རྒྱུན་གྱིས་བྲབས་པ་དང་འདྲ་བར་ཞེས་བྱ་བ་ལ་སོགས་པ་རྣམས་སོ།། རྒན་ཆེས་པ་ཞེས་བྱ་བ་བརྒྱ་ལོན་པ་ལ་སོགས་པ་རྣམས་སོ།། གཞོན་ཆེས་པ་ཞེས་བྱ་བ་ནི་བྱ་རོག
་སྐྲོད་མི་ནུས་པ་ལོ་བདུན་མ་ལོ་བདུན་མ་ལོན་པ་རྣམས་སོ།། འཐེང་པོ་ནི་རྐང་པ་འཐིང་ཞིང་འགྲོ་བ་རྣམས་སོ།། སྨད་འཆལ་པ་ནི་བརླའི་ཕྱོགས་སུ་རླུང་བྱ་རྒོད་འགྲོས་ཀྱི་ཀུན་ཏུ་ཉམས་པར་གྱུར་པའོ།། ཞར་བ་ནི་མིག་ཡ་གཅིག
་པའོ།། སོར་མོ་རྡུམ་པ་ནི་གང་གི་འཁྲིགས་མའི་ཕྱོགས་ན་མཚན་མ་ཙམ་གྱི་ལག་པ་ཡོད་ཅིང་ཅུང་ཟད་ཀྱང་བྱེད་མི་ནུས་པའོ།། ལྦ་བ་ཅན་ནི་མགྲིན་པོ་ལྦུ་བ་ཅན་གང་ལ་ཡོད་པ་དེ་ནི་ལྦ་བ་ཅན་ནོ།། ལྐུགས་པ་ནི་སྨྲ་མི་ནུས་པའོ།། རྟེན་ཕྱེ་ནི་གང་རྟེན་དག་ལ་ལག་པ
་གཉིས་སོ་སོར་བཞག་ནས་གཟུགས་བཞིས་འཕྱོ་བའོ།། མིང་གཉིས་པ་ནི་གྲུམ་པོ་ཞེས་བྱ་བའོ།། བུད་མེད་ཀྱིས་དུབ་པ་ནི་བུད་མེད་རྣམས་ཤས་ཆེར་བསྟེན་པས་སྟོབས་ཟད་པ་སྟེ། གང་གི་ལུས་མི་བདེ་བ་བུད་མེད་ཀྱིས་དུབ་པའོ།། དེ་བཞིན་དུ་མི་བཟོད་པའི་ཁུར
་ཐོགས་པའི་ཕྱིར་དང་། ལམ་དུ་འགྲོ་བ་དྲགས་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་ཁུར་གྱིས་དུབ་པ་དང་ལམ་གྱིས་དུབ་པ་རྣམས་སོ།། ཡ་ཟ་མ་ལུག་ནི་གང་རྣམས་ཀྱིས་ཇི་ལྟར་ཟོས་པ་དག་མ་ཞུ་བར་ཕྱིར་འབྱུང་བའོ།། ཁ་ཅིག་ནི་འདི་སྐད་ཅེས་ཟེར་ཏེ་གང་གིས་འགྲོ
་བ་བཅིངས་པོས་ཉམས་པ་བཅིངས་པ་ལས་གྲོལ་ཡང་བཅིངས་པ་བཞིན་དུ་ཡོངས་སུ་འགྲོ་བར་བྱེད་པ་དང་། གང་རྣམས་ལང་ཚོ་ལ་བབ་པ་ཁོ་ནར་ནང་ལ་སོགས་པས་དེ་ལྟར་མི་ནུས་པ་ཉིད་བྱས་པ་མཐུག་པ་དང་རབ་ཏུ་སྟོབས་དང་ལྡན་པ་རྒས་པས་ཉེ་བར་གདུངས
་བསྟར་བྱ་བ་ཐམས་ཅད་མི་ནུས་པ་དེ་རྣམས་ནི་གཏ་གམ་ཏེ། འབྱུང་བ་བཞིན་དུ་དེ་རྣམས་ཀྱིས་ལང་ཆོ་མ་ཉམས་པ་ཞེས་བྱ་བའི་དོན་ཏོ།། བསྡུ་བར་བྱ་བའི་སྐབས་རྫོགས་ཏེ། རབ་ཏུ་བྱུང་བའི་གཞི་རྫོགས་སོ།། བཀོལ་བ་རྒྱལ་པོས
་བཀྲབས་པའོ།། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བའོ་ཞེས་བྱ་བ་ལ། ཁྱོད་རྒྱལ་པོས་བཀྲབས་པ་མ་ཡིན་ནམ་ཞེས་བྱ་བ་རབ་ཏུ་འབྱུང་བ་ཉིད་ཉེ་བར་འོངས་པ་ལ་དྲི་བར་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱིས་ཀྱང་རྒྱལ་པོས་བཀྲབས
་པ་རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ་ཞེས་བྱ་བའོ།། གང་ཞིག་རབ་ཏུ་དབྱུང་བའི་གཞི་ལ་མ་བཟུང་བ་དེ་ལ་འདིས་སྟོན་པར་བྱེད་པའོ།། གང་ཞིག་རྒྱལ་པོ་དེ་འམ་དེའི་རྗེ་བོ་ལ་རྣམ་པར་རྒྱལ་བ
་དེ་དེ་ལས་གང་ཡང་རུང་བའི་གྲོགས་པོ་ལ་གང་ཞིག་དེའི་ཚིག་གིས་འབྲེལ་པ་དེ་ནི་འདིར་ཡུལ་ཐག་མི་རིང་བའོ།། བཀོལ་བ་ཆོམ་རྐུན་པར་གྲགས་པའོ།། ཞེས་བྱ་བ་ནི་རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་ཞེས་བྱ་བ་འདི་བཟློག་པའི་དོན་དུ་སླར་བཀོལ
་བའི་ཚིག་སྟེ། ཁྱོད་ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ་ཞེས་བྱ་བ་རབ་ཏུ་བྱུང་བའི་དོན་དུ་ཉེ་བར་འོངས་པ་ལ་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་དྲི་བར་བྱ་སྟེ། ཆོམ་རྐུན་པར་གྲགས་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི
་བྱའོ།། ཆོ་ག་འདི་ཙམ་ཉིད་ཀྱིས་འདིར་འབྱུང་བའོ།། ཆོམ་རྐུན་པར་གྲགས་པ་ནི་རྒྱལ་མཚན་བཅིངས་པའོ།། གང་དུ་གང་ལ་རབ་ཏུ་གྲགས་པར་གྱུར་པ་ཉིད་མ་ཡིན་པ་དེར་དེ་ལ་རྒྱལ་མཚན་བཅིངས་པ་ཉིད་དོ།། ཤིང་རྟ་བྱེད་པ་དང་། ལྷམ་མཁན་དང་།
་གདོལ་པ་དང་། གཡུང་པོ་དང་། དེ་ལྟ་བུ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་ལ། ཤིང་རྟ་བྱེད་པ་ནི་ལྷམ་མཁན་ནོ།། དེ་ལྟ་བུ་ཞེས་བྱ་བ་ནི་ཟན་བཟའ་བར་མི་བྱ་སྟེ། དགེ་ཚུལ་ཉིད་དང་སློབ་པ་ཉིད་ཀྱིས་བསྙེན་པར་རྫོགས་པར་འོས་པ་མ་ཡིན་པ་ཉིད་ཤིང་རྟ
་མཁན་ལ་སོགས་པ་རྣམས་ལ་རབ་ཏུ་དུ་བྱུང་བ་མ་ཡིན་པ་ཉིད་ཀྱི་རྒྱུ་མཚན་ནོ།། དེ་བས་ན་འདི་རྣམས་ལ་ཡང་མི་བྱ་བ་ཉིད་དུ་སྟོན་པའོ།། ལག་རྡུམ་ལ་སོགས་པ་ནི་མཚོན་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་འདིར་རབ
་ཏུ་དབྱུང་བའི་གཞི་ལས་ལག་རྡུམ་དང་རྐང་རྡུམ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་དེ་ནི་མཚོན་པར་རིག་པར་བྱ་སྟེ། ཡོངས་སུ་བགྲང་བ་ནི་མ་ཡིན་ནོ།། ད་ནི་གང་རྣམས་ཀྱིས་འདི་མཚོན་པ་དེ་རྣམས་ཉེ་བར་དགོད་པར་བྱེད་དེ། སྐྲ་སེར་དང་ནི་སྐྲ་སེར་སྐྱ།། དེ་བཞིན་སྒྲ་ནི
་ལྗང་ཁ།། མི་རྣམས་སྒྲ་ནི་དཀར་བ་དང་།། གླང་ཆེན་སྒྲ་འདྲ་སྒྲ་མེད་དང་།། མགོ་འབར་འབུར་ཅན་གྲང་པོ་ཆེ།། ཧ་ཅང་སྦོམ་དང་ལུས་གླེབས་འདྲ།། བུང་བུ་ཕག་གི་མགོ་ལྟ་བུ།། མགོ་གཉིས་པ་དང་མགོའུ་ཆུང་དང་།། གླང་ཆེན་ན་འདྲ་རྟ་ན་འདྲ།། བ་ལང་ན་རཱ
་སྤྲེའུ་རྣ་འདྲ།། བོང་བུའི་རྣ་འདྲེ་ཕག་རྣ་འདྲ།། རྣ་གཅིག་པ་དེ་རྣ་མེད་དང་།། མིག་དམར་ཧ་ཅང་མིག་ཆེ་དང་།། མིག་ག་ཆུང་མིག་ཧ་ཅང་སེར།། ཤེལ་མིག་མིག་ནི་ཆུ་ངུར་འདྲ།། མིག་གཅིག་པ་དང་མིག་མེད་དང་།། གླང་ཆེན་སྣ་འདྲ་རྟ་སྣ་འདྲ།། བ་ལང་སྣ་འདྲ་སྦྲུ
་སྣ་འདྲ།། དོང་བུའི་སྣ་འདྲ་ཕག་སྣ་འདྲ།། སྣ་སྦུབས་གཅིག་དང་སྣ་མེད་དང་།། གླང་ཆེན་ཀོས་འདྲ་རྟ་ཀོས་འདྲ།། བ་ལང་ཀོས་འདྲ་སྤྲེའུ་ཀོས་འདྲ།། བོང་བུའི་ཀོས་འདྲ་ཕག་ཀོས་འདྲ།། ཀོས་སྦྱང་དང་ནི་ཀོ་ས་མེད་དང་།། གླང་ཆེན་སོ་འདྲ་རྟ་སོ་འདྲ།། བི་ལང་སོ
་འདྲ་སྤྲེའུ་སོ་འདྲ།། བོང་བུའི་སོ་འདྲ་ཕག་སཽ་འདྲ།། སོ་གཅིག་པ་དང་སོ་མེད་དང་།། མགུལ་རིངས་ཆེས་དང་མཇིང་ནུབ་དང་།། ཕག་མིག་དང་ནི་ཆེས་སྒུར་དང་།། ཕོ་མཚན་ཆད་དང་རླིག་རླུག་ཆོས་དང་།། རླིག་གཅིག་པ་དང་རླིག་མེད་དང་།། ཧ་ཅང་རིང་དང་ཧ་ཅང
་ཐུང་།། སྐེམ་པོ་མ་འོངས་ངལ་སྙེན་དང་།། ཤ་མདོག་ཁ་དོག་རྣམ་བཞི་དང་།། དེ་བཞིན་གྱོལ་པོ་ལུས་ཉམས་པའོ།། རྣམ་པ་དེ་ལྟ་བུ་དག་གིས་དགག་པ་དེ་ཡང་རབ་ཏུ་བཟུང་བར་བྱའོ།། དེ་ཞེས་བྱ་བ་ནི་ལག་རྡུམ་དང་རྐང་རྡུན་ཞེས་བྱ་བ་ལ་སོགས་པའོ།། རྣམ
་པ་དེ་དང་དེ་ལྟ་བུ་རྣམས་ཀྱིང་དགོག་པ་དེ་ཡང་རབ་ཏུ་བཟུང་ཞེས་བྱ་བ་ནི་བཟུང་བར་བྱ་ཞེས་བྱ་བའི་དོན་ཏོ།། གང་རྣམས་ཀྱི་སྐུ་ཡུང་བས་བཅོས་པ་ལྟ་བུ་དེ་དག་ནི་སྐྲ་སེར་ཅན་ནོ།། སྒྲ་སེངྒེའི་ལྟ་བུ་རྣམས་ནི་སྐྲ་སེར་སྐྱ་ཅན་ནོ།། གང་རྣམས་ཀྱི་སྐུ་རམས
་ཀྱིས་ཁ་བསྒྱུར་བ་ལྟ་བུ་དེ་རྣམས་ནི་སྐྲ་ལྗང་ཁུ་ཁའོ།། གང་རྣམས་ཀྱི་སྐུ་སྐྱེས་པ་ཉིད་ཀྱིས་དཀར་བ་དེ་རྣམས་ནི་དཀར་བའི་སྐེ་ཅན་ཏེ། རྒས་པར་གྱུར་པ་ནི་མ་གཏོགས་སོ།། གང་རྣམས་ཀྱི་སྐྲ་གླང་པོ་ཆེའི་ལྟེ་བུ་རྣམས་ནི་གླང་པོ་ཆེའི་སྐྲ་སྟེ་གླང་པོ་ཆེའི
་འདྲ་བ་རྣ་མས་ཡིན་ནོ།། གང་རྣམས་ཀྱི་མགོ་སྐ་མེད་ཅིང་ཟངས་མོའི་སྣོང་ལྟར་འཇམ་པ་དེ་རྣམས་ནི་སྐྲ་མེད་པའོ།། གང་གི་མགོ་སུལ་གསུམ་འམ་བཞི་པ་གང་རྣམས་ཀྱི་མཐོན་དམན་དུ་སྣང་བ་དེ་ནི་མགོ་འབར་བུར་ཅན་ནོ།། གང་རྣམས་ཀྱི
་ལུས་གླེབས་པ་འདྲ་བར་རྒྱ་ཆེ་བ་ཉིད་ཀྱིས་སོ་སོརོ་དང་འདྲ་བར་བསྡུས་པ་དེ་རྣམས་ནི་ལུས་གླེབས་པ་ཅན་ནོ།། གང་གི་མིག་དག་ཧ་ཅང་ཆུང་ཞིང་ཟླུམ་པ་དེ་ནི་མིག་ཆུང་བའོ།། མགོ་བོ་ནང་དུ་ཞུགས་པ་ཉིད་ཀྱིས་ཕྲག་པའི་སྐབས་སུ་གང་ལ་མིག
་དག་ཡོད་པ་དེ་ནི་ཕག་མིག་ཅན་ནོ།། ཕོ་མཚན་ནི་གཅི་བ་འབྱུང་བ་སྟེ། གང་གི་ཆད་པ་དེ་ནི་ཕོ་མཚན་ཆད་པའོ།། གང་རྣམས་ཀྱི་བྱ་བ་ཆུང་བས་ཀྱང་ཁྱད་པར་ཅན་གྱིས་ངལ་བ་བསྐྱེད་པ་དེ་རྣམས་ནི་ངལ་བ་སྐྱེན་པའོ།། རང་གི་ཤ་མདོག་བཞི་རྣམས
་ཀྱིས་ཞེས་བྱ་བ་ནི་སྔོ་བ་དང་སེར་བ་དང་དམ་བ་དང་དཀར་བ་རྣམས་ཀྱིས་ཏེ། འདིས་ནི་རཱ་སྦལ་བརྗོད་པའོ།། གང་ཞིག་དེ་ལྟ་བུའི་རྣམ་པ་ཅན་ཁ་དོག་གི་བྱེ་བྲག་རྣམས་ལ་འདི་བཀག་པ་སྟེ། གང་ཞིག་ལྷ་རྣམས་ཀྱི
་དང་འདྲ་བར་ཤེས་པའི་ངོ་བོ་ཅན་དེ་རྣམས་ནི་མ་ཡིན་ནོ།། དེ་ལྟར་རེ་ཞིག་འདི་ལྟ་བུ་རྣམས་ལ་རབ་ཏུ་བྱུང་བ་ལ་སོགས་པ་བཀག་ཟིན་ཏོ།། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་འདི་རྣམས་ལ་ཡང་བསྡུ་བར་མི་བྱ་ཞེས་བྱ་བ་ཉེ་བར་སྟོན་པར་བྱེད་ཅིང་།
་རིགས་དང་ལུས་ལ་སྐྱོན་ཆགས་པ་རབ་ཏུ་བྱུང་བ་ནི་ཉེ་བར་བཞག་པར་མི་བྱའོ་ཞེས་བྱ་བ་སྨོས་ཏེ། རིགས་ལ་སྐྱོན་ཆགས་པ་ཤིང་རྟ་མཁན་པོ་ལ་སོགས་པ་ཟན་བཟའ་བར་མི་བྱ་བ་རྣམས་སོ།། ལུས་ལ་སྐྱོན་ཚོགས་པ་ནི་དབྱིབས་དང་ཁ་དོག་ལས་ཏེ
་ལག་རྡུམ་ལ་སོགས་པའོ།། ཉེ་བར་བཞག་པར་མི་བྱ་བ་ནི་གནས་སྦྱིན་པ་གཅིག་པུར་མ་ཟད་ཀྱིས་གནས་ཁང་གི་ཡང་ནང་དུ་མི་སྦྱིན་པ་དང་རྗེས་སུ་འབྲང་བའི་འཁོར་ཉིད་ཀྱིས་སོ།། དེ་ལྟར་ཡང་དགེ་སློང་གི་འཁོར་སུན་འབྱིན་པའི་འཁོར་ཉེ་བར
་བཞག་པར་མི་བྱ་སྟེ། ཉེ་བར་འཇོག་པར་གྱུར་ན་འགོལ་ཚབས་ཅན་དུ་འགྱུར་རོ།། ཞེས་གསུངས་ན་ཇི་ཙམ་གྱིས་ན་འཁོར་སུན་འ་བྱིན་པའི་འཁོར་ཡིན་པར་བརྗོད་པར་བྱ་ཞེ་ན། རིགས་ལས་ཁ་དོག་ལས་དབྱིབས་ལས་ཏེ། ཇི་ལྟར་རིགས་ལས་ཤེས
་ན་ཤིང་རྟ་མཁན་དང་གདོལ་པ་དང་གཡུང་པོའི་རིགས་ལས་སོ།། ཇི་ལྟར་རིགས་དང་དབྱིབས་ལས་ཤེས་ན་སྐ་སེར་ཞེས་བྱ་བ་ལ་སོགས་པ་འདིར་སྨོས་སོ།། དུ་མ་མཁན་པོ་གཅིག་པས་གསུམ་མན་ཆད་ཚིག་གཅིག་གིས་བསྙེན་པར
་རྫོགས་པར་བྱར་རུང་ངོ་ཞེས་བྱ་བ་ལ་དུ་མ་ཞེས་བྱ་བ་ནི་གཉིས་ལ་སོགས་པའོ།། མཁན་པོ་གཅིག་པ་འདི་ལ་ཡོད་པས་ན་མཁན་པོ་གཅིག་པ་སྟེ་དེ་ལའོ།། ཚིག་གཅིག་གིས་ཞེས་བྱ་བ་ནི་གསོལ་བ་གཅིག་གིས་སོ།། དུ་མ་ཇི་ཙམ་གྱིས་ཤེས་ཤེ་ན། འདིར་གསུམ་མན
་ཚད་ཅེས་སྨོས་ཏེ། གསུམ་མན་ཆད་རིགས་པ་ཡིན་གྱིས་གཞན་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། ལུང་ལས་ཀྱང་ཚོགས་ཀྱིས་ཚོགས་ཀྱི་ལས་རྣམས་མི་བྱའོ།། ཞེས་གསུངས་ལ། ཁ་ཅིག་ནི་མཁན་པོའི་བྱེ་བྲག་ཁས་བླངས་པའི་གཞུང་འདི་ལ་བྱེད་པ་ཡིན་ནོ།། ཉེ
་བར་འཁོར་གྱིས་ཞུས་པ་ལས་ཀྱང་། བཙུན་པ་དུས་གཅིག་དང་སྐད་ཅིག་ཉིད་ལ་ལས་བྱེད་པ་པོ་གཅིག་གིས་གསོལ་བ་གཅིག་གིས་ལས་གཉིས་བགྱི་བ་དང་བགྱིས་པར་བརྗོད་པ་དང་། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་བ་མཆིས་སམ། ཉེ་བར
་འཁོར་ཡོད་དེ། ལས་བྱེད་པ་པོའི་དགེ་སློང་སྟོབས་དང་ལྡན་པར་གྱུར་ན། མཁན་པོ་རྣམས་དང་། བསྙེན་པར་རྫོགས་པར་འདོད་པ་རྣམས་ཀྱི་མིང་ཡོངས་སུ་བརྗོད་ནུས་ཤིང་གསོལ་བ་ཉམས་པར་མི་འགྱུར་ལ་ལས་ཀྱང་བྱེད་ནའོ།། ཞེས་བྱ་བ་ལ་སོགས་པ
་གསུངས་སོ།། འཕགས་པ་ཉེ་བར་འཁོར་དགེ་ཚུལ་སྦྱིན་བྱེད་དང་སྐྱོང་བྱེད་མཉེས་གཤིན་པ་དང་བཅས་པ་དེ་གཉིས་ཕན་ཚུན་སེམས་རྗེས་སུ་བསྲུངས་པས་ཅིག་ཅར་བསྙེན་པར་རྫོགས་པར་མི་བྱའོ།། རྒྱུ་འདིས་མཁན་པོ་གཅིག་གིས་དུ་མ་བསྙེན་པར་རྫོགས་པར
་གནང་བ་ལ་རྒྱུ་འདི་ལས་མཁན་པོ་གཅིག་ལ་དུ་མ་ཁས་ལེན་པ་འདི་ནི་གླེང་གཞི་ལས་མཐོང་བ་ཡིན་ཏེ། དེ་བས་ན་དེ་ལྟར་ཁས་བླངས་པ་ལ་འདི་ཡང་དགོས་པ་མ་ཡིན་ནོ།། དུས་མཉམ་པ་རྣམས་ནི་གཅིག་ལ་གཅིག་མི་བྱའོ་ཞེས་བྱ་བ་ནི་དུས་གཅིག་ཏུ་ལས
་གཅིག་བརྗོད་པས་བསྙེན་པར་རྫོགས་པར་འམ། སོ་སོར་བསྙེན་པར་རྫོགས་པ་གང་དག་གིས་དུས་མཉམ་པ་དེ་རྣམས་ལ་ཕན་ཚུན་དུ་ཕྱག་བྱེད་པ་མེད་པ་ཕྱག་ཅེས་བྱ་བ་ནི་ཕྱག་གོ།། སྔར་འོངས་པ་དང་པོ་ཡིན་ནོ་ཞེས་བྱ་བ
་ནི་དུས་མཉམ་པ་རྣམས་ཀྱང་རྙེད་པ་དང་ལས་སུ་སྐོ་བ་དང་ལྡན་པ་ལ་སོགས་པའི་གནས་གང་ཞིག་ལ་དང་པོ་འོངས་པ་དེ་ལ་རྙེད་པ་བླང་བ་ལ་དང་པོ་ཉིད་དེ། ཇི་ལྟར་འོངས་པས་རྙེད་པ་བླང་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ།། ལས་སུ་བསྐོ་བ་ལ་གང་ཞིག་ཕྱིས
་འོངས་པ་དེས་དང་པོར་བྱ་བ་ཉིད་དེ། ཕྱིས་འོངས་པས་ལས་སུ་བསྐོ་བ་དང་པོ་ཞེས་བྱ་བ་ཞེས་གསུངས་པའི་ཕྱིར་རོ།། དོན་ནི་འདི་ཡིན་ཏེ། རྙེད་པ་བླང་བ་ལ་དང་པོ་གནས་ཡང་དག་པར་ཐོབ་པ་ལ་དང་པོ་ཉིད་དེ་ལས་སུ་བསྒོ་བར་བྱེད་པ་ལ། ཕྱིས་གནས་ཡང་དག
་པར་ཐོབ་པ་ལ་དང་པོ་ཉིད་ཅེས་བྱ་བའོ།། དགོན་པ་བས་སྐྲ་སོར་གཉིས་ལས་ལྷག་པར་མི་བཞག་གོ། གྲོང་མཐའ་བས་ནི་དེའི་འོག་མ་ཉིད་ལས་མི་བཞག་གོ།། ཞེས་བྱ་བ་འོག་མའི་དངོས་པོ་འོག་མ་ཉིད་དེ། སོར་གཉིས་པོ་འདིའི་འོག་གི་དངོས་པོ་ལས་ལྷག
་བར་སོར་ཕྱེད་དང་གཉིས་ཀྱི་ཚད་ཉིད་ཡང་དག་པར་ཐོབ་པ་སྟེ། ཇི་སྲིད་དུ་བཞག་པར་མི་བྱ་ཞེས་བྱ་བ་འདིར་ཤེས་པར་འགྱུར་ཞེས་བྱ་བར་རིག་པར་བྱའོ།། འདིར་གཞུང་ནི། དགེ་སློང་དགོན་པ་བས་སྐྲ་སོར་གཉིས་སུ་བཞག་པར་བྱ་ལ། གྲོང་མཐའ་བས་ནི་དེ
་འོག་མའོ་ཞེས་གསུངས་སོ།། ཁ་ཅིག་ནི་སོར་གཉིས་བསྐོར་བ་ཞེས་བྱ་བ་སོར་གཉིས་ཀྱི་གནས་ལ་སྨྲ་བ་ཡིན་ཏེ། གལ་ཏེ་འདོན་པ་འདི་ལ་སོར་གཉིས་པའི་ཚད་ཀྱིས་བསྐོ་བ་གང་རྣམས་ཞེས་བྱ་བའི་དོན་ཏེ། སྔོན་གྱི་འདོན་པ་ལས་དོན་གཞན་ཉིད་ནི་མ་ཡིན་ནོ།། །
་འོན་ཏེ་སོར་གཉིས་པ་བསྐོ་བ་ཡིན་ན་དེ་ནི་རིགས་པ་མ་ཡིན་ཏེ། འདི་ཙམ་རིང་པོ་ཉིད་ལ་རྟགས་མི་གནང་བར་གྱུར་པ་ཉིད་ཀྱི་ཕྱིར་དང་། གླེང་གཞི་སྐྱོན་གང་གིས་ཀྱང་བསླབ་པའི་གཞི་འདི་རྟགས་པའི་དེའི་སྐྱོན་ལས་བྱུང་བ་ལ་ཡང་གནས་སྐབས་དེ་ཉིད་ཀྱི་ཕྱིར་རོ།།
་གང་གི་ཕྱིར་སོར་ལྔ་ལས་ལྷག་པའི་ཚད་ནི་འདི་ཡིན་ཏེ། རབ་ཏུ་བྱུང་བའི་དུས་ན་འབྱུང་བའི་སྐྲ་བྲེག་པའི་ཆོ་ག་ལས་གཞན་དུ་ཡང་སྐྲ་བྲེག་པ་ལ་སོགས་པ་ལ་བྱ་བ་ཉིད་དུ་རིགས་པ་མ་ཡིན་ཏེ། དེ་བས་ན་གནས་འདི་ལ་རྣམ་པར་བཞུགས་པའོ།། སྐ་བ་ལང་གིས
་འདྲ་བར་མི་བྲེག་གོ།། རྨའི་ཐན་ཀོར་ནི་མ་གཏོགས་སོ།། གཙུག་ཕུད་བྱེད་དུ་མི་གཞུག་གོ། འདོམས་ཀྱི་སྤུ་བྲེག་ཏུ་མི་གཞུག་གོ་ཞེས་བྱ་བ་ནི་བྱེད་དུ་མི་གཞུག་གོ།། ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། འདོམ་གྱི་ཕྱོགས་ནི་གསང་བའི་གནས་སོ།། རྨའི་ཆེད་དུ
་གཞན་གྱིས་མི་འཚོ་ན་མཁས་པ་གནས་བརྟན་གནས་བརྟན་དག་ལ་དྲིས་ཏེ། འབྲེག་ཏུ་གཞུག་གོ་ཞེས་བྱ་བ་ལ། མི་འཚོ་ན་ནི་གཞན་གྱི་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་གསུངས་པ་བསླ་བ་ལྔ་བཀྲུ་བར་བྱའོ།། དེའི་འོག་ཏུ་གལ་ཏེ་འཚོ་བར་མ་གྱུར་ན་མདོ
་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་། མ་མོ་འཛིན་པའི་དགེ་སློང་རྣམས་ལ་དྲིས་ཏེ་འདོམས་ཀྱི་སྤུ་བྲེག་ཏུ་གཞུག་གོ་ཞེས་བྱ་བ་གསུངས་ཏེ། དེ་ནི་འདིར་གཞུང་ཡིན་ནོ།། དེ་ལ་དཔེ་ཡིན་ཏེ། སྦྱང་བའི་ཆོ་ག་འདི་རིགས་པ་ཡིན་ཞེས་བྱ་བ་རྣམ་པ་གཞན
་རྣམས་ཀྱང་གསོ་བར་བྱེད་པ་ལ་བསྡུས་པ་ཡིན་ཏེ། དགེ་སློང་གནས་བརྟན་གནས་བརྟན་དག་ལ་བལྟས་ནས་རྨའི་ཚད་དམ་སྲོག་ཆགས་རྣམས་ཀྱི་ཆེད་དུ་གནོད་པ་མེད་པའི་ས་ཕྱོགས་སུ་སྤུའི་ལས་བྱེད་དུ་གཞུག་གོ་ཞེས་བྱ་བ་འདིར་གཞན་རྣམས་ཀྱི་གཞུང་ནི
་དེ་ལ་མངོན་སུམ་དུ་རིག་པར་བྱས་པར་གྱུར་པ་ཞེས་བྱ་བ་འདིའི་ལྷག་མའོ།། རྒན་པ་གཉིས་ངག་གིས་མངོན་སུམ་པ་ཉིད་ཀྱི་ཚུལ་ཁྲིམས་ཉིད་ཆོས་འདུ་བ་མངོན་པར་ཤེས་པ་ཉིད་ཀྱིས་སོ།། འདི་གཉིས
་ཀ་ཡང་ལྟ་བ་སོན་པས་བསྡུས་པའོ།། བསྡུས་པ་ནི་རྣམ་པར་ཤེས་པའོ།། སྡེ་སྣོད་འཛིན་པའི་ཉིད་ཀྱི་ཆོ་ག་ནི་ཤེས་པོ་ལ་རག་ལུས་པར་ཤེས་སོ།། སྲོག་ཆགས་ཀྱི་ཆེད་ནི་འདིར་རྨ་ལ་གནས་པའི་སྲོག་ཆགས་རྣམས་ལ་དགོངས་པར་རིགས་པ་ཡིན
་ཏེཤིག་ལ་སོགས་པའི་དགོངས་པ་ནི་མ་ཡིན་ནོ།། འདི་ལ་ཡང་རྨའི་ཚེ་དེ་ཉིད་ཀྱི་ནང་དུ་བྱས་པ་ཉིད་དེའི་ཕྱིར་མ་བཟུང་ངོ་།། བྱིན་པའི་སྤུ་བྲེག་པ་ཡང་དེའི་ཕྱིར་མ་ཡིན་པར་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ལ། དེའི་ཕྱིར་མ་ཡིན་པ་ནི་ཆུའི་ཕྱིར
་མ་ཡིན་པའོ།། བྱིན་པའི་སྤུ་བྲེག་པ་ནི་ཡན་ལག་གི་སྤུའོ།། ལུས་གཞན་གྱི་ཡང་མི་བྱའོ་ཞེས་བྱ་བ་ནི་འདོམས་དང་བྱིན་པ་དག་ལས་གཞན་པའི་ལུས་ནི་མགྲིན་པ་མན་ཆད་གང་ཞིག་ལུས་ཀྱི་ཐ་སྙད་དེ་ལ་ཡང་སྤུ་བྲག་པའི་ལས་འདི་བཀག་པའོ།། དེ་བས
་ན་འདིར་སྐྲ་དང་ཁཾ་སྤུ་དག་ལ་ཡང་བྱ་བ་ཉིད་བཀག་པ་མ་ཡིན་ནོ།། སྣའི་སྤུ་བྲེག་པ་ལ་ནི་ཚིག་ཡོད་དེ་དེའི་ཕྱིར་གྲགས་པ་ལ་ཡིད་ཆེས་པའོ།། འདིར་མ་མོའི་གཞུང་ལས་སྐྲ་དང་ཁ་སྤུ་མ་གཏོགས་པ་དེ་ལས་གཞན་པའི་ཡན་ལག་དང་ཉིང་ལག་རྣམས
་ཀྱི་སྤུ་བྲེག་པར་མི་བྱའོ།། གང་ཞིག་འབྲེག་པར་གྱུར་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་འབྱུང་ངོ་།། སེན་མོ་སྤུ་གྲིའི་སོ་ལྟ་བུ་འམ་སྟེའུ་ཁ་ལྟ་བུར་བྲེག་པར་བྱའོ།། དེ་དག་སྤྱིལ་བར་མི་བྱའོ།། དྲི་མ་བསལ་བའི་ཕྱིར་བྲུད་པར་བྱའོ།། ཆོས་གོས་གྱོན་བཞིན
་དུ་སྐྲ་དང་ཁ་སྤུ་བྲེག་པར་མི་བྱའོ་ཞེས་བྱ་བ་ནི་བླ་གོས་ལ་འདིར་བཟུང་བར་བྱའོ།། མཐང་གོས་ལ་ནི་མ་ཡིན་ནོ།། མཐང་གོས་ཐམས་ཅད་ལ་ནི་མ་ཡིན་ནོ།། དེ་བས་ན་ཆོས་གོས་དང་བླ་གོས་དག་ཉིད་ལ་སྟེ། འདིར་རྙིང་པ་དུས་གཞན་དུ་སྟེང་དུ་བགོས་པ
་ལ་རིགས་པོ་ཡིན་ནོ་ཞེས་བྱ་བ་འདིར་བཀག་པའི་རྒྱུ་མཚན་རྣམ་པར་བཞག་པའི་ཕྱིར་རོ།། སྐྲ་བཟེད་བཅང་བར་བྱའོ་ཞེས་བྱ་བ་ནི་སྐྲ་བཟེད་པའི་གོས་བཅང་བར་བྱ་སྟེ། དོན་དེ་ཉིད་ལ་གང་དགོས་པའི།། འདི་སྐུ་རྣམས་སོ་སོར་འཛིན་པས་སྐུ་བཟེད
་དོ་ཞེས་བྱ་བའི་ངེས་པའི་ཚིག་གོ།། འདི་ཅིའི་ཕྱིར་གོས་ཞེས་བརྗོད་ཅེ་ན། གོས་འདི་སྒོ་བཟེད་དུ་བྱིན་གྱིས་བརླབས་པར་བྱའོ་ཞེས་བྱ་བས་བྱིན་གྱིས་བརློབ་པའི་སྔགསཽ་ལས་གསུངས་པའི་ཕྱིར་རོ།། བགོ་བའི་དོན་དུ་སླར་འདི་ཇི་ལྟར་རྣམ་པར་ཤེས་ཞེ་ན།
་སླར་དེ་ཉིད་དུ་སྐྲ་རྣམས་ཉེ་བར་བཅང་བའི་དོན་དུ་མ་ཡིན་ཞེས་བྱ་བའོ།། མེངད་ན་རྡུལ་གཟེན་གྱིས་སོ་ཞེས་བརྗོད་པའི་ཕྱིར་རོ།། རྡུལ་གཟན་དུ་སྐྲ་བྲེག་པ་ནི་མ་བཀག་པའོ།། མེད་ན་རྡུལ་གཟན་གྱིས་སོ་ཞེས་བྱ་བ་ནི་སྐྲ་བཟང་བའི་གོས་མེད་ན་རྡུལ་གཟན
་གྱོན་པས་སྐྲ་དང་ཁ་སྤུ་དག་བྲེག་པར་བྱའོ།། བཏིང་བར་ཡང་མི་བྱའོ་ཞེས་བྱ་བ་ནི་སྐྲ་དང་ཁ་སྤུ་དག་བྲེག་པར་མི་བྱའོ།། འདིར་གླེང་གཞི་ལ་ཡང་དང་པོ་ཉིད་དུ་སེན་མོ་བྲེག་པ་ཞེས་བྱ་བའི་ཐ་མར་གཞུང་ནི་འདི་ཡིན་ཏེ། གང་དུ་དགེ་འདུན་ཕྱག་དར
་འཕྱག་པར་ཡང་མི་བྱའོ་ཞེས་བྱ་བ་འདི་ནི་གཙུག་ལག་ཁང་གིས་དབང་དུ་བྱས་པ་ཡིན་ནོ།། རྒན་པོ་དང་ནད་པ་དང་རླུང་དང་ཉི་མ་དང་ཆར་པ་དག་ལ་ཁྱམས་ལ་སོགས་པར་བྲེག་ཏུ་གཞུག་པར་བྱའོ།། ཕྱོགས་དེར་བྱི་དོར་བྱའོ།། བྱི་དོར་བྱ་བ་ནི་སྒྲ་མེད་པ
་ཉིད་དང་ཆུ་མེད་པ་ཉིད་དང་། དེ་ཇི་ལྟར་སྒྲུབ་པ་དེ་ལྟར་བྱའོ།། སྐྲ་ནི་ཕྱག་དར་ཁྲོད་དུ་ངོར་ཞེས་བྱ་བ་ནི་ཕྱག་དར་ཁྲོད་ཀྱི་ཕྱོགས་སུར་ཞེས་བྱ་བའི་དོན་ཏོ།། སེན་མོ་བཅད་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་བཏིང
་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ལ་འདྲེ་བར་འདི་ཡིན་ནོ།། སྐྲ་བཟེད་ལ་མ་ཁས་པ་མཛེས་པར་བྱེད་པར་འགྱུར་བས་ལས་བྱ་བར་འགྱུརརོ།། དེ་བས་ན་འདིར་བཅད་པ་ནི་གང་དུ་དགེ་འདུན་ཕྱག་དར་ཕྱག་པར་ཡང་མི་བྱའོ།། ཞེས་བྱ་བ་འདི་ལས
་འདའ་བ་ཉིད་དམ་ས་ལ་བྱི་དོར་བྱ་བ་ཉིད་དོ།། སྐྲ་དང་ཁ་སྤུ་བྲེག་པ་སྤོང་བ་འདི་ལ་མི་སྲིད་པར་རིག་པར་བྱའོ།། དེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་དགེ་སློང་མས་འདི་ཞལ་ཏ་མ་བྱས་པར་སྐྱེས་པས་སྐེ་མཽ་བྲེག་གོ་ཞེས་བྱ་བ་ནི།། ཞེས་བྱ་བ་ནི་དགེ་སློང་མ
་འདོད་ཆགས་དང་བྲལ་བ་མ་ཡིན་པ་ཞེས་བྱ་བའོ།། གལ་ཏེ་འདོད་ཆགས་དང་བྲལ་བར་གྱུར་ན་ལྟུང་བ་མེད་དེ་ཞེས་བྱ་བའི་གཞུང་འདི་ལ་བྲེག་པ་ཉིད་འདིར་འདི་ལྟ་བུའི་ཚིག་གི། དེ་ནས་སྐྱེ་དགུའི་བདགེ་མོ་གཽ་ཏ་མ་ཆེན་པོ་ཤཱཀྱའི་དགེ་སློང་མ་བརྒྱ་ཕྲག
་དྲང་ལྷན་ཅིག་ཏུ་རང་ཉིད་ཀྱི་སྐྲ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་ནས་ཞེས་བྱ་བ་སྐྲ་བྲེགས་པ་གསུངས་པ་ལ། དེ་བཞིན་དུ་གཽ་ཏ་མ་ཁྱོད་ཀྱིས་མགོ་བོ་རྣམས་མཛེས་པར་གྱིས་ཤིག་ཅེས་བྱ་བ་མགོ་བོ་ཉིད་དུ་བརྗོད་པའི་ཕྱིར་སྐྲ་རྣམས་རིང་བ་ཉིད་ཀྱིས་གཞན
་གྱིས་བྲེག་པ་ལ་རྒྱུ་མཚན་དང་བཅས་པ་འདི་བརྗོད་པའོ།། གཞན་དུ་ནི་ཐ་སྙད་དེ་འདོད་ཆགས་དང་མ་བྲལ་བའི་དགེ་སློང་མ་ནི་དགེ་སྦྱོང་མས་ཝཱ་ལཾ་ཏྲ་མ་བྱས་པས་སྐུ་མི་བྲེག་གོ་ཞེས་བྱ་བའི་དོན་ཏོ།། ཀུན་ཏུ་ཆགས་པར་གྱུར་ན་ཞལ་ཏ་བྱེད་པ་མོས་རྗེས་སུ
་བསྣུན་པར་བྱའོ།། དྲན་པ་ཉེ་བར་ཞོག་ཅིག། ཅི་རྣག་གི་ལུས་འདི་ལ་སྙིང་པོ་ཡོད་དམ་ཞེས་སོ་ཞེས་བྱ་བ་ལ། ཀུན་ཏུ་ཆགས་པར་གྱུར་ན་ཞེས་བྱ་བ་ནི་འབྲེག་མཁན་ལ་དགེ་སློང་དེའོ།། འབྲག་མཁན་ལ་དགེ་སློང་ནུ་མ་དང་སྲིང་མོ་དང་མོའི་འདུ
་ཤེས་ཉེ་བར་ཞོག་ཅིག་ཅེས་སོ་ཞེས་བྱ་བ་ལ། ཀུན་ཏུ་ཆགས་པར་གྱུར་པ་ལ་ཞལ་ཏ་མོས་མ་ལ་སོགས་པའི་འདུ་ཤེས་ཉེ་བར་ཞིག་ཅིག་ཅེས་བྱ་བ་ཡང་དག་པར་རྗེ་སུ་བསྟན་པར་བྱའོ།། དེ་བྱས་ནས་ཁྲུས་བྱའོ་ཞེས་བྱ་བ་ལ། འདིར་དེ
་ཞེས་བྱ་བ་ནི་སྒྲ་དང་ཁ་སྤུ་བྲེག་པར་ལའོ།། ཡང་ན་ཡན་ལག་ལྔའི་ཁྲུས་ཀྱང་ངོ་ཞེས་བྱ་བ་ལ། ཡང་ན་ཞེས་བྱ་བའི་སྒྲ་ནི་ཆོ་ག་གཞན་བསྟན་པའི་དོན་ཏོ།། ཆུ་ཡོད་པ་ལ་འདི་བརྟག་པ་ཉིད་ཡིན་ཏེ། འདིར་གཞུང་ནི་དགེ་སློང་གིས་སྐྲ་བཟང
་བཅང་བར་བྱ་ཞིང་ཁྲུས་ཀྱང་བྱ་སྟེ། ཐ་ན་རྐང་ལག་དག་ཀྱང་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། སྒྲེན་མོར་ཁྲུས་མི་བྱའོ་ཞེས་བྱ་བ་ལ། འདི་ལྟར་འཁོར་གསུཾག་ཤོན་པ་ཉིད་ཡོ་དུ་རྫོགས་པ་ཉིད་འི་སྒྲེན་མོ་མ་ཡིན་པ་ཉིད།། ཇི་སྲིད་གཁོ་གསུམ་གཡོགས་པ་ལ་ཡན་ལག་ལ་སྐྱེད་པའི་སྒྲ་དག་གལ
་ནི་དེ་སྲིད་དུ་གཡོགས་པ་ཉིད་ཀྱིས་ཐམས་ཅད་ལ་སྤང་བར་བྱ་བ་མ་ཡིན་པ་ཉིད་ཅེས་བྱ་བ་འདི་ནི་འདིར་ཤུགས་ཀྱི་རྟོགས་པར་བྱའོ།། དགེ་སློང་ནས་སྐྱེས་པའི་ཆུ་ངོག་སུ་མི་བྱའོ།། བུད་མེད་ཀྱི་ངོག་སུ་ཡང་ཕྱེ་མས་མི་བྱའོ་ཞེས་བྱ་བ་ནི
་སྐྱེས་པ་རྣམས་ཀྱི་ཆུ་དོག་སུ་དགེ་སློང་མས་ཁྲུས་བྱ་བ་ཉིད་བཀག་པའོ།། བུད་མེད་ཀྱི་ཆུ་ངོག་སུ་ནི་སྲན་ཆུང་གི་ཕྱེ་མ་ལ་སོགས་པས་ཁྲུས་བྱ་བ་བཀག་པར་མཛད་ཀྱི་ཁྲུས་ཉི་ཚེ་ནི་མ་བཀག་གོ།། འདིར་གཞུང་ནི་བཅུ་གཉིས་སྡེ་རྣམས་བུང
་མེད་ཀྱི་ཆུ་ངོགས་སུ་ཁྲུས་བྱེད་པར་འགྱུར་ཏེ། ཁྱིམ་བདག་གི་བུད་མེད་ཁྲུས་བྱེད་པ་རྣམས་ལ་ང་རྒྱལ་བྱེད་ཅིང་མོན་སྲན་གྲེའུའི་ཕྱེ་མ་ལ་སོགས་པ་ཡང་འདོར་བར་བྱེད་དེ་ཞེས་བྱ་བ་དང་། བཅོམ་ལྡན
་འདས་ཀྱིས་དགེ་སློང་མ་བུད་མེད་ཀྱི་ཆུ་ངོགས་སུ་ཕྱེ་མས་ཁྲུས་མི་བྱའོ་ཞེས་གསུངས་པ་ཡིན་ནོ།། མོན་སྲན་གྲེའུ་ལ་སོགས་ཕྱེ་མའི་དྲིས་བསྒོས་པ་རུང་ངོ་ཞེས་བྱ་བ་ལ། འདི་ན་ཐམས་ཅད་དུ་དབང་དུ་བྱེད་པའོ།། དེ་ནི་བླ་བར་བྱའོ།། ནད་པསེཾ་ན
་སྨན་གྱིས་བསྒོས་པ་ཡང་ངོ་ཞེས་བྱ་བ་ནི་རུང་ངོ་ཞེས་བྱ་བ་དང་རྗེས་སུ་མཐུན་ནོ།། དགེ་སློང་མས་བུད་མེད་ལ་ཕྱེ་མས་མི་གཏོར་རོ་ཞེས་བྱ་བ་ནི་ཁྲུས་ཀྱི་དུས་སུ་འམ་དུས་གཞན་ལ་ཡང་ཞེས་བྱ་བ་ཁྱད་པར་ཡོངས་སུ་མ་བཟུང་བ་སྒྲེན་མོ་ཉིད་བས
་བ་ཞར་ལ་སྒྲུབ་པ་བརྗོད་པ་ཡིན་ནོ།། ཤམ་ཐབས་ཀྱི་མཐའ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མ་མ་མདུད་པར་སྐས་ལ་མི་འཛེག་གོ་ཞེས་བྱ་བ་ནི་ཤམ་ཐབས་ཀྱི་གོས་ཀྱི་མདུན་དང་རྒྱབ་དང་འོག་མ་ནི་འོག་མས་འབྱུང་བའི་མཐའ་མེ་གང་གིས་མ
་མདུད་པ་ཞེས་བྱ་བའི་དོན་ཏོ།། འདི་ནི་སྨད་དཀྲིས་མཐོང་བ་ཡོངས་སུ་སྤང་བའོ།། ཤིང་ལ་སོགས་པ་ལ་འཛག་པ་ཡང་སྨད་དཀྲིས་མཐོང་བ་བསྒྲུབ་པ་ཡིན་ནོ།། དེ་བས་ན་སྐབས་ཀྱི་ཚིག་ནི་འདིར་དཔེ་ཙམ་དུ་རྟོགས་པར་བྱའོ།། རྒུད་པའི་དུས་སུ
་འཛེག་པ་ལ་གསོ་བོའི་དོན་དུ་འཛེག་པ་གང་ཞིག་གལ་ཏེ་ཤམ་ཐབས་ཀྱི་དེ་ལ་འདི་ལྟར་མདུད་པར་ཉེ་བར་བཀག་པ་མིང་ནས་དེ་ལ་སྲུང་བ་ཉིད་དོ།། གལ་ཏེ་མ་ཡིན་ན་མ་ཡིན་ཞེས་བྱ་བ་ཤིང་ལ་འཛེག་པ་གནང་བས་རྗེས་སུ་རྟོགས་པར
་བྱའོ།། གཞན་གྱིས་དུས་སུ་དེ་ལྟར་མི་བྱའོ་ཞེས་བྱ་བ་ནི་སྐས་ལ་འཛེག་པ་ལས་དུས་གཞན་དུ་ཤམ་ཐབས་ཀྱི་མཐའ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་འདུད་པས་གནས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། ཁའི་ནང་ཡང་སླང་དཀྲིས་པའི་ཕྱོགས
་དང་མཐུན་པ་ཉིད་ཀྱི་ཕྱོགས་འདི་ལ་དེ་སྒྲེན་མོ་ཡོངསུ་སྤང་བ་བརྗོད་པ་ཡིན་ཏེ། ཁ་མ་བཀབ་པར་གདང་བར་མི་བྱའོ་ཞེས་བྱ་བ་ལ། གོས་ལ་སོགས་པས་ཁ་མ་བཀབ་པར་གདངས་པ་གང་ཞིག་དེ་ལ་ནི་བསྟེན་པར་མི་བྱ་སྟེ། འདིར་གཞུང་ནི་དགེ
་སློང་གྲལ་བར་གྱུར་པས་ཁས་ལག་པས་དགབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། འདིར་དཔེ་ནི་ལག་པ་རྣམ་པར་གནས་པ་ཡིན་ནོ།། གླལ་པ་ཡང་འདོད་པ་བཞིན་དུ་བྱ་བ་སྟེ། གང་རྣམ་པར་བསལ་བའི་སླད་དུ་དེའི་དབང་དུ་བྱས་ནས་འདི
་གསུངས་པ་ཡིན་ཏེ། ནུས་པ་མེད་པ་ལ་གང་ཞིག་ཁ་ཕྱེ་བ་དེ་བསྟེན་པ་ལ་སྐྱོན་མེད་དོ།། ཁྲུས་རས་བཅང་བར་བྱའོ།། ཉི་རིམ་ལ་ནི་སྲོག་ཆགས་དག་ཀུན་ཏུ་འཆགས་ཞེས་བྱ་བ་ནི་འཆགསོ་ཞེས་བྱ་བ་བརྗོད་པར་བྱ་བ་ལ་ཀུན་ཏུ་ཞེས་བྱ་བ
་གཞུང་མཛེས་པ་སྒྲུབ་པའི་ཕྱིར་ཉེ་བར་བཟུང་བ་སྟེ་འདི་ནི་རྒྱུ་མཚན་བསྟན་པོ་ཡིན་ནོ།། གང་གི་ཕྱིར་གོས་ཉི་རིམ་ལ་སྲོགས་ཆགས་རྣམས་འཆད་པར་གྱུར་པ་དེའི་ཕྱིར། སྲོག་ཆགས་དང་བཅས་པའི་ཆུ་ལ་དེ་ལྟ་བུའི་གོས་ཀྱིས་ཁྲུས་མི་བྱ།
་བའི་དོན་ཏོ།། ཆོས་གོས་གསུམ་པས་ཀྱང་ངོ་ཞེས་བྱ་བ་ནི་ཁྲུས་རས་བཅང་བར་བྱའོ་ཞེས་བྱ་བ་དང་རྗེ་སུ་འབྲེལ་ལོ།། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཆོས་གོས་གསུམ་པ་ཁྲུས་རས་བཅད་པར་བྱའོ་ཞེས
་གསུངས་པ་ཡིན་ནོ།། ཁ་ཅིག་ནི་བྱིན་གྱིས་མ་བརླབས་པར་ཡང་བཟུང་བར་བྱ་ཞེས་ཟེར་ཏེ། དེ་ནི་མི་རིགས་སོ།། བདག་གིས་ཁྲུས་རས་ཞེས་བྱ་བ་ཀུན་ཏུ་རྟོགས་པ་མ་སྐྱེས་པ་རང་བཞིན་གྱིས་ལྡང་བའི
་ཕྱིར་ངེས་པར་ཀུན་ཏུ་རྟོགས་པ་འདི་འདིར་བསྐྱེད་པར་བྱའོ།། འདིར་ཡང་བསྐྱེད་པ་ལ་ཡིད་ཀྱིས་བྱིན་གྱིས་བརླབ་པར་བྱ་བ་ཉིད་འདིར་སྐྱེ་བ་ཡིན་ཏེ། དེ་བས་ན་བྱིན་གྱིས་བརླབ་པ་གཞན་ལ་བྱ་བར་རིག་པ་ཡིན་ནོ།། གང་གིས་བྱིན་གྱིས་བརླབ་པ་ཤིན
་ཏུ་བདེ་བ་ཉིད་ཀྱི་ཕྱིར་རོ།། གནང་བ་འདི་ཉིད་ལོས་ནི་འདིས་ཡང་དག་པར་བླངས་པ་འདི་ལས་ཉམས་པར་འགྱུར་བ་མ་ཡིན་ཞེས་བྱ་བོར་རིགས་པར་བྱའོ།། མེད་ན་མདུན་དང་རྒྱབ་ནས་ལོ་མ་དག་གིས་གླན་ལ་དབེན་པའི་ཕྱོགས་སུ་ཁྲུས་བྱའོ་ཞེས
་བྱ་བ་ལ། ཐམས་ཅད་དུ་ཆོས་གོས་གསུམ་པ་ཉིད་ནི་མ་ཡིན་ཏེ། འདིར་གཞུང་ནི། གཞན་རྣམས་ལ་ཁྲུས་རས་ཀྱི་རྙེད་པ་མེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ཀྱི་མདུན་དང་རྒྱབ་ནས་ལོ་མ་རྣམས་ཀྱི་གློན་ལ་དབེན་པོའི་ས་ཕྱོགས
་སུ་ཁྲུས་རས་བྱའོ་ཞེས་བྱ་བ་ཁྱད་པར་མེད་པར་གསུངས་པ་ཡིན་ཏེ། སྲོག་ཆགས་ཆགས་ན་བཤལ་བས་མེད་པར་འགྱུརརོ་ཞེས་བྱ་བ་ནི་རིམ་པ་གཅིག་པས་ཉི་རིམ་ལ་སྲོག་ཆགས་ཀུན་ནས་ཆགས་ན་ཞེས་བྱ་བ་འདི་ལས་རྟོགས་པའོ།། ལྷན་པ
་ཅན་ཡང་ཉིས་རིམ་མེད་པ་མ་ཡིན་ནོ།། དེ་བས་ན་འདིས་སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་མི་བྱའོ་ཞེས་བྱ་བ་འདིར་གནས་པར་རིག་པར་བྱའོ།། དེ་གཙུག་ལག་ཁང་དུ་ནི་སྟོར་ཁུང་དུའོ་ཞེས་བྱ་བ་ནི་གལ་ཏེ་གཙུག་ལག་ཁང་དུ་འདི་ཁྲུས་བྱེད་ན
་སྟོར་ཁུང་ཉིད་དུ་བྱ་སྟེ་གཞན་དུ་ནི་མ་ཡིན་ནོ།། བརྩོག་ཆུ་ཡང་དབོ་བར་བྱའོ་ཞེས་བྱ་བ་ནི་རྐང་པ་བཀྲུས་པ་ལ་སོགས་པའི་ཆུ་སྟོར་ཁུང་ཉིད་དུ་དབོ་བར་བྱ་ཡིས་གཞན་དུ་ནི་མ་ཡིན་ནོ།། ཁྲུས་ཁང་བྱའོ།། དེར་སོ་ཕག་གི་གཅལ་དགྲམ་མོ་ཞེས
་བྱ་བ་ལ། དེར་ནི་ཁྲུས་ཀྱི་ཁང་པ་ལ་བྱའོ།། སྟོར་ཁུང་གདོད་དོ།། ལྗན་ལྗིན་བསལ་བར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོར་ཁུང་གདོད་པར་བྱའོ།། ལྗན་ལྗིན་ཡོད་ནས་བཅོམ་ལྡན་འདས་ཀྱིས
་བཀའ་སྩལ་པ། དུས་དུས་སུ་བསལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། འོན་ཀྱང་སྟོར་ཁུང་ཁོ་ནར་ཁྲུས་བྱའོ་ཞེས་གསུངས་པས་དེ་བསྡུ་བའི་ཕྱིར།། སྣོར་ཁུང་དུ་ཁྲུས་བྱེད་ན་དེ་མི་འབྱུང་ངོ་ཞེས་བྱ་བ་སྨོས་ཏེ། ལྗན་ལྗིན་ཞེས་བྱ་བ་རྗེས་སུ
་འབྲེལ་ཏོ།། ཁྲུས་བྱེད་པ་ནི་ཁྲུས་བྱེད་པའོ།། ལྗན་ལྗིན་བྱུང་བ་སོ་སོའི་ཆོ་ག་ལ་བརྗོད་པ་འདི་ཡིན་ནོ།། སྟོར་ཁུང་དུ་ཁྲུས་བྱེད་ན་ལྗན་ལྗི་ནི་མི་འབྱུང་ངོ་ཞེས་བྱ་བ་སྟེ། སྟོར་ཁུང་ཉིད་དུ་ཁྲུས་བྱ་བ་ནི་མ་ཡིན་ནོ།། དེའི་ཕྱིར་ངེས་པར་གྱུར་པ་སྟེ།།
་ཁང་པ་ནི་ཁྲུས་ཀྱི་ཁང་པ་ཉིད་ཀྱི་ཕྱིར་རོ།། སོ་ཕག་གི་དུམ་བུས་བྲུད་པས་རྐང་པ་གཉིས་ལས་གཞན་པའི་ལུས་ལ་བུད་པར་བྱའོ་ཞེས་པ་ནི་སོ་ཕག་གི་དུམ་བུས་དགེ་སློང་གིས་ལུས་བྲུང་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་གཞུང་ལས་སོ།།
་གཞན་པའི་ཞེས་བྱ་བ་ནི་རྐང་པ་གཉིས་ལས་ཐ་དད་པའོ།། དེ་དག་ལས་ནི་བཀག་པ་མེད་དོ།། དེ་ནི་དཔེ་ཡིན་ནོ་ཞེས་བྱ་བ་ནི་བྲུང་བའོ།། རྫས་ཇི་ལྟ་བུ་ལ་ཤེས་པར་བྱ་ཞེ་ན། རྣོན་པོ་དང་བཞར་སྤྱང་དག་ལའོ།། རྣོན་པོ་ཞེས་བྱ་བ་ནི་མཚོན་ལ་སོགས་པའོ།།
་གཞར་སྤྱད་ཅེས་བྱ་བ་ནི་སྦུ་བ་ལ་སོགས་པ་སྟེ། སེམས་ཀྱི་རྣམ་པར་གྱུར་པ་སྒྲུབ་པར་བྱེད་པའི་ཕྱིར་རོ།། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་སོ་ཕག་གིས་དུམ་བུས་ལུས་ལ་བྲུད་པར་མི་བྱའོ་ཞེས་བྱ་བ་བཀའ་སྩལ
་པ་དང་། དགེ་སློང་དག་ཉ་ཕྱིས་ཀྱིས་བྲུད་པར་བྱེད་པོ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉ་ཕྱིས་མི་རྣོ་བས་བྱའོ་ཞེས་གསུངས་པ་ཡིན་ནོ།། འདིར་ཉ་ཕྱིས་རྣོ་བ་ཉིད་འདིར་བཀག་པའོ།། དེ་བས་ན་སོ་ཕག་གི་དུམ་བུ་ནི་དཔེ་ཡིན་ནོ།། རྣོན་པོ་གཞན
་ལ་ཡང་བཞར་སྤྱད་ཀྱི་རྫས་ལ་དེས་ཀྱང་ལུས་ལ་བླུད་པར་མི་བྱའོ།། ཉཝ་ཕྱིས་ནི་མེད་སྦྱང་ངོ་ཞེས་བྱ་བ་ནི་འདི་ལ་མེས་རབ་ཏུ་གདུང་བ་ཙམ་སྦྱང་བ་སྟེ། གཞོན་ནི་ཉ་ཕྱིས་ཉམས་པའི་ཕྱིར་རོ།། དགེ་སློང་མས་ནི་གང་དུ་ཡང་ཁུ་ཚུར་དག་དང་གོས
་གྲིལ་པ་དག། ཡན་ཆད་གང་གིས་ཀྱང་བྲུད་པར་མི་བྱའོ་ཞེས་བྱ་བ་ནི་ལུས་ཏེ། འཇམ་པའི་བུད་མེད་ཀྱི་ལུས་ཏེ། འཇམ་པ་དང་རྩུབ་པ་ཡིནོ་པ་ལས་ཀྱང་དེ་རྣམ་པར་འགྱུར་བ་བསྒྲུབ་པའོ།། ཤིན་ཏུ་བྲུས་པས་འདི་བྱེད་པ་ལ་བུད་མེད་ལ་བཞར
་སྤྱད་ཉིད་ནི། དེའི་ཕྱིར་དགེ་སློང་མ་རྣམས་ལ་ཐམས་ཅད་བཀག་པའོ།། ཅུང་ཟད་ཁུ་ཚུར་ལས་འཇམ་པ་ལས་གཞན་པའི་གོས་འབྱུང་བ་ཡིན་ནོ་ཞེས་བྱ་བའོ།། ཁུ་ཚུར་ཙམ་ཉིད་ཀྱིས་བརྗོད་ནས་གོས་དྲིལ་བའི་ཚིག་གོ།། གཤེར་འགྱུར་གྱི
་ཆུ་དང་མ་བྲལ་པོས་ཆོས་གོས་དག་བགོ་བར་མི་བྱའོ་ཞེས་བྱ་བ་ནི་བགོ་བར་གྱུར་པའི་གོས་ཉམས་པ་ཡོངས་སུ་བསལ་བའི་དོན་དུ་འདི་ཡིན་ནོ།། དེ་བས་ན་འདི་རྣམས་ལ་གཤིར་འགྱུར་གྱི་ཆུ་དང་མ་བྲལ་བས་གང་ལ་ཞེས་བྱ་བ་ཤེས་པའོ།། །
་གང་ཞིག་མཐོང་བའི་ཕྱིར་བཅུག་པ་མི་འདོད་པ་དེའི་སླད་དུ་འོག་མའི་ཆོ་ག་དག་གོ།། ལུས་ཕྱིས་བཅང་བར་བྱའོ།། མེད་ན་ཡུད་ཙམ་ཞིག་ཟློག་བུར་འདུག་ལ་ཁྲུས་རས་ཀྱང་བྱི་བར་བྱའོ་ཞེས་བྱ་བ་ནི་འདུག་པ་ཇི་ཙམ་གྱིས་འགྲུབ་པས་ཁྲུས་རས་ཀྱིས་ཕྱིས
་བ་དོན་བསྒྲུབ་པ་དེ་ཙམ་གྱིས་འདི་ལ་ཇི་ཙམ་པའི་དུས་ཀྱི་ཚད་ཀྱིས་བསྒྲུབ་པ་དེ་ཉེ་བར་མཚོན་པ་ནི་འདིར་ནི་ཡུད་ཙམ་མོ།། ཆུང་བ་དག་གིས་དེ་ལ་ཡུད་ཙམ་ཞེས་བྱ་བ་འདི་བརྗོད་པའོ།། ཅོག་པུར་འདུག་པ་ཞེས་བྱ་བ་ནི་དེ་བཞིན་དུ་མྱུར་དུ་འགྲོ་བའི་ཆུ་ལོ
་ལུས་ལ་ས་སྒྲུབ་པའོ་འདིར་གནས་པའི་སྦས་པའི་ངོ་བོ་སྟེ། དེ་བས་ན་འདི་སྒྲེན་མོས་བསྟེན་པ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་དག་པར་བསྟེན་པའོ།། བསྲྀ་ཁང་བསྟེན་པར་བྱའོ།། བསྲོ་ཁང་གི་ཁང་པ་བྱ་བ་ནི་གྲམ་ས་ཆེ་བར་བཟང་ངོ་ཞེས་བྱ་བ་ནི
་བསྲོ་ཁང་གི་དོན་དུ་ཁང་པ་ན་ཁང་པ་ནི་ཁང་པ་སྟེ། གྲམ་ས་ཆེ་བའི་ས་ཕྱོགས་ལ་ཁང་པ་བྱ་ཞེས་བྱ་བའོ།། འདིར་གཞུང་ནི་ཕྱོགས་རྣམས་ལ་འདི་སོང་བ་ལ་ཡང་མ་རྫོགས་པའི་དོན་དུ་སྒྲུབ་པ་ཡིན་ཏེ། གྲམས་ཆེ་བ་ལ་ནི་ཡོངས་སུ་རྫོགས་པོའི་དོན་སྒྲུབ
་པར་བྱེད་པ་ཉིད་ཀྱི་ཕྱིར་རུང་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་གནས་ལ་ཡང་རུང་བའི་སྒོ་སྦྱོར་བར་རིགས་པར་བྱའོ།། བསྲོ་ཁང་གི་ཁང་པ་དེ་ལ་གང་ཞིག་བྱ་བ་དེ་ཉེ་བར་བསྟན་པའི་ཕྱིར་དཀྱིལ་དུ་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ
་བུ་གདོད་དོ།། ཞེས་བྱ་བ་སྨོས་ཏེ། ཁང་པ་ལ་བརྟེན་པའི་རྩིག་པའི་དབུས་སུ་སྟེང་འོག་དང་སྟེང་དུ་མོ་ཡིན་ཞེས་བྱ་བའི་དོན་ཏོ།། དེར་སྐར་ཁུང་དྲ་བ་ཅན་དང་སྒོ་གླེགས་དང་འཁོར་གཏན་དང་གནས་གཟེར་དང་འཕྲེང་གཏན་དང་བཅས་པ་གཞུག་གོ་ཞེས་བྱ་བ་ལ
་དེར་ཞེས་བྱ་བ་ནི་སྐར་ཁུང་ལའོ།། དབྱུག་གུ་སྐམ་ཁ་ཡང་ཉེ་བར་བཞག་གོ་ཞེས་བྱ་བ་ནི་དེར་ཞེས་བྱ་བ་དེ་དང་འབྲེལ་པ་ཉེ་བར་བསྒྲུབ་པའི་དོན་དུ་ཡང་གི་སྒྲའོ།། དབྱུག་གུ་སྐམ་ཁས་སྐར་ཁུང་གི་འཕྲེང་གཏན་གཞུག་པ་དང་དབྱེ་བའོ།
་སྒོར་སྒོ་གླེགས་དང་སྒོ་གཏན་དང་ཡང་མིག་དང་ལག་གཟུངས་ལེགས་པར་བྱའོ་ཞེས་བྱ་བ་ལ། སྒོར་ཞེས་བྱ་བ་ནི་སྲོ་ཁང་གི་སྒོ་ལའོ།། ཆུ་དྲོན་བཞག་པའི་ཕྱིར་ནང་གི་ཕྱོགས་སུ་བཞག་སྟེགས་བྱའོ་ཞེས་བྱ་བ་ལ། བཞག་སྟེགས་ནི་སྟེགས་བུ་སྟེ་གང་ལ
་ཆུའི་བུམ་པ་རྣམས་འཇོག་པ་ཡིན་ནོ།། མེ་བུད་པའི་གནས་ཀྱི་སར་སོ་ཕག་གི་གཅལ་བྱའོ།། མེ་མི་འཆི་བའི་ཕྱིར་སྦ་བར་བྱའོ་ཞེས་བྱ་བ་ནི་ཟླུམ་པར་བྱ་བའོ།། དེའི་ཆེད་དུ་ལྕགས་ཀྱི་ཐལ་ཕྱགས་བཅད་བྱའོ་ཞེས་བྱ་བ་ལ། དེའི་ཆེད་དུ་ཞེས་བྱ་བ་ནི་མེ་སྦ་བའི
་ཆེད་དུའོ།། མེ་འབར་བ་ནི་མི་རྨི་བར་བྱ་བའི་ཕྱིར་འཇུག་པ་བསྡང་བར་བྱའོ་ཞེས་བྱ་བ་ནི་བསྲོ་ཁང་ལའོ།། བོག་པ་ནི་མི་འབྱུང་བར་བྱ་བའི་ཕྱིར་ཕྱེ་དང་ཉུང་མར་དུ་བསྲེས་པ་དག་མེར་བླུགས་སོ་ཞེས་བྱ་བ་ལ། མེའ་བར་ནི་བོག་པའོ།། དྲི་མི་ཞིམ་པ་ཉིད་བསལ་བའི
་ཕྱིར་བདུག་སྤོས་བླུགས་སོ་ཞེས་བྱ་བ་ནི་གང་ཞིག་དེའི་ཕྱེ་རྣམས་ཀྱིས་དྲི་མི་ཞིམ་པར་བྱས་པས་སོ།། མཆི་མ་འཛག་ན་ནས་ཀྱི་བག་ཟན་གྱིས་བཅད་དོ།། སྐྱུ་རུ་རའི་ཕྱེ་མ་སྤྲས་པའི་ཆང་བུས་ཀྱང་ངོ་།། དེར་རྩ་བམ་གྱི་སྟན་གདིང་ངོ་ཞེས་བྱ་བ་ལ། དེ་ནི་སྲོ་གང
་ལ་རྩཝ་བམ་གྱི་སྟན་གདིང་ངོ་།། འདི་ལ་ཆགས་པས་སྟན་གདིང་བའི་དོན་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གནང་བའོ།། ས་གཞིར་སྐྱེས་པ་ཉིད་ཀྱིས་སམ་སྤངས་པས་གཤེར་བའི་རྩ་གཤེར་བ་དག་དགྲམ་མོ་ཞེས་བྱ་བ་ནི་དེ་ན་ལ་སྐྱེས་པ་ཉིད་ནི་གང་ཞིག་སྐྱེས་པ
་ཉིད་ཀྱིས་གཤེར་བ་ཉིད་དོ།། དེ་མེད་ན་གང་ཞིག་སྤངས་པས་གཤེར་བ་ཉིད་དེ་ལ་བསྟེན་པར་བྱའོ།། འདི་ལ་དོན་ནི་ཚ་བ་མེད་པའོ།། གཡན་པ་ཕྲུག་པའི་ཆེད་དུ་ལྕགས་ཀྱི་ཕྲུགས་སྤྱད་བྱའོ།། རྫས་ཀྱི་བླས་ལུང་མིག་ནས་ཐག་གུས་བརྟགས་ཏེ་དབེན་པར
་བཞག་པ། དེ་ལ་དྲི་མ་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་མེས་རུང་བར་བྱའོ།། དེར་ཁྲུས་མི་བྱའོ་ཞེས་བྱ་བ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་བསྲོ་ཁང་ལའོ།། དེའི་ཆེད་དུ་ཁྲུས་ཁ་དོ་བྱའོ་ཞེས་བྱ་བ་ལ། དེའི་ཆེང་དུ་ཞེས་བྱ་བ་ནི་ཁྲུས་ཀྱི་ཆང་དུའོ།། ཁྲུས་ཀྱི
་ཆུ་ལྗགས་པའི་ཆོས་གོས་དག་མི་ཉམས་པར་བྱ་བའི་ཕྱིར་སོ་ཕག་གིས་སྒྲོན་མའི་ཁྲུས་དོང་བྱའོ་ཞེས་བྱ་བ་ནི་ཁྲུས་ཆུ་ལྗགས་པའི་ཆོས་གོས་རྣམས་མི་ཉམས་པར་བྱའོ་བའི་ཕྱིར་དོང་དུ་ཞུགས་པས་ནི་ཁྲུས་བྱ་བ་ལ་ཁ་ན་སྡོད་པས་ནི་ཆུ་བླགས་པར་བྱ་སྟེ།
་དེ་བས་ན་ཉམས་པར་མི་འགྱུར་རོ།། དེ་བས་ལ་སྟོ་ཁུང་གདོང་ངོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་སྟོར་ཁུང་ལའོ།། ཆུ་ཧ་ཅང་ཚ་ན་ཕྱི་མ་རྣམས་ལ་སྦྲན་པར་བྱའོ་ཞེས་བྱ་བ་ནི་ཆུ་ཆེ་བར་ཤེས་ནས་ཕྱི་མ་རབ་ཏུ་བྱུང་བ་རྣམས་ལ་སྦྱིན་པར་བྱའོ་ཞེས
་བྱ་བའི་དོན་ཏོ་དེར་གྲང་མོས་བསྲེའོ་ཞེས་བྱ་བ་ནི་ཆུ་ཚ་བ་ལའོ།། ཆག་ཆག་གི་ཆུ་ལ་སོགས་པར་ཡང་ངོ་ཞེས་བྱ་བ་ནི་ཆག་ཆག་གི་ཆུ་ལ་སོགས་པའི་དོན་དུ་ཡང་གྲོང་མོས་འདི་ལ་བསྲེའོ།། ཐལ་བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་གིས་བཀང་བའི་གྱོ་མ
་མཽ་དག་བཞག་པར་བྱའོ།། གལ་ཏེ་ཉམས་དམས་པར་གྱུར་ན་ཁྱེའུ་སུས་བྱའོ།། དེར་ངོ་མི་ཤེས་པ་ཞིག་ཤན་བསྲེ་བས་ཉེ་བར་གནས་པར་གྱུར་ན་དེར་གཏོགས་པས་ངེས་པར་ཤེས་པར་བྱ་བའི་ཕྱིར་དྲི་བར་བྱ་ཞིང་དེའི་ཆེད་དུ་མི་འཇུག་པར་བྱ་བའི
་ཕྱིར་དགེ་སློང་བསྒོ་བ་བསྐོར་ཞེས་བྱ་བ་ལ། ཤན་བསྲེབས་ཞེས་བྱ་བ་ན། ཆ་མ་ཁྱང་ཅག་ལ་གང་ཡང་རུང་བ་ཞིག་ཡིན་ན་ཞེས་བྱ་བ་གསོབ་ཏུ་འཇུག་པར་བྱ་བས་སོ།། དེར་རྟོགས་པ་ཞེས་བྱ་བ་ནི་བསྲོ། ཁང་ན་རྣམ་པར
་གནས་པའི་དགེ་སློང་གིས་ཏྭ་དེས་དྲི་བར་བྱའོ།། ཇི་ཞིག་གི་ཕྱིར་ཞེ་ན། ཇི་ཚོས་འདི་པའི་དགེ་སློང་ཞིག་གམ་འོན་ཏེ་འཚོ་བ་པ་ལ་སོགས་པ་ཞིག་ཡིན་ཞེས་ཏེ་དེ་ལྟར་ངེས་པར་ཤེས་པར་བྱ་བའི་ཕྱིར་དྲི་བར་བྱ་ཞིང་དེའི་ཆེད་དུ་བསྒོ་བ་བསྒོའོ་ཞེས་བྱ་བ་འདི
་མི་ཤེས་པ་ཤན་བསྲེ་བས་ཉེ་བར་གནསོ་བར་གྱུར་པ་དེ་དངོས་པར་ཤེས་པར་བྱ་བའི་ཕྱིར་དྲི་བར་བྱ་བ་དང་མི་འཇུག་པར་བྱ་བའི་ཕྱིར་ཞེས་བྱ་བའོ།། འདི་ནི་བདག་ཅག་ལས་གང་ཡང་རུང་བ་ཡིན་པས་ཞེས་བྱ་བའི་དྲི་བས་འདི་ཤེས་པ་ལའོ།། བསྒོ
་ཇི་ལྟ་བུ་ཞིག་ཞེས་ན། དགེ་སློང་ཞེས་བྱ་བ་སྨོས་ཏེ། འདི་ནི་དཔེ་ཡིན་གྱི་བསྙེན་པར་རྫོགས་པར་མ་བྱས་པའི་རབ་ཏུ་བྱུང་བ་ལ་ཡང་དགེ་སློང་མ་རྣམས་ལ་དེའི་ཕྱོགས་སུ་གྱུར་པའི་གང་ཟག་ལའོ།། དེར་མ་དད་པ་འཇུག་ཏུ་མི་གཞུག་པའོ་ཞེས
་བྱ་བ་ལ། དེར་ཞེས་བྱ་བ་ནི་བསྒོ་ཁང་ལའི།། སོ་སོར་གནས་བཞིན་པ་ལཾ་ཡང་ཤན་བསྲེ་བས་སོ་འདི་ནི་འདིར་སྒོ་སྐྱོང་གི་དོན་གཞན་ཡིན་ནོ།། དེར་བྱི་དོར་གྱི་ལས་ནི་ལྷན་ཅིག་གནས་པ་དང་ནི་གནས་དག་གིས་བྱ་བ་ལ། དེར་ཞུས་བྱ་བ་ནི་བསྒོ
་ཁང་ལའོ།། གཞན་ལས་ནི་བཞོན་རབས་དག་གིས་ཞེའོ་ཞེས་བྱ་བ་ལ། འདི་ནི་འདོད་པ་གཞན་རབ་ཏུ་བསྟན་པ་ཡིན་ནོ།། ཁ་ཅིག་རྣམས་ལ་ནི་འདོན་པོ་གཞན་ཡིན་ཏེ། གཞོན་རབས་དག་གིས་བྱི་དོར་གྱི་ལས་བསྲི་ཁང་གང་གི་ལས་བྱ་ཞེས
་བྱའོ།། བྱི་དོར་གྱི་ལས་ཀྱི་ངོ་བོ་བསྟན་པའི་ཕྱིར་སྦྱིན་པ་དང་། ཟངས་དང་འབྲུ་མར་དང་། སོ་ཤིང་དང་བ་ལང་གི་ལྕི་བ་དང་། ས་དང་བྱེ་མ་དང་ཆུ་ལ་སོགས་པ་ཉེ་བར་བཞག་པ་དང་། ཤིང་བརྟག་པ་དང་དྲིལ་ཕྱིས་དང་། སྣུམ་གྱིས་བསླུ་བ་དང་བཀྲུ་བ་དང་།
་ཕྱག་པ་ཕྱག་དུར་དོར་བ་ལ་སོགས་པའོ།། དེ་དག་གི་ནི་གཅིག་གིས་གཅིག་ལའོ།། ཞེས་བྱ་བ་སྨོས་ཏེ། གཙུག་ལག་ཁང་གི་ནང་གནས་པ་རྣམས་པ་རྣམས་དང་ལྷན་ཅིག་ཏུ་དྲིལ་ཕྱིས་ལོ་སོགས་པའི་ལས་ལ་གཅིག་ལ་གཅིག
་བསྒོ་བའོ།། ཁྱེའུ་དང་ཉ་ཕྱིས་དག་ཀྱང་གཙང་སྦྲ་ཉིད་བྱས་ནས་གནས་ཇི་ལྟ་བར་བཞུག་གི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་འཕེན་པའི་ལས་བསྡུ་བའི་མ་མོ་ལ་སོགས་པ་ནས་མདུན་དུ་འདུག་སྟེ་མེ་མི་འདྲེའོ་ཞེས་བྱ་བའི་བར་དུའོ།།
་སྣོད་སྤྱད་ཐམས་ཅད་ལ་ཚི་ག་དེ་བཞིན་ནོ་ཞེས་བྱ་བ་ནི་གཙང་སྦྲ་ཉིད་བྱ་སྟེ། གནས་ཇི་ལྟ་བར་བཞག་གོ་ཞེས་བྱ་བ་འདིའོ།། ཡོ་བྱད་ཐམས་ཅད་ལ་ལེགས་པར་སྨྲ་བ་དང་། བྱི་དོར་བྱའོ་ཞེས་བྱ་བ་ནི་སྣོད་ཀྱི་ཚིག་གིས་ཡོ་བྱད་གང་ཡང
་བཟུང་བར་མི་བྱ་སྟེ། བསྲོ་ཁང་གི་ཐ་མ་ལས་གཞན་དུའོ།། མདོ་འདི་ནི་སྒྲུབ་པ་པོའི་དོན་དུ་སྟེ། དེར་སྒྲ་བསྐྱངས་ཏེ་འཇུག་པར་བྱའོ་ཞེས་བྱ་བ་ནི་བསྲོ་ཁྱུང་དུའོ།། མཛེས་པར་རོ།། ལེགས་པར་བསྡམས་པ་དང་། སྤྱོད་ལམ་མཛེས་པ་དང་ཤེས
་བཞིན་པའོ་ཞེས་བྱ་བ་ལ། ལེགས་པར་བསྡམས་པ་ནི་རང་ཉིད་ཀྱི་ལུས་ཀྱི་དང་ངག་མ་ཡེངས་པར་ལེགས་སོ་བར་བསྡམས་པ་ཉིད་ཀྱིས་བརྟེན་པར་བྱེད་དོ།། ཤེས་བཞིན་དུ་ཞེས་བྱ་བ་འདི་ནི་སེམས་ལའོ།། སྤྱོད་ལ་མོ་མཛེས་པ་ཉིད་འདི་ལ་རབ་ཏུ་དབྱེ
་པ་གཉིས་ཀྱིས་བསྟན་ཏོ།། མདུན་དུ་འདུག་སྟེ་མེ་མི་འདྲེ་ཞེས་བྱ་བ་ནི་གཞན་ཡང་མེ་འདི་བཞིན་པ་ལ་བསྒྲིབས་ནས་བདག་ཉིད་ཀྱིས་མེ་མི་འདོའོ་ཞེས་བྱ་བའི་ཚིག་གོ།། འདུ་འཛིའི་གཏམ་སྤང
་ཞེས་བྱ་བར་སྦྱར་ཏེ་འདི་ནི་འདོད་བ་དང་རྗེས་སུ་མཐུན་པར་ཤེས་ནས་བསྲེ་ཁང་དུ་འཇུག་པ་ནི་འདིང་བ་རྣམས་ཡང་དག་པར་འབར་བ་ནི་འདུ་འཛི་ཞེས་བྱ་བའོ།། དེ་བས་ན་འདིར་འདི་སྤོང་བ་ནི་བྱེ་བྲག་ཏུ་སྤོང་བའོ་འཕགས་པའི་མི་སྨྲ་བ་ཉིད་དམིགས
་པས་སོ་ཞེས་བྱ་བ་ནི་དེར་ཞེས་བྱ་བར་སྦྱར་རོ།། རྟོགས་པ་མི་བདེན་པ་དང་། དེ་དང་རྗེས་སུ་མཐུན་པའི་སེམས་རྣམ་པར་བཟློག་པའི་དོན་དུ་མདོ་འདིའི།། འཕགས་པའི་མི་སྨྲ་བ་ཉིད་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་ཀུན་ནས་ཕྱོགས་པར་བྱེད་པར
་རིགས་པར་བྱའོ།། འཇུག་ཏུ་རྒྱུན་ཆགས་གསུམ་པ་གདོན་ནོ་ཞེས་བྱ་བ་ནི་འགྲོ་བའི་དུས་སུའོ།། གོས་གཅིག་པས་བྱི་དོར་གྱི་ལས་མི་བྱའོ་ཞེས་བྱ་བ་ནི་འདིར་ནི་བསྲོ་ཁང་གི་ཚིག་དང་ཁྲོ་བ་ལ་གནས་པར་གྲགས་པའི་བཞི་གཅིག་གིས་གཅིག་གི
་ཚིག་ཀྱང་ཁ་ཅིག་བྱེད་དེ། ས་གོས་གཅིག་པའི་དགེ་སློང་རྣམས་ཀྱིས་བསྲོ་ཁང་དུ་གཅིག་གི་གཅིག་ལ་ལས་མི་བྱ་ཞེས་བྱ་བའོ།། ལས་ཐམས་ཅད་ལ་ལུས་ལ་གནས་པ་ཉིད་གནས་ཐམས་ཅད་ལ་མ་ཡིན་ཏེ། བསྲོ་ཁང་ཉིད་ལ་ཆོ་ག་འདི་རྣམ
་བར་གནས་པ་མ་ཡིན་པ་ཉིད་དེ། དེ་བས་ན་འདི་བསྟན་པ་མ་ཡིན་ནོ།། ལུས་ཀྱི་དེ་ལ་མ་དད་པ་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ལས་སོ།། ཁུར་ཁུར་བ་ལ་སོགས་པ་ཕྱི་རོལ་གྱི་ལས་ནི་བཀག་པ་མ་ཡིན་ནོ།། འདི་དང་གོངས་ལ
་ཡང་བརྟན་པ་ནི་དད་པ་ཅན་དུ་འདོད་དོ་ཞེས་བྱ་བ་ལ། བརྟན་པ་ཞེས་བྱ་བ་ནི་དུས་རིང་པོ་ནས་སྐྱེས་པས་གང་ཞིག་མི་གཡོ་བ་དེ་ནི་བརྟན་པའི།། འདི་དང་ཞེས་བྱ་བས་དེ་མ་ཐག་ཏུ་བརྗོད་པའི་ལས་ཀྱི་ཆོ་ག་ལའོ།། གོང་མ་ལ་ཡང་ཞེས་བྱ་བ་ནི་དད་པ་ཅན
་མ་ཡིན་པ་འདིར་ཞུགས་པ་མི་སྦྱིན་ཞེས་བྱ་བ་འདི་ལའོ།། འདོད་དོ་ཞེས་བྱ་བ་ནི་མངོན་པར་འདོད་པའོ།། སེངྒེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པས་ཚུལ་ཁྲིམས་འཆལ་པ་ལ་ཉེ་བར་གནས་པར་མི་ཞེས་བྱ་བའི
་དོན་ཏོ།། འདི་ལ་བསལ་བར་བྱེད་པ་ཡིན་པ་ནི། སློབ་དཔོན་དང་མཁན་པོ་མཆོག་ཏུ་ཚུལ་ཁྲིམས་འཆལ་པ་ལ་ཡང་བསྙེན་བཀུར་བྱའོ།། ཕ་མ་དང་ནད་པ་དག་ནི་ཁྱིམ་པ་ཡིན་ན་ཡང་ངོ་ཞེས་བྱ་བ་ནི་མཆོག་ཏུ་འདི་རྣམས་ལ་ཕན་པར་བྱེད་པ་ཉིད་ཀྱི
་ཕྱིར་དེ་བས་ན་འདི་སྔོན་དུ་གནང་ངོ་།། ལེགས་པར་སྦྱར་བའི་ཁྲུས་ཀྱིས་བཀྲུའོ་ཞེས་བྱ་བ་ནི་འདིར་གླེང་གཞི་ལས་འདོད་པ་ཡིན་ཏེ། ནད་པའི་ཚིག་ནི་ཐ་སྙད་དུ་མི་བྱ་བ་ཡིན་ཏེ། འདི་ལ་གཞན་དུ་མཐན་པ་ཉིད་ཀྱང་མ་ཡིན་ཏེ། ཁྱད་པར་ཡོངས་སུ་མི
་འཛིན་པའི་ཕྱིར་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཉེ་བོར་བརྟགས་པའོ།། དེའི་རང་གི་ངོ་བོ་ཉིད་བསྟན་པའི་ཕྱིར། རླུང་འདྲེན་པའི་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་བསྐོལ་བས་ཁྲུས་བྱ་བ་ནི་དེའི་མིང་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ལེགས
་བར་སྦྱར་བའི་ཁྲུས་ཀྱིས་བཀྲུའོ་ཞེས་བྱ་བའི་དོན་ཏོ།། བཅུད་ནི་ལུས་ཀྱི་དོན་ཏོ།། དེ་བས་ན་འདི་རྣམས་ལ་འདིར་ཡིན་ལག་ཉིད་དོ།། ཁྲུས་ཇི་ལྟར་བྱ་ཞེ་ན། བསྐུ་མཉེ་བྱས་ནས་ཏེ་མོ་རྩུབ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྲན་ཆུང་གི་ཕྱེ་མས་ཉེ་བར
་བསལ་བའི་ཕྱིར་འདི་མི་རྩུབ་པའི་དོན་འདི་ལ་འབྲུ་མར་ལ་ལ་སོགས་པས་བསྐུ་མཉེ་བྱ་བས་དེ་དང་དཔྲལ་བའི་ཕྱིར་སྲན་ཆུང་གི་ཕྱེས་བསྐུ་མཉེ་བྱས་ནས་ཞེས་བྱ་བའི་དོན་ཏོ།། དེ་དང་དབྲལ་བའི་ཕྱིར་ཁྲུས་གཅལ་གྱིས་སོ།། སྔ་མའི་ཆེད་དུ
་ཆུའི་བུམ་པ་ཕྱི་མོར་སྦྲུམ་ཐིག་པ་གཉིས་སམ་གསུམ་བླུགས་སོ་ཞེས་བྱ་བ་ལ། སྔ་མའི་ཆེད་དུ་ཞེས་བྱ་བ་ནི་མི་རྩུབ་པ་ཉིད་ཀྱི་ཆེད་དུ་གཉིས་སམ་གསུམ་སྣུམ་གྱི་ཐིགས་པ་ཆུའི་བུམ་པར་ཕྱེ་མར་བླུགས་པར་བྱ་ཞེས་བྱ་བའི་ཏོན་ཏོ།། ལྕགས་ཀྱི་གཞོང་རིངས་སུ་ཁྲུས
་བྱའོ་དེ་ནི་ནད་པས་བཅང་བར་བྱའོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་ལྕགས་ཀྱི་གཞོང་བའོ།། ནད་པ་མ་ཡིན་པས་ནི་བཅང་བར་མི་རིགས་པ་སྟེ། ལྕགས་ཀྱི་རི་ལུ་ལྟར་དགོས་པ་མེད་དོ།། ཞེས་བྱ་བ་འདི་ལ་རྟོགས་པར་བྱའོ།། འདི་ལྟ་བུའི་རིགས་ཅན་ལ་དོན
་མེད་པར་བྱེད་པ་ལ་ང་རྒྱལ་ཡིན་ཏེ། དེ་ཡང་ཐམས་ཅད་ཉེ་བར་བྱས་པ་ཞེས་བྱ་བ་གོ་བཞིན་པ་ཉིད་ཀྱི་ཕྱིར་མདོར་བྱས་མ་ཡིན་ནོ།། དེའི་སྟེང་དུ་ཁ་གབ་གཞུག་གོ་ཞེས་བྱ་བ་ནི་ཆུ་དྲོན་མོ་ལ་གྲང་བའི་དངོ་སྟེ་ཡོངས་སུ་གསལ་བའི་ཕྱིར་རོ།། དེར་གཉའ་བར་སྔས་ནང
་ཚངས་ཅན་དུ་གཞུག་གོ་ཞེས་བྱ་བ་དང་སྦྱར་རོ།། འདིར་ཁྲུས་ནི་ཐོགས་པ་མེད་པར་སྡུག་བསྔལ་མེད་པའི་དོན་དུ་སྟེ་དེ་བས་ན་འདི་བཟུང་བའོ།། གར་བབ་བབ་ཏུ་རྐང་པ་མི་བཀྲུའོ་ཞེས་བྱ་བ་ལ། འདི་ནི་གཙུག་ལག་ཁང་གི་དབང་དུ་བྱས་པའོ།། དེའི་གནས་ནི
་ཝ་ཁ་རོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་རྐང་པ་བཀྲུ་བའོ།། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་ཝ་ཁར་བཀྲུའོ།། ཞེས་གསུངས་པ་ཡིན་ནོ།། རྐང་ཁྲུས་ཀྱི་གཞི་བྱའོ་ཞེས་བྱ་བ་ནི་འདི་མེད་པར་ཝའི་ཁ་ལ་སོགས་པ་དོན་གྲུབ་པ
་རྣམ་པར་ཉམས་པ་སྟེ། དེའི་ཕྱིར་འདི་ནི་རེས་འགའ་བྱ་བ་དང་རེས་འགའ་མི་བྱ་བ་ཡིན་གྱི་ཞེས་བྱ་བ་ཡང་དག་པར་བསྟན་པའི་དོན་དུ་དང་པོར་བྱ་བའི་ཚིག་སྦྱར་བའོ།། དགེ་འདུན་གྱི་རྫས་ནི་འདིའི་གནས་ཡིན་ཏེ། དགེ་འདུན་གྱི་རྫས་ནི་གཅིག་ལ་སྐབས་མེད་དེ
་དེ་བས་ན་མང་པོའི་ཚིག་གོ།། ཕྱོགས་གང་དུ་ཞེ་ན། དེའི་ཕྱིར་གཙུག་ལག་ཁང་གི་སྟེང་གི་ཤར་ལྷོའི་མཚམ་སུའོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་ཇི་ལྟར་བུ་ཞེ་ན། དེའི་ཕྱིར་རུས་སྦལ་གྱི་རྣམ་པ་འདྲ་བ་རྩུབ་པར་རོ་ཞེས་བྱ་བ་སྨོས་ཏེ། འདིར་དོན་ནི་དྲི་མ་སེལ
་བར་བྱེད་པའོ།། ཆོལ་ཟངས་ས་ལས་བྱས་པ་བཞག་པར་བྱའོ་ཞེས་བྱ་བ་ལ། འདིའི་མིང་ནི་ལྟུང་ཞིང་བཟུང་བར་ལའོ།། ཅི་ལས་བྱས་པ་ཞེ་ན། ས་ལས་བྱས་པ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་གསེར་དང་དངུལ་དང་བཻ་ཌཱུརྱ་དང་ཤེལ་ལས་བྱས་པའི
་ཆོལ་བཟངས་ཉེ་བར་བཞག་པར་མི་བྱ་སྟེ། འོན་ཀྱང་སའི་རང་བཞིན་བཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། དབྱིབས་ཇི་ལྟ་བུ་ཞེ་ན་དེའི་ཕྱིར་ཞབས་གླང་པོ་ཆེའི་རྨི་གི་མཐིལ་འདྲ་ལ་སྙིང་པོ་ཅན་ནོ་ཞེས་སྨོས་ཏེ། འདིར་དོན་ནི་རྡིབ་པའོ།། སྙིང་པོ་ཅན
་ནོ་ཞེས་བྱ་བ་ནི་དག་བཞིན་པའི་རྐང་པོ་བཞག་པའི་དོན་དུ་འདི་བྱའོ།། སྙིང་པོ་གང་དུ་བྱས་པ། དེ་དང་ལྡན་པར་ཤེས་ཤེ་ན། དབུས་ན་ཡོད་པ་ཞེས་བྱ་བ་སྨོས་ཏེ། རྣམ་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཀཱ་དམ་པའི་མེ་ཏོག་འདྲ་བ་རྩུབ་པ་དང་ངོ་ཞེས་བྱ་བ་སྨོས་ཏེ
་རྐང་པ་མི་འདྲེད་པའི་དོན་དུ་རྩུབ་པ་ཉིད་དོ།། བཀྲུས་ནས་ཁ་སྒྲུབ་དུ་བཞག་གོ་ཞེས་བྱ་བ་ལ། ཁྲུས་བྱེད་པ་འདི་ནི་དྲི་མ་མེད་པ་ཉིད་ཀྱི་དོན་དུ་སྟེ། དྲི་མ་མེད་པ་ཉིད་ནི་དྲི་མ་དང་བྲལ་བ་ཉིད་དོ།། འདི་ལནི་གང་ཞིག་དེ་ཆུ་གཙང་མ་གནས་པ་དེ་ལས་བསྒྲུབ་པ
་མ་ཡིན་ཏེ། དེ་བས་ན་ཆུ་གཞན་དག་གིས་ཞེས་བྱ་བ་ཤེས་པར་བྱའོ།། འདིར་གཞུང་ནི་རྐང་པ་གཉིས་བཀྲུས་ནས་རྐང་པ་བཀྲུས་པའི་ཆུ་གཙུག་ལག་ཁང་གི་ཕྱི་རོལ་ལམ་ཝ། བར་ང་པོར་བཅུག་སྟེ་སླར་ཡང
་འཁྲུར་བཅུག་ནས་སོ་ཞེས་གསུངས་པ་ཡིན་ནོ།། གང་དུ་བཞག་པར་བྱ་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་ནི་ཁང་དུ་ཐོག་ཏུའོ།། གང་བགེ་ནི་གནས་ཁང་གི་སྒོ་གླེགས་ཀྱི་ཕག་ཏུའོ།། གཙུག་ལག་ཁང་གི་ཕྱོགས་གང་དུ་ལྷུང་བཟེད་ཀྱི་བློ་ཧོར་ལ་སོགས
་པ་བྱས་པ་དེར་ཆུས་བྱུག་གོ། ཡང་ན་བསྐུའོ།། དེ་མདུང་རྩེའི་རྣམ་པ་ལྟ་བུ་འམ་རྫ་རྔའི་རྣམ་པ་ལྟ་བུར་རོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་དེ་ལྟ་བུ་ཞེས་བྱ་བ་འཇུག་པ་ཡིན་ནོ།། ཅི་ཞིག་གིས་བསྐུ་ཞེ་ན། བ་ལང་གི་ལྕི་བ་འམ་འཇིམ་པས་སོ་ཞེས་བྱ་བ་སྨོས་སོ།། །
་དཀོན་མཆོག་གི་དོན་ཉིད་དུ་བསྐུ་བ་ལ་ནི་རྣམ་པ་ངེས་པ་མེད་དོ།། ལྷུང་བཟེད་པ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ།། ཆུང་ངུ་དང་ཆེན་པོ་དང་སྐྱ་བས་ཀྱང་མི་བྱའོ་ཞེས་བྱ་བ་སྨོས་ཏེ། ལྷུང་བཟང་ནི་གསུམ་སྟེ། ཆེ་བ་དང་འབྲང་དང་། ཆུང
་བ་ཞེས་བྱ་བའོ།། དེ་རྣམས་ཀྱི་ཆེད་ངེས་པར་ཤེས་པར་བྱ་བའི་ཕྱིར། ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གི་ལྷག་མར་འབྲས་ཐུག་པོ་ཕྱེ་མ་ག་དྷའི་བྲེའི་ཆུངག་བཙོས་པ་སྲན་ཚོད་དང་བཅས་པ། ཚོང་མ་དང་བཅས་པ་ལྷག་པ་ནས་ངོའི་བར་དེ
་ཤོང་བར་དེ་ནི་རིགས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཁའི་ཆ་ནས་ཏེ་འོག་གི་ཆ་ལ་ནི་མ་ཡིན་ནོ།། མཐའ་ཁོ་ན་ནས་ཏེ་ཕྱོགས་གཞན་གྱི་དེ་མ་ཐག་ཏུ་གང་ཞིག་མཐེ་བོའི་ལྟོ་སྟེ་མཐེ་བོའི་ཚོགས་ཀྱི་ཕྱོགས་ལ་གང་ཞིག་མཐེ་བོང་གི་རྒྱ་ཆེ་བ་ཉིད་ནི་ཚང
་དེ་ཉིད་དེ། དེའི་ས་ལྷག་མ་སྨད་ཀྱི་ཆར་མ་ག་དྷའི་བྲེའུ་ཆུང་གང་བཅོས་པ་དེའི་ཁའི་ཆ་གཉིས་འགྱུར་ཤོང་བའི་བྲེ་ཇི་ལྟ་བུ་རབ་དང་རྗེས་སུ་མཐུན་པའི་ཚོད་མ་དང་བཅས་པ་དེའི་ཁར་བྲེ་གཉིས་འགྱུར་རམ་གང་ཞིག་འཛིན་པ་དེ་ནི་འདི་དང་མ་བྲལ་བ་རིགས
་བ་ཞེས་བྱ་བའི་དོན་ཏོ།། འབྲུ་མར་དང་མར་དང་སྦྲང་རྩི་དང་ཆུ་ལོ་ལ་སོགས་པ་རྣམས་ཀྱི་སྲང་སུམ་ཅུ་རྩ་གཉིས་ནི་མ་ག་དྷཱའི་བྲེའོ།། གཞན་ཁུ་བ་མ་ཡིན་པ་རྣམས་ལས་བཅུ་དྲུག་ཅེས་བྱ་བ་རྫས་ཙམ་བསལ་བར་བྱེད་པ་རྣམས་ཀྱིའོ།། དེ་བས་ན་འདིར་ཆུ
་སྲང་བཅུ་དྲུག་ལ་མ་ག་དྷའི་བྲེས་བརྗོད་པ་ཞེས་བྱ་བ་རྟོགས་པར་བྱའོ།། འདིར་གཞུང་དུ་ནི་གང་དུ་མ་ག་དྷའི་བྲེའུ་ཆུང་དེ་བཅོས་པ་སྲན་ཚོད་དང་བཅས་ཆོད་མ་དང་བཅས་པ་ལ་མཐེ་བོང་གི་ལྟོ་བ་བཅུག་པ་ཁའི་ཆ་ལ་རེག་པར་མི་འགྱུར་བ་དེ་ནི་ཆེན
་བོའི་ཚད་ཡིན་ནོ།། གང་དུ་གཅིག་པོ་དེ་ནི་ཆུང་བའོ།། འདི་གཉིས་ཀྱི་བར་ནི་འབྲིང་པོ་ཞེས་བྱ་བའོ།། འདིར་ཚད་མར་བྱ་བ་དོན་གཉིས་ཀྱིས་སྲན་ཆུང་ཚོད་མ་དག་བཟུང་བས་ཆ་ཤས་ཀྱིས་སྲན་ཆུང་དང་ཚོད་མ་དག་འདིར་སྤངས་པ་སྟེ། ལྕགས་ཀྱི
་རཱི་ལུ་ལྟར་དགོས་པ་མེད་དོ།། ཞེས་བྱ་བ་འདི་ལ་རྟོགས་པར་བྱའོ།། ཉིད་བསྟེན་པ་དེ་བས་ན་ཚོད་མའི་རབ་ཏུ་དབྱེ་བ་རྣམས་ལ་དུ་མའི་ཆ་ཤས་ཉིད་ཀྱིས་འདིར་བསྟན་པ་ཉིད་དེ་ཇི་ཙམ་གྱི་ཚད་མས་བཟའ་བར་བྱ་བ་སྤོགས་པར་འགྱུར་བ་ཚོད་མ་དེ་ཙམ
་གྱི་ལྷུང་བཟེད་གྱི་ཚད་ལ་བསྟེན་པ་སྟེ། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཡུད་ཐ་དད་པས་སྲན་ཆུང་དང་འབྲིང་དང་རབ་འདྲེས་པའི་སྐྱོན་རྣམ་པར་བསལ་བའི་དོན་དུ་ཡན་ལག་ལས་འབྱུང་བའི་ཆེད་བརྗོད་པར་བྱ་སྟེ།
་མ་མ་ས་སེ་བ་བརྒྱད་ཅེས་བྱ།། མ་མ་ས་བརྐྱང་ལ་ཞོ་གཅིག་འདོད།། གསེར་ཞོ་གཅིག་ཅེས་བྱ་བ་རབ་བརྗོད་དེ།། གསེར་ཞོ་བརྒྱད་ལ་སྲང་གཅིག་གོ། དགེ་སློང་མས་དགེ་སློང་གི་ཆུང་ངུ་ལས་ལྷག་པ་མི་བཅང་ཞེས
་བྱ་བ་ནི་གང་ཞིག་དགེ་སློང་རྣམས་ཆུང་བ་ནི་འདིའི་ཆེན་པོ་སྟེ། ཆུང་བ་ནི་འདི་ལ་ཇི་ཙམ་དུ་ལྷུང་བཟེད་ཀྱི་ཚད་ཀྱི་བསོད་སྙོམས་སྒྲུབ་པར་བྱེད་པ་ཞེས་བྱ་བ་དོན་གྱིས་རྟོགས་པའོ།། དེས་དེའི་གཞིར་ཞ་ཉའི་གཡར་འདབ་བཞག་པར་བྱའོ་ཞེས་བྱ་བ་ལ
་ངོས་ཞེས་བྱ་བ་ནི་དགེ་སློང་མས་སོ།། དེའི་ཞེས་བྱ་བ་ནི་ལྷུང་བཟེད་ཀྱིས་སོ།། གཞིར་ཞེས་བྱ་བ་ནི་ས་ཕྱོགས་གང་དུ་འདི་བཞིག་པའི་ས་གང་ཡིན་པ་དེ་ནི་འདིར་བཞི་དེར་ཞེས་བྱ་བའི་དོན་ཏོ།། དེའི་རྣམ་པ་ཅི་འདྲ་ཞེ་ན། དེའི་ཕྱིར་བྱང་ཆུབ་དང་པ་ཏ
་ལའི་ལོ་མོ་འམ་ལག་མཐིལ་གྱི་ལྟ་བུར་རོ།། ཚད་ལས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་ལས་གཅིག་པུར་མ་ཟད་ཀྱིས་ཚད་ལས་ཀྱང་འདི་ཙམ་ཉིད་ཕྱིན་པར་བྱ་སྟེ། ལྷག་མ་ནི་མ་ཡིན་ཏེ། དོན་འདྲ་བའི་ཕྱིར་རོ།། ཆད་པ་མ་ཡིན་ཏེ། ཡང
་དག་པར་བསྒྲུབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ།། ས་ལ་རེག་པ་ལ་རྐོ་བ་དང་མ་སྦྱར་བ་ནི་འདི་སྦྱིན་པའི་དོན་ཏོ།། བརྙན་པོས་ཀྱང་དེ་ཉིད་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ལཾ། དེ་ཉིད་དང་བཅས་པ་ནི་ལྷུང་བཟེད་དང་བཅས་པ་ཉིད་དོ།། བརྙན་པོ་འདིས
་ལྷུང་བཟེད་མེད་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ།། དབྱར་གྱི་དུས་སུ་ལྷུང་བཟེད་མེད་དུ་མི་རུང་ངོ་།། ཞེས་བྱ་བ་འདི་ལ་སོགས་པ་འདའ་བར་གྱུར་པ་དེ་བས་ན་འདི་བྱས་སོ།། ལྔ་པོ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཆོས་གོས
་གསུམ་དང་དེའི་གཞི་དང་གང་ཟབ་སྣོད་ཇི་ལྟར་ལྷུང་བཟེད་ཀྱིས་དེ་ཉིད་དང་བཅས་པར་འགྱུར་བ་དེ་བཞིན་དུ་འདིས་ཀྱང་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དེ་བས་ན་རྗེས་སུ་ཤེས་ཏེ་བརྙན་པོ་རྣམས་ཀྱིས་ཀྱང་ཡོ་བྱད་དྲུག་པོས་རབ་ཏུ་དབྱུང་བར་བྱའོ་ཞེས་བྱ
་བ་ཟག་སྣོད་དང་དེའི་གཞི་དག་མེད་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ།། དེ་བས་ན་ལྟུང་བ་རིག་པར་བྱའོ།། དབྱར་དག་ལྷུང་བཟེད་མེད་དུ་མི་རུང་ངོ་།། ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ།། འཇིགས་པ་དང་བཅས་པར་ཉིད་དུ་ལྷུང་བཟེད་ཆུང་ངུས
་འགྲོ་བར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་ཉེ་དགའ་བོས་ལྷུང་བཟེད་མེད་པར་རབ་ཏུ་ཕྱུང་སྟེ། དེས་དགེ་སློང་རྣམས་དང་ལྷན་ཅིག་ཏུ་ལྗོངས་རྒྱུར་འགྲོ་བར་བྱེད་ཅིང་ཡུལ་ཀར་པ་ཏ་ཀར་རྗེས་སུ་ཐོབ་བོ།། དེར་ཁྱིམ་བདག་གིས་དགེ་སློང་རྣམས་བཟའ་བ་ལ
་སྤྱན་དྲངས་ཏེ་ཇི་སྲིད་དུ་གསར་དུ་རབ་ཏུ་བྱུང་བ་དེ་ལ་ལྷུང་བཟེད་མེད་དེ།། དེ་ལ་ཁྱིམ་བདོག་འཕྱ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ལྷུང་བཟེད་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ།། མ་བྱིན་པར་ལེན་པ་དག་གིས་བཅོམ
་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་ཆུང་ངུས་བཀུར་བར་བྱ་ཞིང་ལྷུང་བཟེད་བཞག་པར་བྱའོ།། དབྱེར་གྱི་དུས་སུ་ལྷུང་བཟེད་ཉེ་བར་བཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། མེད་ན་རབ་ཏུ་དབྱུང་བར་མི་བྱའོ།། འགྲེང་བཞིན་དུ་ལྷུང་བཟེད
་དབྱུང་བ་དང་གཞག་པ་དང་བསྐམ་པར་མི་བྱའོ།། རན་པར་སྤྱད་པར་བྱའོ་ཞེས་བྱ་བ་ནི་དེའི་ལོངས་སྤྱོད་རབ་ཏུ་བསྟན་པའི་དོན་དུའོ།། གཞན་གྱིས་སྤངས་པ་དེར་མི་བླུགས་སོ་ཞེས་བྱ་བ་ནི་གཞན་གྱིས་སོ།། སྤངས་པ་ཞེས་བྱ་བ་ནི་དོར་བའི་ཆོས་ཅན་ནོ།།
་དེས་ཕྱག་དར་མི་དོར་རོ།། ནམ་ཡང་མི་དོར་རོ་ཞེས་བྱ་བ་ནི་མི་དོར་རོ་ཞེས་བྱ་བ་འཇུག་གོ། ལག་པ་དང་ཁའི་ཆུ་མི་བླུགས་སོ།། དགེ་ཚུལ་བག་མེད་པའི་ཆོས་ཅན་བྱི་དོར་བྱེད་དུ་མི་གཞུག་གོ།། བྱེ་མ་ཅན་དང་ལྕི་བས
་མི་བྱའོ།། ཧ་ཅང་གཤེར་བཞིན་དུ་ཕྱིར་མི་གཞུག་གོ། ཧ་ཅང་བསྐུམ་པར་མི་བྱའོ།། རྡོའི་སྟེང་དུ་མི་བཞག་གོ་ཞེས་བྱ་བ་ནི་བཞག་པར་འདི་ནི་རེ་ཞིག་གིས་དུས་ཅན་ནོ།། མི་གཙང་བའི་ཕྱོགས་སུ་མི་བཞག་གོ།། གར་བབ་བག་ཏུ་མི་བཞག་གོ། ཞེས་བྱ་བ
་ནི་ཕྱོགས་ཞེས་པ་དང་མི་བཞག་གོ་ཞེས་བྱ་བར་སྦྱར་རོ།། དེར་མི་བཞག་གོ་ཞེས་བྱ་བ་ལ། གར་བབ་བབ་ཏུ་འདི་ནི་གཏན་ཏུ་བཞག་པའི་ཕྱིར་དགག་པ་ཡིན་གྱི་རེ་ཞིག་ཁོ་ན་ནི་མ་ཡིན་ནོ།། དེའི་ཆེད་དུ་ངོས་ཁྲུང་བྱའོ་ཞེས་བྱ་བ་ནི་ལྷུང་བཟེད་བཞག་པའི
་དོན་དུ་དུའོ།། ངོས་ཁུང་ཞེས་བྱ་བ་ནི་ཁུང་བུའི་མིང་ངོ་།། ངོས་ཁུང་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གཙུག་ལག་ཁང་དང་ཁང་ཁྱིམ་དག་རྩིག་པའི་ཚེ་རྩིག་པ་རྐོ་བས་ནི་མ་ཡིན་ནོ།། དགོན་པ་པ་རྣམས་ཀྱིས་སྐོན་བུ་ཁ་སྦྱར་བྱའོ་ཞེས་བྱ་བ་སྨོས་ཏེ། ལྷུང
་བཟེད་བཞག་པའི་ཕྱིར་བྱ་བའོ།། ནམ་མཁའ་ལ་ངོས་ཁུང་ཞེས་བྱ་བ་འདི་ལ་འདོན་པ་གཞོན་ལ་ཐ་སྙད་དོ།། དེ་ཅི་ལས་བྱ་ཞེ་ན། དེའི་ཕྱིར་ལྕུག་མ་འམ་སྲད་བུ་ལས་བྱས་པའོ།། ཞེས་བྱ་བ་སྨོས་ཏེ། སྲད་བུའི་རང་བཞིན་གྱི་རྣམ་པར་འགྱུར་བ་ལ་ཞེས
་བྱ་བའི་དོན་ཏོ།། ལྕི་བ་དང་སས་བྱུགས་པས་སོ་ཞེས་བྱ་བ་ནི་དེ་ལྟ་བུའི་རང་བཞིན་གྱི་ཁ་ག་བ་ལའོ།། འདི་ལ་ཁ་གབ་ཀྱང་ལྕུག་མོའི་རང་བཞིན་ནམ་སྲང་བུའི་རང་བཞིན་པའི་ལྕི་བ་དང་སས་བྱུགས་པ་བྱའོ་ཞེས་བྱ་བའི་དོན་ཏོ།། དེར་ནི་གཟར་ཐག
་གིས་ཤིང་ལ་སྦྱངས་ན་བཟང་ངོ་།། ས་ལ་མི་བཞག་གོ།། དེ་བཞིན་དུ་མི་བཀུར་རོ་ཞེས་བྱ་བ་ནི་སྐོན་དུའོ།། དེ་བཀུར་བ་ནི་ལུང་ཐག་བཏགས་ཏེ་ལྷུང་བཟེད་ལའོ།། ལག་པས་ཞེས་བྱ་བ་ནི་མི་བཀུར་བའོ།། དེ་མཆན་ཁུང་གིས་སོ་ཞེས་བྱ་བ་ལྷུང་བཟེད
་དོ།། ཁུར་བ་ནི་སྤྱོང་ཐག་བཏགས་ནས་སོ།། ལྷུང་བཟེད་དང་སྨན་དང་བར་བུར་དག་སྣོད་ཐག་དད་པར་གཞུག་གོ་ཞེས་བྱ་བ་ནི་གཞན་ལ་ལྷུང་བཟེད་དང་། གཞན་ལ་སྨན་དང་གཞན་ལ་བར་བུར་ཞེས་བྱ་བའི་དོན་ཏོ།། བར་བུར་ཞེས་བྱ་བ་ཡང་སྦྲང་བུ
་དང་རྒྱན་ལ་སོགས་པར་བལྟ་བར་བྱའོ།། དེ་དག་བཅང་བྱའོ་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པའི་སྣོད་རྣམས་སོ།། དེ་དག་ལ་སྦྱང་པོའི་ལུང་ཐག་མཉམ་པར་གདགས་པར་མི་བྱའོ།། ཞེས་བྱ་བ་ནི་ཕྱིང་པ་ཉེ་བར་སྦྱར་བའོ།། དེ་དག་ལ་ཞེས་བྱ།
་བ་ནི་ལྷུང་བཟེད་ལ་སོགས་པའི་སྣོད་རྣམས་ཀྱི་ལུང་ཐག་མཉམ་པར་སྤང་བས་གདགས་པར་བྱ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཡང་གླེང་གཞི་ནི་འཕགས་པ་ཅི་ཞིག་འདི་རྫ་རྔ་འམ་ཞེས་བྱ་བ་ཡིན་ནོ།། དེ་བས་ན་མཉམ་པར་བཞག་པའི་དོགས་པ
་དགག་པའི་གཙོ་བོ་འདི་ཡིན་ཏེ། སྡུག་བསྔལ་མི་འདོད་པས་ནི་ཞེང་ཆུ་ངུ་དག་ཀྱང་ངོ་ཞེས་བྱ་བ་ནི་སྤྱང་ཐོག་རྣམས་ལ་ཕྱིང་བུས་སྦྱང་བར་བྱའོ།། རྒྱུའི་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་མི་འདོད་པས་ནི་ཞུམ་པར་མི་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི
་འདོད་པ་སྦྱིན་པ་མ་ཡིན་ནོ།། འདོད་པ་མི་སྦྱིན་པའི་ཕྱོགས་གང་ལས་ཞེ་ན། དེའི་ཕྱིར་དབུས་སུ་ཞེས་བྱ་བ་སྨོས་ཏེ། སྤྱང་ཐག་ཅེས་བྱ་བ་སྐབས་ཀྱིས་གོ་བར་བྱའོ།། ཐ་དད་པ་ཉིད་འདིའི་དབུས་སུ་སྟེ་རིང་པོ་ལ་ནི་མ་ཡིན་པ་ཞེས་བྱ་བའི་དོན་གྱིས་གོ་བར
་བྱའོ།། དེ་གནས་པར་བྱ་བའི་ཕྱིར་མོད་མདོར་བྱ་རོག་རྐང་བྱའོ།། ལྷུང་བཟེད་མིག་བཞིན་དུ་བསྐྱང་བར་བྱའོ།། སྣམ་སྦྱར་པགས་པ་དང་འདྲ་བར་རོ།། ཆོས་གོས་ལྷག་མ་ཡང་ངོ་།། བཅོས་ལེགས་བྱ་བ་ཡལ་བར་མི་དོར་རོ།
་ཞེས་བྱ་བ་ནི་ལྷན་པ་དང་བསྲོ་བ་དང་འཁྲུ་བ་དང་བསྟེན་པ་དང་ཁ་བསྒྱུར་བ་རྣམས་དང་། ལྷུང་བཟེད་དང་ཆོས་གོས་གཉིས་ལ་བལྟོས་ནས་ཆོ་ག་འདིའོ།། འདིར་ལྷན་ཅིག་པ་ནི་དབེན་པའི་ཕྱོགས་སུ་བསྒྲུབ་པར་བྱའོ།། སོ་སོར་མ་སྦས་པར་འདི་བྱེད
་པར་གྱུར་ན་མ་དད་པ་སྐྱེ་བའི་དངོས་པོར་འགྱུར་རོ་ཞེས་བྱ་བའི་བསྟན་ཌོཾ་པའི་ཕྱིར་མདོ་འདིའོ།། དགེ་འདུན་གྱིས་མགར་སྤྱད་དག་བསྲེལ་བར་བྱའོ།། བུ་གུ་དེའི་ཞེས་བྱ་བ་ནི་ལྷན་པའོ།། བུ་རམོ་དང་རྒྱ་སྐྱེགཅེས་ཀྱི་ཚོག་མ་དང་སྒྲ་ཚིལ། ཞ་ཉེ་དཀར་པོ་དང་ཞེ
་ཉེ་ནག་པོ་རྣམས་ཀྱིས་མི་བཟང་ངོ་།། འོ་ན་གང་བཟང་ཞེ་ན། དེའི་ཕྱིར་ལྷན་རིངས་དང་ཐ་མ་བྲན་དང་ལྷན་པ་དང་ཆུ་སྲིན་གྱི་སོ་ལྟ་བུ་དག་བཟང་ངོ་ཞེས་བྱ་བ་དག་སྨོས་ཏེ། ཕྱེ་མས་ཀྱང་ངོ་།། ལྕགས་ཀྱི་འམ་རྡོའི་འོ།། ལྷན་པ་བཟང་ངོ་ཞེས་བྱ་བ་རྗེས་སུ
་འབྲེལ་ལོ།། འབྲུ་མར་གྱིས་བདར་རོ།། ཞེས་བྱ་བ་སྟེ་ཕྱེ་མས་སོ།། ཇི་སྲིད་དུ་བ་དར་ཞེ་ན། དེའི་ཕྱིར་སྤྲ་ཚིལ་དང་འདྲ་བ་ལ་ཐུགས་པར་གྱུར་པས་སོ་ཞེས་བྱ་བ་སྨོསོ།། རྫས་ཅི་ཞིག་བདར་བར་བྱ་བ་ཞེ་ན། དེའི་ཕྱིར་ལྕགས་སམ་ཀུ་རུ་བིན་ངས་སོ་ཞེས་བྱ་བ་སྨོས་ཏེ།
་འབྲུ་མར་དང་ཕྱེ་མ་བསྲེས་ནས་གླན་པར་བྱ་སྟེ། ཇི་སྲིད་དུ་སྤྲ་ཚིལ་འདྲ་བར་གྱུར་པ་དེ་སྲིད་དུ་བདར་བར་བྱའི་ཞེས་བྱ་བའི་དོན་ཏོ།། དྲི་བ་ལ་གླན་ནོ་ཞེས་བྱ་བ་ནི་ལྷུང་བཟེང་ལ་ཞེས་བྱ་བ་སྐབས་ཀྱིས་རྟོགས་ཏེ་ལྷུང་བཟེད་དྲོ་བ་ལ་ཕྱེ་མ་བདར་བས་གླན་པའོ།། དྲོ་བས
་གཡོགས་ཏེ་འཇིམ་པས་བསྐུས་ལ་ཛི་རན་ཙམ་དུ་བསྲོའོ་ཞེས་བྱ་བ་ལ་རྗེས་སུ་འབྲེལ་ལོ།། དྲོ་བ་ཇི་ལྟ་བུར་སྦྱར་ཞེ་ན། དེའི་ཕྱིར་བར་མ་ནི་འབྲུ་མར་གྱིས་བདར་རོ་ཞེས་བྱ་བ་སྨོས་ཏེ། གླན་པ་དེ་ལ་འབྲུ་མར་གླན་ནས་བདར་བར་བྱའོ།། བུ་རམ་དང་འཇིམས་པས
་སོ་ཞེས་བྱ་བ་ནི་ས་ལས་བྱས་པའི་ལྷུང་བཟེད་ལ་བུ་རམ་དང་འཇིམ་པས་གླན་པའོ།། ལྷན་རིངས་ཞེས་བྱ་བ་ལ་སོགས་པ་ལྔ་པོའི་གནས་སུ་བུ་རམ་དང་འཇིམ་པས་བཟུང་བའོ།། དེ་བས་ན་ལྷག་མ་འདི་ལས་སྔ་མ་ལ་རྗེས་སུ་འབྲེལ་པ་ཇི་ལྟར་རིགས་པ
་རིག་པར་བྱའོ།། སྤྱོད་པ་ཉིད་ཡིན་ན་འདུས་བྱས་པ་སོ་སོར་ཉེ་བར་སྦྱོར་བ་ནི་ཐབས་སོ།། དེ་ལ་དུས་ཇི་ཙམ་གྱིས་ལྷུང་བཟེད་ལ་དེ་འདུས་མ་བྱས་པ་ཉིད་གང་གིས་བསྲེགས་པར་འོངས་པ་ཉིད་ཅེ་ན། འདིར་བརྗོད་པར་བྱ་སྟེ། སྤྱོད་པ་ཡིན་ན་ཟླ་བ་དྲུག་གི་འོག་ཏུ
་བསྲེགས་པ་ཉིད་དོ།། ཞེས་བྱ་སྟེ། བྱེ་བྲག་ཏུ་བརྗོད་པའི་ནི་ས་ལས་བྱས་པ་ལ་གསལ་བར་བྱེད་དེ། གལ་ཏེ་སེ་ལས་བྱས་པའི་ཡིན་ན་ཟླ་བ་ཕྱེད་ནའོ།། ཞེས་བྱ་བ་ནི་བསྲེད་པ་ཉིད་དོ་ཞེས་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། སྤྱོད་པ་མ་ཡིན་པ་ཉིད་ལ་ཡང
་ནི་ཇི་ལྟར་སྦྱོར་བས་ལྷུང་བཟེད་ལ་སོ་སོར་འདུ་བྱ་བ་བསྒྲུབ་པར་བྱའོ།། གལ་ཏེ་དབྱར་བྱུང་ན་དེའི་བྱ་བའི་བར་དུ་བསྐུ་བ་དང་རྩུབ་ཁྲུས་ཉིད་ཀྱིས་ལེགས་པར་བཅོས་པ་ཉིད་བྱའོ་ཞེས་བྱ་བ་ནི་སྲོག་ཆགས་རྣམས་ལ་ཉེ་བར་འཚེ་བ་མེད་ཅིང་ནུས་པ་མེད་པ་ཉིད
་ལ་འདི་སྦྱིན་པ་ཉིད་དེ།། སྲེག་པ་ལ་གནས་པས་འཚོ་བ་ལ་འོད་བརྗོད་པ་ཡིན་ནོ།། བྱ་བའི་བོར་ནི་དགོངས་པའི་དུས་གཉིས་ཀྱིས་བར་རོ།། དེར་ལྷུང་བཟེད་འདི་ལ་བཀྲུ་བ་དང་རྩུབ་ཁྲུས་ཉིད་ཀྱིས་ལེགས་པ་ཉིད་དོ།། བྱ་བ་བྱས་པ་སྟེ་བསྡུ་བ་བྱས་ནས
་བཞག་པར་བྱའོ།། བྱ་བའི་དུས་གཞན་ལ་རྩུབ་ཁྲུས་ཉིད་བྱ་ཞེས་བྱ་བའོ།། དེ་ལྟར་ན་འདི་ལེགས་པར་བཅོས་པ་ཞེས་བྱ་བ་དོན་གྱིས་གོ་བར་བྱའོ།། དེ་བསྲེག་པར་བྱའོ་ཞེས་བྱ་བ་ལ་དེ་ནི་ལྷུང་བཟེད་དོ།།
་འདི་ནི་བདག་ཉིད་ཀྱིས་བྱེད་པར་མི་རིགས་པ་མ་ཡིན་ཏེ། འདི་ནི་རབ་ཏུ་དབྱུང་བ་ལ་བདག་ཉིད་ཀྱིས་བྱེད་པར་མོ་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེའི་ཆེད་དུ་རྫབ་བསྲེལ་བར་བྱའོ་ཞེས་བྱ་བ་ལ་དེའི་དོན་དུ་ཞེས་བྱ་བ་ནི་བསྲེག་པའི་དོན་དུའོ།།
་བྱའོ་ཞེས་བྱ་བ་ལ་དེ་ནི་ལྷུང་བཟེད་དོ།། འདི་ནི་བདག་དེ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་དེ་ཉིད་དུ་གྲུབ་པའམ་ཞེས་བྱ་བ་སྨོས་ཏེ། དེའི་དངོས་པོ་དེ་ཉིད་ལ་རྫ་བོ་ཉིད་ཀྱིས་གང་གིས་བསྐྱེད་པའོ།། དེ་གྱུར་པ་ཉིད་ཀྱིས་གང་བྱེད་པ་བུམ་པ་ལ་སོགས་པའི
་ཡན་ལག་གཉིས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཅི་འདི་ཉིད་གཅིག་པུ་ལ་ཡིན་ནམ་མ་ཡིན་ཞེ་ན། དེའི་ཉིད་དུ་གྲུབ་པ་འམ་དབྱིབ་མོ་ཡང་རུང་ངོ་ཞེས་བྱ་བ་སྨོས་ཏེ། ཉེ་བར་བཞག་པ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། ཇི་ལྟར་དབྱིབ
་མོ་འདོད་པས་རྫ་བོ་འདི་ལ་བསྒྲུབ་པའི་དོན་ཏོ།། བུམ་པ་ལ་སོགས་པ་བཅག་པ་བཟང་སྟེ་བསྟན་པའི་ཕྱིར། ཐལ་བས་བཀང་སྟི་རྫ་གཟོང་གིས་བརྐོས་ན་བཟང་ངོ་ཞེས་བྱ་བ་སྨོས་ཏེ། བུམ་པ་བཅག་པས་ཆོག་པའོ།། ཅི་ཞིག་ཞེ་ན་རྫ་གཟོབ་གིས
་ཞེས་བྱ་བ་སྨོས་ཏེ། ལྕགས་ལས་བྱས་པའི་ཕུར་པ་འདིའི་མིང་ངོ་།། བུམ་པ་བཙག་པ་དེ་སུ་ཞིག་ལ་དགག་པར་བྱ་ཞེ་ནི། དེས་དུ་བ་མི་འཆོར་བ་སྟེ་རྫ་བོས་ལྷུང་བཟེད་ལའོ།། གབ་པ་ཇི་ལྟ་བུ་ཞེ་ན། དུ་བ་མི་འཆོར་བར་སྟེ། གང་ལྟ་བུ་ལ་དུ་བ་མི
་འཆོར་བ་དེ་ལྟ་བུ་འདི་བྱའོ་ཞེས་བྱ་བའི་དོན་ཏེ། ཅི་ཞིག་ཕྱི་རོལ་མ་བྱུགས་པ་ཉིད་ཀྱིས་རྫ་བོས་ཡིན་ནམ་ཞེ་ན། དེའི་ཕྱིར་ཕུབ་མ་དང་འཇིམ་པར་སྦྱར་བས་ཕྱི་རོལ་བྱུགས་པས་སོ་ཞེས་བྱ་བ་སྨོས་ཏེ། ཕུབ་མ་དང་འཇིམ་པ་སྦྱར་བས་ཕྱི་རོལ་བྱུགས་པ་གང་ལ་དེས་ཞེས
་བྱ་བའི་དོན་ཏོ།། འདི་ལ་རྩཝ་ཅི་ཞིག་བྱུགས་པས་ནང་དུ་མ་བྱུགས་པས་ཡིན་ནམ་ཞེ་ན། དེའི་ཕྱིར་འབྲུ་མར་གྱི་ཚིགས་མ་འམ་ལྕི་བས་ནང་བྱུགས་པས་སོ་ཞེས་བྱ་བ་སྨོས་སོ།། ཅི་བྱུག་པ་སྦྱར་བ་མ་སྐམས་པས་ཡིན་ནམ་ཞེ་ན་དཕྱིར་བསྐམས་པར་གྱུར་པས་སོ་ཞེས་བྱ
་བ་སྨོས་ཏེ། ས་ཅི་ལྟ་བུ་དང་ཅི་ཞིག་བཏིང་བའི་ས་ལ་ལྷུང་བཟེད་བཞག་པ་ལ་འདིས་དགབ་ཅེ་ན། དེའི་ཕྱིར་ས་གཞི་བྱི་དོར་བྱས་པར་ཕུབ་མ་བཏིང་ཞིང་དུ་བ་འཆར་བར་བྱེད་པར་འབྲུ་མར་གྱི་ཚིགས་མ་ལ་སོགས་པའི་རྫས་བཀྲམ་པའི་སྟེང་དུ་ཁ་བུབ་ཏུ་བཞག་ལའོ།།
་ཞེས་བྱ་བ་སྨོས་ཏེ། ཕུབ་མའི་སྟེང་དུ་སྣང་བའི་ངང་ཚུལ་ཅན་འབྱུང་བར་བྱེད་པའི་འབྲུ་མར་གྱི་ཚིགས་མ་ལ་སོགས་པའི་རྫི་རྣམས་བཀྲམ་པ་ཞེས་བྱ་བའི་ཐ་ཚིག་གོ།། ཇི་ལྟར་བཞག་པར་བྱ་ཞེ་ན། དེའི་ཕྱིར་ཁ་བུབ་ཏུ་ཞེས་བྱ་བ་སྨོས་སོ།། འདིའི་རྗེས་སུ་ཅི་བྱ་ཞེ་ན་དེའི
་བྱིར་ལྕི་བ་དག་དང་སོགས་མ་བི་ཙེ་རི་ཏི་སྦར་རོ།། ཏི་པོར་གྲངས་ནས་དབྱུང་ངོ་ཞེས་བྱ་བ་སྨོས་སོ།། ལྷུང་བཟེད་ཁ་དོག་རྫོགས་པ་ཕུན་སུམ་ཚོགས་པར་གྱུར་གྱི་བར་དུ་བཟླས་པར་བྱའོ་ཞེས་བྱ་བ་ལ། ཇི་སྲིད་དུ་ཁ་དོག་གྲུབ་པར་དེ་སྲིད་དུ་བསྲེག་པ་སྦྱིན་པར་པའི
་བྱི་དོར་བྱས་ཤིང་བྱི་དོར་བྱས་ཤིང་བཞུག་པར་བྱའོ་ཞེས་བྱ་བ་ནི་བསྲེགས་པ་རེ་རེ་ལ་བྱི་དོར་བྱས་ཞེས་བྱ་བའི་དོན་ནོ།། སྲོག་ཆགས་རྣམས་ལ་སྙིང་བརྩེ་བས་ཉན་ཀོར་ཕྱག་དར་དང་ཆག་ཆག་བྱའོ་ཞེས་བྱ་བ་ནི་ཆུས་ཉེན་འཁོར་ཉིད་ལའོ།། ལྷུང་བཟེད་མེད་པར་རབ་ཏུ
་དབྱུང་བར་མི་བྱའོ་ཞེས་བྱ་བ་འདི་ཞར་ལ་འབྱུང་བ་ཡན་ལག་དང་བཅས་པའི་ལྷུང་བཟེད་ཀྱི་ཆོ་ག་བཤད་ཟིན་ཏོ།། རབ་ཏུ་འབྱུང་བའི་གཞི་གཞན་འབྲེལ་པས་བརྗོད་པར་བྱ་སྟེ། ལོ་ཆགས
་མི་ཤེས་ནས། མཚན་གྱི་ཉེན་འཁོར་དུ་སྤུ་སྐྱེས་པ་བསྙེན་པར་རྫོགས་པར་ཁས་བླངས་པར་བྱའོ་ཞེས་བྱ་བ་ལ་སྤུ་སྐྱེས་པ་ཞེས་བྱ་བ་ནི་སྤུ་སྐྱེས་པ་ལའོ།། ཕྱོགས་གང་དུ་ཞེ་ན། དེའི་ཕྱིར་མཚན་གྱི་ཉེ་འཁོར་དུ་ཞེས་བྱ་བ་སྨོས་ཏེ་མཚན་མ་ཐམས་ཅད་ལའོ།། ཁོ་ཚོགས
་མི་ཤེས་པ་ནི་བསྙེན་པར་རྫོགས་པར་བྱེད་པོར་ཁས་བླངས་པའོ།། བསྙེན་པར་རྫོགས་པར་བྱ་བ་ཁས་བླངས་པོའི་དོན་དུ་ལོ་ཉི་ཤུ་ཡིན་པ་ཉིད་དུ་མི་ཤེས་ན་དེའི་མཚན་གྱི་ཐན་ཀོར་དུ་སྒྲ་སྐྱེས་པ་ཁས་བླངས་པས་ཞེས་བྱ་བའི་དོན་ཏོ།། འདིས་སྐྱེས་པའི་དངོས་པོ
་མཚོན་པར་བྱེད་པས་ན་མཚན་མ་སྟེ་ཕོའི་དབང་པོའོ།། དེ་ནི་སྒྱུ་ཐབས་ཀྱིས་བརྟགས་པར་བྱའོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་མཚན་མ་ལ་སྤུ་བྱུང་བ་ལའོ།། སྒྱུ་ཐབས་སུ་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་བཟུབ་དང་གོས་ཀྱིས་གདང་མཐོན་པོ་ལ་འདོག་པའི་དངོས་པོ
་དབབ་པ་ལ་སོགས་པས་སོ་ཞེས་བྱ་བ་སྨོས་ཏེ། ཟུང་ང་དང་གོས་ཀྱི་གདང་མཐོན་པོ་ལ་འདུག་པའི་གོས་ལ་སོགས་པའི་དངོས་པོ་དབབ་པ་དང་འགེལ་པ་ལ་སོགས་པས་སོ།། བསྙེན་པར་རྫོགས་པར་འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག་གོ། མཚན་གྱི་ཕྱི
་རོལ་དུ་མི་གཏོང་ངོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་འདོད་པ་ཞེས་བྱ་བ་ལ་འཇུག་པའོ།། སྣང་བའི་ཉེན་འཁོར་གྱི་ནང་ནི་འདིར་མཚམས་སུ་རྣམ་པར་གནས་པའོ།། སྣང་བའི་ཉེན་འཁོར་གྱི་ནང་དུ་བྱས་པ་ནི་བསྙེན་པར་རྫོགས་པའི་གནས་སུ་ཁྲིད་པ་དེའི
་གནས་ལས་སོ།། དེའི་གནས་ལས་ལྡང་བ་ཉིད་ལ་བསྙེན་པར་རྫོགས་པའི་གནས་སུ་དེའི་དོན་དུ་བྱ་བ་བྱེད་པའི་བསྟན་པ་ལ་ལྷག་པར་མོས་པ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་འཁོར་དང་བཅས་པའི་གཙུག་ལག་ཁང་ན་གནས་པ་ལས་འགྲོ་བ་ན་དེའི་ལམ
་ལ་ཞུགས་པས་སོ།། དུས་གཞན་ལ་གནས་པ་ལ་དེ་ལ་འདི་ལྟར་བྱ་བ་ཉིད་དང་། འཆག་པ་དང་ཤིན་ཏུ་འདུད་པའི་གནས་ལས་དེ་ལྟར་སྣང་བའི་ཉེན་ཀོར་དུ་བཀར་ཏེ་ཚོགས་ལ་མངོན་དུ་ཕྱོགས་པར་ཐལ་མེ་སྦྱར་ཏེ་བཞག་པར་བྱའོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི
་བསྙེན་པར་རྫོགས་པར་འདོད་པའོ།། བཀར་ཏེ་ཞེས་བྱ་བ་ནི་གསང་སྟེ་སྟོན་པ་དེ་ལ་བསྐོ་བའི་ལས་མི་ཐོས་པར་བྱ་བའི་ཕྱིར་དགེ་འདུན་གྱི་དབུས་ཀྱི་ནང་ནས་ལོགས་ཤིག་ཏུ་བཞག་པ་ཡིན་པ་དེ་ནི་འདིར་བཀོར་བའི་ཚིག་གིས་བཟུང་ངོ་།། བཀར་བ་ཡོད་པ
་ལ་ཚོགས་ལ་མངོན་དུ་ཕྱོགས་པར་ཐལ་མོ་སྦྱར་ཏེ་བཞག་པར་བྱའོ།། དགེ་འདུན་གྱི་ནང་ནས་མ་བཀར་བར་ངོ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཁྱིམ་པ་ལ་གནས་རྣམས་བརྗོད་པར་མི་བྱའོ།། བསྙེན་པར་རྫོགས་མ་ཐག་པ་ལ་མི་བརྗོད་པར་མི་བྱའོ་ཞེས
་བྱ་བ་ནི་གནས་རྣམས་ཞེས་བྱ་བ་ལ་འཇུག་གོ།། ཁྱིམ་དུ་གནས་པ་ལ་གནས་རྣམས་བརྗོད་པར་མི་བྱ་སྟེ། ཇི་སྲིད་དུ་རབ་ཏུ་འབྱུང་བར་མི་འགྱུར་བ་ཞེས་བྱ་བའོ།། འདིའི་འོག་ཏུ་གཞུང་ནི་འདི་ཡིན་ཏེ། བྲམ་ཟེའི་ཁྱེའུ་གཞན་ཞིག་རབ་ཏུ་བྱུང་བ་དང་བསྙེན
་བར་རྫོགས་པ་ལ་མཁན་པོས་ཇི་སྲིད་བསོད་སྙོམས་ལ་སོང་ཞིག་ཅེས་བསྒོ་བ་དང་། དེས་བསྒོ་བ་ནི་བདག་སློངས་མོ་ལ་རྒྱུ་བས་སྐྱོ་བ་སྟེ་རབ་ཏུ་བྱུང་ན་ཡང་བསོད་སྙོམས་བྱའམ་ཞེས་བསླབ་པ་ཕུལ་ཏེ་ཉམས་པར་གྱུར་པ་ནས་བཅོམ་ལྡན་འདས
་ཀྱིས་བཀའ་སྩབ་པ། བསྙེན་པར་རྫོགས་པའི་དེ་མ་ཐག་ཏུ་གནས་བཞི་བརྗོད་པར་བྱའོ་ཞེས་བྱ་བ་འདི་ལ་བསྡུ་བ་འདི་ཡིན་ནོ།། གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡང་བ་འམ་གནས་པར་ཁས
་བླང་བར་མི་བྱོན་གནས་པར་མཁས་བླངས་པ་སྔ་མ་རྗེས་སུ་བསྲུང་བར་མི་བྱའོ་ཞེས་བྱ་བ་ནི་གནས་མེད་པ་ལ་ཁས་བླངས་པ་ཕྱི་མས་དོན་བསྒྲུབ་པ་མཐོང་ཞིང་ཚིག་འདི་མཐོང་བ་ཡིན་ཏེ། དེ་ལ་སྔ་མ་ཞིག་པ་ལ་ཕྱི་མ་ཁས་བླང་བར་མི་བྱའོ་ཞེས་བྱ་བ
་ཤེས་པར་འགྱུར་ཞེས་བྱ་བར་རིག་པར་བྱའོ་ཕྱི་མ་ལེ་ཡང་ཟླ་བ་གཉིས་ལས་ལྷག་པའོ་ཞེས་བྱ་བ་ལ། ཕྱི་མ་ཞེས་བྱ་བ་ནི་ཁས་ལེན་པའོ།། ཟླ་བ་གཉིས་ལས་ལྷག་པ་གནས་མེད་ན་བསྲུང་བར་མི་བྱའོ་ཞེས་བྱ་བའི་རྗེས་སུ་དགག་པའི་དོན་དུ་ཡང་གི
་སྒྲའོ།། ཟླ་བ་གཉིས་མ་བརྟེན་པས་ཀྱང་གནས་པར་བྱ་ཞེས་བྱ་བ་འདིར་ཤེས་པར་འགྱུར་རོ།། གནས་དང་ལས་དང་ཉེ་གནས་ཀྱི་སྟ་གོན་གྱིས་དེ་བཙལ་བར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་གནས་སོ།། གནས་ལ་སོགས་པའི་སྟ་གོན་རྣམས
་ཀྱིས་གནས་འདི་ཡོངས་སུ་བཙལ་བར་བྱའོ།། གནས་པ་སྟ་གོན་ནི་གནས་ཁང་ལ་སྟ་གོན་ནོ།། གནས་པ་འོས་པའི་དགེ་འདུན་ལ་གང་ཟག་མང་བ་ཉིད་ཀྱི་ཕྱིར་བཙལ་བར་བྱའོ་ཞེས་པ་ནི་མང་པོའི་ཚིག་གོ།། མེད་ན་གཞོན་ནུའི་ནང་ནས་ཆེས་རྒན
་པ་ལ་ཞུ་བར་བྱའོ།། ཞེས་བྱ་བ་ལ་མེད་ན་ཞེས་བྱ་བ་ནི་གནས་པའོ།། དབྱར་གནས་ལ་མ་བརྟེན་པ་ཞེས་བྱ་བའི་ཆེད་དུ་བརྗོད་པའི་ཚིག་འདི་ལ་གནས་སུ་བྱ་བ་རྣམས་ལ་ནང་དུ་ལོ་གཅིག་ཏུ་སློབ་དཔོན་དུས་ལས་འདས་པར་གྱུར་ནས་དབྱར་བཅག་ནས
་གཙུག་ལག་ཁང་དུ་མི་གནས་པར་བྱས་ནས་སོང་བར་གྱུར་པ་རྣམས་ལ་གཙུག་ལག་ཁང་ན་གནས་མེད་ཀྱང་མི་བྱ་སྟེ་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། འོན་ཀྱང་གང་ཞིག་དེ་དེ་རྣམས་ལ་ཤིན་ཏུ་རྒན་པ་དེ་ལ་ཞུ་བར་བྱ་ཞིང་དེའི་འོག་ཏུ་དགག
་དབྱེ་ལ་གནས་ཀྱི་སློབ་དཔོན་ཡོངས་སུ་བཙལ་བར་བྱ་བ་གསུངས་པའི་གཞུང་འདི་ལ་འདི་ནི་བསྡུ་བ་ཡིན་ནོ།། དོན་གྱི་དེ་རྣམས་ཀྱི་ཆེས་རྒན་པའི་གཞོན་ནུ་དེ་གནས་སོ།། ཆེས་རྒན་པ་དེ་ལ་ནི་གཞོན་ནུ་ལ་གནང་བར་འགྱུར་ཏེ། གནས་ལ་མི་གནས
་པ་ཞེས་བྱ་བར་རིག་པར་བྱའོ།། ཡོད་ན་ཡང་རེ་ཞིག་གི་གནས་དེ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་གནས་ལའོ།། ཡོད་ན་ཡང་རྟེན་ནི་རྟེན་ལའོ།། གཞོན་ནུའི་ཆེས་རྒན་པ་ལ་ཞུ་བར་བྱའོ།། འདིར་གཞུང་ནི་འདི་ཡིན་ཏེ། རེ་ཞིག་གི་གནས་ཉིད་ཀྱིས་འདི་ཉིད
་མཁན་པོ་མཉམ་པར་འགྱུར་རོ།། འདི་ཉིད་ཁྱོད་ཀྱིས་ཞུ་བར་བྱའོ།། འདི་ཉིད་ཁྱོད་ལ་སློབ་པར་བྱེད་པར་འགྱུར་བ་དང་། ཀློག་ཀྱང་ཀློག་པར་འགྱུར་ཏེ་ཞེས་བྱ་བ་རབ་ཏུ་བྱུང་བའི་གཞི་ལས་སྤྲུལ་པ་གསུངས་པའོ།། མ་ཞུས་པར་དེ་ལྟ་བུ་ལ་བདག་གིས
་སམ་དེས་ཀྱང་བསྙེན་བཀུར་གྱི་ལས་མི་བྱའོ་ཞེས་བྱ་བ་ལ། འདིར་དེ་ལྟ་བུ་ནི་ལུགས་ཐ་དད་པའི་རབ་ཏུ་འབྱུང་བ་ཤེས་པ་འམ་དོགས་པའོ།། གནས་པར་འོས་པར་ཡོངས་སུ་འཚོལ་བ་ལ་ཞུགས་པ་ནི་མེད་ན་མི་གནས་པར་འདུག་པ་ལ་ཉེས
་པ་མེད་དོ་ཞེས་བྱ་བ་ལ། ཉེས་པ་མེད་དོ་ཞེས་བྱ་བ་ནི་སྐྱོན་མེད་པའོ།། མེད་ན་ནི་ཞེས་བྱ་བ་ནི་རྟེན་ནོ།། སྐྱོན་མེད་པ་ན་སུ་ལ་ཞེ་ན། དེའི་ཕྱིར་ཡོངས་སུ་འཆོལ་བ་ལ་ཞུགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དུས་ཇི་ཙམ་དུ་ཞེ་ན། དེའི་ཕྱིར་ཞག
་ལྔའི་མཐར་ཐུག་པའི་བར་དུའོ་ཞེས་བྱ་བ་སྨོས་ཏེ། ཇི་སྲིད་དུ་ཞག་ལྔའི་མཐར་ཐུག་པའི་བར་དུའོ་ཞེས་བྱ་བའི་དོན་ཏོ།། ཇི་སྲིད་ཞག་ལྔ་ཉིད་དུ་རྙེད་པ་ཡོད་ན་འོས་པ་ཡིན་ནོ།། འདིར་གཞུང་ནི་གླེང
་གཞི་དག་ལས་མི་གནས་པ་ལ་ཡུལ་ཇི་སྲིད་དུ་རྙེད་པ་འཚལ་དར་བགྱི། ཉེ་བར་འཁོར་ཞག་ལྔ་ཚུན་ཆད་དོ།། རྙེད་པ་ཡོད་ན་འོས་པ་ཉིད་དོ་ཞེས་གསུངས་པ་ཡིན་ནོ།། དེ་ཡང་སྦྱོར་བ་མི་ཐོགས་པ་དང་གནས་ཡོངས་སུ་ཚོལ་བ་ལ་ཞེས་བྱ་བའོ།། གློ།
་བུར་དུ་འོངས་པས་ནི་ངལ་སོས་ནས་ཉི་མ་གཉིས་པ་འམ་གསུམ་པ་ལ་གནས་བཅའ་བར་བྱའོ།། ཉི་མ་གཅིག་ནི་ཆེད་དུ་མི་བྱའོ་ཞེས་བྱ་བ་ནི་གནས་བཅའ་བར་བྱའོ་ཞེས་བྱ་བ་དང་། རྗེས་སུ་འབྲེལ་ཏོ།། གནས་པ་ཉེ་བར་མི་གནས་ན་གཞན
་ལ་ཞུ་བར་བྱའོ་ཞེས་བྱ་བ་ནི་གནས་པར་བྱེད་པས་ན་གནས་པ་སྟེ། འདི་ལས་ལ་ཀའི་རྐྱེན་ཏེ་གནས་ཉིད་ཀྱིས་བཅའ་བ་ལ་ཞེས་བྱ་བའི་དོན་ཏོ།། ལས་སུ་བསྐོས་པར་སོང་བ་ནི་དེར་གཞན་བྱུང་བ་ན་མ་ཞུས་ཀྱང་ཉེས་པ་མེད་དོ་ཞེས་བྱ་བ་ནི་ལས
་བསྐོས་པའི་རྒྱུ་མཚན་དུ་སོང་བ་གཞན་གྱི་ལས་སུ་བསྐོས་པ་ལ་འགྲོ་བ་ལ་སྐྱོན་མེད་དེ་མ་ཞུས་པར་ཞེས་བྱ་བའི་དོན་དོ་འདི་ནི་རྣམ་པར་འབྱེད་པ་ལས་གནས་ལམ་གྱི་བསླབ་པའི་གཞི་ལས་འདི་དང་ཉེ་བ་ན་མཐོང་བ་མ་ཡིན་ཏེ། གནས
་བཅའ་བར་བྱའོ་ཞེས་བྱ་བ་དང་སྦྱར་བར་བྱའོ།། གང་ཡང་རུང་བ་ལ་མི་བྱའོ།། དྲི་བ་ལ་སོགས་པས་ཚུལ་ཁྲིམས་དང་ཤེས་པ་དང་འཁོར་ལ་ཕན་འདོགས་པ་ཉིད་ངེས་པར་ཤེས་པར་བྱས་ནས་དེ་བཟུང་བར་བྱའོ་ཞེས་བྱ་བ་ནི་ཚུལ་ཁྲིམས
་དང་ཤེས་རབ་དང་འཁོར་དང་འཛིན་པར་བྱེད་པ་དང་རྗེས་སུ་བརྗོད་པ་ལ་སོགས་པ་ལ་རབ་ཏུ་འཇུག་བཞིན་པ་ཉིད་གང་ཟག་འདིའི་དྲི་བས་སམ་ཡང་དག་པར་སྤྱོད་པ་གཞན་གྱིས་ཤེས་ནས་གནས་གཟུང་བ་ཞེས་བྱ་བའི་དོན་ཏོ།། ཆོ་ག་ཇི་ལྟ་བུས་ཤེ་ན།
་སྡོམ་པ་བཞིན་ནོ་ཞེས་བྱ་བ་ནི་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་བཞིན་དུ་སྔགས་ལ་སོགས་པའི་ཆོ་གས་ཞེས་བྱ་བའི་དོན་ཏོ།། སྡོམ་པ་ནི་ཐལ་མོ་སྦྱར་ནས་བླང་བར་བྱ་བ་ཡིན་ཏེ། དེའི་ཕྱིར་འདི་ལ་ནི། ལག་པ་གཉིས་ཀྱིས་རྐང་པའི་མཐིལ་གཉིས་ལ
་བཅངས་པས་སོ།། ཡོངས་སུ་བརྟགས་ནས་སྦྱིན་ནོ་ཞེས་བྱ་བ་སྨོས་ཏེ། བསྟེན་པ་ལ་བཞག་པར་ཡང་ནུས་སམ་ཞེས་བྱ་བའི་བརྟག་པ་འདིའོ་བུ་དང་ཕའི་འདུ་ཤེས་དག་བསྐྱེད་པར་བྱའོ།། མཁན་པོ་དེ་ཉིད་གནས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེའི་སྒྲས་ནི
་མཁན་པོ་ཉིད་མཆོག་ཏུ་གཟུང་བའོ།། མཁན་པོ་གནས་པ་ལ་མཁན་པོ་ཉིད་ནི་གནས་པ་ཉིད་ནི། འདིར་ཡང་ལས་ལ་ཀའི་རྐྱེན་ནོ།། གནས་པས་ན་གནས་པ་སྟེ་གནས་ཞེས་བྱ་བའི་དོན་ཏོ།། དེའི་དངོས་པོ་ནི་གནས་པ་ཉིད་དེ།། དེ་བས་ན་དེར་འདི་མ
་ཟུང་ངོ་།། དེའི་ཕྱིར་དེ་ལ་དེ་མི་བཅའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་གནས་ལའོ།། དེ་ཞེས་བྱ་བ་ནི་མཁན་པོ་ལའོ།། འདི་སྐད་བསྟན་ཏེ། གང་གི་ཕྱིར་ལྷན་ཅིག་གནས་པའི་མཁན་པོ་དེ་ཉིད་ཁོ་ན་ཡིན་པ་དེའི་ཕྱིར་དེའི་དྲུང་ན་གནས་བཅའ་བར
་མི་བྱ་ཞེས་བྱ་བའོ།། གཉིས་ཀ་ལ་མི་བལྟོས་པ་ཉིད་བྱུང་བ་ནི་གནས་བཅས་པ། འཇིག་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་གཉིས་ཀ་ལ་ཞེས་བྱ་བ་ནི་གནས་དང་གནས་པར་ལྡན་པ་དག་ལའོ།། ཅིག་ཅར་རམ་རིམ་གྱིས་མི་བལྟོས་པ་ཉིད་དུ་བྱུང་བ་ཉིད་དོ།།
་བཅས་པ་ནི་གནས་གཟུང་བ་ལས་ཉམས་པའི་རྒྱུ་ཡིན་ནོ།། མི་བལྟོས་པ་ཉིད་དུ་གྱུར་པ་གཅིག་ལ་རེ་ཞིག་རྟེན་ལ་རྗེས་སུ་འཇུག་པ་སྟེ། ཇི་སྲིད་དུ་གཞན་མི་བལྟོས་པ་ཉིད་དུ་གྱུར་པ་ཞེས་བྱ་བའོ།། གང
་ཞིག་གནས་དང་གནས་པ་ཉིད་དུ་ཁས་བླངས་པ་འདི་ནི་འཁོར་དང་འབྲེལ་བ་སྟེ། གཅིག་ལ་བལྟོས་པ་དང་བཅས་པ་ཉིད་ལ་འཁོར་དང་འབྲེལ་བ་དང་བྲལ་བ་ཉིད་མ་ཡིན་པ་ཉིད་ཅེས་བྱ་བ་འདི་ནི་འདིར་རྣམ་པར་བཞག་པའོ།། མཁན་པོ་མ་ཡིན་པ
་དག་ཚོགས་ན་འདོད་པས་འཇུག་པར་བྱའོ་ཞེས་བྱ་བ་ནི་ཇི་སྲིད་དུ་གསུངས་པ། མཁན་པོ་ཉེ་བར་གནས་པ་ལ་གཞན་ལ་ཞུ་བར་མི་བྱའོ་ཞེས་བྱ་བ་འདི་ལ་དེ་བསྟན་པའོ།། མེད་པས་འཁོར་འབྲེལ་པ་ཁས་བླངས་པ་ལ་བལྟོས་པ་དང་བཅས་པ་ཉིད་དོ།།
་ཞེས་བྱ་བའོ།། མཁན་པོ་ལ་བརྟེན་པའི་གནས་ལས་གནས་གཞན་རྣམས་ནི་མཁན་པོ་མ་ཡིན་པའོ།། ཚོགས་པར་གྱུར་པ་ནི་ཚོགས་པ་སྟེ། དེས་ནི་ཚོགས་པ་ཡོད་པ་ལ་མངོན་པར་འདོད་པའི་གནས་ཀྱིས་གནས་པ་ལ་འཇུག་པའོ།། གང་ཞིག་འདི
་སླུ་བ་བྱེད་པ་དེ་ལ་གནས་པས་གནས་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་དང་ན་ནི་དེ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་མཁན་པོར་རྟོགས་པའི་གནས་དེ་དང་ཚོགས་ནའོ།། དེ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་མཁན་པོ་དེ་ཉིད་ཀྱིས་ཏེ། འདི་ལོ་རེས་བྱས་པ་དང་རེས
་མི་བྱ་བ་མེད་དོ།། མཁན་པོ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ་ཞེས་བྱ་བ་ལ། མཁན་པོ་ནི་དཔེ་ཙམ་སྟེ་གནས་གཞན་དག་མཐོང་ན་ཡང་ཆོ་ག་འདི་བཞག་པའི་ཕྱིར་རོ།། གཙུག་ལག་ཁང་དེ་ན་གནས་པས་ཉིན་པར་ལན་གསུམ
་འགྲོ་བར་བྱའོ།། གལ་ཏེ་དགོན་པ་ན་འདུག་ན་རྒྱང་གྲགས་ཙམ་ནི་ཉིན་རེ་ལན་རེའོ་ཞེས་བྱ་བ་ནི་གལ་ཏེ་རྒྱང་གྲགས་ལ་དགོན་པ་དེ་ཡོད་ན་གང་དུ་གནས་ཡོད་པ་དེར་ཉི་མ་རེ་རེར་འོངས་ཏེ་འགྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། རྒྱང་གྲགས་ལྔ་ཡོད་ན་ཞག་ལྔ
་འམ་དྲུག་ཅིང་ངོ་།། དཔག་ཚད་ཕྱེད་དང་གསུམ་དག་ན་གསོ་སྦྱོང་གི་ཚེའོ་ཞེས་བྱ་བ་ནི་འདིའི་འོག་ཏུ་མཚམས་གཅིག་པ་ཉིད་མེད་པའི་ཕྱིར་གནས་ཉིད་ལ་མེད་པར་རིག་པར་བྱའོ།། གནས་པ་ཆང་པས་བཅད་པར་འོས་པ་ཆད་པས་མི་བཅད་པར་མི
་བྱའོ།། ཆད་པ་ནི་ལྔ་སྟེ་གཏམ་དྲི་བར་མི་བྱེད་པ་དང་། གདམས་ངག་མི་སྦྱིན་པ་དང་། བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་གི་ལོངས་སྤྱོད་དུ་མི་གཞུག་པ་དང་། དགེ་བའི་ཕྱོགས་བརྩམས་པ་རྒྱན་བཅད་པ་དང་། གནས་དགག་པར་བྱའོ།། མ་དད་པ་དང་།
་ལེ་ལོ་ཅན་དང་། བཀའ་བློ་མི་བདེ་བ་དང་། མེ་གུས་པ་དང་། སྡིག་པའི་གྲོགས་བྱེད་པ་ལ་དེ་དག་འོས་པ་ཉིད་དོ།། ཆད་པས་བཅད་པ་གཞན་གྱིས་ལེན་པར་བྱེད་པ་ལ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་ན་ཡང་བྱེད་བཞིན་པོ་ལ་གལ་ཏེ་འདི
་བཟོད་པར་བྱེད་པ་གུས་པ་མི་བྱེད་ན་དེ་ཅི་ཞིག་བྱ་ཞེ་ན། དེའི་གུས་པར་མི་བྱེད་ན་དྲང་པོར་བྱ་བའི་ཕྱིར་དགེ་སློང་བཤེས་གཉེན་ཅན་བསྐོ་བར་བྱའོ་ཞེས་བྱ་བ་ནི་ཇི་ལྟ་བུ་ལས་ཞེ་ན། དེའི་ཕྱིར་བཤེས་གཉེན་ཅན་ཞེས་བྱ་བ་སྨོས་ཏེ། གང་ཞིག་པ་དྲང་བར་བྱ་བའི
་ཕྱིར་མཁས་པ་དེ་ལ། རྒྱུ་བཏང་བ་བཟོད་པར་གསོལ་བར་བྱེད་པ་ལ་བཟོད་པར་བྱའོ་ཞེས་བྱ་བ་ནི་རྒྱུ་མཚན་གང་ཞིག་ཆད་པས་བཅད་པ་དེ་ཡོངས་སུ་དོར་བ་ལ་བཟོད་པའོ།། དེ་ལྟ་ཉིད་དུ་ཡང་མ་ཡིན་ཏེ། འོན་ཀྱང་བཟོད་པར་བྱེད་པ་ལའོ།། མི་འོས་པ
་ཆང་པས་བཅད་པར་མི་བྱའོ།། འོས་པ་ལ་མི་བཟོད་པར་མི་བྱའོ་ཞེས་མི་འོས་པ་ལ་བཟོད་པར་མི་བྱའོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུའོ།། མི་བྱེད་པ་ཉིད་ཡིན་ན་གནས་ཁང་ནས་བསྐྲད་པར་བྱའོ།། དག
་ཚུལ་ལ་ནི་ཆུ་ཚིགས་དང་རིལ་པ་སྤྱིའུ་བླུགས་མཐང་གོས་དང་བཅས་པའི་བླ་གོས་ཀྱང་བྱིན་ཏེའོ།། གལ་ཏེ་བསྙེན་པར་རྫོགས་པར་འདོད་པ་ཞིག་ཡིན་ན་ཡོ་བྱད་ལྔའོ་ཞེས་བྱ་བ་ནི་བྱིན་ཏེ་བསྐྲང་པར་བྱའོ་ཞེས་བྱ་བ་དང་འབྲེལ་ལོ།། ཆུ་ཚ་གས་ནི་སྔར
་ཉིད་དུ་བརྗོད་པའི་དྲུད་ཅེས་བྱ་བ་བརྗོད་པ་ཡིན་ཏེ། ཆོས་གོས་གསུམ་དང་གདིང་བ་དང་ལྷུང་བཟེད་ཅེས་བྱ་བ་ལྔའོ།། བསྙེན་པར་རྫོགས་པར་ལ་ཡང་ངོ་ཞེས་བྱ་བ་ནི་ཡོ་བྱད་ལྔ་པོ་དང་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། སེངྒེ་ལྟར་རྒྱ་མཚོ་མི་བྱའོ།།
་གནོད་པར་འགྱུར་བའི་ཁྲིམས་སུ་བྱ་བ་མི་བཅའོ་ཞེས་བྱ་བ་ནི་དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་ཀྱིས་སོ།། ཁའི་གནས་པ་ཉིད་ནི་མི་བཀྲུས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཚན་མོ་གནས་པ་ལས་ལངས་ནས་སོ་ཤིང་ངམ་གཞན་གྱིསོ་ཁ་སྦྱངས
་ཀྱི་བར་དུ་རེ་ཞིག་གཞན་ལ་ཕྱག་དང་བཟའ་བ་ལ་སོགས་པ་མི་བྱའོ་ཞེས་བྱ་བ་ནི་འདི་སྟོན་པའོ།། འདི་ལ་གཞུང་ནི་དགེ་སློང་གིས་སོ་ཤིང་མ་བོར་བར་བསོད་སྙོམས་བཟའ་བར་མི་བྱའོ།། དེ་ཉིད་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས
་པ་དང་། གླེང་གཞི་ལས་ཇི་སྐད་དུ་བྱིན་ལེན་མ་བྱས་པར་ཁ་ཟས་ཉེ་བར་གནས་པ་བཀག་པ་ལ་བརྟེན་པ་འདི་གསུངས་པ་ཡིན་ནོ།། ཁའི་དྲི་མ་མ་བསལ་བར་ཁ་ཟས་ཀྱི་ཕྱོགས་ཉིད་ལ་ཁྱེད་ཅག་གིས་འདའ་བར་བྱེད་པ་ཞེས་བྱ་བ་འདི
་ལའོ།། དེ་ལྟར་ན་གནས་འཇུག་པ་བསྟན་པའོ།། གཞུང་ནི་ལྡང་བྱེད་འདི་ལ་ལྷན་ཅིག་གནས་པ་དང་། ཉེ་གནས་ཀྱིས་ནང་པར་སྔར་ལངས་ཏེ་ཤམ་ཐབས་ཟླུམ་པོར་བགོས་ནས་སོ་ཤིང་པོར་ཏེ་མཚམས་ཀྱི་ནང་གིས་མཆོད་རྟེན་ལ་ཕྱག
་འཚལ་ནས་ཞེས་བྱ་བ་ལ་སོགས་པ་དང་ཡོངས་སུ་དག་པར་བྱ་བོ་ཉིད་དེའི་ཕྱིར་ས་ཤིང་བོར་ནས་ཞེས་བྱ་བ་འདིར་ཚིག་གོ།། དེའི་ཕྱིར་མདོ་འདི་སྨོས་ཏེ། སོ་ཤིང་དབེན་པར་དོར་རོ་ཞེས་བྱའོ།། འདི་ནི་རྗེས་སུ་མཐུན་པ་མ་ཡིན་ཏེ། དེ་བས་ན
་ཁའི་དྲི་མ་དག་པའི་དོན་དུ་འདི་ལ་བརྟེན་པར་བྱ་བ་ཉིད་དོ།། ཇི་ལྟར་དོར་བར་བྱ་ཞེ་ན། དེའི་ཕྱིར་བཤང་གཅི་བྱ་བ་ཡང་ངོ་ཞེས་བྱ་བ་སྨོས་ཏེ་དབེན་པ་ཉིད་དུའོ།། ལོངས་སྤྱད་དུ་རུང་བའི་ཤིང་མ་རྩིག་པའི་དྲུང་དུ་མི་དོར་རོ་ཞེས་བྱ་བ་ལ།
་དྲུང་དུ་ཞེས་བྱ་བ་ནི་ཉེ་བ་ལ་བྱ་སྟེ། གང་དུ་སྐྱེས་བུ་ཆེན་པོའི་དུས་ཐམས་ཅད་གནས་པ་དེ་ནི་འདིར་ཉེ་བར་ལོངས་སྤྱད་པར་བྱ་སྟེ་དེར་སོ་ཤིང་དོར་བ་ལ་སོགས་པ་མི་བྱ་ཞེས་པའི་དོན་ཏོ་དེའི་ཚད་ནི་སོར་བཅུ་གཉིས་མན་ཆང་སོར་བརྒྱད
་ཡན་ཆད་དོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་སོ་ཤིང་ལའོ།། སོར་བརྒྱད་པ་ཡན་ཆད་ཅེས་བྱ་བ་ནི་ཡན་ཆད་ཀྱི་སྒྲ་དང་འདིར་མཚམས་སྦྱར་བ་སྟེ། སོར་བཅུ་གཉིས་ནས་བརྩམས་ཏེ་ཇི་སྲིད་དུ་སོར་བརྒྱད་ཉིད་ནི་འདིའི་ཚད་ཡིན་ཞེས
་བྱ་བའི་དོན་ཏོ།། བད་ཀན་མང་བའི་སོར་བཞི་ལས་ལྷག་པ་ཡན་ཆད་ངོ་ཞེས་བྱ་བ་ནི་གང་ཞིག་སོར་བཞི་ལས་ལྷག་པ་ཡན་ཆད་ཀྱི་ཚད་དེ་སྲིད་དུ་འབྱུང་བ་ལ་སྔ་མའི་ཚད་ཀྱི་སོ་ཤིང་ལ་བད་ཀན་མང་པོའི་སོ་ཤིང་གི་ཚང་ངོ་།། འདིར་གཞུང་ནི
་བར་ནི་དབུས་ཏེ་འོན་ཀྱང་བད་ཀན་མང་བ་གང་ཡིན་པ་དེ་རྣམས་ཀྱིས་ནི་སོ་ཤིང་སོར་བཞི་པ་མ་གཏོགས་པར་ཡང་དོར་བར་བྱའོ།། ཞེས་གསུངས་པ་ཡིན་ནོ།། གནས་ཁང་དུ་ཚོལ་ཟངས་ཀྱི་ནང་དུ་སོ
་ཤིང་དོར་བ་ལ་མི་རིགས་པ་མེད་དོ་ཞེས་བྱ་བ་ལ། དོར་བ་ལ་ཞེས་བྱ་བ་ནི་སྐབས་ཉིད་ཀྱི་ཕྱིར་སོ་ཤིང་དོར་བ་ལའོ།། དེ་ལ་ཝ་ཁ་ཡང་མི་དབེན་པར་མི་འགྱུར་རོ་ཞེས་བྱ་བ་ནི་འདིར་སོ་ཤིང་དོར་བ་ལ་ཝ་ཁར་སྦས་ཏེ། དབེན་པ་ཉིད་དུ
་གྲུབ་པ་ཁོ་ན་ཡིན་ཞེས་བྱ་བའི་དོན་ཏོ།། དེར་ཁྲུ་གང་ཁོར་ཡུག་ཏུ་རྣམ་པ་དེ་ལྟ་བུ་བྱར་རུང་བ་ཉིད་དོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་ཝ་ཁཱར་རོ།། དེ་ལྟ་བུ་བྱར་རུང་བ་ཉིད་དོ་ཞེས་བྱ་བ་ནི་སོ་ཤིང་དོར་བའི་རིགས་ཅན་གྱི་རྐང་པ་བཀྲུ་བ་ལ
་སོགས་པའི་བྱ་བ་ཉིད་ལའོ།། ཁྲུ་གང་ཁོར་ཡུག་ཏུ་རུང་བ་ཉིད་དེ་ཁྲུ་གང་ཁོར་ཡུག་ལས་གཞན་དུ་སོ་ཤིང་དོར་བ་ལ་སོགས་པ་མི་བྱའོ་ཞེས་བྱ་བའི་དོན་ཏོ།། དེའི་རྗེས་ལ་ལྕེ་བཞོར་བར་བྱའོ།། ལྕེ་བཞར་བ་ཉེ་བར་བཞག་པར་བྱའོ།།
་དེའི་ཞེས་བྱ་བ་ནི་ལྕེ་བཞར་དོན་ལའོ།། ལྕེ་བཞར་བར་བྱ་བ་ཞེས་བྱ་བ་ནི་བཞར་བར་བྱེད་པའི་ཁབ་ཀྱི་རྫས་ཏེ་རྫས་གང་ཞིག་ཁང་བྱེད་པར་ར་གོན་དང་ཟངས་དང་ལྕགས་དང་འཁར་བ་རྣམས་ཀྱིས་ཏེ། དེའི་རང་བཞིན་ལས་བྱས་པ
་ཞེས་བྱ་བའི་དོན་ཏོ།། དོན་འདི་ལ་སོ་ཤིང་གི་ཚལ་བས་ཀྱང་རུང་ངོ་ཞེས་བྱ་བ་ལ། དོན་འདི་ལ་ཞེས་བྱ་བ་ནི་ལྕེ་བཞར་བའི་དོན་ལའོ།། དེ་མི་རྣོ་བར་བྱ་བའི་ཕྱིར་གཅིག་གིས་གཅིག་དྲུད་པར་བྱའོ་ཞེས་བྱ་བ་ལ། གཅིག་གིས་གཅིག
་ཅེས་བྱ་བ་ནི་ཕན་ཚུན་དུའོ།། དེ་ཞེས་བྱ་བ་ནི་སོ་ཤིང་འཆའ་བ་ལའོ།། མི་རྣོ་བས་སོ་དང་ལྕེ་དང་རྣ་བ་དྲུང་བཞིར་བྱའོ།། དལ་གྱིས་མ་ཡིན་པར་མི་བྱའོ་ཞེས་བྱ་བ་ནི་དལ་གྱིས་དྲུད་བཞར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་དག་གི་ཤ་ལ་མ
་གནོད་པར་རོ་ཞེས་བྱ་བ་ནི་སོ་དང་རྙིལ་ལོ་སོགས་པ་ལའོ།། སོ་དང་ལྕེ་གཉིས་ཀྱི་དྲུང་བཞིར་གྱི་ཕྱོགས་ཁའི་དྲི་མས་གོས་པ་མ་བཀྲུས་སམ་སས་མོ་བཀུས་པ་མི་དོར་རོ་ཞེས་བྱ་བ་ནི་སོ་ཤིང་དང་དྲུད་བཞར་དོར་རོ་ཞེས་བྱ་བ་འདི་དང་འབྲེལོ།
་ཆུ་མེད་ན་སོ་དང་ལྕེ་གཉིས་ཀྱི་དྲུང་བཞར་སས་མ་བསྐྱས་པར་རོ།། དྲུད་བཞར་ནི་སྐུར་འདི་དག་ལ་རིམ་པ་ཇི་ལྟ་བ་བཞིན་དུ་སོ་ཤིང་དང་ཚལ་བའོ།། སྒྱུ་མ་བྱས་པ་མི་དོར་རོ་ཞེས་བྱ་བ་ནི་ཇི་ལྟར་གསུངས་པ་གཉིས་དོར་ཏེ་འདི་ནི་དཔེ
་ཡིན། སྒྲ་མ་བྱས་པར་སོ་དང་ལྕེ་དག་གིས་དྲུང་བཞར་ཏེ་འདིས་གཞན་ཡང་མཚོན་པོ་ཞེས་བྱ་བའི་དོན་ཏོ།། གང་ཞིག་དཔེས་མཚོན་པ་དེ་སྟོན་པར་བྱེད་པ་ནི་བཤང་བ་དང་གཅི་བ་དང་མཚོལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་དང
་གཞན་དག་ཀྱང་ངོ་ཞེས་བྱ་བ་ལ། མཆིལ་མ་ཡིན་ལ་སྐྱུགས་པ་མ་ཡིན་པ་ནི་འདི་ལྟ་སྟེ། དཔེར་ན་སྣའི་བཤལ་སྨན་ལྟ་བུའོ།། ཕྱོགས་ཞེས་བྱ་བ་ནི་སོ་ཤིང་ལའོ།། གཙོ་བོ་ཉིད་ཀྱི་ཕྱིར་ངོར་རོ།། ཇི་ལྟར་ཟོས་པ་དེ་བཞིན་དུ་ཐུར་དུ་རླུགས
་པ་ལྟ་བུའོ།། དེ་བས་ན་མཆིལ་མ་དང་བཤང་བ་བརྗོད་པ་ཡོད་ཀྱང་སྐྱུགས་པ་དང་རླུགས་པའི་ཚིག་གོ།། བཤང་བ་ལ་སོགས་པ་གཞན་དོར་བར་བྱ་བ་ཐམས་ཅད་ཉེ་བར་བསྡུ་བའི་དོན་དུ་ཀྱང་ངོ་ཞེས་བྱ་བའི་ཚིག་གོ།། དེ་ལས་བྱི་དོར་འབྱུང
་བ་བཞིན་དུ་འདག་རྫས་ལྕི་བ་དང་ལས་ཀྱང་ངོ་ཞེས་བྱ་བ་ནི་སོ་ཤིང་དོར་བ་ལས་སོ།། འདག་རྫས་དང་ལྕི་བ་ལས་ཀྱང་ངོ་ཞེས་བྱ་བ་ནི་འབྱུང་བའོ།། འདིར་གཞུང་ནི་སོ་ཤིང་མ་རྙེད་ན་བ་ལུང་གི་ལྕི་བ་དང་འདག་རྫས་ཀྱིས
་ཁ་སྦྱང་བར་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ།། སོ་ཤིང་དོར་བ་དེ་མ་ཐག་ཏུ་བྱ་བ་གང་གིས་བསྒྲུབས་ནས་དེ་ལས་ཕྱག་བྱའོ།། གནས་པས་སྒྲུབ་པའི་དབང་དུ་བྱས་ཏེ་དེ་ནས་ཀྱི་སྒྲ་ནི་དབང་དུ་བྱ་བའི་དོན་དེ་རྗེས་ཀྱི་དོན་མ་ཡིན་ནོ།། འདིའི
་འོག་ཏུ་གནས་པས་སྒྲུབ་པ་དབང་དུ་བྱས་པར་རིག་པར་བྱའོ།། དེ་ནས་དེ་མ་ཐག་ཏུ་སྔར་སོང་སྟེ་ཕྱག་བྱའོ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་བསྒྲིབས་པའི་རྗེས་ལ་སྟེ། མཆོད་རྟེན་ལ་ཕྱག་བྱ་བ་ནི་ངེས་པའོ།། གནས་པ་བདེ་བ་ལ་སྦྱར་ལུས་ཀྱི
་བྱ་བ་བསྒྲུབས་ནས་ཞེས་བྱ་བ་འདི་ལས་ཤིན་ཏུ་སྔར་གནས་ལ་རྟོགས་པར་བྱའོ།། གདོང་རྣམ་པར་དག་པས་ཕྱག་བྱེད་པ་ལ་འདོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། གཞན་དུ་གནས་པ་ལ་ཕོངས་པ་བསྐྱེད་པའི་ཕྱིར་རོ།། འདག་རྫས་དང་སོ་ཤིང་དབུལ
་ལོ་ཞེས་བྱ་བ་འདིས་འགལ་ལོ་ཤེས་པར་བྱ་བ་ཡང་མ་ཡིན་ཏེ། ནད་པ་ལ་སོགས་པ་ལ་གནས་པ་ལ་ཡོད་པའི་ཕྱིར་རོ་བསྙུན་གསོལ་ལོ།། བདག་རྫས་དང་སོ་ཤིང་དབུལ་ལོ།། ཚང་མང་བལྟས་ཏེ་བརྗོད་པོར་བྱའོ་ཞེས་བྱ་བ་ནི་གང་གིས་དེར
་བཟའ་བ་དང་བཏུང་བ་ཉེ་བར་བརྟགས་ཏེ་བརྗོད་པ་ལའོ།། དགའ་བ་བསྟབས་པ་ཉིད་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི་བརྗོད་པ་ལ་གང་དུ་འདི་དགའ་བ་ཡང་དག་པར་སྟོན་པར་བྱེད་པའི་དགའ་བ་དེ་ལ་དབུལ་བར་བགྱིའོ་ཞེས་བྱ་བས་དེ་ལྟར་ཡིད་ལ་བྱེད
་བའོ།། ལྷུང་བཟེད་བཀྲུ་བར་བྱའོ།། གལ་ཏེ་བསོད་སྙོམས་པ་ཞིག་ཡིན་ན་གསིལ་བྱེད་ཀྱང་ངོ་ཞེས་བྱ་བ་ནི་སྒྲ་སིལ་ལི་ལི་བྱེད་པ་གསིལ་བྱེད་དེ་གཉིས་པའི་མིང་ཅན་ལ་བཀུར་བར་བྱའོ།། གསིལ་བྱེད་དེ་སྤུ་བྱེད་པས་ན་གསིལ་བྱེད་དོ།། གལ་ཏེ་དགོས
་པ་ཡོད་ན་ཆུ་ཚགས་ཀྱང་ངོ་ཞེས་བྱ་བ་དང་འབྲེལ་ལོ།། སླར་དགོས་པ་ནི་དུས་གཅིག་ཏུ་ཕྱི་རོལ་ཉིད་དུ་ཟའ་བར་བྱ་བར་འགྱུར་རོ།། གལ་ཏེ་དགས་དེ་ཡང་ཡིན་ན་ཞུ་བར་བྱའོ།། གལ་ཏེ་བཟོད་ཅིང་འདོད་ན་དེ་ཉིད་དང་ལྷན་ཅིག་ཏུ་འཇུག་པར་བྱའོ་ཞེས་བྱ
་བ་ནི། གལ་ཏེ་གནས་པ་དེ་ཡང་བསོད་སྙོམས་པར་གྱུར་ན་དེ་ནས་བསོད་སྙོམས་ལ་འཇུག་པའི་དོན་དུ་བཟོད་ཅིང་ལྷན་ཅིག་འཇུག་པ་དག་གིས་སོ།། འདི་ལ་མངོན་པར་འདོད་པ་ཅི་ཞིག་ཅེས་བྱ་བ་ངེས་པར་ཤེས་པའི་དོན་དུ་འདྲི་བ་ནི་གལ་ཏེ་བཟོད།
་ན་ཞེས་བྱ་བ་ལ། གནས་ལ་གནས་པ་དང་ལྷན་ཅིག་ཏུ་ཞུགས་པ་མངོན་པར་འདོད་ན་དེ་ཉིད་ནི་གནས་དང་ལྷན་ཅིག་ཏུ་འཇུག་པ་སྟེ། ཉམ་ང་བ་ལ་སོགས་པར་མདུན་དུ་འགྲོ་བར་བྱའོ།། བསོད་པ་དེ་ལ་བདར་བར་བྱའོ་ཞེས་བྱ་བ་ནི་གལ་ཏེ
་བསོད་སྙོམས་བསོད་པ་ཞིག་རྙེད་པ་འདི་ལ་ཕུལ་ཅིག་ཅེས་བྱ་བས་དེ་ལ་བསྒོ་བར་བྱའོ།། གལ་ཏེ་མ་འགྲོགས་ན་ཞེས་བྱ་བ་ནི་ཞུགས་པའོ།། འོངས་ནས་བསྟོབ་པར་བྱའོ་ཞེས་བྱ་བ་ནི་བསོད་སྙོམས་ལའོ།། ཇི་ལྟ་བུར་དབུལ་བར་བྱ་ཞེ་ན།
་དེའི་ཕྱིར་ཆེས་མཆོག་ཏུ་གྱུར་པ་འདུལ་བར་བྱའོ་ཞེས་བྱ་བ་སྨོས་ཏེ། བཟའ་བ་དང་བཟའ་བར་གྱུར་པ་དེ་ནི་གནས་ལ་འཇེ་བཞེས་ཅིག་ཅེས་དབུལ་ཞིང་བསྟབས་པར་བྱའོ།། དེ་ཐམས་ཅད་ལ་ཚང་རིག་པར་བྱའོ་ཞེས་བྱ་བ་ནི་གནས་སོ།། ཆུ་སྣོ
་གང་བར་བྱའོ།། དུས་བརྗོད་པར་བྱའོ་ཞེས་བྱ་བ་ནི་བཟའ་བའི་དུས་ལའོ།། ཟན་ཟོས་ནས་ལྷུང་བཟེད་ལ་སོགས་པ་བཀྲུ་བར་བྱའོ།། དེ་དག་བཞག་པར་བྱའོ།། མཆོད་རྟེན་ལ་ཕྱག་འཚལ་བ་ན་འདོག་རྫས་དང་ཆུ་ལ
་སོགས་པ་དབུལ་ལོ།། རྐང་པ་བཀྲུ་བར་གཏོགས་པ་ལ་ནན་ཏན་བྱའོ།། མལ་དང་སྟན་བཤམས་པར་བྱའོ་ཤམ་ཐབས་ཀྱི་གཟན་དབུལ་བར་བྱའོ།། ཤམ་ཐབས་བླང་བར་བྱའོ།། རྐང་པའི་ཆུ་དང་རྟེན་དང་ཚལ་ཟངས་དབུལ་བར་བྱའོ་ཞེས་བྱ་བ་ལ། རྐང་པ
་ཞེས་བྱ་བའི་སྒྲ་ནི་ཆུ་རྟེན་དག་གིས་སོ་སོར་མངོན་པར་འབྲེལ་བ་སྟེ། རྐང་པའི་ཆུ་ལ་སོགས་པ་དབུལ་བར་བྱ་བ་ནི་རྐང་པ་བཀྲུ་བའི་ཆུ་དང་རྟེན་དང་ཆོལ་ཐང་རྣམས་དབུལ་བར་བྱའོ།། ཕྱི་ལྷམ་གཉིས་ཕྱིའོ།། སྒྲུབ་པར་བྱེད་པ་ཉིད་དུ་མ་བསྐོས་པར་ཕྱགས་མ་ཐོགས
་ཐོང་ན་ལས་ཆུད་པར་བྱའོ།། གོས་འཚིམ་པ་ཉིད་དུ་མ་བསྐོས་པར་ཁབ་ཐོགས་པ་ཡང་ངོ་ཞེས་བྱ་བ་ནི་མཐོང་ནས་ལས་ཆུང་བར་བྱའོ་ཞེས་བྱ་བ་རྗེས་སུ་སྦྱར་རོ།། སྒྲུབ་པར་བྱེད་པ་ཉིད་དུ་བསྐོས་པའམ་གོས་འཚེམ་པ་ཉིད་དུ་བསྐོས་པ་ལ་ལས་ཆུང་བར
་མ་བྱས་ཀྱང་སྐྱོན་མེད་དོ།། རུང་བར་བྱ་བ་དང་སྔོ་ཆུང་ངུ་བ་བརྡ་བ་དང་མེ་ཏོག་དང་འབྲས་བུ་བཏོགས་པ་དང་། སོ་ཤིང་ཉེ་བར་བསྒྲུབ་པ་ལ་སོགས་པ་ལ་ཡོང་དགེ་ཚུལ་བསྐོའོ་ཞེས་བྱ་བ་ནི་གནས་ཀྱི་སླད་དུ་བྱའོ་ཞེས་བྱ་བ་དོན་གྱིས་ཤེས་སོ།། དེའི་ཕྱིར།
་ཡང་ཞེས་བྱ་བའི་སྒྲས་གནས་པར་བྱ་བ་སྔར་བསྟན་པ་ཐམས་ཅད་དང་གནས་འགའ་ཞིག་ལ་བྱ་བར་མ་ཟད་ཀྱི་དགེ་འདུན་ལ་ཡང་དེ་དག་ཐམས་ཅད་ལ་འདི་བྱའོ་ཞེས་བྱ་བའི་རྗེས་སུ་འབྲེངས་ནས་ཤེས་པར་བྱའོ།། སྒོ་གླེགས་ལ་བརྡབས་པས་ནང་ནས
་གནས་པ་ལ་གོ་བར་བྱའོ་ཞེས་བྱ་བ་གནས་དང་གནས་ལའོ།། ཆོ་ག་འདི་ནི་དགེ་སློང་རྣམས་ཀྱི་དབང་དུ་བྱས་པའོ།། དེ་ནི་ངལ་བུས་དང་ཡུན་མི་རིང་བའི་བྱའོ་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྒོ་གླེགས་ལ་བརྡབས་པས་ནང་ན་གནས་པ་ལ་གོ་བར་བྱ་བ་སྟེ།
་དེ་ནི་དལ་བུ་དང་ཡུན་མི་རིང་བར་བྱའོ་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྒོ་གླེགས་རུང་བར་མི་བྱ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་གཞན་གྱིས་མི་ཕུལ་ལོ་ཞེས་བྱ་བ་ལ། དེ་ནི་སྒོ་གླེགས་ཏེ་སྒོ་ཞེས་བྱ་བ་གཉིས་པའི་མིང་ཅན་ཤིན་ཏུ་ཤུགས་དང་ལྡན་པས
་མི་ཕུལ་ལོ་ཞེས་བྱ་བའི་དོན་ཏོ།། ངལ་བུས་ཤེས་བཞིན་དུ་འཇུག་པ་དང་འབྱུང་བ་དང་སྒོ་སྐྱེས་ལ་མི་དྲུད་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་འདི་དག་ལ་འདུད་པར་མི་འགྱུར་བ་དེ་ལྟར་ཞེས་བྱ་བའི་དོན་ཏོ།། དེ་ལ་བཀུར་སྟི་བྱའོ་ཞེས་བྱ་བ་ནི། དེ་ལ་ཞེས
་བྱ་བ་ནི་གནས་སོ།། བར་དུ་གནས་པ་དང་གནས་པ་དབང་དུ་བྱེད་པ་ལ་རྒྱུན་མི་འཆད་པ་ཉིད་ཀྱིས་དེ་ལ་ཞེས་བྱ་བའི་སྒྲ་ནི་གནས་ཡོངས་སུ་བཟུང་བའི་དོན་ལའོ།། བཞར་བར་བྱའོ་ཞེས་བྱ་བ་ནི་དེ་ལ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏེ་གནས་པས
་གནས་དེ་ལ་བཞར་བར་བྱ་སྟེ། ཐག་མི་རིང་བར་འདུག་པར་སྟེ་ཞེས་བྱ་བའི་དོན་ཏོ།། དེ་དང་ཞེ་འགྲས་པ་ལ་མི་བཞིར་རོ་ཞེས་བྱ་བ་ནི་བཞར་བར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏེ། གནས་དང་ལྷན་ཅིག་ཞི་འགྲས་པའི་གང་ཟག་ལ་མི་བཞར
་རོ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཁྲེལ་ཡོད་པར་བྱའོ་ཞེས་བྱ་བ་ལོ། དེ་ལ་ཞེས་བྱ་བ་ནི་གནས་ལས་སོ།། ཇི་སྲིད་དུ་གནས་པས་གནས་ལ་ངོ་མ་ཤེས་པ་དང་བཅས་པས་གནས་པར་བྱའོ་ཞེས་བསྟན་པར་འགྱུར་རོ།། དེའི་བྱ་བ་ལ་གྲིམས
་བར་བྱ་ཞེས་བྱ་བ་ནི་ལེ་ལོ་མེད་པའོ།། གུས་པར་བྱས་ཏེ་བྱ་བ་དང་ཞེས་བྱ་བ་ནི་གང་ཞིག་གིས་བྱ་བ་དེ་ནི་གུས་པར་བྱས་པས་བྱའོ་ཞེས་བྱ་བའི་དོན་ཏོ།། མཛེས་པས་འཇུག་པར་བྱའོ།། ཞེས་བྱ་བ་ནི་འཛེས་པ
་འདའ་བར་བྱེད་པ་ལ་སོགས་པ་དང་ལྡན་པའོ།། ངོ་ཚ་དང་ལྡན་པ་དང་གུས་པ་དང་བཅས་པ་དང་ཞེས་བྱ་བ་ནི་གལ་ཏེ་ཡང་ངོ་ཆེ་བའི་བྱེ་བྲག་གུས་པ་ཡིན་ན་དེ་ལྟར་ན་སྒྲ་འདི་ལས་འདི་ཤེས་པ་མ་ཡིན་པ་དེ་བས་ན་འདི་བཟུང་ངོ་།། ངོ་ཚ་བསྐུམ་པའོ།། རྗེས་དང
་བཅས་པའོ་ཞེས་བྱ་བ་ནི་གཞན་ལ་རེག་ལས་པའི་རིག་པའི་ངོ་བོ་ཁྲེལ་ཡོད་པའི་བྱེ་བྲག་ནི་རྗེས་དང་བཅས་པའོ།། སེམས་དམའ་བ་ཞེས་བྱ་བ་ནི་ང་རྒྱལ་བཅོམ་པའོ།། ཤེས་བཞིན་གྱིས་ཞེས་བྱ་བ་ནི་རང་གི་དོན་ཏེ་བསམ་གཏན་དང་ཀློག་པ་ལ་སོགས
་པའོ།། དགེ་བ་གང་ཡིན་ཞེས་ཚོལ་བ་ཅན་དུ་བྱའོ་འདི་ལ་བརྟེན་པའི་གནས་བཅའ་བ་དང་ཞུ་བ་དང་འཁོར་སྦྱིན་པ་ལ་སོགས་པ་ལ་གཞན་འདི་ལ་གནས་པ་ལ་གང་དགེ་བ་ཚོལ་བས་གནས་པར་བྱའོ་འཇིག་རྟེན་གྱི་བྱ་བ་ལ་རྩེ་གཅིག་པས་ནི་འདི
་མི་བྱ་ཞེས་བྱ་བའི་དོན་ཏོ།། ཉེས་བྱེད་ལ་འཇུག་ན་བཟློག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་གནས་འདི་ཉེས་བྱེད་ཅུང་ཟད་ལ་འཇུག་པ་དེ་ནི་གནས་པས་བཟློག་པར་བྱའོ།། དགེ་བ་མི་འཕེལ་ན་དེ་བྱེད་པ་གནས་པ་གནས་གཞོན་ལ་གཏད་པར་བྱའོ་ཞེས་བྱ་བ
་ལ་གལ་ཏེ་གནས་དེ་ལ་གནས་པོའི་དགེ་བ་འཕེལ་བར་མི་འགྱུར་ན། དེ་ནས་དེ་འདི་ལ་དགེ་བ་འཕེལ་བར་བྱེད་པའི་གནས་གཞན་ལ་གཏད་པར་གསོལ་བར་བྱའོ།། དེའི་ཕྱིར་དེས་ཀྱང་དེ་ལ་དྲི་བ་ལ་སོགས་པས་གནས་ཀྱིས་འོས་ངེས་པར་ཤེས་པར་བྱས
་ནས་གཏད་བར་བྱའོ།། གནས་དེས་ཀྱང་གནས་པ་དེ་ལ་འདི་ལ་ཡང་བྱ་བ་སྟེ། སྡིག་པའི་གྲོགས་པོ་ལས་བཟློག་པར་བྱའོ།། དགེ་བ་ལ་སྦྱར་བར་བྱའོ།། དེ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་དགེ་བ་ལ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ལྟུང་བ
་ས་བསླང་བ་དང་རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་བསྒྲུབ་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི། ཇི་ལྟར་གནས་པ་ལ་འདི་གཉིས་བསྒྲུབ་པ་དེ་ལྟར་གནས་ཀྱིས་བརྩོན་པར་བྱའོ།། དེས་ཀྱང་དེ་ལ་དེ་བྱའོ་ཞེས་བྱ་བའི་མདོ་འདའ་བ་ལས་གནས་པས་ཀྱང
་གནས་ལ་འདི་གཉིས་བསྒྲུབ་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་རྟོགས་པར་བྱའོ།། ལྷན་ཅིག་གནས་པ་དང་ཉེ་གནས་དང་མཁན་པོ་དང་སློབ་དཔོན་དང་མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ་དང་གཏམ་འདྲེས་པ་དང་ཕེབས་པར་སྨྲ་བ་དང་སྨོན་འདྲིན
་འགྲོགས་ཤེས་རྣམས་ཀྱིས་ནད་གཡོགས་བྱའོ་ཞེས་བྱ་བ་ལ། གཏམ་འདྲེས་པ་ཞེས་བྱ་བ་ནི་གཏམ་དྲི་བ་ལ་སོགས་པ་དང་དགའ་བ་སྤྱོད་པ་ཉིད་ཀྱིས་དགའ་བ་ཉིད་དུ་བཀྲི་བའོ།། ཕེབས་པར་སྨྲ་བ་ནི་གང་དང་ལྷན་ཅིག་ཏུ་བག་འབེབས་པར་གྱུར་ཅིང
་དེ་ལ་དུས་དུས་སུ་ཀུན་ཏུ་སྨྲ་བར་བྱེད་པ་ཡིན་ནོ།། སྨོན་འདྲིན་ཞེས་བྱ་བ་ནི་གང་དང་ལྷན་ཅིག་ཏུ་གནས་གཅིག་ན་འདུག་པ་དང་ལྷན་ཅིག་ཏུ་འགྲོ་བ་ལ་སོགས་པས་འདྲིས་པ་ཁས་བླངས་པས་ཡན་ལག་དང་ཡན་ལག་ཅན་གྱི་དངོས་པོ་སྐྱེས་པའོ།། འགྲོགས
་ཤེས་ཞེས་བྱ་བ་ནི་གང་གིས་གང་མཐོང་ངམ་མཐོང་མ་ཐག་ཁོ་ནར་ཡན་ལག་ཅན་གྱི་དངོས་པོ་སྐྱེས་པས་ན་དགའ་བ་ཙམ་སྐྱེས་པའོ།། བྱེད་པ་དང་པོ་མེད་ན་འོག་མས་སོ་ཞེས་བྱ་བ་གཙུག་ལག་ཁང་གི་ཉེ་གནས་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་སྔ་མས
་ཉེ་གནས་བྱེད་པ་མེད་པ་ལ་ཕྱི་མ་ཕྱི་མས་ཉེ་གནས་བྱའོ།། གཙུག་ལག་ཁང་དང་ལྷན་ཅིག་ཏུ་ཉེ་གནས་བྱེད་པ་མེད་པ་ལ་མཐར་གནས་པས་ཉེ་གནས་བྱའོ།། དེ་ཡང་མེད་ན་མཁན་པོས།། དེ་ཡང་མེད་ན་སློབ་དཔོན
་གྱིས་སོ་ཞེས་བྱ་བ་ལ་སོགས་པའོ།། མཁན་པོ་ལ་ལྕི་བ་ཉིད་ཀྱིས་ཕྱིར་དེའི་སྔོན་དུ་གང་ཞིག་དང་པོར་འོས་པ་ཉིད་སློབ་དཔོན་ལ་མཐར་གནས་པ་ལ་གཙུག་ལག་ཁང་དང་ལྷན་ཅིག་ཉེ་གནས་པས་སོ།། དེ་བས་ན་ཤིན་ཏུ་ཉེ་བར་གནས་ཉིད་ཀྱིས་ཕྱིར་ལྷག་མ
་སྔ་མ་ལ་དང་པོ་འོས་པ་ཉིད་དོ།། འདིར་ཀློག་པའི་སློབ་དཔོན་ཡང་བཟུང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་བཟུང་བས་སོ།། ཅིག་ཅར་མི་ནུས་ན་གནས་པ་གང་དང་འཇུག་པ་ཡིའོ་ཞེས་བྱ་བ་ལ། ཅིག་ཅར་ཞེས་པ་ནི་ནད་པ་ལ་ཉེ་བར་གནས་དུ་མ་ལའོ།།
་མི་ནུས་པ་ལ་ཞེས་བྱ་བ་ནི་གལ་ཏེ་གཅིག་ལས་ཡང་ཉེ་བར་གནས་པ་མི་ནུས་ན་གནས་པ་ཉེ་བར་གནས་པར་བྱ་ཞེས་བྱ་བའི་དོན་ཏོ།། གནས་པ་སུ་ཞིག་ཅེ་ན། གང་དང་འཇུག་པའི་འོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་ལ་ཞུ་བ་བྱས་ནས་བྱ་བ་བྱེད་པ་གང་གི་ཚེ
་གང་ལ་གང་གིས་གལ་ཆེ་བ་དེའི་དེ་ལ་འཇུག་པའོ།། ཤིན་ཏུ་གནོད་པར་བྱེད་པའི་ཕོངས་པ་ལ་ཐམས་ཅད་དོར་ནས་ཞེས་བྱ་བ་དོན་གྱིས་གོ་བར་བྱའོ།། འདིར་དེའི་རྟགས་ཙམ་པ་ཡང་རབ་ཏུ་བྱུང་བ་དང་འདྲའོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་ནད་གཡོགས
་བྱ་བའི་ཡུལ་ལ་གང་ཞིག་རབ་ཏུ་བྱུང་བའི་དོན་དུ་སྐྲ་བྲེག་པ་ལ་སོགས་པའི་རྟགས་ཙམ་གྱིས་སྦྱར་ཅིང་ད་ལྟར་ཡང་རབ་ཏུ་འབྱུང་དུ་མ་བཅུག་པ་དེ་ནི་རབ་ཏུ་བྱུང་བ་དང་འདྲ་བར་རིག་པར་བྱའོ།། ཇི་ལྟར་རབ་ཏུ་བྱུང་བ་ལ་ཉེ་བར་གནས་པ་དེ་ལྟར་ནད་པ་དེ་ལ་བྱའོ།།
་ཞེས་བྱ་བའི་དོན་ཏོ།། ཚངས་པ་མཚུངས་པར་སྤྱོད་པ་ན་བ་ཡལ་བར་མི་དོར་རོ།། དེ་ལ་ནད་གཡོག་མེད་ན་མཐར་ཐུག་པ་མན་ཆད་ལས་བསྐོ་བར་བྱའོ་ཞེས་བྱ་བ་ལ། མེད་ན་ཞེས་བྱ་བ་ནི་གཙུག་ལག་ཁང་ལ་སོགས་པ་དང་ལྷན་ཅིག་ཏུའོ།། གང་མན་ཆད་ལས་བསྐོ
་བྱ་ཞེ་ན། དེའི་ཕྱིར་མཐར་ཐུག་པ་ཞེས་བྱ་བོ་སྨོས་ཏེ། གལ་ཏེ་གཅིག་བྱིན་ནས་ཀྱང་ཉེ་གནས་མེད་པར་གྱུར་ནས་དེས་འབྲས་བུ་བསྒྲུབ་པའི་ནུས་པ་མེད་པའི་ཕྱིར་གཞན་བསྐོ་བར་བྱའོ།། དེ་བཞིན་དུ་ཇི་སྲིད་དུ་དགེ་འདུན་གྱི་མཐར་ཐུག་པ་མན་ཆད་ལས་བསྐོ
་བར་བྱའོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཐམས་ཅད་མེད་ན་དགེ་འདུན་གྱི་ནད་པའི་གནས་སྐབས་ཡོངས་སུ་ཤེས་པར་བྱ་སྟེ། ན་དེ་གཡོག་གཅིག་གམ་གཉིས་སམ་རབ་ཏུ་མང་པོས་བསྐོར་བར་བྱ་ཞིང་ཐ་ན་དགེ་འདུན་ཐམས་ཅད་ཀྱིས་ནད་གཡོག་བྱའོ།
་ཞེས་གསུངས་པ་ཡིན་ནོ།། སྨན་བརྟག་པར་བྱ་བའི་ཕྱིར་དགེ་འདུན་ལས་བྱུང་བའི་སྨན་ནི་ནད་པ་འབའ་ཞིག་གིས་སྤྱད་དུ་རུང་ངོ་ཞེས་བྱ་བ་སྨོས་ཏེ། ཁྱིམ་བདག་སྒྲེའོ་ཡི་རྫས་ལས་སྨན་གང་ཡིན་པ་དགེ་འདུན་གྱི་སྨན་ཁང་དུ་གཞུག་པར་བྱ་ཞིང་དགེ་སློང་ནད་པ་རྣམས
་ཀྱིས་ལོངས་སྤྱོད་པར་བྱའོ་ཞེས་གང་ཡིན་པ་དེ་འདིས་བསྡུས་པ་ཡིན་ནོ།། མེད་པ་ཉིད་ཡིན་ན་ན་དེ་ནད་གཡོག་གིས་ཚིལ་དུ་གཞུག་གོ་ཞེས་བྱ་བ་ནི་མེད་པར་གྱུར་ན་སྨན་འདི་ནད་གཡོག་གིས་ཚོལ་དུ་གཞུག་པར་བྱའོ།། མ་འབྱོར་ན་དགེ་འདུན་གྱིས་ལས་སྦྱིན་པར་བྱའོ།།
་ཞེས་བྱ་བ་ནི་གལ་ཏེ་ཚོལ་དུ་གཙུག་ཀྱང་མ་འབྱོར་པར་གྱུར་ན་དེ་ནས་དགེ་འདུན་གྱིས་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། མེད་ན་ཞེས་བྱ་བ་ནི་དགེ་འདུན་གྱིའོ།། སངས་རྒྱས་ཀྱི་སྐུ་ལ་གསོལ་བ་མན་ཆད་ཀྱང་ངོ་ཞེས་བྱ་བ་ནི་གང་ཞིག་སྐུ་གཟུགས་དང་མཆོད་རྟེན་དང
་རྒྱན་ལ་སོགས་པ་བཏགས་པ་གང་ཡིན་པ་དེ་དག་གི་བར་ཡང་སྦྱིན་པར་བྱ་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་དགེ་འདུན་གྱི་ལས་བཏུང་བ་དང་གདུགས་གདགས་པ་ལ་སོགས་པའི
་མཆོད་པ་བྱའོ་ཞེས་བྱ་བ་ནི་འབྱོར་ན་ཞེས་བྱ་བ་དང་སྦྱར་རོ།། རང་ལ་མེད་ན་དགེ་འདུན་ལས་འདི་ལ་བྱའོ།། དགེ་འདུན་ལོ་འདི་མེད་ན་སངས་རྒྱས་ཀྱི་ལས་སོ།། དེ་གཉིས་ཀྱིས་བླངས་པ་དེ་མ་ཤེ་ལ་འབྱོར་པ་ཡོད་ན་བསམ་པ་ཉིད་དུ་བྱའོ་ཞེས་བྱ་བ་ལ། དེ་གཉིས
་ཀྱིས་ཞེས་བྱ་བ་ནི་དགེ་འདུན་དོང་སངས་རྒྱས་གཉིས་དག་གིའོ།། སྦྱིན་དུ་མེད་ན་སྐྱོན་མེད་དོ།། ནོད་གཡོག་གིས་དེ་ལ་བསྙེན་བཀུར་མི་བྱ་བར་མི་བྱའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ནད་པ་ལའོ།། དེའི་ཚིག་དོན་དང་ལྡན་པ་དང་ཆོས་དང་ལྡན་པ་བཅག་པར
་མི་བྱའོ་ཞེས་བྱ་བ་ལ། དོན་དང་ལྡན་པ་ཞེས་བྱ་བ་ནི་འཚོ་བ་ལ་ཕན་པ་དང་སོ་སོར་ཡང་དག་པར་འབྲེལ་པའོ།། དེའི་ཞེས་བྱ་བ་ནི་ནད་པའོ།། ཆོས་དང་ལྡན་པ་ཞེས་བྱ་བ་ནི་བསོད་ནམས་ལ་ཕན་པ་དང་འབྲེལ་པའོ།། ལྷག་པར་ཆགས་པའི་དངོས་པོ་འགུགས
་ན་དོགག་པར་མི་བྱའོ་ཞེས་བྱ་བ་ལེ་ལྷག་པར་ཚོགས་པའི་དངོས་པོ་ནི་ལྷུང་བཟེད་ལ་སོགས་པ་གང་ལ་ནང་པ་སྲེད་པའོ།། འགུགས་ན་ཞེས་བྱ་བ་ནི་ནད་པས་ནང་གཡོག་ལའོ།། མི་གདམས་པར་མི་བྱའོ་ཞེས་བྱ་བ་ནི་ནད་གཡོག་གིས་ནད་པ་ལའོ།། དེ་ནང་པས
་བཟླ་བར་ཤིན་ཏུ་མི་བྱའོ།། ཞེས་བྱ་བ་ནི་ནད་གཡོག་གིས་གདམས་དག་བྱས་པ་ལས་ནད་པ་འདའ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། ནད་གཡོག་དེས་དེ་འཆི་བར་དོགས་ན་དེ་དགེ་འདུན་གྱི་མལ་སྟན་ལ་བསླང་སྟེ་གང་ཟག་གི་ལ་བཞག་པར་བྱའོ།། སྐུ་མཉེ་དང
་ཁྲུས་སྔར་བྱ་བ་ཉིད་ཀྱིས་སྒྱུ་ཐབས་ཀྱིས་སོ་ཞེས་བྱ་བ་ལ་སྐུ་མཉེ་དང་ཁྲུས་སྔར་བྱ་བ་ཉིད་ཀྱི་སྒྱུ་ཐབས་ཀྱིས་སྐུ་བཞག་པར་བྱའོ།། འདིར་སྒྱུ་ཐབས་ནི་གཙོ་བོ་ཉིད་ཀྱི་ཕྱིར་གཉིས་པོ་འདི་དཔེར་རིག་པར་བྱའོ།། དེའི་གནས་སྐབས་ཀྱི་ཡོངས་སུ་བརྟག་པ་ལ་འབད་པ་དང་ལྡན
་པར་བྱའོ་ཞེས་བྱ་བ་ནང་ཤི་བའི་གནས་སྐབས་ཡོངས་སུ་གཅོད་པ་ལ་ལུས་ཀྱི་གནོས་སྐབས་གང་ལ་འཆི་བའི་དོགས་པའི་བྱུང་བ་དེ་ལ་ཞེས་བྱ་བའི་དོན་ཏོ།། འདིར་འབད་པ་ནི་ཡང་ནས་ཡང་དུ་རྟོག་པའོ།། དེས་སྤེར་བར་བྱས་པའི་ཤི་བའི་གོས་དེ
་དག་བཀྲུ་བ་ནི་དེས་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ནད་དེས་ཀུན་ནས་ཉོན་མོངས་པར་བྱས་པ་ཤི་བའི་གོས་དེ་ལ་རྣམས་ལ་ནད་པ་གང་ལ་ནད་གཡོག་དེས་ཤི་བའི་དེ་ཉིད་ཀྱི་གལ་ཏེ་གོས་དེ་རྣམས་ཡིན་ན་ཡང་གཞན་གྱིས་དེ་རྣམས་བཀྲུ་བ་མ་ཡིན་ཏེ། ནད
་གཡོག་དེས་བྱའོ་ཞེས་བྱ་བའི་དོན་ཏོ།། དགེ་འདུན་འདུས་པ་ན་དེའི་གནས་བརྟན་འདུན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ལ། འདི་རྟེན་དང་རྟེན་པའི་རབ་ཏུ་དབྱེ་བ་ཞེས་བྱ་བའི་མཐར་ཐུག་པ་འདི་ལ་དགེ་འདུན་གྱི་གནས་བརྟན་གྱིས་དབང་དུ་བྱ་བ་ལ་ཉེ་བར་དགོད་པ་སྟེ།
་དགེ་འདུན་ཚོགས་པ་ན་དགེ་འདུན་གྱི་གནས་བརྟན་ཐོག་མར་འགྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། འགྲོ་བའི་ཚེ་ཐོགས་ན་སྡུད་པར་བྱའོ་ཞེས་བྱ་བ་ནི་གནས་བརྟན་དེའོ།། དེ་རྣམས་ཀྱིས་དེ་ཡང་ངོ་ཞེས་བྱ་བ་ནི་གང་རྣམས་ཀྱི་གནས་བརྟན་དེ་དེ་རྣམས་ཀྱི་ཡང
་ཐོག་ན་བསྡད་པར་བྱའོ།། མ་བྱུང་བ་ལ་ནི་རིང་བར་སོང་སྟེའོ།། གྲོང་གི་ཉེན་ཀོར་དུ་ཡོང་ངོ་ཞེས་བྱ་བ་ལ། ཉེན་ཀོར་གྱི་སྒྲ་ནི་ཉེ་བར་བརྗོད་པའོ།། གལ་ཏེ་འཇུག་པ་ནི་ཕྱི་བཞིན་འོངས་པ་ན་ཡང་ངོ་ཞེས་བྱ་བ་ནི་གལ་ཏེ་མངོན་པར་འཇུག་པ་འདོད་ན་ཕྱི་བཞིན
་འོང་བ་འདི་ལ་གྲོང་གི་ཉེན་ཀོར་དུ་བསླང་བར་བྱའོ།། དེ་ལྟར་ལྟ་བར་གྱུར་པ་རྣམས་ལ་གལ་ཏེ་སྦྱིན་པ་འོངས་ནས་ཡང་དེ་ལ་གནས་བརྟན་འོངས་ཀྱི་བར་དུ་སྡོད་ཅིག་ཅེས་གོ་བར་བྱའོ་ཞེས་བྱ་བ་ལ།
་ལ་ཞེས་བྱ་བ་སྦྲོན་པ་ལའོ།། ཟས་ཀྱི་ཕྱིར་སོན་པ་ཉིད་ན་ལག་ཆུ་དྲངས་པའི་ཚེ་གལ་ཏེ་དུས་ཡོད་ན་ཡང་ངོ་ཞེས་བྱ་བ་ནི་ཟས་ཀྱི་ཕྱིར་རམ་བཏུང་བའི་ཕྱིར་སོན་པ་ཉིད་ན་ལག་ཆུ་དྲངས་པའི་ཚེ་གལ་ཏེ་ཐོགས་པར་གྱུར་པ་རྣམས་ལ་དུས་ཡོད་ན་དེ
་ནས་སྦྲོན་པ་དེ་ལ་ཚུར་ཤོག་ཇི་སྲིད་དགེ་འདུན་གྱི་གནས་བརྟན་འོངས་ཀྱི་བར་དུ་སྡོད་ཅིག་ཅེས་བསྒོ་བར་བྱའོ།། མེད་ན་གྲལ་དེར་དེའི་སྟན་བཞག་པར་བྱའོ་ན་ཞེས་བྱ་བ་ནི་བསྡང་བའི་དུས་སུ་མེད་ན་བཟའ་བ་ལ་སོགས་པར་ཞུགས་པ་ལ་དགེ་འདུན
་གྱི་གནས་བརྟན་ལ་སྟན་བཞག་པར་བྱའོ།། འདུག་པ་དང་ཕྱི་རོལ་དུ་ཡང་སོ་སོར་བརྟག་པར་བྱའོ་ཞེས་བྱ་བཱ་ལ། འདིར་འདུག་པ་ནི་ཁྱིམ་གྱི་ནང་དུའོ།། ཕྱི་རོལ་ཞེས་བྱ་བ་ནི་སྡོད་ས་ལས་སོ།། གནས་སྐབས་འདི་དག་ལ་དགེ་འདུན་གྱི་གནས
་བརྟན་གྱིས་སོ་སོར་བརྟག་པར་བྱའོ།། ལེགས་པར་མ་བགོས་པ་ཉིད་དང་ལེགས་པར་མ་དཔྱོངས་པ་ཉིད་ཡིན་ན་མཛེས་པར་བྱ་བའི་ཕྱིར་དེ་གཉིས་ལ་བརྗོ་བྱའོ་ཞེས་བྱ་བ་ལ། ལེགས་པར་མ་བགོས་པ་ཉིད་དམ་ལེགས་པར་མ་དཔྱངས་པ་ཉིད
་ལ་མཛེས་པར་བྱ་བའི་ཕྱིར་འདི་དག་གི་རྒྱུ་མཚན་དུ་འདི་ལ་བྱའོ།། དེ་གཉིས་ལ་ཞེས་བྱ་བ་ནི་མ་བགོས་པ་ཉིད་དམ་མ་ལེགས་པར་མ་དཔྱངས་པ་ཉིད་ལའོ།། མ་གོན་དྲུང་ན་མོ་ཞེས་བྱ་བ་ནི་གང་ཞིག་འདི་ལ་མ་བསྒོས་པ་ཉིད་དམ་ལེགས་པར
་མ་དཔྱངས་པ་ཉིད་དོ།། མ་གོ་ནའང་དྲུང་ན་མོ་བྱེད་དུ་གཞུག་གོ་ཞེས་བྱ་བ་ལ། གལ་ཏེ་འདི་མ་བགོས་པ་དགེ་འདུན་ནི་གནས་བརྟན་གྱིས་བརྡ་བྱེད་བཞིན་པས་གོ་བར་མ་གྱུར་ན་དེ་ནས་དྲུང་ན་མོ་དེས་བྱེད་དུ་གཞུག་གོ། མ་གྱུར་ན་རང་གིས་སོ་ཞེས་བྱ་བ་ནི་དེ་ལྟར
་ན་ཡང་མཛེས་པར་བྱེད་པ་ལ། གྲུབ་པར་མ་གྱུར་ན་རང་གིས་བྱེད་དུ་གཞུག་གོ།། བརྡ་མ་གོ་ན་ཚིག་གིས་བྱེད་དུ་གཞུག་གོ།། གསར་བུ་དེ་དག་ལ་ཀུན་ཏུ་སྨྲ་བར་མི་བྱའོ།། གང་རྣམས་ཀྱིས་དེར་དགེ་འདུན་གྱི་གནས་བརྟན་དེས་གཙུག་ལག་ཁང་དང་དགོན་པ་དེར
་དེ་དག་གི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་དེ་འཛིན་དུ་གཞུག་པར་བྱ་ཞིང་ངེས་པར་སྦྱར་བར་ཡང་བྱའོ་ཞེས་བྱ་བ་ལ། གང་རྣམས་ཀྱི་ཞེས་བྱ་བ་ནི་གསར་བུ་དེ་རྣམས་ལྔའོ།། དེ་དག་གི་ཚུལ་ཁྲིམས་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ཚུལ་ཁྲིམས་དང་དགོན་པའི་ཚུལ
་ཁྲིམས་སོ།། ངེས་པར་སྦྱར་བར་བྱ་ཞེས་པའོ།། དེ་དག་གིས་ཚུལ་ཁྲིམས་འཛིན་དུ་གཞུག་པར་བྱ་བ་གཅིག་པུར་མ་ཟད་ཀྱི། འོན་ཀྱང་ཚུལ་ཁྲིམས་དེ་བསྒྲུབ་པ་དེ་རྣམས་ཀྱི་ངེས་པར་འབྱོར་པ་ཡང་བྱའོ།། གློ་བུར་དུ་འོངས་པས་ནི་སོ་སོར་བརྟགས་ནས་གནས
་མལ་གྱི་ཕྱིར་གཉུག་མར་གནས་པ་རྣམས་ལ་བརྗོད་པར་བྱའོ་ཞེས་བྱ་བ་ལ། གནས་མལ་གྱི་ཕྱིར་གློ་བུར་དུ་འོངས་པའི་དགེ་འདུན་གྱི་གནས་བརྟན་གྱིས་གློ་བུར་དུ་འོངས་པ་མ་ཡིན་པ་རྣམས་ལ་སོ་སོར་བརྟགས་པར་བྱའོ།། གང་རྣམས་ཀྱི་དགེ་འདུན་གྱི
་གནས་གནས་བརྟན་འདི་གཉུག་མར་གནས་པ་རྣམས་ལ་གནས་མལ་གྱི་ཕྱིར་བརྗོད་པར་བྱའོ།། འགྲོ་བར་ཆས་པས་ནི་ཕྱོགས་དང་འགྲོན་པས་དང་གནས་དང་གནས་མལ་དང་གྲོགས་རྣམས་མི་འདོར་བ་ཉིད་བརྟགས་ནས་འཕགས་པར་བྱའོ།། ཞེས་བྱ་བ
་ལ། འགྲོ་བར་ཆད་པ་ལ་ནི་དགེ་འདུན་གྱི་གནས་བརྟན་ནོ།། འགྲོན་པ་རྣམས་ལ་ཞེས་བྱ་བ་ནི་དོན་གྱིས་གོ་བར་བྱ་སྟེ་ཕྱོགས་གང་དུ་འགྲོ་བར་བྱ་བ་འགྲོ་བ་དང་ལམ་གྱི་གནས་གང་ཞིག་དེར་འགྲོ་བ་ལ་གནས་མལ
་དང་དེ་ཐམས་ཅད་བློ་རིགས་པ་ཉིད་ཀྱིས་གཞལ་བར་བྱ་སྟེ་གྲོགས་རྣམས་དང་ནད་ཡོད་པ་ལ་གང་གིས་ཀྱང་སུ་ཡངས་ཡོངས་སུ་དོར་བར་མི་བྱའོ།། ཞེས་བྱ་བ་དེ་ལྟར་གཞལ་བར་བྱས་ནས་དེ་ནས་ཇི་ལྟར་འདོད་པའི་གནས་ཐོབ་པར་བྱ་བའི་ཕྱིར་འགྲོ་བར
་བྱའོ།། རིང་པོར་མ་སོན་པར་ཐམས་ཅད་ཀྱི་ཐ་མར་ལ་ལའི་ཅུང་ཟད་མ་ལུས་སམ་ཞེས་འཕྲལ་དུ་དྲན་པར་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་ཉིད་དོ།། གསར་བུ་རྣམས་མི་རྒོད་པ་ཉིད་དང་མ་ཁེངས་པ་ཉིད་ལ་དགོད་པར་བྱའོ་ཞེས་བྱ་བ་ལ།
་རྒོད་པ་ནི་ཉེ་བར་མ་ཞི་བའོ།། ཁེངས་པ་ཉིད་ནི་རེངས་པ་ཉིད་ནི་དེ་དག་བཟློག་པ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཁྱིམ་ཕྱིར་ཉེ་བ་ནི་ཐམས་ཅད་ཀྱིས་ཐམས་ཅད་ཀྱང་ངོ་ཞེས་བྱ་བ་ནི་མི་རྒོད་པ་ཉིད་དང་མ་ཁེངས་པ་ཉིད་ལ་དགོད་པར་བྱའོ།
་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། འགྲོ་བར་ཆས་པ་ནི་གནས་བརྟན་ཉིད་མ་ཡིན་ཏེ། འོན་ཀྱང་གཞོན་ཡང་སྟེ་གསར་དུ་ཞུགས་པ་ཉིད་རྣམས་ནི་མ་ཡིན་ཏེ། འོན་ཀྱང་གཞན་ལ་ཡང་ཞེས་བྱ་བའི་དོན་ཏོ།། ཀུན་ཤེས་པར་བྱའོ་ཞེས་བྱ་བ་ནི་འགྲོ་བར
་ཆས་པའི་དགེ་འདུན་གྱི་གནས་བརྟན་ནོ།། དགེ་འདུན་ནི་སྤྱོད་པ་དང་སྤྱོད་ལམ་བརྟན་པ་དང་ལུང་ནོད་པ་ལ་སོགས་པ་དང་ཟས་ཀྱི་རྙེད་པ་དང་ནད་པ་ལ་བགོ་བཤའ་བྱ་བ་ལ་སོགས་པའི་བྱ་བ་བསྒྲུབ་པས་ཕན་གདགས་པར་བྱའོ་ཞེས་བྱ་བ་ལ་སྤྱོད་པ་ནི་ཡུལ་ལོ།།
་སྤྱོད་ལམ་ནི་སྤྱོད་ལམ་མོ།། དེ་དག་བསྟན་པ་ནི་འདི་ནི་ཡུལ་ལོ།། འདི་ནི་ཡུལ་མ་ཡིན་པ་དེ་ལྟར་འགྲོ་བར་བྱ་ཞེས་བྱ་བ་ལ་སོགས་པའོ།། ལུང་ནོད་པ་ལ་སོགས་པ་ཞེས་བྱ་བ་འདི་ལ་ཁ་ཏོན་ལ་སོགས་པ་རྣམས་ནི་སོགས་ཀྱི་སྒྲས་བཟུང་ངོ་།། དབྱར་གནས་པར
་ཁས་བླངས་པས་གཙུག་ལག་ཁང་གི་བྱི་དོར་མི་བྱེད་པ་ལ་གྲོས་བཏབ་སྟེ་བྱི་དོར་བྱེད་དུ་གཞུག་ཅིང་བྱི་དོར་བྱེད་པ་ལ་ནི་སྤྲོ་བར་བྱའོ།། ཐམས་ཅད་ཀྱི་འཁོར་དུ་གཏོགས་པ་གཏམ་འདོད་པ་དག་ལ་རྗེས་སུ་མཐུན་པའི་ཆོས་ཉེ་བར་བསྒྲུབ་པས་ཕན་གདགས་པར
་བྱའོ་ཞེས་བྱ་བ་ནི་གལ་ཏེ་དེས་འཁོར་དུ་གཏོགས་པ་རྣམས་གཏམ་འདོད་ན་དེ་ནས་གང་ཞིག་གང་ལ་རྗེ་སུ་མཐུན་པའི་ཆོས་ཉེ་བར་བསྡུས་པས་དེས་རྗེ་སུ་བཟུང་བར་བྱའོ།། ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་གྱིས་སོ།། དབྱར་གནས་པར
་ཁས་བླངས་པའི་དགེ་འདུན་གྱིས་གནས་བརྟན་ཉིད་ནི་མ་ཡིན་ནོ།། མི་སྨྲ་བ་ཉིད་ལ་དགའ་བ་བཏང་སྙོམས་སུ་བཞག་སྟེ། སྨྲ་བའི་དངོས་པོ་ནི་སྨྲ་བ་ཉིད་འདིར་མི་སྨྲ་བའི་དངོས་པོ་འཕགས་པ་ཞེས་བྱ་བ་མངོན་པར་འདོད་པ་སྟེ་མི་སྨྲ་བ་ཙམ་ནི་མོ་ཡིན་ནོ།།
་ཁྱིམ་པ་ཉེ་བར་འོངས་པའི་འཚལ་མ་སྦྱོར་དུ་གཞུག་གོ་ཞེས་བྱ་བ་ནི་འདི་རྣམས་ལ་ཁ་ཟས་སྦྱིན་པར་རིགས་པ་ཞེས་བྱ་བའོ།། དགེ་སློང་རྣམས་ལ་གོ་བར་བྱས་ནས་གལ་ཏེ་དགེ་སློང་དེ་རྣམས་ལ་དགེ་འདུན་གྱི་གནས་བརྟན་གྱིས་བརྗོད་ཅིང་བགོ་བར་མི་བྱེད་པ
་འམ་ཁྱིམ་པ་དེ་རྣམས་ཟར་མི་འདོད་ན་དེའི་ཚེ་མི་བྱེད་དམ་མི་འདོད་ན་དེ་དག་ལ་ཆོས་དང་ལྡན་པའི་གཏམ་བྱས་ནས་བདག་ཅག་ལ་འདི་ཡོད་དོ་ཞེས་བརྗོད་པར་བྱའོ།། དེ་དང་ལྡན་པ་ཐམས་ཅད་ཀྱི་འཁོར་ལ་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ནི་འཁོར་དང་ལྡན་པ
་ཐམས་ཅད་ཡིན་ཏེ། དགེ་འདུན་གྱི་གནས་བརྟན་ཉིད་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། དོན་མེང་བར་སྤྱོད་པ་ཚར་བཅད་དོ་ཞེས་བྱ་བ་ནི་འཁོར་དང་ལྡན་པ་ཐམས་ཅད་ཀྱིས་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། ཇི་ལྟར་དོན་མེད
་བས་དུས་འདའ་བར་མི་བྱེད་པ་དང་རབ་ཏུ་བྱུང་བ་དོན་མེད་པར་ཡང་མི་བྱེད་པ་དེ་ལྟར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལ་འགྲོ་བ་ལ་སོགས་པ་ལ་དེ་ཇི་ལྟ་བ་བཞིན་དུ་བྱའོ་ཞེས་བྱ་བ་ནི་འདི་ལྟར་གནས་པར་བགྱི། འདི་ལྟར་འགྲོ་བར་བགྱི་ཞེས་བྱ་བ་ལ་སོགས་པ་ནི
་ཡང་དག་པར་ཞུགས་པ་ལ་བལྟོས་པའི་སོགས་ཀྱི་སྒྲའོ།། དེ་ལ་ཞེས་བྱ་བ་ནི་འཁོར་ལའོ།། དེ་ཇི་ལྟར་བ་བཞིན་དུ་ཞེས་བྱ་བ་ནི་འཁོར་ཇི་ལྟ་བས་དེ་འཁོར་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་དོན་ཏོ།། གཏམ་སྣ་ཚོགས་དང་འགལ་བ་མེད་པར་བྱའོ་ཞེས་བྱ་བ་ནི་དེ
་ལ་ཞེས་བྱ་བ་དང་སྦྱར་ཏེ་ཆོས་འདུལ་བ་དང་འགལ་ལོ།། འགལ་བ་མེད་པར་བྱ་བ་ནི་འགལ་བ་མེད་པ་སྟེ། གཏམ་སྣ་ཚོགས་པ་དང་འདྲེས་པའོ།། ཕྱི་བཞིན་འབྲང་བ་དགེ་སྦྱོང་མདུན་དུ་འགྲོ་བར་མི་བྱའོ།། འདུག་པར་མི་བྱའོ་ཞེས་བྱ་བ་ནི་སྔོན་དུ་འམ་ཕྱི་ནས
་དགེ་སྦྱོང་གིས་འདུག་པར་མི་བྱ་ཞེས་བྱ་བའི་དོན་ཏོ།། སྒྲ་ནས་སྨྲ་བར་བྱ་ཞིང་ཞེས་བྱ་བ་ནི་མི་སྨྲ་བར་ཅུང་ཟད་བརྗོད་པར་མི་བྱའོ་ཞེས་བྱ་བའོ།། བསྒྲུབ་པར་བྱའོ་ཞེས་བྱ་བ་ན་གང་ཞིག་འདི་ལ་མདུན་དུ་དགེ་སྦྱོང་གིས་ས་སྨྲ་བ་དེ་བསྐྱོབ་པར་བྱ་ཞེས་བྱ་བའི་དོན
་ཏོ།། གཏམ་གྱི་བར་ཆད་མི་བྱ་བ་ནི་དགེ་སྦྱོང་བླ་མ་གཏམ་བྱེད་པས་ན་བར་དུ་གཏམ་མི་བྱའོ་ཞེས་བྱ་བའི་དོན་ཏོ།། ཆོས་མ་ཡིན་པ་སྨྲ་བ་ན་ཞེས་བྱ་བ་ནི་དགེ་སྦྱོང་བླ་མ་སྟེ་བཟློག་པར་བྱའོ།། ཆོས་ཀྱི་རྗེས་སུ་ཡི་རང་བར་བྱའོ།། ཆོས་དང་ལྡན་པའི་རྙེད་པ་བྱུང
་ན་བླང་བར་བྱའོ་ཞེས་བྱ་བ་ནི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ངོ་།། དེ་ནི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་ཚུལ་ཁྲིམས་ཡིན་ནོ།། ཁྱིམ་དུ་འགྲོ་བའི་ཚུལ་ཁྲིམས་བརྗོད་པར་བྱ་སྟེ། ཁྱིམ་དུ་མི་རྒོད་པ་དང་མ་ཁེངས་པ་དང་མི་གནས་པར་བྱའོ་ཞེས་བྱ་བ་ལ་མི་རྒོད
་པ་དང་ཞེས་བྱ་བ་ནི་ཐམས་ཅད་ཁྱིམ་དུ་འགྱུར་རོ།། མི་ཁེངས་པ་དང་མི་གནས་པར་བྱ་བ་ལ་ཁྱིམ་ནས་འགྲོ་བར་འདོད་པ་ཉིད་ནི་མི་གནས་པ་ཉིད་དོ།། མིག་དམད་པ་དང་ཁྱིམ་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ་ཞེས་བྱ་བ་ལ། མིག་དམད
་པ་ཞེས་བྱ་བ་ནི་ཡུལ་རྣམས་ལས་ཏེ། མིག་སོ་སོར་དམད་པར་བྱས་པ་ཞེས་བྱ་བའི་དོན་ཏོ།། ཁྱིམ་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ།། སྦྱིན་པ་དང་དུལ་བ་དང་། ཡང་དག་པར་སྡོམ་པ་དང་ཚངས་པར་སྤྱོད་པ་ལ་གནས་པ་དང་།
་གསོ་སྦྱོང་དུང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་བཟུང་བ་དོག་ལ་དེ་རྣམས་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་ལ། དེ་རྣམས་ཞེས་བྱ་བ་ནི་ཁྱིམ་པ་རྣམས་སོ།། དུལ་བ་ནི་དབང་དུ་བྱེད་པ་སྟེ། དབང་པོ་རྣམས་དང་ལུས་དང་ལུས་དང
་ངག་དག་ལ་དབང་དུ་བྱེད་པ་ཉིད་དོ།། ཡང་དག་པར་སྡོམ་པ་ནི་འདི་རྣམས་ལ་འགྲོ་བ་མེད་པ་སྟེ། འདུལ་བ་དང་འདུལ་བ་ཉིད་ལ་གནས་པའོ།། ཚངས་པར་སྤྱོད་པ་ལ་གནས་པ་དང་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཚུལ་ཁྲིམས་དང
་ཁྱིམ་པ་ཉིད་ལ་ཡང་ཇི་སྲིད་འཚོའི་བར་དུ་གྲོང་བའི་ཆོས་ལས་ཕྱིར་བཟློག་པའོ།། ལྟུང་བའི་སྒོར་གྱུར་པའི་འཇུག་པ་ཐམས་ཅད་ལ་དྲན་པས་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ། དྲན་པས་ཞེས་བྱ་བ་ནི་ལྟུང་བ་རྣམས་ལ་ཞེས་བྱ་བའི་དོན་གྱིས
་གློ་བས་ཁྱིམ་དུ་འཇུག་པ་ལ་སོགས་པ་ལ་འགྲོ་བ་ལ་སོགས་པ་འཇུག་པ་ལྟུང་བ་ལས་འདའ་བའི་སྒོར་གྱུར་པ་གང་སྦྱིན་པ་དེ་ལ་དེ་ལྟར་དྲན་པ་ཉེ་བར་གནས་པར་བྱས་ནས་ཇི་ལྟར་ཅུང་ཟང་ལྟུང་བར་མ
་གྱུར།། རྗེ་སུ་འགྲོ་བ་བསྒྲུབ་པས་མྱི་བྱ་ཞེས་བྱ་བོ་ནི་སྒྲུབ་པར་བྱ་གས་བྱ་བ་དང་རྗེས་སུ་འཕྲུལ་ཏོ།། དི་ནི་རྗེསཾ་སུ་བསྟན་པ་དང་། ས་སུ་འབྲེལ་བ་མ་ཡིན་ཏེ། དེས་མེ་སྒྲུབ་པར་མི་བྱ་སྟེ། འོདའི་རྗེས་སུ་བསྟན་གྱི་འདར་བར་བྱ
་བྱ་འ་ཏེ། འོངས་པ་ལ་འ་པ་མ་ནོ་མ་སྦྱིན་པ་བ་བྱ་བྱུ་ས་གས་པ་ན་ལགས་སྤྱོ་ཏུར
་འདས་པ་པོ་ཞེས་བྱ་བ་སྣང་བ་ལ་ཁྱེས་པལའོ།། ཅནན་གྱིས་ཡང་སྨྱིགསོ་ཛྙཱ་ན་ས་རྒྱས་མ། འམ་བྱ་ན་སྟེ། མ་དུ
་སྨུམྦྷ། ང་རྩོམ་པའི་འདུགྱི་པ་ཡ་འདྲེས་པ་དང་ས་པ་རྙེད་འགྱུ་ན། དེ་ཞིག་མེད་པར་བྱག།། ས་སྨྲ་། ས་ག་རྒྱ་དང་རྒྱུན་པ་།
་མིའ་པའབ་འགྱུང་ས་པས་སྤྲོན་མ་པར་བྱའི་མའཛིནིཞེས་བྱབས་མ་ངོནནི་ཁྱིས་པའི།། ཆོལ་པའི་འཚོ་ནི་གི་སློང་ངོ་།། བན་ག་པར་འབྱོ་ན
་ཆུ་དང་སྟན་དང་ལྟབ་པར་བྱའོ་ཞེས་བྱ་བ་ལ། དགོན་པ་བས་ཀྱང་ཆུ་དང་སྟན་དང་ཞེས་བྱ་བར་བསྡུ་བའོ།། ཕྱག་དར་དང་མལ་དང་སྟན་བཤམ་པ་དང་ཆུ་བཞག་པ་དང་བྲིམས་པ་དང་ཟན་དྲང་བ་ནི་གསར་བུས་བྱའོ་ཞེས་བྱ་བ་ནི་གང་དེ་ཡང་དག་པར་འོངས་པ་ལ
་འདི་ཐམས་ཅད་གསར་ཞུགས་པོ་དེས་བྱའོ།། གཡོག་འཁོར་གྱི་བྱ་བ་མི་མཐུན་པ་གལ་ཏེ་རང་དང་གཞན་ལ་གནོད་པར་མི་འགྱུར་བ་ནི་ཅི་བདེར་བཞག་གོ་ཞེས་བྱ་བ་ལ། ཅི་བདེར་བཞག་གོ་ཞེས་བྱ་བ་ནི་བཏང་སྙོམས་སུ་བཞག་པར་བྱའོ།། གལ་ཏེ་ཁས
་བླངས་པར་གྱུར་པ་ཡིན་ན་རང་དང་གཞན་རྣམས་ལ་གནོད་པར་མི་འགྱུར་རོ།། གལ་ཏེ་དེ་ལྟ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་འཁོར་གྱི་བྱ་བ་དེ་གནོད་པའི་ཕྱིར་ཡིན་ལ་ནུས་པ་ཡོད་ན་དེ་རྒྱུན་བཅད་ལ་ཞེས་བྱ་བ་ནི་མི་མཐུན་པའི་བྱ་བ་གཞན་ནོ།། ཆོས་དང་།
་ལྡན་པ་ནི་བྱེ་བའོ།། བསྐྱེད་ནས་དེ་གཡོག་འཁོར་ལ་གྲོས་གདབ་པར་བྱའོ།། དེའི་གཞི་ལས་གཡོག་འཁོར་མི་དགའ་ཞིང་འཕོ་བོ་ལྟ་ན་ཕྱིར་བསྡུ་བར་བྱའོ་ཞེས་བྱ་བ་ནི་ཆོས་དང་ལྡན་པའི་བྱ་བ་བསྐྱེད་པར་གྱུར་པ་ལ་གཡོག་འཁོར་དེ་ལ་གལ་ཏེ་སེམས
་མི་དགའ་ཞིང་ཡིད་མི་བོ་བར་གྱུར་ཏམ། ནད་མེད་པའམ་གཞན་གྱིས་འགྲོ་བར་བྱ་ཞིང་དེ་ལ་སོ་སོར་འདུ་བྱེད་པའོ།། དེ་བཞིན་དུ་སྦྱིན་པ་ལོག་ས་པོས་སོ་སོར་བསྡུ་བར་བྱའོ།། གཡོག་འཁོར་ཇི་ལྟ་བ་འདི་ལ་གཉིས་སུ་ཡང་མི་འགྱུར་བར་ཞེས་བྱའོ།།
་མི་ནུས་པ་ཉིད་ཡིན་ན་ཡང་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི་དེ་རྒྱུན་བཅད་པར་མི་ནུས་པ་ཉིད་ལ་གཞན་དུ་འགྲོ་བར་བྱའོ།། དེའི་རྐྱེན་གྱིས་རྩོད་ཅིང་སྨྲ་བར་མི་བྱའོ།། དགེ་འདུན་གྱི་ཀུན་དགའ་ར་བར་གནོད་པ་བྱེད་ན་ཅི་ནས་ཀྱང་དེ་ཉིད་འཛིན་དུ་གཞུག་པའི་ཕྱིར
་འཛིན་པ་བཏང་བ་དེ་ལྟར་བྱའོ།། མི་འགྲོ་ན་བབ་ཅོལ་དུ་སུ་ལ་ཡང་མི་བརྗོད་པར་གཞོན་ནུ་དང་མཛའ་བཤེས་དང་ཞང་བློན་དང་ཞབས་འབྲིང་དག་ལ་སྐད་སྦྱར་ཏེ། འཁོར་དག་པར་འཛིན་དུ་བཅུག་ནས
་ཐུལ་འོག་ཏུ་གཞུག་པར་བྱའོ་ཞེས་བྱ་བ་ལ། འཛིན་དུ་བཅུག་ནས་ཞེས་བྱ་བོ་ནི་གོ་བར་བྱས་ནས་སོ།། འཁོར་དག་པ་ནི་གང་དུ་འདི་ལ་ཆད་པ་མི་དབབ་པ་དེར་འཇུག་པར་བྱ་བ་ནི་ཕམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གཞོན་ནུ་ལ་སོགས་པ་རྣམས་ལ
་གང་ཞིག་སྔར་གོ་བར་བྱེད་པ་དེ་ནི་འདིའི་དོན་དུ་སྟེ། ཕམ་པར་གྱུར་པ་དེ་ལ་བརྟེན་ནས་གནོད་པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ།། རབ་ཏུ་བྱུང་བའི་གཞི་ལས། དགེ་སློང་དང་འབྲེལ་པའི་སྐབས་བཤད་ཟིན་ཏོ།། །། ད་ནི་དགེ
་སློང་མ་ལ་བརྟེན་པ་བརྗོད་པར་བྱ་སྟེ། དེ་ལ་སྐྱེས་པ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་ལ་བརྗོད་པ་གང་ཞིག་དེ་ཉིད་བུད་མེད་ལ་ཡང་ཞེས་བྱ་བ་ཁས་བླུང་ངོ་།། བྱེ་བྲག་ཏུ་ནི་འདི་བརྗོད་པར་བྱ་སྟེ་དགེ་སློང་གནས་སུ་དགེ་སློང་མའོ་ཞེས་བྱ་བ
་ནི་དགེ་འདུན་གྱི་ཕྱོགས་ཤིག་ཏུ་གྱུར་པའམ་གཅིག་པོར་གྱུར་པའི་མཁན་པོ་དང་ཞུ་བ་པོ་ལ་སོགས་པ་གང་དུ་དགེ་སློང་སྨོས་པ་དེར་དགེ་སློང་མ་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ཅི་དགེ་སློང་ཐམས་ཅད་ཀྱི་གནས་སུ་ཡིན་ནམ་འོན་ཏེ་འགའ
་ཞིག་ལ་ཞེ་ན། བོར་ཕྱིར་རབ་ཏུ་བྱུང་བ་ཐམས་ཅད་ཀྱིའོ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་བའི་ཡུལ་ལ་མཁན་པོ་ལ་སོགས་པའི་དགེ་སློང་ཐམས་ཅད་ཀྱི་གནས་སུ་དགེ་སློང་མ་ཤེས་པར་བྱའོ་མཁན་པོ་ཉིད་ཀྱི་དོན་དུ་ཞུ་བ་བྱེད་པ་དང་དགེ་ཚུལ
་མའི་སྡོམ་པ་སྦྱིན་པ་ཞེས་བྱ་བ་འདི་ཐམས་ཅད་དགེ་སློང་མ་རྣམས་ཀྱིས་བསྒྲུབ་པར་བྱའོ།། འདིར་དགེ་སློང་ལ་དབང་དུ་བྱ་བ་མེད་དོ་ཞེས་བྱ་བ་འདི་བསྟན་པའི་དོན་དུའོ།། བསྙེན་པར་རྫོགས་པ་ལ་ནི་དེ་གསོལ་བ་ལ་སོགས་པའི་ལས་བྱེད་པ་ལས
་གཞན་པའི་འོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་ལ་དགེ་སློང་ཐམས་ཅད་ཀྱི་གནས་སུ་དགེ་སློང་ཐམས་ཅད་མ་བལྟ་བར་བྱ་བ་མ་ཡིན་ཏེ། འོན་ཀྱང་བསྙེན་པར་རྫོགས་པ་ལ་ནི་དེར་གསོལ་བ་ལ་སོགས་པའི་ལས་བྱེད་པ་པོ་ལས་གཞན་པའི་དགེ
་སློང་གིས་གནས་སུ་དགེ་སློང་མའི་བསྙེན་པར་རྫོགས་པར་གསོལ་བའི་ནས་བརྩམས་ཏེ་འདིར་ལས་བྱེད་པ་པོའི་དགེ་སློང་ཉིད་དེ་དགེ་སློང་མ་ནི་མ་ཡིན་ཞེས་བྱ་བ་ནི་བརྗོད་པར་འགྱུར་རོ།། བསྙེན་པར་རྫོགས་པ་ལ་གསོལ་བ་ལས་སྔ་རོལ་དགེ་སློང
་མ་ལས་བྱེད་པ་པོ་སྟེ་གང་ཞིག་འདིར་དགེ་སློང་མའི་དགེ་འདུན་འགའ་ཞིག་གི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་ཞེས་བྱ་བའི་དོན་ཏོ།། འདིར་དགེ་འདུན་གྱིས་བསྣན་པར་བྱའོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར
་གསོལ་བ་ལ་སོགས་པ་དགེ་སློང་གི་དགེ་འདུན་སློབ་དཔོན་དུ་གྱུར་པར་རྟོགས་པར་བྱའོ།། གཉིས་ཀའི་དགེ་འདུན་ཚོགས་ལ་གསོལ་བ་ནས་བརྩམས་ཏེ་ལས་བྱེད་པ་པོ་ནི་དང་པོ་ཞེས་བྱ་བའི་དོན་ཏོ།། བར་ཆད་དྲིས་པ་དགེ་སློང་མས
་བསྒྲིབས་པ་ལ་བྱའོ་ཞེས་བྱ་བ་ནི་བར་ཆང་འདྲི་བའི་ཚེ་དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བ་ལ་ལན་གཉིས་བྱ་དགོས་ཏེ། གཅིག་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའི་དུས་སུ་དགེ་སློང་མའི་དགེ་འདུན་འབའ་ཞིག་གིས
་དབུས་སུའོ།། གཞན་གྱི་གཉིས་ཀའི་དགེ་འདུན་གྱི་དབུས་སུའོ།། དེ་གཉིས་ཀར་ཡང་ཆོ་ག་འདི་བཞིན་དུ་བརྟགས་པར་བྱའོ།། ངོ་ཚ་བའི་རྒྱུ་མཚན་དུ་འདི་བརྗོད་པར་སྟེ། རེས་བྱ་བ་དང་རེས་མི་བྱ་བ་ཤེས་པའི་དོན་དུ་དང་པོ་བྱ
་བའི་ཚིག་སྦྱར་རོ།། བུད་མེད་ལ་ནི་དགེ་སློང་མ་ཞེས་པའི་ཚིགས་གཞན་ཡོད་དོ་ཞེས་བྱ་བ་ནི་དགེ་ཚུལ་མས་འོག་ཏུ་དགེ་སློང་མ་ཉིད་ཅེས་བྱ་བའི་ཚིགས་གཉིས་པ་འདི་སྐྱེས་པ་དང་ཐུན་མོང་མ་ཡིན་ནོ།། དེའི་ཚོགས་གསུམ་པ་འདི་ཡིན་ཏོ།། དེ་ཡང་གནས
་བ་ཁོ་ནའོ་ཞེས་བྱ་བ་ནི་དགེ་ཚུལ་མ་ཉིད་དང་དགེ་སློང་མ་ཉིད་དག་དང་ཁྱད་པར་མེད་པ་ཉིད་བསྟན་པའི་དོན་དུ་ཁོ་ནའི་སྒྲའོ།། ཇི་ལྟར་ཚིགས་གཉིས་པོ་འདི་དག་རྟེན་པ་ལ་དེ་བཞིན་དུ་འདི་ཡང་ཞེས་བྱའོ།། དེ་བས་ན་མཁན་པོ་ཉིད་ཀྱིས་དགེ་སློང་མ་སུ་ཞིག
་ཡིན་གྱི་དེ་ཉིད་ནི་མ་ཡིན་ཏེ། གང་ཞིག་དགེ་ཚུལ་མའི་དོའོ་ཞེས་བྱ་བ་རིག་པར་བྱའོ།། དེ་ལྟར་ན་མཁན་པོ་བུད་མེད་དང་ལྷན་ཅིག་རྣམ་པ་གསུམ་ཡིན་ཏེ། སྐྱེས་པ་ལ་ནི་རྣམ་པ་གཉིས་ཞེས་བྱ་བ་འབྱུང་བར་འགྱུར་རོ།། དགེ་སློབ་མ་ཉིད་ཀྱི་ཚིགས་གཞན
་དེ་གནས་སྐབས་གང་དུ་སྦྱིན་པར་བྱ་ཞིང་དེའི་དུས་ཇི་སྲིད་དུ་སྤྱད་པར་བྱ་དགོས་ཞེ་ན། དེའི་ཕྱིར་དགེ་སློང་མ་ཉིད་དང་དགེ་སློབ་མ་གཉིས་ཀྱི་བར་སྐབས་སུ་སྤྱོད་པའི་དུས་ནི་ལོ་གཉིས་སོ་ཞེས་བྱ་བ་སྨོས་ཏེ། དུས་དེ་སྙིད་དུ་སྤྱད་པ་ཉིད་ཀྱིས་བསྙེན་པར་རྫོགས་པ
་ཞེས་བྱ་བ་འདི་ལྟར་དུས་ཡོངས་སུ་འཛིན་པ་སྟེ། བརྟུལ་ཞུགས་ཏེ་སྤྱད་པར་མི་བྱ་ཞེས་བྱ་བ་འདིའི་འོག་ཏུ་ནི་མ་ཡིན་ནོ།། དེ་བས་ན་དུས་འདི་རྫོགས་པ་ཉིད་ཀྱིས་བསྙེན་པར་མ་རྫོགས་པའི་སྔོན་རོལ་དུ་བསླབ་པར་མི་བྱ་སྟེ། སྤང་བར་འདི་ཉམས་པའམ་ཞིག
་པ་ཞེས་བྱ་བ་རྟོགས་པར་བྱའོ།། དགེ་སློང་མ་ཉིད་འབྱུང་བ་འདི་ལ་དུས་གང་ཡིན་ཞེ་ན། དེའི་ཕྱིར་བསྙེན་པར་རྫོགས་པའི་དུས་ཀྱི་དང་པོར་དེར་མ་ལོན་པའི་དང་པོ་ལ་སྐྱེ་བོ་ཞེས་བྱ་བ་སྨོས་ཏེ། བསྙེན་པར་རྫོགས་པའི་དུས་ཀྱི་དང་པོ་ནི་བསྙེན་པར་རྫོགས་པའི
་དུས་སོ།། དེ་ནི་དང་པོ་གཉིས་ཡིན་ཏེ། གཞོན་ནུ་མ་ཉིད་ལ་ལོ་ཉི་ཤུ་དང་ཁྱིམ་སོ་བཟུང་བའི་ལོ་བཅུ་གཉིས་སོ།། སྤྱད་པའི་དུས་དེས་ལོ་གཉིས་ཀྱིས་མཆོག་པའི་བསྙེན་པར་རྫོགས་པའི་དུས་ཀྱི་དང་པོའོ།། དེས་མཆོག་པའི་བསྙེན་པར་རྫོགས་པའི་དུས
་ཀྱི་དང་པོ་དུས་ཀྱི་དང་པོ་དུས་འདི་ལ་ཡོད་པས་ན་དུས་དེ་མ་ཚང་བའི་བསྙེན་པར་རྫོགས་པའི་དུས་ཀྱི་དང་པོའི་དང་པོ་སྟེ། དགེ་སློང་མ་ཉིད་སྐྱེ་བའི་དུས་འདིའོ།། གཞོན་ནུ་མ་ལ་ལོ་བཅོ་བརྒྱད་ཉིད་དང་ཁྱིམ་སོ་བཟུང་བའི་ལོ་བཅུ་ཉིད་ཅེས་བྱ་བའི་དོན
་ཏོ།། འདིར་གཞུང་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཁྱིམ་སོ་བཟུང་བའི་གང་ཡིན་པ་དེ་ནི་ལོ་བཅུ་ལོན་པ་འམ། གཞོན་ནུ་མར་གྱུར་པོ་ནི་ལོ་བཅོ་བརྒྱད་ལོན་ཏེ། དེ་གཉིས་ལ་ལོ་གཉིས་སུ་དགེ་སློང་མའི་སྡོམ་པ་སྦྱིན་པར་བྱའོ་ཞེས་བྱ་བ
་གསུངས་པ་ཡིན་ནོ།། བསྙེན་པར་རྫོགས་པའི་དུས་ནི་འདིར་འགྲུབ་པར་ཁས་བླངས་པའི་ཁྱད་པར་བརྗོད་པར་བྱ་སྟེ། དེའི་ཕྱིར་ཁྱིམ་སོ་བཟུང་བ་བསྙེན་པར་རྫོགས་པར་བྱ་བའི་ལོ་རྣམས་ཀྱི་དང་པོ་ནི་ལོ་བཅུ་གཉིས་ཉིད་དོ་ཞེས་བྱ་བ་སྨོས་ཏེ། བུད་མེད
་ཁྱིམ་སོ་བཟུང་བ་བག་མར་བཏང་བ་གང་ཡིན་པ་དེའི་བསྙེན་པར་རྫོགས་པར་བྱ་བའི་དུས་དེའི་ལོ་རྣམས་ཀྱི་དང་པ་ནི་ལོ་བཅུ་གཉིས་ལོན་པ་ཉིད་དོ།། སྦྱིན་པ་ལས་སྐྱེ་བོ་ཞེས་བྱ་བ་ནི་དགེ་སློང་མ་ཉིད་ལ་ཞེས་བྱ་བར་རྗེས་སུ་འབྲེལ་ཏོ།། སུས་སྦྱིན་པ
་ལས་ཞེ་ན། དེའི་ཕྱིར་དགེ་སློང་མའི་དགེ་འདུན་གྱིས་སོ་ཞེས་བྱ་བ་སྨོས་སོ།། ཇི་ལྟར་ཞེ་ན། དེའི་ཕྱིར་སྦྱིན་པ་ནི་སློབ་པའི་སྡོམ་པ་ཞེས་བྱ་བས་སོ་ཞེས་སྨོས་ཏེ། མིང་འདི་ཞེས་བགྱི་བ་འདི་བསླབ་པའི་སྡོམ་པ་གསོལ
་སྲིད་དུ་དགེ་འདུན་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས་བྱ་བ་ལ་སོགས་པའི་སྔར་ལས་འབྱུང་བ་ཡིན་ནོ།། དེའི་འོག་ཏུ་བསླབ་པ་བརྗོད་པར་བྱའོ་ཞེས་བྱ་བ་ནི་བསླབ་པའི་སྡོམ་པ་སྦྱིན་པ་འདིའི་རྗེས་ལ་བསླབ་པ་བརྗོད་པར་བྱ་བ་ནི་ཆོས་དྲག་དང་། རྗེས
་སུ་མཐུན་པའི་ཆོས་དྲུག་སྟེ། དེ་ལ་ཆོས་དྲུག་རྣམས་གང་ཞེ་ན། དེའི་ཕྱིར་གཅིག་པུ་ལམ་དུ་འགྲོ་མི་བྱ།། ཆུ་བོའི་ཕ་རོལ་བརྒལ་མི་བྱ།། སྐྱེས་པ་ལ་ནི་རེག་མི་བྱ།། དེ་དང་ཁྱིམ་གཅིག་ཉལ་མི་བྱ།། སྨྱན་དུ་གྱུར་པ་མི་བྱ་ཞིང་།། ཁ་ན་མ་ཐོ་བཅང་མི
་བྱ།། འདི་ལྟར་འདི་རྣམས་དགེ་སློབ་མའོ།། ཆོས་རྣམས་དྲུག་པོར་ཡོངས་སུ་གྲགས།། རྗེས་སུ་མཐུན་པའི་ཆོས་དྲུག་གང་ཞེན། སཽ་ལེ་སྦོམ་ལ་གཟུང་མི་བྱ།། འདོམས་ཀྱི་སྒྲ་ནི་བྲག་མི་བྱ།། ས་ཡང་བསྐོ་བར་མི་བྱ་སྟེ།། རྩཝ་སྔོན་དག་ཀྱང
་བཅང་མི་བྱ།། བྱིན་ལེན་མ་བྱས་བཟའ་མི་བྱ།། གསོག་འཇོག་བྱས་པ་བཟའ་མི་བྱ།། རྗེས་སུ་མཐུན་པའི་ཆོས་དྲུག་འདི།། དགེ་སློང་མ་ལ་སློབ་ཕྱིར་བཤད།། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་དུ་མ་ཐོབ་པར་བསྟེན་པར་རྫོགས་པར་མི་འགྱུར།
་རོ་ཞེས་བྱ་བ་ལ། འདིར་བསྙེན་པར་རྫོགས་པ་ནི་ཚངས་པར་སྤྱོད་པའོ།། དེ་ལ་ཉེ་བར་གནས་པ་ནི་ཉེ་བར་སྐྱེད་པར་བྱེད་པའོ།། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པར་བྱ་བའི་སྡོམ་པ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པའོ།། གང་གིས
་དེ་མ་ཐོབ་པ་དེ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པ་སྟེ་དེ་ལའོ།། བསྙེན་པར་རྫོགས་པར་མི་འགྱུར་བ་ནི་གང་གི་ཕྱིར་འདི་རྣམས་ཀྱི་སྡོམ་པ་ནི་བསྙེན་པར་རྫོགས་པའི་དོན་དུ་སྟེ། ཞིང་ཉིད་དུ་ངེས་པར་བྱེད་པ་དེ་ལས་འདི་མ་ཐོབ
་བར་ནི་བསྙེན་པར་རྫོགས་པོ་མ་ཡིན་ནོ།། གང་གི་ཚེ་འདི་བླང་ཞེ་ན། དེའི་ཕྱིར་གསང་སྟེ། བསྟན་པའི་འོག་ཏུ་དགེ་འདུན་གྱིས་དེ་སྦྱིན་པར་བྱའོ་ཞེས་བྱ་བ་སྨོས་ཏེ། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དེ་སྦྱིན་པར་བྱའོ།། སུས་ཞེ་ན་དེའི་ཕྱིར།
་དགེ་འདུན་གྱིས་ཞེས་བྱ་བ་སྨོས་ཏེ། སྐབས་ཡིན་པའི་ཕྱིར་དགེ་སློང་མའི་དགེ་འདུན་གྱི་སྦྱིན་པར་ཤེས་པར་བྱའོ།། ཅི་ཞིག་འདི་ཙམ་ཉིད་ཀྱིས་འདི་སྦྱིན་ནམ་ཞེ་ན། དེའི་ཕྱིར་བར་ཆད་དྲིས་ནས་སོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་འདི་ལ་བར་ཆད་དྲི་བ་ལན
་གསུམ་དུ་འགྱུར་ཏེ། གཅིག་ནི་དགེ་སློང་མས་གསང་སྟེ་སྟོན་པས་བཀར་ཏེ་འདྲིའོ།། དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པའི་ཡན་ལག་ཏུ་གྱུར་པ་ནི་གཉིས་པའོ།། གཉིས་ཀའི་མདུན་གྱི
་དབུས་བསྙེན་པར་རྫོགས་པར་གསོལ་བའི་ལ་བསྙེན་པར་རྫོགས་པའི་ཡན་ལག་ཏུ་གྱུར་པ་ནི་གསུམ་པའོ།། འདིར་གསོལ་བ་ནི་གསོལ་བར་བྱེད་པ་ལོའོ།། ལས་སུ་བསྒོ་བ་ཞེས་བྱ་བ་འདི་ལས་ཐོབ་པ་དེ་བས་ན་གསོལ་བ་འདི་ལ་ཡང་བསྐོ་བ་རིག་པའི
་ངོ་བོ་ཡིན་ཏེ། དེའི་ཕྱིར་གསོལ་བ་བྱས་ནས་སོ་ཞེས་བྱ་བ་སྨོས་ཏེ། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ཡང་གསོལ་ནས་སྦྱིན་པར་བྱེད་པའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་འདི་མ་གསོལ་བ་ལ་ནི་མི་སྦྱིན་པའོ་ཞེས་བྱ་བའི
་དོན་ཏོ། ཆོས་གོས་དག་ནི་ལྔ་ཉིད་དོ་ཞེས་བྱ་བ་ནི་དགེ་སློང་མ་ལ་ནི་ཆོས་གོས་གསུམ་ཐུན་མོང་ཡན།། ཤིང་དཔུང་ཆད་དང་རྡུལ་གཟན་ལྷག་པར་རོ།། གནས་རྣམས་ལ་ཤིང་དྲུང་མ་གཏོགས་ས་ན
་ཤྲཱི་དྲུ་ཤིངས་གཏོགས་པ་གནས་གཞན་གནམ་པ་ནི་དེརིགསསསོ།། ལྟུང་བར་གྱུར་ཉྀད་རྣམས་ལ་བརྒྱད་ཉིད་དུ་ནས་། གཱ་ནི་ཞེས་ཀུན་དང་།། དེས་བྱ་དུན་རྗེན་པ་། ན་ན
་ན།། ལྕི་བའི་ཆོས་རྣམས་བརྗོད་པར་བྱའོ་ཞེས་བྱ་བ་ལ། ལྕི་བའི་ཆོས་བརྒྱད་པོ་རྣམས་བརྗོད་པར་བྱ་སྟེ། དེ་རྣམས་ཀྱང་། དགེ་སློང་རྣམས་ལས་བསྙེན་པར་རྫོགས་པ་དང་།། གཉེན་པོའི་ཚོགས་དང་གདམས་དོག་ཡོངས་ཚོལ་དང་།།
་དགེ་སློང་མེད་པར་གནས་པར་བྱེད་པོར་དང་།། གོང་དུ་ཡང་ནི་དབྱར་གནས་ཁྲུས་ལེན་དང་།། རླུད་པ་རྣམས་ལ་དགེ་སློང་བསྐུལ་བ་དང་།། ཁྲོ་བ་མེད་དང་གིསར་ཞུགས་ལ་ཕྱག་འཚལ།། གཉིས་ཀའི་ཚོགས་ལས་ཐོབ་བྱ་མིན་པ་དང་།། དགག
་དབྱེ་ཞེས་བྱཱ་ལྕི་དྷའི་ཆོས་རྣམསྨྲ་སྷོ།། དུས་གང་དུ་བརྗོད་པ་ཞི་ན། དེའི་ཕྱིར་ལྟུང་བར་འགྱུར་བ་དང་།། དགེ་སློང་བྱེད་པོའི་བར་སྐབས་སུའོ།། བཀོལ་བ་དྲུག་པོ་ཞེས་བྱ་བ་ནི་སྔོནྡ་རབ་ཏུ་བྱུང་བ་ཞེས་བྱ་བ་འདི་ནས་ཇི་སྲིད་དུ་བཀྲོལ་བ་ཞེས་བྱ
་བ་ཡན་ཚད་ཀྱི་མིང་ཅན་གང་ཞིག་ཁྱོད་ནི་མ་ཡིན་ནམ་ཞེས་བྱ་བ་རབ་ཏུ་བྱུང་བའི་དོན་དུ་ཉེ་བར་འོངས་པ་ལོ་དྲི་བར་བྱས་ཏེ། བསྙེན་པར་རྫོགས་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་རབ་ཏུ་དབྱུང་བར་བྱ་བ་དང་བསྙེན་པ་རྫོགས་པ
་བྱའོ་ཞེས་བྱའི་དོན་ཏོ།། དེ་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ་ཞེས་བྱ་བ་ནི་འདིར་ཆོ་ག་དྲུག་པོ་འདི་གཏོགས་པར་བྱའོ།། རྣམ་པ་དེ་ལྟ་བུའི་རྟགས་ཅན་ནི་བསྙིལ་བར་བྱའོ་ཞེས་བྱ་བ་ནི་ཐམས་ཅད་ལ་དབང་དུ་བྱེད་པ་ཉིད་ཀྱི་ཕྱིར་བརྗོད་པར
་བྱ་བ་ཡིན་ཏོ། སླར་འདིར་ཞེས་བྱ་བར་རིག་པར་བྱའོ།། དྲུག་པོར་དེ་དག་གང་ཞེ་ན། དེའི་ཕྱིར་མཚན་གཉིས་པའོ།། གླེ་འདོམས་པའོ།། རྟག་ཏུ་ཟླ་མཚན་འཛག་པའོ།། ཟླ་མོཚན་མི་འཛགས་པའོ།། མཚན་མ་ཅེམ་ཡོད་པའོ།། མིཚན་རི་ཙམ
་དུ་གྱུར་པའི་མཚན་ཡོད་པ་ནི་ཞེས་བྱ་བ་ཞེས་བྱ་བ་སྨོས་ཏེ། གང་ལ་མཚན་མ་ཙམ་དུ་གྱུར་པའི་མོ་མཚན་ཡོད་པ་དེ་ནི་མཚན་མ་ཡོད་པ་དེ་ཞེས་བྱ་བ་སྟེ་མིང་དེ་སྐད་གདག་སོ།། སྔོན་རབ་ཏུ་བྱུང་བའོ་ཞེས་བྱ་བ་ནི་ཁྱོད་ཀྱི་མཚན་གཉིས་པ
་ཡིན་ནམ་ཞེས་བྱ་བ་ནས་ཇི་སྲིད་དུ་ཁྱོད་ནི་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ་ཞེས་བྱ་བའི་བར་ནི་རབ་ཏུ་བྱུང་བའི་དོན་དུ་ཉེ་བར་འོངས་པ་ལ་འདྲི་བར་བྱའོ།། ཇི་སྲིད་འདི་ལ་སྐྱེ་བའི་ཆོས་ཉིད་མེད་པ་ཞེས་བྱ་བ་འདིར་ཚུལ་འདི་རྟོགས་པར་བྱའོ།། རག་ཏུ་བྱུང
་བའི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ།། །། མི་མ་ཡིན་པའི་འགྲོ་བ་པཱ་དང་བྱུང་གི་སྒྲ་མི་སྙན་པ་གཉིས་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་མིའི་འགྲོ་བ་པོ་ལས་གཞན་པའི་འགྲོ་བ་གཞན་ལས་སྐྱེས་པ
་དང་། མིའི་འགྲོ་བ་ཉིད་ཡིན་དུ་ཟིན་ཀྱང་བྱང་གི་སྒྲ་མི་སྙན་པ་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ཏེ། དེ་གཉིས་ལ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ།། མཚན་ལན་གསུམ་དུ་གྱུར་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ཏེ་ཞེས་བྱ་བ
་དང་རྗེས་སུ་འབྲེལ་ཏོ།། གང་ཞིག་མཚན་ལན་གསུམ་དུ་གྱུར་པ་དེ་ལ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ།། དང་པོ་གཉིས་ལ་ནི་མི་ཉམས་སོ་ཞེས་བྱ་བ་ནི་སྡོམ་པ་སྟེ་མཚན་གྱུར་པ་དང་པོ་དང་གཉིས་པ་ལ་ནི་སྡོམ
་པ་ཉམས་པ་མེད་དེ་ཞེས་བྱ་བའི་དོན་ཏོ།། ཕྲན་ཚེགས་ལས་ཆོ་ག་གཉིས་པ་འདི་འདྲ་བས་ན་དྲངས་པའོ།། ལེན་པ་ཉིད་ན་ཡང་སྐྱེའོ་ཞེས་བྱ་བ་ནི་སྡོམ་པ་ཡང་དག་པར་ལེན་པ་ཉིད་ལ་དེའི་ཚེ་ནི་མཚན་གྱུར་ན་ཡང་སྡོམ་པ་སྐྱེས་པ་ཉིད་ཡིན་ནོ།། འདིར
་གཞུང་ནི་བསྙེན་པར་རྫོགས་པར་འཚལ་བའི་མཚན་གྱུར་ན་བསྙེན་པར་རྫོགས་ཤེས་བགྱིའམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་རྫོགས་ཞེས་བྱ་སྟེ། དགེ་སློང་མས་ནི་དགེ་སློང་རྣམས་ལས་བསྙེན་པར་རྫོགས་པ་དགེ
་སློང་མའི་དངོས་པོ་ཡོངས་སུ་བཙལ་བར་བྱ་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། འདིར་ཕོའི་མཚན་གྱུར་པ་ནི་དཔེ་ཙམ་དུ་ཟད་དོ།། གཞན་དུ་ཆོ་ག་འདི་ལ་ཤིན་ཏུ་དོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། བསྙེན་པར་རྫོགས་པར་གྱུར་པའི་གནས
་སྐབས་ཅན་འདི་ནི་བསྙེན་པར་རྫོགས་པར་ལྟ་བ་བཟུབ་སྟེ། ཡོངས་སུ་གྱུར་པའི་སྔ་རོལ་དུ་དགེ་སློང་ཙམ་བསྡུས་པ་མི་རིགས་པའི་ཕྱིར་རོ།། དེ་དང་ལྡན་པའི་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ལ། དེ་དང་ལྡན་པའི་ཞེས་བྱ་བ་ལ། དེ་དང
་ལྡན་པ་ཞེས་བྱ་བ་ནི་མཁན་པོ་དང་ལྡན་པ་ལཾ་དེའི་སྡོམ་པ་སྐྱེ་བ་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་སྡོམ་པ་སྐྱེ་བོ་ཡིན་ནོ།། དེ་བསྙེན་པ་ལ་རྫོགས་པ་ཉིད་ཡང་ངོ་ཞེས་བྱ་བ་ནི་མཁན་པོ་དེ་བསྙེན་པར་རྫོགས་པ་ཉིད་ཡིན་ན་ཡང་མཁན་པོ་དང་ལྡན་པའི
་སྡོམ་པ་སྐྱེ་བ་ཉིད་དུ་འགྱུར་རོ།། དེ་དགེ་སློང་ཉིད་མ་ཡིན་པར་ཤེས་ན་ནི་མི་སྐྱེའོ་ཞེས་བྱ་བ་ནི་ཡང་དག་པར་ལེན་པར་བྱེད་པ་པོས་མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་དམ་ཉམས་པ་ཉིད་ཡིན་པས་དགེ་སློང་ཉིད་མ་ཡིན་པར་ཤེས་ནས་ནི་མཁན་པོ་དང
་ལྡན་པའི་སྡོམ་པ་མི་སྐྱེ་བ་ཁོ་ནའོ།། འདིར་གཞུང་ནི་བསྙེན་པར་རྫོགས་པོར་འཚལ་བ་མཁན་པོ་རྐུ་ཐབས་སུ་གནས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ་བསྙེན་པར་ཡང་མ་རྫོགས་ཞེས་བགྱི་བཀའ་སྩལ་པ། གལ་ཏེ
་བདག་གི་མཁན་པོ་རྐུ་ཐོབ་སུ་གནས་པ་ཡིན་ནོ་ཞེས་ཤེས་ན་ནི་བསྙེན་པར་རྫོགས་པར་ཤེས་པར་བྱའོ།། གལ་ཏེ་མིང་ཤེས་ན་ནི་བསྙེན་པར་རྫོགས་ཞེས་བྱའོ།། སྔོན་ལྟུང་བ་བྱུང་བའམ་དེ་བཞིན་ནོ་ཞེས་གསུངས་པ་ལ་སོགས་པ་ཡིན་ནོ།། དང་པོར
་ཡེངས་པ་ཁྱིམ་པའི་མཁན་པོ་ཤེས་པར་བྱའོ།། འོ་ན་མཁན་པོ་མེད་པ་ཉིད་ལ་ཡང་སྡོམ་པ་སྐྱེ་ན། དེ་བས་ན་ཇི་ལྟར་ཤེས་བཞིན་དུ་འདི་ལ་དགེ་སློང་མ་ཡིན་པ་ཉིད་དུ་མི་འགྱུར་བ་གང་གི་ཕྱིར་མི་ལྡན་པའི་ཤེས་པའི་བསམ་པ་གྱུར་པ་དང
་ཚུལ་ཁྲིམས་ལ་མ་གུས་པའི་བསམ་པར་འགྱུར་རོ།། ཚུལ་ཁྲིམས་ལ་དོན་དུ་མི་གཉེར་བར་འགྱུར་རོ་ཞེས་བྱ་བ་དེའི་ཕྱིར་འདི་སྐྱེའོ་ཞེ་ན། དེ་མ་ཡིན་ཏེ་མཁན་པོ་ཉིད་མ་ཡིན་ཏེ་མཁན་པོ་ཉིད་མ་ཡིན་པ་ཇི་སྲིད་དུ་ཤེས་ན་དེའི་ཕྱིར་འདིར་སྐྱེ་བ་ལ
་འགལ་བ་མེད་པ་གང་ཞིག་མཁན་པོ་ཉིད་བསྙེན་པར་རྫོགས་པ་མ་ཡིན་པ་ལ་སྡོམ་པ་སྐྱེ་བར་བརྗོད་པ་དེ་ནི་དགེ་འདུན་གྱི་དབང་དུ་མཛད་ན། དགེ་འདུན་གྱིས་བསྙེན་པར་རྫོགས་པ་ཉིད་མ་ཡིན་པ་ཤེས་བཞིན་པ་ལ་སྐྱེ་བ་ཡིན་གྱི། བསྙེན་པར་རྫོགས་པར
་ལྟ་བས་ན་མ་ཡིན་ཞེས་བྱ་བའོ།། དེའི་ཕྱིར་སྤོང་བ་ལ་ཡང་མི་སྐྱེའོ་ཞེས་བྱ་བ་ལ་སྡོམ་པའི་སྒོ་ཉིད་ཀྱི་ཕྱིར་མཁན་པོ་ལ་དེའི་ཕྱིར་དབུལ་ཞིང་ཕྱིར་སྤོང་བར་བྱེད་ན་དེ་ལ་ཡང་སྡོམ་པ་མི་སྐྱེའོ།། འདིར་གཞུང་ནི་བསྙེན་པར་རྫོགས
་བར་བགྱིད་པ་ནི་སླར་མཁན་པོ་སྤོང་བར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱི་འམ། བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་མ་རྫོགས་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། དེ་གཉིས་ཀྱི་མིང་མ་བརྗོད་ན་ཡང་མི་སྐྱེའོ།
་ཞེས་བྱ་བ་ནི་ཞིང་དང་མཁན་པོ་འདི་དག་ལ་ཡང་དག་པར་ལེན་པར་བྱེད་པ་འམ། ལས་བྱེད་པ་དག་གིས་མཚན་མ་བརྗོད་ན་སྡོམ་པ་སྐྱེ་བར་འགྱུར་བ་མ་ཡིན་ནོ།། དགེ་འདུན་གྱོ་ན་ཡང་དེའི་སྐྱེ་གནས་ཀྱི་མི་སྐྱེའོ་ཞེས་བྱ་བ་ནི་ཡང་དག་པར་ལེན་པོར་བྱེད
་པ་འམ། ལས་བྱེད་པ་དག་ལས་གང་ཡང་རུང་བས་དགེ་འདུན་གྱི་མཚན་མ་བརྗོད་ན་ཡང་དེའི་སྐྱེ་གནས་ཀྱིས་ཞེས་བྱ་བ་དགེ་འདུན་གྱི་སྐྱེ་གནས་དེའི་རིགས་ཀྱི་སྡོམ་པ་ལ་སྐྱེ་བ་ཡོད་པ་མོ་ཡིན་ནོ།། འདིར་གཞུང་ནི་ཡང་དག་པར་ལེན་པར་བྱེད་པའི
་ཕྱིར་ནི་གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཡིན་ཏེ། བདག་ཉིད་ཀྱི་མིང་མི་བརྗོད་པ་དང་། མཁན་པོའི་མིང་མི་བརྗོད་པ་དང་། བསྙེན་པར་རྫོགས་པ་ཡང་མྱི་ཤེས་པའོ་ཞེས་གསུངས་པའོ།། ལས་བྱེད་པ་པོའི་ཕྱིར་ནི་གཞུང་འདི་ཡིན་ཏེ།
་མཁན་པོ་དང་བསྙེན་པར་རྫོགས་པའི་འཚལ་པ་དང་དགེ་འདུན་དང་གསུམ་གྱི་མིང་བརྗོད་ན་མི་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱི་བ་འམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་མ་རྫོགས་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ།།
་སོ་སོར་ཉེ་བར་གནས་པ་མ་ཡིན་པ་འདི་ཡིན་ཏེ། གང་ཞིག་འདིར་བཟུང་བར་བྱས་པ་ཉིད་ཀྱི་ཡང་དག་པར་ལེན་པ་པོའི་བདག་ཉིད་ཀྱི་མིང་བརྗོད་པའོ།། འདི་ནི་དགེ་འདུན་གྱི་སོ་སོར་ཉེ་བར་གནས་པ་སྟེ། རྗེསུ་བཟུང་བ་པོ་མ་ཡིན་པ་ཉིད་ཀྱི་གང་ཞིག
་དགེ་འདུན་གྱི་འདིས་མཚན་ནས་མ་བརྗོད་པའོ།། གང་ཞིག་ལས་བྱེད་པ་པོ་སོ་ཡང་དག་པར་བླངས་པ་དེའི་ཡུལ་ཉིད་ཁས་བླངས་པས་དེ་མི་བྱེད་པའོ།། གང་ཞིག་དགེ་འདུན་དང་དགེ་འདུན་དུ་བྱེད་པ་པོའི་ཁས་བླངས་དེ་མི་བྱེད་པའོ།། གང་ཞིག་མཁན
་པོ་ལ་ལས་བྱེད་པ་པོས་མིང་མ་བརྗོད་པ་དེ་ཡང་དགེ་འདུན་དུ་བྱེད་པོ་པོ་ཉིད་ལ་ཁས་བླངས་པ་བྱ་བ་སྟེ། གང་གི་ཕྱིར་ལས་གང་ལ་དེར་དགེ་བྱེད་པ་པོ་ཉིད་དུ་རིག་པར་བྱ་སྟེ། དེ་ལས་གཞན་པའི་ལས་དེ་བྱེད་པའོ།། མཁན་པོ་ལ་ཡང་དག་པར་ལེན
་པ་པོས་མི་བརྗོད་པ་གང་ཡིན་པ་དེ་ལས་གང་ལ་བྱེད་པ་མཁན་པོ་དང་བཅས་པ་དེ་ལ་དེའི་ཡུལ་ཉིད་ཀྱིས་སོ་སོར་ཉེ་བར་གནས་པའོ།། དེ་བས་ན་འདི་རྣམས་ཀྱི་མཚོན་ནས་མ་བརྗོད་པར་སྡོམ་པ་མི་སྐྱེའོ།། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན
་ལ་ཡང་མི་སྐྱེའོ་ཞེས་བྱ་བ་ནི་རྒྱལ་མཚན་གྱི་སྒྲས་ནི་སོ་སོར་ཡོངས་སུ་རྫོགས་པ་སྟེ། ཁྱིམ་པའི་རྒྱལ་མཚན་ཅན་དང་མུ་སྟེགས་ཀྱི་རྒྱལ་མཚན་ཅན་ལ་ཞེས་བྱ་བའོ།། འདིར་ནི་འབྲུ་མང་པོ་ཅན་གྱི་བསྡུ་བའོ།། ཁྱིམ་པའི་རྒྱལ་མཚན་གང་ལ་ཡོད་པ་དང་སུ་སྟེགས
་ཀྱི་རྒྱལ་མཚོན་གང་ལ་ཡོད་པ་དེར་ནི་ཁྱིམ་པའི་རྒྱལ་མཚན་ཅན་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཅན་ཞེས་བྱ་བའོ།། རྒྱལ་མཚན་འདི་གང་འཛིན་པ་དག་ལ་སྡོམ་པ་མི་སྐྱེ་སྟེ། འདིར་རྒྱལ་མཚན་ནི་ཆ་བྱེད་དོ།། སྒྲེན་མོ་འཁྲུགས་པ་དང་མཚན་དུག་མ་ལ
་ཡང་མི་སྐྱེའོ་ཞེས་བྱ་བ་སྡོམ་པ་མི་སྐྱེའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། ཡང་དག་པར་བླངས་པ་ལས་སྒྲེན་མོར་གྱུར་པ་མུ་སྟེགས་ཅན་གྱི་རྒྱལ་མཚན་ཞེས་བྱ་བ་འདི་ཉིད་ཀྱིས་བསྡུས་པའི་ཕྱིར། སྒྲེན་མོའི་ཚིག་ནི་དོན
་གཞན་ཅན་རབ་ཏུ་དེར་ནས་སེམས་རབ་ཏུ་བཟུང་བ་ཉིད་གནས་སྐབས་དེ་ལ་དེའི་ཕྱིར་སྡོམ་པ་མི་སྐྱེའོ།། འཁྲུགས་པ་ཉིད་ཀྱིས་དེ་ལ་བརྟན་པ་ཉིད་མེད་པ་དེ་ལ་ཡང་སྡོམ་པ་མི་སྐྱེའོ།། འདིར་མཚན་དུག་མའི་གཞུང་ནི། རེ་ཞིག་མཚོན་དུག་མི་ཞིག
་བཙུན་པ་རྣམས་ཀྱིས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱི་འམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་མ་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་འགལ་ཚབས་ཅན་དུ་འགྱུར་རོ།།
་ཞེས་གསུངས་པ་ཡིན་ནོ། མཚན་དུག་མ་ནི་སྔར་གང་དང་མཉམ་པར་སྦྱོར་བས་སྐྱེས་པ་འཆི་བའོ།། རྒྱུ་ལས་བཟློག་པའི་ཆར་པ་ཁས་མི་ལེན་པར་གནས་ནས་ཕྱུང་བ་ལ་ཡང་མི་སྐྱེའོ།། ཞེས་བྱ་བ་ནི་ལྟ་བ་དང་བཅས་པ་དྲི་མ་དང་བྲལ་བ་ཞེས་བྱ
་བའི་བསམ་པ་ཅན་ལ་སྡོམ་པ་སྐྱེའོ།། དེ་བས་ན་ལྟུང་བ་མ་མཐོང་བ་ལ་སོགས་པའི་རྒྱུ་གང་གིས་གནས་ནས་དབྱུང་བའི་ལས་བྱས་པ་རྒྱུ་དེ་ལས་བཟློག་པ་ལ་སོགས་པ་དེ་ཁས་མི་ལེན་པ་ལ་ཡང་སྡོམ་པ་མི་སྐྱེའོ།། འདིར་གནས་ནས་ཕྱུང་བ་སྨོས་པ་ནི
་དཔེ་ཙམ་དུ་ཟད་ཀྱི། སྨད་པ་ཐམས་ཅད་ལ་ཡང་ཆོ་ག་འདི་ཡིན་ཏེ། འཐབ་མོ་བྱེད་པ་ལ་སོགས་པའི་བསམ་པ་ཅན་ལ་ཡང་མི་བཟློག་པའི་བསམ་པ་ཅན་ཉིད་ཀྱི་ཕྱིར་རོ།། ཚིགས་སྔ་མ་མེད་པ་ཉིད་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ།། དགེ་བསྙེན་ཉིད་མེད་པར་དགེ
་ཚུལ་ཉིད་དུ་ཁས་ལོན་པ་དང་དགེ་ཚུལ་ཉིད་མེད་པར་དགེ་སློང་ཉིད་ཁས་ལོན་པར་བྱེད་ན་ཉེས་བྱས་ཙམ་དུ་འགྱུར་གྱི་སྡོམ་པ་མི་སྐྱེ་བར་ནི་མི་འགྱུར་རོ།། འདིར་གཞུང་ནི། ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྟེན་པར་རྫོགས་པར་བགྱིད་ན། བསྟན་པར་རྫོག
་ཞེས་བགྱིའམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། ཉེ་བར་འཁོར་བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་པོ་རྣམས་ལ་ནི་ཉེས་བྱས་ཀྱི་ལྟུང་བར་འགྱུ་རོ་ཞེས་གསུངས་པ་ཡིན་ནོ།། མཁན་པོ་མ་གསོལ་བ་ལ་ཡང
་བར་ཆད་མ་དྲིས་པར་ཡང་ངོ་ཞེས་བྱ་བ་ནི་འདིར་གཉིས་ཀ་ལ་ཡང་ཉེས་བྱས་ཡིན་ཏེ། སྡོམ་པ་མི་སྐྱེ་བ་ནི་མ་ཡིན་ཞེས་བྱ་བ་དང་རྗེས་སུ་འབྲལ་ལོ།། དེ་མེད་པར་ཁས་ལེན་པ་ལ་སྐྱོན་ན་ཡང་ངོ་ཞེས་བྱ་བ་ལ། མེད་པར་ཞེས་བྱ་བ་ནི་ཡོད་པར་གྱུར་པ་མ་ཡིན་པ
་ལའོ།། ཡང་དག་པར་ལེན་པ་པོས་བདག་བར་ཆད་ཡོད་དོ་ཞེས་བྱ་བ་ཁོས་བླངས་ན་སྡོམ་པ་འབོགས་པ་ཉེས་བྱས་ཙམ་ཡིན་གྱི་མི་སྐྱེ་བ་ནི་མ་ཡིན་ནོ།། འདིར་གཞུང་ནི་གླེང་གཞི་རྣམས་ལ། བཙུན་པ་རེ་ཞིག་བར་ཆད་ཀྱི་ཆོས་རྣམས་དང་ལྡན་ནོ་ཞེས
་མཆི་བ་ཞིག་བསྙེན་པར་རྫོགས་ཞེས་བགྱི་འམ་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། ཉེ་བར་འཁོར་བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་པོ་རྣམས་ལ་འགལ་ཚབས་ཅན་དུ་འགྱུ་རོ་ཞེས་གསུངས་སོ།། དེ་བས་ན་གང་དུ་བར
་ཆོད་མངོན་པར་འདོད་པས་རྣམ་པར་གནས་ཏེ། རྣམ་པ་གང་ཞིག་ལ་བདག་ནི་བསྙེན་པར་རྫོགས་པའོ།། སྐྱེས་པ་འདྲ་བའི་བུད་མེད་ཉིད་དང་། བུད་མེད་འདྲ་བའི་སྐྱེས་པ་ཉིད་མཚན་གྱི་རྣམ་པ་གཞན་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་བ་འདིར་སྡོམ་པ་མི་སྐྱེ་བ་སྟེ།
་ཞེས་བྱ་བ་དེ་ལ་འདི་རབ་ཏུ་བསྟན་ཏེ། མཚན་རྣམ་པ་གཞན་ཉིད་ཀྱི་ཕྱིར་འདིར་སྐྱེ་བར་མི་འགྱུར་རོ།། དེ་ཡང་འདིར་མི་འགྱུར་ཏེ། དེ་ནི་ལག་རྡུམ་ལ་སོགས་པ་འཕངས་པ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ལ་སྐྱེས་པ་འདི་ལ
་བུད་མེད་ཀྱི་རྣམ་པ་གཞན་ལ་ལག་རྡུམ་དང་རྐང་རྡུམ་ཞེས་བྱ་བ་ལ་སོགས་པས་འཕངས་པ་ཉིད་དེ་འཕངས་པ་ཉིད་ཀྱི་ཕྱིར་ཉེས་བྱས་ཙམ་དུ་ཟད་དོ་ཞེས་བྱ་བ་བརྗོད་པར་ཟད་དོ།། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་དང་གླིང་གཞན་ནས་སྐྱེས་པོའི་ཚུལ་བྱུང་མི
་འདྲ་བ་གཉིས་ཀྱང་ངོ་ཞེས་བྱ་བ་ནི་འདི་དག་ལ་ཡིང་ལག་རྡུམ་ལ་སོགས་པས་འཕངས་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། སྡིག་སྡིག་ལྟ་བུའི་མཚོན་ཉིད་ཅན་གྱི་གཞུང་ནི། བཙུན་པ་སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་བསྙེན་པར་རྫོགས་པར་བགྱིད་ན་ཞེས
་བྱ་བ་ནས་ཇི་སྲིད་བསྙེན་པར་རྫོགས་པར་བྱེད་པ་པོ་དགེ་སློང་རྣམས་ལ་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། གླེང་གཞི་གླིང་གཞན་ནས་སྐྱེས་པའི་གཞུང་ཡང་བཙུན་པ་འཛམྦུ་གླིང་པོའི་དགེ་སློང་རྣམས་ཀྱིས་ཤར་གྱི་ལུས་འཕགས་པོ་ཞིག
་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱི་འམ། ཇི་སྲིད་དུ་ཉེ་བར་འཁོར་བསྟེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པོ་པོ་རྣམས་ནི་འགལ་ཚབས་ཅན་དུ་འགྱུརོ་ཞེས་བྱ་བ་དང་། དེ་བཞིན་དུ་རྒྱས་པར་འཁོར་ལོ་བཞིན་དུ
་སྦྱར་བ་གསུམ་པ་ཡིན་ནོ།། དབྱིབས་དང་ཚང་དང་གནས་སྐབས་ཀྱི་དབྱེ་བ་མི་རྣམས་ཀྱི་གླིང་གང་ལ་དེ་ཙམ་བསལ་བའི་གཙོ་བོ་འདིར་གླིང་གི་ཚིག་ཏུ་རྣམ་པར་གནས་པ་ཡིན་ནོ།། འདིར་ནི་ཚུལ་བྱད་ཀྱི་ཚིག་གིས་འདི་ཁྱད་པར་དུ་བྱས་ཏེ་གདོང་ལ་སོགས
་པའི་དབྱེ་བ་ཡང་འདིར་ཚུལ་བྱད་མི་འདྲ་བ་ལ་མངོན་པར་འདོད་དོ།། དེ་ལྟར་ན་ཡང་གླིང་གཅིག་པ་རྣམས་ལ་ཡང་རའི་གདོང་དང་རྣ་བ་འཕྱང་བ་ལ་སོགས་པ་རྣམས་གསལ་བ་ཉིད་དུ་རིག་པར་བྱའོ།། སེན་མོ་གཅིག་པ་དང་ལག་པ་འཇས་ཏེ་ལྟེབས་པ་དང་། གཞོག
་ཕྱེད་འཇས་པ་དང་། མགོ་སྦྱང་དང་སྒྲ་སྒྲ་སྒྲེ་ཅན་དང་། སྒུར་པོ་དང་དགྱེ་པོ་དང་དགྱེ་སྐུར་གྱུར་པ་དང་སེན་མོ་དྲུག་པ་དང་འབྱར་བ་དང་མེད་པོ་དང་། མིག་རྫི་མ་ནང་དུ་ཟུག་པ་དང་ནེའུ་ལེའི་ལྟ་བུ་དང་འུག་པའི་ལྟ་བུ་དང་ཕྱིན་ཅི་ལོག་པ་དང་བར་འཛིངས་པ་དང་གླེ་བ་དང
་གླེ་བོ་དང་ཟླུམ་པོ་དང་མིག་པོ་ཆེ་མཛེར་ཅན་དང་ཤུ་པ་ཅན་དང་འབྲུ་ཅན་དང་། རྣ་བ་སར་བ་དང་དཀར་བ་དང་དམར་བ་དང་སྦུབས་ཅན་དང་། ཁྱི་རྔོ་གཡའ་བ་དང་། འཕུངས་པ་དང་། ཚེ་བ་དང་རླིག་པའི་ནང་དུ་མཚན་ནུབ་པ་དང་། གླེན་པ་དང་། ལྕེ་མེད་པ་དང་།
་རྐང་ལག་གཅིག་པ་མེད་པ་དང་། སྐྲ་སྔོན་དང་མགོ་གླང་པོ་ཆེའི་ལྟ་བུ་དང་། རྟའི་ལྟ་བུ་དང་ཁྱིའི་ལྟ་བུ་དང་བ་ལང་གི་ལྟ་བུ་དང་ལུག་གི་ལྟ་བུ་དང་རི་དག་ཀྱི་ལྟ་བུ་དང་ཉའི་ལྟ་བུ་དང་སྦྲུལ་གྱི་ལྟ་བུ་དང་། རིང་བ་དང་མང་བ་དང་། མགུལ་ལྟ་ལ་ལྟ་བུ་དང་། སྐྲངས་པ
་དང་སྤྱོད་ལམ་གྱིས་དུབ་པ་དེ་དག་ལས་མི་ན་བ་རྣམས་སོ།། གཞན་དག་ནི་ན་བས་སོ་ཞེས་བྱ་བ་ནི་སེན་མོ་གཅིག་པ་ལ་སོགས་པ་བརྗོད་པར་བྱེད་པ་རྣམས་ལ་ལག་རྡུམ་ལ་སོགས་པ་དག་གིས་འཕངས་པ་ཉིད་དེ་གཞན་དག་གནོད་པ་བྱེད་པ་རྣམས་ནི
་ན་བ་སྟེ། ཁྱོད་ནད་པ་མ་ཡིན་ནམ་ཞེས་བྱ་བ་འདིས་འཕངས་པ་ཉིད་ཅེས་བྱ་བའི་དོན་ཏོ།། སེན་མོ་གཅིག་པ་ནི་གང་ལ་སེན་མོ་གཅིག་པ་ཁོ་ན་ཡོད་པའོ།། ལག་པ་འཇས་ཏེ་ལྟེབས་པ་ནི་གང་གིས་ལུས་ཀྱི་ཡན་ལག་རྒྱ་བཏབ་པ་འདྲ་བའོ།། གཞིགས་ཕྱེད
་འཇས་པ་ནི་གང་གི་གཞོགས་ཕྱེད་བསྐམས་པའོ།། མགོ་སྨྱུང་ཞེས་བྱ་བ་ནི་གང་གི་མགོ་མཚན་གྱི་རྣམ་པ་འདྲ་བའོ།། སྐྲ་སྒྲ་སྒྲ་ཅན་ནི་གང་གི་སྐྲ་སྨོན་ཐབས་མཁན་གྱི་ལྟར་བར་དར་དུ་འཛིངས
་པར་གནས་པའི་སྐྲའོ།། སྒུར་པོ་དང་དགྱེའོ་དང་དགྱེ་སྐུར་གྱུར་པ་ཞེས་བྱ་བ་ནི་དགྱེ་སྒོའི་སྒྲ་གསུམ་ཆར་ལ་སོ་སོསོར་ཁྱབ་ཅིང་རྫོགས་པའོ།། ནང་དུ་སྐུར་བ་དང་ཕྱིར་དགྱེ་བ་དང་མདུན་རྒྱབ་ཏུ་སྦྱར་བ་ཞེས་བྱ་བ་ནི་གཞན་དུ་གསུངས་ཏེ། ཞར
་སོར་གདུབ་སྐུར་མིའུ་ཐུང་ཞེས་སྨོས་ཏེ། འདིའི་རབ་ཏུ་དབྱེ་བ་བསྟན་པའི་དོན་དུའོ།། སོར་མོ་དྲུག་པ་དང་འབྱར་བ་མེད་པ་ཞེས་བྱ་བ་ནི། སོར་མོ་ཞེས་བྱ་བའི་སྒྲ་ནི་སོ་སོར་ཡོངས་སུ་རྫོགས་པ་སྟེ། སོར་མེ་དྲུག་པ་དང་། སོར་མོ་འབྱར་བ་དང་། སོར་མོ
་མེད་པ་ཞེས་བྱ་བའོ།། སོར་མོ་དྲུག་པ་ཉིད་དང་། སོར་མོ་འབྱར་བ་ཉིད་དང་། སོར་མོ་མེད་པར་གྱུར་པ་ཉིད་ཙམ་སོར་མོའི་གདེངས་ཀའི་ལག་པ་ཅན་ཏི། འདིར་སོར་མོ་འབྱར་བ་ཉིད་ཀྱིས་ཁོངས་སུ་བསྡུ་བའོ།། མིག་གི་རྫི་མ་མིང་དུ་ཟུག་པ་དང
་ནེའུ་ལེ་ལྟ་བུ་དང་། འུག་པའི་ལྟ་བུ་དང་། ཕྱིན་ཅི་ལོག་པ་དང་བར་འཛིངས་པ་ཅན་དང་། གླེ་བ་དང་གླེའོ་དང་ཟླུམ་པོ་ཞེས་བྱ་བ་ནི་ཡང་མིག་ཅེས་པའི་སྒྲ་སོ་སོར་སྦྱར་ཏེ། མིག་རྫི་མ་ནང་དུ་ཟུག་པ་དང་། མིག་ནེའུ་ལ་ལྟ་བུ་དང་། མིག་འུག་པའི
་ལྟ་བུ་དང་། མིག་ཕྱིན་ཅི་ལོག་པ་དང་། མགོ་བར་འཛིངས་པ་དང་། མིག་གླེ་བ་དང་། མོག་གླེའོ་དང་། མིག་ཟླུམ་པོའོ།། མིག་རྫི་མ་ནང་དུ་ཟུག་པ་ཞེས་བྱ་བ་ནི་གང་གིས་མིག་གི་ནང་གི་པགས་པའི་རིམ་པ་ལ་རྫི་མ་ཡོད་པའོ།། མིག་ན་རུ་ཁེའི
་ལྟ་བུ་ཞེས་བྱ་བ་ནི་གང་གི་མིག་ནེའུ་ལེའི་མིག་ལྟ་བུའོ།། མིག་བུག་པའི་ལྟ་བུ་ཞེས་བྱ་བ་ནི་གང་གི་མིག་འུག་པའི་ལྟ་བུའོ།། ཡང་ན་མིག་སེར་སྐ་བ་ལ་ཟླུམ་པའི་ཕྱིར་སྲིན་པོའི་མིག་འདྲ་བའོ།། མིག་ཕྱིན་ཅི་ལོག་ཅེས་བྱ་བ་ནི་གང་གི་གྲཝ
་ལོག་ཀྱི་ཟུར་གང་ཡིན་པ་དེ་ནི་སྣ་ལོགས་ལ་འདུག་ལ་སྣ་ལོགས་ཀྱི་ཟུར་གང་ཡིན་པ་དེ་ནི་གྲཝ་ལོགས་ན་འདུག་པའོ།། མིག་པར་འཛིངས་པ་ནི་གོང་གི་སྣ་གོང་གཏོན་མེད་ལ་མིག་གཡས་གཡོན་འབྲེལ་བའོ།། མིག་གློ་བ་ཞེས་བྱ་བ་ནི་གང
་གི་མིག་དྲ་བ་བཞིན་དུ་ཧ་ཅང་འཕྱང་བའི་མིག་གོ། མིག་གློ་བོ་ཞེས་བྱ་བ་ནི་གང་གི་མིག་གི་རྫི་མའི་སྤུ་མེད་པའི་ཕྱིར་རྫི་མ་སྐྱེ་བའི་མཐར་དཔེར་ན་ཁྲག་འཛག་པའི་ཤ་ལྟར་དམར་བའོ།། མིག་ཟླུམ་པོ་ཞེས་བྱ་བ་ནི་གང་གི་མིག་ངག་གི་འབྲས
་བུ་ཟླུམ་པོ་དེ་ནི་མིག་དག་གོ། མིག་པོ་ཆེ་དང་འཛེར་ཅན་དང་ཤུ་བ་ཙན་དང་འབྲུམ་ཅན་ཞེས་བྱ་བ་ནི་ཡང་མིག་ཅེས་བྱ་བའི་སྒྲ་སོ་སོར་སྦྱར་ཏེ། མིག་པོ་ཆེ་དང་། མིག་མཛོར་ཅན་དང་། མིག་ཤུ་ཅན་དང་། མིག་འབྲུམ་ཅན་ནོ།། དེ་ལ་མིག་པོ
་ཚེ་དང་ཞེས་བྱ་བ་ནི་གང་གི་མིག་ཧ་ཅང་ཆེ་བའོ།། རྣ་བ་སེར་བ་དང་དཀར་བ་དང་དམར་བ་དང་སྦུབས་ཅན་ཞེས་བྱ་བ་ནི་ཡཽང་རྣ་བ་ཞེས་བྱ་བའི་སྒྲ་སོ་སོར་སྦྱར་ཏེ། རྣ་བ་སེར་བ་དང་། རྣ་བ་དཀར་བ་དང་། རྣ་བ་དམར་བ་དང་། རྣ་བ་སྦུབས་ཅན་ནོ།། ཁྱི
་རྡོ་གཡའ་བ་དང་འཕུངས་པ་དང་ཆེ་བ་ཞེས་བྱ་བ་ཡང་ཁྱི་རྡོ་གཡའ་བ་དང་། ཁྱི་རྔོ་འཕུངས་བ་དང་། ཁྱི་རྡོ་ཆེ་བའོ།། རླིག་པའི་ནང་དུ་མཚན་ནུབ་པ་དང་ཞེས་བྱ་བ་ནི་གང་གི་རླིག་པའི་གཉིས་ཀྱིས་པོ་མཚན་གཡོགས་པའོ།། གླན་པ་དང་ལྕེ
་མེད་པ་དང་རྐང་ལག་གཅིག་པ་དང་ཞེས་བྱ་བ་ལ། གླེན་པ་ཞེས་བྱ་བའི་སྒྲ་ནི་བསྟན་པར་རྫོགས་པར་མི་ཤེས་ཞེས་བྱ་བ་འདི་བསྡུས་པ་ཉིད་དོ།། ལྕེ་མེད་པ་ཞེས་བྱ་བ་ནི་ལྕེ་གཏན་མེད་པའོ།། ལྐུགས་པའི་ཚིགས
་གིས་ནི་ལྕེ་ཡོད་དུ་ཟིན་ཀྱང་སྨྲ་བར་མི་ནུས་པ་ནི་ལྐུགས་པ་སྟེ་གཞན་ནི་ལྕེ་མེད་པ་ཞེས་བྱ་བ་བརྗོད་པའི་ཕྱིར་རོ།། རྐང་ལག་གཅིག་པ་དང་ཞེས་བྱ་བ་ནི། རྐང་ལག་གི་སྒྲ་དག་གིས་སོ་སོར་འབྲེལ་པ་སྟེ། ལག་པ་གཅིག་པ་དང་། རྐང་པ་གཅིག་པ་དང་ལག
་ད་པ་དང་རྐང་པ་ཞེས་བྱ་བའོ།། སྐྲ་སྔོན་ཞེས་བྱ་བ་ནི་ཡུང་བའི་ཁ་དོག་ལས་གཞན་པའི་ཁ་དོག་ལ་བྱ་སྟེ། དེ་བས་ན་ཡུང་བའི་ཚིག་གིས་སྔོན་པོ་ལ་བརྗོད་པ་ཉིད་དོ།། མགོ་གླང་པོ་ཆེའི་ལྟ་བུ་དང་། རྟའི་ལྟ་བུ་དང་ཁྱིའི་ལྟ་བུ་དང་། བ་གླང་གི
་ལྟ་བུ་དང་། ལུག་གི་ལྟ་བུ་དང་། རི་དགས་ཀྱི་ལྟ་བུ་དང་། ཉའི་ལྟ་བུ་དང་། སྦྲུལ་གྱི་ལྟ་བུ་དང་། རིང་བ་དང་མང་བ་ཞེས་བྱ་བ་ལ། མགོའི་སྒྲ་ནི་སོ་སོར་སྦྱར་ཏེ། མགོ་གླང་པོ་ཆེའི་ལྟ་བུ་དང་། མགོ་རྔའི་ལྟ་བུ་དང་། མགོ་ཁྱིའི་ལྟ་བུ་དང་། མགོ་བ་ལང་གི
་ལྟ་བུ་དང་། མགོ་རི་གས་ཀྱི་ལྟ་བུ་དང་། མགོ་ཉའི་ལྟ་བུ་དང་། མགོ་སྒྲ་ལ་གྱི་ལྟ་བུ་དང་། མགོ་རིང་བ་དང་། མགོ་མང་པོ་ཞེས་བྱ་བའོ།། ཐམས་ཅད་སྔོ་བ་དང་། ཐམས་ཅད་སེར་བ་དང་། ཐམས་ཅད་དམར་བ་དང་། ཐམས་ཅད་དཀར་བ
་ཞེས་བྱ་བ་ལ་གང་ཞིག་འདི་ཡང་འདོད་པ་དེ་རྣམས་ལ་ཡང་ལུས་ཀྱི་ཁ་དོག་བཞི་རྣམས་ཀྱིས་དེ་ལྟར་བརྗོད་པ་ཉིད་དོ།། མགུལ་ཏཱ་ལ་ལྟ་བུ་དང་། སྐྲངས་པ་དང་། སྐྲངས་པས་དུབ་པ་དང་། སྤྱོད་ལམ་གྱི་དུབ་པ་ཞེས་བྱ་བ། རྐུན་པོས་ནི
་ཕུད་ཀྲོལ་བའོ་ཞེས་བྱ་བ་ནི་འཕངས་པ་ཉིད་དོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ།། སྡིག་པ་ལས་འདིག་པ་མཉམ་པ་ཉིད་ཀྱི་ཐུན་མོང་གིས་སོ།། འོ་ན་སོ་སོར་ཉིད་དུ་འགྱུར་བར་སྨོས་པ་མ་ཡིན་། དེ་ཁྱོས་གྲོལ་བྱལ་པ་འ་སེ་མས་ཤིགན་གྲོ་པས་བྱ་ནམ
་པ། ན་དུ་ན་ཁྱི་ཀྱི་འབྱེད་པ་ལ་སོགས་པ་སྟེ། དེ་བས་ན་འདི་ལ་སོ་སོར་ཉིད་དུའོ།། རྒྱལ་པོ་ཕྲ་མའི་བསམ་པ་ཅན་ཉིད་ཀྱིས་གརང་བ་ནཱི་ཕ་མ་དང་འདྲ་བའོ་ཞེས་བྱ་བ་ནི་པ་མའི་བསམ་པ་ཅན
་ཉིད་ཀྱིས་རྒྱལ་པོས་གནང་བ་ནི་ཕ་མ་དག་ཉིད་ཀྱིས་གནང་བར་བལྟ་བར་བྱ་སྟེ། རྒྱལ་པོས་གནང་བས་རབ་ཏུ་དབྱུང་བ་ལ་སྐྱོན་མེད་དོ་ཞེས་བྱ་བར་དགོངས་པའོ།། ཡོངས་སུ་འཛིན་པར་བྱེད་པ་གཉིས་ཀྱང་གནང་བ་དང་བསྲེལ་བ་དང་ཞུ
་བ་དག་ལ་ཕམ་ཉིད་དང་འདྲའོ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་ཉིད་མེད་པ་ལ་ཡང་ཕ་མས་ཡོངས་སུ་བཟུང་བས་གནས་པ་དག་གིས་གནང་བ་ལ་ཞག་བདུན་བཟུང་བ་དང་། དགེ་འདུན་ལ་ཞུ་བ་བྱེད་པ་ལ་ཕ་མ་ཉིད་ཡིན་གྱི། སྐྱེད
་པར་བྱེད་པ་དག་ཁོ་ནས་ཡོངས་སུ་འཛིན་པོ་བོ་ཉིད་ཀྱིས་གནས་པ་དག་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་བཙུན་པ་བུ་བཅོས་མ་ཞིག་རེ་ཞིག་བསྟན་པར་རྫོགས་པར་བགྱིད་ན་སུའི་དྲུང་དུ་བཟོད་པར་གསོལ་བར
་བགྱི། བཀའ་སྩལ་པ། བུ་ཉིད་དང་འདྲ་བར་གང་གིས་ཁས་བླངས་པ་དེ་ལའོ།། དེ་བཞིན་དུ་བུ་མོ་བཅོས་མ་ཡང་བུ་མོ་ཉིད་དང་འདྲ་བར་གང་གིས་ཁས་བླངས་པ་དེ་ལའོ་ཞེས་བྱ་བ་གསུངས་པ་ཡིན་ནོ།། མི་མ་ཡིན་པའི་འགྲོ་བ་པ
་གཉིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕ་མ་གཉིས་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ།། འདིར་གཞུང་ནི། བཙུན་པ་རེ་ཞིག་གང་གི་ཕ་མ་དྲག་དུས་བྱས་པར་གྱུར་ཏམ། དུང་འགྲོའི་སྐྱེ་གནས་སུ་སོང
་བ་ལགས་ན་དེའི་སྐྲ་བྲེག་པའི་ཕྱིར་དགེ་འདུན་ཐམས་ཅད་ལ་ཞུ་བར་བགྱིའམ། ཉེ་བར་འཁོར་འདི་ནི་མཽ་ཡིན་ནོ་ཞེས་གསུངས་སོ།། དེ་གཉིས་ལས་མཆིམས་མེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཕ་མ་མིའི་འགྲོ་བ་པ་མ་ཡིན་པ་སྐྱེད་པར་བྱེད
་པ་དག་གིས་ནི་འདྲི་མཚམས་མེད་པ་མི་བསྐྱེད་པའོ།། དེ་ནི་སྐྱེད་པར་བྱེད་པ་གཉིས་ལས་ཏེ་མཚན་རྒྱུར་བ་གཉིས་ལས་ཀྱང་ངོ་ཞེས་བྱ་བ་ནི་མ་སྐྱེས་པ་ཉིད་དུ་གྱུར་ཏམ། ཕ་བུད་མེད་ཉིད་དུ་གྱུར་ན་ཡང་མཚམས་མེད་པོ་འབྱུང་བར
་འགྱུར་བ་ཁོ་ན་ཡིན་ནོ།། མ་བསད་པ་ལ་སོགས་པ་དེ་བྱས་པ་ཉིད་གཙོ་བོའོ་ཞེས་བྱ་བ་ལ། དེ་བྱས་པ་ཉིད་ནི་མཚམས་མེད་པ་བྱས་པ་ཉིད་དོ་གང་ཞིག་མ་བསོད་པ་ལ་སོགས་པ་རྣམས་ལ་རབ་ཏུ་དབྱུང་བའི་ཕྱིར་བཀག་པ
་གང་ཡིན་པ་དེ་བྱས་པ་ཉིད་དེ་མཚམས་མེད་པ་དེ་བྱས་པ་ཉིད་དུ་རྟོགས་པར་བྱའོ།། དེའི་ཕྱིར་མཚམས་མེད་པ་བྱེད་པ་པོ་ནི་རབ་ཏུ་དབྱུང་བར་མི་བྱ་ཞེས་བྱ་བ་ཐམས་ཅད་དུ་ཡིན་ཏེ། མང་སད་པ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ
་དེ་ལྟ་བུའི་གཙོ་བོ་ཅན་དེ་མ་ཡིན་ནོ།། དེ་ལྟར་ན་ཡང་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་མ་བསད་པར་བྱེད་པོ་ལ་རབ་ཏུ་དབྱུང་བ་བཀག་པར་འགྱུར་རོ།། སྐྱེས་པས་དགེ་སློང་མ་ལ་ཇི་ཞིག་བྱས་ན་དགེ་སློང་མ་སུནི་ཕྱུང་བར
་འགྱུར་ཞིང་བུད་མེད་ཀྱིས་ཀྱང་དགེ་སློང་ལ་ཇི་ཞིག་བྱས་ན་སུན་ཕྱུང་བར་འགྱུར། ཅིའི་ཕྱིར་དེ་གཉིས་སུ་བསྟན་ཅེ་ན། དེའི་ཕྱིར་གཉིས་སུ་ཕམ་པར་གྱུར་པ་མ་བྱུང་བ་ཉིད་ལ་མི་ཚངས་པར་སྤྱོད་པས་ཉམས་སུ་མྱོང་བ་དག་སུན་ཕྱུང་བ་ཉིད
་ཡིན་ནོ་ཞེས་བྱ་བ་སྨོས་སོ།། འདིར་གཞུང་ནི་བཙུན་པ་ཇི་ཙམ་གྱིས་ན་དགེ་སློང་མ་སུན་ཕྱུང་བ་ཞེས་བགྱི། ཉེ་བར་འཁོར་གང་གིས་མི་ཚངས་པར་སྤྱད་པས་དགེ་སློང་མ་སུན་ཕྱུང་བར་གྱུར་ནའོ་ཞེས་གསུངས་པ་ཡིན་ནོ།། ཅི་སེམས་གང
་ཡང་རུང་བའི་སེམས་དག་ལ་འདི་འབྱུང་བར་འགྱུར་རམ་ཞེ་ན། དེའི་ཕྱིར་ཉམས་སུ་མྱོང་བ་དག་ལ་ཞེས་བྱ་བ་སྨོས་ཏེ། བགྲོད་པར་བྱ་བ་ཡང་སུན་ཕྱུང་བར་འགྱུར་ལ་བ་སྐྲོད་པ་པོ་ལ་ཡང་སུན་ཕྱུང་བར་འགྱུ་ར་བ་ཞེས་བྱ་བ་འདི
་བསྟན་པའི་དོན་དུ་འདིར་གཉིས་པོའི་ཚིག་གོ། བརྗོད་པ་དང་བཅས་པའི་ཟླས་ཉམས་སུ་མྱོང་བས་ཉིད་མི་འགྱུར་བ་ཞེས་བྱ་བ་འདི་ལ་འདིར་ཟླས་ཉམས་སུ་མྱོང་བ་ཡན་ལག་མ་ཡིན་པ་ཉིད་དེ་གང་གིས་ཕྱིར་གཞན་གྱི་ཉེས་པས
་གཞན་ལ་མི་གོས་པའི་ཕྱིར་རོ།། འདོད་ཆགས་དང་བྲལ་བ་སུན་ཕྱུང་བ་ལ་ཡང་སུན་འབྱིན་པ་ཉིད་མི་འགྱུར་བར་ཐལ་བའི་ཕྱིར་རོ།། འདུན་པ་ཞེས་བྱ་བའི་ཚིག་གང་ཡིན་པ་དེ་ནི་འདིར་ལུང་སྟེ། རང་གི་འདོད་པས་ཞེས་བྱ་བ
་འདིའི་དོན་ཏོ།། ཅི་ཕམ་པར་གྱུར་པ་བྱུང་བའི་ཡུལ་ལ་ཡང་དགེ་སློང་དང་དགེ་སློང་མོ་ཉིད་ཡོད་དམ་གནས་སྐབས་དེ་དང་ལྡན་པ་འདི་དག་ལ་ཡང་སུན་འབྱིན་པར་བགྱིད་ན་སུན་ཕྱུང་བ་ཉིད་དུ་འགྱུར་རམ་ཞེ་ན་མ་ཡིན་ཏེ།།
་དེའི་ཕྱིར་ཕམ་པར་གྱུར་པ་མ་བྱུང་བ་ཉིད་ལ་ཞེས་བྱ་བ་སྨོས་སོ།། འདིར་གཞུང་ནི། བཙུན་པ་རེ་ཞིག་གང་ཟག་བརྒྱད་ཀྱིས་དགེ་སློང་མ་ཞིག་ལ་དངོས་པོ་བརྒྱད་པོ་རེ་རེས་སུན་འབྱིན་པར་བགྱིད་ན་དགེ་སློང་མ་དེ་སུན་ཕྱུང་བ་ཞེས
་བགྱི་འམ། ཉེ་བར་འཁོར་སུན་ཕྱུང་བ་ཞེས་བྱའོ།། གང་ཟག་དེ་རྣམས་ལས་དུ་ཞིག་གིས་དགེ་སློང་མ་སུན་ཕྱུང་བ་ཞེས་བགྱི། བཀའ་སྩལ་པ། ཉེ་བར་འཁོར་འགའ་ཡང་མ་ཡིན་ནོ་ཞེས་བྱ་བ་གསུངས་པ་ཡིན་ནོ།། དེ་ནི་རེག་པ་དང་ལུས་བཀན་པ་དག་གིས་དགེ་སློང་མ་ལ
་ཕམ་པར་མི་འགྱུར་བ་ཞེས་བྱ་བ་འདི་ནི་སུན་ཕྱུང་བ་ཉིད་དུ་རྣམ་པར་བཞག་པར་མི་སྣང་ངོ་།། ཇི་ལྟར་ཞེ་ན། དེ་ལ་ཡང་སྐྱེ་བ་དོན་གཞན་གྱིས་རེག་པ་དང་། ལུས་བཀན་པ་ལ་ཁས་མི་ལེན་པ་དང་། ནོམ་པ་དང་ཉུག་པ་ལ་ཡང་དག་པར་ཞུགས་པའོ།། རེག་ནས་ཀྱང
་ཁས་མི་བླངས་པ་ལ་དེས་རེག་པ་ལའོ།། སྐྱེས་པའི་ལུས་ལ་རང་གིས་རེག་ཅིང་སྐྱེས་པ་དང་ཉེ་བར་གྱུར་པ་ལའོ།། བུད་མེད་བསླབ་པ་ཕུལ་ནས་སྐྱེས་པ་ཉིད་དུ་གྱུར་པ་ནི་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་རུང་བ་ཉིད་དོ་ཞེས་བྱ་བ་ནི་བུད་མེད་བསླབ
་པ་ཕུལ་ནས་ཉམས་པར་གྱུར་པ་མཚན་གྱུར་ནས་སྐྱེས་པ་ཉིད་དུ་གྱུར་པ་ནི་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱར་རུང་བ་ཉིད་ཡིན་ནོ།། བུད་མེད་མ་ཡིན་པ་ཉིད་ཀྱིས་གནས་སྐབས་དང་འདྲ་བར་མི་རུང་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ།། ཕམ་པར་གྱུར
་པ་ཐུན་མོང་མ་ཡིན་པ་ལྷག་པར་སྤྱད་པར་ཅན་ཡང་ངོ་ཞེས་བྱ་བ་ནི་སྐྱེས་པ་ཉིད་དུ་ཁས་བླངས་པ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་བྱར་རུང་བ་ཉིད་ཡིན་ཏེ། བུད་མེད་བསླབ་པ་ཕུལ་ནས་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། བུད་མེད་བསྙེན་པར
་རྫོགས་པར་བྱ་བ་ལ་གཉུག་མར་གནས་པ་རྣམས་ཡན་ལག་ཡིན་ནོ།། ཞེས་བྱ་བ་ལ། འདིར་གཞུང་ནི་གསོ་སྦྱོང་གི་གཞི་ལས། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་དང་ཉེ་བར་དགེ་སློང་མའི་དངོས་སུ་ཡོངསུ
་བཙལ་བར་བྱའོ་ཞེས་གང་གསུངས་པ་ལ་དགེ་སློང་དེ་རྣམས་གང་དག་ལེགས། ཉེ་བར་འཁོར་གཉུག་མར་གནས་པ་དང་རིང་དུ་གནས་པ་དག་གོ་ཞེས་གསུངས་པ་ཡིན་ཏེ། དེའི་གནས་ལ་བརྟེན་པའི་གནས་ལ་གནས་གནས་པའི་དགེ་སློང་གི་དགེ
་འདུན་ལ་ཉེ་བར་བརྟེན་པས་དགེ་སློང་མ་རྣམས་ཀྱིས་གནསོ།། དེ་ནས་དུས་དུས་སུ་གདམས་ངག་དང་རྗེས་སུ་བསྟན་པ་སློང་བ་སྟེ། གནས་པ་ལས་འདའ་བ་ནི་རོགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཤེས་པའོ།། གཉུག་མར་གནས་པ་ཉིད་ནི་འདིར་ཡུན་རིང་པོར
་གནས་པ་ཉིད་ཀྱིས་ཁྱད་པར་དུ་གྱུར་པ་ལ་རིང་དུ་གནས་པ་ཡིན་ནོ།། སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ་ཉམས་ན་མི་སྐྱེའོ་ཞེས་བྱ་བ་ལ། སྐྱེ་བའི་དངོས་པོ་ནི་སྐྱེ་བ་ཉིད་དེ་སྐྱེ་བཞིན་པོ་ཉིད་ཅེས་བྱ་བའི་དོན་ཏོ།། སྡོམ་པ་ལེན་པའི་ཚེ་ན་སྡོམ་པ་དེ་སྐྱེ་བའི་ཚེ་ཉིད
་གང་ཡིན། སྐྱེ་བཞིན་པ་ཉིད་ཀྱི་དེའི་གནས་སྐབས་དེ་ལ་ཕུལ་བས་ཡོངས་སུ་བཏང་བ་ལ་སོགས་པས་ཕུལ་ལམ་ཉམས་པར་འགྱུར་རོ།། གོང་ཞིག་སྡོམ་པ་སྐྱོ་བཞིན་པ་དེ་ནི་རྟོགས་པ་སྟེ། རྟོགས་པ་ལ་ནི་སླར་ལོག་པ་རྒལ་བ་ལ་སོགས་པ་ལ་མཐོང་བ་མ
་ཡིན་ནོ།། དེ་བས་ན་སྡོམ་པ་སྐྱེ་བཞིན་པ་ལ་སླར་ལོག་པས་གནས་པ་མ་ཡིན་ནོ་ཞེས་བྱ་བ་གང་ཞིག་གིས་འདོད་པ་དེ་བཟློག་པའི་དོན་དུ་མདོ་འདིའོ།། འདིར་གོཞུང་ནི་སིལ་བུ་རྣམས་ལས། ཉེ་བར་འཁོར་རེ་ཞིག་བསྙེན་པར་རྫོགས་ནས་ཁྱིམ་པ་ཉིད་ཡིན་ནོ།
་སྙམ་དུ་སོ་སོར་ཤེས་ནས་ཡང་བསྙེན་པར་རྫོགས་པ་མ་ཡིན་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་ལྟ་སྤོས་ཀྱང་ཅི་དགོས་གསུངས་པ་ཡིན་ནོ།། རབ་ཏུ་བྱུང་བའི་གཞི་ནུབ་པལ་ཆེ་བའི་སྐབས་སོ།།
་འདུལ་བའི་འགྲེལ་པ་རང་གིས་རྣམ་པར་བཤད་པ་ཞེས་བྱ་བ་ལས་རབ་ཏུ་བྱུང་བའི་གཞི་རྫོགས་སོ།། །། རང་བཞིན་ཉམས་པས་བྱས་པ་ཉིད་ནི་ཕུལ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། རང་བཞིན་ཉམས་པས་བྱས་པ་ནི་རང་བཞིན
་ཉམས་པས་བྱས་པ་ཉིད་དོ།། ཕུལ་བ་ལ་གང་ཞིག་རང་བཞིན་ཉམས་པས་བྱས་པ་ཉིད་དེ་ནི་ཕུལ་བ་ཉིད་མ་ཡིན་ནོ།། རང་བཞིན་ཉམས་པ་ནི་ཐ་སྙད་ལས་ཉམས་པ་ཞེས་བྱ་བའོ།། རང་བཞིན་ཉམས་པ་ཉིད་ནི་རྣམ་པ་གསུམ་གྱིས་བསྐྱེད་པ་ཡིན་ཏེ།
་སྨོས་པ་དང་། སེམས་རྣམ་པར་གཡེང་བ་དང་། སྡུག་བསྔལ་གྱིས་མངོན་པར་གདུངས་པས་སོ།། དེ་ལ་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་ཉམས་པའི་གང་ཟག་ལ་ཕུལ་བ་ཉིད་གང་ཞིག་བྱེད་པ་འདི་ཉིད་དེ་ནི་ཕུལ་བ་ཉིད་མ་ཡིན་ནོ།། འདི་ནི་ཐོ་སྙད་དུ་རིགས
་པ་མ་ཡིན་ནོ།། གང་ཞིག་འདིར་ལྐུགས་པ་ལ་མ་ཡིན་ནོ་ཞེས་བྱ་བས་ནི་དེ་ལ་ཡང་གང་ཞིག་ཕུལ་བ་ཉིད་དེ་ནི་ཕུལ་བ་ཉིད་མ་ཡིན་ནོ།། རྣམ་པ་ཐམས་ཅད་དུ་སྨྲ་བར་མི་ནུས་པ་དེ་ནི།། འདིར་ལྐུགས་པར་འདོད་དེ། དེ་ལ་གང་ཞིག་རབ་ཏུ་རིག་པ་དེ་ནི་རབ
་ཏུ་རིག་པས་འདི་ཞུགས་པ་མ་ཡིན་ནོ།། མི་མ་ཡིན་པའི་འགྲོ་བ་ལ་མ་ཡིན་ནོ་ཞེས་བྱ་བ་ནི་ལྷ་དང་སྤྲུལ་པ་ལ་སོགས་པ་ལའོ།། མ་གོ་བ་ཉིད་ལ་མ་ཡིན་ནོ་ཞེས་བྱ་བ་ནི་གླེན་པ་དང་འོན་པ་དང་སྙོམས་པར་ཞུགས་པ་དང་ཞེས་བྱ་བ་ལ་སོགས་པ་དེ
་རྣམས་ཀྱང་བསྡུས་ཏེ། གླེན་པ་དང་འོན་པ་དག་བསྡུས་པ་ཉིད་ཀྱི་ཕྱིར་འདི་རྒྱུ་གཞན་མཐོང་བ་ཡིན་ཏེ། དེ་བས་ན་རྣམ་པ་ཐམས་ཅད་དུ་གོ་བ་དང་ཉན་པའི་ཕྱིར་ཞེས་བྱ་བ་གྲངས་ཇི་ལྟ་བ་བཞིན་དུ་འདིར་མི་ནུས་པ་ནི་གླེན་པ་དང་འོན་པ་དག་ལ་འདོད་པ་རྣམ
་པར་གནས་པ་ཡིན་ནོ།། གང་དང་ཉེ་བར་ཕུལ་བ་དེ་ལ་གོ་བ་ཉིད་ལ་ཞེས་བྱ་བ་འདི་འདིར་ཤུགས་ཀྱིས་རྟོགས་པ་ཡིན་ནོ།། དབེན་པར་མ་ཡིན་ནོ་ཞེས་བྱ་བ་འདི་དབེན་པའི་འདུ་ཤེས་ཀྱིས་སམ་དབེན་པ་མ་ཡིན་པའི་འདུ་ཤེས་ཀྱིས་དངུལ་བ་ཉིད་བྱས
་ན་ཡང་དེ་ཕུལ་བ་ཉིད་མ་ཡིན་ནོ།། དེ་བས་ན་བལྟོས་པ་དང་བཅས་པ་ཉིད་ལ་འདིར་དབེན་པའི་འདུ་ཤེས་ཀྱིས་ལྐུགས་པའི་ཡུལ་ལ་ཞུགས་པ་བཞིན་དུ་འགྱུར་ཏེ། ཐམས་ཅད་དུ་བྱེད་པའི་རིམ་པའོ།། དབེན་པར་འདུ་ཤེས་པས་མ་ཡིན་ནོ་ཞེས
་བྱ་བ་ནི་མི་དབེན་པ་དབེན་པའི་འདུ་ཤེས་ཀྱིས་ཕུལ་བ་ཉིད་མ་ཡིན་ནོ།། འདིར་ཕུལ་བ་ཉིད་ནི་རྒྱུ་ཅི་ཡིས་མི་འདོད་ཅེ་ན། གང་གི་ཕྱིར་མ་ཉམས་པའི་འདུ་ཤེས་ཀྱིས་ཐ་སྙད་ཀྱི་ཡུལ་ཐམས་ཅད་དུ་བྱེད་པའི་རིམ་པ་ཐམས་ཅད་བྱེད་པ་གང་ཡིན་པ་དེ་ནི
་ཕུལ་བ་ཉིད་དོ།། གཉིད་ལག་པ་ན་བླ་བར་འགྱུར་བ་ཉིད་ཀྱིས་འདུ་ཤེས་མ་ཉམས་པ་ཉིད་ལ་ཀུན་ནས་སྤྱོད་པ་ཉིད་ལ་གནས་སྐབས་དེ་དང་ལྡན་པས་ཕུལ་བ་ཉིད་མ་ཡིན་ཏེ། རང་བཞིན་ཉམས་པ་དང་ལྐུགས་པ་དང་མ་གོ་བ་ཉིད་དང་དབེན་པ་ཐམས་ཅད་དུ
་བྱེད་པ་མེད་པའི་ཕྱིར། གང་གི་ཕྱིར་ཐམས་ཅད་དུ་བྱེད་པ་མ་ཡིན་པ་ལ་འདི་ལྟར་བདག་ལ་ནི་ཐ་སྙད་ལ་གནས་བྱ་བའི་བསམ་པ་རྫོགས་པ་མེ་ཡིན་ནོ།། མི་མ་ཡིན་པའི་འགྲོ་བ་པ་ལ་ཐ་སྙད་དུ་བྱ་བ་མེད་པའི་ཕྱིར་དང་དབེན་པའི་འདུ་ཤེས་ཀྱིས་ཐམས་ཅད
་དུ་བྱེད་པ་རྩོམ་པ་མེད་པའི་ཕྱིར་རོ།། ཐམས་ཅད་དུ་བྱེད་པ་རྩོམ་པ་ཉིད་མེད་པ་བདག་འདི་ལྟར་ཐ་སྙད་ལ་གནས་ཞེས་བྱ་བ་བསམ་པ་རྫོགས་པ་མ་ཡིན་ནོ།། དེ་བས་ན་བལྟོས་པ་དང་བཅས་པ་ཉིད་རང་གི་འདོད་པས
་རབ་ཏུ་གྲོལ་ཞིང་སེམས་རབ་ཏུ་བཟུང་བར་འགྱུར་རོ།། དེ་བས་ན་འདིར་ཕུལ་བ་ཉིད་འདོད་པ་མ་ཡིན་ནོ།། བསླབ་པ་འམ། སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་མདོ་སྡེ་འམ་འདུལ་བ་འམ་མ་མོ་འམ། སློབ་དཔོན་ནམ་མཁན་པོ་ལ་འབུལ་ལོ།།
་བདག་ཁྱིམ་པ་འམ། དགེ་ཚུལ་ལམ། ཟ་མ་འམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་འམ། རྐུ་ཐབས་སུ་གནས་པ་འམ། ཐ་དད་པར་གནས་པ་འམ། གནས་པར་མི་བྱ་བ་འམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པ་འམ། མ་བསད་པ
་འམ། ཕ་བསད་པ་འམ། དགྲ་བཅོམ་པ་བསད་པ་འམ། དགེ་འདུན་གྱི་དབྱེན་བྱས་པ་འམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་བཟུང་དུ་གསོལ།། བདག་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་དང་ལྷན་ཅིག་གནས་པ
་ལོངས་སྤྱོད་པས་ཆོག་གོ་ཞེས་བྱ་བ་ལྟ་བུ་ནི་འབུལ་བའི་ཚིག་དག་ཡིན་ནོ་ཞེས་བྱ་བ་ལ། ལྟ་བུ་ཞེས་བྱ་བའི་སྒྲ་ནི་རྣམ་པ་གསུམ་བསྟན་པའི་ཕྱིར་ཏེ། རྣམ་པ་དེ་ལྟ་བུ་དང་ཆོ་གཾ་དེ་ལྟ་བུ་དང་། རིགས་དེ་ལྟ་བུ་རྣམས་ནི་འབུལ་བའི་ཚིག་རྣམས་རྩོམ་པའོ།།
་སླར་མ་དོ་འདི་ལ་དེ་ལྟར་ན་སློབ་པ་འབུལ་བ་ནི་ཚིག་ཏུ་སྨྲ་བ་དེ་ཁོ་ན་ལས་བསླབ་པ་འབུལ་བར་མ་ཟད་ཀྱི། ཚིག་ཏུ་སྨྲས་པར་རྣམ་པ་གང་ཡང་རུང་བས་གཏོང་བའི་མཚན་མ་ལས་ཀྱང་ཕུལ་བར་འགྱུར་ཏེ། དེས་ན་ལུས་ཀྱི་རྣམ་པར་རིག་བྱེད་ལས་ཀྱང
་འདིར་ཕུལ་བར་འགྱུར་ལ། ངག་གི་རྣམ་པར་རིག་བྱེད་ལས་ཀྱང་ཞེས་བྱ་བ་རྟོགས་པར་བྱའོ།། འདིར་སླར་རིགས་པ་ནི་འཕོ་བ་བསྟན་པས་འདིར་དགོས་པ་ཡིན་གྱིས་ཚིག་གིས་ཁྱད་པར་གྱིས་ནི་མ་ཡིན་ནོ།། དོན་གཞན་སྟོན་པའི་སྒྲ་ལས་དོན་གཞན་ཁོང
་དུ་ཆུད་པ་ཞེས་བྱ་བ་འགྲུབ་པ་ཡིན་ནོ།། དེ་བཞིན་དུ་འཕོ་བ་ལ་དགོས་པས། ཚིག་ཏུ་སྤྲོས་པ་དང་། ཚིག་ཏུ་མ་སྨྲས་པར་ཤེས་པ་དང་། རྟོགས་པ་གཞན་གྱིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ཉམས་པ་འདི་ལ་སྒྲུབ་པར་བྱེད་པ་ཡིན་གྱིས་གཞན་དུ་ནི་མ
་ཡིན་ཞེས་བྱ་བ་འདིར་རྣམ་པར་བཞག་གོ། གཞན་གྱིས་གོ་བར་བྱས་པ་ལ་འདིར་དོན་ཡིན་པའི་ཕྱིར་གང་སུ་ཞིག་གིས་རྣམ་པ་གང་ཡང་རུང་བས་བསླབ་པ་འདི་ཡིས་ཡོངས་སུ་བཏང་ངོ་ཞེས་བྱ་བ་གཞན་གྱིས་རྟོགས་པར་གྱུར་ན་ཕུལ་བ
་ཉིད་དུ་འགྱུར་རོ།། ལྟ་བུ་ནི་དབུལ་བའི་ཚིག་རྣམས་ཡིན་ནོ་ཞེས་བྱ་བོས་ངག་གི་རྣམ་པར་རིག་བྱེད་ཉིད་ལས་ཡོངས་སུ་བཟུང་བ་ཡིན་ནོ།། འབུལ་བའི་བྱས་པ་ལ་འདི་ལྟ་བུའི་ཚིག་རྣམས་ཞེས་བྱ་བ་འདིའི་དོན་ཡིན་ཏེ། ཚིག་ཉིད་ནི་འབུལ
་བར་བར་བྱེད་པ་ཞེས་བྱ་བ་འདི་ནི་ཡོད་པ་མ་ཡིན་ནོ།། ཚེ་ད་ལྡན་པ་དགོངསསུ་གསོལ་ཞེས་བྱ་བ་ལ་སོགས་པ་གང་ཞིག་འདིར་འདོན་པ་དེ་ནི་མི་གཽཡེང་བ་ཉིད་སྦྱིན་དུ་བཅུག་པས་དགེ་སློང་གི་ཚིག་གི་འདོན་པ་ཡིན་ནོ།། འདི་ནི་སྔགས
་མ་ཡིན་ཏོ། གང་གི་ཕྱིར་འདིར་སྔགས་ཀྱི་དགོས་པ་མ་ཡིན་ཏེ། དོར་བ་ཙམ་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདི་ནི་སོང་བ་ཙམ་དུ་ཟད་དོ།། སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་ཞེས་བྱ་བ་ནི་དཀོན་མཆོག་འབུལ་བ་ལ་ཡང་དག་པར་བརྟགས
་བའི་དོན་དུ་འདི་ནི་འདི་ལྟ་བུ་མ་ཡིན་པ་དང་། འདི་ལྟ་བུ་ཅུང་ཟད་ཡོད་པ་མ་ཡིན་པ་དང་། འདི་ནི་འདི་ལྟ་བུ་ཡོད་དམ་འོན་ཏེ་མ་ཡིན་སྙམ་པ་འདིས་བདག་ལ་རེ་ཞིག་དགོས་པ་མེད་ཅེས་བྱ་བ་རྟོགས་པ་གསུམ་མོ།།
་སྡེ་འམ་འདུལ་བའམ་མ་མོ་འམ་ཞེས་བྱ་བ་ནི་དེ་བཞིན་དུ་སྡེ་སྣོད་འབུལ་བ་ལ། འདི་ནི་གཏོང་བའི་ཆོ་ག་མ་ཡིན་པ་དང་། འདི་ལྟ་བུ་གཏོང་བའི་ཆོ་ག་ཡོད་པ་མ་ཡིན་པ་དང་། གཏོང་བའི་ཆོ་ག་འདི་ནི་ཡོད་དམ། འོན་ཏེ་མ་ཡིན་སྙོམ་དུ་འདིས་བདག་ལ་རེ
་ག་དགོས་པ་མེད་ཅེས་བྱ་བ་ལ། དང་པོ་བདག་གི་འདོད་པ་བརྟག་པ་ནི། མེད་ན་བདེན་པར་བརྟེན་འདོད་ལ། གཏོང་བའི་ཆོ་ག་བདེན་པར་འདོད། ཅེས་བྱ་བས་འབུལ་བར་བྱ་བ་མ་ཡིན་འབུལ་བ་ཉིད་དོ།། གཞན་ལ་བརྟེན་པའི་གཏོང་བའི་ཆོ་ག་འདི་ཡོད
་དམ། དོན་གཞན་ལ་བརྟེན་པའི་གཏོང་བའི་ཆོ་ག་འདི་ཡོད་པ་མ་ཡིན་ཞེ་ན། འདུལ་བ་ཡོད་པ་མ་ཡིན་པ་དང་། འདི་ལྟ་བུ་ནི་ཅུང་ཟད་ཡོད་པ་མ་ཡིན་འདི་ལྟ་བུར་ཡོད་དམ་འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར་འདིས་རེ་ཞིག་བདག་ལ་དགོས་པ་མེད་དོ།། གཏོང
་བའི་ཆོ་ག་འདི་ལྟ་བུ་ཡོད་པ་མ་ཡིན་པ་དང་། འདི་ནི་ཡོད་དམ་འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར་རེ་ཞིག་འདིས་བདག་ལ་དགོས་པ་མེད་ཅེས་བྱ་བ་རྣམས་ཀྱིས་རྣམ་རྟོགས་མེད་པར་འབུལ་བའོ།། འདི་ནི་སྡོམ་པའི་རྟེན་ཡིན་ཏེ། གང་ཞིག་གསུམ་པོ་འདི་དེ
་བས་ན་འདི་འབུལ་བས་བསླབ་པ་འབུལ་བ་ལ་ཡིད་ཆེས་པའོ།། སློབ་དཔོན་ནམ་མཁན་པོ་འབུལ་ལོ་ཞེས་བྱ་བ་ནི་སྡོམ་པའི་མཚན་མར་འདི་འབྲེལ་པ་ཡིན་ཏེ། གང་ཞིག་སློབ་དཔོན་ཉིད་དང་མཁན་པོ་ཉིད་འདི་དག་འབུལ་བ་ལ་ཡིད་ཆེས་པའོ།།
་ཀློག་པའི་སློབ་དཔོན་ལ་ནི་ཆོ་ག་འདི་ཉིད་བདག་གིས་བརྗོད་པ་ཡིན་ཏེ། གང་ཞིག་པའི་དོན་དུ་དང་གཞན་འདི་ལྟ་བུ་ལ་སློབ་དཔོན་ཉིད་དེ་བདག་ལ་སླར་འདི་འམ། གཞན་སློབ་དཔོན་འདི་ལྟ་བུ་གང་ལ་སྟེ་ཞེས་བྱ་བའི་ཆོ་ག་གཏོང་བའི་བརྟག་པས་འབུལ
་ལོ།། གནས་ཀྱི་སློབ་དཔོན་ལ་ཡང་དེ་ལྟ་བུ་ཉིད་དུ་གཏོང་བའི་ཚོ་གས་སོ།། གལ་ཏེ་མཁན་པོ་ཉིད་ལ་སླར་རྣམ་པར་བཅད་ནས་འབུལ་བ་ཉིད་བསྙེན་པར་རྫོགས་པའི་མཁན་པོ་ལ་འབུལ་བ་ཞེས་བྱ་བ་བསྙེན་པར་རྫོགས་པ་ལ་འབུལ་བ་རྣམ
་བར་བཅད་ནས་དགེ་ཚུལ་ཉིད་ལ་ཡང་ངོ་།། བདག་ཁྱིམ་པའམ་ཞེས་བྱ་བ་ནི་ཁྱིམ་པ་ཉིད་དུ་དམ་བཅས་པ་ལ་རབ་ཏུ་བྱུང་བའི་སྡོམ་པ་ཡོད་པའི་དངོས་པོ་མེད་དོ་ཞེས་བྱ་བ་ནི་ཁྱིམ་པ་ཉིད་སོ་སོར་ཤེས་པ་ལ་བསླབ་པ་འབུལ་བ་ཉིད་གོ་བར་བྱེད་པའོ།
་དགེ་ཚུལ་ལམ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་ཉིད་དགེ་ཚུལ་ལ་བརྟེན་པ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་དགེ་ཚུལ་ལ་བརྟེན་པ་ཉིད་ཤེས་པ་ལ་བསྙེན་པར་རྫོགས་པ་འབུལ་བ་ལའོ།། ཟ་མ་འམ་མ་ནིང་ངམ་ཞེས་བྱ་བ་ནི་ཞིང་མ་ཡིན་པོ་ལ
་སྡོམ་པའི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཟ་མ་འམ་མ་ནིང་ཉིད་དུ་དམ་བཅས་པ་ལ་སྡོམ་པ་ཐམས་ཅད་འབུལ་བ་ལའོ།། དགེ་སློང་མ་སུན་ཕྱུང་བ་འམ་ཞེས་བྱ་བ་ནི་དགེ་སློང་མ་སུན་ཕྱུང་བ་ཉིད་ནི་ཞིང་མ་ཡིན་པ་ཉིད་ཀྱི་རྟོག་པས་གལ་ཏེ་དམ
་བཅས་ན་དེ་ལྟ་བུ་ཉིད་འདི་ལ་གོ་བ་ཉིད་དེ་ཕམ་པ་ཉིད་ཀྱི་བསམ་པས་གལ་ཏེ་འཕོ་བ་ཉིད་འདིར་རབ་ཏུ་བྱུང་བའི་ཕྱིར་ཞེས་བྱ་བའི་བློ་གང་ཡིན་པ་དེའི་དབང་གིས་སོ།། རྐུ་ཐབས་སུ་གནས་པ་འམ་ཞེས་བྱ་བ་ནི་དམ་བཅས་པ་ལ་ཞིང་མ་ཡིན་པ་ཉིད
་ཀྱི་བསམ་པ་ཉིད་ལ་ཟ་མ་དང་མ་ནིང་ཉིད་དུ་དམ་བཅས་པ་བཞིན་གོ་བར་བྱེད་པ་ཉིད་མ་ཡིན་ནོ།། སྡོམ་པ་མ་བླངས་པའི་བསམ་པ་ཉིད་ལ་ཁྱིམ་ན་གནས་པ་དམ་བཅས་པ་བཞིན་དུའོ།། ཐ་དད་པར་གནས་པ་འམ
་ཞེས་བྱ་བ་ལ། ཐ་དད་པར་གནས་པ་ཞེས་བྱ་བ་ནི་དམ་བཅས་པ་ལ་སྨོས་པའི་ཕྱོགས་ཀྱི་ནང་ན་གནས་པ་ཉིད་ཀྱི་བསམ་པ་ལ་འབུལ་བ་ལ་གོ་བར་བྱེད་པ་ཉིད་ནི་ཡོད་པ་མ་ཡིན་པ་སྟེ། རབ་ཏུ་བྱུང་བ་ཀུན་ལས་འདི་ཐ་དད་པ་ཉིད་ཅེས་བྱ་བ་མངོན་པར
་འདོད་པ་ལ་ཁྱིམ་པ་ཉིད་དུ་དམ་བཅས་པ་བཞིན་དུའོ།། བསྙེན་པར་རྫོགས་པ་ཐམས་ཅད་ལས་འདི་ཐ་དད་པ་གནས་པ་ཞེས་བྱ་བ་འདི་དགེ་ཚུལ་ཉིད་དུ་དམ་བཅས་པ་བཞིན་དུའོ།། གནས་པར་མི་བྱ་བའམ་ཞེས་བྱ་བ་ལ། གནས་པར་མི་བྱ་བ་ནི་དམ
་བཅས་པ་འདི་ཕམ་པ་ཉིད་དེ་ཞེས་བྱ་བ་ཕྱོགས་འདི་ལ་དགེ་སློང་མ་སུན་འབྱིན་པར་བྱེད་པ་ལ་དམ་བཅས་པ་བཞིན་དུའོ།། མུ་སྟེགས་ཅན་ཞེས་བྱ་བ་ལ། མུ་སྟེགས་ཅན་ནི་ཞིང་མ་ཡིན་པ་ཉིད་ཀྱིས་བསམ་པ་ཉིད་ལ་མུ་སྟེགས་ཅན་ཞུགས་པ་ལ
་རིགས་པ་ཡིན་ཏེ། དེ་ལ་ཟ་མ་དང་མོ་ནིང་ཉོད་དུ་དམ་བཅས་པ་བཞིན་དུའོ།། དགེ་འདུན་གྱི་དབེན་བྱས་པ་འམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་བཟུང་དུ་གསོལ་ཞེས་བྱ་བ་ལ། དགེ་འདུན་གྱི་དབྱེན་བྱས་པ་དང་ངན་སེམས
་ཀྱིས་ཁྲག་ཕྱུང་བ་ཞེས་བྱ་བ་ནི་འདི་ཉིད་རིགས་པ་ཡིན་ཏེ། དེ་དག་ལ་ཡང་དེ་བཞིན་དུའོ།། མཚམས་མེད་པ་ལྷག་མ་རྣམས་བྱེད་པ་ལ་ཞིང་མ་ཡིན་པ་ཉིད་ཀྱིས་བསམ་པ་ལ་ཡང་སྦྱར་བ་དང་ཕམ་པ་ཉིད་ནི་བསམ་པ་ཡང་སྦྱར་བའོ།། ཞིང
་མ་ཡིན་པ་ཉིད་དུ་རྟོགས་པ་ལ་འདི་རྣམས་ཀྱང་དམ་བཅས་པ་ལ་དེ་ལྟ་བུ་ཉིད་དུ་ཕམ་པར་འགྱུར་བའི་བསམ་པ་ཅན་ལ་གནས་པར་མི་བྱ་བ་ཉིད་དུ་དམ་བཅས་པ་བཞིན་དུའོ།། བདག་ལ་ཆོ་ག་གོ་ཞེས་བྱ་བ་ནི་ཐ་དད་པའི་དངོས་པོའི་ཚིག་ནི་འདི་ལ་ཐ་དད་པར
་གནས་པ་ཉིད་དུ་དམ་བཅས་པ་བཞིན་དུའོ།། འབུལ་བའི་ཆོ་གའོ།། ། སོ་སོར་བཤགས་པར་བྱ་བའི་མཐའ་ཅན་གྱི་ལྟུང་བ་རྣམས་ནི་མདོ་འདི་རྣམས་ལམ་བརྗོད་པ་ལྟུང་བ་རྒྱས་པར་བཤད་པ་སོ་སོར་ཐར་པའི་མདོ
་ལ་གནས་པ་ལ་བལྟོས་ནས་ལྟུང་བ་འདི་གང་ཡིན་ཞེས་བྱ་བའི་མཚན་ཉིད་སྟོན་པར་རིག་པར་བྱ་སྟེ། དེ་ལ་མི་ཚངས་པར་སྤྱོད་པའི་ཕམ་པར་གྱུར་པ་གང་ཞེ་ན། དེའི་ཕྱིར་གཙུག་རེག་ཉམ་སུ་མྱོང་བར་བྱས་ནའོ་ཞེས་བྱ་བ་སྨོས་ཏེ། བཅུག་པའི་རེག་པ་ཉམས
་མྱོང་བར་བྱས་ན་ཞེས་བྱ་བའི་དོན་ཏོ།། བཅུག་པའི་དང་འབྲེལ་པ་དང་ཡང་ཚིག་གིས་ནི་བཙུག་པ་མེད་པར་ལྟུང་བ་བསྐྱེད་པ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ།། གང་དུ་བཅུག་པ་འདི་དྲི་ལ་བཅུག་པའི་ཆ་དང་ཡང་དག་པར་ལྡན་པའི་ཕྱོགས་ཀྱིས་རེག
་གང་ཞིག་དེ་ལ་ཉམསུ་མྱོང་བར་བྱས་པ་ལ་དགེ་སློང་མ་ཕམ་པར་བྱེད་པ་ལ་མཚན་ཉིད་འདིའོ།། དགེ་སློང་ལ་བརྟེན་པ་ཉིད་ཀྱིས་ཉེ་བར་འཁོ་བ་ལ་རེག་པར་བྱས་པ་ལ་རིག་པ་གཅིག་གང་ཞིག་དེ་དང་ཡང་དག་པར་ལྡན་པས་འདི་བརྗོད་པས་ཉམས
་མྱོང་བར་བྱས་ན་ཞེས་བྱ་བའི་ཚུལ་རྟོགས་པར་བྱའོ།། འདིར་ཡང་སྙོམས་པར་འཇུག་པ་གཉིས་ལས་སྒྲ་གཅིག་ལ་འཇུག་པ་ཡང་དག་པར་འབྱུང་བ་ཡོད་པ་ཡིན་ཏེ། དེ་བས་ན་མདོ་འདི་ལ་ཡང་བལྡབས་པར་རྟོགས་པར་བྱའོ།། ཅི་ཞིག་བཅུག་པ་ཞེ་ན་དེའི
་ཕྱིར། ཟག་བྱེད་དོ་ཞེས་སྨོས་ཏེ། སྐྱེས་པ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། འདོད་ཆགས་དང་བྲལ་བ་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་སྒྲ་འདིས་གང་དུ་བསྟན་ཞེ་ན། དེའི་ཕྱིར་དེར་རོ་ཞེས་བྱ་བ་སྨོས་ཏེ།
་ཟག་བྱེད་ལ་ཞེས་བྱ་བའི་དོན་ཏོ།། འདིར་ཟག་བྱེད་ནི་མོའི་དབང་པོའོ།། དེ་ཇི་ལྟ་བུ་ལས་ཞེ་ན།། དེའི་ཕྱིར་མ་ཉམས་པར་རོ་ཞེས་བྱ་བ་སྨོས་ཏེ། མིའི་བུད་མེད་གསོན་པ་མ་ཉམས་པ་ལའོ་ཞེས་བྱ་བས་མ་ལུས་པ་ལ་བརྟེན་པ་ལོ་འདིར་རབ་ཏུ་སྦྱོར་རོ།། དེར
་དགོས་པ་མེད་པར་མོའི་དབང་པོ་དང་ཁའི་ནང་བརྩེགས་པ་ལ་བརྟེན་པའི་ཉམས་པ་ཉིད་ལས་དོན་གཞན་ལ་ཉམས་པ་ཉིད་ཅེས་བྱ་བར་རྣམ་པར་ཤེས་ནས་མོའི་དབང་པོ་དང་ཁའི་རྟེན་ཉེ་བར་བརྟགས་པ་ནི་ཁ་འམ་བཤད་པའི་ལམ་དུའོ་ཞེས་བྱ་བ།
་སྟེ། ཁྱད་པར་ཡོངས་སུ་མ་བཟུང་བ་ཐམས་ཅད་དུ་རང་གི་དང་གཞན་གྱི་དང་མོའི་དང་དུད་འགྲོའི་སྐྱེ་གནས་ལ་སོགས་པ་དང་འབྲེལ་བའི་བུད་མེད་ཀྱི་ཚོགས་ལ་དང་སྐྱེས་པའི་དང་མ་ནིང་ན་ཡང་མ་ཉམས་པ་ཞེས་བྱ་བ་འཇུག་པ་ཡིན་ནོ།། ཉམས་པ་དག་ཁ
་ནི་སྦོམ་པོར་ཞེས་བྱ་བ་ནི་ཁ་དང་བཤད་པའི་ལམ་མོའི་དབང་པོ་ཉམས་པ་དག་ཏུ་བཅུག་པ་ལ་ནི་ཁ་ན་མ་ཐོ་བ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། མི་རུང་བ་ཉིད་ནི་ན་སྨད་དོ་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་ལ་རུང་བ་ཉིད་དེ་གཟུང་བ་དང་འགྲོ་བ
་དང་བསྟེན་པ་ལ་རུང་བ་ཉིད་ཅེས་བྱ་བ་ངེས་པ་རྣམས་ལ་འཆད་པར་འགྱུར་བའོ།། འགྲོད་པར་བྱ་བ་པོ་དང་མོ་དང་མ་ནིང་ནི་མི་རུང་བ་ཉིད་ལ་ན་སྨད་པ་སྟེ། རུང་བ་ཉིད་གང་ལ་རྩ་བ་དང་དེར་འདི་ལ་སྦོམ་པོའོ།། གང་དུ་སྦོམ་པོ་དེར་ཉེས་བྱས་ཏེ། གང
་དུ་ཉེས་བྱས་དེར་ཕྲ་མོ་ཞེས་བྱ་བའི་དོན་ཏོ།། མི་མ་ཡིན་པའི་འགྲོ་བ་ཉིད་དང་སྐྱེས་པ་ཉིད་དང་སྐྱེས་པ་ཉིད་དང་། མ་ནིང་ཉིད་དང་རྟེན་པར་བྱེད་པ་དང་། བསྟེན་པར་བྱ་བ་གཡོགས་མ་ཅན་དང་རོ་ཉིད་དག་ལ་ན་སྨད་པ་མེད་དོ།། མ་ཚོར་བ་དང་རང་བཞིན་ཉམས
་བའི་གནས་སྐབས་དང་མི་འདོད་བཞིན་དུ་བཅུག་པ་ཉིད་ནའོ།། རང་གི་བསྟེན་པར་བྱ་བར་རོ།། སྔར་ཕྱི་རོལ་དུ་དྲུད་པ་ཉིད་ལའོ།། ནང་དུ་མི་ངོ་བོ་བར་ཕྱི་རོལ་ཉིད་དུའོ་ཞེས་བྱ་བ་ལ་ན་སྨད་པ་མེད་དོ་ཞེས་བྱ་བ་ནི་མེད་པའི་དོན་མི་ཟད་པའི་དངོས་པོ་བསྡུ་བ་འདི
་ཡིན་ནོ།། མི་མ་ཡིན་པའི་འགྲོ་བ་པ་ཉིད་ལ་བགྲོད་པར་བྱ་བ་དང་། སྐྱེས་པ་ཉིད་ལ་སྐྱེས་པའི་དངོས་པོ་བསྐྱེད་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ།། མ་ནིང་ཉིད་ལ་བགྲོད་པར་བྱ་བ་དང་། རྟེན་པར་བྱེད་པ་ཕོའི་དབང་པོའི།། བསྟེན་པར་བྱ་བ་མོའི་དབང་པོ
་དང་། ཁཱ་དང་བཤད་པའི་ལམ་རྣམས་ལའོ།། གཡོགས་ཅན་ཉིད་ལ་ཞེས་བྱ་བ་ནི་གཡོགས་པ་ཉིད་ལའོ།། རོ་ཉིད་དག་ལ་ཞེས་བྱ་བ་ནི་བགྲོད་པར་བྱ་བ་ལའོ།། མ་ཚོར་བ་དང་ཞེས་བྱ་བ་ནི་གཉིད་ལོག་པ་ལ་སོགས་པ་ལ་བཅུག་པ་ཉིད་ལའོ།།
་རང་བཞིན་ཉམས་པའི་གནས་སྐབས་དང་མི་འདོད་བཞིན་དུ་བཅུག་པ་ཉིད་ནའོ་ཞེས་བྱ་བའི་ཡུལ་གྱི་བདག་གི་བ་མེད་པ་ཉིད་ལའོ།། སྔར་ཕྱི་རོལ་དུ་དྲུད་པ་ཉིད་ལའོ་ཞེས་བྱ་བ་ནི་ཁོ་དང་བཤད་པའི་ལམ་དག་ལ་ཕྱི་རོལ་དུ་དྲུད་པ་སྔོན་དུ་འགྲོ་བ
་ཉིད་ཀྱིས་བཅུག་པ་ཉིད་ནའོ།། ནང་དུ་དབོ་བར་ཕྱི་རོལ་ཉིད་དུའོ་ཞེས་བྱ་བ་ན་སྨད་པ་མེད་དོ་ཞེས་བྱ་བའི་དོན་ཏེ།། མི་མོ་ལ་རོ་གང་གིས་དེ་ཉིད་དུ་མི་ལ་ཕམ་པར་རིགས་ཞེས་བྱ་བ་ལ་སོགས་པ་དོགས་པ་ལ་དེ་བཟློག་པའི་དོན་དུ་ཚིག་འདིའོ།། རོ་གཞན་མ
་རྣམས་ནི་འང་ཡིན་ཏེ། འདི་རྣམས་ཀྱི་ཕྱི་རམ་གྱི་བ་ཉིད་ཙམ་སྟེ། འདིར་བསྟེན་པ་ལ་མ་རྫོགས་པ་ཉིད་མེད་དེ། དེ་བས་ན་འདིར་ན་སྨད་པ་མེད་པར་ཤེས་པར་བྱའོ།། མ་བསྲུངས་པར་ཉིན་མ་གློས་ཕབ་སྟ་གཏ
་ལོག་པར་མི་བྱའོ་ཞེས་བྱ་བ་ལ། གང་གིས་འདི་བསྲུངས་པའི་སྒྲར་བརྗོད་དོ།། བསྲུངས་པ་དེ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་བསྲུངས་པ་ནི་གསུམ་སྟེ། སྒོ་བཅད་ཅིང་ཀུན་ནིས་བསྐོར་བ་ན་གནས་པ་ཉིད་ཅེས་བྱ་བ་སྨོས་ཏེ། སྒོ་བཅད་ཅིང་ཀུན་ནས་བསྐོར།
་བ་ན་ཐམས་ཅོད་ནས་ཀུན་ནས་བསྐོར་བའི་གནས་ལ་གནས་པ་ནི་སྒོ་བཅད་ཅིང་ཀུན་ནས་བསྐོར་བ་ན་གནས་པའོ།། དེའི་དངོས་པོ་ནི་དེ་ཉིད་དེ་ཀུན་ནས་བསྲུང་བ་ཉིད་དོ།། སུས་ཤེ་ན། དེའི་ཕྱིར་དགེ་སློང་གིས་ཀུན་ནས་བསྲུངས་པ་ཉིད་དང་། ཤམ་ཐབས
་ཀྱི་མཐའ་བཅིངས་པ་ཉིད་དོ་ཞེས་བྱ་བ་སྨོས་སོ།། མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པ་སྟེ་ཕམ་པ་དང་པོའི་རྣམ་པར་འབྱེད་པ་རྫོགས་སོ།། །། གང་དུ་བུད་མེད་ཀྱི་བརྗོད་པ་དེར་འགྲོ་བར་མི་བྱའོ།།
་གང་དུ་མི་མ་ཡིན་པས་གནོད་པའི་ཕྱིར་བརྩལ་བ་དེར་གནས་པར་མི་བྱའོ།། འདོད་ཆགས་ཤེས་པས་འཇིག། སྣོད་བཅད་པར་བྱའོ་ཞེས་བྱ་བ་ལ།། འཛག་སྣོད་ཅེས་བྱ་བ་རིག་པ་འདིའི་དོན་དུ་འདི་ཞེས་བྱ་བ་ཁུ་བ་འཛག་པར་གྱུར་ན་འདི་མངོན
་བར་གནང་བ་སྟེ། རྫས་ཅི་ཞིག་ལས་ལས་བྱ་ཞེ་ན། དེའི་ཕྱིར་རའམོ་རི་དགས་སམ་བྱི་བའི་པགས་པ་ལས་སོ་ཞེས་བྱ་བ་སྨོས་སོ།། བགོས་པ་འདི་རྣམས་ནི་དཔེ་ཡིན་ཏེ། སྤང་བར་བྱ་བ་མ་ཡིན་པ་ལ་འཇིག་རྟེན་པ་རྣམས་ཀྱིས་མི་བྱེད་ཅིང་སེང
་གེའི་པགས་པ་བཞིན་དུ་ཉེས་དམིགས་སོ།། ཅིའི་པགས་པ་ལས་བྱ་ཞེ་ན། དེའི་ཕྱིར་བྱི་བ་དང་ལུག་ལྤགས་ལ་སོགས་པ་ཡང་འདིས་འཕངས་པའོ།། དྲི་མི་ང་བར་བྱ་བའི་ཕྱིར། སྐབས་སུ་བཀྲུ་བ་འམ་བསྐམ་པར་བྱའོ་ཞེས་བྱ་བ་ནི་དྲི་མི་ང་བར
་བྱ་བའི་དོན་དུ་ཞེས་བྱ་བའོ།། དེའི་དུས་ཀྱི་ཆེད་དུ་གཞན་བྱའོ་ཞེས་བྱ་བ་ནི་འཇིག་སྣོད་བཙོང་བར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། དེའི་དུས་ཀྱི་ཆེད་དུ་ཞེས་བྱ་བ་ནི་བཀྲུ་པོ་དང་བསྐམ་པའི་དུས་ཀྱི་དོན་དུ་སྟེ། འཇོག་སྣོད་གཉིས་པ་བཅང་བར
་ས་བྱ་པོའི་དོན་ཏོ།། ཁུ་བ་ཧ་ཅང་མང་བས་འདར་བར་གྱུར་ན།། ཕྲ་བླུགས་སོ་ཞེས་སྨོས་ན། ཕྲུ་ཅི་འདྲ་བ་བླུགས་པར་བྱ་ཞེ་ན། དེའི་ཕྱིར་བྱེ་མ་འམ་སའི་འོ་ཞེས་བྱ་བ་སྨོས་སོ།། ཟན་ཟ་བ་དང་མཆོད་རྟེན་ལ་ཕྱག་འཚལ་བའི་ཚེ་ཕོ་ག་ལ་བཀྲུས
་ཏིའོ་ཞེས་བྱ་བ་ལ། ཕོག་ལ་ཞེས་བྱ་བ་ནི་འཛག་སྣོད་དེ་དབང་པོ་ལས་བསལ་བར་བྱ་སྟེ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཅི་ཞེས་བྱ་ཞེ་ན། དེའི་ཕྱིར་བཀྲུས་ཏེ་ཟན་ཟ་བོ་དང་མཆོད་རྟེན་ལ་ཕྱག་འཚལ་བ་སྨོས་ཏེ་བྱོའོ་ཞེས་བྱ་བ་ནི་ལྷག་མའོ།། མི་ཚང
་པར་སྤྱོད་པའི་ཕམ་པར་འགྱུར་བ་ལོས་ཕྲན་ཚེགས་ཀྱི་སྐབས་རྫོགས་སོ།། །། རྨའི་སྒོ་གསུམ་རྣམས་ལསཽ་ཕྱོགས་གང་ཕམ་པར་བྱེད་པ་ཉིད་ལ་དང་པོ་ཡིན་ཞེ་ན། དེའི་ཕྱིར་ཁའི་དང་པོ་ནི་སོ་ཕན་ཆད་དོ་ཞེས
་བྱ་བ་སྨོས་ཏེ། སོའི་ནང་ལོགས་ཀྱི་ངོས་ཀྱི་སོའི་མཐར་ཐུག་པ་སྟེ་དེ་ཕན་ཆད་ནི་ཁའི་དང་པོའོ།། བཤང་བའི་ལམ་གྱི་ནི་བུ་གའི་སྦུབས་ཀྱི་མཐའ་ཡན་ཆད་དོ་ཞེས་བྱ་བ་ནི་བུ་གར་གྱུར་པའི་སྦུབས་ཡིན་པས་བུ་གའི་སྦུབས་ཏེ་གཙང་མའི
་རྩ་སྟེ་དེ་ལའོ།། དེ་ནས་བརྩམས་ཏེ་བཤང་བའི་ལམ་གྱི་དང་པོའོ།། གང་ནས་བརྩམས་ཏེ་བྱ་ཞིང་གནོད་པ་དང་བཅས་པའི་ནད་ཡོད་པ་གང་ནས་འབྱུང་ཞིང་རྨའི་སྒོའི་མིག་དང་འདྲ་བ་སླར་དགའ་བས་འཇུག
་པར་བྱ་བ་མ་ཡིན་པ་ཡོད་པ་དེ་ནི་མཐའ་མ་ཞེས་བྱ་བའི་དོན་ཏོ།། ཟག་བྱེད་ཀྱི་ནི་པགས་རིམ་ཡན་ཆད་དོ་ཞེས་བྱ་བ་ནི་ཕྱི་རོལ་དུ་གྲངས་གཅིག་པ་གཉིས་ཀའི་རིམ་པ་སྟེ། དེ་ལས་གཞན་ནི་པགས་རིམ་ཡན་ཆད་ཤའི་རྣམ་པའི་དང་པོར
་གྱུར་པ་རྡུལ་ཕྲ་རབ་ཀྱི་མཚམས་ལ་ཐུག་པ་ནི་དང་པོ་སྟེ། དེ་ལས་གཞོན་པ་ནི་ཟག་བྱེད་ཀྱི་དང་པོ་ཞེས་བྱ་བའི་དོན་ཏོ།། དེར་ནོར་བུ་བཅུག་པ་ཉིད་ནི་དེའི་མཐའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་ཟག་བྱེད་ཀྱིའོ།། ནོར་བུའི་གང་ཞིག་བཅུག་པ
་ཉིད་ནི་དེའི་མཐའ་སྟེ་བཅུག་པའི་མཐའ་མའོ།། ཐམས་ཅད་ལས་ཆུང་བ་བཅུག་པ་ཉིད་དེ་ནོར་བུ་རིལ་གྱིས་མ་འདས་མོད་ཀྱི། འོན་ཀྱང་གང་གིས་བཅུག་པའི་རེག་པ་ཉམས་སུ་མྱོང་བར་བྱས་པ་ཞེས་བྱ་བ་དེས་བཅུག་པ་བསྟན་པ་ཞེས་བྱ
་བའི་དོན་ཏོ།། འདིར་གཞུང་ནི། སོ་དག་ལས་ནོར་བུ་འདའ་བར་བྱེད་པ་དང་། བུ་གུའི་སྦུབས་ལས་ནོར་བུ་འདའ་བར་བྱེད་པ་དང་། པགས་པ་ལས་ནོར་བུ་འདའ་བར་བྱེད་པ་ཞེས་གསུངས་པ་ཡིན་ནོ།། སཽ་དག་ལས་ཞེས་བྱ་བ་འདི་ནི་སོ་རྣམས
་ཞེས་བྱ་བ་འདི་ལ་ཟུར་ཆག་པའི་སྒྲ་ཞེས་བྱ་བར་རིགས་པར་ཡིན་ནོ།། རྣམ་པར་འབྱེད་པོའི་མདོ་ལས། གང་ཞིག་རྨའི་སྒོ་ཉིད་རྣམས་ལ་ཉམས་པ་ཉིད་སྨྲས་པ་དེའི་མཚན་ཉིད་བརྗོད་པར་བྱ་སྟེ། ཕྱོགས་ཀྱི་དང་པོ་ཅུང་ཟད་ཟིན་པ་ཉིད་དང་གསུངས་པ
་ཉིད་དང་ཟིན་པ་དང་རུལ་བ་ཉིད་དང་མྱགས་པ་ཉིད་དང་སྲོག་ཆགས་ངག་གིས་ཟོས་པ་ཉིད་ལྟ་བུ་ནི་ཉམས་པ་ཉིད་དོ།། ཞེས་བྱ་བ་ལ། གང་གི་རྨའི་སྒོ་རྣམས་མ་ཟིན་པ་འམ་ཟིན་པར་གྱུར་པ་རྣམས་ཀྱང་རུལ་པ་དང་སུངས་པ་ཞེས་བྱ་བ་འདི་གཞུང
་འདི་ལ་ཕྱོགས་འདི་ནི་མ་བརྟེན་ཞེས་བྱ་བའི་དོན་ཏོ།། ཕྱོགས་ཀྱི་དང་པོ་ཞེས་བྱ་བ་འདི་སྨོས་པ་ཡི་ན་ནོ་གཞུང་གཞན་ལས་ཅུང་ཟད་ཟིན་ཏམ། སྐྲངས་པ་ཉིད་དང་། རུལ་བ་ཉིད་དམ། སྲོག་ཆགས་དག་གིས་ཟོས་པ་ཉིད་དམ་ཞེས་གསུངས་པ
་སྟེ། དེ་ལོ་འདིར་སྐྲངས་པ་དང་སྲོག་ཆ་གོས་རྣམས་ཀྱིས་ཟིན་པའི་ཚིག་བྱས་པ་ཡིན་ནོ།། འདིར་ཅུང་ཟད་ཟིན་པས་ནི་མ་ཟིན་པ་ཤེས་པར་བྱའོ།། ལྷག་མ་ནི་གོ་སླ་བ་ཉིད་ཀྱི་ཕྱིར་རྒྱས་པར་མ་བཤད་དོ།། རྨའི་སྒོ་ལ་བརྟེན་པའི་ཕྱོགས་འདི
་བཟུང་བ་ཡིན་གྱི་གཞན་གྱི་ལུས་ལ་བརྟེན་པ་ལ་ནི་མ་ཡིན་ནོ།། འགྲོད་པར་བྱ་བ་ཕྱེད་བཅད་པ་ཉིད་ལ་ཡང་ན་སྨད་པ་མེད་དོ་ཞེས་བྱ་བ་ནི་འདིར་བགྲོད་པར་བྱ་བའི་ཚིག་གིས་གནས་མ་ལུས་པ་བཟུང་བ་སྟེ། རྨའི་སྒོ་ཙམ་ལ་ནི་མ་ཡིན་ནོ།།
་མི་ཚངས་པར་སྤྱོད་པའི་ཕྱིར་ཉེ་བར་སོང་བའི་སྐྲོད་པར་བྱ་བ་ཕོ་དང་མོ་དང་མ་ནིང་ཕྱེད་བཅད་པ་ཉིད་ལ་དང་པོ་ཡོངསུ་རྫོགས་པ་ཉིད་ཅེས་བྱ་བའི་དོན་ཏོ།། འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་བུད་མེད་ལུས་ཕྱེད་དུ་བཀུམ་ལ་རྨའི་སྒོ
་ཡང་རུང་བ་ཞིག་མ་ཉམས་པ་དེར་མི་ཚངས་པར་སྤྱོད་པ་སོ་སོར་བསྟེན་ནས་མཐོར་གྱུར་རམ་ཞེས་གསུངས་པ་དེ་ནི་འདིར་བསྡུས་པ་ཡིན་ནོ།། ཡང་གི་སྒྲ་ནི་ན་སྨད་པ་ཉིད་མེད་ཞེས་བྱ་བ་རྗེས་སུ་འཇུག་པའི་དོན་དུའོ།། བསྟེན་པར་བྱ་བའི
་དབུས་ཕྱེད་པའི་མཚམས་སྦྱར་བ་མི་མངོན་པ་ལ་ཡང་ངོ་།། མངོན་པར་ལ་ནི་ཚིགས་འོག་མར་རོ་ཞེས་བྱ་བ་ནི་མངོན་པའི་རྗེས་སུ་མཚམས་ཐམས་ཅད་མངོན་པ་ལ་དེ་མ་ཐག་པའི་རིམ་པ་ཞེས་བྱ་བའོ།། གང་དུ
་མཚམས་མངོན་པར་ལ་དེར་རྩ་བ་ནི་འདིར་སྦོམ་པོའོ།། གང་དུ་སྦོམ་པོ་དེ་ལ་ནི་འདིར་ཉེས་བྱས་སོ།། གང་དུ་ཉེས་བྱས་དེ་ལ་ནི་འདིར་ཕྲ་མོར་འགྱུར་ཞེས་བྱ་བའི་དོན་ཏོ།། སྦོམ་པོའི་དབང་དུ་བྱས་པ་ནི་ཕག་ལ་སོགས་པ་བཙོས་པ་སྤུ་མེད་པ
་དག་ལའོ་ཞེས་བྱ་བ་ནི་དབང་དུ་བྱས་པ་བསྟན་པའི་ཕྱིར་དང་པོར་སྦོམ་པོའི་དབང་དུ་བྱས་པ་ནི་ཞེས་བྱ་བའི་ཚོགས་སྨོས་སོ།། དེ་ལས་གཞན་བརྗོད་པར་བྱ་ཞེས་བྱ་བ་ནི་དེ་ལས་སྔ་རོལ་དུ་སྦོམ་པོའི་དབང་དུ་བྱས་པ་ཞེས་བྱ་བ་འདི་དང་འབྲལ
་ཏོ། འདིར་ལོག་པར་རྟོག་པ་ལ་སྦོམ་པོ་ནི་གཉེན་པོ་ཀུན་ཏུ་སྤྱོད་པ་གཞན་ཡང་མ་ཡིན་ཏེ། འདིའི་རྗེས་སུ་འབྲངས་ནས་ཉེས་བྱས་དང་གཞན་ལ་ནི་ཉམས་པ་ཉིད་དོ།། རྨའི་སྒོ་རྣམས་ལ་གང་ཞིག་བཅོས་མ་ཉིད་འདི་ནི་དེ་བས་ན་སྨད་པའོ།། སྤུ
་མེད་པའི་ཚིག་ནི་འདིར་མིའི་པགས་པ་ཉིད་དང་འདྲ་བའི་ཕྱིར་སྤྲོ་མེད་པ་ཉིད་ལ་སྨད་པ་མེད་དོ།། ཞེས་བྱ་བའི་ཀུན་ཏུ་རྟོག་པ་བཟློག་པའི་དོན་དུ་སྟེ། སྐུ་དང་བཅས་པ་ཉིད་ལ་ན་སྨད་པ་མེད་པ་བསྟན་པའི་ཕྱིར་ནི་མ་ཡིན་ནོ།། འདིར་སོགས་པའི་སྒྲ།
་ནི་རབ་ཏུ་དབྱེ་བ་ཉེ་བར་བསྡུ་བའི་དོན་དུའོ།། དེ་བས་ན་སྤུ་དང་བཅོས་པའི་དུད་འགྲོ་རྣམས་ལ་འདིས་འཕངས་པར་རིག་པར་བྱའོ།། འདིར་གཞུང་ནི།། དེ་ལྟར་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཐམས་ཅད་ལ་གཏོགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ།།
་མགོ་བཅད་པའི་ཁར་རོ་ཞེས་བྱ་བ་ནི་འདིར་གཅིག་པུ་དེ་ལ་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ།། ཟག་བྱེད་དང་བཤང་བའི་ལམ་དག་ལ་ནི་ཕམ་པ་ཉིད་དུ་བྱེད་པ་ཉིད་དོ།། ཁྱད་པར་མེད་པར་བརྗོད་པའི་ཕྱིར་ཁ་དང་འབྲེལ་པ་ཐམས་ཅད་ལའོ།།
་བསྟེན་པར་བྱ་བ་དང་། བསྟོན་པར་བྱེད་པ་ལུས་ལས་ཐ་དད་པར་བྱས་པ་གཉིས་ཀྱིའོ།། ཞེས་བྱ་བ་ནི་ཁ་དང་བཤང་བའི་ལམ་དང་གཞན་དག་དང་མེའི་དབང་པོ་བརྟེན་པོ་དང་བཅས་པ་ལ་སོགས་པ་ལུས་ལས་ཐ་དད་པར་བྱས་པའི་ཕྱི
་དབང་པོ་དང་ཡང་དག་པར་སྦྱོར་བ་ལ་རང་གི་ཁའི་ལམ་དང་བཤང་བའི་ལམ་དུ་དགེ་སློང་མ་ལ་མོའི་དབང་པོས་ཀྱང་རང་གི་ཡང་དག་པར་སྦྱོར་བ་ལ་སྦོམ་པོའི་དབང་དུ་བྱས་པ་ཉིད་ཅེས་བྱ་བའི་དོན་ཏོ།། གཞན་པ་གཉིས་ཀྱང་གཞན་གྱི་གཉིས
་དང་གཞན་དུ་སྦྱོར་བར་བྱེད་ནིའོ་ཞེས་བྱ་བ་ནི་ལུས་ལས་ཐ་དད་པར་མ་གྱུར་པ་ལ་ཡང་གཞན་གྱི་བསྟེན་པར་བྱ་བ་དང་སྟེན་པར་བྱེད་པ་དང་ཕོ་དང་མོ་དང་མ་ནིང་དང་གཞོན་ལ་ཅི་རིགས་པར་བསྟེན་པར་བྱ་བ་སྟེན་པར་བྱེད་པ་ལ་ཡང་དག་པར
་སྦྱོར་བ་ལ་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ།། དེ་བཞིན་དུ་གཞན་དུ་ཡང་གསུངས་ཏེ། བུད་མེད་ཀྱི་ཚོགས་ལ་བཅང་ནས་འཇུག་པར་བྱེད་ན་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་སྦོམ་པོའི་ལྟུང་བ་ཞེས་བྱ་བ་སྨོས་སོ།། གཅིག་ལས
་གསུངས་པ་བུད་མེད་ཀྱི་ཚོགས་ལ་རྩོལ་བར་བྱེད་ན་ལྟུང་བ་ཅིར་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱི་ཡན་ལག་གི་རྣམ་པ་གཞན་གྱི་ཟག་བྱེད་དུ་རྩོལ་བར་བྱེད་ནའོ་ཞེས་བྱ་བ་སྨོས་ཏེ། སྦོམ་པོའི་ལྟུང་བ་ཞེས་བྱ་བའོ།། གཞན་དུ་ཡང་དགེ་སློང
་འགའ་ཞིག་ཡོད་ད་ཟག་སྐྱེད་ལ་ཟག་བྱེད་རྩལ་བར་བྱེད་ན་ལྟུང་བ་མེད་པར་འགྱུར་རམ། བཀའ་སྩལ་པ། མཐར་འགྱུར་རོ།། བུད་མེད་ཀྱི་ཚོགས་ལ་བཅད་ནས་རྩོལ་བར་བྱེད་པ་དང་གཉིས་མུར་བརྒྱད་ན
་བཅུག་ན་ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། ལྕུག་མ་འདིའི་རྗེས་སུ་འབྲངས་ནས་ཤེས་པར་བྱ་སྟེ། མདོ་འདི་དག་བྱས་པ་ཡིན་ནོ།། གཞན་པའི་བུ་ག་ལུས་ལུས་བཅད་པ་ལོ་ཡང་ཞེས་བྱ་བ་ནི་རྨའི་སྒོ་གསུམ
་ལས་གཞན་པའི་བུ་ག་མཚན་གྱིས་དྲལ་བ་ལ་སོགས་པ་བཅོས་མ་དང་། མི་ན་བ་ལ་སོགས་པ་ལུས་བྱུང་བ་ཉིད་ལས་བྱུང་པོ་དང་པོ་ལས་དོད་པ་ལུས་ལས་བཅད་པ་དང་མ་བཅད་པ་ཡང་སྦོམ་པོའི་དབང་དུ་བྱས་པ་ཡིན་པའོ།། གཅིག་ནས
་གསུངས་པ། ལུས་དྲལ་ཏེ་ཡན་ལག་གི་རྣམ་པས་བརྩོལ་ན་ལྟུང་བ་ཅིར་འགྱུར།། ཉེས་པ་སྦོམ་པོརོ་ཞེས་གསུངས་སོ།། གཞན་དུ་ཡང་མགོ་བོ་བཅད་པར་གྱུར་ཏེ། མཐའ་གཉིས་པ་ལ་འཇུག་པར་བྱེད་ན་ལྟུང་བར་འགྱུར་རམ།
་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་དེ་འདིའི་བསྡུས་པའོ།། བསྟེན་པར་བྱ་བ་མ་ནིང་མོ་སྦུབས་མེད་པ་ལ་ཡང་ངོ་ཞེས་བྱ་བ་ལ། བུ་ག་ལུས་ལ་བཅད་པ་ལ་ཡང་ངོ་ཞེས་སྔར་སྨོས་པའི་རྗེས་བསྙག་པའི་ཕྱིར་ཡང་གི་སྒྲའོ།། སྦུབས་ཞེས
་བྱ་བ་ནི་གང་ལ་ཕོའི་དབང་པོ་གཞུག་པ་བྱ་བའི་སྐབས་ཀྱི་ཚད་དེ་ལྟ་བུ་སྦུབས་ཀྱི་རྒྱུན་མ་ཆད་པར་བསྟེན་པར་འགྱུར་བའི་མ་ནིང་ལ་བུ་ག་ལུས་ལས་བཅད་པ་ལ་ཡང་ངོ་ཞེས་སྦོམ་པོའི་དབང་དུ་བྱས་པའོ།། འབྲེལ་པ་ཙམ་འདིར་ཕམ་པ
་ཞེས་བྱ་བ་སྦུབས་ཀྱི་སྒྲས་ཤེས་པར་བྱའོ།། ཀློག་པ་འབའ་ཞིག་དུ་འདི་བརྗོད་དེ་མ་ནིང་ལ་རྩོལ་བར་བྱེད་དེ་གང་དུ་གླགས་མེད་པ་ལ་ལྟུང་བར་འགྱུར་བ་མཆིས་སམ། སྦོམ་པོའི་ལྟུང་བར་འགྱུར་རོ་ཞེས་བྱ་བ་ནི་སྡུས་པའོ།། མཆུ་གཉིས་ལའོ་ཞེ
་བྱ་བ་ནི་མཆུ་གཉིས་ལ་སྦྱར་བཙུམ་ལ་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ།། སོའི་མཐའ་མཚུན་ཆད་འབའ་ཞིག་ཏུ་མ་ཟད་ཀྱི་ཇི་སྲིད་དུ་བརྩལ་བ་ཞེས་བྱ་བ་སྔོན་གྱི་རྗེས་སུ་འབྲང་བས་རྟོགས་པར་བྱའོ།། ཕྱི་རོལ་གྱི་མཚམས་ལ
་ཐུག་པོར་རོ་ཞེས་བྱ་བ་ཁའི་དང་པོ་ནི་སོ་ཕན་ཆད་ངོ་ཞེས་བསྟི་པ་ལ་ཕྱི་རོལ་དུ་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ།། འདིར་གཞུང་ནི། སོའི་ཕྱི་རོལ་དུ་ཉམས་པར་བྱེད་ན་ཉེས་པ་སྦོམ་པོའི་ལྟུང་བར་འགྱུ་རོ་ཞེས་གསུངས་པ་ཡིན་ནོ།། སྣོད་དུའོ་ཞེས
་བྱ་བ་ནི་བྱེ་བྲག་ཡོངས་སུ་མི་ཟིན་པའི་ཕྱིར་གང་ཞིག་སྣོད་དེའི་རང་བཞོན་དུ་འཇུག་པ་ན་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ།། བལྟབ་པ་དང་མི་རེག་པར་འཇུག་པ་གཉིས་སོ་ཞེས་བྱ་བ་ནི་ཕའི་དབ་རྐེད་བལྟ་བ་ཏུ་བྱས་ཏེ་རྨའི་སྒོ་རྣམ་སུ་འཇུག་པ་གང
་ཡིན་པ་དང་། གང་ཡང་མི་རེག་པར་གྱུར་པའི་རྨའི་སྒོ་དེ་དགེ་སློང་ལ་ཡང་ལྟུང་བར་འགྱུར་བ་བཞིན་དུ་དགེ་སློང་མ་ལ་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་ཡིན་ནོ།། གལ་ཏེ་མི་རེག་པར་འཇུག་པ་ལ་སྦོམ་པོའི་དབང་དུ་བྱས་པ་ཉིད་ཡིན་ན།
་གང་ཞིག་འདི་དག་བསྟེན་པར་བྱ་བ་གཡོགས་མ་ཅན་ཉིད་དག་ལས་ནི་ན་སྨད་པ་མེད་པར་བརྗོད་དོ།། གཡོགས་མས་བར་དུ་མ་ཆོད་པ་ཞེས་བྱ་བ་དེ་ཇི་ལྟར་ཡིན་ཞེ་ན། དེའི་ཕྱིར་མཐའ་ཉིད་བརྗོད་པའི་གཡོགས་པ་དེ་ནི་བསྒྲིབས།། དེས
་གཡོགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་རེག་པར་མི་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཐ་མ་ན་ཡོད་པའི་ཕམ་པར་འགྱུར་བ་ལ་ན་སྨད་པ་མེད་པའི་ཚིག་གིས་བརྗོད་པ་ལ་འདི་ལྟ་བུའི་གཡོགས
་པ་ནི་གཡོགས་པ་དང་བཅས་པ་དེ་ནི་བསྒྲིབས་པ་ནི་འདོད་པའོ།། གང་ཞིག་བར་དུ་ཆད་པས་གཡོགས་མས་བསྒྲིབས་པོ་དེ་ལ་ནི་ཐམས་ཅད་ཀྱིས་ཐམས་ཅད་དུ་རེག་པར་མི་འགྱུར་བ་མ་ཡིན་ནོ།། འོ་ན་ཅི་ཞེ་ན། དེ་ལ་རེག་པ་ཡོད་པ
་ཁོ་ནའོ།། གཞན་གྱིས་གཡོགས་པ་ཉིད་ནི་མི་རེག་པས་འཇུག་པས་རྣམ་པར་བཤད་པ་ཡིན་ནོ་ཞེས་བྱ་བ་ལ། གཞན་གྱིས་ཞེས་བྱ་བ་ནི་གང་གིས་གཡོགས་པ་དེ་ལ་ཐམས་ཅད་ཀྱིས་ཐམས་ཅད་དུ་རེག་པར་མི་འགྱུར་བ་ནི
་པགས་པ་མཐུག་པ་འམ། འཇམ་པོས་སམ་གོས་ཀྱིས་རེག་པས་མ་རེག་པར་འཇུག་པ་ལ་དེ་རྣམ་པར་བཤད་པ་ཡིན་ཏེ། འདི་ལས་ལྷག་པ་ཤེས་པར་བྱ་བ་མ་ཡིན་ནོ།། ཞེས་བྱ་བའི་དོན་ནོ།། ཕམ་པར་འགྱུར་པ་དང་པོ་ཞུ
་བའི་སྐབས་སོ་ཞེས་བྱ་བ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་རྟོགས་སོ།། ། དགེ་སློང་གི་དངོས་པོར་མི་ཤེས་པ་ནི་རང་བཞིན་གྱིས་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱིས
་ཉམས་པ་ཞེས་བྱ་བའི་སྒྲ་དེའི་དོན་རྒྱས་པར་གྱུར་པས་ཐ་སྙད་ཉམས་པ་ཞེས་བྱ་བའི་སྒྲ་རང་བཞིན་ཉམས་པ་སྨྱོན་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་བརྗོད་པ་ལྟུང་བ་མ་བླང་བས་ཡོངས་སུ་མ་བཅད་པ་ལ་ངོ་བོ་འདི་ཡིན་ནོ།
་ཞེས་བྱ་བ་རབ་ཏུ་བསྟན་པའི་དོན་དུ་མདོ་འདི་ཡིན་ནོ།། འདིར་གཞུང་ནི། གལ་ཏེ་དགེ་སློང་གི་དངོས་པོར་ཡང་དག་པར་ཤེས་ན་ནི་གཞི་ཇི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་རོ།། གལ་ཏེ་དགེ་སློང་གི་དངོས་པོ་མི་ཤེས་པ་སྨོན་པ་ལ་ནི
་ལྟུང་བར་མི་འགྱུར་ཏེ། སེམས་འཁྲུགས་པ་དང་ཚོར་བས་ཉན་པ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ།། ཉམས་པ་ཉིད་ནི་གཉིས་ཏེ། ནང་དང་ཕྱི་རོལ་ལོ་ཞེས་བྱ་བ་ནི་འདིར་ནང་གི་རིམ་པ་རྟོགས་པ་ཉམས་པ་ཉིད་ལ་དོན
་དང་ལྡན་པ་ཉིད་དེ། དེ་བས་ན་ནང་གི་རིམ་པ་ནས་བརྩམས་ཏེ། ཇི་སྲིད་དུ་ཕྱི་རོལ་ཉམས་པའི་བར་དེ་ནི་འདི་ཕྱི་རོལ་ཉམས་པ་ཉིད་ཡིན་གྱི་ཕྱི་རོལ་ཉམས་པ་འབའ་ཞིག་ནི་ཉམས་པ་ཉིད་མ་ཡིན་ནོ།། བསྟེན་པའི་ཕྱིར་གཞན
་ལ་ཁས་བླངས་པ་ན་བསླབ་པ་འཁྲུགས་པ་ཉིད་དོ་ཞེས་བྱ་བ་ནི་དགེ་སློང་མ་གང་གི་མིང་དེ་ནི་བསླབ་པར་འདོད་པའོ།། དེ་ལྟར་ན་དགེ་སློང་མོ་ལ་གནས་པའི་ཆོ་ག་འདིར་རྟོགས་པར་བྱའོ།། དགེ་སློབ་མ་གང་ཞིག་བསྟེན་པའི་ཕྱིར
་གཞན་སྐྱེས་པ་འདོད་པ་བསྟན་ནུས་པ་ལ་འདི་ལྟར་ཞེས་བྱ་བར་ཁས་ལེན་པར་བྱེད་པ་དེ་ལ་དགེ་སློབ་མ་དེའི་བསློབ་པའི་གཞི་རྣམས་འཁྲུགས་པ་ཉིད་དེ་མེད་པ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི། དགོན་པ་ལ་བ་སྡིག་ཅན་གྱིས
་དགེ་སློབ་མ་ལ་ཁྱོད་བསྙེན་པར་མ་རྫོགས་ཀྱིས་མི་ཚངས་པར་སྤྱོད་ཀྱང་ལྟུང་བར་མི་འགྱུར་རོ་ཞེས་ཅོ་འདྲི་སྟེ་དེས་དེ་བསྟེན་པ་དང་བསྟེན་པ་དེ་ལ་འགྱོད་པ་སྐྱེས་སོ།། དེས་དེ་མི་འདོད་བཞིན་དུ་བརྩལ་བ་དང་། དེ་བདག་དགེ་སློབ་མར
་མ་རུང་བར་མ་གྱུར་ཏམ་སྙམ་དུ་འགྱོད་པ་སྐྱེས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པ་འཁྲུགས་པས་ཡང་དབོག་པར་བྱ་སྟེ། ཉེས་བྱས་ཀྱིས་ལྟུང་བར་འགྱུར་རོ།། ཞེས་གསུངས་པ་ཡིན་ནོ།།
་ཕྱིར་བླང་བ་མ་ཡིན་པ་ཉིད་ལ་བརྩལ་བ་ལ་ངེས་པར་མི་འདོན་པའོ།། འདི་ནི་སྐྱོན་མོད་པར་ཤེས་ནུས་ཁས་བླངས་ནས་ཆོ་ག་འདི་ཤེས་པ་ཡིན་ནོ།། དེ་ལ་དེ་ཡང་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་དགེ་སློབ་མའི་བསླབ་པའོ།།
་འདིར་ཉམས་པ་ཉིད་སླར་སྦྱིན་པ་ཞེས་བྱ་བའི་དོན་ཏོ།། དེ་ནི་དགེ་སློང་གི་སྦོམ་པོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་ནི་དགེ་སློང་ལ་སྦོམ་པོའི་ལྟུང་བྱེད་ཅེས་བྱ་བའོ།། འདི་མན་ཆད་འོག་ནས་མདོ་ལས
་བསྟེན་པའི་ཕྱིར་གཞན་ལ་བསྒོ་ན་ཞེས་བྱ་བ་ཡན་ཆད་ནི་སྦོམ་པོའི་དབང་དུ་བྱས་པར་རིག་པར་བྱའོ།། འདིར་ཡང་གཞུང་ནི། དགོན་པ་བ་སྡིག་ཅན་གྱིས་ལོར་མ་ལོན་པ་ལ་ཁྱོད་བསྙེན་པར་རྫོགས་ནས་རིང་པོར་མ་ལོན་གྱིས་མི་ཚངས་པར
་སྤྱད་ཀྱང་དེས་ལྟུང་བར་མི་འགྱུར་རོ་ཞེས་དྲིས་ཏེ། དེས་དེ་བསྟེན་པ་དང་བསྟེན་པ་དེ་ལ་འགྱོད་པ་སྐྱེས་སོ།། དེས་དེ་མི་འདོད་བཞིན་དུ་བརྩལ་པ་དང་། དེ་བདག་ཕམ་པར་མ་གྱུར་ཏམ་སྙམ་དུ་འགྱོད་པ་སྐྱེས་སོ།། བཅོམ་ལྡན་འདས་ཀྱིས་བཀའ
་སྩལ་པ། ཕམ་པའི་ལྟུང་བར་མི་འགྱུར་ཏེ། ཉོས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའོ།། འདིར་ཡང་ངེས་པར་ཁས་བླངས་པ་ལ་སྦོམ་པོའི་ལྟུང་བར་འགྱུར་བ་སྟེ། བླང་བ་མ་ཡིན་པ་ཉིད་ལ་བརྩལ་བ་ལ་ངེས་པར་འདིར་འདོན་པ་འདིར་བཟུང
་བ་ཡོད་ལ་ཕམ་པར་འགྱུར་བ་ཡོད་པས་མེད་པ་ལ་སྐྱོན་མེད་པ་ཉིད་ལའོ།། མ་ཆུད་ན་ཡང་ངོ་ཞེས་བྱ་བ་ནི་བསྟེན་པར་བྱ་བ་ལ་སྦོམ་པོ་སྟེ། སྟེན་པར་བྱེད་པ་ལ་དུད་པ་ནི་མ་ཆུད་པ་ནི་མི་མཉམ་པ་ཞེས་བྱ་བའི་དོན་ཏོ།། ཆུད་པར་བྱ་བའི་ཕྱིར་རྨ
་ཉེཉིད་ན་ཡང་ངོ་ཞེས་བྱ་བ་ནི་ཟག་བྱེད་དུ་ཆུད་པར་བྱའོ།། སྙམ་ནས་དེའི་ཆེད་དུ་རྨའི་སྒོ་སྦལ་བར་བྱེད་ན་ཡང་སྦོམ་པོའོ།། སྐྲག་པ་དང་ངོ་ཚ་བས་ཀུན་ཏུ་འདོད་ཆགས་མ་སྐྱེས་ནའོ་ཞེས་བྱ་བ་ནི་རྒྱུག་པ་དང་ངོ་ཚ་བ་ཡོད་པ་ལ་སྦོམ་པོར་འགྱུར་རོ།། །
་གང་གི་ཕྱིར་འདི་དག་ཀུན་ཏུ་འདོད་ཚོགས་མ་སྐྱེས་ན་ཞེས་བྱ་བའི་དོན་ཏོ།། ཅི་བྱེད་པ་ཞེས་བྱ་བ་འདི་འདིར་མདོར་བྱས་པ་མ་ཡིན་ཏེ། དེར་རྩོལ་བ་མ་ཡིན་པར་འགྱུར་བ་ལྐོག་མ་ཉིད་གང་ཡིན་པ་དེར་ཀུན་ཏུ་འདོད་ཆགས་སྐྱེས་པ་ལ་ཡང་ལྟུང་བ
་སྦོམ་པོ་ཞེས་བྱ་བ་ཀུན་ཏུ་འདོད་ཆགས་མོ་སྐྱེས་པས་ཞེས་བྱ་བའི་རྒྱུའི་ཚོགས་ལས་རྩོལ་བ་ཞེས་རྟོགས་པར་བྱའོ།། རྩོལ་བ་འདི་ཉམ་སུ་མ་མྱོང་ན་ཞེས་བྱ་བ་བྱས་ནས་སོ།། ཡན་ལག་གི་རྣམ་པ་རྡོལ་བའི་ཕྱིར་རོ་མ་མྱོང་ནའོ་ཞེས་བྱ་བ་ནི
་འཁྲིག་པའི་རོ་ཉམས་སུ་མ་མྱོང་ན་སྦོམ་པོ་སྟེ། འདིར་ཡང་བརྩོལ་བ་ཉིད་ན་འདིའོ།། ལས་སུ་མི་རུང་བ་བཅུག་ནའོ་ཞེས་བྱ་བ་ནི་སྦོམ་པོའོ་ལྟུང་བ་ཤེས་པའོ།། ལག་པས་ལག་པ་དང་རྐང་པས་རྐང་པ་དང་ཚོགས་ཀྱི་སོ་ཚིགསུ་དང་དོན་གྱིས་འདོས
་སུ་ལྟ་བུར་མི་རུང་ནའོ་ཞེས་བྱ་བ་ནི་ཕྲད་པར་མ་གྱུར་ན་སྦོམ་པོའི་ཞེས་བྱ་བ་འཇུག་པ་ཡིན་ནོ།། འདིར་ཐམས་ཅད་དུ་རོ་ཉམསུ་མྱོང་བ་ལ་སྐྱེ་རིག་པར་བྱའོ།། འདིར་མ་ཕྲད་པ་ནི་ལག་པ་ལ་སོགས་པ་རྣམས་ལ་གཟུང་དུ་མི་རུང་བ་ཉིད་དོ།། ཕྲད
་པའི་གཡོ་བ་ཉིད་ཙམ་ལའོ་ཞེས་བྱ་བ་ནི་སྟོབས་ཀྱིས་བརྩལ་བར་འགྱུར་བ་ལ་རྩོལ་བའི་བསྟེན་པར་བྱ་བ་ལ་སྟེན་བྱེད་པ་དང་ཡང་དག་པར་ལྡན་པས་མཐའ་མེད་པར་གནས་པར་བྱེད་ཅིང་འཁྲིག་པ
་རོ་ཉམས་སུ་མྱོང་བས་སྤྲད་པའི་གཡོ་བ་ཉིད་ལ་དེར་སྦོམ་པོའོ།། ཤིང་དང་བ་སོ་དང་རྡོ་བ་དང་གོས་ལས་བུ་མོའི་གཟུགས་བྱས་པ་ལ་རྩོལ་བ་ན་གལ་ཏེ་དབང་པོ་ཙམ་དོང་ནའོ་ཞེས་བྱ་བ་ལ། འདིར་ཤིང་དང་རྡོ་ལ་སོགས་པའི་མཆིད་ནི་དཔེ
་ཡིན་ཏེ། གཞན་གྱི་བདག་ཉིད་བུ་མོ་ལ་བརྩལ་བ་ན་ཡང་དབང་པོ་ཙམ་དོད་པ་ལ་སྦོམ་པོ་ཉིད་དོ།། ཡན་ལག་ཐམས་ཅད་དུ་རེག་པ་སྟེར་ན་དངོས་གཞིའོ་ཞེས་བྱ་བ་ནི་ཤིང་ལ་སོགས་པའི་རང་བཞིན་གྱི་བུ་མོའི་གཟུགས་ལ་ཞེས་བྱ་བ་དང
་རྗེས་སུ་འབྲེལ་ཏོ།། བསྟེན་པོའི་དོན་དུ་བརྩལ་བའི་ཡན་ལག་གི་རྣམ་པར་རྐང་པ་འཇུག་ནའོ་ཞེས་བྱ་བ་བསྟེན་པའི་དོན་དུ་བརྩལ་བས་ཡན་ལག་གི་རྣམ་པར་རྐང་པ་འཇུག་ན་སྦོམ་པོའོ།། བསྟེན་པར་བྱ་བ་ལ་ཡན་ལག་གི་རྣམ་པས་དེ་ཙམ་ལ
་གཞོལ་བས་ཕྱི་རོལ་དུ་རེག་ནའོ་ཞེས་བྱ་བ་ནི་བསྟེན་པར་བྱ་བ་མོའི་དབང་པོ་ལ་སོགས་པ་ཡན་ལག་གི་རྣམ་པར་ཕྱི་རོལ་ཏུ་རེག་པ་ལ་སྦོམ་པོའོ།། དེ་ཙམ་ལ་ས་གཞོལ་བས་ཞེས་བྱ་བ་ནི་རེག་པ་ཙམ་ལོ་གཞོལ་བས་རྩོལ་བའི་འདུན་པ་མེད་པས
་འདིར་ཉེས་བྱས་སུ་རིགས་ཀྱི་སྦོམ་པོ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་རྟོགས་པ་གསལ་བའི་དོན་དུ་འདི་ཡིན་ནོ།། འདི་ལྟ་བུའི་ཆོ་གས་རེག་པ་ལ་སྦོམ་པོ་མེད་ཅེས་བྱ་བ་ཤེས་པར་བྱ་བ་མ་ཡིན་ནོ།། འདིར་གཞུང་ནི་བུད་མེད་སྒྲེན་མོ་ཡོལ་བའི
་ཕྲག་ན་སྣང་ཆུ་ལྡུགས་པ་དེའི་ཡན་ལག་གི་རྣམ་པ་དགེ་སློང་གིས་ཡོལ་བའི་རྒྱབ་ནས་མཐོང་ངོ་།། དེས་མཐོང་ནས་ཀུན་ནས་ཆགས་པས་དེའི་ཡན་ལག་གི་རྣམ་པ་དང་ཡན་ལག་གི་རྣམ་པ་སྤྱད་དོ།། དེ་འགྱོད་པ་སྐྱེས་ནས། ཇི་སྲིད་བཅོམ་ལྡན་འདས
་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ།། བསྟེན་པའི་ཕྱིར་གཞན་ལ་བསྒོ་ནའོ་ཞེས་བྱ་བ་ནི་འཁྲིག་པའི་དོན་དུ་གཞན་ལ་བསྒོ་ན་སྦོམ་པོའོ།། རང་བཞིན་གྱིས་ལས་སུ་རུང་བ་ཉིད་ཡིན་ན་སྨད
་པར་བྱ་བ་མེད་དོ་ཞེས་བྱ་བ་ནི་གང་རང་བཞིན་གྱིས་ཏེ། ངོ་བོ་ཉིད་ཁོ་ནས་དུས་ཐམས་ཅད་དུ་དབང་པོ་ལས་སུ་རུང་བ་དེ་ལ་བཅུག་ན་ན་སྨད་པ་དང་བཅས་པ་ནི་མ་ཡིན་ཏེ། འོན་ཀྱང་དངོས་གཞི་ཉིད་ཅེས་བྱ་བའི་དོན་ཏོ།། མདུན་མ་དང་ཕྱི་མ་གཉིས་གང
་དུ་བརྩམས་པ་དེ་ལས་གཞན་དུ་གཏུགས་པ་ལ་མེད་དོ་ཞེས་བྱ་བ་ནི་མདུན་ནས་ལས་བྱས་ཏེ། རྒྱ་བཱ་ནས་གྲོལ་བ་དང་། རྒྱབ་ནས་ལས་བྱས་ཏེ་མདུན་ནས་གྲོལ་བ་ནི་ནཱ་སྨད་པར་བྱ་བ་མེད་དོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི། བཙུན་པ་མདུན
་ན་མོར་བསྙུག་པའི་ལས་བྱས་ཤིང་རྒྱབ་ན་མོར་ལྷུག་པ་དེ་ལོ་ནི་ཁོ་མོ་མི་ཚངས་པརོ་སྤྱད་ཀྱང་ཡིན་པར་མི་འཛིན་ཏེ་ཞེས་ཟེར་ལ། དེས་མདུན་ན་མོར་བསྙུགས་པའི་ལས་བྱསོ་ཤིང་། རྒྱབ་ནས་མོར་ལྷག་གོ་ཞེས་གསུངས་པ་ཡིན་ནོ།། དེ་ལ་འདྲ
་བ་ཉིད་ཀྱི་བཟློག་པ་ལ་རྒྱུད་མེད་པ་དང་སྔགས་ཀྱི་ཁྱད་པར་ནི་གཞན་ཉིད་ཙམ་དེར་ཞེས་བྱ་བ་འདི་ལྟར་ཉེ་བར་འབྲེལ་བའོ།། ལམ་ལྷག་མ་རྣམས་སུ་བརྩལ་བར་བྱའོ་སྙམ་པ་ལ་ཡང་མེད་དོ་ཞེས་བྱ་བ་ནི་ཟག་བྱེད་དང་ཁ་དང་བཤང་བའི
་ལམ་རྣམས་གཅིག་ཏུ་དང་པོར་མི་ཚངས་པར་སྤྱོད་པ་བརྩམས་པ་ལ་ལམ་ལྷག་མ་རྣམས་སུ་བརྩལ་བར་བྱའོ་སྙམ་པའི་བསམ་པ་སྟེ། ན་སྨད་བའི་རྒྱུ་མཚན་དུ་ནི་མ་ཡིན་ནོ།། བདག་ན་ཉམས་པའོ།
་སྙམ་པའི་བསམ་པ་ཅན་ལ་ཡང་མེད་དོ་ཞེས་བྱ་བ་ནི་བདག་ནི་ཉམས་པ་སྟེ་དགེ་སློང་གི་ཚུལ་ཞིག་པའོ་སྙམ་པའི་བསམ་པ་ཅན་གྱིས་བཅུག་པ་ལ་ཡང་ན་སྨད་པར་བྱ་བ་མེད་པའོ།། ནད་དང་བྲལ་བར་བྱ་བའི་དོན་ཉིད་ལ་ཡང་མེད་དོ།།
་ལམ་ལ་གཞན་ཉིད་དུ་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཡང་མེད་དོ་ཞེས་བྱ་བ་ནི་མོའི་དབང་པོ་ལ་སོགས་པ་ལ་ལམ་མ་ཡིན་པ་ཉིད་དུ་ཡང་དག་པར་ཤེས་པ་གང་ཡིན་པ་དང་། གང་ལམ་ལ་ཡིད་གཉིས་ཟ་བ་ཅི་འདི་ཟག་བྱེད་ལ
་སོགས་པའི་ལམ་མ་ཡིན་ནམ་འོན་ཏེ་ཡིན་སྙམ་དུ་ཡིད་གཉིས་ཟ་བས་བཅུག་ན་དེ་གཉིས་ཀ་ལ་ཡང་ན་སྨད་པར་བྱ་བ་མེད་དོ།། ལམ་མ་ཡིན་པ་ནི་དེ་གཉིས་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་ལམ་མ་ཡིན་པ་ལ་ཁོམ་དུ་འདུ
་ཤེས་པ་ཉིད་དང་། ལམ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་བཅུག་པ་ལ་སྦོམ་པོའོ།། འདིར་གཞུང་ནི་ལམ་ལ་ལམ་མ་ཡིན་པ་ཉིད་དུ་འདུ་ཤེས་པ་ལ་ནི་ཕམ་པར་འགྱུར་བའི་ལྟུང་བའོ།། ལམ་ལ་ཡིད་གཉིས་ཟ་བ་ལ་ཡང་ཕམ་པར
་འགྱུར་བའི་ལྟུང་བའོ།། ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་ལ་ནི་ཉེས་པ་སྦོམ་པོར་འགྱུར་རོ།། ལམ་མ་ཡིན་པ་ལ་ཡིད་གཉིས་ཟ་བ་ལ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། འདི་ནི་ལམ་གསུམ་ཡིན་ཏེ། བཤང་བའི་ལམ
་དང་། ཁའི་ལམ་དང་། ཟག་བྱེད་དོ་ཞེས་བྱ་བའོ།། རྡོས་པས་བུད་མེད་ཀྱི་སྟེང་དུ་འགྱེལ་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་བ་ལང་ལ་སོགས་པས་རྡོས་པའི་དགེ་སློང་བུད་མེད་ཀྱི་སྟེང་དུ་འགྱེལ་བ་ལ་རྒྱ་དེས་རེག་པ་ལ་སྐྱོན་མེད་དོ་ཞེས་བྱ།
་བ་འདི་ཙམ་འདིར་བརྗོད་པ་ཡིན་ཏེ། དེ་བོས་ན་མ་སྡུས་པས་གང་ཞིག་རིག་པ་ཉམསུ་མྱོང་བར་བྱ་བ་མི་བྱེད་མོད་ལ་ནི་ཉེས་པ་མེད་དོ་ཞེས་ཤེས་པར་བྱའོ།། ཉམས་ཐེག་པས་མགུལ་ནས་མི་འདོད་བཞིན་དུ་འཁྱུད་པ་ལ་ཡང་ངོ་ཞེས
་བྱ་བ་ནི་བླངས་པ་མེད་པ་ཞེས་བྱ་བའི་དོན་ཏོ།། མཚུར་མཆུས་རེག་པ་ལ་ཡང་ངོ་ཞེས་བྱ་བོ་ནི་མི་འདོད་པ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ།། ལྟུང་བ་མེད་དོ་ཞེས་བྱ་བ་ཡང་མི་འདོད་བཞིན་དུ་རེག་པ་ཡིན་གྱི། འདིར་ཆགས་པ་སྐྱེས་པ་ལ་མངོན
་བར་ཚར་གཅོད་པ་ལ་སེམས་པ་འབད་པ་མི་བྱེད་ཅིང་རོ་མྱང་བ་སྒྲུབས་པ་ལ་གལ་ཏེ་སྐབས་སུ་གཡོ་བ་དང་སྤྲད་པ་ནི་དགེ་འདུན་ལྷག་མར་གཏོགས་པའི་ལྟུང་བ་སྦོམ་པོ་དེར་ཞེས་བྱ་བར་རྟོགས་པར་བྱའོ།། ཁྱིའི་མདུན་དུ་གཅི་བར་མི
་བྱའོ།། གང་དུ་སྲོག་གི་བར་ཆད་འབྱུང་བའི་དགོན་པ་དེར་གནས་པར་མི་བྱའོ་ཞེས་བྱ་ས་ལ། མི་འམ་ནི་མེའི་བྱུང་བའི་གླེང་གཞིར་གྱུར་པའི་བསླབ་པའི་གཞི་ལ་དེ་བསྡུ་བ་ཡིན་ནོ།། འདིར་གཞུང་ནི། ཡང་དགེ་སློང་གིས་གང་ན་ཉེས་དམིགས
་དེ་ལྟ་བུ་ཡོད་པའི་དགོན་པ་དེ་ལྟ་བུར་ལྷག་པར་གནས་པར་མི་བྱ་སྟེ། གང་ན་འདི་ལྟ་བུའི་འཇིགས་པའི་ངོ་བོ་ཡོད་པར་གྱུར་པའི་ཞེས་གསུངས་པ་ཡིན་ནོ།། གང་ན་ཡན་ལག་གི་རྣམ་པ་འཛིན་པའི་འཇིགས་པ་ཡོད་པའི་ཆུ་ཀླུང་དེར
་སྒྲེན་མོར་བརྒལ་བར་མི་བྱའོ།། དེར་ཤེས་བཞིན་དུ་གྲུ་བརྒལ་བར་བྱའོ་ཞེས་བྱ་བ་ནི་བུད་མེད་ལ་རེག་པ་ཡོངསུ་སྤང་བའི་ཕྱིར་ཤེས་བཞིན་དུ་བྱ་བ་ཡིན་པར་རིག་པར་བྱའོ།། བ་གླང་གི་ནང་དུ་ཡང་ཤེས
་བཞིན་དུ་འགྲོ་བར་བྱའོ།། ཁྲོན་པ་ཡང་བརྟག་པར་བྱའོ།། བསོད་སྙོམས་ལ་ཡང་གྲོང་དུ་རྒྱུ་བར་བྱའོ་ཞེས་བྱ་བོ་ལ། གསུམ་པོ་དག་ལ་ཡང་ཞེས་བྱ་བའི་སྒྲ་སྨོས་པ་ནི་ཤེས་བཞིན་ཞེས་བྱ་བའི་རྗེས་སུ་འཇུག་པའི་དོན་དུའོ།། ལེགས་པར
་སོ་སོར་བརྟག་པར་བྱས་ནས་རབ་ཏུ་དབྱུང་བར་བྱའོ་ཞེས་བྱ་བ་ནི་འདིར་བྱེ་བྲག་ཏུ་འབད་པར་བྱ་ཞེས་བྱ་བ་འདི་ལ་འདི་བསྒྲུབ་པ་ཡིན་ཏོ།། འགའ་ཞིག་ཏུ་ཡང་ལྷོད་པོའི་སྦྱོར་བ་མི་བྱའོ།། དེ་བས་ན་འདི་ནི་དཔེ་ཡིན་ཏེ། ཆོ་ག་འདི་ནི་བསླབ་པ་ཐམས་ཅད
་ལ་སྦྱོར་བ་ལྷོད་ན་ཉེས་བྱས་ཡིན་ཏེ། དེའི་ཕྱིར་འདི་བསྟན་པའོ།། གཅིག་པུ་བླ་གབ་མེད་པར་གྲོས་མི་དབབ་པོ་ཞེས་བྱ་བ་ནི་གཉིས་ཀྱིས་ལོག་པ་དེའི་ཤམ་ཐབས་བུད་པ་ན་བུད་མེད་ཀྱིས་བརྩལ་བས་འདི་གསུངས་པ་ཡིན་ནོ།། རྩ་བའི་ལྟུང་བའི
་རྒྱུརོ་འགྱུར་བ་ནི་སྐྱེ་བོ་མེད་པའི་ཕྱོགས་ལ་ཉིན་མོ་འམ་མཚན་མོ་གཉིད་མ་ལོག་པ་ན་ཡང་དེར་གློས་དབབ་པར་མི་བྱའོ།། དེ་བས་ན་འདི་མི་བྱའོ།། ཞེས་བྱ་བ་འདིར་བརྗོད་པ་ཡིན་ནོ།། དགོན་པ་དང་བླ་གབ་མེད་པ་ལ་གཅིག་པུ་ཉིད་དུ་འགྱུར་པ
་ལ་ཉེས་པ་དང་ལྡན་པ་ཡང་ཡིན་ཏེ། དེ་བས་ན་འདི་རིག་པར་བྱའོ།། དགེ་སློང་མས་གནས་ཁང་སྒོ་མ་བཅད་པར་སྙོམས་པར་འཇུག་པ་ཡོང་མི་བྱའོ་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་གློ་དབབ་པར་མི་བྱའོ་ཞེས་བྱ་བའི་རྗེས་སུ་དྲང་བའི་དོན་དུའོ།།
་གཉིས་ཀ་ཡང་འདིར་དགེ་སློང་མས་གནས་ཁང་སྒོམ་བཅུད་པར་མི་བྱའོ།། གྲོགས་དང་བཅས་པས་ཀྱང་བྱ་བར་འགྱུར་གྱི། འདིར་གྲོགས་ཡོད་པ་ལ་ཡང་འདི་ཟིལ་གྱིས་མནན་ནས་རྩོལ་བའི་ཉེས་བྱས་སུ་འགྱུར་རོ།། མི་ཚངས་པར་སྤྱོད་པའི་འམ
་པར་འགྱུར་བ་རྫོགས་སོ་ཞེས་བྱ་བ་དངོས་གཞི་དང་པོ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་རྫོགས་སོ།། གང་བྱས་ན་མ་བྱིན་པར་ལེན་པར་ཕམ་པར་འགྱུར་རོ་ཞེ་ནི། དེའི་ཕྱིར་རྐུ་བ་འམ་རྐུར་བཅུག་ན
་ཞེས་བྱ་བ་སྨོས་སོ།། རྐུ་བ་ནི་རང་གི་བྱ་བའོ།། བརྐུར་བཅུག་པ་ནི་གཞོན་ལ་བཅོལ་ནས་འཕྲོག་ཏུ་བཅུགུ་པའོ།། རང་གི་ལུས་ངག་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། མངགས་པ་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཕོ་ཉས་ཀྱང་བྱེང་བར་འགྱུར་བས་རྐུ་འམ
་རྐུར་བཅུག་པས་ཞེས་བྱ་བའི་དོན་ཏོ།། རྐུ་བ་ནི་མངགས་པ་སྟེ་གང་དུ་མངགས་པ་རང་གི་ལུས་ཀྱིས་བྱེད་པའོ།། རྐུར་བཅུག་པ་ནི་གང་ལ་མངགས་པས་བཅོལ་ནས་གཞན་ལ་འདི་སྐད་ཅེས་སོང་ལ་རང་གིས་རྐུས་ཤིག། སོང་ལ་རྐུར་ཚུག་ཅིག་ཅེས
་བྱེད་དུ་བཅུག་པའོ།། བྱེ་བྲག་ཏུ་བཅོལ་བའི་དབང་གིས་དེ་ལྟར་རྣམ་པར་བཞག་སྟེ། མངགས་པའི་མངགས་པས་གཞན་གྱིས་བརྐུར་བཅུག་པ་ཡིན་ཏེ། དེས་མངགས་པ་ལ་སོགས་པས་སམ། དེ་ལ་ཡང་རང་གིས་མངགས་པ་ཉིད་ཀྱིས་ཞེས་བྱ།
་བའི་ཁྱད་པར་ཡོངས་སུ་མ་བཟུང་བའི་ཕྱིར་འདིར་མངགས་པ་ཉིད་རིག་པར་བྱའོ།། གང་གི་ཞེ་ན། དེའི་ཕྱིར་མ་བྱིན་པའོ་ཞེས་བྱ་བ་སྨོས་ཏེ། བྱིན་པ་ལ་ཡང་རྐུ་སེམས་ཀྱིས་ལེན་པ་སྲིད་པས་དེའི་ཕྱིར་ཁྱད་པར་འདིའོ།། འདིར་ལུང་ནི་དེ་ལ་བུད་མེད
་དས་སྐྱེས་པའམ་མན་དག་གིས་མབྱིན་པ་ཞུས་གསུངས་པ་ཡིན་ནོ།། ཆད་མ་ཛ་ཙམ་ཞེ་ན། དེར་ཕྱིར་མ་ཤ་ཀ་ལཱ་ལ་སོགས་པར་ཞེས་བྱ་བ་སྨྲོས་ཏེ། འདིར་གཟུང་ན། མ་ཤ་ཀ་ཉྫ་འམ་མ་ཤ་ཀསྟྭ་ལས་ལྷག
་པས་ཞེས་གསུངས་པ་ཡིན་ཏེ། སེམས་ཇི་ལྟ་བུས་ཞེ་ན། དེའི་ཕྱིར་རྐུ་སེམས་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། འདིར་ལྟར་ཡིད་བཅུག་པའི་སེམས་ལ་སོགས་པ་རྣམས་ཀྱིས་ནི་ལྟུང་བ་མེད་དོ་ཞེས་བྱ་བ་འོག་ནས་འབྱུང་ངོ་།། ཅི་མི་མ་ཡིན་པའི་རྒྱུད་ཀྱིས
་ཡོངས་སུ་བཟུང་བ་འམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ།། ཞེས་བྱ་བ་སྨོས་ཏེ། མིས་ཡོངས་སུ་བཟུང་བ་མ་ཡིན་པ་ལ་ན་སྨད་པ་ཉིད་དུ་གསུངས་པའི་ཕྱིར་འགྲོ་བ་གཞན་དང་འབྲེལ་པའི་འདུ་ཤེས་ཀྱིས་ཅི
་ཞིག་དེ་ལྟ་ཉིད་དུ་འགྱུར་རམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་འདུ་ཤེས་པས་སོ་ཞེས་བྱ་བ་སྨོས་ཏེ། ཡིའི་འགྲོ་བ་པས་ཡོངས་སུ་བཟུང་བ་ཡིན་པར་འདུ་ཤེས་པས་སོ་ཞེས་བྱ་བའི་ཏོན་ཏོ།། གལ་ཏེ་མེའི་བདག་གིས་རྐུའོ་སྙམ་དུ་འདུ་ཤེས་པར་གྱུར
་ན་དེས་ཕམ་པ་ཡིན་ནོ།། འདིར་གཞུང་ནི། འདི་ལྟ་སྟེ། དགེ་སློང་གིས་འདི་ལྟར་ཡོ་བྱད་ལྕི་བ་འདི་རྣམས་ནི་གཞན་སྐྱེས་པ་འམ་བུད་མེད་དམ་མ་ནིང་རྣམས་ཀྱིས་ཡོངསསུ་བཟུང་བར་འདུ་ཤེས་པས་ཏེ་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟར་མ་བྱིན་པར
་ལེན་པའི་ཕས་ཕམ་པ་བསྐྱེད་པ་ཡན་ལག་ལྔ་སྟེ། མ་བྱིན་པ་ཉིད་དང་། མ་ཤ་ཀ་ལྔ་ལ་སོགས་པ་ཉིད་དང་། རྐུ་སེམས་ཉིད་དང་། མིའི་རྒྱད་ཀྱིས་ཡོངས་སུ་གཟུང་བ་ཉིད་དང་། དེར་འདུ་ཤེས་པ་ཉིད་དང་། ཡན་ལག་གང་ཡང་རུང་བ་མ་ཚང་བ་ལ་ནི།
་ཕམ་པར་འགྱུར་བ་མེད་དེ་ན་སྨད་པ་ཁོ་ནར་འགྱུར་རོ།། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཞེས་སྨོས་སོ།། ཁྱེར་བ་ཉིད་ན་བསམ་པས་མ་བཏང་བ་ནི་བདག་པོ་ཉིད་དང་མ་བྲལ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རླུང་དང་རྐུན་པོ་ལ་སོགས
་པ་རྣམས་ཀྱིས་གོས་ལ་སོགས་པའི་རྫས་ཁྱེར་བ་ཉིད་ནི་གང་གིས་དེ་དང་འབྲེལ་བར་ཇི་སྲིད་བསམ་པ་དེ་དང་ལྡན་པས་མ་བཏང་བར་གྱུར་པ་ནི་ཡོངསུ་གཏོང་བར་མི་འགྱུར་བ་འདི་ལ་རེ་བ་མེད་པ་ཉིད་མ་སྐྱེས་པ་དེ་སྲིད་དུ་རྫས་ཀྱི་ཡུལ་དེ
་ལ་གང་ཞིག་བདག་པོ་ཉིད་དང་མ་བྲལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི། ཇི་ལྟར་ཡང་བཙོ་བླག་མ་ཁན་གྱིས་གོས་རྣམས་གཏིང་བ་ཞེས་བྱ་བ་ལ་སོགས་པའོ།། བདག་ཏུ་བྱས་པ་ཉིད་ལ་ཡང་གཞན་གྱིས་མ་བྲལ་བ་ཉིད
་ཀྱི་བསམ་པས་བདག་པོ་ཉིད་དུ་མ་བཏང་བ་དག་ཏུ་བྱས་པ་རྗེས་སུ་འཇུག་པའི་ཕྱིར་རོ།། དེ་དང་མ་བྲལ་བ་ཉིད་ལ་བདག་ཏུ་བྱས་པ་ལ་དེ་བསལ་བ་མི་རིགས་པའི་ཕྱིར་རོ།། དེ་ལྟར་ན་རྒྱལ་པོའི་ཕོ་བྲང་དུ་རྐུན་པོ་རྣམས་གཏད་ཅིང་བཟློག
་པ་ལ་རྐུ་བ་ཉིད་བསྐྱེད་པ་མི་སྲིད་པའོ།། ཕྱེ་རིན་རྣམ་པར་སྦྱོང་བ་གང་ཞིག་དངོས་པོ་དེ་ལས་བདག་གིར་བྱེད་པ་སོ་སོར་མ་ལོག་པ་འདི་ནི་འདིར་བསམ་པས་མ་བཏང་བར་ཤེས་པར་བྱའོ།། ཐོ་སྙད་མི་ཤེས་པའི་ནི་ཞལ་ཏེ་བྱེད་པ་བདག་པོ་ཡིན་ནོ།
་ཞེས་བྱ་བ་ལ་ཐ་སྙོད་ཤེས་པ་ནི་འཇིག་རྟེན་གྱི་ཐ་སྙད་སྨྲ་ནུས་པ་སྟེ། དེའི་རྒྱུད་དུ་གཏོགས་པའི་རྫས་ནི་ཐ་སྙད་ཤེས་པའི་འོ།། ཐ་སྙད་མི་ཤེས་པའི་ནི་ཐ་སྙད་ཤེས་པ་མ་ཡིན་སྟེ། དཔེར་ན་བྱ་བ་རྣམས་ཀྱི་རྒྱན་བཞིན་ནོ།། དེ་ལ་ཐ་སྙད་མི
་ཤེས་པའི་རྒྱུད་དུ་གཏོགས་པ་ཡོད་ཀྱང་དེའི་ཞལ་ཏ་བྱེད་པ་ང་ཡིས་འཛིན་པར་བྱས་པ་གང་ཡིན་པ་དེ་བདག་པོ་ཉིད་དུ་འགྱུར་རོ།། འདིར་བདག་པོ་མེད་པ་དང་འདྲ་སྟེ་དེ་བས་ན་ཞལ་ཏ་བྱེད་པ་པོའི
་འདིར་ངར་འཛིན་པ་དངོས་པོ་ཅན་ལ་ཡང་དག་པར་གནས་པ་སྟེ་འདིར་བདག་ཏུ་བྱས་པ་ནི་བྱ་དེ་རྣམས་ཀྱི་བྱའི་རྒྱན་བཞིན་དུ་དེ་བས་ན་བྱ་རྣམས་ལ་ཡང་འདིར་བདག་པོ་ཉིད་དོ།། གཉིས་ཀ་བདག་པོ་ཉིད་ཡིན་ན་ནི་འདུ་ཤེས་ཀྱི་དབང་གིས་ལྟུང་བ
་རྣམ་པར་བཞག་པ་ཞེས་བྱ་བ་རིག་པར་བྱའོ།། དེ་ལྟར་འདིར་གཞུང་ནི། གལ་ཏེ་དེ་འདི་སྙམ་དུ་མི་ལས་བརྐུ་བར་བྱའི་བྱ་རྣམས་ལས་མ་ཡིན་ནོ་ཞེས་བྱ་བ་དང་། མི་ལས་རིན་ཐང་བརྩི་བར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།།
་མིའི་བདག་པོ་ཉིད་མེད་པར་ཕམ་པར་སྦྱོར་བ་མ་ཡིན་ནོ།། བཟའ་བཏུང་གི་ཕྱིར་བྱིན་པ་ལ་ནི་བསམ་པ་དང་འབྲེལ་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དགོན་པའི་ལམ་དུ་ཆུའི་སྐལ་བ་དུད་འགྲོ་རྣམས་ལ་སྦྱིན་པ་ལ་གང་གི་ཕྱིར
་འདུ་ཤེས་ཀྱིས་རྣམ་པར་བཞག་པ་མ་བྱོས་པ་དེ་རྒྱུར་བརྗོད་པར་ཡིན་ནོ།། གང་གི་ཕྱིར་བཟའ་བཏུང་གི་དོན་དུ་དུད་འགྲོ་ལ་ཆུ་ལ་སོགས་པ་གང་ཞིག་སྟེར་བའི་ཆུ་ལ་སོགས་པ་དེ་ལ་སྦྱིན་པར་བྱེད་པའི་བདག་གིའོ་སྙམ་པའི་བསམ་པས
་འབྲེལ་པ་གང་ཡིན་པ་དང་བལྟོས་པ་གང་ཡིན་པ་དེ་མེད་པ་ཉིད་ནི་དངོས་པོ་མེད་པའོ།། དེ་བས་ན་དུད་འགྲོ་རྣམས་ཁོ་ན་བདག་པོ་ཉིད་ཅེས་བྱ་བའོ།། འདིར་གཞུང་ནི་གནས་སྐབས་དེ་ལ་དུད་འགྲོ་རྣམས་ཀྱི་སྐལ་པའི་ཆུའི་རིན་ཐང་དེ་རྣམས
་ཀྱིས་བརྩི་བར་བྱ་ཞེས་གསུངས་པ་གང་ཡིན་པ་དེ་ལས་མ་བྱིན་པར་ལེན་པ་བསྐྱེད་དོ།། ནགས་མེས་བཏང་བ་ལ་སོགས་དག་གིས་བཟུང་བའི་ཕྱིར་རི་དགས་དང་བྱ་དང་སྡིག་སྦྲུལ་ལིངས་བཏབ་པ་རྣམས་ལ་ནི་ལིངས་པ་མ་ཡིན་པ་བདག་པོ
་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། རྔོན་པ་བ་ལ་སོགས་པ་རྣམས་ཀྱི་རི་དྭགས་ལ་སོགས་པ་རྣམས་ལ་ནགས་མེས་བཏང་བ་ལ་སོགས་པའི་ཐབས་རྣམས་ཀྱིས་བཟུང་བའི་ཕྱིར་མངོན་པར་བརྩོན་པ་རྣམས་ལ་གང་ཞིག་དེ་རྣམས་ཀྱི་ནང་ན་མངོན
་པར་མི་བརྩོན་པ་དེ་ལ་མངོན་པར་བརྩོན་པ་ཉིད་ནི་བདག་པོ་ཉིད་དུ་དེར་གྱུར་ཏེ་མངོན་པར་མི་བརྩོན་པ་ནི་མ་ཡིན་ནོ།། རྐུ་སེམས་ཀྱིས་འཛིན་པ་ལ་རྐུན་མའི་དངོས་པོ་ཞེས་བྱ་བའི་དོན་ཏོ།། རི་དྭགས་ལ་སོགས་པ་སྨོས་པ་ནི་འདིར་དཔེ
་ཡིན་ཏེ། མི་དང་ཕྱུགས་དག་ལ་ཡང་ཆོ་ག་འདི་སྦྱར་བའོ།། བདག་དང་བདག་གི་ངག་ལ་ཡང་ཡོད་པ་ཉིད་ཀྱི་ཕྱིར་བདག་པོ་སྐྱེས་པ་ལ་བདག་པོ་དང་བཅས་པར་སྦྱར་བའོ།། བྱེ་བྲག་མ་ཕྱེད་པ་ལ་ནི་གཞི་ལས་རྣམ་པར་བཞག་གོ་ཞེས
་བྱ་བ་ནི་བདག་པོ་དང་བཅས་པ་ཞིག་གམ་འོན་ཏེ་མ་ཡིན་ཞེས་བྱེ་བྲག་མ་ཕྱེད་པ་གང་ཞིག་དེ་ཡོད་མོང་ཞེས་བྱ་བ་གང་དུ་གཏེར་རམ། རྫས་གཞན་འཛིན་པ་དངོས་པོ་ལས་དེ་ལ་ནི་འདུ་ཤེས་ལས་རྣམ་པར་བཞག་པའོ།། གལ་ཏེ་རྫས
་དེ་བདག་པོ་དང་བཅས་པ་ཡིན་ན་བདག་པོ་དང་བཅས་པའི་སྐྱོན་ནོ།། གལ་ཏེ་མིན་ན་བདག་པོ་མ་ཡིན་པ་ལ་སོགས་པ་ལྡང་བའི་སྐྱོན་ནོ།། རིན་ཐང་ནི་བརྐུས་པའི་གནས་དང་དུས་ཀྱིས་སོ་ཞེས་བྱ་བ་ནི་རིན་ཐང་གི་རྣམ་པར་བཞག་པ་ཞེས
་བྱ་བ་འཇུག་གོ། བརྐུས་པའི་གནས་དང་དུས་གང་ཡིན་པ་དེས་རིན་ཐང་གི་རྣམ་པར་བཞག་པར་གང་དུ་བྱེད་པ་དང་། གང་ག་ཆེན་དེར་དེའི་རིན་ཐང་ངེས་དེར་ལྟུང་བྱེད་ཅེས་བྱ་བའི་དོན་དེ་རྣམ་པར
་བཞག་གོ་ཞེས་བྱ་བ་འཇུག་གོ།། མ་བསམ་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ལ། རྫས་གང་ཞིག་རྐུ་བ་ཉིད་ཀྱིས་མངོན་པར་མི་འདོད་པ་དེ་ལྟ་བུ་འམ་འོན་ཏེ་ཆེ་གེ་མོའི་ཡིན་ན་ཡང་བདག་གིས་རྐུའོ་སྙམ་སྟེ། འཁྲུལ་པས་བརྐུས་པར་གྱུར་པ
་དེ་ལ་ལྟུང་བར་མི་འགྱུར་རོ།། དེ་ལྟ་ཡང་ཉེ་བར་འཁོར་གྱིས་ཞུས་པ་ལ། བཙུན་པ་རེ་ཞིག་དགེ་སློང་གིས་རྐུ་སེམས་ཀྱིས་ཆོས་གོས་ཀྱི་གདང་བུ་བརྐུས་པ་ལ་གལ་ཏེ་དེར་ཆོས་གོས་དག་ཀྱང་ཞར་ལ་མཆིས་ན་ལྟུང་བ་ཅིར་འགྱུར་རོ་ཆོས
་གོས་ཀྱི་གདང་བུའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་ལ་ཆོས་གོས་རྣམས་ནི་མངོན་པར་འདོད་པ་མ་ཡིན་ཏེ། དེ་བས་ན་དེ་ལ་བརྟེན་པའི་གྲངས་གསུངས་པ་མ་ཡིན་ནོ།། རང་དང་བརྙ་བ་དང་ཡིད་བཅུགས་པའི་སེམ
་དག་གིས་གཞན་ལ་གོ་བར་བྱ་སྟེ། བླངས་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་རྐུ་སེམས་མེད་ན་ལྟུང་བ་མེད་དོ་ཞེས་བྱ་བ་དང་འབྲེལ་ལོ།། རང་གི་སེམས་དང་བརྙ་བའི་སེམས་དང་ཡིད་བཅུག་པའི་སེམས་སོ།། དེ་རྣམས་ཀྱིས་བཟུང་བ་ལ
་རྐུ་སེམས་མེད་པས་ལྟུང་བ་མེད་དོ།། དེ་ལྟར་ཡང་དགེ་སློང་གིས་རང་གིས་ལྷུང་བཟེད་དང་ཆོས་གོས་ཀྱང་རྐུ་སེམས་ཀྱིས་ལེན་ན་ཉེས་པ་སྦོམ་པོར་འགྱུར་རོ།། སེམས་འདི་རྣམས་ཀྱིས་ཀྱང་ལེན་པར་བྱེད་ན་གཞན་གྱིས་རྐུ་བའི་གླགས
་བཟློག་པའི་དོན་དུ་དངོས་པོ་འདི་གཞན་ལ་གོ་བར་བྱ་བ་འདི་རིགས་པ་ཡིན་ནོ།། དེ་ལྟར་ན་ཡང་གཞན་ལ་གོ་བར་བྱའོ་ཞེས་འབྱུང་བའི་ཕྱིར་རོ།། དགོས་པ་དང་དཔྲལ་བར་བྱ་བའི་ཕྱིར་བསྟན་པ་འདི་ཡིན་ཏེ། དགོས་པ་མེད་པར་དོན་དུ་གཉེར
་པའི་ཕྱིར་འདི་བྱའོ།། དེ་ལྟར་བྱས་ན་འགྱོད་པའི་གླགས་རྙེད་པར་མི་འགྱུར་བ་ཞེས་བྱ་བའོ།། རང་དང་བརྙ་བ་དང་ཡིད་བཙུགས་པའི་སེམས་དང་གཞན་ལ་གོ་བར་བྱས་པ་རྣམས་ལས་རྣམ་པ་གཞན་གྱིས་ཀྱང་རྐུ་བའི་སེམས་མེད་པར
་ལེན་པ་ལ་ལྟུང་བ་མེད་ཅེས་བསྟན་པའི་ཕྱིར། རྐུ་སེམས་མེད་པ་གཞན་གྱིས་ཀྱང་ངོ་ཞེས་བྱ་བ་སྨོས་སོ།། རྣམ་པ་གཞན་གྱིས་ཀྱང་ཇི་ལྟར་ཉེས་པ་མེད་ཅེ་ན། ཉེ་བར་འཁོར་གྱིས་ཞུས་པ་ལས། དགེ་སློང་གིས་དགེ་སློང་ལ་འདི་སྐད་ཅེས
་སྨྲས་ཏེ། ཁྱོད་ཀྱིས་དགེ་སློང་ཆེ་གེ་མའི་ཡོ་བྱད་དེ་དང་དེ་དག་ཤེས་ནས་སམ་ཤེས་སོ།། འོ་ན་སོང་ལ་འདི་དག་བརྐུས་ཤིག། དེ་དག་ཕྲོགས་ཤིག། དེ་དག་གནས་ནས་ཡང་དུ་སྩོགས་ཤིག་ཅེས་བསྒོ་ནས་ཞེས་བྱ་བའོ།། རྐུ་བའི་སེམས་ཀྱི་རྐུ
་བོའི་ཞེས་བྱ་བ་འདི་ལ་དོན་གཉིས་དང་ལྡན་པ་ཉིད་དོ།། རྐུ་བར་བྱེད་ཁར་འཇུག་པར་བྱེད་ཅེས་བྱ་བར་མངོན་པར་འདོད་དོ།། འོན་ཏེ་དེ་འདི་སྙམ་དུ་འདི་ནི་ཞེས་བྱ་བ་འདི་ལ་བདག་པོ་ཉིད་ཀྱིས་འདི་ཞེས་བྱ་བ་དོན་གྱིས་ཀུན་ཏུ་སྤྱོད་པར་གྱུར་པ་རྐུ་བ
་མངོན་པར་འདོད་ཅེས་བྱ་བ་དོན་འདི་ཡིན་ནི།། སྙིང་རྗེ་རྫུ་འཕྲུལ་གྱིས་ཕྲོགས་ནའོ་ཞེས་བྱ་བའི་ནི་ལྟུང་བ་མེད་དོ་ཞེས་བྱ་བར་རྗེས་སུ་འབྲེལ་ཏོ།། སེམས་ཀྱིས་རིགས་ཉིད་དེ་འདྲ་བ་འདི་ཡིན་གྱི། གང་ཞིག་འདིར་ལྟུང་བ་མི་བསྐྱེད་ཅེས་བྱ་བར
་རིག་པར་བྱའོ།། སྙིང་རྗེའི་སེམས་ཀྱིས་གཞན་གྱི་ནོར་དང་བྲལ་བ་དེ་ལ་ལྟུང་བ་མི་བསྐྱེད་པའོ།། དེ་ལྟར་ན་ཡང་འཆད་པར་འགྱུར་བ་སྟེ་སྙིང་རྗེའི་སེམས་ཀྱིས་ནི་ཉེས་བྱས་ཞེས་བྱ་བའོ།། དེ་བས་ན་རྣམ་པ
་གསུམ་ཞེས་བྱ་བ་ཁྱད་པར་རོ།། ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་ལྟུང་བ་ཐམས་ཅད་ལ་ཡང་སྦྱོར་བ་གང་ཡིན་པ་དེ་ལ་ནི་ཉེས་བྱས་དོན་སྤྱིར་བཏང་བ་སྟེ། དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། སྡེ་ཚན་དེ
་ལ་གལ་ཏེ་དངོས་བཞིའི་ཡིན་ན་སྦོམ་པོའོ་ཞེས་བྱ་བ་སྨོས་ཏེ་དེ་ལ་ཞེས་བྱ་བ་ནི་ཕམ་པ་ལའོ།། སྡེ་ཚན་ལ་སྦོམ་པོ་ནོ་སྦྱོར་བའོ།། གལ་ཏེ་དངོས་གཞིའི་ཡིན་ན་ཞེས་བྱ་བ་ནི་སྦྱོར་བ་དེའི། ཇི་སྟེ་སྦྱོར་བའི་སྦྱོར་བ་ཡིན་ན་དཱི་ལ་ནི་ཉེས་བྱས་ཁོ་ནའོ།། །
་འོག་མ་དག་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་གོང་ཞིག་སྔོ་ཚན་དེ་ལ་འོག་མ་སྦོམ་པོ་བརྗོད་པ་དངོས་གཞིའི་ཡིན་ན་སྦྱོར་བ་དེ་ལ་ཞེས་བྱ་བ་འོག་མའི་སྡེ་ལ་དགེ་འདུན་ལྷག་མ་ཞེས་བྱ་བ་རྟོགས་པར་བྱའོ།། འདིར་ཡང་དངོས་གཞིའི
་སྦྱོར་བ་ཡིན་ན་སྦོམ་པོའོ།། སྦྱོར་བའི་སྦྱོར་བ་ཡིན་ནི་ཉེས་བྱས་སོ།། མཆོག་ན་བརྐུས་ནའོ་ཞེས་བྱ་བའི་སྦོམ་པོའོ།། ཞེས་བྱ་བའི་དབང་དུ་བྱ་སྟེ། འདི་མན་ཆད་འོག་ནས་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱསོ་ཞེས་བྱ་བ་ནུས་མ
་ཀ་ལྔར་མ་ཆོག་པ་བརྐུ་སོ་ན་གང་ཅུང་ཟད་མ་ཚང་བར་བརྗོད་པ་དེ་ཐམས་ཅད་ནི་དངོས་གཞི་ཆོ་ག་ལའོ།། དེ་བས་ན་འདིར་ཇི་ཙམ་དུ་དངོས་གཞིའི་ཆོ་ག་ལ་བརྟེན་པའི་རྣམ་འགྱུར་དུ་གྱུར་པའོ།། དེ་ལས་གཞན་པའི་དངོས་གཞིའི་ཆོ་ག
་བརྟན་པ་དེ་ལ་རྗེས་སུ་སྦྱོར་བའོ།། དཔེར་ན་རྐུབ་དང་རྐུར་བཅུག་པ་དང་མངགས་པ་དང་མ་བྱིན་པ་དང་། རྐུ་སེམས་ཀྱིས་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་དང་ཞེས་བྱ་བ་འདི་རྣམས་དངོས་གཞིའི་ཆག་ལ། གཏོགས་པའི
་ཡན་ལག་རྣམས་མདོ་འདི་ལ་རྗེས་སུ་སྦྱར་བའོ།། དེ་བས་ན་ཁྱད་པར་འདི་དང་ལྡན་པའི་ཆོ་ག་འདི་ལ་སྦོམ་པོ་འདི་རིག་པར་བྱའོ།། གཞན་དུ་ཡང་དེ་དང་རྗེས་སུ་འབྲང་བས་རྟོགས་པར་བྱའོ།། མི་མ་ཡིན་པའི་འགྲོ་བ་དང་འབྲེལ་པ་ལ་དེའི
་འདུ་ཤེས་དང་མིའི་འགྲོ་བ་ལ་བརྟེན་པའི་འདུ་ཤེས་དང་མིའི་འགྲོ་བ་ལ་བརྟེན་པའི་འདུ་ཤེས་ཀྱིས་མཆོག་པ་བརྐུས་པ་ལ་སྦོམ་པོའི་ལྟུང་བ་བྱུང་བ་ལ་དམན་པ་ཉིད་ཀྱི་ཕྱིར་ཉེས་བྱས་སོ།། གང་དེའི་བདག་པོ་ཉིད་ཡོངས་སུ་བཟུང་བ་དང
་མ་ཆོག་པ་དང་མིའི་འགྲོ་བ་པ་ཡོང་སུ་འཛིན་པ་ཉིད་ཀྱི་ཕྱིར་འདུ་ཤེས་ལ་ཉེས་བྱས་ཉིད་དོ།། རྐུ་བའི་སེམས་མེད་ན་ཐམས་ཅད་དུ་ལྟུང་བ་མེད་དོ།། གང་གི་ཕྱིར་འདིར་རྐུ་བའི་སེམས་ནི་ལྟུང་བ་བྱས་པ་སྟེ། ཡན་ལག་གཞན་རྣམས
་ལ་ནི་ཁྱད་པར་བྱས་པ་ཉིད་དོ།། བདག་པོ་མེད་པའི་གཏེ་རོ་ཞེས་བྱ་བ་ནི་མ་བྱས་པ་ལ་འདིར་བདག་པོ་ཉིད་ཅི་འདྲ་བ་སྟེ། གང་ཞིག་དོན་རྟོགས་པའི་བདག་པོས་ཡིན་གྱི་དོན་མ་རྟོགས་པ་ནི་མ་ཡིན་ནོ།། ཡུལ་གྱི་བདག་པོ་འམ་དེའི
་རིགས་དང་ལྡན་པས་མ་རྟོགས་པར་གྱུར་པ་ལ་གང་དང་བཅས་པས་དེའི་རིགས་ཆད་པ་དེ་རྒྱལ་པོས་མ་ཤེས་པ་དང་མ་བྱས་པ་ལ་སྦོམ་པོའི་ལྟུང་བའོ།། འདིར་དོན་མ་གཏོགས་པའི་བདག་པོ་རྒྱལ་པོ་ཡོད་པ་མ་ཡིན་ཏེ། དེ་བས་ན་ཅིའི
་ཕྱིར་ཕམ་པ་མ་ཡིན་ཏེ། བདག་ཏུ་བྱས་པ་ཉིད་ཀྱི་ཆང་པས་ཡོངས་སུ་མ་རྫོགས་པར་ཕྱིར་རོ།། དེ་ལྟར་ན་གཞུང་ནི། དེས་ནད་གཡོགས་ལ་སྨྲས་པ།། བུར་བ་སྣ་གསུམ་དང་ཐུག་པ་ཞིག་བྱིན
་ལ་ཟོང་བདག་ཅག་གིས་བགོ་བར་བྱའོ་སྙམ་ནས་དེ་དག་གིས་དེ་ལ་ཁུར་བ་སྣ་གསུམ་པ་དང་ཐུག་པ་ཞིག་བྱིན་ཏེ་ཟོང་བགོས་སོ།། དེ་ལ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པར་འགྱུར་བའི་ལྟུང་བ་ནི
་མེད་དེ། ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། གང་དག་ལ་ཕུལ་བ་དེ་དག་ལ་དེར་བདག་གིར་བྱ་བ་སྐྱེས་པ་མ་གྱུར་པས་དེའི་ཕྱིར་ཕམ་པར་འགྱུར་བའི་རྒྱུ་མེད་པར་སྣང་ངོ་།། འོ་ན་མ་ཆད་པ་ལ་བདག་ཏུ་བྱ་བ་མེད
་པ་ལ་ཇི་ལྟར་བསྐྱེད་པ་སྟེ། དེར་གཏོགས་པ་ཉིད་ཀྱིས་རྫུས་དེ་ལ་གནས་པ་ཉིད་ཀྱི་ཕྱིར་རོ།། ཇི་སྟེ་དོན་མ་རྟོགས་པའི་བདག་བོས་ཀྱང་གང་ཞིག་བདག་པོ་མེད་པ་ཉིད་ནི་དཔེར་ནོ་སུས་ཀྱང་བདག་ཏུ་མ་བྱས་པའི་དགོན་པ་ལ་གནས་པའི
་གཏེར་ལ་ཇི་ལྟར་སྒྲུབ་ཅེ་ན། བྱང་གི་སྒྲ་མི་སྙན་པ་རྣམས་ཀྱིས་རྫས་བརྐུས་པ་བཞིན་དུ་དེ་ལ་མ་བྱིན་པར་ལོན་པ་མེད་དོ།། བདག་ཏུ་མ་བྱས་པ་ཉིད་ཀྱིས་ཕྱིར་རོ།། ཇི་སྟེ་རྐུ་སེམས་བསྐྱེད་པར་བྱེད་ནི་ཉེས་པ་སྦོམ་པོར་འགྱུར་རོ།།
་འདིར་དངོས་གཞིའི་ཆོ་ག་ལས་གཏོགས་པའི་ཡན་ལག་རྣམས་ལ་མའི་འགྲོ་བ་པས་ཡོངསུ་བཟུང་བར་བྱ་བ་འདིས་སྤང་བའི་དོན་དུ་སྦྱོར་བའོ།། དེའི་འདུ་ཤེས་ཀྱིས་ཞེས་བྱ་བ་ལ་དེ་ལོ་བདག་པོ་མེད་པའི་གཏེར་གྱི་འདུ་ཤེས་ཀྱིས
་ཞེས་བྱ་བའི་དོན་ཏེ།། བྱེ་བྲག་འདི་དང་ལྡན་པ་རྣམས་ལ་འདི་ནི་སྦོམ་པོ་སྟེ། བདག་པོ་མེད་པའི་གཏེར་ལ་བདག་པོ་དང་བཅས་པའི་འདུ་ཤེས་ཀྱིས་མིར་གྱུར་པའི་བདག་པོས་སམ་གཞན་གྱིས་ཀྱང་སྦོམ་པོ་ཉིད་དོ།། འདིར་ལས་འདི་ལ་ཤིན
་ཏུ་མཆོག་ཉིད་ཀྱི་ཕྱིར་མ་ཤ་ཀ་ལ་སོགས་པ་མ་ཚང་བ་ཉིད་ཀྱི་གཏེར་ལ་བདག་པོ་ཉིད་མེད་པའི་འདུ་ཤེས་ཀྱིས་དང་། བདག་པོ་དང་བཅས་པ་ཉིད་ཀྱི་འདུ་ཤེས་ལ་ཡང་བདག་པོ་མི་མ་ཡིན་པ་འམ། མིའི་བདག་པོས་ཀྱང་སྦོམ་པོ་བྱས
་པ་ལས་དམན་པོའི་ཕྱིར་ཉེས་བྱས་སོ།། རང་གིའོ་ཞེས་བྱ་བ་ནི་དང་ག་རྫས་མ་ཤ་ཀ་ལ་སོགས་པ་རྐུ་སེམས་ཀྱིས་དེར་འདུ་ཤེས་པས་རྐུའམ་རྐུར་བཅུག་པ་དང་། མངགས་པས་དང་ལྟུང་བ་སྦོམ་པོར་འགྱུར་རོ།། དེར་འདུ་ཤེས་པ་ཞེ
་བྱ་བའི་ཚིགས་དེ་སྐབས་འདིར་ནི་རང་གི་འདུ་ཤེས་པ་ཞེས་བྱ་བར་རིག་པར་བྱའོ།། དེ་ལྟར་ཡང་གཞུང་ནི། དེའི་ཕྱིར་དགེ་སློང་གིས་རང་གི་ལྷུང་བཟེད་དང་ཆོས་གོས་ཀྱང་རྐུ་སེམས་ཀྱིས་བླང་བར་མི་བྱའོ།། གལ་ཏེ་དགེ་སློང་གིས
་རང་གི་ལྷུང་བཟེད་དང་ཆོས་གོས་ཀྱང་ལེན་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། རང་གི་ལ་གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་ཡང་སྦོམ་པོ་ཁོ་ནཱ་ཏཱཾ། རང་ག་ལ་གཞོན་གྱུར་འདུ་ནས་འདི་ལས་འདི
་ལ་རྐུ་སེམས་ཤིན་ཏུ་ལྕི་བའི་ཕྱིར་རོ།། དེ་ལྟར་ཡང་གཞུང་ནི། དགེ་སློང་དག་མ་ཕམ་པ་མི་གཏི་མུག་ཅན་འདི་ནི་རང་གི་ཆོས་གོས་རྙང་རྙིང་དག་གིས་ཉེས་པ་སྦོམ་པོའི་ལྟུང་བ་འབྱུང་ངོ་ཞེས་གསུངས་པ་ཡིན་ནོ།། རང་གི་ལ་གཞན་གྱིས
་ཡོངས་སུ་བཟུང་བར་འདུ་ཤེས་པ་ལ་སྦོམ་པོ་ཁོ་ན་ཏེ། རང་གི་ལ་གཞན་གྱིར་འདུ་ཤེས་པ་དང་ཡོངས་སུ་མ་ཟུང་བར་འདུ་ཤེས་པར་བཅས་པ་ནི་ལྟུང་བ་ལ་འདྲ་བའི་ཕྱིར་རོ།། དེ་བཞིན་དུ་ཡོངས་སུ
་མ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་པའམ། ཡོངས་སུ་བཟུང་བ་དང་བཅས་པར་འདུ་ཤེས་པ་ལ་ཡང་སྦོམ་པོ་ཁོ་ནའོ།། འགྲོ་བ་གཞན་གྱི་རོ་ཞེས་བྱ་བ་ནི་མིའི་འགྲོ་བ་ལས་གཞན་པའི་འགྲོ་བ་གང་ལ་ཡོད་པ་གང
་ཡིན་པ་དེ་ནི་འགྲོ་བ་གཞན་སྟེ་རང་གི་ཞེས་བྱ་བ་འཇུག་གོ། འགྲོ་བ་གཞན་ལ་གནས་པ་མིའི་འགྲོ་བ་པར་ཡོངས་སུ་འཛིན་པ་ལ་འདི་དང་བྲལ་བའི་དངོས་གཞིའི་ཡན་ལག་ཡོདང་དུ་ཟིན་ཀྱང་སྦོམ་པོ་སྟེ། དེདུ་ཤེས་པས་ཞེས་བྱ
་བ་འདི་འདིར་འགྲོ་བ་གཞན་དུ་ཤེས་པས་སོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི། དེ་འདི་སྙམ་དུ་གལ་ཏེ། བྱའི་ཆུའི་མིའི་ནི་མ་ཡིན་ནོ་སྙམ་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། མི་མ་ཡིན་པའི་འགྲོ་བ་པ་དང་འབྲེལ་པའི་འདུ
་ཤེས་ཀྱིས་ནི་འགྲོ་བ་གཞན་དང་འབྲེལ་པ་ལ་སྦོམ་པོ་ཁོ་ན་སྟེ། ཤིན་ཏུ་མཆོག་ཉིད་ཀྱི་ཕྱིར་རོ།། བདག་གི་རིམ་བྱས་པར་སྦ་བ་དང་ཆུད་གཟིན་པ་དང་ཟིན་པ་བཏང་བ་ལ་སོགས་པས་བྲལ་བར་བྱེད་ན་ཡང་ངོ་ཞེས་བདག་གིར་མ་བྱས་པར
་སྦ་བ་ལ་སོགས་པ་གང་ཞིག་བྲལ་བར་བྱེད་ན་ཡང་དེར་སྦོམ་པོའོ།། སྦ་བ་ཞེས་བྱ་བ་ནི་འདིར་འདམ་རྫབ་ཏུ་གཞུག་པོ་ལ་སོགས་པར་བསྟན་ཏོ།། ཆུང་གཟན་པ་ཞེས་བྱ་བ་ནི་བསྲེག་པ་དང་བཅད་པ་དང་དྲལ་བའི་བདག་ཉིད་ཀྱི་ཆུད་ཟོས
་པའོ།། ཟིན་པ་བྱུཏང་བ་ཞེས་བྱ་བ་ནི་རི་དྭགས་དང་ཉ་དག་ལ་སོགས་པ་རླབས་དང་རྡོས་ལ་སོགས་པས་ཟིན་པ་དག་དེའི་ཡང་འདྲ་བ་ཉིད་ཀྱི་ཕྱིར་འདི་ལྟ་བུའི་རིགས་ཅན་གཞན་ལ་དཔེ་ཉིད་རྣམ་པར་གནས་ཞེས་བྱ་བ་བྱེ་བྲག་མེད་པར་ཉེ
་བར་འབྲེལ་པའོ།། འདིར་རྣམ་པ་གཞན་ཡང་བཅིང་བ་དང་བྲལ་བ་དང་སྐྲོད་པ་དང་གསོད་བ་ལ་སོགས་པ་ཡོད་པ་ཡིན་ཏེ། དེ་རྣམས་ལ་ཁོང་སུ་བསྡུ་བའི་ཕྱིར་སོགས་པའི་སྒྲའོ།། རྐུ་འམ་རྐུར་བཅུག་པ་དོག་ལ་རྐུ་སེམས་ཀྱིས
་ཞེས་བྱ་བ་འདིར་དངོས་གཞིའི་ཆོ་ག་ལ་གཏོགས་པ་འབའ་ཞིག་གི་ཡན་ལག་འདི་མེད་པའོ།། དེ་བས་ན་མངགས་པས་ཀྱང་མ་བྱིན་པའོ།། མ་ཤྭ་ཀ་ལྔ་ལ་སོགས་པའོ།། མིའི་འགྲོ་བ་པས་ཡོངས་སུ་བཟུང་བ་ལ་དེའི་འདུ་ཤེས་ཀྱིས
་ཞེས་བྱ་བའི་ཁྱད་པར་དེ་དང་ལྡན་པའི་ཆོ་ག་འདི་ལ་སྦོམ་པོ་འདི་རིག་པར་བྱའོ།། གཞན་ལ་ཡང་དེའི་རྗེས་སུ་འབྲངས་པས་རྟོགས་པར་བྱའོ།། གཞན་གྱིས་འགྲོ་བ་པ་དང་། འབྲེལ་པའི་འདུ་ཤེས་ཀྱིས་མིའི་འགྲོ་བ་པ་དང་འབྲེལ
་པར་བྱེད་ན་སྦོམ་པོའི་བྱེད་པ་དམན་པའི་ཕྱིར་ཉེས་བྱས་སོ།། དེ་བཞིན་དུ་མཱི་མྲྀ་ཡིན་པའི་འགྲོ་བ་པ་དེ་འབྲེལ་པ་ལ་མིའི་འགྲོ་བ་པ་དང་འབྲེལ་པའི་འདུ་ཤེས་ཀྱིས་འབྲེལ་པར་བྱེད་ཀྱང་ཉེས་བྱས་སོ།། མ་ཆོག་པ་ཉིད་ལ་གང་དེ་འབྲེལ
་པ་ལོ་གང་དང་འབྲེལ་པོའི་འདུ་ཤེས་ཀྱིས་སྦོམ་པོའི་བྱེད་པ་དམན་པའི་ཕྱིར་ཉེས་བྱས་སོ།། གཞན་གྱིས་ཡོངས་སུ་མ་བཟུང་བ་ཉིད་ཀྱིས་འདུ་ཤེས་ཀྱིས་ཉེས་བྱས་སོ།། ཡོངས་སུ་བཟུང་བ་དང་བཅས་པ་འམ་ཡོངསུ་མ་བཟུང་བ་ལ་ལྟུང
་བྱ་མེད་དོ།། བྲལ་བར་བྱེད་པའི་འདུ་ཤེས་མེད་པའི་ཕྱིར་བྲལ་བར་བྱེད་པའི་འདུ་ཤེས་ཅན་ལ་འདིར་ལྟུང་བར་བྱས་པ་ཉིད་དོ།། དཔེར་ན་གཞན་ལ་རྐུ་སེམས་ཀྱིས་དེའི་ཁྱད་པར་དུ་བྱས་པ་ཉིད
་ལ་ཡན་ལག་གཞན་རྣམས་ཞེས་བྱའོ།། འདིར་གཉིས་ཀ་རྣམ་པར་བྲལ་བར་བྱས་པ་ལས་ཡོངས་སུ་བཟུང་བ་དང་བཅས་པའི་འདུ་ཤེས་ཡོད་པ་ལ་རྣམ་པར་ལྡང་བ་སྟེ། གསོད་པའི་བློ་དང་སྙིང་རྗེའི་སེམས་ཀྱིས་ཞེས་བྱ་བའོ།།
་དེ་ལ་སྙིང་རྗེའི་སེམས་ཀྱིས་འདི་བྱེད་པ་ལ་ཉེས་བྱས་ཏེ་ཞེས་བྱ་བར་འཆར་པར་འགྱུར་རོ།། ལྷག་མ་གསོད་པའི་བློས་ཆོ་ག་འདི་བྱེད་པ་ལ་རྣམ་པར་ཞུགས་པར་རིག་པར་བྱའོ།། སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱས་སོ།
་ཞེས་བྱ་བ་ལ། ཡོངས་སུ་བཟུང་པོ་དང་བཅས་པའི་འདུ་ཤེས་པ་ལ་བཟུང་བ་བཏང་བ་ལ་སོགས་པས་གཞན་གྱི་དོན་དང་བྲལ་བར་བྱེད་པ་ལྔ་ནི་ཉེས་བྱས་སོ།། སྔར་བྱས་ན་ཕྱིར་བཅོས་མ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི།
་ཁྱིམོ་དེ་ན་བུད་མེད་ནི་མང་སྐྱེས་པ་ནི་ཉུང་ངུ་ཞེས་སྔར་སྦྲན་པའི་ལོ་རྒྱུས་དབུལ་བའི་ཕྱིར་བཅོས་པ་སྟེ། གང་དུ་ཕྱིར་བཅོས་པ་རྐུན་པོ་རྣམས་ཕྱིར་བཟློག་པ་ལ་སོགས་པོ་བྱེད་པ་དེ་ལ་དང་པོ་ནི་རྩོམ་པ་བྱས་པ་མེད་པར་མི་འགྱུར
་རོ།། དེ་བས་ན་དེར་སྦོམ་པོའི་ལྟུང་བ་ལས་མེད་པར་ཤེས་པར་རིག་པར་བྱའོ།། ནོམ་པའི་སྔ་རོལ་ནི་སྦྱོར་བའི་སྦྱོར་བ་ཉིད་དོ་ཞེས་བྱ་བ་ནི་བསམ་པའི་དབྱེ་བས་བྱ་བ་ནི་དབྱེ་བའོ།། བྱ་བའི་དབྱེ་བས་ལྟུང་བ་དབྱེ་བའོ་ཞེས་བྱ་བ་ངེས
་པར་བྱའོ།། དེ་ལ་ཇི་ལྟར་དངོས་གཞིའི་སྦྱོར་བ་ལ་བྱ་བ་གཞན་ཉིད་ངེས་པར་བྱས་ནས་ལྟུང་བ་གཞན་དང་རྣམ་པར་ཤེས་པ་ཡིན་ནོ།། དེ་བཞིན་དུ་ནོམ་པའི་སྔ་རོལ་དུ་བསམ་པའི་དབྱེ་བ་ཡོད་པ་ཡིན་ཞེས་བྱ་བ་གཞན་ཉིད་ངེས་པར་བྱས་ནས་ལྟུང
་བ་གཞོན་དང་དམན་པར་རིག་པར་བྱའོ།། འདིར་གཞུང་ནི་ཇི་སྲིད་དུ་ནོམ་པོར་མི་བྱེད། མཆོག་ཏུ་ནོམ་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ།། ཀུནེ་ནོས་ནོམ་པར་བྱེད། མཆོག་ཏུ་ནོམ་པར་བྱེད། ཅིང་ཇི་སྲིད་དུ་གནས་ནོས་གནས་སུ
་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། ཐ་མ་གཏོང་བར་གྱུར་པ་གོང་ཡིན་པ་དེ་ལ་རྩོམ་པ་ནི་དེ་ནས་བྱ་བ་གཞན་ཉིད་རྣམ་པར་བཞག་གོ།། གང་ཞིག་ལ་གཏོང་བར་གྱུར་པ་མ་ཡིན་ན་ནི་དཔེར་ན་ནོམ
་ཞིང་ཞིང་ཉུག་ན་དོན་གྱི་དབང་དུ་སུ་ཞིག་གིས་སླར་མནན་པ་ཞེས་བྱ་བར་ཤེས་པར་རིག་པར་བྱའོ།། ཕྲི་བའི་གོམ་པ་རེ་རེ་ལ་དེ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་གོམ་པ་ཕྲི་བ་ལ་རྫས་བཟུང་བའི་དགེ་སློང་གི་དེའི་བདག་པོའི་དྲུང་ནས་ཤུ་བའི་དོན་དུ
་ཕྲི་བའི་གོམ་པ་རེ་རེ་ལ་དེ་ཐ་དད་པ་ཡིན་པར་ཤེས་པར་བྱའོ།། གང་ནས་མི་སྣང་བར་འགྲོ་བའི་རྐང་པ་བཏེག་པའི་རྐང་པ་དེ་ནི་སྦྱོར་བ་ཉིད་ཡིན་ནོ།། གཞན་རྣམས་ལ་ནི་སྦྱོར་བའི་སྦྱོར་བ་ཉིད་དང་སྣ་ཚོགས་པ་ཉིད་དེ་གཅིག་པ་ནི་མ་ཡིན་ནོ་ཞེས
་བྱ་བ་འདིའི་བྱེད་པའོ།། ཐ་མའི་རྐང་པ་བཏེག་པ་ལ་སྦོམ་པོ་སྟེ། གཞན་རྣམས་ལ་ནི་སོ་སོར་ཉེས་བྱས་སོ་ཞེས་བྱ་བ་ནི་ཡོངས་སུ་ཐོབ་པའི་དོན་ཏོ་སོ་སོར་བཏེག་པར་འདིར་རྩོམ་པར་གྱུར་པ་ཉིད་དེ་འབའ་ཞིག་ཏུ་ནི་རྫོགས་པར་འགྱུར་བ་མ་ཡིན་ནོ།། །
་དེ་བས་ན་གོམ་པ་རེ་རེ་འདིར་ཐ་དད་པའོ།། དེའི་གཞི་ལ་ནི་སེམས་ཅན་སོ་སོ་ལའོ་ཞེས་བྱ་བ་ནི་སེམས་ཅན་གྱི་གཞི་སེམས་ཅན་གྱི་རྟེན་ལ་བརྐུས་པ་དང་གསོད་པ་དང་མཚོན་བྱིན་པ་དང་སྦ་བ་ལ་སོགས
་པ་ལ་སེམས་ཅན་སོ་སོ་ལ་དངོས་གཞི་དང་སྦྱོར་བའི་བདག་ཉིད་ཅན་གྱི་ལྟུང་བ་ཐ་དད་དོ།། ཕུར་པ་ལས་བཀྲོལ་བ་ལ་ནི་གྲུ་ལ་རེག་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཐག་པ་གྲུ་དང་འབྲེལ་བ་ཉིད་ཀྱི་ཕྱིར་དེ་ལ་རེག་པས་གྲུ་ལ་རེག་པ་ཉིད་ཅེས་བྱ་བའི་དོགས
་བ་བསལ་བའི་ཕྱིར་སྦྱོར་བའི་སྦྱོར་བ་ཉིད་དོ་འདིར་སྦྱོར་བའི་སྦྱོར་བ་ཉིད་ནི་ཉེས་བྱས་ཡིན་ནོ།། འདིར་སྦོམ་པོ་མ་ཡིན་ཏེ། འདི་ལ་བྱེད་པའོ།། འདིར་གཞུང་ནི། དགེ་སློང་གིས་རྐུ་སེམས་ཀྱིས་གྲུ་ཕུར་པ་ལ་བཏགས་པ་སྐྱེད་པར་བྱེད་ན་ཉེས་བྱས་སུ་འགྱུར
་རོ་ཞེས་གསུངས་པོ་ཡིན་ནོ།། དེ་བྱས་ནས་རྐུ་བ་ལ་ནི་ཁུར་བརྐུས་པ་ནའོ་ཞེས་བྱ་བ་ལ། དེ་བྱས་ནས་ཞེས་བྱ་བ་ནི་ཁུར་བུ་བྱས་ནས། བརྐུ་བ་ནི་གང་དུ་ཁུར་བུ་བྱས་ཏེ་རྐུ་བའོ།། དཔེར་ན་གོས་རྣམས་རླུང་གི་སྣ་ཚོགས་པའི་ཕྱོགས་རྣམས་སུ་རྣམ
་པར་འཕེན་བུར་བྱེད་པ་དེར་ཁུར་བུ་འཕྲོག་པ་ཡིན་གྱིས་རྫས་རེ་རེ་ལ་ནི་མ་ཡིན་ནོ།། མ་ཤ་ཀཽ་ལྔ་ལ་སོགས་པའི་རིན་ཐང་གི་ཚད་ནི་གོས་ལ་སོགས་པ་དག་ཁུར་དྲགས་པའི་སྔ་རོལ་དུ་གནས་སྤྲོ་བར་བྱེད་ཀྱང་དེ་ལྟར་ན་ཡང་ཕམ་པར་མ
་འགྱུར་ཏེ། དེའི་ཚེ་ནོ་དེ་ལ་བསྡུའོ།། སྙམ་པའི་བློ་ཡོད་ཀྱི་རྐུའོ་སྙམ་པའི་བློ་མེད་པའི་ཕྱིར་རོ།། འདིར་གཞུང་ནི། འདི་ལྟར་བཙོ་བླག་མཁན་གྱིས་གོས་རྣམས་འཁྲུ་ཞིང་གོས་དག་བཏིང་བ་རླུང་གིས་ཁྱེར་ཞིང་དགེ་སློང་དེ་ལ་སྦྱོར་བས་ཇི་སྲིད་དུ་ནོམ་པར
་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ།། ནོམ་པར་བྱེད་ཉུག་པར་བྱེད། གོས་དག་སྡུད་པར་བྱེད། བམ་པོར་སྦྲེལ་བར་བྱེད་ཅིང་། ཇི་སྲིད་དུ་གནས་ནས་གནས་སུ་སྐྱེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ།།
་གནས་ནས་གནས་སུ་སྦེད་པར་བྱེད་ན་རྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དེ་སྲིད་དུ་སྦོམ་པོའི་ལྟུང་བ་ཞེས་བྱ་བའི་བར་དུའོ།། བཏུས་ནས་ནི་ཕུང་པོ་ནའོ་ཞེས་བྱ་བ་ནི་རྫས་གང་ཞིག་བཏུས་ནས་རྐུ་བར་བྱེད་པ་ནི་མེ་ཏོག་དང
་འབྲས་བུ་རྣམས་སོ།། དེའི་ཚེ་ནམ་ཕུང་པོར་བཅེར་བ་ཁོ་ན་བརྐུས་པ་ཡིན་གྱིས་རྫས་རེ་རེ་ལ་ནི་མ་ཡིན་ནོ།། གླེང་གི་ཚེ་ན་ཕུང་པོ་དེ་གནས་ནས་འཕོ་བར་གྱུར་ན་དེའི་ཚེ་དངོས་གཞིའི་ལྟུང་བའོ།། གང་གི་ཚེ་མེ་ཏོག་དང་འབྲས་བུ་རེ་རེ་ཡང
་རིན་ཐང་བརྩི་བར་མ་ཤ་ཀ་ལྔ་ལ་སོགས་པའི་ཚད་དེ་ལ་བསྡུ་བའོ་སྙམ་པའི་བློ་འདིར་ཡོད་པར་རྐུ་དའི་བློ་ནི་མ་ཡིན་ནོ།། ཕུང་པོ་འདི་ལ་གཞུང་ནི། ཤིང་རྣམས་ནི་གསུམ་ཡིན་ཏེ། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། གྲིབ་མའི་ཤིང
་ཞེས་བྱ་བ་སྟེ། དགེ་སློང་ནི་མེ་ཏོག་རྣམས་ཀྱི་ཕྱིར་ཁྲི་ལས་ལྡིང་ཞིང་གོས་གྱོན་པར་བྱེད་དེ་འགྲོ་བར་བྱེད། མེ་ཏོག་གི་ཤིང་ལ་འཛེག་སྟེ། ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ།། ནོམ་པར་བྱེད། ཉུག
་པར་བྱེད། མེ་ཏོག་རྣམས་འཐོག་པར་བྱེད། ཐུ་བ་འགེངས་པརརེ་བྱེད་ཅིང་། ཇི་སྲིད་དུ་གནས་ནས་གནས་གཞན་དུ་འཕོ་བར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ།། ཞེས་བྱ་བ་ལ་སོགས་པའོ།། བཏུས་པ་རྣམས་ཀྱིས་ཚོགས་ནི་ཕུང་པོ
་སྒྱིངས་པ་ལ་ནི་གནས་ཀྱི་སྟེང་ནས་རྫས་ཀྱི་སྟེང་ནས་བྱིང་ནའོ་ཞེས་བྱ་བ་ནི་བརྐུ་བར་བྱ་བའི་རྫས་ཀྱི་གནས་ནི་ཆུ་ལ་སོགས་པ་གང་ཡིན་པའོ།། དེའི་སྟེང་ནི་གང་ཞིག་སྟེང་གི་ཡང་མཐའ་ཆའི་སྟེང
་རིམ་ལོ།། དེའི་སྤྲིངས་པའི་ལྟུང་བ་ཆུ་བཞིན་པའི་རྫས་ལ་ནི་བྱིང་བ་ཉིད་ལ་ནི་སྟེང་གང་ཞིག་ཡ་བླའི་ཆའི་སྟེང་རིམ་དེའི་བྱིང་བ་ལ་འཕོ་བའོ།། གནས་གཞན་དུ་བྱིང་བ་ལ་ནི་འཕོ་བ་མ་ཡིན་ནོ།། འདིར་འཕོ་བ་ནི་འཕོ་བའོ།། དེ་ལ་སྣ་སྟེང་གི
་ཆ་ནི་སྟེང་ན་ཡོད་པའི་སྟེང་གི་མཚམས་ཞེས་བྱ་བ་འདིས་ཤེས་པ་རྫས་མ་ལུས་པ་འདའ་བ་ནི་འཕོ་བའོ།། དེ་བས་ན་བུ་ག་ལ་གནས་གཞན་ཉིད་ཡོད་ཀྱང་འདའ་བར་བྱེད་པ་ཉིད་ལ་གནས་ཀྱི་སྟེང་ནུས་རྫས་ཀྱི་སྟེང་བྱིང་བ་ཉིད་མ་ཡིན་ནོ།།
་དེར་ཕྱིར་དབྱུང་ངོ་སྙམ་པའི་བློ་གྲོས་གང་ཡིན་པ་ནི་བཀུར་བའིའོ་ཞེས་བྱ་བ་ནི་བྱིང་བ་ལ་ཕྱིས་བརྐུ་བར་བྱའོ་ཞེས་བྱ་བ་འདིར་བློ་གྲོས་ཀྱི་ངེས་པ་གང་ཡིན་པ་དེ་ལ་ནི་གནས་ཀྱི་སྟེང་ནས་རྫས་ཀྱི་སྟེང་འཕོ་བ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ཞེས
་བྱ་བོ་གང་ཞིག་གིས་འདོད་པ་དེའི་བློ་བཟློག་པའི་ཕྱིར་མདོ་འདི་ཡིན་ཏེ། གང་གི་ཕྱིར་གལ་ཏེ་རྐུ་བའི་སེམས་ཡང་དག་པར་མ་སྐྱེས་པ་འདིར་འཇུག་པ་ཡིན་ན་བྱིང་པ་ཉིད་འཕོ་བ་མ་ཡིན་པར་འགྱུར་རོ།། རྐུ་སེམས་ཡང་དག་སྐྱེས་པ
་ཉིད་ཀྱིས་རྣམ་པ་འདི་ལྟ་བུ་རྣམས་ལ་འཇུག་པའོ།། དེ་བས་ན་འདིར་བརྐུ་བ་ནི་བཀུར་བའི་དོན་ཡིན་གྱི། ཀུན་ནས་ཆད་པའི་དོན་དུ་ནི་མ་ཡིན་ནོ་ཞེས་བྱ་བའོ།། འདིར་གཞུང་ནི། དགེ་སློང་གིས་ཟོང་སྦྱངས་པའི་ཕྱིར་ཁྲི་ལས་ལྡང་བར་བྱེད་ཅེས
་བྱ་བ་ལ་སོགས་པའོ།། བཤལ་བ་ལ་ནི་ངོས་ཀྱི་གཞིའི་མཚམས་ལས་ངོས་ཅིག་ཤོས་འདས་ནའོ་ཞེས་བྱ་བ་ནི་བརྐུ་བར་བྱ་བའི་རྫས་ལ་ཕྱོགས་ཀྱི་ཆ་གང་ཞིག་གིས་བཤལ་བའི་ཕྱོགས་ཀྱི་ཆ་དེ་ལ་ངོས་གང་ཞིག་ཐ་མའི་ངོས་གང
་ཞིག་ཐ་མའི་ངོས་ཙམ་དུ་གྱུར་པ་ཆ་མེད་པའི་ཆ་དེའི་རྟེན་གང་ཡིན་པ་ལ་སོགས་པ་དེའི་གནས་ཀྱི་བདག་ཉིད་ཅན་གྱི་ཆ་དེའི་མཚམས་གང་ཞིག་ཆ་དེ་ལས་རྫུས་རྐུ་བར་བྱ་བ་དེ་འདས་པ་གང་ཞིག་ཆ་གང་ཡང་རུང་བས་མ་ཡིན་ནོ།། །
་འོན་ཀྱང་ངོས་གཞན་གྱིས་ཏེ་ངོས་གང་ཞིག་གི་གཞི་འདི་སྟེ་མཚམས་བརྗོད་པ་དེའི་རྗེས་སུ་གྱུར་པའི་ངོས་ཀྱིས་བཤལ་བ་ལ་གཞིའི་སྟེང་གི་ཆ་ལ་གཞིའི་སྟེང་གིས་ཆས་ཉེ་བར་ཁྲིད་པ་ལ་རྐུ་བའོ།། གལ་ཏེ་དེས་ས་དེ་འདས
་བཔར་གྱུར་ན་ཞེས་བྱ་བ་ནི་བྱེ་བྲག་མེད་པས་སྨོས་པས་ཕྱོགས་ལས་ཕྱི་རོལ་དུ་རྫས་ཀྱིས་ནི་མ་ཡིན་ནོ།། གལ་ཏེ་དེས་དེ་འདས་པར་གྱུར་ན་ཞེས་བྱ་བ་སྟེ། དེ་བས་ན་འདིར་བཀུར་པ་གདབ་པར་བྱའོ།། ཁྱབ་པའི་ཁོངསུ་གཏོགས
་པའི་དེ་དང་ལྡན་པ་ཉིད་ལ་རྐུ་བར་བྱ་བའི་རྫས་དེ་ཕྱོགས་ཅི་ཙམ་ཁྱབ་པ་དེའི་ཁོངསུ་བསྡུས་པའི་མཚམས་ཀྱི་ཚེ་ལ་ངོས་གཞན་གྱིས་བཤལ་ནས་འདས་པ་ནི་བརྐུས་པ་མ་ཡིན་ཞེས་སྟོན་པོ་ཁྱབ་པའི་ཁོངསུ་གཏོགས་པའི
་དེ་དང་ལྡན་པ་ཉིད་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྐུ་བཞིན་པའི་རྫས་ངེས་ཕྱོགས་ཇི་ཙམ་ཁྱབ་པ་དེའི་ཁོངས་སུ་གཏོགས་པའི་ཆའི་མཐའ་དང་ལྡན་པ་ཉིད་དུ་གྱུར་པ་ལ་གང་ཞིག་ཁྱབ་པའི་ཁོངས་སུ་གཏོགས་པའི་ཆའི་མཚམས་དེ་ལས
་ངོས་གཞན་གྱིས་འདས་ནས་བཤལ་བས་བརྐུས་པ་མ་ཡིན་ནོ།། གང་གི་ཕྱིར་འདི་ལྟར་མ་ལུས་པ་ལ་རྐུ་བ་བསྒྲུབ་པ་མ་ཡིན་ཏེ། འོན་ཀྱང་དུམ་བུ་ཕྱི་མ་ལས་ཕྲད་པ་བསྒྲུབ་པའི་ཆ་ཤས་འདོད་པར
་གྱུར་པ་ཉིད་ཀྱིས་རྐུ་བར་གྱུར་པ་རྣམས་ལ་ཚོགས་པའི་ངོ་བོ་ལ་སོ་སོ་ཉིད་ཀྱི་རྐུ་བ་བསྐྱེད་པ་མ་ཡིན་ཏེ། ཆོགས་པའི་ངོ་བོ་ཉིད་ཀྱིས་བརྟེན་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟར་ཡང་དགེ་སློང་གིས་ཡོ་བྱད་ལྕི་བ་ཤིན་ཏུ་ཐག་རིང་པོར་བཤལ་ཏེ་རྐུས
་ཀྱང་མཐའི་ལྟུང་བར་མི་འགྱུར་བར་མཆིས་སམ། ཡོད་དེ་དགེ་སློང་གི་ཡོ་བྱད་ལྕི་བའི་ངོས་གཅིག་ཁོ་ན་ནས་བཟུང་སྟེ། ཤིན་ཏུ་ཐག་རིང་པོར་བཤལ་ཀྱང་ངོས་ཅིག་ཤོས་ནས་དེ་ནས་མ་འདས་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས
་གསུངས་སོ།། དེའི་མཚན་ཉིད་ནི་གྱོང་གྲུགས་དངགས་པ་དང་བྲིས་པ་དང་ཁ་དོག་གཞན་དང་མཚམས་དང་བར་ཆད་དགྲ་གྷོ་ཞེས་བྱ་བ་ལ། མཚམས་དེའི་མཚན་ཉིད་ནི་བདག་ཉིད་དེའི་མཚན་ཉིད་དོ།། གང་དུ་བཅད་པ་བརྗོད་པར
་བྱ་བའོ།། གྱོད་གྲུགས་ཞེས་བྱ་བ་ནི་གྱོང་པ་བཟུང་བའོ།། གས་པ་ཞེས་བྱ་བ་ནི་གས་པ་བཟུང་བའོ།། བྲིས་པ་ཞེས་བྱ་བ་ནི་ཡི་གེ་བྲིས་པ་བཟུང་བའོ།། ཁ་དོག་གཞན་བྱ་བ་ནི་ཁ་དོག་གཅིག་ལས་གཞན་པ་གང་ཡིན་པ་དེ་ནི་ཁ
་དོག་གཞན་ཏེ་དེ་ནི་མཚམསོ་གཞན་པའོ།། པར་མཚམས་ཀྱི་ཚིག་གཽ་ནི་རེ་ལྔ་ལ་སོགས་པ་རབ་ཏུ་ཤེས་པར་གྱུར་པའི་བར་མཚམས་བཟུང་བའོ།། བར་ཆད་ནི་རྣམ་པ་གཉིས་ཏེ། ཤིན་ཏུ་གྱུར་པ་དང་། ས་ཕྱོགས་གཞན་ལ
་རྩོམ་པར་གྱུར་པའོ།། སཱ་ཕྱོགས་གཞན་དེ་ལས་མཐོང་བ་ཉིད་དུ་དེ་རྩོམ་པར་གྱུར་པ་གང་གིས་འདི་རྩོམ་པར་གྱུར་པའི་ས་ཕྱོགས་གཞན་དེ་ན་ཞུགས་པའོ།། ཤིན་ཏུ་གྱུར་པ་ནི་ཤིན་ཏུ་འམ། གཞན་ཞིང་ལ་སྩོགས
་པ་ངོས་གཅིག་ཏུ་གྱུར་པའི་ས་ཕྱོགས་ལ་ཞུགས་པ་མ་ཡིན་པ་དང་། ངོས་གཞན་དུ་གྱུར་པ་ལྔ་ནི་གསུམ་པ་མ་ཡིན་པའོ།། དེ་བསོ་ན་དེ་དག་གིས་དབུས་སུ་རྐོས་པའི་སཱ་ལཱ་དབྱེ་གྲི་གུས་བཞག་པའོ།། འདིར་བར་ཆད་ཀྱི་ཚིག་གི
་ནི་བསྡུས་པར་རིག་པར་བྱའོ།། ལཱྀ་ལ་སོགས་པསྡུ་བར་དུ་བཅད་པ་རྣམས་ལ་བར་མཆི་མས་ཀྱི་ཚིག་གིས་ཁ་དོག་གཞན་དང་ལྡན་པ་འམ། གཞན་ལོ་ཁ་དོག་གཞན་གྱི་ཚིག་གིས་ཏེ། གང་དུ་ཆུད་པ་བརྗོད་པར་བྱ་བ་དེ་ཙམ
་གྱིས་དགོངས་པ་ནི་མདོ་འདི་ཡིན་གྱི། མ་ལུས་པའི་དགོངས་པ་ཅན་ནི་མ་ཡིན་ནོ།། འདི་ལ་བརྗོད་པར་བྱ་བ་ཉིད་ནི་གཞན་དུ་ཡིན་ཞེ་ན། དབུས་སུ་གནས་པའི་སྐྱེ་བའི་རྒྱུན་ལའོ།། དེར་ནི་དེ་ཉིད་ད་ལྟར་ཡང་གནས་འདི
་ཞེས་བྱ་བ་བློ་ཡི་སྐབས་ཡོད་དེ། བཟློག་པའི་དོན་དུ་གནས་ཀྱི་སྐྱེ་བའི་རྒྱུན་ལ་ཡོད་པ་ཉིད་གང་གི་ཕྱིར་ད་ལྟར་ཡང་གནས་དེ་ཉིད་ཅེས་བྱ་བའི་བློའི་སྐབས་ཡོད་པ་མ་ཡིན་ནོ།། སྲོག་ཆགས་ལ་ནི་རྩིབ་མ་ལ་སོགས་པ་ལ
་དད་པ་རྟག་ཏུ་རུང་བ་རྣམ་པར་ཆད་ཡིན་ནོ།། ཞེས་བྱ་བ་ནི་སྲོག་ཆགོས་ལ་ནི་རྩིབ་མ་ལ་སོགས་པ་གང་རྣམས་ལ་ཐ་དད་པར་རྟག་ཏུ་རུང་བ་རྩི་བོ་མ་ལ་སོགས་པའོ།། དེ་རྣམས་ཀྱི་བར་ཉིད་དེ་བར་ཆད་ནི་ངེས་པ་སྟེ། འདི་རྣམས་ལ་སོ
་སོར་གནས་པ་ཉིད་ཅེས་བྱ་བའི་ཏོན་ཏོ།། སོགས་པའི་སྒྲས་ནི་སོ་དང་སྨྲས་པར་དུ་བཅད་པ་བཟུང་བའོ།། སྲོག་ཆགས་ལ་གཅིག་པ་ཉིད་ཀྱི་ཕྱིར་སྲོག་ཆགས་ཀྱི་ལུས་ཀྱི་བདག་ཉིད་ལ
་གཅིག་པ་ཉིད་ཀྱི་ཕྱིར་གནས་ཀྱང་གཅིག་པ་ཉིད་ཅེས་བྱ་བའི་དོགས་པ་བཟློག་པའི་དོན་འདིའོ།། ཤ་དང་ཁྲག་ཉིད་ཉེ་བར་བརྟགས་པ་ཉིད་ལ་འདིའི་ཐ་དད་པར་རྟགས་ཏུ་རུང་བ་ཉིད་ཀྱི་ཕྱིར་རྩོབ་མ་ལ་སོགས་པ་རྣམས་ཉིད་ལ་གནས
་པ་ཉིད་ཡིན་ཏེ། སྟོབས་ཆུང་བ་ཉིད་ལ་མ་ཡིན་ནོ།། འདི་རྣམས་ཀྱི་ལུས་ཀྱི་བདག་ཉིད་ཀྱི་གནས་ལ་ཆ་ཤས་ཉིད་ཀྱི་ཕྱིར་སོ་སོར་གནས་པ་ཉིད་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ།། དེས་ན་རྩིབ་མ་ཞིག་གཅིག་གིས་ཕྱོགས
་ནས་རྩིབ་མ་ཐ་དད་པར་རྟག་ཏུ་རུང་བ་ཉིད་གཞན་གྱི་བར་དུ་སྤྲོས་ན་བརྐུས་པ་ཉིད་དུ་བརྗོད་པར་བྱའོ།། གདིང་བ་བཏིང་བ་ཉིད་ཡིན་ནོ།། ཞེས་བྱ་བ་ནི་ས་ལ་སོགས་པ་གཞིར་རྩཝ་ལ་སོགས་པའི་གདིང་བས་བཏིང་བ་ཉིད་ཡོད་ན་གདོང་བ་དེ
་ཉིད་ཀྱི་དེ་ལ་གནས་པའི་རྫས་ལ་གནས་པ་ཉིད་ངེས་ལ་སོགས་པ་དེ་ལྔ་ནི་མ་ཡིན་ནོ།། གདིང་བ་བཏིང་བའི་སྒྲ་དག་ལ་ཡང་དག་པའི་སྒྲ་ཐོག་མར་ལྡན་པ་མ་བྱས་སོ།། བྲག་ལ་སོགས་པ་གདིང་བ་ཐམས་ཅད་ལ་གདིང
་བ་ཁོངས་སུ་བསྡུས་པའི་དོན་དུའོ།། ཡང་དག་པར་གདིང་བ་བཏིང་བ་ཞེས་བྱ་བ་བརྗོད་པར་གྱུར་ནརྩཝ་དང་ཤིང་ལོ་ལ་སོགས་པའི་རང་བཞིནི་ཉིད་ཀྱི་གདིང་བ་ཉིད་ལ་གོ་བར་གྱུར་ཏོ།། སེམས་ཅན་གྱིས
་སྐྱ་བ་ནི་བཞག་པ་དང་འདྲའོ་ཞེས་བྱ་བ་ནི་རྩཝ་དང་གེལ་པ་དང་རྩི་དང་ནག་ཚལ་ལ་སོགས་པ་འབྱུང་བའི་སྐྱེ་བ་ནི་དཔེར་ན་རྫས་བཞག་པ་བརྐུས་པ་དང་འདྲ་བས་དེ་བཞིན་དུ་བལྟ་བར་བྱའོ།། གནས་ནས་སྤོ་བ་ནི་འདི་ལ་རྐུ་བ་ཞེས་བྱ་བའི་དོན་ཏོ།།
་འབྲེལ་པ་སེལ་བ་ཙམ་ནི་མ་ཡིན་ཏེ། གང་ཞིག་འདི་ལ་ས་ལ་སོགས་པ་བསྡུ་བའོ།། འདིར་གཞུང་ནི། དགེ་སློང་གིས་མེ་ཏོག་གི་ཤིང་ལྗོན་པ་ཕྱུང་སྟེ། རྐུ་ན་ཇི་སྲིད་དུ་ནོམ་པར་མི་བྱེད་པའི་བར་དུ་ནི་ཉེས་བྱས་སུ་འགྱུར་རོ།། ནོམ་པ་ནས
་གནས་དང་སྤོ་བའི་བར་གྱིས་ནི་བརྐུས་པ་ཞེས་བྱ་བ་སྟེ། མེ་ཏོག་གིས་ཤིང་གི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། ཁ་ཅིག་ནི་མེ་ཏོག་གི་ཤིང་ཕྱུང་སྟེ། རྐུན་མེ་ཏོག་གི་ཤིང་གི་རིན་ཐང་བགྲང་བར་བྱེད་ཅེས་བྱ་བ་འདི
་ཙམ་འདོན་པའི་ཡིན་ཏེ་ལྷག་མ་ནི་མ་ཡིན་ནོ།། འདོན་པ་འདི་ལ་ཡང་གནས་ནས་སྤོ་བ་ལས་ཆོ་ག་གཞན་ལ་ལྡང་བ་དོགས་པར་བྱ་བ་མ་ཡིན་ཏེ། འདིར་ཕྱུང་བ་ཉིད་རྐུ་བར་བརྗོད་པ་ཡིན་ཏེ། འདིར་རྐུ་བའི་ཁྱད་པར་ནི་འདོད་པ་ཞེས་བྱ
་བར་རྣམ་པར་གནས་ཏེ་ཕྱུང་ནས་རྐུ་བ་ཞེས་བྱ་བའོ།། ཇི་ལྟར་ཁ་ཕྱེ་ནས་ཉལ་བ་དང་ཕྱེ་བའི་ཁས་ཉལ་བར་བྱེད་པ་ཞེས་བྱ་བའོ།། ཕྱུང་བ་ཡང་གནས་ཉིད་ནས་སྤྲོས་པ་ཡིན་ཏེ་ས་དང་འབྲེལ་པ་བསལ་བའི་འོག་ཏུ་རྐུ་བ་འདི་ཡིན་ནོ།།
་གོང་དུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་ཡང་འགྲོ་བ་ནི་འཕོ་བ་གནས་ལས་སོ།། བསྐོན་པ་ནི་ཕུད་ནའོ་ཞེས་བྱ་བ་བརྐུས་པ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། ཕུད་ནའོ་ཞེས་བྱ་བ་ནི་ཕུད་པ་དང་བཀྲོལ་བ་སྟེ། དེ་ལ་གང་དུ་ཡོངས་སུ་བསལ
་བའོ།། དེ་ལ་བསྐོན་པ་གང་ཡིན་པ་དེ་ནི་བརྐུས་པའོ།། འདིར་གཞུང་ནི། དེ་དག་རྒྱན་སྣ་ཚོགས་དག་གིས་བརྒྱན་པར་གྱུར་པ་དགེ་སློང་གིས་བརྒྱན་པར་གྱུར་པ་དེའི་སྦྱོར་བས་ཁཱི་ལས་ལྡང་བ་ནས། ནོམ
་ཉུག་མི་བྱེད་པའི་སྦྱོར་བའི་སྦྱོར་བ་ཇི་སྲིད་དུ་ནོམ་ཉུག་བྱེད་པ་ནས་གནས་ནས་གནས་གཞན་དུ་མ་སྤྲོས་པའི་བར་བྱེད་ན་སྦྱོར་བ་གནས་ནས་སྤྲོ་བའི་ཚེ་བརྐུས་པར་བརྗོད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། འདིར་བསྐོན་པ་ནི
་གནས་གཞན་དུ་འཕོ་བ་ལོ་མངོན་པར་འདོད་པས་རྣམ་པར་གནས་པ་སྟེ། དེའི་ཕྱིར་འདི་ལྟར་ཉེ་བར་བརྟགས་པའོ།། ཇི་ལྟར་ཡང་རྣམ་པར་དབེན་པར་གནས་གཞན་ནས་འཕོ་བོ་སྟེ་གང་གི་ཕྱིར་ཕྱུང་བ་ནི་བཏོན་པའོ།། དེ་བས་ན་ཕྱུང་བར
་བྱེད་པ་ནི་འདིར་མ་ཆད་པ་སྟེ། གཞན་པའི་གནས་དོར་བ་ནི་མ་ཡིན་ནོ།། ཕྲལ་བའི་སྐབས་བཤལ་བ་ནི་ཕྱུང་བར་བྱེད་པའི་ཚུལ་བ་མ་ཡིན་པ་ཞེས་བྱ་བའོ།། ཤོ་གམ་ནི་ས་འདས་ནའོ་ཞེས་བྱ་བ་ནི་རྐུ་བ་ཞེས་བྱ་བའོ་དང་རྗེ་སུ་འབྲེལ
་ཏོ།། འདི་ཤོ་གམ་གྱི་གནས་ནི་སའོ།། དེ་ཡང་གང་དུ་ཇི་ཙམ་ཞུགས་པ་ལ་ཤོ་གམ་པ་ལ་སྦྱིན་པར་བྱ་བ་ཉིད་དེ། དེ་ཙམ་དུ་ས་དེ་ལས་འདས་པ་ནི་འདས་པའོ།། གང་ཞིག་ཤོ་གམ་བྱ་བ་ཉིད་ཀྱིས་ཤོ་གམ་གྱིས་ལས་འདས་པ་ནི་ཤོ
་གམ་གྱིས་དེ་ཉིད་ཀྱི་ས་ལས་ཡིན་གྱི་ཕྱོགས་གཞན་གྱིས་ནི་མ་ཡིན་ཏེ། འདས་པ་དེ་ནི་ཤོ་གམ་རྐུ་བའོ།། ཤོ་ག་མ་ཉིད་ལ་ནི་དེ་འདའ་བར་བྱེད་པ་སྟེ། གང་ཞིག་ཤོ་གམ་བྱ་བ་ལ་ཤོ་གམ་བྱ་བའི་ཆར་གྱུར་པ་ཉིད་ཀྱི་ཕྱིར་རོ།། རྒྱུད་པས
་ཀྱང་ས་ལ་བརྟེན་པ་ཉིད་ཀྱི་དགོས་པ་ནི་མ་ཡིན་ཏེ། དེ་བས་ན་ཁུར་བས་སམ་རང་གི་ལུས་ཀྱི་སམ། འདའི་བ་ལ་སོགས་པས་སམ་རང་གི་ལུས་ཀྱིས་ཁུར་བ་དང་འབྲེལ་པས་ཤོ་གམ་གྱི་བྱ་བ་འདའ་བར་བྱེད་པ་ནི་གང་ཞིག་ཤོ་གམ་འདའ་བར
་བྱེད་པ་འདི་ལ་ས་ཡིས་ནི་མ་ཡིན་ནོ།། དེ་བས་ན་འདིར་འདི་ཡང་དག་པར་བསྡུས་ནས་འདའ་བར་བྱེད་པ་བཟུང་བ་མ་ཡིན་པ་ཤེས་པར་བྱའོ།། ཤོ་གམ་གྱི་གནས་སུ་ཞུགས་པ་ལ་གང་ཞིག་ཆུ་ཞེང་དུ་འཇུག་པས་འདའ་བར་བྱང་བ་དེ་ལ
་རེ་ཞིག་ཐེ་ཚོམ་མེད་པ་ཉིད་དུ་དེས་ས་ལས་འདའ་བར་བྱེད་པའོ།། ལོག་ནས་གནས་གཞན་དུ་འགྲོ་བ་ལ་གལ་ཏེ་ཞུགས་པ་ལ་ས་ལོག་པ་ལ་ཡང་སྦྱིན་པར་བྱ་བ་ཉིད་ཡོད་པ་འདི་ནི་འདའ་བར་བྱེད་པའོ།། དེ་ཡང་ལོག་པ་གང་ཞིག
་འདི་དེ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ཞེས་བྱ་བའོ།། འོ་ནི་སྦྱིན་པར་བྱ་བ་ཉིད་མ་ཡིན་ནོ་ལོག་པ་ལ་འདའ་བར་བྱེད་པ་འདི་ཡོད་པ་མ་ཡིན་ཞེས་བྱ་བ་རིག་པར་བྱའོ།། རྣམ་པར་བཞག་པའི་དབང་གིས་འདི་སྦྱིན་པ་ཉིད་དོ།། གང་དུ་འདའ
་བར་བྱེད་པ་མཐོང་བར་སྒོ་ཆེ་གེ་མོར་ཞུགས་པ་ལ་སྦྱིན་པར་བྱ་བ་ཉིད་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རྣམ་པར་གཞག་པར་བྱས་པར་འགྱུར་བ་དེ་ལ་སྦྱིན་པ་ཉིད་ཡོད་པ་མ་ཡིན་ནོ།། མི་ལ་གལ་ཏེ་བརྡས་ནི་དེ་གྲུབ་ནའོ་ཞེས་བྱ་བ
་ལ། མི་རྐུ་བ་ནི་རྣམ་པ་མང་དུ་འགྱུར་ཏེ་མི་འདོད་བཞིན་དུ་བཀྲི་བ་དང་བཞག་པ་དག་གིས་སོ།། འཇིག་པའི་རྒྱུ་མཚན་གྱིས་སམ་ཀུན་ཏུ་རྒྱུ་བས་རྣམ་པར་རྨོངས་པར་གྱུར་པ་ལ་ཡང་སྔགས་དང་སྨན་དག་གིས་སོ།། བཅིངས་པ་ལོ
་ཡང་བཀྲོལ་བས་སོ།། གཉིད་ཀྱིས་ལོག་པ་ལ་ཡང་མ་ཚོར་བའི་འཕེན་པས་སོ།། གསོད་པ་ཉེ་བར་རྩོམ་པ་ཡང་འཆི་བདག་དང་ལྷན་ཅིག་ཏུ་འམ་འཆི་བདག་གིས་ཞེས་བྱ་བར་ཁྱད་པར་འདིའོ།།
་མི་ལ་ནི་གལ་ཏེ་བརྡས་བརྐུ་བའོ།། དེ་ལ་གྲུབ་པ་ནི་བརྡ་གྲུབ་པ་ཉིད་རྐུ་བའོ།། འདི་ལྟར་གཞུང་ལས། མི་རྐུ་བ་རྣམས་པ་གསུམ་པོ་ཡུལ་ཕྱོགས་དང་མཚན་མ་དང་། བཅས་སོ་རང་གི་འདོད་པས་རབ་ཏུ་རྒྱུ་བ་གྲོལ་བ་ཕྲད་པ་ནི
་དེ་འདིར་རྒྱུ་བ་ཉིད་ཀྱིས་མངོན་པར་འདོད་པའོ།། འདིར་འདུན་ས་ལ་སོགས་པའི་ཡུལ་ཕྱོགས་བརྗོད་དོ།། མཚན་མ་ནི་རྟགས་ཏེ་སྐྲ་དང་ཁ་སྤྱི་བྲེགས་ཏེ་རིང་པོ་མ་ལོན་པ་ཞེས་བྱ་བ་ལ་སོགས་པའོ།། བཛྲེ་ནི་སྔ་དྲོ་ལ་སོགས་པ
་ལའོ།། ཡུལ་ཕྱོགས་ལ་སོགས་གསུམ་པོ་འདི་རྣམས་ལ་དོན་ཐ་དད་པ་ཉིད་ཡོད་ཀྱང་། སྔ་དྲོ་ལ་སོགས་པའི་ཁྱད་པར་མཚོན་པར་བཀའ་བསོ་སྟེ། དེ་བས་ན་སྤྱིར་བརྡའི་སྒྲས་བརྗོད་པའོ།། བརྡ་གང་ཡིན་པ་འདི་བྱས་པ་གང་གི
་ཚེ་ཁྱོད་ཀྱི་ཁོ་བོ་འདི་དང་འདི་ལྟ་བུར་མཐོང་བ་དེའི་ཚེ་ཁྱོད་ཁོ་བོའི་གན་དུ་ཤོག་ཅེས་བྱ་བ་ལྟ་བུ་སྟེ། གང་གི་ཚེ་བརྡ་དེ་གྲུབ་པ་དེའི་ཚེ་མི་དེ་བརྐུས་པར་རིག་པར་བྱའོ།། འདི་དང་རྣམ་པ་གཞན་རྣམས་ལ་ཡང་མཚོན་ཉིད་ཀྱི་རྗེ་སུ
་འབྲང་བས་རྐུ་བ་རྟོགས་པར་བྱའོ།། གཏེར་བཞིན་དུ་གསང་སྔགས་ཀྱིས་དྲང་བར་བྱ་བ་ལ་སྣང་བར་གྱུར་ནའོ།། ཕྱི་བཞིན་དུ་འབྲང་བ་དང་ནང་བྱ་ན་བྱེད་པ་མེད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ།། གལ་ཏེ་དེ་ལྟར་ན་བྱ་སྤར
་བ་ནའོ་ཞེས་བྱ་བ་ནི་འདིར་གལ་ཏེ་བྱ་སྤར་ཏེ་རྐུ་བར་བྱེད་ནའོ།། དེའི་ཚེ་བྱ་སྦྱར་ན་བརྐུས་པ་ཁོ་ན་ཡིན་པར་རིག་པར་བྱའོ།། འདིར་གཞུང་ནི། དགེ་སློང་བྱ་སྤར་ཏེ་རྐུ་བར་བྱེད་ན་བྱའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། སྔར
་པ་ན་ཞེས་བྱ་བ་འདི་ནི་རྐུ་བའི་ཁྱད་པོར་ཏེ། དེ་ལྟར་སྦྱོར་ནས་རྐུ་བར་བྱེད་ཅེས་བྱ་བའི་དོན་འདི་འགྲུབ་པར་འགྱུརརོ།། སྤར་བ་ཐམས་ཅད་ནི་མཚམས་བཞིན་དུ་འགྲོ་བ་སྟེ། དེ་བས་ན་དེའི་རྐུ་བ་ཉིད་ནི་འདིར་དཔེ་ཡིན་ནོ།། བྱའི་ཚིག་ནི
་རྣམས་ཐམས་ཅད་ལ་ཆོ་ག་འདི་རྟོགས་པར་བྱའོ།། དུད་འགྲོ་བ་ཏགས་པ་ནི་བཀྲོལ་ནའོ་ཞེས་བྱ་བ་ནི་དུད་འགྲོ་བཏགས་པ་རྐུ་བ་ནི་བཀྲོལ་བ་ནི་བརྐུས་པ་ཡིན་ནོ།། འདིས་ནི་དགེ་སློང་གི་རི་དྭགས་རླབས་སུ་ཆུང་པོ་ཕྱང་ན་རི
་དྭགས་ཀྱི་རིན་ཐང་བརྩི་བར་བྱའོ།། དགེ་སློང་གི་ཉི་དོལ་ལ་ཐོགས་པ་ཕྱུང་ན་ཉའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་རྣམས་ནི་དེ་ལ་འདི་བསྡུས་པ་ཡིན་ནོ།། བཀྲོལ་བ་ཉིད་ལས་རིན་ཐང་བརྩི་བ་ལ་རིམ་པ་ཡོངསུ་བཟུང
་བས་བཀྲོལ་བ་ཉིད་འདིར་རྐུ་བ་མངོན་པར་འདོད་པ་ཞེས་བྱ་བ་ཤེས་པར་བྱའོ།། རྟོད་པ་དང་ཁྱུ་ལས་དཀར་བ་གཉིས་ནི་མི་སྣང་བར་གྱུར་པ་ཉིད་ནའོ་ཞེས་བྱ་བ་ལ། རྟོད་པ་དང་ཁྱུ་ལས་བཀར་བས་དུད་འགྲོའི་བྱ་བ་ནི་མི་སྣང་བ་ཉིད
་འདི་ལ་བརྐུས་པའོ།། གལ་ཏེ་འདི་ལ་དེར་བདག་པོ་འམ་དེ་དང་འདྲ་བ་ཡོད་ནི་ཕྱི་བཞིན་འབྲང་བ་འཕྲོག་བཞིན་པ་འདི་ལ་འམ། ཕྱིར་འ་གྲོ་བཞིན་པ་མ་ཡིན་པོ་དེ་ལ་རྩེ་གཅིག་དེའི་གནས་ལས་མི་སྣང་བ་ཉིད་དོ།། འོན་ཏེ་ཡོད་པ་མ་ཡིན་ན
་མ་བཀྲོལ་བ་ལའམ་དེ་ལ་རྩེ་གཅིག་པ་ལ་གལ་ཏེ་ཁྱུ་ན་གནས་པ་ལ་རྟོད་པ་དང་ཁྱུ་ལས་བཀར་བས་ཁྱུའི་མཐའ་མ་ཚང་བས་མི་སྣང་བ་ཉིད་དོ།། གལ་ཏེ་གཅིག་པུ་མ་ཡིན་ན་གནས་དེ་ལས
་མི་བསྐྱོད་ན་དེ་ནས་མི་སྣང་བ་ཉིད་ནི་རྐུ་བ་ཞེས་བྱ་བར་འདི་རིག་པར་རྟོགས་པར་བྱའོ།། གནས་མ་ངེས་པ་ཉིད་ཀྱི་ཕྱིར་དང་རབ་ཏུ་རྒྱུ་བ་མི་གནས་པ་ཉིད་ཀྱིས་གྲོལ་བའི་དུད་འགྲོ་ལ་གནས་ཀྱི་ཐ་མ་འདྲ་ལ་སྤོ་བ་རྣམ་པར་གནས
་པ་ཡིན་ནོད། དེ་ཡང་འདི་ལ་འདི་རྣམ་པར་གནས་ནས་ཏེ་གང་ཞིག་སྟོབས་ཀྱི་བདག་ཉིད་བརྟན་པའི་ཕྱིར་དེའི་ཚེ་མི་ནུས་པ་འམ་འཇིགས་པས་ཀྱང་འཇུག་པ་དེ་བྲ་ན་དེ་ལྟ་བུར་གྱུར་པའི་དུད་འགྲོའི་འདི་ལ་བཟུང་བར་རྟོགས་པར
་བྱའོ།། དེ་བས་ན་གཞན་དུ་ཡང་འདི་ལྟ་བུར་གྱུར་པའི་སྲོག་ཆགས་ལ་རྣམ་པར་བཞག་པས་འདི་ལ་དཔེ་ཉིད་དོ།། འདིར་གཞུང་ནི། མིག་ལམ་དུ་སྣང་བར་མ་གྱུར་ན་རྐུས་ཞེས་བྱ་བའོ།། ཞེས་གསུངས་པ་ཡིན་ནོ།།
་གསང་སྔགས་དག་གིས་འདྲེན་པ་ནི་སྣང་བ་ནའོ་ཞེས་བྱ་བ་ནི་གསང་སྔགས་རྣམས་ཀྱིས་གཏེར་ལ་སོགས་པ་འདྲེན་པ་ན་གཏེར་ལ་སོགས་པ་སྣང་བ་ན་བརྐུས་པ་ཡིན་ནོ།། ཡུལ་དེ་ན་གནས་པ་ན་ཡང་ཁ་བྱེ་བ་ཉིད
་བསྒྲུབས་པས་སྣང་བར་གྱུར་ན་འདིར་སྒྲུབ་པའི་བློར་འགྲོ་པོ་ཡིན་ཏེ། ཅི་སྟེ་ཤིན་ཏུ་ཐག་རིང་པོ་ནས་དྲངས་ཏེ་རྐང་པའི་དྲུང་དུ་བཀུག་ཅིང་འབྲེལ་པ་ལ་ཡང་རྐང་པའི་དྲུང་དུ་སྣང་བར་མ་གྱུར་པ་ལ་གྲུབ་པའི་བློ་སྐྱེ་བ་མ་ཡིན་ཏེ།
་དེ་བས་ན་སྣང་བ་ལ་རྐུ་བ་ཉིད་དུ་ཤེས་པར་བྱའོ།། མང་པོ་ཞིག་ཡོད་པ་ལ་གཅིག་ཁོ་ན་ཞིག་གིས་འཇུག་པ་ལ་གཅིག་པ་ལ་ཡང་སྣང་བར་སྒྲུབ་པ་ལ་ཐམས་ཅད་བསྒྲུབས་པ་ཉིད་ཅེས་བྱ་བ་རྐུ་བའི་ཆོ་ག་དང་བཅས་པར་རྟོགས་པར
་བྱའོ།། གཏེར་ལ་ནི་འདི་བཤད་པ་ཡིན་ཏེ་ཐམས་ཅད་དུ་འདི་སྦྱར་བ་ཞེས་བྱ་བ་དེ་ལ་ཉིད་དུ་རྣམ་པར་ཤེས་པ་ཁྱད་པར་དུ་སྔར་ཉེ་བར་བརྟགས་པ་བསྟན་པའི་ཕྱིར་ཕྱི་བཞིན་འབྲང་བ་དང་ནང་བྱན་བྱེད་པ་གཉིས་ནུར་བ་དང
་འབྱངས་པ་དང་འཇམ་པ་དང་འཇུག་པ་དང་འཛེག་པ་རྣམས་ཀྱིས་སྔ་མ་ལྟར་ཡིན་གྱི་དེ་གཉིས་ཀྱིས་བླངས་པ་ནི་མ་ཡིན་ནོ།། ཞེས་བྱ་བ་ནི་དེའི་ཚེ་དེ་ལ་སྔར་མི་སྣང་བ་ཉིད་མ་ཡིན་ནོ།། སུ་ལ་མི་སྣང་བ་ཉིད་ཅེ་ན། དེའི་ཕྱིར་ཕྱི་བཞིན
་འབྲང་བ་དང་ནད་བྱིན་བྱེད་པ་ཞེས་བྱ་བ་སྨོས་ཏེ། རྒྱབ་ནས་འགྲོ་ཞིང་ཆོས་ཀྱི་ཉེ་བར་ཁྱེར་བར་བྱེད་པ་པོ་ཞེས་བྱ་བའི་དོན་ཏོ།། བཟུང་བ་མ་ཡིན་པ་དེ་དག་གིས་བཟུང་བ་ལ་རྐུ་བའི་དངོས་པོ་ཉིད་དུ་ཁས་བླིངས་པའི་རྫས་ལ་མི་སྣང་བ་ཉིད
་ནི་བརྐུས་པ་མ་ཡིན་ནོ།། གང་གི་ཕྱིར་དེ་རྐུ་བཞིན་པ་ཉིད་ཀྱིས་ཀྱང་ཅུང་ཟད་མི་སྣང་བར་འགྱུར་ཏེ། དེ་ལ་གང་ཞིག་མ་ཉམས་པ་ཙམ་ལ་ཡང་བརྐུས་པར་ཐལ་བའོ།། ཕྱི་བཞིན་འགྲོ་བ་དང་ནང་བྱན་བྱེད་ཅིང་སྣང་བར་གྱུར་པའི་རྫས
་ལ་ཡང་མ་བཅད་པའི་བློ་མ་ཡིན་པ་ལ་གནས་ནས་སྤོ་བ་དག་ལ་མི་སྣང་བར་གྱུར་པ་ཉིད་ལ་མ་ཆད་པའི་བློ་ཡོད་པར་འགྱུར་རོ།། རྣམ་པ་གང་གིས་མི་སྣང་བར་གྱུར་པ་ཉིད་ན་ཞེ་ན། དེའི་ཕྱིར་ནུར་བ་དང་འབྱང་བ་དང་འབྱམ་པ་དང
་འཇུག་པ་དང་འཛེག་པ་རྣམས་ཀྱིས་ཞེས་བྱ་བ་སྨོས་ཏེ། ནུར་བ་ནི་གང་ཞིག་མ་ཉམས་པ་ཉིད་ཀྱི་འགྲོ་བའོ།། འབྱངས་པ་ནི་ཕྱིར་ནུར་ཏེ་སོང་བའོ།། མ་བརྗོད་པའི་དོན་རྣམས་ལ་འདི་བསྡུས
་པའོ།། དེ་རྣམས་ཀྱང་འདའ་བར་བྱས་ནས་འགྲོ་བ་དང་མི་སྣང་བ་དང་མ་སྣང་བ་དང་གསང་སྔགས་དང་སྨན་དག་གིས་གཟུགས་གཞན་དུ་བསྒྱུར་བ་དང་འདི་དག་གིས་ནི་ལུས་གཞན་རྣམས་པར་བཀབ་པས་ནུས་པ་ངེས་པར་གནས་པའོ།
་འཇུག་པ་ཞེས་བྱ་བ་ནི་གནས་ཁང་དུའོ།། འཛེག་པ་ཞེས་བྱ་བ་ནི་ཡང་ཐོག་བཞིན་དུ་འཛེག་པའོ།། འཇམ་པ་ཞེས་བྱ་བ་ནི་གནས་བཏང་བ་སྟེ། དཔེར་ན་གཤོང་ནས་ཐང་ལ་འབྱུང་བ་དང་ཐང་ལས་གཤོང་དུ་འབབ་པ་དང་། མངོན
་བར་སྐབས་ཡོད་པ་ནས་ཐིབ་པོར་འཇུག་པ་དང་། ཐིབས་པོ་ནས་མངོན་པར་སྐབས་ཡོད་པར་འགྲོ་བ་དང་། གནས་ཁང་ནས་ཁྱམས་སུ་དང་ཁྱམས་ནས་གནས་ཁང་དུ་དང་། ཡང་ཐེག་ནས་ཡང་ཐོག་གཞན་དུ་འཇོག་པ་དང་། ཡང་ཐོག
་ནས་ཡང་ཐོག་གཞན་དུ་འབབ་པ་དང་། ཁྱམས་ནས་སྒོ་ཁང་དུ་འཇུག་པ་དང་། སྒོ་ཁང་ནས་དང་ར་ཁྱད་ཁྱུད་དུ་འགྲོ་བ་ལ་སོགས་པ་སྟེ། ནུར་བ་ལ་ལ་སོགས་པ་འདི་རྣམས་ཀྱིས་ཕྱི་བཞིན་འབྲང་བ་དང་ནང་བྱན་བྱེད་པ་དག
་མི་སྣང་བར་བྱེད་གྱུར་པ་ཉིད་གང་ཡིན་པ་དེ་བརྐུས་པ་ཡིན་པར་རིག་པར་བྱའོ།། ཇི་ལྟར་ཡང་འགྲོ་བར་བྱ་བ་ཉིད་ལ་གནས་ཁང་དུ་ཞུགས་པ་དང་། ཡང་ཐོག་གཞན་དུ་འཛེག་པ་དང་ཁྱམས་ནས་གནས་ཁང་ལ་སོགས་པ་བྱས
་པ་ཉིད་དམ་མ་མཐོང་བའི་མཐའ་མ་ཉིད་ནི་ཆོམ་རྐུན་པ་ལ་ཞེས་བྱ་བ་བྱས་ནས་སོ།། འདིར་གཞུང་ནི། ཇི་ལྟར་ཡང་མཁན་པོ་དང་སློབ་དཔོན་དག་ལམ་དུ་ཞུགས་པར་གྱུར་པ་དེ་དག་གིས་ལྷན་ཅིག་གནས་པ་དང་ཉེ་གནས་དག
་གིས་ལག་ཏུ་ཆོས་གོས་དག་གཏད་པ་ན་དེ་ལ་དེ་དག་རྐུ་སེམས་ཉོ་བར་གནས་པར་གྱུར་ཅིང་དེ་དག་གོམ་པ་བསྲི་བས་འགྲོ་ཞིང་དལ་བུས་འགྲོ་ན་གོམ་པ་རེ་རེ་ལ་ཉེས་བྱས་སུ་འགྱུར་རོ།། ཇི་སྲིད་དུ་མིག་སྔར་སྣང་བར
་གྱུར་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ།། མིག་སྔར་སྣང་བར་མ་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱའོ།། དེ་རྣམས་ནི་གཤོང་ནས་ཐང་ལ་འབྱུང་བར་བྱེད་པ་དང་། ཐང་ལས་གཤོང་དུ་འཇུག་པར་བྱེད
་པ་དང་། མངོན་པར་སྐབས་ཡོད་པ་ནས་ཐིབས་པོར་འཇུག་པ་དང་། ཐིབས་པོ་ནས་མངོན་པར་སྐབས་ཡོད་པར་འགྲོ་བ་དང་། ཇི་སྲིད་དུ་མིག་སྔར་སྣང་བར་གྱུར་ན་དེ་སྲིད་དུ་སྔ་མ་བཞིན་དུ་ཇི་ལྟར་ཡང་དེ་རྣམས་དང་ལྷན་ཅིག
་གནས་པ་དང་། ཉེ་གནས་དག་ལ་མཁན་པོ་དང་སློབ་དཔོན་རྣམས་ཀྱི་ཆོས་གོས་ངག་ཁུར་བར་བྱེད་པ་དེར་དེ་ལ་རྐུ་སེམས་ཉེ་བར་གནས་པར་གྱུར་ཅིང་། དེ་རྣམས་ཀྱི་བནས་ཁང་ནས་ཁྱམས་སུ་འགྲོ་ཞིང་། ཁྱམས་ནས་གནས
་ཁང་དུ་ཞུགས་པར་བྱེད་པ་དང་། འོག་ཁ་ནས་ཡང་ཐོག་ཏུ་འཛེག་པར་བྱེད་པ་དང་། ཡང་ཐོག་ནས་འོག་ཏུ་འཇུག་པར་བྱེད་པ་དང་། ཁྱམས་ནས་སྒོ་ཁང་དུ་འཇུག་པ་དང་། སྒོ་ཁང་ནས་དང་ར་ཁྱད་ཁྱུད་དུ་འབྱུང་བ་དང་། ཇི
་སྲིད་དུ་མིག་སྔར་སྣང་བར་གྱུར་པ་དེ་སྲིད་དུ་སྔ་མ་བཞིན་དུ་འདིར་གང་ཞིག་ནུར་པ་དང་འབྱངས་པ་དང་འབྱམ་པ་དང་འཇུག་པ་དང་། གནས་གཞན་དུ་འཛེག་པ་ལས་གཞན
་འབྱམ་པ་དང་ཞེས་བྱ་བ་གསུངས་པ་ཡིན་ནོ།། རྐུ་བར་བྱེད་ཅེས་བྱ་བ་འདིར་རྐུ་བ་ནི་ཉེ་བར་རྐུ་བའོ།། གྲུ་ནི་སྐམ་ས་དང་ཡུར་པོ་ཆེ་དང་ཆུ་འངལ་བདག་གིས་ཞེས་བྱ་བ་ནི་གྲུ་ནི་སྐམ་ལ་སོགས་པ་རྣམས་ཀྱིས་རྐུ་བ་ལ
་མི་སྣང་བ་ཉིད་ནི་རྐུ་བ་སྟེ། རྣམ་པར་མི་གནས་པའི་རྒྱུ་བ་རིགས་སུ་འབྱུང་བ་ཉིད་ཀྱིས་ཕྱིར་གྲུ་ལ་འདི་གནས་གཞན་དུ་འཕོ་བ་རྣམ་པར་གནས་པ་ཡིན་ནོ།། འདིར་གྲུ་ནི་དཔེ་ཙམ་སྟེ། སེམས་མེད་པ་ཆུ
་རྒྱུ་བའི་གཟིངས་ལ་ཡང་ཆོ་ག་འདི་ནི་ཤིང་དང་སྣོད་ལ་སོགས་པའི་རང་བཞིན་ཐམས་ཅོད་ལའོ།། རྒྱུན་ཕྱོགས་ཀྱིས་སོ་ཞེས་བྱ་བ་ནི་དེ་ལྟར་ཡང་རྐུ་བ་ལ་མི་སྣང་བ་ཉིད་ནི་འདིར་རྐུ་བའོ།། ཐཱད་ཀར་ཡང་ཕྱི་རོལ
་གྱི་འགྲམ་དུ་མི་སྣང་བར་གྱུར་ནའོ་ཞེས་བྱ་བ་ནི་ཐད་ཀའི་ཕ་རོལ་གྱི་འགྲམ་དེ་མི་སྣང་བར་གྱུར་ན། དེའི་ཚེ་མི་སྣང་བ་འདི་ཉིད་རྐུ་ཡིན་ནོ།། དེ་ལས་གཞན་པ་ཉིད་ལ་ནི་དྭེར་ཕྱིན་ནའོ་ཞེས་བྱ་བ་ནི་ཕོ་རོལ
་གྱི་འགྲམ་དེ་མཽ་སྣང་བ་ཉིད་ལ་ཕ་རོལ་གྱི་འགྲོ་མ་ཐོབ་པ་ནི་བརྐུས་པའོ།། རྐུན་ལས་བཟློག་པ་ལ་ནི་གྲུ་ཚུགས་ལས་འདས་ནའོ་ཞེས་བྱ་བ་ལ། རྒྱུན་ལས་བཟློག་པ་བཏུས་པ་ལ་ནི་གྲུ་ཚུགས་ལས་འདས་པ་ན་བརྐུས
་པའོ།། རྒྱུན་ལ་བཟློག་པའི་ཕྱིར་འདི་ལས་རྒྱུ་བ་ཉིད་ཡོད་པ་མ་ཡིན་ནོ།། གྲུའི་འགྲོ་བའི་རྐྱེན་ལས་བཟློག་པ་ལ་མཐུན་པར་མི་འགྲོ་བའི་ཕྱིར་རོ།། ཐང་ལ་རྒྱུ་བའི་འགྲམ་གྱི་རྣམ་པར་ཡང་དག་པར་རྒྱུ་བ་ཉིད་ནི་མ་ཡིན་ནོ།།
་བས་ན་གནས་གཞན་དུ་འཕོ་བའི་བདག་ཉིད་ཅན་ལ་འདིར་རྐུ་བའི་རྣམ་པར་བཞག་པའོ།། གྲུ་ཚུགས་ལས་གནས་པ་ཉིད་ལའོ།། འདི་ལ་ཡོངས་སུ་འགྲོ་བར་བྱེད་པའི་སྤྱོད་ཡུལ་དུ་མ་གྱུར་པ་ཉིད་ཀྱིས་མ་ལུས་པའི
་གནས་དེ་ཞེས་བྱ་བ་འདི་ཤེས་པའོ།། གྲུ་ཚུགས་པ་མེད་ལ་འདིའི་གནས་བཟུང་བ་ཙམ་ཡིན་ཏེ་ཞེས་བྱ་བ་རྟོགས་པར་བྱའོ།། གཞན་གྱི་ལས་ཀྱི་མཐའ་དགྲ་ལ་ཆུ་བཏོང་བ་འོམ་འགོག་པ་ལ་ནི་རང་གི་ལས་ཀྱི་མཐའ
་གྲུབ་པའི་སྐྱེད་མོ་གཏོག་པ་དེའི་ཆེད་དུ་དེར་འདུན་པས་གཞན་དུ་གྱུར་ནའོ་ཞེས་བྱ་བ་ནི་གཏོང་བ་འམ་འགོག་པ་ལའོ།། དེའི་ཆེད་དུ་ཞེས་བྱ་བ་ནི་རང་གི་ལས་ཀྱི་མཐའ་གྲུབ་པའི་དོན་དུའོ།། སྐྱེད་མ་གཏོགས་པ་ཞེས་བྱ་བ
་ནི་གྲུབ་པའི་ཁྱད་པར་རོ།། སྐྱེད་མ་གཏོགས་པའི་གྲུབ་པ་ནི་རྐུ་བ་ཞེས་བྱ་བའོ།། ཅིའི་ཕྱིར་སྐྱེད་མ་གཏོགས་པ་ཞེས་བྱ་བའི་ཁྱད་པར་བསྟན་པའི་དོན་དུ་ཅིག་ཤོས་ཞེས་བྱ་བ་སྨོས་ཏེ། གྲུབ་པ་ལས་ཅིག་ཤོས་གང
་ཡིན་པའོ།། ཕམ་པ་འདི་ཅི་ཡིན་པ་དང་། ཕམ་པ་འདི་གང་དུ་སྟེ་ཞེས་བྱ་བའི་རྟེན་འདི་ལོ་བརྟོན་པའི་དོན་དུ་གཞན་གྱི་ལས་ཀྱི་མཐའ་ཞེས་བྱ་བ་སྨོས་སོ།། དགོས་པ་ཅི་ལྟ་བུས་གཞན་གྱི་ལས་ཀྱི་མཐའ་ལ་ཕམ་པ་ཡོད
་པ་ལ་རང་གི་ལས་ཀྱི་མཐའ་གྲུབ་པ་རྐུ་བ་ཞེས་བྱ་བ་དེར་འདུན་པས་ཞེས་བྱ་བ་སྨོས་ཏེ། གཞན་གྱི་ཕུང་བར་བྱའོ།། བདག་གི་གྲུབ་པར་བྱའོ་སྙམ་པས་བསམ་པ་འདིས་སོ།། བསམ་པ
་ཙམ་གྱི་ཉིད་ཀྱིས་གཞན་གྱི་ཕུང་བར་ཡོད་པར་གྱུར་པ་དང་རང་ལ་གྲུབ་པ་རྐུ་བ་ཆུ་བཏང་བའམ་འགགས་པ་ལས་བ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་རང་གི་ལས་རྣམས་འཇུག་པ་དགག་པ་ལ་ཆུ་ཡོད་པར་འགྱུར་བ་དང
་གཞན་གྱི་ལས་ཀྱི་མཐའ་རྣམས་ཆུ་གཏོང་བ་ལ་ཆུ་ཡོད་པར་འགྱུར་རོ།། འོན་ཏེ་ཆུ་དཀོན་པར་གྱུར་ན་རང་གི་ལས་ཀྱི་མཐའ་རྣམས་ལ་ཆུ་བཏང་བ་དང་། གཞན་གྱི་ལས་ཀྱི་མཐའ་རྣམས་ལས་འགོག་པར་བྱས་པ
་པ་ལ་གཞན་གྱི་ཕུང་བར་བྱས་པའི་བསམ་པས་བྱེད་ལ། རང་གི་ས་ལས་ཀྱི་མཐའི་གྲུབ་ཅིང་བརྐུས་པ་ཞེས་བྱ་བའི་དོན་ཏོ།། རྒྱུན་ཕྱོགས་སུ་འགྲོ་བ་ལ་ཡང་ཆུ་བཏང་བ་དང་བཀག་པ་འདི་དག་ལས་ཀྱི་མཐར་འགྲོ་བ
་ལ་གཏོགས་པར་བྱའོ།། འདིར་འབྲུ་ཕུན་སུམ་ཆོགས་པ་ལ་རྐུ་བར་གྱུར་པ་ཉིད་དུ་གནས་པའོ།། ཆུ་གཏོང་བར་བྱེད་པ་འམ་རང་གི་ལས་ཀྱི་མཐའ་འགོག་པ་ལ་རྐུ་བ་མི་བྱེད་པར་ཐལ་བ་ཡིན།། རང་འདོད་པ་དང་གཞན
་ལ་ཉམས་པ་མེད་པར་གྱུར་པ་ལ་ཅུང་ཟད་བརྐུས་པར་འགྱུར་བ་མ་ཡིན་ཞེས་བྱ་བ་རྣམ་པར་ངེས་ནས་དེ་ལ་གྲུབ་པ་དང་གཞན་ལ་ཕུང་བ་ཞེས་བྱ་བ་ཡང་གཞན་ཕུང་བ་ལ་ཡང་དག་པར་བརྟེན་པའི་གཞུང་ལ་བརྟེན
་ནས་ཅིག་ཤོས་ཞེས་བྱ་བ་བྱས་ཏེ་ཆང་པའི་སེམས་མེད་པར་བཏུབ་བསྐྱེད་པ་མ་ཡིན་ནོ།། འདི་ཡང་འདི་ལ་ཆད་པ་གང་ཞིག་ཉམས་པ་ཞེས་བྱ་བ་རྣམ་པར་ངེས་ནས་བདག་ལ་གྲུབ་པར་གྱུར་ཅིག། གཞན་ལ་ནི་ཕུང་བར་གྱུར
་ཅིག་ཅེས་བྱ་བ་གཞོན་པར་འདོད་པས་ཚིག་ལ་བརྟེན་ནུས་དེར་འདུན་པོས་ཞེས་བྱ་བ་བྱས།། ཇི་ཙམ་དུ་གཞན་དུ་ལས་གཅོད་པ་དེ་ཙམ་ལས་རྐུ་བ་ཉིད་ཅེས་བྱ་བ་བལྟ་བར་བྱས་ནས་སྐྲོད་མ་གཏོགས་ཞེས་བྱ་བ་བྱས་སོ།།
་གང་ཞིག་གཞན་ཕུང་བ་མི་བསྐྱེད་པའི་ཞིང་གི་ཡོནྟ་ལ་སོགས་པས་བསྒྲུབ་པར་གྱུར་པ་དེ་ལ་རྐུ་བ་ཉིད་མ་ཡིན་པ་གཏོགས་པར་བྱའོ།། རྐུན་པོ་རྣམས་ལ་དེའི་ཆེད་དུ་ལམ་རྒྱུས་གོ་བོར་བྱེད་པ་ལ་ནི་ཤས་ཐོབ་པོར་བྱེད་ནའོ།
་ཞེས་བྱ་བ་ལ། རྐུ་བའི་ལམ་ལ་བརྟེན་པའི་ལོ་རྒྱས་ནི་ལམ་རྒྱས་ཏེ་ལ་མེ་ག་གེ་མོ་ནས་དེར་འགྲོ་བར་བྱའོ།། དེ་ལྟར་འཇུག་པར་བྱ་བ་ཞེས་བྱ་བ་ལ་སོགས་པའོ།། དེའི་ཆེད་དུ་ཞེས་བྱ་བ་ནི་ཤོས་ཐོབ་པར་བྱ་བའི་ཆེད་དུའོ།། རྐུན་པོ
་རྣམས་ལ་ཞེས་བྱ་བ་ནི་ཆོམ་རྐུན་པ་རྣམས་ལ་གལ་ཏེ་རྐུན་པའི་དོན་དུ་ལམ་རྒྱས་གོ་བར་བྱེད་པའི་ལས་བྱས་པ་ལ་དེ་རྣམས་ཀྱི་དྲུང་ནས་ཐོབ་པ་གང་ཡིན་པ་དེ་ནི་ཤས་བརྐུས་པ་ཡིན་ནོ།། འདི་ནི་རྐུན་པོ་ལས་ཤས་ཐོབ
་པར་བྱ་བའི་ཕྱིརརོ། བས་ལེན་པ་ཡིན་ཏེ། རྐུན་པོ་རྣམས་ལས་བརྐུས་པ་སོ་སོར་བཟུང་བ་ཉིད་དོ།། དེའི་ཕྱིར་རྐུན་པོའི་ཚོགས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་བརྐུས་པ་ཉིད་དོ།། བདག་གི་དོན་དུ་ཡང་དེ་ལས་ཆ་ཤས
་བརྐུ་བར་བྱ་བར་འདི་ལ་དེའི་དོན་དུ་རྐུ་བའོ།། ཐོབ་པ་འདི་ལ་བྲན་གྱིས་ལས་དང་འདྲ་བ་ཉིད་དེ་འདིར་ནི་མཉམ་པོར་བྱས་པ་བྱེད་པ་ཉིད་ཀྱིས་དེ་ལ་གཞན་པའི་ཆོམ་རྐུན་བཞིན་དུ་ཆ་ཤས་དང
་ལྡན་པ་ཉིད་ནི་མ་ཡིན་ཏེ། ངེས་པར་སྦྱོར་བ་པོ་ཉིད་དང་གཏོང་བ་པོ་ཉིད་ཀྱི་བློ་ཡང་དག་པར་གནས་པ་ཞེས་བྱ་བ་ཐོབ་པ་ལ་རྐུ་བ་ཉིད་ཤེས་པ་ཡིན་ཏེ། འགྲོ་བའི་དུས་ལ་ནི་མ་ཡིན་ནོ།། ས་གཞི་དང་ཁང་ཁྱིམ་དང་ཡོངས་སུ
་བསྐོར་བས་ནི་མཚམས་འབྱོར་ནའོ་ཞེས་བྱ་བ་ནི་རིབ་མ་དང་རྩིག་པ་ལ་སོགས་པས་ཡོངས་སུ་བསྐོར་བས་ས་གཞི་ལ་སོགས་པ་རྐུ་བ་རིབ་མ་ལ་སོགས་པ་དེ་ལ་མཚམས་འབྱོར་ན་ནི་རྐུ་བའོ།། འདིར་ངེས་པར་དེའི་ཚེ
་ན་ཉེ་བར་བཟུང་བ་ཉིད་ཀྱི་བློ་ལ་ཡང་དག་པར་བསྟན་པ་ལ་དེ་རྣམ་པར་ཤེས་པའོ།། ཤགས་ཀྱི་གལ་ཏེ་འོག་བླའི་གྲར་རྒྱལ་ནའོ།། གལ་ཏེ་འོག་ཟུར་ན་ཕ་རོལ་པོའི་སྦྱོར་བ་ཉིད་བཏིང་ནའོ།། དེ་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ
་ནི་གལ་ཏེ་བླའི་གྲར་ཤགས་ཀྱིས་རྐུ་བ་ལ་རྒྱལ་བ་ནི་བརྐུས་པ་ཡིན་ནོ།། གལ་ཏེ་འོག་ཟུར་ན་ཕ་རོལ་པོའི་སྦྱོར་བ་ཉིད་བཏང་བ་ནི་བརྐུས་པ་ཡིན་ནོ།། རྒྱལ་བ་འདི་ལ་སྦྱོར་བ་ཉིད་ཡོངས་སུ་རྫོགས་པོར་གྱུར་པའི་དངོས་པོ
་ཅན་ལ་ཉེས་པ་སྦོམ་པོའོ།། གཞན་དུ་ཉེས་བྱས་ཞེས་བྱ་བའི་དོན་ཏོ།། ངེས་པར་འདིར་སོ་སོར་གསལ་པོ་ཉིད་ལ་གཞན་ལ་གྲུབ་པའི་བློ་ཡང་དག་པར་གནས་པ་ཡིན་ནོ།། བླའི་གྲལ་དུ་གཞན་ལ་གསལ་བ་ཉིད་ཡོད
་ཀྱང་མངའ་བདག་ཉིད་ཀྱི་ཕྱིར་རྒྱལ་པོ་རྟེན་གྱི་མ་ངེས་པ་ནི་མ་ཡིན་ནོ།། གྲུབ་པའི་བློ་ཡང་དག་པར་གནས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཡིན་ནོ།། ཤོ་གམ་གྱི་ས་ལས་འདས་ན་ཞེས་བྱ་བ་སྨོས་པ་དེར་ཤོ་གམ་གྱི་བརྐུས
་པ་ཉིད་དུ་བརྗོད་དེ་ཤོ་གམ་གྱི་བྱ་བ་ཉིད་ལ་བརྟན་པ་སྐྱེ་བ་དང་བཅས་པ་ལྟུང་བ་དང་ལྟུང་བ་མ་ཡིན་པའི་ཚིག་རྣམས་གང་ཡིན་པ་དེ་རྣམས་ནི་རྣམ་པར་འབྱེད་པ་ལས་བསྡུ་བར་བྱ་སྟེ། རྐུ་སེམས་མེད་པ་ལ་ཤོ་གམ་དུ་གཏོགས
་པའི་ཉེས་པ་འབྱུང་བར་དོགས་པར་མི་བྱའོ་ཞེས་བྱ་བ་ནི་ཡོངས་སུ་སྤང་བ་མ་ཐོབ་པོའི་དགེ་སློང་རྣམས་ཀྱིས་ཚོང་པ་རྣམས་ལ་ཤོ་གམ་དུ་གཏོགས་པ་ལས་འདས་པར་བྱ་བའི་ཕྱིར་སྦྱིན་པ་གང་ཡིན་པ་དེར་ཚོང་པ་རྣམས་འདིར
་རྐུ་བར་བྱེད་པ་ཉིད་མ་ཡིན་ཏེ་ཤོ་གམ་པོའི་སེམས་བཟུང་བར་བྱས་པའི་ཚོང་པ་དེ་རྣམས་ལས་འདས་པའི་ཕྱིར་རོ།། གང་གི་ཕྱིར་དགེ་སློང་རྣམས་ལ་བརྐུས་པ་ཉིད་དུ་མི་འགྱུར་བ་དེའི་ཕྱིར་ལྟུང་བ་མེད་པའི་ཚིག་རིགས་པར
་ཡིན་ནོ།། གང་ཞིག་ཡོངསུ་སྦྱང་བ་མ་ཐོབ་པའི་དགེ་སློང་གིས་དགེ་སློང་གཞན་ལ་འདའ་བའི་ཕྱིར་སྣོད་སྦྱིན་པ་དེར་ཡང་དགེ་སློང་འདི་ཡིན་ཏེ། འདི་ནི་དེ་ལྟར་འདའ་བར་གྱུར་པ་མ་ཡིན་ཏེ། ཇི་ལྟར་འདི་ལ་རྐུ་བ་ཉིད་འབྱུང་བར་འགྱུར
་ཞེས་བྱ་བ་ལྟུང་བ་མ་ཡིན་པའི་རིགས་པར་གྱུར་པ་ཉིད་དེ་ངེས་པར་འདིར་འདིའི་བློ་ཞེས་བྱ་བ་རྐུ་བ་ཉིད་མེད་པའི་ཕྱིར་རོ།། གང་ཞིག་ཞིག་སྤོང་བ་ཐོབ་པ་རྣམས་ཚོང་པ་རྣམས་དང་འབྲེལ་བ་ལས་འདའ་བར་བྱེད་པ་དེར་འདི་རྣམས་ལ
་གཞན་གྱི་དོན་དུ་བརྐུས་པའི་ཉིད་ཡོད་པ་དེར་རང་གི་སྤོང་བ་ཐོབ་པ་འདི་ཞེས་བྱ་བ་རྣམ་པར་བཞག་པའི་ཕྱིར་རོ།། དེ་ལ་འདི་རྣམས་ལ་གང་ཞིག་ལྟུང་བ་མེད་པར་བརྗོད་པ་དེར་དུ
་སེམས་མེད་པར་རྒྱུ་རྣམ་པར་གནས་པ་ཡིན་ཏེ། འདི་ལ་འདི་བསྡུས་པའོ།། འདྲི་ནི་བདག་ཅག་ལ་གཞན་གྱི་སྤོང་བའི་མ་ཤེས་པས་འདི་རྣམས་ལ་རྐུ་སེམས་ཀྱི་སྐབས་མ་གྱུར་ཅིག་ཅེས་བྱ་བ་འདིར་རིག་པར་བྱའོ།། གང
་གིས་བླངས་པ་ཉིད་ཀྱིས་སྣོད་ལས་སྦྱིན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གང་གིས་བླངས་པ་ནི་གང་གི་བླངས་པ་སྟེ། དེའི་དངོས་པོ་ནི་གང་གིས་བླངས་པ་སྣ་ཉིད་དོ།། གང་གིས་དངོས་པོ་བཟུང་བ་ཤེ་གམ་དེ་ལ་སྦྱིན་པ
་ཉིད་དོ།། གང་ཞིག་འདིར་འདའ་བར་བྱེད་པ་གཉིས་ནི་སྐྱོན་མེད་པ་དང་ལྡན་པ་གང་གིས་དངོས་པོ་བླངས་པ་དེ་ཤོ་གཱམ་སྦྱིན་པ་ཉིད་དུ་གྱུར་པ་ལ། འདི་གཉིས་ལ་སྐྱོན་མེད་པ་ཉིད་དུ་རིགས་པ་ཡིན་ཏེ་ཞེས་བྱ་བ་འདི་ཤེས་པའོ།།
་གནང་བ་ལས་གཞན་གྱིས་བཟླས་ནི་མ་རྐུས་པ་ཡིན་ཞེས་བྱ་བ་ལ། གླེ་ནང་པ་ནི་སྤང་བ་ཐོབ་པའོ།། དེ་ལ་གཞན་གྱི་ནོར་པ་དེ་བྱས་པའི་འདའ་བར་བྱེད་པ་གང་ཡིན་པ་འདི་ནི་དེའི་ཆའི་ཕྱིར་མ་བརྐུས་པ་ཡིན་ནོ།། གང
་ཞིག་འདི་ཤོ་གམ་མ་བྱིན་པ་ཞེས་བྱ་བ་སྤང་བ་སྦྱིན་པ་རང་གི་ཚེ་སོ་སོར་ཐོབ་པ་སྟེ་གཞན་གྱི་ནི་མ་ཡིན་ནོ།། དེ་བས་སྐྱོན་འདི་འབྱུང་བ་སྟེ། ཚོང་པ་དང་འབྲེལ་བའི་འདའ་བར་བྱེད་པ་གང་ཡིན་པའོ།། སླར་དགེ་སློང་གིས
་ས་ལ་རྙེད་པའི་ཤོ་གམ་འདའ་བར་བྱེད་པ་དགེ་སློང་གིས་ས་ལ་རྙེད་པའི་ཤོ་གམ་འདའ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བརྗོད་པ་ལ་བསྡུ་བ་ནི་འདི་ཡིན་ནོ།། དངོས་པོ་ཇི་ལྟར་ལྟུང་བ་ལ་འགལ་ཚབས་ཅན་ཞེས
་གསུངས་པའི་ཚིག་ཀྱང་གཞི་ཇི་ལྟ་བ་ལས་འབྱུང་བ་ཡིན་གྱི་ཉེས་བྱས་ཉིད་ནི་མ་ཡིན་ནོ།། འདི་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་གྱིས་ཞུས་པ་ལས་འདིར་སྦོམ་པོའི་ལྟུང་བ་ལ་བརྗོད་པའི་ཕྱིར་རོ།། བཙུན་པ་རེ་ཞིག་ཚོ
་པ་རྣམས་ཤོ་གམ་ལ་ཉེ་བར་བརྟེན་པའི་དངོས་པོ་ནི་ས་ལ་ཡང་དག་པར་རྙེད་པར་འགྱུར་ཏེ། དགེ་སློང་ལ་ཚོང་པས་འདི་སྐད་ཅེས་སྨྲས་ཏེ། འཕགས་པ་བྱིན་ཅིག་ཤོ་གམ་གྱི་ས་ལས་འདའ་བར་བྱས་ནས་དགེ
་སློང་གི་དེ་ལས་འདའ་བར་བྱེད་ན་ཤོ་གམ་འཇོམས་པ་སྟེ། དེ་ལ་མ་ཤཾ་ཀ་ལྔའི་ན་པང་ལུ་པར་འགྱུར་ཏེ་ཁྱོས་བྱུང་བ་ལ་ལྟུང་བར་དུ་མ་ཀྱ་འི།། སླང་ཚ་གེ་སློང་གི་དབང་དུ་མཛད་ནས་འདི་གསུངས་པ་རྣམ་པར་གནས་པ་ཡིན་ཏེ། གཞན
་བྱིས་རིགས་པ་ཤོ་གམ་པ་རྣམས་ཀྱིས་འདའ་བར་བྱ་བའི་ཕྱིར་མི་ནུས་པ་ཉིད་ཀྱིས་རྐུ་བ་ཉིད་ཚོང་པ་རྣམས་ཉིད་ལ་ཤིན་ཏུ་བྱ་སླ་བ་ཉིད་ཀྱི་ཕྱིར་རོ།། རང་གི་བྱ་བ་མ་ཡིན་པའི་དབང་དུ་བྱས་ནས་སྦོམ་པོ་འདི་བརྗོད་པར
་རིག་པར་བྱའོ།། མ་གནང་བས་གཞན་གྱིས་འདའ་བར་མི་བྱའོ།། ཞེས་བྱ་བ་ནི་ཆོ་ག་ཡང་དག་པར་བྱས་པ་གཞན་གྱི་ཤོ་གམ་རང་གི་ཤོ་གམ་གྱི་བྱ་བ་ལས་འོདའ་བར་བྱ་བ་མ་ཡིན་ནོ།། ཚོང་པ་རྣམས་ཀྱིས་འདའ་བར
་བྱེད་པས་ཀྱང་སླར་དགེ་སློང་གིས་སར་ཕྱིན་པའི་ཤོ་གམ་འདའ་བར་བྱེད་པ་སྟེ། དགེ་སློང་གི་སར་ཕྱིན་པའི་ཤོ་གམ་འདའ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུང
་པ་དེའི་དོན་བསྡུ་བའི་ཕྱིར་མདོ་འདི་བྱས་སོ།། རྐུ་བ་ལ་གནས་པའི་སྐྱོན་གྱིས་སྐྱོན་དང་བྲལ་བ་ཉིད་དུ་གྱུར་པ་ལ་འདི་ཡིན་ཏེ། དེ་བས་ན་བསླབ་པ་གཞན་ལ་འདི་རབ་ཏུ་བཏགས་པ་ཉིད་དོ།། རབ་ཏུ་བཏགས་པ་འདི་ན་སླར
་ཅིའི་ཕྱིར་ཞེ་ན། རྐུ་བོའི་རྣམ་པ་ཉིད་ཀྱི་འདི་འཇིག་རྟེན་ན་ཁ་ཟེར་བར་འགྱུར་བའི་སྟོན་ཉིད་ཀྱིས་གཞན་གྱིས་ཡང་གཞན་གྱིས་འདའ་བར་བྱ་བ་མ་ཡིན་ཞེས་བྱ་བ་འདིའི་རྗེས་སུ་འབྲངས་པས་རྟོགས་པར་བྱའོ།། མཚོར
་བར་འདའ་བར་བྱེད་པ་མི་གྲུབ་པར་བྱ་བའི་ཕྱིར་མི་འབད་པར་མི་བྱའོ་ཞེས་བྱ་བ་ནི་འདོའ་བར་བྱ་བ་གྲུབ་པ་ཉིད་ཀྱིས་དེ་ནི་གཞན་གྱིས་སམ། གཞན་གྱི་ཡང་དག་པར་རིག་པ་ལ་འདའ་བར་བྱེད་པ་སེར་སྣ་ལ་སོགས་པ་ཞེས་བྱ།
་པ་འདིའི་དོན་དུ་མི་འབད་པར་མི་བྱའོ།། འདི་ལྟར་འདའ་བར་བྱེད་པ་ལ་རྐུ་བོའི་རྣམ་པ་ཉིད་དང་། སྐྱོན་ཉིད་ཀྱིས་སྲིད་པའི་སྐབས་ཡོད་པ་ཡིན་ཏེ། ཞེས་བྱ་བ་འདི་རྣམས་ནི་བཏགས་པའོ།། ཇི་ལྟར་ཡང་མི་འབད་པར་མི་བྱ་ཞོ་ན།།
་དེའི་ཕྱིར་བསྲུངས་མ་དགེ་སློང་དུ་མ་གཞག་པར་བྱའོ་ཞེས་བྱ་བ་སྨོས་སོ།། བསྲུངས་མ་ཇི་ལྟ་བུ་ཞེ་ན། དགེ་སློང་ཞེས་བྱ་བ་སྨོས་སོ།། གྲངས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དུ་མ་ཞེས་བྱ་བ་སྨོས་ཏེ། གཉིས་ཡན་ཆད་ནས་བརྩམ་ཏེ
་བསྲུང་བའི་ཕྱིར་ཇི་སྙེད་ཀྱིས་དོན་གྲུབ་པ་དེ་སྙེད་བཞག་གོ་ཞེས་བྱ་བའི་དོན་ཏོ།། དེའི་ཟན་བསྐུལ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་སྲུང་བར་བྱེད་པ་དེའི་ཟན་ནི་དེའི་ཟན་ཏེ་དེའིའོ།། དེའི་བསྐྱལ་བར་བྱ་བ་ཉིད་དེ་དེ་འདི་ནི་ངེས་པ་མ་ཡིན་ནོ།།
་དེས་ནཱ་འདིར་འཇུག་པ་གང་ཡིན་པ་དེ་ལ་རྟོག་པ་ཉིད་མ་ཡིན་པ་ཤེས་པར་བྱ་ཞེས་བྱ་བའི་དོན་དུ་འདི་བརྗོད་པའོ།། དེས་བཟློག་པར་བྱའོ་ཞེས་བྱ་བ་ནི་བསྲུང་བའི་དགེ་སློང་བཞག་པོས་སོ།། བཅུག་པ་ཉིད་བརྗོད་པར་བྱའོ་ཞེས
་བྱ་བ་ནི་བསྲུང་བའི་དགེ་སློང་དེས་ཤེས་བྱ་བར་རྗེསུ་འབྲེལ་ཏོ།། གང་རྣམས་ཀྱིས་བཞག་པ་དེ་རྣམས་ལ་ཞེས་བྱ་བ་དོན་གྱིས་གྲུབ་པ་སྟེ་བཞག་པ་ལ་དེའི་དོན་ཉིད་ཀྱིས་ཕྱིར་རོ།། མེད་ན་མཚན་མ་གདབ་པོ་ཞེས་བྱ་བ་ནི་བསྲུངས
་མ་མེད་ན་བསོད་སྙོམས་ལ་སོགས་པ་ལ་ཡང་འགྲོ་བའི་དོན་དུ་འགྲོ་བར་བྱེད་ཅིང་རང་གི་སྣོད་དག་ལ་མཚམ་མི་གདབ་པོར་བྱའོ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ལ་ཤོ་གམ་གཞལ་དགོས་པ་ལ་ལས་མི་ཕྱུང་བ་མི་བཅུག་པར
་བྱ་བའི་ཞེས་བྱ་བའི་དོན་ཏོ།། ཁྱེར་ཏེ་འོངས་པ་ལ་དྲི་བར་བྱའོ་ཞེས་བྱ་བ་ནི་གཞན་གྱིས་གང་ཡང་རུང་བ་ཤོ་གམ་དུ་བྱ་བ་མ་ཡིན་པའི་དངོས་པོ་ལྀ་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པའི་དོན་དུ་ཁྱེར་ཏེ་འོངས་པ་ལ་ཤོ
་གོམ་གཞལ་དགོས་པའི་རྫས་ཅུང་ཟད་མེད་དམ་ཞེས་བྱ་བ་འདི་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ།། གཞན་གྱིས་དོར་པོ་མི་འགྲུབ་ན་རེག་པ་ཉིད་དུ་བྱའོ་ཞེས་བྱ་བ་ནི་གསེར་ལ་སོགས་པོ་རེག་པར་བྱ་བ་མ་ཡིན་པ་ལ་གཞན
་གྱིས་དེའི་གཏུར་བུ་ལ་སོགས་པའི་ནང་དུ་བཅུག་པ་ལ་རང་གིས་རིག་པར་མ་བྱས་ན་དོར་བ་དབྱུང་བར་མི་འགྲུབ་ན་དེའི་ཚེ་དབྱུང་བའི་ཆེད་དུ་རང་ཉིད་ཀྱིས་རེག་པ་ཉིད་དུ་བྱས་ཏེ་དེ་ལ་ནི་ལྟུང་བར
་བྱེད་པ་འགའ་ཞིག་ཏུ་འགྱུར་བ་བག་ཡོངས་སུ་གནང་ངོ་།། མ་ཕུལ་ཡང་ངེས་པ་སྐྱེས་ན་ཕུལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མ་ལ་སོགས་པ་རྣམས་ལ་བདག་གིས་འདི་སྦྱིན་པ་ཞེས་བྱ་བ་གང་ཞིག་འདི་རྫས་ངེས་པར་བྱས་ནས
་བ་མ་ཕུལ་བའི་རྫས་དེ་ལ་ཡང་ཕུལ་བ་ཉིད་བོ་ན་ཤེས་པར་བྱའོ།། གང་ལ་ཕུལ་བ་ཡིན་པ་དེས་མ་བཟུང་བ་ཞེས་བྱ་བ་སྟེ། གང་གི་དེའི་ལག་པ་ལ་དེ་དང་འབྲེལ་པོ་ཉིད་ཤེས་པར་བྱ་བའི་དོན་དང་དེ་དང་འདྲ་བའི་ཤོ་གམ
་གྱི་བྱ་བ་འདའ་བར་བྱེད་པ་ལ་གཞན་གྱི་དོན་དུ་རྐུ་བ་ལ་སྐྱོན་ཏེ་དེ་ལྟུང་བ་ཞེས་བྱ་བའི་དོན་ཏོ།། དེ་དག་གི་རྫུས་གནང་བར་བྱ་བའི་ཕྱིར་ཕ་མའི་བསྔགས་པ་བརྗོད་དོ་ཞེས་བྱ་བ་ལ། ཕ་མ་ཞེས་བྱ་བ་ནི་ཕ་མ་ཞེས་བྱ་བ་ནི་ཕ་མ
་དག་ལའོ།། ཕ་མ་དག་གི་ཆེད་དུ་བཀུར་བའི་རྫས་ནི་ཕ་མ་དག་ལ་བསྔགས་པ་བརྗོད་པར་བྱ་བ་སྟེ། འདིའི་དོན་དུ་ཤོ་གམ་པ་རྣམས་ཀྱི་དྲུང་དུ་འདི་དག་གི་ཡོན་ཏན་བརྗོད་པ་གང་ཡིན་པ་དེ་ནི་བརྗོད་པ་ཙམ་དོན་དུ་གཉེར་བ་ཞེས
་བྱ་བ་ཡོངསུ་བརྟགས་ནས་སྐྱོན་དང་ལྡན་པ་ཤེས་པར་བྱ་བ་ཞེས་བྱ་བའི་དོན་ཏོ།། དཀོན་མཆོག་རྣམས་ཀྱི་ཡང་ངོ་ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་། དགེ་འདུན་རྣམས་ལ་དེ་དག་གི་རྫས་གནང་བར་བྱ་བའི་ཕྱིར་ཡང་དག་པར
་བསྔགས་པ་ཞེས་བྱ་བའི་དོན་ཏོ།། དོན་དུ་གང་ཡང་རུང་བའི་དཀོར་གང་ཡང་རུང་བ་ལས་སྦྱིན་པོར་བླང་བའི་ཆོས་སུ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གང་ཡང་རུང་བའི་རྫས་ལས་སྦྱིན་པོ་བླང་བའི་ཆོས་ཀྱི་ས་སངས་རྒྱས་ལ་སོགས
་པ་རྣམས་ལ་གང་ཡང་རུང་བའི་དོན་དུ་ཤོ་གམ་གྱི་བྱ་བ་གང་ཡིན་པ་དེའི་དོན་དུ་དཀོན་མཆོག་གཞན་གྱི་དོན་དུ་ཤོ་གམོ་སྦྱིན་པ་སྐྱོན་མེད་དོ་ཞེས་བྱ་བའི་དོན་ཏོ།། སྐྱིན་པོ་བླང་པོའི་ཆོས་ཀྱིས་ཞེས་བྱ་བ་དེ་གང་ལས་བཟུང་བ་སླར
་སྦྱིན་པ་ཉིད་དོ།། ཅིའི་ཕྱིར་ཞེ་ན། གང་གི་ཆེད་དུ་བཟུང་བ་དེའི་དོན་གྱི་ཤེས་བྱ་བའི་དོན་ཏོ།། ཤོ་གམ་གཞལ་དགོས་པོ་དང་བཙོས་པར་འགྲོ་བར་མི་བྱའོ་ཞེས་འདིར་རྒྱང་གྲགས་ཀྱི་ལམ་དུ་སོང་བ་ལ་བདག་ཉིད་ཅེས་བྱ
་འདིར་ལས་རྒྱང་གྲགས་འདི་ལ་དངོས་གཞི་གྱུར་པའི་ཉེས་བྱས་རྒྱང་གྲགས་ཕྱེད་ཕྱེད་ཅིང་དེའི་སྦྱོར་བར་གྱུར་པའི་ཞེས་བྱ་བ་འདི་རྟོགས་པར་བྱའོ།། འགྲོ་བ་ནི་འདའ་བར་བྱེད་པ་སྟེ། ཤོ་གས་པ་དང་ལྷན་ཅིག་ཏུ་ཐ་སྙད་ལོ་གླག
་ལྟ་བའི་ཕྱིར་བཏགས་པའོ།། མཐུན་པར་བྱེད་པ་དཀའ་བབོ་མ་ཡིན་པར་འགྱུར་བ་ཡང་ཤོ་གམོ་ལ་བརྟེན་པའི་ཐ་སྙད་དེ་དཀའ་བར་གྱུར་པ་ནཱི་ལྟོ་ཅི་སྨོས་ཀྱང་ནི་དགོས་ཏེ། དེ་མ་ཡིན་པ་ཉིད་ལ་ནི་བ་ལང་གི་ལྕི་བ་བཙིར་བས་ཀྱང
་ཁས་བསྒྱུར་བ་དང་། ཁ་ཚར་དང་ཕུན་ཚོར་བཅད་པ་ཡང་ངོ་ཞེས་བྱ་བ་ལ་དེ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་ཤོ་གམ་གཞལ་དགོས་པ་མ་ཡིན་པ་ཉིད་དོ།། རེ་རེ་ཉིད་ཀྱིས་ཀྱང་འདི་དག་ལ་བཅད་པ་དང་ཁ་བསྒྱུར་བ་དག་ལ་ཤོ་ག
་གཞལ་བ་ཉིད་མ་ཡི་ནོ།། དེ་བས་ན་ས་འདི་དག་ལ་ཤོ་གམ་གཞལ་བགོས་པ་མ་ཡིན་པར་རིག་པར་བྱའོ།། མ་མཐོང་བ་ལ་བློ་དེ་མི་འཆག་སོ་ཞེས་བྱ་བ་ནི་འདི་ནི་ཁ་སྦྱར་བ་འམ་ཆད་པ་ཞེས་བྱ་བའི་བློ་ལ་མ་མཐོང་བའི་དངོས་པོ་ལ་དེ་མི་འཆག་སོ།། མཐོང་བ་མེད་པར་འདིར
་ལྟུང་བ་དང་རྟོགས་པའི་ངེས་པ་མེད་པའི་ཕྱོགས་པའོ།། དེའི་དབང་གི་ཤོ་གམ་གཞལ་དགོས་པ་དང་བཅས་པ་ཉིད་ནི་མ་ཡི་ནོ།། མི་འཆགསོ་ཞེས་བྱ་བ་ནི་ལྟུང་བ་མི་ལྡང་བ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་རང་གིས་མིག་གིས་བལྟ་བར་བྱའོ།། མ་བལྟས་ན་འགལ་ཚབས་ཅན་དུ
་འགྱུརརོ་ཞེས་གསུངས་པ་ཡིནོ།། གཞོན་སྤྱོད་པ་བརྟོལ་བར་མི་བྱའོ་ཞེས་བྱ་བ་ནི། རང་གི་འམ་གཞན་གྱི་ཤོ་གམ་གཞལ་དགོས་པའི་རྫས་རིང་ངམ་གཞན་གྱི་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པ་གང་ཡིན་པ་དེ་དགག་པར་མཛད་པ་ཉིད་ཀྱི་ཕྱིར་གཞན་གྱི
་སྤྱོད་པ་བརྟོལ་བར་བྱེད་པ་འདི་ཡང་བཀག་པར་རིག་པར་བྱའོ།། ཡིད་བཅུག་པར་མཱ་ཡིན་པར་ལ་བཅུག་པ་ཉིད་དུ་མི་བྱའོ།། འདི་ལ་གསུམ་ཉིད་དོ།། དེ་ཉིད་ནི་འོག་མ་ལ་གོང་མའོ་ཞེས་བྱ་བ་ལོ། དེ་ཉིད་ཅེས་བྱ་བ་ནི་ཡིད་བཅུག་པ་ཉིད་དོ།། འོག་མོ་ལ་ཞེས་བྱ་བ་ནི
་ཡིད་བཅུག་པའོ།། གོང་མའོ་ཞེས་བྱ་བ་ནི་ཡིད་བཅུག་པ་ཉིད་ལའོ།། ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་ཀྱིས་གོང་མ་དང་། འོག་མ་ཉིད་འདི་ཞེས་བྱ་བའི་རྣམ་པ་འདིས་སྦྱར་བ་ཉིད་ཀྱི་ཕྱིར་རྟོགས་པར་བྱའོ།། ཡིད་བཅུག་པ་མ་ཡིན་པ་ལ་ཡིད་བཅུག་པ་ཉི་དུ་བརྟན
་པར་མི་བྱའོ།། འདི་སྐད་བསྟན་པ་མཛའ་བཤེས་ཐ་མ་ལ་ཡིད་བཅུག་པ་འབྲིང་དང་། ཆེན་པོ་མི་བྱའོ།། འབྲིང་ལ་ནི་ཆེན་པོ་རྟེན་བཞི་པ་ཡིད་བཅུགས་པར་མི་བྱ་བ་རྟེན་པར་འགྱུར་གྱི་ཡིད་བཙུགས་པོར་བྱ་བཱི་མ་ཡིནོ།། གང་ཞིག་གང་ལ་ཡིད་བཅུགས་ནས
་སྣོད་ཡིན་པ་དེ་ནི་དེའི་དོན་ཡིད་བཙུགས་པར་བྱ་བ་མ་ཡིན་ཞེས་བྱ་བ་བྱས་ཏེ་ཞེས་བྱ་བའི་དོན་ཏོ།། སླར་སུ་ཞིག་ལ་ཡིད་བཅུགུས་པར་བྱ་ཞེ་ན། དེའི་ཕྱིར་དེ་ནི་སྡུག་པ་དང་། ལི་འཐད་པ་དང་། བླ་མ་དང་། བསྒྲུབ་པར་འོས་པ་དང་། མཆོད་པར་འོས་པ་དང་། བསྟོད་པར
་འོས་པ་དང་། བླངས་ན་དགའ་བའི་ཞེས་བྱ་བོ་ལ། འདིར་ནི་མཉེས་གཤིན་པ་དང་བཅས་པ་ནི་དགའ་བར་བརྗོ་དོ།། བསྟོད་པར་འོས་པ་ནི་ཡིད་འོང་བའོ།། བླ་མ་ཞེས་བྱ་བ་ནི་སློབ་དཔོན་དང་མཁན་པོའོ།། རྗེ་སུ་བྱེད་པ་སྒྲུབ་པའི་དོན་དུ་དགེ་བའི་བཤེས་གཉེན
་གྱིས་གང་ཞིག་ཉེ་བར་བསྟེན་པ་ལ་གནས་པ་དེ་ནི་སྒྲུབ་པར་འོས་པའོ།། མཆོད་པར་འོས་པ་ཞེས་བྱ་བ་ནི་གང་སྦྱིན་པ་དང་བསྟན་བཀུར་བ་ལ་སོགས་པའི་མཆོད་པར་གང་ཞིག་ལ་དུས་དུས་སུ་བསྙེན་བཀུར་བར་བྱ་བ་དེ་ནི་མཆོད་པར་བྱ་བའོ།། བསྟོད་པར
་འོས་པ་ཞེས་བྱ་བ་ནི་གང་གང་ལ་དུས་དུས་སུ་ཉེ་བར་གནས་ནས་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་ལ་སོགས་པའི་ཡིད་བཟུང་བ་ཉིད་ཀྱིས་ཡིད་དག་པར་མཐོང་བ་དེ་ནི་བསྟོད་པར་བྱ་བའོ།། བླངས་ནས་དགའ་བ་ཞེས་བྱ་བ་ནི་བདགིས་བཟུང་བ
་ལྷ་དགའ་བའི་ཕྱིར་གང་དུ་ཡིད་ཆེས་པ་འདི་སྐྱེས་པའོ།། ལག་པོད་ཀྱི་ལས་ཀྱིས་ལས་བྱུང་ཞིང་བསོད་ནམས་ཀྱི་བློས་ཀྱང་སྟེ་གླ་རྔན་གྱིས་ནི་མ་ཡིནོ།། ཡུལ་གྱི་ངེས་པའི་ཚིག་ནི་འདྲིད་པ་མ་ཡིནོ།། ཞེས་བྱ་བ་ནི་དེ་ལྟར་ཡང་རྣམ་པར་འབྱེད་པ་ལས
་བསྔོས་ཀྱིས་དགེ་སློང་མའི་གནསུ་ཁྱོད་ཀྱིས་ཅི་ཞིག་བྱས་ཞེས་བྱ་བ་གང་བརྗོད་པར་འོ་ཐ་ཚིག་ཅེ་སྨྲས་པ་དང་། གསོལ་པ་བཙུན་པ་འཇིག་རྟེན་ན་ལྟུང་ཞེས་བྱ་བ་གང་ལགས་པའི་ཐ་ཚི་གོ།། བཅྡོཾལྡས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཡུལ་གྱི་དྲེ་བའི
་།། ཚི་གི་སཱ་ལྟུང་བར་མི་འགྱུ་རོ་ཞེས་གསུངས་པ་ཡི་ནོ།། འདི་ལྟར་བརྗོད་པར་གྱུར་པའི་འདི་བསྔལ་དུ་རྟོག་པར་བྱ་བ་འདི་བསྟན་པའོ།། ལྟུང་བ་བླུ་པ་ཡུན་རིང་དུ་མི་བསྲེ་ལོ་ཞེས་བྱ་བ་ནི་དུས་ཇི་སྲིད་ཀྱི་སྨན་འདི་བཅ་བ་སོ་སྙམ་དུ་དོགས་པ་སྐྱེ་བའི་དུས་དེ་སྲིད
་ན་འདིར་ཡུན་ཤིན་ཏུ་རིང་བ་ཉི་དུ་བྱའོ།། དེ་དགེ་སྐོས་ལ་གཏད་པ་ཉིདདུ་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ལྟུང་བ་བླངས་པ་ལའོ།། དེས་རབ་ཏུ་བྱུང་བ་ཡིན་པར་དོགས་ན་དགེ་འདུན་ལ་བསྟོན་པར་བྱའོ་ཞེས་བྱ་བ་ནི་དགེ་སྐོས་དེ་རབ་ཏུ་བྱུང་བ་ལ་འདི་དང་འབྲེལ་པ་ལ
་ཞེ་བྱ་བ་དོག་པ་འདི་ཡོད་པ་ལ་དེའི་ཚེ་རྫས་དེའི་བདག་པོ་ངེས་པར་ཤྲཱི་བྱ་བའི་ཕྱིར་དགེ་འདུན་ལ་བསྟན་པར་བྱའོ།། བདག་པོ་མ་བྱུང་ན་གཟར་ཐག་པ་ཏཱ་ཌ་ཏེ་བཞ་གོ་ཞེས་བྱ་བ་ནི་གལྟ་དེ་ལྟར་ན་དེ་ཉེ་བར་བསྟོན་པ་ལ་བ་ཏུ་བྱུང་བའི་གཞན་འགའ་ཞིག་བདག་པོ་བྱུང་སྟེ། འདི་ནི་བདག
་ཡིན་ཐེ་བ་བབདག་ཉིད་ཉེ་བར་བསྟན་པར་བྱེད་བ་དེའི་ཚད་ནི་རྫས་དེ་གཟུར་གགཱ་ལཱཙྪ་བར་བཏཱན་པ་ཉིད་བྱེདི་ལ་གཽས་ན་མྱ་གན་སག་དྷཱ་བྱཱ་བླན་ག་འཕག་སྟེ་ཀ་པ་ལ་སོགས་པ་ལ་བཅིངས་པ་དགེ་སློང་བནྡྷ་ད་ལ་གུས་པནྡེ་བྱུང་འདི་འདིར་མངོན་པར་འདོད་པ་ཞེས་བྱ་བ
་ཤུགས་ཀྱིས་གོ་བར་བྱའོ།། ཉོ་བར་བཏགས་པ་ནི་ལྟུང་བའི་དོན་དུ་འམ་སླར་མི་སྟོར་བའི་དོན་དུའམ། མོ་བྱིན་པར་ལེན་པར་ཡང་མི་རིགས་པ་བཟུང་བ་མ་གྲུབ་པའི་དོན་དུའོ།། ནད་པས་མ་གནང་བ་དེ་ལ་སྨན་མི་བླང་ངོ་ཞེས་བྱ།
་བོ་ནི་འདི་ལས་སྨན་ལོང་ཞིག་ཅེས་བྱ་བ་ནད་པས་དེ་ལྟར་གནང་བ་མ་ཐོབ་པ་གང་ཡིན་པ་དེ་ལས་སྨན་དེ་ནད་པའི་ནད་གཡོག་གམ་གཞན་གྱིས་ཀྱང་བླང་བར་མི་བྱའོ།། མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའོ།།
་ཞེས་བྱ་བ་མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བའི་སྐབས་རྣམ་པར་འབྱེད་པ་ལས་བྱུང་བ་རྫོགས་སོ།། །། ཡོངས་སུ་བཟུང་བ་དང་བཅས་པ་གནང་བ་ལས་གཞན་པའི་ཐབས་ཀྱིས་བདག་གིར་མི
་བྱའོ་ཞེས་བྱ་བ་ནི་ཆོམ་རྐུན་དག་གི་འགྲོན་པོ་བཅོམ་པ་དང་། དུར་ཁྲོད་དང་ལྷའི་ཆུའི་རྡོ་སྣོད་དུ་ཞེས་བྱ་བ་ལ་སོགས་པ་ལ་སོང་བ་ཡོངས་སུ་འཛིན་པ་དང་བཅས་པའི་རྫས་དེ་གནང་བ་ལས་གཞན་པའི་ཐབས་ཀྱིས་འདི་ཕྱག
་དར་ཁྲོད་དོ་ཞེས་བཤད་པ་ཡིན་ནོ།། བདག་གིས་བཙུགས་པའི་ལྷའི་ཆུའི་རྡོ་སྣོད་ལ་འབྱོར་པར་གྱུར་བ་ཉིད་ཀྱི་ཕྱིར་བའི་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཐབས་ཀྱིས་བདག་གིར་མི་བྱ་སྟེ། བདག་ཉིད་དུ་བྱ་བ་མ་ཡིན་ཞེས་བྱ།
་བའི་དོན་ཏོ།། བདག་གིར་བྱས་པ་དགུག་པར་མི་བྱའོ།། ཞེས་བྱ་བ་ནི་རང་གི་མེ་ཡིན་པའི་ནོར་རང་གི་མིང་གིས་བྱས་པ་རྐུ་བའམ་བཏང་བ་ལྷག་པར་གནས་པས་བདག་ཏུ་བྱས་པ་གང་ཡིན་པ་དེ་ནི་སོ་སོར་ལེན་པ་དང་འཚོང་པ་དག
་གི་ལས་ཀྱིས་རྙེད་པ་དེར་བདག་ཏུ་བྱས་པ་མ་ཡིན་པ་ཞེས་བྱ་བ་འདི་གནས་པ་ཡིན་ནོ།། དགུག་པར་མི་བྱ་བ་ཞེས་བྱ་བ་འདིས་ཉོ་པ་དགག་པ་མ་ཡིན་པ་དང་མཛའ་བོས་སྦྱིན་དུ་བཅུག་པ་དགག་པ་མ་ཡིན་པ་དང་། བྱིན་ལེན་ལ
་དགག་པ་མ་ཡིན་པའོ།། དེ་བས་ན་སྟབས་ཀྱི་བྱ་བས་ཞེས་བྱ་བ་ཡིད་ཆེས་པ་ཡིན་ནོ།། འདིར་ནི་རང་གི་འདུ་ཤེས་ཀྱིས་འཇུག་པ་ལ་ཆོ་ག་ནི་འདི་ཡིན་ཏེ། ཁ་ན་མ་ཐོ་བ་མེད་པ་ལ་གཞན་དུ་བྱས་པ་ཉིད་ཀྱི་ཕྱིར་རོ།། འདིར་གཞུང་ནི།
་སླར་དགེ་སློང་གིས་བདག་ཏུ་བྱས་པ་དགུག་པར་བྱ་བ་ཡང་མ་ཡིན་ཏེ། དེ་ནི་གང་གིས་ཕྲོགས་པ་དེའི་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། འདིལ་དོན་ན་གང་ཞིག་རྐུ་བ་དེའི་དམ
་ཡིན་པ་དེ་ནི་དེ་ལ་རང་ཉིད་མི་འབྱུང་སྟེ། མི་འདོད་པ་ནི་གཞན་ལ་སྦྱིན་པ་ཞེས་བྱ་བ་རིགས་པ་ཡིན་ཏེ། དེ་བས་ན་འདི་མི་བྱ་བ་ཞེས་བྱ་བའོ།། འདིར་སླར་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་དེ་ནི་ཆོས་བཤད་པས་བླང་བར་བྱའོ་ཞེས་བྱ
་བ་སྨོས་ཏེ། དེ་ནི་ཞེས་བྱ་བ་བརྐུས་པའི་ནོར་རོ།། རིན་ཕྱེད་དུ་ཉེ་བས་ཀྱང་ངོ་ཞེས་བྱ་བ་ནི་བླང་བ་ར་བྱ་ཞེས་བྱ་བར་སྦྱོར་རོ།། ལྷུང་བཟེད་དང་ཆོས་གོས་ནི་རིན་ཆེན་པོས་བླས་ཀྱང་རུང་ངོ་ཞེས་བྱ་བ་ལ་རུང་ངོ་ཞེས་བྱ་བ་ནི་རྙེད་པར
་བྱ་བ་མ་ཡིན་པ་དང་བརྐུས་པ་ལའོ།། བླུས་ཀྱང་ཞེས་བྱ་བ་ནི་རིང་ཐང་ཡོངས་སུ་རྫོགས་པས་ཀྱང་ངོ་ཞེས་བྱ་བའི་དོན་ཏོ།། མི་སྙམ་པ་འབྱུང་བར་འགྱུར་བ་ནི་ཕྱིར་བོར་བའོ།། ཞེས་སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་དུ་མ་བབ་པར
་བསྐུར་བར་མི་བྱའོ་ཞེས་བྱ་བ་ནི་དངོས་པོ་གང་ལས་འདི་ཉིད་ཀྱིས་འདི་བསད་དོ།། འདི་ཉིད་ཀྱིས་འདི་བརྐུས་སོ་ཞེས་བྱ་བ་ལ་སོགས་པ་མཱ~ཾ་སྙན་པ་མ་མཛེས་པ་འབྱུང་བར་འགྱུར་བ་ནི་དེ་བདེན་དུ་བོར་པ་ཉིད་ཡིན་ན་དེ་བདེན་དུ
་བོར་བ་ཉིད་ཡིན་ནོ།། སྐྱེ་བོ་ཕལ་པོ་ཆེ་སུའི་ཡང་མངོན་སུམ་དུ་མ་བབ་པར་བསྐུར་བར་མི་བྱ་བླང་བར་མི་བྱ་ཞེས་བྱ་བའི་དོན་ཏོ།། སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་དུ་དམ་པ་མ་ཡིན་པའི་ཡང་དག་པར་འབྱུང་བ་ལ་སྐབས་མེད་པའོ།།
་འདིར་གཞུང་ནི་བག་གི་མགོ་བཅུད་པ་ཞེས་བྱ་བ་གསུངས་པ་ཡིན་ནོ།། རོའི་རྫས་མི་མ་ཡིན་པས་ཐངས་པ་ཉིད་ནི་ཡོངསུ་མ་བཟུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ན་རའི་རྒྱུད་དུ་གཏོགས་པའི་རྫས་གང་ཡིན་པ་སྟེ་གལ་ཏེ་མུས
་ཡིན་པས་བླངས་པར་གྱུར་ན་དེ་ཡོངསུ་མ་བཟུང་བའོ་སྙམ་དུ་ཤེས་པར་མི་བྱ་སྟེ། དེ་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་བ་ཉིད་ལ་འདི་བརྗོད་པའོ།། རབ་ཏུ་གཏུམ་པ་དེའི་ཕྱིར་བཞིན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ལ། དེའི་ཞེས
་བྱ་བ་ནི་མི་མ་ཡིན་པ་དེས་གནོད་པར་བྱེད་པ་སྤང་བའི་ཕྱིར་རབ་ཏུ་གཏུམ་པ་དེའི་ཕྱི་བཞིན་དུ་འགྲོ་བར་མི་བྱའོ།། ཁས་བུབ་ཏུ་བསྙལ་བ་ལ་རྐང་པའི་མཐའ་ནས་བརྩམས་གཡོག་པར་བྱའོ་ཞེས་བྱ་བ་ལ་བསྙལ་བ་ཞེས་བྱ་བ་ནི་རོ
་ལའོ།། འདི་ཡང་རབ་ཏུ་འགྲོ་བ་ཡོངས་སུ་སྤང་བའི་དོན་དུ་རོ་མ་རྨས་པ་ལ་གོས་བླང་བར་མི་བྱའོ།། རང་གིས་རྨས་པ་དང་རྨས་པར་བྱེད་དུ་གཞུག་པར་མི་བྱའོ་ཞེས་བྱ་བ་ནི་འདིར་རོ་ཞེས་བྱ་བ་མཐའ་གཉིས་ཀཱར་སྦར་རོ།། ཐམས་ཅད
་དུ་བསྟི་གནས་དང་སོ་ཤིང་དང་ཆུ་དང་འདག་རྫས་དང་ལྕི་བ་དང་ས་ཅི་བདེར་བྱའོ།། ཞེས་བྱ་བ་ནི་འདིར་བྱུགས་པ་ལ་སོགས་པའི་དོན་དུ་བ་ལང་གི་ལྕི་བ་བཟུང་བ་ཡིན་ཏེ། འདག་རྫས་སུ་གྱུར་པ་ལ་ནི་མ་ཡིན་ནོ།། འདིར་ནི་གཞུང་ནི
་དགེ་སློང་གང་དུ་བསྟི་བ་དེར་རྣམ་པ་ལྔ་པོ་ཅི་བདེར་བརྗོད་པར་བྱ་སྟེ། སོ་ཤིང་དང་ཆུ་དང་འོདག་རྫས་དང་ལྕི་བ་དང་སའོ་ཞེས་གསུངས་པ་ཡིན་ནོ།། དགེ་སློང་དང་དགེ་ཚུལ་མི་འདོད་བཞིན་དུ་འབྲལ་ས་ཁྲིད་པ་ན་བཟུང་བར
་བྱའོ་ཞེས་བྱ་བ་ལ། འབྲེལ་པས་ཞེས་བྱ་བ་ནི་ཕུ་ནུ་དང་བུ་སྲིང་དང་ཆུང་མ་ལ་སོགས་པས་མི་འདོད་བཞིན་དུ་ཁྲིད་པར་གྱུར་ན་དགེ་སློང་གིས་གཟུང་བར་བྱའོ།། འདིར་གཞུང་ནི།
་དེ་ལ་ལག་པ་གང་ཤོས་ན་ཞེས་དྲིའོ།། གོལ་ཏེ་སྔོན་གྱི་ཆུང་མས་བཟུང་བ་ཤོས་ནིའོ་ཞེས་ཟེར་ན་ནི་ནི་བཏང་དྲོ་གལ་ཏེ་ཁྱོད་ཀྱིས་བཟུང་བ་ཤོས་ནའོ་ཞེས་ཟེར་ན་ནི་བསམ་པ་ལས་ཆུང་མི་འདོད་པོ་འདྲ་བས་ཐོང་ཞིག་ཅེས་གསུང
་པ་ཡིན་ནོ།། ཐམས་ཅད་དུ་མཚན་མ་ཉམས་པ་དང་ཚངས་པར་སྤྱོད་པ་དང་བཅས་པའི་རབ་ཏུ་བྱུང་བ་ལ་འདིའི་བྱ་བ་ཉིད་རིགས་པ་ཡིན་ཏེ། དེ་དེ་བས་ན་དགེ་ཚུལ་གྱི་ཚི་གཱ་བཟུང་བའོ།། །། ཕྲན་ཚེགས
་ཀྱི་སྐབས་སོ།། ། ཀ་ཀ་ནི་བཞི་ལས་མ་ཤ་ཀའོ་ཞེས་བྱ་བ་ལ། ཀྲ་ཀ་ནི་ཞེས་བྱ་བ་ནི་བོ་དྷི་ཀ་སྟཾ། འགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ཡིན་ནོ།། ཀ་ཀ་ནི་བཞི་ལ་ནི་མ་ཤ་ཀཱ་སྟེ། ཚིག་ཉིད་ཉི་ཤུ་སྟྭཾ་ཞེས་བྱ་བ
་འཆད་པར་འགྱུར་བའི་ཚིག་དེའི་རང་གི་ངོ་བོ་བསྟན་པའི་ཕྱིར་མདོ་འདིའོ།། གང་གི་ཕྱིར་འདིར་མཽ་ཤཱ་ཀ་ནི་ཚོགས་ཏེ། དེ་ཡང་དག་པར་བརྗོད་པ་ནི་ཀཪྵ་པཱ་ཎའི་ཆེད་མ་ལུས་པ་ཤེས་པའི་དོན་དུའོ།། དེ་མ་ལུས་པར་ཤེས
་པ་ནི་དེའི་བཞི་ཆ་གཅིག་བརྐུས་པའི་མཐའ་མར་འགྱུར་བ་ཉིད་ཀྱི་ཚད་ཤེས་པར་བྱ་བའི་ཕྱིར། ལྔ་ཉིད་ནི་ཀཪྵ་པ་ཎི་བཞིའི་ཚེའི་དཔེ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་རྣམ་པར་འབྱེད་པའི་མདོ་ལས་མ་ཤ་ཀ་ལྔ་ལ་སོགས་པ
་ཞེས་བྱ་བ་གསུངས་པ་དེ་ནཱི་ཀཪྵཱ་པཱ་ཎརཱི་བཞི་ཆ་གཅིག་གི་དཔེ་ཡིན་པར་རིག་པར་བྱའོ།། ཀཪྵཱ་པ་ཎ་བཞི་ཆ་གཅིག་ཏུ་རྐུན་ཕམ་པ་ཞེས་བྱ་བ་ཉིད་དོ།། དེའི་ཕྱིར་འདི་གནས་གང་དང་དུས་གང་ལ་བརྟེན་ནས་ཞེས་ཤེ་ན། དེའི
་ཕྱིར་གང་ནཱ་དེའི་ཚིགས་ཉིད་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་སོ་ཞེས་བྱ་བ་སྨོས་ཏེ། གནས་དང་དུས་གང་ན་ཀཪྵཱ་པྲ་ཎེ་དེའི་ཚིགས་ཉིད་མ་ཤ་ཀ་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་མ་ཤ་ཀ་ལྔ་ཉིད་ནི་འདིའི་དཔེ་ཡིན་པ་ཞེས
་བྱི་བའི་དོན་ཏོ།། གང་ཞིག་རྐུ་བའི་གནས་དང་དུས་ཀྱི་དེའི་བརྩི་བ་རྣམ་པོར་བཞིག་གོ་ཞེས་བྱ་བ་འཚེད་པར་འགྱུར་པ་ལས་དགར་བར་བྱ་བ་དང་། དུས་དང་གནས་ཀྱི་དགོངས་པ་ཉིད་ཤེས་པར་བྱའོ།། ལྔ་ཉིད་ཞེས་བྱ་བ་ནི
་དཔེ་ཡིན་ཏེ། དེ་བས་ཚིགས་ལ་མ་ཤྲ་ཀའི་དགོངས་པ་ཉིད་དོ།། འོ་ན་ནཱ་ན་ཀ་ཞེས་བྱ་བ་ལ་ཚིགས་འདི་འདོན་པ་ཡིན་ཏེ། ན་ན་ཀ་ཅི་ལྟ་བུ་མ་ཤཱ་ཀ་ལཱའི་བར་དུ་ལྟུང་བར་མི་འགྱུར་ནཱ་ཐ་མའི་བཞི་ཚའི་ཀ་ཀ་ནིས་མ་ཤ་ཀཽ[:]ཚིགས
་ཉི་ཤུ་བའི་ན་ན་ཀསྫ་ཞེས་བྱའོ།། འདིར་ཀཱཪྵ་པུ་ཎ་ཉིད་ན་ན་ཀའི་སྒྲས་གསུངས་པ་འདི་ལྟ་སྟེ། འདོན་པ་གང་ཞིག་ལ་མ་ཤ་ཀཱ་ནི་ན་ནཱ་ཀ་ཉིད་ཀྱིས་འདོན་པ་ཡིན་ཏེ། ཀཪྵ་པ་ཎཾ་ནི་ཚིགས་ཉིད་ཀྱིས་སོ།། ན་ན་ཀ་ཇི་ལྟ་བུས
་བརྐུས་ཤིང་ཀ་ཀ་ནི་བཞི་སོ་ཉེ་བར་སོང་བའི་ཀཪྵ་པ་ཎ་ས་མ་ཤ་ཀ་ལྔ་རྐུ་ཞིང་ཐ་མ་ལ་ལྟུང་བར་འགྱུར་རོ་ཞེས་གསུངས་སོ།། འདིར་ཁ་ཅིག་རྣམས་ཀྱི་འདོན་པ་དེ་ཇི་ལྟར་ཡང་མི་ཤ་ཀ་ལྔ་བརྐུས་ན་ལྟུང་བའི་མཐར་འགྱུ་རོ།། མ་ཤ
་ཀཱ་ཉི་ཤུ་པའི་ན་ན་ཀས་སོ།། ཇི་ལྟ་བུས་ཞེ་ན། ཀ་ཀ་ནཱི་བཞི་ལ་མཱ་ཤ་ཀའོ།། ཀཪྵཱ་པ་ཎ་ཇི་ལྟ་བུས་ཞེ་ནུ། དེའི་བཞི་ཆ་བརྐུ་བར་བྱས་པ་ཞེས་བྱ་བའོ།། འདིར་མ་ཤ་ཀ་ཞེས་བྱ་བ་ཉིད་ཀྱིས་ཚིག
་བརྗོད་དེ་དེ་བས་ན་ཀཱཪྴ་པྲ་ཎིའི་དགོངས་པ་ཉིད་ན་ནཱ་ཀའི་སྒྲ་ལ་དེའི་ཕྱིར་ལྟུང་བའོ།། འོ་ན་དེ་ལྟར་ཡིན་ན་ཀཪྵ་པྲ་ཎ་ཅི་ལྟ་བུ་ཞེས་བྱ་བའི་དྲི་མ་འདི་མི་ལྡང་ངོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། ཅི་ཞིག་རྣམ་པར་བཞག་པས་ཞེས
་བྱ་བ་ཉེ་བར་ཤེས་པ་པོ་མི་ལུས་པ་ཤེས་པའི་དོན་ཉིད་ཀྱི་ཕྱིར་འདི་ལའོ།། དེ་ལྟར་ན་ཡང་བརྐུ་བར་བྱས་པས་ཞེས་བྱ་བས་ཉེ་བར་ཤེས་པ་པོ་ཉིད་ལེ་བརྐུས་པ་ལ་རྒྱལ་པོས་བསྟན་པའོ།། གཞུང་འདི་རྣམས་ལ་མ
་ཀཱི་ཉི་ཤུ་པ་ཉིད་ཀཪྵཱ་པ་ཎ་གྲང་ལ་གསུངས་པའོ།། ཀཪྵ་པཱ་ཎ་ཅི་ལྟ་བུས་མ་ཤ་ཀ་ལྔ་བརྐུས་ན་ལྟུང་བ་ཐ་མར་འགྱུར་རོ།། ཞེས་བྱ་བའི་དོན་འདི་ལ་གཙོ་བོ་མ་ཡིན་པར་འགྱུར་བ་ཉིད་དོ།། དེ་བས་ན་འདིར་ལ་ཉིད་ནི་དཔེ
་ཡིན་ཏེ། ཀཪྵཱ་པ་ཎའི་བཞི་ཆ་ཞེས་བྱ་བ་འདི་རྙེད་པའོ།། དེ་ལྟར་ཡང་གཏམ་གྱི་གཞིའི་སྐབས་ནས་ཤིན་ཏུ་གསལ་བར་འདི་གསུངས་པ་ཡིན་ཏེ། བཙུན་པ་མ་ཤ་ཀ་གསུམ་བརྐུས་ན་ཕམ་པའི་ལྟུང་བར་འགྱུར་བ་མཆིས
་སམ། བཀའི་སྩལ་པ། ཡོད་དེ་གང་ན་མ་ཤ་ཀི་བཅུ་གཉིས་ལཾ་ཀཪྵ་པ་ཎ་གཅིག་ཏུ་གྱུར་པ་ནའོ།། མ་ཤ་ཀ་ལྔ་ལས་ལྷག་པར་བརྐུས་ན་ཕམ་པའི་ལྟུང་བར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ་གང་ན་མ་ཤ
་ཀ་བཞི་བཅུ་ལ་ཀཪྵ་པྲ་ཎ་གཅིག་ཏུ་འགྱུར་ནའོ།། ཞེས་གསུངས་པ་ཡིན་ཏེ། དེར་ནི་མ་ཤྭ་ཀཱ་བཅུ་བརྐུས་ན་ཕམ་པར་འགྱུར་བར་དགོངསོ།། དེང་སང་ནི་འདིར་ཀཪྵཱ་པ་ཎ་གཅིག་ནི་པ་ཎ་བཅུ་དྲུག་གིས་ཏེ། དེང་སང་ནི་འད
་པ་ཎ་བཞི་བརྐུས་ན་ཕམ་པར་འགྱུར་བར་རིག་པར་བྱའོ།། རྐུ་བའི་གནས་དང་དུས་ཀྱིས་དེའི་བརྩི་བ་རྣམ་པར་བཞག་གོ་ཞེས་བྱ་བ་ནི་རྐུ་བའི་གནས་དང་རྐུ་བའི་དུས་ཀྱི་རིན་ཐང་བརྩི་བ་གང་ཡིན་པས་ཀཪྵ་པཱ་ཎ་དེའི་རིན་ཐང་མ
་ཀ་བཅུ་གཉིས་ལ་ཀཪྵ་པཱ་ཎ་གཅིག་གམ་མ་ཤཱ་ཀ་བཅུ་དྲུག་གམ་མ་ཤ་ཀ་ཉྫི་ཤུ་འམ། མ་ཤ་ཀ་བཞི་བཅུ་འམ་དེ་ལ་སོགས་པའི་རིན་ཐང་བརྩི་བ་དེས་བརྩིས་པའི་ཀཪྵ་པ་ཎའི་བཞི་ཆ་གཅིག་བརྐུས་ན་ཕམ་པར་འགྱུར་བར་ཤེས
་པར་བྱའི། ཡུལ་གཞན་དང་དུས་གཞན་དང་གླིང་གཞན་གྱི་རིན་ཐང་བརྩི་བ་དེས་ཡུལ་དང་དུས་དང་གླིང་གཞན་དུ་བརྩི་བ་ནི་མ་ཡིན་ནོ།། ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་པར་མི་ནུས་པ་ནི་རབ་ཀྱི་མཐར་ཕྱིན་པ་ཉིད་དོ་ཞེས་བྱ་བ
་ནི་རྡོ་རྗེ་ཕ་ལམ་ལ་སོགས་པ་རིན་པོ་ཆེ་གང་ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ནུས་པ་དེ་ནི་རབ་ཀྱི་མཐར་ཕྱིན་པ་ཉིད་ཡིན་ཏེ། རྫས་དེ་ལ་རིག་པར་བྱའོ།། མ་ཤ་ཀ་ལ་སོགས་པའི་རིན་ཐང་བཟློག་པར་མི་གུས་པོ་ཉིད་ཀྱི་ཕྱིར་འདིར་ཕམ
་པར་འབྱུང་བར་བྱ་བ་མ་ཡིན་ཞེས་བྱ་བ་གང་ཞིག་བསམ་པ་དེའི་འདོད་པ་བཟློག་པའི་དོན་དུ་མདོ་འདི་གསུངས་སོ།། ཕམ་པ་ནི་འདི་བརྐུ་བ་ཞེས་བྱ་བ་དགུག་པའི་དོན་ཏོ།། ཆུང་བ་ཉིད་ཀྱིས་དེར་མི་མཆག་པ་ནི་ཁོངསུ་མ་གཏོགས་པ
་ཉིད་མ་ཡིན་ནོ།། ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་རིན་ཐང་གདབ་མི་ནུས་པ་ལ་སྟེ། གང་ཞིག་ལ་ཆུང་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ཆོག་པ་སྟེ། གང་ཞིག་མི་ཆོག་པ་ཉིད་ནི་ཁོངསུ་མ་བསྡུས
་པ་ཉིད་མ་ཡིན་ཏེ། དེར་སྦོམ་པོའི་ལྟུང་བ་ཉིད་ཞེས་བྱ་བའི་དོན་ཏོ།། དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ནི་གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་ཡིན་ནོ་ཞེས་བྱ་བ་ལ། གཞལ་དུ་མེད་པ་ནི་མི་ནུས་པ་སྟེ། རབ་ཀྱི་མཐར་ཕྱིན་པ་ཉིད་ཡི་ན
་པའི་ཕྱིར་རོ་འདི་ཙམ་ཞེས་བྱ་བ་དགདུ་ཞིག་གཞལ་བར་མི་ནུས་པའི་རིན་པོ་ཆུ་དེ་ནི་གཞལ་དུ་མེད་པ་སྟེ། སངས་རྒྱས་ཀྱི་སྐུ་གདུང་དེ་ཉིད་ལ་ཞེས་བྱ་བའི་དོན་ཏོ།། དཔེར་ན་ནོར་བུའི་བདག་ཉིད་གཞལ་དུ་མེད་པའི་རིན་པོ་ཆེ་མིའི
་རྒྱུད་ཀྱིས་ཡོངསུ་བཟུང་བ་ཞིག་རྐུ་སསཾ་ཀྱིས་རྐུ་ན། གལ་ཏེ་དོན་ཇི་ལྟ་བ་བཞིན་དུ་འདི་ལྟ་དེའི་རིན་ཐང་རྣམ་པར་གནས་པ་ཡིན་ན་ནི་དེའི་ཚེ་ཕམ་པར་འགྱུར་རོ།། གལ་ཏེ་དེའི་རིན་ཐང་དེ་བཞིན་དུ་གནས་པ་མ་ཡིན་ལྟུང་བ
་མ་ཡིན་ནོ།། དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་གདུང་ལ་ཞེས་བྱ་བ་དྲི་ལ་འདི་བྱེད་པའོ།། དེའི་གནས་ལ་ལུགས་སུ་གྱུར་པའི་དུས་དེ་ལ་གང་ཞིག་རྣམ་པར་བཞག་པ་དེས་འདིར་ལྟུང་བ་བསྐྱེད་པར་རིག་པར་བྱའོ།། གང་ཞིག་གང་ཟག
་འགའ་ཞིག་ལ་གཅིག་གམ་དུ་མ་ལ་དོར་བྱེད་པ་ཉིད་ཀྱིས་འདིའི་རིན་ཐང་རྣམ་པར་བཞག་པ་འདི་ལ་བཟུང་བ་ཉིད་དམ་ཞེས་བྱ་བ་དོར་བྱས་ནས་དེ་ལྟར་བྱ་སྟེ། རིན་ཐང་ཆེན་པོ་ལ་སྙིང་པོ་དང་ལྡན་པ་ཉིད་དུ་ཤེས་ནས་ཀྱང་གནས
་གང་ལ་དོར་བྱེད་ནས་པ་ཉིད་ཀྱིས་ཐམས་ཅད་ཀྱིས་རཱིན་ཐང་ཆུང་བ་ཉིད་དུ་རྣམ་པར་བཞག་པ་དེ་ལ་ཡིན་འཇིག་རྟེན་པའི་རིན་ཐང་ཉིད་ལྟུང་བ་བྱེད་པ་ཉིད་དོ།། མཆོད་པའི་དོན་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་འདིར་བདག་ཏུ
་བྱ་བའི་བློས་ནི་མ་ཡིན་ལ་གཞན་གྱི་བློས་ཀྱང་མ་ཡིན་ལ་དེ་བས་ན་ཉེས་བྱས་བསྐྱེད་པ་སྟེ། ཕམ་པ་ཡང་མཱ་ཡིན་ལ་སྦོམ་པོ་ཡང་མ་ཡིན་ནོ།། འདིར་གཞུང་ནི་ཇི་སྟེ་མཆོད་པའི་དོན་དུ་འདི་བདག་གི་སྟོན་པའོ།། བདག
་གིས་འདི་ལ་བཀུར་སྟི་བྱའོ་སྙམ་དུ་རྐུ་བར་བྱེད་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། དཔེ་བྲི་བ་ལ་ནི་ཉེས་པ་མེད་པ་ཉིད་ཡིན་ནོ།། ཞེས་བྱ་བ་ནི་གང་ཞིག་མཐོང་ནས་གཞན་དུ་འབྲི་བ་ནི་དེའི་ཡི་གེ་ལ
་སོགས་པ་འབྲི་བར་བྱ་སྟེ། ཡི་གེ་ལ་སོགས་པའི་མཚན་མ་དེ་བརྐུས་པས་བླངས་པ་ལ་སྐྱོན་མེད་པ་ཉིད་དེ་ལྟུང་བ་མི་བྱེད་པ་ཉིད་དོ།། གཞན་དུ་འབྲི་བ་མཐོང་ནས་འདི་ལ་བཟུང་བའོ།། འདིར་ནི་ཅུང་ཟད་གཞན་ལ་ཆད
་པར་འགྱུར་བ་མ་ཡིན་ཏེ། བྲི་བའི་སྣོད་བརྐུས་པ་ལ་ནི་རིན་ཐང་ཇི་ལྟ་བར་ལྟུང་བའོ།། བཤིག་སྟེ་རྐུ་བ་ལ་ནི་དེའི་གནས་སྐབས་རྐུ་བའི་དངོས་པོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གསེར་ལ་སོགས་པའི་རྫས་གང་ཞིག་བཤིག
་སྟེ་རྐུ་བ་ལ་ནི་བཤིག་པ་དེའི་གནས་སྐབས་རྐུ་བའི་དངོས་པོ་ཉིད་དོ།། དེའི་གནས་སྐབས་ཞེས་བྱེ་བ་འདི་ལ་རྐུ་བའི་བདག་ཉིད་ཅན་གྱི་སྦྱོར་བ་བདུན་དུ་ངེས་སྦྱོར་བ་དང་བྲལ་བར་གྱུར་པ་ཞེས་བྱ་བའི་དོན་ཏོ།། འཇིག་པ་ལ
་ནི་སྒོམ་པ་སྟེ། འཇིག་པའི་རྣམ་པར་འགྱུར་བའི་གནས་སྐབས་ལ་རིན་ཐང་གང་ཡིན་པ་དེའི་དབང་གིས་ལྟུང་བ་ཞེས་བྱ་བ་དེ་ལ་འདི་བརྗོད་པའོ།། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་མི
་རྣམས་ཀྱིས་རིན་པོ་ཆེའམ་རིན་པོ་ཆེར་སྨྲས་པའམ་གསེར་བཤིག་སྟེ་རྐུ་ནི་ལྟུང་བ་ཅིར་གྱུར། བཀའ་སྩལ་པ། རིན་ཐང་བཛྲཱི་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་དང་གནས་སྐ་སྡེ་ཅན་ཉིད་ལེ་རིན་ཐང
་བར་བྱའོ་ཞེས་བྱ་བ་གསུངས་པའི་ཕྱིར་དོནི་འདི་མངོན་པར་འདོད་ཅེས་བྱ་བ་འདི་ལྟར་དོན་བྱསོ།། བྱང་གི་སྒྲ་མི་སྦྱིན་ན་ནི་ཡོངསུ་འཛིན་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་ཡོངས་སྨྲ་འཛིན་པ་མེད་པའི་དངོས་པོ་ནི་རང་གི་བཞིན་དུ་བལྟ་བར་བྱའོ།།
་དོ་ནི་རང་གི་དང་འདྲརོ་ཞེས་བྱ་བ་ནི་ཇི་ལྟར་རང་གི་རྫས་དུ་སེམས་ཀྱིས་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་བ་བཞིན་དུ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། ཞུ་བའི་སྐབས་འདིས་དངོས་པོའི་སྐབས་དང་། བདག་བའི་སྐབས་དང
་རྗེས་སུ་སྒྲུབ་པའི་སྐབས་དང་། མཐར་ཐུག་པའི་སྐབས་ཞེས་བྱ་བའི་རྣམ་པ་བཞི་བསྡུས་པ་དེ་རྣམས་ལས་དེ་ཡམ་ཆང་དུ་དངོས་པོའི་སྐབས་བཤད་ཟིན་ཏོ།། ད་ནི་བདག་པ་བདག་པོའི་སྐབས་བརྗོད་པར་བྱ་སྟེ། དེའི་དུས་ན་བདག་ཉིད
་མཽང་ངན་པོ་གང་རྡོ་ནས9། ངོའི་དུས་ཀྱི་ཞེས་བྱ་བ་ནི་རྐུ་བའི་དུས་ཀྱིའི།། མཆོད་རྟེན་ལས་བརྐུས་པ་ཡང་མོའི་རྒྱུང་གྱི་ཡོངས་སུ་བཟུང་བ་མེད་པའི་ཕྱིར་ཡན་ལག་མ་ཡིན་པ་ཉིད་ལ་དངོས་པོ་ཚངན་ཉིས་ཐན
་འགྱུར་ཏེ་འདི་ནི་བསྡུས་པ་ཡིནོ་མྱ་ངན་ལས་འདས་པ་ནི་ལྷ་ཉིད་དོ་ཞེས་བྱ་བ་ནི་སླར་འདི་རྣམ་པར་ངེས་པར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཡོངསསུ་མྱ་ངན་ལས་འདས་པ་ནི་རྣམ་པར་དག་པའི་ལྷ་ཉིད་དུ
་བཞེད་དོ།། མྱ་ངན་ལས་འདས་པ་འབྱུང་བའི་དབང་གིས་དེར་ཕུང་པོ་ཡངས་པ་ལ་ཕུང་ལྷག་མ་མེད་པ་ལ་རྣམ་པར་དག་པའི་ལྷ་ཉིད་དུ་སྐྱེས་པ་ཉིད་དོ།། མཆོག་ཏུ་བདེ་བའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་ལ་ཡང
་ལྷ་ཉིད་ཁོ་ནར་རྣམ་པར་གནས་པ་ཡིན་ཞེས་བྱ་བའོ།། བརྙན་པ་ངེས་པར་སྦྱིན་པ་ཉིད་བཞིན་དུ་ཉེ་བར་སྤྱོད་ན་སྦྱོར་བ་བཞི་ནོ་ཞེས་བྱ་བ་ནི་གཞོན་དུ་ནི་རྐུ་སེམས་མེད་པ་ཞེས་བྱ་བ་བསྟན་པའི་ཕྱིར་རྐུ་བའི་སེམས་ཀྱིས་ཞེས་བྱ་བ་འདིར་རྗེས་སུ
་ཆགས་པར་རིག་པར་བྱའོ།། དངོས་པོ་མཆོག་ལ་སྦོམ་པོའི་ལྟུང་བ་ལོ་དངོས་གཞིར་བརྗོད་པའི་ཕྱིར་ཡོངསུ་རྫོགས་པ་ལ་སྦྱོར་བ་ཉིད་ཤེས་པར་བྱའོ།། དོན་ཅི་ཞིག་གིས་དངོས་པོ་གོང་ཞིག་གནང་བ་དེ་ཡང་ཇི་ལྟར་བསྲི་བ་མེད་པར
་ཐམས་ཅད་ཉིད་ཀྱིས་བསྟན་པ་ལ་སྦྱིན་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་ལོངས་སྤྱོད་པ་དེ་ནི་སྦྱོར་བ་བཞིན་དུ་བལྟ་བར་བྱའོ།། དེ་ཉེ་བར་ལོངས་སྤྱོད་པ་ལ་སྦོམ་པོའི་ལྟུང་བ་ཞེས་བྱ་བའི་དོན་ཏོ།། ཉེ་བར་སྤྱོད་ན་སྦྱོར་བ་བཞིན་ནོ།། ཞེས་བྱ་བ་ནི་མ
་ཆད་པའི་རྣམ་པ་ཡང་ཉེ་བར་སྤྱོད་པར་བྱ་བ་བཟུང་བ་དང་བཅས་པར་བྱ་བ་ཉིད་ཀྱིས་ཕྱིར།། དེ་བས་ན་འདིར་སྦོམ་པོའི་ལྟུང་བའོ།། མ་གནང་དེ་ལ་བསྲེ་བ་མེད་པ་ཉེ་བར་ལོངས་སྤྱོད་པ་ནི་ཤིན་ཏུ་ལྕི་བ་ཉིད་དེ་དེ་བས་ན་འདིར་ཡང་འདིས
་སྦོམ་པོའི་ལྟུང་བ་བྱས་པ་ཉིད་དུ་རིག་པར་བྱའོ།། འདིར་གཞུང་ནི་བཙུན་པ་དགེ་སློང་གི་ཁྱིམ་བདག་གི་གོས་བརྙས་པ་བཏགས་ཏེ་རྐུ་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ།། ཅི་སྟེ་ཁྱིམ་བདག་འདི
་སྐད་ཅེས་འཕགས་པ་དག་གིས་འདི་ཁྱོད་ལ་བརྙན་ནོ་ཞེས་ཟེར་ན་དགེ་སློང་དེ་ལ་བསྲི་བཱ་མེད་པའི་འདུ་ཤེས་ཅན་དེ་ལ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྦོམ་པོའི་ལྟུང་བར་འགྱུར་ཞེས་བྱ་བ་འདིའི་བསྡུས་པའོ།། འདི་ལས་སྔ་རོལ་གྱི
་གཞུང་ལས་རུང་བ་ཞེས་བྱ་བའི་མདོ་འདི་བསྡུས་པའོ།། གསང་སྔགས་དང་སྨན་དག་གིས་འབུལ་ཏུ་བཅུག་ན་ཡང་ངོ་ཞེས་བྱ་བ་ནི་སྦྱོར་བ་བཞིན་ནོ་ཞེས་བྱ་བ་དང་། རྗེས་སུ་འབྲེལ་ཏོ།། དེ་ནི་ཆད་པས་བཅད་པའི་རྣམ་པ་ཡིན་པ
་སྟེ། དེ་བས་ན་འདིར་ཉེས་པ་སྦོམ་པོར་འགྱུར་རོ།། འདིར་གཞུང་ནི། ཇི་སྟེ་དེས་གསང་སྔགས་ཀྱིས་སཱམ། མེ་ཏོག་དང་འབྲས་བུ་རྣམས་ཀྱིས་བརྩལ་ནས་ཁྱིམ་བདག་དེས་འདི་སྐད་ཅེས་འཕགས་པ་བདག་གིས་འདི་ཁྱོད་ལ་བརྙན
་ཞེས་ཟེར་ནས། དགེ་སློང་དེ་ལས་ཡང་བསྲོ་བ་མེད་པའི་འདུ་ཤེས་ཅན་དང་། ངེས་པར་བྱིན་པ་ཉིད་ཀྱིས་འདུ་ཤེས་ཀྱིས་ཉེ་བར་སྤྱད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། ངེས་པར་བྱིན་པའི་འདུ་ཤེས་ཅན་ཞེས
་བྱ་བ་ནི་དེ་ལྟར་རྙེད་པ་ལ་བདག་ཏུ་བྱ་བ་བསྟན་པར་རིག་པར་བྱའོ།། ཡོངས་སུ་ཚིམ་པར་བྱ་བའི་ཕྱིར་མེ་ཏོག་དང་འབྲས་བུ་སྦྱིན་པོ་གང་ཡིན་པ་ནི་མ་གཏོགས་པ་སྟེ། དོན་ལོག་པའི་འཚོ་བ་ལ་མཚན་མ་རྙེད་པ་དང་བླངས་པས
་བསམ་པ་བྲལ་བར་གྱུར་པ་རྐུ་བ་ལ་བརྟེན་པའི་སྐྱོན་མི་བསྐྱེད་པ་ཉིད་དོ།། དེ་བས་ན་དབང་དུ་བྱ་བ་ལ་མཁས་པར་གྱུར་པའི་མེ་ཏོག་དང་འབྲས་བུ་རྣམས་ལ་མ་བཟུང་བ་འདི་རྣམ་པར་ཤེས་པའོ།། གཞན་གྱི་དོན་ཉིད་དུ་ན་ཡང
་དངོས་གཞིའི་རྣམ་པའོ།། ཞེས་བྱ་བ་ནི་གཞན་གྱི་དོན་ལོ་བདག་གིར་བྱ་བ་མ་སྐྱེས་པས་གང་རྐུ་བར་བྱེད་ན་ཡང་དངོས་གཞིའི་རྣམ་པའོ་ཞེས་བྱ་བ་དངོས་གཞིའི་སྦྱོར་བ་སྟེ། དངོས་གཞིའི་ཁ་ན་མ་ཐོ་བ་མ་ཚང་བ་ཞེས་བྱ་བའི
་དོན་ཏོ།། ཕམ་པར་འགྱུར་བའི་སྦྱོར་བ་ལ་དགོངས་ནས་དངོས་གཞིའི་རྣམ་པ་ཞེས་བརྗོད་དོ།། འདིར་གཞུང་ནི། བཙུན་པ་དགེ་སློང་གིས་མ་བསྒོ་བར་གཞན་གྱི་དོན་ལ་རྐུ་བར་བྱེད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས
་གསུངས་པ་ཡིན་ནོ།། རྟོགས་བས་ཀྱང་ངོ་ཞེས་བྱ་བ་ནི་དངོས་གཞིའི་རྣམ་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ།། ཁ་བཅིངས་པ་ཙམ་དུ་གྱུར་པའི་རྟོག་པ་གང་ཡིན་པ་དེ་ལ་ནི་བསྐྱེད་པ་འགྲིབ་པ་ལ་དངོས་གཞི་ཉིད་དུ་རྣམ
་པར་གནས་ཏེ་དངོས་གཞིའི་རྣམ་པ་ནི་མ་ཡིན་ནོ།། དེ་བོས་ན་ཡང་དག་པར་ན་སྐྱོན་མེད་པའི་རྣམ་པའི་གནས་དང་རྗེས་སུ་འབྲེལ་པ་དེ་ལས་བཟློག་པ་རྣམས་ལ་རྟོག་པ་འདི་ཅིས་རྟོག་པར་བྱ་ཞེ་ན། འདི་ལྟ་སྟེ་དཔེར་མ་འདི་ནི་བདག
་གི་ཡིན་ནོ་སྙམ་པ་འམ། ཡོངས་སུ་བཟུང་བ་མ་ཡིན་ནོ་སྙམ་པའམ། དེ་བདག་ལ་སྦྱིན་ནོ་ཞེས་བྱ་བའི་འདུ་ཤེས་སམ། དམིགས་པ་མེད་པ་འམ། དོགས་པ་དང་བཅས་པ་འམ། གཡོ་བ་མེད་པ་འམ། ཅིག་ཤོས་ཀྱི
་འདུ་ཤེས་སྐྱོན་གྱིས་རྗེས་སུ་འབྲེལ་པའོ།། འོ་ན་འདི་ནི་ཐེ་ཚོམ་ཡིན་ན་དེར་འདི་ལ་སྐྱོན་གྱི་འདུ་ཤེས་ཏེ་ཐེ་ཚོམ་ནི་མ་ཡིན་ནོ།། དེ་བས་ན་གཞན་ཉིད་དུ་གྱུར་པ་ལ་ཕམ་པ་འབྱུང་བར་འགྱུར་ཏེ།
་གང་ཡང་རུང་བའི་འོ་སྙམ་པའི་བསམ་པ་ཡང་དག་པར་གནས་པར་འགྱུར་བ་ལ་འདི་འབྱུང་བར་འགྱུར་བ་ཉིད་དེ། དེ་ལྟ་བུ་ནི་བདག་ཏུ་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ངེས་པ་ལ་གནས་པ་འཛིན་པ་ལ་གནས་སྦོམ་པོ་འདི
་བརྗོད་པར་རིག་པར་བྱའོ།། གདམས་ཏེ་བཟང་པོ་རྐུ་བར་འདོད་པ་ལ་ཡང་ངོ་ཞེས་བྱ་བ་ནི་དངོས་གཞིའི་རྣམ་པའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ།། རྐུ་བར་འདོད་པ་ལ་ཞེས་བྱ་བ་འདི་ལྟ་བུའི་འདོད་པ་ཡོད་པ་ལ། གང་ཞིག་དམ
་པ་དངོས་གཞིའི་རྣམ་པ་དེ་ལ་ཁ་ནུ་མ་ཐོ་བ་མེད་པའོ།། ཇི་ལྟ་བུ་མེ་ཏོག་རྣམས་ཀྱི་གདམས་པ་དེ་ལྟ་བུ་འདིའོ།། འདི་ལྟར་གཞན་དུ་ནི་ནེམཱ་པའི་སྔ་རོལ་དུ་ཞེས་བྱ་བ་བརྗོད་པས་འདིའི་ནོམ་པ་སྔ་རོལ་ཏུ་འདིར་དེའི་དངོས་པོ་དེ
་བཱས་ན་སྦྱོར་བའི་སྦྱོར་བ་ཉིད་དོ།། ནོམ་པའི་སྔ་རོལ་ཏུ་ཞེས་བྱ་བ་ཉོས་བྱས་ཐོབ་པ་ལ་མདོ་འདིའོ།། འདིར་གཞུང་ནི་བཙུན་པ་མི་རྣམས་ཀྱི་གོས་ཀྱི་གདང་ཤཱིང་ངམ?། གོས་ཀྱི་སྣོད་དམ་གོས་ཀྱི་ཟ་མ་ཏོག་གམ?། གླང་པོ
་ཆེའི་སོ་བཞག་པར་གྱུར་ཏེ། དེར་དགེ་སློང་རྐུ་བའི་སེམས་རྣམ་པར་ཤེས་ཏེ། གང་འདོད་པར་གྱུར་པ་དེ་རྐུ་བར་བྱེད་ན་ཅི་ལྟུང་བར་འགྱུར་རམ། ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་ཞེས་བྱ་བའོ།། གང་ཞིག་འདོད་པ་དེ་ནི
་བརྐུས་ཏེ་རིན་ཐང་བརྩི་བར་བྱའོ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ།། སོ་སོར་བྱེད་པར་གྱུར་པ་ལ་ཡང་གནས་ནས་གདམས་པ་འདི་ནི་ཉེས་པ་སྦོམ་པོར་རིག་པར་བྱའོ།། གཞན་དོན་དང་བཅས་པ་འདྲ་བར་ཡང་དག་པར་འགྲོ་བ
་ལ་བསྡུས་པའི་བློ་ལ་དེར་ཡང་དག་པོར་གནས་པས་གདམས་ཏེ། འདིར་སྦོམ་པོའི་ལྟུང་བ་གཅིག་གོ། གདམས་ཏེ་རྐུ་བའི་དོན་དུ་ནོམ་པ་ལ་གཞན་ཞེས་བྱ་བ་རྣམ་པར་གནས་པ་ཡི་ནོ།། རྒྱན་ལ་དོར་བྱེད་ན་གལ་ཏེ་དེ་རྒྱལ་བ
་ཉིད་དུ་མི་གྱུར་པའི་ཚེ་སྦྱོར་བྱའོ་ཞེས་བྱ་བ་ནི་རྒྱུ་ནཱ་ལ་དོར་བྱེད་ན་གལ་ཏེ་རྒྱལ་བ་ཉིད་མཾ་གྱུར་གྱི་བར་དུ་ནི་དོར་ཏེ་སྦྱོར་བར་འགྱུར་རོ།། དེ་ལ་དེ་ནཱི་བརྐུས་པ་ལྗོན་ནོ་ཞེས་བྱ་བ་ལ། དེ་ལཱ་ཞེས་བྱ་བ་ནི་རྒྱན་ལའོ།། དེ་ལ་ཞེས་བྱ་བ
་རྒྱལ་བ་ཉིད་ན་བརྐུས་པོ་ཡིན་ནོ།། གང་གི་ཕྱིར་འདིར་རྐུ་བ་ཉིད་ནི་དེ་བོས་ན་འདི་ལ་བརྟེན་པའི་ངོ་བྱེད་པ་ལ་སྦྱོར་བ་ཉིད་དོ།། དངོས་གཞི་ལ་སོ་སོར་དྲི་མ་ཐག་པ་ཉིད་ཀྱི་ཕྱིར་རོ།། གྲངས་ལ་ནི་དེའི་འོ་ཞེས་བྱ
་བ་ནི་གྲངས་ནི་རྩིས་ལས་ཏེ། གང་ཞིག་དོར་བྱེད་པ་ནི་རང་གི་སྦྱོར་ལ་དེའི་སྦྱོར་བ་ཉིད་དང་བཅས་པ་དང་དངོས་གཞི་ལ་ཉེས་བྱས་མ་ཡིན་པ་ལ། གྲངས་ཀྱི་སྐངསུ་དོར་བྱེད་པ་ཉིད་ནི་ཉེས་བྱས་ཡིན་གྱི་སྦོམ་པོར་ནི་མི་འགྱུར
་ཞེས་བྱ་བའི་དོན་ཏོ།། མཚན་མ་ཕྱིས་པ་དང་བསྣན་པ་གཉིས་གནས་གཞན་དུ་བཞག་པ་ཡང་དེ་ཉིད་ཡི་ནོ་ཞེས་བྱ་བ་ནི་མཚན་མ་གང་ཞིག་གཅིག་ལ་སོགས་པ་ཤོད་ཐབས་ཀྱི་མཚན་ཉིད་བྱས་པ་དེ་ཕྱིས་པ་ཞེས་བྱ་བ
་ནི་མེད་པར་བྱས་པའོ།། བསྣམ་པ་ལ་གང་ཞིག་མཚན་མ་ལ་ཇི་ལྟར་ཐོབ་པའི་གནས་གཞན་དུ་བཞག་པ་ཡང་དེ་ཉིད་དུ་ཞེས་བྱ་བ་ནི་དོར་བྱེད་པ་ཉིད་ཞེས་བྱ་བའི་དོན་ཏོ།། ཐམས་ཅད་དུ་དབང་བྱེད
་པའི་མདོ་ཡིན་ནོ།། རྒྱན་གྱི་དབང་དུ་བྱེད་པ་ཉིད་ཡིན་ནོ།། དེ་ལ་གྲུབ་པ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་གྲངས་ལའོ།། གྲུབ་པ་ནི་ཞེས་བྱ་བ་ནི་ཐོབ་པ་སྟེ་ནོར་ལོ་བརྐུས་པ་ཡིན་ནོ།། དེ་བས་ན་འདིར་དོར་བྱེད་ན་སྦྱོར་བའི
་སྦྱོར་བ་ཉིད་དོ།། ཐོབ་པའི་ཕྱིར་དེ་མ་ཐེག་པའི་བྱ་བ་ལ་སྦྱོར་བ་ཉིད་དོ།། སླར་ཐོབ་པ་ནི་འདིའི་བདག་ཉིད་དམ་དེ་ལས་གཞན་པའི་གང་ཟག་བསྟན་པ་དང་། བྱ་བ་འགའ་ཞིག་ལ་དེའི་ངེས་པར་སྦྱོར་བས་སོ།། ཚོམས་གཞན་དུ་བགྲང
་བ་ཡང་དེ་དང་འདྲའོ།། ཞེས་བྱ་བ་ཡང་རྙེད་པའི་ཕྱིར་བདག་ཉིད་ཚོམས་གཞན་དུ་བགྲང་བ་ཡང་དེ་དང་འདྲ་སྟེ། དེའི་གྲངས་ཀྱི་སྐབསུ་དོར་བྱེད་པ་དང་འདྲ་བར་བལྟ་བར་བྱའོ།། འདིར་ཡང་བགྲང་བ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས
་ཉིད་དོ།། གྲུབ་པའི་ཚེ་ནི་བརྐུས་པ་ཡིན་ནོ།། འོདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་བདག་ཉིད་ཚོམས་གཉི་གར་བགྲངས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་སྦྱོར་བའི་ཉེས་བྱ་སུའོ་ཞེས་གསུངས་པ་ཡིན་ནོ།། སྔ
་ཉིད་ཕྱི་མ་དག་ལ་དང་ཕྱི་མ་ཉིད་སྔ་མ་ཉིད་ལ་བསྙོན་པ་ཡང་ངོ་ཞེས་བྱ་བ་ཡང་གི་སྒྲ་ནི་དེ་དང་འདྲའོ་ཞེས་བྱ་བ་རྗེས་སུ་དྲང་བའི་དོན་དུའོ།། སྔ་མ་འི་གྲངས་ལ་ཕྱི་མ་དག་ལ་ནི་ཚོམས་དག་ལ་ཐོག་མར་འདིས་བདག་ཉིད
་བགྲང་བར་བྱས་པའི་ཚོམས་དེ་ལས་གཞན་དེ་རྣམས་ལས་བསྙོན་པ་འམ་གཞན་གྲངས་གཉིས་པ་གང་ཡིན་པ་དེ་ལ་ཆོམས་སྔ་མ་ཤོས་གང་ལ་དང་པོར་དེའི་གྲངས་བྱས་པ་དེའི་ཚོམས་ཡོངསུ་ཐོབ་པ་རྣམས་ལྔ་བསྙོན་པ
་གང་ཞིག་དེ་ཡང་དེ་དང་འདྲ་བར་གྲངས་ཟིན་པ་དོར་བ་བཞིན་དུ་བལྟ་བར་བྱའོ།། འདིར་ཡང་ཚོམྦ་ལ་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ།། གྲུབ་པའི་ཚེ་ནི་བརྐུས་པ་ཉིད་དོ།། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག
་བདག་ཉིད་བགྲང་དུ་བརྩལ་བས་བསྙོན་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་སྦྱོར་བའི་ཉེས་བྱསོ།། ཞེས་གསུངས་པ་ཡིན་ནོ།། སྐལ་བ་ཉིད་ནི་དེ་དག་གང་དུ་ཐམས་ཅད་ཀྱི་དང་པོར་བགྲངས་པ་དེར་རོ་ཞེས་བྱ་བ་ནི་གང་དུ
་དེ་ཚོམས་ཐམས་ཅད་ཀྱི་དང་པོར་གྲངས་པ་དེར་གཏོགས་སོ།། དེ་ལ་སྐལ་བུ་བླངས་པ་ནི་ལྟུང་བ་མེད་དོ་ཞེས་བྱ་བུ་དེ་ལ་འདི་ནི་བྱེད་པའོ།། མི་དབང་བ་དབང་བར་སྒྲོགས་པ་ཡང་ངོ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་དོ་དང་འདྲའོ་ཞེས
་བྱ་བ་རྗེས་སུ་དྲང་བའི་དོན་དུའོ།། འདིར་ཡང་དབང་བར་སྒྲོགས་པ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱསོ།། གྲུབ་པའི་ཚེ་ན་ནི་བརྐུསོ་པ་ཉིད་དོ།། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་རྙེད་པ་གློ་བུར་བ་མི་དབང་བ་ལ་འདི་སྐད
་ཅེས་བདག་ཀྱང་དབང་ངོ་ཞེས་དབང་བར་སྒྲོགས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་སྦྱོར་པོའི་ཉེས་བྱས་སུ་འགྱུརརོ་ཞེས་གསུངས་པ་ཡིན་ནོ།། མ་བསྒོ་བར་སློང་བ་ཡང་ངོ་ཞེས་བྱས་པ་ནི་གྲངས་ཀྱི་སྐབ་སུ་དོར་བར་བྱེད་པ་དེ
་དང་འདྲ་བར་མ་བསྒོ་བར་སྤོང་བ་ལྟ་བར་བྱའོ།། འདིར་ཡང་མ་བསྒོ་བར་སློང་བ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ།། གྲུབ་པའི་ཚེ་ནཱ་ནི་བརྐུས་པ་ཉིད་དོ།། འདིར་དཞུང་ནི་བཙུན་པ་དགེ
་སློང་གིས་རེ་ཞིག་ཁྱིམ་བདག་གི་ཁྱིམ་དུ་ཉེ་བར་མཆིས་པས། དེ་ཁྱིམ་བདག་དེའི་ཉེ་དུའི་ཐད་དུ་མཆིས་ནས་ཁྱིམ་བདག་ན་རེ་འདི་སྐད་ཅེས་དངོས་པོ་ཆེ་གེ་མོ་དང་མང་གེ་ཞིག་ཕྱིན་ཅིག་ཅེས་ཟེར་རོ་ཞེས་བགྱིས་ན་ལྟུང་བ་ཅིར
་འགྱུར་ཉེས་པ་སྦོམ་པོར་སྦྱོར་བའི་ཉེས་བྱས་སུའོ་ཞེས་གསུངས་པ་ཡིན་ནོ།། བརྙས་པ་དང་བསྐྱིས་པ་དང་གཏམས་པ་རྣམས་བསྙོན་པ་ལ་ནི་སྒྲར་སྦྱོར་བའོ།། ཞེས་བྱ་བ་ནི་བརྙས་པ་ལ་སོགས་པ་བསྙོན་པ་ནི་སྦྱོར་བ་སྟེ།
་མེད་པ་ནི་སྦྱོར་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།། བནོགས་པ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ནི་བརྙེས་པ་ལ་སོགས་པ་དེ་དག་གང་གི་ཚེ་བརྣོགས་ཤིངའི་མི་སྦྱིན་པར་ངེས་པ་དེའི་ཚེ་ན་བརྐུས་པ་ཡིན་ནོ།། དེ་ལ་བརྙས་ནས་གཞན་ལ།
་འདིར་སོ་སོར་དེ་མྱ་ཐག་པར་གྱུར་པའི་བྱ་བ་ལ་བྱ་བ་མེད་པ་ཞེས་བྱ་བ་དེར་ལ་བརྙས་པ་ཉིད་ལ་སྦྱོར་བ་ཉིད་དོ།། བརྣོགས་པ་ལས་སྔ་རོལ་ཏུ་གྱུར་པའི་བསྙོན་པ་གང་ཞིག་ཕྱི་མ་ནི་མ་ཡིན་ཞིང་དུས་མཉམ་པར་ཡང་མ
་ཡིན་པར་འདིར་མངོན་པར་འདོད་པ་ཞེས་བྱ་བ་འདི་ཤུགས་ཀྱིས་རྟོགས་པར་བྱའོ།། དེ་ལ་བརྙས་ནས་ཞུགས་པ་ནི་བརྙན་པོར་ཞུགས་པའོ།། བསྐྱིས་ནས་ཞུགས་པ་ནི་སོ་སོར་སྦྱིན་པར་བགྱི་ཞེས་བྱ་བས་རྙེད་པ་ནི་བསྐྱིས་ནས
་རྙེད་པའོ།། རབ་ཏུ་བསྐྱིས་ནས་རྙེད་པ་ཞེས་བྱ་བ་དྲུང་སྲོང་གི་ཚིག་གང་ཡིན་པ་དེ་ལ་འདི་ཉམས་པའོ།། ཡོངས་སུ་སྦྱོར་བ་ཞེས་བྱ་བ་འདི་གཞན་ཞུ་བ་ལས་འབྱུང་བ་ཡིན་ཏེ། ནོར་ཟད་པས་ཡོངསསུ་སྦྱར་བའི་དོན་དུ་སྐྱེ། དེ་ལས
་ནོར་བཟུང་བ་མ་གཏ་ང་བ་ཞེས་བྱ་བའི་དོན་ཏོ།། ཡོངསུ་འགྲོ་བར་བྱེད་པ་ཞེས་བྱ་བ་འདི་གཞན་དག་གིས་བརྗོད་པ་སྟེ། འདི་དང་ཆེ་གེ་མོ་ལས་འགྲོ་བ་བསྒྲུབ་པའི་དོན་དུ་ཞེས་བྱ་བ་ནི་འདིའི་དོན་ཏོ།། འདི་གཉིས
་ཡང་ཐ་མི་དད་པར་བསྐྱིས་པ་ཞེས་བྱ་བྱ་བརྣོགས་པ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བའོ།། འདིས་ནི་འདིར་རྐུ་བ་འམ་འོན་ཏེ། མྱ་ཡིན་སྙམ་དུ་ཡིད་གཉིས་ཟ་བར་གྱུར་པ་དེའི་ཚེ་ན་གང་ཞིག་གནས་ལ་འཕོ་བ་དེར་ནི
་ཉེས་པ་སྦོམ་པོར་འགྱུར་རོ།། དངོས་པོ་ཡོངསུ་རྫོགས་པ་དེ་ལ་ཕམ་པ་མི་བསྐྱེད་ཅེས་བྱ་བ་འདི་ཐལ་བར་རིག་པར་བྱའོ།། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་བསྙེན་པར་བྱས་ནས་རྐུ་ན་ལྟུང་བ་ཅིར
་འགྱུར་གཡར་ནས་བསྙོན་པར་བྱེད་ན་ཉེས་པ་སྦོམ་པོར་རོ།། དེ་གཉིས་ལན་འགའ་མཐར་འགྱུར་པ་ཡོད་དེ་གང་གི་ཚེ་བརྣོགས་པ་ནའོ།། དགེ་སློང་གི་ཐ་དད་དུ་གཞན་གྱིས་གཏམས་ཏེ་གཞན་པ་དེ་ལེན་པའི་ཚེ་བསྙོན་ན་ལྟུང་བ
་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ལན་འགའ་ནི་མཐར་འགྱུར་ཏེ། གང་གི་ཚེ་བརྣོགས་པ་ནའོ་ཞེས་གསུངས་པ་ཡིན་ནོ།། གཏམས་པ་སྦས་པ་ལ་གལ་ཏེ་སྤོ་བ་དང་ལྷན་ཅིག་ཏུ་དང་། སྤོས་པའི་འོག་ཏུ་དང་། གལ་ཏེ་སྔར་ན་ནི
་སྦྱོར་བ་གཞན་ཉིད་དོ་ཞེས་བྱ་བ་ནི་གཏམས་པ་སྤང་བ་གང་ཡིན་པ་གང་ཞིག་བཞག་པ་གནས་གང་དུ་གལ་ཏེ་སྤོ་བས་གནས་པ་དང་ལྷན་ཅིག་ཏུ་བརྣོགས་ན་ཕྱིར་སྤྲོ་བའི་འོག་ཏུ་དེ་ལས་བརྣོགས
་པ་ཉིད་ནི་བརྐུས་པ་ཉིད་ཡིན་ནོ།། འོན་ཏེ་སྤྲོ་བ་ལས་སྔ་རོལ་ཏུ་བརྣོགས་ན་གཞན་དུ་བསྙོན་པ་ནི་སྦྱོར་བ་སྟེ་དངོས་གཞིའི་རྣམས་པ་ཉིད་ཀྱི་ཕྱིར་རོ།། བསྙོན་པ་ཡོད་ཀྱང་བར་དུ་ཆད་པ་ཉིད་ཀྱིས་བརྣོགས་ན་སྦྱོར་བ་མ་ཡིན་པ་ཉིད་དུ།
་རྟོགས་པར་མི་བྱའོ།། བརྣོགས་པ་ལ་བརྣོགས་པའི་སྔ་རོལ་ཏུ་བསྙོན་པ་ལ་སྦྱོར་བའི་སྦྱོར་བ་ཉིད་དོ།། དེ་བས་ན་སྦྱོར་བ་རྣམ་པ་གཉིས་ཏེ་བརྣོགས་པ་དང་བསྙོན་པའོ།། འདིར་སྦས་པ་ནི་བརྐུས་པའོ།། འདིར་གཞུང་ནི་དགེ་སློང
་གི་ཐད་དུ་གཞན་གྱིས་གདམས་ཏེ་བཞག་པ་དེ་ལེན་པའི་ཚེ་བསྙོན་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལན་འགའ་ནི་མཐོར་འགྱུར་ཏེ། གང་གི་ཚེ་བརྣོགས་པར་བྱེད་ཅིང་དངོས་པོ་ཚང་ན་ནི་མཐར་འགྱུར་རོ།། གལ་ཏེ་མ་ཚང་ན་ནི་ཉེས་པ
་སྦོམ་པོར་འགྱུར་རོ།། ཅི་སྟེ་སྔར་གནས་ནས་སྤྲོ་བར་བྱེད་ཅིང་དངོས་པོར་བྱེད་ན་དངོས་པོ་ཚང་ན་མཐར་འགྱུར་རོ།། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། སྐྱིད་པ་གཅོད་པ་དང་གསོད་པ་ནི་ཆུད་གཟོན
་པ་ཡིན་ནོ་ཞེས་བྱ་བ་ནི་གླང་པོ་ཆེ་དང་རྟ་དང་རྔ་མོ་དང་པ་ལང་དང་བསེ་ལ་སོགས་པ་རྣམས་ལ་ཕམ་པར་མ་གྱུར་ཅིག་ཅེས་ཆུ་ལ་གཅོད་པ་དང་། གསོད་པ་ནི་སྦེད་པའོ།། ཆུང་གཟན་པ་ཞེས་བྱ་བ་འདི་ལ་ཆུད་གཟན་པའི་ཚིག་གི
་ཁོངས་སུ་བསྡུ་བ་ཉིད་ཅེས་བྱ་བའི་དོན་ཏོ།། འདིར་སྐྱིད་པ་གཅོད་པ་ནི་དཔེ་ཡིན་ཏེ། རྣམ་པར་འཚེ་བ་གཞན་དག་ལ་ཡང་རིག་པར་བྱའོ།། འདིར་གཞུང་ནི་ཅི་སྟེ་ཕམ་པར་མ་གྱུར་ཅིག་ཅེས་གསོད་པར་བྱེད་ན་ཉེས་པ
་སྦོམ་པོར་འགྱུར་རོ།། ཅི་སྟེ་ཕམ་པར་མ་གྱུར་ཅིག་ཅེས་སྐྱིད་པ་གཅོད་པར་བྱེད་ན་ཡང་ཉེས་པ་སྦོམ་པོར་འགྱུར་རོ།། ཞེས་གསུངས་པ་ཡིན་ནོ།། མཚམས་ཀྱི་ནམ་མཁའ་ལས་ཤོ་གམ་འདྲལ་བར་བྱེད་ན་ཡང་སྦོམ
་པོའི་དབང་དུ་བྱེད་པ་ཉིད་དོ།། ཞེས་བྱ་བ་ནི་མཚམས་དང་འབྲེལ་པའི་ན་མཁའ་གང་ཡིན་པ་དེ་ལ་ཤོ་གམ་འདྲལ་བའི་སྦོམ་པོར་འགྱུར་དབང་དུ་བྱས་པ་ཉིད་དོ།། གང་གི་མཚམས་ཀྱི་ཁོངསུ་བསྡུས་པའི་ས་ལ་གནས
་པ་ལུས་ཀྱི་བརྩལ་བ་མཚོན་ཆ་འཕངས་པ་ལ་སོགས་པས་སམ། ངག་གི་བརྩལ་བ་གསང་སྔགས་ཀྱི་བཟླས་པ་བརྗོད་པ་ལ་སོགས་པས་སམ། ཡིད་ཀྱི་བརྩལ་པ་རྫུ་འཕྲུལ་མངོན་པར་འདུ་ཤེས་པ་ལ་སོགས
་པ་ཤོ་གམ་གྱི་བྱ་བ་མ་ཆགས་པར་གྱུར་པ་ལུས་དང་འབྲེལ་པའི་ན་མཁའ་འགའ་ཞིག་ལ་ཤོ་གམ་གྱིས་འདའ་བར་བྱེད་ན་དེར་མ་ཤ་ཀ་ལྷ་ལ་སོགས་པའི་དངོས་པོར་ཆང་བ་ལ་ཡང་ཉེས་པ་སྦོམ་པོ་ཡིན་ནོ།། གང
་གི་ཚེ་དགེ་སློང་ན་མཁའ་ལ་གནས་པ་དང་ཕྱི་རོལ་གྱི་མཚམས་ཀྱི་ས་ལ་གནས་པ་ལ་ནི་ལྟུང་བ་མེད་ཅེས་བྱ་བ་འདིར་བསྡུས་པར་རིག་པར་བྱའོ།། རྒྱལ་པོ་དག་ནི་ས་ལ་དབང་བ་ཡིན་གྱི་ན་མཁའ་ལ་ནི་མ་ཡིན་ནོ།། དེ་བས་ན
་དགོས་པ་མེད་པ་ལ་ས་ལ་སྤྱན་མེད་པ་ཉིད་དུ་རྣམ་པར་བཞག་གོ། རྫུ་འཕྲུལ་གྱི་ཁྱེར་བ་ལན་ཉེས་པ་མེད་པ་ཉིད་དོ་ཞེས་བྱ་བ་ལ། འདི་ནི་ཤོ་གས་དྲལ་བ་ལ་གནས་པ་ཉིད་དེ།
་གསང་སྔགས་དང་སྨན་གྱིས་བྱས་པ་དང་ཡང་འདིར་ལྷ་ལས་སྐྱེས་པའི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ཡང་འདི་ལྟར་མངོན་པར་ཤེས་པ་མེད་པར་ཞིང་ཉིད་མ་ཡིན་པའི་ཕྱིར་ཡིད་མི་ཆེས་པའི་སེམས་དང་ལྡན་པ་ལ
་ཐམས་ཅད་དུ་ལྟུང་བ་མེད་དོ།། གསང་སྔགས་དང་སྨན་གྱི་ལས་ཀྱི་སྐྱེས་པོ་གང་ཞིག་ལ་མཚམས་ཀྱི་ཁོངས་སུ་གཏོགས་པའི་ས་ལ་གནས་པའི་ཁྱེར་བ་པོ་ལ་དགོས་པ་མེད་པ་དེ་ལ་ལྟུང་བ་མེད་དོ།། མཚམས་ཀྱི
་ཁོངས་སུ་གཏོགས་པའི་སཱ་ལ་གནས་པའི་ཁྱེར་བ་པཱ་ལ་སྦོམ་པོ་ཉིད་དོ།། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་ན་མཁའ་ལས་ཤོ་གམ་འདྲལ་བར་བྱེད་ན་སྣང་བ་ཅིར་འགྱུར། གལ་ཏེ་རྫུ་འཕྲུལ་གྱི་འདྲལ་བར
་བྱེད་ན་ནི་ལྟུང་བ་མེད་དོ།། ཅི་སྟེ་རྣམ་པ་གཞན་དག་གིས་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། མཚམས་གཞན་དུ་ཡང་ངོ་ཞེས་བྱ་བ་ནི་ཉེས་པ་མེད་པ་ཉིད་དོ།། ཤློ་གམ་དྲིལ་བ་ན་ཡང་ཞེས་བྱ་བ
་དང་རྗེས་སུ་སྦྱོར་རོ།། མཚམས་གཞན་དུ་ཞེས་བྱ་བ་ནི་ཤོ་གམ་གྱི་བྱ་བ་འདའ་བར་བྱེད་པ་ལ་ལྟུང་བ་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཤོ་གམ་གྱི་གནས་ནས་ཐོབ་པའི་སྤོང་བའི་བདག་ཉིད་ཅན་བྲལ་བའི་བསམ་པ
་མེད་པ་ལ་རྐུ་བའི་སེམས་ཞེས་བྱ་བ་འདི་ལ་འདི་བརྗོད་པ་འོ།། བསྒོ་ན་ཉེས་བྱས་སོ་ཞེས་བྱ་བ་ནི་ཤོ་གམ་དྲལ་ན་ཞེས་བྱ་བར་སྦྱར་ཏེ། ས་གང་ཞིག་ལ་ཤོ་གམ་ལ་སྦྱིན་པར་བྱ་བ་ཉིད་དེས་མི་འགྲོ་བ་ལ་ཐད་ཀར་དེ
་ལས་འདའ་བར་བྱེད་པ་འམ་སོ་སོར་བཟློག་པ་ལ་ས་མ་ཐོབ་པ་ཉིད་ལ་གཞན་གྱིས་འགྲོ་བ་འམ་བཟློག་པ་ཞེས་ཤུགས་ཀྱིས་རྟོགས་པར་བྱའོ།། ལམ་གཞན་སྟོན་ན་ཡང་ངོ་ཞེས་བྱ་བ་ཤོ་གམ་དྲལ་བའི་ཞེས་བྱ
་བར་སྦྱར་ཏེ། ཤཽ་གམ་གྱི་ས་ལ་འགྲོ་བའི་ལམ་གཞན་ནས་འགྲོ་བ་འམ་ཕྱིར་བཟློག་པ་ལ་ཞེས་བྱ་བ་འདི་འདིར་ཤུགས་ཀྱིས་རྟོགས་པར་བྱའོ།། ཐབས་ཀྱིས་བརྗོད་ན་ཕྲ་མོར་རོ་ཞེས་བྱ་བ་ནི་བསྒོ་བ་དང་ལམ་གཞན
་སྟོན་པ་དེ་གཉིས་ཀར་དངོས་སུ་མི་བྱེད་པར་ཐབས་ཀྱིས་བརྗོད་པ་ཡིན་པ་དེ་ནི་ཟུར་གྱིས་སྨྲ་བ་སྟེ། དངོས་སུ་བརྗོད་པ་ནི་མཱ་ཡིན་ནོ།། ཞེས་བྱ་བ་འདི་ལྟ་བུར་གྱུར་པ་ཕྲ་མོ་སྟེ། ཤིན་ཏུ་ཡོང་བའི་ཉེས་བྱས་ཞེས་བྱ་བའི
་དོན་ཏོ།། ལམ་གོལ་བ་ནི་ལམ་དང་འདྲའོ་ཞེས་བྱ་བ་ནི་ཐམས་ཅད་དུ་ལམ་ཡིན་པས་བརྐུས་པ་ལ་ཤོ་གམ་གྱི་སར་འགྲོ་བའི་ལམ་ཡིན་པས་འདའ་བར་བྱེད་པ་ལ་སྐྱོན་དང་བྲལ་བ་ཉིད་དང་འགྲིབ་པོ་ཡང་མ་ཡིན་ཞེ
་བྱ་བའི་དོན་ཏོ།། ཁ་དང་ཚེམ་བུ་ནི་སྙུངས་གཞན་དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་སྒྲོ་བ་དག་ལ་སོགས་པའི་སྐུངས་གཞན་གྱི་རྐུ་བ་འམ་འདའ་བར་བྱེད་ན་ཉེས་པར་འགྱུར་བ་དེ་བཞིན་དུ་ཁ་དང་ཚེམ་བུའི་ནང་དང་བར
་དུ་བཅུག་སྟེ། རྐུ་བ་འམ་འདའ་བར་བྱེད་ན་ཡང་ཉེས་པར་འགྱུར་རོ།། ལུས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཀྱིས་ཕྱིར་འདི་ནི་ལུས་སུ་གྱུར་པ་སྟེ། གོས་ཀྱི་ཁོངསུ་གཏོགས་པ་ཉིད་ཀྱི
་ཕྱིར་གོས་ཡིན་པར་ཤེས་པར་བྱ་བ་མ་ཡིན་ནོ།། དེ་བས་ན་ཉེས་པ་མེད་པ་ཉིད་དང་འགྲིབ་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཁོས་རྐུན་མཐའི་ལྟུང་བར་འགྱུར་རོ།། ཚེམ་བུས་རྐུན་མཐའི་ལྟུང
་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། རྐུ་སེམས་དང་བྲལ་ན་མཐའི་མཐར་ཐུག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་རྐུ་སེམས་ཀྱི་སྦྱོར་བ་དང་དེ་མེད་པར་བརྣོགས་པ་ལ་སྦྱོར་བའི་ལྟུང་བ་ཙམ་ལ་དེ
་བསྐྱེད་པའོ།། དངོས་གཞིའི་ལྟུང་བ་ཙམ་མོ་ཡིན་ནོ་ཞེས་བྱ་བ་འདི་ལ་འདི་ནི་བྱེད་པའོ།། ཡོངསུ་རྫོགས་པའི་དུས་སུ་རྐུ་སེམས་ཉིད་བསལ་བ་ལ་མཐར་ཐུག་པ་དང་དངོས་གཞི་ལ་རྗེ་སུ་འགྲུབ་པ་ཉིད་མ
་ཡིན་ཞེས་བྱ་བའི་དོན་ཏོ།། སྦྱོར་བ་ལ་དེ་མེད་ན་དེ་མ་ཡིན་ནོ་ཞེས་བྱ་བ་ལ། སྦྱོར་བ་ལ་ཞེས་བྱ་བ་ནི་སྦྱོར་བའི་གནས་སྐབས་ལའོ།། དེ་མེད་ན་ཞེས་བྱ་བ་ནི་རྐུ་སེམས་དེ་མེད་ལ་རྫས་བཟུང་བའི་དུས་སུ
་འདི་ཡོད་པོས་ཐ་མ་དང་དངོས་གཞི་ལ་བྱས་ཉིད་ཁོ་ནའོ།། གང་དུ་རྐུ་སེམས་མེད་པར་སྦྱོར་བ་མཐར་ཐུག་པ་ནི་རྐུ་སེམས་ཀྱི་སྦྱོར་བའི་ལྟུང་བ་ཉིད་ལ་དེར་སྒྲུབ་པ་ཡིན་གྱི་དངོས་གཞིའི་ལྟུང་བ་ནི་མ་ཡིན
་ཞེས་བྱ་བ་འདི་ལ་འདི་བརྗོད་པར་བྱའོ།། འདིར་གཞུང་ནི་བཙུན་པ་དགེ་སློང་ཆོས་གོས་ཀྱི་གདང་ལས་ཆོས་གོས་ལེན་པའི་སྔ་རོལ་ཏུ་རྐུ་སེམས་བྱུང་བ་ལ་ཕྱིས་ནི་རང་གི་འདུ་ཤེས་ཀྱིས་བླངས་ན་ལྟུང་བ་ཅིར་འགྱུར
་སྔར་ནི་ཉེས་པ་སྦོམ་པོར་རོ།། ཕྱིས་ནི་ལྟུང་བ་མེད་དོ།། སྔར་རང་གི་འདུ་ཤེས་ཀྱིས་ལེན་ལ་ཕྱིས་རྐུ་སེམས་ཀྱིས་རྐུ་ན་ལྟུང་བ་ཅིར་འགྱུར། སྔར་ནི་ལྟུང་བ་མེད་དོ།། ཕྱིས་ནི་ཉེས་པ་སྦོམ་པོར་རོ།། ཞེས་གསུངས་པ་ཡིན།།
་རང་གི་འདུ་ཤེས་ཡོད་པ་ལ་རྐུ་སེམས་ཉེ་བར་བཞག་པའི་དབང་དུ་མཛད་ནས་འདིར་ཉེས་པོ་སྦོམ་པོར་གསུངས་སོ་ཞེས་རྣམ་པར་གནས་སོ།། སྤྲིང་ཡིག་ལ་སོགས་པས་ནི་ནཱ་སྨད་པ་མེད་དོ་ཞེས་བྱ་བ་ན་འདོད་པ
་ཞེས་བྱ་བ་ངེས་པའི་ཚིག་ལས་ལག་ཡིག་དང་རྒྱུའི་ཡི་གེ་རྣམས་ཀྱིས་འགྲིབ་པ་ཐོབ་པ་ལ་འདི་ནི་རྩོམ་པའོ།། འདིར་གཞུང་ནི་སྤྲིང་ཡིག་དང་ལག་ཡི་གཱ་རྣམས་སམ། ལག་རྩིས་ཀྱིས་རྐུན་རིན་ཐང་བརྩི་བར་བྱ་བ
་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པ་གང་ཡང་རུང་བས་རྐུན་ཡང་ན་སྨད་པ་མེད་དོ།། ཞེས་བྱ་བའི་དོན་ཏོ།། རྗེ་སུ་བསྒྲུབ་པའི་སྐབས་སྨྲས་ནས། ད་ནི་མཐར་ཐུག་པའི་སྐབས་བརྗོད་པར་བྱ་སྟེ། ནན་ཞུགསོ་དང
་དང་ན་འཐེན་ཡང་མ་རྐུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ནན་ཞུགས་ཀྱིས་རྐུ་བ་གང་ཡིན་པ་སྦྱིན་པར་བྱ་བ་ལ་གཅིག་པ་འདི་ནི་རྐུ་བ་མ་ཡིན་པ་འདི་ནི་རྐུ་བ་མ་ཡིན་ཞེས་བྱ་བར་ཤེས་པར་བྱའོ།། འདི་ལ་ཡང་ཁྱད་པར་མེད
་པར་བརྗོད་པ་རྣམས་ལ་ཆོམ་རྐུན་པས་རྐུ་བ་བཞིན་དུ་ཁོངས་སུ་བསྡུ་བར་རིག་པར་བྱའོ།། དེ་ལྟར་ཡང་འདིར་གཞུང་ནི་བཙུན་པ་རྐུ་བ་རྣམས་པ་དུ་མཆིས། ཉེ་བ་འཁོར་དྲུག་སྟེ། ནན་ཞུགས་ཀྱིས་རྐུ
་བ་དང་། སྒྱུ་ཐབས་ཀྱིས་རྐུ་བ་དང་། གཏམས་པ་རྐུ་བ་དང་། ཕྱིར་བསམ་པ་རྐུ་བ་དང་། དང་ན་འཐེན་གྱི་རྐུ་བ་དང་། ཆོས་རྐུ་བའོ།། བཙུན་པ་བཅོམ་ལྡན་འདས་ཀྱིས་གང་རྐུ་བ་དྲུག་པོ་འདི་རྣམས་གསུངས་ན་འདི་རྣམས་ཀྱིས་ན་ངན
་དུ་ཞིག་མཐའི་ལྟུང་བར་འགྱུར། ཉེ་བར་འཁོར་ཆོས་རྐུ་བོ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་མཐའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། དེ་ལ་ཆོས་རྐུ་བ་ནི་ཉེས་པ་མེད་དེ། རྐུ་སེམས་མེད་པའི་ཕྱིར་རོ་ཞེས་བྱ།
་བ་དོན་གོ་བར་ཟད་དོ།། སྒྱུ་ཐབས་ཀྱིས་རྐུ་བ་ནི་རྣམ་པ་གཉིས་ཏེ། ཆོམ་རྐུན་གྱིས་ལེན་པ་དང་། དོར་བྱེད་པའོ།། དེ་ལ་ཆོམ་རྐུན་གྱིས་ལེན་པ་ནི་རྐུ་བ་ཉིད་ཡིན་པས་དོགས་པར་བྱ་བ་མེད་དོ།། དོར་བྱེད་པ་ལ་ནི་སྦྱོར་བ་དོར་བྱེད་པ
་ཞེས་བྱ་བ་ལ་སོགས་པ་ས་བརྐུས་པ་ཉིད་དུ་གྲགས་པའོ།། གདམས་པ་རྐུ་བ་ལ་ནི་གདམས་པ་ཞེས་བྱ་བ་ལ་སོགས་པའོ།། ཕྱིར་བསབ་པ་རྐུ་བ་ལ་ནི་སྔར་བརྙས་པ་དང་བསྐྱིས་པ་ཡིན་ཞེས་བྱ་བའོ།། ནན་བཞུགས་པ་ཀྱིས་རྐུ་བ་ལ
་ནི་དབོང་གིས་མནན་ཅིང་ལེན་པ་སྟེ། དེའི་ཕྱིར་དེ་བརྐུས་པ་འམ་མ་ཡིན་ནོ་སྙམ་དུ་དོགས་པ་འགའ་ཡང་ཡོད་ལ། གང་ཞི་གོ་དང་ན་འཕེན་གྱིས་རྐུ་བ་ཡང་དོ་ན་མི་སྟེར་བ་ཙམ་དུ་ཟད་ཀྱིས་བརྐུས་པ་ནི་མ་ཡིན་ནོ།། སྙམ་དུ་དོགས་པ
་ཡོད་པས་དེ་བས་ན་བརྐུས་པ་པ་ཉིད་བཏགས་པ་མ་ཡིན་ནོ།། དོགས་པ་དེ་གཉིས་བསལ་བའི་ཕྱིར་མདོ་འདི་བསྟན་པར་རིག་པར་བྱའོ།། གནས་དང་བཅས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རྫས་གང་གནས་དང་ལྷན་ཅིག་ཏུ་བརྐུས
་དེ་ཡང་མ་བརྐུས་པ་མ་ཡིན་བརྐུས་པ་ཁོ་ན་ཡིན་ནོ།། རྫས་ཀྱི་གནས་ལས་མི་སེལ་བ་ཉིད་དུ་གང་དུ་གནས་ལ་སེལ་བར་བྱེད་པ་འདི་ནི་འདིར་གནས་དང་བཅས་པ་ལ་རྐུ་བར་རིག་པར་བྱའོ།། འདིར་སྦྱོར་བ་དང་བྲལ་བ་ཉིད་ནི་དེ་ཉིད་དེ
་གནས་དང་གབ་བཅས་པར་ཡང་བརྐུས་པ་ཉིདབདག་པོ་ལ་རྫས་དང་སྦྱོར་བ་བྲལ་བ་ཉིད་ཀྱི་ཕྱིར་རོ།། འདིར་གཞུང་ནི་ཇི་སླད་དུ་བཅོམ་ལྡན་འདས་ཀྱིས་ཡོ་བྱད་ལྕི་བ་གནས་ནས་སྤྲོ་བར་བྱེད་ནི་མཐའི་ལྟུང་བར་འགྱུར་རོ་ཞེས
་བཀའ་སྩལ་ན། དགེ་སློང་གིས་ཡོ་བྱད་ལྕི་བ་གནས་ལས་མ་སྤྲོས་པར་བརྐུས་ན་མཐའི་ལྟུང་བར་འགྱུར་བ་མཆིས་སམ། ཡོད་དེ་གནས་གང་ན་འདུག་པ་དེ་གནས་དང་བཅས་ཏེ་བརྐུས་ནའོ་ཞེས་གསུངས་པ་ཡིན་ནོ།། བསད་པ
་ཉིད་ནི་བརྐུས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་ན་འདི་ཙམ་གྱིས་བརྐུས་པ་ཉིད་དུ་འགྱུར་བ་མ་ཡིན་ནོ།། འདིར་གནས་ནས་སྤྲོས་པ་ཉིད་བསད་པ་དང་ལྷན་ཅིག་ཏུ་གྱུར་པ་འམ་ཕྱིས་བརྐུས་པ་ཞེས་བྱ་བར་གྲུབ་པའོ།། ཕྱོགས
་གཅིག་ཏུ་གནས་ནས་མ་འཕགས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་གནས་གང་ཞིག་ལ་གནས་ནས་སྤྲོས་པར་གྱུར་པ་ལ་རྫས་རྒྱུད་གཅིག་ལ་ཕྱོགས་འགའ་ཞིག་གནས་དོར་བར་གྱུར་ཏེ་གཞན་ཅུང་ཟད་ཀྱང་མ་གྲོལ་པོ་ནི་འདོར
་བ་དེ་ལ་འདི་བྱས་པ་ཉིད་མ་ཡིན་ནོ།། ཐམས་ཅད་ཀྱིས་དོར་བ་ལ་བྱས་པ་ལ་ཉིད་ཅེས་བྱ་བའི་དོན་ཏོ།། ལྟུང་བ་ནི་དེ་ལས་ཁྱེར་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུ་རྣམས་ལ་དེས་ལྟུང་བས་ཏེ། སྔོན
་དུ་འདོགས་པ་ལ་རང་གི་གནས་ནས་ཕྱུང་བ་ལ་ལྟུང་བ་དེ་ཉིད་རྐུ་བའོ།། དེར་འོག་ཏུ་ས་འམ་གོས་ལ་སོགས་པ་གང་ཡིན་པ་དེ་ནི་མཆོག་གིས་རྩེརྩིགས་མ་ཐོབ་པའི་བདག་ཉིད་ཅན་གྱི་ལྟུང་བ་ནི་འདིར་བརྐུས་པར་རིག་པར་བྱའོ།། འདིར
་ཡུལ་དུ་ཐོབ་པར་བྱེད་པའི་བློ་ཡང་དག་པར་གནས་ཏེ་བསྡུས་པའི་བློ་ནི་མ་ཡིན་ནོ།། ཇི་ལྟར་བསྡུས་ཏེ་བཞག་པ་ལ་དེ་བས་ན་འདིར་བརྐུས་པ་ཉིད་དུ་ཤེས་པའོ།། འདིར་མངོན་པར་འདོད་པས་ཡུལ་གྱི་རྣམ་པར་བཞག་པའོ།། གང་དུ
་རྟེན་ཉིད་ཀྱིས་འགྲོ་བར་བྱ་བ་མ་ཡིན་པ་འམ། འགྲོ་བར་བྱ་བ་མངོན་པར་འདོད་པས་དེ་འདིར་ཡུལ་ལོ།། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ཤིང་ཐོག་རྣམས་སྤྲུགས་ཏེ་ལྟུང་བར་བྱས་ནས་བརྐུས་ནི་ལྟུང་བ་ཅིར་འགྱུར། གལ་ཏེ
་སྦྱོར་བ་གཅིག་གིས་མ་ཤཾ་ཀཱ་ལཱ་ལ་སོགས་པ་ཚང་ན་མཐར་འགྱུར་རོ།། ཅི་སྟེ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། འཛག་པ་དང་འབྲུལ་བར་བྱེད་པའི་བུ་གུ་ལུས་ནི་མཾ་བྱུང་ནའོ་ཞེས་བྱ་བ་ལ། འཛག་པར
་བྱེད་པའི་བུ་གུ་ཞེས་བྱ་བ་ནི་དཔེར་ན་ཆུ་ཀླུང་ལ་སོགས་པའོ།། ལག་པས་བྱས་པ་དང་རྐང་པས་བྱས་པ་ནི་དཔེར་ན་གཞིའི་ཆོས་ཅན་རྫོགས་པའི་བང་མཛོད་ལ་སོགས་པ་ལ་བུ་ག་ནི་དེ་བསལ་བ་མ་ཡིན་པ་ལ་ངེས་པར་བྱུང་ནའོ།། །
་དེ་བས་ན་ཆུ་ཀླུང་དང་བང་མཛོད་ལ་སོགས་པ་ལ་རྐུ་བའོ།། འདིར་ཐ་མ་དེ་ཚུན་ཆད་རྫས་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། འདི་ལ་ནི་བྱུང་བ་ཐ་མ་ལས་ཇི་སྲིད་དུ་འདིར་བུ་ག་ལས་རྫུས་ཐམས་ཅད་གཅིག་པ་ཉིད་དེ། དེ་ཐམས་ཅད
་ཀྱི་རིན་ཐང་གིས་ལྟུང་བ་རྣམ་པར་བཞག་པ་ཞེས་བྱ་བའི་དོན་ཏོ།། གང་ལེ་ལོ་ཐོག་བསྐྱེད་པ་ལ་སོགས་པའི་དགོས་པ་ལ་རྩེ་གཅིག་པ་ཉིད་མ་བསྟེན་པར་ཆུ་རྐུ་བ་ལ་སོགས་པ་དེའི་དོན་དུ་ཆུ་འདི་བརྗོད་པར་རིག་པར་བྱའོ།། འདིར
་གཞུང་ནི་བཙུན་པ་དགེ་སློང་གི་འབབ་ཆུ་བཅད་ནས་རྐུ་ན་ལྟུང་བ་ཅིར་འགྱུར། ཆུའི་ཕུང་པོ་དང་པོ་ནས་བཟུང་སྟེ། ཇི་སྲིད་ཐ་མའི་བར་གྱི་རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚད་ན་ནི་མཐའི་ལྟུང་བར་འགྱུར་རོ།། དངོས་པོ་མ་ཚང་ན་ནི
་ཉེས་པ་སྦོམ་པོར་འགྱུར་རོ།། བཙུན་པ་དགེ་སློང་གིས་བང་བ་བརྟོལ་ཏེ། འབྲུ་རྐུ་ན་ལྟུང་བ་ཅི་རུ་འགྱུར། སྦྱོར་བ་གཅིག་གིས་རྐུ་བ་ཉིད་ཚུན་ཆད་ཀྱི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། འདིར་འབུགས་པ་ཉིད་སྦྱོར་བ
་སྟེ། གཞན་མེད་ན་པའི་ཕྱིར་དེས་བུག་པ་བྱས་ལ། ཇི་སྲིད་རང་ཉིད་འབྱུང་བ་དེ་སྲིད་དེས་སྦྱོར་བ་གཅིག་བྱས་པ་བརྗོད་པར་རྣམ་པར་གནས་སོ།། ཕུང་པོ་ལས་རྐུ་ནི་ནི་ལན་རེ་རེའི་ཞིང་བླངས་པ་ཟད་དོ་ཞེས་བྱ་བ་ནི་བླངས་པ་རེ་རེ
་ཕུང་པོ་ལ་རྐུན་ཐ་དད་པའོ།། བསྡུས་པ་ལས་སེལ་བ་འདིར་བསྡུས་པའི་བློ་ལ་ཡང་དག་པར་གནས་པ་ཡོད་པ་མ་ཡིན་ནོ།། བཏུས་པ་བཞིན་དུ་ནི་འདིར་རྣམ་པར་བཞག་པ་མ་ཡིན་ནོ།། འདིར་གཞུང་ནི་བཙུན་པ་དགེ་སློང
་གིས་འབྲུའི་ཕུང་པོ་ལས་བཅད་དེ་འབྲུ་རྐུན་ལྟུང་བ་ཅིར་འགྱུར། རིན་ཐང་བརྩི་བར་བྱ་སྟེ། གལ་ཏེ་སྦྱོར་བ་གཅིག་གིས་དངོས་པོ་ཚང་ན་ནི་མཐའི་ལྟུང་བར་འགྱུར་རོ།། གལ་ཏེ་མཚང་ན
་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། དཔྲལ་བར་བྱ་བ་དུ་མ་ཉིད་ཡིན་ན་དེའི་ཆ་སོ་སོརའོ་ཞེས་བྱ་བ་བརྐུས་པོ་ཐ་དད་དོ་ཞེས་སྦྱོར་རོ།། དེ་རྣམས་ནི་སྦྱར་བ་དང་རྣམ་པར་དཔྲལ་བར་བྱ་སྟེ། གང་རྣམས་ཀྱི་རྫས་རྐུ་བ
་དེ་རྣམས་དུ་མ་ཉིད་ལ་རེ་རེའི་ཆ་གང་ཡིན་པ་རེ་རེའོ།། དེའི་དོན་དུ་རྐུ་བ་ཐ་དད་པའོ།། བརྐུ་བར་བྱ་བའི་རྫས་ཀྱི་བདག་པོ་གཅིག་ལ་དེའི་ཆ་གང་ཡིན་པ་དེའི་རིན་ཐང་གང་གིས་ལྟུང་བ་གཅིག་གོ།། གཉིས་པ་ལ་གང་ཞིག་དེའི
་རཱིནྡ་ཐང་གིས་གཞན་ནོ།། གསུམ་པ་ལྔ་གང་ཞིག་དེའི་རིན་ཐང་གིས་གཞན་ནོ།། དེ་ལྟར་ན་དེ་བཞིན་དུ་བཞི་པ་ལ་སོགས་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ།། སྦྱར་བ་དང་དབུལ་བར་བྱ་བ་ལ་སོ་སཱ་ཏེ་རིན་ཐང་ཚང་བ་ནི་གང
་གྲི་ངོ་བོ་གཞན་དང་གཞན་ཞེས་བྱ་བ་འདི་འདིའི་ཤེས་པའོ།། རྐུན་པོ་རྣམས་ཀྱང་ངོ་ཞེས་བྱ་བ་ལ་ཡང་དུ་མ་ཉིད་ཡིན་ན་སོ་སོའི་སྐལ་བའི་ཆ་སོ་རྐུས་པ་ཐ་དད་དོ་ཞེས་སྦྱར་རོ།། དེར་རྐུ་བ་པོ་གཅིག་ལ་ཆ་ཇི་ཙམ་པ་དེ་ཙམ
་གྱི་རིན་ཐང་གིས་དེ་ལ་ལྟུང་བའོ།། གཉིས་པ་ལ་ཇི་ཙམ་པ་དེ་ཙམ་པ་དེ་ལ་ལྟུང་བའོ།། དེ་བཞིན་དུ་གསུམ་པ་ལ་སོགས་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ།། སྦྱར་བར་བྱ་བ་དང་འབྲལ་བ་ཉིད་ལ་དུ་མ་ཡིན་ན་རྐུ་བའོ་རྣམས
་ལཱ་ཡང་དུ་མ་ཉིད་ལ་བསྒྲུབ་པ་གཅིག་གོ། སྦྱར་བར་བྱ་བ་དང་དཔྲལ་བར་གཅིག་ལ་ཆ་ཇི་ཙམ་པ་དེའི་དེ་ལས་རྐུ་བ་པོ་གཅིག་ལ་ཆ་ཇི་ཙམ་པ་དེའི་རིནཱ་ཐང་གིས་དེ་ལ་ལྟུང་བ་གཅིགོ། སྦྱར་བར་བྱ་བ་དང་དཔྲལ་བར་བྱ་བའི་གཉིས
་བའི་ཆ་གང་ཡིན་པ་དེའི་རིན་ཐང་གིས་གཉིས་པ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་བྱའོ་མདོ་འདི་དག་གི་གིཞུང་ནི་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་མ་ཤ་ཀ་ལྔ་ལོ་སོགས་པ་རྐུས་ན་ལྟུང་བ་མཐར་འགྱུར
་ཞེས་གསུངས་པ་ལ། དགེ་སློང་ཤིན་ཏུ་མང་པོ་དག་གིས་བརྐུས་ན་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ། སྐྱེ་བོ་མང་པོ་ལ་བརྐུས་ནི་ཉེས་པ་སྦོམ་པོར་འགྱུ་རོ།། དེ་བཞིན་དུ་སྐྱེ་བོ་མང་པོ་རྣམས་དང་ལྷན་ཅིག་ཏུ་རྐུ་ན་ཡང
་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། འདིར་སྐྱེ་བོ་མང་པོ་ཞེས་བྱ་བའི་ཚད་ནི་གཅིག་གི་ཆས་དངོས་པོ་ཚང་བར་མི་འགྱུར་བ་དེ་སྙེད་དུ་སྐྱེ་བོ་མང་པོ་དེ་ལ་དགོངསོ་ནས་ཉེས་པ་སྦོམ་པོའི་ཚིག་འདི་རྣམ་པར
་གནས་པ་ཡིན་ནོ།། འདི་ལ་བློ་གྲོས་དུ་མ་ཉིད་ཡིན་ན་ཐོབ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ལ་རྐུན་པོ་རྣམས་དུ་མ་ཡིན་རྫས་གང་ལ་མ་སྐྱེས་པོ་ལ་བློ་གྲོས་གཅིག་པ་ནི་བཏུས་ནས་བྱེད་པ་ཉིད་དོ།། བློ་གྲོས་ཐ་དད
་པ་འབྱུང་ཞིང་རྐུན་པོ་མང་པོ་རྣམས་རྣམ་པར་བསྒྲུབ་པ་ཡིན་ཏེ། དེར་རྫས་དེ་ལ་ཐོབ་པ་ནི་བརྐུས་པ་སྟེ་སྤྲོས་པ་ནི་མ་ཡིན་ནོ།། གང་གི་ཚེ་འབྲེལ་པ་དང་བཅས་པ་ཉིད་ཀྱི་ཐོབ་པའི་སྔ་རོལ་ཏུ་བདག་གིར་བྱེད་པ་ལ་འདིར
་མི་བསྐྱེད་པ་ཉིད་དོ།། འདིར་གཞུང་ནི་བཙུན་པ་མུན་ཁྲོད་དུ་ཆོས་གོས་བཞག་པ་ལ་དགེ་སློང་བཞིས་སུ་ན་ལྟུང་བ་ཅིར་འགྱུར་བཀའ་སྩལ་པ་ཉེས་པ་སྦོམ་པོར་རོ།། ལན་འགའ་མཐར་འགྱུར་ཏེ། གང
་གི་ཚེ་ཆ་བཞིར་བྱས་པ་དེའི་ཆ་རེ་རེས་ཀྱང་དངོས་པོ་ཚང་ན་མཐའི་ལྟུང་བར་འགྱུར་རོ།། མ་ཚང་ན་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་དངོས་པོ་དང་བདག་པོ་དང་རྗེས་སུ་བསྒྲུབ་པ་དང་། མཐར་ཐུག་པའི་སྐབས
་དེ་རྣམས་ཀྱིས་མ་བྱིན་པར་ལེན་པའི་སྐབས་དག་གི་ཆོ་ག་རྣམ་པར་རིག་པར་བྱའོ།། ཕམ་པར་འགྱུར་བ་གཉིས་པའི་ཞུ་བའི་སྐབས་སོ།། །། བླང་བའི་སྔ་རོལ་ཏུ་ཤི་བ་ཉིད་དུ་གྱུར་ན་བཞག་པར་ཉིད་དོ་ཞེས་བྱ་བ
་བླང་བར་བྱེད་པ་དེའི་བླང་བ་སྟེ་བཟུང་བའོ།། རྣམ་པར་འབྱེད་པའི་དུས་ལ་སྔར་ཚེ་བཟུང་བས་གལ་ཏེ་རབ་ཏུ་བྱུང་བ་ཤི་བ་ཉིད་དུ་གྱུར་ན་གང་ལས་ཆ་འདི་བླངས་པ་དེ་ཉིད་ལ་འདིའི་བཞག་པ་ཉིད་དེ། དེ་ཤི་བའི་ཡོ་བྱད་ཉིད་ནི་མ་ཡིན་ནོ།།
་བཟློག་པ་ན་ཤི་བའི་ཡོ་བྱད་ཉིད་དོ་ཞེས་བྱ་བ་ནི་ཅི་སྟེ། ཤི་བ་ལས་སྔ་རོལ་ཏུ་རྫས་བླངས་པར་གྱུར་ན་དེའི་ཚེ་ཤི་བ་དང་འབྲེལ་བ་ཉིད་དོ།། གང་ལས་བཟུང་བ་དེ་ལ་དེར་སོ་སོར་སྦྱིན་པར་བྱ་བ་ཉིད་ནི་མ་ཡིན་ཏེ། ཤ~ཾ་བའི་ཡོ་བྱད་ཉིད
་ཁོ་ན་འདི་ལ་ཞེས་བྱ་བའི་དོན་ཏོ།། དགེ་འདུན་ནི་ཕུ་ནུ་དང་འདྲ་བས་དེའི་ཆེད་དུ་རྐུ་བ་ནི་བདག་གིར་མི་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ། དཔེར་ན་ཕོ་ནུ་རྣམས་ནོར་གཅིག་པ་རྣམས་ལ་སོ་སོར་ཐམས་ཅད་དུ་ནོར་མ་བགོས་པས་བདག
་གིར་བྱ་བའི་བློ་འབྱུང་བ་དེ་བཞིན་དུ་དགེ་སློང་རྣམས་ཀྱང་དགེ་འདུན་གྱིའོ།། དེ་བས་དགེ་འདུན་གྱི་དོན་དུ་རྐུ་བ་གང་ཡིན་པ་འདི་ནི་བདག་གིར་བྱ་བ་མ་ཡིན་ནོ།། ཕམ་པ་ཉིད་གཅིག་གིས་དགེ་འདུན་གྱི་ཆེད་དུ་མ་ཤཱ་ཀ་ལྔ་ཙམ་གྱི་དངོས་པོར་བརྒྱུས
་པ་ལ་སོ་སོར་དགེ་སློང་རྣམས་ཀྱི་སྐལ་བ་ཚད་མ་ཡིན་པས་སྦོམ་པོའི་ལྟུང་བ་མེད་ཅེས་བྱ་བ་འདི་རྣམ་པར་གནས་པ་ཡིན་ནོ།། འདིར་གཞུང་ནི་དགེ་སློང་གཉུག་མར་གནས་པ་དགེ་འདུན་གྱི་ཞིང་རྨེད་དུ་འཇུག་པ་དེས་ཉེན་བོར་ན་ཁྱིམ་བདག་གི་ཞིང
་འདུག་པ་ཡང་རྨེད་དུ་བཅུག་པ་དང་ཁྱིམ་བདག་འོངས་ཏེ་སྨྲས་པ། བཙུན་པ་ཅིའི་ཕྱིར་བདག་གི་ཞིང་རྨེད་དུ་བཅུག་སྨྲས་པ། འདི་ཁྱོད་ཀྱི་མ་ཡིན་གྱི་དགེ་འདུན་གྱི་ཞིང་ཡིན་ནོ།། སྨྲས་པ་བཙུན་པ་ཁོ་བོས་མི་མ་ཡིན་པའི་ཚེ་གཞི་བསྟན་པར་བྱའོ།། ཁྱིམ
་བདག་དེ་རྣམས་ལ་ཡུལ་ཆོས་རྙིང་པས་མཚམ་སུ་ཕུར་པ་བཏབ་པ་དེ་བརྐོས་ནས་བསྟན་པ་དང་། དགེ་སློང་གིས་བརྐུས་པ་དང་འཕྲོགས་པ་ན་དེས་ཁྱིམ་བདག་དེ་སོང་བ་དང་ཕུར་པ་དང་ནང་དུ་བསྐུར་ནས་ཞིང་དེ་རྨོས་པ་དང་། ཁྱིམ་བདག་ཡང་འོངས་ཏེ་སྨྲས
་པ། བཙུན་པ་ཁྱོད་ནི་ཁ་ཚང་ཕམ་པར་བྱས་ཏེ་ད་དུང་ཡང་ཅིའི་ཕྱིར་རྨེད་པར་བྱེད་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དངོས་པོ་ཚང་ན་ཕམ་པའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། འདིར་གཱམྦྷ་ཏྲ་དངོས
་པོ་ཚང་ན་ཞེས་བྱ་བའི་ཚིག་གིས་འདི་ལ་དེར་སྐལ་བ་གང་ཡིན་པ་དེ་ལས་ལྟུང་བ་འདི་བསྐྱེད་པར་མངོན་པར་འདོད་པ་ཞེས་བྱ་བ་ཤེས་པར་བྱ་བ་ཡང་མ་ཡིན་ཏེ། མ་ཤ་ཀ་ལྔ་ཉིད་ཀྱི་ཕྱིར་སྦྱིན་པར་གྱུར་པའི་ཞིང་ལ་མི་རིགས་པའི་ཕྱིར་ཞེས་བྱའོ།། ཏེ་ལ་ཙམ
་ལ་སོགས་པ་ལ་རིག་པའི་ཕྱིར་དང་། ཚད་མེད་པ་ཉིད་ཀྱིས་ཀྱང་དགེ་སློང་རྣམས་ལ་ཡོངས་སུ་རྫོགས་པ་ཉིད་མི་རིགས་པ་ཉིད་ཀྱི་ཕྱིར་དངོས་བཞིའི་ཆོ་ག་ལ་རྣམ་པར་མི་འབྱེད་པ་ཉིད་ཀྱི་ཕྱིར་སྐལ
་བ་རྣམ་པར་བཅད་པས་གནས་པ་མི་རིགས་པའི་ཕྱིར་རོ།། བདག་པོ་ཐ་དད་པ་མ་ཡིན་པ་ནི་རང་གི་དང་འདྲའོ་ཞེས་བྱ་བ་ནི་གང་དང་འབྲེལ་པའི་རྫས་དེ་ཉིད་ལ་རྐུ་བ་གང་ཡིན་པ་དཔེར་ན་དགེ་འདུན་གྱི་ཡོ་བྱད་ལ་གནས་ནས་དགེ་འདུན་གྱི་དོན
་ཉིད་དུ་སྤྲོ་བར་བྱེད་ཅིང་ཇི་ལྟར་རང་གི་དོན་འདི་ལྟ་བུ་འདི་རིག་པར་བྱའོ།། དཔེར་ན་རང་གི་རྫས་རྐུ་སེམས་ཀྱིས་བླངས་ན་སྦོམ་པོར་འགྱུར་བ་དེ་བཞིན་དུ་འདིར་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་གཉུག་མར
་གནས་པས་ཕྱོགས་བཞིའི་དགེ་འདུན་གྱི་ཡོ་བྱད་རྐུ་སེམས་ཀྱིས་གནས་ནས་གནས་གཞན་དུ་སྨོས་པ་དང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྟུང་བ་ཕམ་པར་ནི་མི་འགྱུར་རོ།། ཉེས་པ་སྦོམ་པོར་མི་འགྱུར་རོ།།
་ཞེས་གསུངས་པ་ཡིན་ནོ།། བདག་པོ་ཐ་དད་པ་ཉིད་ལ་སྡེ་པ་ཐ་དད་པ་ལ་སོགས་པ་གནས་དག་ལ་གལ་ཏེ་འདི་ལ་གང་དུ་འཕོ་བ་ཡོད་ན་དེའི་བདག་པོ་རྣམས་ལ་ཁོངསུ་བསྡུས་པ་ཉིད་དོ།། ཚང་བ་ཕམ་པ་སྟེ་གལ་ཏེ་མ་ཡིན་ན་སྒོམ
་པོ་སྟེ། གཞན་དོན་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྣམ་པར་གནས་སོ།། དེ་བས་ན་བདག་པོ་ཐ་མི་དད་པ་ལ་འདི་རྣམ་པར་ཤེས་པའོ།། འགོད་པ་གཙོ་བོ་ཉིད་རྐུ་བ་ལ་ཐམས་ཅད་ལ་སྦྱོར་བའི་ཕྱིར་འཇུག་པ་ལ་ཕུ་ནུའམ་གཞན་ལ་སྐལ་བ་ལ
་གཙོ་བོ་ཉིད་དོ།། དེ་བས་ན་ཆོ་གུ་གཉིས་པོ་འདི་དགུ་ལ་ཡང་འགོ་བའི་དོན་ལ་རང་གི་སྐལ་བ་ཉིད་རྣམ་པར་བཞག་པ་ཞེས་བྱ་བར་རིག་པར་བྱའོ།། ཕྱིར་ལྡོག་གམ་མི་བླང་བར་ངེས་པ་ན་ལྷག་མ་རྣམས་ཀྱི་བརྐུས་པ་ནི་དེའི་ཡན
་ལག་མ་ཡིན་ནོ།། ཞེས་བྱ་བ་ནི་ཚོགས་ནས་རྐུ་བའི་དོན་དུ་སོང་བ་རྣམས་ལ་གང་ཞིག་ལ་ཚོམས་དེ་ལས་ཕྱིར་ལོག་པ་ནི་སོ་སོར་ཐོབ་པ་གཞོན་དང་ཕྱིར་ལོག་པའོ།། བདག་འདི་རྣམས་དང་ལྷན་ཅིག་ཏུ་སོང་ཡང་མ་བྱིན་པར་ལེན
་པར་མི་བྱེད་ཞེས་བྱ་བ་འདི་ལྟར་མི་ལེན་པའི་ངེས་པའོ།། དེར་རྐུན་པོ་ལྷག་མ་རྣམས་ཀྱིས་བརྐུས་པ་ནི་དེ་ལོ་རྐུ་བ་དེའི་ཡན་ལག་ཉིད་མ་ཡིན་ཏེ། རྐུན་པོ་རྣམས་དང་ལྷན་ཅིག་ཏུ་བྱ་བ་གཅིག་པ་ཉིད་མེད་པའི་ཕྱིར་རོ།། འདིར་ཚོགས
་ཏེ་འགྲོ་བ་ནཱ་སྦྱོར་ཧཱུ~ཾ་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་ཏེ། བླང་བའི་སྔ་རོལ་ཏུ་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ།། ཆ་བདག་གིར་བྱ་བར་འདོད་པ་ནི་མི་བླང་བའི་བསམ་པ་མ་ཡིན་ནོ་ཞེས་བྱ་བ་ནི་མི་བླང་བའི་བསམ་པ་ཅན་ལ་མ
་བྱིན་པར་ནི་མི་བླང་ངོ་།། བགོ་སྐལ་གྱི་ཆ་ནི་བདག་གིར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ངོ་བོ་རྐུན་པོ་རྣམས་དང་འགྲོགས་པའི་དྲོན་དུ་སོང་བ་ལ་སྐལ་པ་ལེན་པར་འདོད་པ་གང་ཡིན་པ་དེ་ནི་མི་བླང་བའི་བསམ་པ་མ་ཡིན་ནོ།། འདིར
་བསྙེན་པ་ལ་སྐལ་བ་དང་ལྡན་པ་ཉིད་ནི་འདིའོ།། དེ་བས་ན་འདི་ལ་བླང་བའི་བསམ་པ་ཁོ་ནའ་ཡིན་ནོ།། འདི་ལྟ་བུར་གྱུར་པའི་འདོད་པ་ལྷག་མ་རྣམས་ཀྱིས་བརྐུས་པ་ལ་བརྐུས་པའི་ཆ་དང་ལྡན་པ་ཉིད་དོ།། དེར་གཏོགས་པའི་ལས
་རྗེས་སུ་བསྒྲུབ་པ་ནི་དེའི་མ་ཡིན་པ་མ་ཡིན་ནོ།། ཞེས་བྱ་བ་ནི་རྐུན་པོའི་བྱ་བ་དེར་གཏོགས་པའི་ལམ་བསྲུང་བ་ལ་སོགས་པ་དག་རྗེས་སུ་བསྒྲུབ་པ་ནི་རྐུ་བ་དེའི་རྗེས་སུ་བསྒྲུབ་པ་མ་ཡིན་པ
་མ་ཡིན་ནོ།། སྐུལ་བ་ཉིད་ཀྱི་ཕྱིར་ཡང་འདི་ལ་ལྟུང་བ་གྲུབ་པའོ།། བྱ་བའི་རང་གི་ངོ་བོ་ཡང་བསལ་བར་འགྱུར་བ་ཞེས་བྱ་བ་འདིའི་ཚིག་གོ།། ལྷན་ཅིག་གནས་པ་ཉིད་དང་ཉེ་གནས་ཉིད་ཀྱང་བརྐུས་པར་མི་འགྱུར་བའི་རྒྱུ་མ་ཡིན
་ནོ་ཞེས་བྱ་བ་ནི་རྣམ་པ་འདི་དོག་གིས་རང་ཉིད་མ་ཡིན་པ་གཞན་ངག་གིས་བླངས་པ་དག་དང་ལྷན་ཅིག་གནས་པ་ཉིད་དང་ཉེ་གནས་ཉིད་ངག་རང་གིས་བརྐུས་པ་ཡང་བརྐུས་པའི་ཉེས་པར་མི་འགྱུར་བའི་རྒྱུ་མ་ཡིན་ཏེ། འདིར
་བརྐུས་པ་ཁོ་ནར་འགྱུར་རོ།། བླངས་པ་ཉིད་ནི་འདི་དག་གིས་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་རྟོགས་པར་བྱའོ།། ཡོངས་སུ་བསྐོར་བའི་མཚམས་ཉིད་གཙོ་བའོ།། མཚམས་གནས་པ་སྤྲོས་པ་ཡང་འདིས་མ་བསྡུས
་པ་མ་ཡིན་ནོ།། ཞེས་བྱ་བ་ནི་མཚམས་དང་འབྲེལ་བའོ།། འདིར་ཡོངསུ་བསྐོར་བ་ཞེས་སྨོས་པ་མཚམས་གཙོ་བོར་རིག་པར་བྱའོ།། ཡོངས་སུ་བསྐོར་བ་ཉིད་ལ་ནི་མི་བྱའོ།། དེ་བྱས་ན་མི་མཐུན་པ་དང་ལྷན་ཅིག་གན་སུ
་པས་ཕུར་པས་བརྐོ་བ་ལ་སོགས་པ་གང་ཡིན་པ་མཚམས་དེའི་སྤྲོས་པ་ཡང་འདིས་མ་བསྡུས་པ་མ་ཡིན་ནོ།། འདི་ཡང་འདིར་རྐུ་བ་ཉིད་ཀྱིས་བརྗོད་པ་རྟོགས་པར་བྱ་ཞེས་བྱ་བའི་དོན་ཏོ།། མངོན་སུམ་དུ་བླངས་པ་ཡང་མི་སྣང་བ་ཉིད
་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ལ་དབང་པོ་དང་ཉེ་བ་ནི་མངོན་སུམ་མོ།། དེའི་དངོས་པོ་འབུལ་བླངས་པ་ནི་མངོན་སུམ་གྱིས་བླངས་པའོ།། དེར་ཡང་མི་སྣང་བ་ཉིད་ན་བརྐུས་པ་ཡོན་གྱི་ཕྱི་བཞིན་འབྲང་བ་དང་ནང་བྱན་གཉིས་མི་སྣང་བར
་གྱུར་པ་འབའ་ཞིག་ཏུ་མ་ཟོད་དོ།། དེ་བས་ན་བདག་པོ་གཟུང་བར་བྱེད་པ་ལ་ཡང་ཇི་སྲིད་དུ་མཐོང་བའི་བར་ལ་བརྐུས་པར་མི་འགྱུར་ཏེ། དེ་ལྟར་ཡང་རྫིས་འདི་དང་རྣམ་པར་བྲལ་བར་མི་འགྱུར་ཞེས་བྱ་བར་སྦྱོར་བ་དང་བྲལ་བ་ཉིད་ནི་ཉེས
་བྱས་སོ།། དེ་བས་ན་ནན་གྱིས་རྐུ་བ་ཡང་ཆོ་ག་འདི་ཡོད་པར་རིག་པར་བྱའོ།། འདིར་གཞུང་ནི་དགེ་སློང་གིས་བེའུ་རས་འཚོང་པ་བག་མེད་པར་གྱུར་པ་ལས་བེའུ་རས་བརྐུས་ཏེ། དེས་དེར་ཁྱེར་ཏེ་འགྲོ་བ་ནི་བེའུ་རས་འཚོང་བ་ངེས
་མཐོང་ནས་དེས་དགེ་སློང་དེ་ལ་སྨྲས་པ། བེའུ་རས་མ་ཕྲོག་ཅིག། དགེ་སློང་གིས་སྨྲས་པ་བསྟན་ལ་ཁྱེར་ཏེ་འོང་བར་བྱའོ།། དེས་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བར་ནི་མི་འགྱུར་ཏེ།
་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་གསུངས་པ་ཡིན་ནོ།། འདིར་མི་སྣང་བ་ཉིད་ལས་གཞན་དུ་ལྟུང་བའི་ཚིག་ལ་རྒྱུ་མཐོང་བ་ཡིན་ཏེ། སྦྱོར་བ་ཉིད་ཀྱི་ཕྱིར་འདིར་ཉེས་པ་སྦོམ་པོར་བརྗོད་པ་ཞེས་བྱ་བ་འདིར་ན་ཤེས་པ་ཡིནོ།།
་མི་མཐུན་རྐུ་བ་ནི་དབང་དུ་བྱས་པ་ཉིད་ནའོ་ཞེས་བྱ་བ་ནི་ནན་གྱིས་ལེན་པ་ལ་མི་ལ་བག་ཕེབས་ཤིང་དབང་དུ་བྱས་པ་ཉིད་ནི་བརྐུས་པ་ཡིན་ནོ།། འདིར་མི་ཞེས་སྨོས་པའི་སྒྲ་འདི་ནི་རིགས་ལོ་བསྙགས་པ་དེས་ན་སྐྱེས་པ
་འབའ་ཞིག་ཏུ་མ་ཟད་དེ་བུད་མེད་ལ་སོགས་པ་ལ་ཡང་ཡོད་པར་རིག་པར་བྱའོ།། གཞན་དང་ལྷན་ཅིག་ཏུ་གཙུག་ལག་ཁང་ལ་སོགས་པ་ལས་རྐུ་བ་ནས་དབང་དུ་བྱས་པ་ལས་གྲོལ་བ་གང་ཡིན་པ
་དེའི་དོན་དུ་ཡང་འདི་དེ་ལྟར་བླང་བར་བྱས་པ་ལ་གྲོལ་བ་ན་རྐུ་བ་བསྐྱེད་པ་ཞེས་བྱ་བའི་དོན་ཏོ།། དེ་བདག་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་རྣམས་ཀྱི་བདག་ཉིད་དབང་དུ་བྱས་པ་ནི་གཞན་རྣམས་ཀྱི་བདག་ཉིད་དབང་དུ་བྱ་བ
་ལ་སྐབས་གྲོལ་བ་གང་ཡིན་པ་འདི་ནི་རྐུ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་བདག་ཉིད་ལ་བརྒས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ།། གང་བསམས་པ་དེ་དང་འབྲེལ་བས་མ་བསམས་པ་བླངས་པ་བརྐུས་པ
་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ཞེས་བྱ་བ་དང་སྦྱར་རོ།། འདི་ལྟར་མ་བསམས་པ་ནི་རྐུ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་གིས་རས་སྦྱར་མ་མ་བྱིན་པར་བླངས་ནས་དེ་བརྐུས་ཏེ་བར་ཕྱེ་བ་དང་དེའི་བར་ནས་དར་རིན
་ཐང་ཆེན་པོ་བྱུང་ནས་དེ་འགྱོད་པ་བསྐྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་སྒྱུར་མའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། འདིར་ངར་རིན་ཐང་ཆེན་པོ་ནི་རྐུ་བར་བསམས་པ་མ་ཡིན་པས་དེ
་བས་ན་ལྟུང་བར་མི་འགྱུར། སྦོམ་པོ་ནི་གང་གི་གང་ལེན་པ་དེ་དེའི་རྣམ་པར་བཞག་པ་ལ་གཞན་གྱིར་རྐུ་བའོ་ཞེས་བྱ་བ་ལ། སྦོམ་པོ་ནི་ཞེས་བྱ་བའི་ཚིག་དེ་དང་པོར་སྨོས་པ་ནི་དབང་དུ་བྱས་པ་ཉིད་བསྟན་པའི་ཕྱིར་རོ།།
་གང་ཞིག་གང་ལེན་པ་དེའི་དེ་ཞེས་བྱ་བ་འདིའི་རྣམ་པར་བཞག་པ་ལ་བསྡུས་ནས་འཇུག་པ་རྣམས་ལ་གཞན་གྱི་ནོར་རྐུ་བ་ལ་གང་ཞིག་གྲོགས་ཀྱི་ཕྱིར་འགྲོ་བ་སྟེ། བདག་གི་དོན་དུ་ན་མ་བྱིན་པར་ལེན་པར་འདོད་པ་ནི་ཉེས་པ་སྦོམ་པོར
་རོ།། དེར་གཞན་གྱི་དོན་ཉིད་དུ་ན་ཡང་དངོས་གཞིའི་རྣམ་པའོ་ཞེས་སྨོས་པ་ནི་མདོ་འདི་སྤྲོས་པའོ།། ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་ལོན་པ་པོ་ཞེས་བྱ་བ་ནི་འདིར་ལེན་པའི་བདག་ཉིད་ཅན་ཞེས་ཡོངསུ་འཛིན་པ་དང
་བཅས་པ་ཉིད་ལ་ཕམ་པར་བྱས་པ་ཉིད་དོ།། དེ་བས་ན་མ་བྱུང་བ་དང་འབྱུང་བར་འགྱུར་བ་ཉིད་ཀྱིས་བདག་གིར་བྱ་བ་ལ་སོགས་པའི་དབང་གིས་གང་ཞིག་རྣམ་པར་གནས་པ་ཉིད་འདིར་ཡོང་སུ་བཟུང་བ་དང་བཅས་པ་ཉིད
་འདི་རིག་པར་བྱའོ།། གང་རྣམས་ཀྱི་དུར་ཁྲོད་ཀྱི་དངོས་པོ་དེ་མ་བྱུང་བར་འགྱུར་བ་དེ་རྣམས་དང་དེ་ལ་ཡོངསསུ་འཛིན་པ་དང་བཅས་པ་ཉིད་དོ།། ཅི་སྟེ་ཤོ་གམ་བཞིན་འདིར་ཕམ་པ་ཡོད་པར་འགྱུར་རོ་ཞེས་ན། འདི་ནི་ཡོད་པ་མ་ཡིན་ཏེ
་སྐྱིན་པོ་བཞིན་དུ་ཤོ་གམ་ལ་སྦྱིན་པ་ཉིད་དོ།། འདི་ལྟར་དུར་ཁྲོད་ཀྱི་རྫས་དེ་དག་ལ་འཕོངས་པ་ཉིད་ཀྱིས་བླངས་པ་ཉིད་དོ།། བརྩེ་བ་མེད་པ་ཉིད་ཀྱིས་འདིའི་དོན་དུ་བསྲིས་ལ་སོགས་པ་ཉིད་ཀྱི་རྒྱུའོ།། དེ་བས་ན་མ་བྱུང་བ་དང་། འབྱུང
་བོར་མ་གྱུར་པ་ཉིད་ཡོད་ཀྱང་འདིར་མ་བྱུང་བ་རྣམས་ལ་ལོག་པར་མ་གྱུར་པ་དེ་དངོས་པོ་ལ་བདག་གིར་བྱ་བའི་བློ་ཡང་དག་པར་གནས་པའོ།། དེ་བས་ན་འདིར་ཕམ་པ་མི་སྐྱེད་པ་ནི་རྐུ་བའི་རྣམ་པ་འདི་ཡོངསུ་བཟུང་བ་དང་བཅས་པའི
་འདུ་ཤེས་ཀྱི་བཟུང་ཞེས་བྱ་བ་འདིར་ནི་ཉེས་པ་སྦོམ་པོར་ཤེས་པའོ་དངོས་པོ་ཚང་བ་ནི་སྦོམ་པོ་འདི་རྟོགས་པར་བྱའོ།། རྩ་བའི་ལྡུམ་ཞིང་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་ཀུན་དགའ་ར་བ
་ལ་སོགས་པ་གསང་སྔགས་བདག་གིས་སྐམས་པར་བྱེད་པའོ་ཞེས་བྱ་བ་ནི་གསང་སྔགས་གིས་ཆུང་གཟོན་པས་ཆུད་གསོན་པ་དེ་བསྟན་པའི་ཕྱིར་མདོ་འདི་བསྟན་པ་ཡིན་ནོ།། ཆེས་ཀྱིས་རྗོད་པས་རྟ་བཀྲི་བ་དང་ཞོན་ཏེ་འདི་བརྐུ་བར
་བྱའོ་སྙམ་ནས་ལུས་འགྱུར་བའོ་ཞེས་བྱ་བ་ནི་ཆས་སྦྱིན་པས་རྟེ་ཁྱེར་པ་དེ་ལྟར་རྣམ་པ་དེས་ནི་འདི་བརྐུ་བར་བྱའོ་སྙམ་དུ་ལུས་འགྱུར་པ་ལ་ཉེས་པ་སྦོམ་པོའོ།། དེ་བཞིན་དུ་ཞོན་ཏེ་རྟ་འདི་བརྐུ་བར་བྱའོ་སྙམ་ནས་དེ་ལྟར་སེམས་ཤིང་ལུས་གཡོ
་བ་ལ་སོགས་པས་ལུས་འགྱུར་པ་ཡོང་སྦོམ་པོར་འགྱུར་རོ།། གྲུ་ཡང་ངོ་ཞེས་བྱ་བ་ནི་གྲུ་འདིར་ཞུགས་ཏེ་འདི་བརྐུ་བར་བྱའོ་སྙམ་དུ་སེམས་ཤིང་ལུས་འགྱུར་བར་བྱེད་ན་ཞེས་བྱ་བ་ནི་སྦོམ་པོར་ཞེས་བྱ་བ་དང་སྦྱརོ།། འདི་ལས་འདི་ལྟར་སྙམ
་པ་ཡང་ངོ་ཞེས་བྱ་བ་ནི་སྔར་འདི་ཞེས་བྱ་བ་སྨོས་པའི་ཚིག་གི་གནས་སུ་འདིར་རྟ་འདི་ལས་གྲུ་འདི་ལྟར་བརྐུ་བར་བྱའོ་སྙམ་ནས་ལུས་འགྱུར་བ་ཡང་སྦོམ་པོའོ།། འདིར་འདི་ནི་མི་བསལ་བ་མ་ཡིན་ནོ།། འདིར་གཞུང་ནི་དགེ་སློང་གྲུ་རིན་པོ་ཆེས
་བཀང་བ་བརྒལ་བར་བྱེད་པ་དེས་འདི་ལ་སོ་འདི་ལྟར་རྐུ་བར་བྱའོ་སྙམ་ནས་དིར་ལུས་འགྱུར་བར་བྱས་ནས་དེས་འགྱོད་པ་བསྐྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པར་མི་འགྱུར་ཏེ་ཉེས་པ་སྦོམ་པོར་འགྱུརོ་ཞེས་གསུངས་པ་ཡིན་ནོ།།
་ཇི་སྟེ་སྦྱོར་བའི་སྦྱོར་བའི་རྣམ་པར་འདི་ཡིན་གྱི་སྦྱོར་བ་ནི་མ་ཡིན་ནོ།། དེ་བས་ན་ཉེས་བྱས་ཀྱིས་འབྱུང་བར་འགྱུར་རོ།། ངེས་པ་ཐོབ་པ་ལ་འབྱུང་བ་མེད་པ་མཐོང་བས་གཅིག་ཏུ་སྤྲོ་བ་ཉམས་པ་ལ་རྣམ་པར་འགྱུར་བ་འདི་ཞེས་བྱ་བ་ཤེས
་བར་བྱའོ།། དེ་ལྟར་ན་འདི་ལ་སྦྱོར་བ་ཉིད་སྐྱེས་པར་འགྱུར་རོ།། ཕ་མ་དང་ཕུ་ནུ་དང་བུ་སྲིང་དང་མཁན་པོ་དང་སློབ་དཔོན་དང་མཆོད་རྟེན་དང་དགེ་འདུན་ལ་སོགས་པ་ལ་བསྔོས་པ་ཤོ་གཱམ་གཞལ་དགོས་པ་བཟླས་པའོ་ཞེས་བྱ་བ་ནི
་འདི་ལ་བདག་གི་ཤོ་གམ་གྱི་བྱ་བ་འདི་དག་གི་ཕུལ་བ་ཞེས་བྱ་བའི་བརྣག་པ་བསྐྱེད་ནས་དེ་འདའ་བར་བྱེད་ན་གཞན་དོན་ཉིད་ཀྱི་ཕྱིར་ཉེས་པ་སྦོམ་པོ་སྟེ་ཕམ་པ་ནི་མ་ཡིན་ནོ།། གཞན་གྱི་དོན་ལ་ནི་དངོས་གཞིའི་རྣམ་པ་ཞེས་བྱ་བ་འདི
་སྤྲོས་པ་ཡིན་ནོ།། བརྙས་པ་དང་བསྐྱིས་པ་དག་མི་སྦྱིན་པར་སེམས་པའོ་ཞེས་བྱ་བ་ལ། བརྣོགས་པ་ནི་འདིར་བརྐུས་པའོ།། དེ་བས་ན་དེར་སྦྱིན་པར་མི་འགྱུར་བ་ཞེས་བྱ་བ་མི་སྦྱིན་པའི་ཀུན་ཏུ་རྟོག་པ་ལ་སྦྱོར་བ་ཉིད་རིགས་པ་ཡིན་ཏེ
་སྟོན་པ་ལ་ཡང་བརྙས་པ་དང་བསྐྱེས་པ་དག་ལ་སྦོམ་པོ་སྟེ། མི་སྦྱིན་པའི་ཀུན་ཏུ་རྟོག་པ་ཡང་ངོ་ཞེས་བྱ་བ་ནི་འདིར་རྣམ་པར་བཞག་པར་བྱའོ།། གཞན་གྱི་དོན་དུ་བྱིན་པ་འགོད་པ་ཡང་ངོ་ཞེས་བྱ་བ་ནི་ཡོན་བདག་གིས་དགེ་འདུན་ལ
་མཆོད་རྟེན་ལ་སོགས་པའི་དོན་དུ་རྫས་དགེ་སློང་གིས་ལག་ཏུ་བྱོན་པ་དེ་རྣམས་ཀྱིས་འགོད་པ་ལ་སྦོམ་པོ་སྟེ། འདིར་དོན་མི་ཤེས་པ་ཉིད་དགེ་འདུན་གྱི་བདག་ཉིད་ཀྱི་བདག་པོ་ལ་རྒྱུ་ཡིན་ཏེ། གང་གི་ཕྱིར་ཕམ་པ་དང་འདྲ་བའི
་སྦོམ་པོའོ།། གང་གི་ཕྱིར་དགེ་སློང་ནད་པས་དགེ་འདུན་ལ་རྫས་ཕུལ་བ་དགེ་འདུན་གྱིས་འདི་ཤེས་པ་མ་ཡིན་ནོ།། དགེ་འདུན་ལས་ཀྱང་ཉེ་གནས་དེ་དག་གིས་རྐུ་བ་འདི་བྱས་པ་སྟེ་སྦྱིན་པ་པོ་ལ་ནི་མ་ཡིན
་ནོ།། དེ་བས་ན་བརྐུས་པ་ལ་ཕམ་པ་བསྐྱེད་པའོ།། ཡོངས་སུ་མ་བཟུང་བ་ཡོངས་སུ་བཟུང་བར་འདུ་ཤེས་པའོ་ཞེས་བྱ་བ་ནི་དངོས་པོ་གང་སུས་ཀྱང་ཡོངས་སུ་མ་བཟུང་བ་ལ་འདི་ཡོངས་སུ་བཟུང་ངོ་སྙམ་པའི་འདུ་ཤེས་ཅན་གྱིས་བླངས
་བླངས་པ་ལ་ཉེས་པ་སྦོམ་པོར་འགྱུར་རོ།། ཟན་དྲོན་དང་འབྲས་ཆན་དང་ཕྱེ་དང་ཉ་ཤ་དང་ཁུར་བ་ལ་སོགས་པའི་བསོད་སྙོམས་གཞི་མེད་པ་ནོད་པའོ་ཞེས་བྱ་བ་ནི་གཞི་མེད་པ་ཞེས་བྱ་བ་མི་དབང་བའོ།། ཟན་དྲོན་ལ་སོགས
་པའི་བསོད་སྙོམས་ཐོབ་ཅིང་བཟུང་བ་ལ་སྦོམ་པོའོ།། འདིར་གཞུང་ནི་དགེ་སློང་གིས་བསོད་སྙོམས་འབྲས་ཆན་གཞི་མེད་པ་བླངས་ནས་དེ་འགྱོད་པ་བསྐྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པར་མི་འགྱུར་ཏེ་ཉེས
་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། བསོད་སྙོམས་ལ་འབྲས་ཆན་ལ་ཇི་ལྟ་བ་བཞིན་དུ་བསོད་སྙོམས་ཕྱེད་ལ་སོགས་པ་ཇི་ལྟ་བ་མ་ཡིན་པ་ན་ན་ཀར་གྱུར་པའི་ནོར་ལེན་པ་ལ་མངོན་པར་ཞེས་པ་དེ་ལྟར་བུའི་ཁ་ཟས
་ལ་ཞེས་བྱ་བ་འདི་འདིར་དམ་པ་མ་ཡིན་པ་ཉིད་ཀྱི་ཕྱིར་འདི་ལ་སྦོམ་པོའི་ལྟུང་བ་རྣམ་པར་ཤེས་ཏེ། ཕམ་པ་ནི་མ་ཡིན་ནོ་ཞེས་བྱ་བ་མཐོང་བ་ཡིན་ནོ།། མཆོག་པ་ཉིད་ཀྱི་ཕྱིར་རིན་ཐང་བརྩི་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ
་སོགས་པ་མ་གསུངས་པའི་ཕྱིར་གཞན་དོན་གྱིས་ཀྱང་མ་ཡིནོ།། མ་གསུངས་པ་ཉིད་ཀྱིས་མ་བླངས་པ་གཞན་གྱི་དོན་དུ་རྐུ་བ་མི་བསྐྱེད་པས་མ་ཐོབ་ཅིང་འདི་བཟུང་བ་ལ་གང་ཞིག་གཞི་མེད་པ་ཐོབ་པ་ནི་འདིར་བརྐུ་བའོ།། གཞན་གྱིས་བླངས
་པར་མི་ཤེས་པ་ནི་གཞི་མེད་པོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་རང་གི་དོན་ནམ་གཞན་གྱི་དོན་ལ་བསོད་སྙོམས་སམ་རྙེད་པ་གཞན་གྱིས་ངོའི་དོན་དུ་བླངས་པ་ཉིད་ཡོད་པ་ལ་གལ་ཏེ་མི་ཤེས་ན་གཞན་གྱི་བཟུང་བ་ཉིད་སླར་རྙེད་པར་གྱུར་པ་ལེན་ན
་དེར་གཞི་མེད་པར་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ།། མ་བཅོལ་བས་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་ལེན་པ་དེའི་དོན་གྱིས་འདིར་བཅོལ་བར་མ་གྱུར་པ་དེས་འདི་ལ་གལ་ཏེ་ཅུང་ཟད་ཐོབ་ཅིང་བཟུང་བ་ཡིན་ནོ་དེ་ལ་དེར་གཞི
་མེད་པ་མ་ཡིན་ནོ།། ལེན་པ་ཉིད་དེ་ལ་མི་འགྱུར་ནོ་ཅིའི་ཕྱིར་འདི་ལ་གཞི་མེད་པ་ཉིད་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ།། མགྲོན་དུ་མ་བོས་པར་ཟན་ཟན་ཉེས་བྱས་ཞེས་བྱ་བ་ནི་འདིར་རྙེད་པ་ནི་རྣམ་པ་གཉིས་ཏེ། བརྒྱ་ལ་བདག་པོས་ཤེས
་ཏེ་འདི་བདག་གིས་མགྲོན་དུ་ནི་མ་པོས་མེད་ཀྱི་འོན་ཀྱང་སྦྱིན་ནོ་སྙམ་པ་དང་། མི་ཤེས་པས་སྦྱིན་པར་བྱེད་པའོ།། སྔར་གྱི་མེད་པ་སྟེ། རྐུ་བའི་སྦྱོར་བ་ལ་ཉེས་བྱས་ཉིད་དོ།། ཕྱི་མ་ལ་ནི་ཤིན་ཏུ་དྲང་བ་སྟེ། འདིར་དགའ་བས་བསོད་སྙོམས
་བླངས་པ་ལས་མངོན་པར་ཞེན་པའོ།། དེ་ལྟར་ན་ནི་འདིར་འཇིག་རྟེན་པ་ལ་རྐུ་བའི་བློ་མེད་པ་ཉིད་དེ་དེ་བས་ན་ཉེས་བྱས་སུ་རྣམ་པར་ཤེས་པོའོ།། རྐུ་བའི་ཚོད་དུ་འགྲོ་བ་ཡང་ངོ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་ཉེས་བྱས་ཞེས་བྱ་བ
་རྗེས་སུ་དྲང་བའི་དོན་དུའོ།། སྔར་བླངས་པ་ལས་ཞེས་བྱ་བ་གང་ཞིག་བརྗོད་པ་དེར་འདི་ཁོངས་སུ་བསྡུ་བ་མ་ཡིན་ཏེ། དེ་བས་ན་མདོ་ཕྱི་མ་ལ་ཡན་ལག་ཏུ་གཏོགས་པ་མདོ་འདི་རིག་པར་བྱའོ།། དེ་ལས
་གྲོས་བྱེད་པ་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འགྲོ་བ་འདི་ལས་འགྲོས་བྱེད་པར་གྱུར་པ་ངག་གི་ལས་སམ་ལུས་ཀྱི་བྱ་བའི་བདག་ཉིད་ཅན་གང་ཡིན་པ་དེ་ལ་མི་འགྲོ་བ་ལས་ཐ་དད་པ་ཉིད་མ་ཡིན་ཏེ། ཉེས་བྱས་འོད་ཉིད་ལ་དེ་ཁོངས
་གཏོགས་པ་སྟེ། ཉེས་བྱས་གཉིས་པ་ནི་མ་ཡིན་ཞེས་བྱ་བའོ།། ཀུན་ཏུ་བཟུང་བ་མ་ཡིན་ནམ་ཞེས་ལེགས་པར་སོ་སོར་བརྟག་པར་བྱ་སྟེ། བླང་བར་བྱའོ་ཞེས་བྱ་བ་ནི་འགྱོད་པ་དང་གཞན་གྱི་ཚིག་ལ་གླགས་བཅད་པའི་དོན་དུ་འདི
་བརྟགས་པའོ།། དེ་ལྟར་ལེགས་པར་སོ་སོར་བརྟག་པ་བྱས་ནས་བླང་བར་བྱའོ།། ཇི་ལྟར་ཀུན་ཏུ་བཟུང་བ་མ་ཡིན་པ་འདི་ཞེས་བྱ་བའི་བརྟན་པ་ངེས་པར་འགྱུར་རོ།། ལུས་བསྙལ་བར་མི་བྱའོ་ཞེས་བྱ་བ་ནི་ལུས་སྐྱེལ་ཅིང་བསྐལ་བ་ནི
་གྲགས་པ་ལ་དགོས་པའི་དོན་དུའོ།། བརྡུང་བ་དང་བརྡེག་པ་ལ་སོགས་པ་གཞན་རྣམ་པར་འཁྲུག་པར་གྱུར་པས་འདི་ལྟ་བུ་བསྙལ་བར་མི་བྱའོ།། འབྲས་བུའི་མདུན་དུ་དགེ་སློང་གིས་བདག་ཉིད་དོར་པོ་ལ་སྨྲས་པ་གང་ཡིན་པའོ།། སླར
་དགེ་སློང་གིས་ལུས་འགྱུར་བ་རྣམ་པ་དེ་སྟེ་ཤུ་མི་བྱའོ་ཞེས་བྱ་གསུངས་པ་གང་ཡིན་པ་དེ་བསྡུས་པ་ཡིན་ནོ།། ཚང་གཞིག་པར་མི་བྱའོ་ཞེས་བྱ་བ་ནི་བྱེའུ་དང་ཕུག་རོན་ལ་སོགས་པའི་རྟེན་ནི་ཚང་ངོ་།། འདི་ལ་སྐུར་པ་གདབ་པ་ནི་དགེ་སློང་གི
་གནས་སྒོ་ང་མེད་པ་ལ་སོགས་པ་གསལ་བའི་ཆོ་ག་ལ་སོགས་པ་རིག་པར་བྱའོ།། མ་གནས་པ་དེར་ཆོས་གོས་ཀྱི་ཆ་མི་བླང་ངོ་ཞེས་བྱ་བ་ལ། གང་དུ་གནས་པ་ལ་རྙེད་པ་དེ་འབྱུང་བ་དེ་ལས་གཞན་དུ་ལོ་གཅིག་གི་ཆོས་གོས་རྙེད
་པ་ལ་ཡང་མི་བླང་ངོ་།། འདིར་གཞུང་ནི་དགེ་སློང་གིས་དབྱར་གཞན་དུ་གན་སཽ་ལ། གཞན་དུ་དབྱེར་གྱི་སོ་སོའི་ཆ་བླང་བར་མི་བྱའོ་ཞེས་བྱ་བའོ།། སོ་སོའི་ཆ་ནི་སྐལ་བའོ།། འདིར་ལོ་གཅིག་གི་ཚིག་ནི་དཔེ་ཡིན་ནོ།། གཞན་དུ་ཡང
་མི་ཐོབ་པ་འདི་བཀག་པའོ།། ཆོམ་རྐུན་པ་ལས་སྦྱིན་བདག་གི་སེམས་ཀྱི་ལེན་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི་ཆོམ་རྐུན་པ་དེའི་དྲུང་ནས་བླང་པ་གང་ཡིན་པ་དེ་ལ་འདི་ནི་སྦྱིན་བདག་མཉམ་པོའི་སེམས་ཀྱིས་ལེན་ན་དེ་ལ
་ཉེས་པ་མེད་དོ།། ཇི་ལྟར་གཞན་ལ་བླངས་པ་ལ་ཉེས་པ་མེད་པ་དེ་བཞིན་དུ་འདི་ལའོ།། གང་གི་ཕྱིར་འདིས་བརྐུས་པ་དེ་ཉིད་ཀྱིས་འདི་གང་འབྲེལ་བའོ།། ནོར་འདི་ལ་འདི་ནི་བདག་པོ་སྟེ་དེ་ཉིད་ཀྱིས་འདི་གནང་བ་ཞེས་བྱ་བ་འདི་ལྟར
་ཡོངས་སུ་མ་དག་པའི་སེམས་ཀྱིས་བླངས་པ་ལ་ལྟུང་བ་དང་བཅས་པ་ཉིད་དུ་འགྱུར་རོ།། དེ་བས་ན་སྦྱིན་པ་པོའི་སེམས་ཀྱིས་ཞེས་བྱ་བ་འདི་ནི་བྱེ་བྲག་གོ།། འོང་བ་རྐུ་ཐབས་ཅན་གྱི་ཆོམ་རྐུན་པར་མ་གྲགས་པ་ལས་བླངས་པར་མི
་བྱའོ་ཞེས་བྱ་བ་ནི་མ་ཤེས་པ་དང་གློ་བུར་དུ་གྱུར་པ་མ་གྲགས་པ་ལས་བླང་བར་མི་བྱའོ།། རྐུ་བ་ཡང་དགོ་པར་སྲིད་པ་ལ་གླགས་བཅད་པའི་དོན་དུ་འདི་བཏགས་པའོ།། གང་གི་ཕྱིར་རྐུ་བ་དེ་ལ་གང་ཞིག་ཤེས་པ་དེ་ནི་གྲགས་པ་ཞེས
་བྱ་བར་རྟོགས་པར་བྱའོ།། གྲགས་པ་ལས་བླངས་པ་ལ་ཆོམ་རྐུན་པ་ཉིད་ཀྱིས་འདི་བརྐུས་ཏེ་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་རྐུ་བ་ཡང་དག་པར་སྲིད་པ་ལ་གླགས་མེད་དོ།། དེ་ལས་བླངས་པ་ནི་མཚན
་གྱིས་བཅད་པ་དང་། ཁ་དོག་ངན་པར་བྱ་སྟེ་བཅད་པར་བྱའོ་ཞེས་བྱ་བ་ལཾ། དེ་ལ་ཞེས་བྱ་བ་ནི་གྲགས་པ་ལས་དེ་ལྟ་བུར་གྱུར་པ་ཉིད་འཛིན་པ་ལ་སུ་ཞེས་ལ་གློ་བུར་དུ་མ་བཅད་པ་ཡོད་པ་སྲིད་པར་འགྱུར་རོ་ཞེས་བྱ་བ་འདི་བརྟགས་པའོ།།
་དེ་ལྟར་བྱས་ཀྱང་སློང་ན་སྦྱིན་ནོ་ཞེས་བྱ་བ་ནི་དེ་ལྟར་བརྐུས་པ་ལ་ཡང་མཚོན་གྱིས་བཅད་པ་དང་། ཁ་དོག་ངན་པར་བྱས་ཀྱང་སློང་ན་གང་ལས་དེ་བརྐུས་པ་དེས་ཤྭེ་ཏོག་ཏེ་སློང་བ་དེ་ལ་དེར་སྦྱིན་པར་བྱ་བའི་དོན་ཏོ།། གནད་ལ
་བསྒྲེ་བར་མི་བྱའོ་ཞེས་བྱ་བ་ལ། གཡོན་པོས་གནོད་པ་ནི་ཡོད་པའོ།། གང་གི་ཚེ་ཚེ་དང་ལྡན་པ་སྤོང་བྱེད་ཀྱིས་བཟོད་པར་བྱ་བའི་ཕྱིར་ཁྱིམ་པ་རྣམས་ཀྱིས་འཕགས་པ་ཀུན་དགའ་བོ་ལ་ཁྱེའུ་དོང་བུ་མོ་ངུ་བ་དག་སྡུང་དུ་བཅུག་སྟེ།
་གནོད་པར་བྱེད་པ་དེའི་ཚེ་ཐམས་ཅད་དུ་སྦྱར་བ་འདི་ཐམས་ཅད་ཀྱི་དབང་དུ་བྱ་བ་ཉེ་བར་བཏེགས་པའོ།། མ་སྦྱིན་པར་ལེན་པ་ལ་ཡང་འདི་སྦྱར་བ་ཡོད་དེ་རྡོ་རྗེ་ཕ་ལམ་གྱིས་བརྐུས་པ་ལ་གཏོང་བ་དང་སྦྱིན་དུ་འཇུག་པ་ལ་ནོར་ལ
་ན་མ་ཐོ་བ་ཉིད་དང་བཅད་པ་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ།། གསང་སྔགས་དག་གིས་གཏོང་བ་ལ་ཉེས་པོ་མེད་དོ་ཞེས་བྱ་བ་ནི་རྫུ་འཕྲུལ་དང་འདྲ་བའི་རྣམ་པར་དག་པ་དང་སྐྱོན་མེད་པའི་སེམས་ཀྱི་རྐུ་བའི་རྣམ་པ་ངེས་པ་གང
་གིས་ཀྱང་བརྐུས་པ་ཆོམ་རྐུན་པ་རྣམས་ལ་གསང་སྔགས་རྣམས་གསང་སྔགས་ཀྱིས་གཏོང་བ་གང་ཡིན་པ་དེ་ནི་ཉེས་པ་དང་བཅས་པར་ཤེས་པར་བྱ་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།། བྱི་བས་ཁྱེར་བ་བདག་པོས་བླངས་པ་ཡང
་དོ་ཞེས་བྱ་བ་གང་ཞིག་ལེན་པ་པོ་འདི་དེའི་རྫས་བྱི་བས་བརྐུས་པ་བླངས་པ་ལ་ཡང་ཉེས་པ་མེད་དོ།། རང་གི་འདུ་ཤེས་ཉིད་ཀྱིས་དེ་ལ་ལེན་པ་ཞེས་བྱ་བོ་འདིར་ཉེས་པ་དང་བྲལ་བ་ཉིད་དོ།། དགེ་སློང་གཞན་གྱི་རྫས་ལ་དེའི་རྫས་སུ་ན་ཡང
་ཞེས་བྱ་བ་ནི་དགེ་སློང་གཞན་གང་ལ་ནོར་དེ་བརྐུས་པ་དེ་ལ་ནོར་དེ་ལེན་པར་བྱེད་པ་ལ་ཉེས་པ་མེད་དེ། རྐུ་སེམས་མེད་པའི་ཕྱིར་རོ།། རྔོན་པ་དག་གིས་མངོན་པར་གཙེས་པར་གྱུར་པའི་རི་དགས་གནས་ཁང་དུ་ཞུགས་པ་བླངས་པ་ལ་ཡང
་ངོ་ཞེས་བྱ་བ་ནི་ཡོངསུ་བསྐྱབས་ཙམ་དུ་འདི་བླངས་པ་སྟེ། བཟུང་བ་མ་ཡིན་ཞིང་གཏོང་བ་ཡང་མ་ཡིན་ནོ།། དེ་བས་ན་འདིར་སྐྱོན་མེད་དོ།། དེ་ཤི་ན་དེ་དག་ལ་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་དེ་དག་གིས་གཙེས་པས་དེར་ཞུགས་ན་དེ
་རྣམས་ལ་སྦྱིན་པར་བྱ་བོ་ཉིད་དེ་རང་གིས་བཟུང་བར་བྱ་བ་ཉིད་དང་གཞན་ལ་སྦྱིན་པར་བྱ་བ་མ་ཡིན་པ་ཉིད་དོ།། ཕམ་པ་གཉིས་པའི་འདུལ་བྱེད་ཀྱི་སྒྲུབསོ།། ནད་པ་ལ་འཆི་བའི་སེམས་པ་དང་རྗེ་སུ་མཐུན་པའི་ཆོས་ཉེ་བར་བསྒྲུབ
་པས་ཉེ་བར་བསྒྲུབ་པར་མི་བྱའོ་ཞེས་བྱ་བ་ནི་ཉེ་བར་བསྒྲུབ་པ་གང་ཞིག་ཐོས་ནོས་ནང་པ་འདི་ལ་འཆི་བའི་བསམ་པ་སྐྱེ་བར་འགྱུར་བའི་ཉེས་རབ་སྒྲུབ་པ་དེ་ནི་ནད་པའི་ཕྱིར་མི་བྱའོ།། དཔེར་ན་ཁྱོད་དུག་ཟོས་པར་གྱུར་པ་ནི་བླའི་འདི་ལྟ་བུའི་མི
་འཕྲོད་པ་ཟླ་བར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ།། ཉེས་པ་ཡོད་པ་ལ་ཕམ་པར་འགྲོ་བ་ལས་གཞན་བསྐྱེད་པའོ།། ཉེས་པ་མེད་པ་ཡོད་པ་ཉིད་ལ་བཏགས་པ་འདི་ཡིན་ནོ།། མི་ཤེས
་པ་ལ་འཆི་བའི་དགྲ་བོ་མ་སྨྲས་པར་དེའི་ནང་གཡོག་ཏུ་མི་བཞག་གོ་ཞེས་བྱ་བ་ནི་འདི་ལ་ཁྱོད་ཀྱི་དགྲ་བོས་འཆི་བའི་རྗེས་སུ་བསླབ་པ་པོས་འཆི་རྗེས་སུ་དབྱུང་བར་བྱའོ།། དེ་ལྟར་བསྒོ་བར་མ་བྱས་པར་ནད་པ་ལ་ནང་གཡོག་མི་ཤེས་པ་ཉེ
་བར་བཞག་པར་མི་བྱའོ།། གནས་ཡོད་ན་མི་བཞག་གོ་ཞེས་བྱ་བ་ནི་གལ་ཏེ་མི་ཤེས་པ་དེ་མེད་པར་ཡོངསུ་འཇུག་ན་འདི་ནི་བཞིག་པར་བྱ་བ་མ་ཡིན་པ་ཁོ་ནའོ།། དེའི་ངོ་བོ་ཡིད་ཆེས་པ་ལ་དེའི་ཚིག་གོ། སླར་དགེ་སློང་གི་ནད་པ་ལ་མི
་ཤེས་པའི་ནང་གཡོག་ཉེ་བར་བཞག་པར་བྱ་བ་མ་ཡིན་ནོ།། གལ་ཏེ་དེའི་ངོ་བོ་ཡིད་ཆེས་པར་འགྱུར་ན་སྨྲས་ནས་བཞག་པར་བྱའོ་ཞེས་བྱ་བ་བསྟན་པ་འདིར་སྦ་བའོ།། འཆི་བའི་འཆོག་ཆ་སཱ་མི་བཞག་གོ་ཞེས་བྱ་བ་ནི་ནང་པ་ལ་ཞེས
་སྦྱར་བར་བྱའོ།། དེ་ཡང་མཚོན་ལ་སོགས་པའོ།། དེ་འཆི་བའི་ཕྱིར་རྗེས་སུ་བསྒྲུབ་པ་ལས་ནད་གཡོག་གིས་བཟློག་པར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ནང་པའོ།། རྫས་ཀྱི་ཕྱིར་གཞན་འཆི་བར་འདོད་པར་མི་བྱའོ་ཞེས་བྱ་བ་ནི་ལྟུང
་བཟེད་དང་། ཆོས་གོས་ལ་སོགས་པའི་རྫས་ཐོབ་པར་བྱ་བའི་དོན་དུའོ།། བྱ་བ་འམ་ཡིན་པ་བྱེད་པ་ལ་སེམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ་ཞེས་བྱ་བ་ལ། བྱ་བ་མ་ཡིན་པ་ཉིད་བྱེད་པ་ནི་བྱ་བ་མ་ཡིན་པ་ཉིད་བྱེད་པའོ།། རང་ངམི
་གཞན་གྱིས་འདས་པའི་མ་འོང་བ་འམ་ད་ལྟར་བྱུང་བ་ལ་དེའི་རྗེས་སུ་ཡི་རང་བས་སེམས་ཀྱིས་མ་བྱས་པ་ཉིད་དམ་ལུས་ཀྱི་བྱ་བས་ཀྱང་མ་ཡིནྡ་ཞེས་བྱ་བ་སྟེ། འདི་དག་ལ་སེམས་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་གྲུབ་པ་དམན་པའི་དེ་ཉིད་བརྗོད
་པ་ལ་གཞན་དུ་གཏམ་གང་ཡང་མེད་དོ་ཞེས་བྱ་བ་རྟོགས་པའི་ཕྱིར་རོ།། གཞུང་ཁ་ཅིག་ལས་ཚེ་དང་ལྡན་པ་ཉེ་སྡེའི་དབང་དུ་མཛད་ནས་གསུངས་པ། ཉེ་སྡེ་ཁྱོད་ཀྱིས་མངལ་ན་གནས་པ་རླུག་པར་བྱས་པ་བདེན་ན་མ། བཙུན་པ་མ
་དག་གིས་རྗེས་སུ་ཡི་རང་བར་ནི་བགྱིས་སོ།། བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཉེ་སྡེ་ལ་ལྟུང་བ་མེད་དེ་སླར་དགེ་སློང་གི་མངལ་ན་གནས་པ་རླུགས་པར་མི་བྱའོ།། དགེ་སློང་མངལ་ན་གནས་པ་རླུགས་པར་བྱེད་ན་འགལ་ཚབ་ཅན
་དུ་འགྱུར་རོ་ཞེས་གསུངས་ཏེ། དེ་བས་ན་མདོ་འདི་བྱས་སོ།། མི་མཛེས་པ་འདི་བྱེད་པར་འགྱུར་པ་ཁྱེད་ནི་འདི་བྱེད་དུ་གཞུག་པ་མ་ཡིན་ཏེ། འཇུག་པ་མ་ཡིན་ཞེས་བྱ་བར་སེམས་པར་བྱེད་ན་འདིས་ནི་འདི་བྱེད་དེ་ཅིའི་ཕྱིར་མི་བྱེད།།
་བདག་ལ་འདིས་ཅི་ཞིག་བྱ་ཞེས་བྱ་བའི་དབང་དུ་མཛོད་དུ་ནས་འདོན་པ་འདི་ཡིན་ནོ།། འདི་ལ་དཔེ་ཉིད་རྣམ་པར་གནས་པ་ཡིན་ནོ།། བྱེད་པར་འགྱུར་བ་ལ་གནས་པ་ཐམས་ཅད་ཉིད་ལ་བྱ་བ་ལ་གནས་པ་དང་བྱ་བ་མ་ཡིན་པ་ལ
་བྱེད་པ་ལ་རྗེས་སུ་ཡི་ར་བ་ལ་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ཀྱི་ཕྱིར་ཤིན་ཏུ་ཡང་དགེ་སློང་ལ་མི་མཐུན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཁྱོད་པར་མི་བརྟེན་པའོ།། ཇི་ལྟར་ཡང་རྗེས་སུ་ཡི་རང་བ་ལ་ལྟུང་བ་ཉིད་དེ་གང་གི་ཕྱིར་འདི་ལ
་ལྟུང་བར་བྱ་བ་ཞེས་བྱ་བ་བརྗོད་པ་དང་སྒྱུར་བའོ།། ལྟུང་བ་ལ་བརྟེན་པའི་ཡིད་ཀྱི་སྒྲིབ་པ་འདི་ཞེས་བྱ་བའོ།། གང་དུ་ཕམ་པ་གསུམ་པ་ཞེས་བྱ་བ་ལ་བལྟོས་ནུས་བརྗོད་པར་བྱ་སྟེ། དེའི་ཕྱིར
་སྲོག་བཅད་ནའོ་ཞེས་བྱ་བ་སྨོས་སོ།། སེམས་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་དེ་ལྟར་བསམ་པས་སོ་ཞེས་བྱ་བ་སྨོས་ཏེ། སྲོག་གཅོད་པའི་སེམས་ཀྱིས་སོ།། སུའི་སྲོག་གཅོད་པ་ཡིན་ཞེ་ན། དེའི་ཕྱིར་མིར་གྱུར་པའིའོ་ཞེས་བྱ
་བ་སྨོས་ཏེ། འདིར་འགྲོ་བ་ཙམ་ལ་ནི་མཚན་མ་ཉིད་མ་ཡིན་ཏེ། བུད་མོང་དང་སྐྱེས་པ་དང་མ་ནིང་དང་མཚོན་མེད་དང་། མཚན་གཉིས་པ་དང་། མངལ་ནས་སྐྱེས་པ་ཉིད་ལ་སོགས་པ་ཁྱད་པར་འགོའ་ཞིག་ལ་ཞེས་བྱ་བ
་དེའི་ཕྱིར་འགྲོ་བའི་ཚིག་གོ།། གཞན་དུ་འདུ་ཤེས་པས་སམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་དེ་ལྟར་འདུ་ཤེས་པས་སོ་ཞེས་བྱ་བ་སྨོས་ཏེ། མ་ནོར་བར་རོ།། ཇི་ལྟར་རྣམ་པ་གང་གིས་ཤེ་ན། དེའི་ཕྱིར་གང་ཡང་རུང་བས་སོ།།
་ཞེས་བྱ་བ་སྨོས་ཏེ། རྣམ་པ་གང་རུང་བས་སོ།། དེ་ཉིད་ཀྱི་སྤྲོས་པ་བསྟན་པའི་ཕྱིར། བྱེ་བྲག་མེད་པ་ནི་ལུས་དང་དེ་དང་འབྲེལ་པ་དང་འཕངས་པ་དང་གཞན་དང་བསྒོ་བ་རྣམས་སོ་ཞེས་བྱ་བ་སྨོས་ཏེ། བྱེ་བྲག་མེད་པ་ཞེས
་བྱ་བ་ནི་འདི་ནས་བརྩམས་ཏེ་ཇི་སྲིད་དུ་རྒྱུ་ངེས་གཞན་གྱི་ཚེ་ཤི་ནའོ་ཞེས་འབྱུང་བ་ཡོན་ཆད་ཀྱི་དབང་དུ་བྱས་ཏེ་རིག་པར་བྱའོ།། བྱེ་བྲག་མེད་པ་ནི་ཐ་མི་དད་པ་སྟེ། ཤི་བའི་དོན་བྱེད་པ་འདི་རྣམས་ལ་ཞེས་བྱ་བའི་དོན་ཏོ།།
་རྣམ་པ་གང་ཡང་རུང་བྱས་གསོད་པ་ལ་ཕན་པར་འགྱུརརོ་ཞེས་བྱ་བའི་དགོངས་པའོ།། ལུས་ཞེས་བྱ་བ་ནི་ལུས་ཉིད་དོ།། དེ་དང་འབྲེལ་པ་ཞེས་བྱ་བ་ནི་ལུས་དང་འབྲེལ་པར་དབྱིག་ལ་སོགས་པའོ།། འཕངས་པ་ནི་ལུས་ཀྱིས་སམ་དེ་དང་།
་འབྲེལ་པས་བཏང་བའོ།། དེ་ལ་གཞན་གྱི་ངེས་པར་སྦྱར་བ་བསད་པར་བྱ་བ་ནི་བུད་མེད་ལ་སོགས་པའོ།། བསྒོ་བ་ཞེས་བྱ་བ་ནི་བསང་བར་བྱ་བ་དེ་ཉིད་ལ་རང་གིས་བསྒོ་བའོ།། དུག་དང་ཕྱེ་མ་དུང་དྲོང་དང་ཤིང་དང་རང་བཞིན་ཉམས
་པ་གཏོང་བ་དང་བྲང་དུ་འདེབས་པ་དང་། འཁྲུལ་འཁོར་དང་སྒྱུ་ཐབས་དང་རོ་ལངས་དང་རྗེསུ་སྦྱོར་བ་རྣམསོ་ཞེས་བྱ་བ་ནི་བྱེ་བྲག་མེད་པ་ཞེས་བྱ་བར་སྦྱར་རོ།། རང་བཞིན་ཉམས་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཉམས་པ་འམ་གསོད་པ
་འདི་ཉིད་ཀྱིས་དོན་དུ་མཚན་མ་དེ་མེད་པར་ཉམས་པའི་རང་བཞིན་གྱིས་གང་ཞིག་དེར་འདི་ལྟ་བུར་གྱུར་པ་དེ་ལ་འཆི་བའི་རྐྱེན་ཉེ་བར་གནས་པར་འགྱུར་ཞེས་བྱ་བའི་བློས་བསྐུར་བ་ནི་རང་བཞིན་ཉམས་པས་བསྐུར་བའོ།། རོ་ལངས
་ཕྱེ་བ་དང་ཕྱེད་དུ་གྱུར་པ་ཉིད་ཀྱིས་ཡོ་བྱད་རྣམས་ལ་གཞན་དུ་མ་ཡིན་པར་བསྟན་པ་འདི་ལ་རོ་ལངས་ཉིད་མ་ཡིན་པ་མ་ཡིནོ་ཞེས་བྱ་བའི་རོ་ལངས་ཀྱི་ཚིག་བཟུང་བ་ཉིད་དུ་ཤེས་ནས་བསྡུས་པ་ཉིད་དུ་མ་བྱས་སོ།། གཡང
་དུ་བཏང་བའོ་ཞེས་བྱ་བ་ནི་གཡང་ལ་སོགས་པ་ལ་ཞེས་བྱ་བའི་དོན་གྱི་གོ་བར་བྱའོ།། མེ་དང་ཆུར་འཇུག་པའོ།། གྲང་བ་དང་ཚ་བར་འདོགས་པ་ཞེས་བྱ་བ་ནི་རྐྱེན་འདི་དང་ལྡན་པ་འདི་ལ་འཆི་བ་འབྱུང་བར་འགྱུར་ཞེས་བྱ་བའི
་བློས་སོ།། ཕོ་ཉྫར་གཏོང་བ་ལ་སོགས་པའི་ཞེས་བྱ་བ་ནི་གང་དུ་འཇིགས་པ་སྲིད་པ་དེར་ཕོ་ཉ་དང་མངག་པ་ཉིད་དུ་གཏོང་བའོ།། དེར་སོང་ན་འདི་དང་འདི་ལྟ་བུ་རྙེད་པར་འགྱུར་རོ་ཞེས་བྱ་བའི་རྣམ
་པས་བསྐུལ་བ་གང་ཡིན་པ་དེ་ཉེ་བར་བསྡུ་བའི་དོན་དུ་སོགས་པའི་སྒྲའོ།། དེ་རྗེས་སུ་བསྒྲུབ་པ་ཆུང་ངུ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་རྐང་བའི་མཐེ་བོང་དང་། རྒྱ་ཤུགས་གི་ཚིག་གུ་དང་ཤིང་པིལ་ལ་སོགས་པ་བསྣུན་པ་ལྟེང་བུ་དག་གོ།།
་རྗེས་སུ་བསྒྲུབ་པ་ལ་ཆུང་བ་འདི་ནི་མ་ཚན་ཉིད་འདི་ལས་གྲུབ་སྟེ་བྱེ་བྲག་མ་སྨོས་པ་དེ་གསལ་བར་བསྟན་པའི་ཕྱིར་འདི་སྤྲོས་པའོ།། བསད་པར་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་མ་ནི་ང་ཉིད་དོ་ཞེས་བྱ་བ་ནི་བྱེ་བྲག་མེད་པར
་ཞེས་བྱ་བར་སྦྱར་རོ།། གནས་དེ་དག་བསྟན་པ་ནི་སྤྲོས་པའི་དོན་བསྟན་པ་ཡིན་ནོ། གཞི་དེས་གཞན་གྱིས་ཚེ་ཤི་ནའོ་ཞེས་བྱ་བ་ལ་འདིར་གཞུང་ནི་དེས་དེའི་ཚེ་མི་ཡིན་ཡང་འོན་ཀྱང་དེས་དེའི་འོག་ཏུའོ་ཞེས་གསུངས་པ་ཡིན་ནོ།།
་འདུན་པ་བཟློག་པའི་འོག་ཏུ་ནི་རྒྱུ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཤི་ན་ཞེས་བྱ་བར་སྦྱར་རོ།། ཤི་བ་འམ་འགྲོ་བ་ལ་འཇིགས་པ་དང་བཅས་པའི་གནས་ལ་བསྒོ་བར་བྱ་བ་འམ། ངེས་པར་སྦྱར་ཏེ་གསོད་པར་བྱ་བ་འམ། གཞན་ལ་དེའི
་དོན་དུ་འདུན་པ་བཟློག་པར་བྱེད་པོ་དེ་ལས་གཞན་ལ་འདའ་བར་བྱས་དེའི་ཚིག་མ་ཡིན་ནོ།། སྦྱར་བར་བྱས་པའི་ཤི་བ་ལ་སྦྱོར་བར་བྱེད་པ་པོའི་རྒྱུ་མཚན་ཉིད་དུ་སྔོར་འདུན་པ་ཟློག་པར་བྱེད་པར་གྱུར་པའི་ཤི་བ་ལ་དེ་ལས་ཕམ་པ
་འདའ་བར་འགྱུར་རོ།། ཕྱིས་དེས་སྐྱེ་བ་ཡིན་ཏེ། འདི་ལ་ནི་སྦྱོར་བ་ཙམ་ཉིད་ཡིན་ཏེ། དངོས་གཞིའི་ཕམ་པ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། དཀུ་མཉེས་པས་མ་དང་མངལ་ན་གནས་པ་གཉིས་ལ་ས་མ་བསམས་པ་ཤོས་ན་སྦོམ
་པོའོ་ཞེས་བྱ་བ་ན་ཤི་ནའོ་ཞེས་བྱ་བར་སྦྱར་རོ།། ཤི་བའི་དོན་དུ་མངལ་དང་བཅས་པའི་ལྟོ་བ་མཉེས་པ་ལས་གང་གི་མངལ་དུ་ཤི་བ་ལ་མ་བསམས་པ་ཉིད་དེ། ཤི་བ་ལ་སྦོམ་པོའོ་ཞེས་བྱ་བའི་དོན་ཏོ།། བསམས་པ་ཤོས་ཤི
་ཕམ་པ་ཉིད་དེ།། འདིར་ངེས་པ་འདི་ལ་འབྲེལ་པ་ཡིན་ཏེ། འདི་ལ་གསོད་པར་འགྱུར་ཞེས་བྱ་བའོ།། དེ་ལྟར་ཡིད་ལ་འབྲེལ་པར་གྱུར་པ་ལ་ཡོངས་སུ་མ་སྤངས་པ་གང་ཡིན་པ་དེ་ལ་དེ་བས་ན་འདི་སྦོམ་པོའོ།། འཆི་བའི་བདག་ཉིད
་ཅན་གྱི་ཉེ་བར་གསོད་པའི་མཚན་མ་ཅན་གྱི་མཉེས་པ་ཡང་ཆོ་ག་འདི་དང་སྦྱར་བ་ཤི་བའི་དགོས་པ་ཡོད་པར་གྱུར་པ་ལས་རྟོགས་པར་བྱའོ།། གཞི་དེ་ལས་གསོད་པ་ལ་འཇུག་པ་དང་དུ་ལེན་ནའོ་ཞེས་བྱ་བ་ནི་སྦོམ་པོའོ་ཞེས་བྱ
་བར་སྦྱར་རོ།། གཞི་བྱེད་པ་པོ་གང་ལ་སྦོམ་པོ་འདི་དེའི་རྒྱུ་མཚན་དུ་གཞན་ལ་བསོད་པའི་དོན་གྱི་འཇུག་པ་གང་ཡིན་པ་དེ་གཞི་དེ་ལ་སྦོམ་པོའོ།། འདིར་གཞུང་ནི་གཞན་ལས་ཚེ་དང་ལྡན་པ་ཉེ་སྡེའི་དབང་དུ་མཛད་ནས་གསུངས་པོ་ཉེ།
་སྔསྡེའོ་ཁྱོད་ཀྱིས་མངལ་ན་གནས་པར་རླུགས་པར་བྱས་སམ། བཙུན་པ་བདག་གིས་མངལ་ན་གནས་པར་རླུགས་པར་མ་བགྱིས་ཏེ། འོན་ཀྱང་བདག་གིས་དང་དུ་བླངས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས
་དེ་ལྟ་བུའི་གནས་ལ་དང་དུ་བླང་བར་མི་བྱའོ།། གལ་ཏེ་དང་དུ་ལེན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། དེའི་དོན་དུ་མདོ་འདི་བྱས་སོ།། ཁྱོད་ཀྱི་མིང་གི་འཆི་བའི
་ཡོ་བྱད་སྦྱིན་ནོ་ཞེས་ཟེར་བ་ཡང་ངོ་ཞེས་བྱ་བ་ནི་འདི་ལྟ་བུའི་ཚིག་འདི་ལ་ཡང་གཞི་བྱས་པ་ལ་སྦོམ་པོའོ།། ཇི་སྐད་དུ་དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཁྱོད་ཀྱི་མིང་གི་ཕྱེ་མ་སྦྱིན་ནོ་ཞེས་བྱ་བ་བརྗོད་པར་ལོ་དགེ་སློང་མས་གཞི
་བྱས་ཏེ། ཇི་སྲིད་དུ་བདེན་པར་དགེ་སློང་མ་ཁྱོད་མངལ་རླགས་པར་བྱས་པ་བདེན་ནམ། བཙུན་པ་བདག་གིས་མངལ་ན་གནས་པ་རླུགས་པར་མ་བགྱིས་ཏེ། འོན་ཀྱང་བདག་གིས་དང་དུ་བླངས་སོ།། བཅོམ་ལྡན་འདས་ཀྱིས་དགེ་སློང
་མི་རྣམས་ལ་བོས་ཏེ་བཀའ་སྩལ་པ། དགེ་སློང་མས་གན་ས་རྣམས་པ་དེ་ལྟ་བུ་དང་དུ་བླང་བར་བྱ་བ་མ་ཡིན་ཏེ། དང་དུ་ལེན་པར་བྱེད་ན་ཉེས་པ་སྦོམ་པོའོ།། ལྟུང་བ་འཕེལ་བར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། དེ་བས་ན་མདོ་འདི
་བྱས་པ་ཡིན་ནོ།། ཆོ་ག་འདི་ལ་འདི་སྦྱོར་ཅིག་ཅེས་བྱ་བ་འདི་ལྟ་བུའི་གཞི་བྱས་པའི་དབང་དུ་བྱས་ནས་འདི་གཉིས་ནི་སྦོམ་པོའི་ལྟུང་བ་ལ་བཏགས་པའོ།། བདག་གི་ཕྱིར་ཉེས་པ་སྦོམ་པོའི་དགོངས་པ་ཉིད་འདི་དགེ་སློང་གི་རྣམ་པར
་འབྱེད་པ་ལས་འགལ་ཚབས་དང་བཅོས་པའི་ཚིག་ཅན་རང་གིས་འཇུག་པ་རབ་ཏུ་རིག་པ་ལ་གཞི་བྱེད་པ་འདི་ཡིན་གྱིས་སྣང་བ་དང་བསླངས་པ་ནི་མ་ཡིན་ནོ།། དེ་བས་ན་རྣམ་པར་སྦྱར་བ་ཉིད་ཀྱི་ཕྱིར་གོ་བར་བྱེད་པ་ཉིད་ཡོད
་ཀྱང་མི་སྨྲ་བའི་ངོ་བོར་གཞི་བྱས་པ་ལ་འདིར་སྦོམ་པོར་རྣམ་པར་ཤེས་པ་སྟེ་ཕམ་པ་ལ་ནི་མ་ཡིན་ནོ།། གཞན་དུད་འགྲོ་མ་ཡིན་པ་དང་སྤྲུལ་པ་བསད་པ་ལས་ཡང་ངོ་ཞེས་བྱ་བ་ཡང་ངོ་ཞེས་བྱ་བའི་སྒྲ་ནི་སྦོམ་པོའོ་ཞེས་བྱ་བའི་རྗེས་བསྔགས
་པའི་ཕྱིར་རོ།། མིའི་འགྲོ་བ་ལས་གཞུན་པའི་སྤྲུལ་པ་དུད་འགྲོ་སྤངས་པ་ལ་ཡང་གསོད་པ་ལ་སྦོམ་པོའི་ཞེས་བྱ་བའི་དོན་ཏོ།། འདི་ནི་ད་ངོས་གཞིའི་ཆོ་ག་ལ་བལྟོས་པའོ།། འདི་ལས་སྲོག་ཆགས་སུ་གྱུར་པ་མ་ཡིན་པའི་སྤྲུལ་པ་ལ
་འདིར་བཀག་པའོ།། འདིར་གཞུང་ནི་ཚེ་དང་ལྡན་པ་རྣམས་མི་མ་ཡིན་པ་ཤིན་ཏུ་ཆེན་པོ་བསད་ཀྱང་སྦོམ་པོར་ཟད་དོ་ཞེས་གསུངས་པ་ཡིན་ནོ།། སྤྲུལ་པའི་ཕྱིར་ནི་གཞུང་ནི་གཏམ་གྱི་གཞི་ལས། འགྲོ་བ་ཐམས་ཅད་དུ་མ་གཏོགས
་པ་གང་ཡིན་པའོ།། མྱ་ངན་ལས་འདས་པ་ཡང་མ་ཡིན། རྒྱལ་བའི་བསྟན་པ་ལ་མི་འཇུག་པ་ཡང་ཡིན་ནོ།། ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ།། དེས་དེ་ལ་སྨྲས་པ། ཁྱོད་ནི་སྤྲུལ་པ་སྟེ་སྲོག་བཅད་ན་ལྟུང་བ་ཅིར
་འགྱུར། བཀའ་སྩལ་པ། ཉེས་པ་སྦོམ་པོར་རོ།། གཞན་ལས་ནི་རོ་ལངས་ཀྱི་བསམ་པས་སྤྲུལ་པ་གསོད་པ་བྱེད་ནཱ་ཞེས་གསུངས་སོ།། གཞན་དུ་ཡང་དེ་དང་འདྲ་བ་ཉིད་ཀྱི་ཕྱིར་འདི་རྣམ་པར་བཞ་ག་གོ། དུད་འགྲོ་གསོད་པ་ལྟུང་བྱེད
་འབའ་ཞིག་པར་བྱས་པ་ཉིད་ཀྱི་ཕྱིར་སྤོང་བའོ།། འདིར་དུད་འགྲོ་འགྲོ་བའི་སྤྲུལ་པ་ལ་མིར་འདུ་ཤེས་པས་འགྲོ་གཞན་གྱི་ངོ་བོས་གནས་པ་ལ་གཞན་གྱི་འགྲོ་བ་པ་ཡང་མིའི་འགྲོ་བའི་ངོ་བོ་སྟེ། འདུ་ཤེས་ཀྱིས་འདི་རྣམ་པར་གནས་པོའི
་ཕྱིར་དོན་ཇི་ལྟ་བ་ཉིད་ལ་དངོས་གཞིའོ།། དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ཉེ་བའི་དངོས་གཞིའོ་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་ལྟུང་བ་རྟོགས་པར་བྱའོ།། དྲི་བར་བྱས་པ་ལ་མ་སྨྲས་པ
་ལ་སྨན་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི་གསོ་བ་ལ་མཁས་པས་ཚངས་པ་མཚུངས་པར་སྤྱོད་པའི་ནད་གཡོག་བྱའོ་ཞེས་གསུངས་པའི་ཚིག་གིས་གསོ་བར་བྱ་བ་ལ་མཁས་པ་མོ་ཡིན་པ་དེའི་ཕྱིར་འདི་བཏགས་པ
་སུ་ཞིག་ལོ་མངོན་པར་འདོད་ན་གོང་གིས་མ་སྨོས་པའི་སྨན་སྦྱིན་པར་མི་བྱ་ཞེ་ན། དེའི་ཕྱིར་སྨོན་པ་དང་དེ་རབ་ཏུ་བྱུང་བ་དང་བཀོལ་བ་རྣམས་ལ་དྲི་བར་བྱ་བ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དེ་རབ་ཏུ་བྱུང་བ་ཞེས་བྱ་བ་ནི་སྐམ
་བྱང་བའོ།། འདིར་བཀོལ་པཱ་ལ་ཡང་དེ་ཞེས་བྱ་བའི་སྒྲ་བ་ཀོལ་བ་ཞེས་བྱ་བ་ཡང་སྦྱར་རོ།། ངེས་བཀོལ་པ་ཞེས་བྱ་བ་ནི་སྨན་པས་བཀོལ་བའོ།། ནད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི་བཀོལ་བ་ཞེས་བྱ་བར་སྦྱར་ཏེ། ནང
་དེར་གྱུར་པ་རྣམས་ལ་ཡང་དྲི་བར་བྱ་བའི་དོན་ཏོ།། དགེ་སློང་རྒན་རབས་རྒན་རབས་ཤེས་རབ་ཅན་རྣམས་ལ་ཡང་ངོ་ཞེས་བྱ་བ་ནི་དྲི་བར་བྱ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ།། སྡོ་མ་མེད་ན་ཕྱི་མ་ལའོ་ཞེས་བྱ་བ་ནི་དྲ
་རྣམས་ལ་གང་ཞིག་འདི་ལ་སྔ་རོལ་ཏུ་མེད་པ་ལ་འདིར་གཞན་ལ་དྲི་བར་བྱ་བ་ཉིད་དོ་འདི་རྣམས་ཀྱི་སྔ་མ་ནི་ཤིན་ཏུ་མཁས་པ་ཡིན་ཏེ། དྲི་བར་འདི་ནི་རྫས་ཀྱི་དོན་དུ་སྟེ། མིང་པ་ལ་ནི་ཕྱི་མ་ལ་དྲི་བའོ།། ཕུན་སུམ་ཚངས་པ་ལས
་དྲི་བར་རིགས་ཏེ། སྨན་པ་མེད་ན་དེ་རབ་ཏུ་བྱུང་བ་ཞེས་བྱ་བ་ལ་སོགས་པའོ།། ཕན་པར་འདོད་པ་ཉིད་ཀྱིས་འཆི་བའི་ཕྱིར་སྨན་མ་ཡིན་པ་སྦྱིན་པ་ལ་ནི་ན་སྨད་པ་མེད་དོ་ཞེས་བྱ་བ་ནི་རང་གིས་བསྒོམ་བྱས་པར་ཅི་ཞིག་སྙམ་དུ་འདི་ལྟར་ཕན
་པར་འདོད་པས་འཆི་བའི་དོན་དུ་སྨན་མ་ཡིན་པ་བྱིན་པ་ལ་ན་སྨད་པ་མེད་དོ།། ཕན་པར་འདོད་པ་ཉིད་ཀྱི་སྦྱིན་པ་འདི་དེའི་ཕྱིར་སྐྱོན་མེད་པ་ཉིད་དང་། ནཱ་སྨད་པ་ལ་ཡང་འདིར་གང་ཞིག་གིས་འདོད་པ་དེ་བཟློག་པའི་དོན་དུ་ཡོངསུ་རྫོགས
་པ་ཉིད་འདིར་ཁ་ན་མ་ཐོ་བ་ཞེས་བྱ་བའི་དོན་ཏོ།། ཆོམ་རྐུན་པ་རྣམས་ཀྱི་ལག་པ་ལ་སོགས་པ་བཅད་དེ་ཚོར་བས་གནོད་པར་འགྱུར་བ་རྣམས་ལ་འཆི་བར་བྱིའི་ཕྱིར་གང་ཞིག་དགེ་སློང་མས་འགྱུར་བྱེད་ཀྱི་ལན་ཚྭ་བྱིན་པ་ལས་མདོ་འདི
་བྱས་སོ།། ཁུར་འདེགས་པར་མི་ནུས་པ་ལ་གྲོགས་ཉིད་མི་བྱའོ།། གལ་ཏེ་དེ་ལྟ་བུའི་རྐྱེན་གྱིས་མ་བྱིན་མ་དག་རུབ་པ་ཉིད་ལ་ཅིག་ཅར་འདེགས་པར་སྐད་སྦྱར་ཏེ་བྱའོ། 1་རྩ་བྱེད་པའི་ཚིག་དང་པོར་སྨོས་པོ་ན་འདིར་ཡང་ཅི
་དོགར་བསྟན་པ་ཡིན་ནོ།། ཁུར་འདོགས་པར་མི་ནུས་པར་ཉིད་ལ་བར་བར་དུ་དེ་ལ་བརྩན་པའི་དོན་དུ་ནུས་པའི་ཁྱིམ་དུ་གནས་པ་རྣམས་ཀྱིས་རུབ་པ་ཉིད་ཤེས་པར་བྱའོ།། གནས་པ་ཙམ་གྱི་ཉེ་བར་གནས་པ་རྣམས་ནི་མངནས
་འདེགས་པར་སྐད་སྦྱར་ཏེ་ཞེས་བྱ་བ་ནི་ཁྱིམ་པ་རྣམས་ལ་བསྒོ་བར་བྱ་ཞིང་སྐད་སྦྱར་ནས་གདེག་པར་བྱའི་ཅིག་ཅར་དུ་མི་བྱ་ཞེས་བྱ་བའི་དོན་ཏོ།། བཞག་པ་ལ་ཡང་ཅིག་ཅར་ཉིད་དུ་སྐད་སྦྱར་བར་བྱའོ་ཞེས་བྱ་བ་ནི་། དབུར་མི་བཟོད་པ
་དེ་ལ་གདེག་པའི་དུས་དང་བཞག་པ་ལ་ཡང་ཅིག་ཅར་ཉིད་དུ་སྐད་སྦྱར་ཏེ་བྱའོ།། སོ་ཕག་མི་འཕང་ངོ་ཞེས་བྱ་བ་ནི་ལག་ནས་ལག་ཏུ་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ།། དེ་ནི་ལག་གི་ལས་དག་བྱེད
་པ་ལ་བསྟན་པ་ཡིན་ཏེ། གང་གི་ཚེ་བརྗོད་དོ།། བྱེད་པ་དང་གས་པ་མ་བརྗོད་པར་དེ་ཉིད་སྦྱིན་པར་མི་བྱའོ་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་བྱེ་བ་ནི་བྱེ་བ་དང་གསཔ་ཉིད་དོ།། རྐུན་པོ་སྤྲོ་བཀོང་བའི་ཕྱིར་ཚེམ་ངམ་བྱའོ་ཞེས་བྱ
་ནི་ཅི་དགར་བསྟན་པའི་དོན་དུ་དང་པོ་བྱའོ་ཞེས་བྱ་བའི་ཚིག་གོ། དེ་བཞིན་དུ་གཞན་རྣམས་ལ་ཡང་དང་པོ་ཁོ་གྲོའི་ཚིག་རྣམས་ལ་རིག་པར་བྱའོ།། གཎྜཱི་ལ་སོགས་པ་མི་འཕོག་པར་འཕང་ངོ་།། ཞེས་བྱ་བ་ནི་ཇི་ལྟར་གཎྜཱི་ལ་སོགས
་པ་ཆོམ་རྐུན་པ་རྣམས་ལ་ཕོག་པར་མི་འགྱུར་པོའི་ལྟར་འཕང་བར་བྱ་སྟེ། ཅི་ནས་ཀྱང་གཞན་ལ་གནོད་པར་མི་འགྱུར་བར་བྱ་བའི་དོན་ཏོ།། ཛཾ་ཕྱོགས་ན་རྡུལ་གྱི་བུམ་པ་དང་ཐལ་བའི་གྱོ་མོ་ཡང་ངོ་ཞེས་བྱ་བ་ནི་འདིར་འཕྲོག་པ
་ཡོངས་སུ་སྦྱོང་བ་ནི་མ་ཡིན་ཏེ་དེའི་ཕྱིར་འདི་རྩོམ་པའོ།། རྡུལ་གྱི་བུམ་པ་དང་ཐལ་བའི་གྱོ་མོ་སྟེ་ཞེས་བྱ་བའི་བསྡུ་བའོ།། རྡུལ་དང་ཐལ་བ་དག་ནི་དཔེ་ཡིན་ཏེ། རྡུལ་འབྱིན་པའི་རྫས་རྣམས་ལ་བུམ་པ་དང་གྱོ་མོ་དག་ཀྱང་དེ་བསྡུད་པར
་བྱེད་པ་པོས་སོ།། འུར་རྡོ་བཅང་བར་བྱའོ་ཞེས་བྱ་བ་ནི་རྐུན་པོ་སྨེ་བཀོང་བར་བྱ་བའི་ཕྱིར་ཞེས་བྱ་བར་སྦྱར་རོ།། དེའི་ཕྱིར་འཕེན་པར་བྱའོ།། དེའི་གྲགས་བྱའོ་ཞེས་བྱ་བ་ལ། འདི་འུར་རྡོ་འཕངས་པའི་དགོས་པ་ནི་ཆོམ་རྐུན་པ་རྣམས
་ཕམ་པར་བྱ་བའི་དོན་དུ་ཆགས་པ་ཡོངསུ་སྤངས་པས་འདི་བཅང་བར་བྱ་སྟེ། འདིའི་དོན་དུ་ཞེས་བྱ་བ་འདིས་བྱ་བ་ཉིད་དོ།། དགེ་སློང་ངལ་བ་མི་ཕུལ་ལོ་ཞེས་བྱ་བ་ནི་གཞན་ངལ་པ་ལ་དེ་དང་འདྲ་བས་ཉེས་བྱས་ཕྲ་མོར་རིག་པར་བྱའོ།། དེའི
་གྲོགས་བྱའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ལ་དེའི་ཞེས་བྱ་བ་ནི་དགེ་སློང་བ་ལ་དེའོ།། ཆོས་འདི་པའི་རབ་ཏུ་བྱུང་བ་ཉིད་འདི་ལྟ་བུའི་རིགས་ཅན་རྣམས་ལ་དགེ་སློང་གི་ཚིག་རྣམ་པར་གནས་སོ།། དེ་བས་ན་དགེ་ཚུལ་ལ་ཡང་འདི་བྱའོ་ཞེས་བྱ་བ
་རིག་པར་བྱའོ།། གྲོགས་ཇི་ལྟ་བུས་ཞེས་བྱ་དེའི་ཕྱིར་རུལ་པོ་སོར་གཞུག་གོ། སྣོད་སྤྱང་བླང་བར་བྱའོ།། གལ་ཏེ་ལྷན་ཅིག་ཏུ་གནས་སུ་ཕྱིན་པར་མི་ནུས་ལ་ཟན་དང་སྐོམ་གྱི་དུས་སུ་མ་ཡིན་ན་ལྷུང་བཟེད་བཀྲུ་བ་དང་བྱུག་རིས་བཞག་པ་དང་།
་བྱིན་ལེན་དང་བརྟག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ཁྱོད་ལ་གྲོགས་པོ་དང་མཉམ་པར་གནས་སུ་ཕྱིན་པར་མི་ནུས་ལ་ཟན་དང་སྐོམ་གྱི་དུས་སུ་མ་ཡིན་ན་ལྷུང་བཟེད་བཀྲུ་བ་དང་བྱུག་རིས་བཞག་པ་དང་བྱིན་ལེན་དང་བརྟག་པར་བྱའོ།། གལ
་ཏོ་དུས་སུ་ན་ཁྱེར་ཏེ་བསུ་བར་བྱའོ་ཞེས་བྱ་བ་ནི་ཅི་སྟེ་དུས་ལ་ཡང་ཟས་དང་བཏུང་བ་དག་ལ་ཕྱིན་པར་ནུས་པ་མེད་ན་དེའི་ཕྱིར་ཁྱེར་ཏེ་བསུ་བར་བྱས་ཏེ་ཟན་དང་སྐོམ་མདེ་བླངས་ནས་ཞེས་བྱ་བའི་དོན་ཏོ།། འདིར་བཏུང་བས་ནི་ཕྱི་དྲོ་གཟུང་ངོ་ཞེས
་བྱ་བ་ཤུགས་ཀྱིས་གོ་བར་བྱའོ།། ཕམ་པར་གྱུར་པ་གསུམ་པའི་རྣམ་པར་འབྱེད་པའོ།། ། མིའི་འགྲོ་བ་པའི་ལག་པ་བཙོད་པ་ནི་སྦོམ་པའོ།། ནགས་མེས་གཏོང་ནའོ་ཞེས་བྱ་བ་ནི་དེ་ལས་སྲོག་ཆགས་བོསད་པར་མ
་བསམས་ཀྱང་སྤྱིར་སྲོག་ཆགས་མང་པོ་ཡོད་པའི་བློས་འདི་ནི་སྦོམ་པའོ།། སྲོག་ཆགས་ཉུང་ངུའི་བློས་ནི་འདི་ཉེས་བྱས་སུ་རྣམ་པར་བཞག་པའོ།། ཉེས་པ་མེད་པར་ངེས་པ་ལ་ལྟུང་བ་མེད་དོ།།
་སྲོག་ཆགས་ལ་མ་བལྟོས་པར་མཉམ་པར་སྤྱོད་པ་ཉིད་ཀྱི་ཕྱིར་འདིར་འདི་རྣམ་པར་ཤེས་པའོ།། སྦྱོར་བ་ཐོབ་པའི་ཕྱིར་འདི་མ་སྐྱེས་སོ།། འདིར་དངོས་གཞི་རྣམས་ལ་མཚན་ཉིད་ཇི་ལྟ་བར་རྟོགས་པར་བྱ་བ་ཉིད་དེ་གནོད་པ་མེད་པའི
་སྲོག་གཅོད་པ་ནི་ནགས་ལ་མེས་གཏོང་དུ་འཇུག་པ་ལ་མེད་པར་ངེས་པ་ཡོད་པར་གྱུར་པ་ལོ་མི་བསྐྱེད་དོ།། ཡོད་པའི་བློ་ལ་ཉེས་བྱས་ཙམ་པོར་འགྱུར་བ་ལ་ཡང་ཇི་ཙམ་དུ་ཉེས་བྱས་འདིར་རིགས་སུ་གྱུར་པ་གང་ཡིན་པ
་རྣམས་ལ་སྤྱིའམ་བྱེ་བྲག་ཅིག་ཏུ་མ་ཟད་ཀྱི་དེ་རྣམས་ཤི་བ་ལ་དེའི་རིགས་ཡོངས་སུ་རྫོགས་པའི་རྗེས་སུ་ལ་ན་སྨད་པར་གྱུར་པའི་ལྟུང་བ་དེ་ཙམ་དག་ལ་བསྐྱེད་པའོ།། གལ་ཏེ་མིའི་འགྲོ་བ་རྣམས་ལ་ཉེས་པ་ཡོད་ན་ནི་སྒོམ་པའོ།།
་ཅི་སྟེ་དུད་འགྲོ་རྣམས་ལ་ནི་ཉེས་བྱས་སོ།། གཞན་དུ་གནོད་པ་ལ་ནི་དེ་ལས་ཀྱང་ན་སྨད་པ་ད་སྟེ་དེ་ཙམ་དྲག་ལ་མངོན་པར་འབྲེལ་བའི་ཕྱིར་གསོད་པ་དང་སྦ་བ་ལ་འདི་བཅད་ནས་འདི་ལ་ལ་ཐམས་ཅད་གང་ཡིན་པ་འདི་ནི
་རྒུད་པར་གྱུར་ཅིག་ཅེས་བྱས་པ། དེ་རྣམས་ཤི་བ་ལ་ཇི་ལྟར་ཇི་ཙམ་དུ་སྲོག་ཆགས་དེ་དང་རྗེས་སུ་མཐུན་པའི་ལྟུང་བ་རྣམས་ཀྱང་དེ་ཙམ་མོ།། རྣམ་པར་བཅད་པ་ལ་རི་དགས་རྣམས་ཉིད་ཤི་བར་གྱུར་ཅིག་ཅེས་བྱ་བས་གལ་ཏེ།
་དེ་མ་ཡིན་ན་དེར་མི་ལ་སོགས་པ་གཞན་རྣམས་མེད་པ་འམ་ཡོད་པར་གྱུར་པ་མ་བཟུང་བར་ཤེས་པ་ཉིད་ལ་མངོན་པར་བརྟེན་པའི་རི་དྭགས་རྣམས་ལ་ཇི་ལྟ་བར་བྱས་པའི་ཁ་ན་མ་ཐོ་བ་དང་མ་ཤེས་པའི་མི་ལ་སོགས་པ་རྣམས
་ལས་ནི་མ་ཡིན་ནོ།། གལ་ཏེ་ཤེས་པ་ཉིད་མི་རྣམས་ལ་ཡང་འདིར་དུད་འགྲོ་གཞན་རྣམས་ཡོད་དེ་དེ་ཡང་རི་དྭགས་རྣམས་ཇི་ལྟ་བར་བརྗོད་པ་མི་རྣམས་ཤི་བ་ལ་སྦོམ་པོ་དང་གཞན་རྣམས་ལ་ནི་ཉེས་བྱས་སོ།། ཤི་བ་ལས་གཞན
་པའི་གནོད་པ་གཉིས་ཀ་ལ་ཉེས་བྱས་ཉིད་དོ།། སྐྲ་ཅན་འཚོང་ནའོ་ཞེས་བྱ་བ་ནི་མིའི་འགྲོ་བ་པོ་འཚོང་ན་ནི་སྦོམ་པོའོ།། འདིར་གཞུང་ནི་ཉེར་དགས་ཤ་ཟའི་བུ་གཅིག་བཟུང་སྟེ་བྲོ་གར་མཁན་ལ་བཙོངསོ་པ་ནས། ཇི་སྲིད་བཅོམ་ལྡན
་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་སྐུ་ཅན་བཙོང་པར་མི་བྱའོ།། བྱེད་ན་ཉེས་པ་སྦོམ་པོར་འགྱུ་རོ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ནོ།། གང་གིས་བརྐུས་པ་དེའི་པྲའི་གྲཝར་འབུལ་ནའོ་ཞེས་བྱ་བ་ཡང་སྤྱོམ་པའོ།།
་ཞེས་བྱ་བར་སྦྱར་རོ།། ཡོངསུ་དོར་བར་གྱུར་པ་ནི་གཏང་བ་འདིའོ།། འཚོང་ན་ཞེས་བྱ་བ་འདི་ལ་སྦོམ་པོར་ཤེས་པོའོ།། འདི་གཉིས་ཀ་ལ་མངོན་པར་མ་བསམས་པས་གནོད་པ་ལ་གཅིག་པོ་འདི་ཉིད་ཁ་ན་མ་ཐོ་བ་མེད་པ་ཉིད་དོ།།
་མངོན་པར་བསམས་པར་གནོད་པ་ལ་ནི་དེ་བསྒྲུབ་པར་གྱུར་པ་ལ་གནོད་པ་ཇི་ལྟ་བར་ཁ་ན་མ་ཐོ་བའོ།། ཕྲན་ཚེགས་ཀྱི་སྐབས་སོ།། །། སྟོན་པས་བསྒོ་ནའི་ཞེས་བྱ་བ་ནི་གསད་པའི་སེམས་ཀྱིས་གང་ཞིག་གསོད་པ
་རང་གི་བསམ་པ་ཉིད་ཀྱིས་བསད་པ་དེའི་དོན་དུ་རྗེས་སུ་འབྲེལ་པས་སྟོན་པ་སུ་ཞིག་ལ་བརྗོད་པ་ནི་སྟོན་པའོ།། གསོད་པར་བྱེད་པ་ལ་བསད་པའི་ཕྱིར་བསྒོ་བ་བྱས་པ་ཡིན་ཏེ། དེ་གསོད་པར
་བྱེད་པ་ལ་བསད་དུ་ཟིན་ཀྱང་དེ་བསྟན་པ་དེས་བསད་པར་གྱུར་པས་འདིར་ཕམ་པ་བསྐྱེད་པ་ཞེས་བྱ་བའི་དོན་ཏོ།། མ་དང་མངལ་ན་གནས་པ་གཉིས་ནི་དཔེའོ་ཞེས་བྱ་བ་ནི་བསད་པར་བྱ་བ་མ་པོའི་རྗེས་སུ་བསད་པར་བྱེད་པ
་སུ་ཞིག་བགྲང་བ་དེ་རྣམས་ལ་བསད་པར་བྱ་བ་གང་ལ། གསོད་པའི་སེམས་ཉེ་བར་གནས་པར་གྱུ་པ་དེ་བསྟན་པའི་ཕྱིར་མ་བསམས་པ་གཞན་ཐམས་ཅད་ཀྱང་སྟོན་པར་བྱེད་ཅིང་དེ་ནི་ཞར་ལ་སྦོམ་པོའོ།། དེར་སྐྱོམ
་པོ་དེ་ནི་མ་བསམས་པ་ལ་མ་དང་མངལ་ན་གནས་པ་དག་ལ་བཀུ་ཉེས་པ་ཞེས་བྱ་བ་འདིས་བསྟན་པར་རིག་པར་བྱ་སྟེ། འདིར་མ་དང་མངལ་ན་གནས་པ་གཉིས་ནི་དཔེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། བདག་ཉིད་གསོད་ན་སྦོམ
་པོ་ཞེས་བྱ་བ་ནི་བསད་པའི་ཕྱིར་རྗེས་སུ་བསྒྲུབ་པ་ལས་འདིར་ལྟུང་བ་རྣམ་པར་བཞག་གིས་བསད་པར་ལས་ནི་མ་ཡིན་ནོ།། དེ་བས་ན་འདིར་ཚེ་རབས་གཞན་དུ་ལས་ཀྱི་ལམ་སྐྱེ་བ་མེད་དོ།། སེམས་གྱུར་པ་མེད་པར
་ལེགས་པར་བྱས་ནས་ཉེས་བྱེད་དོ་ཞེས་བྱ་བ་ནི་མ་བསམས་པའི་འབྲས་བུ་གང་ཞིག་མ་ལ་ལེགས་པར་བྱས་པ་དཔེར་ན་བསད་པར་བྱ་བ་བསྟེན་པ་དེ་ནི་ཉེས་བྱེད་དེ་ལེགས་པོར་བྱེད་པ་མ་ཡིན་ནོ།། དེ་བས་ན་སེམས
་འགྱུར་བ་མེད་པ་ཉིད་ཡོད་ཀྱང་འདི་ནི་ཉེས་བྱས་སུ་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཆེད་དུ་མ་བསམས་པར་གྲུབ་པ་ནི་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་མ་བསམས་པའི་འབྲས་བུ་གང་ཞིག་ལྔ་སྐྱེ་བ་དཔེར་ན་གཞང་གང
་ཀྱི་བསམ་པས་མཚོན་འཕངས་པས་ཤི་བོའི་གསོད་པར་གཏོགས་པ་གྲུབ་པ་དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་མ་ཡིན་ཏོ།། དེ་ལ་ནི་མཚོན་འཕངས་པོ་ལས་དེར་ལྟུང་བ་ཁོ་ན་སྟེ། ཤི་བ་ལས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།།
་འདིར་བཞུང་ནི་བཙུན་པ་དགེ་སློང་གིས་བཞད་གང་དུ་གཞན་ལ་མཚོན་འཕངས་པས་རྐྱེན་དེས་དུས་བགྱིས་ན་ལྟུང་བ་ཅིར་ལུཿཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ།། ཚེ་རབས་གཞན་དུ་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ནི
་བསང་པ་ལ་སོགས་པའི་སྦྱོར་བ་བྱས་ནས་ཐོག་པ་གིས་གྱུར་པའི་སྲོག་བཅད་པ་ལ་སོགས་པ་མི་བསྐྱེད་དེ་སྦྱར་བ་ཙམ་ཉིད་ལས་དེར་ལྟུང་བའོ།། ཕམ་པར་གྱུར་པ་གསུམ་པའི་ཞུ་བའི་སྐབས་སོ།། །། སྦོམ་པོ་ནི།
་པོ་འཆི་བར་འོང་ངོ་ཞེས་དེ་སྐད་ཟེར་བ་ལ་ཡིད་མི་ཆེས་ཤིང་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་ནའོ་ཞེས་བྱ་བ་ལ། སྦོམ་པོ་ནི་ཞེས་བྱ་བའི་ཚིག་དང་པོར་སྨོས་པ་ནི་དབང་དུ་བྱ་བ་བསྟན་པའི་ཕྱིར་ཏེ། གལ་ཏེ་ན་དྲ་པ་ན་ར
་བདག་ལ་ཁྲུས་དང་བསྐྱོད་པ་ལ་སོགས་པ་ཅུང་ཟད་བྱེད་ན་གདོན་མི་ཟ་བར་ཁོ་བོ་འཆི་བར་འོང་ཞེས་དེ་སྐད་ཟེར་བ་ལ་ཡིད་ཆོས་ཤིང་དེ་བཞིན་ཉིད་དུ་སྒྲུབ་ལ་སོགས་སྒྲུབ་པར་བྱེད་ན་སྦོམ་པོའོ།། ངེས་པར་འདིར་ལྟུང
་བར་འགྱུར་བ་ལ་ཡང་རྩུབ་པས་ཉེས་པར་གནས་པ་ཞེས་བྱ་བ་ལྟུང་བ་འདིའོ།། ནད་པ་ཤི་བླའོ་ཞེས་གཡོག་མི་བྱེད་ནའོ།། ཞེས་བྱ་བ་ནི་སྦོམ་པོ་ཞེས་བྱ་བ་དང་སྦྱར་རོ།། མིང་བར་བྱ་བ་མི་འཕྲོད་པ
་སྦྱིན་ནའོ་ཞེས་བྱ་བ་ནི་ནད་པ་ལ་སྩོགས་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། འདིར་ཡང་ཡིད་མཆེས་པའི་ཕྱིར་ཤེས་པར་གྱུར་པ་ན་རྩུབ་པ་ཉིད་ལ་ཉེ་བར་གནས་པའོ།། འདིར་འཆདསྦོམ་པོའོ།། འབྲས་ཡོངས་སུ
་མཽ་སྨིན་པ་བརྟོལོ་ནའོ་ཞེས་བྱ་བ་ནི་འདིར་ཡང་ངེས་པར་རྩུབ་པ་ཉིད་ཉེ་བར་གནས་པ་ཞེས་བྱ་བ་ལྟུང་བ་འདིའོ།། དོང་དུ་འཇུག་པ་དང་སྒོ་གླེགས་ཀྱིས་བཙིར་བ་ལ་སོགས་པས་ཉོན་མོངས་པར་བྱེད་པའོ་ཞེས་བྱ་བ་ལ། འདི
་བསྐྱེད་པའི་སྦྱོར་བའི་རྣམ་པ་སྟེ་དེ་བས་ན་འདིར་སྦོམ་པོའོ།། གཡངས་ནས་མཆོང་བ་དང་འཆི་བ་ལ་སོགས་པ་ལ་འཚེ་བའི་དོན་དུ་བསྒྲུབ་པ་ཡང་ངོ་ཞེས་བྱ་བ་ནི་ཡང་གི་སྒྲ་ལ་ནི་སྦོམ་པོའོ།། ཞེས་བྱ་བ་དེའི་རྗེས་སུ་བསྒྲུས
་པའི་ཕྱིར་རོ།། འདིར་གཞན་ཤི་བ་ཡོད་པར་གྱུར་པ་ལ་ཕམ་པ་སྟེ། མེད་པར་གྱུར་ན་སྦྱར་བ་ཉིད་ཀྱི་ཕྱིར་སྦོམ་པོ་འགྲུབ་པའོ།། དེ་བསི་ན་བདག་ཉིད་བསོད་པ་ལ་གཡངས་དེར་བཏང་བ་ལ་སོགས་པ་ལྔ་བཟུད་པར་རྟོགས
་བར་བྱའོ།། འདིར་བདག་ཉིད་གསོད་པ་ལ་སྦོམ་པོ་སྟེ། དེ་བས་ན་འདི་ཤི་བ་ལ་བརྗོད་དོ།། དེ་བས་ནི་མེད་པར་གྱུར་པོ་ཞེས་བྱ་བར་རྟོགས་པར་བྱའོ།། ནང་པ་ལ་བབ་ཅོལ་དུ་མཚོན་དང་ཐག་པར་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི
་ནད་གཡོག་ལ་ཤི་བའི་ཡོ་བྱད་མ་ཡིན་ན་ཞེས་བྱ་བ་བརྗོད་ཟིན་ཏོ།། ནད་གཡོག་མ་ཡིན་པའི་དོན་དུ་ནི་རྩོམ་པ་འདིའོ་བབ་ཅོལ་དུ་ཞེས་བྱ་བའི་ཚིག་གིས་ཤི་བ་ལ་མ་ཡིན་པའི་ཡོ་བྱད་ཉིད་ཤེས་ནས་བྱ་བ་གཞན་གྱི་དོན་དུ་སྦྱིན་པར
་བྱ་ཞེས་བྱ་བའི་དོན་ཏོ།། འདིར་ནི་མཚོན་དང་ཐག་པའི་ཚིག་ནི་དཔེ་ཡིན་ཏེ་ཁབ་ལ་སོགས་པ་རྣམས་ཀྱང་བསྡུས་པ་ཡིན་ནོ།། གཞལ་ཏ་བས་ཤེས་བཞིན་དུ་བྱའོ།། གསང་སྔགས་ཀྱི་ཐལ་ལྕག་བྱ་བ་ཡང་ངོ་ཞེས་བྱ་བ་ནི་ཤེས
་བཞིན་དངོ་ཞེས་བྱ་བ་དང་སྦྱར་རོ།། ཤེས་བཞིན་དུ་ཞེས་བྱ་བས་གདོན་གྱིས་ཟིན་པ་ཐར་པར་བྱ་བའི་གསང་སྔགས་སྔོན་དུ་འགྲོ་བས་གདོང་དུ་ཐལ་ལྕག་གིས་བསྣུན་པོ་ནི་ཐལ་ལྕག་བསྣུན་པའོ།། ཤི་བ་དང་གནོད་པ་གཞན་ལ་དགག་པའི
་དོན་དུ་དེ་ལྟ་བུའི་རིགས་ཅན་གྱི་ཐ་སྙད་རྣམས་སོ།། ཁོང་ནད་བསལ་བའི་ཕྱིར་དང་ཐོགས་པ་བསལ་བའི་ཕྱིར་བསྙེན་པ་ཡང་ངོ་ཞེས་བྱ་བ་ནི་མིཁྱེན་པ་ལ་སོགས་པའི་ལུས་ལ་ཅུང་ཟད་ནུས་པ་ལུས་ལས་དོན་གཞན་དུ་གྱུར་པ
་ནི་ཐོགས་པའོ།། དེ་བསལ་བའི་ཕྱིར་བསྣུན་པ་གང་ཡིན་པ་དེ་ཡང་དག་པར་ཤེས་ཤིང་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ།། དེར་གྱུར་པས་ལེགས་པར་སོ་སོར་བརྟགས་པར་བྱ་སྟེ་དྲིལ་བར་བྱའོ་ཞེས་བྱ་བ་ལ་དེར་གྱུར་པས་ཤེས་བྱ
་བ་ནི་ཡང་དག་པར་ཤེས་པར་གྱུར་པ་ཤེས་བཞིན་ལ་གནས་པའོ།། དེ་ལྟར་སོ་སོར་བརྟོག་པར་བྱ་སྟེ་རྡོ་བ་ལ་སོགས་པས་དྲིལ་བར་བྱའོ།། ཇི་ལྟར་སུ་ཞིག་ལ་ཡང་གནོད་པར་མི་འགྱུར་བར་རོ།། གནོད་པར་བྱ་བ་མེད་པར་ཤོས
་བའི་སོ་སོར་རྟོགས་པ་འདིའོ།། དེ་བས་ན་གནོད་པ་བྱེད་པའི་རྡོ་བ་ལ་སོགས་པ་ལ་འདི་དྲིལ་བ་ཞེས་བྱ་བ་ལ་སོགས་པ་བརྟག་པར་བྱའོ།། ཕྱོགས་ཉུང་ངུས་གདེག་པ་ལྕི་བ་ལ་འབད་པར་མི
་བྱའོ་ཞེས་བྱ་བ་ནི་ཉུང་བའི་གསུམ་གྱི་ཚོགས་བརྩོན་པ་ཆ་ཤས་སུ་གྱུར་པ་ལྕི་བའི་ཁུར་གདེག་པར་བྱ་བའི་དོན་ཏོ།། སྤྱི་བོ་ཚུགས་སུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་སྤྱི་བོ་ཚུགས་མ་ཁན་ལྟར་རོ།། མ་བསླབས་པས
་བསླབ་པ་ལ་སྦྱར་བར་མི་བྱའོ་ཞེས་བྱ་བ་ནི་མཚོན་གྱི་ལས་ལ་སོགས་པ་གཞན་ལ་གནོད་པའི་ཕྱིར་ནུས་པ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། མཚོན་འཕོངས་པ་ལ་བསྒོ་བར་མི་བྱའོ་ཞེས་བྱ་བ་ནི་དཔེར་ན
་མངའ་འཕོངས་ཤིག་དང་བལྟ་བར་བྱ་བ་བྱའི་ཞེས་བྱ་བའོ།། ནད་པ་མི་ནུས་པ་ལམ་དུ་མི་བཀྲིའོ་ཞེས་བྱ་བའོ།། ཕམ་པ་གསུམ་པ་འདུལ་བྱེད་ཀྱི་སྐབས་སོ།། །། གང་དུ་ཕམ་པར་གྱུར་པོ་བཞི་པ
་ཞེས་བྱ་བ་ལ་བལྟོས་ནས་བརྗོད་པར་བྱ་སྟེ། དེའི་ཕྱིར་འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྗོན་པ་ཉིད་དུ་སྨྲ་ནའོ་ཞེས་བྱ་བ་ནི་གོང་ཞིག་འདི་བདེན་པར་གྱུར་པ་དང་མིང་དུ་གྱུར་པའི་དོན་བཟུང་སྟེ་བསྒྱུར་ཏེ
་སྦ་བར་བྱས་ནས་འོག་ཏུ་བྱས་ཏེ་རྫུན་པའི་དོན་གྱིས་འདུ་ཤེས་གཞན་གྱིས་བཀབ་ནས་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་བརྗོད་པ་ལ་ཅི་བདག་ཉིད་དམ་གཞན་ལ་ཞེས་བྱ་བ་ནི་བདག་ཉིད་ལའོ།། དེ་ཉི་ད
་མཐོང་ངོ་བདག་མཐོང་ངོ་སྒྲ་ཐོས་སོ།། བདག་གིས་ཐོས་སོ།། འགྲོའོ་བདག་གིས་དྲུང་དུ་འོང་ངོ་།། ལྷན་ཅིག་གཏམ་འདྲེའོ།། ཕེབས་པར་སྨྲའོ།། སོ་སོར་ཀུན་དགའོ།། བདག་དང་རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས
་སྨྲས་པ་འདི་ཉིད་དོ་ཞེས་བྱ་བ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཉིད་ནི་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲ་བ་ཉིད་ཡིན་པར་བལྟ་བར་བྱའོ།། བདག་དང་ལྷན་ཅིག་གཏམ་འདྲེའོ།། ཞེས་བྱ་དེ་འདིས་ནི
་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཕན་ཚུན་ཀུན་དགའི་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་དེ་ལྟར་ཡང་སྦྱར་བར་ཤེས་པར་བྱའོ།། ཅི་མཐོང་ངོ་བདག་མཐོང་ངོ་།། ཞེས་བྱ་བ་དེ་ཙམ་གྱི་ཚིག་ཁོ
་ནཱ་ལས་ཕམ་པར་འགྱུར་རམ། འོན་ཏེ། ཟླ་ཅུང་ཟད་ཅིག་ལ་བལྟོས་ནས་ཡིན། དེ་ལྟར་ན་ཡང་ཟླ་གང་ཡང་རུང་བ་ཞིག་ཡིན་ནམ་འོན་ཏེ་ཁྱད་པར་ཅན་ཞིག་ཡིན་ཞེ་ན། དེའི་ཕྱིར་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་།
་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་ཤ་ཟ་དང་གྲུལ་བུམ་དང་། སྲུལ་པོ་དང་། ལུས་སྲུལ་པོའི་ཟླ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ལྷ་རྣམས་བདག་གིས་མཐོང་ངོ་།། ལྷ་རྣམས་ཀྱིས་བདག་གིས
་མཐོང་ངོ་།། ལྷ་རྣམས་དང་ལྷན་ཅིག་བདག་གནས་སོ་ཞེས་བྱ་བ་ཉེ་བར་གནས་པ་འདི་རྣམས་ཀྱི་ཚིག་དང་ལྡན་པས་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་སྨྲ་བ་ཞེས་བྱ་བའི་དོན་ཏོ།། སྦོམ་པོའི་དབང་དུ་བྱས་པ
་ཉིད་ནི་རྡུལ་ཁྲོད་ཀྱི་ཤ་ཟའོ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་ཤ་ཟ་བ་ལ་སོགས་པ་འགལ་བའི་ཟླ་ལ་བདག་གིས་རགས་པ་མཐོང་ངོ་ཞེས་བྱ་བ་འདི་ལྟ་བུ་ལ་སོགས་པ་ཚིག་རྣམས་གཞན་སོ་སོར་ཉིད་ཀྱི
་ཕྱིར་འདི་ལ་དེ་ལྟར་འདི་དང་ལྷན་ཅིག་བདག་ཉིད་ལ་བསྟོད་པར་བྱེད་ཅེས་བྱ་བ་འདི་ཤེས་པའོ།། འབྲས་བུ་དང་ལྷན་ཅིག་ཏུ་མིའི་ཆོས་བླ་མ་བསྟན་པའི་ངོ་བོ་འདི་ལ་བརྗོད་པར་བྱ་སྟེ། མི་རྟག་པ་ལ་སོགས་པའི་འདུ་ཤེས་དང་།
་བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པོ་རྣམས་དང་། འབྲས་བུ་རྣམས་དང་། མངོན་པར་ཤེས་པ་ལ་སོགས་པ་ནི་ཆོས་བླ་མའོ་ཞེས་བྱ་བ་ནི་མི་རྟག་པའི་འདུ་ཉེས་དང་མི་བརྟག་པ་ལ་སྡུག
་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བོའི་འདུ་ཤེས་དང་། ཉེས་མགས་དུ་ཤེས་དང་དོ།།
་སྤོང་བའི་འདུ་ཤེས་དང་། འིདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣགཾ་པའི་འདུ་ཤེས
་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རྣམ་སོ།། འདུ་ཤེས་དང་།
་སྟོང་པ་ཉིད་ལ་སོ་སོར་རྟོག་པའི་འདུ་ཤེས་སོ་ཞེས་བྱ་བའི་མདོ་སྡེ་རྣམས་ལས་ཡང་དག་པར་འབྱུང་བའི་འདུ་ཤེས་རྣམས་ཉེ་བར་བསྡུ་བའི་ཕྱིརརོ།། མི་རྟག་པའི་ལྔ་སོགས་འདི་ལ་འདིར་སོགས་པའི་སྒྲ་དང་མངོན་པར་ཤེས་པ
་ལ་སོགས་པ་ཞེས་བྱ་བ་འདིར་ཡང་སོགས་པའི་སྒྲས་འདི་ལྷག་མ་འདི་ལྟ་བུའི་རྣམ་པའི་ཡོན་ཏན་རྣམས་བསྡུ་བའི་དོན་དུའོ།། སྦོམ་པོའི་དབང་དུ་བྱས་པ་ཉིད་ནི་ཞི་གནས་ཀྱི་རྒྱུ་མཚན་ཉིད་འཛིན་པ་ཉོན་མོངས་པ་རྣམ
་པར་གནོན་པའོ།། ཞེས་བྱ་བ་ནི་མྱོས་པ་ཡིད་ལ་བྱེད་པའི་བདག་ཉིད་ཚེ་དེ་མྱེད་པ་ལ་སོགས་པོ་རྣམས་ལའི།། དེ་ཁོ་ན་ཡིད་ལ་བྱེད་པའི་བདག་ཉིད་ཅན་རྣམས་ལ་ཡང་མི་རྟག་པའི་འདུ་ཤེས་ལ་སོགས་པའི་དགེ་བའིརྩ
་བ་རྣམས་ཡོངསུ་རྫོགས་པོ་གང་ཡིན་པ་དེ་ལ་ཚུ་རོལ་གྱི་ཆ་གང་ཡིན་པ་དེ་འདི་རང་གི་མཚན་ཉིད་འཛིན་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བརྗོད་པའོ།། ཞི་གནས་ཀྱི་དོན་ནི་ཏིངངེ་འཛིན་གྱི་དོན་ཏོ།། ཡོངསུ་རྫོགས་པ
་དང་མི་རྟག་པ་ལ་སོགས་པའི་འདུ་ཤེས་རྣམས་ལ་མི་རྟག་པ་ལ་སོགས་པའི་འདུ་ཤེས་ཉིད་ཀྱི་བཀའི་ཚིག་གོ། དེ་བས་ན་ཕྱིར་མི་བཟློག་པས་བསྡུས་པའི་དགེ་བའི་རྩ་བ་རྣམས་ཡོངསུ་རྫོགས་པ་ལུང་བསྟན་པ་ལ་ནི་ཕམ
་པའོ།། ཚུ་རོལ་ཉིད་ལ་ཡོངསུ་རྫོགས་པ་ལུང་བསྟན་པ་ནི་སྦོམ་པོའི་ལྟུང་བ་ཞེས་བྱ་བ་རྣམ་པར་བཞག་པ་རྟོགས་པར་བྱའོ།། དེ་དང་ལྡན་པའི་ཆོས་ཅན་ཉིད་དུ་སྨྲ་བ་ནི་དེ་དང་ལྡན་པ་ཉིད་མ་སྨྲས་པ་མ་ཡིན་ནོ་ཞེས་བྱ་བ་ནི། དེ
་དང་ལྡན་པ་ཉིད་ཀྱི་ཆོས་གང་ཡིན་པ་དེ་ལ་བརྗོད་པ་གང་ཡིན་པ་འདི་ནི་དེ་དང་ལྡན་པ་ཉིད་ཡིན་ནོ།། དེ་བས་ན་མི་མ་ཡིན་པ་རྣམས་མི་འཚེ་བ་ཉིད་དང་ཁྲ་བོ་བཀྲ་བ་ལ་སོགས་པ་འཐོབ་པའི་ཆོས་ཞེས་བྱ།
་པ་ལ་སོགས་པ། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་ཆོས་ཉིད་ཀྱི་རྣམ་པར་གནས་པ་ལ་བརྗོད་པ་གང་ཡིན་པ་དེ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པ་མ་ཡིན་ཞེས་བྱ་བར་ཤེས་པར་མི་བྱ་སྟེ་བརྗོད་པ་འདི་ལ་ཕན་པ་ཉིད་ཅེས་བྱ།
་པའི་དོན་ཏོ།། དེ་ཡོད་དོ་ཞེས་རང་གི་བསམ་པ་གཞན་ལ་སྦྱོར་ཞིང་སྟོན་པ་ཉིད་དོ་ཞེས་བྱ་བ་ནི་དགེ་སློང་ཡོད་དོ་གང་ཞིག་ལྷ་རྣམས་མཐོང་བ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་བདག་ཉིད་ལ་དགོངས་ནས་འདི་ཡོད་དོ་ཞེས
་བྱ་བ་བསམས་པས་ཚིག་གོ། གལ་ཏེ་ཡང་དེར་བདག་ཉིད་དོ་མངོན་པར་བསམས་པ་དེ་ལྟར་ན་ཡང་གཞན་ལ་སྦྱོར་བ་ཉིད་དེ་ལ་ཚིག་གི་ངོ་བོ་རང་དང་གཞན་ལ་སྦྱོར་བ་རྣམ་པར་གཞན་པ་རང་གི་བསམ་པས་གདུག་པ་ཅན་དང
་གདུག་པ་ཅན་མ་ཡིན་པ་ཉིད་ལ་དེ་བས་ན་ཚིག་ལ་ཚིག་འདྲི་ལ་རྣམ་པར་བཞག་པ་མེད་དེ། དེ་བས་ན་འདིར་ཁོ་ན་མ་ཐོ་བ་མ་ཡིན་པ་ལ་ཆད་པ་ལ་ཕམ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། གང་ཏེ་འདི་ཡོད་ཅེས་བསམ་པ
་རྣམས་ལ་མ་སྙན་པ་ཡང་བདག་ཅེས་བྱ་བ་ལ་སོགས་པའི་སྒྲས་ཉེ་བར་བསྡུ་བའོ།། འདི་ནི་བདག་ཉིད་ཅེས་བྱ་བ་ལ་སོགས་པར་འགྱུར་ན་དེའི་ཚེ་ན་ཡང་གཞན་ལ་སྦྱོར་ཞིང་ཞེས་བྱ་བ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་ཉེ་བར་སྦྱོར་ན
་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རང་ལ་ཞེས་བྱ་བར་སྐུར་རོ།། དགེ་སློང་འདི་ཡོད་དེ་གང་ཞིག་ལྷ་རྣམས་མཐོང་ཞེས་བྱ་བ་འདི་ལ་གལ་ཏ་རང་གི་སྟོན་པའི་སྒྲ་ལ་བདག་ཉིད་འདི་ཡིན་ཞེས་བྱ་བ་བསམ་པར་བྱེད་ན་དེ་བས་ན་གཞན
་གྱི་བསྟན་པ་མ་ཡིན་ནོ།། རང་བསྟན་པ་ཉིད་ཀྱིས་དེར་ལྟུང་བ་ཡོངས་སུ་རྫོགས་པ་ཉིད་ཅེས་བྱ་བའི་དོན་ཏོ།། དེ་ལྟར་ཡང་གཞུང་ནི་འདི་སྐད་ཅེས་ང་ཉིད་དོ་ཞེས་མི་སྨྲ་ན་ཞེས་བྱ་བ་ཡིན་ནོ།། མ་བསམས་པར་བསྟན་པར
་མི་བྱའོ་ཞེས་བྱ་བ་ནི་ཇི་ལྟར་བསླུ་བའི་བློས་ཡིད་ཆེས་དང་བྲལ་བའི་ཚིག་གིས་གླགས་མི་རྙེད་པ་དེ་བཞིན་དུ། སོ་སོར་བརྟག་པ་མ་བྱས་པར་ལུང་བསྟན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། ཕམ་པར་འགྱུར་བ་བཞི་པ
་རྣམ་པར་འབྱེད་པའི་སྐབས་སོ།། །། བླ་མ་ཐོབ་པ་ཡོངས་སུ་ཉམས་པ་གོ་བར་བྱེད་པ་ནི་མ་བརྗོད་པ་མ་ཡིན་ནོ་ཞེས་བྱ་བ་བདག་ཉིད་དམན་པ་སྟེ། བདག་ནི་དགེ་སྦྱོང་གི་འབྲས་བུ་བཞི་ལས་ཉམས་པའོ།།
་ཞེས་བྱ་བ་ལ་སོགས་པས་ཐོབ་པ་ལས་ཡོངས་སུ་ཉམས་པ་ལས་བསྟན་པ་གང་ཡིན་པ་དེ་ཡང་མིའི་ཆོས་བླ་མ་མ་བརྗོད་པ་མི་ཡིན་ཏེ་བརྗོད་པ་ཁོ་ནི་ཉིད་ཡིན་པས། འདེར་གལ་ཏེ་རྫུན་དུ་སྨྲ་བ་ཉིད། ཡོད་པར
་གྱུར་པ་ལ་ཕམ་པར་མི་འགྱུར་བ་མ་ཡིན་ཏེ། ཕམ་པར་འགྱུར་བ་ཁོ་ན་ཡིན་ནོ།། མ་ཐོབ་པ་ལ་ཉམས་པ་གང་ཞིག་བསྟན་པ་དེ་གལ་ཏེ་སྐྱོན་དང་བཅས་ན་ཁྱད་པར་སུ་ཞིག་སྲིད་པའི་འདུན་པས་ཡང་དག་པར་མཚོན་པ
་ཉིད་དེ་ལ་རིག་པར་བྱའོ།། སླར་གང་ཞིག་སྐྱོན་དང་བྲལ་བ་དེ་ལ་སྐྱོན་དང་བྲལ་བ་ཉིད་དོ།། བླ་མ་བརྗོད་པའི་འདུན་པས་མིང་མཐུན་པའི་དོན་བརྗོད་ན་སྙམ་པའོ་ཞེས་བྱ་བ་ནི་མིང་འ
་བྱའི་དོན་བརྗོད་པ་ནི་མིང་དང་མཐུན་པའི་དོན་བརྗོད་པའོ།། བདག་སྐྱོབ་པ་ཞེས་བྱ་བ་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ལ་སློབ་པའོ།། བདག་ནི་མི་སློབ་ཞེས་བྱ་བ་བསྟན་པ་དང་། འདུལ་བ་དང་སེ་སོར་ཐར་པའི་མདོ་ལ
་སོགས་པ་དང་ཆོས་མངོན་པ་ལ་སོགས་པ་སློབ་པ་ཉིད་དང་མི་བརྩོན་པ་ཉིད་ལྷུང་བཟེད་ལ་སོགས་པ་ལས་ལྷག་པ་མེད་པ་དང་། བདག་ལ་ཅི་འང་མེད་དོ་ཞེས་བྱ་བའི་ཐ་མ་བཟློག་པ་ཉིད་ཅེས་བྱ་བའོ།། གྲུར་འགྲོ་བ་དག
་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་བསྟེན་པ་ཉིད་དེར་འབྲས་བུ་འདི་ལ་མུ་ཏོག་ལ་སོགས་པ་བདག་ཉིད་ཀྱིས་བཟུང་ནས་འབྲས་བུ་ཐོབ་བོ་ཞེས་བྱ་བ་དང་། ཁྱོད་ནི་ཟག་པ་མེད་དོ་ཞེས་བྱ་བ་ལ་སོགས་པས་འདྲི་བའི
་བད་གཱ་ཉིད་ལ་བདག་ལ་འཚོ་བ་ལ་སོགས་པ་མེད་དོ་ཞེས་བྱ་བ་ནི་འདི་འདས་པའོ།། འཚོ་བའི་འཇིག་པ་ལས་བདག་ནི་འཇིག་པ་མ་ཡིན་ཞེས་བྱ་བ་དང་བདག་ནི་ཀུན་ཏུ་སྦྱོར་བ་ལ་སོགས་པ་ལས་གྲོལ་ལོ་ཞེས་བྱ
་བའི་མིང་དང་བཅས་པའི་དོན་ལ་དགོངས་ནས་བླ་མའི་མིང་དང་འདྲ་བའི་མིང་དེ་ལ་བླ་མ་བསྟན་པའི་འདུན་པས་བརྗོད་པ་ལ་སྦོམ་པོའོ་ཞེས་བྱ་བའི་དོན་ཏོ།། གཞན་གྱི་ཐོས་པ་ལ་ཡོད་པར་འགྱུར་བ་འདི་རྟོགས་པར་བྱའོ།། །
་ནོར་ན་ཡང་ངོ་ཞེས་བྱ་བ་ནི་བརྗོད་པ་ཞེས་བྱ་བ་དང་སྦྱར་རོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་མི་བདེན་པ་མིའི་ཆོས་བླ་མ་བརྗོད་པར་བྱའོ་སྙམ་པ་ལས་ནོར་ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སོགས་པ་གོང་མ་དག
་བརྗོད་ན་སྦོམ་པོར་འགྱུརརོ་ཞེས་བྱ་བའི་དོན་ཏོ།། གཞོགས་སྨོས་ཀྱང་ངོ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་སྦོམ་པོ་ཞེས་བསྙག་པའི་དོན་ཏོ།། ཨོཾ་མ་ཧོ་ཁྱོད་ཁོ་བོ་ཅི་འདྲ་བར་འགྱུ་འོ།། ཁོ་བོ་དང་ཁྱོད་དང་འུ་ཅག་འདི་ལྟར་རྒྱུན་ཏུ
་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམསུ་གྱུར་ཅིག། བདག་ནི་རྒྱུན་ཏུ་ཞུགས་པ་མ་ཡིན་པ་ནས་ཇི་སྲིད་དུ་དགྲ་བཅོམ་པའི་བར་ཡང་མ་ཡིན་ནོ་ཞེས་དེ་སྐད་དུ་ཟེར་ཅིང་། གང
་གི་ཕྱིར་བདག་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་ཞེསུ་ཟེར་ཞེས་བྱ་བའོ།། བདག་ནི་དང་ནས་འཇིག་རྟེན་པའི་བསམ་གཏན་ལ་སྙོམས་པར་ཞུགས་པ་མ་ཡིན
་ཏེ་ཁ~ཾ་རྩཝང་ནི་མ་ཡིན་ནོ།། དེ་ལྟས་གཞན་པས་ཀྱང་དུས་གཅིག་ཚེ་ན་ཡང་མྱ་ཡིན་ནོ།། ཚུར་ཤོག་འབྲས་བུ་རྣམས་ལ་ལུང་བསྟན་པར་བགྱིའོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ལུང་བསྟན་པར་འགྱུར་བར་བགྱི་སྟེ།
་བདག་ནི་རྒྱུན་ཏུ་ཞུགས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འདི་ལྟ་བུ་ལ་སོགས་པ་ལ་མཐར་བྱེད་པ་བླ་མ་མཚོན་པ་གཞན་གྱིས་ཐོས་བཞིན་པོ་ལས་སྦོམ་པོ་ཞེས་བྱ་བའི་དོན་ཏོ།། ཡང་དག་པར་ཕྱི་མ་ཉིད་ལ་དེ་མི
་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ལ། ཡང་དག་པ་ནི་བདེན་པའོ།། ཕྱི་མའི་གང་ལ་ཡོད་པ་ཞེས་བྱ་བ་ནི་བསྡུ་བའོ།། བདེན་པའི་དོན་ཅན་གཞན་མ་གྲོལ་བ་ལ་སྔ་མའི་ཚིག་གཞོག་སྨོས་མ
་བྱས་པ་ཉིད་མ་ཡིན་ནོ།། གང་གི་ཕྱིར་མ་བྱས་པ་ཉིད་བྱས་པའི་དོན་ཇི་ལྟར་ཡང་རྟོགས་པར་བཟོད་པོ་མ་ཡིན་ནོ།། འདིར་གཞུང་ནི་བཙུན་པ་དགེ་སློང་འདི་སྐད་ཅེས་སློངས་མོ་སྟེར་བའི་ཁྱིམ་ཆེ་གེ་མོ་དགེ་སློང་གང་གི།
་ཡིན་པའི་དགེ་སློང་དེ་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཙོག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པའོ།། རིགས་དེ་སུ་ཞིག་གིས་དེ་ནི་བསོད་སྙོམས་པའི་རིགས་སོ།། དེས་སྨྲས་པ་ཁོ་བོའི་སྟེ་ཁོ་བོ་ནི
་རྒྱུན་ཏུ་ཞུགས་པ་དང་ལ་ན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་མ་ཡིན་ཞེས་མཆི་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ།། ཕམ་པ་བཞི་པ་ལས་ཉེ་བར་འཁོར
་གྱིས་ཞུས་པའོ།། །། སྦོམ་པོ་ནི་བཙུན་པ་ནི་དགྲ་བཅོམ་པ་ཆོས་གོས་ལ་སོགས་པ་མཆོག་འོས་པ་བྲམ་ཟེ་སྡིག་པའི་ཆོས་བསལ་བ་བཙུན་པའི་དབང་པོ་དྲུག་པོ་དག་ནི་ཤིན་ཏུ་དུལ་བ་སྦས་པ། བསྲུངས
་པ་བསྒོམ་པ་དག་ཡིན་ནོ་ཞེས་ཟེར་བ་ལ་ཅང་མི་སྨྲ་བས་དང་དུ་ལེན་པར་བྱེད་ནའོ་ཞེས་བྱ་བ་ལ། ཡང་དག་པར་ཞུགས་པ་ནི་ཡིད་ལ་དང་དུ་ལེན་པ་བརྗོད་ཡང་དོན་འདི་བསྒྲུབ་པ་སྟེ། དེ་བས་ན་ཅང་མི་སྨྲ་བའི་ངོ་བོ་ཞེས
་བྱ་བ་ནི་བྱེ་བྲག་གོ། འདིར་ཅང་མི་སྨྲ་བ་ཉིད་ལ་རྣམ་པར་རིག་བྱེད་ཀྱི་རྣམ་པ་ཉིད་བསྒྲུབ་པ་ཡིན་ཏེ། དེ་བས་ན་ཁ་ཅིག་རྣམས་ལ་རྟོགས་པའོ།། དེ་བས་ན་འདིར་སྐྱོན་འདི་དང་དུ་བླངས་པ་གཞན་གྱིས་རྟོག་པ་ཡོད་པར
་འགྱུར་བ་ལ་འདི་སྦོམ་པོའོ།། ག་ཞན་དུ་ནི་འདི་ལྟ་བུ་ན་སྨད་པ་ཞེས་བྱ་བ་རིག་པར་བྱའོ།། བཙུན་པ་གལ་ཏེ་དགྲ་བཅོམ་པ་ཡིན་ན་བསོད་སྙོམས་ལོང་ཞིག་ཁྱིམ་དུ་ཞུགས་ཤིག་སྟན་ལ་འདུག་ཅིག་ལག་ཆུ
་བཟེད་ཅིག། བཟའ་བ་དང་སྲན་ཚོད་དང་བཅའ་བ་ལོང་ལ་ཟོ་ཞིག། རྗེ་སུཾ་ཡིད་རང་བས་བྱོས་ཤིག། བྱུང་ཞིག་ཅེས་ཟེར་བ་ལ་དེ་བཞིན་དུ་བསྒྲུབ་ནའོ།། ཞེས་བྱ་བ་ནི་སོ་སོར་འདིར་བརྗོད་པ་ཞེས་བྱ་བའི་ཚིག་ལ། བཙུན་པ
་གལ་ཏེ་དགྲ་བཅོམ་པ་ཡིན་ཞེས་བྱ་བ་འདི་ལོང་ཞིག་ཅེས་བྱ་བ་རྣམས་ལ་བསྒྲུབ་པར་བྱའོ།། བཟའ་བ་དང་སྲན་ཚོད་ཅེས་བྱ་བ་ནི་ལོང་ཞོག་ཅེས་བྱ་བ་འདི་གཉིས་ཀ་ཡང་སྦྱར་ཏེ་དེ་བཞིན་དུ་བསྒྲུབ་ནའོ་ཞེས་བྱ་བའོ།།
་ཇི་སྐད་དུ་གསུངས་པ་དེ་ལྟར་བསྒྲུབ་པ་ལ་བཙུན་པ་གལ་ཏེ་དགྲ་བཅོམ་པ་ཡིན་ནཱ་བདག་གི་བསོད་སྙོམས་ལོང་ཞིག་ཅེས་ཟེར་བ་དེ་བཞིན་དུ་བསྒྲུབ་པོ་ལ་བསོད་སྙོམས་ལེན་པར་བྱེད་ན་སྦོམ་པོའོ།། གཞན་དུ་ཡང་ཇི་ལྟར
་རིགས་པ་ཞེས་བྱ་བའི་དོན་ཏོ།། བཙུན་པ་གལ་ཏེ་དགྲ་བཅོམ་པ་ཡིན་ན་རྗེ་སུ་ཡི་རང་བར་མཛོད་ཅིག་ཅེས་ཟེར་བ་ལ་ཅང་མི་སྨྲ་བའི་ངོ་བོ་རྗེས་སུ་ཡི་རང་བའི་ལ་སྦོམ་པོ་འམ་འདིར་ཚིག་གིས་ནི་ཕམ་པའོ།། ཕམ་པར
་འགྱུར་བ་བཞི་པ་འདུལ་བྱེད་ཀྱི་སྐབས་ལས་བླ་མ་བརྗོད་པའོ།། ། རྨི་ལམ་ནི་མེད་པ་དང་འདྲའོ་ཞེས་བྱ་བ་ནི་ཐ་སྙད་ཀྱི་ཆོས་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་རྨི་ལམ་གྱི
་དངོས་པོ་མེད་པ་དང་འདྲ་བ་ཉིད་དོ།། དེའི་ཕྱིར་འབྲས་བུ་ནི་མོ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་རྨི་ལམ་གྱི་འབྲས་བུ་ལ་རྨི་ལམ་གྱི་བདག་ཉིད་ཀྱི་སེམས་དམིགས་པའི་བུད་མེད་ལ་སོགས་པས་གང་ཞིག་བྱས་པས་ཁུ་བ་འབྱིན་པ་ནི་བྱ་བའོ།།
་ཚིག་ཀྱང་བྱེད་པ་དང་བཅས་པའི་བྱ་བ་ཅན་ནོ།། བྱ་བ་མ་བྱས་པ་དེ་ནི་ལྟུང་བ་མ་ཡིན་ཏེ། ལྟུང་བའི་མཚན་མ་མ་ཡིན་ཞེས་བྱ་བའི་དོན་ཏོ།། གང་དུ་ཁུ་བ་འབྱིན་པ་དགེ་འདུན་གྱི་ལྷག་མ་ཞེས་བྱ་ཞེ་ན། དེའི་ཕྱིར་ཕུང་ནའོ་ཞེས
་བྱ་བ་སྨོས་སོ།། སེམས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དེར་འདུན་པས་སོ་ཞེས་བྱ་བ་སྨོས་ཏེ། འབྱིན་པར་འདུན་པས་ཡིན་གྱི་རྒྱུག་པ་ལ་སོགས་པའི་སེམས་ནི་མ་ཡིན་ནོ་སུ་ལས་ཕྱུང་བ་ཞེ་ན། དེའི་ཕྱིར་རང་གི་ཁུ་བའོ་ཞེས་བྱ་བ་སྨོས་ཏེ།
་རང་གི་ཁུ་བ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འདི་ལ་ཁུ་བུ་ཕྱུང་བ་ནི་མོང་དུ་ཡོད་དེ། གནས་ནས་དབྱུང་བ་དང་གཞན་ཡང་སྦུབས་སུ་འོང་བས་དབྱུང་བ་དང་། དབང་པོའི་མཐའ་ནས་དབྱུང་བ་ནི་གསུམ་པ་ཞེས
་བྱའོ།། འདི་རྣམས་འདི་ལ་སུ་ཞིག་ལས་ཕྱུང་བ་ཞེ་ན། དེའི་ཕྱིར་དང་པོ་ལའོ་ཞེས་བྱ་བ་སྨོས་ཏེ། རང་གི་ཁུ་བ་ཡིན་པ་ནི་དང་པོ་སྟེ་ཕྱུང་བ་དེ་ལའོ་ཞེས་བྱ་བའི་དོན་ཏོ།། ཁུ་བ་ལ་ནི་མ་ཡིན་ཏེ་འོན་ཀྱང་ལུས་འདི་ལ་ཁུ་བའི་གནས
་སུ་གྱུར་པ་ལོགས་ཤིག་ན་འཁྲིས་པ་ལྟ་བུ་མེད་དེ། ཡན་ལག་རྣམས་ལས་འབྱུང་བ་སྟེ། དཔེར་ན་བུ་རམ་ཤིང་ལས་ཁུ་བ་དང་ཤ་ལས་ཚིལ་དང་། ཞོ་ལས་མར་རོ།། དེ་བཞིན་དུ་འདིར་འཕོ་བ་རྟོགས་པར་བྱའོ།། སླར་འདི་ནི
་ཕྱུང་བ་དང་པོ་དགེ་འདུན་ལྷག་མ་ཅིའི་ཕྱིར་ཏེ། དབང་པོའི་མཐའ་མ་ལ་སོགས་པ་རྣམས་ཀྱིས་ནི་མ་ཡིན་ནོ།། འགའ་ཞིག་ཏུ་ཉེ་བར་འཁོར་གྱིས་ཞུས་པའི་འདོན་པ་ལས་བཙུན་པ་ཇི་ཙམ་གྱིས་ན་ཁུ་བ་ཕྱུང་བར་བརྗོད་པར་བགྱི།
་གང་གི་ཕྱིར་རྩའི་སྦུབས་ལ་བདེན་པར་གྱུར་ནའོ་ཞེས་བྱ་བའི་ཚིག་དང་། རྣམ་པར་འབྱེད་པའི་ཚིག་ལས་ཀྱང་། ཕྱུང་བའི་ཚིག་འདི་ནི་དེ་མ་ཐག་ཏུ་ཕྱུང་བའོ་ཞེས་གསུངས་སོ།། གང་གི་ཕྱིར་གནས་ལ་གནས་པ་ལས་དེ་མ་ཐག་པ
་ཉིད་མངོན་པར་འདོད་པ་རྣམ་པར་གནས་པ་ཡིན་གྱི་དབང་པོའི་མཐའ་མ་ནས་མ་ཡིན་ཏེ་མེད་པའི་ཕྱིར།། དེ་བས་ན་རྣམ་པར་ཕྱུང་བ་གཞན་རྣམས་ཀྱིས་དེ་མ་ཐག་ཏུ་ཞེས་བྱ་བ་ཁྱད་པར་དོན་མེད་པའི་ཕྱིར་རོ།། གང་གི་ཕྱིར་རྣམ
་པར་སྤྱད་པར་བྱ་བ་མེད་ན་ཁྱད་པར་རབ་ཏུ་སྦྱོར་བ་མ་ཡིན་ཏེ། དབང་པོའི་མཐའ་མ་ནས་འབྱུང་བ་ལ་འདོད་ཆགས་ཤིན་ཏུ་ཤས་ཆེར་གྱུར་པ་ཉིད་དང་བསྒྲུབ་པ་ནི་མ་རྫོགས་པ་ནི་མ་ཡིན་པའོ།། དེ་བས་ན་འདིར་དངོས
་གཞི་འོད་ལ་སྦྱོར་བ་ཞེས་བྱ་ཞེ་ན། དེ་ནི་མ་ཡིན་ཏེ། ཚངས་པར་སྤྱོད་པ་མ་ཡིན་པ་བཞིན་དུ་དང་པོ་ལ་སྦྱོར་བའི་ཕྱིར་རོ།། དེ་ལས་གཞན་པའི་ཆ་འབྱུང་བ་ལ་ཡང་འདི་ལྟར་དངོས་གཞི་ཐལ་བར་འགྱུར་བས་སོ།། རྩ་ལ
་བརྟེན་པ་ཕྱུང་བ་ལ་ཡང་དངོས་གཞིར་ཐལ་བའི་ཕྱིར་འདིར་སྦོམ་པོའི་ལྟུང་བར་འདོད་པ་ཡིན་ནོ།། བདེ་བ་དོན་དུ་གཉེར་བས་ཕྱུང་བའི་བདེ་བ་སོ་སོར་ཉམས་སུ་མྱོང་བའི་བསམ་པ
་ཅན་སུ་ཞིག་ལ་འབྱིན་པའི་འདུན་པ་སྐྱེ་བ་ཡིན་ཏེ། རིག་པ་དོན་དུ་གཉེར་བ་སུ་ཞིག་ལ་གསང་སྔགས་ཀྱི་ཕྱུང་བ་བསྒྲུབ་པ་ལ་བཤད་གད་ཅན་གྱི་ཆ་བྱད་ཅན་རིག་པར་གྱུར་པའི་བསླབ་པ་ཡང་དག་པར་བསྒྲུབ་པོ་མངོན་པར་འདོད
་པ་མང་ངོ་།། རིག་པ་དོན་དུ་གཉེར་པོ་སུ་ཞིག་ལ་བྱུང་ནས་བཞག་པས་སོ།། རྨ་རྣམ་པར་སྤངས་པ་ལས་ཕྱུང་བས་སྐྱེ་དགུ་སྒྲུབ་པ་སོ་སོར་ཤེས་བཞིན་པ་ལའོ།། སྨན་དོན་དུ་གཉེར་བ་སུ་ཞིག་ལ་ཁུ་ང་ཕྱུང་བས་ནད་ཉེ
་བར་ཞི་བ་སྨན་གྱིས་སམ་རྫས་གཞན་དང་ལྡན་པ་འབའ་ཞིག་ལ་ཁུ་བ་རྣམ་པར་དོར་བ་ལ་མངོན་པར་བརྩོན་པ་ལའོ།། ཤིན་ཏུ་སྦྱངས་པ་དོན་དུ་གཉེར་བ་སུ་ཞིག་ལ་ལམ་དག་པ་བསྒྲུབ་པ་འམ། ལམ་ལ་ཡིད་ཆེས་པར་འདོད
་པ་ལ་བདག་གི་ཁུ་བ་ཕྱུང་བ་དམ་འོན་ཏེ་མ་ཡིན་ཞེས་བྱ་བ་ཡོད་པ་ཉིད་དམ། བདག་ལ་ཁུ་བ་ཡོད་དམ་འོན་ཏེ་མ་ཡིན་སྙམ་དུ་ཡང་དག་པར་སྐྱེས་པ་ཡང་ཤེས་པར་འདོད་པ་ལ་བདག་ལ་ཁུ་བ་ཡང་དག་པར་སྐྱེས་སམ། འོན་ཏེ
་ཡིན་ཞེས་བྱ་བ་ལོའི་གནས་སྐབས་སམ། བུད་མེད་ཀྱིས་དུབ་པ་ལ་སོགས་པའི་སོ་སོར་ལྟུང་བའི་གནས་སྐབས་སྙམ་དུ་སྐལ་བ་དང་ལྡན་པོ་ཉིད་དམ། བདག་གི་ཁུ་བ་ཇི་ལྟ་བུ་ཞེས་བྱ་བ་བདེ་བའི་རྣམ་པའི་དོན་དུ་ཡང་དག་པར
་སྤྱོད་པས་ཤེས་པར་འདོད་པ་ལ་བདག་བདང་ཇི་ལྟ་བུ་ཞེས་ཡོད་པ་འམ། འདིར་སེམས་ཅན་གྱི་རྒྱུ་ཇི་ལྟ་བུ་ཞེས་བྱ་བ་དང་རང་བཞིན་ཇི་ལྟ་བུ་ཞེས་བྱ་བའི་ནུས་པ་འམ་རྣམ་པ་འདིས་ཁུ་བུ་ཕྱུང་བས་བདག་གི་ནུས་སམ
་འོན་ཏེ་མིན་ཞེས་བྱ་བའི་བསླབ་པ་བསྒྲུབ་པ་འམ། བདག་གིས་འདི་ཕྱུང་བའི་རྣམ་པ་བསླབས་སམ། འོན་ཏེ་མ་ཡིན། འདིར་ལ་ལ་ཞིག་ཁ་ནཱ་མ་ཐོ་བ་དང་བཅས་པ་དང་། བ་ན་མ་ཐོ་བ་མེད་པ་དང་། རྫོགས་པ་དང་མ་རྫོགས
་བ་དང་ཤིན་ཏུ་ཆུང་བ་ཉིད་དང་། ཁ་ན་མ་ཐོབ་མ་ཡིན་པ་ཉིད་ཀྱི་ཕྱིར་ཅི་ཁྱད་པར་ཡོད་དམ་ཞེ་ན། དེའི་ཕྱིར་བདེ་བ་དང་རིག་སྔགས་དང་ས་བོན་དང་སྨན་དང་བརྟག་པའི་ཕྱིར་བརྟག་པ་ལ་བྱེ་བྲག་མེད་དོ།། ཞེས་བྱ་བ་སྨོས
་སོ།། རྣམ་པ་གང་གིས་འབྱིན་པ་ཞེ་ན། དེའི་ཕྱིར་རེག་པས་སོ་ཞེས་བྱ་བ་སྨོས་སོ།། རེག་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བརྩལ་བས་སོ་ཞེས་བྱ་བ་སྨོས་ཏེ། བྱ་བས་དྲུད་པ་ལ་སོགས་པ་ཡིན་གྱིས་གནས་པ་ནི་མི་ཡིན་ནོ།།
་འདིར་ཚིག་ནི་བརྩོལ་ན་ཞེས་གསུངས་ལ། འདུལ་བྱེད་དག་ལས་དགེ་སྦྱོང་ཡིན་ལག་གི་རྣམ་པས་བཟུང་བ་ལྔ་མོ་གཙང་བ་བྱུང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་ཞེས་གསུངས་སོ།།
་གང་ལ་རེག་པས་ཤེ་ན། དེའི་ཕྱིར་ཡན་ལག་གི་རྣམ་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཕྱོགས་གཞན་ལ་ནི་མ་ཡིན་ནོ།། གང་གི་རེག་པ་ཞེ་ན། དེའི་ཕྱིར་ཕྱི་རོལ་གྱིས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ནང་གི་བདག་ཉིད་འབའ་ཞིག་གིས
་ནི་མ་ཡིན་ནོ།། སེམས་ཅན་དུ་བགྲངས་པས་སོ།། དེ་ནི་རྣམས་པར་གནས་པས་སོ་ཞེས་བྱ་བ་ནི་མི་འཕོ་བ་སྟེ་ལུས་ཀྱི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ།། གང་ཡང་རུང་བ་ཅིག་གི་ཆས་རེག་པས
་བྱུང་བ་ལ་དགེ་འདུན་གྱི་ལྷག་མའོ།། ལག་པ་ཁོ་ནས་རེག་པས་ཕྱུང་བར་མ་ཟད་དོ།། ལུས་ཀྱི་རྣམ་པར་ལས་ཉམས་པས་འཕོ་བ་ལ་ནི་སྦོམ་པོ་སྟེ། ཤའི་དུམ་བུས་ནི་སྦོམ་པོ་ཞེས་གསུངས་པའི་ཕྱིར་རོ།། རྣམ་པ་གང
་ཡང་རུང་བ་དང་། དེའི་རྣམ་པ་བརྩལ་བས་རེག་པས་སོ་ཞེས་བྱ་བར་ཤེས་པས་ཆང་བས་བཅང་བའི་བརྩལ་བའི་རང་བཞིན་འབའ་ཞིག་ཏུ་མ་ཟད་དོ། དམ་དུ་བཅད་པ་དང་བཅས་པས་བྱེ་བྲག་ཡོངས་སུ་མ་བཟུང་བས་ཡང
་དག་པར་བསྟན་པའི་དོན་རྣམ་པར་མཚོན་པར་བྱའོ།། རིལ་གྱི་བཅད་པ་དང་དམ་དུ་བཅང་བ་གཉིས་མེད་པར་ཡང་ངོ་ཞེས་བྱ་བ་ནི་དེ་གཉིས་མེད་པར་ཡང་དངོས་གཞིར་འགྱུར་བའོ།། བྱེ་བྲག་ངེས་པར་མྱོང་བ་ལ་སོགས
་པ་བདེ་བ་སོ་སོར་ཉམས་སུ་མྱོང་བ་ཡང་འདི་རེས་འགའ་འབྱུང་སྟེ། དེ་རྣམས་ལ་འདིར་ཆ་ཤས་ཉིད་ཅི་ཞིག་ཡོད་དམ་ཡིན་ཞེ་ན། དེའི་ཕྱིར་བྱེ་བྲག་ངེས་པར་མྱོང་བ་དང་བྱུང་ལ་ཐུག་པ་དང་ངང་ལས་པའི་བདེ་བ
་མས་སུ་མྱོང་བ་དག་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཡང་གི་སྒྲས་ནི་ཆོ་ག་བསྡུ་དོན་དུའོ།། བདེ་བ་སོ་སོར་ཉམས་སུ་མྱོང་བ་འདི་རྣམས་མེད་པར་ཡོད་ཞེས་བྱ་བ་ནི་འདིར་བྱེ་བྲག་ངེས་པར་མྱོང་བ་ལ་ཐ་དད་པར་བྱས་པ
་བཞིན་དུ་ཁྱད་པར་དུ་མྱོང་བར་རོ།། ལུས་དང་དབང་པོ་ཆགས་པ་ཉིད་ལ་ལུས་ཀྱི་རྣམ་པར་ཤེས་པའི་བྱེད་པ་པོས་རེག་པ་འབྱུང་བ་སྟེ་དེ་ཉམ་སུ་མྱོང་ནའོ་ཞེས་བྱ་བའི་དོན་ཏོ།། བྱུང་ལ་ཐུག་པ་ནི་བརྩལ་པའི་ཁུ་བའི་ཁུ་བ་ལ
་ལུས་དང་དབང་པོ་ལས་ཀྱང་ངོ་།། ངད་ལས་པའི་བདེ་བ་ཉམསུ་མྱོང་བ་དག་ཀྱང་ཞེས་བྱ་བ་ནི་ལུས་དང་དབང་པོ་ལས་བྱུང་མ་ཐག་པ་རྣམ་པར་གྲོལ་བཞོན་པའི་བྱེད་པའི་འཚོ་བ་ལ་མྱུར་དུ་འཚོ་བར་བྱེད་པའི་གང་ཡིན་པ་དེ་ནི་འདིར་བདེ
་བ་སོ་སོར་ཉམ་སུ་མྱོང་པ་དག་ཀྱང་ངོ་།། གང་དུ་ཁུ་བ་འབྱིན་པ་ལ་རྩེ་གཅིག་པ་ཉིད་ཀྱིས་འདི་ལ་ཉེ་བར་འཚོ་བར་བྱེད་པ་དེ་ལ་བྱེ་བྲག་ངེས་པར་མྱོང་བར་བྱེད་པ་ལ་བདེ་བ་སོ་སོར་ཉམ་སུ་མྱོང་བ་ལ་རྩེ་གཅིག་པ་ཉིད་མེད་པར་ཡང
་མངོན་པར་གྲོལ་བའི་ཕྱིར་རོ།། འདིར་གཞུང་ནི་དགེ་སློང་གི་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་སོ་སོར་ཉམསུ་མྱོང་བར་བྱེད་དེ། ཁུ་བ་འབྱིན་པར་བྱེད་ན་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་རོ།། དེ་བཞིན་དུ་བྱུང་ལ་ཐུགས་པའི
་བདེ་བ་དང་ངད་ལས་པའི་བདེ་བ་སོ་སོར་ཉམ་སུ་མྱོང་བར་བྱེད་དེ། ཁུ་བ་འབྱིན་པ་ཡོང་སྔ་མ་བཞིན་དུ་འབྱིན་པར་བྱེད་ན་ཞེས་བྱའོ།། སྔ་མོ་བཞིནཱ་དུ་ཕུང་པ་ལ་དེའི་འདུན་པས་རང་གི་དཁུ་བ་དང་པོར་རེག་པས་ཆ་ཤས་ཀྱི་ཚེགས
་ལ་བྱ་བ་བྱས་ནས་ཕྱི་རོལ་གྱི་སེམས་ཅན་དུ་བགྲང་བས་ཀྱང་དེའི་རྣམ་པར་གནས་པ་མ་ཡིན་ཞེས་བྱ་བ་ཆེ་ཤས་འདི་རྣམས་ཀྱི་གང་ཡང་རུང་བ། ཅིག་མ་ཚང་བས་དགེ་འདུན་ལྷག་མ་མེད་པའོ།། སྦུབ་སུ་མ་འོངས་པའོ་ཞེས
་བྱ་བ་ནི་འདི་ལ་དང་པའི་གནས་ལ་དོར་བར་འབྱུང་བར་འགྱུར་ཏེ། གང་དུ་འཕོ་བ་འདི་ལ་གནས་པར་འགྱུར་བ་དེ་ལས་འཕོ་བར་བྱེད་པས་ན་འདི་ནི་སྐུར་པ་བཏབ་པ་སྟེ་འདིར་སྦོམ་པོ་འཆད
་པར་འགྱུར་རོ།། ཤུགས་ཀྱི་གནས་སྐབས་སུ་བཏང་ན་རྫོགས་པར་མི་བྱས་པ་ཉིད་དོ་ཞེས་བྱ་བ་ནི་དེ་མ་ཐག་པར་འཕོ་བཞིན་པ་ནི་འཕོ་བ་སྟེ། ལུས་ཀྱི་བྱ་བ་ནི་སྤོང་བའོ།། ཤུགས་ཀྱི་གནས་སྐབསུ་སྤོང་བ་ཡོད་པར
་འགྱུར་བ་ལ་སྦྱོར་བ་སྒྱུ་མའི་དབང་གིས་རྫོགས་པ་གང་ཡིན་པ་ནི་ཁུ་བ་ཕྱུང་བ་སྟེ། དེ་མ་བྱས་པ་ཉིད་ནི་སྦོམ་པོའི་ལྟུང་བ་ཉིད་དོ།། དེ་བཞིན་དུ་དེར་སྦྱར་བ་ཉིད་ཀྱི་ཕྱིར་དགེ་འདུན་ལྷག་མ་ནི་མ་ཡིན་ནོ།། དངོས་གཞི་བསྐྱེད
་པ་ཡང་འདི་ལྟར་མཐོང་སྟེ། དཔེར་ན་འདིར་སྲོག་གཅོད་པ་ལ་བརྟན་པ་ནི་དེ་ལ་ནི་གྲོལ་བ་མ་ཡིན་ཏེ་སྲོག་གཅོད་པ་ལ་ནི་སྲོག་ཆགས་རྣམས་ལ་རྣམ་པར་ལྟུང་བ་ཡིན་ཏེ། དེ་བས་ན་དེ་བཞིན་དུ་འདིར་སྤོང་བ་རྫོགསོ་པ
་ལ་བྱས་པ་ཉིད་ཅེས་བྱ་བ་དེའི་ཕྱིར་འདི་རྣམ་པར་ཤེས་པའོ།། འདིར་གཞུང་ནི་ཤུགས་བཏང་སྟེ། ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། ཡིད་ཀྱིས་ཀྱང་སྤོང་བ་ལ་ཚིག་འདི་གནས་པ་ཡིན་ཏེ།
་འཁྲུག་པ་མེད་པའི་དོན་ཏོ་རྣམ་པོ་ཐམས་ཅད་ཀྱི་སྦྱོར་བའོ།། དེ་བས་ན་གཞན་ལ་མེད་པའི་དབང་དུ་བྱས་ནས་འདི་བྱས་པའོ།། འདིར་ཉེ་བར་བསྡུ་ནི་སྤང་བའོ།། དེ་མ་ཐག་ཏུ་འཕོ་བཞིན་པའི་གནས་སྐབས་ལ་ལུས་ཀྱི་བྱ་བ
་བཟློག་པ་ལ་སྦྱོར་བ་སྔ་མའི་དབང་གིས་ཕྱུང་བ་གང་ཡིན་པ་དེར་མྱོང་བ་ལ་སྦོམ་པོའོ།། མ་མྱངས་པ་ལ་ནི་ལྟུང་བ་མེད་དོ།། གུར་བྱེད་པ་དང་རབ་ཏུ་གར་བྱེད་པ་གཉིས་ལ་ནི་སྨད་པ་ཉིད་དོ།། ནམ་མཁའ་ལ་རྙེད་པ་སྐྱོད་པའོ།། ཕྱོགས
་གཞན་དུ་རེག་པའོ།། རྒྱུན་ལས་བཟློག་པའི་ཕྱོགསུ་གཏོད་པའོ།། རྫི་ཕྱོགས་མ་ཡིན་པར་ཡང་ངོ་ཞེས་བྱ་བ་ནི་ཡན་ལག་གི་ཚོགས་ལ་རེག་པ་སེམས་ཅན་དུ་བགྲང་བས་ཕྱི་རོལ་པས་ཀྱང་གནས་པའི་དེའི་རྣམ་པ་ཞེས་བྱ་བ་གནས
་འདི་ལ་གར་བྱེད་ལ་སོགས་པ་རྣམས་བཟུང་བའོ།། སྦྱོར་བ་འདི་རྣམས་ལ་ནི་སྨད་པ་ཉིད་དོ།། དེ་ལ་ནི་ཕྱུང་བ་དང་འདུན་པ་དང་རང་གི་ཁུ་བ་དང་པོ་ཞེས་བྱ་བ་འདི་རྣམས་ལ་འདིར་དངོས་གཞིའི་ཆོ་ག་ལ་སོན་པའི་ཡན་ལག
་རྣམས་དང་འབྲེལ་ལོ།། ཡན་ལག་གི་ཚོགས་ལས་ཕྱོགས་གཞན་པར་བྱའོ།། བརླ་དང་གོས་དང་གཞོན་གྱིས་རེག་པ་དང་། གཡན་པ་ཕྲུག་པ་དག་གིས་བབ་ཅོལ་དུ་དེའི་དོན་མ་ཡིན་པར་ཞུགས་པར་ལ་ནི་ལྟུང་བ་མྱེད་དོ།
་ཞེས་བྱ་བ་ལ། དེའི་དོན་མ་ཡིན་པ་ནི་མི་འབྱིན་པའི་དོན་དུ་ཕྱུག་ཅིང་འགྲོ་པོ་ལ། ཀུན་ནས་འགྲོ་བ་དང་། རྒོད་བག་དང་། མཆོད་པ་ལ་སོགས་པའི་དོན་དུ་འཇུག་པ་ལཾ་བཻཪྵ་དང་གོས་ཀྱིས་རེག་པའོ།། ཤཱ་བ་དེ་ང་ཁྱི་རྗོང
་འབྲུམ་བུ་དང་། གཡན་པ་ཕྲུག་པ་དང་། བལ་ལྗགས་ཀྱིས་ཚོགས་དང་། མེ་སྦལ་ལ་སོགས་པའི་སྡུག་བསྔལ་གསོ་བའི་དོན་དུ་གཡན་པ་འཕྲུག་པའི་རྐོ་སྤྱོད་འགྲུབ་པའི་ལས་སོ་སོར་ཉམ་སུ་མྱོང་བའི་དོན་དུ་བསྐུལ་བའི་གཞན
་དང་མིས་རེག་པས་བབ་ཅོལ་དུ་སྦྱོར་བ་ལ་སོགས་པ་མེད་པར་བཙོན་ཐབས་ཀྱི་བབ་ཅོལ་དུ་བྱུང་བའི་ཤུགས་ཀྱིས་སྐུ་བཞིན་པ་ལ་འབྱིན་པ་གང་ཡིན་པ་དེ་ལ་ཡོད་པ་ལ་ལྟུང་བ་མེད་ཞེས་བྱ་བའི་དོན་ཏོ།།
་བརླ་དང་གོས་དང་གཞན་གྱིས་རེག་པ་དག་ལ་འདིར་ཡན་ལག་གི་ཚོགས་ལ་སྦྱར་བའོ།། གཞན་ལ་འདི་ལྟར་རེག་པར་སྦྱར་བ་ལ་མི་འགྲུབ་པའི་ཕྱིར་རེག་པ་དང་སྐྲག་པ་དག་ལ་གཉིས་ཀ་ལ་ལུས་ཀྱི་ལས་ཀྱི་ཡོན་ལག་གི
་ཚོགས་ལ་ཡང་དག་པར་རེག་པས་བསྒྲུབ་པ་དང་འབྱིན་པར་འགྱུར་བ་ཡིན་ནོ།། རེག་བྱ་མ་ཡིན་པ་ཉམས་སུ་མྱོང་ནའོ་ཞེས་བྱ་བ་ནི་རེག་བྱའི་ཡུལ་མ་གཏོགས་པ་གཟུགས་དང་སྒྲ་དང་དྲི་དང་། རོ་རྣམས་ལ་གཟུགས་ཅན་གྱི་དབང་པོས
་སོ་སོར་ཉམས་སུ་མྱོང་བ་ལ་དེའི་དོན་མ་ཡིན་པར་འཇུག་པ་ལ་བེབ་ཅོལ་དུ་ཕྱུང་བ་ལ་ལྟུང་བ་མེད་དོ།། ཇི་ལྟར་ཡང་འདི་རྣམས་ལས་ཕྱུང་བ་དང་སྦྱར་བའོ།། ཞེ་ན། དེའི་ཕྱིར་འདྲིར་གཞུང་ནི་དེ་ཉམ་ས་སུ་མྱོང་བ་བཞིན་དུ་དེས་ཆུ་གཏོང
་བ་ལ་རྣམ་པར་འགྱུར་བས་བསྒྲུབ་པ་སྣོད་མ་ཡིན་པ་ལས་ཆགས་པར་བྱ་བའི་གཟུགས་རྣམས་མཐོང་ནས་ཞེས་བྱ་བ་གསུངས་པ་ཡིན་ནོ།། དྲན་པས་དེ་ལས་ཡང་ངོ་ཞེས་བྱ་བ་ནི་རེག་པར་བྱ་བ་མ་ཡིན་པའི་སྒྲས་བརྗོད་པའི་ཡུལ
་འདི་རྣམས་ལ། རིག་པར་བྱ་བརྡ་བ་ཞིང་ཉམས་སུ་མྱོང་བ་ལ།། དེའི་དོན་མ་ཡིན་པར་ཞུགས་པ་ལ་བབཅོལ་དུ་བྱུང་བ་ལ་ལྟུང་བ་མེད་དོ།། འདིར་དེའི་དོན་དུ་འཛག་པ་ལ་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་སོ་སོར་ཉམས་སུ་མྱོང
་ཉེ་བར་བསྒྲུབ་པའི་ཕྱིར་ཆོ་ག་འདིའོ།། འདིའི་དོན་མ་ཡིན་པར་འཇུག་པ་ལ་ཡང་འདོད་པ་བཞིན་དུ་ཉེ་བར་ལྟུང་བ་རྗེསུ་ཆགས་པར་བྱ་བའི་གཟུགས་མཐོང་བ་ལ་སོགས་པས་འཇུག་པ་དེ་ལ་ཡང་དེའི་རྣམ་པར་ཉེས་བྱས་ཉིད་དུ་རིག
་པར་བྱའོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་དེང་ཕྱིན་ཆད་མིག་གིས་མིག་ལ་བརྟེན་དུ་ཏི་བུད་མེད་ཀྱི་ཚོགས་ལ་རྣམ་པར་ལྟ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ།། དགེ་འདུན་གྱི་ལྷག་མ་དང་པོའི་རྣམ་པར་འབྱེད་པའོ།།
་འཕོ་བ་འགྱུར་བ་དང་འཕོས་མ་ཐག་པ་ནི་ཤུགས་པ་དང་སྦུབས་སུ་འོངས་པའོ་ཞེས་བྱ་བ་ལ། གང་ཞིག་ཤུགས་ཞེས་བྱ་བ་དེ་མ་ཐག་ཏུ་བརྗོད་པ་དེ་གནས་ལས་འཕོ་བར་འགྱུར་བ་ལ་རིག་པར་བྱའོ།། གང་གི་ཕྱིར་འདིར་མ་ཞུགས
་ཞུགས་པ་ཞེས་བརྗོད་ངོ་།། སྲུབ་སུ་འོངས་པའོ་ཞེས་བྱ་བ་སྨྲས་པ་གང་ཡིན་པ་དེ་ནི་དེ་མ་ཐག་ཏུ་གནས་ནས་འཕོ་བའོ།། སྐད་ཅིག་མ་གཉིས་པ་ལ་གང་ལ་འཕོ་བ་དེ་ནི་འདིར་འཕོ་བར་གྱུར་པ་བརྗོད་པར་རིག་པར་བྱའོ།།
་བརྩམས་པ་ཙམ་ནཱ་སྦྱོར་བ་ཉིད་མི་ཡིན་པ་མ་ཡིན་ནོ།། མདོ་འདི་ནི་ཤུགས་ཀྱི་གནས་སྐབས་ལ་སྦོམ་པོའི་ལྟུང་བ་བརྗོད་པའི་འོག་ཏུ་གང་ཞིག་ན་སྨད་པར་འདོད་པ་དེའི་འདོད་པ་བཟློག་པའི་དོན་དུའོ།། དེ་ལྟར་ཡང་གསུངས་པས
་དེས་བདུད་འཇོམས་ཤིང་སོ་སོར་སྡུད་པར་བྱེད་ན། ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་ཞེས་གསུངས་པ་ཡིན་ནོ།། འདོར་བྱས་པ་ལ་སྦྱར་བ་མ་བྱས་པ་ཉིད་ནི་མ་ཡིན་ཞེས་བྱ་བ་ནི་འདིའི་དོན་ཏོ།། སྦྱོར་བ་མེད་པར་ཕྱུང་བ་ལ
་རོ་མྱང་བར་བྱེད་པ་ནི་དེ་ཡང་ལྡན་པ་ཉིད་དོ་ཅེས་བྱ་བ་དེ་དང་ལྡན་པ་ཉིད་ཅེས་བྱ་བ་སྦྱོར་བ་མ་ཡིན་པ་ཉིད་ནཱ་མ་ཡིན་ནོ།། སྦྱོར་བ་མེད་པར་ཞེས་བྱ་བ་ནི་གཉིད་ལོག་པའི་གནས་སྐབས་ན་རྩོམ་པ་གང
་ཡིན་པ་དང་འདབ་ཆགསུ་ཕྱུང་བ་གང་ཡིན་པ་སྦྱོར་བ་མེད་པར་གང་ཞིག་ཕྱུང་པོ་ལ་རོ་མྱང་པ་ལ་སྦྱོར་བ་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཉལ་བའི་རྩོལ་བ་ལ་དེ་སྐད་ཅེས་བྱ་སྟེ། གལ་ཏེ་རོ་མྱང་བར་བྱེད་ན།
་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། ཡན་ལག་གི་རྣམ་པ་ཅུང་ཟད་ཉེས་པ་དང་། ཡོངས་སུ་མཉེན་པ་དང་འཚོར་བའོ་ཞེས་བྱ་བ་ལ་དེ་དང་ལྡན་པ་ཉིད་ཅེས་བྱ་བར་སྦྱར་རོ།། ཐམས་ཅད་ཉེད་པ་ནི་ཡོངསུ་ཉིད་པའོ།།
་ཀུན་ནས་ཉེད་པ་ནི་གླང་དུ་ཉེད་པའི་སྐད་ཅིག་མ་རྣམས་ལ་ཡུལ་གཅིག་པ་ཉིད་ཅེས་བྱ་བ་ནི་འདི་དག་གི་ཁྱད་པར་རོ།། འདི་ནི་ཕྱོགས་གཅིག་པ་ཉིད་པའོ།། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ཡན་ལག་གི་རྣམ་པ་ལྔ་ཅུང
་ཟད་ཉེད་པ་བདག་གིར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཡོངས་སུ་ཉིད་བེ་བྱ་དོག་གཱིར་ན་ཉེས་པ་སྦོམ་པོར་འགྱུར་རོ།། མངོན་པར་བཙིར་བ་བདག་གིར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། དེ་ལས
་སུ་རུང་བ་ལ་ནོམ་པའོ་ཞེས་བྱ་བ་ནི་ཡན་ལག་གི་རྣམ་པ་དེ་ལས་སུ་རུང་བ་ལ་ནོམ་པ་ནི་ཉེས་པ་སྦོམ་པོའོ།། འདིར་གཞུང་ནི་ཡན་ལག་གི་རྣམ་པ་ལས་སུ་རུང་བ་ལ་ནོམ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ན།
་སེམས་ཅན་དུ་བགྲང་བ་ལག་པ་ལ་སོགས་པས་རྣམ་པར་བྱེད་པ་ལ་ལུས་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། སྨན་གྱིས་འབྱིན་ནའོ་ཞེས་བྱ་བ་ནི་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ།། འདི
་རྣམ་པར་འགྱུར་བ་ཡོད་པར་འགྱུར་བ་ལ་སྦོམ་པོ་སྟེ་མེད་པ་ལ་ནི་མ་ཡིན་ནོ།། འདིར་ཕྱུང་བ་ལ་གཅིག་བྱས་པར་འགྱུར་བའི་ཕྱིར་རོ།། གཞན་གྱིས་ལས་ཀྱང་ངོ་ཞེས་བྱ་བ་ལ། གཞན་གྱི་ཞེས་བྱ་བ་ནི་ཡན་ལག་གི་རྣམ
་པ་ལས་སོ།། འབྱིན་ན་ཉེས་པ་སྦོམ་པོའོ།། ངེས་པར་བདག་ཉིད་ལ་གཞན་གྱི་ཡན་ལག་གི་རྣམ་པ་ལས་འབྱིན་ན་རྣམ་པར་འགྱུར་པ་ཡོད་ཀྱང་འདི་རང་ལ་བརྟེན་པའི་ཕྱོགས་པ་དང་། དེ་ལས་གཞན་པའི་རིགས་པས
་ཞེས་བྱ་བ་སྟེ་སྦོམ་པོར་རྣམ་པར་བཞག་པའོ།། དགེ་འདུན་གྱི་ལྷག་མ་དང་པོ་ཞུ་བའི་སྐབས་སོ།། །། རྣམ་པར་བསྔོས་པ་ལ་སོགས་པ་དང་།། རྣམ་པར་གཞིགས་པ་དང་། རྐེང་རུས་དག་དང་།། མགོ
་དང་། རྣ་བ་དང་། སྣ་དག་དང་། མགུལ་པའི་བར་དང་རྩིབ་ལོགས་དང་། རྒྱབ་དང་བྲང་བ་དང་ལ་གཉེར་མ་ངག་དང་། སྐྲའི་གསེབ་དང་ལག་པ་དང་། ཕྲག་པ་དང་དཔུང་པ་དག་དང་། དཔུང་པའི་བར་དང་རྐེད་པ་དང་།
་བརླ་དང་རྐང་པ་དང་སྐྱིད་པ་དག་དང་སྐྱིད་པའི་བར་དུ་འབྱིན་པ་ན་དངོས་གཞིའོ་ཞེས་བྱ་བ་ནི་ཕྱི་རོལ་སེམས་ཅན་དུ་བགྲང་བ་དང་། དེའི་རྣམ་པར་གནས་པ་ཞེས་བྱ་བ་སྨོས་པ་དེ་རྣམས་ཀྱི་སྤྲོས་པ་ནི་འདི་ཡིན་ནོ།། རྣམ་པར
་བསྔོས་པ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་ནི་རྣམ་པར་བརྣགས་པ་དང་། རྣམ་པར་བམ་པ་དང་། རྣམ་པར་འདུས་གཤེགས་པ་དང་། རྣམ་པར་ཟོས་པ་དང་། རྣམ་པར
་དམར་པ་རྣམས་བསྡུའོ།། རྣམ་པར་ཞིག་པའི་ཚིག་གིས་ནི་རྣམ་པར་འཐོར་བ་བསྡུ་སྟེ། གླན་པ་དག་བོག་པ་དང་ཡན་ལག་དང་བྲལ་བ་ནི་རྣམ་པར་གཞིགས་པ་ཞེས་བྱའོ།། སྦོམ་པོ་ནི་ལ་བ་དང་ཕྱིང་བ་དང་དྲེའུ་རྡོག
་དང་སྔས་ནང་ཚངས་ཅན་དང་ཁྲི་དང་ཁྲིའུ་དང་། སྟན་དང་སྟན་ནང་ཚངས་ཅན་དང་། ཁྲིའི་གསོ་བ་དང་བུམ་པ་དང་བུམ་བུ་དང་བུམ་པའི་བར་བྱ་མ་བུམ་ཚུལ་ཟངས་དང་། རྡོ་བ་དང་སྐྱང་ནུལ་གྱི་བར་དང་། སྒོ་གཏན་དང
་ཤའི་དུམ་བུ་རྣམས་སོ་ཞེས་བྱ་བ་ནི་ལྟུང་བ་མེད་དོ་ཞེས་འབྱུང་བ་ཡན་ཆད་སྦོམ་པོའི་དབང་དུ་བྱས་པར་རིག་པར་བྱའོ།། ལ་བ་ལ་སོགས་པར་འབྱིན་ན་སྦོམ་པོའོ།། འདིར་ཤའི་བུམ་བུ་ལུས་ཀྱི་རྣམ་པ་ལས་འཕོ་བ
་ཉིད་ཀྱི་ཕྱིར་འབྱིན་པ་ལ་སྦོམ་པོ་སྟེ། གཞན་དུ་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཉིད་ཀྱིས་དོན་གོ་བཞིན་པ་ལ་འདི་ནི་སྤྲོས་པའོ།། རྨ་འཆིར་ནའོ་ཞེས་བྱ་བ་ནི་གསལ་པའི་ངོར་ཉིད་ཀྱིས་ཞེས་བྱ་བ་གང་ཞིག་བརྗོད་པ
་དེའི་འདི་ནི་སྤྲོས་པའོ།། འདིར་རང་གི་ཡན་ལག་གི་ཚོགས་ཀྱི་བུ་ག་ནི་རྨ་ཞེས་བྱ་བར་བརྗོད་དོ།། གཞན་གྱི་འདི་བཙིར་བ་ལ་དེ་ལས་བྱུང་བ་ལ་སྦོམ་པོ་མཐོང་བ་ཡིན་ན། ངས་ན་ཉེས་བྱས་སུ་རྟོགས་པར་བྱའོ།།
་རྣམ་པ་ན་བུད་མེད་དུ་བྱས་པ་འཆུར་ནའོ་ཞེས་བྱ་བ་ནི་བུད་མེད་ཉིད་ཅེས་བྱས་པ་ནི་བུད་མེད་དུ་བྱས་པ་སྟེ། མོའི་དབང་པོ་ཞེས་བྱ་བའི་དོན་ཏོ།། དེ་ལྟ་དང་བར་འཆར་བ་གང་ཡིན་པ་དེ་ལ་སྒྲོལ་བ་སྟེ་དཱིར་འཇུག་པ་ང
་ཡིན་ནོ།། དེར་མཐེ་བོ་འཇུག་པའོ།། ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་བུད་མེད་དུ་བྱས་པ་སྟེ་ཆིངས་པར་སྤྱོད་པ་མ་ཡིན་པ་ལ་སྤྱོད་པར་འགྱུར་བའི་སྦོམ་པོའི་ལྟུང་བ་འདི་དག་དེ་ལ་མཉམ་པར་སྦྱར་བ་རྟོགས་པར་བྱའོ།། འདྲ
་མཐེ་བོའི་ཚིག་ནི་དཔེ་ཡིན་ཏེ། ཡན་ལག་གི་ཚོགས་ལས་གཞན་པའི་འཇུག་པར་བྱ་བ་ནི་བུད་མེད་ཀྱི་དབང་པོར་དེ། ལམོ་གཞན་ཁེ་དང་བཤད་པའི་ཁྱིམ་དག་ཡང་འདིའི་རྗེས་སུ་འབྲངས་པས་འཁྲིག་པོ་སོ་སྦྱོར
་ཡང་དག་པར་སྦྱོར་བས་ཆགས་པ་དང་བཅས་པས་འཆིར་བ་དང་། མཐེ་བོ་ལ་སོགས་པ་འཇུག་པ་ལ་ནི་སྦོམ་པོའོ།། ཉེ་བར་འགྲོ་བ་ལ་ཤོར་ནའོ་ཞེས་བྱ་བ་ནི་འཁྱུད་བའི་དོན་དང་ཕྱུང་པོའི་དོན་དུ་ཞེས་བྱ་བ་ཤུགས་ཀྱི
་ཤེས་པར་བྱའོ།། འཁྱུད་པ་ནི་དོན་དུ་འམ་མི་ཚངས་པར་སྤྱོད་པའི་དོན་དུ་ཉེ་བར་འགྲོ་བཞིན་པས་གནས་ནས་གྲནས་གཞན་དུ་དེའི་དོན་ཉིད་དུ་འཇུག་པའི་ཕྱིར་ཞེས་བྱ་བ་རིག་པར་བྱ་སྟེ། དེའི་དོན་མི་ཡིན་པོར་འཇུག་པ་ལ
་ལྟུང་བ་མེད་པར་བརྗོད་པའི་ཕྱིར་རོ།། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སོ་ཞེས་བྱ་བ་ནི་བྱེ་བྲག་ངེས་པར་མྱོང་བ་ལ་སོགས་པའི་བདེ་བ་སོ་སོར་ཉམ་སུ་མྱོང་བ་ཉེ་བར་བསྒྲུབ་པ་ལ་བརྗོད་པ་ཉིད་ཀྱི་ཕྱིར་ལྟུང་བ་ལ
་གཞན་གྱི་རྣམ་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བསྡུས་པའི་དོན་དུ་ནི་མདོ་ཡིན་ནོ།། ཡན་ལག་གི་རྣམ་པ་འཛིན་པ་ལས་སོ་ཞེས་བྱ་བ་ནི་དོན་གཞན་ཉིད་ལ་སྐྱོན་དང་བྲལ་བ་ཉིད་རྣམ་པར
་བཞག་པས་འབྱུང་བའི་ཕྱིར་ཡིད་ཆེས་པའོ།། བྱ་བ་མེད་པའི་ཕྱིར་འདིར་དགེ་འདུན་ལྷག་མ་མི་བསྐྱེད་པ་སྟེ། བྱ་བ་དང་བྲལ་བའི་ལུས་ཀྱི་བྱ་བ་ལ་ཉེས་བྱས་ཞེས་བྱ་བ་དེའི་ཕྱིར་རིག་པར་བྱའོ།། འཇོག་སྣོད་ལ་དྲུང་པ་ལས་ནི
་ལྟུང་བ་མེད་དོ་ཞེས་བྱ་བ་ནི་བབ་ཅོལ་དུ་ཕྱུང་བ་བཞིན་དུ་དེའི་དོན་དུ་འཇུག་པ་ལ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། འཛག་སྣོད་ལ་དྲུད་པ་ལས་ཞེས་བྱ་བ་ནི་ཆོས་གོས་ལ་ཁུ་བས་གོས་པའི་དོན་དུ་བསག་པ་དང
་གསོག་པའི་འཛག་སྣོད་ཀྱིས་སོ།། སྔོན་གྱི་ཆུང་མས་འཁྱུད་པ་ལས་ཀྱང་ངོ་ཞེས་བྱ་བ་ནི་ཕ་མ་དང་སྲིང་མོ་དང་བུ་མོས་ཡུན་རིང་བར་བཟུང་བ་ལ་ཉེས་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ལ་ཡང་དག་པར་ལོངས་སྤྱོད་པ
་ཀྱང་ངོ་།། རྐང་པ་དང་བྱིན་པ་དང་དཔུང་པ་དང་མཐེ་བོང་ལ་སོགས་ནས་བུད་མེད་ཀྱིས་བཟུང་བ་ལ་ཡང་ངོ་ཞེས་བྱ་བ་ནི་བབ་ཅོལ་དུ་ཕྱུང་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ཡང་གཉིས་ཀ་ལ་སྦྱར་བའོ།། དེའི་ཕྱིར་ཞུགས
་མ་ཡིན་པ་ལ་འདི་ཤུགས་ཀྱིས་གོ་བར་བྱའོ།། དགེ་འདུན་གྱི་ལྷག་མ་དང་པོའི་འདུལ་བྱེད་རྣམས་སོ།། འབྱིན་པའི་དགེ་འདུན་ལྐོག་མ་རྫོགས་སོ།། །། འདི་ལ་བྱེད་པ་པོ་ཉིད་ནི་བུད་མེད་དོ་ཞེས་བྱ་བ
་ནི་རེག་པ་བསླབ་པའི་གཞི་འདི་ལ་ལྟུང་བའི་བྱེད་པ་པོ་ཉིད་ནི་བུད་མེད་དོ་ཞེས་བྱ་བའི་དོན་ཏོ།། དབེན་པ་ན་འདུག་པ་དང་འགྲེང་བ་གཉིས་ཀྱིའོ་ཞེས་བྱ་བ་ནི་སླར་དགེ་སློང་གང་ཞིག་བུད་མེད་ཀྱི་ཚོགས་དང་ལྷན་ཅིག་ཏུ་གཅིག
་བུ་ཉིད་ཀྱིས་དབེན་པ་སྐྱབས་ཡོད་པ་ན་སྟོན་འདུག་པར་བྱེད་པ་དང་། སླར་དགེ་སློང་གང་དགེ་སློང་མ་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ་ཞེས་གསུངས་པ་འདི་དག་ལ་ཡང་བྱེད་པ
་ད་ནི་བུད་མེད་དོ།། ཉལ་པོ་བྱེད་པར་ཤོམ་པ་ལ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲ་ནི་འདུག་པ་དང་འགྲེང་བ་དག་ལ་ཡང་བྱེད་པ་པོ་ཉིད་དུ་བུད་མེད་དོ་ཞེས་བྱ་བའི་རྗེས་སུ་བསྔགས་པཔའི་ཕྱིར་རོ།། ཉལ་པོ་བྱེད་པར་ཤོམ
་པའི་ཁྱིམ་ན་འདུག་པ་དང་འགྲེང་པ་དག་ལ་ཡང་བྱེད་པ་པོ་ཉིད་ནི་བུད་མེད་དོ་ཞེས་བྱ་བའི་དོན་ཏོ།། ལྷན་ཅིག་ཉལ་བ་ལའོ་ཞེས་བྱ་བ་ནི་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་གཅིག་ན་ཉལ་ན་ལྟུང་བྱེད་དོ་ཞེས
་གསུངས་པ་འདི་ལ་བུད་མེད་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ།། རིག་པའི་སྐྱེས་པ་མེད་པའི་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བ་ལའོ་ཞེས་བྱ་བ་ནི་སླར་དགེ་སློང་གང་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོ་ནི་ལམ་དུ་འགྲོ་ན་ཞེ
་བྱ་བའི་འཇུག་པ་འདི་ལ་བུད་མེད་ནི་བྱེད་པོ་པོ་ཉིད་ངོ་འདིར་རིག་པའི་སྒྲོས་ནི་ཆོས་སྟོན་པའི་བསླབ་པའི་གཞིའི་རྗེ་སུ་འབྲངས་ནས་བྱས་པའོ།། རིག་པ་དང་རྩོམ་པའི་འདུན་པ་ལ་སྔར་ཉིད་དུ་སྐུར་པ་འདེབས་པ་ལ་བརྟེན་པ་ལ་མ་བསྒྲུབ
་པ་ནི་འདིར་སྐྱེས་པའི་དོན་ཏོ།། འདི་ནི་ཀུན་ནས་འགྲོ་བའི་ཁྱེའུ་དང་དུད་འགྲོ་རྨོངས་པས་ཀྱང་བསྒྲུབ་པ་མ་ཡིན་ནོ།། འོག་མ་གཉིས་ལའོ་ཞེས་བྱ་བ་ནི་འདི་ལས་འོག་མ་གང་ཡིན་པ་འཁྲིག་པ་ལྡན་པ་སྒྲ
་བ་དང་། བསྙེན་བཀུར་བསྔགས་པ་གཉིས་པོ་དག་ལ་ཡང་འདིར་བྱེད་པ་པོ་ནི་བུད་མེད་ཉིད་དོ་ཁྱིམ་པ་མོ་ལ་སྟོན་པ་ལའོ་ཞེས་བྱ་བ་ནཾ་ཞེས་བྱ་བ་ནི་ཁྱིམ་པ་མོ་ལ་ཚིག་དྲུག་གམ་ལྔ་ལས་ལྷག་པར་ཆོས་འཆད་པའི་ལྟུང་བྱེད་ལི
་ཡང་བྱེད་པ་པོ་ཉིད་བུད་མེད་དོ།། དེ་ལྟར་རབ་ཏུ་བྱུང་བ་ལ་སློབ་མར་གྱུར་པ་ཉིད་ཀྱི་ཕྱིར་ལྟུང་བ་མི་བསྐྱེད་པའོ།། ཕྱི་རོལ་གྱི་རབ་ཏུ་བྱུང་བ་མོ་ལ་ནི་ཉེས་བྱས་ཉིད་དོ།། ཁུ་བའི་ངེས་པར་བྱེད་པ་འཆད་པར་འགྱུར་ཏེ། དེ་བས་ན་བུད་མེད
་ཁྱིམ་ན་གནས་པ་ཉིད་བྱེད་པ་པོ་ཞེས་བྱ་བའོ།། ཅི་ཁྱིམ་པ་མོ་ལ་སྟོན་པའི་གནས་སྐབས་ཐམས་ཅད་ཀྱིས་བྱེད་པ་པོ་ཉིད་དུ་བུད་མེད་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་སྐྱེས་པ་མེད་པར་རོ་ཞེས་བྱ་བ་སྨོས་སོ།། ཇི་ལྟར་ཞེ་ན་དེའི
་ཕྱིར་རིག་པའོ་ཞེས་བྱ་བ་སྨོས་ཏེ། འཁྲིག་པ་དང་ལྡན་པའི་བརྗོད་པ་དང་སྤྱོད་པ་དག་ལ་མངོན་པར་ཤེས་པ་ཉིད་ནི་འདིར་རིག་པ་ཉིད་དུ་ཤེས་པར་བྱའོ།། འདི་ལ་རིག་པ་མ་ཡིན་པ་ཡོད་པ་ནི་མེད་པ་ཉིད་དེ་དོན་ཡོད་པ་ནི་མ་ཡིན་ནོ།། དེ
་བོས་ན་ཡོངས་སུ་རྫོགས་པ་ཉིད་ནི་འདི་དག་ལས་རིག་པ་མེད་པར་ཉེ་བར་གྱུར་པ་ལ་སྟོན་པ་དང་། ལམ་དུ་འགྲོ་བ་དག་ལ་ཁ་ན་མ་ཐོ་བ་མི་བསྐྱེད་དེ་ན་སྨད་པ་ཡ་ནི་མ་ཡིན་ནོ།། ཡོད་ཀྱང་མི་རུང་བ་ལའོ་ཞེས་བྱ་བ་ནི་སྦྱར་མའི་སྤྱོད་པ་གང
་དག་ཡིན་པ་དེ་དག་ཉེ་བར་སྟོན་པར་བྱེད་པ་སྟེ། དངོས་སུ་ཡོད་པ་ལ་ནི་རིག་པའི་སྐྱེས་པ་ཡོད་ཀྱང་བུད་མེད་ནི་བྱེད་པ་པོ་ཡིན་ནོ།། དེ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི་དངོས་སུ་གནས་པ་ལ་ཡང་མི་རུང་བ་ལ་བྱེད་པ་པོ་ཉིད་གང་ཡིན
་པ་འདི་ཉེས་བྱས་ལ་སྟེ། དངོས་གཞི་ལ་ནི་མ་ཡིན་ནོ།། འདིར་གཞུང་ནི་ཁུ་བོ་ལས། བུད་མེད་མི་རུང་བ་ལས་སྐྱེས་པ་རུང་བ་དང་ལྷན་ཅིག་ཆོས་སྟོན་ན་ཉེས་བྱས་ཞེས་གསུངས་པ་ཡིན་ནོ།། གླིང་གཞན་ནས་སྐྱེས་པ་དང་།
་འགྱུར་བ་བསྟེན་པ་གཉིས་ནི་མ་ཆོག་པ་ཉིད་དོ་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་ལ་སོགས་པའི་གླིང་གཞན་ནས་སྐྱེས་པོ་དང་། ལུས་སམ་ངག་གིས་བུད་མེད་ཀྱི་སྐབས་སུ་འཁྲིག་པ་དང་ལྡན་པའི་རྣམ་པར་ཤས་འགྱུར་པ་གང
་གིས་བསྟེན་པར་མི་འགྱུར་བ་ནི་དཔེར་ན་སྙོན་ཐབས་མཁན་ནམ་མ་ནིང་ལྟ་བུ་དེ་གཉིས་ནི་སྟོན་པའི་སྐབས་འདིར་རིག་པར་མ་ཆོག་པ་ཉིད་དོ།། འདིར་རུང་བ་ལ་སྟོན་པ་ཡོད་པར་གྱུར་པ་ལ་ནི་ཉེས་བྱས་ཞེས་བྱ་བའི་དོན་ཏོ།། མི་རུང
་བ་ལ་ནི་ཤིན་ཏུ་ལྕི་བ་འདིའི་རྗེ་སུ་འབྲངས་པས་ཉེས་བྱས་ཤེས་པར་བྱའོ།། འདིར་གཞུང་ནི་ཁུ་བ་ལས་བཙུན་པ་དགེ་སློང་གིས་རེ་ཞིག་འཛམ་བུའི་གླིང་གི་བུད་མེད་ལ་བུད་མེད་ལ་བྱང་གི་སྒྲ་མི་སྙན་པ་དང་ལྷན་ཅིག་ཆོས
་སྟོན་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ།། དེ་བཞིན་དུ་གླིང་གཞན་པོ་རྣམས་དང་ལྷན་ཅིག་ཆོས་སྟོན་པ་ལ་ཡང་ཉེས་བྱས་སོ།། ཞེས་གསུངས་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་རིག་པའི་སྐྱེས་པ་མེད་པར་བུད་མེད་ལ་ཆོས
་བསྟན་པར་མི་བྱའོ་ཞེས་གང་གསུངས་པ་དེ་ལ་རིག་པའི་སྐྱེས་པ་ཇི་ལྟ་བུ་ཞིག་དང་ལྷན་ཅིག་ཏུ་བུད་མེད་ལ་ཆོས་བསྟན་པར་བྱ་ཞེ་ན། རུང་བ་གང་ཡིན་པའོ།། རུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ།
་ཁྱིམ་པ་ཡང་རུང་རབ་ཏུ་བྱུང་བ་ཡང་རུང་སྟེ། འགྱུར་བ་བསྟེན་པར་མི་བྱེད་པ་གང་ཡིན་པའོ།། རྣམ་པར་འགྱུར་བའི་སྒོ་འབྲེལ་པའི་དོན་དུ་འདི་རིག་པའི་སྐྱེས་པ་ལ་བརྟེན་པའོ།། འདིར་འདི་དག་ལ་བདག་པོ་ཉིད་ཡོངས་སུ་མ
་རྫོགས་པ་མ་ཡིན་ཏེ། གླིང་གཞན་ནས་སྐྱེས་པ་ལ་སྐྱེ་བ་འདི་སུ་ཞིག་ཅེས་བྱ་བ་ཡིན་ལ་བརྟེན་པ་ཉིད་ཀྱིས་གུས་མེད་པས། དེ་བས་ན་འདི་ལྷག་པར་ཤེས་པར་འགྱུར་ཏེ། འདི་དག་ལ་རྩོམ་པ་དང་འདུན་པ་ལ་སོགས་པ་མ
་གྲུབ་པའོ།། དེ་བས་ན་འདི་ལམ་དུ་འགྲོ་བ་ཡིན་གྱི་རྣམ་པར་ཤེས་པ་ལ་ནི་མོ་ཡིནོ།། དེ་ནི་བརྡ་ཕྲད་པ་ཉིད་དོ་ཞེས་བྱ་བ་ནི་དཔེར་ན་གོ་བར་བྱ་བ་ལ་གཞན་ལ་གོ་བར་གྲུབ་པ་ཁོ་ནར་འགྱུར་གྱི་མ་གྲུབ་ན་ནི་ཕྱེད་ཉིད་ཡིན་པ་དེ
་བཞིན་དུ་རིག་པའི་སྐྱེས་པ་ཡོད་པ་འདི་ལ་བརྡ་ཕྲད་ནའོ་ཞེས་བྱ་བའི་དོན་ཏོ།། ཆོམ་རྐུན་དང་ཀླ་ཀློ་ལ་སོགས་པ་ཉིད་ཀྱིས་སྐད་མ་གོ་བ་དང་གཉིད་ལོག་པ་དང་། སྨྱོས་པ་དང་། བག་མེད་པར་གྱུར་པ་དང་། སྙོམས་པར་ཞུགས
་པ་དང་། གླེན་པ་དང་འོན་པར་གྱུར་པ་རྣམས་ལ་སྟོན་པ་ལ་རིག་པའི་སྐྱེས་པ་དེ་ལ་ཉེས་བྱས་དེ་ལ་འདི་བྱེད་པའོ།། རྣམས་པ་དེ་ལྟ་བུ་ཉིད་ལ་མཚན་ཉིད་ཅིག་ཤོས་དོན་མེད་དོ་ཞེས་བྱ་བ་ལ། རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི།
་རྣམ་པ་གཉིས་ཉིད་ལྗོང་པར་གྱུར་པ་ལའོ།། དོན་མེད་པ་ནི་འབྲས་བུ་མེད་པ་ཅུང་ཟད་ཀྱང་མི་བྱེད་པའོ།། བུད་མེང་ཉིད་ཉམས་པ་ལ་བུད་མེད་ཀྱི་མཚན་ལས་གཞན་ནི་སྐྱེས་པའི་མཚན་མ་སྟེ། སྐྱེས་པའི་རྣམ་པ་ཉིད་ཀྱང་ཡོད་པར
་གྱུར་པ་ལ་སྐྱེས་པ་ཉིད་ནི་དོན་མེད་པ་སྟེ་སྐྱེས་པའི་མཚན་ཉམས་པ་ལས་གཞོན་པ་ནི་བུད་མེད་ཀྱི་མཚན་མའོ།། དེ་བས་ནི་འཇུག་པ་འདི་རྣམས་ལ་དགེ་སློང་ལ་བུད་མེད་ཀྱི་རྣམ་པའི་མཚན་མ་བྱེད་དོ།། སྐྱེས་པའི་རྣམ
་པཱ་ལ་ཡང་ལ་ལར་ནི་ན་སྨད་པའོ།། འདིར་གཞུང་ནི་མཚན་གཉིས་པ་ལ་རེག་ན། གལ་ཏེ་བུད་ཀྱི་དབང་དུ་གྱུར་པ་ཡིན་ན་དེའི་ཚེ་ན་ནི་དགེ་འདུན་གྱི་ལྷག་མའི་ལྟུང་བར་འགྱུར་རོ།། གལ་ཏེ་སྐྱེས་པའི་དབང་དུ་གྱུར་པ་ཡིན་ན་ནི
་དེའི་ཚེ་ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། གང་ཞིག་ཁྱད་པར་མེད་པར་མཚན་གཉིས་པར་གྱུར་ན་སྦོམ་པོའི་ལྟུང་བར་གློག་པར་གྱུར་ན་དེའི་ཉམས་པར་རིག་པོར་བྱའོ།། འདིར་ཕྱེང་ཉིད་བྱེད
་བྱ་ཡིན་ནོ་ཞེས་བྱ་བ་ནི་མཚན་ཅིག་ཤོས་མོའི་མཚན་གྱི་སྐབས་འདིར་རིག་པའི་སྐྱེས་པ་ཉིད་ཀྱི་སྐྱེས་པ་དང་བུད་མེད་དང་ལྷན་ཅིག་ཏུ་ལམ་དུ་འགྲོ་བ་དང་བུད་མེད་ལ་ཆོས་སྟོན་པ་ནི་ཉེས་བྱས་སུ་འགྱུརརོ་ཞེས་བྱ
་དོན་ཏོ།། འོག་མོ་ནས་གསུམ་ལ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་དག་གིས་དོན་ཀུན་ཤེས་པར་དང་། གཞན་ལ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པ་ཉིད་ཡིན་ན་དངོས་གཞིའོ་ཞེས་བྱ་བ་ནི་འདི་ལས་འོག
་མ་བསླབ་པའི་གཞི་གཉིས་པོ་དང་སྟོན་པ་གང་ཡིན་པ་གསུམ་པོ་འདི་འདོན་པའི་རིམ་པ་ལས་ཐ་མར་གྱུར་པ་ཉིད་ཀྱི་ཕྱིར་ཐ་མར་བྱུང་བའོ།། འཁྲིག་པ་ཀུན་ནས་སྨྲས་པ་དང་། བསྙེན་བཀུར་བསྔགས
་པ་དང་། སྟོན་པ་རྣམས་ལ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་དག་ལ་དོན་ཀུན་ཤེས་པ་དང་། སོ་སོར་སྟོབས་དང་ལྡན་པ་ཉིད་ལ་བུད་མོད་ལ་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ནོ།། གཞན་དུ་བརྗོད་པའི་གསུམ་ལས་འདིར
་རིག་པ་དང་དབེན་པའི་གནས་སུ་སྟན་ལ་འདུག་པ་དང་འགྲེང་བ་གཉིས་དང་ཉལ་པོ་བྱེད་པར་ཤོམ་པ་དང་བཅས་པའི་ཁྱིམ་དུ་འདུག་པ་དང་། འགྲེང་བ་གཉིས་དང་ལྷན་ཅིག་ཏུ་ཉལ་བ་དང་རིག་པའི་སྐྱེས་པ་མེད་པར་བུད་མེད་དང
་ལྷན་ཅིག་ལམ་དུ་འགྲོ་བ་ལའོ་ཞེས་བྱ་བ་འདས་འཁྲིག་པ་དགག་པའི་ཕྱིར་བསྟེན་པར་བྱ་བ་ལ་མཐུ་ཡོད་པར་ཉིད་ལ་བུད་མེད་དངོས་གཞིའི་བྱེད་པ་པོ་ཉིད་དོ།། ཞེས་བྱ་བ་འདིར་ངག་གི་དོན་ཏོ།། གཞན་དུ་ན་འོག་མའི་འོ
་ཤེས་བྱ་བ་ནི་མཐུ་ཡོད་པར་ཇི་ལྟར་བརྗོད་པའི་དོན་འདི་ལ་འདིར་དབེན་པོ་ཞེས་བྱ་བ་ལ་སོགས་པ་ལ་འོག་མ་ཚིག་ལ་བྱེད་པ་པ་ཉིད་ནི་བུད་མོད་དོ་ཞེས་བྱ་བ་གང་ཞིག་མཐུ་དང་ལྡན་པ་ལས་དགེ་འདུན་ལྷག་མ་གས་ཡིན་དེ
་ལ་མཐུ་མེད་ན་ཉོས་པ་སྦོམ་པོའོ།། གང་ཞིག་ཉེས་པ་སྦོམ་གང་ཡིན་པ་དེ་ནི་མཐུ་མེད་ན་ཉེས་བྱས་སོ།། གང་ཞིག་མཐུ་ཡོད་པ་ལས་ལྟུང་བ་དེ་ནི་མཐུ་མོད་པ་ལས་ཉེས་བྱས་ཏེ་ཞེས་བྱ་བ་འདི་ལ་འདི་བྱེད་པའོ།། མ་ནི
་མོ་དང་མ་ནིང་པོ་དང་སྤྲུལ་པ་མོ་ལ་ཡང་པོ་དེ་བཞིན་དུའོ་ཞེས་བྱ་བའི་དོན་ཏོ།། གསུམ་པོ་འདི་ལ་སྐྱེས་པའོ་ཞེས་བྱ་བ་ནི་ལུས་ཀྱི་རེག་པ་དང་། ཀུན་ནས་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་རྣམས་ལ་སྐྱེས་པ་ཡང་དག་པར
་གྱུར་པ་ལ་སྤྲུལ་པ་ལ་མཐུ་མེད་པ་ལྟར་བལྟ་བར་བྱའོ།། གལ་ཏེ་དེ་དག་གི་བདེ་བ་ཉམ་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པས་ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་འདི་དང་འདི་ཞེས་བྱ་བའི་ཆོ་ག་ཀུན་ནས
་བསྡུས་པའི་དོན་དུའོ།། འདི་ཡང་གསུམ་པོ་འདི་རྣམས་ལ་རིག་པར་བྱའོ།། འདིར་ལྟུང་བ་རྒྱས་པར་བཤད་པ་འདི་ལ་གསུམ་པོ་གང་ཞིག་འཆད་པར་འགྱུར་བ་ལུས་ཀྱིས་རེག་པ་དང་འཁྲིག་པ་དང་ལྡན་པ་སྨྲ་བ་དང་།
་བསྙེན་བཀུར་བསྔགས་པ་རྣམས་དེ་ལ་འདིར་དེའི་སྒྲས་བརྗོད་པའོ།། གལ་ཏེ་དེ་དག་གིས་བདེ་བ་ཉམ་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པས་ཀྱང་ངོ་ཞེས་བྱ་བ་ནི་འདུན་པའི་ཁྱད་པར་རོ།།
་ཡོངས་སུ་གྱུར་པ་ཉིད་དང་བུད་མེད་དེ་ལ་ལྟོས་པ་དང་ལྡན་པ་ཉིད་དང་། ཀུན་ནས་དཀྲིས་པ་ཉིད་དང་། ཀུན་ནས་གནས་པ་ཉིད་ཅེས་བྱ་བ་གཉིས་པོ་འདི་དང་ལྡན་པའི་ཆགས་པ་གང་ཡིན་པ་དང་ནི་འདིར་ཀུན་ཏུ་འདོད
་ཆགས་པོ་ཞེས་བྱ་བར་བརྗོད་དོ།། གང་གི་འདུན་པ་འོདི་དང་ཡང་དག་པར་ལྡན་ཏེ་གལ་ཏེ་ངོས་རེག་པ་དང་། འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བསེར་བསྔགས་པ་དེ་བས་ན་དགེ་འདུན་གྱི་ལྷག་མ་ཞེས་བྱ
་པའི་དོན་ཏོ།། ཐུན་མོང་གི་མཚན་ཉིད་བསྟནས། ད་ནི་རེག་པ་ས་སྟེན་པ་འབའ་ཞིག་བརྗོད་པར་བྱ་སྟེ། རེག་པ་དང་སྤྱོད་པ་ལ་དགེ་འདུན་གྱི་ལྷག་མ་གང་དུ་ཡིན་ཞེ་ན། དེའི་ཕྱིར་ལུས་ཀྱིས་རེག་པ་བདག་གིར་བྱེད
་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་བདག་གིར་བྱེད་པའི་དོན་འདོད་པར་གྱུར་པ་ཉིད་དུ་རྣམ་པར་གནས་པ་ཡིན་ཏེ། རོ་མྱང་བ་ནི་མ་ཡིན་ནོ།། འདོད་པར་གྱུར་པ་ཉིད་ཀྱང་སེམས་ལ་ཀུན་ནས་ཆགས་པ་ཉིད་ནི་མ་ཡིན་ཏེ། མ་ལ་སོགས་པ་རྣམས
་ལ་བརྟེན་པོ་ལ་སོགས་པ་ལ་ཡོད་པའི་ཕྱིར་ཏེ། དེ་བས་ན་གལ་ཏེ་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་ནས་ཀྱང་ངོ་ཞེས་བྱ་བའི་ཁྱད་འདི་བྱས་སོ།། འདིར་ལན་བུ་ནི་དེ་དང་ལྡན་པ་ཉིད་དོ་ཞེས
་བྱ་བ་ལ། དེ་དང་ལྡན་པ་ཉིད་ནི་ལུས་དང་ལྡན་པ་ཉིད་དོ།། འདིར་རིག་པའི་དགེ་འདུན་གྱི་ལྷག་མ་ལ་ལན་བུ་ལས་གཞན་པའི་བུད་མེད་ཀྱི་མཚན་མ་ལ་ཁ་ན་མ་ཐོ་བ་མེད་པ་མ་ཡིན་ནོ།། ཇི་ལྟར་བུད་མེད་ཀྱི་ལུས་ལ་རེག་པ་ལ་དངོས
་གཞིའོ།། དེ་བཞིན་དུ་ལན་བུ་ལ་རེག་པ་ཡང་ཞེས་བྱ་བའི་དོན་ཏོ།། སླར་ལུས་མེད་པ་ཉིད་ཡོད་པར་གྱུར་པ་ལ་ཅིའི་ཕྱིར་ལན་བུ་ལ་དངོས་གཞི་བྱེད་པ་ཉིད་དུ་ཤེས་པ་ཡིན། ལུས་ལ་རེག་པ་ལྟར་འདིར་རེག་པ་ལ་རོ་ལ་སོ་སོར་ཉེ་བར་གནས
་བའི་ཕྱིར་རོ།། དེ་དང་འབྲེལ་པའི་གོས་ལ་ཡང་ངོ་ཞེས་བྱ་བ་ནི་ལན་བུ་དང་འབྲེལ་པ་སྐུད་པ་ལ་སོགས་པ་ལ་ལན་བུའི་ཡན་ལག་ཏུ་གྱུར་པ་ནི་དེ་ལ་ལུས་དང་ལྡན་པ་ཉིད་ཅེས་བྱ་བའི་དོན་ཏོ།། འདིར་རྣམ་པར་སྤྱོད་པར་བྱེད་པ་རྣམས་ལ
་བསྐྱེད་པའི་སྡོང་བུ་ལས་རེག་པའི་སྐྲ་བཞིན་དུ་ཅོད་པན་དང་ཁ་ཆུ་ལ་སོགས་པ་ལ་རེག་པ་དཔེར་ན་སེན་མོ་དང་འདྲ་བར་སྦོམ་པོའོ།། ནོམ་པ་དང་ཞུག་པ་དང་། སྤྱོད་པ་དང་འཛིན་པ་དང་། འདྲེན་པ་དང་ཡོངསུ་འདྲེན་པ་དང་། འོག་ནས
་འཁྱུད་པ་དང་། སྟེང་ནས་འཁྱུད་པ་དང་། དམ་དུ་སྦྱོར་བ་རྣམས་ལ་ནི་བྱེ་བྲག་མེད་པ་ཉིད་དོ།། ཞེས་བྱ་བ་ལ་སྤྱོད་པ་ནི་རེག་པ་ཙམ་མོ།། འདིས་རེག་པ་དང་ལྡན་པ་གང་ཞིག་ལ་བྱེ་བྲག་ཏུ་སྙོགས་པ་ནི་མ་ཡིན་ནོ།། དེ་བས་ན་ཇི
་ལྟར་རྣམ་པ་གང་གིས་རེག་པ་བསྒྲུབ་པ་ལ་ཡང་དགེ་འདུན་གྱི་ལྷག་མོ་འདི་རྣམ་པར་གནས་པ་ཡིན་ནོ།། བྱ་བའི་ཁྱད་པར་འགའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ལ་ནོམ་པ་ཞེས་བྱ་བ་ནི་དང་པོར་ལན་ཅིག་ལུས་ལ་སྦྱོར
་བ་ཉིད་དོ།། ཉུག་པ་ཞེས་བྱ་བ་ནི་ཡང་དང་ཡང་དུ་ལུས་ལ་སྦྱོར་བའོ།། སྤྱོད་པ་ཞེས་བྱ་བ་ནི་མཐར་ཞེ་སྦྱར་བའི་བསམ་པས་རང་གི་ལུས་བུད་མེད་ཀྱི་ལུས་དང་བར་དུ་མ་བཅད་པར་སྤྱོད་པའོ།། འཛིན་པ་ཞེས་བྱ་བ་ནི་ལག་པ་ལ།
་སོགས་པ་འཆད་པའོ།། འདྲེན་པ་ཞེས་བྱ་བ་ནི་ཐག་རིང་པོ་ནས་ལག་པ་ལ་སོགས་པ་ནས་བཟུང་སྟེ། ཐོག་རིང་པོ་རྣམས་ནས་འོངས་པའོ།། རིང་པོ་ནས་དྲངས་པ་ན་འདྲེན་པ་ཞེས་བྱ་བ་བྱས་ནས་སོ།། ཡོངསུ་འདྲེན་པ་ཞེས་བྱ་བ་ནི་ཟག
་ཉེ་བ་ནས་ཁོར་ཡུག་ཏུ་བསྐོར་བའོ།། སྟེང་ནས་འཁྱུད་པ་ཞེས་བྱ་བ་ནི་སྟེང་ན་འདུག་པ་ལུས་ཀྱི་འོག་ཏུ་འཇོག་ཅིང་འཁྱུད་བར་བྱེད་པའོ།། འོག་ནས་འཁྱུད་པ་ཞེས་བྱ་བ་ནི་དེ་ནས་ཕབ་སྟེ། འོག་ཏུ་འཇུག་ཅིང་འཁྱུད་པ་ཞེས་བྱ།
་བའི་དོན་ཏོ།། དམ་དུ་སྦྱོར་བ་ནི་མཐང་དམ་དུ་སྦྱོར་བ་ལ་སོགས་པའོ།། བསྟེན་པར་བྱ་བས་བྱས་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་འདིར་བསྟེན་པར་བྱ་བའི་སྒྲ་ནི་བཟུང་བ་ཡིན་གྱི་བུད་མེད་ཀྱི་སྒྲ་ལ་ནི་མ་ཡིནོ།།
་ན་སྨད་པ་བྱས་པ་ཐམས་ཅད་ལ་ཡང་ཁོངས་སུ་བསྡུ་བ་བསྒྲུབ་པའི་དོན་དུ་གང་ཞིག་ནོམ་པ་ལ་སོགས་པ་འདི་ལ་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པའི་རེག་པ་ལ་བརྟེན་པར་བྱ་བ་དང་ལྷན་ཅིག་ཏུ་བུད་མེད་དང་སྐྱེས
་ལ་སོགས་པ་རྣམས་ལ་བྱས་པ་ཉིད་དེ་ཁྱད་པར་མེད་པ་ཉིད་དོ།། དེ་ལ་རང་དང་བཅས་པས་དེ་ལ་ཡང་ཀུན་ཏུ་འདོད་ཆགས་པའི་སེམས་ཀྱིས་བདག་གིར་བྱེད་ན་ལྟུང་བ་དེ་ཉིད་གང་ཞིག་རང་དང་བཅས་པ་ཉིད་ལ་ཞེས་བྱ་བའི
་དོན་ཏོ།། གོས་ཀྱིས་བར་དུ་ཆོད་པ་ལ་ནི་འོག་མར་རོ་ཞེས་བྱ་བ་ནི་གོས་ཀྱིས་བར་དུ་ཆོད་པ་ཉིད་ལ་བསྟེན་པར་བྱ་བ་ལ་རེག་པ་ལ་འོག་མའི་ཚིག་གིས་ཞེས་བྱ་བའི་དོན་ཏོ།། ཁྱད་པར་མ་བཟུང་བའི་ཕྱིར་མི་སྲིད་པ་ལ་ཞེས
་བྱ་བར་རྟོགས་པར་བྱའོ།། བར་དུ་ཆོད་པ་ཞེས་བྱ་བའི་སྒྲ་ནི་བར་དུ་ཆོད་པའི་རྣམ་གྲངསུ་གྱུར་པར་ཤེས་པར་བྱའོ།། ཉེས་བྱས་ཀྱིས་ན་སྨད་པ་ནི་གཞན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ལྟུང་བ་གཞན་ལ་ན་སྨད་པར་གསུངས་པ
་འདི་ལྟུང་བ་གཞན་དུ་རྣམ་པར་བཞག་པ་ཡིན་པ་དེ་བཞིན་དུ་འདིར་མ་ཡིན་ནོ།། འོན་ཀྱང་ཉེས་བྱས་ཀྱི་ན་སྨད་པ་ལ་བྱ་དཀའ་བ་ཉིད་ཀྱི་ཕྱིར་གཞན་ཉིད་མ་ཡིན་ཏེ། ཉེས་བྱས་ཉིད་དེ་ཉིད་ཉེས་བྱས་ཕྲ་མོ་ཞེས་བྱ་བའི་དོན་ཏོ།། དགེ་སློང་མ
་ལ་རེག་པར་མི་བྱའོ།། བུད་མེད་ལ་ཡང་མི་བྱའོ་ཞེས་བྱ་བ་ནི་ཡང་རིག་པར་མི་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ།། རྗེས་སུ་བྱས་པ་ཉིད་ཀྱི་ཕྱིར་བསམ་པའི་ཉེས་པ་མེད་དུ་ཟིན་ཀྱང་བཀག་པར་རིག་པར་བྱ་སྟེ། ཀུན་ནས
་ལྷག་མ་ཉིད་ཀྱི་ཕྱིར་བསྒྲུབ་པའོ།། འདིར་གཉིས་ཀ་ལ་རོག་ན་ཉེས་བྱས་སོ།། དགེ་སློང་མ་ནི་བུད་མེད་ཀྱི་རིགས་ལས་མ་འདས་མོད་ཀྱི་འོན་ཀྱང་དགེ་འདུན་གྱི་ཁོངས་སུ་གཏོགས་པའི་ཕྱིར་དགེ་སློང་མ་ལ་ཞེས་བྱ་བ་གང་ཞིག་ཁས
་ལེན་པར་བྱེད་པ་དེའི་འདོད་པ་བཟློག་པའི་དོན་དུ་དགེ་སློང་མ་ལ་རེག་པར་མི་བྱ་ཞེས་བྱ་བའི་མདོ་འདི་བརྩམས་སོ།། ཆུར་ཉམ་ཐག་པ་བསྒྲལ་བའི་ཕྱིར་ནི་རེག་པར་བྱའོ།། ཞེས་བྱ་བ་ནི་སྙིང་བརྩེ་བས་སྡུག་བསྔལ་ཐར་བར་བྱ་བ་ལ་ལྟུང
་བ་མེད་དོ་ཞེས་བྱ་བ་འདི་ལ་ཕྱོགས་གཅིག་པའི་རྗེས་སུ་བརྗོད་པར་འདི་འོག་མའི་ཆོ་ག་ལ་ཡུལ་བསྟན་པའི་དོན་དུའོ།། ཇི་ལྟར་རེག་པར་བྱ་ཞེ་ན། དེའི་ཕྱིར་མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བར་བཞག་པ་སྟེ་ལག་པའམ་སྐེ་དག
་ལས་སོ་ཞེས་བྱ་བ་སྨོས་སོ།། དྲན་པ་རྙེད་པར་བྱ་བའི་ཕྱིར་བྱེ་མ་བདལ་བའི་སྟེང་དུ་ཁ་སྦུབ་ཏུ་བཞག་གོ་ཞེས་བྱ་བ་ནི་དེའི་ཚེ་ན་ཆུ་ཞུགས་པ་འཛག་པར་འགྱུར་ཞིང་དེ་ཟགས་ན་དྲན་པ་ཐོབ་པར་འགྱུར་རོ།། ཁྱེའུ་བཞིན་བསྲུང་བར་བྱའོ།
་ཞེས་བྱ་བ་ནི་ཇི་ལྟར་ཁྱིམ་པ་དག་ལ་འབྱིན་པའི་ཁྱིའུ་རྣམས་ལ་ཁ་དོན་བྱེད་པ་འམ་ཡིད་ལ་བྱེད་པ་བསྐྱེད་ཅིང་ཕྱོགས་གཅིག་ཏུ་འདུག་སྟེ་སྲུང་བར་བྱེད་པ་དེ་བཞིན་དུ་འདི་ལ་ཡང་ཞེས་བྱ་བའི་དོན་ཏོ།། བ་ལིང་རྫིའམ་ཕྱོགས
་རྫི་དག་ལ་གཏད་དེ་ཟན་ལ་འགྲོ་བར་བྱའོ་ཞེས་བྱ་བ་ནི་དུས་དེ་ཙམ་དུ་བ་ལང་རྫི་དང་ཕྱུགས་རྫི་རྣམས་ཀྱིས་ཁས་བླངས་པ་དང་མི་བསྐྱེད་པ་ལ་རང་གིས་བརྩོན་པར་གྱུར་པ་འམ་མགོན་མེད་པ་སླར
་གཏད་པ་དང་། མཚན་མོ་ཡང་འོང་བའི་དོན་དུ་འབད་པར་བྱའོ།། འོང་བ་མ་གྲུབ་པ་དང་མི་ནུས་པ་ཉིད་ཀྱི་འདི་ལ་བདག་ཉིད་བསྲུང་བ་ལ། དེ་ཉིད་དུ་གནསོ་བ་ཞེས་བྱ་བའི་དོན་གྱིས་ཤེས་པར་བྱའོ།། འཚོའམ་འོན་ཏེ་མ
་ཡིན་ཞེས་ཡང་དང་ཡང་དུ་བརྟག་པར་བྱའོ།། ཞེས་བྱ་བ་ནི་འཇིག་པ་དང་མི་འཇིག་པའི་དོན་འབད་པས་སོ་སོར་བརྟག་པའོ།། སེམས་དག་པས་སྙིང་བརྩེ་བས་བུད་མེད་ལ་འཁྱུད་པ་ལ་ཉེས་མེད་དོ་ཞེས་བྱ་བ་ནི་གང་ཞིག་སྨན
་གྱི་གཞི་ལས་བཅོམ་ལྡན་འདས་ཀྱིས་བུད་མེད་སྐྲ་གྲོལ་བ་ལ་འཁྱུད་པ་གནང་ངོ་ཞེས་འབྱུང་སྟེ། དེ་མདོ་འདིར་བསྡུས་པ་ཡིན་ནོ།། འདིར་དགེ་བའི་སེམས་སེམས་ཉིད་ཙམ་ནི་དྲུག་པའི་སེམས་ཉིད་དུ་རིག་པར་བྱའོ།། འདོད་ཆས
་ངག་དང་བྲལ་བའི་སེམས་ཉིད་ཁོ་ནའི་མ་ཡིན་ནོ།། དགེ་འདུན་གྱི་ལྷག་མ་གཉིས་པའི་རྣམ་པར་འབྱེད་པའོ།། ། འཇམ་པ་དང་དྲོ་བ་དང་སྙི་ངའི་བསམ་པ་ཉིད་ནི་སྦོམ་པོའོ་ཞེས་བྱ་བ་ནི་འཇམ་པ་ཡིན་ནམ
་འོན་ཏེ་མ་ཡིན་སྙམ་པའི་བསམ་པ་ཉི་ཆོས་བུད་མེད་ལ་ཉམས་སུ་མྱོང་བ་ཡིན་གྱི། ག་པོ་ཆེ་གཅིག་པ་ཉིད་ཀྱི་འཁྱུད་པ་དང་མ་མར་ཡང་དགེ་པར་ལྡན་པཟར་མྱང་བའ་བསམ་པ་དང་ཉིད་ཀྱིས་ནེ་མ་མིན་ཞེས་བྱ་བའི་ཛིན་།
་འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གི་དྲོ་བའི་བསམ་པ་དང་ལྡན་པས་ལུས་ལ་རེག་པར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུརོ་ཞེས་གསུངས་པ་ཡིན་ནོ།། དེ་བཞིན་དུ་འཇམ་པའི་བསམ་པ་དང་ལྡན་པ་དང་། སྟི
་བའི་བསམ་པ་དང་ལྡན་པ་ཞེས་བྱ་བའོ།། ཀུན་ཏུ་འདོད་ཆགས་པ་མེད་པར་བུད་མེད་བདག་གི་ལུས་ལ་རེག་པ་རྣམ་པ་ལྔ་གསུངས་ཏེ། དེ་ནི་ཁྱད་པར་ཅན་གྱི་སྤྱོད་པ་དང་། དེ་དང་འདྲ་བ་དང་། དོན་མེད་པར་རིག་པ་ཁོ་ན་ཡིན
་བ་དང་། རྒོད་བག་གི་རེག་པའི་བྱེ་བྲག་ཉམ་སུ་མྱོང་བར་འདོད་པ་དང་། མི་འདོད་པར་སྐྱེ་བོ་བལྟོས་པའི་དུས་དག་ཏུ་དབང་མེད་པར་རེག་པ་གང་ཡིན་པ་རྣམསོ།། འདིར་ཁྱད་པར་ཅན་གྱི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། སྙིང་བརྩེ་བ
་དང་ཉེ་དུ་བ་ཤེས་པ་མཐོང་བ་དང་། སྔོན་སྤྱད་པོ་ལ་ཀུན་དགའ་བ་ཉམསུ་མྱོང་བའོ།། ཁྱད་པར་ཅན་གྱི་སྤྱོད་པ་དང་འདྲ་བ་ནི་གནས་མ་ཡིན་པ་ལ་སྙིང་རྩེ་བ་ལ་སོགས་པ་རྣམས་ལ་དེའི་ངོ་བོས་མི་འཇུག་པའོ།། དཔེར་ན་འགྱེལ
་བ་རང་ཉིད་སྤངས་པར་ནུས་པ་སློང་བར་བྱེད་པའོ།། །། རྣམ་པོ་ལྔ་པོ་འདི་རྣམས་ལ་ཞུ་བར་འདི་རྣམས་ཏེ། གང་ཞིག་འདུལ་བྱེད་དག་ལས་ལྟུང་བ་དང་ལྟུང་བ་མེད་པ་རྣམས་བརྟེན་པའི་ཕྱིར་བརྗོད་དོ།། སྙིང་བརྩེ
་བས་སྡུག་བསྔལ་ལས་ཐར་བར་བྱ་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་མེ་དང་གཡང་ས་དང་མཚན་དང་གག་མིག་དང་། དུག་ཟ་བ་དང་སྦྲུལ་གྱིས་སོ་བཏབ་པ་དང་སྟག་དང་འདབ་ཆགས་དང་མི་མ་ཡིན་པ་ལ་སོགས་པའི
་རྒྱུད་པའི་རྒྱུ་མཚན་གྱི་སྡུག་བསྔལ་ལས་གྲོལ་བ་ལ་རེག་པ་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ།། མ་དང་བུ་མོ་དང་སྲིང་མོ་རྣམས་ལ་དེ་དག་ཏུ་འདུ་ཤེས་པའོ་ཞེས་བྱ་བ་ནི་མ་ལ་སོགས་པའི
་འདུ་ཤེས་དེ་རྣམས་ཡོད་པར་གྱུར་པའི་ལས་མ་ལ་སོགྱེས་པ་ལེ་རེག་པ་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ།། སྔོན་སྟོད་པ་ཉིད་ལ་ཀུན་དགའ་བར་བྱའོ།། ཞེས་བྱ་བ་ནི་ཀུན་དགའ་བའི་མཚན་ཅན་གྱི་རེག་པོ་ལ་ལྟུང་བ་མེད་ཅེས
་བྱ་བའི་དོན་ཏོ།། དགེ་འདུན་ལྷག་མ་གཉིས་པའི་ཞུ་བའི་སྐབས་སོ།། །། ཟས་དང་ས་དང་བོང་བ་ལ་སོགས་པ་མོའི་དབང་པོར་འཇུག་ན་སྦོམ་པོའོ་ཞེས་བྱ་བ་ནི་འདི་ནི་རྣམ་པར་འགྱུར་བར་གྱུར་པ་མི་ཚངས་པར
་སྤྱོད་པའི་ལམ་གྱི་རྣམ་པར་ངེས་པར་འདིར་རྒོད་པག་ཅེས་བྱ་བ་པ་ན་མ་ཐོ་བ་དང་བཅས་པ་ཉིད་དོ།། རྐང་པ་དང་ཕྲག་པ་ལ་སོགས་པས་བུད་མེད་ལ་འཕུལ་ན་ཉེས་བྱས་སོ་ཞེས་བྱ་བ་ལ་འདི་ནི་ཤིན་ཏུ་མི་ཁྱབ་པ་སྟེ། ཇི
་ལྟར་སྔར་བསྟན་པ་ཞེས་བྱ་བ་འདི་ཤེས་པའོ།། པུས་མོ་དང་རྗེས་ངར་དང་བརླ་དང་རྐེད་པ་དང་ལག་པ་དང་དཔུང་པི་དང་མགོ་བོ་ལ་སོགས་པ་གཅིག་པོ་རྣམས་ཁོ་ནར་མ་ཟད་ཀྱིས་སེན་མོ་ལ་སོགས་པ་རྣམས་ཡང་འདི་སྙེགས
་པར་རིག་པར་བྱའོ།། དེའི་སྟོན་ལ་ཡང་ངོ་ཞེས་བྱ་བ་ནི་བུད་མེད་དང་བཅས་པའམ། བུད་མེད་མེད་པའི་བུད་མེད་ཀྱི་སྟན་ལ་རྐང་པའི་ཆ་ལ་སོགས་པས་འཕྲུལ་ན་ཉེས་བྱས་སོ།། བུད་མེད་དང་བཅས་པ་ཉིད་ཀྱིས་འདི་རྣམས་ལ་བུད
་མེད་ཀྱི་སྟན་བསྟན་པ་འདོན་པ་ཡིན་ཏེ། འདིར་གཞུང་ནི་དགེ་སྦྱོང་གིས་བུད་མེད་དང་བཅས་པའམ། བུང་མེད་མེང་པའི་སྟན་ལ་རྐང་པས་བསྐུལ་ན་ཉཊྚ་ཞེས་གསུངས་པ་ཡིན་ནོ།། བུད་མེད་དང་བཅས་པ་ཉིད་ལ་ནི་འདིར་ཉེས་བྱས
་ཡིན་ཏེ། འོན་ཀྱང་བུད་མེད་ལ་དགའ་བས་འདི་ཕུལ་བ་གཅིག་པུ་ཉིད་ལ་ཡང་ཉེས་བྱས་དང་སྦྱོར་བ་ཞེས་བྱ་བ་འདི་ལྟར་མདོ་བྱས།། འདྲེད་པས་འགྱེལ་པའི་བུད་མེད་སློང་བའོ་ཞེས་བྱ་བ་ནི་འདྲེད་པས་འགྱེལ་བའི་བུད་མེད་སློང་ན་ཉེས
་བྱས་སོ།། འདི་ནི་ཉམ་ང་བར་གྱུར་པས་འགྱེལ་བ་མ་ཡིན་ཏེ། དེ་བས་ན་ལེགས་པར་མ་ཡིན་པ་ཉིད་ཀྱིས་འཇུག་པ་འདི་ཡིད་ལ་ངེས་པར་འབྲེལ་པ་ཡིན་གྱི་སྙིང་རྗེའི་དངོས་པོ་རྒྱུ་མཐུན་པ་ཉིད་ཀྱིས་ནི་མ་ཡིན་ནོ།། དེ་བས་ན
་འདིར་ལྟུང་བ་རྣམ་པར་བཞག་པའོ།། ཉེས་བྱས་ལ་སྙིང་བརྩེ་བའི་ངོ་བོ་ཉིད་ཀྱི་ཕྱིར་སྦོམ་པོའི་ལྟུང་དུ་ནི་མ་ཡིནོ།། བུད་མེད་ཀྱིས་དེ་གསུམ་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་རྐང་པའི་ཆ་ལ་སོགས་པས་དགེ་སློང་འཕྲུལ
་བ་དང་། དགེ་སློང་གི་སྟན་ལ་འཕུལ་བ་དང་། འདྲེད་པས་འགྱེལ་བ་སློང་བ་ཞེས་བྱ་བ་གསུམ་པོ་འདི་བུད་མེད་ཀྱིས་བྱས་པ་ལ་ལྟུང་བ་མེད་དོ།། མི་འདོད་བཞིན་དུ་བྱུང་བ་ཉིད་ཀྱི་ཕྱིར་འདི་དང་འཆད་པར་འགྱུར་བ་ལ་སྐྱོན་མེད་པ
་ཉིད་དོ།། བཟུང་བ་ལ་ཡང་ངོ་ཞེས་བྱ་བ་ནི་དགེ་སློང་མི་འདོད་བཞིན་དུ་བུད་མེད་ཀྱིས་བཟུང་བ་ལ་ཡང་ལྟུང་བ་མེད་དོ།། མས་འཁྱུད་པ་ལ་ཡང་ངོ་།། པད་པར་བུད་མོ་འདུག་པ་ལ་ཡང་ངོ་།། ཞེས་བྱ་བ་ནི་ལྡང་པོ་མདོ་ཞེས
་བྱ་བར་སྦྱར་རོ།། བུད་མེད་འཁྲུལ་པ་སྟེང་དུ་འགྱེལ་བ་ཡང་ངོ་ཞེས་བྱ་བ་ནི་ལྟུང་བ་མེད་དོ་ཞེས་བྱ་བར་སྦྱར་རོ།། དགེ་འདུན་ལྷག་མ་གཉིས་པའི་འདུལ་བྱེད་ཀྱི་སྐབས་སོ།། །
་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མའོ།། གང་ཞིག་སྨྲས་ན་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་འཁྲིག་པ་སྨྲས་ནའོ་ཞེས་བྱ་བ་སྨོས་ཏེ། བུད་མེད་མཐུ་ཡོད་པ་ལ་ཀུན་ནས་ཆགས་པས་ཞེས་བྱ་བ་འདི་སྔར་བརྗོད་པ
་རྟོགས་པར་བྱའོ།། སླར་ཡང་འཁྲིག་པ་ནི་གཉིས་ཀྱིས་གཉིས་སྤྱོད་པ་སྟེ་དེ་སྨྲས་ནའོ།། སྒྲ་ཇི་ལྟར་བུས་དེ་བརྗོད་ན་ཞེ་ན། དེའི་ཕྱིར་རྒྱལ་སོགས་པའི་དོན་གྱིས་སོ་ཞེས་བྱ་བ་སྨོས་ཏེ། འདི་རྩཝ་ལ་སོགས་པའི་སྒྲ་ནཱི་ཡ་ཡིག
་དང་བྷ་ཡི་གོ་གི་རང་བཞིན་ཞེས་བྱ་བ་བརྗོད་པའོ།། དེའི་དོན་ཅན་རྒྱལ་སོགས་པ་རྣམ་པ་གཞན་གྱིས་འཁྲིག་པ་བརྗོད་པ་གང་ཡིན་པར་སྟོན་པ་དེ་ནི་རྒྱལ་སོགས་པ་ཞེས་བྱ་བ་གྲགས་པ་ཉེ་བར་སོང་བའོ།། རྒྱུའི་དོན་ནི་མཐོང
་བར་རིག་པར་བྱ་བ་མ་ཡིནོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་བདག་དང་ལྷན་ཅིག་བུད་པར་གྱིས་ཤིག་ཅེས་བྱ་བ་དེ་ལ་ཉེས་པ་སྦོམ་པོར་གསུངས་པ་ཡིན་ནོ།། བྱེ་བྲག་མ་བྱས་པའི་སྒྲ་ལ་ཡང་བརྗོད་པར་འདོད་པའི་དབང་གི
་ཁྱད་པར་དུ་བཞག་པ་སྟེ། དེ་བས་ན་བདག་ཉིད་ཀྱི་བརྗོད་པར་འདོད་པ་བསལ་བར་བྱེད་པའི་སྒྲ་མེད་ཀྱང་རང་གི་བརྗོད་པར་འདོད་པས་སྦྱོར་བར་རྟོགས་པ་ལ་དེའི་བརྗོད་པར་འདོད་པ་ཉིད་ལ་གཞན་གྱི་དངོས་གཞི་བསྐྱེད་པར་རིག་པར་བྱའོ།།
་ཡ་ཡིག་བྷ་ཡིག་ལ་སོགས་པ་གང་ཡང་རུང་བའི་སྒྲ་ལ་བརྗོད་པར་འདོད་པ་ལ་ཡིན་ཏེ། བུད་མེད་ལ་གནས་པའི་བདག་ཉིད་བརྗོད་པར་འདོད་པས་ཐོས་སུ་བཅུག་པ་ཙམ་ལ་ཉེས་བྱས་ནི་མ་ཡིན་ནོ།། འདིར་བྱ་བའི་ཚིག་ནི་དགོངས་པ་མ
་ཡིན་ནོ།། བདག་ཉིད་དུ་རྣམ་པར་རིག་པར་བྱ་བ་དགེ་ལ་མཚམས་ཉེ་བར་སྦྱོར་བས་ཁས་ལེན་པའི་ངོ་བོ་ནི་མ་ཡིན་ཏེ། འགྲོ་བ་བརྗོད་པ་ཉིད་ལ་འདིར་སྐྱོན་ཉིད་བསྟན་པས་དོན་གྱིས་བསྙེན་པ་རྩོམ་པར་གྱུར་པ་ཉིད་ལ་ནི་མ་ཡིན་ནོ།།
་འདིར་རང་གི་འདོད་པ་ཉིད་སྨྲ་བ་ཡོད་པས་གྱུར་པ་ཡང་གཞན་གྱིས་མ་ཤེས་པ་ལ་སྦོམ་པོའོ་ཞེས་བྱ་བ་འདི་ཤེས་པའི་དོན་དུ་ངེས་པའི་མདོ་འདི་ལས་རྟོགས་པར་བྱའོ།། རང་གི་སྨྲ་བར་གྱུར་པ་ཉིད་མེད་པ་ལ་སྦོམ་པོ་ཉིད་ནི་རང་གི།
་དོན་ཉིད་དོ།། དེ་ནི་དེའི་གཙོ་བོ་ཞེས་བྱ་བ་འདི་ལས་སོ།། གང་ལ་གོ་བར་བྱ་བ་ཉིད་དེ་བརྡ་ཕྲད་པ་ནི་མཐའོ་ཞེས་བྱ་བ་ནི་འདིར་བརྡ་ཕྲད་པ་ནི་བརྗོད་པར་འདོད་པའི་དོན་ཡོངསུ་ཐོབ་པའོ།། བརྗོད་པར་འདོད་པའི་དོན་ཡོངསུ་ཐོབ་པར་བྱེད
་པའི་དོན་ཅན་གྱི་ལུས་དང་དག་ཕྲད་པར་བྱེད་པའི་བདག་ཉིད་ཅན་ཐམས་ཅད་ལ་དོན་གཅིག་ལ་རྩོམ་པར་གྱུར་པ་ཉིད་ཀྱི་ཕྱིར་སྐད་ཅིག་མ་གཅིག་ཏུ་གྱུར་པའོ།། འདིར་ལྟུང་བ་རྣམ་པར་བཞག་པ་མེད་པར་གྱུར་པ་ཉིད་དེ་མཐའ་དོང
་མཐའ་མེད་པའི་དབྱེ་བ་ཇི་ཙམ་དུ་བྱས་པ་ལ་དངོས་གཞིའི་ལྟུང་བ་བསྐྱེད་པ་སྟེ་ཞེས་བྱ་བ་འདི་ལ་མདོ་འ་དིའོ།། ཚིག་ལ་སོགས་པའི་མཐའ་ནི་མཐའ་ཞེས་བྱ་བ་འདི་རྣམ་པར་བཞག་པ་མ་ཡིན་ཏེ། འོན་ཀྱང་མཐའ་ལས་བྱུང་བ
་འམ་མཐའ་མ་ཡིན་པ་གང་ཞིག་ལ་ཡི་གེ་ལ་སོགས་པ་གང་ཞིག་ལ་གཞན་གྱིས་ཤེས་པར་རུང་བ་ཉིད་བརྗོད་པར་འདོད་པའི་དོན་ཤེས་པ་ལས་སྣོད་དུ་རུང་བ་ཉིད་དུ་གྱུར་པ་ལ་རྟོག་པ་པོ་ལ་རྣ་བའི
་རྣམ་པར་ཤེས་པ་འམ་མིག་གི་རྣམ་པར་ཤེས་པ་ལ་བསྒྲུབ་པ་གང་ཡིན་པ་དེ་ནི་འདིར་མཐའོ།། དེ་བས་ན་དེར་དངོས་གཞིའོ།། དེའི་འོག་ཏུ་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་དེ་ཉིད་དུ་ཞུགས་པའོ།། གལ་ཏེ་ཡི་གེ་དང་པོ་ཤེས་པའི
་དུས་ན་ཡང་དེ་ལ་དངོས་གཞིའོ་ཞེས་བྱ་བ་རིག་པར་བྱ་སྟེ། འདིར་ཤེས་པ་ལ་ཡན་ལག་ཉིད་དོ།། དེ་དང་འབྲེལ་བའི་དོན་སྨྲས་པ་ནི་སྦྱོར་བ་མ་ཡིན་པ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་དངོས་གཞིའི་དོན་གྱི་ཚིག་ཡ་ཡིག་དང
་བྷ་ཡིག་གིས་རང་བཞིན་ཅན་ལ་དེའི་སྒོ་བཟུང་བའོ།། འབྲེལ་པ་ཞེས་བྱ་བ་ནི་དངོས་གཞིའི་དོན་ཉིད་ཀྱི་ཚིག་དང་འབྲེལ་པའི་དོན་གང་ཡིན་པའོ།། དེ་སྨྲས་པ་གང་ཡིན་པ་ནི་འདི་ལྟ་སྟེ། དཔེར་ན་བསྔགས་པ་བྱེད་པ་ལ་སོགས
་པ་ལ་སྲུ་ཁྱོད་ཀྱི་རྨའི་སྒོ་གསུམ་པོ་རྣམས་ལེགས་པར་དོང་ངམ་ཞེས་བྱ་བ་ལ་སོགས་པ་སྨྲས་པའོ།། ཡ་ཡིག་བྷ་ཡིག་གི་རང་བཞིན་གྱི་སྒྲ་མེད་པར་དེ་ལ་སྦྱོར་བ་མེད་པ་ཉིད་དོ།། མ་སྨྲས་པ་ལ་དངོས་གཞི་བྱས་པའི་སྒྲ་ལ་དེ
་དང་འབྲེལ་པ་མེད་པ་ཉིད་ཀྱི་ཕྱིར་སྨྲ་བ་འདི་ལ་སྦྱོར་བ་མ་ཡིན་པ་ཉིད་གང་ཞིག་འདོད་པ་དེ་འདོད་པ་བཟློག་པའི་དོན་དུ་མདོ་འདི་བྱས་ཏེ། རྒྱ་ཞེས་བྱ་བ་རྣ་རུ་ཞེས་བྱ་བ་ལ་སོགས་པའི་སྒྲ་བརྗོད་པ་ལ་ནི་སྦྱོར་བ་ཉིད་ཐེ་ཚོམ་མེད་པའོ།།
་བསྔགས་པ་དང་བསྔགས་པ་མ་ཡིན་པ་དང་། གསོལ་བ་དང་ཉེ་བར་གསོལ་བ་དང་། འདྲི་བ་དང་ཉེ་བར་འདྲི་བ་དང་། བརྗོད་པ་དང་སྨོན་པ་དང་གཤེ་བ་དང་། ཕྱིར་སྨྲ་བ་བསྒྲུབ་པ་དག་ལ་ནི་བྱེ་བྲག་མེད་པ་ཉིད་དོ་ཞེས་བྱ་བ་ནི་བསྔགས
་པ་ལ་སོགས་པའི་བདག་ཉིད་ཅན་གྱི་སྨོན་པ་ཐམས་ཅད་ཉིད་རྣམས་ལ་དངོས་གཞིའི་བྱེད་པ་ཉིད་དེ། བྱེ་བྲག་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ།། དེ་ལ་བསྔགས་པ་ཞེས་བྱ་བ་ནི་སྲུའི་རྨའི་སྒོ་གསུམ་རྣམས་ལེགས་པར་དོད་པ
་པ་ཡིན་ནམ་ཞེས་བྱ་བའོ།། བསྔགས་པ་མ་ཡིན་པ་ཞེས་བྱ་བ་ནི་དེ་ལས་བཟློག་པར་སྨོད་པའོ།། གསོལ་པ་ཞེས་བྱ་བ་ནི་སྲ་ཚུར་ཤོག་དེ་དང་དེ་བྱའོ་ཞེས་བརྗོད་ཅིང་། རྒྱུ་ཞེས་བྱ་བ་དང་རྣ་རུ་ཞེས་བྱ་བ་གཉིས་ཀྱིས་བརྗོད་པ་གང་ཡིན་པའོ
་ཉེ་བར་གསོལ་བ་ཞེས་བྱ་བ་ནི་སྲུང་བུད་མེད་དམ་སྐྱེས་པ་གང་ལ་ལ་འདི་དང་འདི་བྱེད་དེ། དེ་ལ་དགའ་བ་དང་ཡིད་དུ་འོང་བར་འགྱུར་རོ།། སྲུ་ཡང་བདག་ཅག་ལ་དེ་དང་དེ་བྱེད།། སྲུ་ཡང་བདག་ཅག་ལྀ་དགའ་བ་དང་ཡིད་དུ་འོང་བར་འགྱུརརོ
་ཞེས་བྱ་བ་དགའ་བ་ཉེ་བར་བསྒྲུབ་པས་འདུན་པོ་བསྐྱེད་པ་སྟེ། འདི་ནི་དགའ་བ་ཉེ་བར་བསྒྲུབ་པ། འདི་ནི་གསོལ་བའོ།། དྲི་བ་ཞེས་བྱ་བ་ནི་སྲུ་བསྐྱེས་པ་གང་དང་བུད་མེད་གང་དེ་དང་དེ་བྱེད་པ་དེ་ནི་དགའ་བ་དང་ཡིད་དུ་འོང་བར་འགྱུར།
་ན་ཁོ་བོས་ཀྱང་སུ་ལ་དེ་དང་དེ་བྱས་ན་ཁོ་བོ་ལ་དགོའ་བ་དང་ཡིད་དུ་འོང་བར་འགྱུར་རམ་ཞེས་འདྲི་བའོ།། ཉེ་བར་དྲི་བ་ཞེས་བྱ་བ་ནི་སྲུའི་རྨའི་སྒོ་གསུམ་པོ་རྣམས་ལེགས་པར་དོད་པོ་དང་། ལེགས་པར་གནས་པ་དང་། ལེགས་པར
་གྱུར་པ་བདེན་ནམ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་འདྲི་བའོ།། བརྗོད་པ་ཞེས་བྱ་ན་ནི་སྲུ་ཁོ་བོ་ནི་ཁྱོད་ལ་དགའ་བ་དང་ཡིད་དུ་འོང་བ་བདེན་ན་ཁྱོད་དེ་ལ་ཇི་ལྟར་ཞེས་བརྗོད་པའོ།། སྨོན་པ་ཞེས
་བྱ་བ་ནི་སྲུ་ནམ་ཞིག་ན་ཁོ་བོ་ཁྱོད་དང་ལྷན་ཅིག་དེ་དང་དེ་ལྟར་བྱེད་ཞིག་གུ་སྙམ་དུ་སྨོན་པའོ།། གཤེ་བ་ཞེས་བྱ་བ་ནི་ཁྱོད་ལ་བོང་བུ་རྣམས་གང་དེ་ལྟར་བྱེད་པར་གྱུར་ཅིག་པའི་བློས་འདིར་མི་ལྟུང་བ་ཞེས་གཤེ་བའོ།། ཕྱིར་སྨྲ་བ
་ཞེས་བྱ་བ་ནི་བུད་མེད་ཀྱིས་བརྗོད་པའི་བསྔགས་པ་ལ་སོགས་པ་ལ་དགེ་སློང་གིས་ཕྱིར་རྣམ་པ་དེ་རྣམས་ཀྱིས་སླར་ལན་འདེབས་པའོ།། དོན་གཞན་ལ་བསམས་པས་ལྗོངས་ཀྱི་ངེས་པའི་ཚིག་གི་དབང་གིས་ན་ལྟུང་བ་མེད་དོ་ཞེས
་བྱ་བ་འདི་ནི་མི་མཛེས་པ་ཞེས་བྱ་བ་བསམས་པར་གྱུར་པ་ལ་ལྟུང་བའི་བློས་འདིར་མི་ལྟུང་བའོ་ཞེས་བྱ་བ་དེ་བཟློག་པའི་དོན་དུ་མདོ་འདི་དང་འོག་མའོ།། ཅི་སྟེ་དོན་གཞན་ལ་བསམས་པ་ཞེས་བྱ་བ་ལྗོངས་ཀྱི་ཚིག་འདིའི་ངེས
་བའི་ཚིག་གི་དབང་གིས་ཞེས་བྱ་བ་ལྗོངས་ཀྱི་ངེས་པའི་ཚིག་གི་དབང་གིས་དོན་གཞན་གྱི་བསམས་པས་འཁྲིག་པ་སྨྲས་པ་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དེ། གང་ཞིག་རུང་བ་ཙམ་གྱིས་གཞན་ལ་བསམ་པར་བྱེད་པ
་ནི་མ་ཡིན་ཞེས་བྱ་བའོ།། མིང་གི་ཚེ་ཉིད་འདྲ་བ་ལ་ཡང་ངོ་ཞེས་བྱ་བ་ནི་ཆ་ཉིད་འདྲ་བ་ནི་གང་ཞིག་གི་དབང་གི་འཁྲིག་པས་འཁྲིག་པ་སྨྲས་པ་གང་ཡིན་པ་སྟེ་འདི་ལྟ་སྟེ་དཔེར་ན། རྒྱ་གར་སྐད་དུ་ནས་ལ་ནི་ཡ་བ་ཞེས
་བྱ་བ། འཁྲིག་པ་ལ་ནི་ཡ་བྷ་ཞེས་བྱ་བ་དེ་ལ་ནས་ཀྱི་མིང་ཡ་བ་ཞེས་བརྗོད་པའི་བསམ་པས་དྲག་ཏུ་བརྗོད་པའི་དབང་གིས་བྱ་བའི་གནས་སུ་བྷ་ཞེས་བརྗོད་པ་ལ་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ།། དགེ་འདུན་ལྷག་མ་གསུམ
་པའི་རྣམ་པར་འབྱེད་པའོ།། །། མཛེས་པ་ཡིན་ནོ།། སྡིག་ཅན་ཡིན་ནོ།། རྨའི་སྒོ་མཛེས་པ་འམ་སྡིག་ཅན་ནོ།། བགོ་བཤའ་གྱིས་ཤི་ག་ཁོ་བོ་ལ་བགཽ་བཤའ་གྱིས་ཤིག། ཁོ་བོ་དང་ལྷན་ཅིག
་ཉོལ་ཅིག། ཕྲད་པར་གྱིས་ཤིག་ཅེས་སྨྲས་ན་སྦོམ་པོའོ་ཞེས་བྱ་བ་ནི་འདིར་ཁྱོད་ནི་སྡིག་པ་ཅན་ཅེས་བྱ་བ་ལ་སོགས་པ་རྣམས་ཀྱི་སྒྲ་བརྗོད་པ་དང་སོ་སོར་མངོན་པར་འབྲེལ་ལོ།། གནས་ངན་ལེན་དང་བཅས་པའི་སེམས
་ཀྱིས་གནས་ངན་ལེན་གྱི་ཚིག་བརྗོད་པ་ལ་སྦོམ་པོའོ།། རྣམ་པ་གང་གིས་སྦྱར་བར་གྱུར་པ་དེའི་རྣམ་པའི་གནས་ངན་ལེན་གྱིས་ཐ་ནི་རྒོད་བག་ཙམ་གྱིས་སྨྲས་ན་ཡང་ཐམས་ཅད་དུ་སྦོམ་པོར་རིག་པར་བྱ་སྟེ། ཀུན་ཏུ་ཆགས
་པར་གྱུར་པས་ནི་མ་ཡིན་ཏེ་དེས་ཡང་མཐུ་ཡོད་པ་ཅན་ལའོ།། དགེ་འདུན་ལྐོག་མ་གསུམ་པའི་ཞུ་བའི་སྐབས་སོ།། །། དེ་བཞིན་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོས་ཅན་མོ་ལ་སྨྲ་ནའོ་ཞེས་བྱ་བ་ལ།། དེ་བཞིན
་དུ་ཞེས་བྱ་བའི་སྒྲ་ནི་སྦོམ་པོའོ།། ཞེས་སྔར་བསྟན་པའི་རྗེས་བརྟགས་པའི་ཕྱིར་རོ།། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོས་གང་ལ་ཡོད་པ་དེ་ནི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོས་ཅན་ནོ།། དེའི་གནས་ངན་ལེན་ཅན
་སྨྲས་ན་ནི་སྦོམ་པོའོ།། འདིར་སེམས་ནི་འཇིགས་པར་འགྱུར་ཏེ། མངོན་པར་ཞེན་པ་དམན་པས་རབ་ཏུ་འགྲོ་བ་མི་སྲིད་པའི་ཕྱིར་དང་། མཐུ་མཐོང་བའི་ཕྱིར་རོ།། དེ་བས་ན་འདིར་ན
་སྨད་པའོ།། དེ་བཞིན་དུ་ཞེས་བྱ་ཛྙཱ་ནི་འདིས་ཐམས་ཅད་ཀྱི་དབང་དུ་བྱ་བར་རིག་པར་བྱའོ།། སྐུ་ཁོ་བོ་ལ་ནས་བྱིན་ཅིག། སྐུ་ཁྱོད་ལ་ཚེ་མཐོང་བ་དེ་བྱིན་ཅིག། སྐུ་ཁྱོད་ཀྱི་མདུན་ན་མོ་གང་ཡོན་པ་དེ་བྱིན་ཅིག། སཱུ་ཧཱ
་ཀྱི་ཡིད་དུ་འོང་བ་གང་ཡིན་པ་དེ་བྱིན་ཅིག། ཁྱོད་ལ་ཅི་དགའ་བོ་བྱིན་ཅིག་ཅེས་བདག་ལ་སྐྱེས་པ་ཁྱོད་ཅི་ལོ་དགའ་ཞེས་ཟེར་བ་ལ་སྲུ་ཁྱོད་ལ་ཁོ་བོ་དགའ་བོ་ཞེས་བྱ་བ་དང་། སྲུ་ཁོ་བོ་ལ་ཆུ་དང་བཅའ་བ་དང་ཐུག
་པ་དང་བཟའ་བ་བྱིན་ཅིག། ཁྱོད་ཉིད་དེ་དག་ཡིན་ནོ་ཞེས་སྨྲས་པ་དོག་ལའོ་ཞེས་བྱ་བ་ནི་ཁྱོད་ཅི་ལ་དགའ་བ་བྱིན་པར་བྱ་ཞེས་ཟེར་བ་ལ་བདག་ནི་ཁྱོད་ཀྱིས་སྦྱིན་བདག་གིས་སྨྲས་པ་དེ་བས་ན་ཁྱོད་ལ་དྲི་བར་བྱ་སྟེ། ཁྱོད
་ཅི་ལ་དགའ་ཞེས་ཟེར་བ་ལ་བུད་མེད་དེ་ལ་འདི་སྐད་ཅེས་སྲེ་ཁྱོད་ལ་ཁོ་བོ་དགའ་བོ་ཞེས་ཟེར་བའོ།། བདག་ལ་བྱིན་ཅིག་ཅེས་བྱ་བ་ནི་བཟའ་བ་ལ་སོགས་པ་གསུམ་པོ་འདི་ལ་ཡང་སོ་སོར་རྗེས་སུ་འབྲེལ་ལོ།
་ཁྱོད་ཉིད་དེ་དག་ཡིན་ནོ་ཞེས་བྱ་བ་ནི་ཆུ་ལ་སོགས་པ་བཞི་པོ་ལ་ཡང་ཚིག་ལྷག་མ་འདི་རྣམས་སོ།། སྲུ་ཁོ་བོ་ལ་ཆུ་བྱིན་ཅིག། སྐུ་ཁྱོད་ཉིད་ནི་ཆུ་ཡིན་ཏེ་ཞེས་བྱ་བ་ནས་ཇི་སྲིད་དུ་སྲིང་མོ་བདག་ལ་བཟའ་བྱིན་ཅིག
་བྱབ་བར་དུ་སྨྲས་པ་དགལ་འདི་ལྟ་བུའང་བཙུན་པ་སྨྲ་འདུན་མསྣ་ལཱ་རྣམ་པ་།། རླུད་བླ་དུ་ས
་བའདི་དང་ལ། སྤྱོད་དམ་ཞེས་བྱ་བ་འང་དང་འབྲེལ་ཏེ།། བསེང་སྙོམས་ཀྱི་སྤྱོད་པ་ཁྱོད་ཀྱིས་སྤྱོད་ཅེས་ཟེར་ཞིང་གྲོང་བའི་རོལ་ཉེ་བར་བརྟེན་པ་རྣམས་ལ་ཁྱོད་འངས་སྤྱོད་པར་བྱེད་དེ་གང་མད
་ཤེས་པའི་དོན་ཏོ།། དེར་མག་ཁྱུ་དུམ་ཆུ་ཅིག་ཅེས་ཡང་ངོ་རང་བཞིན་གྱི་གནས་ངན་ལེན་བཛྲོད་པས་གནས་ངན་ལེན་སྨྲས་པ་ཡང་པོ་ཞེས་བྱ་བ་ནི་རྒྱའི་རིན་ཀྱི་སྟརྣ་མ་འི་ཀྱིས་གྲོང་སྨྲས་པ
་ཀུན་ནས་ཆགས་པ་སྣད་པའི་ཕྱིར་འོན་ཅིའི་ཕྱིར་ལྡང་བ་མེད་པ་ཉིད་དུ་མི་འགྱུར་ཏེ། རྒོད་པར་གྱུར་པཱའི་གནས་ངན་ལེན་ཡོད་པ་ཕྱིར་རོ།། དགེ་ལྡོག་མི་གསུམ་པོ་འཁྲིག་པ་དང་ལྡན་པ་སྨྲ
་འདུལ་བྱེད་རྣམས་སོ།། ། གང་དུ་བྱོ་སྔགས་པ་དགེ་འདུན་གྱི་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་བདག་ཉིད་འཁྲིག་པ་ཀུན་ཏུ་སྟོང་པ་བསྔགས་ནའོ་ཞེས་བྱ་བ་སྨོས་ཏེ། བུད་མེད་དོན་ཀུན་ཤེས་པར
་བྱ་བའི་མཐུ་ཡོད་པ་ལ་དེས་ཞེས་བྱ་བ་འདི་འདིར་སྔར་བཤད་པ་རྗེས་སུ་དྲན་པར་བྱའོ།། ལོག་པར་བསྐྱོབ་པ་ལ་ལེགས་པ་ཉིད་ཀྱིས་སྡིགས་པའོ།། འོན་པ་སྒྲུབ་པ་འདི་མཆོག་ཅེས་བྱ་བ་ལ་སོགས
་པའི་རྣམ་པ་དང་། ཁྱད་པར་དུ་འཕགས་པས་ལོག་པའི་བསྒྲུབ་པ་དོར་བས་ཁ་ན་མ་ཐོ་བ་དེ་ཉིད་དུ་རྣམ་པར་བཞག་པ་ཡིན་ནོ།། བདག་ཉིད་དང་འཁྲིག་པ་ཀུན་ཏུ་སྤྱོད་པ་སྨྲ་བ་ལ་གལ་ཏེ་འགྲོ
་བ་བརྗོད་པར་སྦྱོར་ན་སྨྲ་བ་ལ་དགེ་འདུན་གྱི་ལྷག་མ་ཉིད་དོ།། སྨྲ་བའི་བདག་ཉིད་ཅན་ལ་ཡང་སྐད་ཅིག་མ་གཅིག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་དོན་གཅིག་གོ་བར་བྱེད་པའི་སྔོན་གྱི་རྣམ་པ་མེད་པར་ལོ་ཐ་སྙད་འདིའོ།། དེ་བས་ན
་གཞན་གྱིས་འགྲོ་བ་བརྗོད་པའི་ཕྱིར་འཁྲིག་པའི་ཚིག་ནི་དགེ་འདུན་ལྷག་མ་ལ་ཡན་ལག་ཏུ་རྟོགས་པར་བྱའོ།། དེས་བསྔགས་པ་ལ་རྗེས་སུ་ཡི་རུང་བའི་དོན་གྱི་ཚིག་ནི་དེ་དང་འདྲའོ།། ཞེས་བྱ་བ་ནི་འདིར་བུད་མེད་གང་ཞིག
་འགལ་ཟླ་ཉིད་ཀྱིས་གནས་པ་དེ་དང་ལྷན་ཅིག་དགེ་སློང་དེ་ལ་བསྙེན་བཀུར་བྱས་པ་འདི་ནི་འཕགས་པ་ལ་བསྙེན་བཀུར་བྱས་པ་རྣམས་ཀྱི་མཆོག་སྟེ། གང་གི་ཕྱིར་ཁྱེད་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་ཞེས་བྱ
་བཱ་ལ་སོགས་པས་བསྔགས་པ་ལ། གང་ཞིག་འདི་ནི་དེ་ལྟར་ཡིན་ནོ་ཞེས་བྱ་བ་རྗེས་སུ་ཡི་རང་བའི་དོན་དུ་བརྗོད་པ་ནི་བསྡོགས་པ་བཞིན་དུ་བལྟ་བར་བྱའོ།། འདིར་དངོས་གཞི་ཁོ་ནའི་ཁ་ན་མ་ཐོ་བ་ཞེས་བྱ་བའོ་དོན་ཏོ།། དེ་ཉིད
་ཕྱིར་བཟླས་ནའོ་ཞེས་བྱ་བ་ནི་གང་ཞིག་འདི་བསྙེན་བཀུར་བྱས་པ་རྣམས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་དེས་བཟླས་ནི་དགེ་སློང་གི་ཕྱིར་ཟློ་བར་བྱེད་དེ། དེས་བསྔགས་པ་ཉིད་ནི་ཡོད་པ་མ་ཡིན་ཏེ་དེ་ལས་བཟླས་པར་བྱས་པའོ།།
་དེ་ལྟ་དེ་ལྟར་ཕྱིས་རྗེས་སུ་སྨྲ་བ་ཞེས་བྱ་བ་གང་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ།། དེ་དང་འཁྲིག་པ་དང་ཉེ་བར་མ་སྦྱར་ན་སྦྱོར་བ་ཉིད་དོ།། ཞེས་བྱ་བ་ནི་གང་དུ་ཉེ་བར་མ་སྦྱར་བ་ལ་དེས་སྦྱོར་བ་ཉིད་དོ།། དཔེར་ན་འདི་ལྟ་སྟེ།
་དགེ་སློང་ལ་འཁྲིག་པས་བསྙེན་བཀུར་བྱས་པར་གྱུར་ན་དེ་ནི་བསྙེན་བཀུ་ར་རྣམས་ཀྱི་མཆོག་གོ་ཞེས་ཇི་ལྟར་ཡང་དགེ་སློང་དེས་འཁྲིག་པས་བསྙེན་བཀུར་བར་བྱེད་ན་ཞེས་ཟེར་བ་ལྟ་བུའོ།། འཁྲིག་པ་དང་ཉེ་བར་མ་སྦྱར་བ
་ཡང་སྦྱོར་བ་ཉིད་དེ། དཔེར་ན་འདི་ལྟ་སྟེ། ཁོ་བོ་ལྟ་བུའི་དགེ་སློང་ལ་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་ཟེར་བ་ལྟ་བུ་སྟེ། དེ་གཉིས་ཀ་ཡང་སྦོམ་པོའི་ལྟུང་བ་ཞེས་བྱ་བའི་དོན་ཏོ།། གཉིས་ཀ་དང་ནཱི་དེའི་འོ་ཞེས་བྱ་བ
་ནི་འཁྲོག་པའི་ལྟུང་བ་གཉིས་ཀ་དག་གིས་ཀྱང་ཉེ་བར་མ་སྦྱར་བ་ལ་སྦྱོར་བའི་སྦྱོར་བ་ཉིད་དོ།། དཔེར་ན་འདི་ལྟ་སྟེ། དགེ་སློང་ལ་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་བྱ་བ་ལྟ་བུ་སྟེ། སྦྱོར་བ་ཉིད་ཀྱི་ཕྱིར་ཉེས་བྱས་སོ།།
་བསྙེན་བཀུར་བསྔགས་པའོ།། །། གང་དུ་སྨྱན་བྱེད་དགེ་འདུན་ལྷག་མ་བརྗོད་པར་འདོད་ནས་ཕྲད་ནའི་ཞེས་བྱ་བ་སྨོས་ཏེ། གཉིས་ཀྱིས་གཉིས་ཕྲད་ནའོ་ཞེས་བྱ་བའི་དོན་ཏོ།། འདི་རཱི་གཞུང་ནི་ཉེ་བར
་འཁོར་གྱིས་ཞུས་པ་ལས། ངེས་པར་མི་བསྟེན་པར་བྱེད་པོ་རྣམས་ལ་སྨྱན་བྱེད་པ་ལ་སྦོམ་པོའི་ཚིག་གོ། གང་དེ་ཕོ་ཉ་དང་འབྲེལ་པ་ལ་བཟུང་བ་དང་བརྐུས་པ་དང་། ཕྱིར་ཞིང་བརྐུས་པ་གསུམ་གྱིས་བསྒྲུབས་པས
་དགེ་འདུན་གྱི་ལྷག་མ་ཡིན་པར་གྱུརྫུ་ན། འདིད་ཡང་བརྗོད་པར་འགྱུར་ཏེ་ཕྲད་པ་མེད་པསྡུ་འདྲ་སྙམ་པ་ཉིད་དུ་ག་སུངས་པ་མན་ནུ་ཞེས་བྱ་བ་རྣམ་བྱརྱ་གནས་སུ། བྷྱ་སྤྱོད་ཙོག་དྷང་རྒྱམ
་ལས་ཁྱིམ་བདག་གི་ཆུང་མ་ལ་ཆུང་ཟད་སྨྱན་བྱེད་པ་དང་། དེས་དེ་རྐང་ལག་ལ་བཏེག་པར་བྱ་སྟེ། ཁྱིམ་ནས་ཕྱིར་བྱུང་ནས་དེར་དགེ་སློང་གཞན་ཞིག་རིགས་དོང་ཉེ་བར་འགྲོ་བ་སྟེ་དེ་དག་ཚོགས་པ་བྱས་ཏེ་དེ་དག་ཀྱང
་ཕྲད་པར་དང་། དགེ་སློང་དེ་ལ་འགྱོད་པ་དང་སྨྱོས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། འཕགས་པ་ཁྱིམ་པ་མིང་འདི་ཞེས་བྱ་བ་ཞིག་ཚུར་ཤོག་ཅེས་སྨྲ་བར་ནུས་སམ། སྨྲས་པ་ནུས།། གལ་ཏཱི་དག
་འདུན་ལ་གུས་པར་བྱེད་ནུས་ན་དེ་ལ་འདི་འབོད་པར་བགྱི་སྟེ། དེས་དེ་ལ་སྤྱད་པའི་རྒྱུ་བྱིན་ནི་དགེ་སློང་དེས་གུས་པར་སོ་སོར་བསད་པར་བྱ་སྟེ། ཁྱིམ་བདག་དེ་ལ་བོས་སོ།། དེ་དག་ཕྲད་པར་གྱུར་ཏོ་ཞེས་བྱ་བ་ལྟ་སོགས་པ
་འདུལ་བྱེད་དག་ལས་ཐམས་ཅད་ཉིད་དུ་ཕྲད་པ་ལ་ལྟུང་བར་བརྗོད་པའོ།། དེ་དག་ཕྲེང་བ་ཡོད་པར་གྱུར་ན་སྨྱན་བྱེད་པའི་དགེ་འདུན་ལྷག་མ་ཡིན་གྱི་ཕྲད་པ་མེད་པར་ནི་མཱ་ཡིན་ནོ།། ཞེས་བྱ་བ་དྲིས་ཀྱང་ཤེསོ་པ་ཡིན་ནོ།།
་གཞིན་དུ་ནི་ཚིག་འདི་ལ་དོན་དང་ལྡན་པ་ཉིད་སྐྱེ་བ་ནི་མ་ཡིན་ནོ།། སུ་དང་ཕྲད་ཅེ་ནི། དེའི་ཕྱིར་གནོན་དང་འི་ཞེས་བྱ་བ་སྨོས་ཏེ། བདག་ཉིད་དང་སྦྱིན་བྱེད་པ་ལེ་ནི་མ་ཡིན་ནོ།། སུར་ཕྲད་པ་ན་ཞེན།། རྡོའི་ཕྱིར་གཞན་དུ་ནས
་བྱ་བ་སྨོས་ཏེ། བདག་ཉིད་དུ་ཕྲད་པ་མ་ཡིན་གྱི་གཞན་དུ་ཕྲད་ནའོ།། ཁྱད་པར་ཡོངསུ་མ་བཟུང་བས་ནཱ་ཐམས་ཅད་ཀྱིས་སོ།། མིའི་འགྲོ་བ་པ་གཉིས་འཕྲིན་གསུམ་རྣམས་ཀྱིས་བསྟེན་པར་བྱ་བ་རྨའི་སྒོ་རྣམས་དང་ལྡན་པ
་ཐམས་ཅད་ལྡན་པ་བསྟེན་པར་མི་འགྲོ་བ་ལ་ཞེས་བྱ་བ་རྟོགས་པར་བྱ་སྟེ། བདག་ཉིད་ཡོངསུ་བཅད་པའི་དོན་དུ་མདོ་འདིའོ།། དེའི་དོན་དུ་མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་སྤྱད་པར་བྱ་བ་ལས་སྐྱིང་བ་མནོས་པས་གཞན་དེ་ལ
་གོ་བར་བྱས་ཤིང་དེས་སྨྲས་པ་སྔ་མ་ལ་བརྗོད་ནའོ།། ཞེས་བྱ་བ་ལ། འདིས་ནི་ལྟུང་བ་རྗེས་སུ་བསྒྲུབས་པས་སྤྲད་པར་བྱ་བ་གཉིས་བསྒྲུབ་པ་ལ་ཞེས་བྱ་བ་ནི་འདིར་ངག་གི་དོན་ཏོ།། ཚིག་གི་དོན་ནི་དེའི་དོན་ནི་དེའི་དོན་དུ
་ཞེས་བྱ་བ་ནི་སྤྱད་པའི་དོན་དུའོ།། མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ལཱ། མི་མཐུན་པ་དག་ལ་མཐུན་པ་བསྒྲུབ་པའི་དོན་དུའོ།། འདིར་མ་ཐུན་པར་ཞེས་བྱ་བ་ཡང་ཡིད་བཙུགས་པའི་དངོས་པོ་ཉིད་དུ
་བྱས་པོ་ལིན་གྱི། གཉིས་ཀྱི་གཉིས་སྤྲད་པ་ན་མ་ཡིན་ཏེ། དེ་ཡ་ང་ཇི་ལྟར་ན་བསྒྲུབ་པར་མི་འགྱུར་ཞེས་བྱ་བ་དེའི་དོན་དུ་སྤྲིང་པ་མནོས་པས་ཞེས་བྱ་བ་སྨོས་ཏེ་འཕྲིན་མནོས་པ་ལའོ།། སྦྲིང་པ་མནོས་པ་དེ་སུ་ལ་གོ་བར
་བྱས་ན་ཞེ་ན། དེའི་ཕྱིར་སྤྲད་པར་བྱ་བ་ཞེས་བྱ་བ་སྨོས་ཏེ། སྤྲད་པ་གང་ལ་བྱ་བ་དེ་ནི་སྤྲད་པར་བྱ་བའོ།། གཞན་དེ་ལ་གོ་བར་བྱས་ཤིང་ཞེས་བྱ་བ་ནི་སྤྲིང་བ་མནོས་པ་དེའོ།། དེ་ལ་ཞེས་བྱ་བ་ནི་སྤྲད་པར་བྱ་བ་ལའོ།། སྤྲད་པར
་བྱ་བ་གང་ལ་གོ་བར་བྱས་ཞེ་ན། དེའི་ཕྱིར་གཞན་ལ་ཞེས་བྱ་བ་སྨོས་ཏེ། གང་ལ་སྤྲིང་བ་མནོས་པ་དེ་ལས་གཞན་པ་དེ་ལའོ་ཞེས་བྱ་བའི་དོན་ཏོ།། དེས་སྨྲས་པ་ཞེས་བྱ་བ་ནི་དེ་གཞན་སྤྱད་པར་བྱ
་བ་སྨྲས་པའོ།། གང་ཞིག་འདི་སྤྲིང་པ་མནོས་པར་བརྗོད་པ་ལ་ལན་སྟེར་བ་དེ་ལ་དེ་ཞེས་བྱ་བའི་དོན་ཏོ།། སྟ་མ་ལ་ཞེས་བྱ་བ་ནི་སྤྲད་པར་བྱ་བ་ལ་སྟེ་གང་ལས་སྤྲིང་པ་མནོས་པ་དེ་ལའོ།། སྔ་མ་ལ་གཞན་དེས་སྨྲས་པ་དེ་ཛོ།།
་ཝཱར་བྱས་ན་ཞེ་ན། དེའི་ཕྱིར་བརྗོད་ན་ཞེས་བྱ་བ་སྨོས་ཏེ། བརྗོད་པ་ལ་ཞེས་བྱ་བའི་དོན་ཏོ།། ཕྲད་པའི་དྲོན་དུ་ཡིད་བཅུག་པ་བསྒྲུབ་པའི་ཕྱིར་མནོས་ཏེ་འཕྲིན་པར་སྐྱེལ་བར་བྱེད་དམ་ཕྲིན་ཚུར་སྐྱེལ་བར་བྱེད་དམ་པ་རྣམས
་ལཾ་རྗེས་སུ་བསྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ།། འཇུག་པ་བར་མེའི་ཕྱུང་ཡར་ཐོས་པ་ཉིད་ན་དེ་བྱས་པ་ཉིད་ཞེས་བྱ་བ་ལ། འཇུག་པ་པོར་མཱ་ཞེས་བྱ་བ་ནི་འཇུག་པ་དེ་བར་མྱོར་གཏོགས་པས་འཇུག་པོ་དཱ་ར་མ་སྟེ་ཕྲིན
་ལས་ཞེས་བྱ་བའི་དོན་ཏོ།། གང་གི་ཚེ་ན་སྤྱད་པར་བྱས་ནས་སྤྲིང་བ་མནོས་པ་དེ་ལ་གེ་བར་བྱས་པར་གྱུར་ན་དེའི་ཚེ་ན་གང་ཞིག་འདི་ལུས་ཀྱི་རྣམ་པར་རིག་བྱེད་དམ་ངག་གི་རྣམ་པར་རིག་བྱེད་དམ་ཅང་མི་སྨྲ་བར
་འཇུག་པ་གང་ཡིན་པས་ལན་སྟེར་བར་བྱེད་ན་སྐུར་བ་པོ་ལ་མིག་གི་རྣམ་པར་ཤེས་པས་སམ་རྣོ་བའི་རྣམ་པར་ཤེས་པས་གྲངས་ཇི་ལྟ་བར་སྐུར་པོའི་ཁས་ལེན་པ་ལ་སྔ་མར་བརྗིད་པ་ལ་བྱད་མོར་ཉིད་ཅེས་བྱ་བའི་དོན་ཏོ།།
་ཇི་སྲིད་དུ་བསྟན་པར་འགྱུར་ཏེ། དབུས་དང་འབྲེལ་པའི་འཇུག་པ་གོ་བར་བྱེད་པ་ལ་བརྟེན་པའི་ལོ་རྒྱུས་ལ་དེའི་ཕྲིན་ལན་སྨྲ་བར་གོ་བར་བྱས་པའི་སྤྲིང་བར་བྱ་བས་བསྐུར་བ་པོ་འམ་སྨྲ་བ་པོའམ་གཞན་ལས་ཕྲིན་ལན། ཐོས་པ།
་དང་བྱས་པ་ཉིད་ལ་བསྐུར་པ་ལ་ཕྱང་ཡར་ཉིད་དོ།། སྔ་མ་ལ་བརྗོད་ན་ཅི་ཡོང་རུང་བའི་དོན་བསྒྲུབ་པོ་ནི་འདིར་ཡན་ལག་གོ། དེ་ལྟར་འདི་ནི་མ་ཡིན་ཏེ་དེ་ན་བསྐུར་བར་བྱེད་པ་པོར་བསྒྲུབ་པར་འགྱུརརོ།། གང་གི་ཕྱིར་གལ་ཏེ་དེས
་གོ་བོར་མི་འགྱུར་ན་འདི་ནི་དེའི་ལོན་སྟེར་བར་མི་འགྱུར་རོ།། འདིར་གཞུང་ནི་དགེ་སློང་དེས་སྤྲིང་བ་རྣམ་པ་དེ་ལྟ་བུ་དེ་མནོས་ཏེ། འཕྲིན་པར་བསྐྱལ་བར་བྱེད་དམ་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མའི་ལྟུང་པོར་འགྱུར་རོ་ཞེས
་གསུངས་པ་ཡིན་ནོ།། འཕྲིན་ཚུར་སྐྱེལ་བ་ལ་ལྟ་སྨོས་ཅི་དགོས་ཏེ་འཕྲིན་གཏོང་བ་ཙམཱ་ལ་ཡང་འདིར་དགེ་འདུན་གྱི་ལྷག་མྦྷའོ་ཞེས་བྱ་བ་འདིའི་དོན་ཏོ།། གསུམ་པོ་དེ་དག་གི་བྱ་བ་ཉིད་ནི་ཐ་དད་པ་ཉིད་དོ།། ཞེས་བྱ་བ་ནི་འདིར
་རྗེ་སུ་བསྒྲུབ་པར་བྱ་བའི་ཚོགས་གསུམ་པོ་སྔར་གང་དགྲ་སྔར་བསྟན་པ་ནོད་པ་དང་གོ་བར་བྱེད་པ་དང་བརྗོད་པ་ཞེས་པ་ཚིག་དེ་དག་གི་བྱ་བ་ཉིད་ཅེས་བྱ་བ་ནི་རྗེསུ་བསྒྲུབ་པོར་བྱ་བ་ཉིད་ནི་ཐ་དད་པ་ཉིད་དོ་སྦྱོར་བ་ཐ་དད་པ
་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་སོ་སོར་འདི་རྣམས་ལ་སྦོམ་པོའི་ལྟུང་བའོ།། དེ་ལྟར་ན་འདི་རྣམས་ལ་རེ་རེ་དག་ལ་ཉེས་པ་སྦོམ་པོར་གསུངས་པ་གང་ཡིན་པ་དང་། ཕྱི་མ་མེད་ན་ཡང་ཚིགས་སྔ་མ་ལ་ཉེས་པ
་སྦོམ་པོར་གསུངས་པ་གང་ཡིན་པ་དེའི་འདྲི་བསྡུ་བའོ།། མ་ཉིད་ལ་མཧཱའི་བྱེད་པ་པ་ཉིད་མ་ཡིན་པ་ཡང་སྦྱོར་བ་ཉིད་མ་ཡིན་པ་མྱ་མན་ན་ཞེས་བྱ་བ་ལ་མ་ཉིད་ནམ་ཉིད་དོ།། མི་རཱི་འགྲོ་བ་པ
་ཉིད་ཡོད་པར་གྱུར་པ་ལ། མངལ་ན་གནས་པ་དང་རྡེའུ་གསུམ་གཏོར་བ་ལ་སོགས་པར་ནོད་པ་དང་། ཕྲིན་ཕར་བསྐྱལ་ཚུར་བསྐྱལ་བ་རྣམས་ལ་ཡང་དག་པར་སྦྱོར་བ་མེད་པའི་ཕྱིར་སྤྲད་པར་བྱ་བ་ཐོབ་པ་ལ་མི་མཐུན་པ་མེད
་པས་དངོས་གཞི་ལ་བྱེད་པ་པོ་ཉིད་མ་ཡིན་ཡང་དེ་ལ་གནོད་པ་ལ་སོགས་པ་ཚིགས་གསུམ་པོ་འདི་རྣམས་ཡོད་པར་གྱུར་པ་ལ་སྦྱོར་བ་ཉིད་མ་ཡིན་པ་ཉིད་མ་ལོན་པ་ཉིད་མ་ཡིན་ཏེ། འདི་ལྟར་སྦྱོར་བ་ཁོ་ན་ཡིན་ནོ།། དེ་ལ
་ཉེ་བར་འཁོར་གྱིས་ཞུས་པ་ལས། མངལ་ན་གནས་པ་ལ་སོགས་པ་ལས་ཉེས་པ་སྦོམ་པར་གསུངས་པ་དང་། རྣམ་པོར་འབྱེད་པ་ལས། རྡེའུ་གཏོར་བ་དུང་། ཆོ་ག་བཏང་བ་པ་གཉིས་ཀྱིས་ཉེས་པ་སྦོམ་པོར་གསུངས་པ
་དེ་དག་གིས་འདིར་ལྡེང་གི་དོན་ཁོང་དུ་ཆུད་པར་བྱའོ།། གཉིས་ལ་སོགས་པ་རྣམས་ནི་དགེ་འདུན་ནས་བརྩམས་ཏེ་ཚིག་འདི་རྣམས་ལ་ལྷན་ཅིག་པའི་དངོས་པོར་ཀུན་ཏུ་སྤྱོད་པ་ལ་དེའི་སྦྱོར་བ་རྣམས་ལ་ཡ་རེ་རེ་དྭག་ལ་ལྟུང
་བ་རྣམས་བསྐྱེད་པ་དེ་བརྗོད་པར་བྱ་བ་སྟེ། དེའི་ཕྱིར་འབྲས་བུ་གཅིག་པ་བྱེད་པ་པོ་སོ་སོ་ལ་བྱེ་བ་རྫོགས་པར་མེད་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གཅིག་པའི་དངོས་པོ་ནི་གཅིག་པ་ཉིད་ཏེ། འབྲས་བུ་གཅིག་པ་ཉིད་ནི་འབྲས
་བུ་གཅིག་པ་ཉིད་དོ།། ནོད་པ་ལ་སོགས་པའི་ཚིག་ཐམས་ཅད་དང་ལྷན་ཅིག་པའི་དངོས་པོས་གང་ཟག་མང་པོ་རྣམས་ཀྱིས་ཀུན་ཏུ་སྤྱོད་པ་ལ་ཕྲད་པ་ཞེས་བྱ་བའི་ཐ་མི་དད་པར་འབྲས་བུ་གཅིག་ཅེས་བྱ་བ་འ
་པ་ཉིད་ཀྱི་འདིར་རེ་རེ་ཡང་ལྟུང་བ་འདི་རྣམས་བསྐྱེད་པ་ལ་མི་སྦྱོར་བ་ཉིད་ལ་འབྲེལ་པར་གྱུར་ཅིང་། འདྲེ་བར་མི་འགྱུར་ཏེ་ཞེས་བྱ་བ་འོ་དེ་ལྟར་འདི་བརྗོད་པའོ།། འོན་ཀྱང་བྱེད་པ་པོ་དང་བྱེད་པའི་ཕྱིར་བྱ་པོ་རྫོ
་ཐམས་ཅད་ཀྱི་བདག་ཉིད་ཀྱིས་འབྲེལ་པ་ཉིད་དོ།། ལྟུང་བའི་བྱེ་བག་དེ་ལྟར་བུར་གྱུར་པ་ལ་རྒྱུ་ཡིན་ཏེ། འབྲས་བུའི་དབྱེ་བོ་ནི་མ་ཡིན་ནོ།། གལ་ཏེ་དེ་ལ་འབྲས་བུ་གཅིག་པ་བྱེད་པ་པོ་རེ་རེ་ལོ་བྱ་རྫོགས
་རྒྱ་ཡིན་པར་གྱུར་ན་འདི་ནི་དེ་ལྟར་འགྱུར་བ་ཡིན་ཏེ། དེ་ནི་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། དེ་ནི་ཡོད་པ་མ་ཡིན་ཞེས་འདིར་མངགས་པ་ནི་རང་ཉིད་དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་གནས་ངན་སྐ
་ལ་མངགས་པ་ལྟ་བུ་ནི་མ་ཡིན་ཏེ་དེར་མངགས་པས་བྱས་པ་མ་ཡིན་པ་དེ་འདྲ་གྲིས་བྱས་པ་འདྲ་བ་མ་ཡིན་པ་ལྟ་དེ་བཞིན་དུ་འདིར་མངགས་པ་གང་ཡིན་པ་དེ་རང་གིས་བྱས་པར་འགྱུར་རོ།།
་མངགས་པ་སྦྱིན་པར་འགྱུར་རོ།། གང་ཞིག་དེའི་མངགས་པས་སྤྱད་པར་བྱ་བ་ཉིད་ཀྱིས་བརྗོད་པར་འགྱུར་བ་གང་ཡིན་པ་དེ་ནི་མངགས་པ་ཉིད་ལའོ།། གང་དེ་བྱས་པར་འགྱུར་བ་ལ་མངགས་པ་གང་ཡི་ན
་འདི་རྣམ་པར་བཞག་པའོ།། མངགས་པའི་བདག་ཉིད་དུ་གྱུར་པ་དེ་མངགས་པ་ལ་རང་གི་མངགས་པ་ཉིད་ཁོ་ན་སྐྱེ་བར་འགྱུར་བ་ཡིན་གྱི་མངགས་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའོ།།
་མངགས་པའི་མངགས་པ་ལ་སོགས་པ་ལ་ཡང་འདིས་བདག་ཉིད་ཀྱིས་བྱས་པར་རིག་པར་བྱའོ།། དེ་གཉིས་ཀྱིས་བདག་པོ་དག་ནི་སྤྱད་པར་བྱ་བ་ཉིད་དང་འདྲའོ་ཞེས་བྱ་བ་ནི་སྤྲད་པར་བྱ་བ་སྟེ། བདག་ཉིད་དབང་བྱེད་པ་ལ་དེར
་ངེས་པར་སྦྱོར་བ་བཟློག་པ་དང་སྦྱིན་པ་དང་ཀུན་ཏུ་ཆད་པ་རྣམས་ལ་ཅི་རིགས་པར་བྱ་བ་ཉིད་དོ།། འདིར་སྤྱད་པར་བྱ་བའི་ཁྱེའུ་དང་བུ་མ་དེ་གཉིས་ཀྱི་བདག་པོ་ཕ་མ་ལ་སོགས་པ་གང་དག་ནི་དེ་ལ་བཟུང་བ་དང་སྨྲ་བ་གང
་ཡིན་པ་དེར་སྤྱད་པར་བྱ་བ་ཉིད་ལས་དེ་དང་སྤྲད་པར་བྱ་བ་འམ་ཞེས་བྱ་བ་འདི་ཤེས་པར་བྱའོ།། གཞན་ལ་བྱས་པ་ཉིད་ཉེས་བྱས་སོ་ཞེས་བྱ་བ་ལ། ཞེས་བྱ་བ་ནི་བདག་པོ་མ་ཡིན་པ་ལའོ།། སྤྲད་པར་བྱ་བ་དབང་དུ་མི་བྱེད་པ
་ཉིད་གང་ཡིན་པ་དེ་ལས་མངགས་པ་སྤྲིང་པ་མནོད་པ་ལ་སོགས་པ་ལ་ཉེས་བྱས་ཞེས་བྱ་བའི་དོན་ཏོ།། སྤོང་ཡིག་དང་ལག་ཡིག་དང་ཡུལ་ཕྱོགས་དང་བརྡོ་དང་མཚན་མ་རྣམས་ནི་ཚིག་ཉིད་དང་འདྲའོ་ཞེས་བྱ་བ་ནི་འདིར་ཡོངསུ
་ཐོབ་པ་བྱེད་པ་ཙམ་ལ་གཙོ་བོ་ཉིད་དེ་འདིར་ཐོབ་པ་ལ་དོན་ཉིད་ཀྱི་ཕྱིར་རོ།། རྣམ་པ་ཐམས་ཅད་དུ་ཡང་ཕུན་སུམ་ཚོགས་པ་འདི་ཡོངསུ་ཐོབ་པའི་ཕྱིར་རོ།། དེ་བས་ན་འདིར་སྤྲིང་ཡིག་ལ་སོགས་པ་རྣམས་ལ་ཚིག་ཏུ་གྱུར་པ།
་ཉིད་དེ་ན་སྨད་པ་བྱེད་པ་ཉིད་ནི་མ་ཡིན་ནོ།། ཇི་ལྟར་བསྟན་པའི་དོན་ཡོང་སུ་ཐོབ་པས་ལྟུང་བ་དེ་བཞིན་དུ་སྤྱོང་ཡིག་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ།། འདིར་མཚན་མ་ནི་གང་མཐོང་ནས་སོ་སོར་གོ་བ་སྟེ། དཔེར་ན་སྒྲ།
་དང་ཁ་སྤུ་བྲེགས་ནས་རིང་པོ་མ་ལོན་པའམ་གོས་དམར་སེར་གྱོན་པ་ཉིད་དམ་ཡན་ལག་དང་འབྲེལ་པའི་ཤིང་དཔུང་ཆང་ལྟ་བུའོ།། ཡུལ་ནཱི་ས་ཕྱོགས་ཏེ་སྐྱེད་མོས་ཚལ་ལ་སོགས་པའོ།། བརྡ་ནི་དངོས་པོ་ཅུང་ཟད་མ་ཡིན་པར
་གྱུར་པའི་མཚན་མ་སྟེ། དཔེར་ན་སྔ་དྲོ་འམ་ཉི་མ་ཕྱེད་མ་ཕྱི་དྲོ་ཞེས་བྱ་བའི་དུས་ཀྱི་རྣམ་པར་བཞག་པའོ།། བརྡ་ནི་བརྡའི་ཡུལ་ཉིད་ཀྱི་ཕྱིར་འདིར་བརྡས་བརྗོད་པའོ།། འདིར་ཐམས་ཅད་དུ་བརྡའི་དབང་གིས་གོ་བར་གྱུར་པ་སྟེ། འདིར
་ནི་ཅུང་ཟད་མ་ཡིན་པར་གྱུར་པ་ཉིད་ཀྱི་ཕྱིར་བརྡ་ཙམ་གྱི་དབང་ཉིད་ཞེན་པར་བྱས་ནས་བརྗོད་པ་འདི་བྱས་སོ།། འདིར་གཞུང་ནི་རྒྱུ་གསུམ་གྱི་མངགས་པ་འཕྲིན་བསྐུར་བར་འགྱུར་གྱི་ཚུར་བསྐྱལ་བ་ནི་མ་ཡིན་ནོ།། གསུམ་གང་ཞེ་ན།
་ཡུལ་ཕྱོགས་དང་། བརྡ་དང་མཚན་མསོ་སོ་ཞེས་བྱ་བ་ལ་སོགས་པའོ།། སྨད་འཚོང་བ་ནི་མི་མཐུན་པ་ཉིད་དོ།། ཞེས་བྱ་བ་ནི་དེའི་སྐད་ཅིག་ལ་ཕྲད་པ་འམ། ལན་བདུན་དེ་ཕྲད་པའི་ཆུང་མ་བརྗོད་པོ་སྟེ། ཡུན་ཐུང་ངུ་ཕྲད་པ་ཞེས་བྱ་བ་འདི
་འདིའི་དོན་ཤེས་པར་ཡིན་ནོ།། བཤད་པ་ཡང་དེ་བཞིན་དུ་སྟེ། དེའི་སྐད་ཅིག་ལ་ཕྲད་པ་ནི་ཡུད་ཙམ་ཕྲད་པ་བརྗོད་པ་ཡིན་ནོ།། སྨད་འཚོང་མའི་དེའི་དུས་ཀྱི་དོན་དུ་ཉེ་བར་བཟུང་བ་ཞེས་བྱ་བ་ནི་འདིའི་རྣམ་པར་འགྱུར་རོ།། ཐམས་ཅད
་ཀྱིས་ཐམས་ཅད་དུ་ཉེ་བར་བཟུང་བ་ལ། དེའི་སྐད་ཅིག་ཙམ་དུ་ཕྲད་པ་ཉིད་མེད་པའི་ཕྱིར་རོ།། གཞན་གྱིས་ཡོངས་སུ་བཟུང་བ་ལ་ཆུང་མ་ཉིད་མེད་པས་འདི་ནི་ཁ་དུ་མ་ཡིན་ཏེ། དེ་ཁྱུ་སྨད་འཚོང་མ
་ཉིད་དུ་ཐོབ་པ་ཡོད་པར་གྱུར་པ་ལ་དུས་ཐམས་ཅད་དུ་ཐམས་ཅད་ཀྱི་ཕྱིར་སྨད་འཚོང་མ་ལ་ཆུང་མ་ཉིད་དུ་ཤེས་པར་འགྱུར་རོ་ཞེས་བྱ་བ་མ་ཕྲད་པ་ཉིད་འདི་ལ་འདི་ཤེས་པར་རྣམ་པར་གནས་པར་ཡིན་ནོ།། དེའི་འདི་ནི་ཀུན་ཏུ་སྦྱར་བ
་གྱུར་པ་ཞེས་བྱ་བ་ཤེས་པར་བྱ་བ་ཡང་མ་ཡིན་ཏེ། འདི་ལ་ལུས་འདུད་པ་མེད་པའི་ཕྱིར་རོ།། བདག་པོ་ཉིད་མ་ཡིན་པས་བཞི་པ་མན་ཆད་ཞུགས་པ་ཉིད་དོ་ཞེས་བྱ་བ་ནི་བཞི་པ་མན་ཆད་འཇུག་པ་ཉིད་གང་ཡིན་པ་བདག་པོ་ཉིད
་མ་ཡིན་པས་བདག་གི་ཉིད་ཁས་བླངས་པས་ནི་མ་ཡིན་པར་འཇུག་པ་ཉིད་གང་ཡིན་པ་དེ་ཡང་མི་འཐོབ་པ་མེད་པར་གླ་མེད་པར་འདོད་པ་ཙམ་གྱིས་དབང་གིས་དོན་དུ་གཉེར་བ་མེད་པར་སྨད་འཚེང་མ་ལ་འཇུག་པ་གང་ཡིན་པ
་གཞན་ལ་ཡང་དེ་ནི་ཆོ་ག་འདིའི་ཡུལ་བཞི་པོ་ལ་སྐྱེས་པར་འགྱུར་རོ།། བཞི་པོ་མ་ཡིན་པ་ལ་བདག་ཉིད་དུ་གྱུར་པ་ཉིད་དང་བཅས་པ་མ་ཡིན་པ་ཞེས་བྱ་བ་འདིར་མི་རིགས་པའོ།། འདིར་ཁ་དུམ་པའི་ཚིག་གང་ཡིན་པ་དེ་ལ་ནི་འདི
་བསྡུ་བའོ།། གང་ཞིག་ཡང་ཉེ་བར་འཁོར་གྱིས་ཞུས་པ་ལས། དགེ་སློང་གིས་ལན་གྲངས་གཉིས་ལ་ལྷག་པ་ལ་སྤྲིང་བ་མནོས་ཏེ། འཕྲིན་ཕར་སྐྱོལ་ཚུར་སྐྱེལ་བགྱིད་ན་ལྟུང་བ་ཅིར་འགྱུར་དགེ་འདུན་ལྷག་མར་རོ།། དགེ་སློང་གི
་ལན་གྲངས་མང་པོ་ལས་ལྷག་པ་ལ་སྤྲིང་བ་མནོས་ཏེ། ཕྲིན་པར་སྐྱེལ་ཚུར་སྐྱེལ་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་གསུངས་པ་ཡང་བསྡུས་པ་ཡིན་ནོ།། དེ་ཁྱད་པར་འདི་དང་བཅས་པ་ལ་འད
་བསྡུ་བའོ།། བདག་ཏུ་གྱུར་པ་དང་བཅས་པ་མ་ཡིན་པའི་བསམ་པ་ཁ་དུམ་པ་ཉིད་ཀྱིས་ཞེས་བྱ་བའི་ཚིག་འདིའོ།། དེ་བས་དྲི་བ་བརྗོད་པར་ཤེས་པར་བྱའོ།། འདིར་ལན་གྲངས་ཞེས་བྱ་བ་ལ། ལན་ཞེས་བྱ་བ་ནི་རེས
་ལ་བྱའོ།། ལན་གྱི་དོན་དེའི་ཡང་དང་ཡང་དུ་གོམས་པ་ནི་ལན་གྲངས་ཞེས་བྱའོ།། ལན་གྲངསོ་གཉིས་ཕྲད་པའི་རེས་གྲུབ་པ་དེ་ནི་ལན་གྲངས་གཉིས་ཞེས་བྱའོ།། གང་ལན་གྲངས་མང་དུ་ཕྲད་པའི་རེས་གྲུབ་པོ་དེ་ནི་ལན
་ས་མང་པོ་ཞེས་བྱ་བ་སྟེ་གསུམ་པའོ།། འདིར་གསུམ་པ་ལན་གྲངས་མང་བ་ཉིད་ཀྱིས་སོ།། འདིར་གཉིས་ཀ་དག་ཀྱང་སྤྲིང་བ་མནོས་པ་ཉིད་དུ་རྣམ་པར་གནས་པ་ཡིན་ཞེས་བྱ་བ་ནི་བཞི་པ་མན་ཆད་ཅེས་བྱ་བ་གསུངས་སོ།།
་འཐབས་པ་ཉིད་ནི་ཉམས་པ་ཉིད་དོ་ཞེས་བྱ་བ་ནི་མཐུན་པ་ཉིད་ཅེས་བྱ་བར་སྦྱར་རོ།། འདིར་ཐབས་པའི་སྐད་ཅིག་མ་དང་པོ་ལ་ནི་འདས་པ་ཉིད་དུ་བརྗོད་དེ། དེའི་རྗེས་ལ་འཐབས་པའི་གནས་སྐབས་ལ་ཡང་ཉམས་པ་ཉིད
་འདི་གང་ལ་མཛག་བཙུགས་ཉམས་པའི་དོན་དུ་ཚིག་འདིའོ།། དེ་བས་ན་འཐོབས་པ་མེད་པར་ཡང་ཕྲ་མ་ལ་སོགས་པས་མཛའ་བཅུགས་ཉམས་པར་གྱུར་པ་དེ་ལ་ནི་མཐུན་པ་ཉིད་ཉམས་པ་ཡིན་ནོ།། འདིར་གཞུང་ནི་དག
་སྐྱོང་གིས་ཆུང་མ་ཐ་མ་བཞི་པོ་དེའི་དེ་མ་ཐག་ཏུ་འཐོབས་པའི་འོག་ཏུ་སྡུམ་བྱེད་ཅིང་མཐུན་པར་འགྱུར་ཏེ། ཚོགས་པ་རྙེད་ན་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།།
་འདིར་དེའི་འོག་ཏུ་དེ་མ་ཐག་པའི་ཚིག་འཇིག་བཅུགས་ཉམས་པ་གསལ་བ་ཉིད་ཐོབ་པའི་དོན་དུའོ།། དེ་བས་ན་དེའི་འོག་ཏུ་འཐབས་པ་ཉིད་དང་ཡུན་རིང་པོར་འཐབས་པ་ཉིད་ལ་འདིས་ཉམས་པར་མ་བྱས་པ་ཉིད་ཅེས
་བྱ་བར་ཤེས་པར་མི་བྱ་སྟེ་དེའི་ཕྱིར་འདི་ལ་སྨད་པར་བྱའོ།། གལ་ཏེ་དེ་དབང་བ་ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་གང་དུ་འདི་ལ་ཕྲད་པ་དེ་གལ་ཏེ་དེ་ནི་དེའི་དབང་དུ་འགྱུར་རོ།། ཆུང་མ་མ་ཡིན་པ
་ཞེས་བྱ་བ་རྗེས་སུ་བཅུག་པ་ཉིད་ལ་ཉམས་པ་ཉིད་དེ་འཐབས་པ་ཙམ་འགའ་ཞིག་གིས་དེ་ཉམས་པར་མ་ཟད་དོ།། འཐབས་པ་ཉིད་ཀྱི་མོད་ལ་དང་། འོག་ཏུ་དང་དུམ་པ་བཅད་པ་ཉིད་དང་རྡེའུ་གསུམ་གཏོར་བ་ཉིད་དང
་ཆོ་གོ་བཏང་བ་ཉིད་དང་ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་དང་དྲིལ་བསྒྲགས་པ་ཉིད་དག་ནི་སྲོག་དང་ལྡན་པ་ཉིད་དག་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སྤྱད་པར་བྱ་བ་སྲོག་དང་ལྡན་པ་ཉིད་ཇི་སྙེད་སྤྲད་པར་འདོད་པ་དེ་རྣམས་ལྔ
་ལྟུང་བ་དེ་སྙེད་པ་དེ་རྣམས་དེ་བཞིན་དུ་བསྐྱེད་པའོ།། དེའི་འོག་ཏུ་འཐབས་པ་ལ་སོགས་པའི་ཆོས་ཇི་ཙམ་པ་འདི་རྣམས་ཡོད་པར་གྱུར་པ་ལ་འཇུག་པ་དེ་སྣོད་རྣམས་ལ་ཞེས་བྱ་བ་འདི་ལ་དེ་སྟོན་པའོ།། བར་དུ་བསྒྲིབས་པ
་བཞིན་དུ་འདི་རྣམས་ལ་ཡིས་གནས་པ་ལ་སོགས་སོ་སོར་འདའ་བར་བྱེད་པ་ལ་ལྟུང་བ་བསྐྱེད་པར་བྱེད་པའོ།། དེ་བས་ན་འདི་རྣམས་ཡང་དག་པར་ཤེས་ཤིང་འདི་ཞེས་བྱ་བ་ཤེས་པར་བྱའོ།། དེའི་དུས་ལ་དེའི་རྗེས་ཀྱི་སྒྲ
་རིག་པར་བྱའོ་ཇི་ལྟར་དེའི་འོག་ཏུ་སྤངས་པ་ཞེས་བྱ་བ་ལྟ་བུའོ།། དེའི་དང་པོ་གསུམ་ལོ་ཉེས་བྱས་ཀྱི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་སྔར་བསྟན་པའི་ཆུང་མ་དེ་དབང་བ་དེའི་དང་པོ་གསུམ་པོ་འཐབས་པ་ཉིད་ཀྱི
་མོད་ལ་དང་། འོག་ཏུ་དང་། དུམ་པ་བཅད་པ་ཉིད་ལ་ཏིལ་ལི་ཏིན་ཏིལ་ཀ་དུམ་པ་བཅད་པ་ཉིད་ལ་ནི་ཉེས་བྱས་ཀྱི་དབང་དུ་བྱས་པ་ཉིད་དོ།། བྱེད་པོ་ཉིད་ལ་གསུམ་པོ་ཉིད་ཀྱིས་སྦྱོར་བ་ཉིད་འདི་ལ་ཡོད་པ་མ་ཡིན་ཏེ།།
་དེ་བས་ན་སྦོམ་པོའི་ལྟུང་བ་ལ་ནི་འདི་སྐུར་པ་འདེབས་པའོ།། འདིར་གཞུང་ནི་དགེ་སློང་གིས་ཆུང་མ་དང་པོ་གསུམ་པོ་ཆུ་ཚོགས་ཀྱིས་བྱིན་པ་དང་། རིན་ཆས་ཉེས་པ་དང་། བཙོན་ཕྲོགས་སུ་ཐོབ་པ་འཐབས་པའི
་མོད་ལ་ཡིད་པ་དང་། ཏི་ཁི་ཏིན་ཏི་ལི་ཀ་དུམ་པ་མ་བཅད་པ་དང་། རྡེའུ་གསུམ་མ་གཏོར་བ་དང་། ཆོ་ག་མ་བཏང་བ་དང་། ཆུང་མ་མ་ཡིན་པར་མ་བསྒྲགས་པ་དང་། དྲིལ་མ་བསྒྲགས་པ་དག་གིས་སྡུམ་བྱེད་ཅིང
་མཐུན་པར་གྱུར་ན་ཉེས་བྱས་གཅིག་ཏུ་འགྱུར་རོ།། དགེ་སློང་གིས་ཆུང་མ་དང་པོ་གསུམ་པོ་འཐབས་པའི་མོད་ལ་དང་འཐབས་པའི་འོག་ཏུ་ཡིན་ལ་ཏི་ལི་ཏི་ན་ཏི་ལི་ཀ་དུམ་པ་བཅད་པ་མ་ཡིན་ལ། ཇི་སྲིད་དྲིལ་མ་བསྒྲགས
་པའི་བར་དག་གི་སྡུམ་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གཉིས་སུ་འགྱུར་རོ།། དགེ་སློང་གིས་ཆུང་མ་མཾ་སྔ་མ་གསུམ་པོ་འཐབས་པའི་མོད་ལ་དང་། ཏི་ལི་ཏི་ནཱ་ཏ་ལི་ཀ་དུམ་པ་བཅད་པ་ནས
་ཇི་སྲིད་རྡེའུ་གསུམ་མ་གཏོར་གྱི་བར་ལ་དེ་སྲིད་དུ་སྔོར་བཞིན་དུ་ཉེས་བྱས་གསུམ་དུ་བྱས་འགྱུར་རོ།། དགེ་སློང་ཆུང་མ་སྔ་མ་གསུམ་པོ་ཐབས་པའི་མཽད་ལ་དང་། ཇི་སྲིད་དུ་རྡེའུ་གསུམ་གཏོར་བ་ཡིན་ལ། ཆོ་ག་མ་བཏང་བ་ནས
་དེ་སྲིད་དུ་ཉེས་བྱས་གསུམ་དང་སྦོམ་པོ་གཅིག་ཏུ་འགྱུར་རོ།། དགེ་སློང་གིས་ཆུང་མ་སྔ་མ་གསུམ་པོ་འཐབས་པའི་མོད་ལ་དེ་སྲིད་དུ་ཆོ་ག་བཏང་བ་ཆུང་མ་མ་ཡིན་པར་མ་བསྒྲགས་པ་དེ་སྲིད་དུ་ཉེས་བྱས་གསུམ་དང་སྦོམ་པོ
་གཉིས་སུ་འགྱུར་རོ།། དགེ་སློང་གིས་ཆུང་མ་སྔ་མ་གསུམ་པོ་ཇི་སྲིད་དུ་ཆུང་མ་མ་ཡིན་པར་བསྒྲགས་ནས་དྲིལ་མ་བསྒྲགས་པ་དག་གི་སྡུམ་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་སྦོམ་པོ་གཉིས་དང་དགེ་འདུན་ལྷག
་མ་གཅིག་ཏུ་འགྱུར་རོ།། དགེ་སློང་གིས་ཆུ་མ་སྔ་མ་ནཱས་ཇི་སྲིད་དྲོལ་བསྒྲགས་པའི་བར་དག་གི་སྡུམ་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་སྦོམ་པོ་གཉིས་དང་དགེ་འདུན་ལྷག་མ་གའི་སུ་འགྱུར་ཞེས་གསུངས་པ་ཡིན་ནོ།། ཅིའི་ཕྱིར
་འདི་འམ་འདི་མི་སྤྲད་གྱོས་པོའི་གན་དུ་མི་བགྲོ་མི་བཀྲི་ཞིང་ཟེར་བ་དག་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་དོ་བྱ་བའི་སྒྲ་ནི་ཉེས་བྱས་མ་དབང་དུ་བྱོས་པ་ཉིད་དོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་རོ།། འདི་འམ་ཞེས་བྱ་བ་སྐྱེས་པའི
་རྟག་གནས་ལ་འདི་ཞེས་བྱ་བ་བུད་མེད་ཀྱི་རྟགས་བལྟ་བར་བྱའོ།། ཅིའི་ཕྱིར་འདི་འམ་འདི་མི་སྤྱད་གྱོས་པོའི་གན་དུ་མི་འགྲོ་ཞེས་བྱ་བ་ནི་ཅིའི་ཕྱིར་བྱ་བ་དང་། སྦྱར་རོ་འདི་ནི་ཅིའི་ཕྱིར་གྱོས་པོའི་གན་དུ་མི་འགྲོ་མི་བཀྲ་ཞེས
་ཟེར་བ་འདི་ལ་ཡང་། ཅིའི་ཕྱིར་འདི་གྱོས་པོའི་གན་དུ་མི་འགྲོ་མཽ་བཀྲི་ཞེས་པོའི་སྒྲ་ནི་རབ་ཏུ་དབྱེ་བ་ཉེ་བར་བསྟན་པའི་དོན་དུའོ།། ཅིའི་ཕྱིར་ཁྱེའུ་འདི་མི་ཕྲད། ཅིའི་ཕྱིར་བུ་མོ་འདི་མི་སྤྱད། ཅིའི་ཕྱིར་ཁྱེའུ་འདི་གྱོས་པོའི་གན་དུ
་མི་འགྲོ། ཅིའི་ཕྱིར་བུ་མོ་འདི་གྱོས་པོའི་གན་དུ་མི་འགྲོ་ཞེས་བྱ་བ་རྣམ་པ་དེ་ལྟ་བུ་དག་སྨྲ་བ་རྣམས་ལ་ཉེས་བྱས་ཀྱིས་དབང་དུ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། སྨྱན་བྱེད་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །
་མངལ་ན་གནས་པ་དང་མེད་པ་དང་ངེས་པ་དང་མི་བསྟེན་པ་དང་ཉོས་པ་དང་མཐུན་པ་དང་བདག་གི་སྨྱན་བྱེད་པ་ནི་སྦོམ་པོའོ།། ཞེས་བྱ་བ་ལ། སྨྱན་གྱི་ལས་ནི་སྨྱན་བྱེད་པའོ།། སོ་སོར་འདི་ལ་མངལ་ལ་སོགས
་པ་རྣམས་ལ་ཉེ་བར་ལྟུང་བའོ།། མངལ་ན་གནས་པ་དང་ངེས་པ་དང་མ་བསྟེན་པ་དང་ཉོས་པ་དང་མཐུན་པ་དང་བད་ག་ནི་དེ་རྣམས་ཉིད་ཡིན་ཏེ། དེ་རྣམས་ཀྱི་སྨན་བྱེད་ནི་སྦོམ་པོར་འགྱུར་རོ།། དེ་ལ་མངལ་ན་མི་མཐུན
་པའི་རབས་འབྱུང་བའི་ཕྱིར་འདིར་གང་དག་གིས་ཚར་གཅོད་པ་དེ་ནི་མེད་པ་ཞེས་བྱ་བར་བརྗོད་པ་ཡིན་ནོ།། དེའི་མཐུན་པ་ཉིད་ཀྱིས་དེའི་སྨན་བྱེད་པར་རིག་པར་བྱས།། དེ་བཞིན་དུ་མངལ་ལ་ཡང་སྟེ་མངལ་ན་གནས་པའི
་སྨྱན་བྱེད་པ་ལ་ནི་སྦོམ་པོའི་ལྟུང་བ་ཞེས་གསུངས་པ་ཡིན་ནོ།། འདིར་གཞུང་ནི་སྦྲུམ་མོ་གཅིག་ནི་བུ་མོའི་སྦྱར་ཏེ། གཉིས་པ་ནི་ཁྱེའུ་ལ་དེ་དག་གི་སྤྱན་བགྱིད་ན་ལྟུང་བ་ཅིར་འགྱུར།
་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ།། ཁྱིམ་བདག་བུད་མེད་པ་རྣམས་ཀྱི་སྨན་བགྱིས་ན་ལྟུང་ཅིར་འགྱུར།། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ།། ངེས་པ་དང་ཞེས་བྱ་བ་ནི་དེ་དག་གི
་སྨན་བྱེད་ན་སྦོམ་པོའོ།། དགེ་སློང་མ་ལ་སྨན་གྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ།། བརྟུལ་ཞུགས་ལ་གནས་པ་གཞན་ཐམས་ཅད་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ།།
་མི་བརྟེན་པ་ཞེས་བྱ་བ་ནི་སྨྱན་བྱེད་པ་ལ་ཟི་མ་དང་མ་ནིང་པོ་དང་མ་རྙིང་མོ་དག་གི་སྨྱན་བྱེད་ན་ལྟུང་བ་ཅིར་འགྱུར། ཐམས་ཅད་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ།། འདི་རྣམས་བསྟེན་པ་ལ་མོའི་དབང་པོ་འམ
་ཕོའི་དབང་པོ་ཡོད་པ་མ་ཡི་ན་ཏོ།། དེ་བས་ན་ཟ་མ་ལ་སོགས་པ་མི་བསྟན་པ་རྣ་མོས་སོ།། འདིར་གཞུང་ནི་བུད་མེད་ཉོས་པ་ལ་སྨན་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིནོ།།
་མཐུན་པའི་སྨྱན་བྱེད་ན་དགེ་སློང་གིས་སྤྲིང་བ་མནོས་ཏེ་ལན་གྲངས་མང་པོ་ཕྲིན་པར་སྐྱེལ་བ་དང་ཚུར་སྐྱེལ་བ་དང་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པར་རོ་ཞེས་གསུངས་པ་ཡིན་ནོ།། བདག་གི་སྨྱན་བྱེད
་པ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཕྱིར་བདག་ཉིད་སྨན་བྱེད་ན་ཉེས་པ་སྦོམ་པོ་རོ་ཞེས་གསུངས་པ་ཡིན་ནོ།། ཕྲིན་ཕར་སྐྱེལ་བའི་ཚིག་ལ་བདག་ཉིད་ལ་སྨྱན་བྱེད་པ་སྦོམ་པོའི་ཚིག་འདིའོ།། ནོད་པ་དང་ཚུར་སྐྱེལ་བ་དག
་འདིར་མེད་པའི་ཕྱིར་དང་ཕྲད་པ་ལ་ཡང་ཕམ་པར་འགྱུར་གྱི། ལྷག་མ་མེད་པའི་ཕྱིར་མི་བསྟན་པའི་མཐའ་ཅན་རྣམས་ལ་ནོད་པ་ལ་སོགས་པའི་ཚིག་གསུམ་པོ་འདི་ཡོད་པ་ལ་སྦོམ་པོ་སྟེ། འདི་ལྟར་ཕྲད་པ་འཇུག་པ
་མེད་པའི་ཕྱིར་རོ།། ངེས་པ་དང་མི་བསྟེན་པ་དག་སྦོམ་པོའོ། མངལ་མེད་པ་དོག་ལྔ་ཁུངས་གཞན་གྱི་དབང་ཉིད་ཀྱི་ཕྱིར་རྙེད་པ་འཇུག་པ་ཡང་ན་མཁའི་ཞགས་པ་བཞིན་དུ་མི་འཇུག་པ་ཉིད་དུ་ཡིད་ལ་ངེས་པར་འབྲེལ
་པ་ཡིན་ནོ།། ངེས་པར་སྐྱེས་པ་ཉིད་ལ་སླར་འདིར་ཁུངས་དྲང་བར་བྱ་སྟེ། འདི་ལ་ཁྱོད་ཀྱིས་ནུ་མོ་འདི་སྦྱིན་པར་བྱ་སྟེ་གཞན་ལ་ནི་སྦྱིན་པར་མི་བྱའོ་ཞེས་ཟེར་རོ།། ཉོས་པ་དང་མཐུན་པ་དག་ལ་ཕྲད་པ་ལ་ཡང་དེའི་དབང་ཉིད་ཀྱིས
་ཐོབ་པའི་རྣམ་པ་ཉིད་ཀྱི་ཕྱིར་སྦོམ་པོ་ཉིད་དེ་དགེ་འདུན་ལྷག་མ་ནི་མ་ཡིན་ནོ།། སྐད་སྦྱར་བ་ཉིད་སྟོན་ནའོ་ཞེས་བྱ་བ་ནི་འདི་ཤུགས་ཀྱིས་ཕྲད་པའི་དོན་དུ་ཞེས་བྱ་བ་འོག་ཏུ་ཡང་རྟོགས་པར་བྱའོ།། སྟོན་པ་ཡོད་པར་གྱུར
་པ་ལ་སྐད་སྦྱར་བ་གང་ཡིན་པ་ཕྲད་པའི་དོན་དུ་དེར་སྦོམ་པོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་སྐྱེས་པས་བུད་མེད་དང་ལྷན་ཅིག་བརྡ་བགྱིས་ནས་དེར་དགེ་སློང་ལ་འདི་སྐད་ཅེས་འཕགས་པ་བུད་མེད་ཅིག་མཐོང
་ངམ་ཞེས་མཆི་བ་ལ།། དེས་འདི་སྐད་ཅེས་རྩིག་པ་འདིའི་དྲུང་ན་འདུག་གོ་ཞེས་བགྱིས་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་ཞེས་གསུངས་པ་ཡིན་ནོ།། འཐབ་ཀྲོལ་གྱིས་འཕྲོག་ཏུ་བཅུག
་ནའོ་ཞེས་བྱ་བ་ལ་འདི་ནི་སྨྱན་བྱེད་པ་ལ་མ་ཡིན་ཏེ་ཞེས་བྱ་བ་འདིར་དངོས་གཞི་མི་བསྐྱེད་པའོ།། འདིར་གཞུང་ནི་འཐབ་ཀྲོལ་ཅན་གྱིས་འཕྲོག་ཏུ་བཅུག་ན་ཉེས་པ་ཅིར་འགྱུར། ཉེས་པ་སྦོམ་པོར་ཞེས་གསུངས་པ་ཡིན་ནོ།།
་ཆུང་མ་འམ་བུད་མེད་གེ་མོ་ཉོས་ཤིག་ཅེས་ཟེར་པོ་ནའོ་ཞེས་བྱ་བ་ནི་གཞུང་ཁ་ཙོག་ལས་འདི་ཉོས་ཤིག་ཅེས་མཆི་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ།། གཞུང་ཁ་ཅིག་ལས་བུད
་མིང་ཆེ་གེ་མོ་ཉོས་ཤིག་ཅེས་མཆི་ན་ལྟུང་བ་ཅིར་འགྱུར་ཉེས་པ་པོ་མོ་སྤོར་རོ་ཞེས་གསུངས་པ་འདི་གཉིས་ཀ་ཡང་རིག་པར་གྱུར་པ་ཉིད་ཀྱི་ཕྱིར་བསྡུས་པ་ཡིན་ནོ། བུད་མེད་ཅེས་ཟེར་ན་ཉེས་བྱས་སོ་ཞེས་བྱ་བ་ནི་ཉོས
་ཤིག་ཅེས་བྱ་བར་སྦྱར་རོ།། འདོར་བཙུན་པ་དགེ་སློང་གིས་འདི་སྐད་ཅེས་བུད་མེད་ཉོས་ཤིག་ཅེས་བགྱི་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུའོ་ཞེས་ག་སུངས་པ་ཡིན་ནོ།། ཚིག་འདི་ནི་ཤིན་ཏུ་མ་ངེས་པའི་ཁྱད་པར་དང་ལྡན
་པ་སྟེ། ཁྱད་པར་མངོན་པར་ངེས་པར་རྟེན་པ་རྒུད་པ་ལ་ཤིན་ཏུ་བརྟེན་པ་ཉིད་ཅེས་བྱ་བ་འདི་ལྟར་སྨད་པའོ།། རྙེད་མོད་ཅེས་བྱ་བ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲས་ནི་སྨྲས་ནི་ཉེས་བྱས་སོ།། ཞེས་བྱ་བའི་རྗེས
་བསྙེགས་པའི་ཕྱིར་རོ།། འདིར་གཞུང་ནི་བཙུན་པ་རེ་ཞིག་སྐྱེས་པས་བུད་མེད་དང་ལྷན་ཅིག་བརྡ་བགྱིད་པ་ན་དགེ་སློང་དེར་མཆིས་ནས་འདི་སྐད་ཅེས་རྙེད་མོད་ཅེས་མཆིས་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་རོ་། ཞེས
་གསུངས་པ་ཡིན་ནོ།། དེ་ལ་ཅིའི་ཕྱིར་ཁྱེའུ་འདི་མི་སྤྲད་ཅེས་བྱ་བ་ལ་སོགས་པའི་རྣམ་པ་ཚིག་འདི་ལ་སྟེ། དེ་བས་ན་ཉེས་བྱས་སྦོམ་པོར་སྨྲས་པས་ཉམས་པ་ཉིད་ཤེས་ནས་ཉེས་བྱས་ཞེས་བྱ་བ་མདོར་བྱས་པ་ཡིན་ནོ།།
་གང་གི་ཕྱིར་འདི་ནི་ངེས་པ་མ་ཡིན་ཏེ། བརྗོད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ན་སྨད་པ་ཉིད་འདིར་རབ་ཏུ་སྦྱར་བའོ།། སྨྱན་བྱེད་པ་ཞུ་བའི་སྐབས་སོ།། །། བྱིན་པ་ལས་དོར་བྱས་པ་སྤྲད་པས་ནི་སྦོམ་པོའོ་ཞེས་བྱ
་བ་ལ། བྱིན་པ་ལས་དོར་བྱས་པ་ཞེས་བྱ་བ་ནི་སྔར་བྱིན་པ་ཟིན་པ་ཉིད་ལ་ཕྱིར་དོར་བྱེད་དེ་བུ་མོ་འདི་ང་སྡེ་མ་བྱིན་ནོ་ཞེས་འདའོ་བར་བྱེད་པ་གང་ཡིན་པ་དེ་ནི་སྤྱད་ཅིང་སླར་བྱིན་དུ་བཅུག་ནས་ཕྲད་ན་སྦོམ་པོའོ།། ཆོས་ཀྱི་ཕུང
་པོ་མངོན་དུ་བཏང་སྟེ་བོས་པས་སོ་ཞེས་བྱ་བ་ནི་དགེ་འདུན་མཆོད་སྟོན་གསོལ་བ་ལོ་སོགས་པ་ཆོས་ཀྱི་ཕུང་པོ་བསོད་སྙོམས་ཀྱི་རྒྱུ་མཚན་གྱི་ཕྱིར་བུད་མེད་ཀྱིས་སྐྱེས་པ་ལ་མངགས་པའི་ཚིག་གིས་གཞན་པོས་ནས
་དེས་ཕྲད་ན་སྦོམ་པོའོ།། འདིར་གཞུང་ནི་འཕགས་པ་ཁྱིམ་བདག་ཆེ་གེ་མོ་ལ་འདི་སྐད་ཅེས་ཚུར་ཤོག་ཅིག་ཅེས་སྨྲ་ནུས་སམ། དེས་སྨྲས་པ། གལ་ཏེ་ཁྱོད་དགེ་འདུན་ལ་ཆོས་སྟོན་བྱེད་པ་ལྟ་ན་ནུས་ཏེ་དེར་དེ་བོད་དོ།།
་དེས་དེ་ལ་རྒྱུ་བྱིན་པ་དང་དགེ་སློང་དེས་ཆོས་སྟོན་བཤམས་ནས་ཁྱིམ་བདག་དེ་འབོད་པ་བཏང་བ་དང་། དེ་གཉིས་ཕྲད་པར་གྱུར་ན་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན
་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། དོན་གཞན་དང་ལྡན་པས་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་འབོད་ན་ཞེས་བྱ་བའི་རྗེས་བསྲེག་པའི་ཕྱིར་ཏེ། ཆོས་ཀྱི་ཕུད
་བོ་ལས་གཞན་པའི་དོན་ནི་ཁྱོད་ཀྱི་ཁྱིམ་མི་མོ་འདི་ཡིན་ཏེ། སྐྱེ་བོ་འདི་ཐམས་ཅད་ལ་སྐྱོན་པ་ཞེས་བྱ་བ་ལ་སོགས་པ་ཉེ་བར་དགོངས་ནས་བོས་ཏེ་ཕྲད་ན་སྦོམ་པོའོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་འཕགས་པ་སྣ་ཆེན་པོ་ལ
་གཏོགས་པ་ཆེ་གེ་མོ་ལ་འདི་སྐད་ཅེས། འདི་ནི་ཁྱོད་ཀྱི་ཁྱིམ་མོ་འདི་ནི་ཁྱོད་ཀྱི་མི་སྟེ། དོན་ཐམས་ཅད་ལ་བསྐྱེད་པར་བྱ་དགོས་ཀྱིས་ཚུར་ཤོག་ཅིག་ཅེས་སྨྲ་ནུས་སམ། དེས་ནུསོ་ཞེས་སྨྲས་ནས་སོང་སྟེ། སྨྲས་པ་དང་དེ་གཉིས་ཕྲད
་པར་གྱུར་ནས་དགེ་སློང་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། གཞན་ཞེས་བྱ་བས་སྐྱོན་ཆགས་པ་མེད་པར་སེམས་ཅན་ལ་བསྣུན་པ་ཡང་འཕངས
་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གཞུང་ལས་ཀ་བ་ལ་བསྣུན་པས་བསྣུན་པར་མི་བྱའོ་ཞེས་བྱ་བ་འདི་འམ་གཞན་ལ་གང་ཡིན་ཡིན་པ་ཞེས་བྱ་བའི་ཚིག་དེས་སྐྱོན་ཚོགས་པ་མེད་པར་བརྡེགས་པ་པོའི་བསྣུན་པ་སྟེར་དུ་འཇུག་པ་ལ་སེམས
་ཅན་ལ་འཕངས་པ་ཉིད་མ་ཡིནོ།། ཇི་ལྟར་ཤིང་ལ་སོགས་པ་ལ་བསྣུན་པས་བསྣུན་པ་ལ་ཉེས་བྱས་སུ་འགྱུར་བ་བཞིན་དུ་སྐྱོན་ཆགས་པ་མེད་པའི་སེམས་ཀྱིས་སེམས་ཅན་ལ་བསྣུན་པས་བསྐྲུན་པར་བྱེད་པ་ལས་ཀྱང་ཉེས་བྱས་ཞེས་བྱ
་པའི་དོན་ཏོ།། སྐྱོན་ཆགས་པ་མེད་པའི་སེམས་ཀྱིས་སེམས་ཅན་ལ་བསྣུན་པར་བྱེད་པ་གང་ཡིན་པ་དེ་ནི་ལྟུང་བར་གསུངས་པ་ཡིན་ནོ།། ལྟུང་བ་ལ་འདིར་གཞུང་ནི་ཁྱིམ་བདག་གི་བུད་མེང་ལོ་སྨྲས་པ་ཁོ་བོ་ལ་སྟོབས་ཕྱེ་ཞིག།
་དེས་སྨྲས་པ། ཐ་མ་མི་ཁོམ་མོ།། སྨྲས་པ་ཁྱོད་དུས་གང་གི་ཁོམ་པར་འགྱུར་བ་ཁོ་བོས་ཇི་ལྟར་ཤེས་པར་བྱ། སྨྲས་པ། ཁོ་མོའི་ཁྱིམ་ན་དགེ་སློང་ཁྱིམ་དུ་ཉེ་བར་འགྲོ་བ་ཡོད་དེ། དེས་ཁྱེད་ཀྱིས་རྒྱོབ་ཏུ་ཁུ་ཚུར་བསྣུན་པར་བྱེད་མ
་དེ་ནས་དགེ་སློང་དེ་ཁྱིམ་དེར་ཞུགས་པ་ན་དེ་ལ་བུད་མེད་དེས་སྨྲས་པ། འཕྲུགས་པ་ཁྱིམ་བདག་ཆེ་གེ་མོའི་རྒྱུ་བི་ཏུ་ཁུ་ཚུར་བསྣུན་ནུས་སམ། དེས་ནུ་སོ་ཞེས་སྨྲས་ཏེ། དེས་སེང་ནས་ཁྱིམ་བདག་དེའི་རྒྱབ་ཏུ་ཁུ་ཚུར་བསྣུན་པ་དང
་དེས་སྨྲས་བཙུན་པ་ལེགསོ་ལེགསོ་དོ་མ་གྲུབ་བོ།། དེས་སྨྲས་པ། འདི་ཅི་ཞིག་ཡིན། སྨྲས་པ། བརྡའོ།། དགེ་སློང་དེ་འགྱོད་པ་སྐྱེསྡེ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལྷག་མའི་ལྟུང་བར་མི་འགྱུར་ཏེ།
་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། སྨྱན་བྱེད་པའི་འདུལ་བྱེད་རྣམས་སོ།། །། སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་ཉེས་པ་ཡོད་པ་མ་ཡིན་པ་ཉེས་པ་མེད་པའོ།། སྤྱོད
་ལམ་བཞི་པོ་ལ་གནས་པ་གང་ཡིན་པའི་སྣོད་མ་ཡིན་པ་ནི་སྡོང་མ་ཡིན་པ་ཞེས་བྱ་བ་བཞིར་མི་རུང་བའི་གནས་ཏེ། གནས་དེ་ལྟ་བུ་བྱེད་པ་ལ་ཉེས་པ་མྱེད་དོ།། འཇིག་པར་གྱུར་པ་ཉིད་ཀྱི་དེ་ཙམ་དུ་རྒྱུག་ཅིང
་ཡིད་ལ་ཞུགས་པས་འཇུག་པའི་དོན་ཉིད་ཀྱིས་ཡན་ལག་ཐམས་ཅད་རེངས་པས་ལངས་པ་གང་དུ་གནས་པར་མི་ནུས་པ་དེ་ལ་དེའི་གནས་ལ་གནོད་པ་མ་ཡིན་པ་ཉིད་དོ།། གང་དུ་འདུག་པོས་གནས་པར་ནུས་པ་དེ་མཱལ
་དུ་སྣོད་མ་ཡིན་པ་ཉིད་དོ།། ཡང་དང་ཡང་དུ་འཆགས་པ་ནི་འཆག་པའོ།། དེ་བས་ན་གསུམ་རྣམས་ལ་གང་དུ་ཐ་མལ་པའི་འགྲོ་བ་བགྲོད་པར་གྱུར་པ་ལ་གོ་སྐབས་མེད་པ་དེ་ལ་འཆག་པའི་སྣོད་མ་ཡིན་པ་ཉིད་དོ།། སྐྱིལ
་མེ་ཀྲུང་བཅས་ནས་འདུག་པར་མི་ནུས་པ་དེ་ནི་གནས་པའི་སྣོད་མ་ཡིནོ།། དེ་བསྣ་ན་སྐྱིལ་མོ་ཀྲུང་བཅིངས་པ་གང་གང་དུ་གླགས་མེད་པ་མེད་པ་དེ་ལ་འདུག་པའི་སྣོད་མ་ཡིན་ནོ།། མ་ལཱི་ཙམ་ཉིད་དུ་ལན་གསུམ
་དུ་ཐ་མལ་པས་འགྲོ་བའི་རིམས་ཀྱིས་འཆག་པ་སྤྲོ་བ་དེ་བས་ན་རིང་བ་དང་ཞེང་གིས་སྨྱོས་པའི་ཚད་མཐའ་ནས་རྒྱར་ནི་སྐྱོལ་མོ་ཀྲུང་གི་ཆེད་ཀྱི་དངོས་པོ་གང་ཡིན་པ་དེ་ལ་སོགས་པའི་ལྟུང་བ་བྱས་པ་ཉིད་དོ།།
་གང་ཞིག་འདི་ལས་ཤིན་ཏུ་མ་ཆོག་པ་དེ་ལ་ནི་ལྟུང་བ་མེད་དོ།། ས་གཞིའི་བདག་ཉིད་ཀྱིས་གཞི་དང་ཤིང་དང་རིན་ལ་སོགས་པའི་ཡོ་སྤྱད་བླངས་པ་དང་མ་བླངས་པའི་གཞིའི་ཡོ་སྤྱད་ལས་ཁོང་པ་དང་གཙུག
་ལག་ཁང་བྱེད་པས་ཀུན་ཏུ་བསྒྲུབ་པ་ལ་ཡན་ལག་བཞི་པོ་ཐམས་ཅད་དུ་རུང་བ་ཉིད་དང་རྩོམ་པ་མྱེད་པ་ཉིད་དང་། བརྩམ་དུ་རུང་བ་ཉིད་དང་། བརྟན་པ་ཉིད་ཅེས་བྱ་བ་ལས་འདའ་བར་བྱེད་པ་ལས་ཚད་ལས་ལྷག་པར
་བྱེད་ན་མཐར་ནི་དགེ་འདུན་ལྷག་མར་འགྱུར་རོ།། སྔར་ནི་སྦོམ་པོར་འགྱུར་རོ།། ཡན་ལག་བཞི་པོ་མ་ཚང་བ་བསྒྲུབ་པ་འདའ་བར་བྱེད་པ་ཚད་ཀྱི་མཐར་ནི་སྦོམ་པོར་འགྱུར་ལ། སྔ་རོ་ནི་ཉེས་བྱས་འགྱུར་རོ།། འདའ་བར
་མི་བྱེད་པ་ལ་ཡང་ཚང་བ་དང་མ་ཚང་བའི་ཡན་ལག་བཞི་པོ་མ་བསྒྲུབས་པ་ལ་མཐར་ནི་སྦོམ་པོ་སྟེ་སྔར་ནི་ཉེས་བྱསུ་འགྱུར་རོ།། མ་བླངས་པའི་གཞིའི་ཡོ་བྱད་ཀྱི་ཚད་ལས་བདའ་བོར་བྱེད་པ་ལ་ཡན་ལག
་བཞི་པོ་མ་བསྒྲུབས་པ་ལ་མཐར་ནི་སྦོམ་པོ་སྐྱེ་སྦྱར་ནི་ཉེས་བྱསོ།། དེ་ལས་འདའ་བར་བྱེད་པ་ལ་ཡན་ལག་བཞི་པ་ཐམས་ཅད་ཀྱིས་མ་བསྒྲུབས་པ་ལ་མཐར་ནི་ཉེས་བྱས་སུ་འགྱུར་ལ། སྟར་ཡང་ཉེས་བྱས་ཉིད་།
་ཚད་ལས་འདིའ་བར་མི་བྱེད་པ་ཡན་ལག་བཞི་པ་ཐམས་ཅོད་ཀྱིས་མ་བསྒྲུབས་པ་ལ་མཐར་ཉེས་བྱསུ་འགྱུར་ལ། སྔར་ཡང་ཉེས་བྱས་ཉིད་དོ།། ཞེས་བྱ་བའི་རྣམ་པར་བཞོག་པ་འདི་ལའོ།། སྤྱོད་ལམ་བཞི་པོ་འགྲོ
་བ་ལ་སོགས་པ་ཁང་པ་དང་གཙུག་ལག་ཁང་དག་ཚད་ལས་འདའ་བར་མ་བྱས་པ་ཞེས་བྱ་བར་རིག་པར་བྱའོ།། བསྒོས་པ་ཉིད་དང་བསྒོས་པ་ཉིད་དག་ནི་གཙོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པ་ཉིད
་ཅེས་བྱ་བའི་དོན་ཏོ།། བསྒོས་པ་ཉིད་ཅེས་བྱ་བ་ནི་གཞན་གྱིས་བྱེད་དུ་བཅུག་པ་ཉིད་དེ། དེའི་རྣམ་པ་ཉིད་བསྒྲུབ་པ་ཡིན་ནོ།། གང་གི་རྣམ་པར་རང་གི་འདོད་པས་ཞེས་བྱ་བ་འདི་ལ་འདི་བསྟན་པའོ།།
་འདིར་འདོད་པ་དང་འབྲེལ་པའི་ལྟུང་བ་བསྒྲུབ་པ་ལ་རྒྱུ་ཉིད་ཀྱི་ཕྱིར་བསྒོས་པའི་རྒྱུ་ལ་འདོད་པ་དང་འབྲེལ་པ་མེད་པའི་ཕྱིར་མ་ཆོག་པ་མེད་པས་གང་གིས་འདའ་བ་ཉིད་མི་འདོད་པ་དེའི་འདོད་པ་བཟློག་པའི་དོན་དུ་མདོ་འདིའོ།། ཇི
་ལྟར་ཞེ་ན། གང་གི་ཕྱིར་འདིར་ལྟུང་བ་འམ་འདྲ་བ་ཉིད་བསྒྲུབས་པ་མ་ཡིན་ཏེ། འདིར་འདོད་པ་འདི་ལ་བསྒྲུབ་པར་གནས་པའི་ཕྱིར་རོ།། དེ་བས་ན་དགེ་སློང་རྗེ་སུ་གནང་པ་ཉིད་ལ་དངོས་གཞི་གྲུབ་པ་སྟེ། མངོན་པར་རྗེས་སུ
་མ་གནང་བ་ཉིད་ལ་ནི་མ་ཡིན་ནོ།། བསྐོས་པ་ནི་རང་ཉིད་དང་འདྲའོ་ཞེས་བྱ་བ་ལ་བསྐོས་པས་བྱས་པ་ནི་སྐོ་བར་བྱེད་པ་རང་ཉིད་ཀྱིས་བྱས་པ་དང་འདྲིའོ།། ཇི་ལྟར་བདག་ཉིད་ཀྱིས་ཁང་པ་དང་གཙུག་ལག། ཁང་དང་ལོག་པ
་ཉིད་དུ་བསྒྲུབ་པར་བྱེད་པ་ཁ་ན་མ་ཐོ་བར་འགྱུར་བ་དེ་བཞིན་དུ། བསྐོས་པས་ལོག་པ་ཉིད་དུ་བསྒྲུབ་པར་བྱེད་ན་ཡང་བསྒོ་བར་བྱེད་པ་ཉིད་ལ་ཁོ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བ་འདི་ལ་འདི་བྱེད་པའོ།། གང་གི་ཚེ་གནས་པར་གྱུར་ན
་བསྲེས་བཞིན་པས་བསྐོས་པ་པོས་བསྒྲུབས་པ་ལ་བསྐོས་པ་དེ་ནི་འདིར་རྒྱུར་རིག་པར་བྱའོ།། ཇི་སྐ་ད་བསྒོ་བ་བཞིན་མི་བྱེད་པ་ལ་ལུས་དང་ངག་གིས་ནོད་ནའོ་ཞེས་བྱ་བ་ནི་ཇི་ལྟར་བསྒོ་བ་བཞིན་མི་བྱེད་པ་བསྐོ་བ་བྱས་པའམ་བྱེད་དུ
་བཅུག་པ་དེ་ལ་ཇི་སྐད་བསྐོ་བའི་རྒྱུ་དེ་ལ་ལུས་སམ་ངག་གིས་ནོད་ན་རང་ཉིད་དེ་མི་ནོད་པ་ལ་ནི་མ་ཡིན་ནོ།། ཡིད་ཀྱིས་ནོང་པ་ལ་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་གལ་ཏེ་དེ་ལ་འདི་སྐད་ཅེས་ལེགས་པར་བྱསོ།། ཤིན་ཏུ
་བྱས་སོངས་ཁྱོད་ལ་འདི་ལྟར་བསྒོའོ་ཞེས་ཟེར་ཞིང་། དེས་དེ་ལ་ཤིང་ངམ་རྩཝ་འམ་ལྕི་བ་འམ་ས་འཇིམ་རྣམས་འབུལ་བར་བྱེད་དེ། གང་མི་རུང་བ་བྱེད་དུ་འཇུག་ན་གཉིས་ཀ་ལ་ཡང་གཞི་ཇི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་ཞེས་གསུངས
་པ་ཡིན་ནོ།། བྱས་པ་ནི་གཅིག་ཉིད་དོ་ཞེས་བྱ་བ་ནི་འདིར་བྱེད་པ་ཐམས་ཅད་རྗེ་སུ་བསྒྲུབས་པའི་ཕྱིར་གཅིག་པ་ཉིད་དེ། ལོག་ལ་སོགས་པའི་ཚད་ཀྱང་སྡོད་པ་ལ་གཞན་ལ་མི་ལྟོས་པས་མ་བཏང་བ་ནི་འདིར་སྡོད་ཅིང་བྱས་པ་ལྟུང་བ
་མང་པ་ཉིད་མེད་ཅེས་བྱ་བའི་དོན་ཏོ།། མི་བལྟོས་པས་བཏང་བ་ནི་དུམ་བུ་ལ་སོ་སོ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ།། དེ་ལྟར་མི་བལྟོས་པས་བཏང་བས་ལ་སྔར་གྱི་ཆ་ཙམ་ལྟུང་བ་སྟེ། མི་བལྟོས་པས་བར་དུ་ཡེ་བཏང་བ་ལ་གང་ཞིག
་ཕྱིས་ཡང་རྩོམ་པར་གྱུར་པ་ལ་ཡང་ཕྱི་མའི་ཆ་ལའོ།། ཕྱིས་ཀྱང་བསམ་པ་གཞན་གྱིས་རྩོམ་པ་ལྔ་ནི་གཞན་དུ་ཉིད་དོ།། གཙོ་བོ་མ་ཡིན་པར་མཐར་ཐུག་པ་ལ་གང་ཞིག་འདིར་གཞན་ཐམས་ཅད་ལ་ཆ་ཐམས་ཅད་ཀྱི་བདག་ཉིད་མེད་པར
་ལྟུང་བ་བྱས་པ་ཉིད་ཅེས་བྱ་བ་འདིར་རྣམ་པར་གནས་པར་རིག་པར་བྱའོ།། རྗེ་སུ་བསྒྲུབས་པ་གཅིག་ཁོ་ན་ཡིན་དུ་ཟིན་ཀྱང་། དཔེར་ན་འཐབས་པའི་མོད་ལ་དང་འཐབས་པའི་འོག་ཏུ་སྡུམས་བྱེད་པ་ལ་སོགས་པའི་ཚིག་དག་ལ་ལྟུང
་བ་ཐ་དད་པར་བྱས་པ་བཞིན་དུ་ཅིའི་ཕྱིར་འདིར་ཡང་རུང་བ་ཉིད་མ་ཡིན་པ་དང་། རྩོད་པ་དང་བཅས་པ་ཉིད་དང་རྣམ་པར་གནོན་པ་ཉིད་མ་ཡིན་པ་དང་། མ་བསྟན་པ་ཉིད་རྣམས་ལ་ཞེས་བྱ་བ་འདོད་པ་འདིར་ལ་ལྟུང་བའོ།
་སྙམ་དུ་དོག་པ་གསལ་བའི་ཕྱིར། ཡན་ལག་རྣམས་ནི་བྱེད་པ་པོ་ཐ་དད་པ་ཉིད་མ་ཡིནོ།། ཞེས་བྱ་བ་སྨོས་ཏེ། ཐོབ་པ་ལ་སྒྲིབ་པར་བྱེད་པར་འགྱུར་བ་ཉིད་ནི་དེའི་འོག་ཏུ་སྡུམ་བྱེད་པ་ལ་སོགས་པ་རྣམས་ལ་སྟེ། དེ་བས་ན་འདི་རྣམས
་ལས་ཐ་དད་པ་འདི་ལ་བསྐྱེད་པའོ།། འདིར་ནི་ཁྱིམ་བྱེད་པར་འདོད་པ་འབྲེལ་པའི་དབང་ཉིད་ལྟུང་བ་བསྒྲུབ་པ་ལ་འདི་གསལ་བར་བྱ་སྟེ། འདིའི་ཡན་ལག་འདའ་བར་བྱེད་པ་གང་ཡིན་པ་ནི་ཤིན་ཏུ་ཁྱབ་པ་ཉིད་དུ་གྱུར་པ་འདི་ལ་གང
་ཞིག་སྲོག་ཆགས་རྣམས་ལ་གནོད་པར་བྱེད་པའི་དོགས་པ་མངོན་པར་རྗེསུ་གནང་བ་རྣམས་ལ་མ་ལྟོས་པ་བྱེད་པ་དང་། བརྩམ་དུ་མི་རུང་བ་ཉིད་ཅེས་བྱ་བ་འདའ་བར་གྱུར་པའི་ཡན་ལག་རྣམས་འདིར་དགོས་པའོ།། དེ་བས་ན་རབ་ཏུ་འབྱེད
་པ་པོ་འདི་རྣམས་དང་མི་སྦྱོར་རོ།། འདིར་ཡན་ལག་རྣམས་ཇི་ཙམ་འདའ་བར་བྱེད་པ་ལྟུང་བ་རྣམས་དེ་ཙམ་མ་ཡིན་ཏེ། འོན་ཀྱང་ལྟུང་བ་གཅིག་ཁོ་ནར་ཟད་དེ་ཞེས་བྱ་བའི་དོན་ཏོ།། གང་ལ་ཁང་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་མ
་ལ་ནརྀ་ཛསུ་གན་ས་ཨོ་རྣམ་པ་དེ་ལྟ་པུས་སོ།། ཞི་མ་དག་པ་ལའོ།། མ་བསྟན་པ་ལའོ།། གནས་བྱས་སམ་བྱེད་དུ་བཅུག་ནའོ།། མཐར་རོ་ཞེས་བྱ་བ་རྣམས་སྨོས་ཏེ། འདིར་གཞི་ཞེས་བྱ་བའི་སྒྲས་ནི་ས་གཞི་བརྗོད་དོ།། བཙལ་བ་ཞེས་བྱ་བ་ནི་ཁྱད
་པར་ཡོངསུ་མ་བཟུང་བས་ཆོས་འདི་པ་རབ་ཏུ་བྱུང་བ་ལས་ཀྱང་ཞེས་བྱ་བ་རྟོགས་པར་བྱའོ།། སུས་བཙལ་ཞེ་ན། དེ་ནི་འདིར་སྐབས་ཡིན་པས་ལྟུང་བ་འབྱིན་པ་པོས་ཞེས་བྱ་བར་ཤེས་པར་བྱའོ།། དེས་རྗེསུ་གནང་བ་ལའོ་ཞེས་བྱ་བའི་དགེ
་སློང་གང་གིས་ས་གཞི་བཙལ་བར་གྱུར་པས་སོ།། རྣམ་པ་དེ་ལྟ་བུས་སོ་ཞེས་བྱ་བ་ནི་ལྟུང་བ་འབྱིན་པ་པོས་བཙལ་བ་པོས་སོ།། དེ་དགེ་སློང་གིས་རྟེན་དུ་གནང་བ་ལ་སྒྲུབ་པར་བྱེད་པའི་ཚིག་འདིའོ།། དེ་ཡང་ལས་ལ་དགོས་པར་བྱ་བའི
་རྫས་རྣམས་དང་འདི་རྣམས་ཀྱི་རིན་ཐང་ངོ་།། འགའ་ཞིག་ལས་ནི་གཉིས་ཀ་དག་ལ་ཞེས་འབྱུང་ངོ་།། ཉེ་བར་འཁོར་གྱིས་ཞུ་བ་ལས་འདི་སྐད་ཅེས་ཇི་ཙམ་གྱིས་ན་རིང་གིས་བཙལ་བའི་ཁང་པ་ཞེས་བགྱི། གང་ལས་གཉིས་ཡོངས་སུ
་འགྲུབ་པར་འགྱུར་བ་སྟེ། བྱེད་དུ་བཅུག་པ་དང་གཞི་ཞེས་བྱ་བའོ།། འདིར་འདི་ནི་བཙལ་བའི་ཆ་ཉིད་ལ་ལུང་རིག་པར་བྱའོ།། དེ་ཉིད་ཀྱི་གཞུང་ཡང་འདི་ཡིན་ཏེ། གང་ཟག་གིས་གཞིར་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོར་འགྱུརརོ་ཞེས་གསུང
་བ་ཡིན་ནོ།། སོ་སོར་ཐར་པའི་མདོ་ལས་ཀྱང་རང་གིས་བཙལ་བ་ཞེས་གསུངས་པའོ།། གང་གི་ཕྱིར་འདི་གཉིས་ཀ་དོན་མེད་པ་སྟེ་གཞན་དུ་ན་གཉིས་ཀ་སྐྱེ་བར་འགྱུར་རོ།། གཞི་མ་དག་པ་ལའོ།། ཞེས་བྱ་བ་ནི་མི་རུང་བ་ཉིད་ལ་སོགས་པ
་ནི་མ་དག་པའོ་ཞེས་འོག་ནས་འབྱུང་ངོ་།། མ་བསྟན་པ་ལའོ།། གནས་བྱས་སམ་བྱེད་དུ་འཇུག་ནའོ་ཞེས་བྱ་བ་ལ། མ་བསྟན་པ་ལའོ་ཞེས་བྱ་བ་ནི་དགེ་འདུན་ལས་བསྟན་པ་ཐོབ་པ་ནི་བསྟན་པ་ཉིད་དོ་ཞེས་བསྟན་པཔ་ཉིད་ཀྱང་འོག་ནས
་འབྱུང་སྟེ། དེ་ལས་བཟློག་པ་ནི་མ་བསྟན་པ་ཉིད་དོ།། གནས་བྱས་སམ་བྱེད་དུ་བཅུག་ནའོ་ཞེས་བྱ་བ་ནི་ཁང་པ་བྱེད་དུ་བཅུག་ནའོ།། མཐར་རོ་ཞེས་བྱ་བ་ནི་ཟིན་ནས་ཏེ་གནས་ཀྱི་ངོ་བོ་ཉིད་ནི་ཐོག་བཀབ་ཅིང
་བསྒོ་བ་མ་གཏོགས་པ་ཀུན་ནས་བསྐོར་བ་ཉིད་དོ།། དེ་ཟིན་པའི་སྐད་ཅིག་མ་ལ་ཞེས་བྱ་བའི་དོན་ཏོ།། སྔར་ནི་སྦོམ་པོར་རོ་ཞེས་བྱ་བ་འདིའི་རྗེས་ཀྱི་སྡེ་པ་ཞེས་བྱ་བ་ནི་མདོ་འདིས་བྱས་པར་རིག་པར་བྱའོ།། འོག་མ་ལ་ཡང་དེ་དག་ཉིད་དེ
་མ་བཙལ་བ་ཉིད་དོ་ཞེས་བྱ་བ་ནི་གང་འདི་ཉེས་པ་མེད་པ་ཞེས་བྱ་བ་འདི་ནི་སྐབས་སུ་བབ་པ་དེ་དེ་མ་ཐག་པའི་གཙུག་ལག་ཁང་གི་རྒྱུ་བསླབ་པའི་གཞི་འོག་མ་ལ་ཡང་བལྟ་བར་བྱ་སྟེ། དེ་ནི་བཙལ་བ་ཉིད་མ་གཏོགས་པར་རིག་པར
་བྱའོ།། དེ་ལ་ཡང་བཙལ་བ་ཉིད་ཀྱི་དོན་དང་ངེས་པར་གྲོལ་བའི་ཆོ་ག་འདི་ཞེས་བྱ་བའི་དོན་ཏོ།། བཙལ་པ་ཉིད་བསལ་བ་ལ་འདིར་འདི་སྐྱེ་བར་འགྱུར་རོ།། རང་ཉིད་ཀྱིས་གནས་པ་འམ་རྗེས་སུ་གནང་བའི་གཞི་ལ་སྒྲུབ་པར་བྱེད་པ་གནས
་པའམ་རྗེས་སུ་གནང་བས་དག་པའི་དངོས་པོ་མ་བསྟན་པའི་གནས་ཀྱི་རྒྱའི་མཐར་ཞེས་བྱ་བའོ།། བདག་པོ་དང་བཅས་པ་ཞེས་བྱ་བ་གཙུག་ལག་ཁང་གི་ཚིག་འདིར་གང་ཡིན་པ་ཕལ་ཆེ་བའི་ཆོས་ལ་འདི་སྐྱེ་བའི་དབང་གིས་སྨོས
་པ་སྟེ་དེའི་ཡན་ལག་ནི་མ་ཡིན་ནོ།། ཇི་ལྟར་བདག་པོ་མེད་པ་ཉིད་ལ་ཡངས་གཞི་སྲིད་པ་སྟེ། ཁྱིམ་གྱི་གཞི་ཡོངསུ་འཛིན་པ་དགག་པ་ལས་འདའ་བར་བྱས་ནས་དགེ་འདུན་ལ་བརྟེན་ནས་ཉོས་པ་བཟུང་བ་དང་། དགེ་འདུན་གྱི་གཞི
་རྗེསུ་གནང་བས་ཞེས་བྱ་བའོ།། ཁང་པའི་དགེ་འདུན་ལྷག་མ་ལ་ཡན་ལག་གཞན་གཉིས་བརྗོད་པར་བྱ་སྟེ། གཅིག་གིས་དོན་དུའོ་ཞེས་བྱ་བ་ནི་གང་ཟག་གཅིག་གི་དོན་དུ་བྱེད་དུ་འཇུག་ན་དགེ་འདུན་ལྷག་མར་འགྱུར་གྱི་གཉིས
་དང་མང་པོ་དག་ལ་ནི་མ་ཡིན་ནོ།། འདིར་གཞུང་ནི་ཉེ་བར་འཁོར་གྱིས་ཞུས་པའི་གཞུང་ཁ་ཅིག་ལས། གཉིས་ཀྱིས་སྤྱི་ལ་བྱེད་དུ་འཇུག་ན་སྦོམ་པོརོ་ཞེས་འབྱུང་ངོ་།། འོདིར་མང་པོའི་དོན་དུ་ནི་ཉེས་པ་མེད་པ་ཉིད་རིགས་པ་ཡིན་ཏེ།
་དགེ་འདུན་གྱི་དོན་ཉིད་དུ་ནི་ཉེས་བྱས་བརྗོད་པའི་ཕྱིར་དངོས་གཞི་ནི་མ་ཡིན་ནོ།། འདིར་ཤིན་ཏུ་འབྱུང་བར་འདོད་པ་དང་འབྲེལ་པ་ལ་གནས་པས་ཉེས་བྱས་ཙམ་ནི་མ་ཡིན་ནོ།། ལྟུང་བ་བྱེད་པའི་དངོས་པོ་ཐམས་ཅད་ལ་ཡན་ལག་འདའ་བར
་བྱེད་པ་སྦོམ་པོའི་ལྟུང་བ་བྱེད་པའི་ཕྱིར་རོ།། དེ་བས་ན་གཉིས་ལ་སོགས་པ་དུ་མ་ཉིད་ལ་འདི་བསྟན་པ་འདིར་གཉིས་ཀྱི་ཚིག་རྣམ་པར་གནས་པ་ཞེས་བྱ་བ་གཅིག་པ་ཉིད་ཀྱི་གཙོ་པོ་འདི་ཤེས་པར་ཡིན་ནོ།། དེ་བས་ན་བདག་ཉིད་གཅིག་པུའི
་དགེ་སློང་གཞན་གཅིག་གམ། ཁྱིམ་པ་གཅིག་གི་དོན་བྱེད་དུ་བཅུག་ན་དགེ་འདུན་ལྷག་མ་སྟེ། ཞེས་བྱ་བ་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་རྟོགས་པར་བྱའོ།། ཅི་གནས་བྱེད་དུ་བཅུག་པ་ཐམས་ཅད་ལས་དེར་འགྱུར་རམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར
་ཚད་ལས་ལྷག་པའོ་ཞེས་བྱ་བ་སྨོས་ཏེ། ཚད་ལས་འདས་པ་ལ་ཞེས་བྱ་བའི་དོན་ཏོ།། གཞི་མ་དག་ལའོ་ཞེས་སྨོས་ན་འདིར་མ་དག་པ་གང་ཡིན་ཞེ་ན། དེའི་ཕྱིར་མི་རུང་བ་ཉིད་དང་རྩོད་པ་དང་བཅས་པ་ཉིད་དང་བརྩམ་དུ་མི་རུང་བ་ཉིད་ནི་མ་དག
་པའོ་ཞེས་བྱ་བ་སྨོས་ཏེ། དེ་གསུམ་གྱི་རང་བཞིན་ཇི་ལྟར་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ཉིད་དང་རྒྱལ་པོ་དང་ལྷའི་གནས་དང་། མུ་སྟེགས་ཅན་གྱི་འདུག་གནས་ལ་བརྟེན་པ་ཉིད་དང་།
་ཤིང་ལྗོན་པ་བཅད་པར་བྱ་བ་མ་ཡིན་པ་ཉིད་དང་། ཕྱི་རོལ་འདོམ་གང་གིས་མཐའི་ཉོན་འཁོར་གྱི་ནང་རོལ་ཏུ་ཆུ་ཀླུང་ངམ་གྲོག་གམ་ཁྲོན་པ་དང་འདོམ་པ་ཉིད་དང་ནི་གོ་རིམས་བཞིན་དུ་དེ་དག་ཡིན་ནོ་ཞེས་སྨོས་ཏེ། དེ་ལ
་སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ཉིད་དང་འདོམ་པ་ཉིད་ནི་མི་རུང་བླ་ཉིད་དང་། རྒྱལ་པོའི་གནས་ལ་སོགས་པར་བརྟེན་པ་ཉིད་དང་། ཤིང་ལྗོན་པ་བཅད་པར་བྱ་བ་མ་ཡིན་པ་ཉིད་ནི་རྩོད་པ་དང་བཅས་པ་ཉིད་དང་། ཕྱི་རོལ
་ཞེས་བྱ་བ་ལ་སོགས་པ་བརྩམ་དུ་མི་རུང་བ་ཉིད་དོ།། འདིར་གཞུང་ནི་གལ་ཏེ། དེ་ན་སྐྱེ་བ་པོ་ཕྲ་མོའི་གནས་དང་སྦྲུལ་གྱི་གནས་སམ། སྡིག་པའི་གནས་སམ། སྦྲང་བུ་ཏྲེ་མ་བུ་ག་དང་ཏྲཻ་ལ་ཏཱ་ཀའི་གནས་ཡོད་པ་ཉིད་དོ་ཞེས
་གསུངས་པ་ཉིད་དོ།། འདིར་སྦྲུལ་ལ་སོགས་པ་སྐྱེ་བ་ཕྲ་མོ་རྣམས་ནི་དཔེ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ།། དེ་བས་ན་འདི་རྣམས་ཐམས་ཅང་ཁོངསུ་བསྡུ་བར་བྱས་སོ།། རྒྱལ་པོའི་གནས་ལ་སོགས་པ་ལ་བརྟེན་པ་ཉིད་ནི་དེའི
་དྲུང་དུ་འགྲོ་བ་ཉིད་དོ།། འདིར་མཐོ་འཚམས་པོ་ལས་འབྱུང་བའི་ཉེས་པའོ།། སྒྲ་དེ་དང་དེའི་དབང་གིས་བྱུང་བའི་སྲོག་ཆགས་རྣམས་དང་རྫས་གཞན་རྣམས་ཀྱིས་ཀྱང་ངོ་།། འདིར་རྣམ་པར་མཐོ་འཚམས་པ་ནི་གནོད་པའོ།།
་ཤིང་ལྗོན་པ་བཅད་པར་བྱ་བ་མ་ཡིན་ན་པ་ཉིད་དང་ཞེས་བྱ་བ་ནི་བཅད་པར་འོས་པ་མ་ཡིན་པ་ནི་འདིར་ཤིང་ཞེས་འདིར་འཇིག་རྟེན་པ་དག་ལ་མཁོ་བ་ཡིན་པའི་ཕྱིར་ཁ་མཆུ་འབྱུང་བ་མི་རྩོམ་པའོ།། ཡུན་ཐུང་བར་གནས་པ
་གནས་པ་ཉིད་ཀྱིས་དགོས་པ་ཆུང་བ་ཉིད་དོ།། རྣམ་པར་གནོན་པ་མ་ཡིན་པ་ཉིད་ཙམ་དུ་མི་རུང་བ་ཉིད་ཀྱི་སྐྱོན་ནོ།། ཕྱོགས་གཅིག་ལ་ཡང་འདོམ་སྟེ་དེའི་གང་ཞིག་ཉེན་འཁོར་གྱི་ནང་རོལ་དེ་མ་ཐག་པ་གཞན་གྱི་ཉེ་བར་ལོང
་སྤྱོད་པ་དེའི་ཕྱི་རོལ་ཉིད་དུ་འཛིན་པ་ཉིད་མ་ཡིན་པ་ཡིན་པ་ཇི་ཙམ་པ་དེ་ཙམ་གྱི་ཕྱོགས་ལའོ།། གཅིག་གིས་ཀྱང་ཆུ་ཀླུང་ལ་སོགས་པ་རྣམས་ལ་ཉེས་པ་འདི་ཡིནོ།། འདིར་གཞུང་ནི་འདོམ་གང་གི་མཐའི་ཉེན་འཁོར་བརྟག
་པར་བྱ་སྟེ། གལ་ཏེ་གཞི་ཆུ་ཀླུང་ལ་བརྟེན་ནམ་ངམ་གྲོག་ལ་བརྟེན་པ་ཡིན་ན་བརྩམ་དུ་མི་རུང་བའི་ཕྱིར་བརྟན་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ།། གང་ལས་འདས་ན་གནས་ཚད་ལས་འདས་པར་གྱུར་པའི་ཚད་དེ་གང
་ཡིན་ཞེ་ན། དེའི་ཕྱིར་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་སྟེ། ན་ངོ་རོལ་ནས་དེ་བཅུ་གཉིས་དང་བདུན་གྱི་ཚད་དོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་འདི་ཙམ་གྱི་ཚད་དེ་ལའོ།། བདེ་བར
་གཤེགས་པའི་མཐོ་གང་ཞེས་བྱ་བ་ནི་དཀྱུས་སུའོ།། ནང་རོལ་དུ་ནི་དེ་བཅུ་གཉིས་དེ། རྒྱུར་ནི་བདུན་གྱི་ཚད་དོ་ཞེས་བྱ་བའི་དོན་ཏོ།། དེ་ལས་བཟློག་པ་ཉིད་ནི་མ་བསྟན་པ་ཉིད་དོ།། ཞེས་སྨྲས་ན་བསྟན་པ་ཉིད་དེ་གང་ཞེ་ན། དེའི
་ཕྱིར་དགེ་འདུན་ལ་བསྟན་པ་ཐོབ་པ་ཉིད་ནི་བསྟན་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་གཏོང་བར་གྱུར་བའི་གཞི་འདིའི་ལས་ལ་མངོན་པར་རྗེསུ་གནང་བར་གྱུར་པའི་ཚིག་ནི་བསྟན་པ་སྟེ། གཞི་གང་ལས
་དགེ་འདུན་ལ་ཐོབ་པ་དེ་ནི་བསྟན་པ་ཞེས་བྱ་བར་འདིར་འདོད་དོ་ཞེས་བྱ་བའི་དོན་ཏོ།། མ་དག་པ་གསོལ་བར་མི་བྱའོ་ཞེས་བྱ་བ་ནི་གཞི་མི་རུང་བ་ཉིད་ལ་སོགས་པ་དང་ལྡན་པ་མ་དག་པ་དགེ་འདུན་ལས་བསྟན་པ་གསོལ་བར་མི་བྱའོ།།
་རང་དག་རྟག་ཏུ་དོང་བར་བྱའོ།། ཡང་ན་དགེ་སློང་བསྐོས་པ་དག་གོ་ཞེས་བྱ་བ་ནི་གང་དག་ལ་གཞི་བསྟན་པ་ལ་གསོལ་བ་དེ་རྣམས་རང་གི་རྐྱེན་གྱིས་དངོས་པོའི་དག་པ་ཉིད་ཤེས་པར་འགྱུར་བའམ། རང་ཉིད་ཀྱིས་བསྐོས་པའི་དགེ
་སློང་རྣམས་ཀྱི་རྐྱེན་གྱི་ཤེས་པར་བྱའོ་འགྱུར་རོ།། སྟན་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་བརྙིང་པ་ཉིད་ཀྱི་ཕྱིར་རོ་དྲུག་ཚུན་ཆད་དུ་སྟན་བྱ་བའི་ཕྱིར་གནང་བ་གསོལ་བར་བྱེད་ན་སྟན་ལ་རང་གི་རྐྱེན་གྱིས་ཤེས་པར་འགྱུར་བ་འམ་གསོལ
་བའི་དགེ་སློང་རྣམས་ཀྱིས་ཞེས་བྱ་བ་འདི་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། བྱས་པ་རྙེད་པ་དང་བྱས་པ་ལ་ལོངས་སྤྱོད་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་རྙེད་པར་བྱས་པ་འམ་ལྟུང་བ་མེད་དོ།། འདི་ལ་བདག་ཏུ་བྱས
་པའི་དབང་གིས་ཁ་ན་མ་ཐོ་བ་མེད་དོ།། ལྷག་པར་གནས་པའི་དབང་གིས་མ་ཡིན་ཞེས་བྱ་བ་འདི་བསྟན་པའི་ཕྱིར་ཚིག་འདིའོ།། བརྙིངས་པ་འཆོས་པ་ལ་ཡང་ངོ་ཞེས་བྱ་བའི་ནི་ཡང་ངོ་ཞེས་བྱ་བའི་སྒྲས་ནི་ལྟུང་བ་མེད་དོ་ཞེས
་སྦྱར་རོ་འདིར་གསར་པ་བརྩིག་པ་ལ་ནི་སྐྱོན་ཏེ། བརྙིང་པ་འཆོས་པ་ལ་ནི་མ་ཡིན་ནོ།། དེ་བས་ན་རྙིང་པ་མ་ཡིན་པ་འཆོས་པ་ལ་ལྟུང་བ་མེད་དོ།། འདིར་རྙིང་པའི་ཚིག་སྨོས་པ་ནི་དཔེར་ན་རིག་པར་བྱའོ།། ཁང་བའི་དགེ་འདུན་ལྷག་མའོ།།
་གོང་བྱས་ན་གཙུག་ལག་ཁང་གི་དགེ་འདུན་ལྷག་མར་འགྱུར་ཞེ་ན། འདིར་འོག་མ་ལ་ཡང་དེ་དག་ཉིད་དེ། དེ་མ་བཙལ་བ་ཉིད་དོ།། ཞེས་བྱ་བ་སྔར་བསྟན་པའི་ཆོ་ག་ལ་བལྟོས་ནས་བྱེ་བྲག་བརྗོད་པར་བྱ་སྟེ། ཚོགས་ཀྱི་དོན་དུའོ་ཞེས་བྱ་བ
་བྲག་འདིར་ཁྱིམ་པ་ཡན་ཆད་ཀྱི་གང་ཟག་བཞི་ལ་སོགས་པ་ཚོགས་ཞེས་བྱ་བ་མངོན་པར་འདོད་པར་རིག་པར་བྱའོ།། ཤིན་ཏུ་སྡིག་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཁྱིམ་པའི་དོན་ཉིད་ཀྱི་བསམ་པ་ལ་འཕགས་པའི་དགེ་འདུན་རྗེསུ
་བཟུང་བའི་བསམ་པ་ལ། ཤིན་ཏུ་དགེ་པ་ཉིད་ལ་ཡང་ཁ་ན་མ་ཐོ་བ་རྣམ་པར་བཞག་པའི་ཕྱིར་རོ།། གང་ཞིག་ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ་ཞེས་གསུངས་པ་དེ་ནི་གླེང་གཞིའི
་དབང་གིས་དེ་དཔེ་ཙམ་དུ་ཟད་པས་འདི་ལ་ཉེས་པ་མེད་དོ་ཞེས་རིག་པར་བྱའོ།། གཙུག་ལག་ཁོང་གི་དགེ་འདུན་ལྷག་མའོ།། །། རྩོམ་པ་ཉིད་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ་ནི་མཐར་ཐུག་པ་གང་ལ་དངོས་གཞིའི་ཚད་འདའ་བར
་བྱེད་པ་ཉིད་ལ་ཐམས་ཅད་དུ་ཡན་ལག་ལྷག་མ་རྣམས་ལ་འདའ་བར་བྱེད་པ་དང་། སྦྱོར་བ་ཉིད་ལ་དེར་འདི་རྣམས་སྦོམ་པོར་སྟོན་པར་བྱེད་པའི་ཚིག་རྣམས་ཞེས་བྱ་བ་རྟོགས་པར་བྱའོ།། མཐར་ཐུག་པ་གང་ལ་སྦོམ་པོ་དེས་སྦྱོར་བ
་ཡང་སྦོམ་པོ་རིག་པ་མ་ཡིན་ནོ།། འདིར་གཞུང་ནི་བརྩམས་ནས་བདག་ཉིད་བསོད་པར་བྱེད་པ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། མ་གཡོགས་པ་བྱེད་དུ་འཇུག་པའི་མཐའ་ཡང་དེ
་འདྲའོ་ཞེས་བྱ་བ་ནི་གནས་དེ་མ་གཡོགས་པ་ཞིག་བྱེད་དུ་གཞུག་གོ་སྙམ་པའི་བསམ་པས་མཐའི་མཐར་ཐུག་པ་གང་ཡིན་པ་དེ་ཡང་དེ་བཞིན་དུ་སྟེ་སྦྱོར་བ་དང་འདྲ་བར་བལྟ་བར་བྱའོ།། འདིར་གཞུང་ནི་སྟེང་མ་གཡོགས་པ་ཞིག
་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། སྔར་ནི་ཉེས་བྱས་སོ་ཞེས་བྱ་བ་འདིའི་སྦྱོར་བ་ལ་ཉེས་བྱས་ཐམས་ཅད་དུ་ཞེས་བྱ་བ་འདིས་བྱས་པ་ཉིད་རིག་པར་བྱའོ།། དུ་མའི་དོན་དུའོ་ཞེས་བྱ་བ་ནི་ཁྱ
་པ་མི་རུང་བ་ལ་སོགས་པའི་ཡན་ལག་ཐམས་ཅད་ལས་འདས་པ་དུ་མའི་དོན་དུ་བྱེད་དུ་བཅུག་པའི་མཐའ་གང་ཡིན་པ་དེ་ཡང་སྦྱོར་བ་དང་འདྲ་བར་བལྟ་བར་བྱའོ།། འདིར་གཞུང་ནི་གཉིས་ཀྱི་སྤྱི་ལ་བྱེད་དུ་འཇུག་ན་སྦོམ་པོར་འགྱུར
་ཞེས་གསུངས་པ་ཡིན་ནོ།། མ་བསྐོས་པར་རོ་ཞེས་བྱ་བ་ནི་འཚོས་པ་པོ་འམ་གནང་བ་པོས་རྗེ་སུ་མ་གནང་བར་གནས་བྱེད་དུ་བཅུག་པ་སྟེ། དེའི་མཐའ་གང་ཡིན་པ་དེ་ཡང་སྦྱོར་བ་དང་འདྲ་བར་བལྟ་བར་བྱའོ།། གང་གི་དེ
་སོ་སོར་བཟུང་བ་དེའི་དོན་ཉིད་དུ་འདི་བྱེད་དུ་འཇུག་པས་མངོན་པར་འདོད་པའོ།། འོ་ན་ཅིའི་ཕྱིར་དངོས་གཞིར་རྣམ་པར་མི་བཞོག་སྟེ། ལྷག་མ་བསྒྲུབ་པ་དག་ལ་འདིར་གནས་པར་འགྱུར་རོ།། ཇི་ལྟར་རང་བཞིན་མི་མཐུན་པ་བྱེད་དུ
་འཇུག་པས་འདས་པ་ལ་ཡང་རྗེ་སུ་གནང་བ་ལ་ནི་བཟུང་བར་འདི་འགྱུར་ཏེ་དེ་ནི་འཇུག་པའོ།། དེ་བས་ན་རྗེ་སུ་གནང་བ་དང་བསྒྲུབ་པ་དེ་ལ་གནོད་པ་ཉིད་ཀྱི་ཕྱིར་དངོས་གཞི་བསྐྱེད་པའོ།། རྗེ་སྒྱུ་མ་གནང་བ་ལ་སྦྱོར་བའོ།། འདིར
་གཞུང་ནི་ཡི་གེ་ཁ་ཅིག་ལས་མ་བསྐོས་པར་བྱེད་དུ་འཇུག་དུ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། གང་ཟག་གིས་སོ་ཞེས་བྱ་བ་ནི་སྒྲུབ་པོར་བྱེད་པས་བྱེད་དུ་འཇུག་ན་དེ་བཞིན་དུ་མཐའོ།། འདིར་གཞུང་ནི་གང
་ཟག་གི་གཞིས་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། འདི་ཐམས་ཅད་ཞུ་བ་དང་འབྲེལ་པ་བསླབ་པའི་གནི་གཉིས་ཀྱི་དབང་དུ་བྱས་པ་ཡིན་གྱི་གང་ཟག་གི་ཞེས་བྱ་བ་འདི་ནི་མ་གཏོགས་པར
་རིག་པར་བྱའོ།། གང་གི་ཕྱིར་གཙུག་ལག་ཁང་གི་བསླབ་པའི་གཞི་ལ་བཙལ་བ་ཉིད་ཀྱི་ཡན་ལག་རྣམ་པར་བཞག་པའི་ཕྱིར་རོ།། རང་བཞིན་མི་མཐུན་པ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲས་ནི་དེ་བཞིན་དུ་བྱེད་དུ་འཇུག
་ན་མཐའ་དེ་དང་འདྲའོ་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིརརོ།། འདིར་གཞུང་ནི་རང་བཞིན་མི་མཐུན་པའི་ཞལ་ཏུ་བྱེད་ན་ཉེས་པ་སྦོམ་པོར་འགྱུ་རོ་ཞེས་གསུངས་པ་ཡིན་ནོ།། གསོལ་བའི་འོག་ཏུ་མ་གྲུབ་ན་ཉེས་བྱསོ་ཞེས་བྱ་བ་གསོལ་བའི
་འོག་ཏུ་གནས་དེ་མོར་མ་གྲུབ་པ་གང་ཡིན་པ་དེ་ལ་ནི་ཉེས་བྱསོ།། འདིར་རིམ་པ་ཉིད་ནི་སྐྱོན་ཏོ།། དེ་བས་ན་རིམ་པའི་ངོ་བོས་མི་འདོད་པའི་བསམ་པས་མ་གྲུབ་པ་ལ་ཉེས་བྱ་སུ་རྣམ་པར་བཞིག་པར་ཆད་ཀྱི་དབང་གིས་མ་གྲུབ་པ
་ནི་མ་ཡིན་ནོ་འདིར་གཞུང་ནི་བཙུན་པ་རེ་ཞིག་གཞི་བཙལ་ནས་མ་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུའོ།། ཁང་པ་བསྟན་པ་གསོལ་ནས་བགྱིད་དུ་མི་རྩོལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱ་སུའོ་ཞེས་གསུངས
་པ་ཡིན་ནོ།། ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ།། །། གང་དུ་དངོས་གཞི་དང་འབྲེལ་པ་བརྗོད་པ་ལ་དགེ་འདུན་གྱི་ལྷག་མ་ཡིན་ཞེ་ན། དེའི་ཕྱིར་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས
་དགེ་སློང་ཉམས་པ་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། མི་ཚངས་པར་སྤྱོད་པ་ལ་སོགས་པས་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པ་དེས་སྐུར་པ་འདེབས་ན་དགེ་འདུན་གྱི་ལྷག་མའོ།། སུ་ལ་ལྷག་པར་སྤྱོད་པ་དེས་སྐུར་པ་འདེབས་ཤེ་ན། དེའི
་ཕྱིར་དགེ་སློང་ཉམས་པ་ཡང་ངོ་ཞེས་བྱ་བ་སྨོས་ཏེ་ཚུལ་ཁྲིམས་དང་ལྡན་པ་འབའ་ཞིག་ལ་མ་ཡིན་གྱི་ཉམས་པ་ལ་སྐུར་པ་བཏབ་ན་ཡང་ངོ་།། བསྙེན་པར་རྫོགས་པའི་ལས་དང་བཅས་པ་ཚུལ་ཁྲིམས་དང་ལྡན་པ་གཅིག་པུ་ལ་ནི་མ་ཡིན་ནོ།།
་ཉམས་པ་ལ་ཡང་ཞེས་བྱ་བའི་ཚིག་ནི་དགེ་སློང་ཕ་དང་དགེ་སློང་མ་ཉིད་ཉམས་པ་ཞེས་བྱ་བ་འདི་ལ་སྐུར་པ་འདེབས་པའི་དོན་དུའོ།། མ་དག་པ་དང་ཉམས་པ་ལ་དགེ་འདུན་ལྷག་མའི་ལྟུང་བའི་ཚིག་ལ་གཞུང་ནི་འདི་ཡིན་ཏེ་ཞུ་བ་ལས
་ཀྱང་བཙུན་པ་དགེ་སློང་རང་འདི་སྐད་ཅེས་བདག་གིས་མི་ཚངས་པར་སྤྱོད་པ་འ་ཁྲིག་པའི་ཆོས་སྟོན་ནོ་ཞེས་མཆི་བ་དེ་ལ་དགེ་སློང་གིས་གཞི་མ་མཆིས་པར་རྐུ་བ་འམ་འགུགས་པའི་སྨྲ་བས་སྐུར་པ་འདེབས་ན་ལྟུང་བ་ཅིར་འགྱུར། དགེ་འདུན
་ལྷག་མ་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། རང་གི་ཕྱོགས་ཀྱི་བསྙེན་པར་རྫོགས་པ་དང་མཐུན་པ་ནི་མཚན་དང་ཁས་ལེན་པ་དག་གིས་ཞེས་བྱ་བ་འདི་ལ་དེའི་དམིགས་ཀྱིས་གསལ་བསྟན་པའི་ཕྱིར། ཕྱོགས་ལས་རང་ཉིད་ནི
་འདིར་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་འདི་མཚན་དང་ཁས་ལེན་པ་དག་གི་ཕྱོགས་ལ་རང་ཉིད་དུ་གསུངས་པ་གང་ཡིན་པ་དེ་འདིར་ཁས་ལེན་པ་ནི་མ་ཡིན།། མཚན་མི་མཐུན་པ་ལ་སྐུར་པ་འདེབས་པ་དང་ལྟ་བ
་མི་མཐུན་པ་ལ་སྐུར་པ་འདེབས་པ་ལའང་དགེ་འདུན་ལྷག་མའོ།། ཞེས་བྱ་བའི་དོན་ཏོ།། འདི་ཞུ་བ་ལས་མཚན་དང་ལྟེ་བ་ཡན་ལག་མ་ཡིན་པ་ཉིད་ལ་གཞུང་ནི་དགེ་སློང་གིས་དགེ་སློང་མ་ལ་གཞི་མེད་པའི་ཕམ་པར་འགྱུར་བའི་ཆོས་ཀྱིས
་སྐུར་པ་འདེབས་ན་དགེ་འདུན་ལྷག་མའོ།། དེ་བཞིན་དུ་དགེ་སློང་མས་དགེ་སློང་ལ་གཞི་མེད་པའི་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་ན་དགེ་འདུན་ལྷག་མའོ་ཞེས་གསུངསོ།། ཉམས་པ་ལ་སྐུར་པ་འདེབས་པ་ལ་ཡང་ཁ་ན་མ་ཐོ་བ
་ཡོངསུ་རྫོགས་པ་ཞེས་བྱ་བ་ལས་ན་ཁས་ལེན་པ་དང་མི་ལེན་པ་ཉིད་ཀྱི་ཐ་དད་པ་ལ་འདྲ་བའི་ཁ་ན་མ་ཐོ་བ་འདིར་རྣམ་པར་བཞག་གོ།། ཤིན་ཏུ་སླར་ཁྲོས་པའི་འཇུག་པ་འདི་ཤིན་ཏུ་ཡང་སྒོར་གྱུར་དགེ་སྦྱོང་གི་རིགས་ལ་སྐུར་པ་འདེབས་པ
་ཞེས་བྱ་བ་དང་། ཉམས་པ་དང་མཚན་ཐ་དད་པའི་ཡུལ་ལ་ཡང་ལྟུང་བ་མཚུངས་པ་ཉིད་དུ་འདི་ལ་རྣམ་པར་བཞག་པའོ།། རྫུན་དུ་སྨྲ་བས་སོ་ཞེས་བྱ་བ་ནི་གཞི་མེད་པ་ཞེས་བྱ་བའི་ཚིག་གིས་མ་ཡིན་ནོ།། མ་གྲགས་པའི་ཤེས་པས་ཉེ་བར
་དམིགས་པར་བྱ་བ་གོ་བར་བྱེད་པ་ལ་ཡིད་མ་ཆེས་པའི་ཐོས་པས་བདག་གིས་ཐོས་སོ།། བདག་ནི་ཡིད་ཆེས་པས་མ་ཡིན་ཞེས་བྱ་བ་འདི་ལྟར་དགེ་འདུན་ལྷག་མ་བསྐྱེད་པར་གྱུར་ཏམ་ཞེས་བྱ་བའོ།། གང་ཡང་རུང
་གོ་བར་བྱས་ནའོ་ཞེས་བྱ་བ་ནི་མིའི་འགྲོ་བ་ཐམས་ཅད་ལ་གླེང་བ་འབའ་ཞིག་གིས་མ་ཡིན་ཞེས་བྱ་བའི་དོན་ཏོ།། སྐུར་པ་འདེབས་པ་ལ་ཁ་ན་མ་ཐོ་བ་འདིའོ།། གཞན་ལ་སླུ་པ་ནི་སྐུར་པ་འདེབས་པ་ཡང་མ་ཡིན་ནོ།། ལྟུང་བའི
་ཕྲེང་བ་ལ་ཡང་བདག་གིས་མཐོང་ངོ་ཞེས་བྱ་བའི་སྲིད་པ་ཙམ་ལ་འབྱུང་བ་སྟེ། ཁྱོད་ནི་བདག་གིས་མཐོང་ངོ་ཞེས་བྱ་བ་ནི་མ་ཡིན་ཏེ། དེ་བས་ན་འདི་ཤེས་པའོ།། གང་ལ་ལྟུང་བ་ཉིད་ལ་སྐྱོན་ཞེས་བྱ་བ་མ་བསྟན་པ་མེད་པ་རྒོད་བག་གི་བློས
་དེ་ལ་འདི་བདག་གི་བྱེད་ཅིང་མཐོང་ཞེས་བྱ་བ་འཇུག་པའོ།། གང་ལ་འདིར་སྐྱོན་གཞན་ཡིན་གྱིས་ཕམ་པ་ནི་མ་ཡིན་ཞེས་བྱ་བའི་བློ་སྒྲུབ་པ་གཞན་ལ་དེས་ཉམས་པ་ལ་འཇུག་པ་སྟེ། འཕོ་བར་གྱུར་པ་ལ་ནི་མ་ཡིན་ནོ།། འདིར་གང་ལ
་སྐྱོན་ཡོད་པ་ཞེས་བྱ་བ་ནི་འདི་ཙས་ཀྱི་བློ་འདི་ཡིན་ནོ་ཞེས་བྱ་བ་དེ་ལ་ཡང་རྣམ་པ་གཞན་ཉིད་ད་ཉམས་པར་གྱུར་བ་ནི་མ་ཡིན་ནོ།། དེ་བས་ན་འདིར་བསམ་པ་གང་ཡང་རུང་བ་དེས་ཅི་ཞིག་བྱ་ཞེས་བྱ་བ་སུ་ཞིག་ལ་གོ་བར་བྱས་ནས
་དེ་བས་ན་ལྟོས་པ་དེར་བརྗོད་པར་བྱའོ།། ཉམས་པར་འདུན་པས་སོ་ཞེས་བྱ་བ་ནི་ཁྲོས་པར་མ་གྱུར་ཅིག་ཅེས་བྱ་བ་བྱུང་རྒྱལ་གྱིས་སྨྲས་པས་བརྡ་བྱས་པ་ལ་ཕམ་པ་འདི་ཞེས་བྱ་བ་རྫུན་དུ་སྨྲས་པ་ལས་འཕོ་བར་འདུག་པའི་འདུན
་པ་མེད་པའོ།། ཉམས་པ་ཉིད་དུ་སྲིད་པ་དང་འབྲེལ་པ་འདི་ཡིན་ཏེ། ཉམས་པ་ཉིད་ལས་གཞན་ནི་འདིར་ཉམས་པ་ཉིད་ནི་མ་ཡིན་ནོ།། དེ་བས་ན་འདི་ལྟ་བུའི་འདུན་པས་རྫུན་པར་གཞན་ལ་གོ་བར་བྱེད་པ་གང་ཡིན་པ་དེ་ལ
་འདིར་ལྷག་མའི་ལྟུང་བྱེད་དོ།། ཉམས་པར་མ་གྱུར་པའི་བརྗོད་པ་རྣམས་གང་ཡིན་པ་རྣམས་གང་ཡིན་པ་དེ་རྣམས་ལ་ནི་གང་དུ་དགེ་འདུན་གྱི་ལྷག་མའི་བློ་ཡོད་པ་དེ་ལ་ལྟུང་བྱེད་དོ།། གཞན་ལ་ནི་ཉེས་བྱསུ་རིག་པར་བྱའོ།།
་གང་དུ་དོགས་པར་འཇུག་པ་འདི་ཕམ་པ་ཞེས་བྱ་བར་མ་གྱུར་ཏམ་སྙམ་དུ་ཡིད་གཉིས་སུ་གྱུར་པས་དེ་ལ་བསྐྱེད་པའོ།། དེ་ནི་གཞི་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་གང་གི་སྨྲ་བ་དེ་འདིར་ནི་ཞེས་བྱ་བར་བརྗོད་དོ།། གཞི་དེ་ལས
་གཞི་གཞན་གང་ཡིན་པ་དེ་ལ་ནི་འདིར་གཞི་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན་མཐོང་བས་སྨྲ་བ་ཡོད་པར་གྱུར་པ་ལ་མཐོང་བ་དེ་ལས་གཞན་དོགས་པའི་གཞི་འམ་ཐོས་པ་གང་ཡིན་པ་དེ་ནི་མཐོང་བ་མ་ཡིན་ཞེས་བྱ་བའི
་དོན་ཏོ།། གཞི་གཞན་ཡོད་པར་གྱུར་ཀྱང་གང་གིས་སྨྲ་བ་དེ་མེད་པ་ལ་འདིར་དགེ་འདུན་གྱི་ལྷག་མ་ཡོད་པར་གྱུར་ཏེ་ཞེས་བྱ་བ་འདི་ལ་བྱེད་དུ་འཇུག་པའི་ཚིག་གིས་སྟོན་པའོ།། གལ་ཏེ་གཞི་གཞན་གང་ཡིན་པ་དེ་ཉིད་དེའི་གཞིར
་འགྱུར་ན། གཞི་གཞན་ཡོད་པས་ཀྱང་གཞི་གང་གིས་གླེང་བའི་གཞི་དེས་དགེ་འདུན་ལྷག་མ་ཡོད་པར་མི་འགྱུར་ཏེ། འདི་ནི་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཐོས་པ་ལ་ཡིད་ཆེས་ནས་སྨྲས་པ། བདག་གིས
་མཐོང་ངོ་ཞེས་ཡིད་ཆེས་པར་བྱེད་པ་དང་། ཐོས་པ་ལ་ཡིད་ཆེས་པས་སྨྲས་པ། བདག་གིས་མཐོང་ངོ་ཞེས་སྨྲས་པ་དང་ཐོས་པ་ལ་དགོས་ཏེ། མཐོང་བར་བརྗོད་པ་དང་མི་དོགས་ཏེ་མཐོང་བར་བརྗོད་པ་དང་།
་དོགས་པར་གྱུར་པས་སྨྲས་པ། བདག་གིས་མཐོང་ངོ་ཞེས་སྨྲ་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མའོ་ཞེས་གསུངས་པ་ཡིན་ནོ།། བརྗོད་པ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མི་འདྲ་བ་ནི་མེད་པ་ཉིད་དུ་བལྟ་བར་བྱ་སྟེ། གང་ཞིག
་མི་དྲན་པས་བརྗོད་པ་ལ་ནི་ཉེས་པ་དེར་བརྗོད་པའོ།། འདིར་གཞུང་ནི་འདིས་མཐོང་བར་གྱུར་པ་བརྗེད་བཞིན་དུ་དང་། འདིས་ཐོས་པར་གྱུར་ཏེ། དེ་ཡང་བརྗེད་བཞིན་དུ་དང་། འདིས་དོགས་པར་གྱུར་ཏེ་དེ་ཡང་བརྗེད་བཞིན་དུ
་དེས་འདུ་ཤེས་བསྒྱུར་བ་དང་བཅས་པས་ཇི་སྲིད་དུ་མཐོང་ངོ་།། དེ་ཡང་མི་བརྗེད་པ་དང་སྨྲས་པ་ཐོས་ཏེ་འདི་ཡང་མ་བརྗེད་པ་དང་དོགས་སོ་ཞེས་དེ་ཡང་མ་བརྗེད་པའོ་ཞེས་ཟེར་ན། བརྗོད་དོ་ཅོག་ལ་དགེ་འདུན་ལྷག་མའོ་ཞེས
་གསུངས་པ་ཡིན་ནོ།། དོན་གྱི་དེ་ཉིད་ནི་མི་རྫུན་པར་སྨྲས་པ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི་འདུ་ཤེས་པ་ལ་ཇི་ལྟར་སྨྲ་བ་དེ་ཉིད་མེད་པ་ནི་འདིར་རྒྱུ་ཡིན་ཏེ་དོན་ལ་མ་ཡིན་ནོ།། དེ་ཉིད་ཡོད་ཀྱང་དོན་ལ་བསྡམས་པ་ཉིད
་ནི་འདུ་ཤེས་པ་ཉིད་སྨྲ་བ་ལ་རྫུན་དུ་སྨྲ་བ་ཉིད་དེ།། མ་བསམས་པར་འདུ་ཤེས་པ་མེད་པར་གྱུར་པ་ལ་སྨྲ་བ་ལ་བདེན་པ་ཉིད་དོ།། གཞི་གཞན་གྱིས་མི་དྲན་པས་བརྗོད་པ་ལ་དགེ་འདུན་གྱི་ལྕུག་མ་ཞེས་བྱའོ།། འདི་དང་འདི་བརྗིད
་པ་ལ་ལྟུང་བའི་རྒྱུར་བརྗོད་པ་ནི་མ་དག་པས་སྐུར་པ་བཏབ་པ་ལ་དགེ་འདུན་གྱི་ལྷག་མར་བརྗོད་པས་བསྡུས་པའོ།། ཞེ་སྡང་བས་མ་གཏོགས་ཞེས་བྱ་བ་འདི་དང་འོག་ཏུ་བརྗོད་པ་དེའི་ཡན་ལག་ཉིད་ནི་མ་ཡིན་ཏེ། སྐུར་པ
་འདེབས་པ་ལ་འདིར་སྐྱོན་ཉིད་ཀྱི་ཕྱིར་རོ།། བརྗོད་པ་ཡོད་པར་གྱུར་ཅིག་ཅེས་བྱ་བ་ཡང་ཀུན་ནས་རྒོལ་བ་འམ་རྣམ་པ་གཞན་གྱིས་སྐུར་པ་འདེབས་པ་དང་། སྐུར་པ་འདི་བླ་པ་ཉིད་ཀྱིས་ཅི་སྟེ་འཇུག་པའི་རྒྱུ་རྗེ་སུ་འགྲོ་བ་ཙམ
་འདི་དཔེ་ཉིད་ཀྱི་ཕལ་ཚོ་བ་ཉིད་ལ་བརྟེན་ནས་ཕལ་ཆེར་སྐུར་པ་འདེབས་པ་འཇུག་པ་ལ་ཞེ་སྡང་གི་རྒྱུ་སྐྱེས་པའི་དབང་གིས་འདིར་གསུངས་པ་ཡིན་གྱི། ཡན་ལོག་ཉིད་ཀྱིས་ནི་མ་ཡིན་ནོ།། གཞི་མེད་པའི་དགེ་འདུན་ལྷག
་མའོ།། །། དེ་ནི་གཞན་གྱི་ཆ་དང་མཐུན་པའི་དགེ་འདུན་ལྷག་མ་ལ་འདི་ཉིད་ཆོ་ག་མ་ལུས་པ་ཁོས་བླངས་ནས་རྫུན་དུ་སྨྲ་བས་སོ་ཞེས་སྨོས་པའི་གནས་སུ་འདི་འཐོབ་པས་དེའི་བྱེ་བྲག་འགའ་ཞིག་འདིར་བརྗོད་པར
་བྱ་སྟེ། བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་གིས་རྫུན་ནའོ་ཞེས་བྱ་བ་འདི་ཕམ་པར་གྱུར་པའི་ལས་འདིས་ལྷག་པར་སྤྱོད་པ་ཞེས་བྱ་བ་བརྗོད་པར་བྱ་བ་འདི་ལས་གཞན་དུ་དེའི་ཡན་ལག་ཏུ་གྱུར་པའི་རྣམ་པར་བྲལ་བ་བརྗོད
་པར་བྱ་བ་ལ་གནས་པ་གང་ལ་ཡོད་པ་དེ་ནི་བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་གོ། འདི་ལྟ་སྟེ་དཔེར་ན་ཁོ་བོ་ཅག་གིས་ཚེ་དང་ལྡན་པ་གྱང་བུ་ནོར་མཐོང་ངོ་།། དགེ་སློང་མ་ཨུཏྤ་ལའི་མདོག་ཅན་མཐོང་ངོ་།། མི་ཚད་པར
་སྤྱོད་པ་འཁྲིག་པའི་ཆོས་བརྟེན་པ་མཐོང་ངོ་ཞེས་གང་གི་ཕྱིར་སྒྲ་དེ་གསུམ་གཅིག་ལ་གཅིག་པ་སྦྱར་བ་དེ་བཞིན་དུ་འདི་རྣམས་ཀྱིས་བརྗོད་པར་བྱ་བའི་དོན་རྣམས་པར་བྲལ་བ་དེའི་ཆར་གྱུར་པའི་ཕམ་པའི
་ལས་འདིས་ལྷག་པར་སྤྱོད་པ་དེ་བས་ན་དེ་ལྟར་དེའི་ཆ་དང་རྣམ་པར་བྲལ་བ་སོ་སོར་གྱུར་པ་འདིར་ཞེས་བྱ་བ་བྱས་ནས་སོ།། འདིར་ཡང་འདི་ཉིད་ཀྱི་ཚིག་ལ་གནས་པ་སྟེ། དེས་ན་བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་གིས་ཕམ
་ལྷག་པར་སྤྱོད་པའི་དགེ་སློང་སུ་ཞིག་ལ་གོ་བརླ་བྱེད་པ་ལ་དགེ་འདུན་ལྷག་མ་ཞེས་བྱ་བའི་དོན་ཏོ།། ཡང་དག་པར་ཤེས་ནས་ཀྱང་སྐལ་བར་བྱེད་པ་དང་འབྲེལ་པ་ཕམ་པ་ལྷག་པར་སྤྱོད་པར་གྱུར་པ་ཡིན་ཏེ་བརྗོད་པར་བྱ་བ་གཞན
་ལ་གནས་པའི་ཚིག་གིས་དེ་སྟོན་པ་སྟེ། དེ་བསལ་བའི་ཕྱིར་རྫུན་ནའོ་ཞེས་བྱ་བ་སྨོས་ཏེ། འོག་མ་སྒྲོགས་པར་འདོད་པའི་འདུན་པས་འདྲ་བའི་དོན་བརྗོད་པ་ལ་སྦོམ་པོའོ་ཞེས་བྱ་བ་རྣམ་པ་འདིས་སྦོམ་པོ་ཐོབ་པ་ལ་ཐ་སྙད་འདི
་བཏགས་པའོ།། གཞན་གྱི་ཆ་དང་མཐུན་པའི་དགེ་འདུན་ལྷག་མའོ།། །། མི་བསྟེན་པས་སྐུར་པ་འདེབས་ན་སྦོམ་པོའོ་ཞེས་བྱ་བ་ནི་དགེ་སློང་མ་ལ་ཕོའི་དབང་པོ་མེད་པ་ནི་དཔེར་ན་མ་ནིང་པོའི་ལྟ་བུའོ།། དགེ་སློང
་ལ་མོའི་དབང་པོ་མེད་པ་ནི་དཔེར་ན་མ་ནིང་མོས་སྐུར་པ་འདེབས་ན་ཡང་སྦོམ་པོའི་ཁ་ན་མ་ཐོ་བའོ།། དེ་ཡང་འདི་ཡིས་དབང་དུ་མ་བྱས་ཤིང་ཁ་དང་བཤང་བའི་ལམ་ཞེས་བྱ་བར་རིག་པར་བྱའོ།། མིང་མ་སྨོས་པ་ཡང་ངོ་ཞེས་བྱ་བ་ནི
་ཉམས་པར་བྱ་བའི་མིང་མ་སྨོས་པར་སྐུར་པ་འདེབས་ན་ཡང་སྦོམ་པོའོ།། འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། དགེ་འདུན་གྱི་དབུས་སུ་ངེས་པ་མེད་པར་འདི་སྐད་ཅེས་མི་ཚངས་པར་སྤྱོད་པ་བྱས་སོ།། མ་ཤ་ཀ་ལྔ་ལས་ལྷག་པར་བརྐུསོ།།
་མི་སྲོག་དང་བྲལ་བའོ།། མི་ཆོས་བླ་མ་ཡང་དག་པ་མ་ཡིན་པ་སྨྲས་སོ་ཞེས་ཟེར་ཞིང་བདག་ནི་ཆེ་གེ་མོས་སོ་ཞེས་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུརརོ་ཞེས་གསུངས་པ་ཡིན་ནོ།། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང
་བ་དང་དགེ་འདུན་གྱི་དབྱེན་བྱས་པའོ་ཞེས་བྱ་བ་ནི་མཚམས་མེད་པ་འདི་གཉིས་ནི་སྦོམ་པོའོ།། མི་གསོད་པ་དང་དགེ་འདུན་གྱི་དབྱེན་གྱི་ལྷག་མ་དབྱེ་བར་བརྟུལ་བ་ནི་སྤོང་བའི་ཕྱོགས་པ་འདི་དག་ལ་གོ་རིམ་ཇི་བཞིན་དུ་སྦོམ
་པོའི་ལྟུང་བ་ཡིན་གྱི་སྐུར་པ་འདེབས་པའི་ཕྱོགས་པ་ནི་མ་ཡིན་ཞེས་བྱ་བར་རིག་པར་བྱའོ།། དེ་གཉིས་ཀྱིས་སྐུར་པ་འདེབས་ན་ཉེས་བྱས་རྣམ་པར་གནས་པ་ཡིན་ནོ།། བསམས་ཏེ་སྨྲས་སོ་ཞེས་བྱ་བ་ལ་སོགས་པས་གཞོགས
་སྨོས་བྱེད་ན་ཉེས་བྱས་སོ་ཞེས་བྱ་བ་ནི་འདིར་སོགས་པ་ཞེས་བྱ་བའི་སྒྲ་ནི་རྣམ་པར་གཞན་བསྟན་པའི་ཕྱིར་རོ།། བསམས་ཏེ་སྨྲས་སོ་ཞེས་བྱ་བ་ནི་འདི་ལྟ་བུའི་རྣམ་པ་མཚོན་པར་བྱེད་པ་ལ་ཉེས་བྱས་སོ།། འདིར་གཞུང་ནི་ཞུ
་བ་ཁ་ཅིག་གི་གཞུང་ལས་དགེ་སློང་སྟན་ལས་ལངས་ཏེ་བདག་གིས་བསམས་ཏེ་སྨྲས་སོ།། ཞེས་ཟེར་ཞིང་སྐྱེ་བོ་ཐམས་ཅད་ལ་ཉེས་བྱ་སུ་འགྱུར་རོ་ཞེས་བྱ་བ་ལྟ་བུའོ།། བག་ཙམ་ལ་ཡང་རྣམ་པ་དེ་དག་ཤེས་པར་བྱ་སྟེ། བདག
་གིས་དགེ་སློང་མ་ཆེ་གེ་མོ་ཞེས་བྱ་བ་མ་ནིང་པོ་དང་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའོ།། གཞི་མེད་པའི་དང་བག་ཙམ་གྱི་ཞུ་བའོ།། གཞན་གྱི་འཁོར་ཁ
་འདྲེན་ན་སྦོམ་པོའོ་ཞེས་བྱ་བ་ནི་ཕྲན་ཚེགས་རྣམས་ལས་འདི་འབྱུང་ངོ་།། དགེ་འདུན་གྱི་དབྱེན་ལ་སོགས་པའི་དགེ་འདུན་ལྷག་མ་བསྒོ་བ་ལས་བྱུང་བ་བཞི་པོ་རྣམས་ཀྱི་ཐུན་མོང་གི་རྣམ་པ་བརྗོད་པར་བྱ་སྟེ། བཟློག་པའི
་ཚུལ་གྱིས་མི་གཏོང་བར་རྗེས་སུ་བསྒྲུབ་པའི་རང་བཞིན་ནི་རྗེས་སུ་མཐུན་ནོ།། ཞེས་བྱ་བ་ནི་འཆད་པར་འགྱུར་བ་དག་ལས་དགེ་འདུན་གྱི་དབྱེན་བྱེད་པ་ལ་འཇུག་པས་ཞེས་བྱ་བ་འདི་ལྟ་བུ་ལ་སོགས་པ་མི་གཏོང་བའི་བདག་ཉིད
་ཅན་རྗེས་སུ་བསྒྲུབ་པ་ལ་གང་ཞིག་གི་ངོ་བོ་ལུས་ངག་གིས་གོ་བར་གྱུར་པ་ལའང་ཅང་མི་སྨྲ་བའི་ངོ་བོས་རྗེས་སུ་མཐུན་པར་གྱུར་པ་འམ། གཉིས་ཀའི་བདག་ཉིད་ཅན་བཟློག་པའི་ཚུལ་གྱིས་དེ་རྗེ་སུ་འགྲོ་བའོ།། གང་གི་ཕྱིར
་བཟློག་པ་དང་འབྲེལ་པའི་སོ་སོར་ཉེ་བར་གནས་པ་ཞེས་བྱ་བ་འདི་ལ་མི་གཏོང་བར་རྗེ་སུ་བསྒྲུབ་པའི་རང་བཞིན་ནོ།། དེ་བས་ན་བཟློག་པའི་ངོ་བོས་རྗེ་སུ་འགྲོ་བར་རིག་པར་ཡིན་ནི།། གཅིག་ཏུ་བཟློག་པ་ལ་དེ་དང་འབྲེལ་པའི་མི
་གཏོང་བའི་རྗེས་སུ་བསྒྲུབ་པ་ལ་གཅིག་པ་ཉིད་དང་། གཞན་ལ་གཞན་ཉིད་དང་། སྦྱོར་བར་གྱུར་པ་ལ་སྦྱོར་བར་འགྱུར་བ་ཉིད་དང་། མཐར་ཐུག་པར་གྱུར་པ་ལ་མཐར་ཐུག་པར་གྱུར་པ་ཉིད་ཅེས་བྱ་བ་འདི་ལ་འདི་བྱེད་པའོ།། གསོལ་བ
་ནི་བཟློག་པ་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་འདིར་ཡང་མི་གཏོང་བ་ལ་བྱེད་པ་པོ་ཉིད་དོན་ཏོ།། ཟློག་པར་བྱེད་པ་ཉིད་ལ་འདི་ཁས་ལེན་པ་སྟེ། བཟློག་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་རྩོམ་པ་འདིའོ།། བསྒྲུབ་པ་འདི་ནི་བཟློག་པའི
་དོན་ཅན་ཉིད་དེ། དེ་བས་ན་བཟློག་པའི་དབང་ཅན་གྱི་ཉེས་པ་བསྐྱེད་པའོ།། ཚིག་གི་སྐད་ཅིག་མ་གཅིག་ཉིད་དོ་ཞེས་བྱ་བ་ནི་ཆ་ཤས་རེ་རེ་ལ་ཡང་འདིར་ཆ་རེ་རེ་ནི་སོ་སོར་གཅོད་པ་ལ་ནི་ལྟུང་བ་མེད་དོ།། འདིར་ཤིན་ཏུ་རིང་བ
་ག་ཉིད་ལ་ཡང་ལྟུང་བ་གཅིག་ཉིད་དོ།། གང་ཞིག་གང་དུ་དངོས་གཞིའི་དུས་དེའི་དུས་ལས་འབྱུང་བའི་རྣམ་པར་རིག་པར་དང་རྣམ་པར་རིག་པ་མ་ཡིན་པ་དག་ལ་ལྟུང་པ་བྱས་པ་ཉིད་དོ།། དེའི་བདག་ཉིད་དུ་གྱུར་པ་གཞན
་དག་ལ་རྣམ་པར་འགྱུར་བ་ཉིད་ཀྱི་ཕྱིར་ལྟུང་བ་རྣམ་པར་བཞག་པ་ལ་མཐོང་བའོ།། འདིར་གཞུང་ནི་གསོལ་བ་བྱེད་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེ་ལ་བརྗོད་པར་བྱས་ན་ཉེས་པ་སྦོམ་པོར་འགྱུར་རོ།
་ཞེས་གསུངས་པ་ཡིན་ནོ།། སྐད་ཅིག་མ་གཅིག་གང་ལ་ཕལ་ཆེར་བྱས་པ་ཉིད་གང་ཡིན་པ་དེ་ནི་འདིར་དངོས་གཞིའི་དུས་སུ་ཤེས་པར་བྱའོ།། བཟླས་པ་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི་ལས་སོ་སོ་ལ་བཟློག་པར་བྱེད་པ་ནི་ཐ་དད
་པའོ།། དང་པོ་འདི་དག་ལ་སོ་སོར་སྦོམ་པོ་སྟེ། ཕྱི་མ་ནི་དངོས་གཞིའོ་ཞེས་བྱ་བ་གང་ཞིག་བརྗོད་པ་དེ་བས་ན་མདོ་འདི་བརྩམས་པའོ།། མཇུག་སྡུད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན་གྱིས་བཟོད་ཅིང་གནང་ནས་ཞེས
་བྱ་བ་ལ་སོགས་པའི་མཇུག་སྡུད་པ་ལ་སོ་སོར་ཉིད་མ་ཡིན་ནོ།། བྱས་པ་ནི་གོ་བར་བྱ་བ་ཙམ་ཉིད་ཀྱི་ཕྱིར་ལྷག་མ་ལྟར་དངོས་གཞིའི་དུས་ཀྱི་ཐ་མ་རྒྱུན་ལས་འདི་ལ་སྔོན་དུ་ཞུགས་པ་རྣམ་པར་གནས་པ
་ཡིན་ནོ།། སྔར་སྔོན་དུ་འདི་ལ་ཞུགས་པ་གང་དུ་རིགས་པ་མ་ཡིན་ཏེ་ཕྱི་མ་བསྒྲུབ་པ་ལ་རིགས་པ་མ་ཡིན་ཞེ་ན། དེའི་ཕྱིར་འཇུག་པ་ཉིད་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་བྱ་བ་ལ་བརྩམས་པ་ལ་སོགས་པའི
་འཇུག་པ་ནི་སྦྱོར་བ་ཉིད་དེ། དུས་གང་ཞིག་ལ་འཇུག་པ་གང་ཡིན་པ་ཞེས་བྱ་བ་འདིར་ཁྱད་པར་མ་བརྗོད་པས་སྔར་ཡང་བཞམས་ཏེ། བསྒོ་པོ་ལ་སོགས་པའི་འོག་ཏུ་འམ་གསོལ་བ་ལ་སོགས་པའི་བར་དུ་ཡང་ཞེས་བྱ་བ་ཤེས
་པར་བྱའོ།། མོ་གཏད་པའི་ཕྱིར་ཤིན་ཏུ་དམན་པ་འཇུག་པ་འདི་ཡིན་ཏེ། དེ་བས་ན་འདིས་དེ་མ་ཐག་པའི། མི་གཏིང་བ་ལ་སྦྱོར་བ་ཉིད་དུ།། གྲགས་པར་འགྱུར་རོ་བསྐྲད་པའི་ལས་མ་བགྱིས་པར་ཡང་འདུན་པས་འགྲོ་བ་ལོ་སོགས
་པ་ཉིད་ཀྱིས་འགྲོ་བར་བྱེད་པ་ལ་འདི་ལས་སྦྱོར་བ་ཉིད་ཐལ་བ་དང་། བསྐྱེད་པ་དང་གླེང་བ་དང་དྲན་པར་བྱེད་པ་དུ་འཇུག་པ་ལ་ཡང་བརྩམས་པར་བྱ་བ་ཉིད་གོ་བར་བྱེད་པས་དེ་བསལ་བར་བྱ་སྟེ། བསྐྲད་པ་དང་གླེང་བ་དང་དྲན
་པར་མ་བྱས་པར་དེའིའོ་ཞེས་བྱ་བ་ནི་གནས་འདི་ལ་སྦྱོར་བ་འཇུག་པའི་ཕྱིར། སྦྱོར་བ་ཉིད་དེ་དངོས་གཞི་རོ་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བ་ལས། བསྐྲད་པའི་ལས་མོ་འགྱིད་པར་ངེ་འདུན་པས་མཆིལ་ཞེས
་བགྱི་བ་དང་། ཞེ་སྡང་གིས་མཆི་བ་དང་། གཏི་མུག་གིས་མཆི་བ་དང་། འཇིགས་པས་མཆིའོ་ཞེས་བགྱི་བའི་བར་དུ་མཆི་ན། ལྟུང་བ་ཅི་འགྱུར། ཉེས་བྱས་སུ་འགྱུར་རོ།། བསྒོ་བར་བགྱི་འམ་འོན་ཏེ། བསྒོ་དར་མི་བགྱི། བཀའ་སྩལ་པ།
་བསྒོ་བར་མི་བྱའོ།། བསྒོ་བ་ཆགས་སམ་མི་ཆགས། བཀའ་སྩལ་པ། མི་འཆག་སོ།། གླེང་བར་མ་བགྱིས་དྲན་པར་མ་བགྱིས་པར་བདག་ཉིད་ངག་མི་ཉན་པ་ཉིད་དུ་འཇོག་པར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱསུ་འགྱུརརོ།། བསྒོ
་བར་བགྱི་འམ་འོན་ཏེ་བསྒོ་བར་མི་བགྱི།། བཀའ་སྩལ་པ་བསྒོ་བར་མི་བྱའོ།། བསྒོ་བ་འཆགས་སམ་མི་འཆགས། བཀའ་སྩལ་པ། མི་འཆགསོ་ཞེས་གསུངས་པ་ཡིན་ནོ།། སླར་ཅིའི་ཕྱིར་གནས་སྐབས་འོདི་ལ་ནི་ཉེས་བྱས
་བསྐྱེད་པ་སྟེ། འདི་ལ་ཤིན་ཏུ་མངོན་པར་ཞེན་པ་གཞན་གནས་པའི་ཕྱིར་ཤིན་ཏུ་སྡིག་པའི་བསམ་པ་ཤས་ཆུང་བ་ལ་ཇི་ལྟར་དྲན་པར་བྱེད་པ་མ་ཚང་བས་མེད་པའོ།། ཁ་ན་མ་ཐོ་བ་མ་ཡིན་པ་དག་ཉིད་ལ་དྲན་པ་རྙེད་པོས་ཡིད
་ལ་གནས་པའི་ཕྱིར་བརྩོན་པ་ངན་པ་ཉིད་ཀྱིས་དྲན་པར་མི་བྱེད་ཅིང་གླེང་བ་ལ་སྡིག་པ་དང་བཅས་པ་ཉིད་མཐོང་ཞིང་ཚིག་གིས་སྒོ་ནས་མཐུ་དང་ལྡན་པ་ཉིད་སྡིག་པའི་བསམ་པ་ཅན་ལ་སོ་སོར་ཉེ་བར་གནས་པར་འགྱུར་རོ།། བརྩོན
་པ་བཟང་བ་ཉིད་ཀྱང་བསམས་པར་གྱུར་པ་ལ་གླེང་བ་ལ་གནས་པ་ཉིད་དོ།། གླེང་བར་བྱེད་པ་པོ་གནང་བ་ཡིན་ཏེ། གླེང་བ་ནི་ཕྱོགས་གཅིག་ཏུ་གྱུར་པའོ།། འདིར་གླེང་བ་ཡོང་སུ་རྫོགས་པར་གྱུར་པ་དྲན་པར་བྱེད་པ་ལ་འདོད་པ
་ཡིན་ནོ།། གང་ཞིག་མེད་པར་བསྟན་པ་བཟུང་བས་རྩོན་པ་པོ་འམ། བདག་ཉིད་གླེང་བའོ་བསམ་པ་མ་ཡིན་པ་དེ་ནི་འདིར་དྲན་དུ་འཇུག་པར་ཤེས་པར་བྱའོ།། ཚིག་འདི་གཉིས་ཀྱིས་ནི་གླེང་བ་ཡོངསསུ་རྫོགས་པ
་བྱས་པ་ཡིན་ནོ།། དེ་ལྟ་བུའི་གླེང་བ་པོ་ཉིད་མེད་པ་ལ། ཉེས་བྱ་སུ་ཞེས་བྱའོ།། དེ་ལ་ནི་བསྒོ་བར་མི་བྱའོ།། ཞེས་བྱ་བ་ནི་བསྐྲད་པར་མ་བགྱིས་པ་ལ་གླེང་བ་དང་། དྲན་པར་མ་བྱས་པ་ལ། བྱེ་བྲག་ཡོངསུ་མ་བཟུང་བས། བཞམ
་ཏེ་བསྒོ་བ་ལས་ཀྱང་སྟེ་ལས་གཅིག་པུས་མ་ཡིན་ནོ།། ཞེས་བྱ་བ་རྟོགས་པར་བྱའོ།། དེ་དག་ལ་ཞམས་པ་དང་། ལས་ཀྱིས་མི་བསྒྲི་བར་མི་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་བྱེད་པོ་ལ་རྩོལ་བ་ལ་སོགས་པ། འདི་རྣམས་ལ་བཞམས
་བསྒོ་བའི་ལས་ཀྱིས་མི་བསྒོ་བར་བྱའོ།། དགེ་སློང་དག་ཁྱེད་ཀྱིས་བསྒོ་བར་གྱིས་ཤིག། ཅེས་བྱ་བ་ལ་སོགས་པས་བཞམས་ཏེ་བསྒོ་བའི་ལས་ཀྱིས་བྱས་པ་དག་ལ་བསླབ་པའི་གཞི་འདི་རྣམས་ལ་གོ་བར་བྱེད་པ་དག་ལ་བསྡུ་བ
་འདི་ཡིན་ནོ།། སྐྱོན་རབ་ཏུ་ཞི་བའི་དོན་དུ་འདི་བྱས་པའོ།། སྐྱོན་ལ་བལྟོས་པ་ནི་མི་རིགས་པ་སྟེ་ཞེས་བྱ་བ་ངེས་པར་བྱ་བ་ཉིད་ཀྱི་བསམ་པས་འདི་ཤེས་པའོ།། འདིར་ལས་ཀྱིས་ཞེས་བྱ་བ་ཚིག་གཅིག་གིས་ཀྱང་དོན་འགྲུབ་པའོ།། དགེ་འདུན
་བྱེད་པ་པོ་ཉིད་ཀྱི་ཕྱིར་བཞམས་ཏེ་བསྒོ་བཾ་ཞེས་བྱ་བ་འདིའི་དོན་དུའོ།། མི་བསྒོ་བར་མི་བྱའོ་ཞེས་བྱ་བ་མང་པོའི་ཚིག་བཟུང་བའོ།། འདིར་དགེ་འདུན་གྱི་བྱེད་པ་པོ་ཉིད་མ་ཡིན་ཏེ་གནས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟར་ཡང་འདི་དགེ་སློང་མང
་རྣམས་ཀྱིས་བཞམས་ཏེ་བསྒོ་བས་བསྒོ་བ་དེའི་དགེ་སློང་མང་པོ་རྣམས་ཀྱིས་བཞམས་ཏེ་བསྒོ་བས་གནང་བར་གྱུར་པ་ན་ཞེས་བྱ་བའི་ཚིག་འདིར་མང་པོར་གྱུར་པ་རྣམས་ཀྱིས་དེར་འཇུག་པར་བྱ་སྟེ། མང་པོ་མ་ཡིན་པ་རྣམས་ཀྱིས་ནི་མ་ཡིན་ནོ།། །
་ཞེས་བྱ་བ་འདི་བསྟན་པའི་དོན་དུ་མང་པོའི་ཚིག་ལ་དགོངས་པ་ཉིད་དོ།། གོང་དུ་བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་རྣམས་ཤེ་ན། དེའི་ཕྱིར་དེའི་མཐའ་ལ་མི་གཏོང་ནའོ་ཞེས་བྱ་བ་སྨོས་ཏེ། དེའི་འདི་ལས་ཀྱིས་གལ་ཏེ་ཞེས་བྱ་བ་སྨོས་ཏེ
་བ་ལ་བསྒོ་བའི་མཐའ་སྟེ། ཐ་མ་ལ་མི་གཏོང་བ་གང་ཡིན་པ་དེ་ལ་ཞེས་བྱ་བའི་དོན་ཏོ།། ད་ནི་འདི་སྒོ་བར་བྱེད་པ་ཐུན་མོང་བ་སྟེ་བསྒོ་བར་བྱེད་པ་ལས་སྐྱེས་པའི་དགེ་འདུན་གྱི་ལྷག་མ་རྣམས་ལ་བརྩམས་པ་སོ་སོ་དང་འབྲེལ་པ་རིམ་པ
་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་སྟེ། དོན་གང་མི་གཏོང་ན། དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་བརྟུལ་བར་བྱེད་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། གང་ལ་བརྟུལ་བར་བྱེད་པ་ཉིད་ཅེ་ན། དེའི་ཕྱིར་དབྱེན་ལའོ།
་ཞེས་བྱ་བ་སྨོས་སོ།། གང་གི་ཕྱིར་དབྱེན་བྱེད་པ་ལ་ཞེ་ན། དེའི་ཕྱིར་དགེ་འདུན་གྱིའོ་ཞེས་སྨོས་ཏེ། དགེ་འདུན་གྱི་དབྱེན་ལའོ།། དབྱེན་བྱེད་པའི་དགེ་འདུན་ལྷག་མའོ།། གང་ཞིག་མི་གཏོང་ན་དེའི་རྗེསུ་ཕྱོགས་པ་དགེ་འདུན་ལྷག་མར
་འགྱུར་ཞེ་ན། དེའི་ཕྱིར་དེའི་གྲོགོས་ཉིད་རྗེས་སུ་སྒྲུབ་པར་བྱེད་པའོ།། ཞེས་བྱ་བ་སྨོས་ཏེ། དེ་དང་འབྲེལ་པ་དེར་དགེ་འདུན་གྱི་དབྱེན་བྱ་དང་འབྲེལ་པའི་གྲོགས་ཉིད་ནི་དེའི་གྲོགས་བྱེད་ཉིད་དོ།། དེའི་རྗེས་སུ་བསྒྲུབ་པ་ཉིད་ནི་ཤིན་ཏུ་དམན་པ
་ཉིད་ཀྱི་ཕྱིར་རོ།། སྔོན་ནས་འཇུག་པ་འདི་ལ་ན་སྨད་པ་ཐོབ་པ་ཉིད་ལ་འདི་བཏགས་པའོ།། རྗེ་སུ་ཕྱོགས་པའི་དགེ་འདུན་ལྷག་མའོ།། གང་ཞིག་མི་གཏོང་ན་ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་འགྱུར་ཞེ
་ན། དེའི་ཕྱིར་རང་སྐྲོད་པར་བྱེད་པའི་དགེ་འདུན་ལ་ལོག་པགི་སམ་པས་དེ་དེ་ལ་དེ་ལྟར་ཞུགསོ་ཞེས་བརྫུན་དུ་སྨྲ་བ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། འདིའི་བདག་ཉིད་ཀྱི་རང་སྐྲོད་པར་ལ་དགེ་འདུན་གང་ཞིག་བྱེད་པ་པོ་དེར་འདི་ལ་ཁོ་བོ་ཅིག་སྐྲོད
་པ་ལ་ལས་གོ་བར་བྱ་བ་ལ་འཇུག་པར་གྱུར་པ་ལ་ལོག་པའི་བསམ་པས་འདུན་པ་དང་ཞེ་སྡང་དང་འཇིག་པ་དང་རྨོངས་པ་དང་སྡུག་བསྔལ་གྱིས་འབྱུང་བར་འགྱུར་བ་ཞེས་བྱ་བ་ལོག་པར་སྨྲ་བ་པོ་ཉིད་གང་ཡིན་པའི་རྣམ་པ་དེ
་ལྟ་བུའི་རྫུན་དུ་སྨྲ་བ་རྣམ་པ་དེ་ལྟ་བུའི་ཚིག་གིས་མཐའ་མར་མ་བཏང་བ་ལའོ།། ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་དེ་བཅུ་གཉིས་པའོ།། །། གང་ཞིག་མི་གཏོང་ན་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མར་འགྱུར
་ཞེ་ན། དེའི་ཕྱིར་དགེ་སློང་གིས་ལྷག་པའི་ཚུལ་ཁྲིམས་ཀྱིས་གླེང་བ་ཉིད་ན་བདག་ཉིད་ཀྱི་དེ་ལ་དགེ་སློང་དག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པ་པོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་གིས་ལྷག་མའི་ཚུལ་ཁྲིམས་ལ་དགེ་སློང་རྣམས
་ཀྱིས་བརྗོད་པར་མི་བྱ་བ་ཉིད་ལ་བྱེད་པ་གང་ཡིན་པ་དེ་ལ་ཞེས་བྱ་བའི་དོན་ཏོ།། ཕྱོགས་བཅུ་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་སློང་གི་དགེ་འདུན་ལ་འདིར་དགེ་སློང་རྣམས་ཀྱིས་ཞེས་བྱ་བ་བརྗོད་པ་ཉིད་དུ་རིག་པར
་བྱའོ།། ལྷག་པའི་ཚུལ་ཁྲིམས་ཞེས་བྱ་བ་ནི་འདིར་འདུལ་བ་རྣམ་པ་ཐམས་ཅད་བསྟན་པ་ཡིན་ནོ།། ཡོངསུ་བཅོད་པ་བརྗོད་པར་མི་བྱ་བ་ཉིད་བྱེད་པ་ལ་ཇི་སྲིད་དུ་ཅུང་ཟད་དགེ་སློང་ཞེས་བྱ་བ་འདིས་ཉེས་སུ་བྱ་བ་ཉིད་དུ་རིག་པར་བྱའོ།།
་བསླབ་པའི་གཞི་རྣམས་ཀྱིས་ཀྱང་རྣམ་པར་གཅོད་པ་བརྗོད་པར་མི་བྱ་བ་ཉིད་བྱེད་པ་ལ་ཉེས་བྱས་ཉིད་དོ།། སོ་སོ་ཉིད་ཐོབ་པ་ལ་འདི་ནི་ཁ་ན་མ་ཐོ་བ་སྟེ། ཡོངསུ་གཅོད་པའི་བསླབ་པའི་གཞི་རྣམས་ཀྱིས་བརྗོད་པར་མི་བྱ་བ་ཉིད
་བྱེད་པ་ནི་སོ་སོ་ཉིད་ཐོབ་པ་མ་ཡིན་ནོ།། དེ་བས་ན་འདིར་སྦོམ་པོ་མི་བསྐྱེད་པ་ཉིད་དོ།། མཛེས་དེར་ཉེས་བྱས་ཉིད་དོ།། མི་མཛེས་པ་ཉིད་ཀྱི་ཕྱིར་རོ།། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའོ།། །། དགེ་འདུན་ལྷག
་མ་རྣམས་རྫོགས་སོ།། །། ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་ཆོ་ག་ཐམས་ཅད་ཀྱི་དབང་དུ་བྱ་བ་མདོ་འདིས་དང་མདོ་འོག་མ་གཉིས་ཀྱང་དེའི་ཁ་ན་མ་ཐོ་བའི
་ཡན་ལག་ཏུ་གྱུར་པ་དང་པོའོ།། ཉིན་མཚན་གང་ལ་ཉིན་མཚན་གྱི་དང་པོ་མེད་པ་དེ་ནི་དང་པོ་མ་ཡིན་པའོ།། དེའི་མཐའི་ཐ་མ་ལ་མཐར་ཐུག་པར་གྱུར་པའི་སྐད་ཅིག་མ་གང་ཡིན་པ་དེ་ལས་གཞན་ལ་ཡོད་པ་ཉིད་མ་ཡིན
་པ་ཉིད་ཞེས་བྱ་བའི་དོན་ཏོ།། ཞག་བཅུ་འདས་པར་བྱེད་པ་ལ་གང་ཞིག་སྤང་བ་རྣམ་པར་བཞག་པ་ཟླ་བ་གཅིག་འདས་པ་དང་། ཞག་དྲུག་འདས་པ་དང་ཞག་བདུན་འདས་པ་ལ་ཕྱི་མའི་ཆ་ཙམ་ཡོད་པ་ལ་ཡང་དེར་གཞན
་ཉིན་ཞག་ཅིག་པའི་དང་པོ་ཉིད་དོ།། མཐར་འབྱུང་བ་མལ་བསྐྲད་པ་བརྗོད་པ་སྟེ། དང་པོ་འགའ་ཞིག་ལ་ནི་མ་ཡིན་ཏེ་ཞེས་བྱ་བ་འདི་ལ་འདི་བྱེད་པའོ།། འདིར་ལུང་ནི་འཆད་པའི་བསླབ་པའི་གཞི་ལས་དག
་སློང་གིས་ཆོས་གཅིག་ལ་ཆོས་གོས་ཟེད་དམ་ཆེས་ལྔ་ལ་ལྷུང་བཟེད་རྙེད་ན་ཞེས་གསུངས་པས་ཆེས་འདི་དང་པོ་ཐུན་ཚོད་ངེས་པར་མ་སྨོས་པར་ཚེ་ས་བཅུ་གཅིག་གི་ཉིན་པར་སྐྱ་རེང་ཤར་ནཱ་སྤྱང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུ
་བ་ཡིན་ནོ།། གང་གི་ཕྱིར་འདིས་ཚིག་བསྟན་པར་འགྱུར་ཏེ། མཐའ་མ་ལས་གཞན་པའི་ཉིན་མརྒྱན་གྱི་ཆ་ཡོད་པ་མ་ཡིན་པ་ཉིད་གང་གི་ཕྱིར་འདི་རྣམས་ཡོད་པ་ཉིད་ལ་འདི་ནི་འདི་སྐད་ཅིག་གིས་སྟི་རྡོ་ཞིག་ལ་ཞེས་བྱ་བ་བརྗོད
་བར་བྱ་བ་སྐྱེ་བར་འགྱུར་རོ།། གསུངས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ།། ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་གནས་པ་དང་བསྙེན་པར་རྫོགས་ན་ཡང་ལྦུ་བའི་རྣམ་པ་མི་གཏོང་བ་དང་ལྷན་ཅིག་གནས་པ་དང
་དགེ་ཚུལ་བསྣོལ་བ་དང་ལྷན་ཅིག་གནས་པ་དང་། མཚན་མི་མཐུན་པ་དང་གནས་གཅིག་ནི་ལྷན་ཅིག་ཉལ་དང་། སྣང་བ་དང་བཅས་པ་དང་དམག་གི་ནང་ན་གནས་པ་ལ་སྦྱོར་བའི་སྣོད་ཉིད་ཡིན་པའོ།། མཐའ་ཡས་པ་གནས་པ་ཉིད
་ནི་སྦྱོར་བ་ཉིད་དོ།། དེའི་ཡུལ་ལྷན་ཅིག་ཉལ་བ་ལ་ཕྱོགས་སྔ་མ་རྣམས་དང་དམག་གི་ནང་དུ་གནས་པ་ལ་ཉེས་པ་མེད་པ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་མཚན་མོ་ཙམ་ལ་དམག་གི་ནང་ན་འདུག་པ་མ་གཏོགས་པ
་གནས་ན་མལ་ཆ་གཟུང་བའི་ཕྱིར་རོ།། གང་གི་ཕྱིར་མཚན་མོ་ལ་མལ་རབ་ཏུ་གྲགས་ཡིན་ཏེ། དེ་དག་གི་མཚན་མོ་གསུམ་པ་ལ་འདྲོན་པ་དག་ཕྱི་རོལ་ཏུ་དགར་བར་བྱའོ་ཞེས་གསུངས་པ་ལས་མཚན་མོ་ཞེས་སྨོས་པའི་ཕྱིར།།
་དེ་བས་ན་མཚན་མོ་དང་འབྲེལ་པ་འདི་རྣམས་ལ་མལ་དང་ལྷན་ཅིག་སྦྱོར་བར་རྟོགས་པར་བྱའོ།། དམག་གི་ནང་ན་གནས་པ་ལ་ཉེས་པ་དང་ལྡན་པ་ཉིད་དོ།། དེ་བས་ན་ཉིན་མོ་ཡང་འདིར་གནས་པར་སྦྱོར་བ་ལ་ཞུགས་པའོ།།
་དེའི་དང་པོ་ནི་སྐྱ་རེང་དྲང་པོའི་འོ་ཞེས་བྱས། ཉིན་མཚན་དེའི་དང་པོ་ནི་སྐྱོ་རེང་དང་པོ་གང་ཡིན་པ་དེའི་ཡིན་པར་རིག་པར་བྱའོ།། ཞག་ནི་ཉིན་མཚན་གྱི་དང་པོ་སྟེ། ངེས་པར་འབྱུང་བར་གྱུར་པ་ངོ་བོ་ཉིད་ཀྱི་ཕྱིར་རོ།། ཉིན་མོ་དང་མཚན
་མོ་ལ་སྣང་བ་ནོ་ཞག་གི་ངོ་བོའོ།། སྒྲ་རང་དང་པོ་ལ་སོགས་པ་ཡང་ཉིན་མོ་ལ་སོགས་པའི་སྣང་བ་ལ་དང་པོ་ཞེས་བྱ་བ་འདི་ལྟར་མདོ་བྱས་པའོ།། ལས་ལ་ནི་འདས་ན་ཉི་མ་ཤར་བའི་འོ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་དང་།
་དེ་གཉིས་ལ་ལྷག་པར་གནས་པ་དང་། དབྱར་ཁས་བླངས་པ་དང་སྲ་བརྐྱད་འདིངས་པའི་སྒོ་རྣམས་ལ་ཚེས་ཀྱི་ཁྱད་པར་དང་འབྲེལ་པའི་ལས་རྣམས་ལ་དུས་འདའ་བར་ཡོད་པར་གྱུར་པ་ཉི་མ་འབྱུང་བའི་དངོ་པོ་ནི་ཉིན་མོ་དང
་མཚན་མོ་སྐྱ་རིང་ཤར་བའི་བར་དུ་འདའ་བར་བྱེད་པ་ལ་དུས་ཀྱི་བྱེ་བ་ཉིད་ཅེས་བྱ་བའོ།། དོན་འདྲི་བ་ལ་འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞོག་དགེ་སློང་གིས་སྐྱ་རེང་ཤར་བ་དང་བདག་གིས་གསོ་སྦྱོང་མ་བྱསོ་སྙམ་དུ་དྲན་པ་སླར
་རྙེད་པར་གྱུར་ནས་དེ་དག་དེའི་ཚེ་ན་དགེ་སྦྱོང་བགྱིད་ཅིང་སོ་སོར་ཐར་པ་འདོན་པར་བགྱིད་ན་དགེ་འདུན་གྱིས་གསོ་སྦྱོང་བགྱིས་པ་དང་སོ་སོར་ཐར་པ་བཏོན་པ་ཞེས་བགྱིའམ། ཉེ་བར་འཁོར་དགེ་སློང་དེ་རྣམས་ཀྱིས
་གསོ་སྦྱོང་བྱས་པ་སོ་སོར་ཐར་པ་བཏོན་ཅེས་བྱ་བ་ནི་འདྲ་བ་ཉིད་ཀྱི་ཕྱིར་དགག་དབྱེ་ལས་འདི་ཤེས་པའོ།། སྤང་བ་ལ་ནི་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་བྱ་བ་ནི་དངོས་པོ་ལས་ཇི་ལྟར་མ་བྱིན་པར་ལེན་པ་དང་། ཤི་བའི
་ཡོ་བྱད་གཉིས་ནི་ཉེ་བར་དགོས་པར་བྱ་བ་མ་ཡིན་པ་ཉིད་ནི་རང་ཉིད་མ་ཡིན་པ་ཤེས་པར་བྱེད་པའི་བདག་པོ་ལ་ཡང་སྐྱེ་བ་ཉིད་བདག་ཏུ་བྱ་བ་འདི་ལ་ཡང་དག་པར་ཤེས་པ་ཉིད་དེ་དེ་བཞིན་དུ་སྲུང་པོའི་ལྟུང་བྱེད་པ་ཡང་ཤེས་པར
་གྱུར་པ་ཡོད་དུ་ཟིན་ན་དངོས་གཞི་སྐྱེས་པ་སྟེ་ཤེས་པར་གྱུར་པ་ལ་ནི་ལྟུང་བ་གཙོ་ཆེར་རང་ཉིད་ཀྱི་འདུ་ཤེས་ལ་ནི་ལྟུང་བ་མེད་དོ།། དོན་ཇི་ལྟ་བ་ཉིད་ལ་དངོས་གཞི་སྟེ་དོན་ཇི་ལྟ་བུ་མ་ཡིན་པ་ལ་ཞེས་བྱ་བའི་དོན་ཏོ།། རང་གི་མ་ཡིན
་པཱུ་ལ་རང་གི་བློ་ཡོད་པ་ལ་ཉེས་བྱོས་བསྐྱེད་པ་ཞེས་བྱ་བར་ཤེས་པར་བྱའོ།། རང་གི་ཡིན་པ་ལ་ནི་དངོས་གཞི་སྟེ། རང་གི་མ་ཡིན་པ་ལ་ཉེས་བྱསོ་ཞེས་བྱ་བ་འདི་འདུ་ཤེས་པ་བཞིན་དུ་སོམ་ཉི་ཞེས་བྱ་བའི་དོན་ཏོ།། འདིར་གཞུང
་ནི་ཀོ་ལྤགས་ཀྱི་གཞི་ལས་དགེ་སློང་གིས་དགེ་སློང་ལོ་ཚེས་གོས་དག་བསྐུར་ཞིང་འདི་ནས་བཏང་ལ་དེར་མ་བྱིན་པ་དག་ལ་ཡང་སྤང་བར་མི་འགྱུར་ཞེས་གསུངས་པ་ཡིན་ནོ།། མ་ཐོབ་པ་གོང་ལ་བཏང་པོ་དེ་ལ་ནི་སྤང་བའི
་ད་མ་སྤྱད་པར་བསྐྲུན་པན་འསུགས་པར་མ་འགྱུ་བ་བྱུད་ཀྱི་མྱུར་འདིར་རྣམ་པར་གནས་པ་ཡིན་ན།། དུནུ་བསྡུས་པ་ཉིད་ན་ས་བཏུད་ནས་བྱུ་བ་ན་གཞན་ལ་ཐ་ཟླ་བ་དང་དུལ་སྨྲ་སྱཱ་མ་ནས་གྱུ་ང།
་ལོ་གང་དུ་བསྔོས་པ་ཉིད་ངེས་འདུ་ཤེས་པ་ཉིད་ལ་ཡང་སྟོན་པ་ཉིད་ལ་རྣམ་པར་མ་བརྟགས་ཟིན་ཀྱང་སུ་ཞིག་ལེ་ཞེས་བྱ་བ་བྱེ་བྲག་ཡོངསུ་མ་བཟུང་བར་ཤེས་པར་བྱའོ།། གང་ཞིག་འདི་ནི་ཀོ་ལྤགས་ཀྱི་གཞི་ལས་གོང་གིས
་བཏང་བ་དྭེར་སྨྱུང་བ་རི་ལྟུང་བྱེད་མི་བསྐྱེད་པར་བརྗོད་པའོ།། འདིར་ལུང་ནི་འོན་འདི་ཤི་བའི་ཡོ་བྱད་ལ་ཇི་ལྟར་འདིར་དངོས་པོ་ལས་རང་ཉིད་རྣམ་པར་བཞག་གི་འདུ་ཤེས་ལས་མ་ཡིན་ནོ།། རབ་ཏུ་བྱུང་བའི་དོན་དུ་ངེས་པར་བྱ
་ཡང་དེ་ཉིད་དོ་ཞེས་བྱ་བ་ནི་དངོས་པོ་ཉིད་ཅེས་བྱ་བའི་དོན་ལ་ལྟུང་བ་མེད་དོ།། རབ་ཏུ་བྱུང་བ་ལ་བལྟོས་པའི་དོན་དུ་བྱེད་པ་ཉིད་ཀྱི་ཕྱིར་འཛིན་པར་བྱེད་ཅེས་བྱ་བ་གང་ཞིག་ཙམ་ལ་བརྗོད་པ་དེ་ལའང་བཤད་པའོ།། ཆོས་གོས་ལས་ཀྱང
་རྣམ་པར་བརྟགས་ནོའོ་ཞེས་བྱ་བ་ནི་མ་བླངས་པོ་ཉིད་ལ་རྣམ་པར་བརྟགས་པ་ལས་ཆོས་གོས་ལས་ཀྱང་རང་གི་ཉིད་དང་འབྲལ་བ་སྟོན་ཏོ།། འདི་ལ་རྗེ་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ།། ཞེས་བྱ་བ་ནི་རང་ཉིད་ཀྱི་རྗེ་སུ་འཇུག་པ
་ཉིད་ཀྱི་རྗེ་སུ་འཇུག་པ་ཉིད་གང་ཡིན་པ་དེ་ལ་འདིར་མ་བླངས་པ་ཉིད་ལ་སོགས་པས་བྲལ་བ་ཉིད་ལ་ཉམས་པ་ཉིད་དོ།། རང་བཞིན་ལས་ཉམས་ན་ཡངོ་ཞེས་བྱ་བ་ལ་ཡངོ་ཞེས་བྱ་བའི་སྒྲ་ནི་རྗེས་སུ་ཞུགས་པ་ཉིད་ཉམས་པ
་ཡིན་ནོ་ཞེས་བྱ་བའི་རྗེས་སུ་བསྙེག་པའི་ཕྱིར་རོ།། འདིར་གཞུང་ནི་ཉེ་བར་འཁོར་གྱིས་ཞུས་པ་ལས་བཙུན་པ་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ལྔ་ལགས་ནས་སེམས་རྣམ་པར་འཁྲུགས་པར་གྱུར
་ནས་དེའི་དགུང་བཅུ་པོ་སླད་མ་གང་ཚུན་ཆད་ནས་བགྲང་བར་བགྱི། ཉེ་བར་འཁོར་གང་ཚུན་ཆད་ནས་རང་གི་སེམས་ཕྱིར་རྙེད་པ་ནས་སོ་ཞེས་གསུངས་པ་ཡིན་ནོ།། རང་གི་སེམས་སེམས་སོ་སོར་རྙེད་པནས་བརྩམས་ཏེ། འདིར
་བགྲང་བའི་ཚིག་གང་ཡིན་པས་ཞག་ལྔ་པོ་ཡང་འདའ་བར་བྱེད་པ་ལ་ཉེ་བར་བསྡུ་བའོ།། འདིར་ནི་འདི་ལ་བསྟན་པའོ།། དེ་ཡོད་ན་དངོས་པོ་དེ་ལྟ་བུས་གཞན་ལ་ཡང་འབྱུང་བ་ཉིད་དོ་ཞེས་བྱ་བ་ནི་རྗེ་སུ་ཞུགས་པ་ཉིད་དེ་ཡོད་ཅིང་གཞན།
་དུ་དེའི་དངོས་པོ་དང་གང་གིས་རྣམ་པའི་དངོས་པོ་ལ་དེ་དང་རྗེ་སུ་འཇུག་པ་ཉིད་དོ།། ཡོད་པའི་རྣམ་པའི་དངོས་པོ་ལ་ཆོས་གོས་ཞག་བཅུ་པར་གཏོགས་པ་ནི་ཞག་བཅུ་པའི་ཆོས་གོས་ལ་འབྱུང་བ་ཉིད་དེ་ཟླ་བ་གཅིག་པར་གཏོགས
་པའི་ནི་ཟླ་བ་གཅིག་པ་ལའོ།། ལྷུང་བཟེད་དུ་གཏོགས་པས་ནི་ལྷུང་བཟེད་ལའོ།། སྨན་ཞག་བདུན་པར་གཏོགས་པའི་ནི་སྨན་ཞག་བདུན་པ་ལ་འབྱུང་བ་ཉིད་ཙམ་ལ་སྐྱེས་པ་ཉིས་དོ་གང་གི་ཕྱིར་ཕྱིས་འབྱུང་བ་རྣམས་ལ་དང་པོའི་དུས
་འདའ་བ་ཉིད་ནི་སྤང་བའི་ལྟུང་བྱེད་བརྗོད་པའོ།། དེ་ཉིད་ལ་ཞག་བཅུའི་ནང་རོལ་དུ་སྟེ་དེ་བས་ན་སྐྱོན་མེད་དོ།། འདིར་ལུང་ནི་སྦྱོར་བ་ནི་ཡོངསུ་དག་པ་ཉིད་དེ། འདིར་རྒྱུན་ལ་དེར་འཛིན་པ་མ་ཡིན་ནོ།། སྦྱོར་བ་དེས་དེ་དང་འབྲེལ་པའི་རྫས་ཀྱི་ཁྱད
་བར་བུམ་པ་དང་སྣམ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཞག་བདུན་པ་ལ་ནི་རིགས་མཐུན་པ་ལའོ་ཞེས་བྱ་བ་ནི་རྫས་ཀྱི་རིགས་འདྲ་བ་ལ་ཞག་བདུན་པའི་དོན་དུ་ལྷག་པར་གནས་པ་ལ་རྗེ་སུ་འཇུག་པ་ཉིད་ཡོད་པ་འདི་ལ
་རྗེ་སུ་འཇུག་པ་ཉིད་ཡོད་པ་འདི་ལ་སྐྱེས་པ་ཉིད་དོ།། འདིར་རྣམ་པར་འབྱེད་པའི་གཞུང་འགའ་ཞིག་ལས་མར་དང་འབྲེལ་པ་ནི་མར་ལའོ།། འབྲུ་མར་དང་འབྲེལ་པ་ནི་འབྲུ་མར་ལའོ།། སྦྲང་རྩི་དང་འབྲེལ་པ་ནི་སྦྲང་རྩི་ལའོ།། ཧྭགས་དང་འབྲེལ
་པ་ནི་ཧྭགས་ལའོ།། འབྲེལ་པ་དང་བཅོས་པ་ནི་འབྲེལ་པ་དང་བཅས་པའོ་ཞེས་གསུངས་པ་ཡིན་ནོ།། དོན་ཐ་དད་པས་འདི་ལྟ་བུ་ཉིད་དུ་རྣམ་པར་བཞག་པའོ།། ལྟུང་བ་དེ་ཡོད་ན་ཡོ་བྱད་ཙམ་བདག་གིས་བྱས་པ་ལ་སྤང་བ་ཉིད་དོ་ཞེས་བྱ་བ་ནི
་སྤང་བའི་ལྟུང་བྱེད་དེ་ཡོད་ནའོ།། རང་བཞིན་གྱིས་མ་གྲུབ་པ་ལ་སྤང་བའི་ལྟུང་བྱེད་དག་ཏུ་བྱེད་པ་ལ་གང་དུ་ཡོ་བྱད་འགའ་ཞིག་ལ་སྤང་བའི་ལྟུང་བྱེད་ལས་སྐྱེས་པ་ཉིད་དོ་འདི་ནི་སྤང་བའི་ལྟུང་བྱེད་ལས་མ་སྐྱེས་པ་ཉིད་བྱས་པར
་རིག་པར་བྱའོ།། སྤང་བའི་ཉིད་ཙམ་ལ་ཆོ་ག་འདི་ལྟ་སྟེ་སྤང་བའི་ལྟུང་བྱེད་རང་བཞིན་གྱིས་མ་བྱས་པ་ཉིད་ལ་ཇི་སྲིད་དུ་ཐམས་ཅད་གྲུབ་པ་དངོས་པོ་ཐམས་ཅད་དེ་དངོས་པོ་གང་ལས་ལྟུང་བ་དེ་བསྐྱེད་པ་དེའི་དངོས་པོ་བཞིན་དུ་དེ་ལ་ཡང་བྲལ་བ
་མ་བྱས་པའོ།། དེའི་ཕྱིར་ལྟུང་བ་ནི་བཤགས་པར་བྱ་མི་དགོས་ཏེ། དེའི་གཞི་ལས་ལྟུང་བ་མ་བྱུང་བའི་ཕྱིར་རོ།། འདིར་གཞུང་ནི་དགེ་སློང་གིས་ཆོས་གོས་སྤང་བ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་དེ་ཡང་མ་བཤགས་པར་གཞན
་ཞིག་རྙེད་ན་དེ་ཡང་སྤང་བ་ཡིན་ཏེ། སྔ་མ་ནི་ཤུགས་ཀྱིས་སོ་སོར་བྱ་བ་ལ་སོགས་པ་གསུང་པ་ཡིན་ནོ།། ཆུང་མ་ཉིད་ཀྱི་དུམ་བུ་དེ་ནི་མི་འགྱུ་རོ་ཞེས་བྱ་བ་ལ། དེ་ནི་མི་འགྱུརརོ་ཞེས་བྱ་བ་ནི་སྤང་བ་ཉིད་དོ།། ཁོར་ཡུག
་གིས་མཐའ་མཉམ་པ་ན་སྤང་བའི་ལྟུང་བྱེད་རྣམས་ལ་དེ་བས་ན་མ་ཚང་བ་རྣམས་ལ་ཞེས་བྱ་བར་གཏོགས་པའོ།། འཁོར་ཡུག་མཉམ་པ་པ་ལས་མ་ཚང་བ་ཉིད་ལ་དུམ་བུ་ནི་སྤང་བ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ།། སྤང་བ་ཉིད་དུ་ལ་འདི
་དུས་བུ་ཉིད་དུ་འབྲེལ་པ་ལ་དུམ་བུ་རྣམས་ལ་བྲལ་བར་མ་བྱས་པ་ལ་བྱེད་པའོ།། འདིར་གཞུང་ནི་ཉེ་བར་འཁོར་གྱིས་ཞུས་པ་ལས་བཙུན་པ་དགེ་སློང་གིས་ཆོས་གོས་སྤང་བ་ཚིག་གམ་སྲོག་ཆགས་དང་སྲི་ལ་དག་གིས་འཚལ་བར་གྱུར
་ན་དེ་ལ་ཕྱཝ་ཕྱེ་འམ་དམ་དུམ་གང་དག་མཆིས་པ་དག་སྤང་བར་བགྱི་འམ། ཉེ་བར་འཁོར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ།། ལྷག་པར་གནས་བྱ་བ་མ་ཡིན་ཞེས་གསུངས་པ་དེ་ཉིད་དེ་རྣམས་ལ་ལྷག་པར་གནས
་པ་དེ་འདིར་བསྡུས་པ་ཡིན་ནོ།། དགེ་འདུན་གྱི་ཡང་ངོ་ཞེས་བྱ་བ་ནི་དགེ་འདུན་མངའ་བ་གང་ཟག་གིས་བདག་ག་ཉིད་དུ་རི་སུ་བཅད་པ་དང་། དགེ་འདུན་མངའ་རིས་སུ་མ་བཅད་པའོ།། སྤང་བའི་ལྟུང་བྱེད་དག་གི་ཡང་འཆང་བ་དང
་འབྲལ་བ་དང་འཇོག་པ་དེའི་རྒྱུས་སྦྱང་བའི་ལྟུང་བྱེད་རྣམས་ལ་ཡང་དེར་གང་ཟག་བཅག་པ་དང་འདྲ་བར་གང་ཟག་རེ་རེས་བདག་ཏུ་བྱས་པས་ཡང་དག་པར་གནས་པའོ།། དགེ་འདུན་མངའ་རིས་སུ་བཅད་པའི་དགེ་འདུན་དང་འབྲེལ་པ
་ལ་བདག་ཏུ་བྱས་པས་སུ་ཞིག་མེད་པས་འཆང་བ་དང་འཇོག་པའི་རྒྱུས་སྤང་བའི་ལྟུང་བྱེད་དག་གི་ཡང་སྐབས་མེད་པས་གནས་པ་ལ་མངའི་རིས་སུ་མ་བཅད་པ་མི་སྲིད་པའི་ཕྱིར་གང་ཟག་གཅིག་གིས་དགེ་འདུན་རིགསུ་བཅད་པ་དང་ལྷག
་པར་འབྲེལ་པ་གནས་པ་སྤང་བའི་ལྟུང་བྱེད་ལ་གླགས་ཡོད་དེ། དེ་བས་ན་མདོ་འདི་ཡིན་ནོ།། འདིར་གཞུང་ནི་ཉེ་བར་འཁོར་གྱི་ཞུས་པ་ལས། བཙུན་པ་དགེ་སློང་གིས་དགེ་འདུན་གྱི་ཆོས་གོས་བྱིན་གྱི་བརླབས་ན་མཚམས་ཀྱི་སླད་རོལ
་དུ་འབྲེལ་བར་བགྱིད་ན་ཆོས་གོས་དང་བྲལ་ཞེས་བགྱི་འམ་མ་བྲལ་ཞེས་བགྱི་བཀའ་སྩལ་པ། ཆོས་གོས་དེ་སྤང་བར་བགྱི་འམ། ཉེ་བར་འཁོར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། དེ་བས
་ན་གང་དུ་རུང་བ་ཉིད་ལ་གཏད་པ་ཉིད་མ་ཡིན་པ་ནི་འདི་ལྟ་སྟེ་དགེ་འདུན་གྱི་ཆོས་གོས་དེ་ལ་བྱ་བ་ཉིད་དོ།། འདི་ལ་མེད་པ་དེ་ཉིད་གཙོ་བོའོ་ཞེས་བྱ་བ་ནི་འདི་ལ་དངོས་པོ་ཡོད་པ་མ་ཡིན་ཞེས་བྱ་བ་ནི་འདི་ལ་དངོས་པོ་དེ་མེད་པས་ན
་མེད་པའོ།། མེད་པའི་དངོས་པོ་ནི་མེད་པ་ཉིད་དོ།། དེ་ཉིད་སྤང་བ་ཉིད་ལ་གཙོ་བོ་ཡིན་གྱི་སྤང་བར་བྱ་བའི་རྫས་ནི་གཙོ་བོ་མ་ཡིན་ནོ།། ཐམས་ཅད་མེད་པས་འདི་ལ་བྱ་བ་ཉིད་དུ་ཤེས་ནས་འདིར་ཅི་ཞིག་བྱ་བ་ཞེས་བྱ་བ་ཐེ་ཚོམ
་མི་བྱ་བ་ཞེས་བྱ་བ་འདི་ལ་འདི་བྱེད་པའོ།། འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་ཆོས་གོས་སྤང་བ་ཉམས་པར་གྱུར་ན་ལྟུང་བྱེད་བཤགས་པར་བགྱི་འམ། ཉེ་བར་འཁོར་མ་དག་པོ་ནི་བཤགས་པར་བྱའོ།།
་ཞེས་གསུངས་པ་ཡིན་ནོ།། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་ཞེས་བྱ་བ་ནི་འཆང་བ་འམ་འབྲལ་བ་དང་འཇོག་པ་ལྷག་པར་གནས་པའོ།། ཐུན་མོང་བ་ནི་སོང་ཟིན་ཏོ།། །
་དེ་ནས་སོ་སོའི་སྐབས་བརྗོད་པར་བྱ་སྟེ། གང་དུ་འཆང་བའི་སྤང་བའི་ལྟུང་བྱེད་བསྐྱེད་ཅེ་ན། དེའི་ཕྱིར་ཡོད་ནའོ་ཞེས་བྱ་བ་སྨོས་ཏེ་སུ་ཡོད་ན་ཞེ་ན། དེའི་ཕྱིར་རང་གི་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ལ་ཡང་མ་ཡིན་ནོ
་འོ་ན་གང་ཞེ་ན། དེའི་ཕྱིར་ཞག་བཅུར་རྗེས་སུ་ཞུགས་པ་ཉིད་དོ་ཞེས་བྱ་བ་སྨོས་སོ།། དུས་གང་གི་ཚེ་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱི་ཉི་མའི་དང་པོ་ལའོ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་ཞུགས་པའི་དུས་འདི་ཞག
་བཅུར་བརྗོད་པ་གང་ཡིན་པ་དེ་ལས་གཞན་པའི་ཞག་ལ་དང་པོར་སྐྱ་རོད་འཆར་བའི་སྐད་ཅིག་མ་དང་པོ་ལའོ།། རང་ཉིད་གང་དུ་སྟེ་དུས་ཙམ་གང་ཞིག་ལ་ཡོད་པ་ན་ཞེ་ན། དེའི་ཕྱིར་གོས་ལའོ་ཞེས་བྱ་བ་སྨོས་སོ།། ཐམས་ཅད་དུ
་མ་ཡིན་ཏེ་འོན་ཀྱང་འཁོར་གསུམ་ཁེབས་པའི་མཐའི་ཚད་ལའོ་ཞེས་བྱ་བ་འཁོར་གསུམ་ཞེས་བྱ་བ་ནི་ལྟེ་བའི་དཀྱིལ་འཁོར་དང་། པུས་མོའི་ལྷ་ངའི་ཚིག་གཉིས་སོ་འཁོར་གསུམ་པོ་དེ་དག་ཆུབ་པར་ཁེབས་པའི་མཐར
་གྱུར་བའི་ཁྱོན་གྱི་ཚད་གང་ལས་ཡོད་པ་དེ་ཞེས་བྱ་བའི་དོན་ཏོ།། འདིར་ཡང་ཐམས་ཅད་དུ་ནི་མ་ཡིན་ཏེ་གཞན་ཡང་བྱིན་གྱིས་བརླབས་པ་དང་མ་འབྲེལ་པ་ལའོ།། གཞན་ཡང་འབྲེལ་ཀྱང་རྗེ་སུ་ཞུགས་པ་དང་བཅས
་པ་ལའོ།། ཞེས་བྱ་བ་ནི་འབྲེལ་ཀྱང་རྗེ་སུ་ཞུགས་པ་དང་བཅས་པ་ལའོ།། ཡོད་པ་ཉིད་དང་རྗེསུ་འཇུག་པ་ལྡན་ཅིག་ཏུ་འཇུག་པ་དང་བཅས་པའོ།། རང་ཉིད་ལས་བྱུང་བ་དང་གཞན་ལས་བྱུང་བའོ།། རང་ཉིད་ཀྱི་རྗེ་སུ་ཞུགས་པ་དང
་བཅས་པ་ལ་འབྲེལ་པ་ནི་ཡུལ་ཁྱད་པར་དུ་གྱུར་པ་ཡོངསུ་བཟུང་བ་ཡིན་ནོ།། འདི་ལ་གཞན་ཡོད་ནུ་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་སོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་རྗེ་སུ་ཞུགས་པ་དང་བཅས་པའི་གོས
་ལའོ།། བྱིན་གྱིས་བརླབས་པ་རྗེ་སུ་ཞུགས་པ་དང་། བཅས་པ་དེ་ལས་གཞན་གྱིས་མ་བརླབས་པ་དོའི་ཤན་ཚུན་ཆད་ནས་ཡོད་པ་ཞེས་བྱ་བའི་དོན་ཏོ།། ཤན་ཚུན་ཆད་ནས་སོ་ཞེས་བྱ་བ་ནི་མ་ཚང་བ་ལ་གཙོ་བོར་འགྱུ་རོ།། དེ་ལྟར
་ན་ཡོངསུ་དག་པ་ཉིད་བྱིན་གྱིས་བརླབས་པ་ལ་ཞེས་བྱ་བ་འདི་ཤེས་པའོ།། འདིར་གཞུང་ནི་ཉེ་བར་འཁོར་གྱི་ཞུས་པ་ལས། བཙུན་པ་དགེ་སློང་གིས་ཆོས་གོས་དེ་ཉིད་ཞག་བཅུ་ལས་འདས་པ་ཡང་ལགས་ལ་དེ་ཉིད་བཞག་གཅིག
་བྲལ་བ་ཡང་ལགས་པ་མཆིས་སམ་ཉེ་བར་འཁོར་ཡོད་དེ་འདི་ལྟ་སྟེ། དགེ་སློང་གིས་ཆོས་གོས་རྒྱུན་མ་ཆད་པར་རྒྱུན་འབྱུང་བ་ཡང་ཡིན་ལ། དེས་ཆོས་གོས་འབྱུང་བ་དེ་ཞག་བཅུ་པ་ལ་བྱིན་གྱིས་བརླབས་ནས་མཚམས་ཀྱི
་ཕྱི་རོལ་དུ་ཆོས་གོས་དེ་མེད་པར་སྐྱ་རེང་འཆར་བར་བྱེད་ན། དེ་ལྟར་ནི་ཆོས་གོས་དེ་ནི་དེ་ཉིད་ཞག་བཅུ་འདས་པ་ཡང་ཡིན་ལ་དེ་ཉིད་ལ་དེ་ཉིད་ཞག་གཅིག་བྲལ་བ་ཡང་ཡིན་ནོ་ཞེས་གསུངས་པ་ཡོན་འཆང་བའི་སྤང་བའོ།། །
་གདིང་བ་དང་བྲལ་བ་ལ་ནི་ཉེས་པ་མེད་དོ།། ཞེས་བྱ་བ་ནི་འདིར་ཕྲན་ཚེགས་རྣམས་ལས་འདི་ལ་སོགས་པའི་ཤིན་ཏུ་མང་བ་ཟད་པས་ཞེས་བྱ་བའི་མཐར་འདི་སྙེག་པའོ།། གལ་ཏེ་དེད་ཉིད་ཕྱིར་ལྡོག་ཅིང
་གནས་པར་བྱའོ་སྙམ་པ་མེད་ན་གདིང་བ་བཞག་སྟེ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་འདི་ལྟར་དགོས་ནས་འགྲོ་བ་ལ་དུས་འབྱོར་པར་འགྱུར་བ་ལ་དེར་སླར་འོངས་པ་ཉིད་ལ་དེར་གནས་པར་བྱའོ།། གལ་ཏེ་དེང་ཉིད་ཀྱི་ཕྱིར་ལྡོག
་ཅིང་འདིར་གནས་པར་བྱའོ་སྙམ་པའི་བསམ་པ་མེད་ན་གདིང་བ་མེད་པར་གང་དུ་ཡང་འགྲོ་བར་མི་བྱའོ།། དེར་དུས་མ་འབྱོར་ན་ཡོད་པར་གྱུར་པ་ལ་ཡང་སྙམ་ཏེ་གདིང་བ་ལ་གནས་པར་བྱའོ།། མ་རྙེད་ན་བླ་གོས་བཞི་བལྟབ
་དུ་བྱས་པའི་སྟེང་དུ་ཡུན་རིང་དུ་མི་ཉལ་བར་རོ།། སྣམ་སྦྱར་བཞག་པར་མི་འོས་པའི་གནས་སུ་དབྱར་གྱི་གོས་རས་ཆེན་ཡང་བཞག་པར་མི་བྱའོ་ཞེས་བྱ་བ་གནས་གང་ན་དགེ་སློང་ཉིད་མེད་པ་དང་སྒོ་གླེགས་གཉིས་ཀ
་འདོམ་པ་དེར་བཞག་པར་མི་བྱ་ཞེས་བྱ་བའི་དོན་ཏོ།། ཆར་འབབ་ན་མི་བཞག་གོ། ཆུ་ཀླུང་གིས་ཆོད་པར་འགྲོ་བ་ལ་ཡང་མི་བཞག་གོ། དེ་གཉིས་དོགས་པར་ཡང་མི་བཞག་གོ་ཞེས་བྱ་བ་ནི་དབྱར་གྱི་གོས་རས་ཆེན་ཞེས་བྱ
་པ་འདི་ལ་ནི་འདིར་སོ་སོར་སྦྱར་བར་བྱའོ།། འདིར་གཉིས་ཞེས་བྱ་བ་ནི་ཆར་འབབ་པ་དང་ཆུ་ཀླུང་གིས་ཆོང་པ་དེ་གཉིས་ཡོད་པར་དོགས་པའི་གནས་སུ་འགྲོ་ན་ཡང་དབྱར་གྱི་གོས་རས་ཆེན་མི་བཞག་པར་བཀུརོ།། དགེ་སློང་དང་བཅས་པ
་ཉིད་དང་སྒོ་གླེགས་དང་བཅས་པ་ཉིད་དུ་ཅས་པའི་གནས་དང་ཆར་འབབ་པ་དང་ཆར་འབབ་པར་དོགས་པ་དང་། བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པ་ཉིད་འདི་ལྟ་བུ་མེད་ན་གནང་བ་མ་བྱིན་པ་དང་སྐྲ་བརྐྱང་མ་བཏིང་བས་སྣམ
་སྦྱར་མེད་པར་གར་ཡང་འགྲོ་བར་མི་བྱའོ།། ཞེས་བྱ་བ་ལ་བཅས་པ་ཉིད་ཅེས་བྱ་བ་ནི་གཉིས་པོ་འདི་དང་ཡང་དག་པར་ལྡན་པོའོ།། ཆུ་ཀླུང་གིས་ཆོད་པ་ཞེས་བྱ་བ་ནི་འབད་པས་བརྒལ་བར་མི་བྱ་བའི་ཆུས་བར་དུ་ཆོད་པ་ཉིད་དོ།། །
་གཞི་སྣང་བ་ཡོད་པ་ལ་བར་དུ་མ་ཆོད་པ་ཉིད་དོ།། འདི་ལྟ་བུ་མེད་ན་ཞེས་བྱ་བ་ནི་དགེ་སློང་དང་བཅས་པ་ཉིད་ཅེས་བྱ་བ་ལ་སོགས་པའོ།། འདི་ཡོད་པ་འདི་དང་ལྷན་ཅིག་ཏུ་སྦྱོར་བ་མེད་པར་སྐྱོན་མེད་དེ། ཆར་འབབ་པ་དང་དགེ
་སློང་དང་བཅས་པ་ཉིད་མི་བདེན་ཡང་སྒོ་གླེགས་དང་བྱས་པ་ཉིད་དུ་བཅས་པའི་གནས་ཞེས་བྱ་བར་སྦྱར་ཏེ་སྣམ་སྦྱར་ཞེས་བྱ་བར་འདིར་རྣམ་པར་གནས་པ་ཡིན་ནོ།། དེས་བསྙེན་པར་མ་རྫོགས་པའི་ལག་ཏུ་སྣམ་སྦྱར་གཏམས་པ
་ཡང་རུང་བར་སྣང་ངོ་།། གནས་སུ་ཕྱིན་པར་མི་འགྱུར་བ་ན་ཆོས་གོས་ཀྱིས་ཕྱུང་སྟེ་གཞན་ལ་བྱིན་གྱིས་བརློབས་པ་ནི་ཆོ་གའི་རྣམ་པའོ་ཞེས་བྱ་བ་ནི་གནས་གཞན་ན་འདུག་པའི་བྱིན་གྱིས་བརླབས་པ་ཕྱུང་སྟེ། ཁྱིམ་པ་ཡན
་ཆད་ཀྱི་གོས་སམ་གཞན་ལ་བརྙས་པ་ལ་ཡང་བྱིན་གྱིས་བརླབ་པ་བསླབ་པར་བྱའོ།། འདི་ནི་ཆོས་གོས་གྱི་གནས་ལ་ཐོབ་པ་མི་སྲིད་པ་ལ་སླལ་ཆོ་གའི་རྣམ་པ་སྟེ་ཐབསོ་ཞེས་བྱ་བའི་དོན་ཏོ།། སྣམ་སྤྱིར་ལྕི་བ་ཉིད་ཡིན་ན་རྒན
་པོ་དང་ནད་པ་དག་ལ་མི་འབྲལ་བའི་གནང་བ་སྦྱིན་ནོ་ཞེས་བྱ་བ་སྟེ་འབྲེལ་བའི་སྤང་བའི་ཐབ་སོ།། གང་ལ་གཞན་པ་དང་སྤང་བའི་ལྟུང་བྱེད་ལ་བྱེད་པ་པོ་ཉིད་ཅེ་ན། དེའི་ཕྱིར་བྱིན་གྱིས་བརླབས་པ་དང་གནང་བ་མ
་ཐོབ་པ་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། གོས་ཞེས་བྱ་བ་འདི་ལ་གོས་ཀྱི་དངོས་པོར་ཡོངསུ་གྱུར་པ་ལ་སོ་སོར་ཉེ་བར་གནས་པའོ།། དེ་བས་ན་ལྷུང་བཟེད་ལ་སྐབས་མ་ཡིན་ནོ།། བྱིན་གྱིས་བརླབས་པའི་ཆོས་ལ་གང་ཟག
་གནང་བ་མ་ཐོབ་པ་ནི་ལྷུང་བའི་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ།། འདིར་ནི་གནས་སྐབས་ཐམས་ཅད་ལ་གང་ཟག་དེ་བྱེད་པ་པོ་མ་ཡིན་ཏེ། དེ་ལ་བདེན་པ་ལ་འདི་གང་ཡིན་པ་དེར་བརྗོད་པར་བྱ་སྟེ། དེའི་ཕྱིར་དེའི་གནས་ཉེན
་འཁོར་དང་བཅས་པ་ནས་གཞན་ན་གནས་པ་ལ་སྐྱ་རིང་ཤར་ནའོ།། ཞེས་བྱ་བ་སྨོས་ཏེ། ཆོས་གོས་བྱིན་གྱིས་བརླབས་པ་དེའི་གནས་གང་ཡིན་པ་གནས་པའི་ས་དེ་ཉེ་བར་སྤྱད་པས་ཀྱང་གནས་གཞན་ན་གནས་པ་ལ་སྟེ། གང་ཡང
་རུང་བ་ཅིག་གི་དུས་ལ་ནི་མ་ཡིན་ནོ།། འོན་ཀྱང་སྐྱ་རེང་ཤར་བ་ལ་གང་གིས་དེ་བྱིན་གྱིས་རླབས་པ་དེ་ལ་ཞེས་བྱ་བ་འདི་སྐྱ་རེང་ཤར་བ་ལ་འབྲེལ་པ་ཅན་གྱི་སྒྲ་ཉིད་ཀྱི་ཕྱིར་ཤེས་པར་བྱའོ།། འདིར་བཟུང་བ་ཙམ་ནི་གནས་མ་ཡིན་ཏེ་དེ་བས
་ན་འདི་ལ་མཚམས་བརྗོད་པར་བྱའོ།། མཚམས་བྱས་པ་ལ་མཚམས་ཀྱི་མཐའོ་ཞེས་བྱ་བ་ནི་འདི་ལྟར་ཡོལ་བ་དང་རྩིག་པ་དང་རིབ་མ་དང་འོབས་ཀྱིས་བསྐོར་བ་ལ་སོགས་པ་དག་ཀྱང་མཚམས་ཉིད་ཡིན་ནོ།། མཚམས་བཅད་པ་འབའ
་ཞིག་མཚམས་ཡིན་པར་ནི་མ་ཟང་དེ་ཁྱད་པར་ཡོང་སུ་མ་བཟུང་བའི་ཕྱིར་རོ།། འདི་ལྟར་བདག་པོ་གཅིག་པ་ཉིད་མ་ཡིན་པའི་བར་གྱི་མཚམས་རྣམས་པ་ཐ་དད་པ་ཉིད་ཡིན་པ་དེ་བཞིན་དུ་བདག་པོ་གཅིག་ཉིད་ཀྱི་བར་གྱི་མཚམས་རྣམས
་ནི་ཐ་དད་པ་ཉིད་དུ་མི་འགྱུར་བས་དེའི་ཕྱིར་བདག་པོ་གཅིག་ཉིད་མ་ཡིན་པའི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། གང་དུ་རབ་ཏུ་འབྱེད་པས་མང་བའི་བདག་པོ་རྣམས་ལ་གཉེན་གཅིག་པའི་རིགས་པས་གནས་པ
་དེ་ལ་ཆོ་ག་འདི་མི་འཇུག་པའོ།། མཚོམས་གཞན་ལ་ཡང་དེ་ཉིད་ལ་བདག་པོ་ཉིད་དོ།། གནས་སོ་སོར་ནི་བདག་པོ་ཐ་དད་པ་མ་ཡིན་པ་ཞེས་བྱ་བའོ།། གང་ཞིག་སྣ་ཚོགས་པ་ཉེ་བར་སྤྱོད་པའི་རིགས་ལ་ཕྱི་སྒོ་ལ་སོགས་པ་ཐུན་མོ
་པའི་དངོས་པོ་བརྗོད་པ་ནི་ཡུལ་གྱི་ཚེམས་དང་། མུ་སྟེགས་ཅན་གྱི་ཁྱིམ་དང་། ཚོང་ཁང་དང་། ཚོང་རྡལ་དང་། བཞག་སྟེགས་དང་། འདུག་སྟེགས་དང་། དགྲ་ཁང་དང་། གཡུལ་དང་། དཀྱིལ་དང་། རྒྱལ་མཚན་གྱི་ཤིང་བསྒྲེང་བ་དང་། ཤིང་རྟ
་དང་། ཁང་ལོ་བའི་གནས་ཞེས་བྱ་བ་དང་། གྲུ་ལ་དང་། གྲུ་གདོང་དང་། ཀུན་དགའ་ར་བ་ནི་ཁྲོན་པ་ཐུན་མོང་ཡིན་ཏེ། ཐམས་ཅད་ལ་དེ་དང་ཁྱིམ་པ་ལ་སོགས་པར་འཇུག་པ་ལ་ནི་ཞུགས་པའི་བདག་པོ་རྣམས་དེ་ཡོངསུ་བཅོད་པ་ཉིད་ཀྱི་སྒོ་ལ
་ས་པ་རྣམས་ལ་ཞེན་པ་ཞེས་བྱ་བ་འདིས་ཞེས་པའོ།། ནོར་ལས་དང་ལྟ་བ་ལས་ཐ་དད་པས་ཐ་དད་པ་མ་ཡིན་པའི་ཡང་ངོ་ཞེས་བྱ་བ་ལ་ནོར་ལས་ནི་འདི་ལྟ་སྟེ་དཔེར་ན་སྤུན་རྣམས་ཀྱི་ལྟ་བུའོ།། ལྟ་བ་ལས་ནི་མུ་སྟེགས་ཅན་རྣམས་ཀྱི་ལྟ་བུའོའི
་མ་བགོས་པ་ནི་ཡོངསུ་བཟུང་བ་པོ་རྣམ་སོ།། གཞན་མཚམས་ཀྱང་ཐ་དད་པ་ཉིད་མ་ཡིན་ཏེ། གནས་འགོད་པ་ལ་དད་པ་ཉིད་ཅེས་བྱ་བའི་དོན་ཏོ།། ཡལ་ག་དང་ཡལ་ག་ཕྲ་མོ་དག་མ་རེག་པ་ནི་གནས་ཐ་དད
་པ་ཉིད་དོ་ཞེས་བྱ་བ་ལ་མི་རེག་པ་མ་རེག་པ་སྟེ་ཕྲན་ཚུན་མ་ཕྲད་པ་ཞེས་བྱ་བའི་དོན་ཏོ།། དེ་ཡོད་པ་ལ་གནས་ཐ་དད་པ་ཉིད་དེ་འདི་རྣམས་འདྲེས་པ་ལ་གནས་གཅིག་པ་ཉིད་ཅེས་བྱ་བ་འདི་དང་བྱས་པར་རིག་པར་བྱའོ།། རྩ་བ
་ནི་ཐུན་མོང་ངོ་ཞེས་བྱ་བ་ནི་ཡལ་ག་དེ་དག་གི་རྩ་བ་ནི་ཐུན་མོང་བའོ།། རྩ་བའི་རྩ་བ་ལ་སོགས་པ་ཡང་ངོ་ཞེས་བྱ་བ་ནི་ཕྱོགས་གང་ལས་ཡལ་ག་དུ་མ་གྱེས་པར་གྱུར་པ་དེའི་མོང་ལ་ཁོ་ནའི་འོག་ན་ཡལ་ག་མེད་པའི་ཤིང་ལྗོན་པའི
་སྡོང་པོའི་ཕྱོགས་ལ་བྱ་སྟེ། དེ་ནི་རྩ་བའོ།། དེ་ལ་དེ་ལྟ་བུ་ཉིད་ཀྱི་ཡལ་ག་གཅིག་ཏུ་གྱུར་ཏམ་ཡལ་ག་དུ་མར་གྱུར་པའི་ཆུང་ངུ་འམ་ཆེན་པོ་འམ་ཕྲ་བ་དང་རགས་པའི་ཤིང་ལྗོན་པ་དང་ལན་ཅིག་ཏུ་གང་དུ་གཅིག་པ་ཉིད་དེའི་མཐའ་ཅན
་འདིར་རྟེན་ཡལ་ག་མེད་པ་ཤིང་ལྗོན་པའི་སྡོང་པོའི་ཕྱོགས་ལ་བྱ་སྟེ། དེ་ནི་རྩ་བའི་རྩེ་བར་རིག་པར་བྱའོ།། སོགས་པའི་སྒྲས་ནི་དེ་མན་ཆད་ནས་གཞི་ལ་ཐུག་པ་ཡན་ཆད་ཀྱི་བར་བཟུང་སྟེ་དེ་རྣམས་ཉེ་བར་སྡུད་པའོ།། གང་གི་གང་རྣམས
་ལ་རྩ་བ་ཉིད་དེ་དེ་རྣམས་ཐུན་མོང་བ་ཉིད་དོ།། འདིར་གཞུང་ནི་འདི་ལྟ་སྟེ་ཤིང་ལྗོན་པ་ཡལ་ག་དང་ལོ་མ་མ་རེག་པ་དེའི་ཉེན་འཁོར་གང་ལགས། སོ་སོ་ཐ་དད་པའོ།། ཇི་ཞིག་ཐུན་མོང་ལགས་རྩ་བའོ་ཞེས་གསུངས་པ་ཡིན་ནོ།། ཡལ
་གདང་ལོ་མ་རེག་པའི་ཤིང་ལྗོན་པ་རྣམས་ནི་གནས་གཅིག་པ་ཉིད་དོ་ཞེས་བྱ་བ་ནི་འདབ་མ་དང་མེ་ཏོག་དང་འབྲས་བུ་རྣམས་ལ་ཡལ་ག་རྒྱས་པར་འགྱུར་བ་ཉིད་དེ་དེ་བས་ན་སོ་སོར་མ་སྨོས་སོ།། ཤིང་ལྗོན་པ་རྣམས་ཞེས་བྱ་བ་ས་ཤང
་དག་དང་ཤིང་རྣམས་ལའོ།། དེའི་ཆ་འོག་མར་སྦྱངས་པ་ནི་སྟེང་གཡོགས་པ་དང་འདྲའོ་ཞེས་བྱ་བ་ནི་འདིར་བླ་གབ་གྱི་རིམ་པའི་ཆ་འོག་མ་དེའི་གནས་ཀྱི་ཁོངསུ་གཏོགས་པ་དེ་བཞིན་དུ་འདིར་ཞེས་བྱ་བའི་དོན་ཏོ།། གྲུ་དང་ཤཱིང་རྟ་དྲག་གི
་ངོ་ཞེས་བྱ་བ་ནི་ཆ་འོག་མ་ཡང་སྟེང་གཡོ་གོས་དང་འདྲ་བར་ཁོངསུ་གཏོགས་པར་ཤེས་པར་བྱའོ།། ན་མཁའ་ནི་མཚམ་སུ་གཏོགས་པ་མ་ཡིན་ནོ།། དེ་བས་ན་དང་འབྲེལ་པ་སྟེང་གི་དངོས་དང་འབྲེལ་པའི་རྫས་ནི་མདོ་འདི་གཉིས་ཀྱི
་གནས་ཉིད་ཡིན་པར་རིག་པར་བྱའོ།། མཚམས་མེད་པ་ལ་ནི་ཡན་ལག་གིས་ཁྱབ་པ་མཐའོ་ཞེས་བྱ་བ་ནི་ལྷག་པར་གནས་པ་འམ་དེའི་རྣམ་པའི་ཤིང་གཅོད་པ་ལ་སོགས་པ་ལ་རྣམ་པར་གཅོད་པ་ནི་འདིར་མཚམས་བཅད་པ་སྟེ།
་དེ་མེད་པ་ལ་འདི་རྣམས་མཚ་མོས་བཅད་པ་མེད་པ་ཉིད་ཀྱི་ཚིག་གོ།། ཁྱབ་པ་ནི་གནས་ཏེ་དེར་ཡན་ལག་གང་ཡིན་པ་དེའི་མཐར་ཐུག་པ་ནི་གནས་ཀྱི་མཐར་ཐུག་པའོ།། འདིར་ལུང་ནི་གང་ཞིག་ལམ་དུ་ཞུགས་པ་ལ་ལུས་དང་འབྲེལ
་པའི་མཚམས་ནས་ཕྱོགས་སོ།། འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ཉེན་འཁོར་ཡིན་པར་གསུངས་པ་གང་ཡིན་པ་དང་། མཚམས་གཞན་ལ་ལུས་ཀྱིས་ནོན་པ་ཉིད་ཆེ་གནས་ཉིད་ཡིན་པར་གསུངས་པ་གང་ཡིན་པ་དེ་ཡིན་ནོ།། གང
་རིགས་པ་ནི་འདིར་ཞུགས་པ་ལ་གནས་ཉིད་ཙམ་དུ་རུང་བ་ཉིད་ཀྱི་གནས་ཀྱི་ཁོངས་སུ་གཏོགས་པ་ཞེས་བྱ་བ་སྟེ་གཟུགས་ལས་ནི་མ་ཡིན་ནོ་ཞེས་བྱའོ།། དེའི་ཕྱིར་གནས་བསྟན་པར་བྱའོ།། ད་ནི་འདི་ལ་ཉེན
་འཁོར་བསྟན་པའི་ཕྱིར་ཉེན་འཁོར་ནི་ཁོ་ར་ཁོར་ཡུག་ཏུ་འདོམ་རེ་རེའོ་ཞེས་བྱ་བ་སྨོས་ཏེ། ཉེན་འཁོར་ནི་རྣམ་པ་གཉིས་ཏེ། བརྩམས་པ་ཉིད་ཀྱི་གནས་ཉིད་ཀྱི་ཁོངས་སུ་གཏོགས་པ་དང་། གནས་ངེས་པ་ལ་ལྷག་པར་གནས་ཤིང
་མ་པའི་སྐབས་ལ་བརྩམ་པ་ཡང་དག་པར་གནས་ཞེས་བྱ་བའོ།། ཉེན་འཁོར་དུ་གྱུར་པ་ཉིད་ཀྱི་དང་པོ་ལ་འདིར་བརྗོད་པ་ཉིད་དོ།། ཁོར་ཡུག་ཏུ་འདོམ་རེ་རེའོ་ཞེས་བྱ་བའོ།། ཕྱི་མ་ནི་དམིགས་ཀྱིས་བསལ་བར་གྱུར་པའོ།། གྲོང
་གསུམ་དང་འབྲེལ་པ་གནས་པ་པོས་བརྩམས་པ་ནི་མ་ཡིན་ནོ།། ལྷག་པར་གནས་པ་བརྩམས་པ་ཡང་གསུམ་སྟེ། ཉེན་འཁོར་ལ་ཡང་གྲུབ་པ་དང་། ཤིང་རྟ་ལ་སོགས་པ་རྣམས་ལ་འདིར་གཡོག་འཁོར་ཉིད་དོ།། གྲུབ་པ་ནི
་རྣམ་པ་གསུམ་ཡིན་ཏེ། བཤང་བ་དང་གཅི་བ་དང་མི་གཙང་བའོ།། ང་རྒྱལ་ཡང་ར་དང་ལུག་ལ་སོགས་པ་རྣམས་ཀྱི་རླུང་གི་ངེས་པར་འབབ་པར་འགྱུར་བ་སྟེ་ངོ་བས་ན་དེ་རྣམས་ལ་འདི་བརྟེན་པའོ།། རྩིག་པས་བསྐོར་བའི་གྲོང་ལ
་ནི་ཇི་ཙམ་དུ་བ་ལང་དྲུང་དང་ལྡན་པའི་ཤིང་རྟ་སྨྱིག་མ་ཅན་གྱི་འམ་བྱ་གག་སྦར་ནས་འདུག་པའི་ལམ་གྱིས་ཁྱབ་པའོ་ཞེས་བྱ་བ། བ་གག་སྔར་ནས་འདུག་པའི་ཞེས་བྱ་བ་ནི་ལམ་ཇི་ཙམ་ན་འདུག་པ་དེ་ནི་འདི་འམ་སྔ་མ་གང
་ཡང་རུང་བ་ཉེར་འཁོར་ཡིན་ནོ།། རིབ་མས་བསྐོར་བ་ལ་ནི་རྭ་ལུག་གི་རྡུལ་གྱི་འམ་མི་རང་བཞིན་གྱི་ངོ་ཚ་བ་དང་ལྡན་པའི་བཤང་བའི་ལམ་གྱིསོ་ཞེས་བྱ་བ་ནི་མི་རང་བཞིན་གྱི་ངོ་ཚ་བ་དང་ལྡན་པ་གང་ཡིན་པ་དེས་སྤྲོ་བས་འདིར་དེ་ནི་ཉེན
་འཁོར་རམ་ཇི་སྲིད་དུ་རྡུལ་གྱིས་ཁྱབ་པ་ལའོ།། འོབས་ཀྱིས་བསྐོར་བ་ལ་ནི་སྒྲས་གདང་བུ་བཅུ་གཉིས་པའི་འམ་ཕྱག་དར་བོར་བའི་བོང་བ་རགས་པའི་ལམ་གྱིསོ་ཞེས་བྱ་བ་ནི་ཕྱག་དར་བོར་བའི་བོང་བ་རགས་པ་ཡན་ལག་ཏུ་གྱུར
་པའི་ལམ་གྱིས་ཁྱབ་གང་ཡིན་པ་དེ་ནི་ཉེན་འཁོར་དུ་བརྗོད་དོ།། བརྩམ་པ་ཉིད་ཀྱི་གནས་པ་ལ་ཉན་འཁོར་དུ་འབྱུང་ཞིང་ཉེན་འཁོར་དུ་གྱུར་པ་ཉིད་ཀྱིས་གང་ཡིན་པ་དེ་ནི་བརྗོད་པར་བྱ་སྟེ། གནས་དེའི་ཕྲལ་གྱི་བྱ་བ་དང་འགྲོ་བ་དང
་འདུག་པ་དང་རྡུལ་དག་གིས་གཏོགས་ཁྱབ་པའོ་ཞེས་བྱ་བ་ནི་གནས་པ་དང་འབྲེལ་བ་དེའི་ཕྲལ་གྱི་བྱ་བ་ཉིད་གང་ཡིན་པ་དང་འགྲོ་བ་དང་འདུག་པ་དང་རྡུལ་དེ་དག་གིས་སམ། དེ་ཇི་ཙམ་པ་དེར་གཏོགས་པ་དེའི་གནས་ཀྱིས
་ཕྱོགས་ལ་ཁྱབ་པའོ།། དེ་ཡང་ཉེ་བར་སྦྱོང་བ་གཞན་ནོ།། དེའི་སྒྲ་ནི་འདིར་གཞན་གནས་པའོ།། འཕྲལ་གྱི་བྱ་བ་ལ་སོགས་པ་ཁྱབ་པར་གྱུར་པ་ལ་གནས་གཞན་པ་ཉེ་བར་སྤྱོད་པ་ཉིད་ཐོབ་པར་མ་གྱུར་ཅིག་ཅེས་བྱ་བ་གང་དུ
་ཡང་དེ་རྣམས་འདུ་བར་བྱེད་པ་དང་། འཐོག་པར་བྱེད་པ་དང་། ཁྱེའུ་སུས་བྱེད་པ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ཁོངས་སུ་གཏོགས་པ་བསྡུ་བའི་དོན་དུ་མདོ་འདི་བྱས་པའོ།། མཚམས་མེད་པའི་ལམ་དུ་ཐ་དད་པ་མ་ཡིན་པར
་འགྲོ་བའི་མི་ལ་ནི་འདོམ་བཞི་བཅུ་རྩ་དགུའོ་ཞེས་བ་ནི་གང་དུ་བྱིན་གྱིས་བརླབས་པར་བྱེད་པ་དེ་མངོན་པར་འགྲོ་བ་དེ་དང་མངོན་པར་ཕྱོགས་པར་འགྲོ་བ་གང་ལ་ཡོད་པ་དེ་ནི་ཐ་དད་པ་མ་ཡིན་པ་མ་ཡིན
་པར་འགྲོ་བའོ།། དེ་མཚམས་བཅད་པ་མ་ཡིན་པའི་ལམ་ལ་འཇུག་པར་གྱུར་པ་ལ་ཉེ་བར་སྤྱོད་པ་འདི་བྱས་སོ།། མཚམས་བཅད་པ་དང་བཅས་པ་ལ་མཚོམས་བཅད་པ་ཉིད་ཀྱིས་རྣམ་པར་བཞག་པ་རིགས་པ་ཡིན་ཏེ།
་ཞེང་དུ་ལམ་ཇི་ཙམ་གྱི་འགྲོ་བ་རྣམས་ལ་ལམ་གཅིག་ལ་ལྟུང་བ་ཉིད་སེམས་པར་བྱེད་པ་རྒྱས་པ་དེ་ཙམ་ལ་འདིར་འདི་ལ་ལམ་ཉིད་ཅེས་བྱ་བ་རིག་པར་བྱའོ།། གང་ལ་གནས་དང་གནས་མ་ཡིན་པ་དགྲ་ལ་བསམ་པ
་དེ་ལ་འདི་ནི་གནས་ཉེ་བར་བཟུང་བ་ཞེས་བྱ་བ་སྐབས་ཀྱི་རྟོགས་པའོ།། མཱི་ལ་ཞེས་བྱ་བ་ནི་འགྲོ་བ་ལ་འདི་བཟུང་བའོ།། འདིར་མེའི་མཚན་མ་འམ་སྐྱེས་པའི་མཚན་མ་གཙོ་བོ་མ་ཡིན་པ་དེ་ལ་ནི་འདོམ་བཞི་བཅུ་རྩ་དགུ
་ཡན་ཆད་ཅེས་བྱ་བ་ཤིང་རྣམས་ཀྱི་རྒྱས་པ་བདུན་པའི་ཚད་ཀྱིས་ལམ་གྱི་བར་གྱིས་བར་དུ་ཆོད་པར་བྱས་པ་ལ་ཤིན་ཏུ་རིང་བ་ཉིད་མ་ཡིན་པ་ཞེས་བྱ་བའོ།། སྦྱར་བར་གྱུར་པ་ཉིད་ཀྱི་ཕྱིར་རྣམ་པར་བཞག་པ་འདིའོ།། འདི
་ནི་དམིགས་ཀྱིས་བསམ་པ་སྟེ། དེ་བས་ན་ལམ་བརྒྱད་ཀྱི་ཐ་མ་ལ་འདིར་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ལ་གྲངས་ཡིན་ཏེ། དེ་ལས་གཞན་པའི་འདོམ་གང་ཡིན་པ་དེ་ནི་མཐའ་ཚུན་ཆད་ལས་གཞན་ཞེས་བྱ་བ
་རྟོགས་པར་བྱའོ།། མཚམས་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་ཐམས་ཅད་ཀྱི་སྐབསུ་གྱུར་པའི་ཉེས་པར་སྤྱོད་པའི་ཆོ་ག་ལ་དམིགས་ཀྱིས་བསལ་བ་འདི་ཡིནོ།། དབུས་ནས་རྒྱུང་གྲངས་ཀྱི་མཐའ་ཕུན་ཆད་ནི
་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི་དབུས་སུ་གྱུར་པའི་ཡན་ལག་ཏུ་དང་པོར་བྱོས་ཏེ། གང་ཞིག་རྒྱུད་གྲགས་གང་ཡིན་པ་དེའི་མཐའ་མ་ལས་གཞན་པའི་ཐ་དད་པ་ཉིད་གནས་ཀྱི་མཚན་ཉིད་ཀྱིས་ཀྱང་ཞུགས་པ་མ་ཡིན་ན་ཉེ་བར
་སྤྱོད་པའི་མཚན་ཉིད་ཀྱིས་ལྟ་བ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ།། གནས་དང་ཉེ་བར་སྤྱོད་པའི་ཆོ་ག་རྣམ་པ་གཉིས་ཀ་ལ་ཡང་འདི་དམིགས་ཀྱིས་བསལ་བ་ཡིནོ།། ལུང་ནི་གཞུང་བསྟན་པའི་ཕྱིར་ནགས་ཞེས་བྱ་བ་ནི
་ཤིང་ལྗོན་པའི་གནས་སོ།། དེ་ལ་ཇི་སྲིད་དུ་ཡལ་ག་དང་ལོ་མ་དང་མེ་ཏེག་དང་འབྲས་བུ་རྣམས་དང་ལ་ཕན་ཚུན་འབྲེལ་པར་གྱུར་པ་དེར་དགེ་སློང་གི་རྒྱང་གྲགས་ཁོ་ར་ཁོར་ཡུག་གིར་དགའ་བར་ཆོས་གོས་བཞག་སྟེ། དེར་གར
་དགའ་བར་སྐྱ་རེང་འཆར་བར་བྱའོ་ཞེས་མ་མོ་ལས་གསུངས་པ་ཡིན་ཏེ་གནས་རྣམས་ཐམས་ཅདད་ལ་ཆོ་ག་འདིས་རྣམ་པར་བཞག་པ་ཞེས་བྱ་བའི་བར་རྣམ་པར་བཞག་གོ། འབྲེལ་དྭའི་སྤང་བ་རྣམ་པར་འབྱེད་པའོ།། །
་དམ་དུམ་དུ་གྱུར་པ་ལ་བྱིན་གྱིས་བརླབ་པ་མེད་པར་མི་འགྱུར་རོ།། སྤང་བ་ལ་ནི་མི་འཆགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྤང་བར་བྱ་བའི་དངོས་པོ་ལ་བྱིན་གྱིས་བརླབ་པ་མི་འཆགས་པར་མི་འགྱུར་བ་སྟེ་རང་ཉིད་དོང་མེ་བྲལ་བའི
་ཕྱིར་རོ།། གཞུང་ཁ་ཅིག་ལས་དགེ་སློང་གིས་ཆོས་གོས་དེ་ཉིད་དགུང་བཅུ་པ་འདས་པ་ཡང་ལགས་ལ་དགུང་གཅིག་བྲལ་བ་ཡང་ལགས་པ་མཆིས་སམ། དཀའ་སྩལ་པ་ཡོད་དེ། ཆོས་གོས་ཞག་བཅུ
་འདས་པ་ཡང་ཡིན་ལ་དགེ་སློང་གིས་ཀྱང་དེ་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེང་འཆར་བར་བྱེད་པའོ་ཞེས་གསུངས་ཏེ་བསྡུས་པ་ཡིན་ནོ།། དགེ་སློང་གིས་ཀྱང་དེ་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ལ་དེ
་བྱིན་གྱི་བརླབས་ཏེ་ཞེས་བྱ་བའི་ཚིག་ནི་འདིར་འཆད་པ་ཞེས་མཐོང་བ་ཡིན་ནོ།། དགེ་འདུན་གྱི་ལ་ཡང་ངོ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་མི་འཆགས་པ་མ་ཡིན་ནོ།། རང་ཉིད་ཁོ་ནས་དགེ་སློང་ལ་དགེ་འདུན་གྱི་ཉེ་བར་ལོང
་སྤྱོད་པའི་དུས་རྣམ་པར་བཞག་པ་དེ་བཞིན་དུ་མང་པོ་ཡོངསུ་ཐོབ་པ་རེ་རེ་ནས་ཉེ་བར་ལོངས་སྤྱོད་པ་ལ་མང་པོ་དང་འབྲེལ་པའི་དོན་ཉིད་ཀྱི་ཕྱིར་དེ་ལས་འབྲལ་བར་འགྱུར་རོ།། དེ་ལས་ཞེས་བྱ་བ་ནི་དགེ་འདུན་གྱི་བྱིན་གྱིས
་བརླབས་པ་དེ་ལས་འདིར་བྱིན་གྱིས་བརླབས་པ་བཟུང་བ་ནི་རྒྱུ་ཡིན་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་བཟུང་བ་ནི་མ་ཡིན་ནོ།། དེ་བས་ན་དགེ་འདུན་གྱིས་བྱིན་གྱིས་བརླབས་པ་ལས་འབྲེལ་བར་ཡང་འགྱུར་བ་ཁཾ་ནའོ།། གཞན
་གནས་པས་གཞན་གྱི་གནས་མི་ཉམ་སོ་ཞེས་བྱ་བ་ལ། གཞོན་གྱི་ཞེས་བྱ་བ་ནི་མཚན་ཐ་དད་པ་བསྙེན་པར་རྫོགས་པ་མ་ཡིན་པ་བྱིན་གྱིས་བརླབས་པར་གྱུར་པའི་གནས་ལས་གནས་གཞན་ཉིད་གང་ཡིན་པ་དེར་བྱིན་གྱིས
་བརླབས་པས་སམ། གཞན་དུ་ན་བསྟེན་པར་རྫོགས་པ་ཉིད་དེ་མི་ཉམས་པ་མ་ཡིན་ཏེ་བྲལ་བ་མ་ཡིན་པའོ།། གནས་གཞན་དུ་བྱིན་གྱིས་བརླབས་པ་གཞན་ལ་བྲལ་བ་མ་ཡིན་པ་སྟེ་ཞེས་བྱ་བ་འདི་ཡང་འདིའི་རྗེས་སུ་འབྲངས་ཏེ་རྟོག
་པར་བྱའོ།། འདིར་གཞུང་ནི་ཡི་གེ་ཁ་ཅིག་ལྔ་དགེ་སློང་ལ་ལ་ཞིག་མུ་སྟེགས་ཅན་གྱི་གནས་སུ་ཆོས་གོས་བཞག་སྟེ། དགེ་སློང་འདུན་གྱི་གནས་ཉེན་འཁོར་གཅིག་པར་གནས་པར་བགྱིས་ན་ལྟུང་བར་མི་འགྱུར་མཆིས་སམ།
་བཀའ་སྩལ་པ། ཡོད་དེ་གང་ཞིག་མུ་སྟེགས་ཅན་དང་ལྷན་ཅིག་བསྐོས་པར་རོ་ཞེས་གསུངས་པ་ཡིན་ནོ།། དེ་བཞིན་དུ་ཤིང་ལྗོན་པ་ཡང་དེད་པ་ལའོ།། ངོས་གཅིག་ལ་གེ་པ་རྣམ་པར་རྟོགས་པ་ཙམ་དུ་འདིར་བསྐོས་པར་རིག་པར་བྱའོ།། ཆོས
་འདི་པ་དང་གཞན་པ་གཞན་པ་དག་ནི་ལྟ་བ་ལས་ཤེས་པས་མ་འཕངས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡོང་སུ་འཛིན་པ་པོ་རྣམས་རྣམ་པར་འབྱེད་པ་ལྟ་བ་ལས་དབྱེ་བ་ཞེས་བྱ་བ་འདིས་ཆོས་གཞན་པ་དང་འདི་པ་དག་མ་འཕངས
་པ་མ་ཡིན་ནོ།། ཐུན་མོང་པ་དག་གི་སྒོ་གང་ཡང་མ་ཡིན་ནོ་ཞེས་བྱ་བའི་གནས་དུ་མ་ཉིད་ཀྱི་ཕྱིར་སྒོ་ལ་སོགས་པ་ནི་ཐུན་མོང་པར་བརྗོད་དོ།། དེས་ནི་སྒོ་གང་ཡང་མ་བསྡུས་པ་མ་ཡིན་ཏེ་བསྡུས་པ་པོ་ན་ཡིན་ནོ།། མདོ
་འདི་གཉིས་ཀྱི་གཞུང་ནི་འདི་ཡིན་ཏེ་དགེ་འདུན་གྱི་གནས་དང་མུ་སྟོགས་ཅན་གྱི་གནས་ཉེན་ཀོར་གཅིག་པར་གནས་པར་བྱེད་ན་སྒོ་ཁང་དུ་གནས་པ་ལ་ལྟུང་བ་མེད་དོ་ཞེས་གི་སུངས་པ་གྲགས་པར་གྱུར་པ་དེ་བས་ན་འདིར་དང
་ཐ་མི་དད་པ་ཉིད་དོ།། ནོར་ལས་ཞེས་བྱ་བས་ཕ་དང་བུ་དག་ཀྱང་མ་ཡིན་ན་ཞེས་བྱ་བས་ནི་ཉེ་བར་འཛིན་པ་པོ་རྣམས་ཐ་དད་པ་ནི་ནོར་ལས་གནས་ཀྱི་དབྱེ་བ་ཞེས་བྱ་བ་འདིས་པ་དང་བུ་དག་ཀྱང་འཕངས་པ་ཁོ
་ནའོ།། སྤངས་པ་ཉིད་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་རྣམ་པར་འབྱེད་པ་ཉིད་ལ་ཐ་དད་པ་ཉིད་དང་། ནོར་གྱིས་རྣམ་པར་འབྱེད་པ་ཉིད་མ་ཡིན་པ་ཞེས་བྱ་བ་འདི་གང་ཞིག་འདིར་ལྷུང་བཟེད་ཁ་སྒྲུབ་པས་སམ་ཁྲིམསུ་བྱས་པས
་སྤངས་པ་ཉིད་ཀྱང་དེ་དང་འདྲ་བར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཟས་དང་བཅས་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི་རྣམ་པར་འབྱེད་པ་ཉིད་ལ་ཐ་དད་པ་ཉིད་དང་ནོར་གྱིས་ཀྱང་རྣམ་པར་འབྱེད་པ་ཉིད་མ་ཡིན་པ་ཉིད་ལ་ཐ་རྙེད་པ
་ཉིད་དོ།། ཐ་མི་དད་པ་ཉིད་དོ་ཅེས་བྱ་བ་འདི་ཁ་ཟས་དང་བཅས་པ་ཉིད་ལ་ཡང་ཞེས་བྱ་བའི་དོན་ཏོ།། ཡང་སཅིགས་ཅད་ཅིནི་ཆེ་ས་ཅིག་པ་ཉིད་དང་གཅིག་པར་གྱུར་པ་ཉིད་ལ་གཞན་སུ་དག་རྣམས་ལ་ཆོ་ག་འདི་སྦྱར་བའོ།། ཉལ་པོ་བྱེད་པར་ཤོམ
་པ་ཉིད་ཀྱང་ངོ་ཞེས་བྱ་བ་འདིར་འདུག་ནས་གནས་པ་བརྟག་པར་བྱེད་ཅིང་འཁྲིག་པའི་ཚད་དང་ལྡན་པ་ལྟུང་བྱེད་རྣམས་ལ་ཞེས་བྱ་བ་འདི་ལ་འདི་བསྟན་པའོ།། འདིར་གཞུང་ནི་ཕྲན་ཚེགས་ཀྱི་ཞུ་བ་ལྷུང་བཟོད་ཁ་སྒྲུབ་པ
་ལས། ཁྱིམ་བདག་ལ་བདེ་ཞིག་ཡོད་པ་དེ་ལ་བུ་རབ་ཏུ་མང་པོ་དོག་བདོག་ཅིང་དེ་ཡང་ནོར་ཐ་དད་པའི་ཁྱིམ་མ་ཡིན་པ་ལ་ཁྱིམ་བདག་རྣམས་ཀྱང་ལྷན་ཅིག་གནས་པ་ཡིན་ན་ཁྱིམ་བདག་ཅིག་ཡིན་པར་བརྗོད་པར་བྱ་སྟེ།།
་འདིར་ཕྱིས་གནོན་མ་བྱས་ཤིང་ཡོངསུ་གཅོད་པར་མི་འགྱུར་ནའོ།། གལ་ཏེ་དེས་སླར་ནོར་བགོས་པར་གྱུར་ན་ཁྱིམ་ཐ་དད་པ་བརྗོད་པར་བྱ་སྟེ། བུ་དེ་རྣམས་ཇི་སྙེད་པ་དག་ཀྱང་འབྲེལ་པ་ཇི་སྙེད་པ་ཡོད་པ་རྣམས་དང་མནའ་མ
་ཇི་སྙེད་པ་དེ་རྣམས་འཁོད་པ་ཐམས་ཅད་ལ་འཕྱིས་གནོན་བྱས་ཤིང་འདུག་པ་འམ། སྐྱབས་ཡོད་པ་ན་འགྲེང་བ་ཐམས་ཅད་ལ་ཕྱིས་གནོན་དང་འདུག་པ་དང་སྐྱབས་ཡོད་པ་ན་འགྲེང་བའི་ལྟུང་བྱེད་རེ་རེར་འགྱུརརོ་ཞེས
་གསུངས་པ་ཡིན་ནོ།། དེ་ལྟར་ཁྱིམ་བདག་རྣམས་ཀྱང་ལྷན་ཅིག་གནས་པ་ཡིན་ཞེས་བྱ་བ་ནི་ཁྱིམ་གཅིག་ཏུ་གྱུར་པ་ཉིད་བསྟན་ཏོ།། ཕྱིས་གནོན་མ་བྱས་ཤིང་འདུག་པར་གྱུར་པ་འདི་ཞེས་བྱ་བ་འདི་ལ་ཕྱིས་གནོན་མ་བྱས
་ཤིང་འདུག་པར་ཡང་འགྱུར་ཏེ། འདིའི་མཚན་མ་ཅན་ཁ་ན་མ་ཐོ་བ་གཉིས་ལ་འདིའི་མཚན་མ་ཙམ་ཉིད་ཀྱིས་སོ་སོར་ཉེ་བར་གནས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཐམས་ཅད་ལ་ཕྱིས་གནོན་མ་བྱས་ཤིང་འདུག་ལ་ཞེས
་བྱ་བ་འདི་ལ་ཐམས་ཅད་ཕྱིས་གནོན་མ་བྱས་པར་འདུག་པར་ཡང་འགྱུར་ཏེ། སོ་སོར་ཉེ་བར་འདུག་པའི་མཚན་མུ་འདི་གཉིས་ནི་གནས་ཀྱིས་ཞེས་བྱ་བའོ།། གྲོང་ལ་དེ་ཡོད་པ་ནི་གཙུག་ལག་ཁང་གི་ཉེན་ཀོར་ཉིད་མ་ཡིན་ནོ།
་ཞེས་བྱ་བ་ནི་གྲོང་ལ་དེ་དེ་ཞེས་བྱ་བ་ནི་ཉེ་བར་སྤྱོད་པའོ།། ཡོད་པ་ཞེས་བྱ་བ་ནི་བདོག་པ་སྟེ། གཙུག་ལག་ཁང་གི་ཉེན་ཀོར་ཉིད་མ་ཡིནོ།། གྲོང་གི་ཉེན་ཀོར་གྱི་དོན་གང་ཡིན་པ་དེ་ནི་གཙུག་ལག་ཁང་གི་ཉེན་ཀོར་ཉིད་མ་ཡིན་ནོ།། །
་འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་གྲོད་དང་གཙུག་ལག་ཁང་གི་ཉེན་ཀོར་འབྲེལ་པའི་གྱུར་ན་ཆོས་གོས་དང་མི་འབྲུལ་པར་ཇི་ལྟར་འཚལ་བར་བགྱི། ལྟ་བར་ཚར་རྨོང་གི་ཉན་འཁོར་མ
་གཏོགས་པ་ལྷག་མ་ལས་ཆོས་གོས་དང་མི་འབྲེལ་བར་ཤེས་པར་བྱ་ཞེས་གསུངས་པ་ཡིན་ནོ།། འདིར་མཚམས་ལ་ཇི་ལྟར་མི་ལྡང་བ་དང་བྱིན་གྱིས་བརླབས་པ་དོན་དུ་གཉེར་པ་ལ་ཤེས་གནས་པ་ཉིད་ཀྱིས
་སོ་སོར་གྱུར་པ་ཉིད་ཀྱི་ཕྱིར་དེ་བཞིན་དུ་འདི་ལ་གང་ཞིག་གཙུག་ལག་ཁང་ལ་ཅུང་ཟད་ལྷག་པར་གནས་པའི་དགེ་སློང་མ་ཁྱིམ་ན་གནས་པས་གནས་པང་དུ་ལྷག་པར་གནས་ན་སོ་སོར་གནས་པ་ཉིད་དེ་ལ་ཞེས་བྱ
་བ་འདི་ཡང་འདིས་བྱས་པར་རིག་པར་བྱའོ།། དེ་བས་ན་གནས་ཁང་འབྲེལ་པའི་རྣམ་པར་བཞག་པས་འདི་ཐོབ་པར་རིག་པར་བྱའོ།། གང་ཞིག་འགྲོ་བ་པོས་མཚན་མོ་གཅིག་ལ་ཡང་མཚམས་ཀྱིས་ཕྱོགས་འབའ
་ཞིག་ན་ལྷག་པར་གནས་པ་དེ་ལ་དེའི་སོ་སོར་གནས་པ་ཉིད་ཅེས་བྱའོ།། འབྲལ་བའི་སྤང་བ་ཞུ་བའི་སྐབས་སོ།། །། ཁ་བསྐང་བ་ལ་རེ་བ་མེད་ན་ཆུང་པ་ཁྲུ་གང་ཡན་ཆུད་ཀྱང་ཆོག་པ་དང་འདྲའོ་ཞེས་བྱ།
་བ་ལ། ཚིག་པ་དང་འདྲའོ་ཞེས་བྱ་བ་ནི་འཁོར་གསུམ་ཁེབས་པའི་མཐའི་ཚད་བཞིན་དུ་འཛིན་པ་དང་། བསླབ་པའི་གཞི་ལས་འདི་ཞུགས་པ་ཞེས་བྱ་བའི་དོན་ཏོ།། མེད་ན་ཞེས་བྱ་བའི་ནི་གནས་པ་ཟིན་པ་ལ་འདི་ཇི
་ལྟར་རྣམ་པ་གང་གིས་ཀྱང་བསྒྲུབ་པ་ཡིན་ཏེ། སྤྱིར་འོང་བ་ལ་སྡོད་པ་ནི་རེ་བ་དང་བཅས་པར་རིག་པར་བྱའོ།། འདིར་བར་ཆད་ནི་རེ་བ་ཀུན་ནས་ཆད་པའོ།། འདིར་གཞུང་ནི་དེ་ཆོས་གོས་ལ་རེ་བ་གང་ཡིན་པ་དེ་ཐམས་ཅད
་ཀྱི་ཐམས་ཅད་དུ་རྒྱུན་ཆུད་པར་གྱུར་ན་དགེ་སློང་དེ་གོས་དེ་ཉི་མ་བཅུ་པ་དེ་ཉིད་ཀྱི་ནང་རོལ་དུ་བཏང་བར་བྱའོ།། ཞེས་བྱ་བ་ལ་སོགས་པས་ཆོས་པ་ཞེས་བྱ་བ་གང་དེ་གེ་བ་བསྐང་བར་གསུངས་པ་འཁོར་གསུམ་ཁེབས
་པའི་མཐའི་ཚང་དུ་འདི་ཆོག་པར་སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཁྲུ་གང་ཡན་ཆད་ཁ་བསྐང་བ་པོ་ལ་རེ་བ་མཽང་པར་གྱུར་ན་ཁྲུ་གང་ཡན་ཆད་དུ་ཆོག་པ་དེ་ཞག་བཅུའི་མཐར་ཐུག་པར་བཅང་བར་བྱའོ།། ཡོད་ན་ནི་ཁྲུ་གང་ཡན
་ཆང་ཉེ་བར་བསྐུལ་པོར་བྱའོ་ཞེས་བྱ་བ་ནི་རྣམ་པར་བཞག་པ་འདིའོ།། བྱིན་གྱིས་བརླབས་པར་བྱ་བ་ཡོད་པ་ཉིད་ཡིན་ན་ཡང་ངོ་ཞེས་བྱ་བ་ནི་ཁ་བསྐང་བ་བཞིན་དུ་རྫོགས་པར་གྱུར་པ་ལ་ཁྲུ་གང་ལས་ཆོག་པ་དང་འདྲ་བར
་བལྟ་བར་བྱའོ།། འདིར་གཞུང་ནི་མདོའི་ཚི་ག་ལས་ཆུང་ན་ཁ་བསྐང་བར་བྱ་བའོ།། ཞེས་གསུངསོ་སོ།། བྱིན་གྱིས་བརླབས་པར་བྱ་བ་ལ་འདི་འདིར་ཁ་བསྐྱུང་བ་ཉིད་དུ་མངོན་པར་འདོད་པ་དེ་གང་གི་ཕྱིར་འདིར་དེའི་རྣམ་པར
་འབྱེད་པ་ནི་འདི་ཡིན་ཏེ་མཆོག་པ་ཁ་བསྐང་བའི་དོན་དུ་འམ་ཞེས་བྱ་བ་ནི་སྣོམ་སྦྱར་གྱི་འམ་མཐོང་གོས་ཀྱིའོ་ཞེས་བྱ་བས་འདིར་འམ་གྱི་སྒྲ་ནི་ཉམས་པ་མཐོང་བ་ཡིནོ་ཞེས་གསུངས་པ་ཡི་ནོ།། ཕྲན་ཚོགས་ཀྱི་བྱ་བ་ལ་ནང
་ནས་ཀྱང་གཞུང་འདི་ཡིན་ཏེ་ཟླ་བ་གཅིག་གི་མཐར་ཐུག་པའི་ཆོས་གོས་ནི་འདི་ཡིན་ཏེ་གང་ལ་ཆོས་གོས་གསུམ་ཚང་བར་ཡོད་པ་དེས་དེ་བཞག་པར་མི་བྱའོ།། ཅི་སྟེ་འཇོག་ན་སྤང་བའི་ལྟུང་བྱེད་དེ།
་ཞེས་གསུངས་པ་ཡིན་ནོ།། གང་ལ་འཇོག་པའི་སྤང་བ་འབྱུང་ཞེ་ན། དེའི་ཕྱིར་གཞན་དུ་ན་དེ་ནི་ཞག་སུམ་ཅུ་འདས་ནའོ་ཞེས་བྱ་བ་ནི་ཁ་སྐོང་བ་པོ་ལ་རེ་བ་ཡོད་པ་དང་བྱིན་གྱིས་བརླབས་པར་བྱ་བ་མེད་པ་ཉིད་ནའོ།། དེ་ནི
་ཞེས་བྱ་བ་ནི་ཆུང་བ་ཁྲུ་གང་ཡན་ཆད་པའོ།། ཞག་སུམ་ཅུ་འདས་ནའོ་ཞེས་བྱ་བ་ནི་ཞག་སུམ་ཅུ་རྩ་གཅིག་གི་སྐྱ་རེང་དང་པོར་ཤར་ན་ཞེས་བྱ་བའི་ཐ་ཚིག་གོ།། འདིར་གཞུང་ནི་དགེ་སློང་གིས་ཆོས་གོས་སྔོན་པོ་རྙེད་ལ་བྱེད་དུ
་མི་འཇུག་ཅེས་བྱ་བ་ལ་སོགས་པ་དང་། ཞུ་བ་ལས་ཀྱང་བཅོམ་ལྡན་འདས་ཀྱི་དགེ་སློང་དེས་ཟླ་བ་གཅིག་གི་མཐར་ཐུག་པར་ཆོས་གོས་བཞག་པར་བྱའོ།། ཆོས་གོས་ཇི་ལྟ་བུ་ཞིག་ཅེ་ན། འཁོར་གསུམ་མི་ཁེབས་པ་གང
་ཡིན་པའོ་ཞེས་གསུངས་པ་གང་ཡིན་པའོ།། ཁ་དོག་ལ་སོགས་པ་ལས་རིགས་མི་མཐུན་པ་ནི་ཆོག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལ་འགྲུབ་པ་ཉིད་དུ་རྩམ་པ་ཉིད་འདིར་གང་ཡིན་པས་ནི་རེ་བ་དང་བཅས་པ་མ
་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་འདི་ལྟར་གང་གི་ཚེ་དེ་དང་འདྲ་བ་རྙེད་པར་གྱུར་ནའོ་ཞེས་བྱ་བ་གསུངས་པ་ཡིན་ནོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་རིགས་མི་མཐུན་པ་ཐ་དད་པ་བལ་གོས་དང་རས་གོས་ལ
་སོགས་པ་ལྟ་བུ་ཐམས་ཅད་བསྡུ་བའོ།། ཁ་དོག་ཅེས་བྱ་བའི་སྒྲས་ནི་འདིར་སྔོན་པོ་དང་སེར་པོ་དང་དམར་པོ་དང་དེ་དག་གི་བྱེ་བྲག་ལས་བྱས་པ་དག་ཀྱང་བསྡུའོ།། དཀར་པོ་ཉིད་ནི་ཁ་དོག་ཐམས་ཅད་པ་ཉིད་དོ་ཞེས་བྱ་བ་ལ
་དོག་སྣ་ཐམས་ཅད་པ་ནི་ཁ་དོག་ཐམས་ཅད་པའོ།། དེའི་དངོས་པོ་ནི་དཀར་པོ་ཉིད་དོ།། སྔོན་པོ་ལ་སོགས་པ་ལ་དཀར་པོའི་རྫོགས་པ་ཉིད་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་བཞག་པ་དཀར་པོ་རྙེད་པ་གང་ཡིན་པ་དེ་ནི་གཞན་རྙེད་པ་ཉིད
་མ་ཡིན་པ་ཞེས་བྱ་བ་འདི་ལ་འདི་བྱེད་པའོ།། འདིར་ལུང་ནི་སྔོན་པོ་ལ་སོགས་པའི་ནང་དུ་དཀར་པོ་མ་སྨོས་པ་ཡིན་པར་རིག་པར་བྱའོ།། དེ་རྙེད་ན་ཞག་བཅུ་པ་དེའི་དང་པོ་ལ་བག་ལ་གློན་པ་ཉིད་དོ་ཞེས་བྱ་བ་ནི་གང་ཞིག་ཉེ་བར
་བཞག་པ་དེ་ཞེས་བྱ་བ་ནི་གང་དེའི་རིགས་ཀྱི་ཁ་དོག་ལ་སོགས་པ་དེ་དང་རིགས་མཐུན་པ་སྒྲུབ་པ་ལ་གང་ཞིག་དེའི་ཚེ་ན་བཞག་པའི་དུས་ནི་ཞག་བཅུ་པ་དང་པོ་འམ་གཉིས་པ་ལ་སོགས་པ་དེའི་དང་པོ་ལ་བག་ལ་གློན་པ་ཉིད་དེ
་ཆད་རྫོགས་པར་ཉིད་གལ་ཏེ་དེའི་ཚད་ཀྱི་ཚོགས་ལ་ཞག་བཅུ་ལས་འབྱུང་བ་ཉིད་དེ་དག་གཅིག་པ་ཉིད་ཀྱི་རྣམ་པར་བལྟོས་པར་བྱ་བ་ཉིད་དོ།། དེའི་ཞག་བཅུ་ལ་སོགས་པ་ཉིད་ནི་འཆང་བ་ལ་སོགས་པའོ།། དེ་ཡང་གལ་ཏེ་དེའི་ཚེ་བག
་ལ་གློན་པ་ཉིད་དེ་ཚད་དུ་ཆོག་པ་ཉིད་ཡིན་ན་དེའི་ཚེ་ལྟུང་བ་མེད་པ་ཉིད་དོ།། སྔ་མ་ལ་ཟླ་བ་གཅིག་པ་ཉིད་དུ་ཕྱི་མ་ལ་ཞུགས་པ་ཉིད་དོ་ཞེས་བྱ་བ་འདི་ལ་འདི་བྱེད་པའོ།། བཞག་པ་དང་ངག་ལ་གློན་པའི་དབང་གིས་འདིར་རྣམ་པར
་བཞག་པར་འདི་རིག་པར་བྱའོ།། འདིར་གཞུང་ནི་དགེ་སློང་དེས་ཞག་བཅུ་པ་དེ་ཉིད་ཀྱི་ནང་རོལ་དུ་ཞེས་འདི་ཙམ་ལྟ་བུར་གྱུར་པ་ལ་བྱིན་གྱིས་བརླབས་པ་ཉིད་བསྐྱེད་པ་སྦྱང་བའི་ལྟུང་བྱེད་བྱས་པ་ཉིད་གཞན་ལ
་ཞེས་བྱ་བ་གསུངས་པ་ཡིན་ནོ།། དེ་བསྒྲུབ་པའི་ཚུལ་བརྗོད་པར་བྱ་སྟེ་སར་པ་ལས་སྣམ་སྦྱར་གྱི་མཐའ་ནི་ཉིས་རིམ་མོ་ཞེས་བྱ་བ་སྐུར་པ་ལས་ཞེས་བྱ་བ་ནི་དུས་གསུམ་དུ་གང་ཡང་རུང་བ་གཅིག་དུས་ལས་ལོངས་མ་སྤྱད་པ་ལའོ།།
་གདིང་བའི་ཡང་ངོ་ཞེས་བྱ་བ་ནི་སར་པ་ལས་བྱེད་ན་དེའི་རིམ་པོའི་ཚད་ཀྱི་མཐའ་ཉིས་རི་མེ་མོ།། བླ་གོས་དང་མཐང་གོས་གཉིས་ནི་ཚིག་རྐྱང་ངོ་ཞེས་བྱ་བ་ནི་བླ་གོས་དང་མཐང་གོས་གོལ་ཏེ་སར་པ་ལས་བྱེད་ན་དེ་གཉིས་ཀྱི་རིམ
་པའི་ཚད་ཀྱི་མཐའ་ནི་ཚིག་རྐྱང་ངོ་།། འདིར་གཞུང་ནི་གལ་ཏེ་དགེ་སློང་དེས་བཅག་པ་དང་ཁ་བསྒྱུར་བ་དང་རྩོམ་པར་ནུས་ན་དགེ་སློང་དེས་གོས་དེ་ལས་དེ་སྣམ་སྦྱར་དང་གདིང་བ་ནི་གཉིས་རིམ་དུ་བྱའོ།། བླ་གོས་དང་མཐང་གོས་ནི
་ཚིག་རྐྱང་དུ་བྱའོ་ཞེས་གསུངས་པ་ཡིན་ནོ།། དུས་ཚིག་སུ་སྤྲད་པ་ལས་ནི་ཉིས་འགྱུར་དུའོ་ཞེས་བྱ་བ་ནི་མདོ་སྔ་མ་དག་ལས་ཉིས་རིམ་དང་ཚིག་ཀྱང་ཞེས་སྨོས་པ་དེ་དག་ལས་ལྟོས་ཏེ། གལ་ཏེ་གོས་ཚིགས་གཅིག་ཏུ་སྤྱད
་པ་ལས་དེ་དག་བྱེད་ན་ཉིས་འགྱུར་དུ་བྱའོ།། སྣམ་སྦྱར་དང་གདིང་བ་གཉིས་བཞི་རིམ་དུ་བྱའོ།། བླ་གོས་དང་མཐོང་གོས་གཉིས་ནི་ཉིས་རིམ་དུ་བྱའོ་ཞེས་བྱ་བའི་དོན་ཏོ།། དུས་ཚིག་སུ་སྤྱད་པའི་གོས་ནི་བགོ་ཟས་ཆུང
་བ་ཉིད་དེ་ཞེས་བྱ་བ་འདི་གྲུབ་པའོ།། གང་ཞིག་དུས་ཚིགས་གསུམ་པོ་དག་ལས་དུས་ཚིགས་གང་ཡང་རུང་བའི་དུས་ཚིགསུ་སྤྱད་པ་གང་ཡིན་པའོ་ཞེས་དུས་ཟད་པའི་ངོ་བོ་བརྗོད་པའོ།། འདིར་ཟླ་བ་བཞི་པོ་ནི་དུས་སུ་རིག་པར་བྱའོ།། །
་ཕྱག་དར་ཁྲོད་ལས་བྱས་པ་དག་ལ་ནི་ངེས་པ་མེད་དོ་ཞེས་བྱ་བ་ནི་རིམ་པ་རྣམས་ཤིན་ཏུ་མང་བ་ཉིད་ལ་ཡང་ངེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཕྱག་དར་ཁྲོད་ལ་ནི་ཇི་ཙམ་འདོད་པར་བྱའོ་ཞེས་གསུངས་པ་གང
་ཡིན་ནོ།། རྙིངས་པ་ཉིད་དང་དེངས་པ་ཉིད་ནི་ཅི་དགོས་པ་ལྷག་པར་སྦྱར་བར་བྱའོ།། རྙིངས་པ་ཉིད་ཅེས་བྱ་བ་ནི་འང་ཟད་པ་ཉིད་དོ།། ངེས་པ་ཅེས་བྱ་བ་ནི་རིམ་པོ་སྒོ་སྐྱེས་ཀྱི་བཤུང་བ་ལ་སོགས་པས་བསྲུབས་པར་གྱུར་པའོ།།
་དགོས་པ་ཞེས་བྱ་བ་ནི་ཅི་ཙམ་དགོས་པ་སྟེ་ཇི་ཙམ་དགོས་སྤྱད་པར་བྱ་དགོས་པ་ཞེས་བྱ་བའི་དོན་ཏོ།། ལྷག་པར་ཞེས་བྱ་བ་ནི་རིམ་པའི་མཐའ་སྔར་བསྟན་པ་ལ་སོ།། སྦྱོར་རོ་ཞེས་བྱ་བ་ནི་ལྷན་པ་དགོ། མདོ་འདི་ནི་མ་མེ་ལས་གསུངས
་པ་བསྡུས་པ་ཡིན་ནོ།། ལྷག་པར་སྦྱར་བ་ཉིད་དུ་མི་བྱའོ་ཞེས་བྱ་བ་ལ་སྦྱར་བ་ནི་ཉེས་བྱསོ་ཞེས་བྱ་བ་འདི་ལ་འདི་བསྟན་པའོ།། སྤང་བར་འགྱུར་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་ལྷག་པར་སྦྱར་བའི་རིམ་པ་དེ་བཞག་བཅུ་འདས་ན་སྤང
་བའི་ལྟུང་བྱེད་དུ་རིགས་པར་བྱའོ།། རིག་པ་ཅན་བྱི་དིར་བྱས་ནས་འདི་ཉིད་དུ་སྦྱར་བར་བྱའོ།། སྙམ་པའི་སེམས་མ་སྐྱེས་པར་དབོག་པར་མི་བྱའོ་ཞེས་བྱ་བ་ལ་མི་རུང་བར་གྱུར་པ་ནི་འདིར་དབོག་པར་བྱའོ།། ཆོས་གོས་འདི་ཉིད་དུ་སྦྱར
་བར་བྱའོ་སྙམ་པའི་སྣརུམས་མ་བསྐྱེད་པར་དབོག་པར་མི་བྱའོ།། འདི་ལྟ་བུའི་སེམས་ལ་མི་གནས་པ་ནི་སེམས་མཱ་བསྐྱེད་པར་ཞེས་བྱ་བའི་དོན་ཏོ།། གང་ཡང་རུང་བས་ཕོག་པར་མ་སྦྱར་བའི་སྔ་རོལ་དུ་སྣང་བ
་འགྱུར་བ་ཉིད་དོ་ཞེས་བྱ་བ་ལ། གང་ཡང་རུང་བས་ཞེས་བྱ་བ་ནི་ཇི་ལྟར་ཡང་རུང་བ་ཞེས་བྱ་བ་དེ་ལྟ་བུ་འམ་གཞན་པའི་སེམས་ཀྱི་ཕོག་པ་དེའི་གཟུགས་ཉིད་དུ་གྱུར་པ་ལ་དེ་ཉིད་དོ།། ཡང་དག་པར་སྦྱར་བ་ཉིད་ལ་བསྒྲུབ་པ་ཉིད་དུ་འགྱུར་ཏེ།
་ཞེས་བྱ་བྱ་འདི་ཤེས་པ་རིམ་པ་རྣམ་པར་བཞག་པའི་རྗེསུ་འབྲེལ་པས་བརྗོད་པ་ཡིན་ནོ།། སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་དགུ་ཡན་ཆད་ནས་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུབ་མ་གཏོག་སོ།། ཞེས་བྱ་བ་ནི་འདིར་མཉམ་པ་པ་ནི་ཟུང་བ་ཉིད་ཀྱིས
་བར་མཚོན་པ་སྟེ། བཅུ་དང་བཅུ་གཉིས་དང་བཅུ་བཞི་དང་། བཅུ་དྲུག་དང་བཅོ་བརྒྱད་དང་ཉི་ཤུ་དང་ཉི་ཤུ་གཉིས་དང་ཉི་ཤུ་བཞི་རྣམས་མ་གཏོགས་པར་ཞེས་བྱ་བ་འདིའི་དོན་ཏོ།། ཅི་ཕྱིར་དེ་ལྷག་པའི་དུམ་བུ་རྣམས་ཀྱིས་སྣམ
་སྦྱར་ཞེས་བྱ་བ་འདིར་རྒྱུ་བརྗོད་པ་ཡིན་ནོ།། དེ་ཡན་ཆད་ནི་ཚེམ་བུའོ་ཞེས་བྱ་བ་ནི་གང་གི་ཕྱིར་ཚེམ་བུ་ཉིད་དེར་གྱུར་པ་དེ་བས་ན་མ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། དང་པོ་གསུམ་པ་ལ་ནི་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ།
་ཞེས་བྱ་བ་ནི་སྣམ་སྦྱར་དུ་གསུམ་པ་དང་པོ་ལ་སྟེ། སྣམ་ཕྲན་དགུ་པ་དང་བཅུ་གཅིག་པ་དང་བཅུ་གསུམ་པའི་དུམ་བུ་འདི་རྣམས་ལ་གེགས་བུ་ཕྱེད་དང་གསུམ་པ་ཉིད་དོ།། གླེགས་བུ་ཕྱེད་དང་གསུམ་པ་རྣམས་ནི་དུམ་བུ་འདི་ལ་ངོའི་སྟེ
་དེ་བས་ན་གླེགས་བུ་ཕྱེད་དང་གསུམ་པ་ནི་དེའི་དངོས་པོའོ།། སྣམ་ཕྲན་རྣམས་ནི་དུམ་བུ་ཉིད་དུ་རིག་པར་བྱ་བའི་གླེགས་བུ་དང་ཕྱེད་པ་རྣམས་ལ་ནི་མི་བྱའོ།། གཉིས་པ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ་ཞེས་བྱ་བ་ནི་སྣམ་སྦྱར
་གསུམ་པ་གཉིས་པ་ལ་སྟེ། སྣམ་སྦྱར་ཕྲན་བཅོ་ལྔ་པ་དང་བཅུ་བདུན་པ་དང་བཅུ་དགུ་པའི་སྣམ་སྦྱར་རྣམས་ལའོ།། རྣམ་ཕྲན་དེ་རྣམས་ཀྱི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ།། གསུམ་པ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པོ་ཉིད
་དོ་ཞེས་བྱ་བ་སྣམ་ཕྲན་ཉིད་ཤུ་རྩ་གཅིག་པ་དང་ཉི་ཤུ་གསུམ་པ་དང་ཉི་ཤུ་ལྔ་པའི་སྣམ་སྦྱར་རྣམས་ལའོ།། བླ་གོས་ནི་སྣམ་ཕྲན་བདུན་དང་གླེགས་བུ་ཕྱེད་དང་གསུམ་པའོ།། མཐང་གོས་ནི་སྣམ་སྦྱར་ལྔ་པ་དང་གླེགས་བུ་ཕྱེད་དང
་གཉིས་པའོ།། དེ་གཉིས་ནི་ཆོས་གོས་བྱིན་གྱིས་བརླབས་པའི་སྔགས་ལས་ཤེས་པར་བྱའོ།། བྱིན་གྱིས་བརླབས་དུ་རུང་བ་ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་ལྔ་དག་གོ་ཞེས་བྱ་བ་ནི་ཞེང་དུ་ཁྲུ་གསུམ་ཆུར་ཁྲུ་ལྔ་ནི་གང་རྣམས
་ཀྱི་ཚད་དོ་ཞེས་བྱ་བའི་དོན་ཏོ།། ཕྱོགས་གཅིག་ལ་ཡང་ཚད་ལས་ལྷག་པར་བྱེད་ན་སྤང་པོར་འགྱུར་བ་ཉིད་དོ།། དེ་བས་ན་ལྟུང་བ་ལས་ལྷག་པའི་དོན་ཉིད་ཀྱི་འདི་ལྟར་བརྗོད་པ་ལ་སྐྱེས་པ་ཉིད་ཀྱིས་དེ་བཞིན་དུ་རིམ་པ་དུ་མ་བྱའོ།
་སྙམ་པའི་བསམ་པས་མཚམས་སྦྱར་བ་ལ་ཇི་སྲིད་དུ་རིམ་པ་རིགས་པ་ཉིད་བྱེད་པ་མངོན་པར་འདོད་པ་དེ་ཙམ་གྱི་རིམ་པ་ཉིད་ཀྱིས་ཞུགས་པ་ལ་ཚད་གང་ཡིན་པ་དེ་ནི་དེ་ལས་ལྷག་པར་བྱེད་ན་ཡང་སྤང་བར་འགྱུར་བ་ཉིད་དུ་ཤེས་པར
་བྱའོ།། རིམ་པ་དུ་མ་བྱའོ་སྙམ་པའི་བསམ་པ་མེད་དེ་རིམ་པ་གཅིག་བྱའོ་སྙམ་པ་ལས་གང་ཞིག་ཚད་འདི་ལྷག་པར་བྱེད་དམ། དྲས་ཏེ་བྱའོ་སྙམ་པའི་བསམ་པ་ཡོད་པས་བཞག་པར་བྱ་བ་ལ
་འདི་ནི་ཆད་དོ།། དེ་ལས་ལྷག་པ་མེད་པ་མ་བཅད་པའི་ངོ་བོ་ཉིད་ཀྱིས་ཚད་འདི་གང་ཡིན་པ་དེ་ལས་ལྷག་པར་བྱེད་ན་སྤང་བར་འགྱུར་བར་རིག་པར་བྱའོ།། ངོས་ཇི་ཙམ་པ་དེ་ཙམ་གྱི་བསམ་པས་འཇུག་པ་དེ་ཙམ་ལ་དེའི་དོན་ཉིད
་ཀྱི་ཉེས་པར་གྱུར་པ་ཉིད་མེད་དོ།། གང་གི་ཕྱིར་མངོན་པར་བརྟེན་པ་དང་རིག་པ་ལས་མ་འདས་པའི་དོན་ལ་ལྡོག་པར་གྱུར་པ་ཉིད་མ་ཡིན་པའོ།། གཞན་ཐམས་ཅད་ལ་ལྷག་པའི་དོན་ཉིད་ཐམས་ཅད་ལ་སོགས་པ་ལ་གནས
་པས་ན་ཆོས་གོས་ཐམས་ཅད་ཀྱི་ཚད་ལ་མངོན་པར་གནས་པ་ཉིད་དོ།། དེ་བས་ན་ཆེ་བ་དང་བར་མ་ཉིད་བྱེད་པའི་ལྷག་པར་གྱུར་པ་ལ་ཞེས་དམ་ཆུར་ཉེས་པ་མི་བསྐྱོད་པའོ།། ཞེང་ངམ་ཆུ་དག་ལས་གང་ཡང་རུང་བར་ལྷག
་ན་བཅད་དེ་ལྔ་པོ་འཕགས་པ་ཉིད་ཀྱིས་མངོན་པར་འདོད་པའོ།། རིག་པ་ལས་མ་འདས་པའི་གོས་ཀྱི་ཕྱོགས་གཅིག་ཉིད་ཀྱི་མངོན་པར་བརྟེན་པ་ཉིད་ནི་མ་ཡིན་ནོ།། ཆུང་ངུ་དག་ནི་གཉིས་ཀ་དག་ལས་ཁྲུ་ཕྱེད་ཕྱེད་ཕྲི
་བའོ།། ཞེས་བྱ་བའི་ཁྲུ་གསུམ་མམ་ལྔ་ལས་གཉིས་ཀ་ལས་ཀྱང་། ཁྲུ་ཕྱེད་ཕྱེད་དོར་ནས་ཆུང་བ་ཆོས་གསུམ་པོ་ལས་ཡང་ངོ་ཞེས་བྱ་བའི་དོན་ཏོ།། འབྲིང་རྣམས་ཀྱི་ཚད་ནི་བར་མའོ་ཞེས་བྱ་བ་ནི་ཁྲུ་གསུམ་དང་ལྔ་དང་ཕྱེདད
་གསུམ་དང་ཕྱེད་དང་ལྔ་གང་ཡིན་པ་དེའི་བར་མ་ནི་འབྲིང་པོ་སྟེ་དེ་ནི་འབྲིང་པོ་རྣམས་ཀྱི་ཚད་དོ།། མཐང་གོས་ནི་དོ་དང་ལྔ་ཡིན། དོ་དང་བཞི་ཡང་ཡིན་ནོ།། འཁོར་གསུམ་ཁེབས་པ་ཡན་ཆད་ཀྱང་ངོ་ཞེས་བྱ་བ་ནི་དོ་དང་བཞི་མན
་ཆད་ནས་བརྩམས་ཏེ་སྲིད་འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱི་བར་རོ།། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ་ཞེས་བྱ་བ་ནི་ལུས་ཀྱི་ཁྲུའི་སྒྲའི་དོན་དུ་རིག་པར་བྱའོ།། ལུས་དང་གྲུ་མོ་ནས་གུང་མོའི་རྩེ་མོའི་བར་ཡོད
་པ་དེའི་ཚད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། གང་དུ་ལུས་ལ་ཁྲུའི་ཚད་ཐུང་བ་འམ་རིང་པ་ཉིད་དེ་དང་འབྲེལ་བ་ཉིད་ནི་ཆོ་ག་འདིའོ།། མི་ཡོག་ན་རལ་ག་དཔུང་ཆད་བྱའོ།། ཞེས་བྱ་བ་ནི་འདི་ལྟར་ཡང་གང་གིས་ལུས་མི་ཁེབས་ན
་རལ་ག་དཔུང་ཆད་བྱ་སྟེ་ཁེབས་པོར་བསྒྲུབ་པར་བྱའོ།། འདི་ནི་གཙོ་བོའི་ཐབས་ཏེ། དེ་བས་ན་འདིའི་འདི་བརྗོད་པར་བྱའོ།། ཟླ་བས་སྤང་བ་རྣམ་པར་འབྱེད་པའོ།། །། དེ་བས་དམུན་པ་ནི་ཆུང་བ་དང་འདྲ་སྟེ་ཉེས
་བྱས་སུ་འགྱུར་བ་ཉིད་དོ་ཞེས་བྱ་བ་ནི་མི་ཉམ་པ་ཀུན་ལས་འོག་ཏུ་གོས་གང་ཞིག་དུམ་བུར་གྱུར་པ་འམ་དུམ་བུར་མ་གྱུར་པ་ཆུང་བ་འཇོག་པ་ཟླ་བ་དང་འདྲ་བར་དེ་ལ་ཉེས་བྱ་སུ་འགྱུར་བ་ཉིད་དོ།། རེ་བ་ཡོད་པ་ལ་བྱིན་གྱིས་བརླབ
་པར་བྱེད་པ་མེད་པ་ཉིད་ལ་ཟླ་བ་གཅིག་འདས་ན་ཤིན་ཏུ་དམན་པའི་འཆང་བ་ལ་ཉེས་བྱས།། རེ་བ་མེད་པ་ལ་སྦྱིན་པ་ལ་བྱིན་གྱིས་བརླབ་པར་བྱ་བ་ཡོད་པ་ལ་ཞག་བཅུ་འདས་པར་བྱེད་ན་ཞེས་བྱ་བའི་དོན་དུའོ།། འཁོར་གྱི་ཕྱེད
་གཡོགས་པ་གང་ཞིག་དམན་པ་དེར་ཆོ་ག་འདིར་ཞུགས་པའོ།། འདི་ལས་འོག་མ་གང་ཡིན་པ་དེ་ལ་ཆོ་ག་བརྗོད་པར་བྱ་སྟེ། འཁོར་གྱི་བྱེད་མི་ཁེབས་པ་ནི་རེ་བ་མེད་པ་ཉིད་དོ་ཞེས་བྱ་བ་ནི་འདིར་ལྟེ་བའི་རིམ
་ལ་སོགས་པ་ནས་པུས་མོའི་ལྷ་ངའི་མཐར་ཐུག་པ་གང་ཡིན་པ་དེ་ནི་ཀཽཎ་ཐ་འཁོར་རོ།། འདིའི་ཞེང་ལས་གང་གིས་ཕྱེད་མི་ཁེབས་པ་དེ་ལ་རཾ་བ་མེད་པ་ཉིད་དོ།། ཆ་གཅིག་པས་ཞག་བཅུའི་ཕྱོགས་ཉིད་དོ།། ཞག་བཅུ་ལས
་འདས་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། འདིར་རེ་བ་ཤིན་ཏུ་ཆེ་བ་ཡང་དག་པར་གནས་པ་མ་ཡིན་ཏེ་དལ་གྱིས་འགྲོ་བས་ཡུལ་གཞན་དུ་ཕྱིན་པ་དང་འདྲ་བ་ཞེས་བྱ་བ་འདིས་ཤེས་པའོ།། རུང་བ་མ་ཡིན་པ
་ཡང་ངོ་ཞེས་བྱ་བ་ནི་རེ་བ་མེད་པ་ཉིད་ཅེས་བྱ་བར་སྦྱར་བར་བྱའོ།། འདིར་གཞུང་ནི་གོས་ཇི་ལྟ་བུ་གཅིག་བཞག་པར་བགྱིས། རུང་བ་གང་ཡིན་པའོ།། རུང་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀག་པ་གང་ཡིན་པའོ།
་ཞེས་གསུངས་པ་ཡིན་ནོ།། གདོང་ཕྱིས་དང་ཆུ་ཚུགས་དང་། སྟན་འཇམ་པོ་དང་དྲེའུ་རྫོགས་ལ་སོགས་པའི་ཡོ་བྱད་ཀྱི་གོས་བྱིན་གྱིས་མ་བརླབ་པ་དག་གོ་ཞེས་བྱ་བ་ནི་གདོང་ཕྱིས་ལ་སོགས་པ་ཉིད་དུ་བྱིན་གྱིས་མ་བརླབས་པ
་དེ་དག་ཀྱང་ཁ་བསྐང་བ་ལ་རེ་བ་མེད་པ་ཉིད་ཡིན་ཏེ། གཞན་རྩེ་གཅིག་པ་རྣམས་ལ་འདི་རྣམས་ལ་རེ་བ་ཡོད་པ་ཉིད་ལ་ཡང་དག་པར་གནས་པའི་ཕྱིར་གླགས་མི་རྙེད་པ་ཞག་བཅུ་ཉིད་ལ་འདི་བརྗོད་པ་སྟེ་ཡང་དག་པར
་འགྱུར་བ་ཉིད་ཀྱང་འདིར་མེད་ན་མི་འབྱུང་བའི་ཕྱིར་གྲགས་པར་རིག་པར་བྱའོ།། འདིར་གཞུང་ནི་ཡི་གེ་ཁ་ཅིག་ལས་ཡོ་བྱད་ཀྱི་གོས་བྱིན་གྱིས་མ་བརླབས་པ་ཞག་བཅུ་ལས་འདས་པ་སྤང་བར་འགྱུར་བ་ཉིད་ནི་གདོང་ཕྱིས
་དང་ཆུ་ཆགས་དང་སྔུན་འཇམ་དང་དྲེའུ་རྔོག་ལོ་སོགས་པའི་ཡོ་བྱད་བྱིན་གྱིས་བརླབ་པར་བྱེད་ན་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ།། ཟླ་བུས་སྤྱང་གཞུ་བའོ།། ། སྦྲུམ་མ་དབེན་པར་བཞག་གོ་ཞེས་བྱ་བ་ལ
་སྦྲུམ་མ་ཞེས་བྱ་བ་ནི་མངལ་ན་བུ་ཡོད་པ་སྟེ་རབ་ཏུ་བྱུང་བ་སྦྲུམ་མ་མངལ་ན་བུ་ཡོད་པ་སྟེ། དབེན་པའི་ཕྱོགསུ་བཞག་པར་བྱ་ཞེས་བྱ་བའི་དོན་ཏོ།། དེ་དགེ་སློང་མ་རྣམས་ཀྱིས་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི་གང་ཞིག
་འདི་དབེན་པའི་ཕྱོགས་ན་སྦྲུམ་མའི་གནས་བཅས་པ་དེར་འདི་མི་བསྒྲུབ་ན་དགེ་སློང་མ་གཞན་རྣམས་ཀྱིས་ཡལ་བར་མི་དོར་རོ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཟན་སྦྱིན་པར་བྱའོ་ཞེས་བྱ་བ་ནི་སྦྲུམ་མ་ལ་དགེ་སློང་མ་རྣམས
་ཀྱིས་སོ།། ཕ་མ་དག་ནས་བདུན་པ་ཚུན་ཆད་ལས་གང་ཡང་རུང་བ་སྔ་མི་ཅིག་ལས་སྐྱེས་པ་ཡང་ཉེ་དུ་ཡིན་ནོ་ཞེས་བྱ་བ་ལ་ཕ་མ་དག་ཅེས་བྱ་བ་ནི་ཕ་མ་ནི་ཕོ་མ་དག་གོ། འདིར་མའི་རྒྱུད་པའི་ཡན་ལག་དང་བཅས
་པ་མའི་སྒྲའོ།། ཕའི་སྒྲ་ཡང་མའི་ཡན་ལག་དང་བཅས་པའི་རྒྱུད་ལ་ཕྲུགས་བདུན་དུ་གྱུར་པའི་ཕ་མ་དག་གིས་ཇི་སྲིད་དུ་གང་ཡང་རུང་བ་ཅིག་གིས་ཀྱང་ཕ་མ་དེ་དག་ལ་གཉིས་ཀ་དགེ་ཉིད་ཀྱིས་ནི་མ་ཡིན་ཏེ།
་གཅིག་སྔ་མ་ལས་སྐྱེས་པ་ཉིད་དང་མ་གཅིག་ལས་སྐྱེས་པ་ཉིད་ཕ་གཅིག་ལས་སྐྱེས་པ་ཉིད་གང་ལ་ཡོད་པ་དེ་ནི་གཉེན་ཞེས་བྱ་བ་འདི་དག་གི་དོན་ཏོ།། འཁྲུར་འཇུག་པའི་སྤང་བའི་བྱེད་པ་པོ་ཉིད་གང
་ཡིན་ཞེ་ན། དེའི་ཕྱིར་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དོན་མེད་ན་ཡང་འདུ་ཤེས་ནི་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཏེ་འདུད་ཤོས་ནི་གཙོ་ཆེར་རིག་པར་བྱའོ།། གང་དུ་འདིའི་འོག་ཏུ་ཉེ་བར་གནས་པ
་ཉིད་རྟོགས་པར་བྱའོ།། དེ་ནི་འདུ་ཤེས་གཙོ་བོར་བྱ་བ་ལ་དེ་ནི་ཞེས་བྱ་བ་ནི་མིང་ཅན་ཏེ་འདུ་ཤེས་གཙོ་བོར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་གཙོ་བོར་བྱ་བ་ནི་མིང་སྟེ་འདུ་ཤེས་གཙོ་བོར་བྱེད་པ་པོ་ཉིད་ཡིན་པ་དེའི་མིང་ངོ་།། དེ་ལྟར་ན་ཚིག་གི
་དོན་འདི་འབྱུང་སྟེ་འདི་མན་ཆད་ཀྱི་མདོ་གང་དང་གང་ལ་ཤེས་གཙོ་བོ་ཞེས་བྱ་བའི་མིང་སྨོས་པ་དེ་དང་དེར་མཽང་དེའི་རང་གི་མིང་ཅན་འདུ་ཤེས་གཙོ་བོར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་སྟོན་པར་ཤེས་པར་བྱའོ།། དོན་གང་ལ་འདུ་ཤེས
་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་མ་ཉིད་དང་དེ་ཉེ་དུ་མ་ཡིན་པ་ཉིད་དག་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མ་ཉིད་དང་དགེ་སློང་མ་དེ་ཉེ་དུ་མ་ཡིན་པ་དག་ལ་འདུ་ཤེས་གཙོ་ཆེར་བྱེད་པ་ཉིད་ཡིནོ་ཞེས་བྱ་བའི་དོན་ཏོ།། །
་འོག་མ་ལ་ཡང་ངོ་ཞེས་བྱ་བ་ནི་གང་ཞིག་འདིའི་རྗེས་ལ་བསླབ་པའི་གཞིའི་ཕྱིར་བཟུང་བ་དང་འབྲེལ་པ་དེ་ལ་ཡང་དགེ་སློང་མ་ཉིད་དང་ཉེ་དུ་མ་ཡིན་པ་དག་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེས་བྱ་བ་འདྲེ་བར་བསྟན་པའོ།།
་ཅི་ཞིག་བྱས་ན་འཁྲུར་འཇུག་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་བྱིན་གྱིས་བརླབས་པ་རང་གི་རྙིང་པ་འཁྲུར་འཇུག་པར་འོས་པ་ཆོས་གོས་དང་གདིང་བ་དག་ལས་འགའ་ཞིག་བསྒོ་བས་འཁྲུར་འཇུག་གམ་འཆེད་དུ་འཇུག་གམ
་འརླག་ཏུ་འཇུག་པ་དག་ནའོ་ཞེས་བྱ་བ་སྨོས་ཏེ་བྱིན་གྱིས་བརླབས་པ་རང་གི་རྙིང་པ་འཁྲུར་འཇུག་པར་འོས་པ་ཆོས་གོས་དང་གདིང་བ་དག་ལས་འགའ་ཞིག་བསྒོ་བས་འཁྲུར་འཇུག་པ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ།། འདིར་སྙིང
་པ་ཉིད་ནི་ལོངས་སྤྱད་པ་ཉིད་དོ།། ཇི་སྲིད་དུ་ཡིང་དུས་ཙམ་ལ་སོགས་པའི་ཚད་དེ་སྲིད་དུ་འདིའི་ཡོངསུ་རྫོགས་པའི་གཟུགས་ཀྱི་འདུ་མ་ཡིན་ཏེ། གང་ཞིག་མ་འོངས་པ་ནི་དུ་བྱེད་ཅེས་བྱ་བ་འཁྲུར་འཇུག་པར་འོས་པ་ཉིད་ལ་འདིར་ཡན
་ལག་ཉིད་དེ། དེ་ལྟ་བུར་གྱུར་པའི་འཁྲུར་འཇུག་པ་ལ་སོགས་པའི་ཕྱོགས་ཉིད་དོ།། འཁྲུར་འཇུག་པར་འོས་པར་མ་ཡིན་པ་རྙིང་པ་འདི་འཁྲུ་བ་ལ་སོགས་པ་ཉེས་བྱསུ་རིག་པར་བྱའོ།། གདིང་བའི་ཚིག་ནི་ལུས་ཐམས་ཅད་ལ་ཡང་དག་པར
་རེག་པས་ལོངས་སྤྱོད་པ་ཉིད་གང་ཡིན་པ་དེ་ནི་འདིར་ཤེས་པར་བྱ་ཞེས་པ་འདི་བསྟན་དུ་རྣམ་པར་གནས་པ་ཡིནོ།། ལུས་ཀྱི་བསྙེན་བཀུར་བྱེད་པའི་རྣམ་པ་ཉིད་ནི་འདིར་ཉེས་པ་མཐོང་བ་ཡིན་ཏེ། དེ་བས་གཞན་གྱིས་ཡོངསུ་ལོངས་སྤྱོད
་པ་ཉིད་ལ་ན་སྨད་པོ་ཞེས་བྱ་བ་རྟོགས་པར་བྱའོ།། ངག་ཀྱང་ཞེས་བྱ་བའི་ཆོ་ག་འདི་ལ་འཇུག་པའི་དོན་དུ་སྒོ་བ་ཞེས་བྱ་བའི་ཚིག་གོ།། འདིར་གཞུང་ནི་བཙུན་པ་དགེ་སློང་ཆོས་གོས་རུང་བས་གྲོང་དུ་ཞུགས་པ་ཤིང་དེའི་ཆོས་གོས་དེ
་ཡང་ལུས་ལས་མ་ཕུད་པར་དེངས་པར་བགྱི་བའི་སླད་དུ་འབྱུང་བར་འགྱུར་བ་མཆིས་སམ། ཉེ་བར་འཁོར་ཡོད་དེ། འདི་ལྟ་སྟེ། ཁྱིམ་གྱི་ནང་དུ་ཞུགས་པའི་ཆོས་གོས་མི་གཙང་བ་ལ་སོགས་པས
་གོས་པར་གྱུར་པ་དེ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཁྲུར་འཇུག་ན་སྤང་བའི་ལྟུང་བྱེད་དུ་འགྱུ་རོ་ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་འདུ་བྱས་པ་ཙམ་གྱི་འདི་ལ་འདི་དགོས་པའོ།། ལོངས་སྤྱོད་པ་ལ་འདུ་བྱེད་དུ་བཅུག
་པ་ཞེས་བྱ་བ་འདི་ཙམ་གྱིས་ཞེས་བྱ་སྟེ་དེ་བས་འཁྲུར་འོས་པའི་ཚིག་གོ། ཕྱོགས་ལ་བྱས་པ་ཡང་ལས་བྱས་པ་ཉིད་དོ་ཞེས་བྱ་བ་ལ་ཕྱོགས་ལ་ཡང་ངོ་ཞེས་བྱ་བ་ནི་རྫས་ཕྱོགས་གཅིག་ཏུ་སོང་བ་ཉིད་དམ་རྒྱུན་དུམ་པུར་གྱུར་པ
་ཉིད་ཀྱིས་ཕྱོགས་ཤེས་པར་བྱའོ།། འདིར་གཞུང་ནི་འདིར་བཙུན་པ་འདི་ལྟར་ཡོད་པར་གྱུར་པ་ཞིག་ན་དགེ་སློང་ཆོས་གོས་རུང་བར་གྲོང་དུ་ཞུགས་ཤིང་དེའི་ཆོས་གོས་དེ་ཡོང་ལུས་ལས་མ་ཁྱད་པར་སྤང་བར་བགྱི་བའི་སླད་དུ
་དབྱུང་བར་འགྱུར་བར་མཆིསོ་སམ། ཉེ་བར་འཁོར་ཡོད་དེ། ཇི་ལྟར་ཡང་དགེ་སློང་ཁྱིམ་གྱི་ནང་དུ་ཞུགས་པ་ལས་ཆོས་གོས་བཤད་པ་འམ་གཅི་བ་འམ་འདམ་གྱིས་སམ་ལུང་བས་སམ་མི་གཙང་བ་གཞན་དང་གཞན་གྱིས་གྲོ
་པར་གྱུར་ཏེ། དེ་མ་གནང་བའི་དགེ་སློང་མ་ལ་འཁྲུར་འཇུག་པ་ན་སྤང་བའི་ལྟུང་བྱེད་དུ་འགྱུརརོ་ཞེས་གསུངས་པ་ཡིན།། འདི་ནི་རྫས་ཕྱོགས་གཅིག་ཏུ་སོང་བ་ཞེས་བྱ་བའོ།། ཕྱོགས་གཅིག་ལས་ལྷག་པར་འདི་ནི་ལུས་ལས་མ
་ཕུད་པའི་ཚིག་གིས་རྒྱུན་དུམ་བུར་ཉིད་པ་ཅེས་བྱ་བ་ཉིད་ཀྱིས་ཤེས་པར་བྱའོ།། འདིར་འཁྲུར་འཇུག་པར་བྱ་ཞེས་བྱ་བ་ནི་ཐ་ན་ཆུར་སྐྱུགས་པར་བྱེད་དམ། ཚོན་དུ་སྡུག་པར་བྱེད་དམ་འཚེད་དུ་འཇུག་པར་བྱེད་དམ་ཐ་ན་ཐལ
་མོས་རྡེབ་པར་བྱེད་ན་ཡང་ངོ་ཞེས་གསུངས་པ་ལྟ་བུའོ།། བྱས་པ་ཉིད་ན་བྱེད་དུ་བཅུག་པ་ཉིད་དོ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཚེ་དེ་ལས་དེ་ངེས་པར་སྦྱོར་བ་བྱས་པར་འགྱུར་བ་དེའི་ཚེ་བྱེད་དུ་བཅུག་པ་ཉིད་འགྲུབ་པར་འགྱུར
་ཏེ། ཉེས་བྱས་ཀྱི་སྦྱོར་བ་ཙམ་ལ་མ་ཡིན་ནོ།། འབྲས་བུའི་མཐའ་མན་ཆད་གཅིག་པ་ཉིད་དོ་ཞེས་བྱ་བ་ནི་འབྲས་བུའི་མཐར་ཐུག་པ་ནི་ཇི་སྲིད་དུ་ལས་ཀྱིས་གཅིག་པ་ཉིད་དོ།། ཚིགསུ་གྱུར་པ་ཉིད་ལ་འབྲས་བུ་རྣམས་གཅིག
་པ་ཉིད་ངོ་ཞེས་བྱ་བ་ནི་ཚིགསུ་གྱུར་པ་སྔ་མ་དང་ཕྱི་མའི་ཆ་ཉིད་ཀྱིས་ཡིད་ལ་འབྲེལ་པར་གྱུར་པ་དུ་མའི་འབྲས་བུ་རྣམས་གང་ཡིན་པ་ནི་འདི་ལྟ་སྟེ། རུང་བ་ཉིད་ཀྱིས་ཐོབ་པའི་མཐར་ཐུག་པ་འདུ་བྱེད་པའི་དགོངས་པས།
་རྩོམ་པ་ལ། བྲུར་འཇུག་པ་དང་འཚེད་དུ་འཇུག་འཆག་ཏུ་འཇུག་པར་བྱེད་པ་ཉིད་དག་གིས་གཅིག་པ་ཉིད་དོ།། དེ་རྣམས་ལ་དེའི་དབྱེ་བ་དང་བསྒོ་བ་དང་ལས་ཀྱི་དབྱེ་བས་གཅིག་པ་ཉིད་དོ།། དེ་ལ་ཐ་མའི་ཚིགས་ཀྱི་ཐ་མཱའི
་བར་དུ་འཁྲུར་འཇུག་པ་ལ་སོགས་པའི་ལས་གསུམ་པོ་རྗེ་སུ་བསྒྲུབ་པ་ལ་གང་ཞིག་ལྟུང་བ་རེ་རེར་གསུངས་པ་དེ་བས་མདོ་འདི་སྔ་མའོ།། འདུ་ཤེས་གཙོ་བོ་ཉིད་ལ་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ།། དོན་ཇི
་ལྟ་བ་མ་ཡིན་པ་ཉིད་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་བྱ་བ་ནི་གང་དུ་འདུ་ཤེས་གཙོ་ཆེ་བ་ཉིད་དེ་ལ་ཆོ་ག་ནི་འདིཔར་བྱའོ།། འདུ་ཤེས་པ་ནི་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའི་ལྟུང
་བའོ།། དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་གང་ཞིག་དེ་དང་ཉེ་བའོ་ཞེས་བྱ་བ་ནི་བར་མེད་པོའི་ཚིག་སུ་གྱུར་པའོ།། ཡིད་གཉིས་ནི་འདུ་ཤེས་དང་འདྲའོ་ཞེས་བྱ་བ་ནི་ཡིད་གཉིས་ནི་འདུ་ཤེས་དང་འདྲ་བ་ཉིད་དོ།། ཡིད་གཉིས་ཟ
་པ་ལ་དོན་དེ་ལ་ལྟུང་བ་དེ་ཉིད་དུ་འགྱུར་རོ།། གང་ཞིག་དེ་ལ་འདུ་ཤེས་ཤིང་ཞེས་བྱ་བའོ།། དགེ་འདུན་གྱི་ཁྲིམས་སུ་བཅའ་བ་བསྲུང་བར་བྱའོ།། གློ་བུ་པས་ཀྱང་དེ་ལས་མི་འགལ་པ་ཉིད་དུ་བྱའོ་ཞེས་བྱ་བ་ལ། དེ
་ལས་ཞེས་བྱ་བ་ནི་ཁྲིམ་སུ་བཅའ་བ་རྗེས་སུ་བསྲུང་བ་ལས་སོ།། གློ་བུར་དུ་འོངས་པས་ཀྱང་དེ་ལ་རྗེསུ་བསྲུང་བར་བྱ་བ་ཉིད་ཅེས་བྱ་བའི་དོན་ཏོ།། ཡེད་མེང་པ་ཉིད་དང་ཇི་ལྟ་བུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེས་དེ
་དྲི་བར་བྱའོ།། ཞེས་བྱ་བ་ནི་ཚོགས་འདི་ན་དགེ་འདུན་གྱི་ཁྲིམསུ་བྱ་བ་འགའ་ཞིག་ཡོད་དམ་འོན་ཏེ་མེད་ཡོད་ན་ཇི་ལྟ་བུ་ཞིག་ཅེས་བྱ་བ་དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གློ་བུར་དུ་འོངས་པ་དེས་དེ་དྲི་བར་བྱའོ།། དུས
་གང་གི་ཚེ་ཞེ་ན། དེའི་ཕྱིར་ཧ་ཅང་ཡུན་རིང་པའོ་ཞེས་བྱ་བ་སྨོས་ཏེ་ཧ་ཅང་ཡུན་རིང་དུ་གནས་པ་པས་སྔ་རོལ་དུ་ཞེས་བྱ་བའི་དོན་ཏོ།། འཇུག་པ་དང་འཇུག་པའི་གནས་བཙལ་བ་པ་དང་རྫས་བཞག་པ་དང་རེ་ཞིག་བསྡད་པ
་དེ་རྣམས་ཐམས་ཅད་ལས་ཇེ་དང་པོར་བྱའོ་ཞེས་བྱ་བའི་དོན་ཏེ་འདི་ལས་འདའ་བར་བྱ་བ་ལས་སྔ་རོལ་དུ་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པ་དགེ་འདུན་ལས་གཡོ་བ་མེད་དེ་ཞེས་བྱ་བ་ནི་ཚེ་དང་ལྡན་པ་རྣམས
་བཅོམ་ལྡན་འདས་ཀྱིས་བཀའ་འདི་སྐད་ཅེས་གང་གི་ཚེ་ཚེ་དང་ལྡན་པ་ཉེ་སྡེས་དགེ་འདུན་གྱི་ཁྲིམ་སུ་བྱ་བ་དྲལ་ཀྱང་ལྟུང་བ་མི་འབྱུང་བ་སྟེ། བཅོམ་ལྡན་འདས་ཀྱི་བག་ཡང་སུ་མཛད་དུ་ཟིན་ཀྱང་ཤིན་ཏུ་སྦྱངས་པའི་དབང་གིས
་ལྟུང་བ་མི་འབྱུང་བ་ཉིད་དུ་གསུངས་པ་དེའི་འདི་བསྡུ་བའོ།། ལྷུང་བཟེད་དང་ཆོས་གོས་དང་དྲ་བ་དང་ཕོར་བུ་དང་སྐྲ་རིགས་དག་ལྷག་པ་འབུལ་བ་ནི་དགེ་འདུན་གྱི་ཉེ་བར་བཞག་པའི་དོན་དུ་བླང་བར་བྱའོ།། དེ་ལྟར་ཉེ་བར
་བཞག་པ་ནི་དེ་དག་མེད་པ་རྣམས་ཀྱི་ཅི་དགར་བསྐུར་རོ་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པ་མེད་པ་རྣམས་ཀྱི་གང་རྣམས་ལ་ཡོངསུ་ལོངས་སྤྱོད་པར་འོས་པ་ཉིད་དགེ་འདུན་དེ་རྣམས་ཀྱིས་བྱ་བ་ཤུགས་ཀྱི་རྟོགས་པར
་བྱའོ།། འཁྲུར་འཇུག་པའི་སྤང་བ་རྣམ་པར་འབྱེད་པའོ།། བཤད་བ་དང་གཅི་བ་དང་ལྡན་ལྗིན་དང་འང་མ་རྫ་བ་ལ་སོགས་པས་མ་རུང་བར་གྱུར་པ་ལས་འཁྲུར་འཇུག་པ་ལན་སྨད་པ་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་འདིར
་འཁྲུར་འཇུག་པར་འོས་པ་ཉིད་ཡན་ལག་དྲི་མ་ཅན་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གསལ་བ་ཉིད་དུ་བྱ་བའི་དོན་དུ་འདི་ཡིནོ།། དྲེའུ་རྔོག་དང་ཁྱིམ་པའི་གོས་དང་སྔས་ནང་ཚངས་ཅན་དང་རུང་བར་བྱས་པ་དང
་སྤངས་པ་དང་དགེ་འདུན་གྱི་རྣམསཱ་ལ་ཉེས་བྱས་སོ་ཞེས་བྱ་བ་ནི་འདི་རྣམས་ཉེ་དུ་མ་ཡིན་པའི་དགེ་སློང་མུ་ལ་འཁྱུར་འཇུག་པ་ལ་ཉེས་བྱས་སོ།། དྲེའུ་རྔོག་ཁྱིས་མ་ཡིན་པའི་གཡོག་ཉིད་ཀྱིས
་འདིའོ་ཁྱིམ་གྱི་གཡོག་པོ་ཉིད་ནི་དགེ་སློང་གྲྀ་གཡོག་ཉིད་ཀྱི་ཕྱི་རོ་དེའི་རྫས་རྣམས་ལ་རུང་བ་ཉིད་དོ་ཞེས་བྱ་བ་འདིའི་སྤྲོས་པའོ།། འདིར་ཉེ་བར་ལོངས་མ་སྤྱོད་པ་ནི་མ་ཚོགས་པའོ།། ཁྱིམ་གྱི་གཡོག་དང་སྡུས
་རྟེན་མགོ་བོ་ཙམ་གྱི་ལོངས་སྤྱོད་པ་ཉིད་ཀྱི་ཕྱིར་དང་ལུས་ཐམས་ཅད་ལ་ཡང་དག་པར་རེག་པས་ལོངས་སྤྱོད་ཅིང་རྣམ་པར་མི་རྟོག་པ་ལ་རང་ཉིད་ལ་མི་བརྟེན་པའི་ཕྱིར་རོ།། འབུལ་བ་ལ་རང་ཉིད་འཕོ་བ་ཉིད་ཀྱི་ཕྱིར
་དང་དགེ་འདུན་གྱི་རླུང་ཉིད་མེད་པའི་ཕྱིར་རོ།། འཁྲུར་འཇུག་པའི་སྤང་བ་ཞུ་བའི་སྐབས་སོ།། །། དགེ་སློང་མས་གོས་རིན་པོ་ཆེ་བརྫེ་བའི་ཕྱིར་བླང་བར་བྱའོ་ཞེས་བྱ་བ་ནི་བརྗེ་བའི་ཕྱིར་ཡིན་གྱི་ཡོངས་སུ
་ལོང་སྡེ་སྤྱོད་པའི་ཕྱིར་ནི་མ་ཡིན་ནོ།། དགེ་སློང་མ་དང་ལྷནི་ཅིག་བརྗེ་བར་བྱའོ་ཞེས་བྱ་བ་ནི་གོས་ཀྱི་ཕྱིར་འདིར་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱི་དབང་དུ་བྱས་ནས་མདོ་བྱས་པའོ།། རྫས་ཇི་ལྟ་བུ་བརྗེ་བར་བྱ
་ན། དེའི་ཕྱིར་མཉམ་པས་སོ།། ཡང་ན་དེ་དག་འགལ་བ་ཉིད་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མ་དང་ལྷོན་ཅིག་དེང་བརྗེ་བར་བྱེད་པའི་དགེ་སློང་མ་དེ་དགེའོ་བར་འགྱུར་བསོ་རིན་ཐང་གིས་བཟུང་བ་ལ་ནི་རྗེ་བའི
་རྣམ་པ་ཉིད་དོ།། གང་དུ་ལཱུ་ལྔ་ལེན་པའི་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིས་ལྡན་ན་ན་ཞེས་བྱ་བ་སྨོས་ཏེ་ཉེ་དུ་མཱ་ཡིན་པའི་དགེ་སློང་མ་ལ་དེར་འདུ་ཤེས་པ་འམ་ཡིད་གཉིས་ཟླ་བ་ཞེས་སྦྱརཪྴ་བྱས་སོ།
་ཇི་ལྟར་ལེན་ན་ཞེ་ན། དེའི་ཕྱིར་རྣམ་པར་རིག་བྱེད་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། ཅོད་མི་སྨྲ་བ་དང་དུ་ལེན་པས་ཀྱང་མཱ་ཡིན་ལ་ཚིག་ལས་གཞན་པའི་རྣམ་པར་རིག་བྱེད་ཀྱིས་ཀྱང་མ་ཡིན་ནོ།། ཅི་ཞིག་གི་ཕྱིར་ལེན
་ནཱ་ན་ན། དེའི་ཕྱིར་དགེ་འདུན་ལ་གོས་འབུལ་བ་དང་། ལེགས་པར་སྨྲ་བ་ལ་ལྟུང་བ་མདོ་ཞེས་བྱ་བ་སྨོས་ཏེ་རབ་ཏུ་སྦྱིན་པ་ལའོ།། དུ་སྟེན་པར་རྫོགས་པར་བྱེད་པ་དག་དང་པོར་གླུག་བྱུང་བ་དག་ལའོ་ཞེས་བྱ་བ
་ནི་དགེ་སློང་མ་ལས་ལེན་པ་ལྟུང་བ་མེད་དོ།། དང་རྫས་བརྗོད་དེ་མ་དུན་དུ་བཞག་ནས་མི་བལྟོས་པར་སོང་བ་ལའོ་ཞེས་བྱ་བ་ནི་འབུལ་བར་བྱེད་པའི་དགེ་སློང་མ་ལས་ཕྱིར་སྤོང་བུར་བྱེད་པ་ཉིད་ལ་དགེ
་སྐྱོང་གིས་ཐོབ་ན་དང་རྫས་པ་རྗོད་དེ་བདག་ཉིད་དང་པ་ཅན་དུ་གླེགས་པར་ཤེས་ཏེ། རྫུས་དེ་མདུན་དུ་བཞག་ནས་མི་བལྟོས་པར་སོང་བ་ནི་དེའི་ཚེ་བླངས་ན་ལྟུང་བ་མེད་དོ།། ལེན་པའི་སྤང་བའི་རྣམ་པར
་འབྱེད་པའོ།། །། ལག་ཏུ་འོངས་པ་ཉིད་ནི་ཐོབ་པ་ཉིད་དོ།། བལྟ་བའི་ཉེན་འཁོར་དུ་གྱུར་པ་ནི་དེའི་དང་པོའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་ལག་ཏུ་འོངས་པ་ཉིད་ལའོ།། འདིར་གཞུང་ནི་གོས་ཀྱི་གཞི
་ཞུ་བ་ལས། ཇི་ཙམ་གྱིས་ན་གོས་ཐོབ་པ་ལགས། གང་ཚུན་ཆད་དེའི་ལག་ཏུ་འོངས་པར་གྱུརབའམ་བལྟ་བའི་ཉེ་འཁོར་དུ་གྱུར་པ་ནའོ་ཞེས་གསུངས་པ་ཡིན་ནོ།། ཉེ་བར་མ་གྱུར་པ་ནོད་པ་ཉིད་ནི
་སྦྱོར་བ་ཉིད་དོ་ཞེས་བྱ་བ་ལ། འདིར་གཞུང་ནི་ཡི་གེ་ཁ་ཅིག་ལས་གྲོང་ཆེ་གེ་མོ་ཞིག་ནཱ་གོས་མཆིས་ཀྱི་ཚེ་དང་ལྡན་པ་ལ་གསོལ་ལོ་ཞེས་ཟེར་བ་ནོད་ན་ཉེས་བྱས་སུ་འགྱུར་རོ།། ཞེས་གསུངས་པ་ཡིན་ནོ།། འདྲིར་ཉེ་བར
་མོ་གྱུར་པ་ནོད་པ་ཉིད་ཀྱི་ཕྱིར་གཞན་ནི་སྨད་པའི་རྒྱུ་མཐོང་བ་མ་ཡིན་ཏེ་ཞེས་བྱ་བ་འདིར་མི་ཤེས་པའོ།། འདིར་དང་དུ་ལེན་པ་ཡང་ནོད་པ་ལ་ཤེས་པར་བྱ་སྟེ་གོ་བར་བྱ་བ་ཉིད་ནི་མ་ཡིན་ནོ།། དེ་ལྟར་གཞུང་ནི་འདི་ཡིན་ཏེ
་སྔར་བཞུག་པར་གྱུར་ནས་སྨྲས་པ་རྗེ་སུ་གནང་བར་བགྱི་ཡིས་འཕགས་པས་ལོངས་སྤྱོད་དུ་གསོལ།། བདག་ལ་བསོད་ནམསུ་འགྱུརོ་ཞེས་ཟེར་ན་ལྟུང་པོ་མེད་དོ་ཞེས་གསུངས་པའོ།། ཡང་ན་ཕྱིར་བཙལ་མི་འཚལ་བར་འབུལ
་གྱིས་ལོངས་སྤྱད་དུ་གསོལ་ཞེས་འམ། གོས་ཆ་མི་མཐུན་པ་དང་བརྗེའོ།། ཞེས་ཟེ་ར་བ་བླངས་པར་གྱུར་པ་ལས་ཕྱིས་ཚེ་དང་ལྡན་པ་རིན་རྩལ་མི་འཚལ་ལོ།། ཞེས་ཟེར་བ་ལ་ལྟུང་པ་མེད་དོ།། ཞེས་གསུངས་པ་གང
་ཡིན་པ་དེ་མདོ་འདིས་བསྡུས་པ་ཡིན་ནོ།། རྒྱ་ཆེ་དང་ཐ་སྙད་ཀྱི་དབང་མ་ཡིན་པ་ཉིད་ནི་གོས་སྦྱིན་པ་ལ་སོགས་པ་ལ་གཙོ་བོ་ཡིན་ནོ་ཞེས་བྱ་བ་ནི་ཇི་ཙམ་དུ་རང་གི་ལུས་ཀྱིས་འཇུག་པ་ཞི་བར་བཀག་པར་གྱུར་པ་ཉིད་ཀྱིས
་མ་ཡིན་པ་དེ་ཙམ་དུ་འདིར་རྒྱ་ཆེ་བ་ལ་མངོན་པར་བརྟེན་པར་རིག་པར་བྱའོ།། འདིར་གཉིས་པོ་འདི་ཐམས་ཅད་གཙོ་བོར་རིག་པར་བྱ་བ་སྟེ། ཐ་དད་པ་ནི་མ་ཡིན་ནོ།། པོར་བྱུང་བ་རྙེད་པ་ལ་འདི་ཙམ་དུ་གཟུང་བ་ཞེས་བྱ་བར་རིག
་པར་བྱའོ།། རེ་ཞིག་གི་སེམས་ཀྱིས་ནི་ལྟུང་བ་མེད་དོ།། ཞེས་བྱ་བ་ནི་ཉེ་བར་གཡོགས་པའམ་བགོས་པ་འམ་དུས་རེ་ཞིག་པ་སྟེར་བ་ལ་གང་ཞིག་ཡིད་བཅུགས་པས་ལེན་པ་ལྟུང་བ་མེད་དོ།། ཞེས་གསུངས་པ་གང་ཡིན
་པ་དེ་མདོ་འདི་བསྡུས་པ་ཡིན་ནོ།། རི་ནི་སྦྱིན་པ་བརྗོད་པ་ལའོ།། ཞེས་བྱ་བ་ནི་ཚེ་དང་ལྡན་པ་སླར་ནོར་མ་སྦྱིན་ཅེས་ཟེར་ན་ལྟུང་བ་མེད་དོ།། ཞེས་བྱ་བ་འདིའི་བརྗིད་ལ་དེར་འདི་གསུཾངས་སོ།། དེ་བཞིན་དུ་གང་ཞིག་མི་དྲན་པ་དེནི
་འདི་བསྡུས་པའོ།། ལེན་པའི་སྤང་བ་ཞུ་བོའོ།། །། སློང་པོའི་སྤང་བ་འདི་ལ་ལྟུང་བ་བྱེད་པ་པོ་གང་ཞེ་ན། དེའི་ཕྱིར་མིའི་འགྲོ་བ་པར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མུ་ཡིན་པ་ནི། ལྟུང་བའི་བྱེད
་པ་པོ་ཡིན་ནོ།། འོག་མ་གསུམ་པ་ལ་ཡང་ངོ་ཞེས་བྱ་བ་ནི་འདས་མ་ཐེག་པའི་བསླབ་པའི་ག་ཞི་འོག་མ་གསུམ་ལ་ཡང་དེ་ཉིད་ལྟུང་བའི་བྱེད་པ་པོ་ཡིན་པའོ།། འདིར་དགེ་སློང་ཇི་ལྟ་བུ་ལ་དེ་ལྟུང་བའི་བྱེད་པ་པོ་ཡིན་ཞེ་ན། དེའི
་ཕྱིར་གོས་ཕྲོག་པ་དང་། རླག་པ་དང་། ཚིག་པ་དང་། རླུང་གིས་ཁྱེར་བ་དང་། ཆུས་ཁྱེར་བར་མ་གྱུར་པ་ལའོ་ཞེས་བྱ་བ་སྨོས་ཏེ། གང་དུ་ཇི་ཞིག་ལྷག་པར་བཅད་ན་ལྟུང་བ་ཇི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་བླངས་ན་ཉེས
་བྱས་ཀྱིས།། ཐོབ་ན་དངོས་གནའོ།། ཞེས་སྨོས་ཏེ། བྱེད་པ་པོ་མ་རྙེད་པ་ལྔ་དེ་ལས་བླངས་ན་དངོས་གཞིའི་སྤང་བའི་ལྟུང་བྱུད་དོ།། ཞེས་བྱ་བའི་དོན་ཏུ།། ཊཱི་ཞིག་ཐོབ་ན་ཞེ་ན། དེའི་ཕྱིར་ཆོས་གོས་སོ།།
་ཞེས་བྱ་བ་སྨོས་ཏེ། ཚད་ཇི་ཙམ་ཞིག་ཅེ་ན། དེའི་ཕྱིར་མི་ཆུང་བའོ།། ཞེས་བྱ་བ་སྨོས་ཏེ། ཆོས་གོས་གསུམ་གང་ཡང་རུང་བ་ལས་ཚད་དང་ལྡན་པའོ།། ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་རིན་ཐང་དང་། ཁ་དོག་ཕྱིར་དང་ཁྲུ་ཚད་ལས
་རྣམ་པོ་གང་བླངས་པའོ།། ཞེས་བྱ་བ་སྨོས་ཏེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། མཐུག་པ་དང་། ལེ་བརྒན་རྣམས་ནི། འདིར་ཁ་དོག་གི་རྗེ་སུ་འགྲོ་བ་སྟེ། དེ་བས་ན་འདིར་ཁ་དོག་བྱེད་པ་ཅན་ལ་ཁ་དོག་གི་སྒྲའོ།། གཞན
་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་རིང་ཐང་གཞན་ནམ་ཁ་དོག་གཞན་ནམ། ཁྲུ་ཚད་གཞུན་ཐོབ་པ་ནི་ལྟུང་བ་མེད་དོ།། འདིར་གཞུང་ཁ་ཅིག་ལས་ནི། དགེ་སློང་གི་ཆོས་གོས་སྔོན་པོ་སློང་བར་བྱེད་ཅིང་སྔོན་པོ་ཉིད་ཐོབ་ནས་དེ་ལ
་སློང་བར་བྱེད་ན་ཉེས་བྱས་སོ།། ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ།། འོག་མ་ལ་ནི་ལྟུང་བ་མེད་དོ།། ཞེས་གསུངས་པ་ཡིན་ནོ།། རིན་ཐང་གི་གཞུང་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་སློང་མེས་ཆོས་གོས་ཀཪྵ་པ་ཎ
་ལྔ་རི་བ་དེ་ཉིད་སློང་བར་བྱེད་ན་ཉེས་བྱས་སོ།། ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ།། འོག་མ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། ཚད་ནི་གཞུང་ཡང་དགེ་སློང་གི་ཆོས་གོས་ཁྲུ་ལྔ་པ་སློང་བར་བྱེད་ཅིང་དེས་གོས་ཁྲུ་ལྔ་པ་ཉིད
་ཐོབ་ན་སློང་བ་ལ་ཉེས་བྱས་སོ།། ཐོབ་པ་ན་སྦྱང་བའི་ལྟུང་བྱེད་དོ།། འོག་མ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། འདིར་འོག་མ་ལ་ལྟུང་བ་མེད་དོ་ཞེས་བྱ་བའི་ཚིག་ནི་ཐ་དད་པར་འགྱུར་བ་ཉིད་ལ་ཡིན་པར་རིག་པར་བྱའོ།། འོག
་མ་ཁྲུ་ལྔ་པ་སློང་བ་ལ་ཁྲུ་བཅུ་པ་ཐོབ་པ་ལ་ཆེས་གོས་དེ་ཉིད་ལ་ཁྲུ་ལྔ་པ་རྣམས་ལ་ལྟུང་བ་མེད་དོ།། ལྔ་པོ་རྣམས་ལ་ནི་སྤང་བ་ཞེས་བྱ་བའོ།། སློང་བ་ལ་རྣམ་པར་མ་བཅད་པ་ནི་ཐམས་ཅད་སྤང་བའོ།། རས་མ་དང་ཁ་ཚར་དགེ་སློང
་ནའོ།། ཞེས་བྱ་བ་ནི་ལྟུང་བ་མེད་དོ།། ཞེས་བྱ་བར་སྦྱར་རོ།། ཁ་ཚར་དགེ་སློང་བ་ལ་ལྟུང་བ་མེད་དོ།། ཁ་ཚར་བསླངས་པ་ལས་རས་མ་ཐོབ་པ་ལ་ཡང་ལྟུང་བ་མེད་དོ།། ཡུག་ཆེན་དང་། རས་ཡུག་ཕྲན་དག་ཐོབ་པོ་སྙམ་ནས
་བསླངས་ཤིང་ཐོབ་ན་ས་ཡང་ལྟུང་བ་མེད་པར་རིག་པར་བྱའོ།། གང་ཞིག་སྦྱོར་བ་ལྟུང་བ་མེད་པར་བརྗོད་པ་དེ་དག་གིས་བསྡུས་པ་ཡིན་ནོ།། རྙེད་པ་ལ་ནི་གང་ཞིག་ལྟུང་བ་མེད་པའི་ཚིག་ཤིན་ཏུ་མང་བ་ལ་ཡང་འདི་ལྟ་བུ་ལ
་འདིར་ཉེས་པ་མེད་པར་བརྗོད་པས་དེ་ལ་གྲུབ་པ་ཉིད་དོ།། རྒྱུན་དང་སྤྱན་ལ་ནི་ན་སྨད་པ་ཉིད་དོ།། ཞེས་བྱ་བ་ནི་ཆོས་གོས་ཚད་དང་ལྡན་པ་ལོངས་སྤྱོད་པར་གྱུར་པ་ལ་སོགས་པའི་རྒྱུ་དང་སྤུན་དག་ལ་ན་སྨད་པ་ཉིད་དོ་ཆོས་གོས་མི
་ཆོག་པ་ཉིད་ཅེས་བྱ་བའི་དོན་ཏོ།། ཉེས་བྱས་ཙམ་ལ་ནི་འདི་བྱེད་པ་པོ་དེ། འདིས་ནི་ཞུ་བ་ལས་ཉེ་དུ་མ་ཡིན་པ་ལས་ཆོས་གོས་མི་ཆོག་པ་ཉིད་སློང་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ།། རྒྱུ་སློང་ན་ཡང་ཉེས་བྱས་སོ།། སྤུན་སློང་ན
་ཡང་ཉེས་བྱས་སོ་ཞེས་གསུངས་པ་དེ་དག་བསྡུས་པ་ཡིན་ནོ།། དེའི་རང་བཞིན་ནི་དེ་དང་འདྲའོ།། ཞེས་བྱ་བ་ནི་རྒྱུ་དང་སྤྱན་གྱི་སྐུད་པ་དང་འདྲའོ།། འདིས་ནི་ཐ་ག་པའི་ཞུ་བ་ལས། བཙུན་པ་རེ་ཞིག
་འདུན་སློང་རས་པ་ལ་སློང་བར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ།། ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ།། སློང་བའི་སྤང་བ་དེ་དྲུག་པའོ།། ། བྱིན་གྱིས་བརླབ་པར་བྱ་བ་ཐམས་ཅད་མེད་ན་སློང་བར་རིག
་པ་ཉིད་དོ་ཞེས་བྱ་བ་ལ། ཐམས་ཅད་ཅེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་བ་ཆོས་གོས་གསུམ་ལས་གཞན་པ་ལ་ཡང་ཡོ་བྱད་དང་ཆོས་གོས་བཅུ་གསུམ་པོ་རྣམས་ལྔ་ནི་རྗེས་སུ་གནང་བའོ།། མེད་པར་གྱུར་ན་ཡོ་བྱད་ཐམས
་ཅད་བླང་བར་རིགས་པ་ཉིད་དོ།། ཆེས་གོས་གསུམ་པ་འབའ་ཞིག་ཏུ་མ་ཟད་དོ།། ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི། ཡི་གེ་ཁ་ཅིག་ལས་ནི་དབྱར་གྱི་རས་ཆེན་མི་སྨོས་པར་ཁྲུས་རས་ཞེས་འབྱུང་སྟེ། ཉེ་དུ་མི་ཡིན་པའི
་དྲུང་ནས་སློང་བར་བྱེད་ན། ལྟུང་བ་མེད་ཅེས་བྱའོ།། དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ།། ཞེས་བྱ་བ་ལ་དེ་ནི་ཞེས་བྱ་བ་ནི་སློང་བར་རིགས་པ་ལའོ།། སྤྱི་ཙམ་ལ་འདི་ཉེ་བར་གནས་པ་སྟེ་རྫས་ལ་ཡང་མ་ཡིན་ནོ།། འདིར་གང
་ཟག་ནི་སློང་བར་རིག་པར་བརྗོད་པར་རིག་པར་བྱའོ།། ཉེ་དུ་ཡིན་པ་ལས་ཆོས་གོས་སློང་བ་རིགས་པ་ཞེས་བྱ་བ་བྱས་ནས་སོ།། སླར་ཡང་དེ་གང་ཞེ་ནི། ཆོས་གོས་ཕྲོགས་པ་ལ་སོགས་པའོ།། གང་ལས་འདིར་ཉེས་བརྗོད་པ
་ཉིད་ཀྱིས་སློང་བར་མི་རིགས་པ་སྐྱོང་བའི་རྙེད་པ་ལ་སྒྱུ་མའི་ལྟུང་བའོ།། འདིར་ནི་སློང་བར་རིགས་པ་སློང་བར་བྱེད་པའི་དབང་གིས་བྱས་པའོ།། དེ་གང་ལས་འབྱུང་ཞེ་ན། སོ་སོར་ཐར་པའི་མདོ་ལས་ཆས་གོས་ཆུས་ཁྱོར་ན
་ཉེ་དུ་མ་ཡིན་པའི་ཁྱིམ་བདག་གི་མེ་ཆུང་མའི་དྲུང་དུ་སོང་སྟེ། ཆོས་གོས་བླངས་པར་བྱའོ།། དེ་ལ་གལ་ཏེ་བྲམ་ཟེ་དང་ཁྱིམ་བདག་དང་པ་ཅན་དག་གིས་ཆོས་གོས་རབ་ཏུ་མང་པོ་དག་དུས་ཀྱིས་སྟོབས་པར་གྱུར་པ་ན་དགེ་སློང་དེས
་འདོད་ན་ཆོས་གོས་དེ་ལས་སྟོང་གཡོགས་དང་སྨད་གཡོགསུ་བཅས་པ་མན་ཆད་བླང་བར་བྱའོ།། དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ།། ཞེས་སློང་བར་རིགས་པས་བླངས་ཏེ་ཐོབ་པ་ན་ལྟུང་བྱེད་དོ།། ཞེས་རྣམ་པར
་བཞག་པའི་ཕྱིར་རོ།། གང་ཞིག་ཡང་རྣམ་པར་འབྱེད་པ་ལས་དགེ་སློང་གིས་ཁྱིམ་གྱིས་ནང་དུ་འོག་མ་འོག་ས་ལ་སློང་བར་བྱེད་ཅིང་། དེ་བླངས་པ་ན་ཉེས་བྱསུ་འགྱུར་ཏེ་སྤང་བའི་ལྟུང་བྱེད་དོ་ཞེས་བརྗོད་དོ།། དེ་ལ་སྦྱོར
་བ་ཐོབ་པའི་ཕྱིར་སྔར་གྱི་བརླབ་པའི་གཞི་བརྗོད་པ་དངོས་གཞི་ཐོབ་པའི་ཕྱིར་གཉིས་ཀ་དང་འབྲེལ་པ་འདིར་བླང་བར་བྱ་བ་དང་། སློང་བར་བྱེད་པའི་དབང་ཉིད་ཀྱིས་དེ་རྙེད་པ་འཛིན་པོ་མ་ཡིན་ཏེ། གཞན་ཡང་བསྒྲུང
་བར་བྱ་བ་དང་བསླབ་པའི་དབང་གིས་ཀྱང་བསླང་བའི་གཞི་འདི་དང་འབྲེལ་པའོ།། གཞན་དུ་ན་དངོས་གཞི་ལོངས་མ་སྤྱད་པ་ཉིད་ཐོབ་པའི་ཕྱིར་བསླང་བར་བྱ་བ་མ་ཡིན་པའི་དབང་གིས་གསུངས་པ་གང་ཡིན་པ་དེ་ནི
་སྔར་གྱི་བསླབ་པའི་གཞི་དང་འབྲེལ་པ་བསླང་བར་བྱ་བ་དང་། སློང་བར་བྱེད་པ་གང་ཡིན་པ་དེ་ནི་འདིར་བསླབ་པའི་གཞི་ལ་འབྲེལ་པའོ།། ཟུང་བསླང་བའི་བྱ་བ་ཉིད་ཅེས་བྱ་འཆད་པར་འགྱུར
་བ་དེའི་རང་བཞིན་བསྟན་པར་བྱ་སྟེ། ཁྱིམ་པའི་སྟོད་གཡོགས་ཆེ་ཚད་ནི་རཱས་ཡུག་ཆེན་ཁྲུ་བཅུ་གཉིས་པའོ།། སླད་གཡོགས་ནི་རས་ཡུག་ཕྲན་བདུན་པ་དང་ངོ་པའོ།། ཞེས་བྱ་བ་ནི་འདིར་དགེ་སློང་གི་སྟོང་གཡོགས
་ཆེ་ཚད་ཀྱི་རྐྱེན་མངོན་པར་འདོད་པ་ཞེས་བྱ་བ་རྣམ་པར་གནས་པ་ཡིན་ནོ།། དེ་བས་ན་དངོས་པོ་གསུམ་ནི་འདིར་ཆེ་ཚད་ཅེས་བྱ་བར་རྟོག་པར་བྱའོ།། དགེ་སློང་གི་ཚེ་ཚད་ནི། སྣམ་སྦྱར་དང་ཤམ་ཐབས་ཀྱི་རིམ་པ
་ཇི་སྐད་བསྟན་པའོ།། ཞེས་བྱ་བ་ནི། འདིར་ཆེ་ཚད་ཅེས་བྱ་བར་སྦྱར་རོ།། ཟུང་བསླང་བར་བྱ་བ་ཉིད་དོ།། ཞེས་བྱ་བ་ནི་སྟོང་གཡོགས་དང་སྨད་གཡོགས་ཀྱི་ཟུང་འདི་ལ་ཁྱིམ་པ་དག་དང་། དགེ་སློང་གི་ཟུང་འདི་དག་ལས་གང
་བསླང་བར་བྱ་བ་ཉིད་ཡིན་ཅེ་ན། དེའི་ཕྱིར་གང་ཡང་རུང་བའོ།། ཞེས་བྱ་བ་ནི། ཁྱིམ་པོའི་སྟོང་གཡོགས་སྨད་གཡོགས་དང་བཅས་པ་འམ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པའོ།། ཞེས་བྱ་བ
་དོན་ཏོ།། ཤུགས་ཀྱིས་རྟོགས་པ་དང་བཅས་དངོས་སུ་བརྗོད་པར་བྱ་སྟེ། ཚད་དེ་ལས་ལྷག་པ་ནི་བསླང་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཐ་དད་པར་གྱུར་ཀྱང་རུང་ཐ་དད་པར་གྱུར་པ་མ་ཡིན་ཡང་རུང་སྟེ། ཚོང
་ལས་ལྷག་པར་བསླང་བར་བྱ་བ་མ་ཡིན་ནོ།། དེའི་སྔ་མ་ལ་ཉིད་ལ་བསླབ་པའི་གཞི་ལས་ལྟུང་བའོ།། འདིར་ཟུང་བཤད་པའི་ཚད་གཙོ་བོ་བརྗོད་པར་འདོད་པ་མ་ཡིན་པ་གཅིག་དང་འབྲེལ་པ་ཉིད་དེར་བྱས་པར་འགྱུར་རོ།།
་འདིས་ཐ་དད་དུ་གྱུར་པ་ལས་ཆུང་བ་རྙེད་པ་ལ་རྫོགས་པར་བྱེད་པ་ལ་བསླངས་པ་ཉིད་དོ།། དེ་ནི་ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་ལས་འདའ་བར་བརྗོད་པར་བྱ་སྟེ། ཚད་དེ་ལས་ལྷག་པར་ནི་བ་སློང་བར
་བྱ་བ་ཉིད་མ་ཡིན་ནོ།། སྔ་མ་ཐོབ་ན་ཁ་བསྐང་བ་ཡང་ངོ་ཞེས་བྱ་བ་ནི་བསླང་བར་བྱ་བ་ཉིད་མ་ཡིན་པའི་རྗེས་སྲེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ།། སྔ་མ་ཞེས་བྱ་བ་ནི་ཁྱིམ་པའི་སྟོང་གཡོགས་དང་སྨད
་གཡོགས་མ་ཆོག་པ་རྙེད་པ་ལ་དེའི་ཁ་བསྐང་བར་བསླང་བར་མི་བྱ་བའི་དོན་ཏོ།། ཁྱིམ་པའི་ཚེ་ཚད་ནི་ཁྲུ་བཅུ་གཉིས་པའོ།། ཞེས་བྱ་བ་ནི་མཆོག་ཏུ་གྱུར་པ་ལ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཀྱི་ཚད
་དུ་གསུངས་པ།། དེ་བས་ན་འདི་ལས་ཆུང་བ་ཐམས་ཅད་ཀྱི་ཉིད་དུ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ལྔ་མེད་པ་མ་ཡིན་ནོ།། སློར་གང་ཞིག་འདིའི་མཐར་ཐུག་པའི་རིགས་པ་ཡིན་ཏེ། རིས་ཡུག་ཆེན་ཁྲུ་བཅུ
་གཉིས་པ་དང་། རས་ཡུག་ཕྲན་བདུན་པ་དང་། དོ་པ་མན་ཆད་ནས་རས་ཡུག་ཆེན་ཁྲུ་ཕྱེད་དང་གསུམ་པ་དང་། ཇི་སྲིད་དུ་ཕྱེད་པ་དང་ལྔ་པའི་བར་དང་རས་ཡུག་ཕྲན་འཁོར་གསུམ་ཁེབས་པའི་ཚད་ཀྱི་བར་ནི་ཆུང
་བནྡེ་མཐའ་ཡིན་པར་རིག་པར་བྱའོ།། གང་གི་ཕྱིར་འདིའི་དོན་གྲུབ་པ་ཉིད་ལ་མ་བླངས་པ་ཉིད་ནི་རྒྱུ་ཉིད་འདི་མཐར་ཐུག་པའི་དོན་མཐར་ཐུག་པར་ཁྱིམ་པར་སྟོང་གལགས་དང་སྨད་གཡོགས་ཐུབ་པ
་བ་ལ་ཁྲུ་བཅུ་གཉིས་པ་ལ་སོགས་པ་ཁེ་བསྐོང་བར་བྱེད་པཱ་ལ་འདི་བསླང་བར་མི་བྱ་བ་ཉིད་བསྟན་པའོ།། མཐར་ཐུག་པར་གྱུར་པ་ལས་ཀྱང་མཆོག་པ་རྙེད་པ་ལ་བསླངས་པ་ཉིད་ཁོ་ན་ཞེས་བྱ་བར་རིག་པར་བྱའོ།། ཆོས་གོས་མ
་མ་དྲས་པར་འཆང་བར་འདོད་པ་ལས་ལྷག་པར་གང་ཞིག། ཁྱིམ་པའི་སྣོད་གཡོགས་དང་སྨད་གཡོགས་འདོད་པ་འདི་ལ་མ་ཆོག་པ་ཉིད་ཀྱིས་རྫོགས་པ་ཉིད་ཀྱང་མ་ཚངས་པ་འདི་ལ་བསླང་བར་བྱ་བ་མ་ཡིན་ནོ།། ལྷག་པར་སྦྱིན་པར
་བྱ་བ་ཉིད་ཡིན་ནོ།། ཞེས་བྱ་བ་ནི་ཇི་ཙམ་གྱིས་ཡང་མཆོག་ཏུ་གྱུར་པའི་དགེ་སློང་གི་སྟོང་གཡོགས་དང་སྤང་གཡོགས་ཡོངསུ་རྫོགས་པ་དེ་ཙམ་ལ་ཡིན་གྱི། འདི་ལས་འོག་ཏུ་མ་ཡིན་ནོ།། ཕྱི་མ་ཐོབ་ནུ་ལྷག་མི་སྦྱིན་པར་བྱ
་སྤྱོད་དོ། བྷ་ཊྭཱཾ་ག་པ་ཏོ་དགེ་སློང་གུ་སྟོང་གཡོགས་དང་སྨང་གི་ཡོགས་དང་བཅས་པ་སློང་བར་བྱེད་པ་ནི་ཚད་ཁས་ཆེས་ལྷག་བཞིག་ཐུབ་ན་དེ་ནི་སྦྱིན་བདག་དེ་ཉིད་ལ་སྦྱིན་པར་བྱེ་བ་སྟེ་ཡོང་སུ་རྫོགས་པའཛིན་ལས་འདི་ལྷག་པོར
་ཀྱིས་ཕྱིར་རོ།། ཡོངསུ་ལོངས་སྤྱོད་པའི་དོན་དུ་ངོ་བོ་གང་ཞིག་ཚིག་ཀྱང་ལ་སོགས་པ་འདོད་པ་དེས་འདིར་རྣམ་པར་བཞག་པར་རིག་པར་བྱའོ།། ཁོར་དྲག་བྱུང་བ་ཉིད་ལ་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་ཆོས་གོས་ལེན་པ་ལ་རྗེ་སུ་གནང་བ
་གང་ཡིན་པ་དེའི་སྣོད་གཡོགས་དང་སྨད་གཡོགས་མེད་པ་དེར་རྒཙོ་བོ་ཉིད་དོ།། འདི་ཙམ་ན་བཟུང་བར་བྱ་བ་ཉིད།། ཡོངསུ་མ་རྫོགས་པ་འདི་མེད་པ་ལ་རྫོགས་པ་ཙམ་ལ་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ།། གང་གི་ཕྱིར་འདི་ལ་ལྟུང་བ
་མེད་དོ།། ཞེས་བྱ་བ་སྔར་བརྗོད་པ་དེ་ཡང་འདི་ལས་སྟོང་གཡོག་སྤ་ག་སོག་ཙམ་ཉིད་ལ་ཞེས་བྱ་བ་ཤེས་པར་བྱའོ།། གང་གི་ཕྱིར་སློང་བ་ལ་ཞུགས་པ་ཉིད་ནི་འདིར་ཕྱི་མ་སོ་སོར་འཛིན་པ་སྤོང་བར་བྱེད་པའི་རྒྱུ་ཡིན་ཏེ། དེ་བས་ན་སློང་བ་ལ
་མ་ཞུགས་པ་ཉིད་ལ་ཆོས་གོས་མེད་པ་ཉིད་དང་ཆོས་གོས་ཡོང་སུ་རྫོགས་པ་ཉིད་དང་ཐོབ་པ་ལ་ཤིན་ཏུ་མང་བ་ཡིན་ན་ཡང་འདི་ལ་འཛིན་པ་སྐྱོང་མེད་པ་ཞེས་བྱ་བར་རྟོགས་པར་བྱའོ།། ཅི་སྟེ་བསླངས་པ་གཞན་རྣམས་ལ་དེ་སྔོན་དུ་འགྲོ་བ
་ཅན་གྱི་དོན་བསྒྲུབ་པ་རྣམས་ལ་གཏོགས་པ་གང་ཡིན་པ་དེ་ཙམ་གྱི་ཆོས་གོས་ལ་སྐྱོན་ཡོད་པ་མ་ཡིན་ཏེ། ཆོས་གོས་མ་ཡིན་པ་ལ་དགོས་པ་མེད་པ་འམ། ལྷག་པ་འཆང་བའི་དགོས་པ་ཅན་ཡོད་པ་ཞེས་བྱའོ།། སློང་བར་རིག་པ་མ་ཡིན་ནོ།
་སྙམ་དུ་རྟོགས་པ་འདིས་སློང་བ་ལ་ཞུགས་ན་བྱ་བ་གང་ལ་ལྟུང་བར་འགྱུར་ཞེ་ན། དེའི་ཕྱིར་བསླང་བར་བྱ་བ་མ་ཡིན་པ་བསླངས་ན་ཉེས་བྱའོ།། ཐོབ་ན་དངོས་གཞིའོ།། ཞེས་བྱ་བ་ནི་གང་ཞིག་དགེ་སློང་ལ་གོས་དང་ཁ་ཟས་ལ་སོགས་པ་རུང་བ
་མི་ཡིན་པ་དེ་སློང་བ་ལ་ཉེས་བྱས་སོ།། བླངས་ནས་རྙེད་ན་དངོས་གཞིའོ།། མ་རྙེད་ན་ཉེས་བྱས་སོ།། དོན་གྱིས་སྔ་མར་རྟོགས་ཏེ་འདི་ཉེས་བྱས་སོ།། གལ་ཏེ་དངོས་གཞི་ལས་སློང་བ་འདི་ནི་འདིའི་བསླང་བར་བྱ་བ་ལས་སྔར་རྙེད་པའོ།། བསླང་བར་བྱ།
་བ་མ་ཡིན་པ་སློང་བར་བྱེད་པ་སྦྱིན་པར་བྱ་བ་ཉིད་དེ། དེ་བས་ན་འདི་ཉིད་འདིར་མ་སྦྱིན་ན་ཡང་ངོ་ཞེས་བྱ་བ་ལ། དངོས་གཞིའོ།། ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ།། བསླང་བར་བྱ་བ་མ་ཡིན
་པ་བསླངས་པས་མ་ཐོབ་པ་ལ་འདིར་ལྷག་པ་སྦྱིན་པར་བྱ་བ་ཉིད་དོ། ཞེས་བྱ་བ་སྨོས་པས་ཐོབ་པ་ཉིད་ལ་གཞན་ལ་ལྟུང་བ་འགྲུབ་པ་ལ་ཡང་མི་རིགས་པའི་སྦྱིན་པར་བྱ་བ་ཉིད་དེ། དེ་བས་ན་འདི་ཉིད་འདིར་མ་སྦྱིན་ན་དངོས་གཞི་ཞེས་བྱ་བར་རྟོག
་བར་བྱའོ།། སློང་བར་རིགས་པའི་སྤང་བའོ།། །། སྤྱུགས་པ་སློང་བའི་སྤང་བ་ནི་སློང་བའི་རབ་ཏུ་དབྱེ་བར་གྱུར་པ་ཡིན་པས་སྤགས་པ་སློང་བའི་སྤང་བ་དེ་ཉིད་འདིར་ཆོ་ག་ཐོབ་པའི་བསམ་པ་ཙམ་གྱི་བྱེ་བྲག་དེ་ལོ་དེའི་ཚེ
་གཱ་ཐོབ་པ་ལ་འདི་ལ་བརྗོད་པར་བསྒྲུབ་པར་འགྱུར་ཏེ། དེའི་ཕྱིར་ཆོ་ག་ཡོངསུ་ཐོབ་པ་བསྒྲུབ་པའི་དོན་དུ་བྱེ་བྲག་འདི་མཚུངས་པ་ཉིད་བརྗོད་པར་བྱ་སྟེ། དེའི་ཕྱིར་སྤངས་པ་མ་ཕུལ་བ་ཤེས་པ་ནི་མ་སྤངས་པ་དང་འདྲའོ་ཞེས་བྱ་བ་སྨོས་ཏེ།
་འདིར་ཡུལ་གྱི་ཁྱད་པར་ནི་བྱེ་བྲག་གོ།། ཞེས་བྱ་བ་འདི་ཙམ་གྱི་མཚུངས་པ་ཉིད་བརྗོད་པས་མ་ཕུལ་བ་ཡོད་པར་གྱུར་པ་ལ། གང་ཞིག་འདི་ལ་ཆོས་གོས་སྟེར་བར་འགྱུར་བ་ཞེས་བྱ་བར་སྤྱུགས་པ་ཇི་ལྟར་ཡང་མ་ཤེས་པ་དེ་ནི་མ་སྤངས
་པ་དང་འདྲ་བ་སྟེ། བསླངས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ།། དེ་ཉིད་གཞན་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིས་མ་ཤེས་པ་སྤངས་པ་ནི་མ་སྤངས་པ་ཉིད་དོ།། འདི་ནི་སློང་བའི་སྤང་བའི་གཞི་ཉིད་ཀྱིས་ཁོངསུ་གཏོགས་པར་རིག་པར་བྱའོ།
་དེའི་བསླབ་པའི་གཞིར་གྱུར་པ་འདི་ལ་འཇུག་པ་ལ་བསྐྱེད་པ་ཞེས་བྱ་བའི་དོན་ཏོ།། རང་ཉིད་འདི་ལ་དོན་གྱིས་འཇུག་པ་ཞེས་བྱ་བའི་དགོངས་པའི་དབང་གིས་འདིར་འཇུག་པའི་རྣམ་པ་ཉིད་དོ།། དེ་བས་ན་མི་བསྐྱེད་པ་ཉིད་དོ།། འདི་མ་ཤེས་པ་ཉིད
་ལ་ཞེས་བྱ་བ་འདི་ཤེས་པའོ།། གྲང་ལ་མ་ཤེས་པ་ཉིད་ལ་སློང་བ་ལ་འཇུག་པ་ཤེས་པ་ཉིད་ལ་ཡང་ལེན་པ་ལ་དེ་དངོས་གཞི་འདི་ཡིན་ནམ། འོན་ཏེ་དེ་དང་འབྲེལ་པའི་ཉེས་བྱས་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ།། སྤགས་པ་སློང་བའི
་སྤང་བའོ།། །། སྦྱིན་པ་པོ་འདི་དག་ལས་སྤངས་ཆེ་བ་ཡང་ངོ་།། ཞེས་བྱ་བ་ནི་འདིར་རབ་ཏུ་གཏོང་བ་ཉིད་དང་ཚམ་ཚོམ་མེད་པ་ཉིད་ལ་དོན་གྱིས་འཇུག་པ་འདི་ཞེས་བྱ་བ་བྱེ་བྲག་འདིས་སོ་སོར་སྤགས་པ་དག་ལ་སློང་བ་དང་དེ
་སྔོན་དུ་འགྲོ་བ་ཅན་གྱི་སློང་བ་ལ་འཇུག་པ་འདི་གཞན་ཡིན་ཏེ། སྔ་མ་ནི་མ་ཡིནོ།། ཞེས་བྱ་བའི་བློའོ།། གང་གི་ཕྱིར་འདིར་འཇུག་པ་ཡང་ཉེས་པ་མེད་པའི་བློས་སྔར་བསླབ་པའི་གཞི་ཡོད་པ་ལ་ཡོད་པར་འགྱུར་བའི་བསླབ་པའི་གཞི་གཞན
་ཡིད་པར་འགྱུར་བ་དེ་ལ་བཏགས་པའོ།། འདི་ནི་ལྟུང་བ་དང་ལྡན་པ་མ་ཡིན་ཏེ། སྔར་ཉིད་དུ་མི་འཇུག་པ་བྱ་བ་སྲིད་པ་ཡིན་ནོ།། དེ་ལ་འདི་ལ་ཡང་དེའི་ཆོ་ག་ཡོང་སུ་ཐོབ་པས་ཉེ་བར་བརྗོད་པ་མི་སླུ་བར་བྱེད་ཅིང་། དེའི་ཆོ་ག་ཡོངསུ་ཐོབ་པ་བསྒྲུབ་འི
་དོན་དུ་ཡུལ་འདི་ལ་མཚུངས་པ་ཉིད་དུ་བྱེ་བྲག་ལ་བརྗོད་པར་བྱ་སྟེ། སྦྱིན་པར་བྱེད་པ་སྤུངས་ཆེ་བ་ཡང་ངོ་།། ཞེས་བྱ་བ་ནི་སྤགས་པ་མ་ཕུལ་བ་ཞེས་བྱ་བ་ནི་མ་སྦགས་པ་དང་འདྲའོ།། ཞེས་བྱ་བར་སྦྱར་བར་བྱའོ།། སྦྱོར་བ་གཅིག་པའི་ཕྱིར་ཐོབ
་ན་གཅིག་ཉིད་དོ།། ཞེས་བྱ་བ་ནི་སྦྱོར་བ་གཅིག་པའི་ཕྱིར་ཐོབ་ན་རྫས་ཐ་དད་པ་ཅན་ལ་ཡང་རྙེད་བྱ་ལ་གཅིག་པ་ཉིད་དོ།། ཞེས་བྱ་བའི་དོན་ཏོ།། ལེན་པ་ལ་སོགས་པ་ལ་དུ་མ་ཉིད་ལ་ཡོངསུ་རྫོག
་བའི་གོས་སྦྱིན་དུ་དགེ་སྦྱོང་མ་ལ་ལྷུང་ཟེད་དང་དབྱེར་གྱི་སནྡན་ཐོ་པ་ལ་ཡང་། རྒྱུ་བ་དེ་འདི་བྱེད་པ་ནི།། སོ་སོ་ནས་སྔགས་པ་སློ་མ་མའི་སྤང་བ།། ཅི་ཞིག་བྱས་ན་སྐུར་པའི་སྨྲ
་འགྱུར་ཞེ་ན། དེའི་ཕྱིར་སྐུར་བར་རུང་བ་མུ་ཡིན་པ་ཆོས་གོས་ཀྱི་རིན་སྤངས་ནས་ཡོངསུ་དྲི་བ་སྔོན་དུ་བཏང་ཞིང་བསྟན་ཏེ་བསྒོ་ཞིང་སྨྲས་པ་བྱུང་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པའི་ཞལ་ཏ་བྱེད་པ་ལ་སྐུར་བར་གྱུར་ནའོ་ཞེས་བྱ
་སྨོས་ཏེ། སྤྱངསོ་ནས་ཞེས་བྱ་བ་ནི་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་རྣམས་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། ཞེས་བྱ་བ་ལ་སོགས་པས་ཡོངསུ་དྲི་བ་སྔོན་དུ་བཏང་ཞིང་ཞེས་བྱ་བའོ།། འཕགས་པ་རྣམས་ལ་ཞལ་ཏ་བྱེད་པ
་འགའ་ཞིག་སྣོད་དམ་ཞེས་བྱ་བྷོ་ལ་སོགས་པ་འདི་སྟོན་དུ་བཏང་ཞིང་ཞེས་བྱ་བ་སྨྲས་པ་ནི་བསྐྲུན་ཏཱི་ཞལ་ཏ་བྱེད་པ་ཞེས་བྱ་བ་ནི་དགེ་སྦྱོང་སྤྱོད་པར་བྱེད་པ་བཻ་སཱ་ཤེས་པར་བྱ་བ་གནས་སྐབས་ཀྱིས་ཤེས་པར་བྱའོ།། བསྟན
་ཏེ་ཞེས་བྱ་བ་ནི་ཁྱིམ་གྱིས་རིན་བྱེད་པ་འདི་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་བསྐུལ་བར་གྱུར་ནོ་ཞེས་བྱ་བ་འདི་ལ་ལྟོས་པ་འདི་སྔོན་དུ་སྨོས་པར་རིག་པར་བྱའོ།། སུས་བསྟན་པ་ཞེ་ན། དེའི་ཕྱིར་སྒོ་ཞེས་སྨྲས་པ
་ཞེས་བྱ་བ་སྨོས་སོ།། བསྒོ་ཞིང་ཇི་སྐད་སྨྲས་ཤེ་ན། དེའི་ཕྱིར་བྱུང་བའི་མཐའ་རྗེསུ་བརྗོད་པ་སྦྱར་བྱས་པ་ཞེས་བྱ་བ་སྨོས་ཏེ། གང་ཞིག་འདི་འཕགས་པས་ཞལ་ཏ་དགྱིད་པ་བསྟན་པ་གང་ལགས་པ་དེ་ཞེས་བྱ་བ་ལ་སོགས་པ་ས
་བསྐུལ་བར་གྱུར་ནའོ་ཞེས་བྱ་བ་ནི། དགེ་སློང་གི་ཞལ་ཏ་བྱེད་པའོ།། ཚེ་དང་ལྡན་པ་ཞལ་ཏ་བྱེད་པོ་བདག་གོས་འདོད་དོ་ཞེས་བྱ་བ་ལ་སོགས་པསོ།། འགྲོ་བར་མ་ནུས་པ་ཉིད་ནི་བསྐུལ་བ་འདི་མ་ཡིན་ནོ།། ཞེས་བྱ་བ་ནི་ངལ་བ་མ་ཡིན
་པ་བརྗོད་པར་བྱེད་པ་ལ་གང་དུ་གཞན་གྱི་ཚིག་ལ་སྐབས་མེད་པར་འགྱུར་བ་ཞེས་བྱ་བ་མྱུར་བར་བརྗོད་པ་ནི་འདིར་རྒྱུ་བསྟན་པ་ཡིན་ནོ།། བཏང་བར་སྨྲས་པ་འམ་གཉིད་ལོག་པ་འམ། ར་རོ་བ་དང་འབྲེལ་པ་ཉིད་དམ་འོན་པ་ཉིད་དམ
་ནད་ཀྱིས་བཏོབ་པ་འམ། གཞན་གྱི་དབང་དུ་གྱུར་པ་ལ་སོགས་པའི་རྐྱེན་གྱིས་མི་འབྱུང་བར་འགྱུར་ཏེ། དེ་བས་ན་འདིར་འགྲོ་བ་མ་ནུས་པ་ཉིད་ཀྱིས་དཔེ་ཡིན་ཏེ། དེའི་ཕྱིར་མྱུར་དུ་བརྗོད་པ་ལ་སོགས་པ་འདི་ནི་རྣམས་ཀྱིས་མི
་ནུས་པ་ཉིད་ལ་ཡང་དག་པར་འགྲོ་བས་བསྐུལ་བ་ནཱི་ཞེས་བྱ་བའི་དོན་ཏོ།། གང་འགྲོ་པོ་ཞེས་བྱ་བ་བྱེ་བྲག་མ་སྨོས་པ་ཐམས་ཅད་ལ་འདིའི་དོན་གྱིས་དངོས་པོ་དང་། འབྲེལ་པའི་ཚིག་ལ་ཡང་བསྐུལ་བར་གྱུར་པའི་དོན་ལ་ཡང
་མཚན་མ་འདི་ལ་ཡང་གང་དུ་མེད་པ་ཉེ་བར་འགྲོ་བའི་ལམ་སྟེར་བ་ལ་དེའི་དོན་དུ་གནས་བརྟོག་པོར་རིག་པར་བྱའོ།། དེ་འདིར་འདི་ལྟར་གཞན་ལ་ཡོང་བསྐུལ་བར་ཡང་བྱས་པ་ཉིད་དེ་ལ་འདིར་གང་ཞིག་གྲངས་གསུམ་གྱི་རྗེསུ
་གནང་བ་དེའི་ཁ་སྐོད་པ་ཉིད་ཅེས་བྱ་བ་འདིའི་བྱེད་པ་བསྐུལ་བའི་སྒོ་དྲུག་པ་གང་དག་གསུངས་པ་དེ་དག་ཀྱང་དུས་ལ་འཇུག་པ་ཞེས་བྱ་བ་དེར་ཆོས་ཀྱི་གཏམ་གྱི་བསྒོའི་ཚིག་དེ་ལའོ།། དུས་ཞེས་བྱ་བ་ནི
་དེའི་སྒོ་ཐོབ་པ་ལ་རྒྱས་པ་ཙམ་བསྟན་པ་སྟེ། འདི་ནི་དཔེ་ཡིན་ནོ།། ཚེ་དང་ལྡན་པ་དག་ནི་གོས་དེ་དོན་དུ་གཉེར་བ་སྟེ། བདག་ནི་ཅུང་ཟད་ཅིག་སྨྲ་ཡིས། ཆེད་དོ་ལྡན་པ་ཁྱོད་ཉོན་ཅིག། སོང་ཞིག་ནི་གྲོས་དེ་དོན་དུ་གཉེར་བདག་ལ
་གོས་སྦྱིན་ཅིག། ཅེས་བྱ་བ་ལ་སོགས་པ་ཡང་གཏམ་གཞན་དུ་གྱུར་པ་འབྲེལ་པ་ཅན་གྱི་གཏམ་གྱི་སྒོ་ཉིད་ཀྱི་ཕྱིར་རོ།། འདི་ལྟ་སྟེ། མངོན་པར་སྨྲ་བ་དང་། ལེགས་པར་སྦྱོར་བ་དང་། ཟས་སྒྲོམ་དག་གི་དབང་དུ་བྱས་ནས་རེ་རེ་ལ
་གཉིས་གཉིས་ཏེ་དྲུག་ཏུ་འགྱུ་རོ།། དེ་ལ་མངོན་པར་སྨྲ་བ་ནི། ཁྱོད་འདིས་སམ། ཞེས་ཟེར་བ་ལ་དེའི་ཕྱིར་རོ།། ཞེས་པར་པོ་དང་། ལེགས་པར་འོངས་སམ་ཞེས་ཟེར་བ་ལ་འདིའི་ཕྱིར་རོ་ཞེས་ཟེར་བའོ།། ལེགས་པར་སྦྱོར་བོ་ནི་སྟན་འདི་ལ
་འདུག་ཅེས་ཟེར་བ་ལ་དེའི་ཕྱིར་རོ།། ཞེས་ཟེར་བ་དང་། རྐང་པ་ཁྲུས་གྱིས་ཤིག་ཅེས་ཟེར་བ་ལ་ངོའི་ཕྱིརོ་ཞེས་ཟེར་བའོ།། ཟས་སྐོམ་གྱི་དབང་དུ་བྱས་པ་ནི་ཟན་ཟོ་ཞིག་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་དང་། སྐོམ་འཐུང་ཞིག་ཟིར
་བ་ལ་དེའི་ཕྱིརོ་ཞེས་ཟེར་བའོ།། སོ་སོའི་དངོས་པོས་བྱས་པའི་དེ་རྣམས་ལ་དེའི་དོན་དུ་འགྲོ་བ་ལ་རྣམ་པ་གང་གིས་ཀྱང་ཉེ་བར་བཀོད་པ་ལ་དེའི་ཕྱིར།། ཞེས་བྱ་བ་བསྟན་པར་རིག་པར་བྱའོ།། གང་གི་ཕྱིར་མི་རིག་པའི་ཇོ་བོ་འདིན
་གཞན་དུ་འགྱུར་རོ།། མ་གྲུབ་ན་ལན་གཉིསུ་ཡང་ངོ་།། ཞེས་བྱ་བ་ནི་བསྐུལ་བ་དང་པོ་དེས་མ་གྲུབ་ན་ལན་གཉིསུ་ཡང་བསྐུལ་བར་བྱའོ།། ལན་གསུམ་དུ་ཡང་ངོ་།། ཞེས་བྱ་བ་ནི་ལན་གཉིསུ་བསྐུལ་བ་དེས་ཀྱང་མ་གྲུབ་ན་ལན་གསུཾ
་དུ་ཡང་བསྐུལ་བར་བྱའོ།། དེའི་འོག་ཏུ་ལན་གསུམ་གྱི་བར་དུ་ཕྱོགསུ་བསྡད་པར་བྱའོ།། ཞེས་བྱ་བ་ནི་ལན་གསུམ་བསྐུལ་པས་གོས་ཀྱི་རྙེད་པ་མ་གྲུབ་ན་ཕྱོ། སུ་གང་དུ་འདྲི་དོན་གྱི་ཐོབ་པར་བྱ་བེ་དེ་གནས་དེར་ལན་གསུམ་གྱི་བར
་དུ་བསྡད་པར་བྱས། ལན་བཞི་འམ་ལྔ་འམ་དྲུག་གི་བར་དུ་སྟེ། དེའི་འོག་ཏུ་ཅང་མི་སྨྲ་བས་ཕྱོགསསུ་བསྡང་བར་བྱ་ཞེས་གསུང་སོ།། འདིར་གཞུང་ནི་བསྐུལ་བ་དང་འབྲེལ་པའི་གཅིག་ལ་སོགས་པའི་གྲངས་དང་ལྷན་ཅིག་ཏུ་འདི
་ནི་གྲངས་ཡིན་གྱི་རང་དང་འབྲེལ་པས་ནི་མ་ཡིན་ཏེ། མ་གསུངས་པ་ཉིད་ཀྱི་ཕྱིར་རོ།། འདིར་འདི་ལ་ལན་གཅིག་གམ་ལན་གཉིས་སམ་གསུམ་མམ་བཞི་འམ་ལྔ་འམ་ལན་དྲུག་གི་བར་དུ་བྱ་སྟེ་འདི་ལྟར་བརྗོད་ན་དེའི་རོག་སོ།། །
་བསྟན་པ་ནི་བཞི་སྟེ། ཀུན་ནས་ཞུགས་པ་དང་། ངེས་པར་ཞུགས་པ་དང་། ལུས་ཀྱི་མཐའ་དང་། ལས་ཀྱི་ཁང་པ་ཞེས་བྱ་བ་དེར་གསུངསོ།། གཞན་དུ་ན་ཡང་ཀུན་ནས་འཇུག་པ་དང་། ངེས་པར་འཇུག་པ་དང་། ཀུན་ནས་སྤྱོད་པ་དང་།
་ཚོང་པ་ཞེས་བྱ་བ་ཤིན་ཏུ་གྲགས་པ་དང་། གང་ན་ཀུན་ནས་སྡོད་པ་རྣམས་ཀྱི་དཔེ་འདི་རྟོགས་པར་བྱའོ།། འདིར་ཡང་སྔ་མ་བས་ནི་ཡོ་བྱང་ཆུང་བའི་ཚོང་པ་རྣམས་ཀྱི་དབང་དུ་བྱས་ནསོ།། གཉིས་པ་ནི་ཚོང་པ་ཙམ་ལའོ།། མ
་གྲུབ་ན་སྦྱིན་པར་བྱེད་པ་ལ་བསྒྲག་པར་བྱའོ།། དེ་ལྟར་སྤངས་པར་གྱུར་ཟིན་པ་ནི། འབུལ་བར་བྱེད་ན་སྤངས་པར་སྨྲ་སྟེ། སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེསུ་བསྒྲུབ་པ་ཁས་ལེན་པ་ལ་བླང་བར་བྱའོ་ཞེས
་བྱ་བ་ལ། འབུལ་བར་བྱེད་ན་ཞེས་བྱ་བ་ནི་ཞལ་ཏ་བྱེད་པས་སོ།། སྤངས་ཨཱ་སྟེ། ཞེས་བྱ་བ་ནི། སྦྱིན་བདག་ལར་སླར་སྦྱིན་པ་ཉིད་འོད་ལ། ཞེས་བྱ་བ་འདིས་བསྡུས་པའི།། གཞན་བསྐུ་ལྭ་བ་ལ་གནས་ཀྱི་ཁས་བླངས་པ་ལ
་བསྐལ་བ་ལ་ཡང་གཞོན་སྒོ་གསུམ་ལས་གནས་དང་ཕྱོགས་ལ་སྒོ་གསུམ་ལས་གཞན་དུ་ཁོས་མི་ལེན་པ་ལ་ཡོང་ཁས་བླངས་པ་ཉིད་ལ་སྦྱིན་པར་བྱེད་པ་ནི། སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཞེས་བྱ་བའི་དོན་ཏོ།།
་འདིར་འཇུག་པ་ནི་གཙོ་བོ་སྟེ། རིམ་པས་ནི་མ་ཡིན་ནོ།། དེ་བྱས་ན་སྔར་གནས་པ་དང་ཕྱིས་བསྐུལ་བ་ཞེས་བྱ་བ་དབང་དུ་བྱ་བ་འདི་དག་ལ་འདྲེན་མོར་བྱས་པ་ཉིད་དོ།། བསྦྲེལ་བས་རྗེད་པར་གྱུར་པ་ཉིད་ལྷག་པའི་ག
་ལ་མཆོག་པ་ཉིད་ལྷག་པའི་གནས་ལ་མ་ཆོག་པ་ཉིད་ཀྱི་ཕྱིར་འདི་ལ་བསྐུལ་བས་ཤེས་པར་བྱ་བ་རིག་པར་བྱའོ།། ཅི་སླར་འདིས་དངོས་གཞིའི་རྗེས་སུ་བསྒྲུབ་པ་འདི་ལ་འདི་བརྗོད་པ་ལ་སྔར་གྱི་ཆར་གྱུར་པ་ཡོད་པ
་ལ་གང་དུ་བྱེད་བཞིན་པའི་སྤང་བ་འདིས་ཤེ་ན། དེའི་ཁས་ལེན་པ་ལས་ཞེས་བྱ་བ་སྨོས་ཏེ། སྦྱིན་པར་བྱེད་པའི་སེམས་བཟུང་བ་ལ་རྗེས་སུ་བསྒྲུབ་པ་ནི་དེ་གི་ང་གིས་ཁས་བླངས་པ་བརྗོད་པ་འདི་ལས་སུན་འབྱིན་པ
་ལ་སོགས་པ་རྗེ་སུ་བསྒྲུབ་པས་སོ།། རྗེ་སུ་བསྒྲུབ་པ་གང་ལ་བཟུང་བ་ལས་སྔོན་གྱི་ཆར་གྱུར་པ་ཡོད་པ་ལས་བསྐུལ་བའི་སྤང་བའི་དེའི་ཕྱིར་བླངས་ནའོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བུ་ཉིད་ལ་སྦྱིན་པ་པོ་དང་། ཕོ་ཉྫ་དང་། ཞལ
་ཏ་བྱེད་པས་ཤེ་ན། དེའི་ཕྱིར་གསུམ་ཆར་མི་ཉིད་དང་། ཁྱིམ་པ་ཉིད་ཡིན་ནོ།། ཞེས་བྱ་བ་སྨོས་སོ།། འདིར་གཞུང་ནི་མི་ཡིན་པས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པས་ཕོ་འ་བྱེད་ལ་མི་མོ་ཡིན་པས་རུང་བར་བྱེད་ན་ཉེས
་བྱས་ཀྱི་ལྟུང་བར་འགྱུར་རོ།། མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང་མི་མ་ཡིན་པོས་རུང་བར་བྱེད་ན་ཡང་ཉེས་བྱསུ་འགྱུར་རོ།། མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་། མིའི་ཕོ་ཉ་དང་མི་མ་ཡིན་པས་རུང་བར་བྱེད
་ནི་ཡང་ཉེས་བྱ་སུ་འགྱུར་རོ།། མིས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང་། མི་མ་ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱ་སུ་འགྱུར་རོ།། མིས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང་། མིས་རུང་བར་བྱེད་ན་ཡང་ཉེས་བྱས་སུ
་འགྱུརརོ།། མིས་སྦྱིན་པར་བྱེད་ཅིང་། མིའི་མ་ཡིན་པའི་ཕོ་ཉ་དང་མིས་རུས་པར་བྱེད་ན་ཡང་ཉེ་སུ་འགྱུར་རོ།། མི་མ་ཡིན་པས་རུང་བར་བྱེད་ཅིང་མིའི་ཕོ་ཉ་དང་མིས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ།། མིས་སྦྱིན
་པར་བྱེད་ཅིང་མིའི་ཕོ་ཉ་དང་། མི་རུང་བར་བྱེད་ན་ཡང་སྤང་བའི་ཡིནྡྲ་པཱས?་གསུམ་གཅིག་དང་། གཉིས་པ་གསུམ་དུ་བྱས་པ་དང་། མི་ཡི་གཉིས་པ་གསུམ་དག་དང་། གསུམ་གཅིག་དེ་དག་མུ་བརྒྱད་དོ།། མ་སྨྲས་ན་ཉེས་བྱས
་སོ་ཞེས་བྱ་བ་ནི་གལ་ཏེ་ཕོ་ཉས་བྱུང་བའི་མཐུཥྚ་རྗེས་སུ་བརྗོད་པ་སྔར་བྱས་པ་མ་སྨྲས་པར་ཞལ་ཏ་བྱེད་པ་ལྔ་སྐུལ་བར་བྱེད་ན་དེ་ལས་ཉེས་བྱསུ་འགྱུར་རོ།། མ་སྤངས་པ་ལའོ་ཞེས་བྱ་བ་ནི་རུང་བ
་མ་ཡིན་པ་ཆོས་གོས་ཀྱི་རིན་ལ་སོགས་པ་བདག་ཅིག་ནི་གོས་ཀྱི་རིན་དག་བླང་དུ་མི་རུང་སྟེ། ཞེས་བྱ་བ་ལ་སོགས་པོའི་ཚིག་གི་མ་སྤངས་པ་ལ་ཞལ་ཏ་བྱེད་པས་བསྐུལ་བ་བྱས་པ་དང་། ཕྱོགསུ་བསྡད་པས
་གོས་སྦྱིན་པར་བྱེད་པ་མ་སྤངས་པར་ལེན་ན་ཉེས་བྱས་སོ།། མ་དྲིས་པར་སྟོན་ན་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་ཕོ་ཉས་མ་དྲིས་པ་ཉིད་ཞལ་ཏ་བྱེད་པ་ལ་དེ་ལ་ཡང་ཉིས་བྱས་སོ།། རེ་བཱ་རེ་བ་མེད་པ་ཉྀད་ན་མ་སྦྲན་ན་ཡང
་ཡང་ངོ་།། ཞེས་བྱ་བ་ནི་རེ་བ་མེད་པ་ཉིད་ནི་སྦྱིན་པར་བྱེད་པ་ལ་མ་སྦྲན་ན་ཡང་ཞེས་བྱས་སུ་འགྱུར་བའོ།། འདི་ནི་འདི་རྣམས་མེད་པར་དངོས་གཞིར་གྱུར་པའི་སྤྱོད་པ་འབྲེང་བོར་གྱུར་པ་ཉིད་ཀྱི་ཕྱིར་འདི་རྣམས་ལ་ཞེས་བྱ།
་བར་འདིའི་དྲོན་ཏཱི་ནི་མཱ་ཡིན་ནོ།། གཞན་ཡང་བསྒྲུབ་པ་འདི་ཉིད་མི་མཐུན་པ་ཞེས་བྱ་བས་ན་འདི་རྣམས་མེད་ཀྱང་གོས་འཛིན་པ་ལ་ཉེས་པ་མེད་ཅེས་རིག་པར་བྱའོ།། མ་བསྲུངས་པ་ཉིད་ཀྱིས་འདི་རྣམས་ལ་ཤིན་ཏུ
་བསླངས་པ་ཉིད་ནི་འདིར་མཚན་མ་ཡིན་ཏེ། འ་དི་ཡང་གོ་བར་བྱ་བར་འོས་པོའི་བསླབ་པའི་གཞི་ལ་སོགས་པ་བཞིན་དུ་བསླངས་པའི་བསླབ་པའི་གཞི་དོང་འདྲ་བར་ལྷག་མར་གྱུར་པ་ཉིད་ནི་བསླབ་པའི་གཞི་སྟེ། དེའི
་འོག་ཏུ་ཆོས་གོས་བསྒྲུབྷཱ་པ་རི་ཕྱིརྱ་འབུད་པར་རྒྱུན་གོས་བསྒྲུབ་ན་སྦྱང་བའི་ལྟུང་བྱེད་ཅེས་གསུངས་པའི་ཕྱིར་རོ།། སྐུར་པའི་སྤང་བ་རྣམས་སོ།། ། སྟན་བཅང་བར་བྱའོ་ཞེས་བྱ་བ་ལ། སྟན་ནི་རྣམ་པ་གཉིས་ཏེ།
་ནང་ཚངས་ཅན་དང་། བླིངས་པོའོ།། སྤྱིར་སྟནཽ་ཞེས་བྱ་བའི་དིས་གཉིས་ཀ་ཡང་བཟུང་བ་ཉིད་ཡི་ནོ།། ནང་ཚངས་ཅན་ཞེས་བྱ་བ་ནཱི་ཚིག་གིས་འདྲིར་ཕྱི་ཤུན་གྱི་རྫས་ཀྱང་རྗེ་སུ་གནང་བར་བསྒྲུབ་པར་རིག་པར་བྱའོ།།
་འདྲིར་འདུག་པའི་རྣམ་གྲངས་ནི་འདིར་བརྗོད་པ་ཡིན། ཞེས་བྱ་བ་ཁ་ཅིག་གི་རྣམ་པ་འདི་མི་བདེན་པར་འདུག་པ་ལ་དངོས་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། འདི་དྲུག་ལ་ཡང་ཐ་དད་པ་ཉིད་ཀྱི་ཕྱི་ར་དོན་ལ་རིམ་པ
་གཅིག་པ་དང་། རིམ་པ་གཉིས་པ་རྣམ་པར་བཞག་པས་གོས་གཉིས་པ་ཉིད་འདུག་པ་ལ་གོ་བར་གྱུར་པ་ནི་ཆས་འདུག་པ་བླངས་ནས་ཞེས་བྱ་བའི་ཚིག་གི་མི་མཐུན་པ་ཆེས་བླངས་ཏེ། སྔུན་ནང་ཚངས་ཅན་དང
་ཞེས་བྱ་བ་ལ་སྟན་ནི་གྲང་བའི་གཉེན་པོ་ཡིན་ནོ།། འདི་ལྟར་འབྲོག་ཕྱོགས་ངག་ཏུ་གླབ་པའི་གཉེན་པོ་ནི་གདིང་བའི་དགོས་པ་སྟེ། འདི་རྒྱུ་མཚོན་དུ་རྗེ་སུ་གནང་བའི་ཕྱིར་རོ།། གང་གི་ཕྱིར་དགོན་པ་ལ་གནས་པ་རྣམ
་ལ་གྲང་བས་གནོད་པར་གྱུར་པ་རྣམས་ཀྱི་དབང་དུ་མཛད་ནས་འདི་རྗེ་སུ་གནང་བ་ཡིན་ལ་གདིང་བ་ནི་མལ་སྟན་ལ་གཡོག་པའི་ཕྱིར་དང་། ཀུན་ཏུ་བསྲུང་བའི་ཕྱིར་གདིང་བའི་དགོས་པ་སྟེ། དེ་ལྟར་ན་འདིའི་གདིང
་བ་ཞེས་བྱ་བ་རྣམ་པར་འབྱེད་པའོ།། གདིང་བའི་ཚད་ནི་གང་ཞིག་སྟན་ལ་དེ་ཉིད་རིག་པར་བྱ་སྟེ། ཡུལ་འདྲ་བ་ཉིད་ཀྱི་ཕྱིར་རོ།། གང་ཞིག་སྲིན་བལ་གྱི་སྤང་བ་ཞེ་ན། དེའི་ཕྱིར་སྲིན་བལ་གྱི་ལས་བྱས་སམ།
་བྱེད་དུ་བཅུག་ནའོ།། ཞེས་བྱ་བ་སྨོས་ཏེ། བྱས་པ་འམ་བྱེད་དུ་བཅུག་པ་ལ་སྲིན་བལ་གྱི་གདིང་བ་ཞེས་བྱ་བའི་དོན་ཏོ།། ཐམས་ཅད་པ་འོམ། སོ་སོ་པ་བྱས་པ་འམ་བྱེད་དུ་བཅུག་པ་དག་ལོ་ཉེས་པ་དང་ལྡན་པ་ཉིད་དོ།། གང
་ཞིག་གནས་པ་ལ་མཐར་ཐུག་པས་འཁོར་གསུམ་གཽཡོགས་པ་ཉིད་དོ།། དེ་ཉིད་འདི་སྤང་བར་བྱེད་པ་ཉིད་ལ་རྟོགས་པར་བྱའོ།། འདི་ཙམ་ཉིད་ཀྱིས་འདིར་ཡང་མཐར་ཐུག་པར་གྱུར་པའི་དོན་ལ་བཀྲམ་པ་ལ་སོགས་པ་སྟེ།
་གང་ཞིག་མཐར་ཐུག་པའི་གོས་རྙིང་པར་གྱུར་པ་རྣམས་བརྐུས་ན་ལོངས་སྤྱོད་པ་རྣམས་ནི་བོལ་ལས་བྱས་པ་རྣམས་ལ་སྤང་བར་བྱེད་པ་ཉིད་དུ་རྣམ་པར་གནས་པ་ཞེས་བྱ་བར་རིག་པར་བྱའོ།། འདི་རྣམས་ལ་ཐམས
་ཅད་ཕྱི་མ་དག་ལོ་ཉེས་བྱས་ཉིད་དེ་ཆུང་པོ་ལ་ཡང་འདིར་འཇུག་པས་རྗེས་སུ་མཐུན་པ་ཉིད་ཀྱང་བྱི་ངོ་རོ་ལ་སོགས་པའི་དོན་དེ་ལ་དེ་ཙམ་དུའོ།། སྟན་ལ་ནི་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པོའི་དང་བོ་ཉིད་ཡིན་ནོ་ཞེས
་བྱ་བ་ལོ། གདིང་བ་ཉིད་ཐམས་ཅད་ཀྱི་དང་པོའོ།། འདི་ཙམ་བྱས་པ་ལ་དངོས་གཞི་བསྐྱེད་པའོ།། གཞན་ལ་ཡང་རྩོམ་པ་གཅིག་པར་གྱུར་པ་ཉིད་ཀྱི་ཕྱིར་འདི་ལས་ཐ་དད་པ་ཉིད་ཅེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བའི་ཡི་གེ
་ཁ་ཅིག་ལས། ཇི་ཙམ་གྱིས་ན་ལྟུང་བ་རྫོགས་པར་འགྱུར། གང་ཚུན་ཆད་བཀྲམ་པར་གྱུར་ནལོ་ཞེས་གསུངས་པ་ཡིནོ།། བྱས་ཟིན་པ་རྙེད་པ་དང་། ཡོངསུ་ལོངས་སྤྱོད་པ་དང་། མངོན་པར་འདུ་བྱེད་པ་ལ་ནི་ལྟུང་བ་མེད་དོ།།
་ཞེས་བྱ་བ་ནི་བྱས་ཟིན་པ་རྙེད་པ་དང་། གཞན་གྱི་བྱས་ཟིན་པ་ལོངས་སྤྱོད་པ་དང་རྙིང་པའི་བྱི་དོར་མངོན་པར་འདུ་བྱེད་པ་དག་ལ་ནི་ལྟུང་བ་མེད་དེ། འདིར་རྗེས་སུ་གྲུབ་པོ་ལ་ཉེས་པ་དང་ལྡན་པ་ཉིད་དེ། བདག་གིར་བྱེད་པ་དང་ཡོང
་སུ་སྤྱོད་པ་ལ་ནི་མ་ཡིན་ནོ།། ལྡོག་པར་གྱུར་པ་གཞན་ལ་ཡང་མ་ཡིན་ནོ།། ཞེས་བྱ་བོ་འདི་བསྟན་པའི་ཕྱིར་ལྟུང་བ་མེད་པའི་བསྟན་པ་འདིའོ།། སྲིན་བལ་གྱི་སྤང་བ་རྣམ་པར་འབྱེད་པའོ།། ཉུང་ངུ་དང་བསྲེས་པ་ཉིད་ནི་ན་སྨད
་པ་ཉིད་དོ།། ཞེས་བྱ་བཱ་ནི། བལ་དཀར་པོ་འམ། ཤ་ནའི་གོས་ལ་སོགས་པ་ན་སྨད་པའི་རྫས་རྣམས་དང་འདྲེས་པོའི་རས་བལ་གྱི་གདོང་པ་བྱེད་དུ་བཅུག་པ་ལ་ན་སྨད་པ་ཉིད་དེ། ཁ་ན་མ་ཐོ་བ་ཡོངསུ་མ་རྫོགས་པ་ཉིད་དེ
་ཉེས་བྱ་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རྫས་ཀྱི་ཚད་དེ་ལས་མ་སྐྱེས་པ་ཉིད་དེ་གང་གི་ཕྱིར་དངོས་གཞི་ལྡང་བ་ཞེས་བྱ་བའི་དོན་ནི་གདིང་བ་ཐམས་ཅད་ཀྱི་དབང་དུ་བྱེད་པ་འདི་ཁྱད་པར་ཡོངསུ་མ་བཟུང་བས་རྟོགས་པར
་བྱའོ།། རྫས་ཉམས་པ་ཉིད་ལ་ཡང་ངོ་།། ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་ན་སྨད་པོ་ཉིད་དོ་ཞེས་བྱ་བའི་རྗེ་སུ་སྙེགས་པར་བྱེད་དོ།། འདིར་གཞུང་ནི། རེ་ཞིག་བཙུན་པ་དགེ་སློང་ཉམས་པའི་རས་བལ་གྱི་གདིང་བ་བྱེད་དུ
་ན། གྲགྶ་ཙྪམྶ་གྷུ་ས་རྒྱ་ནས་གྷས་པ་སྨན་ན།། དྲུ་ཤཱ་ས་བྱུང་བམས་བྱང་དུ་རྒྱས་སྨྲ་པ་སྨྲ་གས་ས་ཕྱུ་། ཥྚྲཱིངྐུགྷཱ་སྤྱ་ན་། གྷཱ་ན
་xxx
་བྱསྨོས་སོ།། བྱུས་པ་བྱེད་དུ་བཅུག་པ་དག་གི་ད་བ་ཞེས་བྱུ་བ་དང་སྦྱར་བར་བྱུག།། ནིག་ག་པ་ན་པ་གྱུར་བ་ཡིན་ས་སམ་གཉིས་ཀས་སུམ་ཞེ་ན། དེའི་ཕྱི
་ཞིན་གྱིས་སྷོ། ཞེས་བྱ་བའི་ས་སྷོ།། གཞན་རྒྱས་ནི་མ་ཡི་ནས་ཙྪེ་དྷི་ང་མ་ཏོ།། སྔོན་པོ་དང་འདས་ལ་དང་ཁབ་པ་དྲུག་ཀྱང་དེ་ཉིད་དོ།། ཞེས་བྱ་སྨྲ་པ་རྣམས་ཀྱི་བར་དུ་ཉི་བལ་ནག་པོ་འ་ཞིག་དང་འདྲུ
་xxx
་འ་བོ་མཛད་ངོམ་འདི་མི་སྔར་བསྟེན་པ་ཆོག་ཁས་ཐ~ཾང་སནས་ཚད་ཀྱི་བྱ་ཞི་ས་པོ་རྗེ་། དེ་དན་སྲོག་གི་སས་ནན་པ་དས་ཕྱིར་སྲི
་ལྷག་པ་ཉིད་ན་ཞེས་བྱ་བའི་དོན་ཏོ།། གང་གི་ཚེ་དཀར་པོ་དང་། འཁོབ་བལ་དག་ནི་ལྷག་པར་གྱུར་ལྔ་ལུག་གི་བལ་ནག་པོ་དེག་ནི་ཉུང་བ་འམ་མཉམ་པར་གྱུར་ན་ནི་དེའི་ཚེ་ལྟུང་བ་མེད་དོ།། ཕྱེད་དཀར་པོ་དང་འཁོབ་བལ་དག་ལས
་ཆུ་མཉམ་པ་ཉིད་དུའོ།། ཞེས་བྱ་བ་ལ། ཕྱིད་ལ་ཞེས་བྱ་བ་འདི་རྣམས་ཀྱི་ཕྱེད་ལ་འདིར་ཆ་མཉམ་པ་ཉིད་དེ། དཀར་པོ་དང་འཁོབ་པལ་དག་གི་དཀར་པོ་རྣམ་ས་ལ་འདིར་ཤི་ན་ཏུ་རྒྱ་ཆེ་བ་ཉིད། དེ་རྣམས་ལ་མི་འཕེལྔ་བའི་དོན
་དུ་ཚིག་འདི་ཡིན་གྱི་འཁོབ་བོ་ལ་དག་ལ་ནི་མ་ཡིན་ནོ།། གང་གི་ཕྱིར་འདི་རྣམས་ཀྱི་འཕེལ་བ་ནི་ཉེས་པ་མེད་པ་སྟེ། འདི་དཀར་པོ་རྣམས་འཕེལ་བ་དང་བཅས་པ་འདི་ལ་དུས་ཀྱི་འབྲེལ་བ་དང་ཉིད་སྤང་བར་བྱ་བ་ཉིད་དམ
་གཅིག་པ་ཉིད་ལ་ཡང་འདི་ལ་ཞེས་བྱ་བར་རིག་པར་བྱའོ།། སྲིནརྀ་བལ་ལས་བྱས་པ་ལ་ཡང་རྫས་གཞན་གྱིས་བསྒྲུབ་པར་བྱ་བའི་ན་སྨད་པ་འདི་ཙམ་ལ་སྤང་བ་ཉིད་དོ།། ན་སྨད་པའི་སྟན་ལ་ཉེས་བྱས་ཞེས་བྱ་བ་འདིའི་རྗེ་སུ
་འབྲངས་པས་རྟོགས་པར་བྱའོ།། ཤིན་ཏུ་རྙེད་པར་དཀའ་བ་ཉིད་ཀྱི་ཕྱིར་དང་། འདི་ནི་འདྲི་བས་ཤིན་ཏུ་རིན་ཐང་ཆེ་བ་ཉིད་ཀྱི་ཕྱིར་རོ།། ཅིའི་ཕྱིར་སླར་འདི་ལ་གསུངས་ཏེ། ཆུང་བ་ལ་ཡང་འདི་ལས་གདིང་བ་སྦྱིན་པར་བྱ་བ་མ་ཡིན
་པ་ཉིད་ཀྱི་ཕྱིར་ཆུང་བ་ལ་ཡང་འདི་ལས་ལྷག་གདིང་བ་ལ་ཡང་གླེང་གཞི་ལས་འདི་ཉིད་ཀྱི་ཕྱིར་གང་དུ་རས་བལ་རྣམས་ནི་རྙེད་པར་དཀའ་བ་དང་། རིན་ཐང་ཆེ་བ་ཉིད་བལ་ནག་པོ་འདི་རྣམས་དང་དཀར་བ་དེ་ཅི་ཞིག་རྟོགས་པར
་བྱ་བ་ཞེ་ན། རས་བལ་ནི་ལྟུང་བ་མེད་པའོ།། བལ་གྱི་བྱས་པ་ལ་ནི་ལྟུང་བས་དེ་ཡང་རས་བལ་ལས་བྱས་པ་ལ་ནི་ལྟུང་བ་མེད་པའོ།། བལ་ནག་པོ་འབའ་ཞིག་ལ་ལྟུང་བ་མེད་དེ། དཀར་པོ་ལ་ནི
་ལྟུང་བ་ཡོད་དོ།། ཞེས་བྱ་བ་གོ་བཟློག་ནས་བརྗོད་དེ་འདིར་རྫས་ཀྱི་སྙིང་པོ་གཉིས་ཀྱི་གཙོ་བོ་ཅན་རྙེད་པར་དཀའ་བ་དང་རིན་ཐང་ཆེ་བ་ཉིད་ཀྱི་རྨི་ག་རྣམ་པར་གནས་པ་ཡིན་གྱི་རྒྱ་ཆེ་བ་ལ་རྟོ་གས་པར་བྱ་བ་ཞེས་བྱ་བ
་འདི་ལ་འདིར་ཁ་ཟླས་གྱ་ནོམ་པར་སྒོ་བར་བྱེད་པ་ལྟར་དོན་རྣམ་པར་བཞག་པས་སོ།། ལུག་གི་བལ་དཀར་པོ་གང་ཡིན་འཁོབ་བལ་གང་ཡིན་ཞེ་ན། དེའི་ཕྱིར་གློ་དང་རྒྱ་བ་དང་གཉེའ་བར་སྐྱེས་པ་ནི་སྔ་མའོ།། ཞེས་བྱ་བ་ནི
་གློ་དང་གཉིས་ལྡན་གྱིས་བསྡུ་བ་གཅིག་པའི་དངོས་པོའོ།། སྠཱ་མུ་ཞེས་བྱ་བ་ནི་དཀར་བའོ།། མགོ་དང་། རྐང་པ་དང་། ལྟོ་བ་ནས་སྐྱེས་པ་ནི་ཕྱི་མའོ།། ཞེས་བྱ་པོ་ནི་འཁོབ་བོལ་ཞེས་བྱ་བའི་དོན་ཏོ།། ཆ་གཉིས་བསྲེ་བོའི
་སྤང་བའོ།། །། མ་དག་པ་ནི་གསོལ་བར་མི་བྱའོ།། ཞེས་བྱ་བ་རང་དག་རྟོག་ཏུ་གདིང་བར་བྱའོ།། ཡང་ན་དགེ་སློང་བསྐོས་པ་དྲུག་བློ།། ཞེས་བྱ་བ་དེ་ལ་སོ་སོར་བརྟགས་ནས་གང་ཞིག་གདིང་བའི་བྱ་བ་དེ
་བརྗོད་པར་བྱ་སྟེ། ཆུ་དང་ཞེང་གཉིས་ཀར་ལྷག་པ་ཉིད་ཡིན་ན་བཅད་པར་བྱའོ།། ཇི་སྐད་བཤད་པའི་ཚད་ལས་གལ་ཏེ་རིང་བ་དང་ཞེང་གི་དིང་བ་ལས་ལྷག་པར་གྱུར་ན་དེ་དག་གི་བཅད་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། ཐུང་བ
་ཉིད་དང་དོག་པ་ཉིད་དག་ནི་བསྐྱེད་པར་བྱའོ།། ཞེས་བྱ་བ་ནི་ཅི་སྟེ་ཐུང་བ་དང་དོག་པར་གྱུར་ན། དེ་ནས་བསྐྱེད་པར་བྱའོ།། རལ་ན་བཅོམ་པར་བྱའོ་ཞེས་བྱ་བ་ནི་བརྟེན་པ་ལ་སོགས་པའོ།། བུག་རྡོལ་དུ་གྱུར་ཏམ་ཤ་ཟད་པ་དག་ནི
་སྦྱར་བར་བྱའོ།། ཞེས་བྱ་བ་ནི་བུག་རྡོལ་དུ་གྱུར་པ་འམ་ཤ་ཟད་པ་ནི་མཐུག་པའི་ངོ་བོའི་ཕྱིར་བལ་རྣམས་སྨྱོན་པ་ནི་སྦྱར་བར་བྱའོ།། བཅོས་དཀའ་བ་ཉིད་ཡིན་ན་སྦྱིན་ནོ་ཞེས་བྱ་བ་ནི་གནང་བ་ཞེས་བྱ་བ་དོན་གྱིས་སྨོས་པ་སྟེ།
་འདི་རྣམས་ལ་ཐབས་ཐམས་ཅད་ཀྱིས་སྦྱིན་པར་བྱ་བ་སོ་སོར་འདུས་བྱས་པའི་ཕྱིར་ནུས་པ་མ་ཡིན་པ་དེའི་ཚེ་སྟན་གཞན་བྱི་བའི་ཕྱིར་གནང་བ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འདི་ལྟར་ལོག་གི་བླའི་ཕྱིར་གསུངས
་པ་ནི་གླེང་གཞིའི་དབང་གི་ཕྱིར་འདི་རྣམ་པར་གནས་པ་ཡིན་གྱི་གཞན་ལ་ཡང་གྲང་བས་རྣམ་པར་འཚེ་བར་འགྱུར་བ་ལ་ཉེ་བར་སྦྱར་དུ་རུང་བའི་ཕྱིར་སྤྱིར་མདོར་བྲིས་སོ།། ཅི་ཞིག་བྱས་ནས་ལོ་དྲུག་ཏུ་བཅད་བའི་སྤང་བར
་འགྱུར་ཞེ་ན། དེའི་ཕྱིར་གནང་བ་མ་ཐོབ་པ་གཞན་ཡོད་པ་འམ་རང་དགར་བཏང་བས་ལོ་དྲུག་མ་ལོན་པར་སྟན་བྱས་པ་ཉིད་ནའོ་ཞེས་བྱ་བ་སྨོས་ཏེ། བྱས་ཟིན་པ་ཉིད་ལ་གནང་པོ་མ་ཐོབ་པ་ལ་གདིང་བ་ལོ་དྲུག་མ་ལོན
་པར་དང་པོར་བྱས་ཟིན་པ་ཉིད་ནས་བརྩམས་ཏེ། གང་ལ་ཡོངསུ་རྫོགས་པ་དེར་གདིང་བ་གཞན་ཡོད་པ་ལ་རང་དགར་བཏང་ནས་ཞེས་བྱ་བའི་དོན་ཏོ།། རྩམ་པ་ཉིད་ནི་རྩོམ་པ་ཟིན་པ་དང་འདྲའོ།། ཞེས་བྱ་བ་ནི་རྩོམ་པ་གཞན་ལ
་ཟིན་པ་དང་འདྲ་བར་ཇི་ལྟར་ཉིད་དུ་མཐར་ཐུག་པ་ཡོད་པ་ལ་བྱ་བ་གཞན་ལ་ཉེས་བྱ་སུ་འགྱུར་ཏེ། དེ་བཞིན་དུ་རྩོམ་ནའོ་ཞེས་བྱ་བའི་དོན་ཏོ།། དེར་ཡོད་པ་ཉིད་ལ་ཡོད་པ་ཡིན་ཏེ། གང་ཞིག་དུས་མཉམ་པ་ལ་དེ་བས་ན
་དུས་མཉམ་དུ་འདིས་བརྩམས་པ་ལ་ཉེས་བྱས་མ་བྱས་པ་ཉིད་མ་ཡིན་ཏེ། ལྷན་ཅིག་གམ་ཕྱིས་ཉེས་བྱས་ཉིད་དོ།། སྦྱོར་བ་བྱས་པ་རྩོམ་པོ་སྔར་གྱི་མཐར་ཐུག་པ་ལ་ཡང་ལྟུང་བ་མེད་པར་ཤེས་པར་བྱའོ།། མེད་པ་ཉིད་དོན་གྱིས
་བྱས་པ་བསྒྲུབ་པ་ཉིད་ཀྱིས་ཉེས་བྱས་པ་མ་ཡིན་པའི་སྦྱོར་བ་མཐུར་ཐུག་པ་ལ་ནི་འདིར་ལྟུང་བའོ།། དེ་ལ་གང་ཞིག་གིསོ་ཕྱིས་པ་རྣམས་པ་ལ་མཐར་འགྲོ་བ་མ་ཡིན་པ་ཉིད་གང་ལ་ཡང་ཕྱིར་མཐོར་གྱུར་པ་དེར་འདི་ཡོད་པར
་བརྗོད་པར་རྣམ་པར་གནས་པའོ།། མཐར་ཐུག་ནུ་སྦྱར་བའི་ལྟུང་བར་མི་འགྱུར་པ་ཉིད་མ་ཡིན་པོ་ཞེས་བྱ་བ་ནི་བརྩམས་པ་གཞན་ལ་གང་ཞིག་གཉིས་པ་རྩོམ་པར་བྱེད་པ་ལ་གལ་ཏེ་འདིར་སྔར་ཡོངསུ་རྫོགས་པར་གྱུར་ན་དེ་ལ་དངོ།
་གཞིའི་ལྟུང་བ་འདོད་པ་མ་ཡིན་ཏེ། དེ་ལ་གང་གི་སྔར་ཟིན་པར་བྱེད་ན་དེར་སྦྱོར་བ་ལ་ཡང་ལྟུང་བ་མ་ཡིན་པས་གནས་པར་བྱ་ཞེས་བྱ་བས་གང་ཞིག་འདོད་པ་དེའི་ཕྱིར་མདོ་འདིའོ།། འདི་ནི་འཐད་པ་ཡང་དག་པར་བསྟན་པ་ཡིན་ཏེ། མ
་འགྲོ་བ་ལ་ནི་སྦྱོར་བ་ལ་ལྟུང་བ་མེད་པར་བྱས་པ་ཉིད་ནི་མ་ཡིན་ཏེ། ལྟུང་བ་མེད་པར་བྱས་པ་ཉིད་དུ་གྱུར་པ་ལ་ཡང་ཡོངསུ་བསྒྱུར་བ་སྐྱེས་པ་མ་ཡིན་ནོ།། དེ་བས་ན་འདིར་སྦྱོར་བ་ལ་ལྟུང་བ་མ་ཡིན་པར་བྱས་པ་ཉིད་དུ་གཏོགས་པར་བྱ
་བ་མ་ཡིན་ཏེ། ཞེས་བྱ་བ་ནི་འདིའི་ངག་གི་དོན་ཏོ།། རབ་ཏུ་བྱུང་བ་གཞན་གྱི་ནི་ཐ་དད་པ་ཉིད་དོ།། ཞེས་བྱ་བ་ནི་སྔོན་དང་ཕྱིས་རབ་ཏུ་བྱུང་བ་དང་རབ་ཏུ་དབྱུང་བ་དག་ལ་རྒྱུ་གཅིག་པ་མ་ཡིན་པ་ཞེས་བྱ་བ་འདི་ཤེས་པར་གྱུར་པའི་དོན་ལ་འདི་ལ
་རྗེས་སུ་བརྗོད་པའོ།། རབ་ཏུ་བྱུང་བ་གཞན་བྱས་པ་མི་རྩོམ་པའམ་རྙེད་པ་མ་ཡིན་པ་གདིང་བ་ལ་གཞན་རབ་ཏུ་མ་བྱུང་བ་ལ་དུས་འོག་མ་རྫོགས་པ་ལ་བྱ་བ་ཉིད་མེད་པ་འདི་བསྟན་པའི་དོན་དུ་གཅིག་བརྩམས་པ་ལ་གཞན་མཐར་ཐུག
་པ་ལ་དངོས་གཞི་མེད་པ་ལ་ཇི་ལྟར་ཡང་ཁྱིམ་པའི་གནས་སྐབས་བཞིན་ཏེ། མི་རྩོམ་པའམ་ཐོབ་པར་བྱ་བ་ཉིད་མེད་པ་དེ་བཞིན་དུ་འདིར་ཡང་ཞེས་བྱ་བ་རྣམ་པར་གནས་པ་ཡིན་ནོ།། འདིར་གཞུང་ནི་ཞུ་བ་གཅིག་ལས་དགེ་སློང་འགའ་ཞིག
་ཡོད་དེ། ལོ་དྲུག་གི་མདུན་རོལ་དུ་དེས་གདིང་བ་བྱེད་དུ་བཅུག་ན་ལྟུང་བ་མེད་པར་ཡང་འགྱུར་བ་ལོ་དྲུག་གི་མདུན་རོལ་དུ་བབས་ཤིང་དེས་སླར་ཡང་བསྟེན་པར་རྫོགས་ནས་སྟན་གཞན་བྱེད་དུ་བཅུག་ན་ལྟུང་བ་མེད་པ་ཡིན་ནོ།། བརྩམས་ཏེ
་འབབས་པ་ཡང་དེ་བཞིན་ནོ།། ཞེས་གསུངས་པ་ཡིན་ནོ།། ལོ་དྲུག་ཏུ་བཅང་བའི་སྤང་བའོ།། །། ཅི་ཞིག་བྱས་ན་ན་ཐོ་གང་གིས་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་གདིང་བ་རྙིང་པ་ལས། བདེ་བར་གཤེགས་པའི་མཐོ་གང་གིས་མ
་གླན་པའི་གདིང་བ་སར་པ་སྤྱོད་ནའོ།། ཞེས་བྱ་བ་ནི། གདིང་བ་སར་པ་གང་ལ་གདིང་བ་ཉིད་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་དེ་ནི་གདིང་བ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་སྟེ། ཡོངསུ་ལོངས
་མ་སྤྱད་པའི་སར་པ་ཞེས་བྱ་བ་ནི་སར་པ་རྙེད་ཀྱང་རྙེད་པ་བྱས་པ་ལ་ཡང་སྦྱིན་པ་ཉིད་མཐོང་བ་རྫས་རྙིངས་པ་ལ་ཡང་འདིར་སྦྱིན་པར་བྱ་བ་ཉིད་དོ།། འདིར་བྱས་པ་ཉིད་ཀྱི་སར་པ་ཉིད་དུ་བརྗོད་དེ་རྫས་ལ་ནི་མ་ཡིན་ཞེས་བྱ་བར་རིག
་པར་བྱའོ།། ཅི་མཉམ་པོ་ཉིད་ལ་ཡང་གདིང་བ་ལས་ཁྲུ་གང་མ་གླན་པར་སར་པ་ལོངས་སྤྱོད་པ་ལ་ལྟུང་བ་འདི་ཡིན་ནམ་ཞེ་ན། དེའི་ཕྱིར་གལ་ཏེ་དེ་ཡོད་ནའོ་ཞེས་བྱ་བ་སྨོས་སོ།། ཅི་གལ་ཏེ་རིལ་གྱིས་མི་འདོག་ན་ཡང་དྲན་ཁྱི་བྱུང་བ་དིས་གྱུར་ཞེན་ཏུ་བྱ
་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བདེ་བར་གཤེགས་པའི་མཐོ་གང་ཙམ་ཞིག་ཡོད་ན་ཡང་ཞེས་བྱ་བའི་དོན་ཏོ།། ཅི་གལ་ཏེ་སྲ་བ་དེ་ཙམ་ཞིག་ཡོད་ན་འམ་ཞེས། དེའི་ཕྱིར་བཅོས་པར་ནུས་ན་ཡང་ངོ་།། མཐུང་ཅིང་སྦྱར་དུ་རུང་བས་ཀྱང་ངོ་།། ཞེས
་བ་བ་བཅོས་པར་རུང་བ་ཡང་གལ་ཏེ་དེ་ཙམ་ཐུ་ན་མཐུད་པས་སམ། དམ་དུམ་དུ་སྦྱར་དུ་རུང་ན་དེས་ཀྱང་བཟུང་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཡང་མེད་པ་ཉིད་ལ་ལྟུང་བ་མེད་ཅེས་བྱ་བ་འདིར་སྐྱེས་པར་རིག་པར་བྱའོ།། མཐོ་གང
་སྤང་བའོ།། ཅི་ཞིག་བྱས་ན་བལ་ཐོགས་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་ཁྱེར་བ་མེད་ན་དཔག་ཚད་གསུམ་ལས་ལྷག་པར་ལུག་གི་བལ་ཁྱེར་ནའོ།། ཡོད་ན་ཡང་ངོ་ཞེས་བྱ་བ་སྨོས་ཏེ། ཁྱེར་བ་མེད་ནི་དཔག་ཚད་གསུམ་ལས་འདས
་པར་ཁུར་བ་ཡོད་པ་ལ་ཁུར་བ་ཉིད་དུ་བརྩམས་ནས་ཞེས་བྱ་བའི་དོན་ཏོ།། འགྲོ་བ་ནི་གཉིས་སུ་གསུངས་ཏེ། ལྟུང་བ་དང་བཅས་པ་དང་། ལྟུང་བ་མེད་པའོ།། དེ་ལ་ལྟུང་བ་དང་བཅས་པ་ནི་བལ་ཐོགས་པ་དང་། དགེ་སློང་མ་དང་ལྡན
་ཅིག་ལམ་དུ་འགྲོ་བ་དང་། དགེ་སློང་ས་དང་ལྷན་ཅིག་གྲུར་འཇུག་པ་དང་། སྐྱེས་པ་མེད་པར་ལམ་དུ་འགྲོ་བ་དང་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའོ།། དེ་ལ་ལྟུང་བ་མེད་པ་ནི་ཡང་ཡང་ཟ་བ་དང་། འདུས་ཤིང་ཟ་བ་དང་། ཁྲུས་བྱེད་པའོ།། །
་དེ་ལ་ལྟུང་བ་མེད་པ་ནི་དཔག་ཚད་ཕྱེད་དོ།། ཞེས་འོག་ནས་འབྱུང་ངོ་།། དེའི་ཚེ་དོ་ལྟུང་བ་ལ་བསྟན་པའི་ཕྱིར། ལམ་དུ་འགྲོ་བ་ནི་རྒྱང་གྲགས་ཀྱི་བདག་པོ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དམག་ལ་ལྟ་བའི་ཕྱིར་འགྲོ་བར་བྱ་བ་ལ་སོགས་པ་ལྔ
་རྣམ་པར་བཅད་པའི་འདིར་ལམ་གྱི་ཚིག་གོ། གང་ཞིག་ཆུའི་ལམ་ནས་འགྲོ་བ་ནི་འདི་ཡིན་ཏེ་གྲུས་གང་ཡིན་པའོ།། དེ་བས་ན་འདི་དང་འགྲོ་བའི་དོན་ཏོ་ལ་མ་བཟུང་བས་འཕངས་པ་ཉིད་མ་ཡིན་ནོ།། དེ་ལྟར་ན་གྲུའི་ལམ་གྱིས་སོང་བ
་དང་། ཆུའི་ལམ་གྱིས་སོང་བ་ཞེས་བྱ་བ་ནི་གྲགས་པའོ།། དེ་བས་ན་རྐུན་མ་དང་ལྷན་ཅིག་གམ་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་གྲུབ་གཅིག་གི་ནང་དུ་འགྲོ་བར་མི་བྱ་བ་ཉིད་དོ།། ཞེས་བྱ་བར་རྟོགས་པར་བྱའོ།། འདི་ནི་ཤིན་ཏུ
་ང་སྒྲོན་དང་ལྡན་པ་ལམ་དུ་འགྲོ་བ་ལས་ཤིན་ཏུ་གསང་བ་ཉིད་ཀྱི་ཕྱིར་རོ།། །། གླེང་གཞི་ལས་མི་འབྱུང་བས་འདིར་ཐ་དད་པ་པའི་ཚིག་ནི་གྲུབ་པ་མ་ཡིན་ཞེས་བྱ་བ་རྣམ་པར་གནས་པ་ཡིན་ནོ།། ཁྲུས་ལ་ནི་ཆོ་ག་འདི་མི་རིགས
་བས་མ་གྲུབ་པའི་ཕྱིར་གྲུར་འགྲོ་བ་ལ་ཁྲུས་ལ་འོངས་པ་ཉིད་ལ་ཡང་ཡང་ཟ་བ་འདིར་ལྷག་པོར་མེད་པར་དེའི་དབང་གི་ཉམ་ཆུང་བ་དང་ཤིན་ཏུ་གྲགས་པ་དག་ལ་ཚོགས་སུ་ཟ་བ་ལ་འདིར་ཡོད་པ་ཡིན་ནོ།། རྒྱུ་མཚན་ནི
་སྦྱིན་པ་པོ་ཅིག་མ་གྲུབ་པའོ།། བལ་ཐོགས་པའི་བསླབ་པའི་གཞི་གཞན་ཡོད་པས་ལྷག་པོར་གྱི་གླགས་མེད་པའོ།། མཚན་ཉིད་བརྗོད་པ་ཉིད་ཀྱི་ཕྱིར་མདོ་འདི་ལ་ཐམས་ཅད་དུ་དབང་བྱས་པ
་ཉིད་དོ།། འདིའི་དམིགས་ཀྱིས་གསལ་བ་ནི་དཔག་ཚད་ཕྱེད་ཀྱི་ལམ་ཞེས་བྱ་བ་ནི་རྒྱུང་གྲུགས་ཀྱི་མཐར་མར་ཡོངས་སུ་རྫོགས་པ་ཉིད་འགྲོ་བའི་མཚན་ཉིད་ལ་འདི་ཙམ་རྫོགས་པ་ལ་ལྷག་པོར་རམ། དེ་འདིར་དེ་དང་ལྷན
་ཅིག་སྐྱེས་པའི་རྣམ་པར་རིག་པ་ལ་དངོས་གཞི་རྒྱང་གྲོགས་རེ་རེ་གཞན་ཞེས་བྱ་བ་འདིའི་བྱེད་པའོ།། ཕྱེད་དུ་ན་སྦྱོར་བའོ།། ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་བྱེད་ཀྱི་བདག་པོ་ཉིད་དུ་སོང་ན་སྦྱོར་བར་འགྱུར་ཏེ། ཏེ་ཙམ་དུ་སོང་ན
་སྦྱོར་པོ་ཡོངས་སུ་རྫོགས་པ་ཉིད་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། འདི་ནས་བརྩམས་ཏེ། སྦྱོར་བ་ཡོངས་སུ་རྫོགས་པའི་མཚན་ཉིད་དུ་གྱུར་པ་ཡིན་ནོ།། མདུན་དུ་ནི་ན་སྨད་པ་མེད་པ་ཉིད་དང་ན་སྨད་པའི་མདུན་ནས་ཉེས
་བྱོས་མེད་པ་འདི་ནས་བརྩམས་ཏེ་རྫོགས་པ་ཉིད་ལ་འདི་བྱེད་པའོ།། འདིར་གཞུང་ནི་རྒྱང་གྲགས་ཕྱེད་དུ་སོན་པར་གྱུར་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ།། རྒྱང་གྲངས་སུ་སོན་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ
་ཡིན་ནོ།། རྫུ་འཕྲུལ་གཞན་པས་ན་མཁའ་ལ་འགྲོ་ན་ཉེས་བྱས་སོ།། ཞེས་བྱ་བ་ནི་རྫུ་འཕྲུལ་དང་བཅས་པས་ན་མཁའ་ནོས་འགྲོ་ན་ལྟུང་བ་མེད་དོ།། རྣམ་པ་གཞན་གྱིས་ན་མཁའ་ནས་འགྲོ་ན་ཉེས་བྱས་སོ་ཞེས
་བྱ་བའི་དོན་ཏོ།། སྤྲུལ་པས་ཀྱང་ངོ་།། ཞེས་བྱ་བ་ལས་ཀྱང་ངོ་།། ཞེས་བྱ་བ་ལས་ཀྱང་ངོ་།། ཞེས་བྱ་བའི་སྒྲ་ནི། ཉེས་བྱས་ཞེས་བྱ་བའི་རྗེས་སྟེག་པའི་ཕྱིར་རོ།། འདི་ཡང་རྫུ་འཕྲུལ་དང་བཅས་པར་འགྲོ་བ་ཞེས་བྱ་བ་དེའི་ལྟུང་བ་མེད་།
་སྐབས་ཡོད་པ་ལ་རྩོམ་པ་འདིའོ།། འདི་ཡང་མི་རིགས་པ་མ་ཡིན་ཏེ། དེའི་ལུས་ཀྱི་རྣམ་པར་རིག་བྱེད་ཡང་དག་པར་ལྡང་བར་བྱེད་པ་མངོན་པར་བརྩོན་པ་སྤྲུལ་པ་ལ་ཡོད་པའི་ཕྱིར་བརྒྱད་ནས་འབྱུང་བའི་ཡོད་པས་མཚན་ཉིད
་པ་ནི་མ་ཡིན་ནོ།། འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་གི་ནམཁའ་ལས་ང་ལ་འཚོལ་ན་ལྟུང་བ་ཅིར་འགྱུར། རྫུ་འཕྲུལ་གྱིས་ཁྱེར་ན་ནི་ལྟུང་བ་མེད་དོ།། རྣམ་པ་གཞན་གྱིས་ཁྱེར་ན་ནི་ཉེས་བྱསོ།། བཙུན་པ་རེ
་ཞིག་དགེ་སློང་གིས་སྤྲུལ་བས་རུང་བར་བགྱིས་པ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱ་སུ་འགྱུར་ཞེས་གསུངས་པ་ཡིན་ནོ།། ཞྭ་དང་ལྷམ་སྒྲོ་གུ་ཅན་དང་སྟོད་ཀོར་ནང་ཚངས་ཅན་དང་། རྒྱ་ཅང་དང་ལྕགས་ཕོད་དང་ཤོར་བུ་ཕྲེའུ
་ལ་སོགས་པའི་དོན་དུ་དེ་ཙམ་དག་ལ་ཉེས་པ་མེད་དོ།། ཞེས་བྱ་བ་ནི་ཞྭ་ལ་སོགས་པའོ་ཚད་ལྡང་བའི་བལ་རྣམས་ཁ་ཞྭ་ལ་སོགས་པའི་ཚད་དུ་ཁྱེར་བ་ལ་ནི་ལྟུང་བ་མེད་དོ།། ཞེས་བྱ་བའི་དོན་ཏོ།། རྒྱང་གྲགས་ཀྱི་ཚད་བརྗོད་པ
་བྱ་སྟེ། རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། ཆུ་དང་ལྕགས་དང་། རི་བོང་དང་ལུག་དང་། གླང་དང་ཉི་ཟེར་གྱི་རྡུལ་དང་། སོ་མ་དང་ཤིག་དང་། ནས་དང་། སོར་རྣམས་ནི་སྔ་མེ་དྲུག་ལ་ཕྱི་མའོ།། སོར་བཞི་དྲུག་ལ་ཁྲུ་གང་ངོ་།། ཁྲུ་ཕྱེད་དང་བཞི
་ལ་ནི་མིའི་སྲིད་དོ།། ཁྲུ་བཞི་ལ་གཞུ་གང་ངོ་།། དེ་ལྟ་བརྒྱ་ལ་རྒྱང་གྲག་སོ་ཞེས་བྱ་བ་ནི་ནཱས་འབྲུ་དྲུག་གློས་བཞིབས་པ་ལ་སོར་གཅིག་ཏུ་རིག་པར་བྱ་སྟེ། འདིར་གཞུང་ནི་ནས་དྲུག་ལ་སོར་མོའི་ཚིགས
་གཅིག་གོ་ཞེས་གསུངས་པ་ཡིན་ནོ།། སོར་མོ་གང་ཡིན་པའི་ཚིགས་ཀྱི་ཚིགས་ལ། ཞེས་བྱ་བ་ནི་བསྟན་པའི་དོན་དུ་འདིར་ཚིགས་ཀྱི་ཚིགས་རིགས་པར་བྱའོ།། འཇིགས་པ་དང་བཅས་པ་ཉིད་དུ་ནགས་ཁྲོད་དགོན་པ་བསྟེན
་པ་ལ་དགེ་སློང་མས་དགོན་པར་གནས་པར་མི་བྱ་བ་གསུངས་པས་མངོན་པར་བསྟེན་པར་བྱ་བའི་དགོན་པའི་ངོ་བོ་བརྗོད་པར་བྱ་སྟེ། དེའི་ཕྱིར་དགོན་པའི་དང་པོ་ནི་ངའི་མཐའོ་ཞེས་བྱ་བ་སྨོས་ཏེ། རྒྱང་གྲགས་ཀྱི་མཐར
་ཞེས་བྱ་བའི་དོན་ཏོ།། ལུས་ཁུར་མི་བཀུར་རོ་ཞེས་བྱ་བ་ལ་ལུས་ཀྱི་ཁུར་ཞེས་བྱ་བ་ཕྲག་གདང་གི་བུར་ལ་བྱ་སྟེ། ཕྲག་གདེང་གི་ཁུར་བཀུར་བར་མི་བྱའོ།། གློ་དང་རྒྱབ་དང་རྐེད་པ་དང་། མགོ་བོ་དག་གིས་མི་བཀུར་རོ་ཞེས་བྱ་བར
་རོ།། ཁུར་བཀུར་བ་ཐམས་ཅད་ལ་ནི་འདི་རྣམས་ཉིད་བཀག་པའོ།། འདིར་ཐུན་མོང་མ་ཡིན་པ་ཉིད་དུ་དོག་པར་མི་བྱའོ།། ཞེས་བྱ་བ་ནི་ལུས་ཀྱི་མི་བཀུརོ་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་མ་རྣམས་ཀྱིས་ཐུན་མོང་མ་ཡིན་པ་ཉིད
་དུ་དོགས་པར་མི་བྱ་སྟེ། དགེ་སློང་མ་རྣམས་ཀྱིས་ཀྱང་འདི་མི་བྱ་ཞེས་བྱ་བའི་དོན་ཏོ།། ཁུར་བཀུར་བྱེད་མས་ཅད་ལ་ན་འདི་རྣམས་ལས་ལྷག་པ་བཀུར་བར་མི་བྱའོ།། ཞེས་བྱ་བ་ལ། འདིར་གཞུང་ནི་མི་ཁུར་གང་ཡིན། དགེ་སློང
་གཉིས་ཀྱིས་བཀུར་བར་བྱའོ་ཞེས་གསུངས་པ་ཡིནོ།། བལ་ཐོགས་པའི་སྤང་བའོ།། འཁྲུར་འཇུག་པའི་སྤང་བ་ལ་ཆོ་ག་གང་ཡིན་པ་དེ་ཉིད་ལས་བལ་རྨེལ་དུ་འཇུག་པའི་སྤང་བ་ལ་བརྟེན་ནས་བྱེ་བྲག་བརྗོད་པར་བྱ་སྟེ། ཆོས་གོས་རྙིང
་ངའི་གནས་སུ་ལུག་གི་བལ་དག་གི། འཆག་པར་རྨེལ་བའོ་ཞེས་བྱ་བ་ནི་གན་སུ་ཞེས་བྱ་བ་ཉིད་དུ་འཁྲུར་འཇུག་པའི་སྣང་བའི་སྐབསུ་འཁྲུར་འཇུག་པ་འམ་ཆེད་དུ་འཇུག་པ་དག་ནའོ་ཞེས་བྱ་བ་སྨོས་པ་དེ་འདིར་ནི་འཁྲུར་འཇུག་གོ།
་འཚེད་དུ་འཇུག་གམ་རྨེལ་དུ་བཅུག་ནའོ།། ཞེས་བྱ་བརྗོད་པར་བྱའོ།། གང་གི་ཕྱིར་དེ་ཉིད་འདིར་རྫོགས་པ་ནི་ལྟུང་བའི་བྱེད་པ་པོའི་གཞུང་ངོ་།། བལ་རྨེལ་དུ་འཇུག་པའི་སྤང་བའོ།། ། ཅི་ཞིག་བྱས་ནས་གསེར་དངུལ
་ལ་རེག་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་རིན་པོ་ཆེ་བདག་གིར་བྱས་ནའོ།། ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་རྐང་པའི་དྲུང་ན་མོའི་རོ་མྱོང་ངམ་ཐོབ་པའི་གནས་སེམས་ལེ་སྦྲམ་གྱི་རྫས་འདུག་པ་བདག་གིར
་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུརརོ།། ཞེ་སོ་གསུངས་པ་ཡིནོ།། ལྕོགས་པ་ཉིད་ནི་དེ་རྫོགས་སོ།། ཞེས་བྱ་བ་ནི་ལྕོགས་པ་ཉིད་དུ་བདག་གིར་བྱ་བར་ནུས་པ་ཉིད་ལ་ཐོབ་པ་ལག་ཏུ་འོང་བར་རུང་བ་ཉིད་ལ་ལག་ཏུ་གྱུར་པ་མ་ཡིན་པ་ཉིད་ལ་སྟོན་པ
་ན་བདག་གིར་བྱ་བ་དེ་ཡོངསུ་རྫོགས་པ་ཡིནོ།། དེ་བས་ཕ་ཟད་ན་ནི་ཕྱེད་ཉིད་དོ།། ཞེས་བྱ་བ་ནི་ལྡོག་པ་ཉིད་ཀྱི་གནས་སྐབས་པས་གལ་ཏེ་རྫས་དེ་འདི་བླངས་པ་ལ་དངོས་གཞི་སྟེ། གལ་ཏེ་མ་ཡིན་ལྕོག་པ་ཉིད་ཀྱི་གནས་སྐབས་ན་ཐོབ་པ
་དངོས་གཞི་སྟེ། ལེན་པ་པོའི་སྦྱོར་བ་ལ་ནི། ཁ་ན་མ་ཐོབ་པ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་གང་ཞིག་འདི་ཐོབ་པའི་གནས་ལ་ས་ལེ་སྦྲམ་གྱི་རྫས་འཇུག་པ་བདག་གིར་བྱེད་ན་མ་ཐོབ་པའི་སྤང་བ་འདི་ཞེས
་བྱ་བའི་དོན་ཏོ།། ཅི་འདིར་བདག་གིར་བྱེད་པ་ཞེས་བྱ་བ་གཅིག་ཏུ་རྗེས་སུ་བསྒྲུབ་ན་སྤང་བ་འདིར་འགྱུར་རམ་ཞེས་ན། དེའི་ཕྱིར་རང་གི་རུང་བ་མ་བྱས་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། རང་གི་ཞེས་བྱ་བ་ནི་གཞན་གྱི་དྲུག་ལ་ལྟུང་བ་རྣམ་པར
་བཞག་པས་སྤང་བའི་ལྟུང་བ་འདི་ལ་ཞིང་ཉིད་ཀྱི་ཕྱིར་མ་བྱས་པ་དང་འདྲ་བ་ལ་འཛིན་པ་གང་ཞིག་གསུངས་པ་འདི་ནི་འདིར་ལུང་ངོ་།། གང་གི་བྱིན་པ་ལེན་དུ་འཇུག་པ་མེད་ན་འཛིན་པ་སྐྱེ་བར་མི་འགྱུར་རོ།། འདིར་བདག་ཏུ་བྱས་པ་ནི་དེ
་དང་རྗེས་སུ་མཐུན་པ་སྟེ། དེ་དང་རྗེས་སུ་མཐུན་པ་ནི་འཛིན་པ་བརྗོད་ཀྱི་ངེས་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། འདི་ནི་འཐད་པ་མ་ཡིན་ཏེ། བདག་ཏུ་བྱས་པ་དང་དོར་བར་བྱ་བ་ཉིད་ཀྱི་ཕྱིར་རོ།། རུང་བ་རྣམས་ལ་ནི་བདག་ཏུ་བྱ་བ་དང་ངོར་བྱ་བའི
་ཕྱིར་རོ།། གང་གི་ཕྱིར་བར་ཆད་པར་གྱུར་པ་འདི་རྣམས་ལ་བདག་ཏུ་བྱས་པ་སྟེ། གང་ཞིག་དེའི་ལོག་སུ་བྱེད་པར་འགྱུར་པ་ཉིད་དོ།། དེ་བས་ནི་འདིར་བདག་གིར་བྱ་བ་རྗེ་སུ་གནང་བ་ཡོད་པ་མ་ཡིན་ནོ།། གང་ཞིག་འདིར་བླངས་པར་བྱ
་ཞིང་བླངས་པར་ནས་ཀྱོང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟེན་ཏེ་བཅང་བར་བྱ་བར་རྗེ་སུ་ངས་གནང་ངོ་།། ཞེས་གསུངས་པ་དེ་ནི་རུང་བ་དང་པོ་ཡིན་ན། ཇི་ལྟར་འདིར་བདོག་གིར་བྱེད་པ་མི་བསྐྱེད་པའོ།། རུང་བར་བྱེད་པ་སྟེ་བཟུང་བར་བྱའོ
་བྱ་བ་འདིའི་དོན་ནི་འདི་ཡིན་ནོ།། འདུད་པའི་དོན་གྱིས་མངོན་པར་འབྲེལ་བར་གྱུར་པ་ཞེས་བྱ་བ་སྟེ། དེ་བས་ན་འདུད་པ་ཉིད་ཁས་ལེན་པ་ནི་འདིར་ལེན་པར་ཤེས་པར་བྱའོ།། བདག་ཏུ་མ་བྱས་པ་ཉིད་ཀྱིས་འདུད་པར་བྱས་ནས་ཞེས་བྱ་བའི་དོན།
་ཏོ|བདག་པོ་ཉིད་ཀྱི་ལྷག་པོར་མོས་པ་དང་པོར་བཟུང་ནས་ལེན་པ་ལ་བྱེ་བ་ཉིད་ནམ་ཡང་མ་བྱས་པ་དང་འདྲ་བ་ལ་ལེན་པ་ཡོད་པ་མ་ཡིན་ནོ།། འཇུག་པ་གང་ལ་རང་གིར་མ་བྱས་པ་དང་འདྲ་བའི་རིན་པོ་ཆེ་མ་ཡིན་ཞེ་ན། དེའི་ཕྱིར།
་ཕྱིར་རེག་གམ་རེག་ཏུ་བཅུག་ནའོ།། ཞེས་བྱ་བ་སྨོས་སོ།། ཇི་ལྟར་རིག་པས་ཤེ་ན། དེའི་ཕྱིར་གང་ཡང་རུང་བས་སོ་ཞེས་བྱ་བ་སྨོས་ཏེ། ཕྱོགས་གཅིག་པར་རེག་ན་ཡང་ལོང་ཞིག་ཁྱེར་ཅིག་ཞོག་ཅིག་ཅེས་བྱ་བ་ལྟ་བུ་དམིགས་ཀྱི་མ་སྨྲས
་པུར་ཡང་རེ་ཞིག་ཅེས་བྱ་བ་དངོས་སུ་ཚིག་གིས་ཀྱང་མ་སྨྲས་ཤིང་།། ཉེ་བར་གནས་པ་ལ་ཡང་གནས་གནས་གཞན་ན་གནས་པ་དེ་ལ་ཞེས་བྱ་བ་བསྟན་པས་ཉེ་བར་གནས་པ་ཉིད་ལ་འདི་ཞེས་བྱ་བའོ།། སྙད་གདུག་སུ་རུང་བའི་ཟངས་མ
་ནི་ཉེས་བྱས་སོ།། ཞེས་བྱ་བ་ནི་འདི་ལ་དམན་པའི་རིན་པོ་ཆེ་ཉིད་ཡོད་པའི་ཕྱིར་རོ།། གཞན་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་སྙད་གདག་སུ་རུང་བའི་ཟངས་མ་འདི་ལ་ནི་རྫས་ལས་རིན་པོ་ཆེ་ཉིད་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།། ཞ་ཉེ་དང་ཁྲོ་ཆུ
་དང་རོ་ཉོ་དང་ལྕགས་དག་ལ་ཡང་ངོ་ཞེས་བྱ་བ་ནི་འདི་རྣམས་ཀྱང་རིན་པོ་ཆེ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ།། དགེ་ཚུལ་གཉིས་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི། དགེ་ཚུལ་དང་དགེ་ཚུལ་མ་གཉིས་ཀྱི་རིན་པོ་ཆེ་ལ་རེག་གམ་རེག་ཏུ་བཅུག་ན་ལྟུང་བ
་མེད་དོ། རང་གི་རུང་བ་མ་བྱས་པ་ཡང་ངོ་།། ཞེས་སྨྲས་ན་རུང་བ་གང་ལ་བྱས་ན་རུང་བ་རུང་བ་མ་ཡིན་པའི་རུང་བ་དེ་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་སྦྱིན་བདག་བདག་པོ་ཉིད་དུ་སྨོས་སུ་གཞུག་པ་དང་། ཞལ་ཏ
་བྱེད་པ་བདག་པོ་ཉིད་དུ་ཁས་ལེན་དུ་བཞུག་པ་དང་། བྱིན་གྱི་བརླབ་པ་ཞེས་བྱ་བ་ནི་རུང་བ་དག་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདིར་རུང་བ་གསུམ་གྱི་གཞུང་ནི་དགེ་སློང་དག་དེ་ལྟ་བས་ན་རྗེས་སུ་ཤེས་པར་བྱ་སྟེ། ཆོས་གོས
་ཀྱི་རིན་དག་རྙེད་པ་ནི་བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ།། དེ་བཞིན་དུ་སྦྱིན་བདག་ཀྱང་སྤྲོ་བར་བྱའོ།། བྱིན་གྱིས་བརླབ་པ་ཡང་བྲམ་ཟེའི་བུ་མོས་ཞུས་པའི་གོཞུང་ལས་གང་ཞིག
་བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བས་མ་ལགས་པ་འདིས་དངོས་པོ་རུང་བར་བསྒྲུབ་པར་བགྱི་ཞིང་དེ་ནི་བདག་གིར་བགྱིའོ་ཞེས་གསུངས་པ་ཡིན་ནོ།། ལྷན་ཇི་ལྟ་བར་འདི་རྣམས་ལ་གཙོ་བོ་ཉིད་དུ་རིག
་པར་བྱའོ།། གང་གིས་ཕྱིར་སྦྱིན་བདག་གི་ཤིན་ཏུ་གསལ་བ་བདག་པོ་ཉིད་དུ་ལྷག་པར་མོས་པས་ཞལ་ཏ་བྱེད་པའི་བདག་པོ་ཉིད་དུ་ཁས་ལེན་པ་ལ་གཞན་གྱི་བློ་དང་གཞན་གྱི་རྣམ་པར་རིག་བྱེད་དང་བདག་གིར་བྱེད་པ་ཉིད
་ལ་ཤིན་ཏུ་གསལ་བ་ཉིད་དོ།། གང་ཞིག་འདིར་ཞལ་ཏ་བྱེད་པ་ལ་བདག་པོ་ཉིད་དུ་ཁྱོད་ཀྱིས་ཁས་ལེན་ཞིང་འདི་ལྟར་སྤྲོ་བར་བྱེད་པ་འདི་འདིར་བདག་པོ་ཉིད་དུ་ཁས་ལེན་པར་རིག་པར་བྱའོ།། ཡང་ཅིའི་ཕྱིར་བདག་ཏུ་བྱ་བ་མ་ཡིན་པ
་ལ་གྲོ་བར་བྱེད་པ་དང་། བྱིན་གྱིས་བརླབས་པ་ཡོངསུ་སྐྱོང་བ་ཉིད་ཀྱིས་བདག་གི་འདི་གཙུག་ལག་ཁང་ལ་སོགས་པ་དང་འདྲ་བར་བསྲུང་བ་དང་བྱིན་གྱིས་བརླབས་པར་བགྱིའོ།། འདིར་བདག་གི་བློ་ནི་འདི་ཡིན་ཏེ་བདག་ཏུ་བྱ་བས་ནི
་མ་ཡིན་གྱི། བདག་ལ་བདག་ཏུ་བྱ་བའི་དབང་གིས་བསྒྲུབ་པ་ཡང་མ་ཡིན་ཏེ། འདི་སྐད་ཅེས་ཚེ་དང་ལྡན་པ་དགོངསུ་གསོལ་ཞེས་བྱ་བའི་ངོ་བོ་ལས་གང་ཞིག་བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལེགས
་པ་འདི་རྙེད་དེ་ཞེས་བྱ་བའི་ཚིག་འདི་དེ་ཇི་ལྟར་བདག་ཏུ་བྱ་བ་རུང་པ་ཉིད་ཁས་ལེན་པ་ནི་འདིར་བསླབ་པ་སྟེ། བདག་ཏུ་བྱ་བ་འོངས་པའི་དོན་དང་སྦྱར་བ་ནི་མ་ཡིན་ནོ།། ཆོས་དང་ལྡན་པའི་དོན་མི་འདོགས་པའི་རྐྱེན་ལས་གཞན
་པ་ལས་མི་འཆགསོ་ཞེས་བྱ་བ་ལ། ཆོས་ལས་མི་འདའ་བའི་ཆོས་དང་ལྡན་པ་སྟེ། རང་གི་དོ་ན་དུ་ཆོས་གོས་དང་སྨན་ལ་སོགས་པ་ཡོ་བྱད་དག་གོ། དེ་ནི་ཆོས་དང་ལྡན་པ་ཡང་ཡིན་ལ་དོན་ཡང་ཡིན་པས་ཆོས་དང་ལྡན
་པའི་དོན་ཏེ།། ཆོས་གོས་དང་སྨན་ལ་སོགས་པའི་དོན་ཏེ། དེའི་ལྟུང་བ་རྐྱེན་ཞེས་བྱ་བ་ནི་རྫས་གང་ཡིན་པ་སྟེ་རྫས་ཇི་ཙམ་གྱི་ཆོས་དང་ལྡན་པའི་དོན་ཏེ། བསྒྲུབ་པར་འགྱུར་བའོ།། དེ་མི་བདོག་པར་གྱུར་པ་ལ་རུང་བ་འདི་རྣམས
་གྲགས་པའོ།། ཆོས་དང་ལྡན་པའི་དོན་མི་བདོག་པ་དེའི་རྐྱེན་ལས་གཞན་དུ་གྲགས་པ་མ་ཡིན་ནོ།། གལ་ཏེ་བདོག་པ་ཉིད་རེ་ཞིག་རྐྱེན་རྗེ་སུ་གྱུར་ན་ཆོས་དང་ལྡན་པའི་དོན་མེད་པར་ཡང་ལྷག་པར་གོནས་ན་རུང་བ་འདི་རྣམས
་ཀྱང་སྐྱེ་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ།། དེར་བྱས་པ་ཉིད་ལ་ཡང་རུང་བ་འདི་རྣམས་ཆོས་འདི་མ་ཡིན་པ་ལ་ལྟུང་བ་ཉིད་ཀྱི་ཕྱིར་དེ་བྱེད་པ་དང་། དེ་ལ་རེག་པ་དང་རེག་པར་བྱེད་པ་དག་ལ་སྤང་བའི་ལྟུང་བྱེད
་བསྐྱེད་པ་ཁོ་ན་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་ལུང་ནི་ཆོས་གོས་སེམས་པར་བྱེད་ཅིང་ཐོབ་པར་གྱུར་པ་རྣམས་སྦྱིན་པ་པོའི་ལག་ཏུ་ཡིད་བརྟན་པས་བཅང་བར་བྱ་ཞེས་བྱ་བ་ཆོས་གོས་ལ་སེམས་པར་བྱེད་པའི་ཚིག་ཅེས་གསུང
་པ་ཡིན་ནོ།། ཆོས་གོས་ཀྱིས་དོན་དུ་སེམས་པར་བྱེད་པའི་ཚིག་ནི་དཔེར་ཤེས་པར་བྱའོ།། དེ་ལྟར་ཡང་ལམ་དུ་མཛའ་བོའི་དོན་དུ་ཡང་བཟུང་བར་བྱ་ཞེས་བྱ་བ་སྨོས་ཏེ། ཆུ་དང་མེའི་དོན་དུ་ཆུ་ཤེལ་དངོ་མེ་ཤེལ་དག་བཅང་བར
་བྱ་བར་གསུངསསོ།། སྦྱོར་བ་དང་ཡང་མི་མཐུན་པ་ཉིད་ཀྱི་ཕྱིར་རབ་ཏུ་བྱུང་བ་རྣམས་ཀྱི་ལུས་འཚོ་བར་བྱ་བའི་དོན་དུ་བསོད་སྙོམས་ཙམ་ལ་ཡང་འདི་རྣམས་ཀྱིས་ལྷག་པར་འཆང་བ་རྣམས་ལ་མི་འཇུག་པས་རྣམས་པར་རྟོག
་བོ་ཙམ་མ་མོ་ཆོག་སྦྱོར་བ་ཙམ་འདིར་སྲིང་བ་ལ་གཙོ་བོ་ཡིན་པས་སངས་རྒྱས་དྲུང་ཆེས་དང་དགེ་འདུན་རྣམས་ལ་བྱེབ་བྱེད་པར་འགྱུརརོ།། རྣམ་པར་ཉམས་པར་གྱུར་པ་ཚངས་པར་སྤྱོད་པ་དང་བཅས་པ་རྣམས་ལྷ
་བྱང་བྱང་དུ་བཅུ་གསུམ་རྣམས་ལས་ཅིག་ཤོས་མ་ཚང་བས་རྗེས་སུ་བཟུང་བར་བགྱིའོ།། ཕོངས་པ་རབ་ཏུ་ཇིབྱུང་བ་དང་པོ་སྦྱིན་པར་རྫོགས་པའི་རྟོགས་པ་དང་ལྡན་པ་རྣམས་ལ་ལྷུང་བཟེད་དང་ཆོས་གོས་བསྒྲུབ་པར་བགྱི་ཞེས
་བྱ་བའི་དོན་གང་ཡིན་པ་དེ་ལ་ནི་ཆོས་དང་མི་ལྡན་པ་ཉིད་མ་ཡིན་ནོ།། བདག་པོ་རིང་བ་ཉིད་ཡིན་ན། ཡང་ཉམས་པ་མེདོ་ཞེས་བྱ་བ་ནི་བདག་པོ་སྦྱིན་བདག་གམ་ཞལ་ཏ་བྱེད་པ་རིང་བ་ཉིད་ཡིན་ཏེ། ཡུལ་ཐག་རིང་པོ་ཉིད་དུ་སོང
་ཤིང་ཡུལ་གྱི་བསྐལ་པ་ཉིད་ཡིན་ཡང་རུང་བ་དག་ལ་ཉམས་པ་མེད་དོ།། བདག་ཉིད་ཀྱི་དོན་དུ་བཟའ་བ་བྱེད་དུ་གཞུག་ཏུ་རུང་ངོ་།། དྲི་བྱེད་པ་ལ་དབུལ་བའི་ཕྱིར་ཀཱཪྵ་པ་ཎ་བླང་བ་ལ་ཡང་ངོ་ཞེས་བྱ་བ་ནི་ཕྲན་ཚེགས་རྣམས་ལས
་འདི་ལ་སོགས་པའི་ལམ་དུ་བཟའ་བ་དང་རིན་པོ་ཆེ་ལ་སོགས་པ་རྣམས་འདི་སྤང་བའི་ཇི་སྲིད་དུ་སའི་རང་བཞིན་ཞེས་བྱ་བ་འདི་མཐར་དེ་བྱེད་པ་ཞེས་བྱ་བ་ནི་བཟའ་བ་བྱེད་པ་ལ་དབུལ་བའི་ཕྱིར་ཀཪྵཱ་པ་ཎ་བླང་བ་ཡིན་ཞེས
་བྱ་བའི་དོན་ཏོ།། འདིའི་ཆོས་དང་མི་ལྡན་པའི་དོན་མ་ཡིན་ཞེས་བྱ་བར་ཤེས་པར་བྱའོ།། ཞེས་བྱ་བ་འདི་ལ་འདི་བསྟན་པ་སྟེ། རུང་བ་མེད་པས་ལེན་པ་རྗེས་སུ་གནང་བ་མ་ཡིན་ཞེས་བྱ་བའོ།། འདི་ནི་རུང་བ་གཞན་བརྗོད་པ
་སྟེ། དེ་བཞིན་དུ་ཎྱེ་སུ་གནང་བ་གཞན་རྣམས་ལ་ཡང་རིག་པར་བྱའོ།། ལམ་རྒྱགོས་ནི་རིན་པོ་ཆེ་མན་ཆད་ལས་སོ་ཞེས་བྱ་བ་ནི་རིན་པོ་ཆེ་མན་ཆད་ནས་ལམ་དུ་བཟའ་བ་ལེན་པ་རུང་བ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར
་གཞུང་ནི་དགེ་སློང་དག་གིས་ལམ་རྒྱགས་ཇི་ལྟ་བུ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟའ་བ་ལྔ་དང་བཅའ་བར་སྨོས་པ་ལྔ་དང་། རིན་པོ་ཆེ་ལྔ་དང་། རིན་པོ་ཆེ་སྨྱོས་པ་ལྔའོ།། དེ་ལ་བཟའ་བ་ལྔ
་གང་ཞེ་ན། འབྲུས་ཆན་དང་། ཟན་རྣོན་དང་ཤ་དྲང་ཉཝ་ཤ་དང་སྤུས་ཁུར་ནོ།། བཅའ་བར་སྤྱོས་པ་ལྔ་གང་དྭེ་ནཱ། ངི་ཙི་དང་ཟེ་རྒོད་དང་རྒྱུ་སྲན་དྲུང་ཟླ་རྒྱད་དང་འགྲོའོ།། རིན་པོ་ཆེ་ལྔ་གང་ཞེ་ན། གསེར་དང་། དངས
་དང་། བཻ་ཌཱུཪྵ་དང་། ཤེལ་དང་། མུ་ཏིག་གོ།། རིན་པོ་ཆེ་ལྔར་སྨོས་པ་གང་ཞེ་ན། ཤཾ་ཞ་ཉེ་དང་རོ་ཉ་དང་ཟངས་དང་ཁྲོ་ཆུ་དང་། ལྕ་གསོ་ཞེས་གསུངས་པ་ཡིན་ནོ།། མེའི་དོན་ཏོ་དགེ་སློང་གིས་མེ་ཤེལ་ཉེ་བར་བཞག་པར་བྱའོ་ཞེས་བྱ་བ
་ལ་འདི་ནི་ཆོས་དང་མི་ལྡན་པའི་དོན་མ་ཡིན་ཏེ་ཞེས་བྱ་བའི་བསྟན་པའོ།། དེ་མ་སྦས་པར་བཞག་པར་མི་བྱའོ་ཞེས་བྱ་བ་ནི་གཏོར་མའི་སྐྱོན་གསལ་བའི་དོན་དུ་སྦ་བའོ།། མ་སྦྱིན་པར་ལེན་པ་ལ་བསྟན་པར་མི་བྱའོ།། དེའི་འབྲས་བུ
་ཕྱུང་ནས་དེ་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་མེ་ཤེལ་དེའི་འབྲས་བུ་མེ་ཞེས་བྱ་བ་ཕྱུང་ནས་རྐུན་པོ་དེ་ལ་མེ་སྦྱིན་པར་བྱའོ།། ཆུའི་དོན་དུ་ཆུ་ཤལ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་ཉེ་བར་བཞག་པར་བྱའོ་ཞེས་བྱ་བའི་རྗེས
་སྙེག་པའི་ཕྱིར་རོ།། བསྲུང་བའི་ཆོ་ག་ནི་འདྲའོ་ཞེས་བྱ་བ་ནི་མེ་ཤེལ་འདི་མ་སྦས་པར་བཞག་པར་མི་བྱ་ཞེས་བྱ་བ་ལ་སོགས་པའོ།། ཡོ་བྱད་རྗེ་སུ་གནང་བར་རིན་པོ་ཆེ་བདག་གིར་བྱ་བའི་ཤན་སྲེ་བར་མི་བྱ་བ་ཉིད་དོ་ཞེས
་བྱ་བ་ནི་གང་ཞིག་རྒྱ་ལ་སོགས་པའི་འཆོག་ཆས་ནི་ཡོ་བྱད་དེ་དེ་ནི་རྗེ་སུ་གནང་བ་ཡིན་ནོ།། དེའི་རྗེས་སུ་གནང་བའི་ཁོངསུ་རིན་པོ་ཆེ་བདག་གིར་བྱ་བའི་ཤན་སྲེ་བར་གཞུག་པར་མི་བྱ་བ་ཉིད་དོ།། དེ་བས་ན་རིན་པོ་ཆེའི་རང་བཞིན
་ལ་ཡང་འདིར་རྗེ་སུ་གནང་བ་ཉིད་དོ།། གནོད་པར་བྱེད་པའི་སྤང་བའི་ཆོ་ག་ལ་ཞེས་བྱ་བ་འདོད་པ་ལ། དོན་ནི་འདི་ཡིན་ཏེ། རྒྱ་ལ་སོགས་པ་རྗེ་སུ་གནང་བ་གང་ཡིན་པ་དེ་ལ་རིན་པོ་ཆེའིརི་རང་བཞིན་གྱི་རྒྱ་ལ་སོགས་པ་ལ་བདག་ཏུ་བྱེད་པ
་གང་ཡིན་པ་དེའི་མཐའ་བྱས་པ་ཉིད་ནི་མ་ཡིན་ཏོ།། རྗེ་སུ་མ་གནང་བ་ཉིད་དོ།། དེ་ལ་རིན་པོ་ཆེའི་རང་བཞིན་བདག་ཏུ་བྱ་བ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཡང་ཕྲན་ཚེགས་རྣམས་ལ་འདིར་རྒྱ་ལ་སོགས་པ་ལ་རིན་པོ་ཆེའི་རང་བཞིན་བཀག
་བའི་གཞུང་ངོ་།། གླེང་གཞི་རྣམས་ལས་ཀྱང་གསུངས་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དུང་བའི་སྨན་གཅེའུ་བཅང་བར་བྱའོ་ཞེས་གསུངས་པ་དང་། ཞུ་བ་ཇི་ལྟ་བུ་བཅང་བར་བགྱི། བཀའ་སྩལ་པ། ཉེ་བར་འཁོར་རིན་པོ་ཆེ་ལས་བྱས་པ
་མ་གཏོགས། སྣར་བླུགས་པའི་དཔྱད་དང་འཕུལ་བའི་བཏུང་ཕོར་དང་ཁབ་རལ་དང་མཱིག་སྨན་གྱི་གབ་ཙེ་དང་། སྨན་ཕོར་དང་རྐང་རྟེན་ཁྲེའུ་དང་སྨན་གྱི་ནལ་བྷྲཱུཾ་བཅང་བར་བྱའོ།། ལྕགས་ཀྱི་གར་བུ་ལ་ལུ་གུ་རྒྱུད་གདགས་པར་བྱའོ་ཞེས
་གསུངས་པ་ཐམས་ཅད་ལ་ཡང་ཇི་ལྟ་བུ་ཞིག་བཅང་བར་བགྱི། ཉེ་བར་འཁོར་རིན་པོ་ཆེའི་རང་བཞིན་ལས་བྱས་མ་གཏོག་སོ་ཞེས་བཀའ་སྩལ་པོ་དེ་ལྟ་བུའི་ཚིག་ཡོད་དོ།། ར་གན་དང་ཟངས་དང་འཁར་བ་དང་ཤིང་གི་ལྷུང་བཟེད་བདག་གིར
་མི་བྱའོ་ཞེས་བྱ་བ་ནི་ལྷུང་བཟེད་ཅེས་བྱ་བའི་སྒྲར་གན་ལ་སོགས་པ་སོ་སོར་དང་སྦྱར་རོ།། དེ་དག་བདག་གིར་བྱས་པའམ་གཞན་ཡང་རུང་སྟེ། གལ་ཏེ་ཡོངསུ་སྤྱད་དགོས་པར་གྱུར་ན་སྨན་ཕོར་གྱིས་ཡོངསུ་སྤྱད་པས་སོ་ཞེས་བྱ་བ་ལ། དེ་དག
་ཅེས་བྱ་བ་ནི་ར་གན་ལ་སོགས་པའི་ལྷུང་བཟེད་ལའོ།། འབྲུ་མར་གྱི་སྣོད་ཀྱི་རྣམ་པར་ཉིད་ཀྱིས་ཤིན་ཏུ་འདི་མཐུན་པ་ཉིད་མ་ཡིན་ཏེ་ཞེས་བྱ་བ་འདི་འཆང་བ་དང་། མངོན་པར་རྗེ་སུ་ཡི་རང་བའོ།། གཞན་ཡང་རུང་སྟེ་ཞེས
་བྱ་བ་ནི་བདག་གིར་མ་བྱས་པ་ར་གན་ལ་སོགས་པའི་ལྷུང་བཟེད་འདི་ལ་ཡོངས་སུ་སྤྱད་དགོས་པ་སྨན་དང་སྨན་པོར་གྱི་རིགས་པ་ཉིད་ཀྱིས་དེ་ཞེས་བྱ་བའི་དོན་ཏོ།། སྨན་ཞེས་བྱ་བ་ནི་ལྷུང་བཟེད་ཡོངསུ་སྤྱང་དགོས་པ་བསལ་བའི་གཙོ་འདི
་སྨན་དང་སྨན་ཕོར་གྱིས་ཡོངསུ་སྤྱད་དགོས་པའི་ཚིག་གོ། གསུངས་པའི་སྨན་དང་འབྲེལ་པ་ཉིད་ཀྱིས་འབྲས་བུ་ངེས་པར་སྦྱོར་བ་ལ་ནི་མ་ཡིན་ཞེས་ཏེ།། གཞན་དུ་ན་ཡང་མ་ཡིན་ཞེས་བྱ་བར་རིག་པར་བྱའོ།། འདིར་གཞུང་ནི་ཉེ་བར་མ་བཞག་པ་དེ
་རྣམས་ན་ཉེ་བར་བཞག་པར་མི་བྱའོ་ཞེས་གསུངས་པའོ།། བཞག་པར་བྱས་པ་ནི་སྨན་པོར་ཡོངསུ་ལོངས་སྤྱད་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། བྱིན་གྱིས་བརླབ་ཏུ་རུང་བ་ནི་གཉིས་ཏེ་ལྕགས་ལས་བྱས་པ་དང་ས་ལས་བྱས་པའོ་ཞེས་བྱ་བ
་ནི་ལྷུང་བཟོད་ཅེས་བྱ་བར་སྦྱར་རོ།། ལྷུང་བཟེད་འབའ་ཞིག་པ་འདིར་བསྟན་པའི་རིན་པོ་ཆེའི་ངོ་བོ་བརྗོད་པར་བྱ་སྟེ། ནོར་བུ་དང་མུ་ཏིཀ་དང་བེ་ཌཱུརྱ་དང་མན་ཤེལ་དཀར་པོ་དང་བྱུ་རུ་དང་དངུལ་དང་གསེར་དང་རྡོའི་སྙིང་པོ་དང་སྤུག་དང་དམར་པོ་དང་གཡས་སུ
་འཁྱིལ་པ་ལ་སོགས་པ་ནི་རིན་པོ་ཆེའོ་ཞེས་བྱ་བ་ལ་སོགས་པ་ལ་ནོར་བུ་ཞེས་བྱ་བས་ནི་ཤེལ་དག་འཕང་སོ།། སོགས་པ་ཞེས་སྤོས་པོ་ནི་སངས་རྒྱས་ཀྱི་སྐུ་གདུང་ལ་སོགས་པ་དག་བསྡུ་བའོ།། མུ་ཤེལ་དང་མི་ཤལ་དག་ལ་ཡང་འདྲི
་ནོར་བུའི་ཚིག་གིས་བཟུང་བ་ཉིད་དོ།། ནོར་བུར་གྱུར་པའི་ཁབ་ལེན་གང་ཡིན་པ་དེ་ལ་ཡང་འདིས་འཕངས་པ་ཉིད་དོ།། རྡོ་བར་གྱུར་པ་ལ་ནི་མ་ཡིན་ཏེ། དེར་རིན་པོ་ཆེ་ཉིད་མེད་པའི་ཕྱིར་རོ།། འདིར་ནོར་བུ་ལ་སོགས་པ་བརྗོད་པར་རིན་པོ་ཆེ
་ལ་དུ་བོ་ཉིད་དུ་རིག་པར་བྱ་སྟེ། གཞན་དུ་རིན་པོ་ཆེའི་སྙིང་པོ་ལ་སོགས་པའི་དངོས་པོ་ཉིད་ལ་འདྲ་བ་ཉིད་ཀྱི་ཕྱིར་རོ།། དངུལ་ཞེས་བྱ་བ་ནི་དངུལ་སྐྱའོ།། གསེར་ཞེས་བྱ་བ་ནི་ས་ལོ་སྦྲམ་མོ།། མདོ་ལས་འདི་གཉིས་སྨོས་པ་གང་ཡིན་པ་དེ
་ནི་དཔེ་ཡིན་ཏེ། ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱ་དང་དུང་དང་མན་ཤེལ་དཀར་པོ་དང་བྱི་རུ་དང་དངུལ་དང་ས་ལེ་སྦྲམ་དང་རྡོའི་སྙིང་པོ་དང་སྤུག་དང་དམོར་པོ་དང་གཡས་སུ་འཁྱིལ་པ་ལ་སོགས་པ་ལ་རེག་པར་བྱེད་ན་སྤང་བའི་ལྟུ་བ་བྱེད
་ཞེས་བྱ་བ་ཚིག་ཏུ་བརྗོད་པའི་ཕྱིར་རྣམ་པར་འབྱེད་པ་ལས་འདིར་དབྱིག་གམ་གསེར་རམ་ས་ལེ་སྦྲམ་དུ་གྱུར་པ་འདི་གཉིས་ཀ་ཡང་སྙིང་གདག་སུ་རུང་བ་ཞེས་བྱ་བའི་དོན་ཏོ།། འདིའི་དོན་འདི་རྫས་གཅིག་པུ་ཉིད་དེ་རིན་པོ་ཆེ་ཉིད་དུ
་སྙད་གདགས་སུ་རུང་བ་དང་བཅས་པ་རྫས་ཉིད་དང་བཅས་ཆ་གཅིག་པུ་ཉིད་ལ་འདིས་བསྟན་པ་ཉིད་དོ།། དེ་ལྟར་ཡང་ཟངས་མའི་སྙད་གདག་སུ་རུང་བ་ལ་ནི་ཉེས་བྱས་སུ་རྣམ་པར་བཞག་པའོ།། དེ་བས་ན་འདི་ནི་དཔེ་ཡིན་ཏེ་རིན་པོ་ཆེའི
་རང་བཞིན་མ་ཡིན་པ་གཞན་ལ་ཡང་སྟང་གདགས་སུ་རུང་བ་ལ་ནི་ཉེས་བྱས་ཞེས་རྟོགས་པར་བྱའོ།། གང་ཞིག་དེ་མངོན་པར་རྟེན་པ་སྙང་གདག་སུ་རུང་བའི་མངོན་པར་མཚན་ཅན་ལ་འདིར་ངོ་བོ་སྟེ། སྐྱེས་པ་ལ་སོགས་པ་མ་ཡིན།
་འདི་ལྟ་བུའི་མཚན་ཉིད་ཅན་ཁྱད་པར་མེད་པའི་ཕྱིར་གཉིས་པོ་འདི་དག་ལ་སྙད་གདག་སུ་རུང་བ་ཉོ་འཚོང་གི་བྱ་བ་ཉིད་ནི་འདིར་མངོན་མཚན་ལ་གཙོ་བོ་སྟེ། དེ་ལྟར་ན་ཡང་སྙད་གདག་སུ་རུང་བའི་ཟངས
་ལ་རེག་ན་ཞེས་བྱ་བ་ལ། སྐད་གདག་སུ་རུང་བའི་ཚིག་སྟེ་མངོན་མཚན་ཅན་ལ་ནི་མ་ཡིན་ནོ།། དེ་བས་ན་མངོན་མཚན་མ་ཡིན་པ་ལ་ཡང་པ་ཎ་ཉིད་ཀྱིས་སྙད་གདག་སུ་རུང་བའི་རིན་པོ་ཆེར་གྱུར་པ་མ་ཡིན་པ་ལ་གཙོ་བོ་ཉིད
་དུ་འདིར་ཉེས་བྱས་སུ་བྱ་བ་ཉིད་རྟོགས་པར་བྱའོ།། དཔེར་ན་འགྲོན་བུ་རྣམས་ལ་སྟེ། འདིར་རྣམས་ལ་ནི་སྤང་བར་བྱ་པ་ཉིད་མ་ཡིན་པར་ཤེས་པར་བྱ་སྟེ། རིན་པོ་ཆེ་ཉིད་ལས་རྫས་ལས་མེད་པའི་ཕྱིར་རོ།། རིན་པོ་ཆེའི་རང
་བཞིན་སྙད་གདགསུ་མི་རུང་བའི་མངོན་མཚན་ཅན་གྱི་རིན་པོ་ཆེ་ལ་སྙེད་གདག་སུ་མི་རུང་བ་ཉིད་ལ་ཉེས་བྱས་སུ་རིག་པར་བྱའོ།། ཐ་སྙད་རྫོགས་པ་ལ་ཡང་པ་ཎ་ཉིད་དུ་མངོན་མཚན་ཅན་ཉིད་ཀྱིས་གཙོ་བོ་སྟེ། འདིར་རིན་པོ་ཆེའི་སྙིང
་བློ་ལ་ནི་མ་ཡིན་ནོ།། གཞན་ཡང་ཡིད་ཆེས་པ་ལ་བདེ་བར་གནས་པ་ཉིད་སྤོབས་པ་ཡང་དག་པར་གནས་པའི་སྲེད་པ་དང་རྒྱགས་པ་དང་ང་རྒྱལ་རྣམས་ལ་དངོས་པོ་ཉིད་མ་ཡིན་སྟེ། བདག་ཏུ་བྱ་བ་ལ་རེག་པར་བྱེད་པ་དག་ལ
་སྤོང་བ་རྣམ་པར་བཞག་པ་ལ་རྒྱུ་ཡིན་ནོ།། ཐ་སྙད་ལྷན་ཅིག་སྤྱོད་པ་དང་ཉོ་ཚོང་ལྷན་ཅིག་སྤྱོད་པ་འདི་བྱེད་པ་ཞེས་བྱ་བའི་ལན་རྣམ་པར་བཞག་པའོ།། འདིར་ཐ་དད་པ་ལ་བཟུང་བ་སྟེ། འདི་འདིར་མཐོར་ཐུག་པ་ཞེས་བྱ་བ་ནི་འདི
་ནི་མདོར་བསྡུས་པའི་དོན་ཏོ།། རིན་པོ་ཆེ་ལ་ཡང་ཁས་ལེན་པ་ཉིད་ཐམས་ཅད་དུ་བྱ་བ་བསྒྲུབ་པ་ལ་གྲུབ་བྱེད་དུ་གྱུར་པ་གཞི་བྱེད་པ་འདི་བྱེད་པ་པོ་དྲུང་པ་ལ་སོགས་པ་ཐམས་ཅད་ལ་འདི་རྣམ་པར་བཞག་པས་སོ།། སྣང་གདགསུ
་མི་རུང་བ་ལ་ནི་ན་སྨད་པ་ཉིད་དོ།། ཞེས་བྱ་བ་ནི་སྙད་གདག་སུ་མི་རུང་བ་ནི་ཉོ་ཚོང་བྱར་མི་རུང་བ་སྟེ། དེ་ལ་རེག་པ་ལ་ཉེས་བྱས་ཞེས་བྱ་བའི་དོན་ཏོ།། འོག་མ་དག་ལ་ཡང་ངོ་ཞེས་བྱ་བ་འདི་ཐ་སྙད་རྫོགས་པའི་བསླབ་པའི་གཞི་ལ
་ཡང་ན་སྨད་པ་ཉིད་འདི་སྙེད་གདག་སུ་མི་རུང་བ་ལ་ཞེས་བྱ་བའི་དོན་ཏོ།། སྙད་གདག་སུ་མི་རུང་བ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་པར་རིག་པར་བྱ་ཞེ་ན། དེའི་ཕྱིར་དེ་ནི་གས་པ་དང་ཆག་པ་དུང་དུམ་བུ་དང་ཚིག་པ་དང་སྔོན་མ་སྤྱད
་པ་དང་མ་བྱས་པ་མཚན་དང་མི་ལྡན་པ་དང་བཅོས་པའོ་ཞེས་བྱ་བ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་སྙད་གདུགསུ་མི་རུང་བའོ།། གས་པ་ཉིད་དང་ཆག་པ་ཉིད་དང་ཞེས་བྱ་བ་ནི་སེར་གུ་བྱུང་བ་སྟེ། འབྱར་ཀྱང་རུང་མ་འབྱར་ཀྱང་རུང་བྱ
་དང་བུ་ག་བྱུང་བའོ།། ཚིག་པ་ཞེས་བྱ་བ་ནི་རིན་པོ་ཆེ་དེ་མེ་དང་ཕྲད་ནུས་རིན་པོ་ཆེ་མ་ཡིན་པ་ཉིད་དུ་གྱུར་ཏེ། ཉོ་ཚོང་བྱར་མི་རུང་བར་གྱུར་པ་ཡིན་པར་ཤེས་པར་བྱའོ།། པ་ཎ་མངོན་མཚན་ལྷག་མ་ཡོད་པ་ཉིད་དུ་ཉམས་པར་ཡིན་གྱི
་ཐམས་ཅད་ཀྱི་ཐམས་ཅད་དུ་ཐལ་པོར་གྱུར་པ་ནི་མ་ཡིན་ཏེ། དེ་ལེན་པ་ལ་ཉེས་པ་མེད་པའི་ཕྱིར་རོ།། སྔོན་མ་སྤྱསྤྱོད་པ་ཞེས་བྱ་བ་ནི་ཐ་སྙད་འཇུག་པ་ཤེས་པར་གྱུར་པ་མ་ཡིན་པར་མངོན་མཚན་ཅན་ནོ།། བི་ཎ་ཉིད་ལ་འདི་སྦྱང
་བར་བྱའོ་རིན་པོ་ཆེ་ཉིད་ལ་ནི་མ་ཡིན་ནོ།། ཡང་ནི་ཚིག་པ་ཞེས་བྱ་བ་ནི་བདར་བ་སྟེ། དང་པོར་དྲི་མ་ཅན་བསྲེགས་པས་ཀྱང་ངོ་།། མཚོན་དང་ལྡན་པ་ཞེས་བྱ་བ་ནི་མཚན་ཉིད་དང་བྲལ་བའོ།། མ་བྱས་པ་ཞེས་བྱ
་བ་ནི་གང་ལ་མཚན་ཉིད་ཁོ་ན་མ་བྱས་པའོ།། བཅོས་པ་ཞེས་བྱ་བ་ནི་གང་ཞིག་ས་དང་རྩཝ་དང་རྡོ་ལ་སོགས་པ་རྣམས་ལ་ནོར་བུ་དང་དོང་ཙེ་དང་མངོན་མཚན་ཅན་དང་རྒྱནི་དང་འགྲོན་བུ་ལ་སོགས་པའི་རྣམ་པར་དབྱིབསུ་ཉེ་བར་བཀོད་པའོ།།
་ཁ་མ་སྒྱུར་བ་ནི་དེ་ལྟ་བུའི་མཚོན་གྱིས་མ་བཅོས་པའོ།། འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། དགེ་སློང་གིས་གསེར་གྱི་སེམས་ལ་རེག་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་གིས་སོག་མའི་ཕྲེང་བ་ལ་རེག་ན་ཉེས་བྱས་ཞེས་བྱ
་སོགས་པ་སསུ་པ་ཡིན་ན།། གར་ད་པ་ས་ལ་རྣ་པ་འདོ་པ་ལ་བྱུ། གས་འདང་པ་ཉིང་ཀྱིས་འདུན་པ་ག་པའི
་བསྐྱེད་ཕྱིན་ན་རྙེད་པ་ཡིན་གྱི་ཐོབ་པ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ།། བདག་ཉིད་ཀྱི་དོན་ཉིད་དུ་གཙོ་བོ་དེ་ལ་ཞེས་བྱ་བ་འདི་ལས་རང་གི་དོན་ཉིད་ལ་དངོས་གཞི་སྟེ། སྦྱོར་བ་ལ་ནི་ཉེས་བྱས་སོ།། གཞན་གྱི་དོན་ཉིད་ལ་ནི་ཉེས་བྱས
་དངོ་འདིའི་སྦྱོར་བ་ལ་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བ་རྟོགས་པར་བྱའོ།། ལྟུང་བ་འབྱུང་ངོ་ཞེས་བྱ་བ་ནི་དངོས་གཞི་འབའ་ཞིག་ནི་མ་ཡིན་ཏེ་སྦྱོར་བར་གྱུར་པ་ཡང་ངོ་།། ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་ཡིན་ན།། དངོས
་གཞིའོ་ཞེས་བྱ་བ་ནི་ཕ་རོལ་པོ་གང་དང་ལྷན་ཅིག་ཏུ་འདིར་ཐ་སྙད་དུ་བྱེད་པ་དེ་གལ་ཏེ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་ཡིན་ན་དེ་ནས་འདིར་དངོས་གཞིའི་ལྟུང་བར་འགྱུར་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བ་ལས་ཉེ་དུ
་རྣམས་དང་ལྷན་ཅིག་སྤྱོད་ན་ཉེས་བྱས་སོ་ཞེས་བྱ་བ་ནི་ཉེས་བྱས་སུ་གསུངས་པ་གང་ཡིན་པའོ།། དེ་བས་ན་འདིར་ཉེ་དུའི་ཚིག་འདི་ཡིན་ནོ།། གཞན་ཉེ་དུ་མ་ཡིན་པ་ཉིད་ཅེས་བྱ་བ་འདིར་འགལ་ཟླའི་ཁྱད་པར་ཡོད་པ་ལ་འདིར་དངོས
་གཞི་གང་དུ་ཞེ་ན། དེའི་ཕྱིར་བསྐྱེད་ཕྱིན་ནའོ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་བསྐྱེད་ཕྱིན་པ་དེའི་ཚེ་དངོས་གཞིའི་ལྟུང་བར་འགྱུརརོ།། སྐྱེད་མེད་ན་ནི་སྦྱོར་བ་ཙམ་དུ་ཟད་དོ་ཞེས་བྱ་བ་ནོར་འཕེལ་བར་འགྱུར་བའི་ནོར་ལ་འདིར་སྤང་བ་ནི
་སྦྱིན་པ་པོ་ཉིད་ལ་ཡང་དག་པར་གནས་པ་དགོད་པར་བྱའོ།། རྩ་བ་དང་བཅས་པོ་ལ་ལྟུང་བར་རིག་པར་བྱའོ།། བསྐྱེད་ཕྱིན་པའི་ནོར་བསྒྲུབ་པ་ལ་སྦྱིན་པ་པོ་ཉིད་ལ་ཞེན་པས་རྣམ་པར་བཞག་ཅིང་དེ་ལས་བསྐྱེད་དུ་གྱུར་པ་མངོན་པར
་ཞོན་པ་སྦྱིན་པ་པོ་ལ་བྱས་པ་ཉིད་དོ།། འོག་མ་ལ་ཡང་ངོ་ཞེས་བྱ་བ་ནི་ཉོ་ཚོང་གིས་ཀྱི་དེ་རྙེད་པར་འདོད་པ་ཉིད་ལ་ལྟུང་བ་སྟེ། ཉེ་དུར་མ་དེ་གྱུར་པ་ཉིད་དང་ཁྱིམ་པའི་བདག་ཉིད་ཅན་ཉིད་ལ་བསྐྱེད་ཕྱིན་པ་ཉིད་དུ་སྒྲུབ་ན་གཞན་ལ་དངོས
་གཞིའོ།། འདིར་ཅིའི་ཕྱིར་བསྐྱེད་བསྒྲུབ་པ་ལ་དངོས་གཞི་ཡིན་ཞེ་ན། དེའི་ཕྱིར་པ་ཎ་འམ་རིན་པོ་ཆེས་སྤྱོད་པ་ལ་སོ་ཞེས་བྱ་བ་སྨོས་ཏེ། འདིརེ་རེག་གམ་རེག་ཏུ་འཇུག་པར་བྱེད་པ་དག་ལས་སོ་སོར་བསྒྲུབ་པ་སྔོན་དུ་འགྲོ་བས་སྤང་བའི
་ལྟུང་བྱེད་དུ་རིག་པར་བྱའོ།། ཉོ་བ་ལ་ཡང་རྙེད་པ་གྲུབ་ན་དངོས་གཞི་སྟེ། ཉོ་བ་མ་ཡིན་པ་ལ་ཡིན་པ་ལ་ཡང་རྙེད་པ་མ་གྲུབ་པ་ལ་ཉེས་བྱས་སོ།། ཉོ་བ་མ་ཡིན་པ་སྔོན་དུ་འགྲོ་བའི་རྙེད་པ་ལ་ཡང་དངོས་གཞི
་བྱས་པ་ཉིད་ཅེས་བྱ་བ་འདི་རྣམ་པར་བཞག་པ་འདི་རིག་པར་བྱའོ།། སྦྱོར་བ་ལས་ནི་གཅིག་པོ་ཉིད་དོ་ཞེས་བྱ་བ་ནི་བསྐྱེད་གྲུབ་པས་མདུན་རོལ་དུ་ཇི་སྲིད་དུ་འདིར་ཐམས་ཅད་ལ་བསྒྲུབ་པ་དེ་ལ་གཅིག་པ་ཉིད་དེ་ཐ་དད་པ་ནི
་འགའ་ཡང་མ་ཡིན་ནོ།། མཐར་ནས་ཕྱོགས་ཡོངསུ་བཙལ་པོ་ལ་ཡང་འདི་ལྟ་བུར་གྱུར་པ་གཞན་ཐམས་ཅད་ལ་དེར་སྦྱོར་བའི་ལྟུང་བ་གཅིག་ཉིད་ཅེས་བྱ་བའི་དོན་ཏོ།། དེ་ལྟར་ཡང་འདིར་གཞུང་ནི་ཇི་སྲིད་དུ་རྙེད་པ་བསྒྲུབ
་པར་མི་བྱེད་ཀྱི་བར་དུ་ནི་ཉེས་བྱསོ།། རྙེད་པ་གྲུབ་ན་ནི་སྤྱང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། ཀུན་དགའ་ར་བ་འམ་དགེ་བསྙེན་དག་ཡོད་ན་བསྐོ་བས་དཀོནྡ་མཆོག་གི་དོན་དུ་བསྐྱེད་པར་བྱའོ་ཞེས།
་བྱ་བ་ནི་གལ་ཏེ་ཀུན་དགའ་རའམ་དགེ་བསྙེན་དག་ཡོད་པར་གྱུར་ན་དེ་གཉིས་འདིར་བསྐོ་བས་དཀོན་མཆོག་གི་དོན་དུ་སྦྱོར་བ་བྱེད་པ་ལ་ངེས་པར་སྦྱར་བར་བྱའི་རང་ཉིད་ཀྱིས་ནི་འཇུག་པར་བྱ་བ་མ་ཡིན་ནོ།། འདིར་གཞུ
་ནི་མ་མོ་ལས་འདི་ལྟ་སྟེ་ཡངས་པ་ཅན་གྱི་ཚོང་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ཡང་བྱེད་དུ་བཅུག་གི་ཙང་ཁང་བྱར་བུ་ཡང་བྱེད་དུ་བཅུག་ནས། དགེ་སློང་རྣམས་ལ་མཆོད་རྟེན་དང་གཙང་ཁང་བྱུང
་གང་ཞིག་རལ་དུ་མི་འགྱུར་བའི་ཡོ་བྱད་རྗེ་སུ་གཏོད་པ་ན་དགེ་སློང་གདག་འགྱོད་ཅིང་ལེན་པར་མི་བྱེད་ནས་སྐབས་དགེ་སློང་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ར་བ་འམ
་དགེ་བསྙེན་དག་གིས་མཆོད་རྟེན་ཞིག་རལ་དུ་མི་འགྱུར་པའི་ཡོ་བྱད་བླང་བར་བྱ་ཞིང་བླངས་ནས་ཀྱང་བསྐྱེད་པར་བྱ་སྟེ། དེ་ལ་རྙེད་པ་ཇི་ཙམ་བྱུང་བ་དེས་མཆོད་རྟེན་ལ་མཆོད་པ་བྱ་བར་ངས་རྗེ་སུ་གནང་ངོ་།། ཞེས་གསུང་སོ།། གཏའ་ག
་ཉི་རེར་བླང་བར་བྱའོ་ཞེས་བྱ་བ་ནི་ཆུད་མི་གཟན་པར་བྱ་བའི་ཕྱིར་འདི་སྤང་བ་མི་བསྐྱེད་པའི་ཡན་ལག་ཅེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། ཇི་ལྟར་འདི་བླངས་ནས་སྦྱར་བར་བྱ་ཞེ་ན། དེའི་ཕྱིར་དབང་པོ་དང་ལོ་དང་ཟླ་བ་དང་ཉི་མ
་དང་དགེ་འདུན་གྱི་གནས་བརྟན་དང་དགེ་སྐོས་དང་ལེན་པ་པོ་དང་རྫས་དང་བསྐྱེད་རྣམས་དབང་རྒྱར་བྲིས་ན་སོ་སོ།། རྒྱུས་ཤེས་པས་དེ་གཞན་ལ་ཁོངསུ་ཆུད་བར་བྱའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་གང་ལ་འཇུག་པ་འདི་དེས་འདི་ཙམ་ཞིག
་འདི་ལས་སྤྱད་པ་དང་དེས་འདི་ཙམ་དུས་དེ་ལ་སྦྱིན་པར་བྱ་བ་ཞེས་བྱ་བའི་རྒྱུས་ཤེས་པར་གྱུར་པ་དེས་གཞན་གྱི་སྟེང་དུ་འདིའི་ལོ་རྒྱུས་ཤེས་པའི་དགེ་སློང་གང་ཞིག་དེས་ལ་རིམ་པ་ཐོབ་ན་ཁོངསུ་ཆུད་པར་བྱ་བ་ནི་བརྗོད་པར་བྱ་ཞེས་པའི
་དོན་ཏོ།། འདིར་གཞུང་ནི་དགེ་སློང་གཉུག་མར་གནས་པ་རྣམས་ཀྱིས་དགེ་སློང་གློ་བུར་དུ་ལྷག་པ་རྣམས་ལ་གང་ཟག་ཆེ་གེ་མོ་ཞིག་ལས་ཟླ་བ་རེ་རེ་ཞིང་འདི་ཙམ་ཞིག་མནོང་ངོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། མངོན་མཚན་ཅན་གྱི
་སྤྱོད་པའི་སྤང་བའོ།། ། སྔར་བསྟན་མ་ཐག་པའི་བསླབ་པའི་གཞིར་བསྐྱེད་ཕྱིན་ན་དངོས་གཞིར་ཞེས་སྨྲས་ན་སྤྱོད་པ་གང་གིས་ཡིན་པ་མ་བསྟན་པས་དེའི་ཕྱིར་གཞན་གྱིས་ཞེས་བྱ་བ་སྨོས་ཏེ། སྤྱོད
་པ་ཞེས་བྱ་བར་སྦྱརོ།། པ་ཎ་དང་རིན་པོ་ཆེ་དག་གིས་སྔར་བསྟན་པ་དེ་བས་ན་དེ་དག་ལས་གཞན་ལ་གཞལ་བར་བྱ་པ་ལ་སོགས་པས་སྤྱོད་པ་ལས་བསྐྱེད་ཕྱིན་ན་ལྟུང་བ་འདིར་འགྱུརརོ་ཞེས་བྱ་བའི་དོན་ཏོ།། རྙེད་པ་གང་ལ་མངོན་གོསུ
་མམ་བརྒྱུད་པས་སྐྱེས་པ་ཉིད་པ་ཎ་དགོས་པ་ལས་སྐྱེས་པ་ཉིད་དེར་སྔ་མའི་ལྟུང་བའོ།། གང་དུ་ཇི་ལྟར་པ་ཎ་མི་དགོས་པ་ཉིད་དེ་ལ་འདི་ཞེས་བྱ་བ་འདི་ཞེས་བྱ་བ་འདིར་རྣམ་པར་བཞག་པར་རིག་པར་བྱའོ།། གང་དུ་པ་ཎ་གཞན་དང་ལྡན
་པ་ལ་དགོངས་པ་དོར་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། སྔོར་གྱི་ལྟུང་བ་ཞེས་བྱ་བ་པ་ཎས་ཉེས་པ་ཐམས་ཅད་དེ་ལ་པ་ཎ་དགོས་པས་ཡང་དག་པར་རེག་པ་འདིར་སྐྱེ་བར་འགྱུར་རོ།། དགེ་འདུན་གྱིས་བཤོས་ཀྱི་ཕྱིར་དགེ་འདུན་གྱི་འབྲས་རིན་གྱིས
་ཉོ་བ་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་འདོད་པ་མེད་པར་ཉེས་བྱས་ཀྱི་སྤྱོད་པ་ལན་ཅིག་སྤྱོད་པ་ལ་དགའ་སྟོན་མ་ཡིན་པ་ལ་ཐོབ་པའོ།། དེ་བས་ན་མི་འཇུག་པར་གྱུར་པ་རྣམས་ཀྱི་སླད་དུ་ཚིག་འདིའོ།། ཆོས་དང་མི་ལྡན་པའི་དོན
་ལ་ཐམས་ཅད་ཀྱིས་རང་གི་དོན་ནམ་གཞན་གྱི་དོན་དུ་འདོད་པ་མེད་པར་སྤྱོད་པ་ལྷན་ཅིག་སྤྱོད་པ་མི་བྱེད་པའོ།། ཆོས་དང་ལྡན་པ་རྗེས་སུ་གནང་བ་ཉིད་འདི་ལས་གཞན་ལ་ཞེས་བྱ་བ་འདིར་གནས་པར་བྱའོ།། ཁྱིམ་པ་ཉོར
་གཞུག་གོ།། མེད་ན་ལནཱ་གསུམ་གྱི་བར་དུ་ཚིག་བརྗོད་པར་བྱའོ་ཞེས་བརྗོད་ལ་ཆོ་ག་འདིས་ཉོ་བའམ། ཚོང་པ་འདི་འདིར་བྱ་ཞེས་བྱ་བ་རྟོགས་པར་བྱའོ།། གལ་ཏེ་དེ་ཉིད་ཀྱི་ན་འཐེབ་དང་བཅས་པར་རོ་ཞེས་བྱ་བ་ནི་གང་ཞིག་དགེ
་འདུན་དབང་བའི་སོ་བའི་འབྲས་ཀྱི་སོ་བའི་གང་ཡིན་པ་ལས། གལ་ཏེ་དེ་ཉིད་ཀྱི་དགེ་འདུན་གྱི་བཤོས་ཀྱི་ཕྱིར་ཉོ་བར་བྱེད་ན་དེ་ནས་དེ་ལ་འཐེབ་དང་བཅས་པར་བསྐྱེད་དེ་སྦྱིན་པར་བྱ་བའི་རིན་ཐུང་མ་སྙམ་སྟེ་སྦྱིན་པར་མི
་བྱའོ་ཞེས་བྱ་བའི་དོན་དོ།། ཟད་ན་དགེ་འདུན་གྱིས་ཉོ་བར་བྱའོ་ཞེས་བྱ་བ་ནི་འབྲས་སོ་བ་ཟད་ན་སྐབས་ཉིད་ཀྱི་ཕྱིར་ཉེ་བར་བྱའོ།། སར་པ་ཡང་ངོ་ཞེས་བྱ་བ་ནི་དགེ་འདུན་གྱིས་ཉེ་བར་བྱའོ།། གལ་ཏེ་སྲོག་ཆགས་མེདོ་ན་རྙིང་པ
་བཙོང་བར་བྱའོ།། རིན་ཐང་མི་གདབ་པོ་ཞེས་བྱ་བ་ནི་འདིའི་རཱིན་ཐང་འདྲིའོ་ཞེས་ཉོ་བར་མི་འདོད་པ་འམ་ཉོ་བར་འདོད་པ་རང་ཉིད་ཀྱིས་མི་བྱ་བའི་དོན་ཏོ།། པཱ་ཎཱ་ལ་སོགས་པ་དང་འབྲེལ་བའི་སྤྱོད་པ་འདི་ལ་སོགས་པ་སྔར་དང
་འབྲེལ་པར་རིག་པར་བྱའོ།། གཞན་ནི་འདི་དང་འབྲེལ་པའོ།། ཁྱིམ་པའི་ཉོ་ཚོང་དག་ཏུ་ལག་གཞུག་པར་མི་བྱའོ་ཞེས་བྱ་བ་ནི་པ་ཎ་ལ་སོགས་པ་སྤྱོད་པས་ཁྱིམ་པ་མ་ཡིན་པ་རྣམས་ཀྱི་ཉོ་བར་ལ་སྔོགས་པ་རྣམས་ལ་ཡང
་ལག་གཞུག་པར་མི་བྱོ་ཞེས་བྱ་བའི་དོན་ཏོ།། འོ་ན་རིན་ཐང་ཡོད་པ་ལ་དགེ་སློང་གིས་ཆོས་ཆོས་ལ་སོགས་པ་དག་ཇི་ལྟར་ཉོ་བར་བྱ་ཞེས་ན། དེ་འི་ཕྱིར་ཁྱིམ་པ་ཉོར་གཞུག་གོ་ཞེས་བྱ་བ་སྨོས་སོ།། ཁྱིམ་པ་མེད་ན་དེའི་ཚེ་སུས
་ཉོ་བར་བྱ་ཞེ་ན། དེའི་ཕྱིར་མེད་ན་ལན་གསུམ་གྱི་བར་དུ་ཚིག་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཁྱིམ་པ་མེད་ན་དེའི་རིན་ཐང་ངེས་པར་སྤྱོད་པར་བྱ་ཞིང་དེ་ནས་ལན་གསུམ་གྱི་བར་དུ་དྲི་བའི་ཚིག་བརྗོད
་པར་བྱ་སྟེ། རིན་འདི་ཙམ་གྱིས་བྱིན་ཅིག་ཅེས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། ཟོང་ལ་རྩེག་པ་ནི་གཞན་གྱི་དོན་དུ་ཡང་མི་བྱ་སྟེ། དཀོན་མཆོག་གསུམ་ནི་མ་གཏོགས་ཞེས་བྱ་བ་ལ། ཟོང་ཞེས
་བྱ་བ་ནི་ཀ་ཀ་ནི་དང་པ་ར་ཏ་ཀ་ལ་སོགས་པའོ།། རྩེག་པ་ཞེས་བྱ་བ་ནི་ཉོ་བའི་ཚེ་ན་ཅུང་ཟད་ཅུང་ཟད་བསྐྱེད་པ་དང་། འཚོང་བར་བྱེད་པའི་དུས་ན་ཅུང་ཟད་འབྲིད་པ་སྟེ། དེ་ནི་གཞན་གྱི་དོན་དུ་ཡང་མི་བྱ་ན་རང་གི་དོན་དུ་ལྟ་སྨོས
་ཀྱང་ཅི་དགོས། འདི་ནི་འགའ་ཞིག་ཏུ་དཀོན་མཆོག་གསུམ་སྤངས་ནས་བསྐྱེད་པར་བྱ་ཞེས་བྱའོ།། དཀོན་མཆོག་གསུམ་གྱི་དོན་དུ་ནི། དེ་བྱེད་པ་ལ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བའི་དོན་ཏོ།། གཏའ་གཞུག་པར་མི་བྱའོ།
་ཞེས་བྱ་བ་ནི། གཏའ་མ་ཉིད་ནི་གཏའ་མ་སྟེ། གལ་ཏེ་དེ་ཁོ་ན་ཉིད་མ་ཡིནོ་ན། བདོག་གིས་འདི་སྦྱིན་པར་བྱ་སྟེ། འདི་གཏའ་ཞེས་བྱ་བ་རྫས་སྦྱིན་པ་ནི་འདིའི་བྱེད་པའོ།། འདིར་གཞུང་ནི་དྲུག་སྡེ་རྣམས་ཡལ་ཟུག་འཁྲི
་ཞིང་ལྷུང་བཟེད་ལ་སོགས་གཏར་འཇུད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གི་ཡལ་ཟུག་འཁྲོ་ཞིང་གཏའ་གཞུག་པར་མི་བྱའོ།། གལ་ཏེ་དགེ་སློང་ཡལ་ཟུག་འཁྲ་ཞིང་གཏིའ་འཇུག་ན་འགལ་ཚབས་ཅན་དུ
་འགྱུར་རོ།། ཞེས་གསུངས་པ་ཡིན་ནོ།། དགེ་འདུན་གྱི་རྫས་དེ་སྤོགས་པ་ལ་དགེ་འདུན་གྱི་ལས་བྱེད་པ་ལ་གཏད་དོ་ཞེས་བྱ་བ་ལ། རྫས་དེ་ཞེས་བྱ་བ་ནི་དགེ་འདུན་གྱི་རྫས་སོ།། སྤོགས་པ་ལ་ཞེས་བྱ་བ་ནི་ཉོ་བ་ལ་སོགས་པའི་སྤྱོད
་པས་དགེ་འདུན་ལ་རྙེད་པ་བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ལ་དབྱིག་གཏད་པར་བྱའོ།། ཅི་རང་གི་དེ་གཏད་པར་བྱ་འམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་དགེ་འདུན་གྱི་ལས་བྱེད་པ་ལ་གཏད་དོ།། ཞེས་བྱ་བ་སྨོས་ཏེ། དམ
་བཞག་ལ་སོགས་པ་ལ་དེ་གཏག་པ་རྗེ་སུ་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ།། འདི་བརྗོད་པར་བྱ་སྟེ། རྒན་རབས་རྒན་རབས་ལ་མ་ཞུས་པར་དགེ་འདུན་གྱི་དོན་དུ་བརྩོན་པར་མི་བྱའོ།། དེའི་ཚིག་ཡི་གེར་བྲི་བའི་དམ་བཞག་ལ
་ནན་ཏན་བྱའོ།། ཞེས་བྱ་བ་ནི་དུས་ག་གེ་མོ་ཞིག་གིས་ཚེ་འདི་ཙམ་ཞིག་གཏད་དྲོ་ཞེས་བྱ་བ་ལ་སོགས་པ། གང་དུ་ཡི་གེར་བྲི་བའི་དམ་བཞག་གཏད་པ་འདི་ལ་བརྗོད་པར་བྱའོ།། དེ་བཞིན་དུ་རྫས་དེར་རིན་ཐང་འདི་ཙམ་གྱིས་ཉོས
་ནས་འདི་ཙམ་ཞིག་ཏུ་བཙོངས་ཏེ། ཞེས་བྱ་བ་ལ་སོགས་པ་གཏང་ནས་དུས་ཕྱིས་རྗེ་སུཾ་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ།། ཉོ་ཚོང་བྱེད་པའི་སྤང་བའོ།། །། བྱིན་གྱིས་མ་བརླབས་པའི་ཆོས་གོས་འཆང་བའི་ཆོ་ག
་གང་ཡིན་པ་ཡོད་ནའོ་ཞེས་བྱ་བ་དང་། ཞག་བཅུར་རྗེས་སུ་ཞུགས་པ་ཉིད་ངོ་ཞེས་བྱ་བ་དང་། གཞན་གྱི་ཉི་མའི་དང་པོ་ལའོ་ཞེས་བྱ་བ་ལ་སོགས་པ་དེ་ཉིད་ལྷུང་བཟེད་ལ་ཡོད་ནའོ་ཞེས་བྱ་བ་དང་། རང་ཉིད་ཅེས་བྱ་བ་ལ
་སོགས་པའི་གཞུང་ནི་རང་ཉིད་ལ་བལྟོས་ནས་གོས་ཡོད་པའོ་ཞེས་བྱ་བ་སྨོས་པའི་གནས་སུ་འདིར་ལྷུང་བཟེད་ཀྱིའོ་ཞེས་བྱ་བ་གཞུག་པར་བྱ་སྟེ། དེའི་ཕྱིར་ལྷུང་བཟེད་ཀྱིའོ།། ཞེས་བྱ་བ་སྨོས་ཏེ།
་བྱིན་གྱིས་མ་བརླབས་པའི་འོ་ཞེས་བྱ་བར་སྦྱརོ།། ཡུལ་དང་ཡུལ་ཅན་གྱི་འབྲེལ་པ་ལ་དྲུག་པ་སྟེ། ལྷུང་བཟེད་དང་འབྲེལ་པའི་ཕྱིར་འདིར་ལྷུང་བཟོད་ལ་རང་ཉིད་ཅེས་བྱ་བ་བརྗོད་དོ།། དེའི་ཕྱིར་གོས་ལ་ཞེས་བྱ་བ་འདི་དང
་འདིའི་ཐ་དད་པའི་དོན་ཤེས་པར་མི་བྱའོ།། འཁོར་གསུམ་ཁེབས་པའི་མཐར་ཐུག་པའི་ཚད་ཅེས་བྱ་བ་འདི་ལ་འདི་བྱེང་མི་སྲིད་པའི་ཕྱིར་བཟློག་པའོ།། དེ་ལྟར་ན་འདིར་མདོ་འདི་འབྱུང་བ་སྟེ་ཡོད་ནའོ།། ཞེས་བྱ་བ་དང་། རང
་གི་ཉིད་དོ་ཞེས་བྱ་བ་དང་། ཞག་བཅུར་རྗེས་སུ་ཞུགས་པ་དེ་ཉིད་དོ།། ཞེས་བྱ་དང་། གཞན་གྱི་ཉི་མའི་དང་པོ་ལ་ལྷུང་བཟེད་བྱིན་གྱིས་མ་བརླབས་པ་དང་། བྱིན་གྱིས་བརླབས་པ་ཡོད་ནའོ།། ཞེས་བྱ་བ་འདིར་བྱིན་གྱིས་མ་བརླབ
་པ་དེའི་ཤན་ཚུན་ཆད་ནས་གཞན་དུ་ཞེས་བྱ་བའི་ཚིག་གིས་འདི་རྣམས་ན་སྔར་གོས་འཆང་བའི་སྤང་བའི་སྐབ་སུ་བཤཱད་ཟིན་ཏོ།། རབ་ཏུ་བྱུང་བ་ལ་བལྟོས་པའི་དོན་ཉིད་དུ་ངེས་པར་བྱས་པ་ནི་སྤངས་པ་ཉིད་ངོ་ཡིན་ནོ།། ཞེས
་བྱ་བ་ནི། གང་ཞིག་རབ་ཏུ་བྱུང་བ་ལ་བལྟོས་པའི་དོན་ཉིད་དུ་ལྷུང་བཟེད་བསྔོས་ཤིང་ངེས་པར་བྱས་པ་གང་ཡིན་པ་དེ་ནི་སྤང་བའི་ཉིད་ཡིན་པས་དེའི་ཕྱིར་འཆང་ཡང་སྤང་བར་མི་འགྱུརརོ་ཞེས་བྱ་བའི་དོན་ཏོ།། སྐྱེ་བ་དང་དཀར
་བ་དང་། ཆེ་བ་རྣམས་ནི་རུང་བ་ཉིད་མ་ཡིན་ནོ།། ཞེས་བྱ་བ་ནི་རུང་བ་ཉིད་མ་ཡིན་པའི་ཕྱིར་འདི་རྣམས་ལ་བྱིན་གྱིས་བརླབས་པར་བྱ་བ་མ་ཡིན་པས་དེ་བས་ན་ན་སྨད་པ་ལ་ལྟུང་བ་བསྟན་པའོ།། མ་ཚོས་པ་ཡང་ཆུང་ངུ་ཉིད
་ཡིན་ནོ།། ཞེས་བྱ་བ་ལ། རུང་བ་ཉིད་མ་ཡིན་ནོ།། ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ཞེས་བྱ་བའི་སྒྲ་སྨོས་སོ།། མ་ཚོས་པ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་དོན་དུ་ཤིན་ཏུ་ཡང་མི་རུང་བ་ཉིད་དོ།། དེའི་ཕྱིར་ན་ནག་པོར་གྱུར་ཀྱང
་འདི་ནི་མི་རུང་བ་ཉིད་དོ།། འདིར་སྐྱ་བོའི་གཞུང་ནི་ཞུ་བ་ལས། ལྷུང་བཟེད་མ་ཚོས་པ་འཆང་ན་ཉོས་བྱའོ།། ལྷུང་བཟེད་དཀར་པོ་འཆང་ན་ཉེས་བྱས་སོ།། ཞེས་གསུངས་པ་ཡིན་ནོ།། འདིར་སྐྱ་བོ་དང་། ཆེན་པོ་དག་ལ་ལྟུང་བ་མེད་དོ།། །
་ལྷུང་བཟེད་ཆུང་ངུ་ཡོད་དམ། ལྷུང་བཟེད་ཆེན་པོ་ཡོད་དམ། ལྷུང་བཟེད་སྐྱ་བོ་ཡོད་པར་གྱུར་ན། ཞེས་གསུངས་པ་ཡིནོ།། སྨན་ཕོར་དུ་ཡོངསུ་སྤྱོད་པོའི་བསམ་པས་འཆང་ན། དེ་ལ་ལྟུང་བ་མེད་པོར་གསུངས་པ་ཡིན་གྱི། ལྷུང་བཟེད་ཀྱི་དོན
་དུ་ནི་རྣམས་ལ་འཆང་བར་བྱ་བ་ཉིད་མ་ཡིན་ནོ།། འདི་ལ་མི་འོས་པ་བྱིན་གྱིས་བརླབས་པ་ལ་ཁ་ཟས་ལ་ཡོངསུ་ལོངས་སྤྱད་པའི་དོན་ཉིད་དུ་འཆང་བ་ལ་ཉེས་བྱས་ཏེ། གཞན་ལ་ནི་ལྟུང་བ་མདོ།། ཞེས་བྱ་བའི་རྣམ་པར་བཞག
་པར་རིག་པར་བྱའོ།། ལྷུང་བཟེད་ཆུང་ངུ་གཅིག་ལ་ནི་ཉེས་པ་མེདོ། ཞེས་བྱ་བ་ནི་ལྷུང་བཟེད་ཆུང་ངུ་གཅིག་ལྷག་པར་འཆང་བ་ལ་ནི། ཉེས་པ་མདོ།། གང་ཞིག་ལྷུང་བཟེད་ཆུང་ངུས་ལྗོངས་རྒྱུར་འགྲོ་བར་བྱའོ།། ཞེས་གསུངས་པའི
་ཕྱིར། དེ་ནི་འདིའི་ཆེན་པོ་ཉིད་འཆང་བ་ལ་བསྟན་པའོ།། ལྷུང་བཟང་འཆང་བའི་སྤང་བའོ།། །། ཧ་ཅད་ཆགས་པར་མི་བྱའོ།། ཞེས་བྱ་བ་ནི་འདིར་གཞུང་ནི་གནས་མལ་གྱི
་གཞིར་རོ།། ཡོ་བྱད་ཅེས་བྱ་བ། མདོ་དང་པོ་གཉིས་ཏེ་གོས་ཀྱི་གཞིར་རོ།། ཡོ་བྱད་ལཱ་ཧ་ཅང་ལྷག་པར་ཆགས་པར་མི་བྱའོ།། ཞེས་བྱ་བ་ནི་མི་བྱའོ།། ཞེས་བྱ་བར་སྦྱར་རོ།། རང་གི་ཞེས་བྱ་བར་སྦྱར་བར་གྱུར་པ་ཉིད་ཀྱིས་ཤེས
་པར་བྱའོ།། ཡོ་བྱད་ནི་ཆོས་གོས་ལ་སོགས་པའོ།། གང་ལ་ཞེན་པ་དེ་བཅང་བར་མི་བྱའོ།། ཞེས་བྱ་བ་ལ། ཞེན་པ་ཞེས་བྱ་བ་ནི། ལྷག་པར་ཆགས་པའོ།། གང་དུ་ཞེས་བྱ་བ་ལྷུང་བཟེད་ལ་སོགས་པ་ལས་བྱུང་བ་དེ
་བཅང་བར་མི་བྱོ་ཞེས་བྱ་བའི་དོན་ཏོ།། ལྷུང་བཟེད་ཀྱང་མེད་ན་བསླང་བར་བྱའོ།། ཞེས་བྱ་བ་ནི། ལྷུང་བཟེད་ཡོད་པས་སློང་བའི་ཉེས་པ་གང་ཡིན་པ་དེ་མི་འབྱུང་ཞེས་བྱ་བ་བྱས་ཏེ་ཆོས་གོས་བླང་བར་རྗེ་སུ་གནང་བ་གང་ལྕི
་པ་དེ་ལ་ལྟོས་པ་ནི། འདིར་ཡང་གི་སྒྲའོ།། མེད་པ་གང་ཞིག་ལྷུང་བཟེད་ཡོངསུ་ཚོལ་བའི་སོ་སོ་ཡང་དག་པར་ལྡན་པ་ཁ་ན་མ་ཐོ་བར་འགྱུར་ཞེ་ན། དེའི་ཕྱིར་དེ་ཡོད་པ་ཉིད་ནའོ།། ཞེས་བྱ་བ་སྨོས་ཏེ། ལྷུང་བཟེད་དེ་ཞེས་བྱ
་དོན་ཏོ།། གཞན་ལ་ནི་ལྟུང་བ་མེད་ཅེས་བྱ་བ། ལྟུང་བའི་ཡུལ་ཉིད་ཀྱི་ཕྱིར་འདིའི་ཆོ་ག་བསྒྲུབ་པའོ།། ཇི་ལྟ་བུ་ཞིག་ཡོད་པ་ཉིད་ན་ཞེ་ན། དེའི་ཕྱིར་ལྷན་པ་བཞི་མན་ཆད་ནས་དེ་དག་རུང་ཞིང་། ཡོངསུ་སྤྱོད་བཟོད་པའོ་ཞེས་བྱ་བ
་སྨོས་ཏེ། ལྡན་པ་བཞི་མན་ཆད་ནས་ནུས་པ་ཉིད་ཀྱིས་ལྡན་པ་འདི་ཙམ་རྣམས་ཀྱིས་དེ་ནས་བརྩམས་ཏེ། འདི་ལྟ་བུ་ཇི་སྲིད་ལྷུང་བཟེད་ཡོངསུ་ལོངས་སྤྱད་པར་ནུས་པ་དེའི་ཞེས་བྱ་བའི་དོན་ཏོ།། ཅུང་ཟད་སྐྱོན་མེད་པ་ཡང་ངས
་ཏུ་ལྕི་བ་ཉིད་ཀྱི་ཕྱིར་དང་། འཇམ་པའི་ས་གཞི་རང་བཞིན་ཉིད་ཀྱི་ཕྱིར་ཡོངསུ་ལོངས་སྤྱད་པར་ནུས་པ་དེའི་ཞེས་བྱ་བའི་དོན་ཏོ།། བཟོད་པར་འགྱུར་བ་དེ་བཟློག་པའི་དོན་དུ་ཡོངསུ་སྤྱད་པར་བཟོད་པའོ་ཞེས་བྱ་བའི་བྱེ་བྲག་གོ།། དེ་ཡོད
་པ་ཉིད་ན་ཇི་ཞིག་ལྷག་པར་སྤྱད་ན་ཁ་ན་མ་ཐོ་བ་ཅི་འདྲ་བ་གྱུར་ནཱ~ཾ་ན། དེའི་ཕྱིར་ཁྱིམ་པོ་ཉེ་དུ་མ་ཡིན་པ་ལས་བསླངས་པས་ཡོངསུ་བཙལ་ནའོ་ཞེས་བྱ་བ་སྨོས་ཏེ། ཁྱིམ་པ་ཉེ་དུ་མཽ་ཡིན་པ་ལས་བསླངས་ཏེ་ཡོངསུ་བཙལ་ན་ཞེས་བྱ
་བྱ་བའི་དོན་ཏོ།། དེ་གཉིས་ནི་འགྲོ་མ་གཉིས་ལ་ཡང་ངོ་ཞེས་བྱ་བ་ནི་འདིའི་འོག་མ་བསླབ་པའི་གཞི་གཉིས་པོ་གང་དག་ཡིན་པ་དེ་དག་ལ་ཡང་ཉེ་དུ་མ་ཡིན་པ་དང་། ཁྱིམ་པ་ཉིད་ཅེས་བྱ་བ་འདི་གཉིས་རིག་པར་བྱའོ།། ཞེས་བྱ་བའི
་དོན་ཏོ།། ཐག་པ་ཡང་སྦྱིན་པ་དང་གཞན་དག་ལའོ་ཞེས་བྱ་བ་ནི་ཐ་ག་པ་དང་སྦྱིན་པ་དང་གཞན་དང་དེ་རྣམས་ནི་ཐ་ག་པ་དང་སྦྱིན་པ་དང་གཞན་དང་དེ་རྣམསོ།། དེ་དག་ཉེ་དུ་མ་ཡིན་པ་དང་ཁྱིམ་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།།
་གཞན་གྱི་བརྗོད་པའི་དོན་ལ་གཞན་ཞེས་བྱ་བའི་སྒྲས་དེ་བཟུང་བར་རིག་པར་བྱའོ།། ཉེ་དུ་མ་ཡིན་པ་ལྟར་ཉེ་དུ་ལས་ནི་བསྐྱེད་དང་ལྷུང་བཟེད་གཉིས་མ་གཏོགས་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ལ། ཉེས་པ་མེད་དོ་ཞེས་བྱ་བ་ནི་སྐྱོན
་མེད་པའོ།། ཉེ་དུ་མ་ཡིན་པ་ལྟར་ཞེས་བྱ་བ་ནི་འདི་ནི་རྒྱུ་མཚན་གྱི་བདུན་པ་སྟེ། ཉེ་དུ་མ་ཡིན་པའི་རྒྱུ་མཚན་ཅན་གྱི་ཉེས་པ་བསོད་པ་སློང་བ་ལ་སོགས་པ་གང་ཡིན་པ་ཉེས་པ་དེ་ལ་ཉེ་དུའི་རྒྱུ་མཚན་ཉིད
་ཀྱི་ཡང་དག་པར་བརྟེན་པ་ལ་མེད་པའོ།། འཕེལ་བ་དོར་ནས་འཕེལ་བ་བརྟེན་པ་ཉིད་ལ་ནི་འདི་ལྟ་སྟེ་མངོན་མཚན་གྱི་སྤྱོད་པ་དང་ཉེ་ཚེང་གི་སྤྱོད་པ་དག་གིས་རྙེད་པ་གྲུབ་པ་དང་ལྷུང་བཟེད་ལ་ཡང་འདི་དག་ལ་ན་སྨྱུང་པ་ཉིད་ཅེས་བྱ
་བའི་དོན་ཏོ།། གང་ཞིག་ཉེ་དུས་བོས་པ་ལ་ལྟུང་བ་མེད་པའི་ཚིག་གོ།། འདིར་གཞུང་ནི་འདི་ཡིན་ཏེ་གཅེར་བུ་པ་ལ་སྦྱིན་ན་ཉེ་དུ་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་གང་ཡིན་པ་དང་། ཞུ་བ་ལས་ཀྱང་ཉེ་དུ་ལས་ཟས་བསོད་པ་བསླངས
་ཏེ་རང་ཟ་བ་དང་གཅེར་བུ་པ་ལ་སྦྱིན་ཞིང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་བྲལ་བར་འདོད་པས་སྦྱིན་པར་བྱེད་ན་ལྟུང་བ་མེད་དོ།། ཉི་དུ་ཡིན་ན་ཡང་དེ་བཞིན་ནོ་ཞེས་གསུངས་པ་དེ་ཡིན་ནོ།། ཞར་ལས་བྱུང་བ་བསྟན་ནས་གང་ཞིག་གང
་གསུངས་པ། ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་བསླངས་པས་ཡོངསུ་བཙལ་ནའོ་ཞེས་གང་སྨྲས་པའི་ལྟུང་བ་དེའི་སྐབསུ་གཏོགས་པ་བསྟན་པའི་ཕྱིར་འདིར་འདི་བརྗོད་པར་བྱ་སྟེ། ཉེས་བྱས་སོ་ཞེས་བྱ་བ་ནི་འཆོལ་བ་ཙམ་ལས་ཉེས
་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ལས་གྲུབ་ན་དངོས་གཞིའོ་ཞེས་བྱ་བ་ལ་དེ་ལས་ཞེས་བྱ་བ་ནི་ཁྱིམ་པ་ལས་བསླངས་པ་བཙལ་ན་ཐོབ་པ་ལ་དངོས་གཞིའི་ཁ་ན་མོ་ཐོ་བར་འགྱུརརོ་ཞེས་བྱ་བའི་དོན་ཏོ།། མེད་པ་ཉིད་ལ་ཡོད་པའི
་བློ་ཅན་ལ་ནི་ན་སྨད་པ་མེད་དོ་ཞེས་བྱ་བ་ནི་བདག་ལ་ལྷུང་བཟེད་གཞན་ཡོད་དོ་སྙམ་པའི་བློ་གང་ཡིན་པ་འདི་ཡོད་ཅིང་དེའི་ཚེ་གལ་ཏེ་ཚོལ་བར་བྱེད་ན་རྙེད་པར་འགྱུར་བའི་ལྷུང་བཟེད་དག་གིས་ནང་ནས་གཞན་དག་ལ་མེད་པ་སྟེ། དབྱེ
་བ་ལ་སོགས་པས་འགྱུར་ན་དེ་ལ་ལྟུང་བ་ལ་ན་སྨད་པ་ཉིད་དངོས་གཞིའི་ལྟུང་བ་ཉིད་ནི་མེད་དོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་འགའ་ཞིག་ཡོད་དེ་ལྷུང་བཟེད་མཆིས་བཞིན་དུ་ལྷུང་བཟེད་གཞན་ལ་བསླངས་པར་གྱུར་ལ
་ལྟུང་བར་མི་འགྱུར་བ་འགའ་ཞིག་མཆིས་སམ། བཀའ་སྩལ་པ་ཡོད་དེ། གལ་ཏེ་བསླངས་པ་དང་སྔ་མ་ཕྱི་མེད་པར་ལྷུང་བཟེད་ཆགས་པར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། འདིར་སྤང་བ་མེད་པ་ལ་དགོངས་ནས
་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་པས་སྦྱོར་བ་མེད་པའི་དགོངས་པ་ཅན་ནི་མ་ཡིན་ནོ།། འདིར་ན་སྨད་པའི་ཚིག་གིས་དངོས་གཞིའི་ཉེས་བྱས་སོ།། སྦྱོར་བ་ནི་འདི་ཆོག་པ་ཞེས་བྱ་བ་འདི་བསྟན་པའོ།། རང་གི་ཡོ་བྱད་དྲག
་གིས་སོ།། དེ་དག་ཡོད་པ་ཉིད་ན་ཡང་ངོ་ཞེས་བྱ་བ་ནི་ཡོ་བྱད་རྣམས་ལ་ན་སྨད་པ་ཉིད་ཅེས་བྱ་བར་སྦྱོར་རོ།། འདིར་གཉིས་ཀའི་ཡོ་བྱད་རྣམས་ཀྱིས་ལྷུང་བཟེད་གཞན་འཆོལ་བར་བྱེད་ན་ཉེས་བྱས་ཏེ། ཡོད་ཅིང་བདོག་པ་ཉིད
་ན་ལྷུང་བཟེད་ཚོལ་བར་བྱེད་ན་ཉེས་བྱས་ཞེས་བྱ་བའོ།། འདིར་ཡང་དངོས་གཞིའི་སླད་དུ་ལྟུང་བ་མེད་པར་བསྟན་ཏེ་སྦྱོར་བ་ལ་ནི་མ་ཡིན་ནོ།། རྗེས་སུ་གན་ང་བའི་སློང་བ་གཞན་ལ་ཡང་རང་གི་རིན་ཐང་ཡོད་ན་འཇུག་པ་ལ་ཉེས
་བྱས་སོ་ཞེས་བྱ་བ་འདི་ལ་རྟོགས་པར་བྱའོ།། བཟང་པོ་འདོད་པས་བརྗེན་ཡང་ངོ་ཞེས་བྱ་བ་ནི། ལྷུང་བཟེད་བཟང་པོ་འདོད་པ་ལ་ནི་བཟང་པོ་འདོད་པ་སྟེ། ཚོལ་བར་བྱེད་པ་སྔོན་དུ་འགྲོ་བ་ཅན་གྱི་བཟང
་པོ་དེའི་འདུན་པས་བརྗེ་བོར་བྱེད་ན་ལྟུང་བ་ན་སྨད་པར་ཤེས་པར་བྱའོ།། བརྫེས་པས་ལེན་ན་ལྟུང་བ་མེད་དོ་ཞེས་བྱ་བ་གྲང་ཞིག་གསུངས་པ་ནི་བཟང་བ་འདོད་པ་མེད་པར་བརྗེ་བའི་དབང་དུ་བྱས་ཏེ་དེ་རིག་པར་བྱའོ།། ཁྱིམ་པ
་ཉེ་དུ་མ་ཡིན་པ་ལས་བསླངས་ཏེ་ཐོ་བོ་ན་དངོས་གཞིའོ།། མ་བསླངས་པར་བཙལ་ན་སྤངས་ནས་བརྫེ་བ་ཉེ་དུ་མ་ཡིན་པའི་ཁྱིམ་པ་འམ་གཞན་ལ་སྤངས་ཏེ། ཐོབ་པར་གྱུར་པ་ལ་བཟང་པོ་འདོད་པོས་ཀྱང་རྗེ་བ་ཐམས་ཅད
་དུ་སྦྱོར་བ་ལ་ནི་ཉེས་བྱསོ།། བཙལ་བ་མེད་པར་བརྗེ་བས་བཟང་པོ་འདོད་པ་ཉིད་མེད་པར་གྲུབ་ན་ནི་ལྟུང་བ་མེད་དོ་ཞེས་བྱ་བ་འདི་འདིར་གནས་པར་རིག་པར་བྱའོ།། ཞག་བཅུ་ལས་འདའ་བར་བྱེད་པ་ལ་སྤང་བའི་ལྟུང
་བྱེད་གཞན་དུ་ཤེས་པར་བྱའོ།། འདི་ནི་དགེ་འདུན་ལ་སྤྱད་དོ་ཞེས་བྱ་བ་ནི་ལྷུང་བཟེད་ལྷག་པ། འདི་ནི་ཇི་ལྟར་སྤང་བ་གཞོན་གང་ཟག་ལ་ནི་མ་ཡིན་ནོ།། ཅི་ལྷུང་བཟེད་ཐམས་ཅད་དགེ་འདུན་ལ་སྤང་བར་བྱ་བ་ཡི་མོ་ཞེ་ན།
་མོ་ཡིན་ཏེ་དེའི་ཕྱིར་དུ་མོ་ཉིད་ཡིན་ན་མཆོག་ཏུ་འདོད་པ་གཅིག་གོ་ཞེས་བྱ་བ་སྨོས་ཏེ། ལྷུང་བཟེད་ལྷག་མ་དུ་མ་ཡིན་ན་མཆོག་ཏུ་འདོད་པ་གཅིག་དགེ་འདུན་ལ་སྤང་བར་བྱའོ།། འོ་ན་ལྷག་མ་གཞན་སྤང
་བྱ་བ་འམ་མ་ཡིན་ཞེ་ན། དེའི་ཕྱིར་གཞན་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བར་བྱའོ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་དུ་ཡིན་ཞེ་ན། དེའི་ཕྱིར་རབ་ཏུ་བྱུང་བ་འདི་ལའོ་ཞེས་བྱ་བ་སྨོས་སོ།། ཞུ་བ་ལས་ལྷུང་བཟེད་ལྷག་མ་རྣམས་ནི
་དགེ་སློང་རྣམས་ལ་གོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། དགེ་སློང་ཞེས་སྨོས་པོ་ནི་མཚོན་པ་ཙམོ་དུ་ཟད་དེ་ཆོས་འདི་ལ་རབ་ཏུ་བྱུང་བ་ཐམས་ཅད་ཀྱང་སྤྱིར་བསྡུ་བའོ།། དེ་ལ་ཐ་ཆད་སྦྱིན་པར་བྱའོ་ཞེས་བྱ་བ་ནི་སྤངས་པ
་དེ་ཉིད་ལ་ནི་མ་ཡིན་ནོ།། གཞན་དུ་ན་ཡང་ལྷུང་བཟེད་ཐ་སྙད་གང་ཡིན་པ་དེ་འདི་ལ་སྦྱིན་པར་བྱའོ།། འོན་ཏེ་དེ་ཉིད་དགེ་འདུན་དེ་ལ་ཐ་ཆད་འབྱུང་བར་འགྱུར་ན་དེ་ཉིད་ལ་སྦྱིན་པར་བྱ་བ་ཉིད་དོ།། བྲིམས་པས་སྙིགས་པར་བྱའོ།
་ཞེས་བྱ་བ་ནི་ཐ་ཆད་དེ་དགེ་འདུན་དེ་ལས་སོ།། བྱེད་པ་པོ་ཇི་ལྟ་དུས་བྲིམས་པས་དགེ་འདུན་ལས་ཐ་ཆད་དེ་སྙིགས་པར་བྱ་ཞེ་ན། དེའི་ཕྱིར་བསྐོས་པས་སོ།། དེས་སང་དོ་བྱེད་པར་འགྱུར་བ་ན་ཚོགས་ཀྱི་དུས་སུ་དགེ་འདུན་ལ
་འཇལ་བར་བྱའོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་བྲིམས་པ་ལ་བྱའོ།། དེ་ཞེས་བྱ་བ་ནི་བསྐོས་པསོ།། ཇི་སྐད་འཇལ་བར་བྱ་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་དག་བདག་སང་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་འགྱུར་གྱིས
་ཁྱེད་ཅག་རང་རང་གི་ལྷུང་བཟེད་དག་ཐོགས་ལ་དགེ་འདུན་གྱི་ནང་དུ་གཤེགས་པར་མཛོད་ཅིག་ཅེས་སོ་ཞེས་བྱ་བ་སྨོས་ཏེ། ལྷུང་བཟེད་འབྲེལ་མེད་པ་ཞེས་བྱ་བ་ནི་ལྷུང་བཟེད་འདི་ཨུ་ན་རྟ་ཏེ་འབྲེལ་པ་མེད་པ་དང་བྱིན་གྱིས་བརླབ
་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་འཆག་པར་བྱ་བ་མ་ཡིན་པ་དང་། འབྲངས་བཞིན་དུ་སྤང་བ་དང་བཅས་པ་ཞེས་བྱ་བ་འདི་ནི་འདིའི་མིང་ངོ་།། འཁོར་པའི་དོན་དུ་ནན་ཏན་བྱའོ་ཞེས་བྱ་བ་ནི་བསྐོས་པ་ཉིད་ཀྱིས་གཉིས
་ཀ་དག་གི་སྔ་རོལ་དུ་ཞེས་བྱ་བའི་མདོ་འདི་ལས་ཇི་སྲིད་དུ་བསྐོས་པ་ལ་ཞེས་བྱ་བ་དབང་དུ་བྱ་བ་ཉིད་ལེན་པ་དང་མ་བླངས་པ་ཞེས་བྱ་བ་འདི་དག་ཤུགས་ཀྱིས་ལེན་པ་པོ་ཉིད་དུ་རྟོགས་པར་བྱའོ།། བསྔགས་པ་བརྩམ་ཞིང་དབུལ
་བར་བྱའོ་ཞེས་བྱ་བ་ནི་དེས་ལྷུང་བཟེད་ཀྱི་དབང་དུ་བྱ་བ་སྟེ། རྣམ་པ་ཇི་ལྟ་བུའི་བསྔགས་པ་བརྩམ་ཞིང་དབུལ་བར་བྱ་ཞེ་ན། དེའི་ཕྱིར་གནས་བརྟན་ལྷུང་བཟེད་འདི་ནི་ཤིན་ཏུ་གསལ་བ་དབྱིབས་ལེགས་པ་ལོངས་སྤྱོད་བཟོད་པ
་ལགས་ཀྱི་གལ་ཏེ་བཞིད་ནི་བསྒོམས་ཤིག་ཅེས་སོ་ཞེས་བྱ་སྨོས་ཏེ། ཅི་འདི་ལྟ་བུ་འདི་ཐམས་ཅད་ལ་བརྗོད་པར་བྱའམ་ཞེ་ན་དེའི་ཕྱིར་ཡོན་ཏན་ཇི་ལྟ་བ་བཞིན་དུའོ་ཞེས་བྱ་བ་སྨོས་ཏེ། འདི་ནི་དཔེ་ཡིན་ནོ།། གང་ལ
་ཡོན་ཏན་གང་དང་གང་ཡོད་པ་དེ་དང་དེ་དག་ལྔ་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ།། འདོད་ན་བླང་བར་བྱའོ་ཞེས་བྱ་བ་ནི་འདོད་པ་ཡོད་ན་བཟུང་བར་བྱའོ།། མེད་ན་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། བར་དུ་ཆོད་པས་བླངས་པ
་བླང་བར་མི་བྱའོ་ཞེས་བྱ་བ་ནི་འདིར་གཅིག་གིས་བར་དུ་ཆོད་པ་ཉིད་ནི་བརྟན་པའོ།། གང་གི་ཕྱིར་གསུམ་པས་རྨོངས་པ་ན་དུ་མས་པར་དུ་ཆོད་པ་ཉིད་ལ་ནི་ཤིམ་ཏུ་ཡང་བླང་བར་མི་བྱ་བ་ཉིད་དུ་བྱའོ་ཞེས་བྱ་བ་འདི་བརྗོད་དོ།།
་བ་ཡོད་ན་ཚིག་གཉིས་པ་ལ་ནི་མི་སྦྱིན་ཞིང་གསུམ་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གསུངས་པ་ལ་ནི་མི་རིགས་པ་མ་ཡིན་ནོ།། འབྲེལ་པ་མེད་པར་ཤིན་ཏུ་འདའ་བར་བྱེད་ན་ཞེས་བྱ་བ་འདི་ཙམ་ནི་འདིར་རྒྱུ་མཐོང་བ་ཡིན་ཏེ།
་དེ་བས་ན་གསུམ་པའི་ཚིག་ལ་ཅི་ནུས་ཀྱང་སྦྱིན་པར་བྱ་བ་ཉིད་དོ།། ལྟུང་བ་བྱུང་བ་ལ་སྤང་བར་མི་བྱ་བ་ཉིད་དང་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་ངག་གོ་བར་བྱའོ་ཞེས་བྱ་བ་ནི་བྱིན་གྱིས་བརློབ་པར་ཡང་མི་བྱ་བ་དང་། སྤང་བར་མི་བྱ
་བ་ཉིད་ཅེས་བྱ་བ་འདི་འདི་ལྟར་བསྐོས་པས་ལྟུང་བར་འགྱུར་པ་ལ་གོ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ཉེ་བར་སྤྱོད་པ་ལ་མ་ཆག་གི་བར་དུ་དལ་བུ་དལ་བུས་སྤྱོད་ཅིག་ཅེས་སོ་ཞེས་བྱ་བ་ནི་ལྟུང་བ་བྱུང་བ་ལོ་གོ་བར་བྱ་ཞེས་པ་ཉིད་དུ
་རིམ་གྱིས་དལ་བུ་དལ་བུས་ཡོངསུ་ལོངས་སྤྱོད་པར་བྱ་སྟེ། ཇི་སྲིད་དུ་ནམ་ཆག་པའི་མཐར་ཐུག་པ་གི་བར་དུ་བཟུང་ནས་ཞེས་བྱ་བ་འདྲིས་འདི་བསྡུས་པའོ།། འདིར་འཆབ་བའི་ཉེས་པ་བསྐྱེད་པ་མེད་དོ་ཞེས་བྱ་བའི་ཆོ་ག
་འདི་ཉིད་ཀྱི་ཕྱིར་རྟོགས་པར་བྱའོ།། དེ་གཉིས་ཀས་ཀུན་ཏུ་སྤྱད་པར་བྱའོ།། ཞེས་བྱ་བ་ལ་གཉིས་ཀས་ཞེས་བྱ་བ་ནི་ལྷུང་བཟེད་དག་གིས་སོ།། དེས་ཞེས་བྱ་བ་ནི་ལྟུང་བ་བྱུང་བས་དེ་ཀུན་ཏུ་སྤྱད་པར་བྱའོ།། འདིའི་ཆད་པའི
་ལས་ནི་འདི་ལྟ་སྟེ་ལྷུང་བཟེད་གཞན་ལ་དད་པས་གཅོད་པའི་དོན་ཏོ།། དེ་ལ་ཡོ་བྱད་ཆེས་བཟང་པོ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་གང་འདི་ཐ་ཆད་འདི་ལྟ་བུ་བྱུང་བས་འདི་ལ་སྦྱིན་པ་དེ་ལ་ལྷུང་བཟེད་ཀྱིས་སྣོད་དང
་ཁ་གཡོགས་ལ་སྩོགས་པ་ཡོ་བྱད་ཆེས་བཟང་པོ་ངེས་པར་སྦྱར་བར་བྱའོ།། སྤྱོད་པ་ནི་ཆེས་ཡང་བའོ་ཞེས་བྱ་བ་ནི་བསོད་སྙོམས་བླང་བ་ལ་སོགས་པ་ལ་ངེས་པར་སྦྱར་བར་བྱའོ།། ཟས
་ཀྱི་བྱ་བ་ཉིད་ལ་ནི་མི་ཡིན་བྱ་བ་ཁོ་ནའོ།། ཞེས་བྱ་བ་ནི་ཟས་བཟའ་བར་བྱ་བ་བསྒྲུབ་པ་ཉིད་ལ་ནི་འདི་ངེས་པར་སྦྱར་བར་མི་བྱ་བ་ཁོ་ནའོ།། ལྷུང་བཟེད་ཚོལ་བའི་སྤང་བའོ།། །། གང་དུ་འཐག་ཏུ་འཇུག་པའི་སྤང
་བར་འགྱུར་ཞེ་ན། དེའི་ཕྱིར་རིན་ཐང་མེད་པར་བསྒོ་བས་སམ་གཞན་གྱིས་ཀྱང་འཐག་ཏུ་བཅུག་ནའོ་ཞེས་བྱ་བ་སྨོས་ཏེ། ཁྱིམ་པ་ཉེ་དུ་མ་ཡིན་པ་ཞེས་བྱ་བསྔར་བསྟན་པའི་རིན་ཐང་མེད་པར་ངག་གིས་བསྒོ་བས་འཐག
་ཏུ་བཅུག་ན་དངོས་གོཞོའི་ལྟུང་བར་འགྱུར་རོ།། རང་གིས་སྒོ་བ་གཅིག་པུར་མ་ཟད་ཀྱི་འོན་ཀྱང་ཕོ་ཉ་ལ་སོགས་པ་གཞན་གྱིས་ཀྱང་འཐག་ཏུ་བཅུག་ན་དངོས་གཞིའི་ལྟུང་བ་ཁོ་ནའོ།། ཕན་ཚུན་རྒྱུད་ནས་བྱེད་དུ་བཅུག་ན་ན
་སྨད་པོའི་ཚིག་ལ་དམིགས་ཀྱིས་བསིལ་བའོ།། འདིར་གླེང་གའི་ལས་འདི་ཤེས་པ་ཡིན་ཏེ། བླངས་པའི་སྐུད་པ་ཉིད་འདི་ལ་མཆོག་པར་སྤོང་བ་སྟེ། དགེ་སློང་གི་ཉེ་དུ་ལ་སྐུད་པ་བླངས་ནས་ཐེག་པ་ལོ་འཐག་ཏུ་བཅུག
་ནས་སློང་བ་པོ་དེ་ལ་ནི་ལྟུང་བ་མེད་ལ་འཐག་པ་ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་པ་ནི་སང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། གཞན་ཉིད་དང་བཅས་པ་ལ་ནི་དེ་ལ་བྱས་པ་ཉིད་མ་ཡིནོ་ཞེས་བྱ་བ
་ནི་གཞན་དང་ལྷན་ཅིག་ཏུ་གང་གིས་གང་བྱེད་པ་དེ་ནི་དེས་མ་བྱས་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཉེ་དུ་དང་ཉེ་དུ་མ་ཡིན་པ་གཉིས་ཀ་ལས་འཐག་ཏུ་བཅུག་ན་ཡང་ཉེ་དུའི་ཕྱིར་ལྟུང་བ་མེད་ཀྱི་ཉེ་དུ་མ་ཡིན་པའི་དབང
་གིས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། བདག་ཉིད་དང་ཉེ་དུ་མ་ཡིན་པར་བཅས་པས་བདག་ཉིད་ལ་དགོས་པ་ཉིད་བྱ་བའི་ཕྱིར་དགེ་སློང་བཟོ་བྱེད་པ་ལ་ཉེས་བྱས་ཞེས་གསུངས་པ་གང་ཡིན་པ་དེ་འདིས་བསྡུས་པ་ཡིན་ནོ།།
་རིན་བྱིན་པ་དང་མི་བྱིན་པ་གཉིས་ཀ་ལ་འཐག་ཏུ་བཅུག་ན་ཡང་ཆོ་ག་འདི་རྣམ་པར་བཞག་པའོ།། འདི་ཡང་འ་དེས་བྱེ་བྲག་ཡོངསུ་མ་བཟུང་བའི་ཕྱིར་བསྡུས་པའོ།། འཐག་ཏུ་བཅུག་པའི་སྤང་བའོ།། །། འཐག
་པ་བསྐྱོད་པ་དང་འཕེལ་བར་འགྱུར་བའི་ཡན་ལག་གང་དག་བྱེད་པ་པོར་གྱུར་པ་དེ་དག་གང་ཞེ་ན། དེའི་བཏག་པར་བྱ་བ་བསམ་པ་ལས་བྱུང་བ་ཉིད་དོ་ཞེས་ཏེ། བསམ་པ་དགོས་པ་འདི་ལ་ཡོད་པས་ནཱ་སེམས་པའོ།། དེའི་དངོས
་པོ་སེམས་པ་ལས་བྱུང་བའོ།། དེའི་ཞེས་བྱ་འདིས་ནི་ལྟུང་བ་བཟུང་བའོ།། ཁོ་ལག་ཆེ་བ་ཉིད་དང་འབྲས་བཟང་བ་ཉིད་ལ་ཐ་ག་པ་ངེས་པར་སྦྱར་བར་བྱའོ།། ཞེས་བྱ་བ་ནི་རིང་བ་ནི་འདི་ཙམ་ཞེས་ཆེ་བ་ནི་འདི་ཙམ་ཞེས་བྱ་བ་ཁོ་ལག
་ཆེ་བ་ཉིད་ལ་འདི་ངེས་པར་སྦྱར་བར་བྱས་པའོ།། གོས་གཞན་འདོད་པ་མ་ཡིན་པ་ལ་སྦྱིན་པ་པོས་དོན་གྱིས་བསྒྲུབ་པའོ།། གང་ཞིག་ཁོ་ལ་གོ་ཆེ་བ་ཉིད་ལ་ཚེ་དང་ལྡན་པ་ཐ་ག་པ་ཉིད་ལ་གོས་འདི་ཞེང་ཆེ་བ་དང་ཁྲུ་ན་རིང་པོ་དང་ཐར་གྱིས
་ཞག་པ་དང་ཐག་རན་བཟང་བ་ལེགས་པར་གྱིས་ཅིག་ཅེས་གསུངས་པ་ཡིན་ནོ།། ཐག་རན་བཟང་བ་དང་བྱེར་ཟུག་སྙོམས་པ་དང་ཤེས་བཟང་བསང་སེང་མེད་པ་ཞོས་བྱ་བ་རྣམ་པར་བཤད་པར་སྦྱར
་རོ།། ། འདིར་དོན་ལྷག་པར་བསྒྲུབ་པ་ནི་སྐྱོན་ཡིན་ཏེ། འདིར་དོན་ལྷག་པར་འགྱུར་རོ་ཞེས་བྱ་བ་གཙོ་བོ་ཉིད་དུ་ཤེས་པའོ།། གལ་ཏེ་སྦྱིན་བདག་གི་ཟད་ནའོ།། ཞེས་བྱ་བ་ནི་གལ་ཏེ་འདི་ལྟར་ཐ་ག་པ་ལས་ངེས་པར་སྦྱར་བ་ན
་སྦྱིན་བདག་གི་སྐུད་པ་ལ་སོགས་པ་ཟད་པར་གྱུར་ན་གཞན་ལ་བླངས་པས་གྲུབ་པ་ནི་འདིར་སྐྱོན་ཡིན་ཏེ་དེ་བས་ན་ཟད་པ་མེད་པ་ལ་འདི་མེད་པའོ།། འདིར་འཐག་པ་བསྐྱེད་པས་ནི་རིན་སྐྱེ་ལ་རིན་སྐྱེས་པ་ནི་སྦྱིན་བདག་གི་ཟད་པར
་འགྱུར་བར་རིག་པར་བྱའོ།། རྔན་པ་མ་བྱིན་པ་ཡང་ངོ་ཞེས་བྱ་བ་ནི་དེ་ལྟར་ཡང་ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་གླ་རྔན་ཅུང་ཟད་ཉིད་གྲུབ་པར་བྱའོ་ཞེས་བྱ་བ་རང་གིས་ཀྱང་འདིར་འབྲས་བཟང་པོའི་དོན་དུ་འདིར་རིན་སྦྱིན་པ
་ལ་འདིར་མི་སྡོད་པ་སྲིད་པའོ།། མི་སྡོད་ཅིང་ཉོ་བ་མེད་པར་ཡང་བླངས་པས་པོ་ལག་ཆེ་བ་ཉིད་དམ་འབྲས་བཟང་པ་ཉིད་དུ་མི་འགྱུར་ཏེ། ཉེ་བར་བསྒྲུབ་པ་འདི་ཡང་འཚོང་བ་མེད་པར་བླངས་པ་ལ་སྐྱེ་བར་འགྱུར་རོ།། བླངས་པས
་གཞན་ལ་བསྒྲུབ་པས་ཏེ་འདིའི་དོན་དུ་མདོ་འདི་སྨྲས་སོ།། འདོད་པའི་ཚོང་པ་མེད་པ་འདིར་རྐུ་བ་ལ་ཡང་བསྐྱེད་པར་རིག་པར་བྱའོ།། སྦྱིན་པར་བྱེད་པས་དེའི་དོན་དུ་རྗེ་སུ་མ་གནང་བ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ་ནི། འདི་རྗེསུ
་མ་གནད་པ་ཁོ་ལག་ཆེ་བ་ཉིད་དང་འབྲས་བཟང་བ་ཉིད་ལ་འདྲིའི་དོན་ཞེས་བྱ་བ་དེའི་རྗེ་ས་མ་གནང་བ་ལྟུང་བའི་བྱེད་པ་པོ་འམ་གོས་དེའི་དངོས་པོ་ནི་དེ་ཉིད་དོ།། རྗེ་སུ་མ་གནང་བ་ཞེས་བྱ་བ་སྨོས་པ་ལ་སྦྱིན་པར་བྱེད་པ་པོས་ཞེས
་བྱ་བའི་ཚིག་གོ།། ཁས་བླངས་པ་ལེན་པར་མེད་བྱེད་ཅིང་རིནྡ་ཐང་ལ་འཇུག་པར་མི་བྱེད་ནཱ་སྦྱིན་བདག་མ་ཡིན་པ་ཡང་འདིར་སྦྱིན་པ་པོར་འགྱུརོ།། དེ་བས་ན་དེ་ལ་འདིས་མ་བཟུང་བ་ཉིད་དོ།། བླངས་པར་གྱུར་པས་རྗེ་སུ་གནང
་བ་གང་ཡིན་པ་དེ་ལ་བླངས་པ་བསྒྲུབ་པ་ལས་ལྡོག་པ་མ་ཡིན་ནོ།། དེ་ལ་ཡང་འདིར་སྐྱོན་ཉིད་ཅེས་བྱ་བ་འདིར་བརྗོད་པ་ལ་གོ་བར་གྱུར་པའོ།། དེ་བས་ན་བླངས་པ་མེད་པར་རང་དད་པས་མགྲོན་དུ་གཉེར་བ་མ་ཡིན་ན་རྗེས་སུ
་གནང་བ་གང་ཡིན་པ་འདིར་བཟུང་བ་ཞེས་བྱ་བར་རྟོགས་པའོ།། འདིར་གཞུང་ནི་འདི་ལྟར་བཅོལ་བའི་མདུན་རོལ་ཏུའོ་སྔར་རྗེ་སུ་མ་གནང་ན་ཞེས་གསུངས་པ་ཡིན་ནོ།། ཡན་ལག་འདི་རྣམས་ནི་ལྟུང་བའི་བྱེད་པ་པོ་ཡིན་ནོ།། འདི
་རྣམས་ནི་གང་དུ་སྟེ་ཇི་ལྟ་བུ་འཐག་པའི་བསླབ་པའི་གཞི་ཁ་ན་མ་ཐོ་བུའི་བྱེད་པ་པོ་རྣམས་ཞེ་ན། གྲུབ་པ་ན་དངོས་གཞིའོ་ཞེས་བྱ་བ་སྨོས་ཏེ། གོས་གྲུབ་པའི་གནས་སྐབས་ན་དངོས་གཞིའི་ལྟུང་བའོ་ཞེས་བྱ་བའི་དོན་ཏོ
་མདུན་རོལ་དུ་དེའི་ཕྱིར་བསམ་པ་ལས་བྱུང་བ་བསྒྲུབ་པ་ཐ་དད་པ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི་གོས་གྲུབ་པའི་མདུན་རོལ་དུའོ།། ཕྱིར་ཞེས་བྱ་བ་ནི་གཅིག་དང་གཅིག་ཏུ་འདི་དང་འབྲེལ་པའི་བསམ་པ་ལས་བྱུང་བ་རྗེས་སུ
་བསྒྲུབ་པ་ལ་ཉེས་བྱས་ཀྱི་བྱེད་པ་པོ་རྣམས་ཏེ། དེའི་བསྒྲུབ་པ་ལ་བརྟེན་ནས་ཇི་སྲིད་དུ་རྩོམ་པ་གཅིག་ཏུ་གྱུར་པའི་རྗེས་སུ་གྲུབ་པ་དེ་སྲིད་དུ་འདིར་གཅིག་རྗེས་སུ་བསྒྲུབ་པ་ཉིད་ཀྱིས་མངོན་པར
་བརྟེན་པ་ཞེས་བྱ་བ་ཤུགས་ཀྱིས་ཤེས་པར་བྱའོ།། འདིར་གཞུང་ནི་དགེ་སློང་ཆོས་གོས་ཀྱི་དོན་དུ་ཅུང་ཟད་ལག་པ་དག་འཁྲུ་བར་བྱེད་པ་དང་། ལྷུང་བཟེད་འཁྲུ་བར་བྱེད་པ་དང་འགྲོ་བ་དང་འོངས་པ་དང་བསོད་སྙོམས་ཐོབ་ནས
་ཐཱ་ག་པ་ལ་སྦྱིན་པར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་གོས་གྲུབ་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། ཞེས་གསུངས་པ་ཡིན་ནོ།། འདིར་ཡང་དང་ཡང་དུ་འདོད་པ་ཅན་ཇི་ཙམ་ཅུང་ཟད་ཅེས་བྱ་བ་དང་། ཐམས་ཅད
་ཅེས་བྱ་བའི་ཚིག་ནི་རྣམ་པར་གནས་པ་ཡིན་ཏེ། ལག་པ་འཁྲུ་བ་ལ་སོགས་པ་བསྒྲུབ་པར་འདོད་པ་ནི་མ་ཡིན་ནོ།། འདི་རྣམས་ལ་རྩོམ་པ་གཅིག་ཉིད་དུ་གྱུར་པའི་ཕྱིར་ཞེས་བྱ་བ་དེ་ལྟར་གསུངས་སོ།། མ་བསྒོ་བས་ཉེ
་བར་འགྲོ་བ་ནི་དེ་ཉིད་དོ་ཞེས་བྱ་བ་ལ། དེ་ཉིད་དོ་ཞེས་བྱ་བ་ནི་ཉེས་བྱས་སོ།། བདག་གི་དོན་བསྒྲུབ་པ་མ་བསྒོ་བར་དགའ་བ་ཙམ་གྱིས་ཉེ་བར་འགྲོ་བ་གང་ཡིན་པ་དེ་ནི་འདིར་བཟུང་བ་སྟེ། གཞན་ལ་སྔར་བསྟན་པ་ལས་ལྷག
་པ་མེད་པའི་ཕྱིར་རོ།། འདིར་གཞུང་ནི་ཞུ་བ་ལས། དགེ་སློང་གི་ཕྱིར་ཁྱིམ་པས་གོས་འཐག་ཏུ་བཅུག་ནས་དགེ་སློང་དེ་ཡང་ཉེ་བར་འགྲོ་ན་ཐ་དད་པར་མི་བྱེད་ཀྱང་ཉེས་བྱས་སུ་འགྱུརརོ་ཞེས་གསུངས་པ་ཡིན་ནོ།། འཐག་ཏུ་འཇུག
་པ་དང་འཐག་པ་བསྐྱེད་པའི་སྤང་བའོ།། འཕྲོག་པའི་སྤང་བ་ལ་ཡན་ལག་གང་དག་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་དཔྲལ་བར་བྱ་བ་དགེ་སློང་ཉིད་དོ་ཞེས་བྱ་བ་སྨོས་ཏེ། གང་ལས་གོས་འཕྲོག་པར་བྱེད་པ་དེ་དགེ་སློང་ཉིད
་ཡིན་ནའོ།། དབྲོག་པོར་བྱ་བ་རང་གི་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འདི་རང་གིས་བྱིན་པ་ལ་འདིར་གལ་ཏེ་འདིར་བཟུང་ན་ད་བྲོག་པའི་ཉེས་པར་འགྱུར་རོ།། བདེ་བླག་ཏུ་གཞན་གྱིས་བྱིན་པ་ལ་ཉེས་པ་འདི་ལ་གཞན་གྱིས་བྱུང་བར་བྱ་བ
་ཉིད་གསུངས་པ་ཁོ་ན་སྟེ། དོན་ལ་ནི་མ་ཡིན་ཏེ་སྦྱིན་བདག་གི་སྤང་བ་བརྗོད་པའི་ཕྱིར་རོ།། དེའི་རང་གིས་སྦྱིན་པ་ཞེས་བྱ་བ་འདིར་བཟུང་བར་བྱེ་བ་མ་ཡིན་ནོ།། རྐུ་བའི་སེམས་མེད་པ་ལ་རང་གི་སྦྱིན་པས་གཞན་གྱི་དབྲེག་པ་ལ་ཁ
་ན་མེ་ཐོ་བ་འདིར་འགྱུར་རོ།། ཡོད་པ་ལ་མ་སྦྱིན་པར་ལེན་པར་འགྱུར་རོ།། འདིར་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རང་གི་བློས་ཞུགས་པར་གྱུར་ཏེ། ཁྱོད་ལ་བདག་གིས་མི་སྦྱིན་ཞེས་བྱ་བ་གསུངས་པའི་ཕྱིར་རོ།། དེ་གོས་ཉིད་ཡིན
་ནའོ་ཞེས་བྱ་བ་ནི་གླིང་གཞི་ལ་དབྲོག་པར་བྱ་བ་ཐམས་ཅད་ལ་དགེ་སློང་གི་ཡོ་བྱད་ལ་དངོས་གཞིའི་ལྟུང་བ་བྱེད་པ་ཉིད་དུ་གསུངས་ཏེ། ཤིན་ཏུ་ལྕི་བ་ཡང་འདིར་འཇུག་པ་སངས་པ་ཉིད་ཙམ་ནི་འདིར་ལྷག་པ་སྟེ་ལྟུང་བ་ལ་བྱེ
་བྲག་ཅུང་ཟད་ཀྱང་མེད་དོ།། འདིར་སླར་སྦྱིན་པར་བྱ་བ་ཉིད་སྤང་བ་ཉིད་དེ་འདི་ཡང་ལྟུང་བ་མེད་པ་ལ་ཡང་དངོས་གཞི་ལ་ཉིད་ཀྱི་ཕྱིར་འདིར་བྱེད་པའི་རིགས་པ་ཉིད་དེ་དེ་བས་ན་དཔེ་འདི་ནི་གླེང་གཞིའི་དབང་གིས་བཟུང་བའོ།། དགེ་སྦྱོང
་གི་ཡོ་བྱད་ཐམས་ཅད་ལ་ཡང་བྱེད་པ་པོ་ཉིད་ཅེས་བྱ་བ་རྟོགས་པར་བྱའོ།། དེའི་འམ་དེས་བསྐོས་པའི་ལུས་སམ་ངག་བསྡུས་པ་འམ་ཐ་དད་པ་དག་གིས་དབྲོག་པའི་དོན་དུ་ཞུགས་པ་ལྟ་བུ་ནི་བྱེད་པ
་པོ་ཡིན་ཞེས་བྱ་བ་ལ། བསྡུས་པ་འམ་ཐ་དད་པ་ཞེས་བྱ་བ་ནི་འདི་དག་ལ་སོ་སོར་ལྟུང་བ་མེད་དེ་འདིར་གཉིས་པོ་འདིའི་དག་ཉིད་ལ་ཡོད་པ་ཅེས་བྱ་བ་འདིའི་འདི་བསྟན་པའོ།། དེའི་ཞེས་བྱ་བ་ནི་ལྟུང་བ་འབྱིན་པར
་བྱིན་བྱེད་པའི་འོ།། འདིར་གཞན་བྱེད་དུ་འཇུག་པ་འམ་བྱས་པ་ལས་བྱེ་བྲག་ཅེས་བྱ་བ་འདི་བརྗོད་པའོ།། འདིར་ཁ་ན་མ་ཐོ་བ་ཇི་ལྟ་བུ་གང་གིས་ཕྱིར་བྱེད་པ་པོ་དག་གིས་ཡིན་ཞེ་ན། དེའི་ཕྱིར་ལུས་ལས་ཐ་དད་པའི
་དངོས་པོར་གྱུར་པ་མཐར་ཐུག་པ་ན་མཐའི་འོ།། སྦྱོར་བ་ལ་ནེ་ཉེ་བྱས་ཀྱི་མཐའོ་ཞེས་བྱ་བ་སྨོས་ཏེ། འདིར་དཔྲལ་བར་བྱ་བ་གང་ཡིན་པ་དེ་ལས་ཐ་དད་པའི་མཐར་ཐུག་པ་ལ་དངོས་གཞིའོ།། སྦྱོར་བ་ལ་ནི་ཉེས་བྱས་ཞེས
་བྱ་བའི་དོན་ཏོ།། དེའི་ཕྱིར་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་འབྲོག་པ་དེའོ།། འདིར་ནི་འཇུ་བར་འོས་པ་ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི་གཉིས་ཀ་བསྟན་པའོ།། འདིར་གཞུང་ནི་ལྷག་མ་ཡོད་པ་ཐམས་ཅད
་སླར་བྱིན་ཅེས་གསུངས་པ་ཡིན་ནོ།། འདི་ལ་རང་གི་དོན་ཉིད་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་དགེ་སློང་ལ་བྲལ་བ་ཙམ་ནི་གཙོ་བོ་སྟེ་བདག་ཏུ་བྱ་བ་ནི་མ་ཡིན་ནོ།། རང་གི་དོན་དང་གཞན་གྱི་དོན་དུ་གཞན་གྱི
་ཞེས་བྱ་བ་ཁྱད་པར་ལ་མི་བརྟེན་པའི་དབྲོག་པའོ།། དེ་བས་ན་གཞན་ངེས་པར་སྦྱོར་བས་བྲལ་བ་ལ་འདིར་དངོས་གཞིའི་ཁ་ན་མ་ཐོ་བ་ཉིད་ཅེས་བྱ་བ་གསུངས་པ་ཡིན་ནོ།། རྫོགས་པར་མ་བསྙེན་པ་ནི་བསྐྱོད་པ་དངའ་དྲའོ་ཞེས
་བྱ་བ་ནི་འདིར་སྐབས་མ་ཡིན་ཞེས་བྱ་བས་འདིར་ཞེས་བྱ་བའི་སྒྲ་འདི་ལ། འདི་ཞེས་བྱ་བ་ཡོངས་སུ་གྱུར་པ་ལ་འབྲེལ་པའོ།། འདི་སྐྲོད་པ་གཙུག་ལག་ཁང་ནས་སློང་པ་ལ་དགེ་སློང་མ་ལ་སོགས་པ་རྣམས་ལ་སྐྲོད་པར་བྱེད་པ་ཉིད
་དང་བསྐྲད་པར་བྱ་བ་ཉིད་ལ་ཉེས་བྱ་སུ་གསུང་སོ།། ཁྱིམ་པ་རྣམས་ཀྱང་བསྐྱོད་པར་བྱེད་པ་ནི་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་བ་དེ་བཞིན་དུ་འདི་ཡང་འདི་རྣམས་ལ་ཁ་ན་མ་ཐོ་བ་ཞེས་བྱ་བའི་དོན་ཏོ།། དེ་ལྟར
་ཡང་འདིར་དགེ་སློང་མ་ལ་སོགས་པ་རྣམས་ལ་དབྲོག་པ་ཉིད་ལ་གཞུང་ནི་དགེ་སློང་མ་དང་དགེ་ཚུལ་མས་ནི་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ།། ཁྱིམ་པ་དང་ཁྱིམ་པ་མོས་ནི་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་རོ་ཞེས
་གསུངས་པ་ཡིན་ནོ།། འཕྲོག་པ་ནི་རྣམ་པ་གསུམ་སྟེ། རང་གི་ཉིད་སེལ་བར་གྱུར་པ་དང་གཞན་ནི་རྣམ་པ་གཉིས་ཏེ། བློ་གྲོས་ངན་པས་བྱས་པ་དང་། རིགས་དོན་གྱི་དབང་དུ་བྱས་པའོ།། དེ་ལ་བློ་གྲོས་ངན་པ་ནི་བློ་གྲོས་འདི་ནི་ལེག་།
་པ་མ་ཡིན་ཏེ། མཆོག་མ་ཡིན་པ་དང་ལྷག་པའི་ཆོས་སུ་གྱུར་པ་ནི་མ་ཡིན་ནོ།། དེ་ལྟར་གང་ཞིག་གྲངས་སུ་འགྲོ་བ་དེས་སོ།། འདི་ལྟ་སྟེ་ཡི་ཆད་པར་གྱུར་ཅིག། གནོད་པར་གྱུར་ཅིག། མཐུ་བསྟན་པར་གྱུར་ཅིག། སྟོབས་ཉེ་བར
་གནས་པར་གྱུར་ཅིག། འདིས་འདི་བྱ་སྟེ་སྦྱིན་པར་བྱའོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ལ་ཅི་ཐམས་ཅད་རྣམ་པ་གསུམ་པོ་འདིར་རྟོགས་པར་བྱ་བ་འམ་འོན་ཏེ་ཐམས་ཅད་མ་ཡིན། གང་དུ་འདིར་ཅི་ཞིག་རྟོགས་པར
་བྱ་ཞེ་ན་དེའི་ཕྱིར་འདི་ཉིད་བརྗོད་པར་བྱ་སྟེ། དེའི་ཕྱིར་རང་གི་ཉིད་སེལ་བར་གྱུར་པའི་འཕྲོག་པ་འདིར་བསྡུས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདིར་ཞེས་བྱ་བ་བསླབ་པའི་གཞི་ལའོ།། དཔྲལ་བར་བྱ་བའི་ཆོས་གོས་ཀྱི་ཐ་མཱ་ལས
་བོསལ་བར་གྱུར་པ་འདིར་འཕྲོག་པ་བཟུང་བ་གང་ཡིན་པ་དེའི་དོན་ཏོ་འཇུག་པ་ལ་འདིར་སྦྱོར་བ་ལ་ཉེས་བྱས་སུ་བརྗོད་དོ།། མཐར་ནི་དངོས་གཞིའོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་གོས་འོན་ཅིག་ཁྱོད་ལ་མི་སྦྱིན
་ཞེས་གསུངས་པ་ཡིན་ནོ།། བློ་གྲོས་ངན་པས་བྱས་པ་ནི་རྗེ་སུ་འཕྲོད་པ་ཡིནོ།། ཞེས་བྱ་བ་ནི་ཡི་ཆད་པར་གྱུར་ཅིག་ཅེས་བྱ་བ་བློ་གྲོས་ངན་པས་འཕྲོག་པ་གང་ཡིན་པ་བྱེད་པར་གྱུར་པ་ནི་རྗེས་སུ་འཕྲོད་པ་ཉིད་ཡིནོ།། རྗེསུ་བཐོང་བ
་ཉིད་ཀྱི་ཕྱིར་འདིར་ཉེས་བྱས་རྟོགས་པར་བྱ་ཞེས་བྱའི་དོན་ཏོ།། གནོད་པ་དང་མི་ཕན་པར་བྱེད་པ་ལ་འཇུག་པའི་བགེགས་བྱ་བའི་ཕྱིར་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་གནོད་པར་བྱེད་པའི་ཕྱིར་འཇུག་པ་ལས་ཏེ། མི་ཕན་པར་བྱཕྱི
་རམ་བགེགས་བྱེ་བའི་ཕྱིར་འཕྲོག་པ་ལ་ལྟུང་བ་མེད་དོ།། འདིར་གཞུང་ནི་དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱི་ཕྱིར་ནི་ལྟུང་པོ་མེད་པའི་ཚིག་ཅེས་བྱ་བའོ།། གཉིས་པོ་འདི་ལས་གཞོན་དུ་ལྟུང་བ་འབྱུང་བར་འགྱུརརོ།། འཕྲོག་པའི་སྔ
་བའོ།། དགོན་པའི་ཆོས་གོས་གཅིག་ལ་ནི་འཇིགས་པ་དང་བཅས་པ་ཉིད་ཡིན་ན་གློང་ཡང་རང་གི་གནས་དང་འདྲའོ།། ཞེས་བྱ་བ་ནི་དགོན་པ་ནི་འདིར་གནས་ཏེ་ཞེས་བྱ་བ་ནི་དགོན་པ་པ་ཞེས་བྱ་བའི་ཚིག་གིས་རྟོགས་པའོ།། འདིར
་ལོར་མ་ཚང་བ་ཉིད་ནི་འདིའི་བྱེ་བྲག་ཏུ་བྱུང་བ་ཡིནོ།། རྣམ་པར་འབྱེད་པ་ལས་ཀྱང་འདིའི་དོན་གསུངས་ཏེ། ལོ་ཕྱི་མ་ལ་ཉེ་བར་འབྲེལ་པར་འགྱུར་ཏེ། དེ་ནི་འདིར་བརྟེན་པ་མོ་ཡིན་ནོ།། གང་གི་ཕྱིར་འདི་ལ་ལྟུང་བ་བསྟན་པའི་གནས་སྐབས
་སུ་ཡང་དག་པར་བརྟེན་པ་ཡོད་པ་མ་ཡིནོ།། འོ་ན་ཅིའི་ཕྱིར་དེ་བཟུང་ཞེ་ན། གླེང་གཞིའི་དབང་གིས་སྐབས་མ་ཡིན་པར་གྱུར་པའི་དོན་རྣམས་ལ་ཡང་བཟུང་བ་རྣམས་ཡོད་པར་འགྱུར་ཏེ་འདི་ལྟ་སྟེ་དཔེར་ན་རང་གིས་བླངས་པའི་སྐུད་པའི་ཞེས
་བྱ་བ་དག་གཅིག་ཏུ་གོས་ཞེས་བྱ་བ་གང་གི་ཕྱིར་དེར་འབྲལ་པའི་ཉེས་པ་སྐྱེས་པའོ།། ཆོས་གོས་གཅིག་ལ་ནི་ཞེས་བྱ་བ་གང་གི་ཕྱིར་དེར་འབྲེལ་པའི་ཉེས་པ་བསྐྱེད་པའོ།། གྲོང་ཞེས་བྱ་བ་ནི་གང་ཞིག་དེའི་སྤྱོད་ཡུལ་དུ་གྱུར་པའི་ཞེས་བྱ་བ་ཤུགས
་ཀྱིས་རྟོགས་པའོ།། འདིར་གཞུང་ནི་དེ་བས་ནི་ཆོས་གོས་གསུམ་ལསོ་གང་ཡང་རུང་སྟེ། ཆོས་གོས་ཁྱིམ་གྱི་ནང་དུ་བཞག་པར་བྱའོ་ཞེས་གསུངས་པ་ཡིན།། དོན་གྱི་དབང་གིས་གྲོང་གཞན་དུ་འདུག་པོ་དེ་ལས་ཞག་དྲུག་ཚུན་ཆོད་དུ
་འབྲལ་བར་བྱའོ་ཞེས་བྱ་བ་ལ་འདིར་འབྲལ་བར་བྱ་བ་ནི་འདུག་པའི་གནས་དང་། གྲོང་དེའི་ཕྱི་རོལ་གྱི་ཉེ་འཁོར་དུ་སྐྱ་རེང་ཤར་བའོ།། དེ་ལས་ཞེས་བྱ་བ་ནི་ཆོས་གོས་གཅིག་ལས་སོ།། དེས་ཞེས་བྱ་བ་ནི་དགོན་པ་པ་སྟེ། གང་ཞིག་འདིའི
་གྲོང་དུ་བརྗོད་པ་འདི་ལ་དེ་རྣམ་པ་གཞན་གྱི་གྲོང་ཁྱེར་གཞན་དུ་འདུག་པ་ཞེས་བྱ་བའི་ཚིག་གོ།། ། སྐྱབས་དང་བཅས་པ་ཉིད་དང་དབེན་པའི་གནས་ཡོངསུ་བཟུང་བའི་དོན་དུའོ།། དོན་གྱི་དབང་ག
་ཞེས་བྱ་བ་ནི། ཆོས་དང་ལྡན་པའི་དགོས་པའི་དབང་གིས་སོ།། ཞག་དྲུག་ཚུན་ཆད་ཅེས་བྱ་བ་ནི་ཉིན་མཚན་དྲུག་པ་ཚུན་ཆད་དུའོ།། ལྷག་པོ་ལ་ནི་བག་ཡངས་མེད་དོ་ཞེས་བྱ་བ་ནི་ཞག་དྲུག་པ་ལས་ལྷག་པ་འདིར་བྲལ་བའི་ཆོ་ག
་ལ་འཇུག་པ་ཞེས་བྱ་བའི་དོན་ཏོ།། བག་ཡངས་ཀྱི་དབང་གི་དུས་ཐམས་ཅད་དུ་འདིར་ཉོས་པ་དང་བྲལ་བ་ཉིད་དུ་ངེས་པ་ལ་འདི་གསུངས་སོ།། དེའི་ཕྱིར་འདི་ལ་བསླབ་པའི་གཞི་ཁོངསུ་བསྡུ་བ་ཉིད་ཀྱིས་བགྲང་བའོ།། འདི་ལ་ནི་དེའི
་ཕྱོགས་ལ་བསླབ་པའི་གཅིག་ཏུ་གྱུར་པ་ཉིད་དོ།། བར་ཆད་ཀྱི་དབང་གིས་མ་འོངས་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི་བར་ཆད་ཀྱི་དབང་གིས་མ་འོངས་པ་ལ་ལྷག་པར་ཡང་བག་ཡངས་དང་བྲལ་བའི་ཆོ་ག་ལས་ཞེས་བྱ་བའི་དོན་ཏོ།།
་འདིར་བཙུན་པ་དགེ་སློང་དགོན་པ་བྱས་གྲོང་གཞན་དུ་ཆོས་གོས་བཞག་སྟེ་བགྱི་བ་འགའ་ཞིག་གིས་སླད་དུ་མཚམས་ཀྱི་སླད་རོལ་དུ་མཆི་ཞིང་དེ་ཉིད་དུ་སྐུར་བཟློག་པར་བགྱིའོ་སྙམ་པ་ལས་གལ་ཏེ་དེ་ལ་བར་ཆད་འགའ་ཞིག་བྱུང་ན
་སླར་མཆི་བར་རྔོམ་ཐོགས་ན་ཆོས་གོས་དེ་དང་འབྲལ་པོ་ཞེས་བགྱི་བ་ལགས་སམ། ཉེ་བར་འཁོར་མི་བྱའོ་ཞེས་གསུངས་པ་ཡིན་ནོ།། ཁ་ཅིག་འདི་ལྟར་རྣམ་པར་རྟོགས་ཏེ་དགེ་སློང་དག་གིས་ཞག་དྲུག་ཕྱིར་རོལ་དུ་འགྲོ་བར་བྱའོ་སྙམ་དུ
་བརྣག་པ་སྔོན་དུ་བྱས་ཏེ་ཕྱི་རོལ་དུ་འགྲོ་ཞིང་ཞག་ལས་འདས་པ་ལ་ནི་འབྲལ་བའི་ཉེས་པ་མེད་པ་ཡིན་གྱི། གལ་ཏེ་དེ་ལྟར་བརྣག་པ་མ་བྱས་པར་ཉིན་གཅིག་སམ་མཚན་གཅིག་འགྲོ་བར་བརྟགས་ཏེ་སོང་བ་ལས་ཞག་དྲུག
་ས་པ་དེ་ལ་ནི་ཉེས་པ། བོ་ནར་འགྱུར་སྙམ་དུ་རྟོགས་པ་དག་ཡོད་པས་དེ་བསལ་བའི་ཕྱིར་འདིར་ཞག་དྲུག་ཏུ་འགྲོལ་བ་ཧ་ཅང་ཐལ་བ་ཉིད་ལ་ནི་བརྣག་པ་ཡན་ལག་མ་ཡིནོ།། ཞེས་བྱ་བ་སྨོས་ཏེ། འདིར་ཞག་དྲུག་ཏུ་འགྲོ་བའི་དུས་དེ་ལསྟེ།
་བརྣག་པ་བྱས་ནས་ཞག་དྲུག་འབྲལ་བར་གྱུར་པ་ཉེས་པ་མེད་ཅེས་བྱ་བ་ནི་འདིར་རྣམ་པར་བཞག་པ་ཡོད་པ་མ་ཡིན་ཏེ། ཇི་ལྟར་ཡང་རུང་བར་འགྲོ་བ་ལ་ཉེས་པ་མེད་ཅེས་བྱ་བའི་དོན་ཏོ།། ཞག་དགུ་ན་འབྲལ་བའི་སྤང་བའོ།། བདག་ཉིད
་བླངས་པར་ཁས་བླངས་པའི་ཉིན་མོའི་ཟླ་བ་སྔ་མའི་དང་པོ་ཚུན་ཆད་ནས་དབྱར་གྱི་རས་ཆེན་བཙལ་བར་བྱའོ།། ཞེས་བྱ་བ་ནི་གང་འདིའི་ལྟུང་བ་ཁས་བླངས་པའི་ཞག་གང་ཞིག་འདིས་ཉེ་བར་འཁོར་བའི་ཕྱིར་སྔ་མ་འམ་ཕྱི་མ་མངོན
་བར་འདོད་པའི་ཉི་མའོ།། དེའི་སྔ་མར་གྱུར་པའི་ཟླ་བ་གང་ཡིན་པ་དེའི་དང་པོ་གང་ཞིག་དེ་དང་པོར་བྱས་ནས་ཞེས་བྱ་བའི་དོན་ཏོ།། དབྱར་གནས་པའི་ཟླ་བ་ཕྱེད་ཀྱི་མཐར་དེ་བཟུང་བར་བྱའོ།། རང་གི་སྔ་མའི་ཕྱི་མོ་ཁས་བླངས་པའི་དབང
་གིས་འདིའི་དབྱར་གནས་པའི་གང་ཞིག་རྣམ་པར་གནས་པ་དེ་རྣམས་ལས་ལྷག་པར་གྱུར་པའི་ཟླ་བ་ཕྱེད་གང་ཡིན་པ་དེའི་ཐ་མའི་དུས་ཀྱི་བར་དུ་འཛིན་པར་ཞེས་བྱ་བའི་དོན་ཏོ།། གྲུབ་པའི་སྐད་ཅིག་མོ་ཚུན་ཆད་ནས་དོན་གྱིས་གོ།
་བའོ།། སྐྱུ་རང་ཤར་བ་ན་ཉན་མ་ལ་སོགས་པའི་བར་རོ།། དེ་བས་ན་ཆེས་བཅུ་དྲུག་ལ་སྐྱ་རེང་ཤར་བ་ལ་འདིར་ལྟུང་བྱེད་ངོ་།། དབྱར་གྱི་རས་ཆེན་རྣམས་འདིར་བཟུང་བ་སྟེ། ལོ་དུས་རྣམས་ལ་ནི་མ་ཡིན་ནོ
་ཞེས་བྱ་བ་ནི་རང་གི་སྒྲས་རྟོགས་པར་བྱའོ།། འདིར་མདོ་ནི་ཟླ་བ་ཕྱེད་ཀྱིས་ལྷག་པར་དབྱར་གནས་པ་རྣམས་ཀྱིས་བྱ་སྟེ་བཅང་བར་བྱ་ཞེས་བྱ་བའོ།། འདིའི་རྣམ་པར་འབྱེད་པ་ནི་ཟླ་བ་ཕྱེད་དགོས་པ་ཞེས་བྱ་བ་དབྱར་གནས་བྱས་ཏེ
་ཟླ་བ་ཕྱེད་ཀྱིས་ལྷག་མ་ནི་ལྷག་མར་གྱུར་པ་འཆང་བའི་དུས་ན་འཆང་བར་བྱ་ཞེས་བྱ་བའི་མདོའི་ཚིག་འདི་ལ་དོན་འདིའོ།། ཡི་གཽ་ཁ་ཅིག་ལས་འདི་ཤིན་ཏུ་གསལ་བར་བརྗོད་པ་སྟེ། བཙུན་པ་རེ་ཞིག་དགེ་སློང་གིས་དབྱར་གྱིས
་གིས་རོས་ཆེན་རུང་བ་མ་ཡིན་པ་འཆང་བར་བྱེད་དེ། ལྷག་མ་འདི་ཟླ་བ་ཕྱེད་དང་ལྔ་ལས་ལྷག་ན་ཅི་ལྟུང་བར་འགྱུར་རམ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དོན་མ་ཡིན་པ་ལ་ཡང་འདི་ལྟར་དུས་སུ་འཆང་བ་བསྐྱེད་པར
་འགྱུར་བ་ཡན་འཛིན་མི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་འདི་མྱུར་པོ་ཞེས་བྱ་བ་ཉིད་དུ་འཇུག་པར་རིགས་པ་མ་ཡིན་ནོ།། གོང་ཞིག་ཚིག་འདི་ལ་སྒོ་འདའ་བར་བྱེད་པ་ལྔ་ཁ་ན་མ་ཐོ་བྷ་དེ་བསྣུ་པར་བྱ་སྟེ། དེའི་ཕྱིར་སྔོན་དང
་ཕྱི་མ་གཉིས་ལས་དེ་མ་ཡིན་པའི་དུས་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། བཙལ་བའི་དུས་དང་བཅས་པ་ཇི་ལྟར་བསྟན་པ་ལས་སྔ་མ་དང་ཕྱི་མའི་དུས་དེ་དག་གི་དུས་ལྟུང་བའི་བྱེད་པ་བོ་ཉིད་ཅེས་བྱ་བའི་དོན་ཏོ།། གང
་དུ་ཕྱི་མ་ལ་བྱེད་པ་པོ་ཉིད་གང་དུ་སྔ་མ་ཁ་ཡིན་ཞེ་ན། དེའི་ཕྱིར་གཞན་དུ་འཆང་བ་ལའོ་ཞེས་བྱ་བ་སྨོས་ཏེ། རིགས་པ་ལས་མ་འདས་པའི་འཆང་བའི་དུས་ལས་གཞན་པའི་དུས་ཏེ། དེ་འཆད་པ་ཡོད་པ་ལ་དངོས་གཞིའི་ཁ་ན
་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་ནོ།། སྔར་བཙལ་བ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི་བཙལ་བའི་དུས་སྔར་བསྟན་པ་པས་གང་ཞིག་གཞན་ནི་དུས་ཏེ། དེ་བཙལ་ན་བཙལ་བ་ཙམ་ལ་ཉེས་བྱས་ཀྱི་དང་པོ་ཉིད་ཡིནོ།། འདིར་གལ་ཏེ་ཉེས
་བྱས་འདི་ལ་བྱེད་པ་པོ་ཉིད་ཡིན་ནོ།། ད་ནི་དངོས་གཞི་ལ་དུ་ཡིན་ཞེ་ན། དེའི་ཕྱིར་གྲུབ་ན་མཐའི་འོ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་བཙལ་བར་གྱུར་པ་ལ་དེ་གྲུབ་པར་གྱུར་ན་དེའི་ཚེ་དངོས་གཞི་ཞེས་བྱ་བའི་དོན་ཏོ།། རྙང་རྙིང་ལ་ནི་ན་སྨད
་པ་ཉིད་དོ་ཞེས་བྱ་བ་ནི་འདིར་གཞུང་ནི་ཞུ་བ་ལས། དབྱར་གྱི་གོས་རས་ཚོན་རྙང་རྙིང་དུ་གྱུར་པ་ཞིག་ཟླ་བ་ཕྱེད་དང་ལྔ་ལས་ལྷག་པར་འཆང་ན་ཉེས་བྱས་སོ།། དེ་བཞིན་དུ་དབྱར་གྱི་གོས་རས་ཆེན་བུག་རྡོལ་དུ་གྱུར་པ་ཞིག་ཧཱ་ཅ
་མ་ཚོགས་ཏེ། ཚོལ་བར་བྱེད་ན་ཡང་ཉེས་བྱསོ་ཞེས་གསུངས་པ་ཡིན་ནོ།། དེའི་རྗེས་སུ་འགྲོ་བ་ནི་ཁྲུས་བླངས་པ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ནི་རྗེ་སུ་འགྲོ་བ་ཁས་བླངས་པ་ནི་རྗེསུ་འགྲོ་བ་དང་འབྲེལ་པ་ལ་གྲོང་ཅུང་ཟད་དེ་ཐཾད
་ནི་ཁས་བླངས་པ་ཇི་ལྟ་བར་རིགས་པར་བྱའོ།། གལ་ཏེ་སྔར་ཁས་ལེན་ན་དེའི་དབང་གི་དེ་ནས་དེའི་ཕྱི་མའོ།། འདི་ལྟ་སྟེ་མཐའི་ཞག་བཅུ་ལ་བརྟག་པ་ལས་བྱུང་བའི་གོས་བླང་སོ་ཞི་སྙམ་པའི་ཞག་བཅུ་པ་ཁ་ཕྱི་མ་ཉིད་ཉེས་པ་མ
་ཡིན་པའི་འབྱུང་གནས་ཉིད་དུ་གྱུར་པ་དབྱར་གྱི་གོས་རས་ཆེན་གྱི་དབྱར་གནས་པར་བྱ་བའི་ཚད་ལས་བལྟོས་ན་དགྲག་དབྱེ་དང་སྲ་བརྐྱང་འདིངས་པའོ།། དབྱར་གྱིས་རས་ཆེན་གྱི་སྲུང་བའོ།། བརྟད་པ
་བྱུང་བའི་སྤང་བ་ལ་དོན་གང་ཞིག་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དབྱར་གནས་པའི་ཕྱིར་རྙེད་པ་གང་ཡིན་པ་ལ་ཏེ། གཞན་དབྱར་གྱི་རྙེད་པ་ལ་ནི་མ་ཡིན་ཞེས་བྱ་བའི
་དོན་ཏོ།། འདིའི་བྱེད་པ་པོ་ཉིད་གང་དུ་ཡིན་ཞེ་ན། དེའི་ཕྱིར་དབྱར་གྱི་ནང་ལོགས་བདག་གིར་བྱེད་ནའོ་ཞེས་བྱ་བ་སྨོས་ཏེ། དབྱར་གནས་པར་བྱ་བ་ནི་ནང་རོལ་དུ་བདག་གིར་བྱེད་ནའོ་ཞེས་བྱ་བའི་དོན་ཏོ།། དེ་ལ་དམིགས་ཀྱིས་བསལ
་བར་བྱ་བར་འདོད་ནས་བརྟད་པའི་དབང་གིས་ཞག་བཅུ་ལ་རྙེད་པ་ནི་མ་གཏོགསོ་ཞེས་བྱ་བ་སྨོས་ཏེ། མཐའི་ཞིག་བཅུ་ལ་བརྟད་པ་ཙམ་ཉེ་བར་བརྟགས་པས་བྱ་བ་ལ་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ།། བརྟད་པ་ལས་བྱུང་བའི་གྲོ།
་ལྔ་པོ་ནད་པ་ལ་སྦྱིན་པ་དང་། ནད་པའི་ཕྱིར་སྦྱིན་པ་དང་། འཆི་བ་ལ་སྦྱིན་པ་དང་། འཚོ་བའི་ཕྱིར་སྦྱིན་པ་དང་། འགྲོ་བར་ཆས་པ་ལ་སྦྱིན་པ་ཞེས་བྱ་བ་བརྟད་པ་ལས་བྱུང་བ་ལྔ་པོ་རྣམས་ལ་འདིར་བཟུང་ངོ་ཞེས་གསུངསེ་པ་གང
་ཡིན་པ་དེ་ནི་དཔེ་ཙམ་དུ་རྣམ་པར་གནས་པའོ།། རྒྱལ་པོ་དང་ཆོམ་རྐུན་དང་རིགས་རྒྱུད་དང་ཆུ་ལ་སོགས་པས་ཁྱེར་དུ་དོགས་པ་དང་། ཡོངས་སུ་ཟད་པ་ཁས་བླངས་པ་ལྟ་བུ་སྐྱེས་པའི་ཞག་ལ་སོགས་པའི་སྐབསུ་བླང་བར་བྱེད་པ
་བོའི་ཁོངསུ་བསྡུས་པ་མཆོད་གནས་བགོ་སྐལ་ལ་གཏོགས་པའི་འཆིར་དོགས་པ་ལ་སོགས་པ་དག་ཀྱང་འདི་རྣམ་པར་བཞག་པ་སྟེ། དེ་བས་ན་བརྟད་པ་ཙམ་ཉེ་བར་བརྟགས་པའོ།། དེ་བགོས་ན་ཡང་ཞེས་བྱ་བ་ནི་བརྟད་པའི
་དབང་གིས་ཀྱང་རྙེད་པར་འགྱུར་བ་ལ་དབྱར་གྱི་ནང་ལོགས་སུ་བགོ་ན་ཡང་བྱེད་པ་པོ་ཉིད་ཡིན་པ་དང་། དབྱར་གྱི་རྙེད་པ་གཞན་གཅིག་པུ་ལ་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་བླང་བར་བྱ་ཞིང་བླངས་ནས་ཀྱང་གོས
་འགྱེད་པའི་དོན་ལ་མ་བབ་ཀྱི་བར་དུ་ཆོངས་ཤིག་ཅེས་བྱ་བ་གསུངས་པའི་ཕྱིར་རོ།། འདིར་བགོ་བར་མི་བྱ་བའི་ཚིག་ནི་མངོན་པར་འདོད་པ་སྟེ། རྣམ་པར་བགོས་སམ་ཡིན་ཞེས་བྱ་བར་རྟོགས་པའོ།། བརྟད་པ་ལས་བྱུང་བའི
་དབྱར་གྱི་རྙེད་པ་ལ་དབྱར་གྱི་ནད་ལོགསུ་བགོ་བར་མི་བྱ་བའི་རྣམ་པར་ལ་ཡང་བདག་ཏུ་སྤང་བའོ།། བརྟད་པ་ལས་བྱུང་བའི་བགོ་བར་ཉིད་དོ་ཞེས་བྱ་བ་འདིར་རྣམ་པར་བཞག་པའོ།། གཙུག་ལག་ཁང་གང་དགེ་ན་ཆོས་གྲོ
་ཀྱི་ཟོང་ངེས་པར་གྱུར་པ་ཡོད་པ་དེ་ལ་བསྒྲུབ་པ་གང་ཡིན་ཞེ་ན། བཟུང་བ་ཉིད་ན་དེའི་བདག་ཏུ་བྱ་བ་ཉིད་དེ་མདུན་དུ་བྱ་བ་ནི་མ་ཡིནོ་ཞེས་བྱ་བའོ།། མི་བགོས་ན་ཡང་ངོ་ཞེས་བྱ་བ་ནི་དེ་ཞེས་བྱ་བ་ནི་དྲེ་ཞེས་བྱ་བའི་རྗེ་སུ་སྦྱར་རོ།།
་བརྟང་བའི་དབང་གིས་གཞན་དབྱར་གྱི་བ་ཟུང་བ་ལ་མ་གོས་པ་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ།། དངོས་གཞི་བདག་གིས་བྱེད་པ་དང་། འགོད་པ་དང་མི་འགོད་པ་རྣམས་ལ་བྱེད་པ་པོ་ཉིད་འདིར་བརྗོད་པར་རིག་པར་བྱའོ།།
་འདིར་གཞུང་ནི་དགེ་སློང་གིས་དབྱར་གྱི་ནང་ཚུན་ཆད་དུ་དབྱར་གྱི་རྙེད་པ་འགོད་པར་བྱེད་དམ་གོས་འགྱེད་པར་བྱེད་པའི་དུས་ལས་འདས་པའི་བར་དུ་འཆང་བར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད
་དུ་འགྱུར་རོ་ཞེས་བྱ་བ་གསུངས་པ་ཡིན་ནོ།། མ་བགོས་ན་བརྟད་པ་ལས་བྱུང་བ་ལས་གཞན་ལ་དབྱར་གྱི་ནང་རོལ་དག་ཏུ་མ་བྱས་པ་ལ་མདོའི་གཞུང་ཡང་རིག་པར་བྱའོ།། ལྟུང་བ་མེད་པ་རྒྱས་པར་བཤད་པ་ཡང་བརྟད་པའི་དབང
་གིས་ཞག་བཅུའི་མཐར་རྙེད་པར་གྱུར་པ་ལ་འདི་ལྟར་བླང་བར་བྱ་བ་ཉིད་ཅེས་བྱ་བ་བརྗོད་པའི་ཕྱིར་སྐྱེ་བར་འགྱུར་རོ།། གཞན་དུ་ན་འགྲོ་ནས་རྙེད་པར་གྱུར་པ་ལ་ཞེས་བྱ་བའོ།། སྦྱིན་བདག་གི་ཚིག་གིས་དབང་མེད་ནའོ་ཞེས་བྱ་བ་ནི
་གལ་ཏེ་སྦྱིན་བདག་འདི་སྐད་ཅེས་རེ་ཞིག་ཁྱེད་ཅག་གིས་མ་བགོ་ཞིག། བདག་མཆིས་ནས་རང་གི་ལོག་ནས་འབུལ་ལོ་ཞེས་ཟེར་ན་དེའི་དབང་གིས་མེ་གོས་ན་ཡང་མོད་ཅེས་བྱ་བའི་དོན་ཏོ།། དུས་གང་གི་ཚེ་མ་བགོས་ན་ཞེ་ན། དེའི
་ཕྱིར་དགག་དབྱེའི་ཉིན་མོའི་ཕྱིར་དེ་ཉིན་མང་དེ་སྦེད་པ་མ་བསྐོས་པ་རྣམས་ལའོ།། ཞེས་བྱ་བ་སྨོས་ཏེ། དགག་དབྱེའི་ཉིན་མོ་ཞེས་བྱ་བ་ནི་དེ་མ་ཐག་པའི་ཚེས་བཅུ་དྲུག་སྟེ། ཟླ་བ་གསུམ་གྱི་རྗེས་ལ་ཆོས་གོས་སྦེད་པར་བྱེད་པ་མ
་བསྐོས་པའོ།། འདི་རྣམས་ཀྱིས་མ་བསྐོས་པ་ལ་གལ་ཏེ་དེ་དང་འབྲེལ་པའི་ཁ་ན་མ་ཐོ་བ་གང་རྣམས་ཀྱིས་འདོད་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།། ཇི་སྲིད་དུ་གོས་འགྱེད་པའི་དུས་ལས་འདས་པའི་བར་དུ་བཅང་བར་བྱ་བ་སྟེ། དེ་ལས
་ལྷག་པར་འཆང་བར་བྱེད་ན་ཞེས་བྱ་བ་ནི་འདིར་མདོ་སྡེ་འགྱེད་པའི་དུས་ལས་ཐོབ་པའི་བར་དུ་ཞེས་བྱ་བའི་དོན་ཏོ།། འགོད་པའི་དུས་ཐོབ་པ་ནི་ཟླ་བ་གསུམ་ལས་འདས་པར་བྱེད་པའོ།། ཟླ་གསུམ་ལས་གཞན་པའི་དུས་ནི་འགེད་པའི
་དུས་སོ།། དེ་ན་ལྟར་ཡང་དེའི་རྣམ་པར་འབྱེད་པ་ལས་དགེ་སློང་གིས་གོས་འགེད་པའི་དུས་དང་སྐབས་མ་ཡིན་པ་གང་ཞེ་ན། སྲ་བརྐྱང་མ་གཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུང་ཀྱི་ཉ་ཚུན་ཆད་དོ།། སྲ་བརྐྱང་བཏིང་བའི་གནས་ན་ནི
་སྟོན་ཟླ་ཐ་ཆུང་ཉ་ཕྱིན་ཆད་ནས་དཔྱིད་ཟླ་འབྲིང་པོའི་ཉའི་བར་ཏེ། དེ་ནི་དགེ་སློང་གིས་གོས་འགྱེད་པའི་དུས་མ་ཡིན་ནོ།། ལྷག་མའི་དུས་ཞེས་བྱ་བ་ནི་ཁས་བླངས་པ་ཕྱི་མ་ཤེས་ངེས་པར་བྱས་པ་ན་ནི་སྟོན་ཟླ་ཐ་ཆུང་ཉ་ཚུན་ཆད་དོ་ཞེས
་གསུངས་སོ།། ཁས་བླངས་པ་སྔ་མ་ལ་ནི་སྔོན་ཟླ་འབྲིང་པོའི་ཉའི་ཚུན་ཆད་ངུས་མ་ཡིནོ།། དེ་ནི་མི་བསྒོ་བར་མི་བྱའོ།། ཞེས་བྱ་བ་ནི་བརྟད་པ་ལས་བྱུང་བའི་དུས་སུ་བཏང་བར་བྱ་བ་ཉིད་ལ་གོས་སྐྱེད་པ་མ་ཡིན་པ་འདི་བསམ་པར་མི་བྱའོ
་ཞུ་བ་ལས་བསླབ་པའི་གཞི་འདི་ལ་རིམ་པ་ནི་འདི་ཡི་ནོ།། རྣམ་པར་འབྱེད་པ་ལས་ནི་འཕྲོག་མའི་བསླབ་པའི་གཞི་ལས་ནི་དེ་མ་ཐག་པའོ།། དེ་ལས་འཆང་བ་ལས་འཆང་བའི་རྗེ་སུ་འབྲེལ་བའི་རིགས་ཏེ་ཞེས་བྱ་བའི་རིམ་པ་འདི་ལྟར
་བརྟན་པའོ།། བསྟོད་པ་ལས་བྱུང་བའི་སྤང་བའོ།། ། ཅི་ཞིག་བྱས་ན་བསྔོས་པ་ལས་བསྒྱུར་བའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱིས་གང་ཟག་གཞན་ནམ་དགེ་འདུན་ལ་བསྔོས་པའི་གོས་ཤེས་བཞིན་དུ་བདག་ཉིད་ལ
་བསྒྱུར་ཏེ་ཐོབ་ནའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་གྱི་རྙེད་པ་ཞེས་བྱ་བ་འདི་ལ་མེད་དོ་འདི་ལྟུང་བ་རྒྱུས་པར་བཤད་པ་ལ། ཡང་ཟག་གི་ཡང་བདག་ཉིད་ལ་བསྔོས་པས་ཐོབ་པ་ལ་དངོས་ག
་དགེ་སློང་གྱི་གང་གཅིག་ས་མ་ད་པཤཱ་ས་ཉིད་ལ་བསྒྱུར་བར་བྱེད་པ་དེ་ལ་ཉེས་བྱས་སུ་འགྱུར་ལ། ཐོབོ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱའོ།། དཔེ་ནི་འདི་ཡིན་ཏེ། སྐྱེ་བའི་དབང་གིས་བརྟེན་པ་ཞེས་བྱ་བ་འདིར་རྣམ་པར་ཞག
་ནི་གང་ཟག་གི་ཚིག་གོ། གང་ཟག་བདག་ཉིད་ལ་གང་ཟག་ཡིན་ཞེས་བྱ་བ་སྟེ། དེ་བས་ན་བྱེ་བྲག་འབྱེད་པོ་ནི་གང་ཟག་གཞན་ནམ་ཞེས་བྱ་བ་སྟེ་གང་ག་འདི་ལྟུང་བ་འབྱིན་པ་ལས་བྱེད་པ་ལས་གང་ཟགམ
་ཉིད་ལ་ནི་མ་ཡིན་ནོ།། རང་གི་བསྔོས་པ་ལ་བདག་ཉིད་ལ་བསྔོས་པ་ནི་འགེད་པ་མ་ཡིན་ནོ།། དེ་ལ་ཡང་ཉེས་བྱས་སུ་འབྱུང་བར་འགྱུར་ཏེ་དེ་བས་ན་གཞན་གྱིས་ཞེས་བྱ་བའི་ཁྱད་པར་ཏོ།། གཞན་གྱིས་བསྔོས་པ་སྟེ་དག་ས་ལ་ཡ
་བསྔོས་པ་གང་ལ་ཡིན་ཞེ་ན། དེའི་ཕྱིར་གོས་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཡང་རྣམ་པར་འབྱེད་པ་ལས་རང་གི་དོན་དུ་འདི་ལ་གོས་ཀྱི་རྙེད་པ་མངོན་པར་འདོད་ན་ཞེས་གསུངས་པ་ཡིན།། བླངས་པར་གྱུར་པ་སུ་ཞིག་དང་ལྡན་པ་ལ་ཤེས
་བཞིན་དུ་བསྔོ་བར་འགྱུར་ཏེ། ངོར་བྱས་པའི་དབང་གིས་སམ། འཇམ་པར་བྱས་པའི་དབོང་གིས་སམ། སུ་ཞིག་དེ་ལ་རྗེས་སུ་འདོད་ཅིང་འདུག་པ་ཞེས་བྱ་བ་འམ། གང་ཡང་རུང་བ་དེར་འགེད་པར་གྱུར་ཅི་ས་ཏྱ
་བསྔོས་པ་ལ་མི་སྦྱིན་པའོ།། འདིར་ནི་བསྒྱུར་བ་ཉིད་མེད་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ས་བོན་མི་ཤེས་པའི་ཕྱོགས་ལ་རྨོང་ལ་སོགས་པ་ལ་མི་བྱེད་ཅིང་བསྐྱེད་པར་བྱེད་པར་མི་འགྱུར་རམ། དེ་བས་ན་ཤེས་ན་བཞིན་དུ་ཞེས་བྱ་བའི
་ཁྱད་པར་རོ།། འདིར་མདོ་ནི་གང་སླར་ཤོ་ས་བཞིན་ཞེས་བྱ་བ་ལྟ་བུའོ།། འདིའི་རྣམ་པར་འབྱེད་པ་ནི་རང་ཉིད་ཀྱི་འདི་ལ་རིག་པར་འགྱུར་རོ།། གཞན་རྣམས་ཀྱིས་གོ་བར་བྱས་པ་ཞེས་བྱ་བའོ།། དེ་ལྟར་ན། གཞན་ལ་གཞན་གྱིས་གོས་བསྔོས
་པ་ཞེས་བྱ་བ། ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་བ་ཡིན་པ་དེ་ལས་གང་ཞིག་ཐོབ་པ་གང་ཡིན་པ་དེ་ལ་སྤང་བའི་ལྟུང་བ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་ཐོབ་པ་ལ་དངོས་གཞི་ཡིན་ན་བསྒྱུར་བ་ལ་མཁན་མ་ཐོ་བ་ཅིར་འགྱུར་ཞེ་ན། དེའི
་ཕྱིར་བསྒྱུར་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨོས་ཏེ། འདིར་གོས་ནི་དཔེ་ཡིན་ཏེ། ཁས་ཟས་ལ་སོགས་པ་གཞན་པ་ལ་རྣམ་པར་གནས་པ་ཡིན་ནོ།། དེ་བས་ན་གཞན་དུ་ཡང་རྙེད་པོ་ལ་སྤང་བ་འདི་ཡོད་པའོ།། འདི་ནི་རྙེད་པར་གྱུར
་བཱ་མོ་ཡིན་ནོ་ཞེས་བྱ་བ་ཟས་འདི་ལ་ཁ་ཟས་ལེན་པར་བྱེད་པའོ།། རྙེད་པ་གཞན་ལ་ནི་རང་ཉིད་ལ་བསྒྱུར་བ་ཞེས་བྱ་བ་འདི་ཁ་ན་མ་ཐོ་བ་སྟེ། བཏུང་བ་ལ་ནི་མ་ཡིན་ན་ཞེས་བྱ་བའོ།། དེ་བས་ན་འདིར་ཉེ་དུ་མ་ཡིན་པ་ཉིད་ནི་སྐབས་མ
་ཡིན་ནོ།། འདི་ལྟར་ཞུ་བ་ལས་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཉེ་དུ་མ་ལགས་པ་ལས་གོས་ལེན་ན་སྤང་བའི་ལྟུང་བྱེད་དུ་འགྱུརརོ་ཞེས་གསུངས་ན། དགེ་སློང་མ་ལ་ས་གོས་ལེན་པར་བྱེད་ན་དེ་ལ་ཡང་སྤང་བའི་ལྟུང་བྱེད་དུ
་འགྱུར་བ་མཆིསམ། ཡོད་དེ་དེས་གལ་ཏེ་དགེ་འདུན་གྱིས་ཕྱིར་རྩ་བར་ཉེ་བར་བཞག་པ་ཡིན་ལ། དགེ་སློང་གིས་བདག་ཉིད་ལ་སྦྱོར་བར་བྱེད་ནའོ་ཞེས་གསུངས་པ་ཡིན་ནོ།། ཇི་ལྟར་འདིར་ཉེ་དུ་མ་ཡིན་པ
་ཉིད་ཡན་ལག་མ་ཡིན་པ་བཞིན་དུ་ཚིག་ཉིད་ཀྱང་དེ་དང་འདྲའོ།། གལ་ཏེ་འབྲེལ་བར་བྱ་བོ་དགེ་སློང་ཡིན་ན་ཞེས་བྱ་བ་མཐོང་བ་ཡིན་ནོ།། འདིར་གཞན་ལ་ཡང་ངོ་ཞེས་བྱ་བ་ལ། གཞན་ལ་ཞེས་བྱ་བ་ནི་བསྔོས་པ་ལའོ།། གང་ཟག་གཞན
་ལ་འདི་བསྔོས་པ་གཞན་ལ་བསྒྱུར་བར་བྱེད་ན་ཡང་ཉེས་བྱས་ཞེས་བྱ་བའི་དོན་ཏོ།། དེའི་འབྲས་བུ་ལ་ཡང་ངོ་ཞེས་བྱ་བ་ནི་ཐོབ་པ་ལ་ཞེས་བྱ་བའི་དོན་ཏོ།། བདག་ཉིད་ལས་གཞན་པ་ལ་སྒྱུར་བར་བྱེད་ན་དངོས་གཞི་ལ་ཡང་ཉེས
་བྱས་ཡིན་ལ། སྦྱོར་བ་གཅིག་བུ་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། གཞན་ཡང་ངོ་ཞེས་བྱ་བ་ནི་ཟས་གཞོན་པའི་རྙེད་པ་སྐུར་བར་བྱེད་ན་ཁ་ན་མ་ཐོ་བ་བཤད་ཟིན་ཏོ།། འདིར་ཟ་ས་ནི་ལྐོག་མར་བྱས་པ་སྟེ། བསྒྱུར་བ་དང་།
་བསྒྱུར་བ་ལ་འདི་ནི་ཉེས་བྱས་བརྗོད་པའོ།། འདིར་གཞུང་ནི་འདི་ཡིན་ཏེ། མུལ་ཏོ་པ་གཅིག་ལ་བསྔོས་པའི་ཟས་མུལ་ཏོ་པ་ཞེས་གཞན་ལ་སྒྱུར་བར་བྱེད་ན་ཉེས་བྱས་སུ་བརྗོད་པ་གང་ཡིན་པ་བཟའ་བར་བྱོས་པ་ཡང་དེ་འོ་ཞེས
་བྱ་བ་མཐོང་བ་ཡིན་ནོ།། དཔྲབྲལ་བ་དང་སྦྱར་བ་གཉིས་ཀ་སེམས་ཅན་དུ་བགྲང་བ་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་བ་ནི་གནས་ཁང་ལ་སོགཅེས་པ་སེམས་ཅན་དུ་བགྲང་བ་ཉིད་མ་ཡིན་པ་གནས་ཁང་ལ་སོགས་པ་གང་ལ
་རྙེད་པ་འདི་བསྔོས་པ་འདི་ནི་འདིར་དཔྲལ་བར་བྱ་བར་བརྗོད་དོ།། གང་དུ་བསྔོ་བར་བྱེད་པ་དེ་ནི་སྦྱོར་བའོ།། འདིར་ཡང་བསྔོ་བར་དང་གྲུབ་པ་ལ་ཉེས་བྱ་ཞེས་བྱ་བ་འདིར་ངག་གི་དོན་ཏོ།། ཕྱོགས་གཅིག་པ་ཉིད་ལ་ཡང་ང་ཞེས་བྱ་བ་ནི་ཐམ
་སྲས་ཀྱི་རིམ་པ་ལ་སོགས་པ་གཅིག་ལ་ལུས་ལ་སོགས་པ་ཉིད་ཀྱིས་ཕྱོགས་གཅིག་པོ་ཉིད་ཀྱི་ཕྱིར་དཔྲལ་བར་བྱ་བ་དང་། སྦྱར་བ་གཉིས་ཀ་གཞན་ལ་བསྔོས་པ་འདི་ནི་སྦྱར་བར་བྱ་བ་མ་ཡིན་ནོ་པ་དེ་བས་ནཱ་དངོས་གཞིའི་ཉེས
་པ་མེད་པར་ཤེས་པར་བྱ་བ་ཞེས་བྱ་བའི་དོན་ཏོ།། འདིར་ཡང་བསྔོས་པ་དང་། གྲུབ་པ་ལ་ཉེས་བྱས་ཞེས་བྱའི་དོན་ཏོ།། ལྷག་མ་ཟོ་བ་དུད་འགྲོ་ལ་སོགས་པ་བཙལ་ཏེ་མ་རྙེད་པོ་ལ་ནི་ལྟུང་བ་མེད་དོ།། ཞེས་བྱ་བ་ནི་ལྷག་མ་ཟ་བ་དུད
་འགྲོ་ལ་སོགས་པ་གླང་ལ་བསྔོས་པ་དེ་གལ་ཏེ་བཙལ་ཏེ་མ་རྙེད་པ་ལ། དེ་ལས་གཞན་པ་ལ་བསྒྱུར་བ་ནོ་ཡང་ལྟུང་བ་མེད།། བདེ་བར་གཤེགས་པའི་སྐུ་གཟུགས་གཞན་ལ་ནི་གཡེར་པོར་སྦྱིན་དུ་རུང་ངོ་།། ཞེས་བྱ་བ་ནི་རྒྱུན་ལ་སོ་ཌ
་པ་གང་ཞིག་གཞན་ནི་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་དང་འབྲེལ་པ་གལ་ཏེ་དེ་ལས་གཞན་བིས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ལ་གཡར་པོ་སྦྱིན་པར་གྱུར་ན་དེ་ན་ཉེས་པ་མེད་དོ།། བསྔོས་པ་མི་སྦྱིན་ན་ཉེས་བྱས་སོ་ཞེས་བྱ་བ་ནི
་ཆེ་གེ་མོ་ལ་སྦྱིན་ཞེས་བྱ་བ་སྨོས་ཏེ། གཡོ་ཏེ་དེ་ལ་སྦྱིན་པར་མི་བྱེད་ན་དེའི་ཕྱིར་འདི་ལ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། མཚམས་ཀྱི་ཕྱི་རོལ་དུ་སིང་སྟེ་དགེ་འདུན་གྱིས་སློབ་པར་བྱེད་པ་ནའོ་ཞེས་བྱ་བ་ནི། དགེ་འདུན་གྱི
་རྙེད་པར་བསྔོས་པ་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ། བྱིན་གྱིས་རློབ་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ།། མ་ཚོགས་པ་དག་གིས་འགོད་ནའོ་ཞེས་བྱ་བ་ནི་ཉེས་བྱས་སོ་ཞེས་བྱ་བར་སྦྱར་རོ།། བྱིན་གྱིས་མ་བརླབས
་ནའོ་ཡང་ངོ་ཞེས་བྱ་བ་ནི། ཤི་བའི་ཡོ་བྱད་ལ་སོགས་པ་འགོད་ནའོ་ཡང་ངོ་ཉེས་བྱས་སོ།། ཀུན་དབང་བའི་རྙེད་པ་དེ་དགེ་འདུན་ལས་གཅིག་གམ། གཉིས་སམ་གསུམ་གྱིས་ལེན་ནའོ་ཞེས་བྱ་བ་ནི། ཉེས་བྱས་སོ་ཞེས་བྱ་བ་འདི་ལ
་ཐམས་ཅད་དུ་སྦྱར་བར་བྱའོ།། ཀུན་དབོང་བའི་རྙེད་པ་ཞེས་བྱ་བ་ནི་རྙེད་པ་དགེ་འདུན་ལས་ཐོབ་པར་གྱུར་པའོ།། གཅིག་གམ་གཉིས་སམ་གསུམ་ལ་མི་སྟེར་བ་ལ་ཉེས་བྱས་སོ།། གལ་ཏེ་རྙེད་པ་དེ་རྣམས་ལ་ཡོད་པར་གྱུར་ན་ཅིའི་ཕྱིར
་ཉེས་བྱས་སུ་འགྱུར་ཞེ་ན། དེའི་ཕྱིར་དེ་ལ་གཞན་དག་གི་ཤས་ཉིད་མ་བྲལ་ལོ་ཞེས་བྱ་བ་སྨོས་ཏེ། གང་དག་གིས་རྙེད་པ་བླངས་པ་དེ་ལས་གཞན་པའི་རྙེད་པ་དེ་ལ་འདིར་ཤེས་པར་བྱའོ།། འདིར་ནི་རྒྱུ་བསྟན་པ་སྟེ་རྐུ་སེམས་མེད
་པ་ལ་འདི་རྣམ་པར་བཞག་པ་ཡིན་གྱི། སྐུ་སེམས་ཡོད་ན་ལྟུང་བ་ཅིར་འགྱུར་ཞེ་ན། དེའི་ཕྱིར་རྐུ་སེམས་ཀྱིས་ནི་བརྐུས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་བྲམ་ཟེའི་བུ་མོས་ཞུས་པ་ལས། བྱིན་གྱིས་བརླབས་པ
་གསུངས་པའི་འོག་ཏུ་ཇི་སྟེ་འདི་ལྟར་མི་བྱེད་ན་དགེ་སློང་དེ་གཅིག་པུ་གོས་དེ་དག་ཏུ་ཉེས་བྱ་སུ་འགྱུར་རོ།། དགེ་སློང་དག་ཀྱང་སྐལ་པ་མཉམ་པ་སྟེ། དགེ་འདུན་ལ་བསྔོས་པའི་རྙེད་པ་གཅིག་གིས་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ
་བདག་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ།། འོན་ཏེ་དེ་རྣམས་ཀྱིས་རྐུ་ཞིང་བདག་གིར་བྱེད་ན་ནི་འགལ་ཚབས་ཅན་དུ་འགྱུརརོ།། གཉིས་དང་རབ་ཏུ་མང་པོ་རྣམས་ཀྱང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ།། གང་ཞིག་དེ་འདིར་འོན་ཏེ་དེ་རྣམས་རྐུ
་སེམས་ཀྱིས་ཞེས་བྱ་བ་ནི་ཚིག་ནི་དེ་ལ་རྐུ་བ་ཉིད་དུ་ཤེས་པའོ།། ཡོངས་སུ་རྫོགས་པ་དང་ཡོངསུ་མ་རྫོགས་པའི་སྤྲོས་པ་སྤང་བའི་དོན་དུ་འདིར་འགལ་ཚ་བྲས་དུ་འགྱུརརོ།། ཞེས་བྱ་བའི་ཚིག་ཡིན་གྱི་ཕམ་པའི་མི་བསྐྱེད་པ་ནི་མ་ཡིན་ནོ།།
་གང་ཞིག་འདི་རབ་ཏུ་མང་པོ་ཞེས་བྱ་བའི་ཚིག་དེ་ལ་དགེ་འདུན་དུ་གྱུར་པ་ཉིད་ལ་ཆོ་ག་འདི་དང་ལྡན་པ་སྟེ། དགེ་འདུན་དུ་མར་གྱུར་པ་ལ་ནི་མ་ཡིནོ།། དེར་གང་ཟག་གི་བྱེད་པར་གྱུར་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་དགོངས་པ་ཉིད
་མང་པོའི་ཚིག་ལས་ཤེས་པའོ།། གྱ་ཆོམ་དུ་གཙུག་ལག་ཁང་དོར་བར་མི་བྱའོ་ཞེས་བྱ་བ་ནི་ཕྲན་ཚེགས་དགྲ་ལས་འདི་ཞེས་བྱ་བ་ལ་སོགས་པ་ཇི་སྲིད་དུ་དོར་བ་ལས་འབྲེལ་པ་ཞེས་བྱ་བ་འདི་ལས་སོ།། རྗེས་སུ་ཆགས་པ་དང
་བཅས་པ་དེར་སྲུང་མར་བཞག་གོ་ཞེས་བྱ་བ་ནི་གཙུག་ལག་ཁང་དེ་ལ་ཚིགས་པ་དང་བཅས་པ་གང་ཡིན་པ་དེ་ནི་བསྲུང་མའི་ཕྱིར་བཞག་པར་བྱའོ།། དེ་ལས་འོས་པ་རྣམས་ཀྱིས་གཙུག་ལག་ཁང་གཏད་པར་བྱ་བའི་དོན
་ཏོ།། རྗེས་སུ་ཆགས་པ་དང་བཅས་པའི་ཕྱིར་དཀར་པོ་ཐོབ་ཀྱང་འདི་ཡོངསུ་དོར་བར་མི་བྱེད་ཅེས་བྱ་བ་ནི་དགོས་པའོ་མ་ལྷག་ན་ལོ་བཅུ་འདའ་བར་བྱའོ་ཞེས་བྱ་བ་ནི་དེ་ལྟར་གཙུག་ལག་ཁང་བསྲུང་བ་ལ་དགེ་འདུན་མོ་ལྷགས
་ཤང་གང་གི་བསྲུང་བ་དཔལ་བཅུ་འདར་བར་བྱའོ།། ཇི་ལྟར་བཟླ་བར་གྱུ།། ད་ཕྱིར་ལྡན་བ་མད་སེམས་ཀྱིས་སོ།། དཱུར་དུས་སྒྲ་སྦྱིན་བདག་མབྱུང་ན་ལ་གནྡྷན་ཝཱ་ན་ཉ་བར་འཁར་གྱི་གཙུག་ལག་ཁྱུང
་དང་ལྷན་ཅིག་ཏུའོ་ཞེས་བྱ་བ་སྨོས་ཏེ། དེར་དུས་སུ་ཞེས་བྱ་བ་ནི་ལོ་ལྔ་འདས་པ་རྣམས་ལ་སྦྱིན་བདག་མ་བྱུང་ན་ལོ་གཞན་ལྔ་པོ་རྣམས་ནི་རྗེ་འཁོར་གྱི་གཙུག་ལག་ཁང་དང་ལྷན་ཅིག་འདུའ་བར་བྱའོ།། འདིར་གཞུང་ནི་ཁ་ཅིག
་ལྡན་མི་སོང་སྙོམས་ཀྱིས་སོ།། ལྔ་ནི་རྟེ་པོ་གཙུག་ལག་ཁང་ལ་བརྟེན་ན་སྟེ། དེ་ལྟར་ན་ལོ་བཅུར་བྱའོ་ཞེས་གསུངས་པ་ཡིནྡ་མོ།། འདི་ཉིད་འདི་ལྟར་སྐྱེས་པ་ལ་བྱ་བ་དང་བཅས་པའི་ལོ་བཅུའི་ཚིག་བྱས་སོ་ཞེས་བྱ་བ
་ཤིས་ཏྭཱ་ཡ་མྱཱ། གསོ་སྦྱོང་མདྲང་བ་ད་རྙེད་པ་ཀུན་ལས་བྱུ་ཞེས་བྱ་བ་ལ། ཐཾ་དད་པ་ལ་ནི་ས་བྷྱོ་བ་ན་མཱཾ་ས་མྦྷི་ཉེ་འཁར་གྱི་གཙུག་ལག་ང་དང་སྦྱིན་ཅིག་ཏུ་གཙུག་ལག་ཁང་དེ་དགས་སྦྱང་བ་དང་པོ་མེད་པ་གཅིག
་ལས་ཀྱིས་དན་ཏོ།། འགྲོ་ཐེ་ན་དངོས་པོ་རྣམས་ཏེ་འཁོར་གྱི་གཙུག་ལག་ཁང་གཏད་པོ་ནི་གང་གི་ཚེ་ཚངས་པ་ལ་སོགས་པའི་དབང་གིས་གཙུག་ལག་ཁང་ནས་འགྲོ་བར་འདོད་པས་མི་པ་བསྟན་དང་སྣོད་ལ་སོགས
་པའི་དངོས་པོ་རྣམས་ཉེ་འཁོར་གྱི་གཙུག་ལག་ཁང་རྣམ་སུ་གདམས་པར་འི་དྲོན་ཧཱུ~ཾ།། གཙུག་མར་གནས་ན་སྨིན་པར་བྱབ་ཞེས་བྱ་བ་ནི་གཏམས་པའི་དངོས་པོ་ལ་གང་དུ་གཏམས་པ་དེར་གཙུག་མར་གནས་པའི་དགེ་སློང་ནམ་གྱི
་ཙུག་ལག་ཁང་རྣམ་སུ་དང་མ་པར་བྱའོ་ཞེས་བྱ་བ་ནི།
་སྦྱིན་པར་བྱའོ།། གནས་གཞན་གྱིས་རྫུས་གནས་གཞན་དུ་མི་སྦྱིན་ནོ།། ཞེས་བྱ་བ་ནི་ཛཱི་ལྟར་ངེས་པའི་རྙེད་པ་ལ་རྣམ་པར་བཞག་པ་ཞེས་བྱ་བའི་མདོའི་ཕྱོགས་ཀྱི་རྗེ་སུ་བརྗོད་པའོ།། འདི་ལ་སྦྱིན་པར་བྱ་བ་ཉིད་ཅེས་བྱ་བའི་ཆོ་ག་འདིའི
་ཡུལ་བསྟན་པའི་དོན་དུ་བརྗོད་དོ།། སིལ་བུ་རྣམས་ལ་དི་ལ་སོགས་པའི་སྟོབས་ཀྱིས་མི་སྦྱིན་པ་ཞེས་བྱའོ།། འདི་ཡང་སྤང་བ་ནི་གནས་མ་བ་གྱིས་ལྟུང་བྱེད་ལས། མི་སྟེར་ན་དེ་དག་གི་སྦྱིན་པར་བྱའོ་ཡིན་ནོ་ཞེས་བྱ་བ་ལ། དེ
་དག་གི་ཞེས་བྱ་བ་ནི་གང་རྣམས་ཀྱི་རྫས་དེ་རྣམས་གཞན་ལ་སྦྱིན་པ་དེ་རྣམས་ལ་སྟེར་བ་མེད་པོར་གྱུར་པ་ལ་སྦྱིན་པར་བྱ་བ་ཉིད་དོ།། ཁྱིམ་བདག་དེ་ཉིད་ཡིན་ཡང་ངེས་པ་ལ་བཞག་པ་མེད་དོ་ཞེས་བྱ་བ་ནི་གལ་ཏེ་དེ་ཡང་ཁྱིམ་བདག
་དེ་ཉིད་གནས་གཞན་དུ་སྦྱིན་བདག་ཏུ་གྱུར་ན་གང་གི་དངོས་པོ་དེ་གནས་གཞན་ལ་དངོས་པོར་གྱུར་ན་དེ་ལྟར་ནོ་ཡང་གཤིག། ས་ངེས་པ་དེ་ནི་དེ་ཉིད་དོ་ཞེས་བྱ་བའི་དོན་ཏོ།། མི་སྟེར་ན་མཐུས་གཟུང་བར་བྱའོ་ཞེས་བྱ་བ་ནི་མི་སྣང་ན་ཡོད
་པ་འམ་མེད་པའི་རྗེས་སྦྱིན་པ་ལ་སྦྱིན་པར་བྱ་བ་ཉིད་ཅེས་བྱ་བའོ།། ཆོ་ག་བསྟན་པ་ལ་བསྒྲུབ་པ་གང་ཡིན་པ་དེ་བརྗོད་པའི་དོན་དུ་མདོ་འདི་བསྟན་ཏོ།། འདིར་མཐུས་བཟུང་བ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ཡང་འདི་བསྟན
་བ་ཡང་རིག་པར་བྱའོ།། གཡེར་པོ་ཉིད་དུ་ནི་སྐྱོན་པོར་བྱའོ་ཞེས་བྱ་བ་ནི་གནས་གཞན་གྱི་རྫས་ནི་གཞན་དུའོ།། མཆོད་རྟེན་གཞན་ལ་བསྔོས་པའི་རྙེང་བ་མ་གྲུབ་པ་ལ་ནི་ཉེས་པ་མེད་དེ་བྱང་ཆུབ་ཆེན་པོ་དང་། ཆོས་ཀྱི་འ
་ལོ་དང་། ཆོ་འཕྲུལ་ཆེན་པོ་དང་། ལྷ་ལས་བབས་པ་རྣམས་ཀྱིས་དེ་དག་ལས་གཞན་ནི་མ་གཏོགས་སོ་ཞེས་བྱ་བ་ལ། མ་གྲུབ་པ་ལ་ཞེས་བྱ་བ་ནི་དེ་ཐོབ་པ་ལའོ།། རྙེད་པ་དེ་ཞེས་བྱ་བ་ནི་མཆོད་རྟེན་གྱི་རྙེད་པ་ལའོ།།
་འདིར་མཆོད་རྟེན་ཉིད་ཀྱི་ཚིག་ནི་སངས་རྒྱས་ཀྱི་བྱེ་བྲག་ཙམ་ལ་ཡིན་ཏེ། འདིར་གཟུགས་སྐུ་ནི་མ་བརྗོད་པ་ཡིན་པར་ཤེས་པར་བྱའོ།། ཧ་ཅང་ཐལ་བ་ལ་དམིགས་ཀྱིས་བསལ་བར་བརྗོད་པ་ནི་བྱང་ཆུབ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ།
་གནས་འདིའི་མཆོད་རྟེན་འདི་རྣམས་ནི་རྙེད་པ་ལ་མི་འགྲུབ་པ་མེད་ཀྱང་བཞི་པོ་འདི་རྣམས་ན་རྙེད་པ་ལས་གཞན་པའི་མཆོད་རྟེན་ལ་སྒྱུར་བར་བྱེད་པ་ནི་སྐྱོན་དང་བྲལ་བ་མ་ཡིན་ནོ།། འདི་རྣམས་ལས་གཞན་ལ་མ་གྲུབ་པར་གྱུར་པ་ཀྱང་ཉེས
་པ་དང་བྲལ་བ་ཉིད་ཅེས་བྱའོ།། རྙེད་པ་གང་ཞིག་བྱང་ཆུབ་ཆེན་པོ་དང་བལྟམས་པ་དང་ཆོས་ཀྱི་འཁོར་ལོ་འམ་ཡོངས་སུ་མྱ་ངན་ལོས་འདས་པ་ལ་ངེས་པར་འབྱུང་བ་དེ་དྲན་པར་བྱ་ནུས་ལ།། མཆོད་རྟེན་བཞི་པོ་དག་ལ་ཕུལ་བ་ནི་འདི།
་ངག་དགེ་བའོ།། གལ་ཏེ་མི་ནུས་ན་མཆོད་རྟེན་གཅིག་ཁོ་ན་ལ་དབུལ་བར་བྱའོ།། རྙེད་པ་གང་ཞག་ཁ་ཅིག་ལས་གཞན་ལ་ནི་མ་ཡིན་ནོ་ཞེས་འབྱུང་སྟེ། གང་ཞིག་འདིར་བལྟམས་པོ་དང་ཡོང་སུ་མྱ་ངན་ལས་འདས་པ་དག་བཟུང་བ
་བ་ཡིན་གྱི་ཆོ་འཕྲུལ་ཆེན་པོ་དང་ལྷ་ལས་བབས་པ་དག་ནི་མ་ཡིན་ཏེ། དེ་ནི་ཡི་གེ་ཆད་པར་རིག་པར་བྱའོ།། ངེས་པ་རྣམས་ལ་ཆོ་ག་འདི་དང་ལྡན་པའི་ཕྱིར་དང་། བལྟམས་པ་དང་ཡོངསུ་མྱ་ངན་ལས་འདས་པའི་གནས་གཞན་ལ་ནི་མ་ངེས་པ
་ཉིད་ཀྱི་ཕྱིར་རོ།། བསྔོས་པ་ལས་བསྒྱུར་བའི་སྤང་བའོ།། ཞག་བདུན་པར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དེང་ཕྱིན་ཆད་དུ་ཉི་མ་དང་པོ་འདས་ཏེ། དེང་ཉི་མ་གཉིས་པ་ལགས་ཞེས་བྱ་བ་ལས
་པའོ།། གང་དུ་གསོག་འཇོག་གི་སྤྱད་པར་འགྱུར་ཞེ་ན། དེའི་ཕྱིར་བཟོའ་བའི་ཕྱིར་འཆང་ནའོ་ཞེས་བྱ་བ་སྨོས་ཏེ། སྲོག་འཇོག་ཉིད་ཀྱི་རྒྱ་མཚོན་ལྔ་བརྟོགས་པའི་ཕྱིར་ཡོད་མ་སྤྱོད་པ་ལ་ལྟུང་བྱེད་འདི་རྣམ་པར་བཞག་པོར་བྱས་པ
་གང་གི་ཕྱིར་སྤང་བ་ཡོངསུ་སྤྱོད་པ་ལ་དོན་མེད་པ་གླགས་མེདོ་པ་ཉིད་དོ།། འོ་ནོ་དེའི་འོག་ཏུ་ཡོངསུ་ལོངས་སྤྱད་པར་བྱ་བ་སྤྱང་བའི་ལྟུང་བྱེད་ཅེས་བྱ་བ་འདིར་མདོ་ལས་གསུང་སོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འདིའི་འཆང་བ་ལ་ཉེས་པར
་མཚོན་པ་པོ་དོན་གྱིས་རྣམ་པར་གནས་པ་ཡིན་ནོ།། དེ་བཞིན་དུ་ལྟུང་བ་རྒྱས་པར་བཤད་པ་ནི་འདིར་འཆང་པོ་ལ་ལྟུང་བ་བརྗོད་པའི་ཕྱིར་དགེ་སློང་ལ་ཚེས་གཅིག་ལ་སྨན་ཞིག་བྱུང་ལ་ཚེས་གཉིས་པ་ལ་ཡང་སྨན་ཕྱི་མ་ཞིག་བྱུང་ན་དགེ
་སློང་དེས་ཉི་མ་ཞག་བདུན་པོ་དེ་ཉིད་ཀྱི་ནང་སྔ་མ་ཤོས་བྱིན་གྱིས་བརླབས་པར་བྱ་ཞིང་ཕྱི་མ་ཤོས་བཏང་བར་བྱ་བའམ་གཞན་ལ་སྦྱིན་པར་བྱའོ།། ཡང་ན་ཕྱི་མ་ཤོས་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མ་ཤོས་བཏང་བར་བྱ་བ་འམ་གཞན
་ལ་སྦྱིན་པར་བྱའོ།། བྱིན་གྱིས་མི་རློབ་པར་བྱེད་དམ་གཏོང་བར་མི་བྱེད་དམ་གཞོན་ལ་སྦྱིན་པར་མི་བྱེད་ན་ཉི་མོ་བརྒྱད་པའི་སྦྱར་བ་ཤོར་བ་རྣོ་སྤལ་བའི་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ།། ཇི་སྲིད་འཆང་ཞེ་ན། དེའི་ཕྱིར་དེའོ་ཞེས་བྱ
་སྨོས་ཏེ། ཞག་བདུན་པར་བྱིན་གྱིས་བརླབ་པར་བྱས་པ་དེ་ཞེས་བྱ་བའི་དོན་ཏོ།། བྱིན་གྱིས་མ་བརླབ་པ་ནི་ཞག་བདུན་ལས་འདས་པར་འཆང་བར་བཀག་པ་སྟེ། འཐད་པའི་ངོ་བོར་ནི་མ་ཡིན་ཏེ། དབྱིག
་དང་གསེར་ལ་ཡང་དོན་ལ་བརྟན་ནས་རྗེས་སུ་གནང་བ་ཉིད་ཀྱི་ཕྱིར་རོ།། ནཱམ་གྱི་ཚེ་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་སྐྱ་རེང་བརྒྱད་པ་ཤར་མའོ་ཞེས་སྨོས་ཏེ། འདིར་ཚད་ནི་བླངས་པ་ཉིད་ན་འབྱུང་བ་ཞེས་བྱ་བ་ལ་སོགས་རྣམ་པར
་གནས་པ་ཡིན་ནོ།། ཉེ་བར་ལོངས་སྤྱོད་པར་བྱ་བ་མ་ཡིན་པ་ལ་ཉེ་བར་ལོངས་སྤྱོད་པའི་དོན་དུ་འཆང་བ་ཞེས་བྱ་བ་འདི་ནི་ཁ་ན་མ་ཐོ་བའོ།། བྱིན་ལེན་མ་བྱས་པ་དང་རུང་བ་མ་ཡིན་པ་དང་བརྟག་པ་གཞན་དང་རྫས་གཞན་དང
་འདྲེས་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གཞན་ཡང་མི་རུང་བ་ཉིད་དུ་གྱུར་པ་ལ་ཉེ་བར་ལོངས་སྤྱད་པ་ཉིད་མ་ཡིན་ནོ།། དེ་བཞིན་དུ་དུས་སུ་རུང་བ་དང་འཚོ་བའི་བར་དུ་འཆང་བ་རྣམས་ལ་སྐྱོན་གྱིས་རུང་བ་མ་ཡིན་པ་ཉིད
་དུ་འགྱུར་བ་འམ། ཞག་བདུན་པ་ལས་བྱེ་བྲག་འགའ་ཡང་མེད་དོ།། གང་གི་ཕྱིར་འདིར་དེ་རྣམས་ལོངས་སྤྱད་པར་བྱ་བ་མ་ཡིན་པ་རྣམས་ལ་ལོངས་སྤྱད་པའི་དོན་དུ་འཆང་བ་ལ་ཉེས་པ་འདི་མེད་པར་འགྱུར་བ་འམ་ན་སྨད་པ
་མེད་པ་ཉིད་དོ།། དེ་ལྟར་བས་ན་འདིར་སྨོས་པ་ནི་དཔེ་ཙམ་དུ་ཟད་པར་རིག་པར་བྱའོ་ཞེས་བྱ་བ་འདི་རྣམ་པར་བཞག་པ་འདི་རྟོགས་པར་བྱའོ།། གང་ཞེ་ནི། དེའི་ཕྱིར་བཟའ་བྱ་བ་རུང་བ་མ་ཡིན་པ་ཉིན་མཚན་འདས་པ་ནི་འདིར
་ཟོས་པ་དང་འདྲ་བར་རྣམ་པར་བཞག་གོ་ཞེས་བྱ་བ་སྨོས་ཏེ། བཟའ་བར་བྱ་བར་ཟོས་པ་ལྟར་ཞེས་བྱ་བ་འདིར་རྣམ་པར་བཞག་པའོ།། རུང་བ་མ་ཡིན་པ་ཉིན་མཚན་འདའ་བར་བྱེད་ན་ལྟུང་བ་ཞེས་བྱ་བ་སྨོས་ཏེ། སྐུ་རེང་བརྒྱད་པ
་ཤར་ནའོ་ཞེས་བྱ་བཱ་ནཱི་འདིར་ཉིན་མཚན་ཅེས་བྱ་བ་བརྗོད་པ་ཡིན་ནོ།། ཉིན་མཚན་འདའ་བར་བྱེད་ནི་ནང་དུ་ཞག་ལོན་པ་དང་ནང་དུ་བཙོས་པ་ལ་སོགས་པ་རུང་བའི་བཟའ་པོ་ཇི་ལྟ་བུ་ཐོས་པ་ལ་ཁ་ན་མ་ཐོ་བ་དེ་ལྟ་བུ་འདིར
་ང་བ་ལ་རིགས་པ་ཡིན་གྱི་ལྷག་པ་ནི་མ་ཡིན་ནོ།། གང་གི་ཕྱིར་མི་རིགས་པར་གྱུར་པ་ཟ་བར་བྱེད་པ་ལ་ནང་དུ་ཞག་ལོན་པ་དང་ནང་དུ་བཅོས་པ་ལ་སོགས་པ་རྣམས་ལ་ཉེས་བྱས་ཏེ་འཆང་པ་ལ་ནི་སྤང་བའོ་ཞེས་གསུང་སོ
་དེ་བས་ན་འདིར་ཟོས་པ་ལྟར་ཞེས་བྱ་བ་རྟེན་པའོ།། དེ་དོན་གང་གི་ཕྱིར་བརྟགས་པ་དེའི་ཕྱིར་ནི་ལྟུང་པོ་མེད་དོ་ཞེས་བྱ་བ་ནི་བཟའ་བའི་དོན་ལས་དོན་གཞན་གང་ཞིག་ལ་ཞག་བདུན་པ་བརྟག་པ་དོན་དེའི་ཕྱིར་འཆང་བ་ལ་ལྟུང་བ་མིང་དོ།།
་དོན་མ་བཅད་པར་འཆང་བ་བཟའ་བའི་དོན་ཉིད་ལ་ཁོངསུ་གཏོགས་པ་ཉིད་ནི་མ་ཡིན་ནོ།། དེ་བས་ན་དེར་ཉེས་པ་མེད་པ་འམ་ན་སྨད་པ་མེད་དོར་གོ།། བག་མེད་པ་དང་དྲན་པ་བརྗོད་ངས་པས་འཆང་བ་ནི་འཆང་བ་མ་ཡིན་པའོ།། །
་དེ་བས་ན་འདིར་ཡང་ཡིད་ཀྱིས་མ་བསྡུས་པ་ཉིད་ལ་རུང་བ་མ་ཡིན་པའི་དོན་ལས་འདིའི་སྒོ་ནས་འདའ་བར་བྱེད་པ་ནི་མ་ཡིན་ནོ།། རུང་བ་མ་ཡིན་པའི་དོན་ལས་བསྡུས་ཏེ། དངོས་པོ་ལ་མ་བརྟེན་པར་རུང་བ་མ་ཡིན་པའི་དོན་ལ་འདི
་ཙམ་ཉིད་དུ་དོན་མེད་པར་ཉེས་བྱས་སུ་རྣམ་པར་གནས་པའི་ཡིན་ནོ།། ཞེས་བྱ་བར་རིག་པར་བྱའོ།། སྣར་རྨུགས་པ་དང་བསྐུ་མཉེ་བྱས་པ་དག་གི་གསོག་འཇོག་བྱས་ཀྱང་རུང་ངོ་ཞེས་བྱ་བ་ནི་ཞག་བདུན་པའི
་དབང་དུ་བྱེད་པ་ན་མཚུངས་པ་ཉིད་ཀྱི་ཕྱིར་འདི་རྟོགས་པའོ།། ཞག་བདུན་པའི་སྤང་བའོ།། སྤང་བ་རྣམས་རྫོགས་སོ།། ། དགེ་འདུན་འདུས་པ་ལ་ཤེས་བཞིན་དུ་ཆོས་མ་ཡིན་པ་དང་ཆོས་སུ་དང་། ཆོས་ཆོས་མ་ཡིན
་པར་བསྟན་པ་ནི་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ལ། ཤེས་བཞིན་དུ་ཞེས་བྱ་བ་ནི་ཆོས་དང་ཆོས་མ་ཡིན་པ་ཉིད་དོ།། དགེ་འདུན་འདུས་པ་ལ་ཞེས་བྱ་བ་ནི་དགེ་འདུན་དབྱེ་བའི་ཕྱིར་འགྲོ་བ་ལ་དེའི་སྒོམ་པའི་ལྟུང་བ་བསྐྱེད་པའོ།།
་བས་ན་གཞན་དུ་ནི་འདི་མེད་པའོ།། གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་ཡོང་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལས་མ་དག་པར་ཤེས་བཞིན་དུ་ཞེས་ཅང་མི་སྨྲ་བས་འདའ་བར་བྱེད་ན་ཉེས་བྱས་སོ་ཞེས་བྱ་བ་ནི་འདིར་ཚིག་ལ
་ནི་ཡན་ལག་ན་ཉིད་ཀྱི་ཕྱིར་ན་འདིར་ནི་ན་སྨད་པ་ཉིད་དོ།། ཅང་མི་སྨྲས་པས་འདའ་བར་བྱེད་པ་འདི་ནི་དཔེ་ཡིན་ཏེ། ཚིག་ལས་གཞན་པ་ཐམས་ཅད་ལ་འདིས་གོ་བར་བྱེད་པ་ལ་འཕངས་པར་རིག་པར་བྱའོ།། གང་དུ་རྫུན་དུ་སྨྲ་བའི
་ལྟུང་བྱེད་ཅེ་ན། དེའི་ཕྱིར་དེ་གཉིས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མར་གྱུར་པ་ཉིད་ལས་གཞན་པའི་རྫུན་དུ་སྨྲ་བའོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་རྣམ་པར་བཞག་ནས་ཞེས་བྱ་བ་ནི་འདིར་ཕམ་པར་རྒྱས་པར་བཤད
་པའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ།། དེ་གཉིས་དང་ཞེས་བྱ་བ་ནི་བསྟན་མ་ཐག་པའི་ཉེས་པ་སྦོམ་པོར་འགྱུར་བ་དང་། ཉེས་བྱས་སུ་འགྱུར་བའི་རྫུན་དུ་སྨྲ་བ་གཉིས་སོ།། རྫུན་སྨྲ་བ་རྣམས་པ་བཞི་པོ་དེ་དག
་ལས་གཞན་པའི་ལྟུང་བ་འདིར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སྨྲ་བ་འདོད་པ་ཉིད་ལ་འདུ་ཤེས་རྙེད་པ་ལ་རྫུན་དུ་སྨྲ་བ་ཞེས་བྱ་བ་འདི་ཐེ་ཚོམ་མེད་པར་སྨྲ་བར་གྱུར་པ་ཉིད་ལ་འདུ་ཤེས་ཐོབ་པ་ལ་རྫུན་དུ་སྨྲ་བ་ཡོད་པར་མི་འགྱུར
་ཞེས་བྱ་བ་གང་ཞིག་ལ་དོགས་པར་གྱུར་ན། དེ་བཟློག་པའི་དོན་དུ་བརྗོད་པར་བྱ་སྟེ། སྨྲ་བའི་ཚེ་ཉིད་ན་ཡང་འདུ་ཤེས་བྱུང་ན་དེ་ཀུན་ནས་སློང་བ་ཡིན་ནོ་ཞེས་བྱ་བ་ལ། འདུ་ཤེས་བྱུང་ན་ཞེས་བྱ་བ་ནི་གཞན་དུ་སྨྲ་བར་གྱུར་པ
་ལ་ཞེས་བྱ་བའི་དོན་གྱིས་ཤེས་པར་བྱའོ།། དེ་ཞེས་བྱ་བ་ནི་རྫུན་དུ་སྨྲ་བའོ།། ཡང་ཞེས་བྱ་བའི་སྒྲ་ནི་སྨྲ་བར་འདོད་པ་ཉིད་ལ་ཡང་ངོ་།། འདིར་གཞུང་ནི་རྫུན་དུ་སྨྲ་བ་རྣམ་པ་གཉིས་པོ་གང་ཞེ་ན། ཤེས་བཞིན་དུ་རྫུནཱ~ཾ་གྱི་ཚིག་སྨྲ
་ནི་འདི་སྙམ་དུ་རྫུན་གྱི་ཚིག་སྨྲའོ་སྙམ་པ་དང་། སྨྲས་པའི་འོག་ཏུ་འོདི་སྙམ་དུ་བདག་གིས་རྫུན་དུ་སྨྲ་བ་ཉིད་སོ་སྙམ་པ་སྟེ། དེ་བས་ན་འདིར་རྫུན་དུ་སྨྲ་བ་གི་ཅིག་པུ་ཉིད་ལ་རྣམ་པ་གཉིས་ཡིན་ཏེ། རྣམ་པ་གཉིས་འདི
་ཡོད་པའི་ཕྱིར་རྣམ་པ་གཉིས་དང་ལྡན་པ་ཉིད་ཀྱིས་བརྗོད་པའོ།། གཅིག་པུ་གཅིག་གིས་ནི་མ་ཡིན་ནོ།། དེ་བས་ན་རྣམ་པ་གཉིས་དང་ལྡན་པའི་རྫུན་དུ་སྨྲ་བ་ཉིད་བསྟན་ཏེ། དེ་ལྟར་ཡང་རྣམ་པ་གཅིག་པ་འབའ་ཞིག་གིས
་རྫུན་དུ་སྨྲ་བ་ནི་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་གསུངས་སོ།། ངེས་པར་སྨྲ་བར་གྱུར་པ་ཉིད་ཀྱི་འདུ་ཤེས་ཅན་གྱི་སྐྱེ་བར་གྱུར་པ་ཉིད་ཀྱི་འདུ་ཤེས་ཅན་གྱི་སྨྲ་བ་ཉིད་ལ་ཡང་འདི་སྒྲུབ་པ་ཞེས་བྱ་བ
་འདིའི་ཚིག་སྟེ། སྨྲ་བ་ཉིད་ཀྱི་འདུ་ཤེས་ལ་ནི་མ་ཡིན་ནོ།། འདུ་ཤེས་ལ་སྨྲ་བར་གྱུར་པ་ཉིད་ལ་ཡང་མ་གྲུབ་པ་ཞེས་བྱའོ།། འདུ་ཤེས་སྔ་མ་ལ་ནི་ཕྱི་མ་གནས་པའི་ངོ་བོ་སྟེ། ཕྱི་མ་ལ་ནི་སྔ་མས་མ་ཡིན་ནོ་ཞེས་བྱ་བའོ།། མཽནའ
་དོར་བར་མི་བྱའོ་ཞེས་བྱ་བ་ནི་ཕྲན་ཚེགས་རྣམས་ལས་བཏུས་པ་ཡིན་ཏེ། ཐམས་ཅད་བདག་ལ་བདེན་པ་ལ་འཇུག་པ་མ་ཡིན་ཏེ་ཞེས་བྱ་བ་འདི་ལ་འདི་བསྟན་པ་སྟེ། གང་ཞིག་མནའ་མེད་པའོ།། དེ་བས་ན་རྫུན་དུ་སྨྲ་བའི
་ཕྱོགས་ཉིད་ཀྱི་ཕྱིར་འདི་ལ་འདིར་སྤོང་བའོ།། དེ་ལྟར་ཡང་དགེ་སློང་རྣམས་ནི་བདེན་པར་སྨྲ་བར་འདོད་པ་ཡིན་ཏེ། རབ་ཏུ་བྱུང་བ་ཉིད་ལ་ཞེས་བྱ་བར་བརྗོད་ནས་དེ་བསྣ་དགེ་སློང་གིས་མནའ་དོར་བར་མི་བྱ་བའི་ཚིག་འདིའོ།།
་རྫུན་དུ་སྨྲ་བའི་ལྟུང་བྱེད་དོ།། །། རུང་བ་མ་ཡིན་པར་བསམ་པས་གང་ཡང་རུང་བའི་སྐྱོན་ནས་སྨྲ་བར་འདོད་ནས་སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཅེས་བྱ་བ་འཆད་པར་འགྱུརརོ།། དེ་ལ་ཅི་ཞིག་བསྙེན་པར་མ་རྫོགས་པ་ལ
་ཡང་རུང་བ་མ་ཡིན་པར་བསམ་པ་བརྗོད་པ་ཡང་འདི་ཡིན་ནམ་ཞེ་ན། དེའི་ཕྱིར་དགེ་སློང་གིའོ་ཞེས་བྱ་བ་སྨོས་ཏེ། འདིར་དགེ་སློང་ནི་ཡུལ་དུ་རྟོགས་པར་བྱ་སྟེ། དགེ་སློང་གིས་ཡུལ་བརྗོད་པ་ཞེས་བྱ་བའི་དོན་ཏོ།།
་འོག་མ་ལ་ཡང་ངོ་ཞེས་བྱ་བ་ནི་ཕྲ་མ་བྱེད་པའི་ལྟུང་བྱེད་ལ་ཡུལ་དགེ་སློང་ཉིད་དུ་རྟོགས་པར་བྱ་ཞེས་བྱ་བའི་དོན་ཏོ།། སྨྲས་ན་ཞེས་བྱ་བ་ནི་བསླབ་པའི་གཞི་གཉིས་ཀ་ཡང་དགེ་སློང་གི་ཡུལ་ཁོ་ན་རིག་པར་བྱ་སྟེ། དགེ་སློང་ལ
་བརྗོད་པ་ལ་ཞེས་བྱ་བའོ།། གཞན་ལ་ནི་འདི་དགེ་བརྗོད་པ་འམ་སྨྲས་པ་གཅིག་པུ་ལ་རྟོགས་པའི་ཕྱོགས་ཉིད་ཀྱི་ཕྱིར་ཉེས་བྱས་སུ་རིག་པར་བྱའོ།། དག་པའི་སེམས་ཀྱིས་ཀྱང་རུང་བ་མ་ཡིན་པར་བསམ་པར་བརྗོད་པ་བྱུང་བ
་ཡིན་ནོ།། དེའི་ཁྱད་པོར་བྱས་པ་སྟེ། སྐྱོན་ཉིད་བརྗོད་པར་འདོད་པས་སོ་ཞེས་བྱ་བའོ།། ཚིག་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་འཇམ་པས་ཀྱང་རུང་རྩུབ་པས་ཀྱི་རུ་ངོ་ཞེས་བྱ་བ་སྨོས་ཏེ། སྐྱོན་ནས་སྨྲ་བ་དང་བཅས་པའི་ཚིག་རྩུབ་པོ་སྨྲས་ན་དངོས
་གཞིར་འགྱུར་གྱི་གཞན་ལ་ནི་ཉེས་བྱས་ཞེས་བྱ་བའོ།། དེ་ལྟར་ན་ཚིག་རྩུབ་པོ་སྨྲས་པ་ཡང་བསླབ་པའི་གཞི་འདི་དག་ཉིད་ལ་ཁོངསུ་བསྡུ་སྟེ་ཅེས་བྱ་བ་འདིས་ཡང་དག་པར་རིག་པར་བྱའོ།། རུང་བ་མ་ཡིན་པར་བསམ་པ་གང་ཡང་རུང
་བ་སྨྲ་ནའོ།། ཞེས་བྱ་བ་ནི། ཁྱོད་ནི་འཛི་ཅན་ནོ་ཞེས་བྱ་བ་ནི་ལ་སོགས་པས་དགྲ་ལ་ཡང་ཁྲོ་བ་པོ་ཉིད་ཅེས་བྱ་བ་ཉེ་བའི་ཉོན་མོངས་པ་ལ་སོགས་པ་སྨད་པར་བསམ་པ་གང་ཡང་རུང་བ་བརྗོད་པ་ལ་སྐྱོན་ནས་སྨྲ་བའི་ལྟུང་བྱེད་དུ་འགྱུརརོ་ཞེས
་བྱ་བའི་དོན་ཏོ།། མི་དགའ་བ་ཉིད་དུ་མ་གྱུར་ན་ཡང་ཞེས་བྱ་བ་ལ་མི་དགའ་བ་ཉིད་ཅེས་བྱ་བ་ནི།། བློ་ག་འཁྲུག་པ་དང་ཡིད་ཆད་པ་དང་སྐེངས་པ་དང་ཡུལ་ཡུལ་པོར་གྱུར་པ་ཞེས་བྱ་བ་རྣམས་དང་དོན་གཅིག་གོ།། དེ་ལྟར་འདིར་གཞུང་ནི་དགེ
་སློང་པ་བཀོད་པ་ཉིད་དུ་གྱུར་ཀྱང་རུང་ཞེས་གསུངས་པ་ཡིན་ནོ།། གཞན་རྒྱལ་རིགས་ཉིད་དང་བྲམ་ཟེ་ཉིད་ལ་སོགས་པ་ནི་ཉེས་བྱས་གས་བྱ་བ་ནི་རུང་བ་མ་ཡིན་པར་བསམ་པ་ལས་གཞན་པ་སྟེ།
་རྒྱལ་རིགས་ཉིད་དང་བྲམ་ཟེ་ཉིད་ལ་སོགས་པ་ལ་རུང་བ་མ་ཡིན་པའི་བསམ་པས་སྨྲས་ན་ཉེས་བྱས་སོ།། སྐྱོན་ནས་སྤང་བའོ།། །། གང་དུ་ཕྲ་མ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཕྲ་མ་བྱེད་འདོད་པས་ཆེ་གེ་མོ
་ཞིག་ཟེར་རོ་ཞེས་བྱ་བ་སྨོས་ཏེ། འདིར་སྐྱོན་ཉིད་ཀྱང་ཡན་ལག་མ་ཡིན་པ་བསམས་པ་ཉིད་བྲམ་ཟེ་ལ་སོགས་པའོ།། བྱེ་བྲག་ཏུ་སྨྲ་བའི་སྒྲ་ལ་ཐ་དད་པར་བྱས་པ་ཉིད་ཀྱི་ཕྱིར་དེ་བས་མི་རྟེན་པའོ།། ཅིར་ཡང་ཆེ་གེ་མོ་ཞིག་ཟེར་རོ་ཞེས་བྱ་བ
་བརྗོད་པ་འདི་ལ་ལྟུང་བ་ཅིར་འགྱུར་ཞེ་ན། དེའི་ཕྱིར་གལ་ཏེ་མིང་ནས་སོ་ཞེས་བྱི་བོ་སྨོས་ཏེ། ཆེ་གེ་མོ་ཞིག་ཟེར་རོ་ཞེས་བྱ་བ་གལ་ཏེ་དེའི་མིང་གིས་སྨོས་པར་བྱེང་ན་གལ་ཏེ་མིང་གིས་ཆེ་གེ་མོ་དེ་ལ་བརྗོད་པར་བྱེད་ན་ཞེས་བྱ་བའི་དོན་ཏོ།། དེ་ཡང
་དགེ་སློང་ཉིད་ཡིན་ནའོ་ཞེས་བྱ་བ་ནི། གང་གིས་མིང་དེས་གལ་ཏེ་བརྗོད་ན་ཞེས་བྱ་བ་སྨོས་པར་བྱེད་ན་གལ་ཏེ་དེ་ལ་དགེ་སློང་ཉིད་ཡིན་ནའོ་ཞེས་བྱ་བའི་དོན་ཏོ།། དགེ་སློང་ཉིད་མ་ཡིན་པ་ལ་གཅིག་གོམ་གཉིས་པོ་དག་ལ་ཉེས་བྱས
་མོ་ཞེས་བྱ་བའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ།། གཞན་དུ་ནི་ཉེས་བྱས་ཞེས་བྱ་བ་ནི་གོ་བར་བྱེད་པ་མ་ཡིན་པས་རྣམ་སྤྱོད་ལ་རིགས་ལ་སོགས་པ་དང་ལྡན་པས་བརྗོད་པ་ལ་ཉེས་བྱས་སོ།། ཕྲ་མ་བྱེད་པའི་ལྟུང་བྱེད་དོ།། ཤེས
་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་ལ་བྱེད་པ་པོ་ཉིད་གཙོ་ཆེར་བྱ་བའི་དོན་ཏོ།། འདུ་ཤེས་གང་ལས་ཤེ་ན། དེའི་ཕྱིར་དགེ་སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་བྱས་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། རྩོད་པ་ལ་དགེ་འདུན་གྱི་ཡང
་དག་པར་དགེ་འདུན་གྱིས་སོ།། དགེ་འདུན་ལ་ཡང་རྩོད་པ་ཉིད་ལ་འདུ་ཤེས་ལ་བྱེད་པ་པོ་ཉིད་ཞེས་བྱ་བའི་དོན་ཏོ།། རྩོད་པའི་གཞི་ལ་རྩོད་པའི་གཞིར་འདུ་ཤེས་པ་ཞེས་བྱ་བ་རྩོད་པའི་གཞི་ལ་འདུ་ཤེས་གང་ཞིག་རྙེད་པ་དེ་འདྲིས་བསྡུས་པ
་ཡིན་ནོ།། རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་དགེ་སློང་ཉིད་ཡིན་ན་སྐྱོ་སྔོགས་བྱེད་པའི་དངོས་གཞིའོ།། གཅིག་གམ་གཉིས་ཀ་དག་གམ་གཞན་ཉིད་ལ་ཞེས་བྱ་བར་རིག་པར་བྱའོ།། འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས
་དགེ་སློང་མ་དང་རྩོད་པ་ལ་སྐྱོ་སྔོགས་བགྱིད་ན་ཅིར་འགྱུར་ཉེས་བྱས་སུའོ།། དེ་བཞིན་དགེ་སློང་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ལ་ཡང་རྩོད་པའི་གཞི་དགེ་སློང་གིས་སྐྱོ་སྟེགས་བྱེད་ན་ཉེས་བྱསོ།།
་དེ་བཞིན་དུ་དགེ་སློང་དང་དགེ་ཚུལ་དང་དགེ་སློབ་མ་དང་དགེ་ཚུལ་མ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། སྐྱེ་སྔོགས་སོ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པར་བྱས་པ་ཉིད་དུ་འབྱུང་བ་ཞེས་བྱ་བའི་དོན་ཏོ།། ཡང་ལས་སུ
་བྱ་བ་ཡང་བྱ་བ་ཉིད་ཀྱིས་ཤེས་པ་འདིར་གང་ཞིག་སྨོས་པ་དེ་འདིར་ངེས་པ་ཅན་གྱི་ཆོས་ལ་རྗེས་སུ་བརྗོད་པའོ།། ཡང་དོག་པར་བྱ་བ་འབྱུང་བ་ལ་སྐྱེ་སྔོགས་བྱེད་པ་ཉིད་ཀྱི་ཕྱིར་རོ།། དེ་བས་ན་འདིར་བསྡུ་བའོ།། གང་ཟག་ཇི་ལྟ་བུ་དང
་ཁ་ན་མ་ཐོ་བ་ཇི་ལྟ་བུ་ལ་འདིར་འདུ་ཤེས་ཀྱི་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་གཉུག་མར་གནས་པ་དང་ལས་བྱེད་པ་དང་འདུན་པ་འབུལ་བ་རྣམས་ཁོ་ན་དངོས་གཞིའོ་ཞེས་བྱ་བ་སྨོས་ཏེ། དེ
་འདི་རྣམས་ལ་ཡང་དག་པར་བཞག་པ་ཉིད་ལ་ངེས་པ་ཞེས་བྱ་བ་འདི་ལས་མདུན་དུ་གང་ཞིག་འདུ་ཤེས་པར་གྱུར་པ་ཉིད་ཀྱི་སྒོ་སྔོགས་བྱེད་པ་དེ་འདི་རྣམས་ལ་དངོས་གཞིའོ།། དངོས་གཞིའི་གནས་ལ་ཡང་གཞན་ལ
་ཉེས་བྱས་ཞེས་བྱ་བའི་དོན་ཏོ།། ཤེས་གཙོ་བོ་ཞེས་བྱ་བ་འདི་ལ་སྤྲོས་པ་འདི་རིགས་པར་བྱའོ།། ལྟ་བ་སྨྲ་བ་དང་གློ་བུར་དུ་འངས་པ་དག་ལ་ནཱི་ཉེས་བྱས་ཁོ་ནའོ་ཞེས་བྱ་བ་ནི་གློ་བུར་དུ་འོངས་པ་ཉིད་ཡིན་པས
་ཤེས་པོར་ཕྱིར་རྩོད་པའི་གཞི་དང་བཅས་པ་ལ་འདི་ཐོག་མ་དང་བར་དང་བླ་མར་མངོན་པར་མི་ཤེས་པའི་ལྟ་བཾ་སྨྲས་པ་ཉིད་ན་སྤྱི་སྔོགས་བྱེད་པ་འདི་དག་གི་ལྟ་བ་སྨྲ་བར་བྱེད་པ་དག་ནི་འདི་མི་འདོད་ཞེས་བྱ་བ་ངེས་པ་འདི་དག
་ལ་ཡང་དག་པར་བཞག་པ་ཉིད་ལ་ངེས་པ་མེད་ཅེས་བྱ་བ་དེའི་ཕྱིར་གང་ཞིག་རྒྱུས་མི་ཤེས་པར་འགྱུར་རོ།། སྐྱོ་སྔོགས་བྱེད་པ་དེ་བས་ན་འདི་ནི་ཉེས་བྱས་སོ།། རྩོད་པ་གཞོན་ཉིད་ལ་རྩོད་པ་བཞིན་དུ་ཤེས་པ་ནི་དེ་དང་འདྲ་བ
་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྩོད་པ་གཞན་ཉིད་ཀྱི་འདུ་ཤེས་པ་ལ་རྩོད་པ་དེ་དང་ལྗོན་པ་ཉིད་དོ།། རྩོད་པ་གཞན་ཉིད་ནི་ངག་གིས་འདིའི་འདུ་ཤེས་པ་ནི་དེར་གྱུར་པ་ཉིད་ཅེས་བྱ་བའི་དོན་ཏོ།། ན་སྨད་པའི་ཚིག་ངོ་བོ་ལ་འདི་བསྟན
་པའོ།། འདིར་རྩོད་པ་ཉིད་ཚད་མར་ཡིན་གྱི་དེའི་བྱེ་བྲག་ནི་མ་ཡིན་ནོ་ཞེས་བྱ་བ་འདིར་རྣམ་པར་བཞིག་པ་འདི་ཡིན་ནོ།། ལྟུང་བའི་ཕྱིར་རྩོད་པ་ཉིད་དུ་འདུ་ཤེས་པ་ལ་ནི་ན་སྨད་པ་མེད་དོ།། དེ་བཞིན་དུ་གཞན་ལས་ཏེ་དེའི
་ཕྱིར་འདི་བྱེད་པའོ།། ལས་ཀྱི་འབྲས་བུ་ལ་གནས་པ་ལ་དེ་མ་ཡིན་པ་ཉིད་ཀྱིས་ཀུན་ཏུ་སྤྱོད་པ་ལ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་ལས་ཀྱི་འབྲས་བུ་ལ་གནས་པ་ལ་ནི་ཤེས་པ་ལ་སོགས་པའི་ལས་ཀྱི་འབྲས་བུ་ཐོབ་པ་ལ་ལས
་ཀྱི་འབྲས་བུ་ལ་གནས་པ་དེར་གནས་པ་ཉིད་ཀྱི་ཀུན་ཏུ་སྤྱོད་པ་ལ་ནི་ཕྱེད་ཉིད་དོ།། ཡོངསུ་མ་རྫོགས་པའི་ཀུན་ཏུ་སྤྱོད་པ་ཉིད་ལ་ནི་ཉེས་བྱས་འགྱུར་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས
་བསླབ་པ་ནི་བྱིན་པ་ལ་འདི་སྐད་ཅེས་ཁྱོད་བསླབ་པ་པོ་མ་ཡིན་ནོ་ཞེས་བགྱིས་ན་ལྟུང་བ་ཅིར་འགྱུར་ཉེས་བྱསུ་འགྱུརརོ་ཞེས་གསུངས་པ་ཡིན་ནོ།། སྐྱོ་སྔོགས་བྱེད་པའོ།། །། འདི་ལ་བྱེད་པ་པོ་ཉིད་ནི་བུད་མེད་དོ།། ཁྱིམ་པ
་མོ་ལ་སྟོན་པ་ལའོ།། སྐྱེས་པ་མེད་པར་རོ།། རེག་པའོ་ཞེས་བྱ་བ་སྔར་བསྟན་པ་དེ་ལ་ཉེ་བར་མི་གནས་པ་ཉིད་ལ་རེག་པའི་སྐྱེས་པ་ལ་བསྟན་པའི་ལྟུང་བྱེད་གང་ལ་བྱེད་པ་པོ་ཉིད་བུད་མེད་ཡིན་ཞེ་ན། དེའི་ཕྱིར་སྟོན་པོ་ལའོ།
་ཞེས་བྱ་བ་ནི་སྨོས། ཅི་ཞིག་སྟོན་པ་ལ་ཞེ་ན། དེའི་ཕྱིར་ཆོས་སོ་ཞེས་བྱ་བ་སྨོས་ཏེ། གྲོང་འདིའི་ལམ་འདི་མ་ཡིན་ཞེས་བྱ་བ་ལོ་སོགས་པ་ལས་ཡང་དག་པོའི་བསམ་པས་ཆོས་ཀྱི་རྗེས་སུ་འགྲོ་བར་བྱའོ།། འདིར་རྫུན་པའི་དངོས
་པོ་ལ་ནི་སྒོ་ཡིན་ཏེ་གང་ཞིག་བུད་མེད་ལ་རང་དབང་མེད་པར་འཆེ་བའོ།། འདིའི་ཕྱིར་རང་དགུར་སྨྲ་བའི་རྣམ་པས་དཔེ་ཡིན་ཏེ་ཞེས་བྱ་བ་འདི་ལ་འདིར་བསླབ་པའི་གཞི་དང་འབྲེལ་པའི་ཆོ་ག་དྲུག་པ་ཞེས
་བྱ་བ་ལ་སོགས་པ་ཡོངས་སུ་བཟུང་བའོ།། མཁས་པས་གོང་ནས་གོང་དུ་ཞེས་བྱ་བ་ལ་སོགས་པ་ཡང་འདྲི་བ་སྟེ་ཛཾ་ཙམ་ལས་ཤེ་ན། དེའི་ཕྱིར་ཚིག་དྲུག་པོ་ལས་ལྷག་པར་རོ་ཞེས་བྱ་བ་སྨོས་སོ།། གང་ཞིག་ཇི་ལྟ་བུས་ཤེ་ན།
་དེའི་ཕྱིར་ལྷག་པ་ཉིད་དུ་ཤེས་པ་ལའོ།། ཞེས་བྱ་བ་སྨོས་ཏེ། དོན་ཡོད་པའི་དེར་འདུ་ཤེས་པ་ལ་དངོས་གཞི་བསྟན་པའོ།། དེར་མེད་པ་ལ་ལྟུང་བ་ཉེས་བྱས་ཞེས་བྱ་བའོ།། དེ་བས་ན་འདུ་ཤེས་འདི་ལ་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས
་བྱ་བ་འདི་ལས་ཤེས་པ་པོ་ཉིད་དོ།། འདིར་ཡིད་གཉིས་ཟ་ན་ནི་ཡིད་གཉིས་ནི་འདུ་ཤེས་དང་འདྲའོ་ཞེས་བྱ་བས་ལྟུང་བ་རྣམ་པར་བཞག་པར་རིག་པར་བྱའོ།། ཚིག་སྔ་མ་ལ་ནི་རྩོམ་པ་ལྔ་པ་ལྔ་པ་ལས་སོ་ཞེས་བྱ་བ་ནི་ཚིག་ལྔ
་པའི་ཆོས་རྩོམ་པ་ལ་ཚིག་ལྔ་ལས་ལྷག་པར་སྟོན་པ་ན་གཞན་ཐམས་ཅད་ལ་དྲུག་པ་ལས་ཞེས་བྱ་བའི་དོན་ཏོ།། དོན་ལྔ་པ་ཡོངསུ་རྫོགས་པ་ལ་འདིརི་མང་པོ་ཉིད་དོ།། ཐམས་ཅད་དུ་དྲུག་པ་ལ་ཞེས་བྱ་བའི་འདི་རྣམ་པར
་བཞག་པའོ།། ཡོངསུ་རྫོགས་པ་དང་ཡོངསུ་མ་རྫོགས་པ་དོན་གཅིག་པ་འཆང་བ་ལ་བརྟེན་པའི་ཚི་ག་ནི་འདིར་ཚིག་གོ།། གནས་སྐབས་ཀྱི་དོན་བསྟན་པ་ལ་བརྗོད་པར་འདོད་པ་ལ་གཟུགས་མི་བརྟག་གོ་ཞེས་བྱ་བ་འདི་ལ་ཚིག
་ཉིད་དོ།། གཟུགས་ཙམ་གྱི་དོན་རྗེ་སུ་བཤད་པ་སྨྲ་བར་འདོད་པ་ལ་ཕུང་པོ་ནི་ལྔ་སྟེ། གཟུགས་དང་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ཞེས་བྱ་བ་འདི་ཉིད་ལ་ཚིག་གོ།། འདིར་མདོར་བསྟན་པ་ལ་ནི་རྒྱས་པར་བཤད་པ་ཚད
་ཡིན་པའི་ཕྱིར་ཐ་མི་དད་པར་རིག་པར་བྱ་སྟེ། དཔེར་ན་ཕུང་པོ་ལྔ་གང་ཞེས་བྱ་བ་ལྔ་ལྟ་བུའོ།། མཁས་པས་གོང་ནས་གོང་དུ་དྲིས་པ་གཏན་ལ་དབབ་པར་བྱས་པ་དང་། སློབ་གཉེར་བསོང་པ་དངཁ་ཏོན་ཞུ་བ་དང་། དམིགས་ཀྱིས
་དྲི་བ་དང་། དུས་ཁྲིམས་དཔོགས་པ་དང་ཡོན་བཤད་པ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མཁས་པས་གོང་ནས་གོང་དུ་དྲིས་པ་གཏན་ལ་དབབ་པ་བྱས་པ་དང་། སློབ་གཉེར་བསོད་པ་དང་། ཁ་ཏོན་ཞུ་བ་དང་། དམིགས་ཀྱིས་དྲི་བ་དང་།
་རུས་ཁྲིམས་དབོག་པ་དང་། ཡོན་བཤད་པ་ལ་བརྟེན་པ་ལ་ཡང་བྱེད་པ་པོ་ཉིད་ནི་མ་ཡིན་ཏེ། དེ་ལ་ལྟུང་བ་མེད་དོ།། འདིར་རང་དང་ཉེ་བའི་གཞིར་གྱུར་པ་ཞེས་བྱ་བའི་དོན་ཏོ།། འདིར་ཁ་ཏོན་ཞུ་བ་སྨོས་པས་ཀློག་པ་ཡང་བསྡུས་པ
་ཡིན་ནོ།། བཙུན་མོ་ཕྲེང་ལྡན་མ་དང་དབྱར་ཚུལ་མོ་གཉིས་ཀྱིས་ཀློག་པའི་ཕྱིར་ཅི་གླགས་ལགས་སམ་ཞེས་བྱ་བ་དང་ལྷོགས་ཤིས་ཅེས་བྱ་བའི་ཚིག་གིས་སོ།། དུས་ཁྲིམས་དབོག་པ་དང་ཡོན་བཤདད་པ་གཉིས་ཀྱི་གཞུང་ནི
་ཞུ་བའི་གཞུང་ཁ་ཅིག་ལས་ཡོན་བཤད་པ་ལ་ལྟུང་བ་མེད་དོ།། བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་དབོག་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་གསུངས་པ་ཡིན་ནོ།། གནས་གཞན་དུ་ནི་སྔ་མ་བྱས་པ་ཉིད་དོ།། ཞེས་བྱ་བ་ལ། གན
་གཞན་དུ་ཞེས་བྱ་བ་ནི་ཁང་བཟང་ལ་སོགས་པར་སྟོན་པ་ལ་སྔ་མ་གནས་ཁང་ལ་སོགས་པར་བྱས་པ་དང་ལྷན་ཅིག་མ་བྱས་པ་ཉིད་དེ། དེ་ལ་ལྟུང་བ་རྣམ་པར་བཞག་པར་མི་བྱ་བའི་དོན་ཏོ།། སྟོན་པའོ།།
་གང་དུ་འདོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་བསྙེན་པར་མ་རྫོགས་པ་དང་ཅིག་ཅར་འམ་མཇུག་ཐོགསུ་སྟོན་བྱེད་དུ་གྱུར་པའི་ཆོས་དང་ཡི་གེ་ཡང་འདོན་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ལུང་ལས་གསལ་བར
་གྱུར་པ་འམ་སྟོན་བྱེད་དུ་གྱུར་པ་ཉིད་ཀྱིས་མངོན་པར་འདོད་པའོ།། བསྙེན་པར་མ་རྫོགས་པ་དང་ཅིག་ཅར་བསྙེན་པར་མ་རྫོགས་པ་ལས་གནས་ཀྱི་རྒྱུད་དུ་གྱུར་པའི་འདོན་པ་ལ་ཞེས་བྱ་བའི་དོན་ཏོ།། གནས་མ་ཡིན་པ་ལྟ
་ཡང་སྟོན་བྱེད་དུ་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་འཕོང་གི་རེག་བྱེད་དེ་དེ་གསལ་བའི་དོན་དུ་ཆོས་ཞེས་བྱ་བའི་ཚིག་སྨོས་པ་ཡིན་ནོ།། སྟོན་བྱེད་དུ་གྱུར་པ་ལས་བྱུང་བ་ལ་མཉམ་པར་སྦྱོར་བ་གཞན་ལས་ཡི་གེ་མ་ཡིན་པར་བྱས་ནི
་ཆོས་དང་ལྡན་པ་དོན་ལ་ཆོ་སུ་འགྱུར་ཏེ། དེ་བསལ་བའི་སྟོན་བྱེང་དུ་གྱུར་པ་ཞེ། ས་བྱ་བའི་ཚིག་གོ། དེ་ལྟར་གཉིས་ཀ་ཡང་ཆོས་འཇིག་པའོ།། གང་ཅུང་ཟད་བློ་ལ་ཉེ་བར་སོན་པ་ཞེས་བྱ་བ་འདི་ལ་བརྟགས་པའོ།། སྟོན་བྱེད་དུ
་གྱུར་པ་ལ་ཡང་འདི་ཡོངསུ་གྲུབ་པའི་སྐྱོན་དུ་གྱུར་པ་སྟེ་གཞན་ལ་ནི་མ་ཡིན་ནོ།། སྟོན་བྱེད་དུ་གྱུར་པའི་དོན་ལ་ཡང་སྟོན་བྱེད་དུ་གྱུར་པ་གནས་ཡིན་ཏེ། དེར་གྱུར་པའོ།། དེ་ལ་གནས་ནི་ཡང་དག་པའི་གནས་ཏེ། དེའི་རྒྱུ་ནི་བརྗོད
་བར་འདོད་པའི་དོན་སྟོན་པའི་ཕྱིར་རབ་ཏུ་རྒྱས་པའི་ངོ་བོས་ཚིག་དང་ངག་གིས་རྒྱུན་གྱིས་གནས་པའོ།། དེ་ལྟ་བུར་གྱུར་པའི་དོན་འདོན་པ་ལ་ལྟུང་བྱེད་དོ།། ཆོས་ལ་ཞེས་བྱ་བ་ནི་མིང་དང་ཚིག་གི་བདག་ཉིད་སངས་རྒྱས་ཀྱིས་གསུངས
་པའམ་དེའི་ཉན་ཐོས་ཀྱིས་བཤད་པའོ།། ཡི་གེ་ཡང་ཞེས་བྱ་བ་ནི་ཡིག་འབྲུ་ཙམ་ཡང་ངོ་།། འདིར་དེ་ལས་གཞན་པའི་འདོན་པ་ལ་རྩོམ་པ་གཅིག་པུར་གྱུར་པ་ཉིད་ཀྱི་ཕྱིར་ལྟུང་བ་གཅིག་པུ་ཉིད་དོ།། དེ་ལྟར་ཡང་ཚིག་གཅིག་ཅར
་བརྗོད་ན་ལྟུང་བྱེད་དོ།། ཚིག་སོ་སོར་བརྗོད་ན་ལྟུང་བྱེད་དོ།། ཅིག་ཅར་ཡི་གེ་བརྗོད་ན་ལྟུང་བྱེད་དོ།། མཇུག་ཐོག་སུ་ཡི་གེ་བརྗོད་ན་ལྟུང་བྱེད་དོ་ཞེས་བྱ་བའི་ལན་ཅིག་བརྩོམ་པར་བྱས་ནས་ཚིག་ཅིག་ཅར་དང་། ལྷག་པའི་ཚིག་དང
་ཅིག་ཅར་ཡི་གེ་དང་། ཡི་གེ་ལྷག་པར་བརྗོད་པའི་བྱེད་ན་ལྟུང་བྱེད་ཅེས་བྱ་བའོ།། དེ་ལྟར་བསྔོས་ནས་ལྟུང་བྱེད་ལ་གཅིག་པ་ཉིད་གསུངསོ།། ཧ་ཅང་ཐལ་བར་ལ་དམིགས་ཀྱིས་བསོལ་བའི་ཕྱིར་མི་འདོད་བཞིན་དུ་གྲུབ་པ་ནི་མ་གཏོག
་སོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཡང་གཞུང་ནི་ལྔཔ་ལྕི་བ་ཅན་དང་སྨྲ་མྱུར་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་འདིས་འདི་བསྡུས་པ་ཡིན་ནོ།། རྗེས་སུ་ཉན་དུ་གཞུག་པར་བྱ་བ་ནི་མ་གཏོག་སོ་ཞེས་བྱ་བར་སྦྱོར་རོ།། རྗེས་སུ་ཉན་དུ་གཞུག
་པར་བྱ་བ་ནི་གང་ཞིག་ཅིག་ཅར་རམ་ཐོག་མར་བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་དེ་ཁྲེལ་དང་བཅས་པ་ཉིད་དོ།། དེ་ལྟར་ངེས་པར་སྦྱོར་བ་ལ་དོགས་པ་དང་བཅས་པར་ཅིག་ཅར་རམ་འདས་པར་བྱས་ནས་འདོན་པ་ལ་ཡང
་དག་པར་གནས་པ་སྟེ་རྒྱུད་པ་དེ་ལྟ་བུས་ནི་ཡིན་ནོ།། ཁ་ཏོན་ཞུ་བ་དང་སློབ་གཉེར་གསོད་པ་དང་དམིགས་ཀྱིས་དྲི་བ་ཡང་ངོ་ཞེས་བྱ་བ་ཡང་མ་གཏོག་སོ་ཞེས་བྱ་བར་སྦྱར་རོ།། ཐོག་མར་བཟུང་སྟེ་རང་དག
་འདོན་པ་ལ་རྒྱུད་པ་འདི་ཡང་དག་པར་གནས་པའོ།། དེ་ལ་ཁ་ཏོན་ཞུ་བ་ཞེས་བྱ་བ་ནི་སྔར་སྟོན་པ་མི་བརྗེད་པར་བྱ་བའི་ཕྱིར་སྦྱོར་བའོ།། སློབ་གཉེར་གསོང་པ་ཞེས་བྱ་བ་ནི་སྔར་བསྟན་པ་ལ་བཟུང་བ་ཡོངསུ་རྫོགས་པར་ཟློས་ཤིང
་འཆད་པར་འགྱུར་རོ།། དམིགས་ཀྱི་དྲི་བ་ཞེས་བྱ་བ་ནི་ཕྱོགས་འགའ་ཞིག་དྲན་པར་བྱ་བའི་ཕྱིར་རམ་ཐེ་ཚོམ་བཅས་པའི་ཕྱིར་ཀུན་ནས་འཛིན་པར་བྱེད་པའོ།། འདོན་པའི་ལྟུང་བྱེད་དོ།། །། དགེ་སློང་མ་སྡིག་ཅན་དག་ཁྱིམ་དུ
་སོ་སོར་གོ་བར་བྱེད་པ་བསྐོ་བར་བྱའོ།། ཁྱིམ་རྣམས་སུ་སོ་སོར་གློ་བར་བྱེད་པས་ཚེ་དང་ལྡན་པ་དག་ཉོན་ཅིག། ཁྱིམ་རྣམས་སུ་སུན་འབྱིན་པར་བྱེད་པ་དང་། གནས་རྣམསུ་གནས་སུན་འབྱིན་པར་བྱེད་པ་དག་ཡོད་དེ། འདི་ལྟ་སྟེ་དཔེརན
་འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བའི་འཁོར་ལོ་མི་ཟད་བབ་ནི་འདི་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་དང་ཆུད་ཟ་བ་དང་ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་དང་བུ་རམ་ཤིང་གི་ཞིང་ཕུན་སུམ་ཚོགས་པ་ལ་ནད་ཀྱི
་རིགས་དམར་པོ་ཞེས་བྱ་བ་བྱུང་ན་འདི་ལྟར་བུ་རམ་ཤིང་དེ་ཉིད་ཤིན་ཏེ་མ་དང་ཆུད་ཟ་བ་དང་ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་ལྟ་བུ་དག་ཡོད་ཀྱིས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་སློང་འདི་དང་དགེ་སློང་མ་འདིས་བསྟན་པའི
་ཚད་མ་འཛིན་ཅིག་འདི་ལྟར་དགེ་སློང་འདི་དང་དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འབུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱི་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་རྣམས་ལ་ལྟོས་ཤིག་ཅིག་སྨྲས
་པར་བྱའོ།། མི་སྤྲོ་ན་གསོལ་བར་བྱའོ་ཞེས་བྱ་བ་ནི་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་དང་ཁྱིམ་རྣམསུ་སོ་སོར་གོ་བར་བྱེད་པ་མི་སྤྲོ་ན་ཐམས་ཅད་ཀྱིས་དགེ་སློང་དང་དགེ་སློང་མ་འདི་གཉིས་སྡིག་ཅན་ཡིན་ནོ་ཞེས་ཁྱིམ་དུ་སོ་སོར་གི་བར
་བྱའོ་ཞེས་བྱ་བ་དེའི་དོན་དུ་གསོལ་བར་བྱའོ།། ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ།། འདུ་ཤེས་གང་ལ་ཞེ་ན། དེའི་ཕྱིར་ཉན་པ་པོ་མི་ཤེས་པ་ཉིད་དང་བསྙེན་པར་མི་རྫོགས་པ་ཉིད་དག་དང་ལྡན་པ་ལའོ།
་ཞེས་བྱ་བ་སྨོས་ཏེ། ཉན་པ་པོ་བསྙེན་པར་མ་རྫོགས་པ་ཉིད་ལ་ཕམ་པ་དང་དགེ་འདུན་ལྷག་མའི་ལྟུང་བ་གང་ཡིན་པ་དེ་འདི་ལས་ཤེས་པ་ཡིན་ཏེ། དེ་ལ་ཡང་ཉན་པ་པོས་མི་ཤེས་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ།། ཅི་ཞིག་རྗེ་སུ
་བསྒྲུབས་ན་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སྨྲས་ནའོ་ཞེས་བྱ་བ་སྨོས་སོ།། བརྗོད་པར་བྱ་བ་ཅི་ཞིག་སྨྲས་པས་ཤེ་ན། དེའི་ཕྱིར་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མའི་ལྟུང་བ་གང་ཡིན་པ་དེ་འདི
་དགེ་སོ་སོར་ཡང་རུང་བསྡུས་པ་ཡང་རུང་ངོ་ཞེས་བྱ་བ་སྨོས་སོ།། དོན་དུ་མོ་ཉིད་ལ་ཚིག་ཐ་དད་པ་མེད་དོ་ཞེས་བྱ་བ་ནི་དེའི་ཕྱིར་བསྡུས་པ་དེ་ཉིད་ལྟུང་བྱེད་གཅིག་ཉིད་ཡིན་ཏེ་མིག་གཅིག་ཡིན་པའི་ཕྱིར་རོ།། འདི་ལྟ་སྟེ་དཔེར་ན་འདིས
་སྲོག་ཆགས་ལྔ་བསད་དོ་ཞེས་བྱ་བ་ལ་དོན་ལྔ་པོ་འདི་རྣམས་ལ་གནས་གཅིག་ཏུ་ཅིག་ཅར་རྫུན་དུ་སྨྲ་བས་རྫུན་དུ་སྨྲ་བའོ།། འདི་དག་ལས་གཞན་པའི་ཁ་ན་མ་ཐོ་བ་བརྗོད་པ་ནི་འདིའི་རྗེས་སུ་འབྲང་བས
་ཉེས་བྱས་ཡིན་པར་རིག་པར་བྱའོ།། རྗོད་པར་བྱེད་པ་ཇི་ལྟ་བུ་ལ་ཞེ་ན། དེའི་ཕྱིར་བསྒོ་བ་མ་བྱས་པ་ལའོ་ཞེས་བྱ་བ་སྨོས་ཏེ། བརྗོད་པའི་ཕྱིར་གང་ལ་བསྐོས་པ་མ་བྱས་པ་དེ་ལའོ།། ཅི་གནས་སྐབས་ཐམས་ཅད་ལའམ་ཞེ་ན། དེའི
་ཕྱིར་དགེ་འདུན་ལ་མ་གསོལ་བ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་ལ་བརྗོད་ནས་དེའི་ཕྱིར་གསོལ་བ་ལ་ནི་བརྗོད་ཀྱང་ལྟུང་བ་མེད་དོ།། བདེན་པར་སྨྲས་པ་ལ་འདི་ཞེས་བྱ་བར་རིག་པར་བྱ་སྟེ། རྫུན་དུ་སྨྲས་ན་ནི་ལྟུང་བ་གཞན་པར
་བཞག་པའི་ཕྱིར་རོ།། གནས་ངན་ལེན་པ་བརྗོད་པའོ།། སྨྲ་བའི་ཕམ་པར་འགྱུར་བ་ལ་ཆོ་གོ་གང་ཡིན་པ་དེ་ཉིད་མི་ཆོས་བླ་མི་བརྗོད་པའི་ལྟུང་བྱེད་དོ།། དེའི་ཕྱིར་དེའི་ཚེ་གོ་ཡོད་པས་ཁས་བླངས་ནས་བྱེ་བྲག་སྨྲས་པ་ནི་བདེན
་བ་ཉིད་ནའོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་རྣམ་པར་མ་གཞག་ནས་ཡོད་པ་འམ་མེད་པའི་བླ་མའི་བདག་ཉིད་ཀྱི་མི་ཆོས་ཀྱི་རིགས་པ་ཉིད་བརྗོད་ན་ཞེས་བྱ་བའི་དོན་ཏོ།། གང་ཟག་ཅི་འདྲ་བ་ལ་བརྗོད་ན་ཞེ་ན། དེའི་ཕྱིར་བདེན་མ
་མཐོང་བ་བསྐྱེན་པོར་མ་རྫོགས་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ཞུག་ཁ་ཅིག་ལས་བདེན་པ་མཐོང་བ་ལྟ་བ་ཕུན་སུམ་ཚོགས་པ་ལ་བརྗོད་ན་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། འཕྱེ་བ་ཡོངསུ་གོས་ལ་བའི་ངན
་དུ་འདི་བཏགས་པའོ།། ལྟ་བ་ཕུན་སུམ་ཚོགས་པ་ལས་གླགས་ཡོད་པ་མ་ཡིན་ནོ།། དེ་བས་ན་རིགས་པའི་ངོ་བོ་ཉིད་ཀྱི་རྣམ་པར་ངེས་ནས་བདེན་པ་མཐོང་བའི་ཚིག་བྱས་སོ།། ཁྱིམ་པའི་མདུན་དུ་རྫུ་འཕྲུལ་རྣམ་པར་བསྟན་པར་མི
་བྱའོ་ཞེས་བྱ་བ་ནི་འདུལ་བའི་དོན་ཉིད་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཕྲན་ཚེགས་དག་ལས་རྟོགས་པར་བྱའོ།། དགེ་སློང་མས་སྟོན་པའི་སྤྱན་སྔར་མི་བྱའོ་ཞེས་བྱ་བ་ནི་སྤྱན་སྔར་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱའོ།། ཞེས་བྱ་བར
་སྦྱར་རོ།། རྣམ་པ་འདི་གཉིས་ནི་ཕྲན་ཚེག་ས་ལས་འབྱུང་།། མིའི་ཆོས་བླ་མ་བརྗོད་པའོ།། གལ་ཏེ་བསྟན་པ་ཉིད་དུ་དགོས་ན་གསོལ་བ་སྔར་བསྟན་པའི་དོན་བྱའོ་ཞེས་བྱ་བ་ནི་གསོལ་བ་བྱས་ནས་སྦྱིན་པར་བྱའོ།། འདིས་ནི་མི་གཡོ
་བར་འགྱུར་རོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ།། གང་ལ་སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དད་པ་ཕུལ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ཡང་དག་པར་རུང་བར་བྱས་ནས་ཞེས་གསུངས་པ་ཡིན་ནོ།།
་ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ཁ་ཅིག་གིས་བྱས་པ་སྟེ། དེ་ནི་ཉམས་པར་ཡང་དག་པར་རིག་པར་བྱའོ།། མི་སྲིད་པ་ཉིད་ཀྱི་ཕྱིར་བསྐྱེད་པས་བྱས་པའི་གྲོགས་དག་གིས་འཕགས་པའི་རྫས་ཀྱི་ཕྱིར་ལེགས་པར་རུང་བ
་ཉིད་ལ་སྐྱེ་བར་ཉིད་ཡོན་ལག་ཉིད་དུ་སོང་ནས་གནས་པར་བྱེད་ཅེས་བྱ་བའོ།། འདིར་འདི་ཙམ་དོན་ཉིད་ཀྱི་ཕྱིར་རོ།། རྣམ་པར་འབྱེད་པ་ལས་ཡོང་དག་པོར་རུང་བར་བྱ་སྟེ་ཞེས་བྱ་བའི་འདོད་པ་བྱིན་ནསོ།། ཅི་ཞིག་བྱས་ན་སྐུར་པ
་འདེབས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་གི་དགེ་འདུན་གྱི་ཟས་ཀྱིས་རྙེད་པ་མ་ཡིན་པ་དགེ་སློང་གི་གང་ཟག་ལ་ལོག་པར་བསྔོས་པ་ཡང་དག་པ་མ་ཡིན་པའི་དོན་ཉིད་གཞན་ལ་ཡང་མིང་མ
་སྨོས་པར་བརྗོད་ན་ཡང་ངོ་ཞེས་བྱ་བ་སྨོས་ཏེ། ཡང་དག་པ་མ་ཡིན་པའི་དོན་ཉིད་ཡོད་པ་ལ་ཟས་ཀྱི་རྙེད་པ་མ་ཡིན་པ་ལས་གཞན་དགེ་སློང་གི་དགེ་འདུན་གྱི་རྙེད་པ་ལ་དགེ་སློང་གི་གང་ཟག་ལ་ལོག་པར་བསྔོས་པ་ཉིད་ཀྱིས་བརྗོད
་པ་ལ་གཞན་ལ་ཡང་མིང་མ་སྨྱོས་པ་ཞེས་བྱ་བའི་དོན་ཏོ།། གང་ཟག་ལ་ཞེས་བྱ་བ་ནི་འདིར་དགེ་སློང་ངམི་ཁྱིམ་པ་གཞན་ཡང་གང་ཟག་གི་སྒྲས་བཟུང་བ་ཤེས་པར་བྱའོ།། བདག་ཉིད་གཅིག་པུ་མ་ཡིན་ནོ།། འདིར་གཞན་བརྗོད་པ་ཆ
་མ་གཉིས་ཀྱིས་མ་རྙེད་པ་བདག་ཉིད་མ་ཡིན་པ་དང་དགེ་སློང་ལ་བསྔོ་བར་བྱེད་ཅེས་བྱ་བ་རྫུན་དུ་སྐྱེ་བས་གཞན་ལ་བརྗོད་པ་ཉིད་ཀྱིས་ཕྱིར་རོ།། བཟུང་ནས་མི་སྦྱིན་པ་དག་ལ་ཡང་མངོན་པར་བརྗོད་པ་འདི་ནི་ཤིན་ཏུ་སྡིག་ཆེ་བར་ཤེ
་པར་བྱའོ།། ཁ་ཅིག་ནི་བདག་ཉིད་ལ་གང་ཟག་གི་བསྔོ་བར་བྱ་ཞེས་བྱ་བའི་མདོ་བྱེད་པ་ཡིན།། འདིའི་རྣམ་པར་འབྱེད་པ་ནི་བདག་ཉིད་ལ་གང་ཟག་གི་བསྔོ་བར་བྱ་ཞེས་བྱ་བ་བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་སོ་ཞེས་བྱ་བ་དེ་ནི་མིར
་ཏེ་ཇི་ལྟར་བཤེས་ངོར་ཞེས་བྱ་བ་འོད་དང་འགལ་བའི་ཕྱིར་རོ།། ཞུ་བ་ལས་ཀྱང་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་དགང་འདི་སྐད་ཅེས་ཚེ་དང་ལྡན་པ་བདག་གིས་འོད་ལྟར་བཤེས་ངོར་བྱས་ཏེ།། དགེ་འདུན་གྱི་རྙེང་པོ་བསྔོས་པ
་གང་ཟག་ལ་བསྔོ་བར་བྱེད་དོ་ཞེས་ཟེར་ན་ཞེས་གསུངས་སོ།། དགེ་སློང་འདུན་གྱི་རྙེད་པར་བསྔོས་པ་བདག་གིས་ཤེས་པ་ཡིན་ནོ།། ཇི་ལྟར་བཤེས་པོར་བྱས་པའི་དགེ་སློང་རྣམས་ཀྱིས་བསྔོ་བར་བྱེད་ཅེས་གསུང་སོ།། ཡི་གེ་གཞན་ལྟུ
་ཤེས་པ་འདིར་རྟགས་ནི་བསྔོ་བར་བྱ་ཞེས་གསུངས་པའོ།། རིང་དུ་མ་འབྲེལ་པ་ཉིད་དགེ་སློང་གི་དགེ་འདུན་ལས་ཟས་ཀྱི་རྙེད་པ་མ་ཡིན་པ་ཞེས་བྱ་བའོ།། ཟས་ཀྱི་ཡིན་པར་འགྱུར་བའི་དགེ་འདུན་གྱིས་རྙེད་པ་ལ་དགེ་སློང་རྣམས་ཀྱི
་ཡང་དགེ་འདུན་གང་ཡིན་པ་སྟེ། གཞན་རྣམས་ནི་མ་ཡིན་ནོ།། འདིར་ཟས་ཀྱི་རྗེས་སུ་འབྲངས་པས་འདི་ལ་ཉེས་བྱསུ་རྟོགས་པར་བྱའོ།། རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི་རྣམ་པ་གཉིས་ཏེ། གོས་ཀྱི་རྙེད་པ་དང་ཟང་ཟིང་གི་རྙེད་པའོ།།
་དོན་འདི་ལ་ནི་གོས་ཀྱི་རྙེད་པ་མངོན་པར་འདོད་པ་ཞེས་བྱ་བ་འདི་འདིར་ཟས་མ་ཡིན་པའི་ཚིག་གིས་གཞུང་སྟེ། འདིར་གཞུང་ནི་ལོག་པར་བསྔོས་པ་ཉིད་ཀྱིས་ཞེས་བྱ་བ་སྟེ། ཆོས་ཀྱི་ཞེས་བྱ་བ་སྟེ། ཇི་ལྟར་བཤེས་ངོར་མ་བྱིན་ཞེས
་བྱ་བའོ།། གཞན་ཡང་འདིར་གཉིས་ཀ་འདོད་པ་ལ་སོགས་པ་ལོག་པའི་རྣམ་པ་ཡོད་དེ། དེ་དམིགས་ཀྱིས་བསལ་བྱ་ལ་ཉེས་པ་མེད་པ་འམ། ན་སྨད་པ་ཉིད་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་བྱེ་བྲག་མེད་པར་གསུངས་སོ།།
་ཞིག་གིས་དམིགས་ཀྱིས་བསལ་བ་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་གིས་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་འདིར་བསྔོ་བར་བྱེད་ཅེས་བྱ་བ་མདོ་ལས་མང་པོ་ཚིག་གིས་རེ་རེ་བཞིན་དུ་ཡང་བརྗོད་པ་ལ་འདིར་ལྟུང་བ་ཡིན་ཏེ། ཅིག
་ཅར་མང་པོ་རྣམས་བརྗོད་པ་ལ་ཇི་ཙམ་དུ་སྐུར་པ་གདབ་པར་བྱ་བའི་ལྟུང་བ་རྣམས་དེ་ཙམ་ཡིན་ནོ་ཞེས་བྱ་བ་འདིར་གཅིག་པའི་ཚིག་གིས་འདིར་བསྟན་པར་རིག་པར་བྱའོ།། གཞན་ལ་ཡང་ཞེས་བྱ་བ་ནི་སྐུར
་པ་གདབ་པར་བྱ་བ་ཐོབ་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཉན་པ་པོ་གཞན་ལ་ཡང་གོ་བར་བྱེད་ནི་འདིར་དངོས་གཞི་སྟེ། འོན་ཀྱང་གང་ཡང་རུང་བའི་མིའི་འགྲོ་བར་གཏོགས་པ་ལ་ཞེས་བྱ་བའི་དོན་ཏོ།། འདི་ལ་སྟེར་བར་འདོད་ན་རྫུན་དུ་སྨྲ་བ
་ལ་དངོས་གཞིའོ།། མི་སྟེར་བར་འདོད་ན་ཉེས་བྱས་སོ།། གཉིས་ཀའི་རྫུན་དུ་མི་སྨྲ་བ་ལ་ལྟུང་བ་མེད་དོ།། ལོག་པ་ཉིད་དུ་ཤེས་བཞིན་དེ་མ་ཡིན་པ་ལ་སྟེར་བ་ལ་ནི་ཉེས་བྱས་ཞེས་བྱ་བ་འདིར་རྣམ་པར་བཞག་པ་འདིར་རིག་པར་བྱའོ།།
་མང་མ་སྨོས་པར་ཞེས་བྱ་བ་ནི་མིང་མ་ཡིན་པར་བཟུང་བ་ཉིད་ལ་ཡང་འདིར་དངོས་གཞི་ཁོ་ན་ཞེས་བྱ་བའི་དོན་ཏོ།། བརྗོད་ན་ཡང་ངོ་ཞེས་བྱ་བ་ནི་ཡོངསུ་བསྔོ་བ་ཉིད་དེ་ཀྱིསོ།། ཡང་དག་པ་མ་ཡིན་པའི་དོན་ཉིད་ཅེས་བྱ་བ་འདི་ནི་དངོས
་གཞིའོ།། སྐུར་པ་འདེབས་པའི་ལྟུང་བྱེད་དོ།། ཁྱད་དུ་གསོད་པའི་ལྟུང་བྱེད་སྨྲ་བར་འདོད་ནས་འདུལ་བ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། འདུལ་བ་དང་ཡང་དག་པར་ལྡན་པའི་སོ་སོར་ཐར་པ་འམ། དེ་རྣམ་པར་འབྱེད་པ་ལས
་སོགས་པ་གཏོགས་པ་ལའོ།། ཕྲན་ཚོགས་དང་སིལ་བུ་དང་གླེང་གཞི་རྣམས་སམ་བཞི་རྣམས་ལ་འདུལ་བའི་མ་མོ་འམ། འདུལ་བའི་དཀའ་འབྲེལ་ལམ་འདུལ་བ་དྲུག་པ་འམ། གཅིག་ལས་འཕྲོས་པ་འམ་འདུལ་བ་མ་མོ
་ལ་ཡང་དག་པར་གནས་པ་བརྗོད་པ་གང་ཡིན་པ་ལ་བརྙས་ཐབསུ་གྱུར་པ་ན་ཁྱད་པར་དུ་གསོད་པའི་ལྟུང་བྱེད་ཅེས་བྱ་བའི་དོན་ཏོ།། འདིར་བརྙས་ཐབས་ཀྱི་བྱེ་བྲག་ལས་ལྟུང་བའི་བྱེ་བྲག་ཏུ་ཤེས་པར་བྱའི་དོན་པའི་བྱེ་བྲག་ལས་ནི་མ་ཡིན་ཏེ།
་གཅིག་ཏུ་འདོན་པ་ལ་ངག་རྣམས་ཐམས་ཅད་ལ་ལྟུང་བ་གཅིག་ཉིད་དེ་གཞན་ཞེས་བྱ་བ་ཆ་ཤས་དང་རྒྱུ་དང་སྔགས་དང་སོ་སོར་ཐར་པའི་མདོ་འདོན་པ་ལས་ཕམ་པའི་ཆོས་བཞི་འདོན་པར་གྱུར་པ་རྣམས་ལ་བརྗོད་པར་བྱ་ཞེས་བྱ་བ་ལ་སོ
་པའི་ཚིག་གིས་འདིར་སོ་སོར་ཐར་པའི་མདོ་ལས་གསུངས་པ་ནི་འདུལ་བ་ལྷག་མོ་རྣམས་ཀྱིས་དཔེ་ཙམ་དུ་ཟད་དེ། ཇི་སྲིད་དུ་དགེ་སློང་གིས་འདུལ་བ་དང་ལྡན་པ་གང་ཇི་ཙམ་བརྗོད་པ་ལ་བརྙས་ཐབས་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་འགྱུར།།
་ཞེས་བྱ་བ་རྣམ་པར་འབྱེད་པ་ལས་གསུངས་པའི་ཕྱིར་རོ།། མདོ་སྡེ་ལས་ནི་ཉེས་བྱས་ཞེས་བྱ་བ་ནི་འདུལ་བ་དང་ལྡན་པ་ལས་གཞན་པའི་མདོ་སྡེ་མངོན་པ་དེང་འདུལ་བ་དང་ལྡན་པ་འདུལ་བའི་མདོ་དག་གི་རྣམ་པར་འབྱེད་པ་ཉིད་ཀྱི་ཕྱིར
་འདི་ལས་ལྷག་པ་མེད་པ་ཞེས་བྱ་བ་འདིར་རྗེ་སུ་འགྲོ་བའོ།། ཁྱད་དུ་གསོད་པའོ།། ལག་གི་བློས་མཆོད་རྟེན་དང་དགེ་འདུན་གྱི་དོན་དུ་ཤིང་ལྗོན་པ་བཅད་པར་བྱའོ་ཞེས་བྱ་བ་སྟེ། ཇི་ལྟར་ཞེ་ན། དེའི་ཕྱིར་དེའི་མདུན་རོལ་དུ་ཉི་མ་བདུན་ནམ
་བརྒྱད་དག་ནས་དེའི་དྲུང་དུ་དཀྱིལ་འཁོར་དང་དྲི་དང་མེ་ཏོག་དང་མར་མེ་དང་གཏོར་མ་སྦྱིན་པ་དང་རྒྱུན་ཚགས་གསུམ་གནོད་པ་དང་སྦྱིན་པ་བཤད་པ་དག་བྱས་ནས། ལྷ་གང་དག་ཤིང་ལྗོན་པ་འདི་ལ་གནས་པ་དེ་དག་གནས་གཞན་ཆོ
་ཅིག། ཤིང་ལྗོན་པ་འདིས་མཆོད་བརྟེན་ནམ་དགེ་འདུན་གྱི་བྱ་བ་བྱེད་པར་འགྱུརརོ་ཞེས་བརྗོད་ནས་སྨྲ་བ་པོས་ཤེས་པར་གྱིས་ཤིག་བྱའོ་ཞེས་བྱ་བ་སྨོས་ཏེ། དེའི་མདུན་རོལ་དུ་ཞེས་བྱ་བ་ནི་གཅོད་པའི་མདུན
་རོལ་དུ་སྦྱིན་པ་བཤད་པར་བྱས་ནས་ཞེས་བྱ་བ་ནི་ཐམས་ཅད་དེ་ན་གནས་པའི་ལྷ་ལ་བརྟེན་པར་བྱས་ནས་ཞེས་བྱ་བའི་དོན་གྱིས་ཤེས་པར་བྱའོ།། མཆོད་རྟེན་ནམ་ཞེས་བྱ་བ་ནི་མཆོད་རྟེན་གྱི་དོན་ཉིད་ལ་མཆོད་རྟེན་ལ་ཞེས་བྱ
་པ་བརྗོད་པར་བྱའོ།། དགེ་འདུན་གྱི་ཞེས་བྱ་བ་ནི་དགེ་འདུན་གྱི་དོན་ཉིད་ལ་ཞེས་བྱ་བ་ནི་བརྗོད་པར་བྱའོ།། གལ་ཏེ་མེ་འབྱུང་བ་འམ་ཁྲག་འཛག་པ་འམ་ཡན་ལག་འགུལ་བ་འམ་ལོ་མ་ལྷགས་པ་ལ་སོགས་པ་རྣམ་པར་འགྱུར་བ་སྟོན
་ན། དེས་ཞིང་ལ་སྦྱིན་པ་དང་སེར་སྣ་དག་གི་བསྔགས་པ་དང་བསྔགས་པ་མ་ཡིན་པ་བརྗོད་པར་བྱའོ་ཞེས་བྱ་བ་ལ། ཞིང་དང་ལྷན་ཅིག་ཏུ་སྦྱིན་པ་ནི་དེས་ཞིང་ལ་སྦྱིན་པའོ།། ཞིང་ནི་སངས་རྒྱས་དང་དགེ་འདུན་གྱི་བདག་ཉིད་ལ་བསྔ་སྲ
་པ་བརྗོད་པར་བྱའོ།། སྦྱིན་པ་ལ་ཡང་སེར་སྣའི་བསྔགས་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།། མི་གཏོང་ན་བཅད་པར་མི་བྱའོ་ཞེས་བྱ་བ་ནི་དེ་ལྟར་བྱས་ཀྱང་མེ་འབྱུང་བ་ལ་སོགས་པའི་རྣམ་པར་འགྱུར་བས་མ་གཏོང་ན་སྤྱད་པར
་མི་སྤྱད་བྱའོ།། ཞེས་གཙོ་བོའོ།། ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ།། མ་ཉམས་པ་ཉིད་ལའོ་ཞེས་བྱ་བ་སྟེ། གང་དུ་ཡིན་ཞེ་ན། དེའི་ཕྱིར་ས་བོན་དང་ཁྱིའུ་ཁ་མཐོན་པ་རུང་བ་དག་གིའོ་ཞེས་བྱ་བ་སྨོས་ཏེ། ས་བོན
་རུང་བར་མ་བྱས་པ་དང་། ཁྱེའུ་ཁ་མཐོན་པ་ལ་ཞེས་བྱ་བའི་དོན་ཏོ།། འདིར་རྩ་ལ་སོགས་པ་སྐྱེ་བ་ཁྱེའུ་ཁ་མཐོན་པ་ཞེས་བྱ་བར་བརྗོད་དོ།། རུང་བར་མ་བྱས་པ་ཞེས་སྨོས་པས་ནི་རུང་བར་བྱེད་པ་ཉིད་ཡོད་ཀྱང་ས་བོན་འདི
་ལ་ལྟུང་བ་མེད་དོ་ཞེས་བྱ་བར་རིག་པར་བྱའོ།། འདིར་ཅི་ཞིག་རྗེས་སུ་བསྒྲུབ་ན་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཐ་ན་རྩ་རྒྱུན་ཆད་ཉམས་པར་བྱས་ནའོ་ཞེས་བྱ་བ་སྨོས་ཏེ། ཡན་ཆད་ཀྱི་སྒྲས་ཅི
་མངོན་པར་ཁྱབ་པར་བྱས་པའི་དོན་ལའོ།། ཐ་ན་རྩ་རྒྱུན་གྱི་ཡན་ཆད་ཀྱི་ས་བོན་འདི་དག་ལ་ཁྱེའུ་ཁ་མཐོན་པ་སྟེ། གང་ཡང་རུང་བ་དག་ལ་ནི་མི་ཡིནོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཤིང་ལྗོན་པའི་རྩི་རྒྱུན་འབྱིན
་པར་བྱེད་ན་ཉེས་བྱས་སུ་འགྱུརརོ་ཞེས་གསུངས་པ་ཡིན་ནོ།། ཇི་ལྟར་ཉམས་པ་དང་གཅོད་པ་དང་རུང་བ་ལ་སོགས་པ་ཉིད་ཀྱི་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཇི་ལྟར་ཡང་རུང་ངོ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་བསྟན་པའི
་སྤྲུག་པས་ཀྱང་ངོ་ཞེས་བྱ་བ་སྨོས་སོ།། འདིར་གཞུང་ནི་བཙུན་པ་དགེ་སློང་གི་ཤིང་ཏོག་རྣམས་སྤྲུག་ཅིང་གློགས་པར་བགྱིད་ན་ལྟུང་བ་ཅིར་འགྱུར། གལ་ཏེ་ཤིང་ཏོག་སྨིན་པ་དོག་ཡིན་ན་ནི་ཉེས་བྱས་སོ།། ཇི་སྟེ་མ
་སྨི་ན་པ་དག་ཡིན་ན་ནི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ།། རྩ་བ་དང་འདབ་རྫཔ་དང་ས་རྡུལ་ལ་སོགས་པ་དག་གིས་མནན་པས་ཀྱང་ངོ་ཞེས་བྱ་བ་ལ། འདིར་གཞུང་ནི་བཙུན་པ་དགེ་སློང་གི་རན་ནོམ་འདའ་རྫའི་འམ
་ས་རྡུལ་གྱི་ཤིང་ལྗོན་པ་ཉམས་པར་གྱུར་ཅིག། རྣམ་པར་ཉམས་གྱུར་ཅིག་ཅེས་གནོན་པར་བགྱིད་ཅིང་རྩ་སྔོན་པོ་ས་རྡུལ་ལམ་ཕྱེ་མ་འམ་གཞན་གང་ཡང་རླ་བས་འགེབས་པར་བགྱིད
་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ།། འདིར་སྦྱོར་བ་ཙམ་ལ་དགོངས་ནས་ཤིང་ལ་སོགས་པ་མནན་པ་ལ་སོགས་པ་ལ་ཉེས་བྱས་ཀྱི་ཚིག་གོ། འདིར་འདམ་རྫབ་ཀྱི་ཚིག་གིས་བཟུང་བའོ།།
་ཁུ་ཚན་ལ་སོགས་པས་ཀྱང་ངོ་ཞེས་བྱ་བ་ལ། ཁུ་ཚན་ཞེས་བྱ་བ་ནི་འུ་ཤ་ཞེས་བྱ་བ་ལ་སོགས་པ་ཁུ་བ་ཆེ་བ་གཏོར་བའོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་འཆག་པ་དང་ཡལ་ག་ལ་སོགས་པ་འདྲེན་པ་དང་དཀྱིལ
་འཁོར་དང་སྐྱང་ནུལ་ལ་སོགས་པ་དག་ཀྱང་བསྡུའོ།། འདིར་གཞུང་ནི་དགེ་སློང་གིས་སྡེའི་ཕྱོགས་སུ་འུ་ཤུ་ཚ་བ་འཐོར་ཞིང་སྙིང་པོ་འཐོར་བར་བྱེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། རླུང་དང་ཉི་མ་ལ་འཇོག
་པས་ཀྱང་ངོ་ཞེས་བྱ་བ་ལ་འདིར་གཞུང་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་སློང་མས་སྔ་བོན་གྱི་རིགས་ལྔ་པོ་འདི་དག་ཉམས་པར་གྱུར་ཅེས་རླུང་དང་ཉི་མ་ལ་འཇོག་པར་བྱེད་ན་གལ་ཏེ་ས་བོནི་རྣམ་པར་ཉམས
་པ་ནི་ལྟུང་བྱེད་དོ།། ཇི་སྟེ་རྣམ་པར་མ་ཉམས་པ་ན་ནི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ།། ས་གཞི་སྐམ་པོར་ཡང་ངོ་ཞེས་བྱ་བ་ལ་འདིར་གཞུང་ནི་དགེ་སློང་གིས་ས་བོན་གྱི་རིགས་ལྔ་པོ་དག་ཉམས་པར་གྱུར་ཅིག་ཅེས་སོ
་གཞི་སྐམ་པ་པོར་འཇོག་པར་བྱེད་ན་གལ་ཏེ་ས་བོན་ཉམས་ན་ནི་ལྔར་འགྱུར་རོ།། གལ་ཏེ་རྣམ་པར་མ་ཉམས་ན་ནི་ཉེས་བྱས་ལྷུར་འགྱུརརོ།། ཞེས་གསུངས་པ་ཡིན་ནོ།། བསམ་པ་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་ངེས་འདུན་པས
་ཞེས་བྱ་བ་སྨོས་ཏེ། ཉམས་པར་འདུན་པས་སོ།། ཅི་རང་ཁོ་ནས་སམ་ཞེ་ན། དེའི་ཕྱིར་རངས་གཞན་གྱིས་ཀྱང་རུང་ངོ་ཞེས་བྱ་བ་སྨོས་ཏེ། འདིར་གནས་སྐབས་གང་ལ་ཁ་ན་མ་ཐོ་བ་ཇི་ལྟ་བུ་དག་ཉམས་པ་ལོ་བྱེད་པ་པོ་ཉིད་ཡི
་ཞེ་ན། དེའི་ཕྱིར་ཉམས་པར་གྱུར་ཞེ་ན། དངོས་གཞི་དག་གོ་ཞེས་བྱ་བ་སྨོས་ཏེ། ཉམས་པར་གྱུར་པ་ནི་དངོས་གཞིའི་ལྟུང་བ་དག་ཀྱང་འབྱུང་པོ་ཞེས་བྱ་བའི་དོན་ཏོ།། སྦྱོར་བ་གཅིག་གིས་དབང་གིས་ས་བོན་མང་པོ་དག་ཉམས་པར
་བྱེད་ན་ཅིག་ཅིག་གམ་མང་པོ་ལ་ཡིན་ཞེ་ན། དེའི་ཕྱིར་ཉམས་པར་བྱ་བའི་གྲངས་དག་གིའོ་ཞེས་བྱ་བ་སྨོས་ཏེ། ཉམས་པར་བྱ་བ་འདི་རྣམས་ལ་གྲངས་ཡོད་པས་ཞེས་བྱ་བ་འདིར་བསྡུའོ།། ཇི་ལྟར་ཉམས་པར་བྱ་བ་དག་གི
་གྲངས་ཀྱིས་ལྟུང་བ་རྣམ་པར་བཞག་པར་བསྟན་ཅིང་། སྡོང་པོ་དང་ཡོལ་ག་དང་འདབ་མ་ལས་གྲངས་རྣམ་པར་བཞག་པར་བྱ་རམ་ཞེ་ན། དེའི་ཕྱིར་སྡོང་བུ་ལས་སོ་ཞེས་བྱ་བ་སྨོས་ཏེ། སྡོང་བུ་རྩུབས་ཤིང་ལྗོན་པ་གཅོད་པར་བྱེད་ན
་ཡང་ཡལ་ག་ཕྲ་མོ་དང་འདབ་མ་དུ་ཉིད་ཡོད་དུ་ཟིན་གྱིས་ཀྱང་ལྟུང་བ་གཅིག་ཁོ་ནར་འགྱུར་ཏེ། དེ་བཞིན་དུ་ཡལ་ག་དག་རང་གི་སྡོང་བུ་ལས་གཅད་པ་ལེ་ཡལ་ག་ཕྲ་མོ་དང་འདབ་མ་མང་པོ་ཉིད་ཡོད་པ་དང་། ཡེལ་ག་ཕྲ་མོ་དགོ་རང
་གི་སྡོང་པོ་ལས་བཅད་པ་ལ་འདབ་མ་མང་པོ་ཉིད་ཡོད་པ་དང་། འདབ་མ་དག་རང་གི་སྡོང་བུ་ལས་བཅས་པ་ལས་འདབ་མ་བདུན་པ་ལྟར་འདབ་ལ་མང་བ་ཉིད་ཡོད་པ་དང་། ཨེ་རནྟའི་འདབ་མ
་ལྟར་ཡལ་ག་མང་པོ་ཉིད་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་ལྟུང་བྱེད་ཅིག་ཁོ་ནར་འགྱུར་རོ།། སྡོང་བུ་ཞེས་བྱ་བ་ནི་འདིར་འོག་མའི་ཆའི་དཔེ་ཡིན་ཏེ། དེ་ལྟ་བས་ན་འདབ་མའི་ཡལ་གེ་བཅད་པ་དང་། ལྕུག་མའི་མགོ་ལྕོགས་བཅད
་ན་ཡང་འདིར་དངོས་གཞི་སྟོན་པ་ཉིད་དོ།། སྡོང་བུའི་ངོས་ནས་འདབ་མ་ལ་ཅུང་ཟད་བརྩེགས་པ་དང་། འདབ་མའི་རིམ་པ་ནས་ཅུང་ཟད་བརྩེགས་པ་ནི་སྦྱོར་བའི་ཉེས་བྱས་ཏེ། དངོས་གཞིན་མ་ཡིན་ཞེས་བྱ་བར་རིག་པ
་བྱའོ།། འདིར་གཞུང་ནི་དགེ་སློང་གི་ཤིང་ལྗོན་པ་གཅིག་སྦྱོར་བ་གཅིག་གིས་བཅད་ན་ཉེས་བྱས་གཅིག་དང་ལྟུང་བྱེད་གཅིག། དགེ་སློང་གིས་ཤིང་ལྡན་པ་གཅིག་སྦྱོར་བ་གཉིས་ཀྱིས་གཅོད་ན་ཉེས་བྱས་གཉིས་དང་ལྟུང
་བྱེད་གཅིག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ན།། སྐྱེ་བའི་ཕྱིར་མདོ་རྣམ་པར་བཤད་ནས་མདོ་དེ་ཉིད་ལས་ས་བོན་གྱི་ཕྱིར་འདི་ལྟར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན་གང་ཞིག་ཉམས་པར་བྱ་བའི་གྲངས་དག་གི
་ཞེས་སྨོས་པས་གཞན་ས་བོན་དུ་གྱུར་པ་གང་ཕྱོགས་གཅིག་པོ་དེ་བས་ན་མ་ཡིན་ཞེས་སྨོས་པ་ནི་སྡོང་བུ་ལས་ཞེས་བྱ་བ་སྨོས་སོ།། སྡོང་བུ་ཐམས་ཅད་ལ་གཅིག་པ་ཉིད་མངོན་པར་བརྟེན་པས་འདིར་གཟུགས་ཐམས་ཅད
་སྡོང་བུ་ཉིད་ཀྱིས་བརྗོད་པར་རིག་པར་བྱ་སྟེ། རྩ་བ་དང་འབྲས་བུ་དག་ལ་ནི་འདི་མེད་པ་མ་ཡིན་ནོ།། དེ་བས་ན་འདི་དག་ལ་འདིས་མ་བསྡུས་པ་ཉིད་ནི་མ་ཡིན་ནོ།། གཟུགས་ཐ་དད་པ་རྣམས་ལ་སྦུབས་དང་ཡལ་ག་དག་ལ་འདི
་གནས་པའོ།། གང་ཞིག་ཐུ་གུ་དང་རྩེ་མོ་དག་ལའོ།། དེ་ལས་བྱུང་བའི་འབྲས་བུ་རྣམས་ལ་གཅིག་པ་ཉིད་དུ་མངོན་པར་བརྟན་པ་ལ་བྱིས་པ་ཉིད་དེ་ཕྱོགས་གཅིག་ཏུ་གྱུར་པའི་ས་བོན་ཉམས་པས་ས་བོན་ཉམས་པ་མ་ཡིན།
་དེ་བས་ན་ས་བོན་གྱི་ཕྱོགས་གཅིག་ཉམས་པ་ལ་ཡང་དངོས་གཞི་སྟེ། དེའི་ཕྱིར་འདི་ལ་བསྣུན་པ་རེ་རེ་ལས་དེ་ཐ་དད་པ་ཡིན་གྱི་དངོས་པོ་ལས་ནི་མོ་ཡིན་ནོ་ཞེས་བྱ་བར་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་སྦྱོར་བ་ལའོ།། དེ་ཞེས་བྱ
་བ་ནི་བསྣུན་པ་རེ་རེ་ལོ་དེ་ཐ་དད་པ་སྟེ། དངོས་པོ་ཐ་དད་པ་ལས་ནི་མ་ཡིན་ནོ།། བསྣུན་པ་ཇི་སྙེད་པ་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་དག་ཏུ་འགྱུརོ་ཞེས་བྱ་བའི་དོན་ཏོ།། བཏོན་ན་བསྐྱེད་པར་བྱ་བ་ཉིད་ཡིན་དུ་ཟིན་ཀྱང་མཐའ་ཉིད་དེ་ཞེས་བྱ
་པ་ནི་ཤིང་ལྗོན་པ་ལ་སོགས་པ་རང་གིས་གནས་ནས་བཏོན་པ་གང་ཡིན་པ་དེ་ལ་མཐའ་ཉིད་སྐྱེ་རུང་བའི་ཆོས་ཉིད་ཡོད་དུ་ཟིན་ཀྱང་ཉམས་པ་ལས་སྐྱེ་བར་ཉིད་དེ། དེའི་ཚེ་ཉམས་པ་ལས་ཞེས་བྱ་བའི་དོན་ཏོ།། སྐྱེར་མི་རུང་བ་ཉིད
་ཡོད་ཀྱང་སྔར་གྱི་རྣམ་པ་ཉིད་ཀྱི་སོ་སོར་བརྗོད་པ་ལ་འདི་ཉེ་བར་མ་སོན་པར་གྱུར་པའི་བྱེ་བྲག་ཡོད་དེ་ཞེས་བྱ་བ་ཤེས་བཞིན་པའོ།། སྐྱེར་རུང་བ་ཉིད་ལ་ནི་སྙིང་པ་ཉིད་ཡོད་དུ་ཟིན་ཀྱང་རོ་ཉིད་དུ་གྱུར་པའི་བྱེ་བྲག་མདོ་ཞེས་བྱ
་བ་ཡིན་ལ་ངེས་པར་ཐིམ་པ་ཡིན་ནོ།། དེ་བས་ན་འདིར་མདོ་འདི་བྱས་པའོ།། ཉཝ་ལྕིབས་དང་ཉ་ཚང་དགུ་ཆུ་ནས་གཏོན་པ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། ཉ་ལྕིབས་དང་ཉ་ཚང་དག་ཆུ་ནས་གཏོན་པ་ནི་དེ་ཉིད་དོ།།
་ཆུ་ནས་འདི་དག་ལ་བརྩོན་པ་དང་རྗེས་སུ་བཟུང་བ་དེ་ལ་དེའི་ཚེ་ན་གཅོད་པ་ཞེས་བྱའོ།། དེའི་ཚེ་ནི་འདི་དག་ལ་རོ་ཉིད་ཁས་བླངས་པའོ།། གང་ཞིག་སླར་བཅུག་པ་དག་ལོ་དེ་ལྟར་ཉིད་དུ་རྗེས་སུ་འཇུག་པས་དེ་ཡང་ས་བོན་ཉིད
་རྗེས་སུ་འཇུག་པ་ཉིད་ཀྱིས་ཉ་ལྕིབས་དང་ཉ་ཆུང་དག་ལ་གང་ཞིག་ས་དང་མ་འབྲེལ་པར་ཆུ་ལ་སྟེང་དུ་སྐྱེས་པ་དེ་ལ་འདི་བཤད་པའོ།། ཚིག་གུ་མ་བཅོམ་པར་རིལ་མིང་བྱེད་པ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་ཚིག་གུ་མ་བཅོམ་པ་ཞེས་བྱ་བ
་ནི་སོ་རྣམས་ཀྱིས་དུམ་བུར་མ་བྱས་པ་ལ་གང་ཞིག་རིལ་མིད་བྱེད་པ་ནི་ཟ་བར་བྱེད་པ་ལ་ཕྱེད་ཅེས་བྱ་བའི་ཚིག་སྨོས་པས་ནི་ཉེས་བྱས་ཡིན་པར་གོ་བར་བྱེད་དོ།། ཕྱེད་ཀྱིས་ཚིག་ཐམས་ཅད་དུ་ལྟུང་བ་གཅོད་པར་གྱུར་པའི་ཉེས་བྱས
་སྟོན་པར་བྱེད་པའོ།། འདིར་གཞུང་ནི་བཙུན་པ་དགེ་སློང་གི་རྒྱུ་ཤུགས་གི་ཚིག་གུ་མ་བཅོམ་པར་རིལ་མིང་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ།། འདི་ནི་ཚིག་གུ་མ་བཅོམ་པ་ལྟར་ཉམས་པར་བྱེད
་པ་དང་རིལ་མིང་བྱེད་པ་ཞེས་བྱ་བ་འདི་ལ་དོན་བྱས་པ་ཉིད་བཏབ་པ་དག་ལྟར་ལྷོར་བཅུག་པ་ལ་འདིར་བློས་ཡིན་གྱི་ཉམས་པའི་དོན་དུ་བཞག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ལྟོ་བ་དང་འབྲེལ་པར་ཉམས་པ་ལ་འདིར་ལྟུང་བ་རྣམ
་པར་བཞག་པར་བྱ་སྟེ། གང་ལ་འདིར་ཉམས་པའི་བློས་འབྱུང་བར་གྱུར་པ་དེ་ལ་དངོས་གཞིའི་ལྟུང་བ་བྱུང་བ་ཁོ་ན་ཡིན་ནོ།། ཞེས་བྱ་བར་རིག་པར་བྱའོ།། གལ་ཏེ་འདི་བཅད་པར་གྱུར་ནཱ་ལེགས་སོ་ཞེས་སྨྲས་ན་བཏོན་པའིའོ་ཞེ
་བྱ་བ་ལ། བཏོན་པོའིའོ་ཞེས་བྱ་བ་ནི་བཏོན་པའི་ཕྱེད་ཅེས་བྱ་བར་སྦྱར་རོ།། ལེགས་སོ་ཞེས་བྱ་བའི་བརྗོད་པ་འདི་ནི་བཏོན་པའི་ཕྱེད་ལ་འདི་ལྟར་བརྗོད་ཅིང་གཅོད་པར་བྱེད་པ་དངོས་གཞིའི་མཐའ་ཅན་གྱི་ཉེ་ས་བྱས་ཞེས་བྱ་བའི
་དྲན་ཏོ།། འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དགེ་སློང་འདི་སྐད་ཅེས་འདིས་ཤིང་ལྗོན་པ་འདི་བཅད་པར་གྱུར་ན་ལེགསོ་ཞེས་མཆི་ཞིང་དེས་འགུམ་པར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱསོ་ཞེས་གསུངས་པ་ཡིན་ནོ།། རྫུ་འཕྲུལ
་གྱིས་ནཱ་མ་བྱས་པ་ནི་ཉིད་དོ་ཞེས་བྱ་བ་ནི་རྣམ་པར་རོལ་པ་ཙམ་ཡིན་ཏེ་བྱ་བའི་ངོ་བོ་འཇུག་པ་འདི་མ་ཡིན་ཞེས་བྱ་བ་འདིས་ཤེས་པའོ།། འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་རྫུ་འཕྲུལ་གྱིས་ཤིང་ལྗོན་པ་འགུམས
་པར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེ་བར་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། ས་བོན་ལས་ས་བོན་གཞན་ཉིད་དུ་འདུ་ཤེས་པ་ལ་འདི་དེ་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་རྩ་བའི་ས་བོན་ལ་སོགས་པ་ལ་སྡོང་བུའི་ས་བོན་ཉིད
་དུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་དེ་ཕྱེད་ཉིད་ནི་མ་ཡིན་ནོ།། འདིར་སྐྱོན་ནི་མཚུངས་ཏེ་སྲོག་གཅོད་པ་ལྟར་ན་སྨད་པ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། སྐྱེ་བ་ལ་ཡང་ཆོ་ག་འོད་རྣམ་པར་གནས་པ་ཡིན་ཏེ། དེ་ཡང་འདིར་སཾ་བོན་ཉིད་ཀྱིས
་བརྗོད་པར་རྟོགས་པར་བྱའོ།། འདིར་ནི་རྩ་བ་ལ་སོགས་པའི་ས་བོན་ཉིད་ཡོད་པ་ཡིན་ཏེ། དེ་བས་ན་ས་བོན་སྐྱེ་བ་དག་ལ་ཡང་ཕན་ཚུན་ཉིད་དུ་ཕྱིན་ཅི་ལོག་ཏེ། འདི་ནི་དངོས་གཞིའི་ཁ་ན་མ་ཐོ་བ་སྟེ་ན་སྨད
་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཤུན་པ་དང་པྲི་དང་འད་བ་མ་སྐྱ་བོ་དང་། མེ་ཏོག་ཁ་བྱེ་བ་དང་འབྲས་བུ་སྨིན་པ་རྣམས་ནི་ཕྱེད་ཤི་བ་ཉིད་དུ་རྗེས་སུ་ཐ་སྙད་གདགསོ་ཞེས་བྱ་བ་ནི་ཤུན་པ་དང་ཕྲི་དང་འདབ་མ་སྐྱ་བོ་དང་མེ་ཏོག་ཁ་བྱེ་བ་དང་། འབྲས
་བུ་སྨིན་པ་དང་ཞེས་བྱ་བའི་དོན་བསྡུ་བའོ།། དེ་རྣམས་ནི་ཕྱེད་ཤི་བོ་ཉིད་ཅེས་བྱ་བ་འདི་ལྟུང་བ་ན་སྨད་པ་ཉིད་དེ་ཉེས་བྱས་ཞེས་བྱ་བའི་དོན་ཏོ།། འདིར་རབ་ཏུ་གྲགས་པ་ལ་བློ་ལྟུང་བ་ནི་རྗེས་སུ་ཐ་སྙད་གདགས་པོའོ།། འདི་རྣམས་ལ་ཕྱེ་ཤི་བ་ཉིད
་ནི་རབ་ཏུ་གྲགས་པ་ཁོ་ན་ཉིད་ནི་འདིར་སྟོན་བྱེད་ཀྱི་རྒྱུ་བཙལ་བར་བྱ་བ་ནི་མ་ཡིན་ཏེ་ཞེས་བྱ་བ་འདི་ལ་འདིར་ཡང་དག་པར་བསྟན་པོའོ།། དེ་དག་གི་རྩ་བར་གྱུར་པ་རང་བཞིན་ལས་མི་བྱེ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་རང་བཞིན་ལས་ཕྱེ་བ་བྲ
་བ་དེ་ནི་འོག་ནས་ཤུན་པ་ལ་སོགས་པ་རྣམས་ལ་རྩལ་བར་གྱུར་པ་དེ་ནི་ཕྱེད་ཤི་བ་ཉིད་དུ་རྗེསུ་ཐ་སྙད་དུ་གདགས་པ་མ་ཡིན་ཏེ། དེ་བས་ན་ཕྱོགས་ལས་འདི་རྣམས་སེལ་བར་བྱེད་པ་ལ་དངོས་གཞི་ཁོ་ནར་འགྱུརོ་ཞེས་བྱ་བའི་དོན་ཏོ།། འདིར་ཤུན་པ
་གཞུང་ནི་ཤུན་པ་འཆུ་བར་བྱེད་ཅིང་སྙིང་པོ་དང་འབྲེལ་པ་འཆུ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ།། སྙིང་པོ་དང་མ་འབྲེལ་བ་འཆུ་བར་བྱེད་ན་ནི་ཉེས་བྱ་སུ་འགྱུརརོ་ཞེས་གསུངས་པ་ཡིན་ཏེ། པྲི་དང་འདབ་མ་སྐྱ་བོ་དང་མེ་ཏོག་ཁ་ཕྱོ་བ་དང་། འབྲས་བུ་སྨོན་པ་རྣམས
་ལ་ཡང་འདི་ཏིད་རྣམ་པར་བཞག་གོ་ཞེས་བྱ་བ་ཐམས་ཅད་ལས་གསུངས་སོ་འདབ་མ་དང་འབྲས་བུ་དག་ལ་འཇུག་པས་འཆུ་བ་ནི་དེ་དག་ཉིད་དང་ལྷན་ཅིག་ཆོས་མཚུངས་པ་ཡིན་ཏེ་སྦྱིན་པ་རྣམས་ཀྱི་ནི་སྦྱིན་པ་ཉིད་ཡིན་ལ་མ་སྨིན་པ་རྣམས་ཀྱི་ནི
་མ་སྨིན་པ་ཉིད་ཡིན་ཏེ། དེ་དག་ཉིད་ཀྱི་ཕྱོགས་གཅིག་གྱུར་པ་ཉིད་ཡིན་པར་རིག་པར་བྱའོ།། གང་ཞིག་མེ་ཏོག་འཆུ་བའི་ངོ་བོ་ནི་མེ་ཏོག་ལ་འཇུག་པ་དེ་ལ་མེ་ཏོག་ཉིད་དེ་འཇུག་པར་གྱུར་པ་ཉིད་ནི་མ་ཡིན་ནོ།། དེ་བས་ན་འོག་ནས་གང་ཞིག་འདི་དག
་ལ་དེ་ནི་འདི་རྣམས་ལ་འདིར་འཇུག་པ་བརྗོད་པར་རིག་པར་བྱའོ།། འདིར་གཞུང་ནི་ཞུ་བ་ལས་ཅིག་ཅར་འབྱུང་སྟེ་འཚུབ་གཅོད་ནི་ཉེས་བྱས་སོ།། ཕ་བོང་གི་དྲག་པ་འཆུ་ན་ཉེས་བྱསོ་ཞེས་གསུངས་པ་ཡིན་ནོ།། འདིར་འཆུ་བ་ཞེས་བྱ་བའི་སྒྲས་ནི
་ཨུཏྤ་ལ་ལ་སོགས་པ་ཁ་བྱེ་བའི་འཆུ་བ་དང་། འདབ་མའི་འཆུབ་རིག་པར་བྱའོ།། འདིར་པ་བོང་གི་དྲུག་པོ་ཞེས་བྱ་བ་ནཱི་རྡོའི་དྲག་པ་ཡིན་པར་རིག་པར་བྱའི་སྐུ་སྱཱ་ནི་མ་ཡིན་ནོ།། ས་བོན་གྱི་ཁམས་བཏབ་པ་རྩ་བ་མ་སྐྱེས་པ་ནི་ཕྱེད་སྐྱེས་པ་ཉིད་དུ
་ས་བྱ་བ་ནི་ས་བོན་གྱི་ཁོམས་ཧྨ་བི་ལ་དཔུ་ཁ་མ་སྐྱེས་ཟེ་ཉིད་དུ་རྗེ་སོ་སུ་ཐ་སྙང་གདགས་ཧཱུ~ཾ། དེ་ལ་ནི་འདིར་ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ།། སྐུའི་བྲིས་པ་དང་ཤཱ་མོ་དང་། ཤཱ་བ་ལ་དང་སྣོད་དང་གོས་ལྕེ་སོགསོ་པའི་རྣམ་རྣམས
་ནི་ཕྱེད་སྐྱེ་བ་ཉིད་དུ་འོ་ཞེས་བྱ་བ་ནི་རྗེས་སུ་ཐ་སྙད་གདག་སོ་ཞེས་བྱ་བར་སྦྱར་རོ།། སྣོད་དང་གོས་ལ་སོགས་པ་རྣམས་ཀྱིས་རློམ་གྱི་སྒྲ་དག་འབྲེལ་པ་ཡིན་གྱི། སྔ་མ་རྣམས་ཀྱིས་ཀྱང་མ་ཡིན་ནོ།། ཆུ་ཤོའི་ཁྲུ་ཆེན་ལ་སོགས་པ་དབོ་བ་དེང་འཆག
་པ་དང་ཡལ་ག་ལ་སོགས་པ་འདྲེན་པ་དང་། དཀྱིལ་འཁོར་དང་སྐྱང་ནུལ་དག་ལ་དེ་དག་གི་བསམ་པ་ཉིད་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་དབོ་བ་ལ་སོགས་པའི་བསམ་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ།། མ
་ཉམས་པའི་འདུན་པས་ལྟུང་བ་མེད་པ་ཉིད་དེ་ན་སྨད་བ་ནི་མ་ཡིན་ན་ཞེས་བྱ་བ་འདི་བསྟན་པོའི་དོན་དུ་མདོ་འདི་ཡིན་ནོ།། རྟེན་ཉིད་ཀྱིས་ས་ཡིན་ཏེ་དེ་བས་ན་འདིར་བལྟོས་པས་བསྲེག་པར་བྱ་བ་དང་འཐག་པར་བྱ་བ་ཉིད་ཀྱིས་ནི་མ་ཡིན
་ནོ་ཞེས་བྱ་བ་འདིར་ལྟུང་བ་མེད་པར་ཤེས་པའོ།། ཕོངས་པའི་ཚེ་རྩ་ཀུ་ཤ་ལ་སོགས་པས་བཅིངས་པ་དེས་མི་ཐར་ན་བཅད་ན་ཡང་ངོ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་ལྟུང་བ་མེད་དོ་ཞེས་བྱ་བ་འདིའི་རྗེས་སྙེག་པའི་དོན་དུའོ།། རྩཝ་ཀུ་ཤ
་ལ་སོགས་པས་ཞེས་བྱ་བ་ནི་འདིར་གཞུང་ནི་སིལ་བུ་དག་ལས་གླེང་གཞིའི་དབང་གིས་རྩཝ་ཀུ་ཤ་རྣམས་ཉིད་ལ་འདི་གསུངས་ཏེ། སེམས་ཅན་གྱི་གྲངས་ལས་གཞན་ཐམས་ཅད་ལ་གཅོད་པར་བྱེད་པ་ལ་རྣམ་པར་བཞག་པ་བྱ་བ་ནི་སོགས
་པའི་ཚིག་གོ།། ཕོངས་པའི་ཚེ་ན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་གནས་སྐབས་ཐོབ་པ་ཡོད་པ་ལའོ།། འདིར་གང་གི་གཅོད་པ་བརྗེས་བསྒྲུབ་པར་གྱུར་པ་ལྟུང་བ་མེད་དོ་ཞེ་ན། དེའི་ཕྱིར་བཅིངས་པ་ཞེས་བྱ་བ་སྨོས་སོ།། གང་གྱི
་བཅིངས་པ་ཞེ་ན། དེ་ཞེས་བྱ་བ་སྨོས་ཏེ། གང་ལ་གཅོད་པ་འདི་བཤད་པ་རྫས་གང་ཉིད་ཀྱིས་བཅིངས་པ་རྫས་དེ་ཉིད་བརྗོད་པ་ལ་ལྟུང་བ་འདི་མེདོ་པར་ཡིན་གྱི། གནས་སྐབས་ཐམས་ཅད་དུ་ནི་མ་ཡིན་ཏེ། འོན་ཀྱང་མི་ཐར་ན་བདག་གམ
་གཞན་ལ་འགྲོ་བ་པོ་མེད་པས་སོ།། དུ་མ་ཉིད་ཡིན་ན་དེ་ལས་གཅིག་གིས་སོ་ཞེས་བྱ་བ་ནི་གང་གི་ཕྱིར་མི་ཐར་ན་ཆོས་ག་འདི་ཡིན་པ་དེ་བས་ན་དུ་མ་ཉིད་དུ་བཅིངས་པ་ལ་དེ་གཅིག་གིས་བཅད་པར་བྱའི་གཞན་གྱིས་ནི་མ་ཡིན་ནོ།། ས་བོན
་གྱི་ཆོས་མེད་པ་ནི་ཉེས་པ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མ་སྦས་པ་ཉིད་ཀྱི་ཕྱིར་འདི་ལ་ལྟུང་བར་བྱས་པ་ཉིད་གང་གིས་སེམས་པའ་དེའི་དོན་དུ་ས་བོན་གྱི་ཆོས་མེད་པ་ཉིད་འདི་རུང་བ་ལྔ་པོ་རྣམས་གསུངས་པ་གང་ཡིན་པ་དེའི་བསྡུ་བའོ།། བྱིན
་ལེན་མ་བྱས་པའི་ཁ་ཟས་ཀྱི་ལྟུང་བ་དང་འབྲེལ་པ་ལས་འདི་དང་པོའི་རུང་བ་ཞེས་བྱ་བ་དོན་འདིར་ཕྲན་ཚུགས་རྣམས་ལས་ས་བོན་མེད་པ་ཉིད་འབྲེལ་པ་ལས་ཞེས་བྱ་བ་ལ་སོགས་པ་བླངས་པ་ཞེས་བྱ་བའི་མཐར་ཐུག་པར་གྲངས་སོ།།
་སྨན་གྱི་གཞི་ལས་ཡང་དག་པ་ཉིད་དུ་གྲངས་པ་ཞེས་པ་ཞེས་བྱ་བ་ལ་སྩོགས་པ་ལྡང་བ་ཞེས་བྱ་བའི་མཐར་ཐུག་པར་གྲངས་པ་དང་། སྨན་གྱི་གཞི་ཞུ་བ་ལས་བྱས་པ་ཉིད་ཅེས་བྱ་བ་ལ་སོགས་པ་བཟའ་བར་བྱ་ཞེས་བྱ་བའི་མཐར
་ཐུག་པར་གྲངས་པ་དང་། ཕྲན་ཚེགས་ལ་སོགས་པ་ལས་ཐོ་ད་པ་མ་ཡིན་པ་ཞེས་བྱ་བ་གྲངས་སོ།། མེས་རིག་པ་དང་མཚོན་དང་སེན་མོ་དང་ནེ་ཙེ་དག་གིས་རྨ་ཕྱུང་བ་དང་རྙིང་པ་དང་ཕྱུང་བ་དང་བསྐྲུན་པ་དང་བཀས་པ་དང་བཅད་པ
་ལྟ་བུ་དག་ནི་རུང་བའོ་ཞེས་བྱ་བ་ནི་གཞན་རྣམས་ཀྱི་རྨ་ཕྱུང་བ་ནི་རྨ་ཕྱུང་བ་མ་ཡིན་ཏེ།། དེ་བས་ན་མཚོན་ལ་སོགས་པས་རྒྱབ་པ་ནི་འདོར་དཔེར་རྟོར་བར་བྱའོ།། དེ་ལས་གཞན་པ་རྨ་བྱུང་བ་མ་ཡིན་པ་ནི་ཤོང་ཐོག་ལ་སོགས་པ་ལས་སེན་མོ་དང
་ནེ་ཅོས་རྨ་ཕྱུང་བ་སྟེ། གྲགས་པ་ཉིད་ཀྱི་ཕྱིར་དང་བཙལ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་གྲགས་པ་བྱ་དཀའ་བ་ཉིད་མ་ཡིན་པའི་ཕྱིར་མ་བྱས་པ་ཇི་ལྟ་བ་བཞིན་དུ་འདི་རྣམས་ལ་དཔེ་ཉིད་ཀྱིས་བརྟེན་པ
་ཕྱུང་བ་ཞེས་བྱ་བ་ནི་ཕྱུང་སྟེ། འདིར་དེ་ནི་བརྟགས་པ་གཞན་གྱིས་རུང་བར་བྱ་བ་ལ་བལྟོས་མི་དགོས་ཏེ། ཕྱུང་བ་ཉིད་ཁོ་ན་འདིར་རུང་པོར་བྱས་པས་ཉིད་ཅེས་བྱ་བོ་འདིར་རྟོགས་པར་བྱའོ།། འདི་བཀྲུམ་པའི་ཚིག་གིས་བཟུང་ངོ་།། བཀས
་པ་སྟེ་ཞེས་བྱ་བ་ནི་གས་པར་གྱུར་པ་སྟེ། རང་གས་པ་ཉིད་གང་ཡིན་པ་དེ་ནི་རུང་བ་ཉིད་མ་ཡིན་ཏེ། རྣམ་པར་མི་འགྱུར་བར་གྱུར་པ་ཉིད་ཀྱི་ཕྱིར་རོ།། བཅང་བ་ཞེས་བྱ་བ་ནི་བརྔས་པ་སྟེ། གནས་ལས་གསལ་བའི་དོན་དུ་གཅོད་པ་གང
་ཡིན་པ་འདི་ནི་དེའི་དོན་དུའོ།། བཟའ་བྱའི་དོན་དུ་འཐད་པ་བྱས་པ་ཉིད་ལ་མ་བྱུང་བ་ནི་འདི་ཡིན་ཏེ། དེ་ནི་སྔར་བཟུང་བ་སྟེ། དེ་ལྟ་བུར་གྱུར་པ་མ་ཡིན་པ་ཞེས་བྱ་བར་གང་གིས་བསམ་པ་དེའི་དོན་དུ་ཚིག་འདིའོ།། རུང་བར་བྱེད་པ་ན་ས
་མ་ཡིན་པ་ཉིད་དུ་གྱུར་གྱི་བར་བལྟོས་པར་བྱ་བ་མི་དགོས་པ་ཉིད་དོ།། ཞེས་བྱ་བ་ནི་རུང་བར་བྱེད་པ་ནི་ཇི་སྲིད་དུ་ས་བོན་མ་ཡིན་པ་ཉིད་དུ་གྱུར་གྱི་བར་དེ་སྲིད་དུ་འདི་ལ་བལྟོས་པ་འདི་མི་བྱ་ཞེས་བྱ་བའི་དོན་ཏོ།། དེ་རེག་པའི་མེ་ཞེས་བྱ།
་བ་ལ་སོགས་པས་བསལ་བའི་དོན་ཉིད་ཤེས་པ་ཡིན་ཏེ་དེ་བས་ན་མདོ་འདི་བྱས་སོ།། འདི་ལ་རླངས་པ་ནི་མི་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་རུང་བ་ལའོ།། རླངས་པ་ནི་མེ་ཁོ་ན་ཉིད་དེ་རླངས་པས་ཀྱང
་མེས་རེག་པ་ལ་རུང་བ་ཉིད་སྐྱེས་པ་ཞེས་བྱ་བ་དེའི་འདི་བྱེད་པའོ།། འདིར་མདོ་དེ་གཉིས་ཀྱི་གཞུང་ནི་དགེ་སློང་དག་ས་བོན་གྱི་རིགས་མ་ཆོས་པ་ཞེས་བྱ་བ་ཡོད་པས་དེའི་ཕྱིར་བླངས་པས་བརླན་པ་དེ་བཟའ་བར་རྗེ་སུ་གནང
་གི་འདི་ལ་འགྱོད་པར་མི་བྱའོ།། ཞེས་གསུངས་པ་ཡིན་ནོ།། འབྲས་བུ་དག་མྱེས་རྙེ་བར་བྱ་བར་ལ་སྤྱི་འཚམས་ནི་གཙོ་ཚུར་བྱ་བ་ཡང་དག་པའི་གྲངས་ཉིད་དོ་ཞེས་བྱ་བ་ལ་འདིར་གཞུང་ནི་དགེ་སློང་དག་རྒྱུན་འབྲུམ་མི་སོ་སྤྱི
་ནས་རུང་བར་བྱེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། འདིར་སྤྱིའི་ངོ་བོ་གཙོ་བོར་བྱེད་པའི་ཡང་དག་པ་ཉིད་ཀྱི་གྲོངས་དང་ལྡན་པ་སྟེ་སྤྱི་ལ་རུང་བ་ཉིད་ཡིན་པར་སྣང་ངོ་ཞེས་བྱ་བའི་དོན་ཏོ།། ཕྱོགས་གཅིག་ནས་ནི་སྤྱིའི
་རུང་བ་མི་འབྱུང་ངོ་ཞེས་བྱ་བ་ནི་རུང་བ་དག་བྱས་པ་ཞེས་བྱ་བ་རུང་བ་འདི་ལོའོ།། དེ་བས་ནུ་སྤྱི་ལ་ངོས་ཐམས་ཅད་ལ་མེས་རེག་པར་རིགས་པ་ཞེས་བྱ་བའི་དོན་ཏོ།། ཕྱོགས་གཉིས་སམ་གསུམ་རྣམ་སུ་རེག་པར་བྱའོ་ཞེས
་གསུངས་པ་དེ་བསྡུས་པ་ཡིན་ནོ།། དགེ་སློང་གི་རུང་བ་དམ་བྱས་པ་ཉིད་ནི་བྱས་པ་ཡིན་ནོ་ཞེས་བྱ་བ་ལ། འདིར་གཞུང་ནི་བཙུན་པ་རེ་ཞིག་དེ་དག་གིས་ཞུགས་ཀྱིས་སམ་སེན་མོས་སམ་མཚོན་གྱིས་སམ་མཚོན་གྱིས
་བོན་གྱི་རིག་ལྔ་པོ་དིག་རུང་བར་འགྱིད་མ་རུང་བར་བགྱིས་པ་ཞེས་བགྱི་འམ། ཉེ་བར་འཁོར་རུང་བར་བྱས་པ་ཞེས་བྱ་སྟེ། ཉེ་བར་འཁོར་མེས་རུང་བར་བྱས་པ་མ་གཏོགས་པ་ལྷག་མ་རྣམས་ནི་བཟར་རུང་སྟེ་བཟའ་བར་བྱ་བ
་དག་ཡིན་ནོ། གང་རུང་བར་བྱེད་ན་ས་བོན་གྱི་ཚོགས་འཇོམས་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། ཉམས་པར་གྱུར་པའི་རུང་བའི་དབང་དུ་བྱས་ནས་གང་རུང་བར་བྱེད་ན་ཞེས་བྱ་བའི་ཚིག
་རིག་པར་བྱའོ།། གང་འདིར་ཉེ་བར་འཁོར་མས་རུང་བར་བྱས་པ་མ་གཏོགས་པ་ཞེས་གསུངས་པ་དེས་ནི་མེས་རུང་བར་བྱ་བ་མ་གསུངས་པ་མ་ཡིན་ཏེ། འཆད་པ་མ་ཡིནོ་ཞེས་བྱ་བ་མདོ་འདི་རིག་པར་བྱའོ།། དགེ་སློང་གིས་བཅོས་པ
་དབང་དུ་བྱས་པ་འདིར་བཟའ་བར་བྱ་བ་ཉིད་ལ་རྒྱུ་རྣམ་པར་གནས་པ་ཡིན་ཏེ། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་དོན་འདི་མདོར་བྱས་པའོ།། ས་རུང་བ་མ་ཡིན་པར་ཡང་ངོ་ཞེས་བྱ་བ་ནི་རུང་བ་རྣམས་ཀྱིས་བྱིས་པ་ཉིད་ནི་བྱས་པ་ཉིད་དོ།།
་ཞག་བདུན་པ་དང་འཚོ་བའི་བར་བཙོའ་བ་ཆུ་གྲང་མོ་མ་གཏོར་བར་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། དེར་རུང་བར་བྱ་བ་དང་འབྲེལ་པ་ཡིན་པས་འདིའི་ཚིག་བྱས་པའོ།། རུང་བ་ལ་ནི་འདིར་མ་གཏོར་བ་ཉིད་ཇི་ལྟར་མེ་ལ་སོགས་པས
་དེ་བཞིན་དུ་འདི་ལ་ཡང་གང་གི་ཚེ་དེའི་ཚེ་ཉེས་བྱས་ཉིད་ལ་ནི་མ་ཡིན་ནོ་ཞེས་བྱ་བར་རྟོགས་པར་བྱའོ།། འདིར་གཞུང་ནི་བཙུན་པ་གང་ཞིག་ལྟུང་བ་བརྒྱད་པ་འདི་རྣམས་ཙོ་ཙའི་འབྲས་བུ་ལས་བྱུང་བ་དང་ཆུ་ཤིང་གི་འབྲས་བུ་ལས
་བྱུང་བ་དང་རྒྱ་ཤུགས་གི་ལས་བྱུང་བ་དང་འབྲ་གོ་ལས་བྱུང་བ་དང་རྩུབ་འགྱུར་ལས་བྱུང་བ་དང་རྒུན་དང་ཨུ་དུམྦཱ་ར་ལས་བྱུང་བ་དང་ནྱ་གྲོ་དྷ་ལས་བྱུང་བ་ཁྱབ་གནས་ལས་བྱུང་བ་གང་དགེ་ལགས་པ་དེ་རྣམས་རྩ་བའི་ཁུ་བའི
་སྡོང་བུའི་ཞུ་བ་འམ་འདབ་མའི་ཁུ་བ་འམ་མེ་ཏོག་གི་ཁུ་བ་དང་བསྲེས་ཤིང་འཚལ་ཞིང་སྦྱར་ན་རུང་ངམ?། གལ་ཏེ་སྐུར་པ་དང་། མྱོས་པར་མཱི་འགྱུར་བ་དང་། མི་བསྐ་བདག་ཡིན་ན་ལྟུང་དུ་རུང་ངོ་།། དེ་ལས་ལྷག་པར་ཆུས་བཏབ་དག་ནི་ཞག
་བདེན་པའི་འམ་འཚོ་བའི་བར་དུ་བཅང་བ་དག་ཡིན་ནོ་ཞེས་གསུངས་པའི་ཚིག་གིས་སོ།། ཐུན་ཆོད་དུ་རུང་བ་ཡང་དེ་མ་གཏོར་བར་མི་བྱའོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་ཆུ་གྲང་མོས་སོ།། འདི་ཁ་གཞན་གྱི་དུས་མ་ཡིན་པ་ལ་མ
་པ་བྱས་པ་ཉིད་དོ།། མར་བསྲུབ་པའི་ཚེ་དང་འབྲི་མར་འཆིར་བའི་ཚེན་ཡང་ཆུ་གླང་མོས་གདབ་དགོས་མོད་ཀྱི་འོན་ཀྱང་མར་དང་མར་ནག་པོ་དག་གི་རུང་བར་བྱས་པ་ཉིད་།། ཀུན་སློང་ལ་འདི་དགོས་པས་འདི་དག་གྲུབ་པ་ལ
་རུང་བ་འདི་ལ་བྱས་པ་ཉིད་ཀྱི་ཕྱིར་བུ་རམ་ཡང་མེས་བསྐོལ་བ་ན་ཆུ་གྲང་མོས་བཏབ་པར་བྱ་བ་མོད་ཀྱི། དེའི་ཚེ་ན་ཆུ་བཏབ་པ་དེ་རུང་བར་བྱས་པ་ཉིད་དུ་མི་ཆུད་དོ།། ཞག་བདུན་པ་ལ་མེས་རུང་བར་བྱ་བ་མི་སྲིད། འདིར་གཞུང་ནི་དེ་ནས་སྤྲེའུ་དེ
་ཕྱོགས་གཅིག་ཏུ་སོང་སྟེ་སྦྲང་རྩིའི་ལྷུང་བཟེད་དེ་ཆུ་གྲང་མོས་གཏོར་ནས། བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་དེ་བཞེས་ཏེ་རུང་བས་བྱས་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ཏེ། མདོ་འདི་ལས་ཐམས་ཅད་དུ་ཡང
་ཆུ་ནི་གྲང་མོ་ཉིད་ཡིན་པར་ངོས་སོ།། ས་བོན་དང་སྐྱེ་བ་འཇིག་པའོ།། །། གང་ཟག་བཅུ་གཉིས་པོ་དག་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་ལ། གང་ཟག་བཅུ་གཉིས་པོ་དག་གང་ཞེ་ན། གནས་ཁང་ཟས་ལ་སྒོ་བ་གཉིས། ཐུག་པ
་བག་ཆོས་འབྲིམ་པ་གཉིས།། ཕྲན་ཚེགས་འབྲིམ་པར་བྱེད་པ་དང་།། སྣོད་སྤྱད་འགྲུབ་དང་གོས་ཀྱི་གཉིས།། དབྱར་གྱི་རས་ཆེན་སྦེད་དང་འགེང་།། མངགས་གཞུག་པ་དང་མཛེས་འཆོས་ཏེ།། གང་ཟག་བཅུ
་དང་གཉིས་པོ་དག། སྟོན་པས་ཡང་དག་བཤད་པ་ཡིན་ཞེས་གསུངས་པ་ཡིན་ཏོ། བཅུ་གཉིས་པོ་འདི་རྣམས་ནི་བྱེད་པ་པོ་ཡིན་ཏེ། དེ་དག་ནི་དགེ་འདུན་གྱི་ལས་བྱེད་བསྙེན་པར་རྫོགས་པའི་དཔེ་ཙམ་དུ་ཟད་ཀྱི་འདིར་ཤིང་ཏོག
་འབྲིམ་པ་ལ་སོགས་པ་རྣམས་ཀྱང་ཁོངསུ་བསྡུ་བའོ།། མ་བསྐོས་པ་དག་ཀྱང་ངོ་ཞེས་བྱ་བ་ནི་བསྐོས་པ་མེད་ཀྱང་དགེ་འདུན་གྱི་བྱ་བ་ལ་འཇུག་པ་རྣམས་ལས་དགེ་འདུན་གྱི་ལས་བྱེད་པ་ལ་འཕྱ་འམ། གཞོགས་འཕྱས་བྱེད་ན་འདི
་ནི་ཁ་ན་མ་ཐོ་བས་ཏེ། དེ་བས་ན་འདིར་བསྐོས་པ་ནི་ཡན་ལག་མ་ཡིན་པ་ཉིད་དོ།། སྦྱོར་བ་དག་བག་ཡང་སུ་བྱས་པ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲས་ནི་སྔར་ཀྱང་ངོ་ཞེས་སྨོས་པའི་རྗེས་སྙེག་པའི་ཕྱིར་ཏེ། སྦྱོར་བ་གང
་བག་ཡངས་སུ་མ་བྱས་པ་ཡང་བྱེད་པ་པོ་ཉིད་དེ་ཞེས་བྱ་བའི་དོན་ཏོ།། འདིར་མདོ་སྡེ་གཉིས་ཀྱིས་གཞུང་ནི་མདོ་སྔ་མ་ཡིན་གང་ཟག་བཅུ་གཉིས་མ་མ་སྤྲོས་པ་སྦྱོར་བ་མ་བཏང་བ་དག་ལ་འཕྱ་འམ་གཞོགས་འཕྱས་བྱེད་ན་ལྟུང
་བྱེད་དོ་ཞེས་བྱ་བ་ལ་སོགས་པ་དང་། མདོ་འོག་མ་ཤོས་ཀྱི་ནི་བསྒོས་པ་སྦྱོར་བ་བཏང་བ་དག་ལ་འཕྱ་འམ་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བ་ལ་སོགོས་པ་དང་། བསྐོས་པ་སྦྱོར་བ་མ་བཏང་བ་རྣམས་ལ་འཕྱ་འམ
་གཟུགས་འཕྱས་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཇི་ཞིག་རྗེས་སུ་སྒྲུབ་ན་དེ་རྣམས་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་བདག་དང་འབྲེལ་བའི་དོན་གྱི་ཐོས་པར་འཕྱ་ཡང་ཟུར་གྱིས་གཞོགས་འཕྱས་བྱེད་བྱུང
་རུང་ངོ་ཞེས་བྱ་བ་སྨོས་ཏེ། བདོག་དང་འབྲེལ་པའི་དོན་གྱི་ཞེས་བྱ་བ་ནི་གང་གིས་དེ་དམིགས་ཀྱིས་བསལ་བ་དེ་ལ་རང་དང་འབྲེལ་པའི་དོན་གྱིས་ཞེས་བྱ་བའི་ཚིག་གོ།། འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་གཞན་གྱི་དོན་དུ་འཕྱོ་འམ་གཞོག
་འཕྱས་བྱེད་པ་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ།། གཞོན་གྱི་དོན་དུ་བརྗོད་པ་ལ་བརྒྱད་པ་དེ་ལྟ་བུ་མ་ཡིན་ནོ།། ཇི་ལྟར་རང་གི་དོན་དུ་ཞེས་བྱ་བ་འདིར་རིགས་པ་ནི་རྣམ་པར་རིགས་བྱེད་དུ་གྱུར་པ་འཕྱ་འམ་གཞོགས་འཕྱོས་བྱེད་པ
་གང་ཡིན་པ་དེ་ལ་འདི་ཉམས་པ་ཞེས་བྱ་བ་འཕྱ་བ་འམ་གཞོགས་འཕྱས་བྱེད་པ་འདི་གཟུང་བའོ།། དེ་ལྟར་ན་འཕྱ་བ་འམ་གཞོགས་འཕྱས་བྱེད་པ་བརྗོད་པ་ལ་ཞེས་བྱ་བ་འདིའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ།། མིང་ན
་བྱིན་པ་ཉིད་ཀྱིས་འཕངས་པའི་ངོ་བོ་གང་ཞིག་བཞག་པ་གང་ཡིན་ན་པོ་དེ་ནི་འདིར་འཕྱ་བའོ།། མིང་ནས་མི་འབྱིན་པ་ཉིད་ཀྱིས་འཕངས་པ་གཞོགས་འཕྱས་ཞེས་བྱ་བའི་ཚིགས་གཅིག་གམ་གཞན་ཞེས་བྱ་བ་གཞོན་ཙམ་པོ་ཉིད
་དུ་གསལ་བར་བྱེད་ཅིང་བརྗོད་པ་ནི་གཞོགས་འཕྱས་སོ།། འཕངས་པའི་རང་བཞིན་གྱི་འོཕྱ་བ་ལ་འདིའི་རྗེས་སུ་འབྲངས་པས་ཉེས་བྱས་རྟོགས་པར་བྱའོ།། དམིགས་ཀྱིས་བསལ་བར་གྱུར་པ་འདི་དག་ལ་འདི་བཟུང་བས་དེ་བདེན
་པ་བརྗོད་པར་གྱུར་པ་དག་ལ་ནི་མ་ཡིན་ནོ།། ཞེས་བྱ་བ་བདེན་པ་མ་ཡིན་པའི་དོན་ཉིད་ལ་ཞེས་བྱ་བ་འདིའི་རྗེས་སུ་འབྲངས་པར་རིག་པར་བྱའོ།། ཐོས་པར་འཕྱ་ཡང་རུང་ཞེས་བྱ་བ་ནི་དགེ
་འདུན་གྱི་ལས་བྱེད་པ་དེ་ལ་སླར་མི་འཇུག་པ་ལ་དགེ་འདུན་གྱི་ལུས་ལ་རྒྱུར་གྱུར་པའི་ཉམས་མེད་པ་ལ་འདིར་བྱེད་པ་ཚད་མཱ་སྟེ་མངོན་པ་སུམ་དུ་སྨྲ་བ་ལ་ཉམས་མ་གྲུབ་པ་དང་། མངོན་སུམ་མོ་ཡིན་པར་ཐོས་པོར་འཕྱ་ཡང
་རུང་ཞེས་བྱ་བ་འདིའི་རྗེས་སུ་སྙེག་པའི་ཕྱིར་རོ།། འདིར་གཞུང་ནི་ཚེ་དང་ལྡན་པ་ཉེར་དགའ་དང་ལྷན་ཅིག་ཏུ་འདུ་འཛིའི་གཏམ་གྱི་ཕྱིར་འཁོད་པ་ན་ཚེ་དང་ལྡན་པ་གྱད་བུ་ནོར་ཕྱོགས་དེར་སོང་ངོ་ཞེས་གསུངས་པ་ཡིན་ནོ།། གཞོགས
་འཕྱས་ཞེས་བྱ་བ་ནི་གང་གི་དོན་དུ་འཕྱ་བ་དེའི་མིང་ནས་འབྱིན་པ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། ལྟུང་བ་ཇི་ལྟ་བུ་དང་ཁ་ན་མ་ཐོ་བ་ཇི་ལྟ་བུ་ལ་འདིར་འདི་རྣམས་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན། བགྲངས་པ་ལ་ནི་དངོས་གཞིའོ
་ཞེས་བྱ་བ་སྨོས་ཏེ། མངོན་སུམ་དུ་འཕྱོ་བ་དང་གཞོགས་འཕྱོས་བྱེད་པ་འཕངས་པོ་ཉིད་ཀྱིས་གལ་ཏེ་འདི་བགྲངས་པར་གྱུར་ཅིང་འཕྱ་བ་དང་གཞོགས་འཕྱས་བྱེད་ན་དེ་ནས་གང་ཟག་འདི་ལ་དངོས་གཞིའི་བྱེད་པ་པོ་ཉིད་དོ།།
་མ་བགྲངས་པ་ལ་གཞན་དུ་ཉེས་བྱས་ཀྱིའོ་ཞེས་བྱ་བའི་དོན་ཏོ།། ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པ་ལ་ནི་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི་ཅུང་ཟད་ཙོམ་ཡང་དང་དུ་ལེན་པར་མི་ནུས་པའི་གང་ཟག་ལ་བསྐུལ
་དྲན་པ་བྱ་བ་ལ་སོགས་པས་ཅུང་ཟད་ཙམ་ཡང་བརྗོད་པར་མི་བྱའོ།། གཞན་ལ་འཕྱ་བ་དང་གཞོགས་འཕྱས་བྱེད་པའི་རྣམས་པས་གང་ཞིག་བརྗོད་པ་དེ་འདིར་བསྡུས་པ་ཡིན་ནོ།། ཞེ་སྡང་བར་གྱུར་པ་དེ་རང་གི་ལསུ་བསྐོ་བར་མི
་བྱ་སྟེ་བརྒྱུད་པས་ནི་བསྐོ་བར་བྱའོ།། འཕྱ་བའོ།། གླེང་བར་གཏོགས་པར་བསྒོ་བའི་ཚིག་གིས་རྨ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྨ་ལ་གཟོན་པ་དང་། གང་ཟག་བསྟན་པ་རྣམས་ལ་ངོར་འཕྱ་བ་དང་། ཟུར་གྱིས་གཞོགས་འཕྱས་བྱེད
་སོལ་བས་མི་བགྲང་བར་མི་བྱའོ་ཞེས་པ་ནི་གླེང་བར་གཏོགས་པའི་བསྒོའི་ཚིག་གིས་རྣ་ལ་གགཟོན་པ་དང་། གང་ཟག་བསྟེན་པ་རྣམས་ལ་ངོར་འཕྱ་བ་དང་ཟུར་གྱིས་གཞོགས་འཕྱས་བྱེད་པ་དང་ཞེས་བྱ་བའི་བསྡུ་བའོ།། ཟས་ལ
་བསྐོ་བ་ལ་སོགས་པའི་གང་ཟག་རྣམས་བཤད་ཟིན་ཏོ།། ད་ལྟར་བྱུང་བ་ལ་འདི་ནི་ངེས་པར་བྱེད་པ་སྟེ། བགྲང་བར་བྱ་ནི་ངེད་ཀྱི་ཁྱོད་ཀྱི་སྤྱོད་པ་དམ་པ་མ་ཡིན་པ་འདི་འདྲ་བར་ཤེས་ཏེ་ཁྱོད་གང་ཟག་སྤྱོད་པ་དམོ་པ་ཡིན་པ་དང་ལྡན་པ་དེ་ལྟ
་བུ་དག་གི་ནང་དུ་བཅུག་གོ་ཞེས་ཁྲེལ་མེད་པ་རྣམ་པ་དེ་ལྟ་བུ་ཉིད་ཀྱི་གྲངསུ་དེ་དག་བགྲང་བའོ།། དེ་བས་ན་དེ་དོག་བགྲང་བ་ལ་བཏོང་སྙོམས་བྱ་བ་ཉིད་ནི་མ་ཡིན་ནོ།། གླེང་བར་གཏོགས་པ་ནི་ཚིག་ཏུ་གྱུར་པ་གོ་བར་བྱེད་པའོ།། གླང
་བར་གཏོགས་པའི་སྒོ་བར་གླེང་བ་པོས་བྱ་བའི་དྲི་བ་ཞེས་བྱ་བའི་དོན་ཏོ།། རྣ་ལ་གཟོན་པ་ནི་རྣམ་པ་གཉིས་དག་གིས་ཏེ་ཚིག་གི་ལན་འདེབས་པ་ལ་སོགས་པས་གང་ཞིག་བཟློག་པ་དང་ཅང་མི་སྤྲོ་བའི་ངོ་བོས་སོ།། དེ་ལ་གླེང
་བར་གཏོགས་པའི་གང་ཞིག་གླེང་བ་དང་འབྲེལ་པའི་བསྒོ་བ་རྣ་ལ་གཟོན་པར་བྱེད་པ་དེ་ནི་འདིར་རྣ་ལ་གཟོན་པ་པོར་རིག་པར་བྱའོ།། གང་ཞིག་ཅང་ཅང་མི་སྨྲ་བའི་ཚུལ་གྱིས་རྣ་ལ་གཟོན་པར་བྱེད་པ་དེ་ནི་ཅང་མི་སྨྲ་བ
་ཚུལ་གྱིས་རྣ་ལ་གཟོན་པའོ།། གང་ཟག་བཅུ་གཉིས་གསུངས་པ་དེ་རྣམས་པ་དེ་རྣམས་ལ་གྲོང་ཞིག་མངོན་སུམ་དུ་འཕྱ་བར་བྱེད་པ་དེ་ནི་གང་ཟག་བརྗོད་པ་ལ་མངོན་སུམ་དུ་འཕྱ་བར་བྱེད་པའོ།། འདིར་མངོན་སུམ་གྱི་སྒྲས་ནི
་མཱིང་ནིས་འབྱིན་པའོ།། གང་ཟག་འདི་རྣམས་ཉིད་ནི་ཟུར་གྱིས་གཞོགས་འཕྱས་བྱེད་པས་གང་གིས་བསྐུལ་བར་བྱེད་པས་དེ་ནི་ཟུར་གྱིས་གཞོགས་འཕྱས་བྱེད་པས་སོ།། གང་ཞིག་གོ་བར་བྱེད་པ་དེ་ནི་འདིར་འཕྱ་བའོ།། མིང་ནས
་མི་འབྱིན་པ་ཉིད་ཀྱིས་འཕངས་པའོ།། འདི་རྣམས་ནི་གསོལ་བའི་ལུས་ཀྱིས་བགྲང་བར་བྱའོ།། བསྒོ་བརྡུལ་གནོན་པ་ཉིད་དང་། ཅང་མྱི་སྨྲ་བས་ཛྷལ་གནོན་པ་ཉིད་དང་མངོན་སུམ་དུ་འཕྱེ་བར་བྱེད་པ་དང་། ཟུར་གྱིས་གཞོག
་འཕྱསྐྱོ་བྱེད་པ་འཕངས་པ་ཉིད་ཀྱིས་གྲངས་ཇི་ལྟ་བ་བཞིན་དུའོ།། ཅི་ཞིག་བྱས་ན་བསྒོ་བ་རྣ་ལ་གཟིན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་ནོའོ་ཞེས་བྱ་བ་སྨོས་སོ།། བསམ་པ་ཇི་ལྟ་བུས
་ཅིའི་ཕྱིརརོ་ཞེ་ན། འདུན་པས་སོ་ཞེས་བྱ་བ་སྨོས་སོ།། རྣ་ལ་གཟོན་པར་འདུན་པ་སྟེ་གཞན་དུ་ལྟུང་བ་མེད་ཅེས་བྱ་བ་འདོར་རྣམ་པར་བཞག་པའོ།། ཇི་ལྟར་ཞེ་ན། དེའི་ཕྱིར་གཞན་བརྗོད་པས་སོ་ཞེས་བྱ་བ་སྨོས་ཏེ། བསྒོ་བ་མ་ཡིན་པ་དང
་འདྲ་བའི་དོན་གྱིས་ཚིག་གིས་ཞེས་བྱ་བའི་དོན་ཏོ།། ཁྱད་པར་ཡོངསུ་མ་བཟུང་བའི་ཕྱིར་འདིར་ཐམས་ཅད་དུ་དགེ་སློང་གིས་བསྒོ་བ་ཐམས་ཅད་དུ་རྣ་ལ་གཟོན་པ་ལ་ཐ་ན་འགྲོ་བ་ཡོངས་སུ་འདྲི་བའི་བདག་ཉིད་ཅན་ལ་དངོས་གཞི་ཞེས་བྱ
་བརྟོགས་པར་བྱའོ།། དེ་ལྟར་ཡང་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་གིས་ཇི་ཙམ་དུ་གཞན་འདྲི་བ་ལ་ལན་འདེབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། གཞན་འདྲི་བ་ལ་དོན་གཞན་བརྗོད་པ་ནི།
་གཞན་བརྗོད་པའོ།། རྟོགས་པར་ཡོད་པ་ལ་དོམ་གཞན་གྱིས་ནི་དངོས་ཏེ་དེ་ལྟར་ཡང་གཞུང་ན་ཞུ་བ་ལས། དབུས་པའི་ཚིག་གིས་མཐའ་འཁོབ་པོ་ལ་འམ་མཐའ་འཁོབ་པའི་ཚིག་གིས་དབུས་པ་ལ་མཐའ་གཞན་དང་གཞན་དུ
་བརྗོད་ན་ཉེས་བྱསོ་ཞེས་གསུངས་པ་ཡིན་ནོ།། ཅང་མི་སྨྲ་ན་ཉེས་བྱས་ཞེས་བྱ་བ་ནི་ཅང་མི་སྐྱེ་བོས་དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་ན་ཉེས་བྱསོ།། མི་དྲན་ནོ་ཞེ་ན་ཡང་ངོ་ཞེས་བྱ་བ་ནི་བརྗོད་པ་འདི་ཉིད་དང་འབྲེལ་པ་ཉིད་ཡིན
་ཏེ། གཞན་དོན་ལ་ནི་མ་ཡིན་ཏེ་དེ་བས་ན་ན་སྨད་པའོ།། འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་མི་དྲན་ནོ་ཞེས་ཟེར་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ།། གལ་ཏེ་བརྗོད་པར་བྱ་བ་སྡུག་བསྔལ་བར་གྱུར་པ་ཡིན་ན་མེད་དོ་ཞེས་བྱ་བ་ནི
་སྡུག་བསྔལ་བར་གྱུར་པའི་རྒྱུ་ཡིན་ན་གཞན་བརྗོད་ཀྱང་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་འདི་ལྟར་ཡིན་ཏེ། དེའི་ཕྱིར་གསོད་པར་བྱ་བ་མཐོང་ངམ་ཞེས་འདྲི་བ་ལ་རེ་ཞིག་མི་ལྡེ་ཞིག་སྐོམ་འཐུང་ཞིག་ངལ་བསོས་ཤིག
་ན་མཁའ་མཐོང་ངོ་སེན་མོ་མཐོང་ངོ་།། དོན་དམ་པར་ན་སེམས་ཅན་ནཱམ་བསང་བར་བྱ་བ་མུ་མཐོང་ངོ་།། ཞེས་བྱ་བ་སྨྲས་ན་ལྟུང་བ་མེད་དོ་ཞེས་བྱ་བའོ།། གང་དུ་ཆུ་བཞི་ཉིད་བྱ་དགོས་པར་འགྱུར
་བའི་གནས་དེར་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི་གླེང་གཞི་དག་ལས་ཆོ་ག་གཉིས་པོ་འདི་དེ་ལྟ་བུའི་འདྲི་བའི་ཕྱོགས་ཀྱི་ཕྱིར་འདིར་ཡང་དག་པར་ཞུགས་པའོ།། གནོད་པའི་སྒོ་མ་བཅད་པས་རྩེག་ནིའི་ད་བཪྵ་མི་བྱའོ་ཞེས
་བྱ་བ་ནི་ཆང་པ་ལ་སོགས་པ་གནོད་པའི་བུསྒོ་མ་བཅད་པ་གང་གིས་ཞེས་བྱ་བ་འདིར་བསྡུ་བའོ།། བསད་པར་དང་བཅྡོཾ་པོ་བ་ལ་སོགས་པ་དག་གིས་གཞན་ལ་གནོད་པ་དག་གིས་སྒོ་ནི་སྒོ་སྟེ། སྒོ་གོང་གིས་གོནོད་པ་དེའི
་བཅད་པ་ནི་བཅད་པ་མ་བྱས་པར་ཆེ་གཞིའི་དབྱེ་བར་མི་བྱ་ཞེས་བྱ་བའི་དོན་ཏོ།། སྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དོ།། ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་ལ་བ་སྔས་དང་གོར་བུ་ཞེས་བྱ་བ་ནི་གནས་མལ་ལོ་ཞེས་བྱ་བ
་ལ། སྟན་ནང་ཚངས་ཅན་ཞེས་བྱ་བ་ནི་རས་བལ་ཅན་ནོ།། ལ~ཾ་བ་ཞེས་བྱ་བ་ནི་བལ་ལས་བྱས་པའི་གོས་སྤུ་དང་བཅས་པའོ།། གོར་བུ་ཞེས་བྱ་བ་ནི་སྟན་ཟླུམ་ལ་སོགས་པའོ།། འདི་ནི་མཚོན་པ་ཙམ་དུ་ཟད་དེ་དྲེའུ་རྔོག་དང
་དབྱམ་པོ་དང་བེའུ་རས་ལ་སོགས་པ་ཡང་འདིས་དྲངས་པའོ།། འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ནི་དེའི་ཉེ་འཁོར་རོ་ཞེས་བྱ་བ་ནི། གནས་མལ་འདུག་པའི་ཕྱོགས་ནས་བརྩམས་ཏེ། འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ནི་གན
་མལ་དེའི་ཉེ་འཁོར་ཡིན་ནོ།། བསྐོར་བཱ་ལ་ནི་སྒོ་ཁང་ནས་སོ་ཞེས་བྱ་བ་ནི་གཙུག་ལག་ཁང་དང་ཁང་ཁྱིམ་རྩིག་པ་ལ་སོགས་པས་བསྐོར་བ་ལ་ནི་སྒོ་ཁང་ནས་བརྩམས་ནས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དེའི་ཉེ་འཁོར་ཡིན་ནོ།། འདིར
་གཞུང་ནི་མ་མོ་ལས། དགེ་སློང་གི་ཕྱི་རོལ་དུ་བླག་པ་མེད་པར་གནས་མལ་བཤམས་ནས་སྒོ་ཁོང་གི་ཕྱི་རོལ་ནས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་འགྲོ་བར་མི་བྱའོ།། གལ་ཏེ་འགྲོ་ན་འགལ་ཚབས་ཅན་དུ་འགྱུ་རོ་ཞེས་གསུང
་པ་ཡིན་ནོ།། དེ་ལས་འདའ་བའི་ཕྱིར་བརྗེད་པས་ཀྱང་འགྲོ་བ་དང་ནང་དུ་གཉིད་ལོག་པ་དང་སྙོམས་པར་ཞུགས་པ་ལ་སོགས་པས་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་གནས་མལ་དེ་ལས་འདའ་བའི་དོན་དུ་བརྗེད་པས་ཀྱང
་མ་བརྗེད་པར་བློ་སྔོན་དུ་བཏང་བས་ཀྱང་གནས་འདི་ལས་འགྲོ་བ་གང་དག་ཡིན་པའོ།། འདིར་གཞུང་ནི་གལ་ཏེ་དེ་ལམ་ཁར་དྲན་ཞིང་ཞེས་བྱ་བ་ལས་ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ
་དང་། ཡི་གེ་ཁ་ཅིག་ལས་གང་ཞིག་ཐོག་མ་དང་ཐ་མར་གཉིད་ལོག་པ་སྙོམས་པར་ཞུགས་པ་ལ་སོགས་པས་ལྐོག་ཏུ་གྱུར་པ་གཉིད་ལོག་གམ་སྙོམས་པར་ཞུགས་པ་ནཱ་ཞེས་གསུངས་པ་ཡིན་ནོ།། སྤྱིར་ཡང་འདིར་གཞུང
་ཡོད་དེ་ཐ་གབ་མེད་པར་བཞག་པ་ཅིང་ཉེ་བར་འཇོག་ཏུ་བཅུག་ནས་མ་བསྡུས་ཤིང་བསྡུས་པ་མ་བྱས་པར་གཙུག་ལག་ཁང་དུ་འཇུག་ཅིང་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་དུ་གསུངས་པོ་ཡིན་ནོ།། དེར་ལ
་གཉིད་ལོག་པ་ལ་སོགས་པ་ནི་མཚོན་པ་ཙམ་ཡིན་ཏེ་ཞེས་བྱ་བ་ཤེས་ཤིང་སོགས་པའི་སྒྲ་འདི་མཛད་དོ།། འདིར་སྙོམས་པར་ཞུགས་པའི་ཚིག་གིས་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་ལ
་གནས་པ་འམ་འདིར་དེའི་དོན་དུ་གནས་པའམ་འདིར་དེའི་དོན་དུ་གནས་པས་ངེས་པར་འབྱུང་བ་ཞེས་བྱ་བ་བསྟན་པར་རིག་པར་བྱའོ།། ཁ་ན་མ་ཐོ་བ་དང་འདིའི་རྒྱུར་གྱུར་པ་ལྐོག་ཏུ་གྱུར་པ་ནི་རྣམ་པོ་གཉིས་སོ།། ལྐོག་ཏུ་གྱུར་པ་ནི་དེའི
་དུས་ཅན་ཏེ། ཁ་ན་མ་ཐོ་བ་གང་ལ་རྒྱུ་ཅི་ཡིན་ཞེ་ན། དེའི་ཕྱིར་ཕ་ན་ཕུན་གྱི་མདུན་རོལ་དུ་ནི་སྦྱོར་བའོ་ཞེས་བྱ་བ་སྨོས་ཏེ། གནས་མཁ་དེ་ཕན་ཕུན་དུ་གྱུར་པའི་མདུན་རོལ་དུ་ནི་སྦྱོར་བའོ།། ཕན་ཕུན་དུ་གྱུར་པ་དང་འདས་པ་ནི་མཐའོ་ཞེ
་བྱ་བ་ལྐོག་ཏུ་གྱུར་པ་དང་འགྲོ་བ་ཕན་ཕུན་དུ་གྱུར་པ་ཡོད་པ་ལ་གནས་མལ་ཀྱེ་མཐའི་མཐོའ་ནི་དངོས་གཞི་ཞེས་བྱ་བའི་དོན་ཏོ།། གཞུང་ནི་རྣམ་པར་འབྱེད་པའི་ཡི་གེ་ཁ་ཅིག་ལས་དགེ་འདུན་གྱི་གཙུག་ལག་ཁང་ནས་འགྲོ་བ་ལ
་ཡང་ཕན་ཕུན་དུ་གྱུར་ཅིང་ཁྲི་འམ་ཁྲིའུ་སྟན་ནང་ཚངས་ཅན་མལ་བ་འམ། སྔས་བླ་ཁབ་མེད་པར་ཉེ་བར་བཞག་ཅིང་ཉེ་བར་འཇོག་ཏུ་བཅུག་ནས་མ་བསྡུས་ཤིང་བསྡུ་བ་བྱས་པར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་བྱེད་ན་ཕན་ཕུན་དུ་མ་གྱུར་ན
་ནི་ཉེས་བྱསུ་འགྱུར།། ཕན་ཕུན་དུ་གྱུར་ན་ནི་ལྟུང་བྱེད་ཅེས་གསུངསོ།། གཞན་དུ་ཡང་མཚོན་པ་ཉིད་ཀྱི་ཕྱིར་གཉིད་ལོག་པ་དང་སྙོམས་པར་འཇུག་པ་དག་ལ་འདི་ཐོབ་པའོ།། གང་གི་ཕྱིར་དེ་ལྟར་ལྐོག་ཏུ་གྱུར་པ་ལས་འབྱུང་བར་བྱ་བ་མ་ཡིན་ནོ།། །
་ཕན་ཕུན་དུ་གྱུར་ན་ཡང་དངོས་གཞི་ལ་རྒྱ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་འདིར་གྲངས་པ་ཉིད་ནི་འདི་ལ་མི་འགྱུར་རོ།། དེ་བས་ན་འདིར་འགྲོ་བ་ལ་མངོན་པར་འབྲེལ་པ་དང་མཚམས་ལས་འདས་ན་ཕན་ཕུན་དུ་གྱུར་པ་ཡོད
་པས་ཀྱང་མཐའ་ཁོ་ནའོ།། བསྡུ་བ་བྱས་སོ་མ་བྱེད་དུ་བཅུག་པ་ལ་ནི་དེ་དག་མི་འབྱུང་ངོ་།། གང་གིས་གནས་མལ་བསྡུ་བར་བྱས་སམ་བྱེད་དུ་བཅུག་པ་དེ་ལ་འདི་དག་སྦྱོར་བ་མཐའ་དག་ནི་འདི་དག་མ་ཡིན་ནོ།། བཅོལ་བའི་དགེ་སློང་ཡོད་པ་ལ
་ཡང་མི་འབྱུང་ངོ་ཞེས་བྱ་བ་ནི་བདྨོ་ཁབ་མེད་པར་བཞག་པའམ་འཇོག་པར་བྱེད་པའི་གནས་མལ་དེ་ལ་གཏམ་རྗེས་སུ་བསྒྲུབ་པ་དག་གིས་དགེ་སློང་ལ་བཅོལོ་བར་སྦྱོར་བ་མཐའ་དེ་དག་འབྲས་བུ་དང་བཅས་པའི་འདི་བཅོལ་པ་ལྔ་ཁྲུ
་བླངས་པའི་བསྒྲུབ་པ་ལ་བཟུང་བ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། ཉམས་པ་ང་བ་ལ་དང་ཕྲད་པ་ལ་ཡང་མི་འབྱུང་ཞེས་བྱ་བ་ནི་སྦྱོར་བ་དང་མཐའ་དེ་དག་མི་འབྱུང་ངོ་།། སྤྱོད་པ་ནི་བྱེད་པ་དང་འདྲའོ་ཞེས་བྱ་བ་ནི། གཞན་གྱིས
་བཏིང་བ་ལ་གདི་བར་བྱེད་པ་དང་། གཟུང་བ་ལ་འདིར་ལོངས་སྤྱོད་པ་བཟུང་བར་ཤེས་པར་བྱ་བའི་དོན་ཏོ།། གཉིས་ཀ་ཅིག་ཅར་སྤྱོད་སྤྱོད་པ་ལས་ནི་ཕྱིས་ལངས་པས་བྱ་བ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་གནས་མལ་བསྡུ་བའོ།། གལ
་ཏོ་མཉམ་དུ་ན་གཞོན་པས་སོ་ཞེས་བྱ་བ་ནི་གལ་ཏེ་གཉིས་ཀ་མཉམ་དུ་ལངས་པར་གྱུར་ནོ་གཞོན་པོ་ཤོས་ཀྱི་གནས་མལ་བསྡུ་བོར་བྱ། མཉམ་པོ་ཉིད་ཡིན་ན་ནི་གཉིས་ཀས་སོ་ཞེས་བྱ་བ་ནི་ལེ་གྲོངས་མཉམ་པ་ཉིད་ཡི་ནི་ན་གཉིས་ཀས
་བྱ་བ་དག་དང་ལྡན་པ་ཉིད་ཡིན་ནོ།། བཅོལ་བ་ལ་ཡང་མི་འབྱུང་ངོ་ཞེས་བྱ་བ་བརྗོད་པ་ལ་བཅོལ་བའི་གནས་དང་ངོ་བོ་བརྗོད་པར་བྱ་སྟེ། ངོ་ཚ་བ་མེད་པ་དང་ནང་དང་བཅས་པ་དང་རྒས་པ་དང་ན
་བ་དང་བསྙེན་པར་མ་རྫོགས་པ་རྣམས་ལ་འདི་བཅོལ་བར་བྱ་བ་སྨོས་ཏེ། འདི་ཞེས་བྱ་བ་གནས་མལ་གྱིས་གློང་དུ་ཞུགས་པ་ལའོ།། གཙུག་ལག་ཁང་འདིར་ཞེས་སམ་ལྟོས་ཤིག་ཅེའམ། གནས་མལ་འདྲེ་རེ་ཞིག་འམ་བསྡུས
་ཤིག་ཅེའམ། སྒོ་ལྕགས་ཆུ་གཅིག་ཅེས་བྱ་བ་ལྟ་བུ་ནི་བཅོལ་བ་དག་ཡིན་ནོ་ཞེས་བྱ་བ་ལ། ཅེས་བྱ་བའི་སྒྲ་ནི་རྣམ་པར་འབྱེད་པ་ཅན་བཙལ་བ་དག་ཅེས་བྱ་བ་འདིའི་དོན་ཏོ།། གང་ཡང་རུང་བའི་དབྱེ་བས་རྟོགས་པར་བྱས་པའི
་བཅོལ་བ་ཉིད་ཅེས་བྱ་བ་ཡང་དག་པར་བསྟན་པའི་དོན་དུ་འདིར་རྣམ་པ་ལྔ་བཟུང་ངོ་།། ཕན་ཕུན་དུ་གྱུར་པ་ལས་མདུན་རོལ་དུ་ཞེས་བྱ་བ་བརྗོད་པའི་ཕན་ཕུན་དུ་གྱུར་པ་ལ་ངོ་བོ་བརྗོད་པར་བྱ་སྟེ། ཕན་ཕུན་ནི་རྣམ་པ་གསུམ་སྟེ།
་རླུང་གི་བཟློག་པ་དང་། ཆུར་པས་རིམ་པ་གཞན་སླེབས་པ་དང་། སྲིལ་ལ་སོགས་པས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཀྱང་གི་སྒྲས་ནི་རིམ་པ་གཞན་སླེབས་པ་ཞེས་བྱ་བ་དྲངས་པའི་དོན་དུའོ།། སྦྱོར་བ་དང་མཐའ་གཉིས་ཀྱི་ངོ་བོ་བསྟེན
་ནས་འདིར་ཁ་ན་མ་ཐོ་བ་ཇི་ལྟ་བུ་དང་། གང་གིས་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར་དེ་ལ་དགེ་འདུན་གྱི་མ་ལི་ཆ་དང་སྟན་ཉིད་དང་རང་ངམ་བསྐོས་པས་བླ་ཁབ་མེད་པར་བཞག་པར་བྱས་པ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ
་སྨོས་ཏེ། རང་ངམ་ཞེས་བྱ་བ་ནི། རང་གིས་བྱས་པ་ཉིད་དམ་བསྐོས་པས་སོ།། གང་ལ་ཡིན་ཞེ་ན། དེའི་ཕྱིར་བཞག་པ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཞེས་བྱ་བ་དང་སྦྱར་བས་གནས་ལ་བཞག་པ་དེ་ལ་ཞེས་བྱ་བ་ཤེས་པ་ཡིན་ནོ།
་བྱེད་པ་པོ་དག་ཅེས་བྱ་བ་ནི། གནས་མལ་ཉིད་ཅེས་བྱ་བ་ལ་སོགས་པའི་ཡན་ལག་རྣམས་ནི་ཁ་ན་མ་ཐོ་བ་ལའོ།། གནས་སྐབས་གང་ལ་ཇི་ལྟ་བུའི་ཁོ་ན་མ་ཐེ་བོ་ལ་བྱེད་པ་པོ་རྣམས་ཡིན་ཞེ་ན། དེའི་ཕྱིར་མཐར་ཐུག་ན་དངོས
་གོ་ཞིའོ།། སྦྱོར་བ་ལ་ནི་ཉེས་བྱས་ཀྱིའོ།། རེ་ཞིག་གིས་དུས་སུ་གཞན་འདུག་པའི་བར་དུ་ཡང་དེའི་འོ་ཞེས་བྱ་བ་སྨོས་ཏེ། དེའོ་ཞེས་བྱ་བ་ནི་ཉེས་བྱསོ།། འདིར་མཐར་ཐུག་ན་ཏེ་སྦྱོར་བ་ལ་ནི་མ་ཡིན་ནོ།། རེ་ཞིག་གི་དུས་སུ་གཞན་འདུག
་བའི་བར་དུ་ཞེས་བྱ་བ་ནི་དུས་ཡུན་ཅུང་ཟད་ཅིག་གོ། འདུག་པའི་ཞེས་བྱ་བ་ནི་གནས་དེར་འདུག་པའི་སྟེ་མཐར་ཐུག་པ་ཡང་ཉེས་བྱས་འདི་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བའི་ཡི་གེ་ཁ་ཅིག་ལས་འཆག་པའི་གནས
་མལ་མནོས་པ་ལ་དགེ་སློང་རྣམས་ཀྱིས་དུས་ཅུང་ཟད་ཅིག་བླངས་ན་དོགེ་འདུན་གྱིས་བཏིང་བ་དེ་ཡང་མི་སྡུད་ངམ་སྡུང་དུ་མི་འཇུག་ན་ཉེས་བྱས་སོ་ཞོས་གསུངས་པ་ཡིན་ནོ།། གང་ཟག་གི་ཡང་ངོ་ཞེས་བྱ་བ་ཡང་འདིར་ཉེས
་བྱས་སོ།། འདིར་གཞུང་ནི་ཞུ་བ་ལ་དག་ལས་གང་ཟག་གི་གནས་མལ་ཡིན་ལ། དེ་དགེ་སློང་གིས་གདིང་དུ་བཅུག་ནས་དགེ་སློང་འདུག་པ་ལ་མ་བཅོལ་བར་དེ་ནས་འགྲོ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ།། འོག
་མ་བཞི་ལ་ཡང་ངོ་ཞེས་བྱ་བ་ནི་གདིང་བ་དང་། སྐྲོད་པ་དང་ཕྱིས་གནོན་པ་དང་རྩ་བ་འབྱུང་བ་ལ་འདུག་པ་ཞེས་བྱ་བ་དག་ལ་ཡང་གང་ཟག་གི་གནས་སུ་ནི་ཉེས་བྱས་སོ།། འདིར་གཞུང་ནི་ཞུ
་ལས་གང་ཟག་གི་གཙུག་ལག་ཁང་དུ་འདིས་ན་ཉེས་བྱས་སོ།། གང་ཟག་གནས་མེལ་ནས་སྐྱོང་ན་ཉེས་བྱས་སོ།། གང་ཟག་གཙུག་ལག་ཁང་གཽ་ཡིན་ལ་དེར་དགེ་སློང་གི་ཕྱིས་གནོན་བྱས་ཏེ་གནས་མལ་བཅས་ན་ཉེས་བྱས།
་གང་ཟག་གཙུག་ལག་ཁང་གི་སྟེང་གི་ན་མཁའ་ལ་ཡང་ཐོག་བྱས་པར་ལྗིད་ཀྱིས་ཕབ་སྟེ་འདུག་གམ་ཉེས་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ།། རེག་ལར་བྱ་བ་ཉིད་མ་ཡིན་པ་ཉིད་ལ་ནི་མ་ཡིན་འགྱུར་རོ་ཞེས་བྱ་བ་ནི
་གསེར་ལ་སོགས་པའི་རང་བཞིན་ཉིད་རེག་པར་བྱ་བ་མ་ཡིན་པ་ཉིད་ནི་ཉིས་བྱ་སུ་ཡང་མི་འགྱུར་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བ་ལས་དགེ་སློང་འགའོ་ཞིག་གིས་ཁྲིའམ་ཁྲིའུ་འམ་བུ་ཁབ་མ་མཆིས་པོ་བཞགས
་སྟེ། མ་བསྡུས་སམ་སྡུད་དུ་མ་བཅུག་པར་དེ་ནས་གཞན་དུ་མཆིས་ན་ལྟུང་བ་མི་འབྱུང་བ་འགའ་མཆིས་སམ། བཀའ་སྩལ་པ་ཡོད་དེ་རིན་པོ་ཆེ་ལས་བྱས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ།། འདིར་རེག་པར་བྱ་བ་མ་ཡིན་པ་ཉིད
་རིན་པོ་ཆེ་བཟུང་བ་ལ་གཙོ་བོ་སྟེ། དེ་བས་ན་འདིར་གཞུང་ནི་ཉེ་བར་བཏགས་པ་ཤེས་པར་བྱ་བ་མ་ཡིན་ནོ།། བསྡུས་པར་བྱ་བ་བཏིང་སྟེ་བསོད་སྙོམས་ལ་ཞུགས་པ་ན། གལ་ཏེ་རླུབ་དང་ཆར་པ་འོང་ན་གཙུག་ལག་ཁང་ན་འཁོད་པ་རྣམ
་ཀྱིས་བསྡུ་བར་བྱའོ་ཞེས་བྱ་བ་ནི་གུས་པར་བྱ་སྟེ། ཞུགས་པ་ཕྱིར་འོང་བར་བྱའོ།། བསྡུ་བར་བྱ་བ་བཏིང་སྟེ་གནས་མལ་དང་བསོད་སྙོམས་ལ་ཞུགས་པ་དང་རླུང་དང་ཆར་འབབ་པ་མཐོང་ན་གུས་པར་བྱ་སྟེ། མྱུར་དུ་ཕྱིར་འོང་བར་བྱའོ།།
་ཞེས་བྱ་བའི་དོན་ཏོ།། དེའི་དོན་ལ་ཉེས་པ་མེད་པ་དང་ན་སྨད་པ་མ་ཡིན་ན་ཞེས་བྱ་བ་ནི་བསོད་སྙོམས་ཀྱི་དོན་དུ་ཞུགས་པ་དེ་ལ་གནས་མལ་དང་འབྲེལ་པ་ཡོངསུ་རྫོགས་པ་ཉིད་ནི་ཁ་ན་མ་ཐོ་བ་དང་ཞེས་བྱ་བའི་དོན་ཏོ།། ན་སྐུད་པ།
་ཞེས་བྱ་བ་ལ། འདིར་གཞུང་ནི་བསྡུ་བར་བྱ་བ་བཏིང་སྟེ་བསོད་སྙོམས་ལ་ཞུགས་པར་མི་བྱའོ།། འཇུག་ན་འགལ་ཚབས་ཅན་དུ་འགྱུརརོ་ཞེས་གསུངས་པ་ཡིན་ནོ།། གང་གི་ཕྱིར་འགལ་ཚབས་ཅན་བཙོས་པའི་ཚིག་ནི་ཇི་ལྟར
་བརྗོད་པར་སྐྱོན་ཡོད་པ་སྟོན་པར་བྱེད་པ་སྟེ། འདི་ན་སྤྱད་པའི་རྒྱུ་ཡོད་པ་མ་ཡིན་ཏེ་གང་གི་ཕྱིར་ན་སྨད་པར་འགྱུར་གལ་ཏེ་བརྗོད་པ་ལས་མ་རིང་དུ་འདས་སམ་ཕྱི་ནས་དྲན་པ་རྙེད་ན་ཕྱིན་ཆད་དེ་ལྟར་མི་བྱའོ་ཞེས་སེམས་བསྐྱེད
་བར་བྱ་ཞིང་ཚིག་ཏུ་བརྗོད་པར་ཡོད་བྱའོ་ཞེས་བྱ་བ་ནི་གལ་ཏི་ལམ་རིང་པོར་མ་ཕྱིན་པར་སླར་དྲན་པ་རྙེད་ན་ནི་ལོག་པར་བྱའོ་ཞེས་བྱ་བ་འདིར་རྣམ་པར་གནས་པ་ཡིན་ནོ།། གལ་ཏེ་དགེ་སློང་ལམ་ནས་ཚུར་འོང་བ་ཞིགོ་ཕྲད
་པར་གྱི་ན་བསྡུ་བའི་ཕྱིར་དེ་ལ་བཅོལ་བར་བྱའོ།། ཁས་བླངས་པས་སོན་པ་ཉིད་ན་བྱ་བ་ཉིད་དོ་ཞེས་བྱ་བ་ནི་གནས་མིལ་གྱི་གནས་སུ་སོན་པ་ཉིད་ལ་འདིར་ནི་གནས་མལ་ཡང་དག་པར་བསྒྲུབ་པ་ལ་སླར་བསླུ་བར་བྱ
་ཞེས་བྱ་བ་གང་ཞིག་གིས་ཁས་བླངས་པ་དེ་དེའི་བྱེད་པ་པོ་ཉིད་དོ།། དེའི་ཞེས་བྱ་བ་འདི་ནི་ཤུགས་ཀྱིས་རྙེད་པར་བྱ་བ་སྟེ། དེ་བས་མདོར་མ་བྱས་སོ།། འདིར་གཞུང་ནི་གལ་ཏེ་དགེ་སློང་ངེས་ཀྱང་དགེ་སློང་དེ
་ལ་ཁས་བླངས་ནས་གནས་མལ་དེ་བསྡུ་བོར་མི་བྱེད་ན་ལྟུང་བྱེད་དུ་འགྱུ་རོ་ཞེས་གསུངས་སོ།། ཚུར་འོང་བ་ཞིག་ལ་ཟོད་སྐད་སྨྲས་ཏེ། གཞན་དུ་ཡང་འདིའི་རྗེས་སུ་འབྲེངས་པས་འདི་ཤེས་པ་སྟེ། རིག་པ་ལ་ཡང་བྱེད་པ་པོ་ལ་གནས་པ་ལ་ན་ལྟུང
་བ་མེད་དེ། འདི་ནི་ཁས་བླངས་པ་ཞེས་བྱ་བ་གསུངས་པ་ཡིན་ནོ།། གནས་ནས་འཕགས་པར་འགྱུར་བ་ན་ཉམས་པ་པོ་དང་ཕྲད་པར་མི་འགྱུར་བ་ལྟ་ན་གནས་མལ་བསྡུ་བར་བྱའོ་ཞེས་བྱ་བ་ནི་བླ་ཁབ་མེད་པ་འམ་གཡོས་པ་ལ་ཡང་ཞེ
་བྱ་བ་བྱེ་བྲག་ཡོངས་སུ་འཛིན་པར་རྟོགས་པའོ།། འདིར་གཞུང་ནི་ཕྲ་མ་ཚེགས་དག་ལས་དགེ་སློང་གི་གནས་མལ་བསྡུས་ནས་འགྲོ་བར་བྱའོ།། མི་སྡང་ན་འགལ་ཚབས་ཅན་དུ་འགྱུརརོ་ཞེས་གསུངས་པ་ཡིན་ནོ།། ཉམས་དྲ་བ་དང་ཕྲད་པར་མི
་འགྱུར་བ་བལྟ་ན་ཞེས་སྨོས་པ་ནི་གནས་མལ་སྡུད་པར་བྱེད་པ་ནི་མཆིས་པའི་དབང་གིས་གལ་ཏེ་སྲོག་གི་བར་ཆད་ལ་སོགས་པས་འབྱུང་བར་དོགས་པ་དང་ཉམས་པཔ་ལ་གནས་པ་ཞེས་བྱ་བ་འདིའི་དོན་དུའོ།། གལ་ཏེ་དྲི་མ་ཅན་དུ་གྱུར
་ན་སྤྲུག་པར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་མ་མོ་ལས་དགེ་སློང་འགྲོ་བར་ཆས་པ་ཞེས་བྱ་བ་ནས་གནས་མལ་དྲི་མ་ཅན་དུ་གྱུར་པ་ན་སྤྲུག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ།། དེ་དབུལ་བར་བྱའོ་ཞེས་བྱ་བ་ནི་ནི།།
་ཉམས་ང་བ་དང་ཕྲད་པར་གྱུར་པའི་གནས་མལ་ལོ།། ཡང་ན་བཅོལ་བར་བྱའོ་ཞེས་བྱ་བ་ནི་ཉམས་མི་ང་བར་ཕྲད་པར་མི་འགྱུར་བར་ལྟ་ན་ཞེས་བྱ་བ་ནི་རྗེ་སུ་སྦྱར་རོ།། གང་ལ་ཞེ་ན། དེའི་ཕྱིར་དགེ་སློང་ལའོ།། མེད་ན་དགེ་ཚུལ་ལའོ་ཞེས་བྱ
་བ་སྨོས་ཏེ། དགེ་སློང་མེད་ན་དགེ་ཚུལ་ལ་དེ་བཅོལ་བར་བྱའོ།། དེ་ཡང་མེད་ན་ཁྱིམ་བདག་ལའོ།། ཞེས་བྱ་བ་ནི་དགེ་ཚུལ་དེ་ཡང་མེད་ན་ཁྱིམ་བདག་ལ་དོ་བཅོལ་བར་བྱའོ།། ཐམས་ཅད་མེད་ན་ཕྱོགས་བཞིར་རྣམ་པར་བལྟས་ཏེ་ལྡེ་མིག་སྭ་སཽ་ནཱ
་འགྲོ་བར་བྱའོ་ཞེས་བྱ་བ་ནི་བཅོལ་བར་བྱ་ཐམས་ཅད་མེད་ནའོ།། གལ་ཏེ་ལམ་ཁར་དགེ་སློང་མཐོང་ན་ཕྱོགས་དེ་དེ་ལ་བརྗོད་པར་བྱའོ།། ཞེས་བྱ་བ་ནི་གང་དུ་ལྷོ་མཽག་སྤྲས་པའོ།། གལ་ཏེ་འོང་ན་ཁྱིམ་གཞན་དུ་མགྲོན་དུ་བྱོས་ཤིང་སྒོ་བཅད
་གྱུར་ན་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་སྟན་བཞག་སྟེ་འཇུག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་སྒོ་ལ་ཞེས་བྱ་བ་འདི་ལ་བཅད་པོར་གྱུར་ན་ཞེས་བྱ་བ་འདི་དང་འབྲེལ་ཏོ།། འདིར་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་ཞེས་སྨོས་པ་ནི་ཉི་ཆེན་བསྐྱབ
་པའི་དཔེ་ཙམ་དུ་ཟད་དོ།། དེ་ལྟར་ཡང་འདིར་གཞུང་ནི་ཞུ་བའི་ཡི་གེ་ཁ་ཅིགཽ་ལས་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་ངམ་ཉི་མུ་ཆུད་ཟོས་པར་མི་འགྱུར་ན་བཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། དེ་རི་སྟན་དག་གཡར་པོར་སྦྱིན་ནོ།། ཞེས་བྱ་བ་ལ།
་དེར་ཞེས་བྱ་བ་ནི་ཁྱིམ་གྱི་ནང་དུའོ།། རང་གིས་བསྐུར་བར་མི་བྱའོ་ཞེས་བྱ་བ་ནི་ཁྱིམ་གྱི་ནང་ནས་དགེ་སློང་གི་གནས་མལ་ལོ།། དེ་ནི་ཁྱིམ་པ་དང་དགེ་ཚུལ་དག་གིའོ་ཞེས་བྱ་བ་ནི་སྟན་བསྐུར་བ་ཞེས་བྱ་བའི་དོན་ཏོ།། མེད་ན་བསྐྱལ་བའི་ཕྱིར་ཁྱིམ་པ་ལ
་བཅོལ་ཏེ་འདོང་བར་བྱའོ་ཞེས་བྱ་བ་ལ་མེད་ན་ཞེས་བྱ་བ་ནི་ཁྱིམ་པ་དང་དགེ་ཚུལ་དག་གོ།། འདིར་གཞུང་ནི་དགེ་སློང་ཟན་ཟོས་ནས་སྟན་རང་གི་མཆན་ཁུང་གིས་བླངས་ཏེ་འགྲོ་བ་ན་བྲམ་ཟེ་དང་ཁྱིམ་བདག་དག་ཅི་འཕགས
་པ་དག་རོལ་མོ་ལྟར་འདོང་ངམ་ཞེས་ཅོ་འདྲི་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གིས་སྟན་བསྐུར་བར་མི་བྱ་བར་ཁྱིམ་པ་དགེ་ཚུལ་དག་གིས་བསྐུར་བར་བྱའོ།། གལ་ཏེ་ཁྱིམ་པ་དང་དགེ་ཚུལ་དག་མེད་པར་གྱུར་ན་ཁྱིམ
་བདག་དེ་ཉིད་ལ་བཅོལ་ཏེ་འདོང་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། བདག་ཅག་གིས་བསྐྱལ་ལོ་ཞེས་ཟེར་ན་བཞག་སྟེ་འདོང་བར་བྱའོ།། དེ་དག་གིས་མ་བསྐྱལ་ན་གནས་པར་བྱེད་པ་དག་གིས་བླང་བར་བྱའོ་ཞེས་བྱ་བ་ལ། དེ་རྣམས་ཀྱིས་ཞེས
་བྱ་བ་ནི་ཁྱིམ་པ་རྣམས་ཀྱིས་སོ།། དེ་ལྟར་ཁས་མ་བླངས་ནས་མ་བསྒྲལ་ན་གནས་པར་བྱེད་པ་རྣམས་ཀྱིས་བླང་བར་བྱའོ།། མེད་ན་རང་གི་གོས་ཞེས་བྱ་བ་ནི། གནས་པར་བྱེད་པ་དག་ཀྱང་མེད་ན་རང་གིས་བླང་བར་བྱའོ།། ཐམས་ཅད་ཀྱི་ན་གཎྜཱི
་བརྡུད་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་དགེ་སློང་ཐམས་ཅད་ཀྱིས་བླང་བར་བྱའོ་དགོས་པ་ཞིག་ཡོད་ན་ཐམས་ཅད་འདུས་ཏེ་གཎྜཱི་བརྡུངས་ཏེ་ཐང་བར་བྱའོ།། ཡོན་བདག་གིས་གཙུག་ལག་ཁང་དུ་རང་གི་དོན་དུ་སྤྱན་དག་གཡོར་པོརྱ་སྦྱིན་པར་བྱའོ་ཞེས
་བ། གང་རྣམས་ཀྱི་སྐྱོན་འདྲེན་ལ་སྦྱིན་པ་དེ་རྣམས་གལ་ཏེ་གཙུག་ལག་ཁང་དུ་རང་གི་དོན་དུ་གདན་ཆ་དག་གཡར་པོར་བྱེད་ན་དེ་རྣམས་ལ་གཡེར་པོ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་དག་བསྲུང་བའི་ཕྱིར་དགེ་སློང་ཡོང་བཞག་པར་བྱའོ་ཞེས
་བྱ་བ་ནི་གདན་རྣམས་ལའོ།། དེས་ཕྱོགས་གཅིག་ཏུ་བསྡད་པར་བྱའོ་ཞེས་བྱ་བ་ནི་བཞག་པའི་དགེ་སློང་གིས་སོ།། རང་གི་ལས་བྱའོ་ཞེས་བྱ་བ་ནི་བསམ་གཏན་དང་ཁ་ཏོན་བྱེད་པའོ།། སེམས་གཏད་པ་ལ་ཡང་ཞེས་བྱ་བ་ནི་གདན་རྣམས་ལ་སེམས
་གཏད་པར་བྱེད་ཅིང་གནས་པར་བྱའོ།། དོང་ནས་བརྟུལ་བར་བྱའོ་ཞེས་བྱ་བ་ནི་སྤྱན་འདྲེན་པར་བྱེད་པ་རྣམས་དོང་ནས་གདན་ཆ་དེ་རྣམས་བརྟུལ་བར་བྱའོ།། མ་རུངས་པ་དག་བྱི་དོར་བྱའོ་ཞེས་བྱ་བ་ནི་གང་གིས་མ་རུངས་པ་བྱས་པའི་བྱི་དོར་གང
་གིས་བྱ་ཞེ་ན། དེའི་ཕྱིར་ཆང་གིས་ན་ཆུ་དག་གིས་སོ།། ཞེས་བྱ་བ་སྨོས་ཏེ། ཆང་གིས་སྙིགས་སོམ་མ་རུངས་པར་བྱས་པ་རྣམས་མི་ཆུ་འབྲའ་ཞིག་གིས་བཀྲུ་ཞིང་བྱི་དོར་བྱའོ།། སྣུམ་གྱིས་ན་ཆལ་གྱིས་སོ་ཞེས་བྱ་བ་ནི་སྣུམ་གྱིསོ་མ་རུང་སོ་བར་གྱུར
་པ་རྣམས་ནི་འདག་པའི་ཚལ་གྱིས་བྱི་དོར་བྱའོ།། མི་གཙང་བོས་ན་ས་འམ་ལྕི་སྐམ་མམི་ལྕི་བས་སྔོ་ཞེས་བྱ་བ་ནི། གང་ན་ཆ་རྣམས་མི་གཙང་བས་མ་རུངས་པར་གྱུར་ནས་སི་འམ་ལྕི་སྐམ་འམ་ལྕི་བ་རྣམས་ཀྱིས་བྱི་དོར་བྱ་བའོ།། འདིར་གསུང
་ཞན་དུ་ས་ཙམ་ལ་འདིར་བཟུང་བ་ཞེས་གསུངས་ཏེ། དེ་ནི་མཚོན་པ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ།། དེ་དང་འདི་འགལ་བར་ཤེས་པར་མི་བྱའོ།། ཐགས་མ་མེ་དག་ན་བཅད་པར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་གལ་ཏེ་རེ་ཞིག་སྦྱང་བར
་ནུས་ན་དེ་ལྟ་ན་ལེགས། གལ་ཏེ་མི་ནུས་ན་འབྲེངས་པ་བཅད་དེ་དོར་བར་བྱ་ཞིང་འབྲིང་བུ་གསར་པ་རྣམས་ཀྱིས་ཀྱང་སླར་གསོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། ཁྱིམ་པ་འདུག་འདུག་པའི་བསྟན་མ་བསྡུས་པ་མཐོང་ན་བསྡུ་བར་བྱ་བ་ཉིད་དོ་ཞེས
་བྱ་བ་ནི་དགེ་སློང་གང་དག་ཡིས་དེ་དག་མཐོང་བ་དེ་ཉིད་ཀྱིས་དེ་དག་བསྡུ་བར་བྱའོ།། གལ་ཏེ་རྒས་པ་དང་ན་བ་ཡིན་ན་དགེ་སྐོས་ཀྱིས་སོ་ཞེས་བྱ་བ་ནི་གལ་ཏེ་མཐོང་བ་པོ་རྒས་པའམ་ན་བ་ཡིན་ན་དགེ་སྐོས་ཀྱིས
་བསྡུ་བར་བྱའོ་ཉིད་ཡིན་ནོ།། དེས་སྦྱིན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྒན་པོ་འམ་ནད་པ་མཐོང་བ་པོ་དེས་སྦྲན་པར་བྱ་བ་ཉིད་ཡིན་ནོ།། གང་ལ་བྲན་པར་བྱ་སྙམ་དུ་དོགས་པ་ལ་འདིར་བསྐོས་པ་ལ་ཞེས་བྱ་བ་དོན་གྱིས་དང་དབང་དུ་བྱས་པ
་ཤེས་པར་བྱའོ།། ཐམས་ཅད་ཀྱི་ནད་པ་བལྟ་བར་བྱའོ་ཞེས་བྱ་བ་དེའི་ཁང་བུའི་གནས་སུ་ཉེ་བར་འགྲོ་བ་ན་གསར་བུ་འམ་རྒན་པོ་འགའ་ཞིག་གིས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཅི་འགྲེང་སྟེ་བལྟ་བར་བྱ་བ་འམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་འདུག་སྟེ།
་སྟན་ཐོགས་ཏེ་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨོས་ཏེ། དེར་ཞེས་བྱ་བ་ནི་ནད་པ་ལྟ་བ་ལའོ།། ནད་པའི་ནད་གཡོག་གི་དེར་སྟན་དག་བཤམ་པར་བྱའོ།། མཁན་པོ་འམ་སློབ་དཔོན་དགེ་བའི་ཕྱོགས་ལ་འགྲོ་ན་གལ་ཏེ་གཞན་གྱི་དགེ་བའི་ཕྱོགས་མི
་འབྲེལ་ན་ཕྱི་བཞིན་པ་འགྲོ་བར་བྱའོ།། ཞེས་བྱ་བ་ནི་གལ་ཏེ་མ་ཡིན་ན་གཞན་དུ་ཞེས་བྱ་བའོ།། དེའི་ཕྱི་བཞིན་འགྲོ་བ་མ་གཏོགས་པར་ཀློག་པ་འམ་གདམས་ངག་གམ་རྗེས་སུ་བསྟན་པ་བརྩམས་པ་ལས་སོ་སོར་ཉེ་བར་འདུག་པར་གྱུར་པོ་ལ་འདིར
་སློབ་དཔོན་ན་མཁན་པོ་སྨོས་པའོ།། གལ་ཏེ་མ་ཡིན་ན་གཞན་དུ་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ།། དེ་བས་གནས་ཀྱི་སློབ་དཔོན་དང་ཀློག་པའི་སློབ་དཔོན་དག་ལས་གཞན་པའི་སློབ་དཔོན་འདིར་སྨོས་པ་ཞེས་བྱ་བར་ཤེས་པར་བྱའོ།། དེའི་ཕྱིར
་རང་གི་སྟན་བསྐུར་བར་བྱའོ་ཞེས་བྱ་བ་ལ། དེའི་ཕྱིར་ཞེས་བྱ་བ་ནི་མཁན་པོ་འམ་སློབ་དཔོན་གྱི་ཕྱིར།། འགྲོ་བ་མ་ཞུས་པར་མི་བསྐུར་རོ་ཞེས་བྱ་བ་ནི། བདག་ཉིད་ཀྱང་ཕྱིར་བཞིན་འགྲོ་བར་འགྱུར་བ། འདི་ལྟར་མ་ཞུས་པར་བསྐུར་བར་མི་བྱའོ་ཞེས་བྱ་བའི
་དོན་ཏོ།། དེ་རང་ཉིད་ཀྱིས་བསྐུར་རོ་ཞེས་བྱ་བ་ནི་དོ་ཞེས་བྱ་བ་ནི་རང་ཉིད་ཀྱིས་བསྐུར་བར་བསྟན་ནོ།། བླ་ཁབ་མེད་པར་ཆོས་ཉན་པ་ནི་རླུང་དང་ཆར་བྱུང་བ་ན་བསྡུ་བར་བྱའོ།། རྒན་པོ་རྣམས་ཀྱིས་ནི་རང་གིས་མི་ནུས་ན་གཞོན་ནུ་རྣམས་དང་ལྷན་བརྗེ་བར་བྱའོ།
་ཞེས་བྱ་བ་ནི་གཞོནུ་རྣམས་ཀྱི་གནས་མལ་གང་ཡིན་པ་དེ་ནི་ཡང་བའི་ཕྱིར་རྒན་པོ་རྣམས་ཀྱིས་བསྐུར་བར་བྱའོ།། རྒན་པོ་རྣམས་ཀྱོ་ནི་ལྕི་བ་ཉིད་ཀྱིས་ཕྱིར་གཞོན་ནུ་རྣམས་ཀྱིས་བསྐུར་བར་བྱའོ་ཞེས་བྱ་བའི་དོན་ཏོ།། མཐུན་པ་དང་མཐུན་པར་བཞོག
་བར་བྱ་བ་ནི་གང་གིས་གང་མཐུན་པ་དེ་ཉིད་དང་ལྷན་ཅིག་ཏུ་དེ་བཞག་པར་བྱའི་མི་མཐུན་པ་དང་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། གཙུག་ལག་ཁང་གཞན་དུ་གདན་ཆ་དང་རྫས་བརྙན་བསྐུར་བར་བྱའོ།། ཞེས་བྱ་བ་ལ་དང་གི་སྒྲ་ནི་བརྙན་བསྐུར་བར་བྱའོ།།
་ཞེས་བྱ་བར་སྦྱར་བའི་དོན་དུའོ།། འདིར་རྫས་ནི་མཆོད་པའི་དབང་དུ་བྱས་ཏེ། བལྟ་བར་བྱའོ།། ཅི་ཞིག་ངེས་པ་ཉིད་དུ་བསྐུར་བར་བྱ་འམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་གལཱ་ཏེ་ཆར་འབབ་དུ་དོགས་པ་མེད་ནའོ།། གལ་ཏེ་མ་ལམ་ཁར་རླུང་དང་ཚྭ་རུ་བྱང
་ན་ཤིང་ལྗོན་པོའམ་རྩིག་དྲུང་དུ་གཅེར་བར་བྱའོ་ཞེས་སྨོས་ཏེ། རྩིག་པའི་ཞེས་བྱ་བ་ནི་དྲུང་དུའོ།། རྫས་ངན་པ་གཅིག་གིས་གཡོག་པར་བྱའོ་གཙུག་ལག་ཁང་དུ་ཕྱིན་ནས་རྫས་རྣམས་ནི་བསྐམ་པར་བྱའོ།། ཞེས་བྱ་བ་ལ་འདིར་གཞུང་ནི
་ཁྱིམ་བདག་གཅིག་ལ་གཙུག་ལག་ཁང་གཉིས་ཡོད་དེ། དགོན་པ་པ་རྣམས་ཀྱིས་གྲོང་མཐའ་པ་སྟེ། དགེ་སློང་དགོན་པ་པ་རྣམས་ཀྱིས་གྲོང་མཐའ་པའི་གཙུག་ལག་ཁང་ནས་གོས་དག་དང་གནས་མལ་གཡར
་བ་དང་། དགེ་སློང་གྲོང་མཐའ་དག་གིས་མ་སྟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བརྙན་པར་བྱའོ།། ཁ་དོག་སྣ་ཚོགས་པའི་གོས་རྣམས་ནི་ཆར་བ་བ་ན་ཉམས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ
་ཏེ་ཆར་པ་འབབ་པ་འམ་འབབ་ཏུ་དོགས་ན་ཉམས་པར་མི་བྱའོ།། གེལ་ཏེ་ལམ་ཀར་ཆར་འབབ་ན་ཤིང་ལྗོན་པའི་དྲུང་དུ་གནས་པར་བྱའོ།། གཙུག་ལག་ཁང་དུ་སོང་ནས་གོས་རྣམས་བསྐམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། མེ་ཤོར་རམ
་ཆུ་བྱུང་ན་དགེ་འདུན་གྱི་ཡང་གནོད་པར་བྱའོ་ཞེས་བྱ་བ་ནི་གནས་མལ་གྱི་ཕྱིར་འདི་བརྗོད་པ་སྟེ། བསྐྱེད་པའི་དབང་གིས་འདི་ཡང་དག་པར་བརྟེན་པའོ།། གཞན་ཡང་ཆོས་འདིས་སྦྱར་བ་སྟེ་དེ་བས་ན་ཁྱད་པར་མེད་པར་ཉེ་བར་བརྟགས་པའོ།།
་རང་གི་ལྷུང་བཟེད་དང་ཆོས་གོས་ཐོན་ཟིན་ནའོ་ཞེས་བྱ་བ་ནི་ཇེ་དང་པོར་རང་གི་ལྷུང་བཟེད་དང་ཆོས་གོས་གདོན་པར་བྱའོ་ཞིང་དེའི་འོག་ཏུ་དགེ་འདུན་གྱི་ཡང་གདོན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གང་ཟག་གི་ཕོངས་པར་འགྱུར་གྱི་དགེ
་འདུན་ནི་མ་ཡིན་ཞེས་བྱ་བ་བྱས་སོ།། བཏོན་ཟིན་པ་བསྲུང་བའི་ཕྱིར་དགེ་སློང་ཆེན་པོ་མི་ནུས་པ་བཞག་པར་བྱའོ་ཞེས་བྱ་བ་ནི་སྟོབས་ཆུང་བ་ཉིད་ཀྱི་ཕྱིར་ལས་གཞན་ལ་མི་སྦྱར་ཞེས་པར་དགོངས་སོ།། མི་བཟོད་པ་ཉིད་དུ་འཇུག་པར་མི་བྱའོ།།
་ཞེས་བྱ་བ་ནི་མེ་དྲང་ཆུ་ངག་མི་བཟོད་པ་ཉིད་ལ་གདོན་པའི་ཆེད་དུ་འདོན་པར་མི་བྱའོ།། གནས་མལ་གྱི་ལྟུང་བྱེད་དོ།། ཁྱིམ་གཞན་དུ་གདིང་བར་བྱས་པ་ཁྱིམ་བདག་ལ་དྲིས་པ་དེ་དོར་བར་བྱའོ་ཞེས་བྱ་བ་ལ། བྱས་ཞེས་བྱ་ནཱི་རང་གིས་ས་མ་བསྐོས
་པས་སོ།། དགོན་པར་ཡང་ན་སློང་བར་བྱའོ་ཞེས་བྱ་བ་མི་ཡང་ན་དོར་བར་བྱ་ཞེས་བྱ་བ་ལ། ཡང་ནི་ཞེས་བྱ་བའི་སྒྲས་ནི་རྣམ་པར་རྟོགས་པའི་དོན་ཏོ།། དེ་ནི་མགོ་འམ་མཇུག་བཟློག་པོར་བྱས་པ་ཉིད་དོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སློང
་བྱས་པ་ལའོ།། འདིར་གཞུང་ནི་དེ་རྣམས་སློང་བར་བྱེད་ན་ཉེས་དམིགས་དེ་ཉིད་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་འམ་མཇུག་བཟློག་པར་བྱས་ཏེ། འགྲོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། གོས་དག་བསྐམ་པའི་ཕྱིར་རྩ
་གདིང་བ་ཡང་དོར་བར་བྱ་བ་ཉིད་དོ།། སློང་བ་ལ་དོར་བ་ཁས་ལེན་ན་སྦྱིན་ནོ་ཞེས་བྱ་བ་ལ། སྦྱིན་པ་ཞེས་བྱ་བ་ནི་གནང་བའི་རྩ་རྣམས་སོ།། འཆག་ས་དག་ཏུ་རྐང་མཐིལ་གཉིས་ལ་རྩུབ་ན་རྩ་དག་གདིང་བར་བྱའོ།། དེ་དག་ཀྱང་དོར་བར་བྱ་བ་ཉིད་དོ།།
་ཞེས་བྱ་བ་ནི་གནང་པོའི་རྩ་རྣམསོ།། གཏོང་ན་དོར་བར་བྱ་བ་མ་ཡིན་པ་ཉིད་དུ་མ་གྱུར་པོ་དོར་བར་བྱའོ་ཞེས་བྱ་བ་ལ། གཏོང་ན་ཞེས་བྱ་བ་ནི་འཆག་པ་གཏོང་ན་བའི་དུས་ལ་དོར་བར་བྱ་བ་དོར་བའོ།། ཅི་གནས་སྐབས་ཐམས་ཅད་དུ་ཡིན་ནམ
་ཞེ་ན་མོ་ཡིན་ཏེ། དེའི་ཕྱིར་དོར་བར་བྱ་བ་མ་ཡིན་པ་ཉིད་དུ་མ་གྱུར་པ་ལ་ཞེས་བྱ་བ་སྨོས་ཏེ། གྱུར་པ་ལ་ནི་གྱོར་པ་ཉིད་ཁོ་ན་བྱས་པ་ཉིད་དོར་བ་ཞེས་བྱ་བ་དོན་གྱིས་ཐོབ་བོ།། གཞན་གྱི་ཚེ་ནི་དུས་སུ་སོར་བརྟག་པ་དང་བསྒྱུར་བ་མིག་བྱའོ་ཞེས
་གཞན་གྱི་ཚེ་ཞེས་བྱ་བ་ནི་བཏིང་བའི་དུས་ལས་སོ།། ས་སྣུམ་པ་དང་མངར་བ་ནི་ཉིན་རེ་བཞིན་ནོ་ཞེས་བྱ་བ་ནི་སྲིལ་ལ་སོགས་པ་ལས་བྱུང་བའི་ཉེས་པ་སྤང་བར་བྱར་ཉི་མ་རར་བསྒྱུར་བཟློག་བྱ་བའོ།། ཡུལ
་གང་ནས་ས་སྣུམ་པ་དང་མངར་བ་ནི་སྲིལ་རྣམས་ལ་སྡུག་བསྔལ་འབྱུང་བས་ཏེ། དེའི་ཕྱིར་ན་སྣུམ་པའི་ཚིག་གོ།། དེ་ལྟར་ཡང་ཡུ་ལ་འདི་ནི་སྣུམ་པ་དང་འཇམ་པའི་ས་དང་ལྡན་པོ་ཞེས་བྱ་བ་ནི་སྣུམ་པ་བརྗོད་པའོ།། གཞན
་དུ་ཟླ་བ་ཕྱེད་ཕྱེད་ཅིང་ངོ་ཞེས་བྱ་བ་ནི་ས་སྣུམ་པ་དང་མིངར་བ་ལས་གཞན་པའི་ཡུལ་དུ་ཟླ་བའི་ཕྱེད་ཕྱེད་ཅིང་ལན་རེ་བསྒྱུར་བཟློག་བྱའོ།། འདིར་གཞུང་ནི་གལ་ཏེ་ས་ཕྱོགས་སྣུམ་པ་དང་མངར་པོ་ཡིན་ན་བ་ཏིང་བ་ཉིན་རེ་ཞིང་བསྒྱུར
་བཟློག་བྱའོ། གལ་ཏེ་ས་ཕྱོགས་སྣུམ་པ་དང་མངར་བ་མ་ཡིན་ན་ནི་ཟླ་བ་ཕྱུད་ཅིང་བསྒྱུར་བ་ཟློགོ་བྱའོ་ཞེས་གསུངས་བ་ཡིན་ནོ།། འཆགས་དག་ཏུ་རྩའི་ཆུན་དག་ཏུ་ཐག་བིས་བཅིངས་ཏེ་ཤིང་ལ་བཞག་པར་བྱའོ།།
་མོར་བཞག་པར་བྱའོ།། གནས་ནས་འཕགས་པར་འགྱུར་བ་ན་ཞེས་བྱ་བ་ཡན་ཆད་སྔར་རོཐལ་བའོ་ཞེས་བྱ་བ་ནི། སྔར་མདོ་ལས་གནས་ནས་འཕགས་པར་འགྱུར་བ་ན་སྔར་གྱི་བསླབ་པའི་གཞི་དེ་དང་འབྲེལ་པ་གང་ཡིན་པ་དེ་འདིར
་རྟོགས་པར་བྱའོ།། འདིར་གཞུང་ནི་དགེ་སློང་འཁོད་པ་ལ་ཡང་མ་བཅོལ་ན་གཞན་ལ་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བྱ་བ་གསུངས་པའི་ལྟུང་བ་བསྟན་པའི་གཞུང་རྒྱ་ཆེར་འབྱུང་བ་དེ་དག་གནས་མལ་ལྟུང་བའི
་ལམ་ཞེས་གསུངས་པ་ཡིན་ནོ།། དེ་བཞིན་དུ་འདིར་ཁ་ཅིག་ནི་འདིར་གཞན་དེ་འདྲ་བའི་རྐྱེན་ལས་ཞེས་བྱ་བ་འདི་ཉམ་པཔ་དང་ཕྲད་པར་མི་འགྱུར་བ་ལྟ་ན་ཞེས་བྱ་བ་ནི་མ་ཡིན་པ་དགག་པ་སྟེ། འབྲེལ་པ་མང་པོ་ཉིད་དུ་བྱ
་བ་མི་འཇུག་པ་ཡིན་ནོ།། དེའི་ཕྱིར་འདི་མེད་པར་རྟོགས་པར་བྱ་སྟེ། བསླབ་པའི་གཞི་འོད་དག་ལ་རྣམ་པོ་གཅིག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་རོ།། དེ་བས་ན་མི་བརྗོད་པོའི་དོན་ལ་ཡང་འདིར་སྔ་མའི་རྗེསུ་འབྲང་བས་མཐོང་བའོ།།
་གཞན་དག་ནི་ཆར་བས་ཕན་ཚུན་དུ་གྱུར་པས་འདིར་མི་འཇུད་དོ་ཞེས་ཟེར་ན་དེ་ཡང་མི་རིགས་སྟེ། འདིར་འདིས་ཀྱང་སོ་གཞི་ཆུང་ཟོས་པའི་ཕྱིར་རོ།། རེག་པར་བྱ་བ་མ་ཡིན་པ་ཉིད་ལ་ནི་མི་འགྱུར་རོ་ཞེས་བྱ་བ་འདི་ལ་འདིར་དོན
་མི་སྣང་བས་ལོག་པའོ།། གནས་མལ་འདི་བསྡུས་ཤིག་ཅེས་བྱ་བ་འདི་ལ་གནས་མལ་གྱི་གནསུ་གདིང་བ་གཏོགས་པར་དོན་གྱིས་གྲུབ་བོ།། དེ་བས་ན་དེའི་འོག་ཏུ་ཐམས་ཅད་ལ་དམིགས་ཀྱིས་བསལ་བའོ།། ཅིག་ཅར
་སྤྱོད་པ་ནི་འདྲ་བ་ཉིད་དོ་ཞེས་བྱ་བ་ཐམས་ཅད་ལ་ཁྱབ་པ་དང་ལྡན་པ་ཡིན་གྱིས་ལངས་པ་ལ་ནི་མ་ཡིནཱ་ཞེས་བྱ་བའི་དོན་ཏོ།། དགེ་འང་འདུན་གྱིས་མ་ཡིན་པར་ནི་གནས་པའི་བདག་པོ་རྣམས་ལ་ཡང་འདྲི་བར་བྱ་བ་ཉིད་མྦྷི
་ནོ་ཞེས་བྱ་བ་ནི་ཡང་གི་སྒྲས་ནི་དགེ་སློང་ལ་ཡང་ཞེས་བྱ་བ་དགེ་འདུན་གྱི་གནས་མ་ཡིན་པར་གནང་བའི་གདིང་བ་ལ་གནས་དེའི་བདག་པོ་རྣམས་ལ་དྲི་བར་བྱ་ཞིང་དོར་བར་བྱ་བ་ཉིད་ཡིན་ནོ།། རྣམས་ལ་ཞེས་མང
་ཚིག་ཏུ་བསྟན་པ་ནི་འདིར་བུ་དང་ཆུང་མ་ལ་སོགས་པ་དག་ཀྱང་དེའི་དངོས་པོ་ལ་བདག་པོར་གྱུར་པ་ལ་ཁོངསུ་བསྡུ་བའི་དོན་ཏོ།། གཅིག་གི་ཚིག་ཁྱིམ་བདག་གཅིག་ཁོ་ན་ལ་བཟུང་བར་ཤེས་པར་འགྱུར་རོ།།
་འདིར་ཡན་ལག་དང་གང་རྣམས་ལ་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་རྡོ་བ་དང་ཕྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མ་ཡིན་པ་ཉིད་དང་དེ་ལྟ་བུའི་ཉེས་དམིགས་ཡོད་པ
་ཉིད་ཀྱིས་གཞིར་རང་དང་བསྐོས་པས་གདིང་བ་བྱ་བ་ཉིད་ལྟ་བུ་ནི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རྡོ་བ་དང་། ཞེས་བྱ་བ་ནི་རུང་བ་ཉིད་ལ་འདི་བསྟན་པ་སྟེ། དེ་ལྟ་བུའི་བདག་ཉིད་རུང་བ་ཉིད་ཅེས་བྱ་བའོ།། སོགས་པའི
་སྒྲས་ནི་རྡོ་པཱ་ལ་སོགས་པས་མཱ་ཡིན་པར་འགྱུར་བ་བཟུང་ངོ་།། རྡོ་བོ་དང་བྱེ་མ་ལ་སོགས་པས་གང་ལ་ཡོད་པ་མ་ཡིན་པ་དེ་ནི་རྡོབ་དང་བླ་མའི་གཞིའོ།། དེའི་དངོས་པོ་དང་རྡོ་བ་དང་བྱེ་མའི་གཞི་ཉིད་དེ་རྣམས་ཀྱི་བདག་ཉིད་དོ།། དེ་ལྟ
་བྱའི་ཉེས་དམིགས་ཡོད་པ་ཉིད་ཀྱིས་རུང་བ་ཉིད་ཅེས་བྱ་བ་ནི་སྲིལ་ལ་སོགས་པའི་ཉེ་བར་འཆེ་བ་རུང་བ་ཉིད་དོ།། རང་དང་བསྒོས་པས་གདོང་བ་བྱས་པ་ཉིད་དུ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ་ནི། སྔར་ཐལ་བའོ་ཞེས་བྱ་བ
་འདི་ལས་དངོས་གཞིའི་མཐའ་ཞེས་བྱ་བ་ལ་སོགས་པ་འདིར་རྟོགས་པར་བྱའོ།། གདིང་བའི་ལྟུང་བྱེད་དོ།། སྐྲོད་པའི་ལྟུང་བྱེད་ལ་བྱེད་པ་པོ་ཉིད་གང་ཡིན་པ་ཞེ་ན། དེའི་ཕྱིར་དགེ་སློང་ཉིད་དང་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དག་ནི
་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨོས་སོ།། ཅི་བསམ་པ་ཐམས་ཅད་ཀྱིས་དེ་ཉིད་བྱེད་པ་པོ་ཡིན་ནམ་ཞེ་ན་དེའི་ཕྱིར། གལ་ཏེ་དེ་ལ་དགོན་པ་དང་དགེ་འདུན་འཁྲུག་པ་སྐྱེ་བ་ཉེ་བར་ཞི་བར་མི་འགྱུར་བའི་གཉེན་པོར་འདོད་པ་མ་ཡིན་ནའོ་ཞེས་བྱ
་བ་སྨོས་ཏེ། དགེ་སློང་ཉིད་གང་ལ་བྱེད་པ་པོ་ཉིད་དུ་བརྗོད་པ་དེ་ལ་སྲོག་གཏོང་བ་ལ་སོགས་པས་གནོད་པ་ནི་དེ་ལ་གནོད་པའོ།། དེ་ལ་གནོད་པ་དང་དགེ་འདུན་ལ་འཁྲུག་པ་ལ་སྐྱེ་བ་དང་སྐྲོད་པ་གཉིས་ལ་ཉེ་བར་ཞི་བར་མི་འགྱུར་བོ
་དགོས་པ་ཡོད་པ་ལས་བསམ་པ་གཞན་ལ་འདི་དག་ལས་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ།། དེ་གཉིས་གང་ལ་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་སྤྱོད་པ་ལའོ་ཞེས་བྱ་བ་སྨོས་སོ།། སུ་ཤེས་ནི་དེའི་ཕྱིར་གཞན་གྱིས་ཀྱང་ངོ་ཞེས་བྱ་བ
་སྨོས།། རང་ཉིད་གཅིག་པུ་མ་ཡིན་ནོ།། གཞན་གྱིས་རྗེས་སུ་འཇུག་པས་ཀྱང་ངོ་ཞེས་བྱ་བ་ནི། གཞན་དུག་བསྐོས་ནས་སྐྱོད་པར་བྱེད་ན་ལྟུང་བ་མེད་པའམ་ན་སྨད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་གི
་སྐྲོད་པར་བྱེད་ན་གཉིས་ཀ་ལ་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ།། དགེ་སློང་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས་ཀྱིས་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི་འདི་རྣམས་སྐྱོད་པར་བྱེད་པ་རྣམས་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད
་ཡིན་ནོ།། འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློབ་མ་དང་། དགེ་ཚུལ་དང་དགེ་ཚུལ་མས་དགེ་སློང་སྐྲོད་པར་བྱེད་ན་ལྟུང་བྱེད་དོ།། དགེ་སློབ་མ་དགེ་ཚུལ་དང་དགེ་ཚུལ་མ་ལ་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ།། དེ
་དག་ཀྱང་ངོ་ཞེས་བྱ་བ་ནི་དགེ་སློབ་མ་ལ་སོགས་པ་བསྐྲད་པར་བྱ་བ་རྣམས་ལ་སྐྲོད་ནའོ།། འདིར་གཞུང་ནི་ཕྲན་ཚེགས་རྣམས་ལས་དེར་དགེ་ཚུས་རྣམས་པས་ཅིག་ཤོས་དག་ལ་འདི་བསྡུ་བར་བྱའོ་ཞེས་གསུངས་པ
་ཡིན་ནོ།། བཞད་གད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི་སྐྲོང་ན་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ།། ཁྱིམ་པ་རྣམས་ལ་བསོད་ནམས་མ་ཡིན་པ་མང་པོ་ཞེས་བྱ་བ་ནི་སྐྲོད་པར་བྱེད་པ་རྣམས་ཡིན་ན་དེ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང
་པོའི་བྱེད་པ་པོ་ཉིད་ཡིན་ནོ།། འདིར་གཞུང་ནི་དགེ་སློང་གིས་ཁྱིམ་པ་དང་ཁྱིམ་པ་མོས་དགེ་སློང་སྐྲོད་དུ་བཅུག་ན་ལྟུང་བྱེད་དོ།། ཁྱིམ་པ་དང་ཁྱིམ་པ་མོ་ལ་ནི་བསོད་ནམས་མ་ཡིན་པ་མའུ་བསྐྱེད་པར་འགྱུར་རོ་ཞེས་གསུངས་པ་ཡིནོ།། །
་སྤྱོད་པའི་ལྟུང་བྱེད་དོ།། ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་ནི་མིང་ཅན་དུ་སྦྱར་བར་བྱེད་དོ། ཞེས་བྱ་བའི་དོན་ཏོ།། གང་ལ་འདུ་ཤེས་གཙོ་བོ་ཆེར་བྱེད་པོ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་འདུན
་གྱོ་གཙུག་ལོག་ཁང་གི་གནས་སུ་དགེ་སློང་ཞུགས་པ་ཉིད་ལའོ་ཞེས་སྨོས་ཏེ། དགེ་འདུན་གྱི་གཙུག་ལག་ཁང་གང་ཡང་རུང་བ་དང་འབྲེལ་པའི་གནས་རྟེན་པ་ཉིད་དུ་དགོས་པ་ལ་སའི་ཕྱོགས་གཞན་ལ་བཙུག་ཤིགནས་ཉིད་དུ་བརྗོད་པ
་འདི་ལྟ་བུ་ལ་སྔར་ཁས་བླངས་པའི་དགེ་སློང་གིས་ཞུགས་པ་ཉིད་ལ་གང་དེ་ལ་ལྟུང་བ་འབྱིན་པར་བྱེད་པའི་འདུ་ཤེས་གནས་འདི་ན་ཞེས་དགེ་སློང་འདིས་གནས་འདིར་ལྷག་པར་གནས་སྙམ་དུ་འདུ་ཤེས་འདི་ཡོད་པ་ལ་གནས་དེ་ལ་ནི་ལྟུང
་བའི་བྱེད་པ་པོ་ཉིད་ཡིན་ནོ།། དེ་ལྟར་དགེ་སློང་གང་ཞིག་སླར་ཤེས་ཤིང་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་དག་པར་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས་ཕྱིས་གནོན་བྱེད་ན་ཞེས་བྱ་བ་ལ་སོགས་པའི་མདོ
་གསུངས་པ་ཡིན་ནོ།། དེ་ལ་གང་དུ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར་ན་བ་དང་འཇིགས་པའི་དབང་མ་གཏོགས་པར་ཕྱིས་གནོན་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཕྱིས་གནོན་བྱེད་པ་ལའོ།། ཞེས་བྱ་བ་ནི་གཞན་ལ་མི་འདོད་པས་ཞེས
་བྱ་བའི་དོན་ཏོ།། མ་གཏོགས་པར་ཞེས་བྱ་བ་ནི། ན་བ་དང་དེའི་དབང་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་གང་གི་ཚེ་ན་པ་འམ་འཇིགས་པར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། དེ་ནི་དཔེ་སྟེ་མཐོ་འཚམ་པར
་འདུན་པས་དགེ་སློང་ལ་ཐོ་འཚམ་པར་ཀྱང་ངོ་ཞེས་བྱ་བ་ལ། འདིར་གཞུང་ནི་བར་སྡོམ་པར་ལས་ངན་དང་བསོད་དང་གྲང་དྲོ་དང་། ཆོལ་ཟངས་དང་ནི་བཀྲུ་སྨན་དང་། འཇིགས་དང་བཅས་དང་འཇིགས་མེད་དོ།། ཞེས་བྱ་བས
་དགེ་སློང་གིས་དགེ་སློང་ལ་ཇི་ཙམ་ཅུང་ཟད་མཐོ་འཚམ་པར་བྱེད་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་ཞེས་བྱ་བ། དགེ་འདུན་གྱི་གཙུག་ལག་ཁང་དང་འབྲེལ་པའི་གནས་ཀྱི་སྒོ་ལ་རྗེས་སུ་མཐུན་པའི་ས་ཕྱོགསུ་ཡང་དག་པར་ཞུགས
་པ་འམ་ཕོངས་པ་བསྒྲུབ་པས་རྣམ་པར་འཚེ་བ་བསྐྱེད་པ་འམ་འགགས་པས་གང་ཞིག་པོ་ཚིམ་པར་བྱེད་ན་དེ་འདིར་མངོན་པར་འདོད་པ་ཞེས་བྱ་བ་མདོར་བྱས་པ་ནི་བསླབ་པའི་གཞི་རྗེསུ་འབྲངས་པས་རྟོགས་པར་བྱའོ།། བསྒོ་བ
་རྣ་ལ་གཟོན་པ་དང་སྐྲོད་པར་བྱེད་པ་དང་། སྤྱོད་པ་དང་། བསྡིགས་པ་དང་། ཡོ་བྱད་འཇོག་པ་དང་། བསླབ་པའི་གཞི་རྣམས་ལ་གཞན་དུ་བསླབ་པའི་གཞི་ལས་ལྟུང་བ་ཐ་མི་དད་པ་ཉིད་དུ་འགྱུར་རོ།། འདིར
་ཡང་དགེ་འདུན་གྱི་གཙུག་ལག་ཁང་ལ་གནས་པ་བརྟེན་པོ་དོན་མེད་པ་ཉིད་དུ་ཐལ་བའི་ཕྱིར་མ་སྨོས་པའི་ཆོ་ག་གཞན་ལ་རྣམ་པར་འཚེ་བ་ལ་ནི་ཉེས་བྱས་སུ་རྟོགས་པར་བྱའོ།། ཕྱིས་གནོན་གྱི་ལྟུང་བྱེད་དོ།། དགེ་འདུན་གྱི་གཙུག
་ལག་ཁང་གི་སྟང་གི་ཐོག་ཉིད་ནི་བྱེད་པ་པོ་ཞེས་བྱ་བ་ནི། དགེ་འདུན་གྱི་གཙུག་ལག་ཁོང་གི་སྟེང་གི་ཐོག་ཉིད་ནི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ།། ཅི་རྣམ་པ་ཐམས་ཅད་ལ་དེ་བྱེད་པ་པོ་ཡིན་ནོ་ཞེ་ན་མ་ཡིན་ཏེ། གལ་ཏེ་བྱིན་གྱིས
་གཞོལ་བ་ཉིད་དམ་སྤང་ལ་བ་ཉིད་དམ། དེ་དང་འདྲ་བས་གཡོག་པ་ཉིད་མ་ཡིན་ནའོ་ཞེས་བྱ་བ་སྨོས་ཏེ། དེ་དང་འདྲ་བས་ཞེས་བྱ་བ་འདིས་ནི་སྤང་ལེབ་ཀྱི་རྣམ་པ་བཟུང་བ་ཡིན་ནོ།། དེ་ལྟར་ཡང་འདིར་གཞུང་ནི་བྱིན་གྱིས་གཞོལ
་བ་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། གལ་ཏེ་རྐང་པ་འབྱུང་བའི་གྲགས་མེང་པོ་ཞེས་བྱ་བ་འདི་འདིར་བསྡུས་པའི་དོན་དུ་རིག་པར་བྱའོ། འདི་ཉིད་གཅིག་ཏུ་བྱེད་པ་པོ་ཡིན་མ་ཞེ་ན་མ་ཡིན་ཏེ། འདིའི་ཕྱིར་གནོ
་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུ་ཉིད་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཁྲི་དང་ཁྲིའུ་སྨོས་པ་འདིར་བྱས་ཏེ་ཁྲིའུ་དོར་ཅིག་ཅེས་བྱི་བ་འདིར་མཚོན་པ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ།། ཡོད་པ་ཉིད་ཀྱི་ཕྱིར་འདི་ལྟ་བུར་གྱུར་པ་གཞན་ལ
་ཡང་འདི་ལྟ་སྟེ། ཁྲིའུ་རྐང་པ་དང་འདས་པ་དང་བཅས་པ་འདྲ་བ་ལ་ཉེས་དམིགས་འདྲ་བ་ཉིད་ཀྱི་དེར་ངེས་པ་གནས་ལ་སོགས་པ་སྟེ། དེའི་ཕྱིར་གནོན་པར་འོས་པ་ཞེས་བྱ་བའི་ཚིག་བྱས་སོ།། ཅི་གནས་སྐབས་ཐམས་ཅད་དུ
་འདི་ལ་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་བཀན་པ་ཉིད་དང་རྐང་རྟེན་བཅུག་པ་ཉིད་ནི་མ་གཏོག་སོ་ཞེས་བྱ་བ་སྨོས་ཏེ། གང་ལས་ཐོག་ཉིད་དང་རྩ་བ་ཕུར་བུ་ལྟ་བུ་ཉིད་དེ་གཉིས་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་གནོན་པ
་ལའོ་ཞེས་བྱ་བ་སྨོས་ཏེ། མནན་པར་འོས་པ་ཞེས་བྱ་བ་དབང་དུ་བྱེད་པ་ལས་ཤེས་པར་བྱེད་དོ།། མངོན་པར་འདུག་པར་བྱ་བ་འམ། མངོན་པར་འདུག་པ་ཞེས་བྱ་བ་འདིར་འདུག་པ་ཙམ་ནི་གཙོ་བོར་རྣམ་པར་གནས་པ་ཡིན་ཞེས་བྱ
་བ་འདི་ལྟར་ཉེ་བར་རྟོགས་པར་བྱའོ།། ཅི་ཞིག་ཅི་ཡང་རུང་བ་ཉིད་ཀྱིས་དེ་ཉིད་ལ་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་ཤོས་གཙོ་བོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང
་གང་ཤེས་བཞིན་དུ་ཞེས་བྱ་བ་སྨོས་པ་ཡིན་ནོ།། རྣམ་པར་འབྱེད་པ་ལས་ཀྱང་འདིར་རང་ཉིད་ཀྱིས་རིག་པར་གྱུར་པའམ་བཞིན་དག་གིས་བརྗོད་པས་སོ་ཞེས་གསུངས་སོ།། དགེ་སློང་གནོན་པར་བྱས་པའི་གླེང་གཞི་དང་སྦྱིན་པར་བཅད
་བའི་ཕྱིར་འདི་རྣམས་བརྟགས་པའོ།། རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དོ།། ཡང་གང་ཞིག་བསླབ་པའི་གཞི་འདི་ལ་ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩའམ་ཞེས་བྱ་བ་དང་། གང་ཞིག་ཡང
་སླར་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ཞེས་བྱ་བ་གཅིག་པོ་ཉིད་གཉིས་སུ་འགྱུར་ཏེ། ཡུལ་གྱི་བྱེ་བྲག་གིས་ནི་དེ་གཉིས་ལྟུང་བ་ཐ་དད་པ་ཉིད་ཡིན་པས་གང་ཞིག་དེར་ཆོ་ག་དེ
་ཉིད་ཅེས་བྱ་བ་མངོན་པར་བརྟེན་ནས་ཡུལ་གང་ལ་འདི་དང་དེ་ཞེས་བྱ་བ་དེ་བསྟན་པའི་ཕྱིར། རང་སྤྱོད་པའི་དོན་ཉིད་དེ་ལས་གཞན་པའོ།། ཞེས་བྱ་བ་སྨོས་ཏེ། རང་སྤྱོད་པ་ཉིད་བཞག་པར་བྱ་བ་གཞན་ལ་ཤེས་གཙོ་བོ་ཞེས་བྱ་བ་དེ་ལ་ནི་སྲོག་ཆགས
་དང་བཅས་པ་ལ་སྤྱོད་པ་ཞེས་བྱ་བའི་ལྷག་མ་དེ་ཉིད་ལས་རྟོགས་པར་བྱའོ།། སྲོག་ཆགས་དང་བཙོས་པ་ལ་སྤྱོད་པའི་ལྟུང་བྱེད་དོ།། སྒོ་ཆ་གཞུག་པར་བྱའོ་ཞེས་བྱ་བ་ནི་སྒོ་བསྐྱེད་ལ་སོགས་པ་སྒོ་དང་འབྲེལ་པའི་ཡོ་བྱད་དོ།། འདི་ལྟར་ཡ
་ཕུབས་ལས་གཞན་སྒོ་བསྐྱེད་བཟུང་བ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་རྟོགས་པར་བྱའོ།། སྒོ་གླེགས་དག་ཀྱང་ཞེས་བྱ་བ་ནི་འདིར་སྒོ་གླེགས་ཞེས་བྱ་བ་སྒོ་ལེབ་ལ་བྱ་སྟེ། དེ་ཡང་སྒོ་གླེགས་ཞེས་སྨོས་པའི་ཚིག་གིས་སོ།། སྐར་ཁུང་དག་ཀྱང
་གདོད་པར་བྱའོ་ཞེས་བྱ་བ་ནི་འཇུག་པར་བྱའོ།། ལྟུང་བ་འདི་ལ་བྱེད་པ་པོ་ཉིད་གང་ཡིན་ཞེ་ན། དེའི་ཕྱིར་གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨོས་སོ།། འདི་ལ་ཚད་ཇི་ཙམ་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྤྱོད་ལམ་བཞི་ཤོང
་འོ་ཞེས་བྱ་བ་སྨོས་ཏེ། གང་དུ་སྤྱོད་ལམ་རྣམ་བཞི་བྱར་རུང་ཞིང་ཤོང་བའོ་ཞེས་བྱ་བའི་དོན་ཏོ།། ཅི་གཙུག་ལག་ཁང་ཚང་དེ་ཙམ་དང་ལྡན་པ་ཐམས་ཅད་བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་གལ་ཏེ་ཐམས་ཅད་རྡོ་འམ་སོ་ཕོག་གམ་ཤིང་ལ
་བྱས་པ་མ་ཡིན་ནའོ་ཞེས་བྱ་བར་སྦྱར་ཏེ། ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཐམས་ཅད་དུ་གཙུག་ལག་ཁང་ལ་ཡང་ད་ལྟར་ཁྱིམ་ལ་དབང་བ་ཞེས་བྱ་བ་བྱེ་བྲག་མ་སྨོས་པའི་ཕྱིར་རྟོགས་པའོ།། འདིར་བྱེ་བྲག་གཞན་ཡང་བརྗོད་པར་བྱ་སྟེ། ཆར
་ཆུ་བསྐྱབ་པའི་གཡོག་མ་ཡང་ངོ་ཞེས་བྱ་བ་ནི་གལ་ཏེ་ཐམས་ཅད་ཉི་མ་རེ་རེ་ཞིང་བྱ་བ་བྱས་པ་ཞེས་བྱ་བའི་དོན་གྱིས་རྟོགས་པར་བྱའོ།། འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་དག་ཡོད་དེ། གཅིག་པ་རིམ་པ་གཉིས་སམ་གསུ
་ལས་ལྷོག་པར་རྩིག་ཅིང་དེ་ལ་ལྟུང་བྱེད་དུ་ཡང་མི་འགྱུར་བ་མཆིས་སམ། ཡོད་དེ་རྩ་དོག་གིས་གཡོགས་པར་བྱེད་ན་ལྟུང་བ་མེད་དོ།། སྤང་ལེབ་དག་གིས་གཡོག་པར་བྱེད་ན་ལྟུང་བ་མེད་དོ།། ཤིང་ལེབ་དག་གིས་གཡོག་པར་བྱེད་ན་ལྟུང
་བ་མེད་དོ།། ཞེས་གསུངས་པ་ཡིན་ནོ།། རྩ་བའི་ལྟུང་བ་འབྱིན་པར་བྱེད་ན་ཐམས་ཅད་ལ་འདི་བྱེད་པ་པོ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་ཡོན་བདག་གིས་བྱས་སམ་ཟིན་ནཱ་མ་ད་ལྟའོ།། ཞེས་མ་སྨྲས་པ་ལའོ།། ཞེས་བྱ་བ་སྨོས་སོ།།
་སྨྲས་པལ་ནི་ཉེས་པ་མེད་པ་ཉིད་ཡིན་ནོ།། གང་ལ་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་པ་གུའི་རིལ་པ་གསུམ་ལས་ལྷག་པ་ལའོ།། ཞེས་བྱ་བ་སྨྲས་སོ།། ཅི་བདག་ཉིད་ཁོ་ནས་སམ་ཞེ་ན། དེའི་ཕྱིར་གཞན་གྱིས་ཀྱང་ངོ་ཞེས
་བྱ་བ་སྨོས་ཏེ། འདིར་གཞུང་ནི་བྱེད་དུ་བཅུག་ན་ཡང་ཞེས་གསུངས་པ་ཡིན་ནོ།། གང་གི་ཚེ་བརྩིགས་ཤེ་ན། དེའི་ཕྱིར་ཉི་མ་དེ་ལའོ་ཞེས་བྱ་བ་སྨོས་ཏེ། ཉི་མ་གོང་ལ་རིམ་པ་གསུམ་བརྩིགས་པའི་ཉི་མ་དེ་ཉིད་ལ་གལ་ཏེ་ལྷག་པར་བཅིག
་ནའོ་ཞེས་བྱ་བའི་དོན་ཏོ།། རིམ་པ་གང་དང་གང་ལ་ཉི་མ་གཞན་ལ་བརྩིགས་པ་ཉིད་དེ་ལ་ནི་འདིར་གྲངས་ཤེས་པར་བྱ་བ་མ་ཡིན་ནོ།། གཞན་ལ་ཡང་འཇིམ་པ་མེད་པ་ལས་སོ་ཞེས་བྱ་བ་ནི་ཉི་མ་གཞན་ལ་ཡང
་ཕ་གུ་འཇིམ་པ་མེད་པ་གསུམ་པ་ལས་ལྷག་པར་བརྩིགས་པ་བྱས་ན་ཞེས་བྱ་བའི་དོན་ཏོ།། བར་དུ་ཆོད་པ་ཕ་གུ་འཇིམ་པ་མེད་པ་ལ་འདིར་བགྲང་བར་བྱ་བ་ཉིད་ཅེས་བྱ་བ་དོན་གྱིས་རྟོགས་པའོ།། ཆུ་ཁུང་དག་མ་གཏོད་པ་ཡང་རུང
་ངོ་ཞེས་བྱ་བ་ནི་ཉི་མ་གཞན་ལ་ཡང་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིག་པར་བྱས་ན་གཞན་ལ་ཡང་ཞེས་བྱ་བར་སྦྱར་བར་བྱའོ།། གང་ཞིག་རྟེན་གྱིས་རིགས་པ་ལ་མ་འདས་པའི་ཆུ་ཁུང་གཏོད་པའི་གནས་ཡན་ཆད་ནས
་འདིར་རིམ་པ་གསུམ་བགྲང་བར་བྱ་བ་ཉིད་ཅེས་བྱ་བ་དོན་གྱིས་རྣམ་པར་བཞག་པའོ།། བརྐོས་ཏེ་རྩ་བ་མ་གཙུགས་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་ཉི་མ་གཞན་ལ་ཡང་ཕ་གུའི་རིམ་པ་གསུམ་ལས་ལྷག་པར་བརྩིགས་པར་བྱ་བ་གཞན་གྱི
་ཀྱང་ཐོགས་མ་ནས་བརྩམས་ཏེ། འདིར་བགྲང་བར་བྱ་བ་ཉིད་ནི་རིམ་པ་རེ་རེར་བྱེད་དུ་བཅུག་ན་ཡང་དངོས་གཞིར་རིག་པར་བྱའོ།། གང་ལ་མི་སྦྱིན་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་བརྐོས་ཏེ་རྩ་བ་མ་གཙུགས་པ་ཉིད་ཀྱང་ངོ་ཞེས་བྱ་བ་སྟེ། བརྒས
་ཏ་རྩ་བ་མ་གཅུགས་པ་ཉིད་ཀྱང་ང་ཞེས་བྱ་བ་སྟེ། བརྐོས་ཏེ་རྨང་གི་རྩ་བ་འཇུག་པ་ལས་བརྐོས་ཏེ་རྨང་གི་རྩ་བ་འཛུགས་པར་བྱའོ་ཞེས་བྱ་བོའི་དོན་ཏོ།། སྒོ་ཆ་གོང་མ་མ་བཅུག་པར་ལ་ཡང་རུང་ངོ་ཞེས་བྱ་བ་ནི་རིམ་པ་གསུམ་ལས་ལྷག
་པར་ཞེས་བྱ་བ་དང་རྗེ་སུ་འབྲེལ་ཏོ།། ཇི་སྲིད་དུ་སྒྲོ་ཆ་གོང་མ་འགེབས་པར་འདོད་པས་ཕ་གུའི་རྟེན་གཅུགས་པ་དེ་འདིར་གཅིག་གམ་དུ་མ་སྨོས་པ་ཞེས་བྱ་བ་དོན་གྱིས་ཤེས་པར་བྱའོ།། ཕྱོགས་དེ་ནས་བརྩམས་ཏེ་བགྲང་བ་ཉིད་ཅེས་བྱ་བ
་ཡང་ངོ་།། རྩིག་པ་གཞན་གསུམ་ལ་འདིར་རིམ་པ་མ་ཡིན་པ་སྦྱོར་བ་ལ་ཉེས་བྱས་ཀྱི་སྦྱོར་བ་ཐམས་ཅད་ལ་ཉེས་བྱས་ཐམས་ཅད་དུ་ཞེས་བྱ་བ་ཐོབ་པའོ།། དེ་ཡང་ཉི་མ་དང་པོ་ནས་ཞེས་བྱ་བ་བསྟན་པའི་མཚན་མ་ལས་སྔ་མ་ཉིད་ཀྱི
་གསུམ་ལ་རྟེན་ནས་དགག་པར་བྱའོ།། དང་པོའི་མདུན་རོལ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་འདིར་ཡང་ལྟུང་བའི་རྒྱུར་གྱུར་པ་ལས་དང་པོ་གསུམ་ལས་རིམ་པ་ལྷག་པར་བརྩིག་པ་ལ་དེ་ལ་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ།། གཙུག
་ལག་ཁང་གི་ལྟུང་བྱེད་དོ།། །། ཕམ་པར་གྱུར་པ་མ་བྱུང་བ་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ལོ་ཉི་ཤུ་ལས་མི་ཉུང་བ་གྲོང་ཁྱེར་པའི་སྐད་སྨྲ་བ་དགེ་སློང་མ་ལ་ལུས་ཉེ་བར་གཞོལ་བ་ཉིད་ཀྱི་ཕྱིར་བཅོས་པ
་བྱས་པ་དགེ་སློང་མའི་སྟོན་པར་བསྐོའོ་ཞེས་བྱ་བ་གསོ་སྦྱོང་བཅོ་ལྔ་པ་ལ་མཚམས་ཀྱི་ནང་དུའོ།། ཕམ་པར་འགྱུར་བ་མ་བྱུང་བ་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་བའོ།། ལོ་ཉི་ཤུ་ལས་མི་ཉུང་བ་ཞེས་བྱ་བ་ནི་ག
་ཞིག་འདི་ནི་རྒྱལ་ཚབས་ལྟ་བུ་ཞེས་བྱ་བ་མངའ་བ་བདག་ཉིད་དང་བདག་པོ་དང་ལྡན་པ་ཉིད་དེའི་དོན་ཏོ།། གནས་བརྟན་ཉིད་ཀྱི་བདག་པོ་ཉིད་གང་ཡིན་པ་དེ་ནི་འདིར་མངོན་པར་འདོད་པ་ཞེས་བྱ་བ་གནས་བརྟན་གྱི་རྣམ་གྲངས་ཉིད་ཀྱིས
་བརྗོད་པར་རྟོགས་པའོ་གྲོང་ཁྱེར་བའི་སྐད་སྨྲ་བ་ཞེས་བྱ་བ་ནི་སྒྲ་མཁས་པ་སྟེ་རིགས་པ་དང་གྲོལ་བར་སྨྲ་བ་ཞེས་བྱ་བའི་དོན་ཏོ།། རང་བཞིན་ཉིད་ཀྱི་གཞན་གང་ཞིག་སྤང་བ་རྣམས་ལ་བདག་གིས
་བརྩམས་པ་གང་ཞིག་སྤོང་བ་རྣམས་ལ་ཁྱོད་ཀྱི་ལས་ཏེ། འདི་སྐད་ཅེས་གང་ཞིག་སྦྱང་པར་བྱ་བ་ཉིད་བདག་གིས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་མི་ནུས་པ་ལ་ཐོ་འཚམ་པ་ཞེས་བྱ་བ་དེ་ལ་བརྟེན་པའོ།། དགེ་སློང
་མ་ལ་ལུས་ཉེ་བར་གཞོལ་བ་ཉིད་ཀྱི་ཕྱིར་བཅོས་པ་བྱས་པ་ཞེས་བྱ་བ། འདིར་གཞི་ནི་དགེ་སློང་མ་ལུས་ཉེ་བར་འདྲེས་པས་སྐྱོན་ཅན་དུ་འགྱུར་བ་ནི་མ་ཡིན་ནོ།། འདིར་དགེ་སློང་མའི་ལུས་ལ་ལུས་ཉེ་བར་གཞོལ་བར་ནི་མ་འགྱུར་བ
་འམ། འདིས་དེ་སྐྱོན་ཅན་དུ་བྱས་པ་ལ་ལྟུང་བ་ཕྱིར་བཅོས་རྒྱ.ོཾ་ཞེས་གསུངས་པ་ཡིན་ནོ།། ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དེ་ལ་བསྒྲུབ་པའོ།། གང་གི་ཚེ་ནུ་མཐུན་པ་ཡིན་ཞེ་ན། དེའི་ཕྱིར་གསོ་སྦྱོང་བཅོ་ལྔ་པ་ལའོ།། ཞེས་བྱ་བ་སྨོས
་ཏེ། དེ་ནི་མཐུན་པོའི་གསོ་སྦྱོང་ལ་སོགས་པ་བསོལ་བའི་ཕྱིར་རོ།། འདིས་གསོ་སྦྱོང་བཅུ་བཞི་པ་ནི་མ་བསལ་བ་སྟེ། བཅོ་ལྔ་པ་ཉིད་གཞན་ཞེས་བྱ་བའི་ཚེས་བཅོ་ལྔའི་ཡིན་པའི་ཕྱིར་རོ།། ཕྱོགས་གང་དུ་བསྐྱོ་བར་བྱ་ཞེ་ན། དེའི
་ཕྱིར་མཚམས་ཀྱི་ནང་དུའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་མདོ་སྡེ་ལ་སོགས་པ་འཛིན་པ་མེད་ན་ཇི་ལྟ་བུ་ལས་བསྐོ་བར་བྱ་ཞེ་ན། དེའི་མདོ་སྡེ་ལ་སོགས་པ་འཛིན་པ་མེད་ནས་སོ་སོར་ཐོར་པ་ཐོན་པའོ་ཞེས་བྱ་བ་སྨོས་ཏོ། དགེ་སློང་མཱི
་སྟོན་པར་བསྒོ་བར་བྱའོ།། དེ་ཡང་ན་ཕམ་པར་འགྱུར་བ་འམ་ལྕི་བའི་ཆོས་རྣམས་སྟོན་པར་ནུས་པའོ་ཞེས་བྱ་བ་ནི། སོ་སོར་ཐར་པ་ཐོན་པ་དེ་ཡང་མེད་ན་དགེ་སློང་མའི་ཕམ་པར་འགྱུར་བ་བརྒྱད་དམ་ལྕི་བའི་ཆོས་རྣམས་སྟོན་ནུས
་པའི་ངང་ཚུལ་ཅན་དེ་བསྐོ་བར་བྱའོ།། ཕྱི་མ་ནི་སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ་ཡོངསུ་དག་གམ། མཐུན་ནམ་ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ
་ཞིག་སྟོན་པར་མི་བྱེད་དམ། ཁྱེད་ཅག་ལ་སྟོན་པའི་གང་ཟག་འགའ་ཞིག་དགེ་འདུན་ལས་འོང་ངོ་།། ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ།། ཁྱེད་ཅག་གདམས་ངག་རྗེས་སུ་སྟོན་པ་ནི་དགེ་འདུན་ལས་སོ།། སྲིང་མོ་དག
་གིས་བག་ཡོད་པར་བསྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་པའོ་ཞེས་བྱ་བ་ནི་འདི་ལ་ཡང་དག་པར་བསལ་བ་བྱེད་པ་དགེ་སློང་མའི་སྟོན་པ་ཕྱི་མ་ནི་དེ་ལྟ་བུ་ལས་བསྐོ་བར་བྱའོ་ཞེས་བྱ་བར་བྱའོ།། ཆོས་བླ་མའི་མཐུ་དང་ལྡན་པ་ནི་མ
་གཏོགསོ་ཞེས་བྱ་བ་ནི་མ་བསྐོས་ཀྱང་འདི་དང་རྗེས་སུ་མཐུན་པའི་གདམས་ངག་སྟོན་པ་ལུ་ཉེས་པ་མེད་ཅེས་བྱ་བའོ།། བསྐོས་པ་དེ་དག་ལས་གཅིག་དང་ཡང་མི་ལྡོན་པ་དང་མ་བསྒོས་པ་དགེ་སློང་མ་ལ་སྟོན་ནའོ་ཞེས་བྱ་བ
་ལ། གཅིག་དང་ཡང་མི་ལྡན་པ་ཞེས་བྱ་བའི་ཆོ་ག་འདའ་བར་བྱེད་པ་ལས་མ་གྲགས་པོ་མིང་དོ་ཞེས་བྱ་བ་བསྐོས་པ་ཉིད་ཁོ་ན་ལ་འདིའི་ལས་བྱས་པ་ཉིད་དུ་སེམས་པ་དེའི་ཕྱིར་ཚིག་འདི་སྨོས་སོ།། དེ་བས་ན་ཇི་ལྟར་ཉེ་བར
་བརྗོད་པའི་ཡན་ལག་གཅིག་མེད་ཀྱང་བསྒོས་པ་དང་མ་བསྐྱོས་པ་ཡོད་ཀྱང་ཡམ་ཁྲག་འདི་རྣམ་ས་ལ་ཡང་མ། སྨྱོས་པར་གདམས་ངག་སྙན་པའི་ལྟུང་བྱུད་དོ།། ། སྔར་བསྐོས་པ་ན།
་མ་བསྐོས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་ལ་གསོ་སྦྱོང་གི་ཚིག་མེད་པ་དེ་ཉིད་ལ་འདིར་བསྐོས་པར་ཤེས་པར་མི་བྱའོ།། འདི་ལྟར་བསྒོས་པ་ཉིད་ཡིན་པས་ལན་ཅིག་བསྐོས་པས་ཇི་སྲིད་འཚོའི་བར་དུ་ཉེས་པ་མེད་ཅེས་བྱ་བ་དེ་ལ
་འདི་བསྟན་པར་བྱའོ།། འདིར་གཞུང་ནི་བཙུན་པ་རེ་ཞིག་ལོན་ཅིག་དགེ་སློང་མའི་སྟོན་པར་བསྐོས་པ་གང་ལགས་པ་དེ་ཅི་དུས་གཞན་གྱི་ཚེ་ཡང་བསྐོ་བར་བགྱི་འམ་འོན་ཏེ་མ་བསྐོས་པར་ཡང་བསྟན་པར་བགྱི། ཉེ་བར་འཁོར་དེར་བསྐོས
་པ་དེ་ཉིད་ཀྱིས་བསྐོས་པ་ཡིན་ནོ་ཞེས་གསུངས་སོ།། འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་ཀྱང་ལན་ཅིག་བསྐོས་པ་ཇི་སྲིད་འཚོའི་བར་དུ་བསྟན་པར་བྱ་ཡི་ཡང་བསྐོ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ།། ཆོས་བཤད་པར་གས
་བ་ལ་ཡང་རྣམ་འདི་ཉིད་ཡིན་པར་གསུངས་པ་ཡིན་ནོ།། འདིར་གཞུང་ནི་དགེ་སློང་མས་མ་གསོལ་བར་ཆོས་སྨྲ་བ་ལ་ལྟུང་བར་ཡང་མི་འགྱུར་བ་འགའ་མཆིས་སམ་ཡོད་དེ་སྔར་གསོལ་ཟིན་པའོ་ཞེས་བྱ་བ་ནི། དུས་སུ་མ་ར་ལམ
་ལ་བསྐལ་བར་བྱས་པ་དེའི་ཕྱིར་འདི་གསུངས་པར་རྣམ་པར་གནས་པ་ཡིན་གྱི་ཞེས་བྱ་བར་རིག་པར་བྱའོ།། དགེ་འདུན་དུ་མེ་ལངས་ཤིང་འོས་པ་ལ་གསོལ་ན་ཉེས་པ་མེད་དོ་ཞེས་བྱ་བ་ནི། གནས་གང་ན་ཐམས་ཅད་དུ་དགེ་འདུན་དུ
་མ་ལངས་པ་དེ་ནི་འོས་པ་ཕམ་པར་མ་བྱུང་བ་ལ་སོགས་པ་ཕྱི་མའི་མཐར་མ་བསྐོས་པར་དེ་ལ་དགེ་སློང་རྣམས་ཀྱི་གསོལ་བ་ཉིད་ན་དགེ་སློང་མ་རྣམས་ལ་སྟོན་པ་ན་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ།། དེ་དག་ལ་ཡང་ངོ་ཞེས་བྱ་བ།
་ནི་དགེ་སློང་གང་ལ་དགེ་སློང་ནི་ཅི་གསོལ་བ་འདེབས་པར་བྱེད་པ་དེ་དག་སྟོན་པ་ལ་ཡང་ལྟུང་བ་མེད་ངོ་།། གསོལ་བ་འདེབས་པ་དེ་དག་འོསུ་རུང་བ་མ་ཡིན་ན་མི་བྱའོ་ཞེས་བྱ་བ་འདིའི་རྗེས་སུ་འབྲིངས་ནས་བྱ་བར་ཤེས་པར་བྱ་ཞེས་བྱ་བཱི།
་དོན་ཏོ།། འདིར་གཞུང་ནི་ཞུ་བ་ལས་གང་ན་དགེ་སློང་གཅིག་གམ་གང་ན་གཉིས་སེམ་གང་ན་གསུམ་གནས་པ་ལ་གལ་ཏེ་སྟོན་པའི་འོས་ཡིན་ན་ཉེ་བར་སོང་ལ་གསོལ་བར་བྱའོ་ཞེས་གསུངས་པ་ཡིན་ཏེ། སྟོན་པའི་འོསུ་རུང་བ
་ཡིན་ནཱ་ཞེས་བྱ་བའི་དོན་ཏོ།། མ་བསྒོས་པར་སྟོན་པའི་ལྟུང་བྱེད་དོ།། ། ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ།། དེའི་ཕྱིར་ཉི་མ་ནུབ་པ་ཉིད་ལའོ་ཞེས་བྱ་བ་སྨོས་སོ།། ཅི་ཞིག་རྗེ་སུ་བསྒྲུབ
་ན་འདིའི་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར་མཚན་ཐོག་ཐག་ཏུ་ཆོས་སྟོན་པ་མ་གཏོགས་པར་དགེ་སློང་མ་ཁ་སྟོན་ནའོ་ཞེས་བྱ་བའི་སྨོས་ཏེ། མཚན་ཐོག་ཐག་ཏུ་ཉོན་པ་ལས་གཞན་ཏུ་དགེ་སློང་མ་ལ་སྟོན་ནུ་ཞེས་བྱ་བའི
་དོན་ཏོ།། ཅི་གནས་ཐམས་ཅད་དུ་འམ་ཞེ་ན། དེའི་ཕྱིར་གལ་ཏེ་སྒོ་ཕྱེ་ཞིང་དེ་ལྟ་བུའི་གཙུག་ལག་ཁང་གིས་མདུན་ན་དབྱར་ཁངོ་འདུག་པ་ནི་མ་ཡིན་པར་རོ་ཞེས་བྱ་བ་སྨོས་ཏེ། དེའི་ཚེ་ཞེས་བྱ་བ་ནི་སྟོན་པའི་དུས་ཀྱི་ཚེའོ།། ངོ་ལྟ་བུའི
་ཞེས་བྱ་བ་ནི་སྟོན་པའི་དུས་ལའོ།། སྒོ་ཕྱེ་ཞིང་ཞེས་བྱ་བ་ནི་རང་གི་གནས་ཐོབ་པ་ལས་འདིར་ཕོངས་པ་མེད་པའི་ཞེས་བྱ་བ་ནི་ཉེས་པ་མེད་པའོ།། དེ་བས་ན་འདི་མཚོན་པ་ཙམ་ཡིན་ཏེ། གཞན་དུ་ན་ཡང་གང་དུ་དགེ
་སློང་མ་རྣམས་ལ་འཕོངས་པ་མེད་པ་དེ་ལ་ཡང་ལྟུང་བ་མེད་དོ།། དེ་ལྟར་ཡང་འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་འགའ་ཞིག་ཡོད་དེ་གདུགས་པས་པའི་དུས་ཀྱི་ཚེའི་བར་དུ་དགེ་སློང་མ་ལ་སྟོན་པར་བགྱིད་ན་ལྟུང་བར་ཡང་མི
་འགྱུར་པ་འགའ་མཆིས་སམ། བཀའ་སྩལ་པ་ཡོད་དེ་གཡར་ཁང་དུ་སྟོན་ན་ཇི་སྲིད་དུ་དགེ་སློང་མ་རྣམས་ཀྱི་གྲོང་འདབ་ཀྱི་གཙུག་ལག་ཁང་ངམ་ཁང་ཁྱིམ་དག་ཏུ་སྟོན་ན་ལྟུང་བ་མེད་དོ།། གྲོང་གི་ཕྱི་རོལ་དུ་སྟོན་པ་ནི་མག་ཏོག་སོ་ཞེས་གསུང
་བ་ཡིན་ནོད། ཉི་མ་ནུབ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དོ།། །། དགེ་སློང་མས་ཆོས་དྲི་བ་ལ་མི་འཇིགས་པར་བྱ་བའི་ཕྱིར་དགེ་སློང་ལ་ཟས་འབུལ་བར་བྱའོ་ཞེས་བྱ་བ་ནི་དགེ་སློང་མས་ཆོས་དྲི་བ་ལ་མི་འཇིགས་པར་བྱ་བའི་ཕྱིར
་དགེ་སློང་ལ་ཟང་ཟིང་དབུལ་བར་བྱའོ།། རྒྱ་ཅང་ཤུར་བུ་དང་ལྕག་ཕོད་དང་ཤུར་བུ་ཕྲེའུ་ཡང་ངོ་ཞེས་བྱ་བ་ནི་དབུལ་བར་བྱའོ་ཞེས་བྱ་བར་སྦྱར་རོ།། དགེ་སློང་གིས་དེ་དག་བླང་བར་བྱའོ་ཞེས་བྱ་བ་ལ་དེ་དག་ལ་ཞེས་བྱ་བ་ལ་སོགས་པ་གོས་འཛིན་པ
་དགག་པ་དང་འབྲེལ་བའི་དོན་ལ་དམིགས་ཀྱིས་གསལ་བས་ལྔ་དམིགས་ཀྱོག་པོ་ལ་སོགས་པ་བཟུང་ངོ་།། ཅི་ཞིག་རྗེས་སུ་བསྒྲུབ་ན་ཟོས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་དེ་ལྟར་གྱུར་པ་མ་ཡིན་པ་ལ
་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲས་ནའོ་ཞེས་བྱ་བ་སྨོས་ཏེ། དེ་ལྟ་བུར་གྱུར་པ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པར་བྱེད་པ་པོ་མ་ཡིན་པ་ལའོ།། འདིར་བདེན་པ་ཉིད་དུ་རྣམ་པར་བཞག་པར་རིག
་པ་ཡིན་ཏེ། འདུ་ཤེས་ཙམ་ལས་ནི་མ་ཡིན་ནོ།། རྫུན་དུ་སྨྲ་བ་བཀག་བ་ཉིད་ཀྱི་ཕྱིར་དགག་པར་བྱ་བ་མ་ཡིན་པ་ཉིད་ཐལ་བའི་ཕྱིར་རོ།། འདིར་གོ་ཞུང་ནི་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་པ་བདེན་ན་ལྟུང་བ་མེད་དོ་ཞེས་གསུང
་བྱཱ་ཡིན་ནོ།། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དོ།། ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ།། གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་མ་ཉེ་དུ་མི
་ཡིན་པ་ཉིད་ལའོ་ཞེས་བྱ་བ་སྨོས་སོ།། ཞིག་རྗེ་སུཾ་བསློབ་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ནོ།། དེའི་ཕྱིར་གོས་བྱེད་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་མཐར་ཐུག་ན་དངོས་གོ་ནཱི་སྟེ། མདུན་རོལ་དུ་ནི་སྦྱོར་བོ་ཞེས་བྱ་བར་རིགས
་བར་བྱའོ།། གོས་འཚོམ་པའི་ལྟུང་བྱེད་དོ།། །། ཤེས་གཙོ་བོ་ཞེས་བྱ་བ་དང་། དགེ་སློང་མ་ཉེ་དུ་མ་ཡིན་པོ་ཉིད་ལའོ་ཞེས་བྱ་བ་འདིར་ཁས་བླངས་ནས་རྗེས་སུ་བསྒྲུབ་པ་འདི་བྱེད་པ་པོ་ཉིད་ཅེས་བྱ་བ་འདི་ལ་བརྗོད་པར་བྱ
་སྟེ། དེའི་ཕྱིརརྱ་གྲོས་བྱིནྡ་ནཱའོ་ཞེས་བྱ་བར་སྦྱར་རོ།། ཇི་ལྟ་བུ་ཞིག་བྱིན་ཞེ་ན། དེའི་ཕྱིར་གོས་འབུལ་བ་མ་ཡིན་པའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་ལ་གོས་འབུལ་མ་གཏོགས་པར་བྱིན་པར་བྱེད་ན་ཞེས་བྱ་བའི་དོན་ཏོ།། ཅི་འདི་ལྟ་བུར
་གྱུར་བ་ཐམས་ཅད་ལ་སྦྱིན་ན་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གལ་ཏེ་བོར་རླག་བྱུང་བ་དང་། ལེགས་པར་སྨྲས་པ་དང་བསྙེན་པར་རྫོགས་པར་བྱེད་པ་དང་། བརྫེ་བའི་ཕྱིར་མ་ཡིན་པ་ལའོ་ཞེས་བྱ་བ་སྨོས
་ཏེ། དོན་འདི་རྣམས་ལ་སྦྱིན་པ་གང་ཡིན་པ་དེ་ལ་ནི་ཉེས་པ་མེད་ཅེས་བྱ་བའི་དོན་ཏོ།། གོས་སྦྱིན་པའི་ལྟུང་བྱེད་དོ།། །། ལམ་རྒྱགས་བསྐུར་བར་བྱའོ།། རྩེ་རྒོད་དང་རྩེ་རྒོད་མོ་དང་དགེ་ཚུལ་དང་དགེ་ཚུལ་མ་དག་གིས་སོ།།
་སློང་དང་དགེ་སློང་མོ་རྣམས་གཅིག་གི་ལམ་རྒྱགས་གཅིག་གིས་བསྐུར་དུ་རུང་ངོ་།། གཅིག་གིས་གཅིག་གི་བྱིན་ལེན་ཡང་ངོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་རྣམས་ལ་གཅིག་གིས་བྱིན་ལེན་ཡང་གཅིག་གིས་བྱར་རུང་བ་སྟེ།
་རིགས་པ་ལས་མི་འདའ་བར་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་མ་རྣམས་ལ་ཞེས་བྱ་བ་གསུངས་པ་ཡིན་ནོ།། ཚངས་པ་ཚུངས་པར་སྤྱོད་པ་ན་ལམ་དུ་དོར་བར་མི་བྱའོ།། དེ་བསྐུར་བར་བྱའོ་ཞེས་བྱ་བ་ནི་ནད་པ་དེའོ།། དགེ་སློང་མ
་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱིས་ཀྱང་ལམ་དུ་དོར་བར་མི་བྱ་བ་དང་། དེ་བསྐུར་བར་བྱ་ཞེས་བྱ་བའི་དོན་ཏོ།། འདི་ནི་མ་ནུས་པ་ཉིད་ཀྱི་ཕྱིར་དགེ་སློང་མ་རྣམས་ཀྱི་མིང་འདི་མི་བྱ་ཞེས་བྱ་བ་དོགས་པ་བསལ་བའི་དོན་དུའོ།།
་དེ་ལ་ཕན་ཚུན་དུ་གྲོགས་བྱའོ།། ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་རྣམས་ཀྱིས་སོ།། དེ་ལ་ཞེས་བྱ་བ་ནི་ནད་པ་བསྐུར་བ་ལའོ།། ཇི་ལྟར་ཞེ་ན། དེའི་ཕྱིར་མགོ་ལོག་ནས་བཟུང་བས་སོ་ཞེས་བྱ་བ་སྨོས་ཏོ།། མགོ་བོའི་མཐའ་མ་ཕྱོགས
་གཞན་ནས་བཟུང་བར་བྱ་ཞེས་བྱ་བའི་དོན་ཏོ།། གྲོང་དུ་ཕྱིན་པ་ཉིད་སོང་ན་ཡང་ཉེས་པ་མེད་དོ་ཞེས་བྱ་བ་སྟེ། ཅི་སྟེ་དུས་ཐམས་ཅད་དུ་འགྲོ་བ་ལ་ཉེས་པ་མེད་དམ་ཞེ་ན། དེའི་ཕྱིར་ནང་པའི་སྨན་དང་ཟན་ལེགས་པར་སྦྱར་ཏེ་རང་བཞིན་མཐུན
་བའི་ནད་གཡོག་གཅིག་དང་བཞག་ནས་སོ།། ཞེས་བྱ་བ་སྨོས་ཏེ། མཐུན་པའི་ཞེས་བྱ་བ་ནི་མཚན་འདྲ་བ་ཉིད་ཀྱིས་ཏེ་སྐྱེས་པ་ལ་སྐྱེས་པ་དང་བུད་མེད་ལ་བུད་མེད་བཞག་པར་བྱ་བའི་དོན་ཏོ།། གང་ལ་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དུ་འགྱུར
་ཞེ་ན། དེའི་ཕྱིར་འཇིགས་པ་དང་བཅས་པའི་ལམ་ཉིད་དུ་འགྲོ་ན་ཐབས་གཅིག་ཏུ་ཞུགས་ཤིང་ཐ་མི་དད་པར་འགྲོ་བ་ཉིད་མ་གཏོགས་པར་དགེ་སློང་མ་གཅིག་དང་ཡང་ལམ་ནས་འདའ་ཞིང་འགྲོ་ནའོ་ཞེས་བྱ་བ་སྨོས་ཏེ། འཇིགས
་པ་དང་བཅས་པའི་ལམ་ཉིད་དུ་གང་ཞིག་འགྲོན་ཐབས་གཅིག་ཏུ་བདག་པོ་དང་བཅས་པའི་གཅིག་པའི་དངོས་པོ་མེད་པར་འགྲོ་བ་དེ་ལས་གཞན་པ་ལའོ།། དགེ་སློང་མ་གཅིག་ལ་ཡང་འགྲོ་བ་གཅིག་ཉིད་ཡོད་པ་ལ་ལམ་ལས
་འདས་པར་བྱེད་པ་ལ་ཞེས་བྱ་བའི་དོན་ཏོ།། འདིར་དགེ་སློང་གི་འགྲོན་ཐབས་ཀྱི་ཚིག་ནི་རིགས་ཙམ་མཚོན་པར་གནས་པ་ཡིན་ནོ།། དེའི་ཕྱིར་དགེ་སློང་མ་གཅིག་ལ་ཡང་ཞེས་བྱ་བ་སྨོས་སོ།། ལམ་འཇིགས་པ་དང་བཅས་པ་ཉིད་ལ
་ཡང་བཅད་ནས་འགྲོ་བ་རིགས་པ་དང་ལྡན་པ་ཉིད་དོ་དེ་བས་ན་འགྲོན་ཐབས་གཅིག་ཏུ་འདོང་ཞིང་འགྲོགས་པ་ཙམ་ལ་ཉེས་པ་ཉིད་དུ་བསྟན་ནོ།། འཇིགས་པ་དང་བཅས་པ་ཉིད་ཡིན་ན་འགྲོགས་པ་མེད་པར་ཅིག་ཅར་ཉིད་དུ་འགྲོ་བ
་ཞེས་བྱ་བ་འདི་རྣམ་པར་གནས་པ་ཡིན་ནོ།། འདིར་ཇི་སྲིད་དུ་འདས་ན་ཞེ་ན། དེའི་ཕྱིར་རྒྱུད་གྲགས་ར་རེའོ།། དེའི་ཕྱིར་རེ་རེར་ཉེས་བྱས་སོ་ཞེས་བྱ་བ་ནི་རྒྱང་གྲགས་རེ་རེར་དངོས་གཞི་སྟེ། རྒྱང་གྲགས
་ཕྱེད་ཕྱེད་དུ་ནི་ཉེས་བྱས་སོ།། བསལ་བ་ཉིད་ཀྱི་དོན་དུ་འདི་ལམ་དུ་འགྲོ་བ་ལ་རྒྱུང་གྲགས་ཉིད་ཀྱི་བདག་ཉིད་དེ་སྦྱོར་བའི་ཕྱེད་ཅེས་བྱ་བར་གྲུབ་པོ།། དགེ་སློང་མ་དང་ལོམ་དུ་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ།།
་ཙེཅོ་ཞིག་གྱུར་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་མ་གཏོགསོ་བར་འཐམས་ནས་ཅིག་ཅེར་གྲུ་གཅིག་གི་ལམ་ལས་འདས་ཤིང་འགྲོ་ནའོ་ཞེས་བྱ་བ་སྨོས་ཏེ།
་ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་སོ།། ལམ་ལས་འདས་ཤིང་རྒྱང་གྲགས་རེ་རེ་དང་རྒྱང་གྲགས་ཕྱེད་དུ་ཉེས་བྱས་སོ་ཞེས་བྱ་བ་སྦྱར་རོ།། དགེ་སློང་མ་གཅིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་འདི་ལ་དོན་གྱིས
་ཉེས་པར་འགྱུར་བ་དང་ལྷན་ཅིག་ཏུ་འདི་དོན་གྱིས་ཐོབ་པའོ།། མ་འཇིགས་པ་དང་བཅས་པ་ཉིད་ལསོ་གང་ཞིག་འདའ་ཞིང་འགྲོ་ནའོ།། འཐམས་ནས་དེ་མ་གཏོགས་པར་དགེ་སློང་མ་དང་ལྷན་ཅིག་ཏུ་དེའི་ཕྱིར་ཞུགས
་པ་ན་ཡོ་བ་དང་གཏིབ་ཆད་པ་དང་རྨ་ཀློང་དང་ལས་བཟུར་བ་དང་རུ་སྐྱ་དང་གངོས་པ་ཆག་པ་དང་རུ་སྐྱ་འཛིན་པའི་དབང་གིས་འཇུག་པ་གཞན་སོང་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་སྨོས་ཏེ། ཡོ་བ་ལ་སོགས་པ་ལས་བཟུང
་བ་དབང་གིས་རྩ་སྱ་དང་གདས་པའི་དབང་ངམ། རུ་སྒྲ་འཛིན་པའི་དབང་གིས་ཐད་ཀར་ཕ་རོལ་དུ་འགྲོ་བའི་དོན་དུ་ཞུགས་པ་ཡོད་པ་ལས་འཇུག་པ་གཞན་དུ་སོང་བ་ལ་ཉེས་པ་མེད་དོ།། དགེ་སློང་མ་དང་ལྷན་ཅིག་གྱུར་འཇུག
་པའི་ལྟུང་བྱེད་དོ།། །། གཅིག་པུ་འདུག་པའི་ལྟུང་བྱེད་ལ་ཡན་ལག་གང་དག་བྱེད་པ་པོ་དག་ཡིན་ཞེ་ན། དེའི་ཕྱིར་བུད་མེད་གཅིག་པུ་ཉིད་དང་སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་ང
་སྐྱབས་དང་བཅས་པ་ཉིད་དང་བར་འདོམ་གང་ཉིད་ནི་བྱེད་པ་པོ་དག་ཡིནོ་ཞེས་བྱ་བ་སྨོས་ཏེ། བུད་མེད་གཅིག་ཉིད་ནི་བུད་མེད་གཅིག་པུ་ཉིད་དོ།། འདིར་དབེན་པ་ནི་འདུག་སྟེ་བྱེད་པ་པོ་ནི་བུད་མེད་ཉིད་དོ་ཞེས་བྱ་བ་ཁྱད་པར
་ཉིད་ཀྱིས་དེ་འདིར་བརྟེན་པ་སྟེ་བུད་མེད་ཉིད་ནི་མ་ཡིན་ཞེས་བྱ་བའོ།། ཐ་དད་པ་ཉིད་ཀྱིས་ཇི་ལྟར་དབེན་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། སྐྱེ་བོ་མང་པོའི་རྒྱུན་ལུགས
་བྱེད་པ་པོ་ཉིད་འདི་ལ་ཡོད་པ་ནོ་ཞེས་བྱ་བའི་བསྡུ་བའོ།། སྐྱབས་དང་བཅས་པ་ཉིད་ཅེས་བྱ་བ་ནི། རྩིག་པས་བསྒྲིབས་པ་ཁམ་སོང་མོས་པ་སྒྲིབས་པ་འམ་སྩོལ་བས་བསྒྲིབས་པ་ཞེས་བྱ་བ་འདིར་གསུངས།། དེ་ཡང་མཆོན
་པ་ཙམ་གྱིས་དེ་མཐོང་བའི་ཡུལ་བཅ་པོ་པས་རྣམ་པར་གནོས་པ་ཡིན་ནོ།། དེ་ལྟར་ཡང་དགེ་སློང་མའི་རྣམ་པར་འབྱེད་པ་ལས་མུན་མཐུག་པོ་དག་ཀྱང་བསྡུའོ།། ཞེས་བྱ་བ་སྐྱབས་ཙམ་ལ་ཡང་དག་པར་བརྟེན་པ་དང་བར་འདྲི
་གང་ཉིད་ཅེས་བྱ་བའོ།། བུད་མེད་དང་ལྷན་ཅིག་ཏུ་གནས་པའངའི་གང་དུ་འདི་རྣམས་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་འཇུག་པ་ལའོ་ཞེས་བྱ་བ་སྨོས་སོ།། དེའི་ངོ་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དོན
་རྐུ་བ་ཆོས་ཙམ་བཞག་པའོ་ཞེས་བྱ་བ་སྨོས་ཏེ། དེའི་ཞེས་བྱ་བ་ནི་འདུག་པའོ།། གཅིག་པུ་འདུག་པའི་ལྟུང་བྱེད་དོ།། ། དེ་མ་ཐག་པར་བསྟན་པ་འདི་ཐམས་ཅད་ཁས་བླངས་པ་ནས་བྱེ་བྲག་འགའ་ཞིག་བརྗོད་པར་བྱ་སྟེ། དེའི
་ཕྱིར་དགེ་སློང་མ་དང་ངོ་ཞེས་བྱ་བ་སྨོས་ཏེ། བུད་མེད་ཀྱི་གནས་སུ་འདིའོ།། འདི་བྱེ་བྲག་བསྟན་པ་ཡིན་ཏེ། འདིར་དགེ་སློང་མ་གཅིག་པུ་ཉིད་བྱེད་པ་པོ་ཡིན་གྱི། བུད་མེད་ཙམ་པོ་གཅིག་པུ་ཉིད་ནི་མ་ཡིན་ཞེས་གསུངས་པ་ཡིན་ནོ།།
་སླར་འདིར་ཅིའི་ཕྱིར་བུད་མེད་ཙམ་བརྟེན་པ་ཡིན་ཏེ། བསོད་ནམས་ཀྱི་དོན་དུ་འགྲེང་བ་ལ་སོགས་པ་ལ་འོད་དག་ལ་སྦྱར་བའི་ཕྱིར་ཁྱིམ་པ་མོ་དང་ལྷན་ཅིག་ཏུ་གནས་པ་འདི་ལ་བཟུར་བ་ཞེས་བྱ་བ་མཐོང་བ་ཡིན་ནོ།། གང་ལ་དེ་དག་བྱེད
་པ་པོ་དག་ཅེས་བྱ་བ་འདིར་འདུག་པའི་གནས་ལས་ཐོབ་པ་འཇུག་པ་བརྗོད་པར་བྱ་སྟེ། འགྲེང་བ་ལའོ་ཞེས་བྱ་བསྨོས་སོ།། གཅིག་པུ་འགྲེང་བའི་ལྟུང་བྱེད་དོ།། ཤེས་གཙོ་བོའོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེདཔ
་པོ་ཉིད་དོ།། གཙོ་ཆེར་ཤེས་ཤིང་ཞེས་བྱ་བ་འདི་ནི་དེའི་རྣམ་པར་འབྱེད་པ་ལས་ཀྱང་གལ་ཏེ་དགེ་སློང་གིས་གལ་ཏེ་དེ་ཤེས་ལ་ཟོས་ཏེ། གལ་ཏེ་དགེ་སློང་མ་སྦྱོར་དུ་བཅུག་པ་ལ་དགེ་སློང་མས་སྦྱོར་དུ་བཅུག་པར་ཤེས་ན་ཞེས་བྱ་བ
་འདི་ལྟར་གཞུང་ནི་ཡོད་པ་ཡིན་ཏེ། གཞན་དུ་ཤེས་པའི་བསླབ་པའི་གཞི་ལ་རྗེ་སུ་འབྲེངས་ནས་འདིར་རྣམ་པར་ཤེས་པ་ཡིན་ནོ།། གང་དུ་འདུ་ཤེས་པ་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ།
་འདིར་སྦྱོར་དུ་བཅུག་པ་ནི་བསྐོས་པ་ཏེ། བསྐོས་པ་ནི་རྣམ་པར་རིག་བྱེད་དོ།། དེ་ཡང་ཚིག་གིས་ཏེ་སྤྲིང་ཡིག་ལ་སོགས་པ་རྣམས་ཀྱི་མ་ཡིན་པས་སོ།། སྦྱོར་དུ་བཅུག་པ་ཟ་བ་ལ་ཞུ་བ་ལུས་ཉེས་བྱས་སུ་གསུངས་པའི་ཕྱིར་སྤྱོད
་ཡིག་ལོ་སོགས་པ་རྣམས་དང་ལག་རྩིས་དང་མངགས་པ་དག་བརྒྱུད་པ་དང་གཞན་ལ་ཟུར་གྱི་བསོད་སྙོམས་སྦྱོར་དུ་བཅུག་པ་ཟོས་ན་ཉེས་བྱསོ་ཞེས་གསུངས་པ་ཡིན་ནོ།། ཇི་ལྟར་སྦྱོར་དུ་བཅུག་པ་ཉིད་ལ་ཡིན་ཞེ་ན།། དེའི་ཕྱིར
་ཡང་དག་པ་མ་ཡིན་པའི་ཡོན་ཏན་རྣམས་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་རྒྱུན་ཏུ་ཞུགས་པ་དང་ལེན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དག་ཡིན་པ་བདེན་པ་ན་ལྟུང་བ་མེད་དོ།། མདོ་སྡེ་འཛིན་པོ་དང
་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་དག་ཡིན་པ་བདེན་ན་ལྟུང་པོ་མེད་དོ་ཞེས་གསུངས་པ་ཡིན་ནོ།། གང་ལ་སྦྱོར་དུ་བཅུག་པ་ཉིད་ལ་ཡོན་ཞེ་ན། དེའི་ཕྱིར་མགྲོན་དུ་མ་བོས་པ་ལའོ།། བོས་པ་ལ་ཡང་ལྷག་ནའོ་ཞེས་བྱ་བ་སྨོས་ཏེ།
་མགྲོན་དུ་བོས་པ་ལ་ཡང་ལྷག་པར་སྦྱོར་དུ་བཅུག་པ་ཉིད་ལ་དེར་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཇི་ལྟར་ཡང་འདིར་གཞུང་ནི་དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་གཞན་དུ་མགྲོན་དུ་བོས་པར་གྱུར་པ་ན། དེར་དགེ་སློང་མ་འོངས་ཏེ
་དྲིས་པ་ཁྱེད་ཅག་གིས་དགེ་སློང་གང་དག་མགྲོན་དུ་བོས་མིང་ཆེ་གེ་མོ་དང་ཆེ་གེ་མོ་དག་གོ། ཟན་ཇི་ལྟ་བུ་སྦྱིན་སུམ་འཕེལ་གྱིས་ཟན་དག་གོ།། མི་རུང་སྟེ་གང་གི་ཕྱིར་དགེ་སློང་དེ་དག་ནི་རྒྱུན་ཏུ་ཞུག
་པ་ཡིན་པས་ཞེས་བྱ་བ་ལ་སོགས་པ་འདིར་གང་ཞིག་ལྟུང་བ་རྒྱས་པར་བཤད་པ་ལ་སོགས་པ་མཛད་པ་སྟེ་དེ་བས་ན་འདི་གསུངས་པ་ཡིན་ནོ།། མགྲོན་དུ་བོས་སུ་ཟིན་ཀྱང་གང་ཞིག་སྦྱིན་བདག་གིས་མ་བསམས་པ་སྦྱིན་དུ་བཅུག
་གང་ཡིན་པ་དེ་ཡང་བཟའ་བར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་བོས་པ་ཉིད་ལ་ཡང་མ་བསམ་པ་སྦྱིན་དུ་འཇུག་པ་ལ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ།། ཅི་ཞིག་སྦྱོར་དུ་བཅུག་པ་ཉིད་ལ་ཡིན་ཞེ་ན། དེའི་ཕྱིར་བཟའ་བ་ལའོ།
་ཞེས་བྱ་བ་སྨོས་ཏེ། ཡོན་ཏན་ཇི་ལྟ་བུ་དག་གིས་ཤེ་ན། དེའི་ཕྱིར་བསྒྲུབ་པ་ཕུན་སུམ་ཚོགས་པོས་སོ།། དེ་ཐོས་པས་ཀྱང་རུང་ངོ་ཞེས་བྱ་བ་སྨོས་ཏེ། བསྒྲུབ་པ་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པའི་ཐོས་པ་གང་དེའི་རིགས
་ལས་སྐྱེས་པའི་ཡོན་ཏན་རྣམས་ལས་ཏེ། བྲོ་གར་དང་གླུ་གླིང་ལ་མཁས་པ་ལ་སོགས་པས་གཞན་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འདི་རྣམས་ཀྱི་རྗེས་སུ་འབྲེངས་ནས་ཉེས་བྱས་སུ་རིག་པར་བྱའོ།།
་བསྒྲུབ་པོ་ཕུན་སུམ་ཚོགས་པ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པའོ།། དེའི་ཐོས་པ་ནི་དེ་ཐོས་པ་དང་རྗེས་སུ་མཐུན་པའོ།། བསོད་སྙོམས་སྦྱོར་དུ་བཅུག་པ་ནི་རྣམ་པ་གཉིས་ཏེ། ཚུལ་ཁྲིམས་ཀྱིས་སྦྱོར་དུ་བཅུག་པོ་དང་ཐོས་པ
་ཀྱོང་འཐག་པའོ།། ག་དྷཱ་ལ་ཁྲིམས་ཀྱི་སྒྱུམྦྷ་བྱཱ་དེ་ལྡན་བསྒྲུབ་ཤྩནྟག་འདི་ང་འཕྲུལ་བ་ཤྭཱ་བ་བྷཱ་བྱཱ་མྦྷ་ས~ཾནྟ་དྷེ། མྦྷ་པྣ་ནུམས་ཀྱུས་སྤྱོད་གྱུ། སྒྲས་ད་ལཱརྨྨ་མྦུ་ཝཱ་མྦྷ་པཱ་ཙྪ་དྲུ་གསུངས་པ་སྦྱིནདྷ། བྷྱས
་ན་རྒྱུན་ཏུ་ཞུགས་པ་ལ་སོགས་པ་རྣམས་ལ་གོ་རིམ་གྱིས་ཤེས་པའོ།། རྗེས་སུ་བསྒྲུབ་པ་ལ་འདི་བྱེད་པ་ཉིད་ཡིན་ཞེ་ན། ཞེས་བྱ་བ་སྨོས་ཏེ། ཟོས་པ་འི་ངོ་བོ་ཉིད་བསྟན་པའི་ཕྱིར་དེ་ནི་མིང་ན་དེའོ།། ཞེས་བྱ་བ་སྨོས་ཏེ། ཟོས
་བ་དེ་ནི་མེད་ན་དངོས་གཞིར་གྱུར་པའི་ཟོས་པའོ།། གང་ཞིག་འདུན་ནས་ཞེས་བྱ་བ་འདིར་དོན་མ་ཡིན་ནོ།། གཞན་གྱི་དོན་ན་སྨད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་གཞན་གྱི་དོན་དུ་དགེ་སློང་མོས་སྦྱོར་དུ་བཅུག་པ་གཞན་གྱི་ཟ་བ་ལ་ཉེས
་བྱས་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བ་ལས་གཞན་གྱི་དོན་དུ་སྦྱོར་དུ་བཅུག་པར་ཤེས་བཞིན་དུ་ཟོས་ན་ཉེས་བྱས་སོ།། མི་ཤེས་པ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། རང་གི་ཆོས་མེད་པ་ལ་ཇི་ལྟར་བུའི་རྣམ
་པར་ཉེ་བར་འཚེ་བ་ལྟ་བུ་ནི་གཞན་གྱི་ཆོས་ལ་མ་ཡིན་པ་ཏཱཾ། གང་གི་ཕྱིར་ཡང་པ་ནི་འདི་ཡིན་ཏེ་དེ་བས་ན་འདི་ཤེས་པའོ།། བསོད་སྙོམས་ལ་ཞུགས་པ་ན་བྱིན་ཅིག་ཅེས་ཟེར་བ་ཡང་ངོ་ཞེས་བྱ་བ་ནི་བྱིན་ཅིག་ཅེས་བྱ་བ་འདི་ལྟར
་ན་སྨད་པ་ཉིད་བྱས་པ་ཉིད་དོ།། ཅིའི་དོན་དུ་བྱས་པ་བྱིན་ཅིག་ཅེས་བརྗོད་པ་ཡིན་ཞེ་ན། དེའི་བསོད་སྙོམས་ལ་ཞེས་བྱ་བ་སྨོས་སོ།། གནས་སྐབས་གང་ལ་ལྟུང་བ་ཡིན་ཞེ་ན། དེའི་ཕྱིར་ཞུགས་ནོ་ཞེས་བྱ་བ་སྨོས་ཏེ། བསོད་སྙོམས
་ལ་ཞེས་བྱ་བ་སྦྱར་རོ།། ཁྱིམ་གྱི་ནང་དུ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། ཁྱིམ་གྱི་ནང་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ལ་ལྟུང་བར་འགྱུར་ཞེས་བྱ་བའི་དོན་བསྡུས་པ་དང་། བྱིན་ཙས
་ཅེས་བྱ་བ་ཡང་བརྗོད་པ་ལ་ན་སྨད་པ་ཉིས་ཅེས་བྱ་བའི་དོན་ཏོ།། འདིར་དང་པོ་བཤགས་པར་བྱ་བའི་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་བསོད་སྙོམས་ལ་ཞུགས་པ་ན། དེ་ན་དགེ་སློང་མ་ཞིག་ཁྱིམ་བདག་ལ་ཁ
་བསོད་སྙོམས་བྱིན་ཅིག་ཅེས་མཆི་ཞིང་དགེ་སློང་དེས་ཀྱང་དེ་བླངས་ཏེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སུ་འགྱུརརོ་ཞེས་གསུངས་པ་ཡིན་ནོ།། སྦྱོར་དུ་བཅུག་པ་ལ་རིགས་པ་འདྲེ་བ་འདི་ནི་ཚིག་ཡིན་ཏེ། དེའི་ཕྱིར་འདི་དང
་ས་བྱ་བ་འདིར་གྲགས་པ་ཡིན་ནོ།། དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་དོ།། ཁྱིམ་གཞན་དུ་ལ་ཡང་ཟན་ལ་བོས་པོ་དང་དུ་བླང་བར་བྱའོ་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲས་ནི་གཙུག
་ལག་ཁང་འབའ་ཞིག་ཏུ་མོ་ཟད་ཀྱི་ཁྱིམ་གཞན་དུ་ཡང་ངོ་ཞེས་བྱ་བ་འདི་བསྟན་པའི་དོན་དུའོ།། གནས་མལ་གྱི་ལྟུང་བྱེད་ལས་འདི་ལ་སོགས་པ་སྐོམ་གྱི་ཕྱིར་ཞེས་བྱ་བའི་བར་དུ་འདི་དྲངས་པའོ།། དུས་ཤེས་པར་བྱ་སྟེ། འཇུག
་པར་བྱའི་སྔ་ཚོམས་སམ་སུ་མི་བྱའོ་ཞེས་བྱ་བ་ནི་འདིར་ཁྱིམ་གཞན་དུ་གང་དུ་བོས་པ་འདི་དང་དུ་བླངས་པར་གྱུར་ན་ཞེས་བྱ་བ་དེ་མ་ཐག་པ་ལས་རྟོ། གས་པའོ།། ཇི་ལྟར་ཡིན་ཞེ་ན། དེའི་ཕྱིར་གཎྜཱི་བརྡུངས་ཏེ་རང་གི་འཁོར་ལ
་བལྟ་བར་བྱའོ།། ཞེས་བྱ་བ་སྨོས་ཏེ། ཁྱིམ་གཞན་དུ་མགྲོན་དུ་བོས་པ་ལའོ།། གློ་བུར་དུ་འོངས་པ་ལ་ནི་གནས་བརྟན་གྱིས་སོ་ཞེས་བྱ་བ་ནི་འཁོར་དེ་ལ་གནས་བརྟན་གང་ཡིན་པ་དེས་བལྟ་བར་བྱའོ་ཞེས་བྱ་བའི་དོན་གྱིས་རྟོགས་པའོ།། །
་འདིར་དགེ་འདུན་གྱིས་གནས་བརྟན་ལ་གནས་བརྟན་དུ་བརྗོད་པ་ཞེས་བྱ་བའོ།། དེ་བས་ན་འདིར་གཞུང་ནི་ཡིད་ཆེས་པའི་འཁོར་གྱི་ནང་དུ་སྤྱོད་པའི་དགེ་སློང་གི་འཁོར་ལ་བལྟས་ཏེ་འགྲོ་བར་བྱའོ།། གང་ཞིག་དགེ་སློང་གློ་བུར་དུ
་འོངས་པ་དེ་ལ་ནི་དགེ་འདུན་གྱི་གནས་བརྟན་གྱིས་བལྟ་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། གྱ་ཆོམ་དུ་ཟན་བཅད་པར་མི་བྱའོ།། སྐོམ་གྱི་ཕྱིར་གསོལ་བ་འདེབས་ན་བསྡད་པར་བྱའོ་ཞེས་བྱ་བ་སྟེ། ཡང་ཡང་ཟ་བའི་ལྟུང་བྱེད
་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་ཅིག་ཅར་ཡང་རུང་ཕྱིས་ཀྱང་རུང་སྟེ་གོས་ཀྱི་རྙེད་པ་མེད་པའི་འགྲོན་དུ་བོས་པ་རྙེད་པའོ་ཞེས་བྱ་བ་སྨོས་ཏེ། གོས་ཀྱི་རྙེད་པ་མེད་པའི་མགྲོན་དུ་བོས་པ་གཉིས་པ་རྙེད་པ་ནི་བྱེད་པ་པོ་ཡིན
་ཏེ་ཙོག་ཙར་རམ་དུས་གང་ལ་མགྲོན་དུ་བོས་པ་གཅིག་ལོ་རྙེད་པ་དེ་ཉིད་ལ་ཡང་རྙེད་པ་གཞན་གྱི་ཕྱི་ནས་སོ་ཞེས་བྱ་བའི་དོན་ཏོ།། ཅིག་ཅར་དང་དུ་ལེན་པར་བྱེད་པར་ལ་གཉིས་ཀ་ལ་ཡང་གལ་ཏེ་གོས་མེད་པ་ཉིད་ཡིན་ན་གང་ལ
་ཕྱིས་བཟའ་བ་མཐོང་བ་དེ་ལས་ཆོས་ཉིད་ཀྱིས་ཉེས་བྱས་བསྐྱེད་པའོ།། གལ་ཏེ་གཅིག་ལ་གོས་མེད་པ་ཞེས་བྱ་བ་རིག་པར་བྱའོ།། འདིར་གོས་དང་བཅས་པ་དང་གོས་མེད་པ་དང་གོས་དང་བཅས་པ་ཤིང་གོས་ཀྱི་རིན་དང་བཅས
་ཤིང་པ་དང་། གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་རྣམ་པ་བཞིས་ལྟུང་བ་བསྟན་པར་མཛད་དོ།། དེ་ལ་གོས་དང་བཅས་པ་ཞེས་བྱ་བ་ནི་གོས་དང་བཅས་པ་གཞན་ནས་འདིར་གོས་ལ་བོས
་པའོ།། གོས་མེད་པ་ཞེས་བྱ་བ་ནི་གོས་དང་བཅ་ས་པ་གཞན་ནས་འདིར་གོས་མེད་པ་ལ་བོས་པའོ།། གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་དང་། གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་གཉིས་ཀ
་བརྩམས་པ་ཡིན་ཏེ། དེ་ནི་འདིར་མི་འདུས་པར་ཤེས་པར་མི་བྱའོ།། གོས་གཅིག་པ་ཡིན་མོང་དུ་མ་འམ་གང་ཡང་རུང་བ་གོས་དང་བཅས་པ་ཉིད་ཀྱི་འདིར་དགོས་པའོ།། དེ་བས་ན་དེ་ལ་འདི་བསྟན་པའོ།། ཁ་ཅིག་ནི་གོས
་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་ཞེས་བྱ་བ་དང་། གོས་མེད་ཅིང་རིན་ཡང་མེད་པ་ཞེས་བྱ་བ་ལ་རྣམ་པ་གཉིས་པོ་འདི་དག་ལ་གོས་ཀྱིས་རིན་ཞེས་བྱ་བ་ནི་གོས་དང་ལྡན་པ་ཞེས་བྱ་བ་སྨྲས་པ་ཡིན་ཏེ།
་འདིས་ཀྱང་གོས་དང་བཅས་པ་ཉིད་རིག་པར་བྱའོ།། དེ་བས་ན་དེ་ལ་འདི་བསྟན་པ་སྟེ། དེ་བས་ཡང་འདིར་བསྡུས་པར་ཞེས་བྱ་བ་མ་ཡིན་ནོ།། གོས་བརྟག་པ་ཉིད་ཀྱིས་དེའི་རིན་ཐང་བཟུང་བ་སྟེ། ཟས་ཙམ་ལ་བརྟེན་ནས་སླར
་མགྲོན་དུ་བོས་པ་ལ་འདོད་པ་ཚོལ་བར་མངོན་པོ་ཡིན་གྱི། རྙེད་པ་གཞན་ལ་བརྟེན་ནས་འཇུག་པ་ལ་འདི་སྐྱེ་བའི་མི་འགྱུར་རོ་ཞེས་བྱ་བ་འདི་རྣམ་པར་བཞག་པའོ།། ཅི་ཞིག་ལ་མགྲོན་དུ་བོས་པ་ལ་ཡིན་ཞེ་ན། དེའི་ཕྱིར་བཟའ་བར
་བྱའོ་ཞེས་བྱ་བ་སྨོས་སོ།། ཇི་ལྟར་ལ་ཡིན་ན་དེའི་ཕྱིར་ལྔའི་ཁོངསུ་གཏོགས་པ་ལའོ།། ཞེས་བྱ་བ་སྨོས་ཏེ། འབྲས་ཆན་དང་ཟན་དྲོན་དང་ལྡེ་གུ་དང་ཤ་དང་སྣུམ་ཁུར་ཞེས་བྱ་བ་ལྔ་པོ་གང་ཡང་རུང་བ་ལ་ཞེས་བྱ་བའི་དོན་ཏོ།། མགྲོན་དུ
་བྲོས་པ་སྒྱུ་མ་ལས་གཉིས་པའི་རྙེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་གལ་ཏེ་བཞན་ཡང་དེ་ཉིད་ཡིན་ནའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བཟའ་བར་བྱ་བ་དེ་ཉིད་ཀྱི་ཁོངསུ་གཏོགས་པ་ལྔ་པོས་དང་པོར་མགྲོན་དུ་བོས་པ་རྙེད་པ་དེ་ལ་ནི
་བྱེད་པ་པོ་ཉིད་ཡིན་ལ་གལ་ཏེ་དེ་ཉིད་མ་ཡིན་ན་ལྟུང་བ་མེ་ངོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་སྔར་བཟའ་བ་མ་ལགས་པ་ལ་གཡར་དྲངས་ན། དེ་སླད་ཀྱིས་བཟའ་བ་ལ་གཡར་དྲངས་ཏེ་དེས
་དེདེ་འཚལ་ན་ལྟུང་བ་ཅིར་འགྱུར་ཉེ་བར་འཁོར་ལྟུང་པ་མེད་དོ།། བཙུན་པ་རེ་ཞིག་དགེ་སློང་བཟའ་བ་ལྡེ་པོ་རྣམས་མ་གཏོགས་པ་དེ་ལས་གཞན་པའི་བཟའ་བ་དག་ལ་སྔར་གཡར་དྲངས་ནས་དེ་སླད་ཀྱི་བཟའ་བ་ལྔ་པོ་རྣམས་ལ
་གཡར་དྲངས་ཏེ་དེས་དེ་འཆིལ་ན་ལྟུང་བ་ཅིར་འགྱུར། ཉེ་བར་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། ཅི་ཐམས་ཅད་ལྟུང་བ་འདི་བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་ན་བ་མ་ཡིན་པ་དང་ལས་མ་བྱས་པ་དང་། ལམ་དུ
་མ་སོང་བའོ་ཞེས་བྱ་བ་སྨོས་ཏེ། ན་བ་ལ་སོགས་པར་གནས་པའི་དུས་དང་ལྡན་པ་རྣམས་ལ་ལྟུང་བ་མེད་དོ།། གནས་པ་མ་ཡིན་པའི་དུས་ཐམས་ཅད་ལ་ནི་ཉེས་བྱོསོ་ཞེས་གསུངས་པ་མི་གནས་པའི་དུས་ལ་ཉེས་བྱས
་ཞེས་བྱ་སྟེ། དེ་བས་ན་ཉེས་བྱས་སུ་གཏོགས་པར་བྱའོ།། རྙེད་པ་གང་ལ་གང་གི་བྱེད་པ་ཚེ། ཡིན་ཞེ་ན། དེ་བླངས་ནས་ཉེས་བྱས་ཀྱིའོ།། ཟོས་ན་དངོས་གཞིའོ་ཞེས་བྱ་བ་སྨོས་ཏེ། དུང་དུ་བླངས་ཡི
་ཀྱི་ཡིན་པའི་ཕྱིར་དེ་ནི་བསྡམ་པར་བྱ་བའི་ཕྱིར་ཉེས་བྱས་སུ་གསུངས་པར་རིག་པར་བྱའོ།། འདིར་ཁར་ཟ་བའི་མདུན་རོལ་དུ་འགྲོ་བ་ལ་སོགས་པ་རྗེས་སུ་བསྒྲུབས་པ་བསྟན་པར་བྱ་བ་རྟོགས་པར་བྱའོ།། འདིར་གོས་ཀྱི་མཐར
་གྱུར་པ་ནི་ཁྲུ་གོང་གི་ཁྱོན་ནོ་ཞེས་བྱ་བ་ནི་འདི་ལས་ཆུང་བའི་ཆོས་གོས་དང་ལྡན་པ་ལོ་བོས་པ་ནི་གོས་མེད་པ་ཉིད་ནི་འདིར་དངོས་གཞི་ཁོ་ན་སྟེ། དེ་བས་འདི་བྱེད་ལ་འདི་བྱེད་པ་ཡིན་ཏེ། ཇི་ཙམ་དུ་སྤང་བའི་བྱེད་པ་པོ་དེ་ཉིད
་ད་ཙམ་ལ་གཞན་དུ་ཡང་ཡན་ལག་ཉིད་དེ་ལ་འདི་བསྟན་པ་ཡིན་ནོ།། དེའི་ཕྱིར་གོས་སྦྱིན་པར་བྱ་བ་དང་གོས་བྱ་བ་ལ་སོགས་པ་ལ་ཡང་འདྲི་ཙམ་ལ་མཐར་ཐུག་པར་འགྱུར་བ་ཉིད་དུ་རྟོགས་པར་བྱའོ།། ཆུང་བ་ཉིད་སྦྱིན་པ
་དང་བྱེད་པ་ལ་ཉེས་བྱས་སུ་རྣམ་པར་གནས་པ་ཡིན་ཏེ། འདིར་ནི་དངོས་གཞི་ཁོ་ནའོ་ཞེས་བྱ་བར་རིག་པར་བྱའོ།། ལམ་ནི་དཔག་ཚད་ཕྱེད་དོ་ཞེས་བྱ་བ་ནི་འདིར་ལམ་འདི་ནི་མཐར་ཐུག་པར་གྱུར་པ་ཉིད་དོ།། གཞན་ལ་ཡོང་ངོ་།།
་ཞེས་བྱ་བ་ནི་ཡང་ཡང་ཟ་བ་ལས་གཞན་པའི་བསླབ་པའི་གཞི་དག་ལ་འདུས་ཤིང་ཟ་བ་ལ་སོགས་པའི་དོན་དུ་འདི་ཡིན་ནོ།། འདིར་རམ་གྲུར་འགྲོ་བ་ལ་ཡང་ངོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་ལམ་ལ་སྟེ། ཟང་གི་ལམ
་ཉིད་ཀྱི་ཡུལ་ལ་འདིའི་མཐར་ཐུག་པར་གྱུར་པའི་ལམ་གྱི་ཚད་མ་ཡིན་ནོ།། འོན་ཀྱང་གྱུར་འགྲོ་བ་ལ་ཡང་ཞེས་བྱ་བའི་དོན་ཏོ།། ལས་ཀྱི་ངོ་བོ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་ལས་ནི་ཕྱག་དཱར་རེ་ལྡེ་ཙམ་འམ། དཀྱིལ་འཁོར་བ་མལ
་ཙམ་ཡིན་ནོ།། ཞེས་བྱ་བ་སྨོས་ཏེ། འདི་ནི་ལས་ཀྱིང་མཐར་གྱུར་པའི་ཚད་ཅེས་བྱ་བའི་དོན་ཏོ།། གཞན་ལ་ཡང་ངོ་ཞེས་བྱ་བ་འདི་སྦྱར་བར་བྱའོ།། དེ་ཡང་དགེ་འདུན་ཉིད་དམ་མཆོད་རྟེན་ཉིད་ནའོ་ཞེས་བྱ་བ་ནི། ལས་འདིའི་རབཏུ
་དབྱེ་བ་འདི་དག་རྙོག་པར་བྱའོ།། དེ་ལྟ་བུར་གྱུར་པའི་ཡན་ལག་འདི་བརྗོད་པོ་ཤེས་པར་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ།། ན་པོ་ཉིད་ཀྱི་ཚད་ནི་མི་ནུས་པའོ།། ཞེས་བྱ་བ་ནི་གཞན་ལ་ཡང་ངོ་ཞེས་བྱ་བ་འདིར་ཡང་སྦྱར་བར་བྱའོ།།
་བཤོམོས་པ་ནི་མགྲོན་དུ་བོས་པ་ཉིད་མ་ཡིན་ནོ།། ཞེས་བྱ་བ་ནི་གང་ཞིག་གཏན་དུ་བ་འམ་བར་མོ་ལས་བྱུང་བ་བཤམས་པར་གྱུར་པ་དེ་ནི་བོས་པར་རྟོགས་པོར་བྱ་བ་མ་ཡིནོ།། འདིར་གཞུང་ནི་ཞུ་བ་ཁ་ཅིགོ་ལས། མངོན
་པར་ལྡོག་པར་ཟོས་ན་ལྟུང་བ་མེད་དོ།། མངོན་པར་ལྷག་པ་ཞེས་བྱ་བ་དགེ་སློང་ལ་བཤམས་པའི་བསོད་ནམས་ཀྱི་ཕུང་པོ་ལ་བརྗོད་པ་ཡིན་ཏེ། དེ་ཟོས་པ་ན་ལྟུང་བ་མེད་ཅེས་བྱ་བའོ།། དགེ་སློང་གི་ཕྱིར་བཤམས་པ་ནི་དགེ
་སློང་ལ་བཤམས་པའོ།། ཀུན་ཏུ་ལྟ་བ་ཡང་མགྲོན་དུ་བོས་པ་ཉིད་མ་ཡིན་པ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་ངམ་པ་ཤེས་པའི་དབང་གིས་འབོད་པ་ཉིད་ནི་ཀུན་ཏུ་ལྟ་བའོ།། འདིར་གཞུང་ནི་ཞུ་བ་ལས་སྤྱན་གཟིགས་སམ
་གསོལ་ལ་གདུགས་ཚོད་ཙམ་གཞན་དུ་གསོལ་ཅིག་ཅེས་ཟེར་བ་ལ་ལྟུང་བ་མེད་དོ།། འདིར་ཉིད་དུ་དགེ་སློང་གསོལ་ཞིང་གཞན་འཚོལ་བར་བྱེད་ན་ལྟུང་བ་མེད་དོ།། འདི་ཉིད་དུ་དགེ་སློང་བསོད་སྙོམས་པ་ལ་མོ
་འཆོལ་ཞིང་ལྷག་མ་གཞན་ནས་འཚོལ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། ཡང་ཡང་ཟ་བ་ལ་ནི་ཉེས་པ་མེད་པའི་ཚིག་འདི་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ།། དགག་དབྱེ་ཉིད་ཡོད་པར་གྱུར་པ་ལ་སྟན་ཉིང
་གཅིག་ལ་ཟ་བ་ལས་འདའ་བར་བྱེད་པའི་ལྟུང་བ་ལས་ལྡང་བ་ཡོད་པ་ཡིན་ནོ།། མགྲོན་དུ་བོས་པ་གཞན་ཡོད་ན་ཟན་བླངས་པ་ལ་སྤོང་བ་བསྲུང་ཞིང་འཇུག་པར་བྱའོ།། མཐོ་འཚམ་པས་བྱས་པ་ནི་མ་ཡིན་པ་ཉིད་དོ་ཞེས་བྱ
་བ་ནི་མགྲོན་དུ་བོས་པ་ཞེས་བྱ་བར་སྦྱར་རོ།། འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་སྔར་མཐོ་འཚམ་པའི་རྟོག་པ་ཅན་གྱིས་གཡར་དྲངས་པར་གྱུར་ནས་སླད་ཀྱི་ཐ་མལ་པའི་གནས་སྐབསུ་གཡར་དྲངས་པ་གཞན
་རྙེད་ཅིང་དེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེ་བར་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། མཐོ་འཚམ་པའི་རྟོག་པ་ཞེས་བྱ་བ་ནི་མཐོ་འཚམ་པའི་རྟོག་པ་སྟེ་གཞན་ལ་ཞེས་བྱ་བ་འདི་ཉམས་པའོ།། མི་རུང་བ་ཞེས་བྱ
་པ་ནི་བྱས་པ་ལ་མེད་པ་ཉིད་དོ།། དེ་བས་ན་བོས་པ་ཡང་ངོ་ཞེས་བྱ་བ་ནི་བཟའ་བར་བྱ་བ་མི་རུང་བ་ཉིད་ཀྱི་ཕྱིར་སྐྱེས་པར་རིག་པར་བྱའོ།། དེའི་ཕྱིར་མ་ཡིན་པར་དགེ་འདུན་ཡང་ངོ་ཞེས་བྱ་བ་ནི་དེ་ལ་བརྟེན་ནས་དགེ་འདུན་སྤྱན་དྲངས་པ
་དེའི་མེད་པ་ཉིད་ན་དེའི་ཕྱིར་རྣམ་པར་བཅད་པར་བྱ་བ་ལ་མངོན་པར་བརྟེན་པ་ཉིད་ཀྱི་ཕྱིར་གཞན་ལ་ནི་མེད་པ་ཉིད་དོ།། འཇི་བ་ཁུངས་ནི་གང་གི་ཕྱིར་འཕགས་པ་ལེགས་པ་འོངས་ཀྱི་ཕྱིར་ཏེ། གང་དེ་ལ་བརྟེན་ནས་ཆུ
་སྲིན་བྱིས་པ་གསོད་ཀྱི་རི་པ་རྣམས་ཀྱི་དགེ་འདུན་སྤྱན་འདྲེན་པ་ལ་བྲམ་ཟེ་སྤྱན་དྲངས་པར་གྱུར་པས་བྲམ་ཟེ་རྣམས་འོངས་ནས་བྱིས་པ་གསོད་པའི་རི་བའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་སངས་རྒྱས་ལ་སོགས་པ
་དགེ་སློང་གི་འགེ་འདུན་ཞག་བདུན་བཤོས་ལ་སྤྱན་དྲོངས་པས་དེའི་ཚེ་ངས་དོང་དུ་མ་བླང་སོ་ཞེས་གསུངས་པ་ཡིན་ཏེ་དེའི་ཕྱིར་མདོ་འདི་བྱས་སོ།། དགག་དབྱེ་སོ་སོར་རྗེས་སུ་གནང་བ་དང་སྦྱར་བར་བྱའོ།། གཞན་དུ་ལྔ་པོ
་འཇོག་པ་ཡང་ངོ་ཞེས་བྱ་བ་ནི་མགྲོན་དུ་བོས་པ་མ་ཡིན་པ་ཉིད་དོ།། སིལ་བུ་དག་ལས་དང་པོ་ལྔ་པོ་ཞེས་བྱ་བ་འདི་བརྗོད་པ་ཡིན་ཏེ། དེ་བསོ་ན་གཞུང་ནི་ཡི་གེ་གཞན་ལས་དགེ་སློང་བཅའ་བ་དེང་བཟའ་བའི་ཟན་གཉིས་དང
་མགྲོན་དུ་བོས་པས་གཅིག་དགེ་སློང་ལ་རྣམ་པར་རྟོག་པར་བྱེད་ན་ལྟུང་བ་མེད་དོ།། དགེ་སློང་མ་ལ་རྣམ་པར་རྟོགས་པར་བྱེད་ན་ལྟུང་བ་མེད་དོ།། དེ་བཞིན་དུ་དགེ་སློབ་མ་དང་དགེ་ཚུལ་མ་ལ་རྣམ་པར་རྟོག་པར་བྱེད་ན་ཡང་ལྟུང
་བ་མེད་དོ།། དེ་བཞིན་དུ་སྡེ་པ་ལྔ་པོ་ཐམས་ཅད་ལ་རྣམ་པར་རྟོག་པར་བྱེད་ན་ཡང་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།། སིལ་བུ་དག་ལས་ཀྱང་དགེ་སློང་དང་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས
་ལས་འདིར་ལྔ་ཉིད་ཀྱི་ཚིག་གིས་གསུངས་སོ།། འཕགས་པ་འདི་བྱེད་པར་མི་རིགས་སོ་ཞེ་ན་འདིར་བརྗོད་པར་བྱ་སྟེ། དེ་ནི་ཆོས་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི་ཅི་གཞན་ལ་བོས་པས་གཟུང་བར
་འདོད་པ་ཉིད་མེད་པ་ལ་འདི་རིགས་པ་ཉིད་ཡིན་ནམ་འོན་ཏེ་ཡོད་པ་ལ་ཡང་ཡིན་ཞེ་ན། དེའི་ཕྱིར་གཞན་བླ་བ་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། མགྲོན་དུ་བོས་པ་གཞན་བླང་བ་ཡོད་པ་ལ་འཇོག་པ་ལ་ཆོས་དང་ལྡན་པ་ཉིད་དོ།།
་ཞེས་བྱ་བའི་དོན་ཏོ།། མུ་གེ་བྱུང་ན་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་དག་བདག་གིར་བྱའོ་ཞེས་བྱ་བ་ནི་སྔ་མ་སྔ་མ་མ་བཞག་ཀྱང་ཇི་སྙེད་བྱུང་བ་དེ་སྙེད་རྣམས་ལའོ།། ཟོས་ནས་ཡང་ངོ་ཞེས་བྱ་བ་ནི་མགྲོན་དུ་བོས་པ་ཇི་སྙེད་བྱུང་བའི
་སྤྱན་དྲངས་པ་རྣམས་ལའོ།། སྦྱིན་དུ་ཡང་རུང་ངོ་ཞེས་བྱ་བ་ནི་ལྔ་པོ་ལྔ་པོ་ཞེས་སྔར་བསྟན་པའི་རྗེས་སུ་འབྲེངས་ཏེ་ཤེས་པར་བྱའོ།། སྦྱིན་པ་པོ་མངོན་པར་མི་དགའ་བར་འགྱུར་བ་ལྡ་ན་ཁམ་གཉིས་སམ་གསུམ་ཟོས་པའི་འོག
་ཏཽ་ཁྱིམ་བདག་དགེ་སློང་འདི་བསོད་སྙོམས་ཀྱི་འཕོངས་པ་ཡིན་གྱིས་རྗེས་སུ་ཡི་རང་བར་གྱིས་ཤིག་དང་འདི་ལ་སྦྱིན་པར་བྱའོ་ཞེས་མངོན་པར་དགའ་བར་བྱས་ནས་སོ་ཞེས་བྱ་བ་ནི་སྦྱིན་པ་པོ་དེ་ལྔ་པོ་དག་ལ་སྦྱིན་པའོ།། ཡང་ཡང་ཟ
་བའི་ལྟུང་བྱེད་དོ།། །། འདུག་གནས་སུ་ཟ་བའི་ལྟུང་བྱེད་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་ཆོས་འདི་པོའི་མ་ཡིན་པ་བདག་པོ་ཁྱིམ་པ་དང་བཅས་པ་ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནསོ་ཞེས་བྱ་བ་སྒོ
་ཏེ། ཆོས་འདི་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་འདུལ་བར་བྱ་བ་གང་ཡིན་པ་དེ་ནི་ཆོས་འདི་པའོ།། དེ་ལས་གཞན་པའི་ཆོས་འདི་པ་མ་ཡིན་པའོ།། བདག་པོ་ཁྱིམ་པ་དང་བཅས་པ་ཞེས་བྱ་བ་ནི། བདག་པོ་ཁྱིམ་པ་དང
་ལྷན་ཅིག་འཇུག་པ་གང་ཡིན་པ་དེ་ནི་བདག་པོ་ཁྱིམ་པ་དང་བཅས་པའི་འདུག་གནས་སོ།། རང་བཞིན་ཅན་ཡང་བདག་ཏུ་བྱས་ནས་སྦྱིན་པ་འམ་བྱེད་དུ་འཇུག་པ་ལ་འདིར་ཉེས་པ་རྣམ་པར་བཞག་པའོ།། དེ་བས་ན་ཁྱིམ་པས།
་བྱེད་དུ་འཇུག་པ་ཞེས་བྱ་བའི་ཚིག་གོ། ཡ་ཚན་ཅན་ཐམས་ཅད་མ་ཡིན་པ་ཞེས་བྱ་བ་འདི་ཡ་མཚན་ཅན་ཐམས་ཅད་ལ་འདིར་ཆོས་འདི་པ་ཉིད་ཀྱི་ཡོད་པས་ཉེས་པ་བྱེད་པ་པོ་ཉིད་མ་ཡིན་ནོ།། འདུག་གནས་སོ་ཞེས་བྱ་བ་ནི
་འདི་ལས་འདིར་བྱེད་པ་པོ་རྣམས་ཞེས་བྱ་བ་འདི་ལས་ཡོངསུ་གྱུར་པ་ལ་སོ་སོར་ཉེ་བར་གནས་པའོ།། ལྟུང་བ་འབྱིན་པར་བྱེད་པ་ཇི་ལྟ་བུ་ལ་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་མི་ན་བ་ལའོ་ཞེས་སྦྱིན་བདག་གིས་མ་བསྟབས
་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཡིད་ནི་ཡིད་ཀྱི་བྱ་བ་སྟེ། དེ་ལ་ཡོངསུ་ལོངས་སྤྱོད་པ་མ་ཡིན་པ་རྣམས་ལ་མ་བསྟབསོ་པ་གང་ཡིན་པ་འདི་དར་ཡ་མཚན་ཅན་ཐམས་ཅད་དང་འདྲ་བར་འདིར་ཉེས་པ་མི་བསྐྱེད་པའོ།། ཕྱིར་མི
་འབྱུང་བ་ལ་ཆོ་ག་འདི་དང་ལྡན་པ་སྟེ། ཕྱིར་མི་འབྱུང་བ་ལ་ནི་སྦྱིན་བདག་ཕྱོག་པ་མེད་པས་བསྟན་པ་ཉིད་ལ་ཡང་དངོས་གཞི་ཁོ་ན་སྟེ་གཞན་ལ་བརྟེན་པ་ནི་འདིར་སྐྱོན་ཡིན་ཏེ། དེ་ཡོངསུ་གསལ་བའི་དོན་དུ་བསླབ་པའི
་གཞི་འདི་ཡིན་ནོ།། འདིར་གང་དུ་གང་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟོས་ན་ཟོས་པ་ལ་དངོས་གཞིའོ།། གནས་ན་ཞག་ལོན་པ་ལ་ཉེས་བྱས་ཀྱིའོ་ཞེས་བྱ་བ་སྨོས་ཏེ། དེའི་བསོད་སྙོམས
་གཅིག་ཟ་ཞིང་གཉིས་པ་ཟ་བ་ལ་དངོས་གཞིའི་བྱེད་པ་པོ་ཉིད་དོ།། ཞག་གཅིག་ལོན་བུའི་ཉི་མ་གཉིས་པ་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ།། ཉི་མ་དང་པོ་ལ་ནི་གནས་པ་དང་ཟོས་པ་ལ་ལྟུང་བ་མེད་དོ།། འདིར
་གཞུང་ནི་དེར་གནས་ཤིང་དེར་གནས་པ་ན་ཉེས་བྱས་སུ་འགྱུར་ལ། དེར་ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཉི་མ་གཉིས་པ་ལ་གནས་པ་དང་ཟ་བའི་དབང་དུ་མཛད་ནས་ཚིག་འདི
་གསུངས་སོ།། འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མིན་པས་བསོད་སྙོམས་གཅིག་བཟའ་བར་བྱའོ།། དེའི་ཕྱིར་དང་པོ་འདི་དག་ལ་རྗེས་སུ་གནང་བ་ཉིད་ཡིན་པས་དེ་བས་ན་འདིར་ཉེ་བར་བཏགས་པའོ།། བདག
་པོ་མེད་པ་ཡང་ངོ་ཞེས་བྱ་བ་ནི་ཆོས་འདི་པའི་མ་ཡིན་པ་ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་དེ་བདག་པོ་མེད་པ་ཡིན་ན་ཡང་ཉེས་བྱས་བྱེད་པ་པོ་ཡིན་ནོ།། འདི་ལ་རབ་ཏུ་བྱུང་བ་འདི་པ་ནི་མུ་སྟེགས་ཅན་དང་།
་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་འདིར་འདི་ལ་མུ་སྟེགས་ཅན་དང་འདྲ་བ་ཉིད་དུ་བལྟ་བར་བྱའོ།། ཇི་ལྟར་མུ་སྟེགས་ཅན་རབ་ཏུ་བྱུང་བའི་བདག་པོ་ཡིན་པའི་འདུག་གོནས་དེ་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་པ་དེ་བཞིན་དུ་རབ་ཏུ་བྱུང་བ
་འདྲི་པ་བདག་པོ་ཡིན་ལ་ཆོས་འདི་པ་ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་ཀྱང་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ཏེ། འདིར་ནི་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་རབ་ཏུ་བྱུང་བས་འདུག་ནས
་བགྱིད་དུ་བརྟུལ་བ་དེར་དགེ་སློང་གིས་གདུགས་གཅིག་ལས་ལྷག་པར་གནས་པ་ཤིང་བསོད་སྙོམས་གཅིག་ལས་ལྷག་པར་འཚལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱསྟེ་ཞེས་གསུངས་པ་ཡིན་ནོ།། ཉེ་དུས་ཀྱང་ཞེས་བྱ་བ་མུ་སྟེགས་ཅ
་དང་འདྲ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ།། འདིར་གཞུང་ནི་བདག་པོ་ཉེ་དུས་བགྱིད་དུ་བརྩལ་བ་ལགས་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་ཀྱི་བྱེད་པ་པོར་འགྱུར་རོ།། ཁ་ཅིག་ནི་འདི་དག་ལ་ལྟུང་བ་མེད་ཅེས་ཟེར་ཏེ་དེ་མི་རིག་སོ།། གང་ཡང་རུང་བ།
་གཅིག་རབ་ཏུ་བྱུང་བ་ལ་བརྟེན་པོའི་དོན་འཛིན་པ་མི་རིགས་པའི་ཕྱིར་རོ།། འདུག་གནས་གཅིག་ཏུ་ཟ་བའི་ལྟུང་བྱེད་དོ།། །། བསོད་སྙོམས་ནི་བྱེད་པ་པོ་ཡིན་ཞེས་བྱ་བ་གསུངས་པ་ན། དེ་ལས་སུ་དང་འབྲེལ་པའི་བསོད
་སྙོམས་འདི་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་སྟོབས་པའི་འོ་ཞེས་བྱ་བ་སྨོས་ཏེ། མ་གཏོགས་པ་ཉིད་བཟུང་བས་མོ་བྱིན་པར་ལེན་པ་ཉིད་བསྐྱེད་བྱའོ།། ཇི་ལྟར་སྟོབས་པའི་ཞེ་ན། དེའི་ཕྱིར་ཡོངསུ་མ་སྤགས་པར་རོ་ཞེས་བྱ་བ་སྨོས་ཏེ། རྒྱ་ཆེ་བ
་རབ་ཏུ་བསྟན་པ་ལ་སྤགས་པ་གང་ཡིན་པ་དེ་ནི་སྦྱིན་པ་འཇུག་པོས་མི་ཡིན་ནོ།། དེར་ཉེས་པ་འདི་བསྐྱེད་པ་སྟེ། གལ་ཏེ་ཡོངསུ་སྤྱོད་པ་འདི་ཡིན་འདི་ཙ་མོ་སྦྱིན་པར་བྱ་ཞེས་བྱེ་བོ་སྤགས་པ་གང་ཡིན་པ་དེ་ལ་ནི་རྒྱ་ཆེ་པོ་ཙམ་དུ་བསྟན་པ།
་སྔགས་པ་མ་ཡིན་པ་སྣ་དབས་ན་འདུ་ཉེས་པ་མད་དོ།། རྒྱམ་སྔགས་པ་ཐམས་ཅད་ལ་སྣརུབས་པ་བ་ཡུན་ནས་ཞྭ་ནཱ། རྗེ་གྱུ་ཆ་བདེར་མ་བྱས་པ་ནས་བྱ་སྨྲས་ཏེ། སྦྱིན་ལྱཱ་དྷགྶ་ཐཱ།
་སྐྱོབས་བྱུ་ཡིནཿ། གཱ་འགྲེས་བདང་མ་རྣས་པ་ཞེས་བྱ་བ་འདུ་ལ་ཉེས་པ་མེད་དོ།། འ་ཐམས་ཅད་ལ་ཡིན་ནམ་ཞེ་ན། ཕྱི་ཀྱིམ་འི་རི་ཞེས་བྱ་བ་སྨོས་ཏེ། ཆེད་རྣཿས་པ་ལོ་དེ་དང་འགྲོ་བའི་འམང་སྨྲས
་བྱེད་པ་པོ་མིན་ཞེ་ན།། དེར་ཕྱིར་ཐེའུ་ཆུང་དག་གི་ཚད་ནི་འབྲས་དྲུག་པོ་ཆེ་མ་གྷ་དྷཱའི་ཟེའུ་ཆུང་གི་ཕྱེད་དང་ལྔ་བཅོས་པ་ཚད་མ་གཏོགས་པ་ལས་ལྷག་པའི་བསོད་སྙོམས་ཏེ། གྲོགས་ཀྱི་སྐལ་བ་དང་བཅས་པ་ཡིན་ནོ་ཞེས
་བྱེ་བ་སྨོས་ཏེ། བྲེ་ཆུ་ནང་སྐྱོང་དང་ལྔ་བ་ཅོས་པ་ལས་ལྷག་པའི་བསོད་སྙོམས་ནི་བྱེད་པ་པོ་ཡིན་ནོ།། འུ་ཆུང་དག་གི་ཆུད་ན་ཇི་ཙམ་ཞེན། དེར་ཕྱྀར་བཅོས་པ་ཞེས་བྱ་བ་སྨྲས་ཏེ། འབྲས་བཅས་པ་མེ་གའི་ཛྷའི་ཆུ
་ད་བྷྲཱུ~ཾ་གང་རྣམ་པ་ཀྱི་ཡོད་བ་དེ་རྣམས་9། ད་མིས་གཏུགས་ནཱས་ནཱི། འདི་ཚད་མན་། དུ་ས་ཐུགས་དང་ལྷན་ཅིག་ཏུ་ལྗིན་པ་གང་ཡིན་པ་དོན
་དོན་ཏོ།། འཛུས་ནས་ལེན་པ་ལ་གླེགས་དང་ལྡན་ཅིག་ཏུ་ལེན་པ་གང་ཡིན་པ་དོ་ནི་རྡོའི་རྗེ་བ་བྱ་བ་འམ་འོན་ཏེ་མ་ཡིན་ཞེན། རྡོ་ཕྱིར་གྲོགས་ཀྱི་སྦལ་བ་དང་ཡང་བཅས་པ་ཡིན་ན་ཞེས་བྱ་བ་སྨོས་ཏེ། འདི་དག་སུ་ནི་འདོངས
་སློང་དེ་དག་གི་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱ་བ་ཞེས་ཐམས་ཅད་བྱེད་པ་པོ་ཉིད་ཀྱིས་གཉིས་སམ་གསུམ་གྱི་ཚིག་ཞེས་གསུངས་པ་ཡིནོ།། གང་དུ་འདིའི་འོག་ཏུ་འདི་དང་འབྲེལ་པའི་བསོད་སྙོམས་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་ཟློ
་པ་ལའོ་ཞེས་བྱ་བ་སྨོསོ།། ཅི་ཟོས་སོ་ཅོག་ཐམས་ཅད་ལ་འམ་ཞེ་ན། དེའི་ཕྱིར་མནོས་པའོ་ཞེས་བྱ་བ་སྨོས་ཏེ། རྙེད་པ་བཞག་པས་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བ་ལས་དེ་ཉིད་དུ་འདུག་ཅིང་དོན་ཇི་སྲིད་དུ་ཟོས་ཀྱང་ལྟུང་བ་མེདོ་ཞེས་གསུང
་པ་ཡིནོ།། དེ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི་བྱེད་པ་པོ་སྟེ་འདིར་ནི་མནོས་པ་ལའོ།། འདིར་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ།། གཞན་གྱིས་མནོས་པ་ཡང་ཞེས་བྱ་བ་ནི། གཞན་ནོད་དུ་བཅུག་ལ་ཟོས་ན་ཡང་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ།།
་འདིར་གཞུང་ནི་ཞུ་བ་ལས། ལྡེ་གུ་དག་དང་སྣུམ་ཁུར་དག་བསྟབས་པ་དེ་ལས་འོག་ཏུ་ལྷུང་བཟེད་གཉིས་སམ་གསུམ་ལས་ལྷག་པར་གཞན་ནོད་དུ་བཅུག་ན་ཉེས་བྱསོ་ཞེས་གསུངས་པ་ཡིནོ།། གཞན་ལ་ནི་ལྟུང་བ་མདོ་ཞེས་བྱ་བ་ལ། འདིར
་གཞུང་ནི་འདི་ཡིན་ཏེ། དེ་ཉིད་དུ་འདུག་སྟེ་མ་བསྟབས་པར་ཟོས་ཀྱང་ལྟུང་བ་མེད་ཅེས་གསུངས་པ་ཡིནོ།། འདིར་མདོ་འདི་ནི་ཉེས་བྱས་དོགས་པ་བསལ་བའི་ཕྱིར་བྱས་སོ།། ལ་སུ་མ་བྱས་པ་ལ་ཡང་ངོ་།། ཞེས་བྱ་བ་ནི་འབྲས་ལ་སོགས་པ་རྡོ་བཏགས
་མ་བྱས་པས་མགོས་ཏེ་ཟ་བ་ལ་ལྟུང་བ་མེད་པ་སྟེ། ཉེས་པ་མེད་པ་ལ་དགོངས་པ་ཡིན་གྱི་འབྲུ་ཙམ་པ་ལེན་པའི་ཉེས་པ་གཞན་ནི་ཡོད་དོ།། དེ་བས་ན་འདི་ལ་ཡང་འདིར་འདི་ལས་མེད་པར་རྟོགས་པར་མི་བྱའོ།། བླང་བར་བྱ་བ་གལ་ཏེ་མང་བ་ཉིད་ཡིན
་ན་དགེ་སློང་དག་ལ་བགོ་བཤའ་བྱའོ་ཞེས་བྱ་བ་ནི། འདིར་བླང་བར་འོས་པ་བྲེའུ་ཆུང་ཕྱེད་དང་ལྔའི་མཐར་ཐུག་པ་དེ་དང་རྗེས་སུ་མཐུན་པའི་ཚོད་མ་དང་ལྷན་ཅིག་ཏུ་གང་ཡིན་པ་དེ་ལས་གལ་ཏེ་ལྷག་མ་ཡིན་པར་བླང་བར་བྱའོ།། འདིར
་མང་པོ་ལྔ་ཡང་དག་པར་བསྐྱེད་པ་ལ་གཞུང་ནི་དགེ་སློང་དགོ་ལ་བགོ་བཤའ་བྱ་སྟེ། ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཞེས་བྱ་བའོ་ཚིག་གིས་རིག་པར་བྱའོ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་དོ།། །
་ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱའོ།། འདིར་ཟས་བརྩམས་པས་ལྡང་བར་མི་བྱའོ་ཞེས་བྱ་བ་ལ། ཟས་ལ་བརྩམས་པའི་ངོ་བོ་གསུངས་པ་ནི་ཐ་ནཱ་ལན་ཚ་ཡན་ཆད་བཟའ་བར་བྱ་བ་གང་ཡང་རུང་བ་ཅུང་ཟད་ཅིག་བླངས་ན་རྣམ་པ་དེ་ཉིད་ཡིན་ནོ་ཞེས་བྱ་སྟེ། ཅུང
་ཟད་ཅིག་ཅེས་བྱ་བ་ནི་ཉུང་ངུ་ལྡན་ཞེས་བྱ་བའི་དོན་ཏོ།། གང་ཡང་རུང་བ་ཞེས་བྱ་བ་འདིས་ནི་འདི་སྟོན་པར་བྱེད་དེ། ལན་ཆ་ཡན་ཆད་ཅེས་བྱ་བ་སྟེ་ཇི་སྲིད་ལན་ཆེ་ཞེས་བྱ་བའི་དོན་ཏོ།། བླངས་ནས་ཞེས་བྱ་བ་ནི་ལེན་པ་ལའོ།། རྣམ་པ་དེ་ཉིད་ཡི་ནོ་ཞེས་བྱ་བ་ནི
་ལྷ་མ་བསྐྱོས་པ་དེ་ཉིད་དོ།། ཤེས་གཙོ་བོ་སྤངས་པ་ཉིད་དང་ལྷག་པོར་མ་བྱས་པ་ཉིད་དག་ལའོ་ཞེས་བྱ་བ་འཆད་པར་འགྱུར་ཏེ། དེ་ལས་སྤངས་པ་གང་ཡིན་པ་དང་། སྤངས་པ་ཉིད་བྱེད་པ་བརྗོད་པར་བྱ་བ་ཡིན་ནོ།། དེ་བས་ན་སྤངས་པ་ནི་བཏང་བའོ་ཞེས་བྱ་བ་སྟེ། གང་གི།
་ཕྱིར་དེའི་ཚོན་ཟས་ལ་སོགས་པ་ཡོངསུ་བཀང་བ་ཞེས་བྱ་བའོ།། འདི་གང་ལས་ཤེས་པ་ཡིན་ན་ནོ།། དེའི་ཕྱིར་འདུག་པོའོ་ཞེས་བྱ་བ་སྨྲས་སོ།། ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་རྩ་བ་ལ་སོགས་པ་བས་བར་བྱ་བ་ལ་སོགས་པའི་ཟས་བརྩམས་པའོ་ཞེས་བྱ་བ་སྨོས་ཏེ།
་སྤངས་པའི་རྩ་བ་ལ་སོགས་པ་དང་བཅའ་བར་བྱ་བ་ལ་སོགས་པའི་ཟས་གང་གིས་ཞེས་བྱ་བའི་དོན་ཏོ།། ཅུང་ཟད་ཀྱང་མ་བྱས་པར་སྤངས་ནའམ་ཞེ་ན། དེའི་ཕྱིར་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་བཅའ་བར་བྱ་བ་དང་ཐུག་པ་ལས་གཞན
་པ་བཟའ་བར་བྱ་བ་རུང་བ་དང་མི་རུང་བ་མ་འདྲེས་པའི་བྱིན་ལེན་སྟོབས་པ་འཐོབ་པའི་ཕྱོགས་ན་འགྲེང་བ་སྤང་བར་བྱོས་པ་ནས་སོ་ཞེས་བྱ་བ་སྨོས་ཏེ། གཞན་པ་ཞེས་བྱ་བ་ལ། འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་བཟའ་བ་ལྔ་པོ་དག
་མ་གཏོགས་པོ་དེ་ལས་གཞན་པའི་དངོས་པོ་དག་སྤངས་པར་གྱུར་ནས་དེས་སླད་ཀྱི་བཟོའི་བ་ལྔ་པོ་དག་འཚལ་བར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིནནོ།། ཐུགས་པ་ལས་ཞེས་བྱ་བ་ནི་གཞན་ནོ།། མི་རུང་བ་མ་འདྲེས་པ་ཞེས་བྱ་བ་ནི། གང་ཞིག
་དེར་རུང་བ་དེས་འདི་ལ་རུང་བ་ཉིད་ཤེས་པར་མི་བྱ་སྟེ། ཞེས་བྱ་བའི་དོན་དུ་འདི་ཡིན་ནོ།། སྟོབས་པ་འཐོབ་ཕྱོགས་ནས་འགྲེང་བ་ཞེས་བྱ་བ་ནི་གནས་ལས་བྱིན་ལེན་མི་འཐོབ་པ་དང་བྱིན་ལེན་ལོས་བཟློག་པ་གང་ཡིན་པ་དེ་ལ་འདིར་ཡན་ལག་ཉིད་ཀྱི་ཕྱིར་འདི
་བ་ཡིན་ཏེ། འཐོབ་པའི་ཕྱོགས་ནས་འགྲེང་བ་འདི་ལྟ་བུའི་ཁས་ཟས་ལ་བྱིན་ལེན་བྱེད་ཅིང་བཟློག་པར་བྱ་སྟེ། ཁ་ཟས་སྤངས་པ་དང་འདུག་པ་ཆོག་ཤེས་པའི་གནས་ལ་སྤངས་པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་ཏོ།། གསོལ་ཅིག་ཅེས
་བྱ་བ་ཡང་དེ་ཡིན་ནོ་ཞེས་བྱ་བ་ལ་ཞེས་བྱ་བ་ནི་དེ་ལ་སྦྱིན་པར་གྱུར་པ་གང་ཡིན་པ་དེ་ཙམ་འདིས་རྣམ་པར་མ་སྤྱད་པ་ལ་རྟེན་པར་གྱུར་པ་དེ་བས་ན་གཞན་དེ་ལ་བཟློག་པ་ཉིད་དོ།། སོང་ཞིག་ཅེས་བྱ་བ་ཡང་ངོ་།། འཚ་བ་ལགསོ་ཞེས་བྱི་བས་ཀྱངོ་ཞེས་བྱ་བ་ལས་བཟློག
་པ་ནི་ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་སྔར་ཡང་ངོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་རོ།། རེ་ཞིག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱར་ན་ནི་མ་ཡིནོ་ཞེས་བྱ་བ་ནི་འདི་གསུམ་རེ་ཞིག་སྒྲ་ལ་ཉེ་བར་མཚམས་སྦྱར་བ་ལ་བཟློག་པར་མི་འགྱུར་ཞེས་བྱ་བའི
་དོན་ཏོ།། ཆོག་གོ་ཞེས་བྱ་བ་ཡང་ངོ་ཞེས་བྱ་བ་ནི་དེ་ལ་ཡང་རེ་ཞིག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱར་ན་སྤངས་པ་མ་ཡིན་ན་སླར་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ།། ཐུག་པ་ལས་ཀྱང་ཞེས་བྱ་བ་གང་ཞིག་བརྗོད་པ་དེ་ལ་སླར་བརྗོད་པར་འདོདན
་ཁ་གཟར་གྱེན་དུ་འགྲེང་དུ་མི་བཏུབ་པ་ཉིད་ཀྱི་ཐུག་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཁ་གཟེར་གྱེན་དུ་གནས་པ་གང་ཡིན་པ་དེ་གལ་ཏེ་ཐུག་པ་ལ་གྱེན་དུ་འགྲེན་དུ་མི་བཏུང་ན་དེ་ལྟར་ན་འདི་ལ་ནི་ཐུག་པ་ཉིད་དོ།། སོར་མོ་ལྔ་མི་མངོན་པ་ནི་སྐྱོ་མའོ་ཞེས་བྱ་བ
་ནི་ཐུག་པ་ཉིད་ལེན་དུ་བཅུག་པ་ལ་ཞེས་བྱ་བ་འདི་དང་འབྲེལ་པ་བརྗོད་པར་བྱ་སྟེ། མཐོ་འཚམ་པ་ནི་བྱིན་ལེན་སྟོབས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་མཐོ་འཚམ་པར་ཤེས་པར་ཉིད་ལ་འདི་ལྟར་བྱིན་ལེན་དུ་འཇུག་པ་མ་ཡིནོ།། འདི་ནི་བྱིན་ལེན་བྱེད་དུ
་འཇུག་པའི་ཀུན་ཏུ་སྤྱོད་པ་ལ་རྗེ་སུ་མཐུན་པ་ཞེས་བྱ་བ་ཤུགས་ཀྱི་རྟོགས་པར་བྱའོ།། འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་སྔར་མཐོ་འཚམ་པར་རྟོགས་པ་ཅན་གྱིས་བྱིན་ལེན་བསྟབས་པར་གྱུར་ལ། དེས་སླད་ཀྱི་ཐ་མལ་བའི་གནས
་སྐབསུ་བྱིན་ལེན་པསྟོབས་པ་དེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེ་བར་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིནོ།། མཐོ་མཚས་པའི་རྟོགས་ཅན་ཞེས་བྱ་བ་ནི་འདི་ལ་མཐོ་འཚམ་མོ་སྙམ་པའི་རྟོག་པ་གང་ལ་ཡོད་པར་གྱུར་པ་ཞེས་བྱ་བ་འདིའི་དོན་རིག་པ
་བྱའོ།། སྤང་བ་བསྟན་ཟིན་ཏོ།། །། ད་ནི་ལྷག་པོར་བྱ་བ་བསྟན་པར་བྱ་སྟེ། མཚམས་ཀྱི་ཕྱི་རོལ་དང་མི་འཐོབ་པའི་ཕྱོགས་དང་མདུན་པ་ཡིན་པ་ན་འདུག་པ་ལས་ལྷག་པོར་བྱ་བ་མི་འབྱུང་ངོ་ཞེས་བྱ་བ་ནི་མཚམས་ཀྱི་ཕྱི་རོལ་ན་གནས་པ་དང
་མི་འཐོབ་པའི་ཕྱོགས་ན་གནས་པ་དང་། མདུན་མ་ཡིན་པ་ན་འདུག་པ་ལས་ཞེས་བྱ་བའི་བསྡུ་བའོ།། གཉིས་དང་ལྡན་པ་གཅིག་པའི་དངོས་པོ་འདི་རྣམས་ལས་ལྷག་པོར་བྱ་བ་མི་འབྱུང་སྟེ། མཚམས་གཞན་ན་གནས་པ་ན་གང་ཞིག་ལ་ཡང་ཡན་ཆད
་དེ་བས་ན་ཕྱི་རོལ་གྱི་མཚམས་ལ་གནས་པ་དོར་བའོ།། ལྷག་པོར་ཞེས་བྱ་བ་ནི་མཐར་ཐུག་པར་གྱུར་པའི་བོར་བ་ནི་དོར་བ་སྟེང་ལྷག་པར་རོ།། དེ་ལྟར་ཡང་འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། ལྷག་མར་མ་བྱས་པ་ཤིང་མ་བོར་ཡོངསུ་མ་བཏང
་ནི་ལྷག་པོར་མ་བྱས་པ་ཞེས་གསུངས་པ་ཡིན་ནོ།། བྱ་བ་ལག་ཏུ་མ་བླངས་པ་ལ་ཡང་མི་འབྱུང་ངོ་།། ཞེས་བྱ་བ་ནི་ལྷག་པར་བྱ་བའི་དངོས་པོ་གང་ཡིན་པ་དེ་ལག་ཏུ་མ་བླངས་པ་ལ་ཡང་ལྷག་པོར་མི་འབྱུང་ཞེས་བྱ་བའི་དོན་ཏོ།། འདིར
་གཞུང་ནི་དགེ་སློང་དེས་ལག་པ་གཉིས་བསྐུལ་ཏེ་བྱིན་ལེན་བྱས་པ་ལ་ཞེས་གསུངས་པ་ཡིན་ནོ།། ནམ་མཁའ་ལ་ཡང་མི་འབྱུང་ངོ་ཞེས་བྱ་བ་དེ་ནི་མཚམས་ཀྱི་ཕྱི་རོལ་ཞེས་བྱ་བ་འདིའི་ཁོངསུ་གཏོགས་པ་ཉིད་དུ་རིག་པར་བྱའོ།། རུང་བ་མ
་ཡིན་པ་དང་དེ་དང་འདྲེ་བ་ལ་ནི་མི་བྱ་བ་ཉིད་དེ་ཞེས་བྱ་བ་ནི་རུང་བ་འདྲེས་པས་ལྷག་པོར་གྱི་དངོས་པོ་དོར་བ་ཉིད་ཀྱིས་མི་བྱེ་བ་ཉིད་དོ།། གོང་གི་ལྷག་པོར་དུ་བྱ་བ་དང་གང་གི་འདིར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་གནས་པ་མ་བཏང་བས་བྱ་བ
་ཉིད་དོ་ཞེས་བྱ་བ་སྨོས་ཏེ། འདིར་ཟ་བའི་གནས་ནི་གནས་ཤེས་པར་དོན་གྱིས་ཤེས་པར་བྱའོ།། ཅི་ཆོག་པར་མ་བྱས་པ་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་མི་ཟ་བར་བརྟག་པ་བྱས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཅི་མ་གསོལ་བས་ཀྱང
་བྱ་འམ་ཞེ་ན། དེའི་ཕྱིར་གསོལ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་སོ།། འདིའི་བྱ་བ་ཅི་ཡིན་ཞེ་ན། དེའི་ཕྱིར་ཁྱོད་ཀྱིར་གྱུར་གྱི་བཞུད་ཅིག་ཅེས་བྱ་བའི་ཚིག་གིས་བྱའོ།། ཁ་ཅིག་ནི་ཅི་བདེར་གསོལ་ཅིག་ཅེས་ཀྱང་བྱའོ་ཞེས་བྱ་བ་སྨོས་ཏེ། འདོད
་པ་གཞན་ལ་འདི་བསྟན་པའོ།། གཞན་དང་། ཤེ་ཚིག་འདི་འདིར་བྱ་བ་ཉིད་ཀྱིས་ཞེས་ཀྱང་ཟེར་ཏེ། འདིར་དོན་གཙོ་ཚ་བ་ཡིན་གྱི་ཚིག་ནོ་མ་ཡིན་ནོ།། དེ་བས་ན་འདི་གཉིས་ཀ་འདིའི་བྱ་བ་ཡིན་ནོ།། གཞན་ཡང་འདི་ལྟ་བུའི་རིགས་ཀྱི་ཚིག་ཞེས
་བྱ་བ་རྟོགས་པར་བྱའོ།། ཚིག་ཙམ་ཁ་ནས་ལྷག་པོར་བྱ་བ་ཟང་ངམ་ཞེ་ན། དེའི་ཕྱིར་ཁམ་གཉིས་སམ་གསུམ་ཟོས་ནས་སོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་གི་ཡང་མ་ཟོས་པ་ལ་ཀུན་ཏུ་རྟོགས་པར་བྱ་བའི་ལྕུག་པོར་དུ་བྱེད་པ་དེས་ཀྱང
་གཉིས་སམ་གསུམ་པས་ནས་བྱ་ནས་སྨྲས་པ་ནི་བྱ་བ་བཏ་བས་ནི་འཟོར་བར་མི་བྱའོ་ཞེས་བྱ་བ་སྟེ། མ་ཐོས་པ་ལ་ཡ་རྟོག་པ་བྱེད་བཞིན་པ་ལ་ཡང་གང་ཟག་བརྗོ་འི་གང་ཡིན་པ་དེ་ལ་དུས་ནི་བཟའ་བ་མོ་བྱེ་བར་ཁྱོད
་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བྱ་བའི་ཚིག་ཙམ་ཉིད་དུ་བྱ་བ་འདིས་བསྟན་པར་ཤེས་པར་བྱའོ།། ལྷག་པར་བྱས་པ་མ་པས་བཟའ་བར་བྱའོ།། ཞེས་བྱ་བ་ནི་དགེ་སློང་གཅིག་ལ་རུང་བ་གང་ཡིན་པ་དེ་གཞན་ལ་ཡང་རུང་བ་ཞེས་བྱ
་བ་དེ་ལ་འདི་བསྟན་པའོ།། ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ།། གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྤངས་པ་ཉིད་དང་ལྷག་པོར་མ་བྱས་པ་ཉིད་དག་ལའོ་ཞེས་བྱ་བ་སྨོས་ཏེ་ལྷག་པོར་མ་བྱས་པ།
་ཉིད་གང་ཡིན་པ་དེ་ལ་དེ་ནི་ལྷག་པོར་ཉིད་དུ་མོ་བྱས་པའོ།། ནས་སྤངས་པ་ཉིད་ལ་ཡང་ལྷག་པོར་དུ་མ་བྱས་པ་ཞེས་བྱ་བའི་དོན་ཏོ།། ཅི་ཞིག་རྗེ་སུ་བསྒྲུབ་ན་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟོས་ནའོ་ཞེས་བྱ་བ་སྨོས་སོ།། ཅི་ཞིག་ཟོས་ན་ཞེ་ན།
་དེའི་ཕྱིར་ཟས་ཙམ་མོ་ཞེས་བྱ་བ་སྨོས་ཏེ། བཅའ་བར་བྱ་བ་ཙཱམཱ་ཞེས་བྱ་བའི་དོན་ཏོ།། འདི་སྟན་གཅིག་པའི་ཟས་དང་པོར་བྱས་པས་དེའི་ཕྱིར་དེ་དག་ཐམས་ཅད་ནི་རྣམ་པར་ངེས་པ་མ་ཡིན་པར་རིག་པར་བྱའོ།། སྦྱངས་པའི་ཡོན་ཏན་ཡང་དག
་པར་བླངས་པ་སྤངས་པ་ཉིད་ཡིན་ཡང་རུང་བ་སྤངས་པོ་ཉིད་མི་ཡིན་ཡོང་རུང་སྟེ། ལྷག་པོར་བྱས་ཀྱང་རུང་ལྷག་པོར་མ་བྱས་ཀྱང་རུང་བཅའ་བོར་བྱ་བ་བཟའ་བར་བྱ་བ་དག་ཟས་བཞིན་པས་བཟའ་བར་མི་བྱ་ཞེས་བྱ་བ་འདིའི་བྱེ་བྲག་རྟོགས་པར་བྱ
་སྟན་གཅིག་པའི་ཟོས་ཀྱི་ལྟུང་བྱེད་དོ།། འདི་ཡང་ཤེས་གཙོའོ།། སྦྲེངས་པ་ཉིད་དང་ལྷག་པར་མི་བྱས་པོ་ཉིང་དག་ལའོ།། ཞེས་སྔོར་བསྟན་པའི་ཡོན་ལག་དེ་དག་ཁས་བླངས་ནས་སྒྲུབ་པོ་གང་ཡོན་ལ་འདུ་ཤེས་པ་འདིའི་བྱེད་པ་ས
་ཉིད་ཡིན་ཞེས་བྱ་བ་འདི་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྟོབས་ནའོ་ཞེས་བྱ་བ་སྨོས་ཏེ། ཟས་ཙམ་ཟོས་པ་ལ་ཞེས་བྱའི་དོན་ཏོ།། གང་ལ་སྟོབས་ན་ཞེ་ན་དེའི་ཕྱིར་དགེ་སློང་ལའོ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་དུ་རུང་བ་མ་ཡིན་པའི་ཕྱིར་སྟོབས
་པ་ལ་ཉེས་པ་ཞེས་བྱ་བ་འདིའི་རྗེ་སུ་འབྲངས་ནས་རིག་པར་བྱའོ།། སྤངས་པ་ལ་སྟོབས་པའི་ལྟུང་བྱེད་དོ།། ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆར་བྱེད་པ་པོ་ཉིད་དོ།། གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན།
་ཕྱིར་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པའི་དགེ་སློང་དགེ་འདུན་དུ་གྱུར་པ་མཚམས་ཀྱི་ནང་ནི་གནོས་པ་དག་ཟན་ལྷན་ཅིག་མོ་ཡིན་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། གནས་གང་ན་ཟས་ཐ་དད་པ་ཉིད་དུ་ངེས་པ་དེ་ནི་སོར་ངེས་པའི
་ཟས་སོ་དགེ་སློང་གང་དག་ལ་གནས་དེ་དག་ནི་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་གོ།། དེ་རྣམས་ལ་གཞན་དགེ་སློང་མཚམས་ཀྱི་ནང་ན་གནས་པའི་བཞི་ལ་སོགས་པ་དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་དང་ལྷ་ནི་ཅོག་མ་ཡིན་པ་ཉིད་ཀྱིས
་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཚོགས་ཤིང་ཟ་བ་བཟུང་བ་ནི་དགེ་འདུན་དུ་གྱུར་པ་རྣམས་ཀྱིས་ཞེས་བྱ་བ་རིག་པར་བྱའོ།། འདིར་རྣམ་པར་འབྱེད་པ་ལས་ཟས་ལས་ལ་གཡེང་བ་ཞེས་བྱ་བ་སྟེ། ཚོགས་ཤིང་ཟ་བ་ནི་ཚོགས་ནས་ཟ་བའོ།། གཡེང་བ་ཉིད
་ཅེས་པ་ནི་དགེ་འདུན་གཉིས་འབྱེད་པའོ་ཞེས་བྱ་བ་འདིའི་དོན་རྣམ་པར་གནས་པ་ཡིན་ནོ།། ཅི་གཅིག་པོ་ཞིག་ཟ་ན་ལྷན་ཅིག་མ་ཡིན་པ་ཉིད་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ལྷན་ཅིག་པའི་འོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་གང་དང་ལྷན་ཅིག་པའི་ཞེན།
་དེའི་ཕྱིར་ཅིག་ཅར་ཟ་བ་དང་ངོ་ཞེས་བྱེ་བ་སྨོས་སོ།། སུ་དང་ལྷན་ཅིག་པའི་ཞེ་ན། དེའི་ཕྱིར་གསུམ་པོ་ལ་སོགས་པ་དང་ངོ་ཞེས་བྱ་བ་སྨོས་ཏེ། གསུམ་པའམ་བཞི་ལ་སོགས་པའི་ཚོགས་དང་ངོ་།། འདིར་གཟུང་ནི་བཞི་པོ་དག་ལས་གཅིག་གིས
་ཞལ་ཏ་བྱེད་ཅིང་གསུམ་ཟ་བ་ལ་ནི་ལྟུང་བ་མདོ་ཞེས་གསུངས་པ་ཡིན་ནོ།། གང་གི་གསུམ་པོ་ལ་སོགས་པ་དང་ཞེ་ན། དེའི་ཕྱིར་དགེ་སློང་རྣམས་ཀྱིའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ལྟུང་བ་བསྟན་པ་ལ་གསུམ་བསྙེན་པར་རྫོགས་པ་ཡིན་ལ་གཅིག
་བསྙེན་པར་མ་རྫོགས་པ་ཡིན་ན་ལྟུང་བ་མདོ་ཞེས་གསུངས་པ་ཡིནོ།། ཅི་ཐམས་ཅད་དུ་ལྷན་ཅིག་པ་ཙྭིམ་ལ་ཡང་ཡིན་ནམ་ཞེ་ན། དེའི་ཕྱིར་དགེ་སློང་རྣམ་པོ་ཇི་ལྟ་བུས་གོས་མེད་པའི་ཟས་གཉིས་པ་རྙེད་པ་བྱེད་པ་པོ་ཉིད་ཡིན་པ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ
་དགེ་སློང་རྣམ་པ་ཇི་ལྟ་བུ་གོས་མེད་པའི་ཟས་གཉིས་ཡང་ཡང་ཟ་བའི་བྱེད་པ་པོ་ཉིད་ཡིན་པ་དེ་བཞིན་དུ་འདིར་ཡང་མི་ན་བ་དང་ལས་མ་བྱས་པ་དང་ལམ་དུ་མ་ཞུགས་པ་དང་། གྲུར་མ་ཞུགས་པ་དེ་ལ་ཡང་ཞེས་བྱ་བའི་དོན་ཏོ།། ལ་མོ་དཔག་ཚད
་དམ་དཔག་ཚད་ཕྱེད་དུ་སོང་བ་འམ་སླར་འོང་བར་འགྱུར་ཞེས་བྱ་བ་འདི་ལོ་ཁ་ཅིག་འགྲོ་བ་དང་སླར་འོང་བར་འགྱུར་བ་ཞེས་བྱ་དེའི་གཞུང་བྱེད་པ་ཡིན་ཏེ། གཞན་དག་ནི་དཔག་ཚད་དུ་འགྲོ་བར་འགྱུར་བ་འམ་དཔགོ་ཆེད་དུ་འགྲོ་བ་འམ། དཔག་ཚད
་ཕྱེད་དུ་འགྲོ་བར་འགྱུར་བ་འམ་སླར་འོངས་པ་ཞེས་བྱ་བར་རྣམ་པར་རྟོགས་པ་ཡིན་ནོ།། འདི་གཉིས་ཀ་ཡང་བདེན་པ་མ་ཡིན་ཏེ། བཙུན་པོ་རེ་ཞིག་དགེ་སློང་གི་དཔག་ཚད་ཕྱེད་ལས་འདས་པར་བགྱིད་ནུས་འདུས་པ་དང་ལྷན་ཅིག་འཚལ་མ
་འཚལ་ན་ལྟུང་བ་ཅོར་འགྱུར་ཉེ་བར་འཁོར་ལྟུང་བ་མེདོ་དོ།། ཞེས་ཞུ་བ་ལས་གསུངས་པ་ཡིནོ།། ཅི་ཟན་ལྷན་ཅིག་མ་ཡིན་པ་ཉིད་ཐམས་ཅད་ལ་འམ་ཞེ་ན། དེའི་ཕྱིར་དུས་སྟོན་ཆེན་པོ་ལས་གཞན་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་དུས་སྟོན་ཆེན
་པོ་ཞེས་བྱ་བའི་གཞུང་ནི་ཟན་སྤངས་པ་ཞེས་གསུངས་པ་ཡིན་ནོ།། ཀུན་ཏུ་སྤྱོད་པ་གང་ལ་འདི་ལ་བྱེད་པ་པོ་ཉིད་ཅེས་བྱ་བ་འདི་ལ་ཟོས་ནའོ་ཞེས་འོག་ནས་འབྱུང་ན་ཅི་དུས་ལ་མ་བབ་པའི་བཟའ་བར་བྱ་བ
་ཐམས་ཅད་ལ་ཟོས་ན་ཞེས་བྱ་བ་འདི་ལ་བརྗོད་པར་བྱ་སྟེ། དེའི་ཕྱིར་རྟགས་འདི་མེད་པའི་རབ་ཏུ་བྱུང་བའི་ཟས་ལས་གཞན་པའི་འོ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་བ་གང་ལ་རྟགས་འདི་མེད་པ་ཞེས་བྱ་བ་ནི་ཕྱི་རོལ་པའི་རབ་ཏུ་བྱུང་བའོ།། །
་དེའི་ཟས་ལས་གཞན་པ་ཞེས་བྱ་བ་ནི་བཟའ་བར་བྱ་བ་གང་ཡིན་པ་ལ་ཞེས་བྱ་བའི་དོན་ཏོ།། དེར་འོང་བར་བྱ་བ་ཉིད་དུ་གནས་པ་མཚམས་ཀྱི་ནང་ན་འཁོད་པ་དག་གི་འོད་པ་ཉིད་མ་དྲིས་པར་ཟ་ན་འདའ་བའི་ཕྱེད་ཡིནོ་ཞེས་བྱ་བ་ལ། གནས
་པ་ཞེས་བྱ་བ་ནི་རྣམ་པར་གནས་པ་སྟེ། གནས་གང་ལ་རྩ་བའི་གནས་ཡོངསུ་རྩེ་བ་ལ་སོགས་པ་ལ་ཁ་ཅིག་ནི་ཟ་བར་བྱེད་པ་དེ། དེར་ཁ་ཟས་ཀྱི་དོན་དུ་འོངས་པ་ཉིད་གང་རྣམས་ལ་གནས་གཞན་དུ་རྩ་བའི་གནས་ཡོངསུ་བརྫི་བ
་ལ་སོགས་པ་ལ་མཚམས་ཐ་མི་དད་པར་གནས་པ་རྣམས་ལ་དེ་རྣམས་ནི་དེ་གནས་པ་དང་དེར་འོངས་པ་ཉིད་རྣམ་སོ།། དེ་རྣམས་ལ་འོང་བ་ཉིད་མ་དྲིས་པར་ཟན་ཟླ་བའི་ཕྱེད་ཡིན་ཏེ་ཉེས་བྱསོ་ཞེས་བྱ་བའི་དོན་ཏོ།། གནས་པ་ལ་མ་ཡིན།
་པར་དེར་འོང་བ་ཉིད་མ་དྲིས་པ་ཟ་ན་ལྟུང་བྱེད་ཁོ་ན་སྟེ། དེ་བས་ན་མ་བྱས་པ་ཉིད་ཀྱི་དམིགས་ཀྱིས་བསལ་བར་དེ་རྟོགས་པར་བྱའོ།། འདིར་གཞུང་ནི་གཞིའི་འདུག་ནས་ཀྱི་ཉེ་བར་འཁོར་ན་ཁང་ཁྱིམ་དག་ཡོད་པ་གཞིའི་འདུག་གནསུ་དགེ
་སློང་དག་ཟན་ཟ་ན་དེ་དག་གི་ཁང་ཁྱིམ་གྱི་འདུག་གནས་ནས་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ།། མ་དྲིས་པར་ཟན་བཞིའི་འདུག་གནས་པ་དག་ལ་ནི་ཉེས་བྱ་སུ་འགྱུར་ལ། ཁང་ཁྱིམ་གྱི་འདུག་གནས་པ་དག་ལ་ནི་ལྟུང་བྱེ་དུ་འགྱུརརོ།།
་དགེ་སློང་དག་ཁང་ཁྱིམ་དག་འདུག་གན་སུ་ཟན་ཟ་ན། དེ་དག་གི་གཞིའི་འདུག་གནས་དགེ་འདུན་དགྲ་འོངས་སམ་ཞེས་དྲི་བར་བྱའོ།། མ་དྲིས་པར་ཟོས་ན་ཁང་ཁྱིམ་གྱི་འདུག་གནས་པ་དག་ལ་ནི་ཉེས་བྱསུ་འགྱུར་ལ། གཞིའི་འདུག་གནས་པ
་དག་ལ་ནི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ།། དོགས་པར་གྱུར་པ་མ་དཔྱད་པར་ཞེས་བྱ་བའི་དོན་འདི་ལ་འདིར་མཚོན་པ་དང་། མ་དྲིས་པར་བྱས་རྣམ་པར་གནས་པ་ཡིནོ།། དོགས་པར་བྱ་བ་མ་བཟུང་བ་ཉིད་ཀྱི་ཕྱིར་དྲི་བར་བྱ་བ་མ་ཡིན་ཏེ།
་དེ་བས་ན་ངེས་པ་རྣམས་ལ་ནི་ཉི་མ་གཅིག་གི་དོན་ལ་ཡང་དགེ་འདུན་གྱི་སྐབས་ནི་ན་སྨད་པ་ཉིད་དོ།། གཞན་དུ་ནི་ཁ་ན་མ་ཐོ་བ་ཡོངསསུ་རྫོགས་པར་གྱུར་ཏོ།། དེ་བས་ན་དེ་ལ་འདི་ནི་བྱེད་པ་པོ་ཡིནོ།། དེ་ལྟར་ན་གནས་པ་གཅིག་ཡིན་ལ། དེ་ཉིད
་ན་དགེ་སློང་གང་དགྲ་སོ་ན་ཟན་ཟ་ཞིང་དེ་དག་གིས་ཀྱང་འདུས་ཤིང་ཟ་བར་མངོན་སུམ་དུ་ཤིས་སམ་དོགས་པ་དགེ་ཡོད་ན་དགེ་འདུན་གྱི་ལྷག་མ་ཐམས་ཅད་ལ་ཁོངསུ་གཏོགས་པའི་ཉེས་བྱས་བསྐྱེད་པ་ཞེས་བྱ་བར་རིགས་པར་བྱའོ།། གང་ཡང
་རུང་བ་ཅུང་ཟད་ཅིག་བྲིམས་ན་ཡང་ཟན་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ཟན་བཟའ་བར་བྱ་བ་གང་ཡང་རུང་བ་ཅུང་ཟད་ཅིག་དགེ་འདུན་གྱིས་ལོགས་ཤིག་ན་ཟ་བའམ། ཟན་ལོགས་ཤི་གོ་ན་ཟ་བ་བས་དགེ་འདུན་ལ་བྲིམས་ཀྱང་རུང་སྟེ།
་ལྟུང་བ་མད་ཞེས་བྱ་བའི་དོན་ཏོ།། འགྲོ་བར་ཆས་པ་དང་གློ་བུར་དུ་འོངས་པ་དང་ནད་པ་དང་ནད་གཡོགས་དང་དགེ་སྐོས་ལས་གཞན་པ་ཐམས་ཅད་ཀྱིས་མ་ཟོས་པར་གཡོས་མལ་དང་སྤྱི་བུངས་ལས་མནོས་ཏེ་བཟའ་བར་མི
་ཞེས་བྱ་བ་ནི་སྨན་གྱི་གཞི་དང་ཕྲན་ཚོགས་དག་ལས་ཀྱང་མགྲོན་དུ་བོས་པ་ན་ཐམས་ཅད་ཀྱིས་མ་ཟོས་པ་བཟའ་བར་མི་བྱ་བ་ཉིད་དེ་དེ་བས་ན་དེར་ཡང་ཆོ་ག་འདི་རིག་པར་བྱའོ།། འདིར་ནི་དགེ་འདུན་གྱི་དོན་དུ་ཞེས་གསུངས་པ་མ་ཡིན་ཏེ། གཉིས
་གང་ལ་ཡང་མ་ཡིནོ།། གསུམ་བོས་པ་ལ་ཡང་གཅིག་པ་ཉིད་དེ་བོས་པ་ལ་ནི་ཁ་ཟས་གྱ་ནོམ་པ་ལ་རིག་པའི་ངོ་བོ་ཉིད་དོ།། དེ་བས་ན་འདིར་ཆོ་ག་འདི་མེད་པ་མ་ཡིན་ནོ་གཙུག་ལག་ཁང་ན་དགེ་སློང་གཅིག་པུ་ཞིག་གནས་པ་ན་ཡང་དེས་ཀྱང་བཀང
་ས་ལས་གཞན་དུ་ཟན་བཟའ་བར་མི་བྱ་སྟེ། ཟོས་ན་འདས་པར་འགྱུརོ།། དེས་ན་བསླབ་པའི་གཞི་འདིའོ།། གཅིག་པུ་ཞིག་མགྲོན་དུ་བོས་པར་འགྱུར་བ་དེས་ཀྱང་སྦྱིན་བད་གིས་བསྐོས་པའི་དབང་བ་མ་གཏོགས་པར་གང་ཞིག་མ་ཟོས་པ་ཟན་ཟ་ན་དེ་ནི།
་འདི་ལས་འདའ་བར་རྗེ་སུ་བྱེད་པ་ཞེས་བྱ་བར་རིག་པར་བྱའོ།། མ་ཟོས་པ་ཉིད་ལ་ཞེས་བྱ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་དགེ་སློང་མ་ལ་སོགས་པ་གཅིག་ཏུ་འདུས་ནས་ཁ་ཟས་མི་མཐུན་པ་འདི་འཇུག་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཀྱང་དོན་དུ།
་རྗེ་སུ་གནང་སྟེ་དགེ་སློང་འགའ་འོང་པོ་ཡང་སྲིད་པས་དེའི་ཆེད་དུ་གྲལ་གྱི་དང་པོར་སྟན་ཅིག་བཞག་སྟེ།། ཁཟས་ཀྱི་མདུན་དུ་དགེ་སློང་མ་རྣམས་བཀོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། དེ་བས་ན་མཚན་མཐུན་པའི་ཚངས་པར་སྤྱོད་པ་དང་མཚུངས
་ལ་དོན་འདི་མ་འཕངས་པར་ཤེས་པར་བྱའོ།། འདུས་ཤིང་ཟ་བའི་ལྟུང་བྱེད་དོ།། །། རང་གི་ཕྱེད་པས་དེའི་ཆེད་འཆར་བའི་བར་དུས་མ་ཡིན་ནོ་ཞེས་བྱ་བ་ལ། རང་གི་ཞེས་བྱ་བ་ནི་ཕྱེད་དུ་ཡོལ་བ་དང་སྐྱ་རེངས་ཤར་གྱི་ཀྱང་འདི་ལ་འབྲེལ་བའོ།། རང
་གི་ཕྱེད་ཡོལ་བའི་མཐར་ཐུག་པ་ལ་རང་སྐྱ་རེང་འབྱུང་བ་ལ་ཡང་བར་དུ་ཞེས་བྱ་བ་ནི་ཕྱེད་ཡོལ་མན་ཆད་ནས་སྐྱ་རེངས་འཆར་བའི་བར་གང་ཡིན་པ་དེ་ནི་འདིར་མངོན་པར་འདོད་པར་རིག་པར་བྱའོ།། འདིར་གཞུང་ནི་འཛམ་བུའི་གླིང་ལ་སོགས་པ་གན
་གང་ན་སོ་སོར་གནས་པ་དེ་ལ་རང་གི་ཞེས་བྱ་བར་འགྱུར་རོ།། དགེ་སློང་གི་དུས་མ་ལགས་པར་བཅའ་བར་བགྱི་བར་འཚལ་བ་ལྟུང་བར་འགྱུར་བ་མཆིས་སམ། ཡོད་དེ་འཛམ་བུའི་གླིང་བའི་དུས་ཀྱིས་གསུམ་པ་དག་ཏུ་ཟོས་ན་ལྟུང་བར་མི་འགྱུར
་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ཉིད་ལ་ཤེས་གཙོ་བོ་ཞེས་བྱ་བ་ནི་དུས་མ་ཡིན་པ་དེ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ།། ཅི་ཀུན་སྤྱོད་ན་ཞེ་ན། དེའི་ཕྱིར་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་ཟོས་ནའོ་ཞེས་བྱ་བ་སྨོསོ།། དུས
་མ་ཡིན་པར་ཟ་བའི་ལྟུང་བྱེད་དོ།། །། གསོག་འཇོག་གི་ངོ་བོ་བསྟན་པར་བྱ་སྟེ། དེའི་ཕྱིར་སྔ་དྲོའི་ཟས་བྱིན་ལེན་བྱས་པ་ཕྱི་དྲོའོ་ཟས་སུ་དང་དེ་མཐུན་ཚོད་ལས་འདས་པ་ལྟ་བུ་ནི་གསོག་འཇོག་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱི་དྲོའི་ཟས་སུ་དང་སྔ
་དྲོའི་ཟས་བྱིན་ལེན་བྱས་པོ་ཕྱི་དྲོ་ཟོས་པ་ལ་སོགས་པ་གསོག་འཇོག་དང་བྱིན་ལེན་བྱས་པ་ཕྱི་དྲོའི་ཟས་སུ་དང་། དེ་ཐུན་ཆོད་ལས་འདས་པ་ལྟ་བུ་ནི་གསོག་འཇོག་བྱས་པ་ཉིད་ཡིན།། དེ་ཉིད་ལ་ཤེས་གཙོ་བོ་ཞེས་བྱ་བ་ནི་གསོག་འཇོག་བྱས་པ་དེ་ཉིད
་ལའོ།། ཤེས་གཙོ་བོ་ཞེས་བྱ་བ་ནི་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་ཡང་ཞེས་བྱ་བ་དང་སྦྱར་རོ།། ལག་ཉར་བླངས་པ་མེད་པར་མི་བྱའོ་ཞེས་བྱ་བ་ནི་འདི་ནི་གླེང་གཞི་དག་ལས་ཡིན་ཏེ། བཟའ་བར་མི་བྱའོ་ཞེས་གསུང
་པ་ཡིན་ནོ།། མཚམས་ཀྱི་ནང་དུ་བཅོས་པ་དང་ཞག་ལོན་པ་ཡང་མི་བྱའོ་ཞེས་བྱ་བ་ལ་འདིར་གཞུང་ནི་སྨན་གྱི་གཞི་ལསོ་འདི་དང་པོ་སྟེ། གཉིས་པོ་ནི་ལྡང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་པ་ཡིན་ནོ།། མཚམས་ཀྱི་ནང་དུ་ཞེས་བྱ་བ་ནི་མཚམས་ཀྱི་ནང
་རོལ་དུའོ།། འདིར་གཞུང་ནི་ནང་དུ་བཅོས་པ་གང་ཞེ་ན་གང་ཞིག་ཀུན་དགའ་ར་བོའི་ནང་དུ་བློ་མཐུན་པར་མ་བསྐོས་ཤིང་རུང་བ་མ་ཡིན་པའི་ས་གཞིར་བཅོས་པ་གང་ཡིན་པ་དེའོ།། བཙོས་པ་དང་བཞག་པ་ཞེས་བྱ་བ་ཇི་ཙམ་ཡིན་ཞེ་ན། གང་ཞིག་ཀུན
་དགའ་ར་བའི་ནང་དུ་བློ་མཐུན་པར་མ་བསྐོས་ཤིང་རུང་བ་མ་ཡིན་པའི་ས་གཞིར་བཅོས་པ་དང་ཞག་ལོན་པ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ཏེ། དགེ་སློང་བསྙེན་པར་རྫོགས་པས་བཟའ་བར་མི་བྱའོ་ཞེས་བྱ་བ་མ་མོ་ལས་འདིར་ཀུན་དགའ་ར་བའི
་ནང་དུ་དོན་གྱིས་ཚོགས་བསྟན་པ་མཚམས་ཀྱི་ནང་དུ་ཞེས་བྱ་བས་གསུངས་པ་ཡིན་ནོ།། གནས་ཀྱི་གཞི་ལས་ཀྱང་འདིར་ཀུན་དགའ་ར་བའི་སྒྲ་ནི་གྲགས་པ་སྟེ། དེ་བས་ན་དགེ་སློང་གིས་ཀུན་དགའ་ར་བའི་ཕྱི་རོལ་དུ་སོང་ནས་བཤགས་པར་བྱའོ་ཞེ་གསུང
་པ་ཡིན་ནོ།། ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བར་བྱ་བོ་དང་། བཟའ་བར་བྱ་བ་བླངས་ཏེ། ཀུན་དགའ་ར་བའི་ནང་དུ་བཟའ་བྱའོ།། བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བའི་ནང་དུ་སྟེང་གི་སྒྲ་དང་སྒྲ་ཆེན་པོ་གསན་པར་གྱུར་ནས་དེ་བས་ན་དགེ་འདུན་གྱི་ཀུན
་དགའ་ར་བ་ཞེས་བྱ་བ་གནས་ཀྱི་གཞི་ལས་འདི་གསུངས་པའོ།། གསོག་འཇོག་པ་ཡོངསུ་བསལ་བ་འདི་ནི་ལན་ཏེ། གང་ཞིག་འདི་མཚམས་ཀྱི་ནང་དུ་བཅོས་པ་དང་ཞག་ལོན་པ་ཉིད་ནི་འདོར་བའོ།། གནས་ཀྱི་གཞི་ལས་ཀྱང་གསོག་འཇོག་འབྱུང་བ་སྟེ་གཞན་དུ
་ནི.ི་ནོ།། དགེ་སློང་གི་བཅོས་པ་ལ་ཡང་གསོག་འཇོག་བྱེད་པ་དང་གཟི་བརྗིད་མེད་པའི་ཕྱིར་བོར་བ་ཉིད་དོ།། དེ་བས་ན་འདིར་ཡང་དགེ་སློང་གི་བཙོས་པ་ལ་དགེ་སློང་ཉིད་ཀྱིས་བཟའ་བར་བྱ་བ་ཉིད་དང་དགེ་སློང་མས་བཅོས་པ་ལ་དགེ་སློང་མ་ཁོ་ནས་ཟ་བ་ཉིད་དེ
་ཞེས་བྱ་བ་འདིའི་རྣམ་པར་འབྱེད་པའོ།། གང་ཞིག་སྦྱིན་བདག་གིས་རུང་བ་མ་ཡིན་པའི་གཞིར་བཅོས་པ་འམ་ཞག་ཏུ་ལོན་པ་འབུལ་བར་བྱེད་པ་དེ་ལ་ནི་ལྟུང་བའི་ཉེས་པ་མེད་དོ།། འབུལ་བ་ནི་རང་འོངས་ནས་བརྟག་པར་བྱ་ཞེས་བྱ་བ་ཡང་ངེས་པ་ཡོད་དེ་བདག
་ཏུ་བྱ་བོའི་དོན་ཡོད་པའི་ཕྱིརརོ་ཞེས་བྱ་བ་ཡང་འདི་ལས་རྟོགས་པར་བྱའོ།། དགེ་སློང་གིས་གྲོང་དག་ཏུ་དགེ་སློང་གིས་དོན་དུ་དགོས་པའི་གནས་ལ་སོགས་པ་གང་དག་བྱེད་ཅིང་དེ་དག་གི་ནང་དུ་གང་ཞིག་དགེ་སློང་རྣམས་ཀྱི་གནས་པ་ལ་དེ་ལ་དགེ་སློང
་རྣམས་ཀྱིས་གནས་ཉིད་དུ་རིག་པར་བྱའོ།། དེར་གནས་པ་བཏང་བ་ནི་དགེ་སློང་གིས་གནས་ཀྱི་གཞི་ཉིད་ཡང་བྲལ་བ་ཉིད་ཁོ་ན་ཡིན་ནོ།། འདི་ལ་ངེས་པར་བྱས་པ་དེ་ནི་གནས་ཉིད་དང་བྲལ་བ་ཁོ་ནའ་ཡིན་ནོ།། དེ་བས་ན་འདིར་གནས་པར་མི་བྱ་ཞེས་བྱ་བ
་ངེས་པར་བྱས་པ་གང་ཞིག་མོ་འཇུག་པོར་གནས་གཞན་གྱི་དབང་གིས་གཙུག་ལག་ཁང་དུ་ཞུགས་པ་ལ་དེ་དང་བྲལ་བ་ཉིད་འབྱུང་བར་འགྱུ་རོ།། གཞི་མ་ཡིན་པའི་ས་ཕྱོགས་ལ་ཡང་ལྷག་པར་གནས་པར་གྱུར་པ་ལ་གནས་ཀྱི་གཞི་ཉིད་དོ།། དེ
་། བས་ན་བདེ་བའི་དོན་དུ་འདའ་བར་གྱུར་པ་རྣམས་ལ་གཙུག་ལག་ཁང་སྐྲོང་པར་གནས་པར་ལ་གནས་ཉིད་ལས་སྐྱེས་པ་ཉིད་དོ།། མཚམས་གསུམ་པོ་ཉིད་ལ་གནས་ཀྱི་གཞི་དེ་གཏོགས་པར་བྱའོ།། དེར་ཡང་རང་བཞི
་ཅན་ཡིན་གྱིས་བཅོས་མ་མ་ཡིན་ནོ།། སླར་འདིར་རྩིག་པ་ལ་སོགས་པའི་མཐའ་ནས་བརྩམས་སྟི་ནང་གང་ཡིན་ཞེ་ན། དེའི་ཕྱིར་འདིར་རྗེན་པོར་བཅོས་པ་གང་ཡིན་པ་ནི་དེའོ་ཞེས་བྱ་བ་ནི་ནང་དུ་བཅོས་པ་དང་དགེ་སློང་གིས་བཅོས་པ་དག་ལས
་བྱིན་ལེན་བྱས་ནས་ཡང་བཙོ་བར་བྱ་བ་ཉིད་ཡིནོ་ཞེས་གསུངས་པའི་ཕྱིར་རོ།། མི་སྙི་བ་རྣམས་ཀྱི་ནི་སུམ་ཆ་བངས་པ་ཉིད་ཀྱི་མདུན་རོལ་དུ་དེ་ཉིད་ཡིན་ནོ།། ཞེས་བྱ་བ་ལ་དེ་ཉིད་ཞེས་བྱ་བ་ནི་རྗེ་ན་པ་ཉིད་དོ།། དེ་སྐྱེ་བ་རྣམས་ཀྱི་ཞེས་བྱ་བ་ནི
་འདིར་སྐམ་པོའི་ལོ་མ་དང་ཤ་དག་ལ་ཞུགས་པར་རིག་པར་བྱའོ།། ས་སྙི་བ་ཉིད་ནི་ཕྱེ་མར་བྱས་པ་ཉིད་ན་ཡང་སྙི་བ་ཉིད་དང་བྲལ་བ་ཉིད་མ་ཡིན་ནོ།། དེ་བས་ན་འདིར་རྩ་སྐོར་ཀ་ལ་སོགས་པ་རྣམས་ལ་འདིར་ཞུགས་པར་རིག་པར་བྱའོ།། སྐྱེ
་པ་རྣམས་ཀྱི་ནི་ཁ་དོག་གྱུར་པའོ་ཞེས་བྱ་བ་ནི་རྫས་སྙི་བ་རྣམས་ཀྱི་ཁ་དོག་གྱུར་པའི་མདུན་རོལ་དུ་དེ་ཉིད་ཡིན་ཏེ་རྗེན་པ་ཉིད་ཡིནོ།། ཁུ་བ་རྣམས་ཀྱི་ནི་ལན་ཉིད་ཁོལ་བར་གྱུར་པ་ཉིད་ཀྱིའོ་ཞེས་བྱ་བ་ནི་མདུན་རོལ་དུ་དེ་ཉིད་ཅེས་བྱ་བ་དང་སྦྱོར་རོ།། མ
་རུང་བར་བྱས་པ་ནི་མ་བཅོས་པ་མ་ཡིནོ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་མཚམས་ཀྱི་ནང་དུ་མེས་རུང་བ་མི་བྱའོ།། ཞེས་བྱ་བའི་དོན་ཏོ།། འདུག་པའི་གྲུབ་པ་ཉིད་སྐྱེ་བ་ལ་རོག་ལས་པ་ལ་ནི་མ་ལོན་པ་ཉིད་མོ་ཡི་ནོ་ཞེས་བྱ་བ་ནི
་འདུག་པ་གང་གི་གྲུབ་པ་ཉིད་སྐྱེ་བ་ལ་རག་ལས་པ་འདུག་པའི་གྲུབ་པ་ཉིད་དོ།། དེར་སྐྱེ་བ་ལ་གང་ཞིག་འདི་མི་འབྲེལ་པའམ་སྐྱེ་བའི་རྒྱུན་དང་འབྲེལ་པའི་ཇི་ལྟར་སྐྱེ་བའི་ཉིད་ལ་སྐྱེ་བའི་རྒྱུན་དང་བྲལ་བ་ལ་གང་ཞིག་དེར་གནས་པ་དེར
་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ནི་འདི་ལྟར་གྱུར་པ་ཉིད།། གང་ཞིག་འདུག་པ་ལ་མ་ལོན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ནང་དུ་ཞག་མ་ལོན་པ་ཉིད་དུ་མི་འགྱུར་ཞེས་བྱ་བ་དེ་ལ་འདི་བསྟོན་པའོ།། སྐྱེ་བའི་རྒྱུན་རུང་བ་མ་ཡིན་པའི་ས་ནས་བྱུང་བའི
་ལ་རུང་བའི་ས་ནས་བྱུང་བ་གང་ཡིན་པ་དེར་བསྒྲུབ་པ་གང་ཡིན་པའོ།། ནང་དུ་ཞག་མ་ལོན་པ་ཉིད་ཅེས་བྱ་བ་ནི་ས་བོན་ནང་དུ་ཞག་མ་ལོན་པའི་ཕྱི་རོལ་དུ་བཏབ་པ་ལས་སྐྱེས་པ་གང་ཡིན་པ་དེ་ལ་ཡང་ཆོ་ག་འདི་ཡིན་ནམ་ཞེ་ན། མ་ཡིན།
་ཞེས་བསྟན་པ་ནི་དེ་དང་འཕེལ་བ་ཉིད་དམ། དེའི་གནས་སྐབས་གཞན་ཉིད་ཀྱིས་གང་དུ་ཡིད་ཆེས་པ་དེ་ལ་ནི་ཆོ་ག་འདི་ཡིན་ནོ།། སྐྱེ་བ་གཞན་ཉིད་དང་དེ་དང་འཕེལ་པ་ཉིད་དང་དེའི་གནས་སྐབས་གཞན་ཉིད་ཀྱི་ཆོ་ག་འདི་ཡིན་ནོ།། དེ་ལ་ཇི་ལྟར།
་ལུང་ལ་སོགས་པའི་ནང་དུ་བཞག་པ་ཞིང་ལ་གཏོར་བ་ལ་བཟའ་བར་མི་བྱ་བ་མ་ཡིན་པ་ནི་བྱེད་པ་པོ་ཉིད་མ་ཡིན་པ་དེ་བཞིན་དུ་འདི་ལ་ཞག་ལོན་པའི་བ་ལ་འོ་མ་བྱུང་བ་གང་ཡིན་པ་དེ་ཡང་བཟའ་བར་བྱ་བ་མ་ཡིན་པ་ཁོ་ན་སྟེ། འོ་མ
་དེ་མཚམས་ཀྱི་ནང་ནས་བྱུང་བ་ཡིན་པའི་ཕྱིརརོ།། སྣོད་ཕྱོགས་ན་འདུག་པ་དེས་ཀྱང་ས་དེར་བཅོས་པོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྣོད་རུང་བ་མ་ཡིན་པའི་ཕྱོགས་ན་འདུག་པ་ནི་དཔེར་ན་སར་བཞག་པའམ་རྒྱུད་ནས་སོ།། དཔེར་ན་སོལ་བ་རྣམས་ལ
་བཞག་པ་འམ་རྩ་བ་ལ་སོགས་པ་གང་ཡང་རུང་བ་ལ་དེའི་ས་གཞི་ལ་བཅོས་པ་ཉིད་དང་མ་བཅོས་པ་ཉིད་ཅེས་བྱ་བའི་དོན་ཏོ།། ཆོད་པར་བྱེད་པ་དེ་ནཱ་འདུག་པ་ཉིད་ཀྱིས་ནི་མི་འགྱུར་རོ་ཞེས་བྱ་བ་ནི་གང་ཞིག་ས་དེ་ལ
་བརྟེན་པ་ཉིད་ཀྱིས་ས་དེའི་བཅོས་པ་ཉིད་མ་ཡིན་ནོ།། མེ་ནི་སྣོད་མ་ཡིན་པ་ཉིད་མ་ཡིནོ་ཞེས་བྱ་བ་ལ། མེ་ཞེས་བྱ་བ་ནི་སོལ་བ་རྣམས་ལ་ཡིན་གྱི་འོད་འཕྲོ་བ་རྣམས་ལ་མ་ཡིན་ཏེ་ན་མཁའ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་རོ།། དེ་ལས་ཕྱུང་བ
་དང་བྱུང་བ་དག་ནི་དེ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་མེ་དེ་ལས་སམ་བོང་པ་ལ་སོགས་པ་སུ་ཞིག་གིས་ཕྱུང་བ་དང་རང་གིས་སམ་རླུང་ལ་སོགས་པའི་དབང་གིས་འབྱུང་བ་ལ་དེ་ཉིད་མ་ཡིན་ཏེ། གང་ལས་ཕྱུང་བ་དང་བྱུང་བ་དག་ལས་དེར་གྱུར་པ
་ཉིད་དམས་དེ་ལས་བརྟེན་པ་ཉིད་དོ།། ཉེན་འཁོར་ནི་གནས་ཉིད་ཡིནོ་ཞེས་བྱ་བ་ལ། གནས་ཞེས་བྱ་བ་ནི་དེས་གནས་པར་བྱ་བ་ཡིན་པས་ན་གནས་ཞེས་བྱ་བ་བརྗོད་དོ།། སྟེང་དུ་རྒྱུ་བ་གང་ཡིན་པ་གནས་ཀྱི་དེ་ཁོ་ན་ཉིད་ལ་དེར་མི་ཞུགས
་པ་ཞེས་བྱ་བའི་དོན་ཏོ།། ལམ་ཇི་སྲིད་ཚུན་ཆང་འདིའི་དེ་ཉིད་ཡིན་ཞེ་ན། དེའི་ཕྱིར་འདོམ་གང་ངོ་ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་གྱི་རྩིག་པ་ལ་སོགས་པའི་ངོས་ནུས་བརྩམས་ཏེ་དེ་དང་འདྲ་བ་ཉིད་ཀྱི་ངོ་བོ་ཉིད་དུ་རྟོགས་པར་བྱའོ།
་སྟེང་དུ་ན་མཁའ་ལ་སློབ་པ་མན་ཆད་ངོ་།། ཞེས་བྱ་བ་ནི་གནས་ཀྱི་སྟེང་གི་ན་མཁའ་ནི་ནམ་མཁའ་སྟེ། སྐྱོབ་དག་གིས་སློབ་པར་ནུས་པ་དེ་ལ་ནི་གནས་ཉིད་དེ་སྟེང་དུ་ལག་པས་སླེབ་པ་ནི་ཡན་ལག་མ་ཡི་མོ།། དེ་བས་ནི་མགོ་བོས་སླང
་པར་གྱུར་ཏེ་ནི་འདིར་མཐར་ཐུག་པ་ཉིད་དེ། འདིར་མ་གཡོགས་པ་དང་མ་བཀབ་པའི་དབང་དུ་བྱས་ནས་བསྟན་པའོ།། བཀག་པའི་དབང་དུ་བྱས་བསྟན་པ་ནི་ཀུན་ནས་མ་བཀབ་པ་ནི་མ་གཡོགས་པའོ།། ནང་ཡངོ་ཞེས་བྱ་བ་ནི
་ནང་གི་ན་མཁའ་གང་ཡིན་པ་དེ་ཡང་གནས་ཉིད་ཡིན་ཞེས་བྱ་བའི་དོན་ཏོ།། དེ་འདི་ཙམ་དུ་རུང་བ་ཉིད་དང་མི་རུང་བ་ཉིད་ཀྱི་གནས་ཀྱི་གཞི་ལ་ཞུགས་པ་ཞེས་བྱ་བ་འདིའི་བྱེད་པ་པོ།། སྟེང་གི་ཡ་ཐོག་གཞན་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི།
་སྟེང་གི་ཡ་ཐོག་པ་ཁྱེར་གཞན་ཡང་འོག་ཁང་དེ་ཁོ་ན་ཉིད་ཡིན་ཞེས་བྱ་བའི་དོན་ཏོ།། ན་མཁའི་དཀྱིལ་ནི་སྟེང་གི་ཡ་ཐོག་ཐམས་ཅད་ལ་མངོན་སུམ་དུ་འཇུག་པའི་ཕྱིརརོ།། དེའི་སྒོ་འོག་མ་རྣམས་ལ་ནི་མ་ཡིན་ཞེས་བྱ་བར་རིག་པར་བྱའོ།། མ་འབྲེལ
་བའི་ངོ་བོ་སྟེང་དུ་བསྒྲུབ་པ་དང་འཚེད་པ་ལ་སོགས་པའི་འོག་ཁང་གི་གནས་ཞེས་བྱ་བ་སྟེང་འོག་ཏུ་བསྒྲུབ་པ་དང་འཚེད་པ་ལ་སོགས་པའི་འོག་ཁང་གི་གནས་ཞེས་བྱ་བ་སྟེ་དེ་བས་ན་འདི་ཤེས་པའོ།། དེའི་ཕྱིར་རྟེན་ལས་རྣམ་པར་བཅད་ནས།
་ཕྱི་མ་ལ་རུང་བ་ཉིད་ཀྱིས་བློ་མཐུན་པར་མ་གྲགས་པ་ཞེས་བྱ་བར་རྟོགས་པར་བྱའོ།། འདིར་གཞུང་ནི་སེལ་བུ་དག་ལས། བཙུན་པར་གང་འོག་ཁང་གི་རུང་བའི་ཁང་པ་ལགས་པ་དེའི་ཡང་ཐོག་ཀྱང་རུང་བའི་ཁང་པ་ལགས་སམ། ཉེ་བར་འཁོར
་ཡང་ཐོག་ཀྱང་ཡིན་ཏེ། དངོས་དག་དེ་བཞི་ནོ་ཞེས་གསུངས་པ་ཡིན་ནོ།། གཞན་གནས་པ་ཉིད་ནི་གཞན་གྱི་གནས་ཉིད་མ་ཡིན་ཞེས་བྱ་བ་ནི་གནས་འདི་ལ་ཡང་གནས་ཤེས་པར་བྱ་བར་བརྗོད་དོ།། གཞན་པར་གྱུར་པ་ཉིད་ནི་གཞན་གྱི་གནས་ཉིད་ནི
་མ་ཡི་ནོ།། དཔེར་ན་ཁྱིམ་པས་བཟུང་བའམ་གནས་པར་གྱུར་ན་འདི་ལྟར་དགེ་སློང་དག་དེ་ཉིད་ན་གནས་སུ་ཟིན་ཀྱང་དེ་དགེ་སློང་གི་གནས་ཉིད་མ་ཡིན་པ་ལྟ་བུའོ།། འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དེ་ཉིད་ན
་དགེ་སློང་དང་བཅས་ཤིང་དེ་ཉིད་ན་ཁྱིམ་པ་དང་བཅས་ན་དེར་གུང་དུ་ལགས་པ་དང་དེར་བསྐུལ་བར་འཚལ་བར་བགྱི་མ་མི་བགྱིད། ཉེ་བར་འཁོར་བཟའ་བར་བྱའོ་ཞེས་གསུངས་པ་ཡིནོ།། གནས་སྟོང་པར་བྱས་པ་ཞིག་ཏུ་གལ་ཏེ་དགེ་སློང་རེ་ཞིག
་གནས་པར་གྱུར་ན་དེ་ཡང་དགེ་སློང་གནས་སུ་རུང་བ་ཉིད་ཡིན་ནོ།། ཁྱིམ་པའི་རྫས་མ་བཏོན་ན་ནི་སྟོང་པར་བྱ་བ་ཉིད་མ་ཡིནོ།། དགེ་ཚུལ་རྣམས་ཀྱི་གང་ཟག་གི་གནས་དང་། དགེ་ཚུལ་ཚོགས་ས་སྤྱིར་དབང་བའི་གནས་དེ་ནི་དགེ་སློང་གི་གནས་ཉིད་མ
་ཡིནོ།། དགེ་སློང་གི་གནས་སམ་དགེ་སློང་གི་དགེ་འདུན་གྱི་གནས་ན་དགེ་ཚུལ་ཙམ་གནས་སུ་ཟིན་ཀྱང་དེ་ལྟ་མོད་ཀྱི། དགེ་སློང་གི་གནས་ཉིད་ཡིན་ཏེ། དགེ་ཚུལ་རྣམས་ནི་དགེ་སློང་གི་འཁོར་ཡིན་པའི་ཕྱིར་རོ།། ལག་ཉར་བླངས་པ་དང་ནང་དུ་བཅོས
་པ་དང་དགེ་སློང་གིས་བཅོས་པ་དེ་དག་དུས་ཀྱི་ཕྱིར་དགག་པ་མཛད་པར་འཚོ་བའི་བར་དུ་བཅང་བ་དག་ནི་མ་བསྡུས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་དགག་པ་མཛད་པ་ཞེས་བྱ་བ་ནི་ལག་ཉར་བླངས་པ་ལ་སོགས་པ་དེ་དག་བཟའ་བར་མི་བྱའོ།།
་ཞེས་བྱ་བ་དགག་པ་མཛད་པ་ལའོ།། དུས་ཀྱི་ཕྱིར་ཞེས་བྱ་བ་ནི་གུང་ཚིགས་ཚུན་ཆད་ཀྱི་སྔ་དྲོ་དང་ཕྱིན་ཆད་ཐུན་ཚོད་ཀྱི་དུས་དེ་ཉིད་ལ་གང་དུ་ལག་ཉར་བླངས་པ་ལ་སོགས་པ་བྱས་ན་དུས་དེ་ཉིད་དུ་བཟའ་བར་བྱ་བ་དེ་ཉིད་ཡིན་གྱི་དེ་ཕན་ཆད་དུ་ནིམ
་ཡིན་ཞེས་བྱ་བའི་དོན་ཏོ།། གཞུང་གཅིག་ལས་བཙུན་པ་ལྟུང་བར་བྱ་བའི་སྤྱན་རང་གི་བླངས་བྱིན་ལེན་བྱ་བ་འདི་གསུངས་ཏེ་ལག་ཉར་བླངས་པ་དང་ནང་དུ་བཙོས་པ་དང་དགེ་སློང་གིས་བཅོས་པ་དེ་རྣམས་རྙེད་པར་གྱུར་པ་ན་བཟའ་བར་བྱ་སྟེ
་འམ། ཉེ་བར་འཁོར་བཟའ་བར་བྱ་སྟེ་དུས་ཀྱི་ཕྱིར་ཞེས་གསུངས་པ་ཡིནོ།། གཞུང་གཞན་ལས་ཀྱང་ས་གཞི་རུང་བ་ལས་འཚོ་བའི་བར་དུ་བཅང་བའི་སྨན་རྙེད་ན་བཟའ་བར་མི་བྱའམ། བཀའ་སྩལ་པ་བཟའ་མི་བྱའོ་ཞེས་གསུངས་པ་ཡིནོ།། གཉིས
་འདི་དག་མཉམ་པར་སྦྱར་ནས་འདི་སྐད་ཅེས་གསུང་སོ།། གཞུང་སྔ་མ་ལས་ནང་དུ་ཞག་ལོན་པའི་ཚིག་བྱས་པ་དེ་ལ་གཞུང་ཕྱི་མ་དང་འགལ་བའི་ཕྱིར་ཉམས་པ་ཉིད་དུ་ཤེས་པ་ཡིན་ཏེ། གང་གི་ཕྱིར་འདིར་ནང་དུ་ཞག་ལོན་པ་བཟའ་བར་བྱ་བ་ཉིད
་བཀག་པ་ཡིན་ནོ།། སྔ་མ་ལ་ཡང་དུས་ཀྱི་ཕྱིར་ཞེས་བྱ་བ་འདི་དང་སྦྱར་བས་ཀྱང་ཉམས་པ་ཉིད་དུ་ཤེས་པར་བྱའོ།། གང་གི་ཕྱིར་སྔ་དྲོ་ནས་བརྩམས་ཏེ་ཉི་མ་ཡོལ་བའི་མཐར་ཐུག་པ་དེ་དང་དེའི་འོག་ཏུ་དུས་གཞན་ཐུན་མཚམས་ཀྱི་མཐར་ཐུག
་པའི་དུས་འདི་དག་ལ་གང་དུ་ལག་ཉར་བླངས་པ་ལ་སོགས་པ་འདི་བྱས་པའི་དུས་དེ་ཉིད་དུ་བཟའ་བར་བྱ་བ་ཡིན་གྱི། དེ་ཚུན་ཆད་དུ་ནི་མ་ཡིན་ཞེས་བྱ་བ་ནི་དུས་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ།། ཉིན་མཚན་གྱི་ཆ་ཐ་མ་ལ་ཡང་གནས་པ་ཉིད་ནི་ཞག
་ལོན་པ་ཉིད་ཅེས་བྱ་བར་བརྗོད་དོ།། གལ་ཏེ་དེ་ལྟར་ཡིན་ན་གཞུང་ཕྱི་མ་ཡོངསུ་སྤངས་པ་དུས་ཀྱི་ཕྱིར་ཞེས་བྱ་བ་འདི་དང་མི་ལྡན་ན་པ་ཡོངསུ་སྤངས་ནས་ཞག་ལོན་པ་ཉིད་སྤངས་ཚིག་ལྷག་མ་མཛད་དོ་ཞེས་འདིར་མཉམ་པར་སྦྱར་བའོ།། འདིར
་གཞུང་ནི་སྔ་མ་བཟུང་བ་ལས་ནང་དུ་བཅོས་པ་རྣམས་ལ་དེ་དག་དཀག་པ་མ་བསྡུས་པ་ཉིད་ཡིན་ནོ།། དུས་ཀྱི་ཕྱིར་ཞེས་བྱ་བ་འདི་བསྟན་ཏེ། ཕྱི་མ་ནི་འཚེ་བའི་བར་དུ་བཅད་པ་ཞེས་བྱ་བ་འདི་དང་རྗེན་པར་སྤངས་པ་ཡང་མཛད་པ་ཡིན་ཏེ་དེའི
་དོན་ནི་འདི་ཡིན་ནོ།། ལག་ཉར་བླངས་པ་ལ་སོགས་པ་རྣམས་བཟའ་བར་བྱའི་དུས་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་དུས་ཀྱི་ཕྱིར་བཟའ་བ་དགག་པར་བྱས་པ་གང་ཡིན་པ་དེ་བཀག་པས་འཚོ་བའི་བར་དུ་བཅང་བ་དག་བསྡུས་པ་ཡིན་པ་ཡིན་ནོ།། དེ་རྣམས་ཇི
་སྐད་བསྟན་པའི་ཆོ་གས་ལག་ཏུ་བླངས་པ་ཇི་སྲིད་འཚོ་བའི་བར་དུ་བཟའ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ལྷག་པོར་གནས་པ་རྣམས་ལ་ནི་ཚུལ་འདི་ཡིན་ནོ།། ལྷག་པར་མི་གནས་པ་རྣམས་ལ་ནི་དུས་ཀྱི་ཕྱིར་བསྡུས་པ་ཉིད་ཡིན་ནོ།། འཕགས་པ་ནི་ཟས་ཀྱི་ཕྱེད
་ཉིད་དོ་ཞེས་བྱ་བ་ལ། ལྷུང་བཟེད་ལ་སོགས་པས་ཟས་ལ་སོགས་པས་འབགས་པ་གང་ཡིན་པ་དེ་མི་ཟས་ཕྱེད་ཉིད་ཡིན་གྱི་ཟས་རྫོགས་པ་ཉིད་ནི་མ་ཡིན་ཏེ། ན་སྨད་པར་བྱས་པ་ཉིད་ཅེས་བྱ་བའི་དོན་ཏོ།། འདི་ནིའི་ཟར་བར་གྱུར་པ་ཉིད་ལ་ཐ་སྙད་དུ་གདགས་པ་མ
་ཡིན་པ་འདིས་ཤེས་པར་བྱའོ།། འདིར་གཞུང་ནི་དགེ་སློང་གིས་ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་དང་ཁ་གཟར་དང་ཆག་ཁྲག་དང་ལྷུང་བཟེད་ཀྱི་སྣོང་དང་གོས་མེ་ཤེལ་དང་།། ཁྲི་དང་ཁྲིའུ་དང་འཁར་བ་དང་བུམ་པ་དང་རིལ་བ་དང་ལྡེ་མིག་དང་ལྡེ་མོག་ལྡོག་བློ་ངས
་གསག་འཇོག་བྱས་པས་འཕགས་པ་པ་ན་ཐམས་ཅད་ཉེས་བྱས་སུ་འགྱུ་ལོ་ནས་གསུངས་པ་ཡིན་ནོ།། འཛི་བས་ཀྱི་ཕྱིར་རཕགས་པ་སྟེ་ས་སེཾན་འི་ནས་བྱ་ཚོལ་ཆག་སྟེ་ར་ལོངས་སྤྱོད་ཟེའི་ཕྱིར་ནི་མ་ཡིན་ནོ།། འདི་རྣམས་ནི་མཐའི་མེད་པར་བྱས་པ་ཉིད་ཀྱི་ཕྱི
་གསོག་འཇོག་གི་མཚན་ཉིད་ལ་དེ་དང་འདྲེས་པའི་ཁ་ཟས་ཟ་བ་ནི་འདིར་དེ་ཡོངསུ་ལོངས་སྤྱོད་པར་མངོན་པར་འདོད་པར་ཞེས་བྱ་བར་རྣམ་པར་བཞག་པའོ།། ཁ་དྲི་མ་ཅན་གྱིས་བཟའ་བར་དང་བཏུང་བ་དག་ཀྱང་ངོ་ཞེས་བྱ་བ་བའི་ནང་མ་དག་པར་བཟའ་བ
་དང་བཏུང་བ་དག་ཟོས་སམ་འཐུངས་ན་དེ་དང་རེག་པས་ཁ་དྲི་མ་ཅན་དུ་གྱུར་པས་ཟན་གྱི་ཕྱེད་ཉིད་དེ་གཞན་དུ་འཇུག་པར་བྱེད་ན་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་གི་ཁ་མ་བཀྲུས་པར་སྐོམ་འཐུངས་ན་ཉེས་བྱསོ་ཞེས་གསུང
་པ་ཡི་ནོ།། ཇི་ཙམ་གྱིས་ཁ་དག་པ་ཡིན་ཞེ་ན། དེའི་ཕྱི་རོལ་ནི་ལྕི་བ་འམ་སས་ཀུན་ནས་བླུད་དེ་ཆུས་བཤལ་ན་དག་པ་ཡིན་ཞེས་བྱ་བ་སྨོས་ཏེ། མཆུ་གཉིས་ནི་དག་པ་འདིས་རྣམ་པར་གནས་པ་ཡིནོ།། སིལ་བུ་རྣམས་ལས་འདི་ལ་སོགས་པ་ཡང་དག
་པར་རིག་པར་བྱའོ་ཞེས་བྱ་བའི་མཐར་ཐུག་པ་གསུངས་པ་ཡིནི།། ནང་ན་ཆུ་མཁུར་བ་ངོ་འམ་གསུམ་གྱིས་བཤལ་ནའོ་ཞེས་བྱ་བ་ནི་ཁའི་ནང་གི་དག་པ་འདི་ཡིནོ།། ལྷུང་བཟེད་ནི་བསམ་པ་ཐག་པས་ལར་གཉིས་སམ་གསུམ་གྱི་བཀྲུ་བཤལ་བྱས་ན་སྒྲ་མི
་སྙན་ཡང་དག་པ་ཡིན་ནོ་ཞེས་བྱ་བ་ལ། ལྷུང་བཟེད་ནི་བསམ་པ་ཐག་པས་གུས་པར་བྱ་སྟེ་ལན་གཉིས་ལན་གསུམ་དུ་བསྒྱུར་ལོག་བྱ་ཞིང་ཐོ་རངས་ཀྱི་ཆུ་ལ་སོགས་པས་བཀྲུ་བཤལ་བྱས་ན་སྒྲ་མི་སྙན་ཅིང་སྒྲ་སང་སང་པོ་མ་བྱུང་དུ་ཟིན་ཀྱང་དག་པ་ཡིན
་ན།། ཞེས་བྱ་བའི་ངན་ཏོ།། ཀྱི་འངོས་པ་ལ་ནི་ཉིས་པ་མེད་དོ་ཞེས་བྱ་བ་ནི་ལྷུང་བཟེད་ལ་ནསོ་བྱ་བའི་སྒྲ་འཇུག་པ་ཡིན་ཏེ། བབང་དག་པར་བྱས་པ་ལ་ལངས་པ་ནི་ལངས་པ་སྟེ། དེ་ལ་ནི་ཉས་པ་མང་ཅེས་བྱ་བ་ཛིན་།། འཕགས་པ་མེད་པར་དག
་ཡང་ངོ་ཞེས་བྱ་བ་ནི་གང་ཞིག་ལྷུང་བཟེད་བཟའ་བར་བྱ་བ་ལ་རེག་ཀྱང་འབགས་པ་མེད་ན་དེ་ལ་ཡང་ཉེས་པ་མེད་ཅེས་བྱ་བའི་དོན་ཏེ།། ལྕི་སྐམ་འམ་ལྕི་བ་འམ་ས་གང་ཡང་རུང་བ་ལན་གསུམ་བཀྲུས་པ་ལ་སྡུམ་པ་ཉིད་ཀྱང་ངོ་ཞེས
་བྱ་བ་ནི་ཉེས་པ་མེདོ་ཞེས་བྱ་བར་སྦྱར་རོ།། འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་ལྷུང་བཟེད་ལྕི་སྐམ་འམ་ལྕི་བ་འམ། སས་ལན་གསུམ་འཁྲུ་བར་བགྱིད་ཅིང་དེ་ཡང་སྣུམ་ཞིང་སྣུམ་བག་ཆགས་པར་གྱུར་ན་ཡོངསུ་ལོངས་སྤྱད་པར་བགྱི་འམ། ཉེ་བར
་འཁོར་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནཱི་ཐ་སྙད་དུ་བྱ་བའི་རིན་མོ་ཆོག་པའི་ཕྱིར་རོ།། འདིར་ལྕི་སྐུམ་ལ་སོགས་པ་གསུམ་པོ་འདི་དཔེ་ཙམ་དུ་ཟང་ཀྱི་གཞན་རིག་ཀྱང་རུང་བར་རིག་པར་བྱའོ།། ལངས་པ་བསལ་བར་བྱ་བ་ཉིད་པོན
་བྱ་བ་དེ་ལྷུང་བཟེད་དག་པར་བྱས་པ་ལ་སྣུམ་བག་གམ་ཚོན་རྩིའི་བག་སྒོ་ལ་སོགས་པ་དག་ཕྲད་པས་ལངས་པར་གྱུར་ན་བསལ་བར་བྱ་བ་ཉིད་ཡི་ནོ།། འདིར་གཞུང་ནི་དགེ་སློང་ཞིག་ལ་ལྷུང་བཟེད་འཕོན་ཆེན་ཞིག་ཡོད་ནས། དེས་དེར་ཞུ་བ་བྱིན
་ལེན་བྱས་པ་ན་སྣུམ་བག་འཐོན་ཅིང་སྟེང་དུ་ཞག་ཉ་མིག་འཆགས་ཤིང་འདུག་ནས་དགེ་སློང་དེས་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་གི་སྣུམ་བསལ་ཏེ་བཏུང་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། འཕགས་པའི་ཕྱོགས
་བཀྲུ་བོར་བྱ་བ་ཉིད་དེ་ཞེས་བྱ་བ་ལ། དེ་ནི་ཆེ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་ཕྱོགས་གང་དུ་འཕགས་པར་གྱུར་པའི་ཕྱོགས་དེའོ།། འདིར་གེ་ཞུང་ནི་དགེ་སློང་གིས་ལྷུང་བཟོད་འཕྲིམ་ཅན་ཞིག་དེས་འབྲུ་བར་བྱེད་པ་ན་འཕེན་ཅན་རེརརེ་འབྲས་ཆན་གྱི་ངོམ་བུ་སོ
་བ་ཞིག་མཐོང་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་བུས་བྲུང་དེ་ཆུས་ལན་གཉིས་སམ་གསུམ་བཤལ་ནས་ཡོངསུ་སྤྱང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ།། བུམ་པ་ལ་སོགས
་པ་སྣུམ་ཅན་དག་སྣུམ་མེད་པར་བྱ་བའི་ཕྱིར་ཆུའི་རྫིང་བུ་ཟབ་མོའི་ནང་དུ་གཞུག་གོ།། ཉ་འམ་རུས་སྦལ་ལམ་སྦལ་པ་འམ་ཆུ་སྲིན་བྱིས་པ་གསོད་དམ་ཉ་ཁྱི་པི་དག་གིས་མ་ཁུས་པར་ལྡོགས་ཀྱི་བར་དུ་བཞག་གོ།། བསྲེགས་པས་ཀྱང་སྣུམ་མེད་པ་ན
་ཉིདུའི་གྱུརོ་ཞེས་བྱ་བ་ནི་དེ་ལྟར་མོ་ལུས་པར་ལྡོགས་པ་དང་བསྲེག་པ་དག་གིས་སྣུམ་མེད་པར་འགྱུར་བའི་བུམ་པ་ལ་སོགས་པ་ཇི་ལྟར་དག་ཅིང་གཙང་བ་ཉིད་དུ་བྱ་ཞེ་ན། དེའི་ཕྱིར་སྣུམ་མེད་པར་གྱུར་པ་ནི་བཀྲུ་བས་སོ་ཞེས་བྱ་བ་སྨོས་ཏེ། རིག་པ་ཉིད
་ཡིན་ནོ་ཞེས་བྱ་བ་དེ་དང་འདི་འབྲེལ་ཏོ།། གང་གི་བཀྲུ་ཞེ་ན། དེའི་ཕྱིར་ལྕི་སྒྱུམ་འམ་ལྕི་བས་དག་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཐོ་རངས་ཀྱི་ཆུའམ་ལྕི་བས་དག་པ་སྟེ་སྣུམ་མེད་པར་གྱུར་པ་ནི་དག་པ་ཉིད་དོ།། ལན་ཆ་ལ་སོགས་པ་ཆེ་ཆུ་དང་འགྱུར་བྱེད་ཀྱི་ཆུང
་རྙོག་ཆུར་གྱུར་པ་ནི་ཕྱེད་ཉིད་ཞེས་བྱ་བ་ནི་ལན་ཚྭ་དང་འགྱུར་བྱེད་དང་། རྙོག་པ་དག་ལས་ཚྭ་ཆུར་གྱུར་པ་དང་འགྱུར་བྱེད་ཀྱི་ཆུར་གྱུར་པ་དང་རྙོག་པ་རྙོག་ཆུར་གྱུར་པ་འཐུང་བ་ནི་ཕྱེད་ཉིད་དེ་ཉེས་བྱསོ་ཞེས་བྱ་བའི་དོན་ཏོ།། དེ་ནི་ཐམས་ཅད་ལ་དུས་མ་ཡིན་པར
་རུང་བ་ཉིད་དོ་ཞེས་བྱ་བ་ནི་ལན་ཚྭ་ལ་སོགས་པར་གྱུར་པ་དེ་ནི་རུང་བ་ཉིད་དེ་ནང་པ་མ་ཡིན་པ་ཐམས་ཅད་ཀྱིས་ཀྱང་ངོ་།། ལམ་ཚྭ་དང་འགྱུར་བྱེད་རང་གི་བྱ་བ་མི་བྱེད་པ་དག་ལ་ནི་མེད་པ་ཉིད་དོ་ཞེས་བྱ་བ་ནི་འདིར་ཕྱེད་ཉིད་ཀྱང་མེད་པ་ཉིད་དེ། དེ་ལ་ནི་ལྟུང
་བ་མེད་པ་ཁོ་ན་སྟེ། ཉེས་བྱས་ཀྱི་ལྟུང་བ་ཡང་མདོ་ཞེས་བྱ་བའི་དོན་ཏོ།། འདིར་ཐམས་ཅད་ལ་ལན་ཚྭ་དང་འགྱུར་བྱེད་ཅེས་སྨོས་པ་ནི་ལྷན་ཅིག་སྐྱེས་པ་ཡིན་པར་རིག་པར་བྱའི་ཉེ་བར་བསྒྲུབ་པ་ནི་མ་ཡིནོ།། ཉེ་བར་བསྒྲུབ་པ་དེ་ལ་འབྱུང་ཁུང་གི་དབང
་གིས་འབྱུང་ཁུང་དག་ལ་མ་ཡིན་ནོ་ཞེས་བྱ་འདི་ནི་ཆོ་གའོ།། གཞན་ལ་ཐ་སྙད་བཏག་པར་འགྱུར་བ་མ་ཡིན་པ་གང་ལ་ཡང་ཉེས་བྱས་ཡོངསསུ་རྫོགས་པ་ལ་བྱེད་པ་པོ་ཉིད་དོ།། གང་ལ་གནས་པ་ལ་ཡང་དང་པ་འབྱུང་བར་འགྱུར་བའི་དུས་ཀྱིས་བར་དུ་ཆུས་དག
་བ་དེའི་ཚེ་ན་ལྷན་ཅིག་སྐྱེས་པ་མ་ཡིན་ཡང་ལྷན་ཅིག་སྐྱེས་པ་ཉིད་དང་འདྲ་བར་རིག་པར་བྱའོ།། འདིར་ཕྱེད་ཉིད་ཀྱི་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་གིས་ཆབ་དཔོན་ཆ་ཅན་དུ་བགྱིས་པ་གསོག་འཇོག་བགྱིས་ཏེ། འཚལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་ས
་བཙུན་པ་རོ་ཞིག་དགེ་སློང་གི་ཆབ་དཔོན་ཆ་ཅན་དུ་བགྱི་སོ་ན་བྱིན་ལེན་མ་འབྲིས་པ་འཚལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ།། འདིར་ནི་སྔ་རོལ་དུ་ཡང་དཔོན་ཚྭ་ཅན་དུ་བགྱིས་པ་ཞེས་བྱ་བའི་ཚིག་ནི་གང་གིས་ཤེས་བྱེད་ཡིན་སྙམ་དུ་ཤེས་པར་བྱ་བ་མ་ཡིན་ཏེ།
་ལྷན་ཅིག་སྐྱེས་པ་ལ་ཡང་སྦྱོར་བ་འདི་ཡོད་པའི་ཕྱིར་རོ།། གང་གི་ཕྱིར་རང་བཞིན་གྱིས་ཀྱང་དཔོན་ཚྭ་ཅན་གྱི་ཆུ་ནི་དཔོན་ཚ་ཞེས་བྱ་བར་སྨྲ་བ་ཡིན་ཏེ། ཉམས་པ་འདི་ལ་ཡང་དཔོན་ཚྭ་ཅན་དུ་བྱས་པ་ཞེས་བྱ་བ་རང་བཞིན་ཡིན་ནོ།། འདིར་ཡང་གཞུང་ནི་བཙུན་པ
་པ་རེ་ཞིག་དགེ་སློང་གིས་ཚབ་འགྱུར་བྱེད་ཅན་དུ་བྱས་པ་བྱིན་ལེན་མ་བྱས་པར་འཚལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱསོ་ཞེས་གསུངས་པ་ཡིན་ནོ།། འགྱུར་བྱེད་ཅན་དུ་བགྱིས་པའི་ཚིག་ཀྱང་དཔོན་ཚྭ་ཅན་དུ་བྱས་པའི་སྤྱོད་པས་བསལ་ཟིན་ཏེ། རྙོག་པ་ཅན
་གྱི་གཞུང་ཡང་བཙུན་པ་རེ་ཞིག་དགེ་སློང་གིས་ཆབ་རྙོག་པ་ཅན་གྱི་བྱིན་ལེན་མ་བྱས་པར་བྱས་པར་འཚལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱསོ་ཞེས་གསུངས་པ་ཡིན་ནོ།། ཐལྔ་ནི་གཟུགས་བརྙན་བྱུང་ནའོ་ཞེས་བྱ་བ་ནི་ལན་ཚྭ་ཅན་དང་འགྱུར་བྱེང་དག་གིས་ཐ་མ
་ནི་རྙོག་ཅན་གྱི་ཆུར་གྱུར་པ་ཉིད་ཀྱི་བཞིན་གྱི་གཟུགས་བརྙན་འབྱུང་བ་ཡོད་པ་ལ་མེད་པ་ཉིད་དོ།། ཀ་ཏ་ཀའི་འབྲས་བུས་ཆུ་ཤིན་ཏུ་དང་བར་འགྱུར་བའོ།། འགྱུར་བྱེད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི་དང་བར་འགྱུར་བའོ།། ཟན་གྱིས་ཀྱང་ཞེས་བྱ་བ་ནི་རྫས
་གཞན་འདིས་དང་བར་འགྱུར་བའོ།། དེ་མི་འཇིགས་པར་བྱ་བའི་ཕྱིར་སྣུམ་གྱི་བསྐུའོ་ཞེས་བྱ་བ་ནི་གཞུག་པར་བྱ་བའི་ཟན་དེས་ཆུ་ཤིན་ཏུ་དང་བར་འགྱུར་རོ།། དེ་ལྟར་མེ་ཞུགས་པ་ལས་འབྱུང་། ཁུང་དུ་བཏབ་པོ་ཉིད་ནི་མ་ཡིནོ།། དེ་བས་ན་འདི་ལ་ཐ་སྙད
་གྱུར་པ་ཉིད་ལ་ཉེ་བར་ལོངས་སྤོང་པ་ནི་ཤེས་པར་བྱ་བ་མི་ཡིནོ།། འབྱུ་ང་། ཁུང་དགེ་ཏུ་བཏབ་པ་མི་མངོན་པ་ནི་ཡོད་པའི་གྲངས་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དགེ་སློང་མང་པོ་འདུས་པ་དག་ཁྲོན་པ་དག་ཏུ་ལྷུང་བཟེད་དག་འཁྲུ་བར་བྱེད་ན། ཀུན་དགའ་ར
་བ་པ་དང་དགེ་བསྙེན་དག་གིས་དེ་དག་ཏུ་མར་སར་དང་འབྲུར་མར་དང་ཞོ་དང་སྦྲང་རྩིའི་བུམ་པ་དག་འཁྲུ་བར་བྱེད་པས་སྟེང་དུ་སྣུམ་གྱི་ཉ་མིག་ཆ་ལ་ཚིལ་པོ་དག་འཆགས་པར་གྱུར་ནས། དགེ་སློང་དག་འགྱོད་པ་སྐྱེས་ནས་མི་འཐུངས་པའི་སྐབས་དེ
་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དག་གིས་འབགས་པ་དེས་ཟས་ཀྱི་བྱ་བ་བྱར་མི་རུང་གིས་བསོལ་ལ་བཏུང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་པ་དེ
་བསྡུས་པ་ཡིན་ནོ།། ཕྱོགས་གཅིག་ཏུ་འདྲེས་པར་གྱུར་ན་དེ་ཉིད་ཉི་ཚེ་བསལ་བ་ཉིད་ཡིནོ་ཞེས་བྱ་བ་ནི་གང་འདི་འདྲེས་པར་གྱུར་པའི་ཕྱོགས་དེ་ཉིད་ལའོ།། ཁའི་མུ་རེག་པ་ལ་ནི་ཐ་ན་སྐོར་ཡང་ཞེས་བྱ་བ་ནི་གང་རེག་པའི་ཕྱོགས
་དེ་ཉིད་དང་དེའི་ཐན་སྐོར་ཡང་བསལ་བར་བྱ་བ་ཉིད་ཡི་ནོ།། འོ་ན་མདོ་སྡེ་མངོཤོས་ཀྱི་དགོས་པ་མེད་ངམ་ཞོན། མ་ཡིན་ཏོ།། འདིར་ཐམས་ཅད་མི་རུང་བར་འགྱུར་བར་ཤེས་པར་བྱ་བ་མ་ཡིན་ཏེ། དེ་བས་ན་ད་ལ་འདི་བསྟན་གྱི་ལྷག་མ་ལ་ནི་མ་ཡིན་ཏེ་བརྩོགོ་པ་ཉིད
་སྤང་བའི་ཕྱིར་བཟའ་བར་བྱ་བ་མ་ཡིན་པ་ཉིད་དུ་ཤེས་པར་བྱ་སྟེ། དེ་བས་ན་འདོན་འདི་བརྗོད་པའོ།། དེ་དང་འབྲེལ་པའི་རྒྱུན་གྱིས་རེག་པ་ནི་དེ་ལ་རེག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་དང་འབྲེལ་པའི་རྒྱུན་ལ་རེག་པ་དེའོ་མ་ལ་སོགས་པ་དེ་ལ་དེར་རེག་པ་ཉིད་མ
་ཡིན་ནོ།། ནོར་པ་དང་བརྗོད་པས་ཀྱང་མ་ཡི་ནོ་ཞེས་པོ་ནི་རིག་པ་ལ་རེག་པ་ཉིད་དོ།། དེ་གཉིས་ཀྱིས་སྤྲོས་པ་བཞག་པའི་ཕྱིར་ཡང་མ་ཡི་མོ་ནས་བྱ་བ་ནི་ནོར་པ་དང་བརྗེད་པར་དེ་ཉིད་ཀྱིས་སྤྲོས་པ་ཕྱིར་བཞག་པར་བྷཱ་བའི་དོན་དུ་རེག་པ་ཡང་རེག་པ་ཉིད
་མ་ཡིན།། གནས་ཀྱི་ཐག་ཤིན་ཏུ་ཉེ་བར་བསྐུར་རོ་ཞེས་བྱ་བ་ནི་གནས་གང་དུ་བར་སྐབས་ཀྱི་ཐག་ཤིན་ཏུ་ཉེ་བ་ཡོད་པ་དེར་སྤོང་བ་ལ་ཉེ་བར་བསྐུར་བར་བྱའོ།། གནས་ཀྱི་ཐག་ཤིན་ཏུ་རིང་བར་ཁྱེར་ན་དེ་ལ་རྗེ་སུ་གོནང་བ་ཉིད་ཀྱི་ཕྱིར་རེག་པ་ཉིད་ཤེས་པར་འགྱུརརོ་ཞེས་བྱ
་ཤེས་པར་བྱའོ།། གཡོལ་བས་ལག་ཉར་བླངས་པ་ཉིད་དང་བྱིན་ལེན་བླངས་པ་ཉིད་ནི་མ་ཡི་ནོ།། ཞེས་བྱ་བ་ལ། གཡེལ་བས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་འདུལ་བ་ལ་མ་མོས་པ་འམ་དེ་ཉིད་ལ་ཐེ་ཚོམ་དུ་བྱེད་ཅིང་འཛིན་པོ་ལག་ཏུ་ལེན་པ་དག་འབྱུང་བ་ཡི་ན། འདི
་གཞུང་ནི་ངོ་ཚ་མེད་པ་དང་གཡེལ་བས་ཞེས་བྱ་བ་འདི་གསུངས་ཏེ། གང་ཞིག་གཡེལ་བས་འབྱུང་ཞིང་རྒྱལ་མཚན་དེ་འཛིན་པ་དེ་ནི་འདིར་ངོ་ཚ་མེད་པ་ཉིད་དུ་མངོན་པར་འདོད་པ་རྣམ་པར་གནས་པ་ཡིན་གྱི་ཕམ་པ་འབྱུང་བ་ནི་མ་ཡིན།། དེ་བས་ན་དེ་ལ་འདིར
་བཟུང་བར་མ་མཛད་དོ།། བྱིན་ལེན་སྐྱོབ་པར་འོས་པར་འབྲེལ་པ་མ་བྲལ་བའི་བླང་བ་ཡང་མ་ཡིནོ་ཞེས་བྱ་བ་ནི་བཟའ་བར་བྱ་བ་གང་ལ་བྱིན་ལེན་དེ་སྟོབས་པར་འོས་པའི་གང་ཟག་དང་འབྲེལ་པ་གང་ཡིན་པ་དེ་དང་ཇི་སྲིད་དུ་མ་བྲལ་བ་དེའི་བླང་བ་ཡང་ལག
་བླངས་པ་ཉིད་ཀྱང་མ་ཡིན་ལ་བྱིན་ལེན་བྱས་པ་ཉིད་ཀྱང་མ་ཡིན་ནོ།། དེས་བཟུང་བའི་ཐག་པ་ལ་དང་འབྲེལ་པ་ནི་འབྲེལ་པོ་ཉིད་ནི་ཡིནོ།། ཞེས་བྱ་བ་ལ། དེས་བྱ་བ་ནི་བྱིན་ལེན་སྟོབས་པར་འོས་པས་སོ།། བཟུང་བའི་ཞེས་བྱ་བ་ནི། གང་ཞིག་དེ་ཐག་པ་ལ་སོ།།
་པ་དེ་དང་ཟས་སུ་འབྲེལ་པ་ཉིད་ཡིན་ནོ་བྱིན་ལེན་སྟོབས་པར་འོས་པའི་ཟས་དང་འབྲེལ་པ་ཉིད་ཡིན་ནོ།། སྡོམ་པས་མཉམ་པ་ལྟ་བ་ཐ་མི་དད་པ་དག་གིས་གསོག་འཇོག་བྱས་པ་དང་། བྱིན་ལེན་བྱས་པ་དང་ལག་ཉར་བླངས་པ་དག་ནི་གཅིག་པ་ཡིན་ནོ།།
་ཞེས་བྱ་བ་ནི། ལྟ་བ་ཐ་དད་པའི་ཕྱིར་འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རྗེ་སུ་ཁས་མ་བླངས་པས་བྱིན་ལེན་བྱས་པ་འཚལ་བར་བགྱི་འམ། ཉེ་བར་འཁོར་མི་བྱའོ།། བཙུན་པ་རྗེ་སུ་ཁཾས་བླངས་པས་རྗེ་སུ་ཁས་བླངས་པའི་བྱིན་ལེན་བགྱིས་པ་འཚལ
་བར་བགྱིའམ། ཉེ་བར་འཁོར་མི་བྱའོ་ཞེས་བྱ་བ་འདི་ནི་ལྟ་བ་ཐ་མི་དད་པར་དག་གིས་ཞེས་བྱ་བ་འདིས་བསྡུས་པ་ཡིནོ།། མཆོག་དང་མཆོག་མ་ཡིན་པར་རོ་ཞེས་བྱ་བ་ལ། མཆོག་དང་ཞེས་བྱ་བ་ནི་སྡོམ་པ་མཆོག་དང་ལྡན་པ་དེས་གཞན་ལ་སྡོམ་པ་གཅིག
་པ་ཉིད་དེ་གཞན་དམན་པ་གང་ཡིན་པ་དེ་ནི་ངེས་གཞན་མཆོག་ཉིད་ལ་ནི་མ་ཡིན་ནོ།། དགེ་སློང་མའི་གསོག་འཇོག་བྱས་པ་ནི་དགེ་སློབ་མ་དང་བསླབ་པ་བྱིན་པ་མོས་ཀྱང་གསོག་འཇོག་བྱས་པ་ཉིད་ལ་དེ་གཉིས་ཀྱིས་གསོག
་འཇོག་བྱས་པ་ནི་དགེ་སློང་མས་གསོག་འཇོག་བྱས་པ་མ་ཡིན་ནོ།། ཞེས་བྱ་བ་དེ་འདིར་བསྡུས་པ་ཡིན་ནོ།། སྐྱེས་པ་དང་བུད་མེད་དག་ནི་ཕན་ཚུན་ཁྱིམ་པ་དང་འདྲའོ་ཞེས་བྱ་བ་ནི། དབར་ན་ཁྱིམ་པས་ལག་ཉར་བླངས་པ་དང་བྱིན་ལེན་བྱས་པ་དང་གསོག
་འཇོག་བྱས་པ་དགེ་སློང་ལ་སོགས་པའི་ལག་ཉར་བླངས་པ་དང་བྱིན་ལེན་བྱོས་པ་དང་། གསག་འཇོག་བྱས་པ་ཉིད་མ་ཡིན་པ་དེ་བཞིན་དུ་དགེ་སློང་དང་དགེ་སློང་མ་དང་བསླབ་པ་བྱིན་པས་ཀྱང་དགེ་སློང་དང་དགེ་སློང་མ་དང་བསླབ་པ་བྱིན་པ་མོ་དང་དགེ་སློབ་མ
་རྣམས་ཀྱིས་མ་ཡིན་ཞེས་བྱ་བའི་དོན་ཏོ།། དགེ་ཚུལ་དག་གིས་ལ་རེག་པ་ནས་སྦེང་བའི་བར་ལ་ཉེས་པར་མི་འགྱུར་བ་ནི་དེ་བཞིན་ནོ།། ཞེས་བྱ་བ་ལ། རེག་པ་ནས་སྦེང་པོའི་བར་ལ་ཞེས་བྱ་བ་ནི་དེ་ལ་རེག་པ་ནས་སྦེང་བའི་བདག་ཉིད་ཀྱི་རེག་པའི་བར
་ལའོ།། ཉེས་པར་མི་འགྱུར་བ་ནི་དེ་བཞིན་ནོ་ཞེས་བྱ་བ་ལ། གང་གི་ལག་ཉར་བླངས་པ་ལ་སོགས་པ་ཉེས་པར་མི་འགྱུར་བ་དེ་བཞིན་དུ་དག་ཚུལ་དབང་བ་གང་ཡིན་པ་དེ་དགེ་སློང་གིས་སྟོང་པར་བྱེད་དུ་ཟིན་ཀྱང་དེས་དགེ་སློང་དེ་ཉིད་དང་དགེ་སློང་གཞན
་གང་ལ་རུང་བ་མ་ཡིན་པ་ཉིད་དུ་མི་འགྱུར་ལ། དགེ་ཚུལ་མ་དབང་བ་གང་ཡིན་པ་དེ་དགེ་སློང་མས་སྦེང་བར་བྱེད་དུ་ཟིན་ཀྱང་དེས་དགེ་སློང་མ་དེ་ཉིད་དང་དགེ་སློང་མ་གཞན་དག་ལ་རུང་བ་མ་ཡིན་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། འདི
་དགེ་ཚུལ་གྱི་ཡིན་པས་ན་དགེ་ཚུལ་གྱིའོ།། བལྟོས་པ་དང་བཅས་པས་བྱིན་པ་ནི་བཏང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་ལག་ཉར་བླངས་པ་ལ་སོགས་ལ་བལྟོས་པ་དང་བཅས་པས་གཞན་ལ་སྟེར་ན་དེས་དེ་ཟ་བ་ལ་ལག་ཉར་བླངས་པ་ཉིད
་དང་གསོག་འཇོག་གིས་ཕྱེད་ཉིད་དེ་ཉེས་བྱསོ་ཞེས་བྱ་བའི་དོན་ཏོ།། དལྟོས་པ་མེད་པར་བཏང་བ་ལ་བལྟོས་པ་དང་བཅས་པ་ཉིད་ནི་ཕྱེད་ཉིད་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་གསོག་འཇོག་དང་ལག་ཉར་ལ་སོགས་པ་ལ་བལྟོས་པ་མེད་པར་བཏང་བ་ལ་བལྟོས་པ
་དང་བཅས་པ་ཡོད་ན་བྱིན་ལེན་བྱ་བ་དང་བཟའ་བ་ར་ལ་ཕྱེད་ཉིད་དེ་ཉེས་བྱསོ་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་དེ་བླང་བར་མི་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་བལྟོས་པ་མེད་པར་བཏང་བ་ནི་བལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱེད་ཉིད་ཡིན་པ་དེ་བས་ན་འདི་བླང་བར
་མི་བྱ་སྟེ། བཟའ་བའི་དོན་ཏུ་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་བླངས་པ་ལ་ངེས་པར་བལྟོས་པ་དང་བཅས་པ་ཉིད་སྐྱེ་བ་ཡི་ནོ།། ཤོས་བཞིན་དུ་མི་བླང་ངོ་ཞེས་བྱ་བའི་ནི་བལྟོས་པ་མེད་པར་བཏང་བ་དེ་ཤེས་བཞིན་དུ་ཕྱིར་བླངས་ན་རྟོགས་པ་དང་བཅས
་པ་ཉིད་དུ་འགྱུར་ལ། མི་ཤེས་པ་ལ་ནི་མ་ཡིན་ནོ།། དེ་བས་ཤེས་བཞིན་དུ་བླང་བར་མི་བྱའོ།། མི་ཤེས་པས་བླངས་པ་ལ་ནི་ཉེས་པ་མེད་དོ།། འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་ཀུན་དགའ་ར་འམ་དགེ་ཚུལ་ལ་ཟས་བརྩལ་ཏེ།
་བདེ་གཉིས་ཀྱི་དེ་ཉིད་ལ་སླར་བརྩལ་ན་འཚལ་བར་བགྱི་འམ། གལ་ཏེ་མངོན་པར་མ་བསམས་ན་བཟའ་བར་བྱའོ།། བླང་བར་བགྱི་འམ་ཉེ་བར་འཁོར་མི་བྱའོ་ཞེས་གསུངས་པ་ཡི་ནོ།། མངོན་པར་མ་བསམས་ན་ཞེས་བྱ་བ་ནི་འཐོབ་བོ་སྙམ་དུ་ཡིད་ཀྱིས་མ
་བསམས་ནའོ།། གླེང་གཞི་དག་ལས་ཀྱང་བལྟོས་པ་དང་བཅས་པ་ཟོས་ནའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཤས་མནོད་པ་དང་དེ་འགུགས་པའི་ཕྱིར་རེག་པ་ནི་རྐྱེན་དེ་ལྟ་བུ་དག་ཡོད་ན་རུང་བ་མ་ཡིན་པ་ཉིད་དུ་མི་འགྱུར
་རོ་ཞེས་བྱ་བ་ལ། ཤེས་མནོད་པ་ཞེས་བྱ་བ་ནི་སྐལ་བ་སློང་བའོ།། བཀུག་པར་གྱུར་པ་ནི་འདི་གཙུག་ལག་ཁང་དུ་ཁྱེར་བར་བྱེད་པ་ཉིད་ཅེས་བྱ་བ་སྐལ་པ་ལེན་པ་གསུངས་པ་གང་ཡིན་པ་དེ་ལ་རེག་པ་ལ་མི་རུང་བ་ཉིད་ནི་མ་ཡིནོ།། ཅི་དུས་ཐམས་ཅད་དུ་འམ་ཞེ་ན།
་ཡིན་ཞེས་བྱ་བ་བསྟན་པ་ནི་དེའི་ཕྱིར་རྐྱེན་དེ་ལྟ་བུ་དག་ཡོད་ན་ཞེས་བྱ་བ་སྨོས་ཏེ། བསྙེན་པར་མ་རྫོགས་པ་དག་མེད་པ་འམ། ནད་པ་ཉིད་ལ་གྲཝ་དང་ཤིང་རྟ་གནས་པ་ལ་སྦྱར་བ་འདི་དག་ལ་གཞན་མེད་པ་ལ་གྲོགས་བྱེད་པ་པོ་དང་གྲོགས་བྱེད་པ་ལ་ཞུགས
་པ་གཞན་མེད་པ་ཞེས་བྱ་བ་སོགས་པ་རྣམས་སོ།། ཤིང་རྟ་ལ་ནི་ཁ་ལོ་བའི་སྟན་མ་གཏོགས་པ་ཉིད་དོ་ཞེས་བྱ་བ་ནི་འདི་དག་ཐམས་ཅད་ཀྱང་རྐྱེན་དེ་ལྟ་བུ་དག་ཡོད་ནོ་ཞེས་བྱ་བའི་རྗེསུ་སྦྱར་བ་རིག་པར་བྱའོ།། རྐྱེན་དེ་ལྟ་བུ་རྣམས་ནི་ཤིང་རྟ་བསྐུལ་བར
་བྱའོ་ཞེས་བྱ་བ་ལ་སོགས་པ་འདིར་གསུངས་སོ།། མི་བྱ་བར་བརྗོད་པ་ཙམ་དུ་ཟད་པ་འདི་རྣམ་པར་གནས་པ་ཡིན་ནོ།། བཟའ་བར་བྱ་བ་ནང་དུ་བཅུག་པའི་ཤིང་རྟ་ནི་རེག་པར་བྱ་བ་ཉིད་མ་ཡིན་ཏེ། མི་རེག་ཏུ་མི་རུང་བའི་རྒྱུན་དེ་ལྟ་བུ་དག་ཡོད་ན་དེའི་ཚེ
་ཁ་ལོ་བའི་སྟན་གཅིག་པོ་སྟེ་མ་གཏོགས་པའི་ཤིང་རྟ་ལ་རེག་པར་བྱའོ།། འདིར་ཤིང་རྟ་ལ་རེག་པ་ལ་མ་རུང་བ་ཉིད་ནི་མ་ཡིན་ཏོ།། ཤིང་རྟ་དང་འབྲེལ་པའི་ཟས་སུ་བྱ་བ་ལ་འདི་བསྟན་པའོ།། གང་ལ་ཡང་ངོ་ཞེས་བྱ་བ་ནི་འབྲས་ལ་སོགས་པས།
་ལོ་བའི་སྟན་གྱིས་ཤིང་རྟ་ཉིད་སྤངས་པ་ཉིད་དོ།། ནད་པ་ཞོན་པ་ལ་ཡང་ངོ་ཞེས་བྱ་བ་ནི་ཟས་ཀྱི་སྟོང་པའི་ཤིང་རྟ་དག་ལ་ཡང་ཁ་ལོ་བའི་སྟན་སྤངས་པ་ཉིད་ཁོ་ནའོ།། གྲུ་ལ་ནི་རུ་སྐྱའོ་ཞེས་བྱ་བ་ནི་དེ་དང་འབྲེལ་པའི་བཟའ་བར་བྱ་བ་བཅུག་པའི་གྲུ
་དང་འབྲེལ་པས་གང་བའི་གྲུ་དང་གྲུར་འཇུག་པ་ལ་རུ་སྐྲ་སྤངས་པ་ཉིད་དོ།། ན་བ་མེད་ཀྱང་འདིར་འཇུག་པ་རིགས་པ་ཞེས་གསུངས་པ་ཡིན་དེ་བས་ན་ན་བའི་སྒྲས་ནི་འདི་ལས་བཟློག་པས་ཤེས་པའོ།། དེ་འཛིན་པའི་སྟན་ཡང་ཞེས་བྱ་བ་ནི་རུ་སྐྲ
་འཛིན་པའི་དོན་ཅན་གྱི་སྟན་ལ་དེ་འབྲེལ་པའི་ཁ་ཟས་སུ་བྱས་པ་ལ་རེག་པ་དང་གང་བ་དང་གྲུར་འཇུག་པ་ན་སྦྱང་བར་བྱ་བ་ཉིད་དོ།། དགེ་འདུན་གྱི་སྨན་དགྲ་སྡུད་པ་ནི་བསྐྱམ་པ་དང་དབྱུང་བ་དང་གཟར་བུའི་ལས་དང་དབོག་པ་དག་ལ་ཡང་ཞེས་བྱ་བ་ནི
་དགེ་འདུན་གྱི་ཟ་བ་ལ་སོགས་པ་སྨན་དག་དང་གང་ཟག་གི་ཡང་རུང་བ་སྟེ། དེ་དག་ལུང་པ་ན་བསྐྱམ་པ་ལ་སོགས་པའི་ཕྱིར་རེག་པ་ལ་ཡང་མི་རུང་བ་ཉིད་དུ་མི་འགྱུར་རོ།། ཅི་དང་པོ་ཉིད་དུ་འདི་དག་རྣམ་པ་འདི་ལྟ་བུ་ཉིད་ལ་རེག་པར་བྱ་བ་ཉིད་ཡིན་ནམ
་ཞེ་ན། དེའི་ཕྱིར་དང་པོར་ཤིང་དབྲི་བ་དང་མ་བསད་པ་དང་གོས་ཀྱི་ཐུ་བ་ལ་སོགས་པས་རླུང་གཡོབ་པས་འབད་པར་བྱའོ་ཞེས་བྱ་བ་སྨོས་ཏེ། དང་པོ་ཁོ་ནར་ལུང་པ་བཞི་པར་བྱ་བའི་ཕྱིར་འདིར་ལྟར་འབད་པར་བྱའོ།། དེ་ལྟར་གཉེན་པོར་བྱ་བ་མ་གྲུབ
་པ་ལ་བསྐྱམོ་པ་ལ་སོགས་པ་བྱ་བ་ཞེས་བྱ་བའི་དོན་ཏོ།། གཉེན་པོ་བྱེད་པའི་ནུས་པ་མེད་ན་མ་རེག་པར་བསྐྱམ་པ་ལ་སོགས་པ་ལ་ཉེས་པ་མེད་ཅེས་བྱ་བ་འདིར་དེ་ལ་རྩེ་གཅིག་པ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ།། དེ་བས་ན་འདི་ལྟར་ཤེས་པར
་གྱུར་པ་ལ་གཉེན་པོར་བྱ་བ་མ་ཡིན་པ་ཉིད་དེ་དང་པོར་བསྐུམ་པ་ལ་སོགས་པ་ཉེས་པ་མེད་ཅེས་བྱ་བ་རྟོགས་པར་བྱའོ།། ཆུ་ཀླུང་རྒལ་བའི་ཕྱིར་རམ་ཁུར་ཚ་བ་སྙེག་པའི་ཕྱིར་ལག་ཉར་བླངས་པའི་ལམ་རྒྱགས་རུང་སྟེ། ཆོ་ག་མ
་འབྱོར་རམ་ལམ་རྒྱགས་གཞན་མེད་ནའོ་ཞེས་བྱ་བ་ནི། རུང་སྟེ་ཞེས་བྱ་བ་ནི་བཟར་རུང་ངོ་ཞེས་བྱ་བའི་དོན་ཏོ།། ཆོ་ག་མ་འབྱོར་རམ་ཞེས་བྱ་བར་ནི་གང་གིས་རེག་པ་ལ་བླངས་པ་ཉིད་མ་ཡིན་ན་དེས་ནི་ཆུ་ཀླུང་རྒལ་བ་དང་སྙེག་པ་འདི་དག་ལ་བྱ་བ་ཉིད་དོ།། །
་དེས་གནས་པ་ལ་རང་གི་ཡན་ལག་གོམ་དེ་དང་འབྲེལ་པ་གཞན་གྱིས་ཤིས་པར་བྱ་བ་འདི་ལ་བྱ་བ་ཉིད་དོ།། གཞན་མེད་ནའོ་ཞེས་བྱ་བ་ནི་གལ་ཏེ་གཞན་ཁུར་ཚ་བ་མེད་པར་གྱུར་ན་དེ་ལ་ཆོ་ག་མ་གྲུབ་པའི་དབང་གིས་འདིར་དོན་དུ་བཀུརོ་བ་ལ་རུང
་བ་ཉིད་ཅེས་བྱ་བའི་དོན་ཏོ།། ཁུར་ཆེབ་མེད་ན་སྦྱིན་བདག་སྨྲ་བ་བྱའོ་ཞེས་བྱ་བ་ནི་ལམ་རྒྱུ་གས་དེ་ཁྱེར་བའི་ཁྲིར་ཆེ་བ་གཞན་མེད་ན་སྦྱིན་བདག་གིས་དེ་བཀུར་བར་སྤྲོ་བ། བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏཱི།། ཁྱེར་བ་མེད་ན་རང་གིས་སོ་ཞེས་བྱ་བ་ནི་སྦྱིན
་བདག་ལ་བཅོལ་བ་ཡང་མ་གྲུབ་ན། དེའི་ཚེ་རབ་གིས་ལམ་རྒྱགས་བཀུར་བར་བྱའོ།། དེ་ཉིད་ལས་སྦྱིན་པར་རྗེ་ཞིང་བླང་བ་བསྒྲུབ་པར་བྱའོ།། ཞེས་བྱ་བ་ནི་གཞན་ཁྱེར་དུ་གཞུག་པ་མ་གྲུབ་ཅིང་རང་གིས་ཁྱེར་བར་གྱུར་ན། རང་གིས་ཁྱེར་བ་དེ་ཉིད
་ལས་གཞན་ལ་སྦྱིན་པས་ལ་མི་རྒྱགས་རྗེ་ཞིང་བླང་བར་བྱ་བ་སྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འདི་ནི་གཞན་ལ་གྲུབ་པ་ལ་མི་བྱའོ།། དེ་ཡང་མ་གྲུབ་ན་དེ་བཟའ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་དེ་ཡང་དེ་ཉིད་ཀྱི་ཕྱིར་སྦྱིན་པས་རྗེ་ཞིང་བྲང་བ་མ་གྲུབ་ན་རང་གི
་ཁྱེར་བ་དེ་ཡང་བཟའ་བར་བྱ་བར་བྱ་བ་ཉིད་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། བྱིན་ལེན་སྟོབས་པ་མེད་ན་བྱིན་ལེན་མ་བྱས་པ་དེ་འམ་གཞན་ཡང་ངོ་ཞེས་བྱ་བ་ནི་རང་གིས་ཁུར་བ་དེ་འམ་གཞན་བྱིན་ལེན་བྱས་པ་མ་བྱས་པ་ཡང་བཟའ་བར་བྱ་བ་ཉིད་ཡིན་སྐྱེ
་བྱ་བའི་དོན་ཏོ།། སླར་རང་གིས་ཁྱེར་བ་དང་བྱིན་ལེན་མ་བྱས་པ་དེ་ཉིད་གང་གིས་བཟའ་བར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟན་བཅད་པར་བྱས་པའི་འོ་ཞེས་བྱ་བ་སྨོས་ཏེ། གང་ལ་ཇི་ཙམ་བཟའ་བར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཉི་མ་དང་པོ་ལ་སྤར་གང་ངོ་།
་གཉིས་པ་ལ་ནི་ཅི་ཙམ་གྱི་ཆོ་ག་པའོ།། ཤིང་ཏོག་རུང་བར་མ་བྱས་པ་དང་བྱིན་ལེན་མ་བྱས་པ་དང་། ལག་ཉར་བླངས་པ་དག་ཀྱང་དུས་མ་ཡིན་པར་ཡང་བཟའ་བར་བྱ་བ་ཉིད་ཡིནོ་ཞེས་བྱ་བ་སྨོས་ཏེ། དེ་དག་ཐམས་ཅད་ཀྱང་གཞན་མ་གྲུབ་ན་ཞེས་བྱ
་བའི་དབང་དུ་བྱས་པ་ཉིད་ཡིན་ནོ།། དེ་དག་སུའི་བཟའ་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟན་མེད་ནའོ་ཞེས་བྱ་བ་སྨོས་ཏེ། ཟན་མེད་པར་གྱུར་པ་ལ་ཞེས་བྱ་བའི་དོན་ཏོ།། ཅི་གནས་སྐབས་ཐོམས་ཅད་དུ་འམ་ཞེ་ན། དེའི་ཕྱིར་ཤིན་ཏུ་བཀྲེས་པ་ཉིད་ནའོ་ཞེས
་བྱ་བ་སྨོས་ཏེ། བཀྲེས་པར་སྲོག་ལ་བབ་པ་ལ་ཐུག་ནོ་ཞེས་བྱ་བའི་དོན་ཏོ།། རྩ་བ་དག་ཀྱང་ངོ་ཞེས་བྱ་བ་ཡང་དུས་མ་ཡིན་པར་བཟའ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། རང་གིས་ཀྱང་བཏབ་པ་ཉིད་དང་དབྱུང་བ་ཉིད་དང་བསྒྲུབ་པར
་བྱ་བ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་ཟས་མེད་པ་ཤིན་ཏུ་བཀྲེས་པ་ཉིད་ན་འབྲས་བུ་རྣམས་དང་རྩ་བ་རྣམས་ལའོ།། འདིར་གྲངས་ཇི་ལྟ་བ་བཞིན་དུ་ཤེས་པར་མི་བྱ་སྟེ། རྩ་བ་རྣམས་ལ་ཡང་བཏོག་པ་ཉིད་ཡོད་པའི་ཕྱིར་རོ།། དཔེར་ན་ཆུ་འགྲམ་དུ་སྐྱེས་པ་ངོས
་ལྟུང་བ་རྣམས་ལྟ་བུའོ།། འབྲས་བུ་རྣམས་ལ་ཡང་བཏོན་པ་ཉིད་ཡོད་པའི་ཕྱིར་རོ།། དཔེར་ན་པ་ན་ས་ལ་སོགས་པ་རྣམས་ལྟ་བུའོ།། བྱིན་ལེན་མ་བསྟབས་པ་དང་རུང་བར་མ་བྱས་པ་དང་དུས་མ་ཡིན་པར་བཟའ་བ་ལ་སོག་པ
་པ་རུང་བར་བྱ་བ་དག་ལ་ཐམས་ཅད་དུ་རྩོམ་འདོད་པ་ལ་སོགས་པ་ན་བྱང་གི་སྒྲ་མི་སྙན་ན་གྲགས་པའི་ཡིད་ལ་བྱེད་པ་བྱའོ་ཞེས་བྱ་བ་ནི་རང་གིས་བྱེད་པར་འདྲ་བ་ལ་རྣམ་པར་དག་པར་གྱུར་པའི་སྡེ་འདི་སྐད་ཀྱི་གདང་བུ་ལྟ་བུར་གྱུར་པ་སྟེ། བྱེ
་ཕྲག་ཐོབ་པའི་ཕྱིར་དེ་དང་འདྲའོ།། ཇི་ལྟར་མངོན་པར་འདུ་བྱེད་པས་ཀྱང་ཡིད་ལས་ངེས་པར་འབྱུང་བ་ཞེས་བྱ་པོ་ནི་རྩོམོ་འདོད་པ་ནའོ།། དེ་བས་ན་འདིར་ཐམས་ཅད་དུ་བྱང་གི་སྒྲ་མི་སྙན་ནི་གྲགས་པའི་ཕྱིར་རྩོམ་འདོད་པ་ལ་སོགས་པའོ།། ཐམས་ཅད་དུ
་ཞེས་བྱ་བ་ནི་རྩ་བོ་དང་འབྲས་བུ་ལ་བརྟེན་པ་འདི་ཉིད་ལ་མེ་ཡིན་ནོ།། འདིར་སོགས་པའི་སྒྲས་ནི་ལེན་པ་དང་ཉེ་བར་ལེན་པའི་དོན་དུ་རིག་པར་བྱའོ།། ལག་པ་བསྐལ་བ་དང་འདབ་མ་དག་ཡོད་ན་སྒྱོགས་ཀྱིས་སྐོམ་མི་བཏུང་ངོ་ཞེས་བྱ་བ་ནི་ཆུ་ཉུང་ཟད་དང་ལམ་འགྲོས
་ར་བ་ལ་སོགས་པས་ལག་པ་བསྐལ་པ་མེད་པའོ།། མེད་ན་མ་བསྒྲིབས་པར་མི་བྱའོ་ཞེས་བྱ་བ་ནི། ལག་པ་བསྐུལ་བ་དང་འདབ་མ་དག་མེད་ན་སྩོགས་ཀྱིས་སྐོམ། བཏུང་བ་མ་བསྒྲིབས་པར་བཏུང་བར་མི་བྱའོ།། དེ་ཆུ་དང་བཅས་པ་ཉིད་ཡིན་ན་མི་བཅད་པ་ཉིད
་དུམ་བནག་གོ་ཞེས་བྱ་བ་དེ་ལ་དེ་ཞེས་བྱ་བའི་སྤྱོག་སོ།། དེ་ཁ་ག་བ་ནི་རྣམ་པ་གསུས་སྟེ། ཤིང་ལས་བྱས་པ་དང་ཛ་ལས་བྱས་པ་དངས་ལས་བྱས་པོའོ་ཞེས་བྱ་བ་ལ།། དེའི་ཞེས་བྱ་བ་ནི་སྐྱིགས་ལ་རོ་ཕྱོགས་གཞི་ཤིང་ལས་བྱིས་པ་འམ་རྡོ་ལས་བྱས་པ་བཅང་བར་ཕྱི
་ས་བྱ་བ་ལ། གང་དུ་གནས་པའི་དོན་དུ་སྐྱོགས་འདི་བཞག་པར་བྱ་བ་དེ་ནི་སྒྱོགས་ཀྱི་གཞིའོ།། འདབ་མ་དག་སྣོད་ཉིད་དུ་སྤྱོད་པ་ནི་བྱིན་ལེན་མ་བྱས་པ་ཉིད་ལ་ཉེས་པ་མེདོ།། འདི་ལ་བརྔས་པ་དང་མ་བརྔས་པ་དག་ནི་ཁྱད་པར་མདོ་ཞེས་བྱ་བ་ལ། འདི་ལ་ཞེས
་བྱ་བ་ཤིང་ལྗོན་པ་ལ་སོགས་པ་དག་དང་འབྲེལ་པའི་སྐྱེས་པ་ལས་འདི་རྣམས་དང་འབྲེལ་པས་འདིར་ཉེས་པ་མེད་པ་ནི་བྱོན་ལེན་མ་བྱས་པ་ཉིད་ཅེས་བྱ་བའི་དོན་ཏོ།། གཞན་མ་བརྔས་པ་དག་སྤྱོདདོ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་འདབ་མ་བརྔས་པའམ
་དེའི་དོན་བྱེད་ནུས་པ་གཞན་ལའོ།། ཤིང་ལྗོན་པ་ལ་སོག་སྤོ་དག་དང་འབྲེལ་པའི་སྐོམ་ལ་སོགས་པ་འཐུང་བར་བྱེད་པ་བཞད་གད་དུ་འགྱུར་བས་མི་བྱའོ་ཞེས་བྱ་བ་འདི་རྟེན་པའོ།། གསོག་འཇོག་གི་ལྟུང་བྱེ།། གཞན་དང་བྱིན་ལེན་སྟོབས་པ་མེད་ན་སྦྱིན་བདག
་གིས་བསམ་པ་ཐག་པ་ནས་བཏང་བ་རང་གིས་བླངས་ཏེ་བཟའ་བར་བྱའོ་ཞེས་བྱ་བ་ནི་བྱིན་ལེན་མ་བསྟབས་པར་བཟའ་བ་ཐམས་ཅད་ལ་བྱང་གི་སྒྲ་མི་སྟོན་པའི་དུས་སུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ཐམས་ཅད་ཤེས་པར་བྱའོ།། བྱིན་ལེན་བྱས་ཟིན་པའི
་ཟས་གཞན་མེད་དམ་བྱིན་ལེན་སྟོབས་པ་པོ་གཞན་མེད་ན་ཞེས་བྱ་བའི་དོན་ཏོ།། གང་ཡོང་རུང་པོ་ཅིག་ཡོད་ན་ཉེས་པ་ཁོ་ནར་འགྱུ་རོ།། འདིར་གཞན་མེད་པའི་གཞུང་ནི་དགེ་སློང་གཅིག་གིས་བསོད་སྙོམས་བླངས་ཏེ། གཙུག་ལག་ཁང་དུ་བཞག་ནས་ཕྱི་རོལ་དུ་བྱུང་བ་དང་།
་ཁྱིམ་བདག་གཅིག་གིས་ཀྱང་བསོད་སྙོམས་གཅིག་ཁྱེར་ཏེ་འོངས་ནས་དེ་ཉིད་ཀྱི་སྟེང་དུ་བསོད་སྙོམས་གཞན་བཞག་པ་མཐོང་ནས་དེ་འགྱོད་པར་སྐྱེས་ཏེ་མི་ཟད་པའི་སྐབས་དེར་དགེ་སློང་དགིས་བཅོམ་ལྡན་འདས་ལ་གསོལ་པ་དང་། ཇི་སྲིད་དུ་བཅོམ་ལྡན་འདས
་ཀྱིས་བཀའ་སྩལ་པ། གལ་ཏེ་བྱིན་ལེན་སྟོབས་པ་ཡོད་པ་ན་ན་བྱིན་ལེན་བྱས་པ་ཏེ་བཟའ་བར་བྱར།། ཎ་སྟེ་མང་ན་ནི་ཕྱིས་བྱིན་པ་གང་ཡིན་པ་དེ་བསལ་ཏེ་སྔ་མ་ཤེས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ།། བྱིན་ལན་བསྟ།
་པ་མེད་པའི་གཞུང་ནི་དེ་ཉིད་ལས་ཚང་པ་རབ་ཏུ་མང་པོ་དག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་ལ་སྤྱན་དྲངས་ཏེ། དེ་དག་གི་ཟས་དག་སྤྱི་བུངས་བཅེར་བ་དང་། ཚོང་ཁོང་དག་ཏུ་མེ་ཤོར་ནས་དེ་དག་མ་གསོད་པའི་ཕྱིར།། དོང་བ་དང་གདུགས
་ཆོད་དག་ཀྱང་བབ་པར་གྱུར་ནས་དགེ་སློང་དག་གིས་ཇི་ལྟར་གྲུབ་པར་བྱ་བ་མི་ཤེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་བསམ་པ་དག་པོས་བཏང་བ་ཡིན་པས་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབ་ཅིང་བཟའ་བར་བྱ་སྟེ། འདི
་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན།། ཤེས་གཙོད་བྱིན་ལེན་མ་བྱས་པ་ཉིད་ལའོ་ཞེས་འོག་ནས་འབྱུང་ན་དེ་བྱིན་ལེན་གང་ཡིན་ཞེ་ན། དེའི་ཕྱིར་དེ་བརྗོད་པར་བྱ་སྟེ། མངོན་སུམ་དུ་མཚ་མོས་ཀྱི་ནིང་དུ་ཏྲོཟ་པའི་ཕྱོགས་ནས་གནས་པས་ལག་པ་པོགན་པས
་སམ་དེ་དང་འབྲེལ་པར་གྱེན་དུ་འདེགས་ནུས་པ་བསྙེན་པར་མ་རྫོགས་པ་མི་ཡིན་པ་ལས་ཀྱང་སྦྱིན་པར་འདོད་པས་ཡན་ལག་གིས་སམ་དེ་དང་འབྲེལ་པས་བྱིན་ལེན་པ་མནོས་པ་ནི་བྱིན་ལེན་ནོ།། ཞེས་བྱ་བ་སྨོས་ཏེ། མངོན་སུམ་དུ་ཞེས་བྱ་བ་ནི་མངོན་སུམ་དུ་ཕྱོགས
་པ་སྟེ། གྲོ་འམ་རྒྱབ་ནས་བླངས་པ་ནི་བྱིན་ལེན་མ་ཡིནོ།། མཚམས་ཀྱི་ནང་དུ་ཞེས་བྱ་བ་ལ་འདི་ནི་སྤྲོས་པ་སྟེ། མཚམས་གཞན་ན་གནས་པ་གང་ལ་ཡན་ལག་ཉིད་མ་ཡིན་ཞེས་གསུང་སོ།། གྱེན་དུ་འདེགས་ནུས་པ་ལས་ཞེས་བྱི་བ་ནི་གང་ཞིག་སྦྱིན་པོ་ནུས
་པ་དེ་ལ་སོ།། མི་མ་ཡིན་པ་ལས་ཀྱང་ཞེས་བྱ་བ་ལ། འདིར་གཞུང་ནི་དགེ་སློང་དགོན་པ་པ་རྣམས་ལ་དགོན་པ་ན་གནས་པའི་གླང་པོ་ཆེ་ཅང་ཤེས་དང་རྟ་ཅང་ཤེས་དང་སྤྲེའུ་ཅང་ཤེས་དག་གིས་ཤིང་ཏོག་དག་འབུལ་བ་དགེ་སློང་དག་མི་ལེན་པ་དང་། བཅོམ་ལྡན་འདྲ
་ཀྱིས་བཀའ་སྩལ་པ། གང་ལ་གྱེ་ན་དུ་འདེགས་པ་ཡོད་པ་དེ་ལ་བྱིན་ལེན་ཡང་ཡོད་པས་བཟའ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིནོ།། སྦྱིན་པར་འདོད་པས་ཞེས་བྱ་བ་ལ། འདིར་གཞུང་ནི་དབང་མེད་པ་ལ་སོགས་པ་སྦྱིན་པར་བྱེད་པ
་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིནོ།། ཡུལ་གྱིས་མི་སྨད་པར་བྱ་བ་ཉིད་ཡིན་ན་དཀྱིལ་འཁོར་གྱི་སྟེང་དུ་ཞོག་ཅིག་ཅེས་བསྟན་ནཱ་ཡངོ་ཞེས་བྱ་བ་ནི་དེ་ལྟར་ཉེ་བར་བསྟན་པའི་དཀྱིལ་འཁོར་ལ་ཡང་བཏང་བ་ལ་སོ་སོར་འདོད་པ་ནི་བྱིན་ལེན་མནོས་པ་ཡིན་གྱི
་ལུས་སམ་དེ་དང་འབྲེལ་པར་མནོས་པ་འབའ་ཞིག་དུ་ནི་མ་ཟད།། ལྷུང་བཟེད་དང་དེའི་གཞི་དག་ནི་གཅིག་པ་ཉིད་དོ་ཞེས་བྱ་བ་ནི་འདི་དག་ལས་གཅིག་ཏུ་བྱེད་དུ་བཅུག་པ་དག་ལ་གཞན་དུ་ལྟུང་བ་མི་འདོད་པ་ལ་སྐྱེས་པར་ཤེས་པར་མི་བྱ་ཞེས་བྱ་བ་ལ
་འདི་བསྟན་པའོ།། སྤྲེའུ་རྣམས་ཀྱི་སྤྱོད་ཡུལ་ནི་ཡལ་ག་ཡིན་པས་དེ་ནས་དེའི་ཕྱིར་མི་འཐོབ་པའི་སྣ་ཉིད་མ་ཡིན་ཞེས་བྱ་བ་ནཱི་ཡལ་ག་དེ་ནས་སྤྲེའུ་རྣམས་བྱིན་ལེན་བསྒྲུབས་པ་དེའི་ཕྱིར་མི་འཐོབ་པའི་ཕྱིར་མི་འཐོབ་པའི་སོ་ཉིད་ནི་མ་ཡིནོ།། ཤིང་ཏོག་དགོ་མ་ལ
་ཤེལ་དང་ཁྲིའུ་དང་ཁྲིའུ་དང་ཐུ་བ་དང་ལྷུང་བཟེད་དག་གིས་བྱིན་ལན་མནོང་དུ་མི་རུང་བ་ཉིད་མ་ཡིནོ་ཞེས་བྱ་བ་ལ། བྱིན་ལེན་མནོ་དུ་ཞེས་བྱ་བ་བྱིན་ལེན་གྱི་བདག་ཉིད་ཅན་ནི་བྱིན་ལེན་གྲུབ་པར་འགྱུར་བའི་སྣོད་དུ་རུང་བར་གྱུར་པ་ལའོ།། དེ་དག་གནས་པ
་དག་གིས་ཅང་མི་སྨྲ་བས་སོ་སོར་བརྟག་པར་བྱ་བ་ལ། དེ་རྣམས་ཞེས་བྱ་བ་ནི་ཤིང་ཐོག་རྣམས་ལའོ།། སྙོམས་པར་འདྲིམ་པར་བྱེད་པ་མོས་པར་བྱའོ་ཞེས་བྱ་བ་ནི་སྙོམས་པར་འདྲིམ་པ་འདི་ལ་ཡོད་པས་ན། སྙོམས་པར་འདྲིམ་པ་ཞེས
་བྱ་བ་བསྡུས་པའོ།། འདིར་གཞུང་ནི་འདྲིམ་པའི་ཕྱིར་ཁྱིམ་པ་རྣམས་ཤིང་ཐོག་དག་མི་སྙོམས་པར་འདྲིམ་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགོ་ཚུལ་དག་བྲིམས་དུ་གཞུག་པར་བྱའོ།། དགེ་ཚུལ་དག་ཀྱང་མི་སྙོམས་པར་འདྲིམ་པར་བྱེད
་ནས། བཅོམ་ལྡན་འདས་ཀྱིས་བཀབ་སྐལ་པ། དགེ་སློང་དག་གིས་ལག་པ་དག་བསྔལ་ཏེ་བྱིན་ལེན་བྱས་ནས་བྲིམས་པར་བྱའོ་ཞེས་གསུངས་པ་ཡིནོ།། དགེ་སློང་བྱིན་བྱས་པས་བྲིམས་པ་ཉིད་ནི་རུང་བ་ཉིད་ཡིནོ་ཞེས་བྱ་ཟས་བྱིན་ལེན་བྱས་པ་བྲིམས་པ་ཉིད་ནི་རུང་བ་ཡིན།།
་ཚུལ་དང་མི་མཐོན་པ་ཉིད་ནི་མ་ཡིནོ་ཞེས་བྱ་བའི་དོན་ཏོ།། མར་དང་འབྲུ་མར་དང་སྦྲང་རྫི་དང་བུ་ར་མོ་གྱི་དབུ་བའི་བུམ་པ་དག་འདྲིས་ན་རྠ་དང་ལོ་མ་དག་ལ་སོགས་པ་དག་གི་གོས་དང་བསྒྲུབ་པར་བྱའོ།། བྲིམས་པར་བྱ་བ་གཅེས་པ་དོང་བར་མ་དང་ཐ་མ་དག་སོ་སོར
་ཆོས་བྱ་བ་ནི་བྲིམས་པར་བྱ་བའི་ནས་འདི་རྣམས་ནི་སོ་སོར་བྱམས་པར་བྱ་སྟེ་མ~ཾ་བསྲེ་བར་བྲིམས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཨ་མྲ་ཞིམ་པོ་དག་ལོག་ཤིག་ཏུ་བརྟུལ་ཏེ་བྲིམས་པ་བྱའོ་ཞེས་བྱ་བ་ལོ་མདོ་སྔ་མ་འདི་སྙོམས་པར་བསལ་བའི་དོན་ས
་འདི་རྣམས་ནི་རྒན་པ་ཉིད་མ་ཡིན་ཏེ། དེ་བས་ན་སྤྲོས་པ་འདི་ནི་རྒན་པ་དང་གཞོན་པ་དང་བར་མ་དག་ལ་ཤེས་པར་མི་བྱའོ།། འདྲིམ་པར་བྱེད་པ་ཡིན་ནི་མཁན་པོ་འམ་སློབ་དཔོན་གྱིས་མནོས་པར་མི་བྱའོ།། མི་འཐོབ་པ་འཐོབ་ན་དྲུང་དུ་འདུག་པསོ་ཞེས
་བྱ་བ་ལ་གལ་ཏེ་མཁན་པོའམ་སློབ་དཔོན་གྱིས་འདྲིམ་པར་བྱེད་པས་མི་ཐོབ་པ་འཐོབ་པ་མི་རིགས་པ་ནི་གནས་གཞན་མ་ཡིན་པས་འདི་ལ་བྱིན་ལེན་དུ་བྱ་བའོ།། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདྲིམ་པར་བྱེད་པའི་སྐལ་པ་ནི་མཁན་པོ་དང
་སློབ་དཔོན་དག་གིས་མནོད་པར་བྱའོ།། དེ་དག་གིས་བཟང་པོ་དག་ཐོབ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དགིས་དྲུང་དུ་འདུག་པ་དག་གིས་མནོད་པར་བྱའོ་ཞེས་གསུངས་པ་ཡི་ནོ།། དུ་མ་ཉིད་ཡིན་ན་སྟན་ལས་མ་འཕགས་པས་ཇི་ཙམ་ལེན་ནུས་པའོ་ཞྭ
་བྱ་བ་ནི། གང་གི་དོན་དུ་དེ་མ་ཐག་པའི་གནས་ལ་བཟུང་བར་བྱ་བ་ཉིད་ནི་དེ་དག་དུ་མ་ལ་སྟན་ལས་མ་འཕགས་པར་ཇི་ཙམ་ལེན་ནུས་པ་དེ་ཙམ་མནོད་པར་བྱ་ཞིང་དེ་མ་ཐག་པའི་གནས་དང་ལྡན་པས་བཟུང་བར་བྱའོ།། འདྲིལ་བ་ལ་ནི་རང་གནས་ལས་མ་འཕགས་པས
་ལེན་ནུས་པ་ཉིད་ཡིན་ན། བྱིན་ལེན་མ་ཞིག་གོ་ཞེས་བྱ་བ་ནི་གང་ཞིག་བྱིན་ལེན་བྱས་པའི་ཟས་འདྲིལ་ཅིང་གནས་ནས་གུང་དུ་སོང་བ་གང་ཡིན་པ་དེ་ནི་སྟན་ལས་མ་འཕགས་པས་ལེན་ནུས་པ་ཉིད་ཡིན་ན་ལེན་མོ་ཞིག་པ་ཡིན་ལ་གཞན་དུ་ན་ཞིག་པ་ཁོ་ན་ཡིན་ནོ།། །
་སྦྲང་བུ་དང་གྲོག་སྦུར་ལ་སོགས་པ་དག་གིས་རེག་པ་ཡང་ཞེས་བྱ་བ་ནི་བྱིན་ལེན་མ་ཞིག་པའོ།། སོགས་པའི་སྒྲས་ནི་བྱིའུ་ཕྲུག་བྱུང་མ་ཐག་པའི་ཆད་པས་ཀྱང་ཆུང་ངའི་སྐྱེ་བ་ཕྲ་མོ་དག་བསྡུའོ།། དགེ་སློང་གིས་མ་བཏང་བ་ལ་གཞན་གྱིས་ཀྱང་ཞེས་བྱ་བ་ནི་དགེ་སློང་གིས
་འཛིན་པ་མ་བཏང་བ་ལ་སྦྲང་བུ་དང་གྲོག་སྒུར་ལ་སོགས་པ་གཞན་གྱིས་རེག་པས་ཀྱང་བྱིན་ལེན་མ་ཞིག་པའོ།། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཉིད་ཀྱིས་བྱིན་ལེན་བྱ་ཞིང་དེ་ལ་བགོ་བཤའ་བྱ་སྟེ། བཟའ་བར་བྱའོ་ཞེས་གསུངས་པ་ཡིནོ།། ཁྱི་ཐ
་ནི་གཞིག་པར་བྱེད་དོ།། ཞེས་བྱ་བ་ནི་བྱི་བས་རེག་པས་ནི་བྱིན་ལེན་ཞིག་པར་བྱེད་དོ།། འདིར་གཞུང་ནི་དེ་ལྟར་དེར་སྦྲང་བུ་དང་གྲོག་སླར་དང་བྱི་བའི་བར་དག་ལྷུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱི་མངས་པ་སོགས་པའི་བྱི་བ་དག་གིས
་རེག་པ་ནི་བྱིན་ལེན་བྱ་སྟེ། བཟའ་བར་བྱའོ།། ཞེས་གསུངས་པ་ཡིན་ནོ།། བྱིན་ལེན་བྱས་པའི་བྱིན་ལེན་སྟོབས་པ་ནི་མི་རིགས་པ་མ་ཡིནོ་ཞེས་བྱ་བ་ནི་རེག་པར་མ་གྱུར་ཏམ་འོན་ཏེ་བྱིན་ལེན་བྱས་པ་མ་ཡིན་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིརརོ།། བྱིན་ལེན་བྱས་པ
་ར་བྱིན་ལེན་བྱེད་པ་ནི་རིགས་པ་དང་མི་ལྡན་པ་མ་ཡི་ནོ།། ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་བྱིན་ལེན་མ་བསྟབས་པ་ཉིད་ལའོ།། མུ་དང་སོ་ཤིང་མ་གཏོགས་པ
་བཟའ་བོར་བྱ་བ་ལའོ་ཞེས་བྱ་བའི་དོན་ཏོ།། འདིར་ཆུ་དང་སོ་ཤིང་ཞེས་བྱ་བ་སྨོས་པ་ཡི་དཔེ་ཙམ་དུ་ཟདེ་ཁ་སྦྱང་བའི་ཐོ་རངས་ཀྱི་ཆུ་དང་བའི་ལྕི་སྐམ་དང་ལྕི་བ་དག་ཀྱང་འདིས་བསྡུས་པར་རིག་པར་བྱའོ།། དེ་ཡང་། བསྐྱང་བའི་ཟས་ཀྱི་ཕྱིར་སོ་ཤིང་ལ་འདི་ནི
་ཉེས་པ་མེད་པ་ཉིད་ཡིན་གྱི་མགུལ་དུ་མེད་པའི་ཕྱིར་ནི་མ་ཡིནོ།། དེར་བྱིན་ལེན་མ་བྱས་པ་ཉིད་མགུལ་དུ་མེད་པ་ལ་ནི་ལྟུང་བྱེད་དུ་ཁོ་ནར་འགྱུརོ།། མགུལ་ནས་ཁའི་མ་ཐ་དད་པར་གྱུར་པས་བཟའ་བར་གང་ཡིན་པ་དེ་ལ་ནི་ཉེས་བྱ་སུ་འགྱུརརོ་ཞེས་བྱ་བ་ཡང་ཤེས
་དེའི་ཕྱིར་ཤེས་པར་བྱའོ།། གཟུགས་དང་མི་ལྡན་པ་ལ་ཡང་བློས་བཟའ་བར་འགྱུར་བ་ཡིན་ཏེ། དེ་ལྟར་ཡང་རེག་པ་དང་ཡིན་ཀྱིས་ཀུན་ཏུ་སེམས་བཟའ་བ་ཉིད་ཀྱི་མངོན་པར་བརྗོད་པའོ།། བཟའ་བ་ཡང་གང་ཞིག་བློ་འདི་རྣམས་ཉེ་བར་འཚེ་བར་བྱེད་པ་དེ་ཞེས་བྱ་བ
་ནུས་པར་བྱའོ།། དེ་བས་ན་ཁྱད་པར་བསྟན་པར་བྱ་བའི་ཕྱིར་ཁར་རོ་ཞེས་བྱ་བ་སྨོས་སོ།། ཇི་ཞིག་རྗེ་སུ་བསྒྲུབ་ན་འདིའི་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟོས་ནའོ་ཞེས་བྱ་བ་སྨོསོ།། ཅི་ཡུལ་ཐམས་ཅད་དུའམ་ཞེ་ན། དེའི་ཕྱིར་བྱང་གི་སྒྲ་མི་སྙན་མ་གཏོགས་པརོ་ཞེས
་བྱ་བ་སྨོས་ཏེ། འདིར་ཞུ་བ་ལས་བྱང་གི་མི་སྙན་གྱི་གླིང་ན་ཟས་མ་བྱིན་པར་ཁའི་སྒོ་ནས་ཟ་བར་བྱེད་དེ། གལ་ཏེ་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབ་ན་ནི་ལྟུང་བ་མེད་དོ།། ཇི་སྟེ་བྱིན་གྱིས་མི་རློབ་ན་ནི་ཉེས་བྱསོ་ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བ་དེ་འདིའི
་བསྡུས་པ་ཡིན་ནོ།། ནང་པས་བསྙེན་པར་རྫོགས་པ་མེད་ན་བསྙེན་པར་མ་རྫོགས་པ་ལ་ཟན་མནོད་པར་བྱའོ།། ཞེས་བྱ་བ་ནི་ནད་པའི་ཁར་ཟིན་མནོད་པ་ལ་འདི་ཡིན་གྱི་རྗེ་སུ་གནང་བའི་དངོས་པོ་ལ་ནི་དེ་བསྙེན་པར་རྫོགས་པ་ལ་གནང་བ་མ་ཡིན་པས་བཏ
་བ་མ་ཡིན་པ་ཉིད་ཀྱི་ཕྱིར་འདི་མི་བྱ་བ་ཉིད་དོ།། བསྙེན་པར་མ་རྫོགས་པས་བཟའ་བར་བྱའོ་ཞེས་བྱ་བ་ནི་ནོད་པ་ཁོ་ན་སྟེ་གཏོང་བར་བྱེད་པ་ཉིད་ཀྱི་ཕྱིར་འདི་མི་བྱ་བ་ཤེས་པར་མི་བྱ་བའི་དོན་ཏོ།། འདིར་གཞུང་ནི་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག
་ཉལ་བའི་ལྟུང་བྱེད་ཀྱི་ཆོ་ག་གཉིས་པོ་དག་གོ།། བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དོ།། །། འོ་མ་དང་ཞོ་མ་དང་མར་དང་ཉ་ཤ་དང་ཤ་སྐམ་ལྟ་བུ་ནི་ཁ་ཟས་བསོད་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུ་དག་ཞེས་བྱ་བའི་དོན་ཏོ།། དེ་ནི་བྱེད་པ་པོའོ
་ཞེས་བྱ་བ་ལ་འོད་ནི་ཟས་བསོད་པ་སྟེ། དེ་ནི་ལྟུང་བ་འདིའི་བྱེད་པ་པོ་ཡིན་ནོ།། སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་ཀྱང་ངོ་ཞེས་བྱ་བ་ལ། ཉེ་དུར་མ་གྱུར་པའི་ཁྱིམ་པ་ནི་ཉེ་དུ་མ་ཡིན་པའི་ཁྱིམ་པ་སྟེ་དེའི་དངོས་པོ་ནི་དེ་ཉིད་དོ།། འདིར་སྦྱིན་པ་པོའི
་བྱེད་པ་པོ་གཞན་གྲོགསུ་གྱུར་པ་ནི་ཟས་བསོད་པ་འདི་ལའོ།། ཉེ་དུ་མ་ཡིན་པ་ཞེས་བྱ་སྨོས་པ་ལ། གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་བྲོ་མ་འཚལ་བར་བདག་ཉིད་ཀྱིས་སླད་དུ་ཁྱིམ་དག་ན་ཟས་བསོད་པ་བླངས་ཏེ་འཆའ་བ་ལ་ལྟུང
་བར་ཡང་མི་འགྱུར་བ་མཆིས་སམ་ཡོད་དེ་ཉེ་དུ་ལས་བླངས་ཏེ་ཟ་ན་ལྟུང་བ་མེད་དོ་ཞེས་བསྟན་པ་ཡིན་ནོ།། རབ་ཏུ་བྱུང་བ་གང་ལ་ཉེས་བྱས་བྱེད་པ་ཉིད་མ་ཡིན་པ་ཉིད་མ་ཡིན་པ་ཉིད་ལྟུང་བའི་རྟགས་འདི་ཡིན་ཞེས་བྱ་བ་འདིར་ཁྱིམ་པའི་ཚིག་གིས
་འདི་འབྱུང་བར་རིག་པར་བྱའོ།། གང་གི་ཚེ་དེ་གཉིས་ལྟུང་བ་འདི་ལ་བྱིད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་རང་གིས་བླངས་ཏེ་ཟོས་ནའོ་ཞེས་བྱ་བ་སྨོས་ཏེ། རང་གིས་བླངས་ཏེ་ཟོས་ནའོ།། མི་ན་བས་བླངས་པ་དང་སློང་བཅུག་པ་ཉིད་དེ་ལ་ནི་ཉེས་བྱས་ཀྱི།
་ཞེས་བྱ་བ་མིན་པས་རང་གིས་བླངས་པ་ཙམ་ལ་ཡང་དེ་གཉིས་ཉེས་བྱས་ཁོ་ནའི་བྱེད་པ་པོ་ཡིན་ལ་མི་ན་བར་གཞན་སློང་དུ་བཅུགོ་སྟེ་ཉིད་ནི་སློང་དུ་བཅུག་སྟེ་ཟོས་པ་དེ་ལ་ནི་དེ་གཉིས་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ།། མི་ན་བར་སློང་དུ
་བཅུག་པ་ལ་ནི་ཉེས་བྱས་ཕྲ་མོར་འགྱུརརོ།། ཅི་མི་ན་བ་ཐམས་ཅད་ལ་དེ་ཉིད་གཉིས་ཁ་ན་མ་ཐོ་བོ་འདིའི་བྱེད་པ་ཡིན་ནམ་ཞེ་ན། དེའི་ཕྱིར་ཅི་བདེར་བསྟབས་པ་མ་བྱས་པ་ལའོ་ཞེས་བྱ་བ་སྨོས་ཏེ། གང་ལ་སློང་བར་བྱེད་པ་དེས་མ་བྱས་པ་དེས་ནི་ཅི་བདེར་བསྟབས
་པ་མ་བྱས་པ་ལ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་བསོད་སྙོམས་ལ་རྒྱུ་ཞིང་ཁྱིམ་དག་ཏུ་འགྲོ་བ་ན་བུད་མེད་ཀྱི་ཡུལ་ཟས་ཐོགས་ཏེ་ཕྱིར་བྱུང་བའི་ཚེ་དགེ་སློང་ཅང་མི་སྨྲ་བར་སྡོད་པ་ན་བུད་མེད་ཀྱི་ཡུལ་ན་རེ་འཕགས་པ་ཅི་བཞེད་ཅེས
་འདྲིན་བསྟབས་པར་བརྗོད་པར་བྱ་སྟེ། ཅི་འདོད་པ་དེ་བླང་བར་བྱ་བ་ལ་ལྟུང་བ་མེད་དོ།། སྦྱིན་བདག་གིས་ཅི་བདེར་བྱས་པ་ལ་ལྟུང་བ་མེདོ་ཞེས་གསུངས་པ་ཡིན་ནོ།། དེའི་ཕྱིར་ངན་པ་འམ་བསོད་པ་འམ་ཐ་མལ་པ་འམ་བཟང་པོ་འཐོབ་པ་ནི་གལ་ཏེ་བླངས་ན་ཡང་ངོ།
་ཞེས་བྱ་བ་ནི་གང་གི་ཕྱིར་ཅི་བདེར་བསྟབས་མ་བྱས་པ་ལ་འདི་ནི་བྱེད་པ་པོ་ཡིན་ཏེ་ཅི་བདེར་བསྟབས་པ་བྱེད་པ་གཅིག་ནི་འདིར་ངེས་པར་འབྱུང་བ་སྟེ། ཉེ་བར་བསྡུས་པ་ལ་བྱེད་པ་པོ་མ་ཡིན་ནོ།། དེ་ལས་རྙེད་པར་གྱུར་པ་ལ་ཡང་གལ་ཏེ་འདི་དང་འབྲེལ
་པའི་བླངས་པ་མེད་ན་དེ་ལྟར་ཡང་འདི་བླངས་ཏེ་ཟོས་ན་དངོས་གཞིའི་བྱེད་པ་པོ་ཡིནོ།། ངན་པ་འདི་ལ་ཕྱེད་ཉིད་དོ་ཞེས་བྱ་བ་ནི་གང་ཞིག་བླངས་ཏེ་ཟ་བ་འདི་ལ་བྱེད་པ་པོ་ཉིད་བསྟན་པ་དེར་ངན་པ་འདི་ལ་ནི་ཕྱེད་ཉིད་དེ་ཉེས་བྱས་སོ།། རང་གིས་བླངས་ཏེ་ཟ་བ་འདི་ལ
་ནི་ཉེས་བྱས་ཕྲ་མོར་འགྱུར་ཏེ་སློང་དུ་གཙུག་པའི་སྦྱོར་བ་ལ་ཡང་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་གིས་འོ་མ་ཐོབ་པ་ན་ཞོ་སློང་བར་བྱེད་ན། དེ་སློང་བ་ལ་ནི་ཉེས་བྱས་ལ་འཐུང་ན་ནི་ལྟུང་བ་མེད་དོ།། དགེ་སློང་གིས་བསོད་པ་ཐོབ་པ་ན་ངན་པ
་སློང་བར་བྱེད་ན་དེ་སློང་པོ་ལ་ཉེས་བྱས་ལ་ཟོས་པར་གྱུར་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ།། ངན་པ་ཐོབ་པར་གྱུར་པ་ཉིད་ལ་ནི་ཐམས་ཅད་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིནོ་ཞེས་བྱ་བ་འདིས་ནི་ཕྱེད་ཚིག་གི་འདི་ལ་བྱས་པར་རིག་པར་བྱའོ།། ཟར
་ཁྱེར་ཏེ་ཕྱིས་བྱུང་བས་ཅང་མི་སྨྲ་བའམ་ཕྱིར་སྤོང་བ་ལ་འོ་ན་ཅི་སློང་ཞེས་དྲིས་པ་ན་ཅི་བདེར་བར་བསྟབས་པ་ཉིད་ཡིནོ་ཞེས་བྱ་བ་ནི་དྲིས་པ་འདི་ལ་ཅི་བདེ་བར་བསྟབས་པ་ཉིད་ཡིནོ།། དེ་བས་ནི་འདིར་བྱས་པ་ལ་གང་འདོད་པ་དེ་བླང་བར་བྱའོ།།
་བསོད་པ་སློང་བའི་ལྟུང་བྱེད་དོ།། །། རང་སྤྱོད་པའི་དོན་ཉིད་ལ་འཇུག་པ་དག་ལའོ་ཞེས་བྱ་བ་ནི་འདི་དག་ལ་གཞན་ཉེ་བར་སྤྱོད་པའི་དོན་ཉིད་ལ་སྟེ། དཔེར་ན་དགེ་འདུན་གྱི་གཙུག་ལག་ཁང་དུ་ལྷུང་བཟེད་དང་ཆོས་གོས་ལ་སོགས་པའི་ཝ
་ལ་དོན་མ་ཡིན་པ་ཉིད་ལ་ཡང་ངོ་།། འདི་ལྟ་སྟེ་དཔེར་ན་དོན་མེད་པར་ཆུ་ལ་སོགས་པ་ལ་སྤྱོད་པ་དང་། རྩ་ལ་སོགས་པ་སྤངས་པ་དང་ཤིང་ལ་སོགས་པ་འཕྲོ་བ་ལ་སོགས་པ་ལ་སྔར་བསྟན་པའི་ལྟུང་བྱེད་ནི་བྱེད་པ་པོ་ཉིད་དོ།། གང་ལ་རང་འཇུག་པ་དང་གཞན་འཇུག་ཏུ
་འཛུད་པར་བྱེད་ན་རང་སྤྱད་པའི་དོན་ཉིད་ལ་ཡང་སྨྲས་པ་ནི་དེ་ལ་ཤེས་གཙོ་བོ་ཞེས་བྱ་བ་སྟེ། དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་ཉིད་དོ།། གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྲོག་ཆགས་དང་བཅས་པ་ཉིད་ལའོ་ཞེས་བྱ་བ་སྨོས་སོ།། །
་གང་གི་སྲོག་ཆགས་དང་བཅས་པ་ཉིད་ལ་ཞེ་ན། དེའི་ཕྱིར་མུ་དང་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དང་འོ་མ་དང་ཞོ་དང་མར་སར་པ་དང་ཚྭ་དང་འབྲུའི་ཚྭ་དང་ཞོ་ཁ་ཆུ་དང་། རྩ་བ་མོ་དང་ཤིང་ཏོག་དང་བཅའ་བར་བྱ་བ་ལ་སོགས་པ་ཉེ་བར་སྦྱར་བར་བྱའོ
་ཞེས་བྱ་བ་སྨོས་ཏེ། སྲོག་ཆགས་དང་བཅས་པའི་ཚུ་ལ་ཞེས་བྱ་བ་ལ། ཆུའི་ཚིག་ནི་སོ་སོར་ཐར་པར་དཔེར་མཚོན་པ་ཙམ་དུ་ཟད་ཀྱི་འདི་ནི་སྐྱེ་བའི་དབང་གིས་གནས་ཡིན་ཏེ། ཆུ་འདི་ལ་ཤིན་ཏུ་མང་དུ་འཇུག་པ་འདི་ལ་ལྟུང་བའི་ཕྱིར་རོ།། ཉེ་བར་སྦྱོར་བ་དེ་དག
་སྲོག་ཆགས་ཇི་ལྟ་བུ་དང་བཅས་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྣང་བ་དག་གིས་སོ་ཞེས་བྱ་བ་སྨོས་སོ།། འདིར་གང་གི་ཚེ་འདིའི་བྱེད་པ་པོ་ཉིད་ཡིན་ཞེས་ན། དེའི་ཕྱིར་ཤི་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་སྲོག་ཆགས་དུ་མེ་ཤི་ན་ཡང་ངོ་ཁ་ན་མ་ཐོ་བོ་གཅིག་གི
་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་སྲོག་ཆགས་རཾའི་འོ་ཞེས་བྱ་བ་སྨོས་ཏེ། སྲོག་ཆགས་ཇི་སྙེད་སྦྱོར་བ་དེའི་དབང་གིས་སྲོག་ཆགས་དེ་དུས་བྱས་ན་དེ་ཉིད་ཁོ་ནའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སླར་སྤྱོད་པ་གང་ཡིན་ཞེ་ན། དེའི་ཕྱིར་སྤྱོད་པ་ན་ལུས་ཀྱི་ཏེ
་བར་སྤྱོད་པའོ་ཞེས་བྱ་བ་སྨོས་ཏེ། དེ་ནི་སྤྱད་པ་མཚན་ཉིད་ཀྱི་སྒོ་ནས་བསྟན་ནས། ད་ནི་ངོ་བོའི་སྒོ་ནས་བསྟན་པའི་ཕྱིར། འདི་ལྟ་སྟེ་ཁྲུས་དང་བཏུང་བ་དང་སོ་ཤིང་དོན་བ་དང་ལག་པ་དང་རྐང་པ་བཀྲུ་བའོ་ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་ཡོ་བྱད་དག་ཏུ་ཉེ་བར་སྤྱོད་པ
་གང་ཡིན་པ་དེ་ལུས་ཀྱི་ཉེ་བར་སྤྱོད་པ་ཁོ་ན་ཡིན་པར་ཤེས་པར་བྱའོ།། ཞེས་བྱ་བའི་ཕྱིར་ཡོ་བྱད་དག་ཏུ་ཉེ་བར་སྤྱད་པ་གང་ཡིན་པ་དེ་ནི་ལུས་ཀྱི་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་གི་ཡན་ལག་ཏུ་གང་བྱེད་པ་དེ་ཉིད་ལ་དེ་བྱས་པར་འགྱུར་ཞེས་བྱ་བའི་དོན་ཏོ།། སླ
་ཁུས་ཀྱི་ཡོ་བྱད་དེ་དག་གང་དག་ཡིན་ཞེ་ན། དེའི་བཟའ་བར་བྱ་བ་དང་ལྷུང་བཟེད་དང་ཆོས་གོསོ་དང་གནས་དང་སོ་བཀྲུ་བ་དང་མེ་ལ་སོགས་པ་ནི་ལུས་ཀྱི་ཡོ་བྱད་དག་ཡིན་ནོ་ཞེས་བྱ་བ་སྨོས་སོ།། འོ་ན་ལུས་ཀྱི་ཡོ་བྱད་རྣམསུ་ཉེ་བར་སྦྱར་བ་གང་ཡིན་པར་བལྟ
་བར་བྱ་ཞེ་ན། དེའི་ཕྱིར་དེ་དག་ཏུ་ནི་ས་དང་ལྕི་བ་དང་ཚོན་དང་རྩེ་དང་ཤིང་ལ་སོགས་པའོ་ཞེས་བྱ་བ་སྨོསོ།། ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་དེ་དག་ལ་ཆུ་ལ་སོགས་པ་དགོས་པ་གང་ཡིན་ཞེ་ན། དེའི་ཕྱིར་དེ་དག་ཏུ་དགོས་པི་ནོ་འདི་ལྟ་སྟེ་བྱི་དོར་བྱ་བ
་དང་ཁ་བསྒྱུར་བ་དང་ཆག་ཆག་གདང་བ་དང་། ཕྱག་དར་བྱ་བ་དང་ཞལ་ཞལ་བྱ་བ་དང་འུ་ཤ་དང་ཐང་དང་ཐུག་པ་རྣམས་བཏུང་བའོ་ཞེས་བྱ་བ་སྨོས་ཏེ། སྦྱར་བ་འདི་རྣམས་ཞེས་བྱ་བ་འོག་ནས་འབྱུང་བ་འབྱུང་བ་འདི་རྣམས་ལ་ཐམས་ཅད་དུ་སོ་སོར་མངོན་པར
་སྦྱར་བར་བྱའོ།། ཆུ་སྲོལ་བཀག་པ་དང་བསལ་བ་དག་ཀྱང་ངོ་ས། ཤིང་དང་གཡེང་བ་དག་གཞུག་པ་དང་དྲང་བ་དང་བཤལ་བ་དག་ཀྱང་ངོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བར་སྦྱར་རོ།། འདི་ཤིང་དང་གཡེང་བ་ཞེས་བྱ་བ་ནི་དཔེ་ཙམ་དུ་རིག་པར་བྱའོ།།
་རིམ་པ་གཅིག་པ་ལས་གཞན་པ་སྤུ་ཅན་ལ་སོགས་པ་བཀྲུ་བ་ཡང་ངོ་ཞེས་བྱ་བ་ལ། རིམ་པ་གཅིག་པ་ལས་གཞན་པ་ཞེས་བྱ་བ་ཚིག་རྐྱང་ལས་སོ།། གཞན་པ་ཞེས་བྱ་བ་ལ། འདི་ནི་ངོ་བོ་ལས་སྟོན་པར་བྱེད་པ་སྤུ་ཅན་ལ་སོགས་པས་ཞེས་བྱ་བས་ས
་དེ་ཡང་སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུ་ལྟ་བུ་ཡང་སྦྱོར་བ་དག་ཡིན་ནོ་ཞེས་བྱ་བ་ལ། དེ་ཡང་ཞེས་བྱ་བ་ནི་གོས་རིམ་པ་གཅིག་པ་དེ་ཡང་ངོ་།། ཆུ་ཞེས་བྱ་བ་ན་བཀྲུ་བ་ཡང་ངོ་ཞེས་བྱ་བར་སྦྱར་རོ།། དེ་ལྟར་བུ་ཡང་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུ།
་ཡང་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་གིས་སྲོག་ཆ་གོས་དང་བཅས་པའི་ཆུར་ཤིང་འཛུད་འདེབས་སམ་ཕྱག་དར་བྱེད་པ་དང་འུ་ཤ་དང་ཐང་དང་ཐུག་པ་དག་བྱེད་ན་སྲོག་ཆགས་ཇི་སྙེད་འཆི་བ་དང་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་ལ། མི་འཆི
་ན་ནི་ཉེས་བྱས་སོ།། དགེ་སློང་གི་སྲོག་ཆགས་དང་བཅས་པའི་ཆུའི་ཡུར་ང་འོག་ག་གམ་སེལ་བར་བྱེད་ན་སྲོག་ཆགས་དང་ཇི་སྙེད་འཆི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་ལ་མི་འཆི་ན་ནི་ཉེས་བྱས་སོ།། དགེ་སློང་གིས་སྲོག་ཆགས་དང་བཅས་པའི་ཆུར་ཤིང
་འཛུད་དམ་འདྲེན་ནམ་ཆུའི་ནང་ནས་སྐམ་སར་བཤལ་ལ་གཡེང་བས་གཡེང་བར་བྱེད་དམ་འདྲེན་ནམ་ཆུའི་ནང་ནས་སྐམ་སར་བཤལ་བར་བྱེད་ན་སྔ་མ་བཞིན་ནོ།། གོས་སྤུ་ཅན་དང་ལྡན་པ་ཅན་དག་ཤིང་གིས་བརྡུང་བ་དང་འཁྲུ་བར་བྱེད་ན་སྲོག
་ཆགས་ཇི་སྙེད་འཆི་བ་དེ་ཉིད་ཀྱི་ལྟུང་བྱེད་དུ་འགྱུར་ལ་མི་འཆི་ན་ནི་ཉེས་བྱསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གོས་སྤུ་ཅན་དང་ལྷན་པ་ཅན་དག་ཤིང་གིས་བརྡུང་བ་དང་བཀྲུ་བར་མི་བྱ་སྟེ་འཁྲུ་ན་འགལ་ཚབས་ཅན་དུ་འགྱུ་རོ།། འོན་ཀྱང་རིམ་པ་གཅིག
་ནི་བཀྲུ་བར་བྱའོ།། དགེ་སློང་དོག་གིས་བཀྲུ་བ་གཏན་བཏང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ན་སྲེག་ཆགས་ཀྱི་ཁམས་མང་ལ་ཆུའི་ཁམས་ཉུང་བ་དེར་བཀྲུ་བར་མི་བྱའི་གང་ན་ཆུའི་ཁམས་མང་ལ་སྲོག་ཆགས་ཀྱི་ཁམས་ཉུང
་བ་དེར་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིནོ།། འདི་ནི་ཉེ་བར་ལོངས་མ་སྤྱད་པ་མ་ཡིནོ།། དེ་བས་ན་འདིར་འགལ་ཚབས་ཅན་དུ་འགྱུརརོ་ཞེས་གསུངས་པ་ནི་ལྟུང་བྱེད་དུ་འགྱུརརོ་ཞེས་བྱ་བར་དགོངས་པར་རིག་པར་བྱའོ།། སྲོག་ཆགས་དང་བཅས་པའི་ཆུ་ལ
་ལོང་སྤྱོད་པའི་རྣམ་པར་འབྱེད་པའོ།། །། སྤྱང་ཚགས་བཅང་བར་བྱའོ་ཞེས་བྱ་བ་ལ། སྨང་ཆགས་ཞེས་བྱ་བ་འདི་ཡང་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་བཟེད་སྣོད་ཀྱི་སྟེང་གི་ན་མཁའ་ལ་བཞག་པར་བྱའོ་ཞིང་དག་པ་དང་བཙག་པར་བྱ་བའི་ཆུ་བ་ཟེད
་བར་བྱེད་པ་ཆགས་གདགས་པར་བྱ་བའི་ལྕགས་དག་བཏབ་པའི་ཤིང་བུ་གསུམ་དང་ལྷན་པ་ནི་དེ་ཞེས་བྱ་བ་སྨོས་ཏེ། ཆུ་བཟེད་པར་བྱེད་པའི་ཆགས་གདགས་པར་བྱ་བའི་འོག་ཏུ་བུམ་པ་ལ་སོགས་པའི་སྣོད་བཞག་པར་བྱ་བ་གང་ཡིན་པའི
་བཟེད་སྣོད་ཀྱི་སྟེང་གི་ནམ་མཁའ་ལ་བཞག་པར་བྱ་ཞིང་དགང་བ་དང་ཆུ་བཟེད་པར་བྱེད་པའི་ཚོགས་གདགས་པར་བྱ་སྟེ། དེ་དབྱུང་བར་བྱ་འབའི་དོན་དུ་ལྕགས་གཟེར་དག་བཏབ་པ་དེ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་སྤྱང་ཆགས་བྱ་ཞིང་དེའི་ལ
་ཐོག་ཏུ་ལྕགས་གཟེར་དག་གདབ་པར་བྱའོ་དེ་ལ་ཆུ་ཚགས་གདགས་པར་བྱ་ཞིང་དེའི་འོག་ཏུ་བུམ་པ་བཞག་པར་བའོ།། ཆུད་སྣོད་ཀྱི་བུམ་པ་དག་དགང་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། གང་ཞིག་འདིར་ཆུའི་སྣོད་ཀྱི་བུམ་པ་དགང
་བར་བྱའོ་ཞེས་གསུངས་པའི་དོན་དུ་ནི་ཆུ་སྣོད་ཀྱི་བུམ་པ་གང་པོར་བྱ་ཞེས་གསུངས་པས་བཟེད་སྣོད་དང་འདི་ལ་སོགས་པར་བྱེད་པས་ཞེས་བྱ་བ་དོན་གྱིས་རིག་པར་བྱའོ།། ཆུ་གནས་པར་བྱ་བའི་ཕྱིར་ཆུ་ཆེགསུ་གཅལ་བ་གཞུག་པར་བྱའོ་ཞེས་བྱ་བ
་ནི་ཆུ་གནས་པར་བྱ་བའི་ཕྱིར་ཆགས་དེའི་ནང་དུ་གཅལ་བ་གཞུག་པར་བྱའོ།། གཅལ་ཅི་ཞིག་གཞུག་པར་བྱ་ཞེ་ན་དེའི་ཕྱིར་ཕྱེ་མ་འམ་ལྕི་བའོ་ཞེས་བྱ་བ་སྨོས་སོ།། ཡང་ན་ཚེགས་རྟེན་སྣོད་དོ་ཞེས་བྱ་བ་ནི་ཆུ་གནས་པར་བྱ་བའི་ཕྱིར་ཆུ་ཚགས་ལ་ཡང
་ན་ཚོགས་རྟེན་སྣོད་གཞུག་གོ། དེ་ཅི་འདྲ་བ་ཞིག་ཅེ་ན་དེའི་ཕྱིར་ས་དང་ཟངསོ་མ་ལས་བྱས་པ་གང་ཡང་རུང་བའོ་ཞེས་བྱ་བ་སྨོས་ཏེ། ས་ལས་བྱས་པ་ཡང་རུང་ཟངས་མ་ལས་བྱས་པ་ཡང་རུང་ཞེས་བྱ་བའི་དོན་ཏོ།། དེ་ནི་ཤིང་བུ་གསུམ་གྱིས་ཐོག
་མ་ལ་གདགསོ་ཞེས་བྱ་བ་སྟེ་ཇི་ལྟར་ཞེ་ན། དེའི་ཕྱིར་བུ་གུར་ལུང་བྱས་ཏེའོ་ཞེས་བྱ་བ་སྨོས་ཏེ། འདིར་བུ་ག་ཕུག་ནས་དོན་བསྒྲུབ་པ་ལ་བལྟོས་ནས་བུ་ག་དུ་མ་ཡང་བྱའོ་ཞེས་བྱ་འདིས་ཁས་བླ་དྲ་པར་བྱའོ།། ཕྱི་རོལ་གྱི་ངོས་སུ་ཆགས་རྟེན
་སྣོད་བཞག་པར་བྱའོ་ཞེས་བྱ་བ་ནི་བཅང་བ་གང་དང་གང་མེད་པོས་འདི་ལ་གནས་པ་མེད་ན་དེ་འདི་ལའོ།། དེ་ཡང་སྐྱེས་པ་ལ་དགོངས་ནས་སྨོས་པ་ཡིནོ།། དེ་ལྟར་དེ་ཅི་ཞིག་གིས་གདགས་ཤེ་ན། དེའི་ཕྱིར་སྔ་མ་ནི་ཐ་གུས་ཕྱི་མ་ནི་ལྕཊ
་ཐག་འཇམ་པོས་སོ་ཞེས་བྱ་བ་སྨོས་ཏེ། སྔ་མ་ས་ལས་བྱས་པ་ནི་ཐ་གུས་གདག་སོ།། ཕྱི་མ་ཟངས་ཀྱིས་བྱས་པ་ནི་ལྕགས་ཐག་འཇམ་པོས་གདག་སོ་ཞེས་བྱ་བའི་དོན་ཏོ།། དེ་བཅང་བར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བཅང་བའི་བྱ་བའི་སྣོད་དོ།། འདིར་དེ
་ཡན་ལག་ཉིད་ལྕགས་ཐག་དང་ཐ་གུ་བསྟན་ནོ།། དེ་བས་ན་འདི་དག་ལ་ཡང་འདིར་འཆང་བ་བསྟན་པར་རིག་པར་བྱའོ།། ཆུ་མི་འཛག་ན་ཤིང་ལེབ་ཀྱིས་ཆུ་ཚགས་ལ་དལ་བུ་དེལ་བུས་གདབ་པར་བྱའོ།། བུམ་ཚེགས་གཅེའུ་ཅན་ནི་ཚེགས་ཆུང་ངུ་ཞེས་བྱ།
་ནི་སྤྱང་ཆགས་ཡོད་ཀྱང་ཆོག་ཆུང་ཞིང་སླ་བ་ཡིན་པས་དེ་ལ་འདོད་པ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། བུམ་ཆགས་གཅེའུ་ཅན་ནི་དེ་ནས་དགང་བར་བྱ་བར་རིག་པར་ཞེས་བསྟན་པས་བསྟན་ཟིན་ཏོ།། བཅང་བ་ནི་རིགས་སམ་མི་རིགས་ཞེས་བྱ་བ་མ་བསྟན་ཏོ།། །
་དེ་བརྗོད་པར་བྱ་སྟེ་དེའི་ཕྱིར་དེ་བཅང་བར་བྱའོ་ཞེས་བྱ་བ་སྨོས་སོ།། དེ་ལས་བྱོས་པ་ཞེ་ན། དེའི་ཕྱིར་ས་འམ་ཟངས་མ་ལས་བྱས་པའོ་ཞེས་བྱ་བ་སྨོས་སོ།། དེའི་དབྱིབས་ཅི་འདྲ་ཞེ་ན། དེའི་ཕྱིར་དེ་ནི་བུམ་པའི་དབྱིབས་དང་ནང་པདྨའི་བུ་གུ་ལྟ་བུ་དང་ལྡན་པས་འོག
་སྦུབས་ཅན་ཡིན་ནོ་ཞེས་བྱ་བ་སྨོས་ཏེ།། འདི་རྣམས་ཀྱི་འོག་ན་རྩའི་སྦུབས་ཡོད་པས་ན་འོག་སྦུབས་ཅན་ནོ།། ནང་པདྨའི་བུ་གུ་ལྟ་བུ་དང་ལྡན་པ་ཞེས་བྱ་སྟེ། དེ་བས་ན་འདིས་འདི་ལ་མ་བཟུང་པདྨའི་སྙིང་པོའི་ནང་ན་གནས་པའི་བུ་གུ་དག་ལྟ་བུ་ནང་གི་བུ་ག
་འོག་སྦུབས་ཅན་གང་ལ་ཡོད་པ་དེ་ནི་འོག་སྦུབས་ཅན་པདྨ་ལྟ་བུ་ནང་གི་བུ་ག་ལྟ་བུའོ།། པདྨའི་ལྟེ་བ་མེད་པར་པདྨ་ལྟ་བུ་ཉིད་འགྲུབ་པ་མ་ཡིན་ཏེ། དེ་བས་ན་འདི་ལ་ཚིག་འདི་ཀུན་ནས་ཐོབ་པར་རིག་པར་བྱའོ།། འདིར་གཞུང་ནི་བུམ་པའི་དབྱིབས་ལྟ་བུ
་བྱ་ཞིང་དེའི་ནང་དུ་པདྨའི་རྣམས་པ་ལྟ་བུའི་བུ་ག་འདོད་པར་བྱའོ།། དེ་དག་བསྡུ་བའི་ཕྱིར་དེ་དག་གི་སྟེང་དུ་བུ་གུ་ཆེན་པོ་གཅིག་གདོད་པར་བྱའོ།། དེ་དག་ཉིད་བསྡུ་བའི་ཕྱིར་འོག་སྦུབས་ཅན་དུ་བྱའོ་ཞེས་གསུངས་པ་ཡིན་ནོ།། འདིར་བྱམ་པའི
་བུ་ག་ཆེན་པོ་གཅིག་གདོད་པར་བྱའོ་ཞེས་རྣམ་པར་གནས་པ་ཡིན་ནོ།། དེ་ཡང་འདིར་དོན་གྱིས་ཐོབ་པ་སྟེ་དེ་བས་ན་འདིར་མ་བསྟན་ཏོ།། དེ་དག་ཏུ་རས་མ་དགབ་པ་ཉིད་དོ་ཞེས་བྱ་བ་ལ་དེ་དག་ཏུ་ཞེས་བྱ་བ་ནི་ནང་གི་བུ་ག་རྣམས་ལའོ།། འདིར་གཞུང་ནི་དེ་དག་གི་སྟེང་དུ
་རས་གཡོགས་ཏེ་ཆུ་བཙག་པར་བྱའོ་ཞེས་གསུངས་པ་ཡིན་གྱི་བུམ་པའི་བུ་ག་ལ་ནི་མ་ཡིནོ།། ཆུ་ཚགས་ཉེ་བར་བཞག་པར་བྱའོ་ཞེས་བྱ་བ་ནི་བདག་གི་བ་འདི་ཤིན་ཏུ་བྱས་པ་ངེས་པར་བྱ་བའི་དོན་ཏོ།། ཆུ་ཚགས་གྲུ་གསུམ་འམ་རིལ་བ་ཞབས་ཚིགས་ཅན་ནམ
་གསལ་ཆགས་ཀྱང་ངོ་ཞེས་བྱ་བ་ནི་བུམ་ཚེགས་གཅེའུ་ཅན་ནི་ཆུ་ཚགས་ཉིད་མེད་པ་མ་ཡིན་ཏེ། དེ་བས་ན་འདིས་འདི་ལ་མ་བཟུང་བ་ཉིད་དུ་ཤེས་པར་མི་བྱའོ།། འཆང་བ་ཉེས་པར་དགོས་པར་བྱ་བ་ལ་གསལ་ཚོགས་ཀྱི་ཚིག་གིས་བཟུང་བ་ཉིད་དུ་རིག་པར་བྱ
་འམ་ཞེས་བྱ་བའི་སྒྲ་ནི་འདིར་གཅིག་གི་རྣམ་པར་འདི་ཉེ་བར་བཞག་པ་ལ་འདི་ཉེས་པ་ཡིན་གྱི་དུ་མ་ལ་ནི་མ་ཡིནོ་ཞེས་བསྟན་པའི་ཕྱིར། བྱ་མ་བུམ་དང་རིལ་པ་དག་གིས་ཆུ་རུང་བར་བཅུས་པ་ཉིད་དང་ཡོད་པ་ཉིད་ཀྱང་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། བྱམ་བུ
་ཞེས་བྱ་བ་ལ་མ་ཇི་སྲིད་དུ་ཆུ་རུང་བཅུས་པ་ཡོད་པ་དེ་སྲིད་དུ་ཆུ་ཚགས་དང་ལྡན་པ་ཉིད་ཡིནོ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། ཡོད་པ་ཉིད་ཀྱང་ཞེས་བྱ་བ་ནི། དེ་ནས་ལམ་གྱི་ཕྱིར་དེ་བཟུང་བ་ལ་གྲུབ་པར་འགྱུར་བའི་བྱ་མ་བུམ་ཉིད་ལ་ཉེས་པར
་བརྩིས་པ་འདི་ཉིད་དོ།། དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ལ། ཉིད་དོ་ཞེས་བྱ་བ་ནི་ཆུ་ཚགས་ཉིད་དོ།། དེ་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ།། ནང་དང་བཅས་པ་དང་ལྷན་ཅིག་ཏུ་མི་བྱའོ།། གལ་ཏེ་རྐྱེན་དེ་ལྟ་བུ་ཡོད་ན་བཟོད་པ་གསོལ་ཏེའོ།། བྱ་བ་བྱེད་པ་ན་ཡོད
་པ་ཉིད་ཡིནོ།། གཞན་གྱིས་འདི་ལྟར་དེར་བྱིན་ནོ་ཞེས་ཁས་བླངས་པ་ཉིད་དེ་དང་ལྡན་པ་ཉིད་དེ་ཡིན་ནོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་བྱ་བ་བྱེད་པའི་དུས་ལའོ།། རྐུ་བཙག་པའི་དུས་དེར་གཞན་གྱིས་ཁས་བླངས་པ་ལ་དེ་དང་ལྡན་པ་ཉིད་ནི་ཆུ་ཆགས་དང་ལྡན་པ་ཉིད།། །
་གང་གི་ཕྱིར་བྱ་བ་བྱེད་པ་ལ་ཡོད་པ་ཉིད་གང་ཡིན་པ་དེ་ནི་འདིར་ཡོད་པ་ཉིད་ཅེས་བྱ་བའི་དོན་ཏོ།། ལྗོངས་རྒྱུ་བའི་ཚེ་འབྲལ་བ་ནི་སྦྱིན་པར་ཁས་མ་བླངས་ན་དེ་ལ་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི། གང་གི་ཚེ་འབྲལ་བ་ཡོད་པར་གྱུར་ན་དེའི་ཕྱིར་ཚེ་ཆུ་ཚགས་སྦྱིན་ནོ།
་ཞེས་དེ་ལྟར་ཆུ་ཚགས་དང་ལྡན་པས་ཆུ་ཚགས་སྦྱིན་པར་ཁས་བླངས་ན་ལྗོངས་རྒྱུ་བའི་ཚེ་འདི་སྦྱིན་པར་ཁས་བླངས་པ་དེ་དང་ལྡན་པ་ཉིད་གང་ཡིན་པ་དེ་ནི་ཆུ་ཚགས་དང་ལྡན་པོ་ཉིད་དེ། དེ་ལ་བརྟེན་པར་མི་བྱ་སྟེ་འབྲལ་བའི་ཚེ་སྦྱིན་པར་ཁས་བླངས་པ་ནི་ཕྱིས
་འབྲལ་བའི་ཚེན་མེད་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་པའི་ཕྱིར་རོ།། ཕོངས་པར་མི་འགྱུར་བའི་ཉེ་འཁོར་དུ་འགྲོ་བ་ནི་རྒྱུ་བ་མ་ཡིན་ནོ།། དེའི་ཕྱིར་རྒྱང་གྲགས་ལྔ་ཉིད་ཡིན་ནོ་ཞེས་བྱ་བ་ལ། འཕོངས་པར་མི་འགྱུར་བ་ནི་ཉོན་འཁོར་དེ་ཉིད་དོ།། འདིར་དེ་དག་གི
་གཞུང་ནི་ཞུ་བ་ཁ་ཅིག་ལས་བཙུན་པ་ཆབ་ཚགས་མ་མཆིས་པར་གྲོང་གཞན་ནས་གཙུག་ལག་ཁང་གཞན་དུ་མཆིར་རུང་ངམ། རུང་སྟེ་གལ་ཏེ་དེར་སོང་ཡང་ཕོངས་པར་མི་འགྱུར་ནའོ་ཞེས་བྱ་བ་དང་། གཞུང་ཅིག་ཤོས་ཀྱི་ནི་ཆབ་ཆགས་མ་མཆིས་པར
་ཤཱུལ་དུ་ཞུགས་ཏེ་མཆིར་རུང་ངམ། རུང་སྟེ་རྒྱང་གྲགས་ལྔ་ཚུན་ཆད་།། དེ་དེས་དེར་སྟོན་པ་ན་ཕོངས་པར་མ་གྱུར་ན་ཞེས་གསུངས་པ་ཡིན་ནོ།། མདོ་འདིས་ནི་གཞུང་ནི་ཕྱི་མ་ཤོས་བསྡུས་པ་ཡིན་ནོ་གང་ཞིག་འདིར་གལ་ཏེ་དེ
་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བསྡུས་པ་ཡིན་ནོ།། གནས་སུ་བཞག་སྟེ་སོང་བ་དེ་དང་ལྡན་པ་ཉིད་མ་ཡིན་པ་དེ་ནི་རང་དགར་བྱེད་པ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་བདག་དེར་སོང་ན་དེ་དང་ལྡན་པ་ཉིད་ཅེས་བྱ་བ་དེ་ལྟར་ངེས་པ་མེད་ན
་དེའི་ཚེ་ཆུ་ཚགས་མེད་པར་དེས་དེར་འགྲོ་བར་མི་བྱའོ།། དེ་བས་ན་དེ་ལ་འདི་ནི་བྱེད་པ་པོའོ།། འདོད་པས་བྱས་པ་ཉིད་དེ་ལ་ཆུ་ཚེགས་ཉིད་མེད་པར་ཞེས་བྱ་བའི་དོན་ཏོ།། གཅིག་གིས་དགེ་འདུན་མན་ཆད་དུ་མ་དེ་དང་ལྡན་པ་ཉིད་མ་ཡིན་པར་མི་འགྱུརརོ་ཞེས་བྱ་བ
་ནི་དགེ་འདུན་མན་ཆད་དུ་མ་དག་ལ་གཅིག་གིས་ཆུ་ཚགས་དང་ལྡན་པ་ཉིད་མ་ཡིན་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ།། རྒྱུན་མ་གྱོགས་པ་ལ་ཕོངས་པར་མི་འགྱུར་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྒྱང་གྲགས་ལྔ་ལ་དེ་དང་ལྡན་པའི
་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ཤེས་པར་བྱའོ།། འདི་ལ་ཡང་ཆོ་ག་འདི་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་བཙུན་པ་ཆུ་ཀླུང་འབབ་པ་ལ་ཆབ་ཆགས་མ་མཆིས་པར་མཆིར་རུང་ངམ། ཉེ་བར་འཁོར་རུང་སྟེ་རྒྱང་གྲགས་ལྔ་ཚུན་ཆད་དུའོ་ཞེས་གསུངས
་པ་ཡིན་ནོ།། དེ་ལ་རྒྱུན་ཕྱོག་སུ་རྗེ་སུ་འབྲལ་བར་འགྲོ་བ་ནི་རྒྱང་གྲགས་ཀྱི་བར་དུ་འཇུག་ཏུ་རུང་ངོ་ཞེས་པ་ལ། ཆུ་རྟོགས་པ་ལས་བརྩམས་ཏེ་རྗེ་སུ་འགྲོ་བར་བྱེད་པ་ན། རྒྱང་གྲགས་འདི་ལ་རྒྱུན་ཕྱོགསུ་ཆུ་བོ་ལ་ཆུ་རྟོགས་པ་དེ་ཉིད་ཀྱིས་འཇུག་པའོ།། དེའི་འོ་ག་ཏུ
་སླར་ཆུ་རྟོགས་པས་ཞེས་བྱ་བའི་དོན་ཏོ།། ཚུག་དེའི་དམིགས་ཀྱིས་བསལ་བ་བྱས་པ་ཡིན་ཏེ། གལ་ཏེ་ཆུ་གཞན་དང་འདྲེས་པར་གྱུར་ན་དེ་མན་ཆད་དུའོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཆུའི་རྒྱུན་མགྱོགས་པ་དེ་རྒྱུང་གྲགས་གཅིག་གི་མཐར་ཡང་།། གལ་ཏེ
་ཆུ་གཞན་དང་འདྲེས་པ་དེ་ལས་སྔ་རོལ་དུ་ཆུ་རྟོགས་པ་དེ་ཉིད་ཀྱིས་འཇུག་པའོ།། ཆུ་འདྲེས་པ་མན་ཆད་ལ་ནི་དེས་ཡང་བརྟག་ཅིང་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། བརྟགས་པ་ནས་འདོམ་གང་འཁོར་ཡུག་ནི་དེ་ཉིད་ཡི་ནོ་ཞེས་བྱ་བ་ནི་ཆུ་བརྟག་པའི་གནས་ནས
་འདོམ་གང་འཁོར་ཡུག་ཚུན་ཆད་ནི་བརྟགས་པ་ཉིད་ཡིན་འདིར་གཞུང་ནི་བཙུན་པ་ཆབ་ཀའི་ཉེན་འཁོར་གང་ལས། ཉེ་བར་འཁོར་འདོམ་གང་ངོ་ཞེས་གསུངས་པ་ཡིན་ནོ།། ཉེན་འཁོར་ཞེས་བྱ་བ་ནི་ཆབ་ཀའི་དཔེ་ཙམ་ཉིད་ཡིན་ཞེས་བྱེ་བྲག་མེད་པར་གསུངསོ།། །
་མིག་དག་གིས་དག་པ་ཉིད་ཀྱིས་ཆུ་ནི་དག་པ་ཡིན་ནོ།། ཞེས་བྱ་བ་སྟེ་མིག་གིས་གང་གིས་ཞེ་ན། དེའི་ཕྱིར་ཐ་མལ་པསོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ཚེ་དང་ལྡན་པ་མ་འགགས་པས་ལྷའི་མིག་གིས་ཆུ་བརྟགས་པ་ན་དེའི་ཚེ་སྲིད་པ་བར་མ་པའི་སྲོག་ཆགས
་གིས་ཐམས་ཅད་ཁྱབ་པར་མཐོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་མིག་ནི་ཐ་སྙད་གདགས་སུ་མི་རུང་སྟེ། དེ་བས་ན་ལྷའི་མིག་གིས་ཆུ་བརྟག་པར་མི་བྱ་བར་འདི་ལྟར་ཨུ་རུང་བ་ལྔ་བཤད་པར་བྱའོ་ཞེས་གསུངས་པ་ཡིནོ།། མི་གཡོ་བ
་ཉིད་དང་རྙོག་པ་མེད་པ་ཉིད་ལ་བརྟག་པར་བྱའོ་ཞེས་བྱ་བ་ནི་བརྟག་པར་བྱ་བའི་ཆུ་ཞེས་བྱ་བ་ནི་བརྟག་པར་བྱ་བའི་ཆུ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། བུམ་པ་གང་བ་ཉིད་ལའོ་ཞེས་བྱ་བ་ནི་བརྟག་པར་བྱ་ཞེས་བྱ་བ་འཇུག་པ་ཡིནོ།། དེ་ལ་བྱ
་ལས་འདས་པར་གྲང་བའི་ཡུན་རིང་པོ་ཉིད་དུ་མི་བྱའོ་ཞེས་བྱ་བ་ནི་དེ་བྱ་བ་ལས་འདས་པ་ཡིན་ནོ་ཞེས་བྱ་བ་ཡུན་རིང་བ་ཉིད་ཀྱིས་གྲངསུ་གྲགས་པ་འདིར་ནི་ཡུན་རིང་པོ་ཉིད་དུ་བརྟག་པར་མི་བྱའོ།། གང་གི་ཕྱིར་ཇི་ཙམ་གྱིས་སེམས་དག
་བར་གྱུར་པ་དཙལ་དུ་བརྟག་པར་བྱའོ།། འོག་ཏུ་མ་གྲུབ་པ་ལ་སེམས་དག་པར་འགྱུར་བས་གདོན་མི་ཟ་དང་ཤིན་ཏུ་རི་པོ་བྱསཔ་ཉིད་ཀྱི་ཀཽམ་ཏུ་རིང་བར་བརྟག་པར་བྱ་བ་མ་ཡིན་ནོ།། ན་ཀྱང་ཇི་ཙམ་གྱིས་པ་ལང་དྲུག་དང་ལྡན་པས་ཤིང་རྟ་རྨིག
་པས་དཀང་བ་གཡངས་ཀྱིས་འཁོར་བར་གྱུར་པ་དེ་སྲིད་དུ་བརྟག་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། ཡང་དེ་སྲིད་དུ་སེམས་དག་པར་གྱུར་པ་ཞེས་གསུངས་པ་ཡིན་ནོ།། དེ་ལ་སེམས་དག་པར་གྱུར་པ་ཞེས་བྱ་བ་དེ་ལ་སེམས་དག་པར་གྱུར་ཅེས་བྱ་བ་ནི་མིག
་གིས་དག་པ་ཉིད་ཅེས་བྱ་བ་དེ་ཡིན་པས། དེའི་ཕྱིར་ཞེས་བྱ་བ་འདི་ལས་ལྷག་པར་གྱུར་པ་མ་ཡིན།། པ་ལང་དྲུག་གིས་ཞེས་བྱ་བ་ནི་དེ་ཉིད་འདིར་ཚད་མ་ཡིན་ཏེ། དུས་འདི་ཙམ་གྱིས་དེ་ལ་ཕལ་ཆེར་བསྒྲུབ་པར་འགྱུར་ཞེས་བྱ་བའོ།། ཧ་ཅང་ཡུན་རིང་དུ་བརྟག་པར
་མི་བྱ་བར་ཞེས་བྱ་བ་འདིས་འདི་བསྡུས་པ་ཡིན་ནོ།། འོདིར་རྩེ་གཅིག་པ་ནི་རྣམ་པར་གནས་པ་ཡིན།། རྩེ་མོ་འཇམ་པས་སྲོག་ཆགས་དག་བསྟན་ལའོ།། དེ་དག་འཆི་བར་འགྱུར་བའི་ལམ་དུ་མི་འདོར་རི་ཞེས་བྱ་བ་ནི་ཆུའི་སྲོག་ཆགས་དེ་དག་དོར་བའི་ལམ་གྱི་ཐ
་བགྲོང་ཀྱིས་མཚོ་བར་འགྱུར་བའི་ལམ་གྱིས་དེ་སིད་དུ་ངེམ་པ་འི་བྱའོག། གཞན་ཡང་མི་དེནམ་ནས་བྱ་བན་ཚུབ་ཕྲག་ཆགས་ངས་ལས་གནན་ལ་ཤིག་དང་ཕྱ་ཤིག་ལ་སོགས་པ་དག་ཏུ་འཆི་བར་འགྱོམ་པའི་ལམ་གྱི་ཟག་དེ་སྲིད་དུ་མི་འདབ་དག
་མར་མེའི་ནང་དུ་སྲོག་ཆགས་ལྟུང་ན་དེ་བྱེད་པས་དེ་གཡོག་པར་བྱའོ།། ཞེས་བྱ་བ་ནི་མར་མེ་དེ་བྱེད་པས་ཞེས་བྱ་བའི་དོན་ཏོ།། དེའི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྨྱིག་ཚལ་གྱི་གཟེབ་དར་དཀར་རམ་ལྷང་ཚེར་སློབ་མོས་གཡོག་པ་སྟེ་དེ་ཞེས་བྱ་བ་ནི་འོད་ཁང
་ཞེས་བྱའོ་མིག་བརྒྱ་པ་ཡང་རུང་ངོ་ཞེས་བྱ་བར་སྦྱར་རོ།། འདིར་གཞུང་ནི་འོད་ཁང་གིས་གཟེབ་དར་དཀར་གྱིས་གཡོགས་པར་བྱའོ།། དེ་མི་རྙེད་ནཾ་ལྷང་ཚེར་སློབ་མོས་གཡོག་པར་བྱའོ།། དེ་ཡང་མ་རྙེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མིག་བརྒྱབ
་བྱའོ་ཞེས་གསུངས་པ་ཡིན་ནོ།། མིག་བརྒྱ་བ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་དང་པོ་ནས་བྱས་པ་འམ་བུམ་པ་ལ་སོགས་པའི་སྣོང་བུག་ཅན་ནོ་ཞེས་བྱ་བ་སྨོས་ཏེ། དང་པོ་ཉིད་དུ་སྐྱེད་པར་བྱེད་པའི་བྱས་པ་འདི་ལ་ཡོད་པས་ན་དང་པོ་ཉིད་དུ་བྱས་པའོ།།
་ས་ལས་བྱས་པའི་སྣོད་བུམ་པའི་དབྱིབས་འདྲ་བ་གྱོ་མོག་གི་རྣམ་པ་ལྟ་བུའི་སྣོད་ཀྱི་ཚོགས་བྱ་སྟེ་སོ་བཏང་ཞེས་བྱ་བའི་དོན་ཏོ།། འདིར་བརྒྱའི་ཚིག་ནི་མང་པོ་ཉིད་དུ་བསྟེན་པོ་ཙམ་དུ་རྣམ་པར་གནས་པ་ཞེས་བྱ་བར་རིག་པར་བྱའོ།། སྐྲའི་སྙིས་སྒྲལ
་བཟུང་བར་མི་བྱ་བ་ནི་འོ་ན་འདི་ཇི་ལྟར་བསལ་བར་བྱ་ཞེ་ན། དེའི་ཕྱིར་སེ་གལ་གྱི་སྒྲ་ཕྱུང་སྟེ། བཞིན་བཟང་ལམ་ན་འདུག་ཅིག་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་སོ།། དེ་སྐད་བརྗོད་ཀྱང་མིག་ལམ་ན་འདུག་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མི་འདུན་ན
་དབྱུག་གུ་སྐམ་ཁས་དལ་བུ་དལ་བུས་རྫ་མ་འམ་བུམ་པར་བཅུག་སྟེ་ཁ་བཅང་ནས་བུ་ག་གཏོང་དེ་བསལ་བར་བྱའོ་ཞེས་བྱ་བ་སྨོས་ཏེ། ཁ་ཞེས་བྱ་བ་ནི་བུམ་པ་འམ་རྫ་མ་དེའོ།། མ་གྲུབ་ན་ལྕག་ཕོད་དམ་ཤུར་བུ་ཕྲེའུས་དཀྲིས་པས་ཞགས་མིག་གིས
་། མགུལ་བར་བཅིངས་ཏེ་དོར་བར་བྱའོ།། དེ་དག་ནི་གཞུག་པ་བྱའོ་ཞེས་བྱ་བ་ནི། ལྕག་ཕོད་ལ་སོགས་པ་འདི་རྣམས་དོར་བ་འབའ་ཞིག་ལ་བྱ་བར་མ་ཟད་ཀྱི་བུམ་པ་ལ་སོགས་པ་ལ་གཞུག་པ་ལ་ཡང་བྱའོ།། ཚང་ཚི་གི་ནང་དུ་དོར
་བར་མི་བྱའོ་ཞེས་བྱ་བ་འདི་ནི་སྐྱེ་བ་བསིལ་བའི་དོན་དུའོ།། ཁུང་དུ་ཞུགས་ཀྱི་བར་དུ་བསྡད་པར་བྱའོ་ཞེས་བྱ་བ་ནི། འདིར་བར་དུ་ཞེས་བྱ་བའི་སྒྲ་ནི་བཞག་པ་སྟེ། ཇི་སྲིད་ཁུང་དུ་ཞུགས་ཀྱི་བར་དུ་ཞེས་བྱ་བའི་དོན་ཏོ།། འོལ་བ་ལ་སོགས་པ་རྣམས་ཀྱིས་འདི
་ལ་སྲོག་གཅོད་པར་མ་གྱུར་ཅིག་ཅེས་བྱ་བ་ནི་འདིར་དོན་ཏོ།། དེ་བས་ན་བླ་ཁ་བཱ་མེད་པར་ནི་འདི་རྣམས་ལ་ནི་བྱེད་པ་པོ་སྟེ། ནགས་ལ་ནི་མ་ཡིན་ཞེས་བྱ་བ་དོན་གྱིས་རྟོགས་པར་བྱའོ།། ཤོག་རྣམས་ནི་རས་མར་གཞུག་པར་བྱའོ།། དེ་ནི་གསེབ་དག་ཏུའོ་ཞེས
་བྱ་བ་ནི་རས་མ་དེ་ནི་ཀ་བོ་ལ་སོགས་པོའི་གིསེབ་དག་ཏུ་གཞུག་པར་བྱའོ།། འདིར་གཞུང་ནི་རས་མའི་ནང་དུ་དཀྲིས་ཏེ་ཀ་པའི་གསེབ་བས་རྩིག་པའི་གསེབ་དག་ཏུ་གཞུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། རྩཝ་ཤིག་རྣམས་ནི་བསིང་མར་རོ།། ཡང་ན
་ཕྱོགས་བསལ་བར་རོ།། ཞེས་བྱ་བ་ནི་གང་དུ་གནས་པ་བསྒྲུབ་པ་དེ་ཞེས་བྱ་བ་དོན་གྱིས་ཤེས་པའོ།། སྔ་མ་གཞུག་པར་བྱ་བའི་ཕྱིར་བསལ་ནོད་བཅང་བར་བྱ་བའོ་ཞེས་བྱ་བ་ནི་གང་ཞིག་འདི་ལ་ཆུའི་སྲོག་ཆགས་རྣམས་ཀྱིས་སྐབས་ལྔར་མཛད་པའི
་དོན་དུ་དེ་ལྟ་བུ་བཅང་བར་བྱའོ།། བུམ་པ་གང་བཞིན་དུ་གཞུག་ཅིང་ཤིན་ཏུ་སྟོང་པར་དབྱུང་དུ་རུང་བ་ཞེས་བྱ་བ་དེ་ནི་བསལ་པོའི་སྣོད་བརྗོད་པ་ཉིད་ཀྱིས་གྲུབ་པའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་གང་ཞིག་གང་བར་འཇུག་པ་དེ་ནི་གང་བ་ཁོ་ན
་སྡང་བ་མ་ཡིན་གྱི་དེ་བས་བསལ་སྣོད་དུ་འགྱུར་རོ།། ཡང་ན་ཆུ་ཚགས་དེ་ཉིད་ཀྱིས་གཞུག་པར་བྱའོ་ཞེས་བྱ་བ་ནི་གང་གིས་སྲོག་ཆགས་དེ་དག་བཙགས་པར་གྱུར་པའི་ཆུ་ཚགས་དེ་ཉིད་ཀྱིས་འདི་རྣམས་ལ་བུ་ཀ་རྣམས་ཀྱིས་ལྟུ་བ་མ་གྱུ་ལས་འདི་དོན་ནི་འདི་ཡིན་ཏེ།
་དེ་བས་ན་གཞན་བསགས་པར་བྱེད་པས་འདི་མི་བྱ་ཞིང་ཤེས་པར་བྱ་བ་མ་ཡིན་ནོ།། ཆུ་ཚགས་ལ་སོ་གཽ་ཆགས་ཆགས་པ་བསལ་བའི་ཐབས་ནི་བཤལ་བ་ཡིན་ནོ།། དྲི་མི་ནི་བཀྲུ་བ་ཡི་ནོ་ཞེས་བྱ་བ་ནི་དྲི་མ་ཆགས་པ་བསལ་བའི་ཐབ་སོ། རུལ
་པ་ཉིད་དུ་མི་འགྱུར་བ་ནི་སྐམས་པའོ་ཞེས་བྱ་པོ་ཡང་། ཐབས་ཤེས་རབ་རྣམ་པར་སྦྱར་རོ།། རུལ་བའི་དངོས་པོ་ནི་རུལ་བ་ཉིད་དོ།། དེ་གཉིས་ག་ལ་ཡང་དམ་དུ་བཙིར་ན་ཕན་པ་ཉིད་དོ་ཞེས་བྱ་བ་ནི་དྲི་མ་བསལ་བ་དང་རུལ་པ་ཉིད་དུ་མི་འགྱུར་བར
་བྱ་བ་ལའོ།། དགེ་འདུན་དང་གང་ཟག་དང་ཆུ་ཚགས་དང་ཆུ་ཚད་མ་རྙེད་པའི་ཤེས་པའི་འཇུག་པ་ལ་ཁ་ན་མ་ཐོ་བ་མདོ་ཞེས་བྱ་བ་ནི་འདིར་ཚད་མ་རྙེད་པའི་སྒྲ་ལ་སོར་ཤེས་པས་ཞེས་བྱ་བ་འདི་དང་སྦྱར་བར་བྱའོ།། དེ་ལྟར་ན་དགེ་འདུན་ཚད་མ་རྙེད་པའི་ཤེས་པ
་འཇུག་པ་དང་གང་ཟག་ཚད་མ་རྙེད་པའི་ཤེས་པས་འཇུག་པ་དང་། ཆུ་ཚིགས་ཚད་མ་རྙེད་པའི་ཤེས་པས་འཇུག་པ་དང་། ཆུ་ཚད་མ་རྙེད་པའི་ཤེས་པས་འཇུག་པ་ཞེས་བྱ་བར་སྦྱར་རོ།། དགེ་འདུན་ཚད་མ་རྙེད་པའི་ཞེས་བྱ་བ་ནི་དགེ་འདུན་འདི་ལ་མ་དག་པ
་ཉིད་མེད་པ་དང་ཆུ་ཐ་སྙད་བྱེད་པ་མདོ་ཞེས་བྱ་བ་མ་ལུས་པར་ཤེས་པར་འོ།། གང་ཟག་འདི་ནི་དག་པ་མ་ཡིན་པ་དང་། ཆུ་དེས་ཐ་སྙད་དུ་བྱེད་པ་ཞེས་བྱ་བ་གང་ཟག་ཆུ་ཚགས་བུམ་ཚ་གོས་གཅེའུ་ཅན་ནམ་གཞན་ནམ་དེ་དག་ཐམས་ཅད་ཀྱིས་ཆུ་དག་པ་མ
་ཡིནོ་ཞེས་བྱ་བ་ནི་ཆུ་ཚུགས་ཀྱིའོ།། ཆུ་འདི་ལ་ཕྱོགས་འདི་ལ་འམ་ཐམས་ཅད་དུ་ནམ་ཡང་སྲོག་ཆགས་དང་བཅས་པ་ཉིད་ཡོད་པ་མ་ཡིན་ནོ།། དེ་བས་ན་ཆུ་ཚུགས་ལ་ཚད་མ་རྙེད་པ་ཉིད་དོ།། ཐ་སྙད་ཀྱི་དུས་སུ་ཆགས་པ་ཉིད་གང་ཡིན་པ་དེ
་འདིར་ཡན་ལག་ཉིད་དུ་རིག་པར་བྱའོ།། ཁྱིམ་པ་ལ་ཡང་གང་ཟག་གི་ཚིག་གིས་བཟུང་བ་ཉིད་ལ་སྦྱར་བར་འགྱུར་བ་ཉིད་དོ།། འདིར་གཞུང་ནི་ཆུ་རུང་བ་ཉིད་ནི་རྣམ་པ་ལྔ་སྟེ། དགེ་འདུན་གྱིས་རུང་བ་དང་གང་ཟག་གིས་རུང་བ་དང་ཆུ་ཚགས་ཀྱི་རུང་བ་དང་། ཁྲོན་པས
་རུང་བ་དང་། ཉིན་ཞག་གཅིག་ཏུ་རུང་བའོ་ཞེས་གསུངས་པ་ཡིནོ།། དེ་ལ་རུང་བ་དང་པོ་བཞིན་ནི་མདོ་འདིས་བསྡུས་པ་ཡི་ནོ་ཏ་གོ་རིམས་བཞིན་ནོ།། ལྔ་པ་ཉིན་ཞག་གཅིག་ཏུ་རུང་བའི་བཏུང་བ་བསྟན་པའི་ཕྱིར། བཅུས་པ་དང་ཁྲོན་པ་དག་ནི་ཉི་མ་འཆར་ཀ་ཚུན་ཆད
་བརྟགས་པ་དེ་ཉིད་རྗེ་སུ་འཇུག་གོ་ཞེས་བྱ་བ་ལ། འདིར་ཁྲོན་པ་ཞེས་བྱ་བ་ནི་ཆུ་དོང་ཡིན་པར་རིག་པར་བྱའོ།། རྐང་ཁྲུས་སྣོད་སྟོང་པར་མཐོང་ན་དགའ་བར་བྱའོ།། ཆུ་དང་གཞན་གྱི་སྣོད་ཀྱང་ཉེ་བར་བཞག་པར་བྱའོ་ཞེས་བྱ་བ་ནི་རྫ་མ་དང་བུམ་པ་དང་ཆུའི་སྣོད་ལ་སོ།
་པ་རྣམསོ།། དགེ་འདུན་གྱིས་དེར་གཏོགས་པ་ནི་སྣོད་སྨད་འགྲུབ་པའི་ལས་ཡིན་ནོ་ཞེས་བྱ་བ་ལ། དེར་རྟོགས་པ་ཞེས་བྱི་བ་ནི་ཆུའི་སྣོད་ལ་སོགས་པ་དང་འབྲེལ་པའོ།། འདིར་གཞུང་ནི་གནས་མལ་གྱི་གཞི་ལས་ཡོན་བདག་དག་གཙུག་ལག་ཁང་དུ་ལྷགས་ཏེ
་དེ་དག་རྫ་མཁན་གྱིས་བྱས་པའི་སྣོད་དག་རེད་པ་དང་། བཅོམ་ལྡན་འདས་ཀྱིས་བསྐུར་ཅིག་ཅེས་བཀའ་སྩལ་ཏོ།། དེ་དག་སུས་ཀྱང་མ་བསྡུས་པས་དེ་དག་ཆུད་ཟོས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་སྣོད་སྤྱད་འགྲུབ་པ་བསྐོ་བར་བྱ་ཞི
་དེས་ཀྱང་འོང་བ་དག་ལ་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། འདིར་སྦྱིན་པ་དང་བླང་བར་དག་ཀྱང་མ་འདུས་པ་མ་ཡིན་ནོ་ཞེས་བྱ་བ་ལ་འདིར་ཞེས་བྱ་བ་བཟུང་བ་ལའོ།། སྦྱིན་པ་དང་ཐང་བ་ཞེས་བྱ་བ་ནི་འདི་ཡང་སྣོད་སྤྱད་འགྲུབ་པས་བྱ་བ་ཡིནོ་ཞེས་བྱ
་བའི་དོན་ཏོ།། གནས་མལ་གྱི་གཞི་ལས་གང་ཞིག་འདི་དེ་རྣམས་མ་བསྡུས་པ་ཞེས་བྱ་བ་ལ་སོགས་པའི་སྦྱིན་པ་དང་བླང་བ་དག་ཀྱང་སྣོད་སྤང་འགྲུབ་པས་བྱ་བ་བསྣན་པ་འདི་ལ་ནི་འདི་བསྡུས་པ་ཉིད་བསྟན་པའོ།། ཁྱིམ་པ་རྙིང་པ་བརྙན་པ་ཉིད་ལ་དེ་ཡོད་པ་ཉིད
་ལ་ནི་སྦྱིན་པར་བྱའོ་ཞེས་བྱ་བ་ནི་རྙིང་པ་དེ་ཡོད་པ་ཉིད་ཡིན་ན་གཡར་པོར་སྦྱིན་པར་བྱའོ།། དེས་གཙུག་ལག་ཁོང་དུ་ཡོན་བདག་རྣམས་ལ་སྦྱིན་པོར་བྱ་བ་ཉིད་ཀྱང་མ་བསྟན་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེས་ཡོན་བདག་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་ཚིག
་དེས་གཙུག་ལག་ཁང་དུ་ཡོན་བདག་རྣམས་འོངས་ཏེ་བརྙན་པ་དག་གཡོར་པོ་སྦྱིན་པར་བྱ་བ་ཉིད་ཀྱང་མ་བསྟན་པ་མ་ཡིན་པ་དེ་ནི་སྔར་གཞུང་ལས། ཡོན་བདག་གཙུག་ལག་ཁང་དུ་ལྷགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཏེ་ཉིད་འདིས་བསྡུས་པ
་སྟན་པ་ཡིན་ནོ།། དགེ་སློང་ལ་ནི་སར་བ་ཕྱིས་བླང་བ་མེད་པ་ཉིད་དུའོ་ཞེས་བྱ་བ་ནི་སྣོད་སྤང་སར་པ་དགེ་སློང་ལ་ཐམས་ཅད་དུ་སྦྱིན་པའོ།། དེ་ཡང་དེ་ཡོད་པ་གཉིས་ལ་སྦྱིན་པ་འདི་ཆ་གཅིག་གིས་བརྟགས་པའོ།། འདིར་གཞུང་ནི་དགེ་སློང་རྣམས་ལ་ནི་སེར་པ་དག
་སྦྱིན་པར་བྱའོ།། ཁྱིམ་པ་རྣམས་ལ་ནི་རྙིང་པོ་དག་བརྙན་པར་བྱའོ་ཞེས་གསུངས་པ་ཡིན།། སྣོད་སྤྱད་ཀྱི་ཆེད་དུ་མཛོད་ཁང་བསྐོ་བར་བྱའོ།། ས་དང་ཟངས་མའི་སྣོད་སྤྱད་དག་སོར་བཞག་པར་བྱའོ་ཞེས་བྱ་བ་ནི་འདིར་ཐ་དད་པ་ཉིད་དུ་གདོན་མི་ཟ་བར་བསྒྲུབ་པར
་བྱའི་གནས་ཐ་དད་པར་ནི་མ་ཡིན་ཞེས་བྱ་བའི་དགོངས་པའོ།། འདིར་གཞུང་ནི་གནས་བརྟན་གཉིས་པ་སྦྱིན་པར་བྱ་སྟེ། གང་དུ་ཟངས་ལས་བྱས་པའི་སྣོད་སྤྱད་དག་བཞག་པ་ཞེས་བྱ་བ་འདི་གསུང་སོ།། དེ་ནི་འདིར་དེ་དང་རྩེ་གཅིག་པ་ཉིད་དུ་རྣ
་བར་གནས་པ་ཡིན་ནོ།། ཆུ་ཉེ་བར་བཞག་པར་བྱའོ།། གང་བབ་བག་ཏུ་མི་བཞག་གོ།། དེའི་ཆེད་དུ་མུ་ཁང་བྱའོ།། གཙུག་ལག་ཁང་གི་ལྷོ་ནུབ་ཀྱི་མཚམ་སུའོ་ཞེས་བྱ་བ་ལ། ལྷོ་ནུབ་ཀྱི་མཚམ་སུ་ཞེས་བྱ་བ་ནི་སྒྲོ་ནི་ཤར་ཕྱོགསུ་ངེས་པར་བྱ་སྟེ་ཞེས་གསུངས་པ་ཡིན
་སྒྲ་ཕྱོགས་གཞན་དུ་བལྟ་བ་ལ་ནི། ལྷོ་དང་ནུབ་ཀྱི་ཕྱོགས་མཚམས་ཁོ་ནར་ཆ་དང་འབྲེལ་བའི་མཚམས་ཀྱི་རྩ་བ་ལ་བྱེད་པ་ཁང་པའི་མཚམས་སྤང་ནང་དུ་བྱའོ་ཞེས་གསུངས་པ་ཡིན་ནོ།། འདིར་ཕྱོགས་འདིའི་ནང་དུ་ཡིན་གྱི་གར་བབ་བབ་ཏུ་མ་ཡིན་ཞེས་བྱ་བའི་དོན
་ཏོ།། སྐར་ཁུང་གདོང་བ་དང་སོ་ཕག་གི་གཅལ་དགྲམ་པ་དང་། ཆུ་གུང་གདོད་པ་དང་སྒོ་གདོང་པ་དང་། སྒོ་གླེགས་དང་ཡ་མིག་གཞུག་པར་བྱའོ།། ཆུ་ཚེགས་བཞག་པའི་ཕྱིར་གདང་བུ་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་སྦྱིན་པ་སྟེ་དེར་གདང་བུ་གཅིང་བར་བྱའོ།།
་དུ་ཆུ་ཆགས་རུང་བ་དག་བཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། ཤིང་གི་ཁྲིའུ་དག་ལ་བཞག་གོ་ཞེས་བྱ་བ་ནི་ཆུའི་སྣོད་ལ་ཞེས་བྱ་བ་ལ་སྐབས་ཀྱིས་རྟོགས་པའོ།། ཡང་ན་སོ་ཕག་གི་སྟོགས་བུའི་སྟེང་དུ་བྱའོ།། ཞེས་བྱ་བ་ནི་དེ་ཙམ་ཉིད་ཀྱི་མ་ཡིན་ཏེ་འོན
་ཀྱང་གཞི་དག་ལའོ་ཞེས་བྱ་བས་ཏེ། མ་མོ་ལས་རྒྱུ་བར་བྱ་ཞེས་བྱ་བའི་མཐར་ཐུག་པའོ།། ཆུ་སྣོད་ནི་ཁྲུས་ཆུའི་ཆེད་ཀྱི་བར་ཡིན་ཆད་གཙང་སྦྲ་བྱ་བ་ནི་གཞན་གྱིས་སློབ་དཔོན་ལ་སོགས་པ་དང་འབྲེལ་པའི་ཡོངསུ་འཛིན་པའི་ཆོ་ག་འདི་རྟོགས་པའི་དོན་དུ་གཞན་གྱི
་དོན་གྱི་ཚིག་ཉེ་བར་བླང་བའོ།། དེ་ནི་འདིར་དྲི་མ་མེད་པར་བྱ་བ་བསླབ་པ་བསྟན་པ་དེ་ནི་གཙང་བར་བྱ་བའི་ཉིད་བསྟན་པའི་ཕྱིར་གཙང་བར་རོ་ཞེས་བྱ་བ་སྨོས་ཏེ་ཡོངསུ་ལོངས་སྤྱོད་པར་བྱེད་པར་གཙང་བ་ཉིད་དུ་བྱེད་པ་དང་། སྦྱོར་ཤེས་པར་བྱ་བ་མ་ཡིན་པ་ཏེ་ཤིན་ཏུ
་ཡོད་པ་ཉིད་ཀྱི་ཕྱིར་རོཀ་དེའི་གན་ས་འཇོག་པ་ཡོངསུ་དག་པས་གཙང་བ་བྱེད་པས་གཙང་བ་ཉིད་ལའོ།། བཏུང་བར་བྱ་བའི་ཆུའི་ཡང་ངོ་ཞེས་བྱ་བ་ནི་བཏུང་བར་བྱ་བའི་ཆུ་ཡོང་གཙང་སྦྲ་དང་གཙང་བར་བྱའོ།། ཡོངསུ་ལོངས་སྤྱོད་པར་བྱ་བའི་ཆུ་ལ་དེ་དང་རྗེ་སུ་མཐུན
་པའི་གཙང་སྦྲ་བསྒྲུབ་པ་དེ་ནི་རྗེ་སུ་འབྲངས་པས་ཤེས་པར་བྱའོ།། དེ་ལག་པ་དང་གོས་རུང་བ་མ་ཡིན་པ་དག་གིས་བྲིམ་པར་མི་བྱའོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་བཏུང་བར་བྱ་བའི་ཆུའོ།། ལག་པ་དང་གོས་རུང་བ་མ་ཡིན་པ་ཞེས་བྱ་བ་ནི་ཀུན་ནས་རྙེག་པས་ཉེ་བར
་འབགས་པར་གྱུར་པ་དག་གིས།། ཆུ་སྣོད་རྣམས་ཀྱི་ནང་དུས་དུསུ་སྦྱང་བར་བྱའོ།། ཞེས་བྱ་བ་ལ། ནང་དུ་ཞེས་བྱ་བ་ནི་ཁྱད་པར་ཡང་དག་པར་བསྟན་པའོ།། ཕྱི་རོལ་ཏུ་ནི་གཙང་སྦྲ་ཞེས་བྱ་བ་འདི་ཉིད་ཀྱིས་བྱས་པའོ།། ཟབ་མོ་རྣམས་ཀྱི་ནི་པུ་ཤེལ་ཙེའི་ཁྲུད་ཤིང་མ
་འདབ་མའི་ཆང་བུ་འམ་རས་མ་ཤིང་བུའི་རྩེ་མོ་ལ་བཏགས་པས་ཞེས་བྱ་བ་ལ་པུ་ཤོལ་ཙེ་ཞེས་བྱ་བ་འདི་ལ་གང་དུ་རྣམ་པར་འབྱེད་པ་རྣམས་ཀྱི་དྲུང་ཤིང་ཞེས་བྱ་བར་སྨོས་བདེ་བས་ན་འདིར་ཡོངསུ་གྱུར་པ་འདི་འབྲེལ་པར་ཤེས་པར་བྱ་བ་མ་ཡི་ནོ།། དེ་ལ་ཟས་ཀྱི
་འབྲེལ་ཟེར་མི་བསྲུང་བ་ཉིད་དུ་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་པུ་ཤེལ་ཙེའི་ཤིང་ལ་སོགས་པའོ།། གང་ཞིག་ཟང་ཟིང་ཅན་དུ་འགྱུར་བ་ནི་ཟང་ཟིང་དང་བཅས་པ་ཉིད་དུ་འགྱུར་བ་དེ་ནི་མི་བསྲུང་བ་ཉིད་དུ་མི་བྱའོ།། མི་རུང་བ་ཉིད་ཡོད་པ་ལ་འདི་ནི་རུང་བར་བྱེད་པ
་ཡིན་ཏེ། འདི་ནི་གཙང་བར་བྱའོ་ཞེས་བྱུ་བྱ་ལ་འདི་བསྟུན་པའོ།། བསྐུམ་པར་ཡང་ཞེས་བྱ་བ་ནི་མུ་སྣོད་བཀྲུ་བ་ཤལ་བྱས་པ་རྣམས་ལའོ།། འི་མ་འབྲེལ་པར་མི་འགྱུར་བ་བའི་ཕྱི་ཚིག་ཅར་ཉིད་དུ་མི་བྱའོ་ཞེས་བྱ་བ་ནི་བཀྲུ་བ་ཤལ་བྱ་བ་དང
་བསྐམ་པའི་དུས་དེ་ལ་བྲེལ་བར་མ་གྱུར་ཅིག་ཅེས་བྱ་བ་འདིའི་དོན་ཅིག་ཅིར་ཉིད་དུ་འདི་བཀྲུ་བ་དང་བསྐམ་པར་མི་བྱའོ།། སྣོད་རྣམས་ཀུན་ལ་དུས་གཅིག་ཏུ་མ་ཡིནོ།། ཆུ་དང་འབྲེལ་པའི་ལས་ནི་གནས་པས་བྱ་བ་ཡིན་ཞེས་བྱ་བ་ནི་འདི་རྣམས་ལ་བརྩམ་པ་དང
་གཞན་ལ་བརྗོད་པའོ།། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་ཆུ་བླང་བར་བྱའོ་ཞེས་གསུངས་པ་དང་དགེ་སློང་གིས་སུས་ཕྲེང་བར་བྱ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩཌ་པ། གནས་པ་དག་གིས་བྱའོ་ཞེས་གསུངས་པ་མིནོ།། ནཱ་ཁང་གི་འཁོར་དུ
་གཏོགས་པ་དང་ཆུ་ཆགས་ཀྱི་བྱ་བ་ཡང་འདི་རྣམས་ཉིད་ལ་རིགས་པ་ཡིན་གྱི་གཞན་དུ་ན་ཡང་ཞེས་བྱ་བ་འདི་བསྟན་པ་ཡིན།། སྲོག་ཆགས་དང་བཅས་པའི་ཆུ་དང་འབྲལ་བ་ཕྲན་ཚེགས་ལ་སོགས་པའི་སྐབས།། ། ཤེས་གཙོའོ་ཞེས་བྱ་བ་ནི་འདུ
་གཙོ་ཆེར་བྱེད་པ་པོ་ཉིད་དོ།། གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་ཞུགས་པའམ་ཕྱོགས་པ་ལའོ།། ཞེས་བྱ་བ་སྨོས་སོ།། ཅི་ཞིག་ལ་ཞུགས་པ་འམ་ཕྱོགས་པ་ལ་ཞེ་ན། དེ་སྤྱོད་པ་ལའོ་ཞེས་བྱ་བ་སྨོས་ཏེ། གཉིས་ཀྱིས་གཉིས
་སྤྱོད་པ་ལ་ཞེས་བྱ་བའི་དོན་ཏོ།། གང་གི་སྤྱོད་པ་ལ་ཞེ་ན་དེའི་ཕྱིར་སྐྱེས་པ་དང་བུད་མདོ་ཀྱིའོ་ཞེས་བྱ་བ་སྨོས་སོ།། ཅི་གནས་སྐབས་འདི་ཐམས་ཅད་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ཁྱིམ་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྐྱེས་པ་དང་བུད་མེད་གཉིས་ཁྱིམ
་བ་ཉིད་ཡིན་ནའོ་ཞེས་བྱ་བའི་དོན་ཏོ།། ཡང་དག་པར་སྦྱོར་བ་གཅིག་ལ་ཡང་ཁྱིམ་པ་ཉིད་མ་ཡིན་པ་ལ་མ་ཆོག་པའི་ཁ་ན་མ་ཐོ་བ་བསྐྱེད་པ་ཞེས་བྱ་བའི་དོན་ཏོ།། ཅི་དེ་ཉིད་གནས་གང་ན་འདུག་ཀྱང་རུང་ངམ་ཞེ་ན། དེའི་ཕྱིར་གནས་གཞན་ཉིད་ནའོ་ཞེས་བྱ་བ་སྨོས་ཏེ།
་ལྟུང་བ་ལས་གཞན་གང་ཡིན་པ་དེའི་གནས་གང་ཡིན་དང་འབྲེལ་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ།། གནོད་པར་གྱུར་པ་ལས་གཞན་པ་ཡིན་གྱི་རང་གི་གནས་ཉིད་དུ་ནི་ཉེས་པ་འདི་མི་བསྐྱེད་ཅེས་བྱ་བ་འདི་ཤེས་པར་བྱའོ།། གང་ཞིག་དགེ་སློང་གིས་ཁྱིམ་པ་ལ་གཡར་པོ
་བྱིན་ཅིང་དེ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུརརོ།། གང་ཞིག་ཁྱིམ་པས་དགེ་སློང་དེ་ལ་ནི་ལྟུང་བ་མེད་པར་རིག་པར་བྱའོ།། དེ་བཞིན་དུ་དགོན་པ་ལ་ཡང་གལ་ཏེ་དགེ་སློང་སྟ་ན་གནས་པ་ཡིན་ན་ནི་དེ་ལ་ལྟུང་བ་མེད་དོ།། གཞན་ལ་ནི་ལྟུང་བར་འགྱུར་ཞེས་བྱ་བ་གང་ནི
་གཞན་རབ་ཏུ་བྱུང་བ་འདི་པ་གཙུག་ལག་ཁང་གཅིག་གམ་གཞན་ན་གནས་པ་དེ་ལ་ནི་གནས་གཞན་ཉིད་ཡིན་པར་རིག་པར་བྱ་བ་མ་ཡིན་ནོ།། དེ་ལ་ཡང་རུང་བ་ཉིད་ཡིད་པ་ལ་ལྟུང་བ་འབྱུང་བར་འགྱུར་ཏེ། དེ་ལ་ཡང་གཞན་གྱི་དངོས་པོ་ལ་རྗེ་སུ་འབྲེལ་པ
་གསུངས་པ་ཡིནོ།། ཅི་གནས་གཞམ་ཙམ་འབའ་ཞིག་ལ་འདི་རྣམ་པར་བཞག་གམ་ཞེ་ན། དེའི་ཕྱིར་གནས་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ཡིན་ནའོ་ཞེས་བྱ་བ་སྨོས་ཏེ། རང་ཉེ་བར་གནས་པ་ལ་སྡུད་དུ་རུང་བ་ཉིད་ཡིན་ན་དེ་ནི་འདིར་གཞན་མ་ཡིན་ཞེས་བྱ
་བཤུགས་ཀྱིས་རྟོགས་པའོ།། གཉིས་སྡུད་པ་ལས་བྱུང་བའི་འཇུག་པའི་ལ་གེགསུ་གྱུར་པ་གཞན་མེད་པས་རུང་བ་ཉིད་ལ་གཉིས་ཀྱིས་གཉིས་སྤྱད་པའི་བདག་ཉིད་ཅན་སྦྱོར་བ་ལ་ཞེས་བྱ་བ་ནི། འདིར་དོན་གྱིས་གཞན་ཡོད་པ་ལ་ནི་ལྟུང་བ་མེདོ།། ཅི་ཞིག་རྗེས
་བསྒྲུབ་ན་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་མངོན་སུམ་དུ་བརྣགས་པས་འདུག་ནའོ་ཞེས་བྱ་བ་སྨོས་ཏེ། ཕྱིས་གནོན་བྱ་སྟེ་སྟོབས་ཀྱི་གློ་བུར་དུ་བརྣགས་པས་ཞེས་བྱ་བ་འདིས་དེ་བསྡུས་པ་ཡིན་ཏེ། དེ་ནི་འདིར་བསྡུས་པའི་དོན
་ཏོ།། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་དོ།། །། ཤེས་གཙོ་བོ་ཞེས་བྱ་བ་ལ་སོགས་པ་ནས་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་མཐར་བལྟོས་ནསོ།། ཅི་ཞིག་རྗེ་སུ་བསྒྲུབ་ན་འདིར་བྱེད་པ་པོ་ཉིད་ཡིན་ཞེ་ན་དེ་ལ་བརྗོད་པར་བྱ་སྟེ། དེའི་ཕྱིར
་དབེན་པར་བརྣོགས་པས་འགྲེང་ནའོ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་ལྕི་བའི་འཇུག་པ་ལ་ལྟུང་བ་མེད་པ་ནི་རིགས་པ་མ་ཡིན་པ་འམ། ན་སྨོད་པ་དེ་བས་ན་མཐར་ཐུག་པའི་རྩེ་གཅིག་པ་ཉིད་ནི་འདིར་གནས་ཀྱི་ཚིག་དང་སྔ་མ་ནི་འདུག་པའི་ཚིག་གོ།། སྟན་ལ་གནས་ཤིང
་འདུག་པའི་ཉེས་པ་འདི་ནི་གཞན་ཏེ་འདུག་པ་ལ་ཡང་སྔ་མའོ་ཞེས་རིག་པར་བྱའོ།། མངོན་སུམ་དུ་བརྣགས་པའི་བརྣག་ལ་ཉེས་བྱས་ལ་རྣམ་པར་གནས་པ་ཉིད་རིག་པར་བྱ་བ་ཡིནོ།། ཅི་གནས་ཐམས་ཅད་ན་འགྲེང་བའི་དགེ་སློང་ལ་འམ་ཞེ་ན། དེའི་ཕྱིར་སྐྱབས
་ཡོད་པར་རོ་ཞེས་བྱ་བ་སྨོས་ཏེ། རྩིག་པ་འམ་རིབ་མ་འམ་ཡོལ་བ་འམ་མུན་ནག་ལ་སོགས་པའི་བདག་ཉིད་ཅན་གེགསུ་གྱུར་པའི་མིག་ཡུལ་གང་ཡིན་པ་དེ་བསྒྱིངས་པ་སྟེ། དེ་བས་ན་མུན་ནག་གང་ལ་གནས་པ་ལ་སྣང་དུ་རུང་བ་ཉིད་མ་ཡིན་པ་དེ་ནི་བསྒྲི
་པར་ཤེས་པརླབ་ཡིན།། ཅི་དགོས་པ་གང་ཡང་རུང་བས་གནས་པ་ཡིན་ནམ་ནན། དེའི་ཕྱིར་གལ་ཏེ་འཇིགས་པའི་དབང་གིས་མ་ཡིན་ཞེས་བྱ་བ་སྨོས།། འདིར་གཟུང་ནི་དགལ་ཏེ་འཇིགས་པར་གྱུར་ན་ལྟུང་བ་མདོ་ཞེས་གསུངས་པ་ཡིན་ནོ།། མངོན་སུམ་དུ་བརྟགས
་འདུག་པ་ལ་ཡང་འཇིགས་པའི་དབང་གིས་ལྟུང་བ་མེད་ཅེས་བྱ་བ་འདིའི་རྗེ་སུ་འབྲངས་ནས་རྟོགས་པར་བྱའོ།། འཇིགས་པས་གནས་པས་ཀྱང་མཐོ་འཚམས་པའི་སེམས་ལ་མངོན་དུ་ཕྱོགས་པར་གྱུར་པ་འདིར་ཤིན་ཏུ་ཚར་བཅད་པ་ལ་རྩེ་གཅིག་པར
་གནང་བར་བྱའོ།། ཅི་གནས་དེར་འགྲེང་བ་ཐམས་ཅད་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ནམ་ཞོ་ན། དེའི་ཕྱིར་ཚོར་བྱ་དང་ཚོར་བྱེད་ཉིད་ཀྱིས་མ་ཚོར་ན་ཉེས་བྱས་ཀྱིའོ་ཞེས་བྱ་བ་སྨོས་ཏེ། དེ་དང་འདྲ་བའི་རྫས་བྱུང་བ་ཉིད་ལ་སོགས་པ་གང་དུ་སྒྲིབ་པ་སྒྲ་བཟུང་བ་ལ
་ཡང་སྒྲིབ་པ་རྣམ་པ་ཐད་དུ་རིག་པར་བྱ་བ་ཉིད་ལ་གནས་པ་གང་ལ་ཚོར་བ་བྱེད་པ་པོ་ཉིད་ལ་ཡང་དག་པར་སྦྱོར་བ་མེད་པའི་གནས་སྐབས་དེ་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཅེས་བྱ་བའི་དོན་ཏོ་གནས་གཞན་ལ་སེམས་གཏོད་པ་ཡང་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་པོ།
་ཉིད་གནས་ནས་གནས་གཞན་དུ་སེམས་གཏོད་པ་སྟེར་བ་ལ་མཐོང་བ་འམ་ཐོས་པས་དང་ད་ལྟར་བྱུང་བར་གྱུར་པའི་མངོན་སུམ་དུ་བརྣག་པ་དང་དབེན་པར་བརྣག་པ་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་དོ།། བསླབ་པའི་གཞི་འདི་གཉིས་ཀྱང་འདི་ནས་བརྩམས་ནས
་ལྷག་མར་གྱུར་པའི་གཞུང་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། འོ་ན་ནི་ཅི་ཙམ་ལ་འདི་དག་གིས་གནས་པར་གཅིག་པ་ཉིད་ཅེས་བྱ་བ་འདི་ལ་བརྗོད་པར་བྱ་སྟེ། འདི་ལ་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ནི་གནས་ཀྱི་མཐའ་ཡིནོ་ཞེས་བྱ་བ་ནི། འདི་དག
་གི་མིག་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་གནས་ཀྱི་མཐའ་ཡི་ནོ་ཞེས་བྱ་བའི་དོན་ཏོ།། མཛོད་ལ་འདི་ལྟར་སོར་གནས་པ་ཉིད་ཐོབ་པ་བསྐྱེད་པར་བྱ་སྟེ། མཛོད་ནི་ཁོངསུ་གཏོགས་པ་ཉིད་ཡིན་ཞེས་བྱ་བ་ནི་ཁྱིམ་གཅིག་པར་གྱུར་པ་ཉིད་ལ་ཁྱམས་ཀྱི་བདག་ཉིས
་ཅན་གྱི་ཁང་ཁྱིམ་དང་ལྷན་ཅིག་ཅེས་བྱ་བ་འདིས་ཤེས་པར་ཡིན་ཏེ། གཅིག་ཏུ་ཉེ་བར་སྤྱོད་པའི་ཁང་པ་རྣམས་ལ་གཞན་སྒྲོ་བསྐྱབས་པ་ལ་བལྟ་བ་ལྟུང་བར་འགྱུར་བ་ཡིན་ཏེ། དེ་བས་ལ་གནས་ནས་གཞན་ཉིད་བསྟན་པའི་དོན་དུ་བརྗོད
་བར་བྱ་སྟེ། ཁྱིམ་གཞན་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི་ཉལ་པོ་བྱེད་པར་ཤོམ་པ་ཡང་ཞེས་བྱ་བ་འདིས་གལ་ཏེ་གཟོའ་ཅིག་པ་ཉིད་ཀྱི་བདག་ཉིད་ཅན་གྱིས་གནས་བརྗོད་པ་ཉིད་ཀྱི་ཕྱིར་གཉེན་འདུན་ཐ་དད་པ་ཉིད་ལ་ཚིག་འདི་ཤེས་པར་བྱའོ།། ཉལ་པོར་བྱེད་པར
་ཤོམ་པའི་ཁྱིམ་ངན་འགྲེང་བའི་ལྟུང་བྱེད་དོ།། །། ཕོ་ཡང་རུང་མོ་ཡང་རུང་བ་ལའོ་ཞེས་བྱ་བ་ནི་རྟག་འདི་དང་རབ་ཏུ་བྱུང་བ་འདི་མེད་པའི་གཅེར་བུའོ་ཞེས་འབྱུང་བར་དང་སྦྱརོ།། འདི་ལ་འདིའི་རྣམ་པར་བརྗོད་པ་སྟེ། དེ་ལྟར་གྱུར་པའི་གཅེར་བུའོ་གང་ཟག
་ལ་ཡང་བྱེད་པ་པོ་ཉིད་དོ།། དེ་ལྟ་བུར་གྱུར་པའི་ཡང་ཞེས་བྱ་བ་ཅི་བུད་མེད་དུ་གྱུར་པ་འམ་སྐྱེས་པར་གྱུར་པ་གཅེར་བུ་པ་ཐམས་ཅད་ལ་ཡང་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ཉེ་དུ་དོང་རབ་ཏུ་བྱུང་བ་ལ་ཡང་བལྟོས་པ་དང་ནད་པ་ལ་བྱིན་པ་ལ་ལྟུང་བ་མེདོ་ཞེས
་གསུངས་པ་ཡིནོ།། དེ་ཇི་ལྟ་བུར་གྱུར་པ་ཞིག་ཡིན་ཞེ་ན། དེའི་ཕྱིར་རྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པའི་གཅེར་བུའོ་ཞེས་བྱ་བ་སྨོས་ཏེ། གང་ལ་རྟགས་འདི་མེད་པའི་རྟགས་ཙམ་གྱི་རབ་ཏུ་བྱུང་བ་མ་ཡིན་པ་དེང་སྟེ་རབ་ཏུ་བྱུང་བ་མ་ཡིན་པ་དང་རྟགས་འདི།
་ལ་རབ་ཏུ་བྱུང་བ་ལ་ཉམས་པ་ཉིད་དུ་འགྱུར་བ་ཡིན་ཏེ། དང་པོ་འདི་པའི་རབ་ཏུ་བྱུང་བ་ནི་གཅེར་བུ་པ་ཉིད་དོ།། དེ་བས་ནཱ་གཅེར་བུ་པ་ཞེས་བྱ་བ་འདི་ལས་འདི་པའི་རབ་ཏུ་བྱུང་བ་མ་ཡིན་པར་དགག་པ་གྲུབ་པ་ཉིད།། ཅི་ཞིག་ལྟ་བུར་གྱུར་པའི་གཅེར་བུ་པ་ལ་ཡིན་ནམ
་ནད་ལམ་ག་ཏོན་སོ་ཞེ་བྱབ་སྨོ་སོ།། འདིར་གསུང་ནི་དགེ་སློང་འ་ས་གིཅེར་བུ་ཡས་རང་གི་སུག་པ་ནཱ་བ་ར་པ་དང་ལཙྪ་སྨྲས་སུ་ཙྪ་པར་ཡང་མི་འགྱུར་བ་འབས་ཞིགན་ཀྱིས་མི་མེད་ཉེ་བ་མ་བྱིན་པ་དང་པ་ཏུ་བྱུང་བ
་ན། དེའི་ཕྱིར་ལུས་སམ་ལུས་དང་འབྲེལ་བར་རོ་ཞེས་བྱ་བ་སྨོས་ཏེ། འདིར་ཅི་ཞིག་བྱ་བ་འདི་ལ་རང་གིས་བྱིན་ན་ཞེས་བྱ་བ་གསུངས་ན་དེ་ལ་གང་བྱིན་ན་ཞེ་ན། དེའི་ཕྱིར་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་དག་གིས་ཞེས་བྱ་བ་སྨོས་སོ།། ཅི་རྣམ་པ་གང་ཡང་རུང་བ་ཞིག
་གམ་ཞེ་ན། དེའི་ཕྱིར་རུང་བྷ་དག་གོ་ཞེས་སྨོས་སོ།། དེ་ལ་དག་སུ་ཁ་རུང་བ་ཞེ་ན། དེའི་ཕྱིར་རང་དང་དེ་ལའོ་ཞེས་བྱ་བ་སྨོས་ཏེ། རང་ཞེས་བྱ་བ་ནི་ལྟུང་བའི་ཚིག་གོ།། དེ་ལ་ཞེས་བྱ་བ་ནི་ཡང་དག་པར་བྱིན་པར་བྱ་བ་གཅེར་བུ་པ་ལའོ།། འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག
་དགེ་སློང་གིས་གཅེར་བུ་པ་འམ་གཅེར་བུ་མ་ལ་བཅའ་བར་བགྱི་བ་དང་བཟའ་བར་བགྱི་བ་རུང་བ་མ་ལགས་པར་སྩོལ་ན་ལྟུང་ག་ཅིར་འགྱུར་ཉེས་བྱསོ།། གལ་ཏེ་དེ་ལ་རུང་བ་མ་ལགས་པ་དེ་འདྲ་བའི་བཅའ་བར་བགྱི་བ་དང་། བཟའ་བར་བགྱི་བ་སྩལ་ན་ལྟུང་བ་ཅིར
་འགྱུར་ཉེས་བྱསོ་ཞེས་གསུངས་པ་ཡིནོ།། གང་ཞིག་དེ་ལ་མ་ཡིན་ཞེས་བྱ་བ་འོག་མའི་དྲི་བ་ལས་གསུངས་ན་སྔ་རོལ་དུ་དགེ་སློང་ལ་མི་རུང་བ་གང་ཡིན་པ་དེ་བཟུང་བ་ཞེས་བྱ་བ་ངེས་པའོ།། ཅི་དོན་གང་ཡང་རུང་བའི་ཕྱིར་སྦྱིན་ནམ་ཞེ་ན། དེའི་ཕྱིར་སྡིག་པ་ཅན་གྱིས
་ལྟ་བའི་རྣམ་པ་དང་དཔྲལ་བ་ཉིད་ཀྱི་ཕྱིར་མ་གཏོག་སོ་ཞེས་བྱ་བ་སྨོསོ།། འདིར་གཞུང་ནི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་དཔྲལ་བར་འདོད་པ་ནི་ལྟུང་བ་མདོ་ཞེས་གསུངས་པ་ཡིནོ།། ཅི་ཞིག་རྗེ་སུ་བསྒྲུབ་ན་གཅེར་བུ་བ་ལ་སྦྱིན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན།
་དེའི་ཕྱིར་རང་གྲིང་བྱིན་ནའོ་ཞེས་བྱ་བ་སྨོསོ།། མི་རུང་བ་དག་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་རང་དང་དེ་ལ་མི་རུང་བའི་བཅའ་བ་དང་བཟའ་བ་དག་སྦྱིན་པ་ལ་ནི་ཉེས་བྱས་ཏེ། འདི་དག་སྦྱིན་དུ་འཇུག་ན་ཤིན་ཏུ་ནི་སྨད་པ་ཉིད་ནི་མཚོན་པ་ཙམ་ཡིན་ནོ།། འདིར་གཞན་ལ་ལྔ།
་དངོས་གཞི་མ་ཡིན་པར་བྱས་པ་སྦྱིན་པ་ཐམས་ཅད་དུ་སྦྱིན་པར་བྱས་ལ་གོས་ལ་སོགས་པ་ལ་ཉེས་བྱ་སུ་རྟོགས་པར་བྱའོ།། སྦྱིན་དུ་འཇུག་ན་ཡང་ངོ་།། རང་གིས་ཞལ་ཏ་བྱས་ནའོ་ཞེས་བྱ་བ་ནི་རང་གིས་ལུས་སམ་འབྲེལ་པ་ལ་མི་རུང་བའི
་འ་བ་དང་བཟའ་བ་ལ་ཉེས་བྱས་སོ་དེ་ལ་གཅེར་བུ་པོ་ལ་ཡོངསུ་འཚོལ་བར་བྱེད་ན་ཉོས་བྱས་སོ།། མངོན་སུམ་དུ་སྦྱིན་པ་ལ་འདི་དང་འབྲེལ་པ་མ་ཡིན་ནོ།། རང་གིས་ཞལ་ཏ་བྱེད་ན་སྦྱིན་དུ་འཇུག་པ་ལ་དེ་དང་འབྲེལ་བ་ཉིད་ལ་གུས་པ་ཉིད་དུ་འགྱུར་བ་ཡིན་ནོ།། དེ་བས་ན
་རང་གིས་ཞལ་ཏ་བྱས་ནས་སྦྱིན་དུ་འཇུག་པའི་དབང་དུ་བྱས་ནས་ཉེས་བྱས་འདི་བརྗོད་པར་རིག་པར་བྱའོ།། བགོ་བཤའ་བྱེད་ན་ཡང་ངོ་ཞེས་བྱ་བ་ནི་བགོ་བཤའ་བྱེད་པའི་ངོ་བོས་བཅའ་བ་དང་བཟའ་བ་དག་ལ་ལུས་སམ་དེ་དང་འབྲེལ་པ་ལས་གཞན་དུ་ཉེས་བྱས་སོ།། །
་གང་ཞིག་སློང་བ་འབྲས་བུ་དང་བཅས་པའི་ངོ་བོ་གཞན་དུ་འཇོག་པ་གདོལ་པ་བཞིན་དུ་དེ་སྦྱིན་པས་ན་དེ་ལ་ཉེས་བྱས་མདོ།། བགོ་བཤའ་བྱ་བའི་ཚུལ་གྱིས་འདིར་ཡོངསུ་འཆོལ་བར་བྱེད་པར་འགྱུར་བ་ཉིད་ཡོད་པ་ཡིནོ།། དེ་བས་ན་འདིར་ཉེས་པ་མེད་པ་ཉིད་མདོ།། འདིར
་གཞུང་ནི་ཞུ་བ་ལས་གཅིག་ཏུ་བགོ་བཤའ་བྱ་སྟེ་ཟ་ན་ཉེས་བྱའོ།། གཞན་གྱི་རང་གི་དོན་དུ་བགོ་བཤའ་བྱེད་དུ་འཇུག་པ་ལ་ཉེས་བྱས་ལས་ཤིན་ཏུ་ན་སྨད་པ་ཉིད་ཅེས་གསུངས་པ་ཡིན།། མི་རུང་བའི་བཟའ་བར་བྱ་བ་དང་བཅའ་བར་བྱ་བ་དག་ལ་མདོ་སྔ་མ་དག་གི་ཤེས
་པར་བྱའོ།། གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་དོ།། ། གང་དུ་དམག་ལ་ལྟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གཡུལ་ལ་རྣམ་པར་དགའ་བའི་དམག་ལ་ལྟ་བའི་དོན་ཉིད་ཀྱི་སོ་ཞེས་བྱ་བ་སྨོས་ཏེ། ཞུགས་པ་ལ་ཞེས་བྱ་བ་དང་འབྲེལ་ལོ།། བསོད་སྙོམས་ལ་སོགས
་པའི་དོན་དུ་བྱུང་བས་དམག་ལ་ལྟ་བར་བྱེད་ན་ཡང་ལྟུང་བྱེདདོ།། ཅི་རྒྱུ་མཚན་གང་ཡང་རུང་བས་བལྔའོ་ཅོག་ལ་འམ་ཞེ་ན། དེའི་ཕྱིར་རྒྱལ་པོ་དང་བཙུན་མོ་དང་གཞོན་ནུ་དང་ཞང་ལོན་དང་ཁྲོམ་གྱི་རུ་སྣ་དང་། གྲོང་རྡལ་གྱི་མི་དང་ལྗོངས་ཀྱིས་མི་བཀུག་པ་དང་བར་ཆད
་བྱུང་བའི་དབང་ཉིད་མ་གཏོག་སོ་ཞེས་བྱ་བ་སྨོས་ཏེ། འདི་རྣམས་ཀྱིས་ཀྱང་བརྗོད་དེ་བར་དུ་གཅོད་པའི་རྒྱུ་མཚན་ལ་ཉེས་པར་ལྟུང་བ་དོར་ནས་ཞེས་བྱ་བའི་དོན་ཏོ།། སྟོབས་ཀྱིས་ཉེ་བར་བཟུང་ནས་ཁྱེར་བ་ནི་བར་དུ་གཅོད་པ་ཉེ་བར་ལྟུང་བ་ལ་ཁོང་སྡུད་པར་རིག་པར་བྱའོ
་ཉེ་བར་འཚེ་བ་དང་དགེ་འདུན་ནམ་གང་ཟག་གམ་མཆོད་རྟེན་ལ་སོགས་པ་ལ་བར་དུ་གཅོད་པ་ཉིད་ནི་ཤིས་པར་བྱ་བ་མ་ཡིན།། རྗེསུ་བསྒྲུབ་པ་གང་ལ་ལྟུང་བ་འདི་ཡིན་ཞེ་ན། དེའི་ཕྱིར་འཕགས་པའི་ཉེན་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་ནའོ་ཞེས་བྱ་བ་སྨོས་ཏེ།
་གནས་གང་ན་འཕགས་པའི་གནས་དེའི་ཉེ་འཁོར་གང་ཡིན་པ་དེའི་མཐའ་གང་ཡིན་པ་དེ་ལས་འདས་ཏེ་མཐོང་བ་ཆོས་གོས་ཀྱི་ཉེན་འཁོར་གང་ཡིན་པ་དེ་ནི་འདིར་ཉེན་འཁོར་དུ་རིག་པ་ཡིནོ།། གྲོང་དང་འབྲེལ་པ་དོར་ནས་འདིར་ཐོགས་པ་དང་བཅས་པའི་ཁྱིམ་བཞིན་དུ་མ
་བསྒྲིབས་པ་ལ་ཉེས་པ་མེད་པ་ལྟར། དགེ་སློང་གླང་པོ་ཆེའི་ཚོགས་ལྟ་བའི་ཕྱིར་འགྲོ་ན་ཇི་སྲི་དུ་མིག་གིས་མ་མཐོང་གི་བར་དུ་ནི་ཉེས་བྱསོ་མིག་གིས་མཐོང་བར་གྱུར་ན་ནི་ལྟུང་བྱེདདོ།། དེ་བཞིན་དུ་རྟའི་ཚོགས་དང་རྐང་ཐང་གི་ཚོགས་དང་ཞེས་བྱ་བ་ལ་སོགས་པ་ལྟུང་བ
་བསྟན་པ་ལ་མཐོང་བ་ཙམ་ལ་དངོས་གཞིར་གསུང་སོ།། དེའི་སྔ་རོལ་དུ་ཉེན་འཁོར་མཐའ་མ་ལས་འདས་པར་དེའི་དོན་དུ་འདུག་པ་ལ་དེའི་བཞིན་བསྒྱུར་བ་ཙམ་གྱིས་མཐོང་བ་ལ་ནི་ཉེས་བྱ་སུ་གཏོགས་པར་བྱའོ།། དམག་ལ་ལྟ་བའི་ལྟུང་བྱེདོ།། །། གང་དུ་དམིག་གི
་ནང་དུ་གནས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དེ་དག་མེད་པར་དེར་ཉིན་མཚན་གཉིས་ལས་ལྷག་པར་འདུག་ནའོ་ཞེས་བྱ་བ་སྨོས་ཏེ། དེ་དག་མེད་པར་ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པས་བཀུག་པ་དང་བར་ཆད་ཉེ་བར་བྱུང་བའི
་དབང་ཉིད་དོ།། དེར་ཞེས་བྱ་བ་ནི་གཡུལ་ལ་མངོན་པར་དགའ་བའི་དམག་ལའོ།། ཉིན་མཚན་གཉིས་ལས་ཞེས་བྱ་བ་ནི་ཉིན་མོ་དག་ལའོ།། དེ་ལས་གོང་དུ་ལྷག་པར་འདུག་ནའོ་ཞེས་བྱ་བ་འདི་ནི་ཉིན་མཚན་དག་གོ།། ཉིན་མཚན་གྱི་མཐར་ཡང་འདུལ་བའི་ཐ་སྙད
་དོ།། དེ་བས་ན་འདི་ལ་ཡང་དངོས་གཞིའི་རྣམ་པར་བཞག་པའོ།། འདིར་ཡང་གང་ཞིག་རྣམ་པར་གནས་པ་ལ་སྐད་ཅིག་མའི་རྗེ་སུ་མཐུན་པ་ཉིད་མ་ཡིན།། དེའི་ཕྱིར་འདིར་སྦྱོར་བ་ཐོབ་པ་འདུན་ནས་རྣམ་པར་གནས་པ་ཡིན་གྱི་ལྟུང་བ་མེད་པ་ནི་མ་ཡིན།།
་ན་མ་ཐོ་བ་དང་བཅས་པའི་རྗེསུ་བསྒྲུབ་པ་ལ་དུས་ནམ་གྱི་ཚེ་བྱས་པ་ཁ་ན་མ་ཐོ་བ་མེད་པ་མ་ཡིན་ནོ།། ཉིན་མཚན་གཞན་པོ་འདི་ལ་ནི་ཉིན་མཚོན་གཞན་ལ་ཞུགས་པའི་ཡང་མ་ཡིན་ཏེ། དེ་བས་ཉིན་མཚན་སོར་འདིར་ཁ་ན་མ་ཐོ་བར་རིག་པར་བྱའོ།།
་དགོས་པ་མེད་ན་སྔ་མ་ལ་ཡང་ངོ་ཞེས་བྱ་བ་ནི་རིགས་པར་ཚུལ་གྲིས་དགོས་པ་མེད་ན་སྔ་མ་ཡང་ཉིན་ཞག་གསུམ་པར་དུ་འདུག་པ་ལས་གནས་པ་གང་ཡིན་པ་དེ་ལ་ཡང་ཞེས་བྱ་བའི་དོན་ཏོ།། མཐར་ནི་དངོས་གའི་སྟེ་སྔ་མ་རོལ་དུ་ནི་ཉེས་བྱས་ཞེས
་བྱ་བ་འདི་ལ་འདིར་མ་བཞིན་དུ་རྟོགས་པར་བྱའོ།། འདིར་གཞུང་ནི་དགེ་སློང་ལ་དེ་འདྲ་བའི་རྐྱེན་ཡོད་པར་གྱུར་ན་རྩོམ་པའི་དམག་ལ་ལྟ་བའི་ཕྱིར་ཉེ་བར་འགྲོ་བར་བྱའོ་ཞེས་གསུངས་པ་ཡི་ནོ།། ལེགས་པའི་ངོ་བོ་འདོད་པའི་དོན་མེད་པ་ན་དམག་གི་ནང་དུ་སོར
་ཉམ་སུ་མྱོང་བར་བྱ་བ་མ་ཡིནོ་ཞེས་བྱ་བ་གསུངས་པ་དེའི་ཚིག་གི་བརྗོད་པའོ།། དམག་གི་ནང་ན་གནས་པའི་ལྟུང་བྱེད་དོ།། །། དཔུང་གི་ཡན་ལག་རྣམས་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་ནི་གཡུལ་ལ་མངོན་པར་དགའ་བའི་དམག་གི་དཔུང་གི་ཡན་ལག
་གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་རྐང་ཐ~ཾང་དང་རྒྱལ་མཚན་ལ་སོགས་པ་རྣམས་ཀྱིས་དམག་ལ་ཞེས་བྱ་བར་སྦྱར་རོ།། འདིར་མཚོན་པ་ཡི་ནི་བརྩམས་པའི་གཡུལ་ངོ་རྣམས་ཀྱི་ཡན་ལག་ཏུ་རྣམ་པར་གནས་པ་ཡིན་ཞེས་བྱ་བ་ཐཾད་དུ་ཁོངསུ་བསྡུ་བའོ།། ཅི་དེ་ཐཾད
་ལ་འདི་རྣམས་བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་བར་ཆད་ཀྱི་དབང་གིས་འགྲོ་བ་མ་ཡིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། སྤངས་ནས་ཞེས་བྱ་བ་བརྗོད་པ་དག་ལ་ལྟུང་བ་མེདོ།། རྒྱུ་དག་ལས་གཅིག་ནི་འདིར་རྒྱུ་ཉིད་དེ་བར་ཆེད་ཀྱི་དབང་གིས་ལྟུང་བ་ཉིད་དེ། རྒྱལ
་པོ་ལ་སོགས་པ་ལས་སྨོས་པ་ལས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་བར་ཆད་བརྒྱད་པོ་དག་ལས་བར་ཆད་གང་ཡང་ཡུང་བ་ཉེ་བར་གནས་པར་གྱུར་ན་ཉེས་པ་མེདོ་ཞེས་གསུངས་པའི་ཕྱིརརོ།། དེ་ཡང་དོ་ཙམ་དུ་ཟད་ཀྱིས་གནོད་པ་ཐམས་ཅད་ཉེ་བར་ཞི
་བར་བྱ་བའི་དོན་དུ་འགྲོ་བ་ལ་ཡང་འདིར་ཉེས་པ་མེད་པ་ལ་སྦྱོར་བ་ཞེས་བྱ་བ་ནི་བར་ཆད་ཙམ་ལ་ཡང་དག་པར་བརྟེན་པའོ།། བསྡུས་པ་དང་སོར་དག་གོ་ཞེས་བྱ་བ་ནི་གཡུལ་གྱི་ཡན་ལག་རྣམས་ལ་བྱེད་པ་པོ་ཉིད་ཡིནོ་ཞེས་བྱ་བར་སྦྱརོ།། དཔུང་གི་མཆོག་གམ་དམག
་གི་ཚོགས་ཡང་དག་པར་བསྟན་པ་ཞེས་བྱ་བ་འདི་ལ་ཐམས་ཅད་དུ་བཟུང་ནས་བསྡུས་པའོ།། འདིར་དཔུང་གི་ཚོགས་ནི་དཔུང་གི་ཚོགས་ལ་རིག་པར་བྱ་སྟེ། ཚོགས་དང་འབྲེལ་པ་ཉིད་ཀྱིས་རྣམ་པ་གཞི་པོ་རྣམས་ཀྱི་ཚིག་གོ།། ཚོགས་རྣམས་ནི་བཞི་སྟེ། འབྲུའི་ཁ
་ལྟ་བུ་དང་། ཤིང་རྟའི་དབྱིབས་ལྟ་བུ་དང་། ཟླ་ཁམ་གྱི་རྣམ་པ་ལྟ་བུ་དང་ན་མཁའ་ལྡིང་གི་འདབ་མ་ལྟ་བུའོ།། བཤམས་པ་ལ་ཡང་རྣམ་པ་བཞི་སྟེ། ཟླ་བའི་རྣམ་པ་ལྟ་བུ་དང་། ཤིང་རྟའི་དབྱིབས་ལྟ་བུ་དང་། གཡུལ་ངོ་རྣམས་ལྟ་བུ་དང་། ན་མཁའ
་ལྡིང་གི་འདབ་མ་ལྟ་བུའོ།། ཟླ་བའི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་མདུན་དུ་ཡའུ་དང་ར་རྒྱབ་དུ་ཡང་རུང་དངར་གློར་ཡང་ལུང་དངར་ལ་དབུས་ན་རྒྱལ་པོ་འདུག་པའོ།། ཤིང་རྟའི་དབྱིབས་ལྟ་བུ་ཞེས་བྱ་བ་ནི་མདུན་དུ་ཡང་རུང་དང་ར་རྒྱའུ་ཡང་རུང་དང་ར་རྒྱབ་ན་རྒྱལ་པོ་འདུག་པའོ།། །
་གཡུལ་ངོའི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་མདུན་དུ་ཡང་རུང་དང་ར་རྒྱབ་དུ་ཡང་རུང་དང་ར་ལ་དབུས་ན་རྒྱལ་པོ་འདུག་པའོ།། ན་མཁའི་ལྡིང་གི་འདབ་མ་ཞེས་བྱ་བ་ནི་རྒྱབ་དུ་ཡང་རུང་དངར་གློར་ཡང་རུང་དངར་ལ་མདུན་ན་རྒྱལ་པོ་འདུག་པའོ།། ཚོགས་དང་དམག་ཆོ
་ཀྱི་སྒྲ་དག་ལ་རྣམ་གྲངས་ཉིད་ཀྱི་ཕྱིར་དོན་གཅིག་པ་ཉིད་དུ་ཤེས་པར་བྱའོ།། དེ་བས་ན་འདི་ལྟ་སྟེ། དམག་གི་ཚོགས་སོར་ཉམསུ་མྱོང་བར་བྱ་ཞེས་བྱ་བ་འདིའི་བཤད་པ་ནི། ཚོགས་ལ་ལྟ་བ་སོར་ཉམ་སུ་མྱོང་བར་བྱ་ཞེས་གསུངས་པ་ཡིནོ།། རྣམ་པ་ཅི་འདྲ་བ་འདི
་རྣམས་ལ་ཁ་ན་མ་ཐོ་བ་གང་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྟ་གོན་བྱས་པ་རྣམས་ཀྱིའོ།། དངོས་ལ་དངོས་གཞིའོ།། སྦྱོར་བ་ཁོ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་སྨོས་ཏེ། སྟ་གོན་མི་བྱས་པ་དེ་ལ་ནི་གཉིས་ཀ་ལ་ཡང་ཉེས་བྱས་ཁོ་ནའི་བྱེད་པ་པོ་ཉིད་ཡིནོ།།
་གླང་པོ་ཆེ་ལ་སོགས་པ་རྣམས་ལོ་གོ་བསྐོན་པ་ཉིད་ནི་སྟ་གོན་བྱས་པ་ཉིད་རིག་པར་བྱའོ།། ཤིང་རྟ་བཤམས་པ་དང་རྒྱལ་མཚན་བསྒྲེང་བ་དང་རྩེགཞུ་བརྡུངས་པ་དང་། མངའ་མེདེའུ་ཅོན་བདང་བ་དང་། རལ་གྲི་ཕྱུང་བ་ཉིད་ལ་སོགས་པ་ཡིན་པར་བྱའོ།། གཙི
་ག་ལ་ཡང་ཞེས་བྱ་བ་ནི་དངོས་གཞི་དང་སྦྱོར་བ་ལའོ།། ཅི་འདིར་དངོས་གཞི་ལ་ཞེས་བྱ་བ་བདུན་ལྟུང་བའི་མཚན་མ་ཉིད་ཀྱིས་དངོས་གཞི་བརྗོད་པ་ཡིན་ནམ་ཞེ་ན། དེའི་ཕྱིར་རེག་པ་དང་བཤམ་པ་དཀྲུག་པ་དང་བལྟ་བའི་ཕྱིར་འཕགས་ཤིང་ཉེན་འཁོར་གྱི་མཐུ
་ལས་འདས་ཏེ་མཐོང་བ་ལྟ་བུ་ནི་དངོས་གཞི་དག་ཡིནོ།། ཞེས་བྱ་བ་སྨོས་ཏེ། རིན་པོ་ཆེ་སྨོས་པ་ཞེས་བྱ་བས་མཚོན་མ་ལ་རེག་པའི་ལྟུང་བ་གང་ཡིན་པ་དེ་ནི་འཆད་པར་འགྱུར་ཏེ། དེ་ལས་ཡུལ་གཞན་ཡིན་པ་ངོ་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ།། འདིར།
་བཤམ་པ་ནི་གནས་ནས་འཕོ་བར་ཡི་ནོ།། དཀྲུག་པས་ཞེས་བྱ་བ་ནི་ལྟ་བའི་དོན་དུ་དཀྲུགས་ནས་ཉེན་འཁོར་གྱི་མཐའ་ལས་འདས་པ་གང་ཡིན་པ་དེར་ལྟ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ།། དགེ་སློང་གིས་གླང་པོ་ཆེ་གོ་བསྐོན་པ་བཤམ་པར་བྱེད་ཅེས
་བྱ་བ་ནི་ཁ་ཅིག་གིས་གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་རྐང་ཐང་རྣམས་ལ་བཤམ་པ་ཐོབ་པར་བརྗོད་པར་ཡིནོ།། གཞན་དུ་ཡང་གླང་པོ་ཆེའི་ཚོགས་ལ་ལྟ་བའི་ཕྱིར་ཉེ་བར་འགྲོ་བར་བྱེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡི་ནོ།། དགེ་སློང་གིས
་གླང་པོ་ཆེ་གོ་བསྐོན་པ་ལ་རེག་ན་ཞེས་གསུངས་པ་ཡིནོ།། ལྟ་བ་དང་རིག་པ་དག་ལ་གཉི་ག་ལ་ཡང་སྦྱོར་བ་ཞེས་བྱ་བ་འདི་ཉིད་བསྡུས་པའོ།། མ་ཆས་པ་ཉིད་ལ་ནི་ན་སྨོད་པ་ཉིད་དོ་ཞེས་བྱ་བའི་གཡུལ་ལ་མངོན་པར་དགའ་བ་ཉིད་མ་ཡིན་པ་ལའོ།། དེ་བས་ན
་འདིར་དམག་ལ་ཞེས་བྱ་བ་རྟོགས་པ་ཡིན།། བསླབ་པའི་གཞི་གསུམ་པོ་དག་ལས་གཡུལ་ངོའི་ཕྱིར་མོ་བྱས་པ་ཉིད་ལ་ནི་དམག་གི་དངོས་གཞིའི་གན་སུ་ཡེ་བྱས་ལ། ཉིས་བྱས་ཀྱི་གནས་ནི་ཉེས་བྱས་ཕྲ་མོར་འགྱུ་པོ་ཞེས་བྱ་བ་དེ་ལ་འདི་བྱེད་པའོ།། རྒྱལ
་འམ་ཆོམ་རྐུན་པའི་གྲོང་དུ་རྐྱེན་དེ་ལྟ་བུ་མ་གཏོགས་པར་འདིར་ཞུགས་པར་བྱ་བ་ཉིད་དུ་རིག་པར་བྱའོ།། མི་རུང་བ་དང་རྗེ་སུ་མི་མཐུན་པའི་རྒྱལ་པོའི་ནང་དུ་ཉེ་བར་འགྲོ་བའོ།། སྤྱོད་ཡུལ་ནི་རྣམ་པ་ལྔ་སྟེ། འབྲོག་དང་ཇི་སྲིད་དུ་རྒྱལ་པོའི
་ཉེན་འཁོར་ཞེས་བྱ་བ་འདི་ཡང་འདིར་ལུང་དུ་རེག་པར་བྱའོ།། གླང་པོ་ཆེ་དང་རྟ་དང་བྱཱ་གག་དང་བྱ་ལ་བ་ཀ་དང་། བྱ་བར་ཏ་ཀ་དང་། སྐྱེས་པ་དང་བུད་མེད་འཐབ་པ་ལ་སོགས་པ་བྱ་བ་དང་ཁྱོད་དུ་གཞུག་པ་དང་བལྟ་བར་མི་བྱའོ་ཞེས་བྱ་བ་ནི་འདིར་གཞུང་ནི་ཕྲན
་ཚེགས་དག་ལས་ལྷག་མ་དབང་དུ་བྱེད་པ་ནི་འདི་ཡིན་ཏེ། དེ་བས་ན་གཡུལ་ངོའི་ཡན་ལག་ཏུ་གྱུར་པ་གླང་པོ་ཆེ་ལ་སོགས་པ་རྣམས་ནི་འདིར་མི་བཟུང་ངོ་།། དཔུང་གི་ཡན་ལག་ཉམ་སུ་མྱོང་བའི་ལྟུང་བྱེད་དོ།། ། ཅི་ཞིག་བྱས་ན་བརྡེག་པའི་ལྟུང་བྱེད་དུ་འགྱུར།
་ཞེ་ན། དེའི་ཕྱིར་རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་དགེ་སློང་ཕ་རོལ་ལ་ལུས་སམ་དེས་འཕངས་པ་འམ་དེ་དང་འབྲེལ་པ་དག་གང་ཡང་རུང་བ་ཐ་ན་རྐང་པའི་མཐེའོ་འམ། ཡུངས་ཀར་རམ་རྩཝ་དག་གིས་བརྡེགས་ནའོ་ཞེས་བྱ་བ་སྨོས་ཏེ། རྙོག་པ་ཅན་གྱིས་སེམ་ཀྱིས
་དགེ་སློང་ཕ་རོལ་ལ་ཞེས་བྱ་བ་ནི་ཕྱི་མ་གསུམ་པོ་རྣམས་ལའོ།། རེག་པ་ནའོ་ཞེས་བྱ་བ་ནི་བརྡེགས་ནའོ་ཞེས་བྱ་བ་རྗེ་སུ་བསྒྲུབ་པ་བཤད་པའོ།། རིག་ནའོ་ཞེས་བྱ་བ་ནི་མཐར་ཐུག་པའི་ཚིག་གོ།། རྗེསུ་བསྒྲུབ་པ་འདི་ལ་འདི་བསྒྲུབ་པ་ལ་ཞེས་བྱ་བའི་དོན་ཏོ།།
་འདིར་མངོན་པར་ཞེན་པ་དང་ཁྲོས་པ་དང་དྲག་པོར་གྱུར་པ་དང་ཡིད་མི་བདེ་བ་ཞེས་བྱ་བ་གསུངས་པ་ཡི་ནོ།། ཉེ་བའི་ཉོན་མོངས་པ་གཞན་གྱིས་ཀྱང་སྦྱིན་པ་ལ་ཁ་ནི་མ་ཐོ་བ་མཉམ་པས་འདིར་བསྐྱེད་པར་རྣམ་པར་གནས་པ་ཡི་ནོ།། དེ་བས་ན་རྙོག་པའི་དངོས་པོ་ལ
་བརྟེན་པའོ།། གང་གིས་བརྡེག་པ་ལ་ཡིན་ཞེ་ན། དེའི་ཕྱིར་ལུས་སམ་དེས་འཕངས་པ་འམ་དེ་དང་འབྲེལ་པ་དག་གིས་སོ།། ལུས་སམ་དེས་འཕངས་པ་དེ་དང་འབྲེལ་པ་དག་གིས་ཞེས་བྱ་བའི་དོན་ཏོ།། འདིར་འགའ་ཞིག་ཏུ་ནི་ཤིན་ཏུ་ཡང་མ་ཆད་པ་ལ་ན
་སྨད་པར་ཤེས་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་འདི་བསྟོན་པའི་དོན་དུ་གསུངས་པ་ནི་གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པ་ཐ་ན་རྐང་པའི་མཐེ་བོ་ལ་སོགས་པ་གྲངས་ཇི་ལྟ་བ་བཞིན་དུའོ།། ལུས་ལ་སོགས་པ་རྣམས་ཀྱི་མཐར་ཐུག་པ་ལ་ཡང་དག་པར
་རིག་པར་བྱའོ།། གང་ལ་བརྡེགས་པས་ཡིན་ཞེ་ན་དེའི་ཕྱིར་དགེ་སློང་ལའོ་ཞེས་བྱ་བ་སྨོས་ཏེ། ལྟུང་བ་འབྱིན་པ་པོ་ཡང་དགེ་སློང་ཡིན་ཏེ། དེར་བདག་ཉིད་ལ་ཡང་བརྡེགས་པ་ལ་ཞེས་བྱ་བ་ཐོབ་པའོ།། དེའི་ཕྱིར་གསུངས་པ་ནི་ཕ་རོལ་ལ་ཞེས་བྱ་བ་སྨོས་པ
་ཡིནོ།། འོག་མ་གསུམ་པ་ལ་ཡང་ཞེས་བྱ་བ་ནི་དེ་མ་ཐག་པའི་གསུམ་ལ་བཟའ་བ་དང་གནས་ངན་ལེན་འཆབ་པ་དང་ཟན་གཅོད་དུ་འཇུག་པ་ལ་ཞེས་བྱ་བ་བསླབ་པའི་གཞི་རྣམས་ལས་དགེ་སློང་ཕ་རོལ་པོ་ལ་ཡང་འདི་བལྟ་བར་བྱའོ།། མི་བརྡེག་པ་ཡོད་པ་ལ།
་གཞན་དེའི་འབྲས་བུར་གྱུར་པ་བསྒྲུབ་པ་ལ་ཡིན་ནམ་འོན་ཏེ་བརྡེགས་པ་ཁོ་ན་ལ་ཡིན་ནོམ།། དེའི་ཕྱིར་རེག་ནའོ་ཞེས་བྱ་བ་སྨོས་ཏེ། བརྡེག་པའི་བདག་ཉིད་ཅན་གྱི་རྗེ་སུ་བསྒྲུབ་པ་ཡོད་པ་ལ་རེག་པ་བསྒྲུབ་པ་ལ་ཞེས་བྱ་བའི་དོན་ཏོ།། ཅི་ལྟུང་བྱེད་གཅིག
་ཏུ་འགྱུར་རམ་ཞེ་ན། དེའི་ཕྱིར་བརྗེ་གི་སྤྱད་རེ་ལའོ་ཞེས་བྱ་བ་སྨོས་ཏེ། སོར་མོ་ལ་སོགས་པའི་བརྡེག་སྤྱང་ཇི་སྙེད་ཀྱིས་རིག་པར་གྱུར་པ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་ཞེས་བྱ་བའི་དོན་ཏོ།། མ་ཕོག་ན་ཉེས་བྱསོ་ཞེས་བྱ་བ་ནི་སོར་མོ་ལ་སོགས་པ་བརྡེག
་།། སྨང་དག་གིས་མ་ཕོག་ན་ཉེས་བྱསོ།། བརྡེག་པར་བྱ་བ་གཞན་ཡིན་ལ། གཞན་ལ་བརྡེག་པར་མི་བྱའོ་ཞེས་བྱ་བ་ནི་སེམས་བརྡེག་པར་བྱ་བ་ཉིད་ལ་རང་གིས་ལུས་ལ་བརྡེག་པ་འདི་བཀག་པའོ།། འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་གཱས
་བརྡེག་པར་བྱ་བ་གཞན་ཡིན་ལ། གཞན་ལ་བརྡེག་པར་མི་བྱའོ་ཞེས་གསུངས་པ་ལྟ་བུ་ཡི་ནོ།། ཀ་བ་ལ་བརྡེག་པར་མི་བྱའོ།། རྩིག་པ་དང་། ས་དང་ཤིང་ལྗོན་པ་དང་གཞན་ལ་ཡང་ངོ་ཞེས་བྱ་བ་ནི་ཕྲན་ཚེགས་རྣམས་ལ་འབྲས་བུ་ལ་སོགས་པ་དེ་དབབ་པའི
་དོན་དུ་འདིར་བརྡེག་པ་སྟེར་བ་ལ་སོགས་པ་འབྱུང་པོའི་ཚོགས་འཇིགས་པའི་ཆོ་ག་ལ་དེ་ཁོངསུ་འདུས་པ་ཞེས་བྱ་བ་གཞན་ཥགོག་པ་ནི་འདིའི་ཡུལ་ལེ་བུད་ཤིང་གི་དོན་དུ་ཤིང་ལྗོན་པ་དང་། མཎྜལ་གྱི་དོན་དུ་ས་བརྡུང་བ་ལ་ལག་སོགས་པ་འདི་ལྟ་བུ་ལ
་ཡང་། ཅི་འདིས་བཀག་པ་ཉིད་ཡིན་ནལ་ཞེ་ན། མ་ཡིན་ཏེ་ཞེས་བསྟན་པ་ནི་བརྡེག་པ་སྟེར་བའི་སྦོམ་པོ་ལ་འཇུག་པ་ལ་འདི་བཀག་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ།། དེ་ལྟར་ཡང་ཚེ་དང་ལྡན་པས་རི་ཤིང་གཤེགས་པ་འབྱུང་བར་འགྱུརོ།། བརྡེག་པའི་ལྟུང་བྱེད
་གང་དུ་གཟས་པའི་ལྟུང་བྱེད་ཅེས་བྱ་བ་འདི་ལ་རྙོག་པ་ཅན་གྱི་སེམས་ཉིད་ཅེས་བྱ་བ་ལ་སོགས་པ་ནས་གཟས་པ་ནའོ་ཞེས་བྱ་བ་ལ་སོགས་པའི་མཐའ་མ་ལ་བལྟོས་ནས་བརྗོད་པར་བྱ་སྟེ། དེའི་ཕྱིར་བརྡེག་པར་གཟས་པ་ནའོ་ཞེས་བྱ་བ་སྨོས་ཏེ། ཅི་འདིར
་གཅིག་ཉིད་དུ་འགྱུར་རམ་ཞེ་ན། དེའི་ཕྱིར་རྫས་རཾ་ལའོ་ཞེས་བྱ་བ་སྨོས་ཏེ་སོར་མོ་ལ་སོགས་པའི་རྫས་ཇི་སྙེད་ཀྱི་ལྟུང་བྱེད་དུ་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། གཟས་པའི་ལྟུང་བྱེད་དོ།། ཅི་ཞིག་བྱས་ན་གནས་ངན་ལེན་འཆབ་པའི་ལྟུང་བྱེ་དུ་འགྱུ་བ་ན་ན།
་དེའི་ཕྱིར་ཕམ་པར་གྱུར་པ་དང་དགེ་འདུན་ལྷག་མ་དག་བཅས་པ་ཞེས་བྱ་བ་སྨོས་ཏེ། གནས་ངན་ལེན་ཅེས་བྱ་བ་འཆད་པར་འགྱུར་བ་དང་འདི་ལ་འབྲེལ་པའོ།། ཅི་བཅབ་པ་རྣམ་པ་ཐམས་ཅད་ལ་གནས་ངན་ལེན་དུ་འགྱུར་རམ་ཞེ་ན། དེའི་ཕྱིར་བདེ
་བ་ལོ་མི་རེག་པ་དང་དགེ་སློང་གི་ཚུལ་དང་ཚངས་པར་སྤྱོད་པའི་བར་ཆད་དང་། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པར་འཆབ་ནའོ་ཞེས་བྱ་བ་སྨོས་ཏེ། དབང་ཉིད་ཅེས་བྱ་བའི་སྒྲ་ནི་བདེ་བ་ལ་མི་རེག་པ་ལ་སོགས་པ་ཟད་དང་སྦྱར་བར
་བྱའོ།། བར་ཆད་ཅེས་བྱ་བའི་སྒྲ་ནི་དགེ་སྦྱོང་གི་ཚུལ་དང་། ཆོངས་པར་སྤྱོད་པ་གཉིས་དང་སྦྱར་བར་བྱའོ།། བདེ་བ་ལ་མི་རེག་པའི་དབང་ཉིད་དང་། དགེ་སློང་གི་ཚུལ་གྱི་བར་ཆད་ཀྱི་དབང་ཉིད་དང་། ཆོངས་པར་སྤྱོད་པའི་བར་ཆད་ཀྱི་དབང་ཉིད་དང་། དགེ་འདུན
་འཁྲུག་ཏུ་དོགས་པའི་ཉིད་མ་གཏོགསོ་པར་གཞན་ཕམ་པར་འགྱུར་བ་དང་དགེ་འདུན་ལྐོག་མ་དག་འཆབ་པ་ན་ཞེས་བྱ་བའི་དོན་ཏོ།། དེ་ལ་འདིར་དགེ་སྦྱོང་གི་བར་ཆད་ལ་སོགས་པ་ནི་དཔེ་ཙམ་དུ་རིག་པར་བྱའོ།། གང་ཟག་གི་གཞི་འཁོར་དང་བཅས་པ
་འཆབ་པའི་ཆོ་ག་ཤེས་པར་བྱའོ།། དུས་གང་གི་ཚེ་བཅབས་ཞེ་ན། དེའི་ཕྱིར་ཉིན་མཚན་གྱི་མཐར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་རྗེས་ལ་སྐྱ་རེངས་འཆར་ཀ་ཚུན་ཆད་ཞེས་བྱ་བའི་དོན་ཏོ།། སྔ་རོལ་དུ་ནི་ཉེས་བྱསོ་ཞེས་བྱ་བ་ནི་ཉིན་མཚན་གྱི་མཐའི་སྔ་རོལ
་དུ་འཆབ་པ་ལ་ནི་ཉེས་བྱསོ།། ལྟུང་བ་གཞན་ཡང་ངོ་ཞེས་བྱ་བ་ཆུང་བ་ལ་དོན་ཐོབ་པ་ལས་ཕམ་པར་འགྱུར་བ་དང་། དགེ་འདུན་གྱི་ལྷ་གོ་མ་དག་ལས་གཞན་པའི་ལྟུང་བྱེད་བཅབས་ན་ནི་ཉིན་མཚན་གྱི་མཐར་ཡང་ཉེས་བྱསོ།། གནས་ངན་ལེན
་འཆབ་པའི་ལྟུང་བྱེད་དོ།། །། ཅི་ཞིག་བྱས་ན་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པར་ཆེད་དུ་བསམས་ཏེ། ཁྱིམ་པ་སྦྱིན་པ་པོ་ཟན་གཅོད་དུ་བཅུག་ནའོ་ཞེས་བྱ་བ་སྨོས
་ཏེ། ཟན་གང་གི་སྦྱིན་པ་པོ་ཁྱིམ་པ་གང་ཡིན་པ་དེ་ནི་སྦྱིན་པ་པོ་ཁྱིམ་པའི་ཟན་ཏེ། གཅོད་པ་ནི་དགེ་སློང་གི་ཆེད་དུ་བསམས་ཏེ་ཟན་གང་གིས་བྱེད་དུ་བཅུག་ན་ཞེས་བྱ་བའི་དོན་ཏོ།། ཅི་རྣམ་པ་ཐམས་ཅད་དུ་བཅུགོ་པ་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ནད་ཀྱི་གཉེན་པོའི
་དོན་ཉིད་མ་གཏེགོས་པ་ཞེས་བྱ་བར་སྦྱར་རོ།། གཅོད་དུ་གཙུག་པ་ནི་དེར་རང་གི་ཚིག་གིས་ཞེས་བྱ་བ་འཇུག་གོ།། དེ་ལྟ་བས་ནི་སྤྲིང་ཡིག་དང་ལག་ཡིག་དང་ལག་རྩིས་དང་། མངགས་པ་དང་བརྒྱུད་པ་དང་ཟུར་གྱིས་གཅོད་དུ་བཅུག་ན་ཉེས་བྱསོ།། འདིར་གཞུང
་ནི་ཞུ་བ་ཁ་ཅིག་ལས་གསུང་དེ་འདི་བསྡུས་པར་རིག་པར་བྱའོ།། སྦྱིན་བདག་ཁྱིམ་བདག་ཟན་གཅོད་པར་བྱེ་དུ་བཅུག་པར་འདིར་གཞུང་ནི་ཞུག་ཁ་ཅིག་ལས་མུ་སྟེགས་ཅན་གྱི་ཁྱིམ་བདག་ཏུ་ཟན་གཅོད་བཅུག་ན་ཉེས་བྱའོ།། ཞེས་གསུངས་པ་ཡི་ནོ།། ཟན་གནོད་འཇུག་པ
་ལྟུང་བྱེད་དོ།། ། སངྒེ་ལ་རེག་པར་མི་བྱའོ་ཞེས་བྱ་བ་ནི་མེ་དང་འདྲ་བར་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བ་ཉིད་ཡིན་པའི་ཕྱིར་རེག་པར་བྱ་བ་མ་ཡིན་ཏེ། རིན་པོ་ཆེའམ་དེ་དང་མཉམ་པ་ཉིད་ཀྱི་ཕྱིར་ནི་མ་ཡིནོ།། དེ་བས་ན་དེར་འཇུག་པའོ།། རིན་པོ་ཆེའམ་དེ་དང
་འོད་མཉམ་པས་དེ་རེག་པ་བཀག་པ་ལ་དུས་བྱིན་གྱིས་བརླབ་པའི་རྣམ་པ་བསྟན་པའི་ཕྱིར། དེ་ལ་དུས་བྱིན་གྱིས་བརླབ་པའི་ངོ་བོ་གསུངས་པ་ནི་སྟོན་པ་དང་ཆོས་དང་དགེ་འདུན་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་དུ
་ལྷུང་བཟེད་དང་ཚོན་གྱི་ལས་ལ་བརྟག་པ་ནི་དུས་བྱིན་གྱིས་བརླབ་པ་ཡིན་ནོ་ཞེས་སྨོས་ཏེ། དེ་རྣམས་ཀྱིས་ཆོས་དང་ལྡན་པའི་བྱ་བ་གང་ཡིན་པ་དེའི་དོན་ཉིད་ལ་རེག་པ་ལ་ལྷུང་བཟེད་དང་ཚོན་གྱི་ལས་ལ་བརྟགས་པ་ནི་དུས་བྱིན་གྱིས་བརླབ་པའོ།། འདིར
་གཞུང་ནི་དུས་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་དང་། དེ་དག་གིས་གང་གི་དོན་དུ་བྱིན་གྱིས་བརླབ་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོན་པོའི་བྱ་བ་དང་ཆོས་དང་དགེ་འདུན་དང་། སློབ་དཔོན་དང་མཁན་པོ་དང་ཚངས་པ་མཚུང
་པར་སྤྱོད་པའི་བྱ་བས་མངོན་པར་བརྟེན་པ་ནི་བྱིན་གྱིས་བརླབ་པ་དང་། མངོན་པར་འདུ་བྱེད་པ་སེམས་ཀྱིས་འདིར་རྣམ་པར་གནས་པ་ཡིན་ནོ།། ཆོས་དང་ལྡན་པའི་བྱ་བའི་དོན་གྱི་དབང་ཉིད་ཀྱིས་ནི་འདིར་འཇུག་པར་རིག་པར་ཡིན་ཏེ། དེའི་ཕྱིར་ཆོས་དང
་ལྡན་པོའི་དོན་ཉིད་ཀྱི་ཚིག་གོ། སློབ་དཔོན་དང་མཁན་པོ་དག་ལ་ནི་མ་ཡིན་ཏེ་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ཡང་ཡིནོ།། དེ་བས་ན་འདིར་དེ་དག་གིས་ཞེས་བྱ་བའི་ཚིག་གོ།། འདིར་ལྷུང་བཟེད་དང་ཚོན་གྱི་ལས་ཞེས་སྨོས་པས་ནི་རང
་གི་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་བསྟན་ཏོ་ལྷུང་བཟེད་ཀྱི་ལས་བྱའོ་ཞེའམ་ཚོན་གྱི་ལས་བྱའོ་ཞེས་ཡིད་ཀྱིས་བརྟག་པ་གང་ཡིན་པ་དེ་ནི་དུས་བྱིན་གྱིས་བརླབ་པ་ཡིན་ནོ།། ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་དུས་ཞེས་བྱ་བར་སྦྱརོ།།
་འདིར་གཞུང་ནི་དགེ་སློང་དག་ལྷུང་བཟེད་ཀྱི་ལས་དང་ཚོན་གྱིས་ལས་དག་བྱེད་པ་ན་ཡང་དང་ཡང་བརྗེས་ངས་པས་མེ་ལ་རེག་ནས་དེ་དག་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ།།
་ཞེས་བྱ་བ་དེ་འདིས་བསྡུས་པ་ཡིན་ནོ།། ཅི་ཞིག་བྱས་ན་མེའི་ཐ་སྙད་ཀྱི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་རྩེ་བ་ཉིད་ནའོ་ཞེས་བྱ་བ་སྨོས་སོ།། དེ་རྣམ་པ་གང་གང་གིས་ཡིན་ཞེ་ན་རྩེ་བའི་ངོ་བོ་བསྟན་པའི་ཕྱིར་གཞན་ལ་གཏོང་བས་ཟླབ
་དང་ཉི་མ་དང་མགལ་མེའི་འཁོར་ལོ་ལ་སོགས་པ་བྱེད་པས་སོ་ཞེས་བྱ་བ་སྨོས་སོ།། ཅི་ཞིག་རྩེ་བ་ལ་ཞེ་ན། དེའི་ཕྱིར་མེའི་ཞེས་བྱ་བ་སྨོས་སོ།། ཅི་རྩེ་བ་འབའ་ཞིག་ལྟུང་བྱེད་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར་དུས་བྱིན་གྱིས་མ་བརླབ་པའི་དགེ་སློང་ན་བའི་དབང་ཉིད་དུ
་གནས་པ་མ་ཡིན་པས་རེག་ནའོ་ཞེས་བྱ་བ་སྨོས་ཏེ། མཽ་ལ་ཞེས་བྱ་བར་སྦྱར་རོ།། ཇི་ལྟར་རེག་ན་ཞེ་ན་དེའི་ཕྱིར་རང་བསྒོ་བས་སོ་ཞེས་བྱ་བ་སྨོས་ཏེ། ཅི་རྩེ་བས་རེག་པ་འབའ་ཞིག་ལ་ལྟུང་བྱེད་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར། སྔར་བ་དང་གསོད་པ་དང་རེག་པ་དང
་མ་རེག་པའི་བུད་ཤིང་བསྐུལ་བ་དང་བཅས་པ་འདྲེན་པ་དང་མདག་མ་སྤུང་བ་དང་འབྲུ་བ་དག་ལའོ་ཞེས་བྱ་བ་སྨོས་སོ།། དུས་བྱིན་གྱིས་མ་བརླབས་པའམ་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པའི་རང་མ་བསྒོ་བས་ཞེས་བྱ་བར་སྦྱར་རོ།། མེ་སྦར་རམ་གསོད་དམ
་རེག་པའི་མེས་རེག་པའི་བུད་ཤིང་བསྐུལ་ཏམ། མེས་མ་རེག་པའི་བུད་ཤིང་བསྐུལ་ཏམ། མེ་དང་བཅས་པའི་བུད་ཤིང་འདྲེན་ཏམ་བསྐུལ་ཏམ། མདག་མ་སྤྱང་ངམ་འབྲུ་བར་བྱེད་པ་འདི་རྣམས་ཞེས་བྱ་བའི་དོན་ཏོ།། འདིར་གཞུ་བོ་ནི་དགེ་སློང་མེ་སྦར་བར་བྱེད་ན
་དེས་དུས་བྱིན་གྱིས་བརླབ་པར་བྱའོ།། བྱིན་གྱིས་མ་བརླབ་པར་སྦར་བར་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ།། སྦར་རམ་གསོད་པ་དག་ལ་ནི་འདི་ཡོན་ཏེ། བུད་ཤིང་མིས་རེག་པ་བསྐུལ་ཏམ། མས་མ་རེག་པའི་བུད་ཤིང་འབྲལ་བསྐུལ་ཏམ། མེ་དང་བཅས
་ཤིང་འབྲེལ་པའི་བུད་ཤིང་ཕྱིར་དྲངས་སམ། མདག་མ་དག་སྤུངས་སམ་དེ་བཞིན་དུ་མགལ་བ་སྐུལ་བར་བྱེད་དམ། མགལ་བ་འདྲེན་པར་བྱེད་དམ། ཤིང་འཛུད་པར་བྱེད་ན་ཐང་ལྟུང་བྱེ་དོ་ཞེས་གསུངས་པ་ཡིའོ།། མེས་མ་རེག་པའི་བུད་ཤིང་བསྐུལ་ཏམ་ཞེས་བྱ་བ
་གཞན་ཀློག་པ་འདི་བུད་ཤིང་བསྐུལ་བར་གྱུར་ན་ལྟུང་བྱེད་དུ་འགྱུ་རོ།། ཞེས་སྨོས་པ་དང་། འདིར་རང་གིས་བསྐུལ་བ་ལ་ནི་ལྟུང་བ་མདོ་ཞེས་བྱ་བ་དང་། འདིར་གཞན་ལ་བསྐོ་བ་ཞེས་བྱ་བ་མདོའི་ཚིག་ལས་རྟོགས་པར་བྱའོ།། མ་མར་མུར་ནི་ཕྱེད་ཤི་བ་ཉིད་ཞེས་བྱ་བ
་ཉེས་བྱས་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་མེ་མར་མུར་ལ་རེག་ན་ཉེས་བྱསོ།། ཞེས་གསུངས་པ་ཡིན་ནོ།། མེ་ལྕེ་དག་ཀྱང་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་ཕྱེད་ཤི་བ་ཉིད་ཅེས་བྱ་བའི་རྗེས་བསྙེག་པའི་ཕྱིར་སྨོསོ།། འདིར་གཞུང་ནི་མེ་མར་མུར་ལ
་རེག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིནོ།། འདིར་གང་ཞིག་མེ་མར་མུར་དང་མེ་ལྕེ་རྣམས་ལ་དེར་བུད་ཤིང་འཛུད་པ་དང་འབྱིན་པ་ནི་མེ་གཞན་གྱི་ཉེས་པ་ཁོ་ནར་ཡིན་པ་གྱི་དེར་ཅི་ཞིག་འདིར་བྱས་པས་ཉེས་བྱ་སུ་རྟོགས་པར་བྱ་ཞེས་བྱ་བ་འདིར་སྟོན་པ་ནི་དེར
་ཤིང་འཇུཇུག་པ་དང་འབྱིན་པ་ནི་མེ་གཞན་གྱི་ཉེས་པ་ཡིནོ་ཞེས་བྱ་བ་སྨོས་ཏེ། མེ་གཞན་དུ་འཛུད་པ་ནི་འདི་ཡིན་ཏེ། མེ་མར་མུར་དང་མེ་ལྕེའི་འཇུག་པ་ནི་མ་ཡིནོ།། དེ་ལྟ་བས་ན་དེའི་དབང་གིས་འདིར་ལྡང་བ་འབྱུང་བ་མ་ཡིནོ།། མེ་གཞན་གྱི་དབང་ཁོ་ནར་ལྟུང
་བར་འགྱུར་ཞེས་བྱ་བའི་དོན་ཏོ།། འདིར་འཛུད་པ་ལ་ནི་ལྟུང་བྱེད་དུ་ཤེས་པར་བྱའོ།། སྒྲ་དང་སྤུ་དང་སེན་མོ་དང་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་དང་། མོན་སྲོན་རྡེའུ་དང་མོན་སྲན་གྲེའུ་དང་ཏིལ་དང་འབྲུ་མར་དང་སྦྲང་ཅི་དང་མར་དག་ནི་བུད་ཤིང་གི
་ཕྱེད་ཉིད་དོ་ཞེས་བྱ་བ་སྨོས་ཏེ། བུད་ཤིང་གི་ཕྱེད་དུ་གྱུར་པ་འདི་རྣམས་ལ་ནི་ཉེས་བྱས་ཏེ། འདི་རྣམས་ནི་འཇོག་པ་དང་འདོན་པ་དག་ལ་ཞེས་བྱ་བའི་དོན་ཏོ།། ཀློག་པ་ཁ་ཅིག་ལས་དགེ་སློང་གིས་མེའི་ནང་དུ་སྐྲ་དང་སྤུ་དང་རུས་པ་དང་སེན་མོ་དག་འཇུག་ན
་ཉེས་བྱསོ་ཞེས་གསུངས་པ་ཡིན་ནོ།། གཞན་དུ་ན་ཡང་མའི་ནང་དུ་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་། རླུགས་པ་དག་འཇུད་ན་ཉེས་བྱསོ་ཞེས་གསུངས་པ་དང་། ཞུ་བ་ལས་ཀྱང་བཙུན་པ་རེ་ཞིག་དགེ་སློང་གིས་ཏིལ་མར་དང་མིནྡ་སྡེའུ་དང་། མོན་སྲན་གྲེའུ་ཞུགསུ
་གསོལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱསོ།། ཀློག་པ་ཁ་ཅིག་ལས་བཙུན་པ་རེ་ཞིག་དགེ་སློང་གིས་མར་དང་འབྲུ་དང་སྦྲང་རྩི་ཞུགསུ་སྩོལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱསོ།། ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་རུས་པ་དང་མཆིལ་མ་བསྲེག་ནི་ཉེས་བྱསོ་ཞེས་གསུངས་པ་ཏི།
་དེ་དག་ནི་བསྡུས་ནས་སྨྲསོ།། དེ་དག་ཀྱང་དཔེ་ཙམ་དུ་ཟད་དེ་རྩཝ་དང་ཤིང་དང་རས་བལ་དང་བལ་དུ་གྱུར་པ་ཡང་དེ་དང་འདྲ་བར་བཅས་པའི་ཆོས་ཅ་ནོ།། གཞན་གྱི་བྱེ་བ་གཞན་ལ་བྱིན་གྱིས་བརླབ་པ་ནི་ཕྱེད་བྱིན་གྱིས་བརླབ་པ་ཡིནོ་ཞེས་བྱ་བ་ལ། འདི་ནི་དོན་ཇི་ལྟར
་པར་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་ཏེ། དེ་ལྟ་བས་ན་འདོན་ན་སྨད་པ་ཡིནོ།། འདིར་གཞུང་ན་ལ་ལ་དག་ལས་ནི་འདི་སྐད་ཅེས་དགེ་སློང་གི་མཁན་པོའི་བྱ་བ་ལ་མེ་ལ་རེག་ཅིང་སློབ་དཔོན་ལ་བྱིན་གྱིས་རློབ་པར་བྱེད་ན་ཉེས་བྱའོ།། ཆོས་ཀྱི་བྱ་བས་དགེ་འདུན་ལ
་བྱིན་གྱིས་བརླབ་པར་བྱེད་ན་ཉེས་བྱསོ།། ཐམས་ཅད་ཕྱིན་ཅི་ལོག་ཏུ་བྱིན་གྱིས་བརླབ་པར་བྱེད་ན་ཉེས་བྱསོ་ཞེས་གསུངས་པ་ཡིནོ།། མེ་ལ་རེག་པའི་ལྟུང་བྱེད་དོ།། །། ཅི་ཞིག་བྱས་ན་དང་བའི་ཕྱིར་བསྒྱུར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་གི་དོན་གྱི
་ཆེད་ཀྱི་ལས་བྱས་པ་ལ་དང་པ་ཕུལ་བའི་ཕྱིར་བསྒྱུར་བའི་ཕྱིར་སྨྲས་ནའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་དང་འབྲེལ་པའི་དོན་གྱིས་དགོས་པ་གང་ཡིན་པ་དེ་ནི་དགེ་སློང་གི་དོན་ཏོ།། དོན་དེའི་ཕྱིར་ལས་བྱས་པ་གང་ཡིན་དེ་ནི་དགེ་སློང་གི་དོན་ཆེ་དོ།། དོན་གྱི་ཚེ་དེ་ལ་གསོལ
་བ་དང་བརྗོད་པོ་དང་དགག་དབྱེ་དང་བསྒོ་བའི་བ་ག་ཉིད་ཀྱི་ལས་བྱས་པ་གང་ཡིན་པ་དེ་དོན་གྱི་ཆེད་ཀྱིས་ལ་སོ།། ལས་དེ་བྱས་པ་ལ་ཞེས་བྱ་བ་ནི་བྱས་ཟིན་པ་ལའོ།། ལས་བྱས་པ་དེ་ལ་དད་པ་ཕུལ་བ་ཕྱིར་བསྒྱུར་བའི་ཕྱིར་སྨྲས་པ་ནི་དགེ་སློང་དད་པ་སླར་བྱིན་ཅི
་ཁྱོད་ལ་མི་སྦྱིན་ཞེས་ཟེར་ཞིང་ཕྱིར་འཕྲོག་པ་སྟེ། དེ་བས་ན་དད་པའི་ཕྱིར་བསྒྱུར་བའི་ལྟུང་བྱེད་དུ་འགྱུརརོ་ཞེས་བྱ་བའི་དོན་ཏོ།། ཚོགས་པ་འདི་འཇིགས་པ་དགེ་འདུན་ལ་བྱེད་པ་ཞེས་བྱ་བ་དེའི་ཁ་ན་མ་ཐོ་བོའོ།། དེ་སོད་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དོ།། །། ཟླ་བ་དང་ཉི
་མ་མ་གཏོགས་པའི་སྣང་བ་དང་བཅས་པའི་གནས་ཀྱི་ཕྱོགསུ་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། ཟླ་བ་དང་ཉི་མ་དག་མ་གཏོགས་པའི་སྣང་བ་ཟླ་བ་དང་ཉི་མ་དག་ལས་གཞན་པའི་སྣང་བ་ཁྱིམ་གྱི་ཕྱོགས་གང་ན་ཡོད་པ་དེར་རོ།། ཁྱིམ་དེ་ནི་དེར་གང་ཞིག་སླར
་བཀབ་པ་དང་ཡོངསུ་བསྐོར་བ་ཁྱིམ་གྱི་ཐ་མར་ཞེས་བྱ་བ་འདི་འཇུག་པས་ཁྱིམ་འདིའི་ངོ་བོ་རིག་པར་བྱའོ།། འདི་ཕྱོགས་ཀྱི་ཚིག་ནི་ཕྱོགས་གང་ན་སྣང་བ་མེད་པ་དེར་ཉལ་བ་ལ་ནི་ཉེས་པ་མེདོ་ཞེས་བྱ་བར་སྟོན་ཏོ།། ཕྱོགས་དེ་ལས་གཞན་དུ་ནི་ལྟུང་བ་མེད
་ཅེས་བྱ་བའི་དོན་འདི་བསྒྲུབ་པའི་དོན་དུའོ།། འོ་ན་འདི་ལྟར་སྣང་བ་དང་བཅས་པ་ཉིད་ལ་ཕྱོགས་གཅིག་ཏུ་སྣང་བ་དང་བྲལ་བའི་ཕྱོགས་ལ་སྣང་དུ་རུང་བ་ཉིད་ཡོད་དོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འདི་ནི་ལོངས་སྤྱོད་ཅན་གྱི་ཡོ་ལང་སྤང་བའི་ཕྱིར་ཡིན་གྱི་ལྟ་བའི
་ཕྱིར་བཀག་པ་ནི་མ་ཡིནོ།། འདིར་གླེང་གཞི་ནི་གཙོ་བོ་མ་ཡིན་ཏེ། ཟླ་བ་དང་ཉི་མ་དག་ལས་སྤང་བ་མ་ཡིན་པ་ཉིད་བརྗོད་པའི་ཕྱིར་རོ།། ཉལ་བར་མི་བྱའོ་ཞེས་བྱ་བ་ནི་གཉིས་ལ་ལོག་པ་ལས་འདའ་བར་བྱ་སྟེ། དེ་ཉལ་ན་མཚན་མོའི་མཐར་ནི་དངོ།
་གཞིར་འགྱུར་བའི་ཉེས་བྱསོ།། མདུན་རོལ་དུ་ནི་སྦྱོར་བར་འགྱུར་བའི་ཞེས་བྱ་བ་འདིར་རྟོགས་པར་བྱའོ།། ཅི་རྣམ་པ་ཐམས་ཅད་ཉིད་ཀྱིས་དེ་ལྟ་ཡིན་ནམ་ཞེ་ན། དེའི་ཕྱིར་ནད་པ་དང་། ནད་གཡོག་གི་དབང་ཉིད་མ་གཏོག་སོ་ཞེས་བྱ་བ་སྨོས་ཏེ། ནང་བའི་དབང་ཉིད་དུ
་ནད་གཡོག་གི་དབང་ཉིད་ཀྱིས་དེར་ཉལ་བ་ནི་མོ་གཏོག་སོ།། འདི་ལ་ཁ་ཅིག་ནི་ལྟུང་བྱེད་ཅེའོ་ཞེས་བྱ་བ་ནི་འདིར་སྣང་བ་དང་བཅས་པའི་ཁྱིམ་གྱི་ཕྱོགསུ་ཉལ་བ་འོད་ལ་འདུལ་བ་འཛིན་པ་ཁ་ཅིག་ནི་ལྟུང་བྱེད་དུ་འདོད་དོ།། དེ་ནི་མི་རིགས་ཏེ་བསྟན་བར་མ་རྫོག་པ
་དང་ལྷན་དུ་ཉལ་ན་ཞེས་སྨོས་པ་ཡིན་ཏེ། དེ་བས་ན་དགེ་སློང་གིས་སྣང་བ་དང་བཅས་པའི་གནསུ་བསྙེ་བར་མ་རྫོགས་པ་དང་ལྷན་ཅིག་ཉལ་བར་མི་བྱའོ།། ཉལ་ན་ལྟུང་བྱེད་དོ།། འདིར་གཞུང་ནི་ཀློག་པ་ཁ་ཅིག་ལས་བསྙེན་པར་མ་རྫོགས་པ་དང་ལྷན་ཅི
་ཉལ་བ་འདི་ལ་དེའི་འོག་ཏུ་ལྟུང་བྱེད་བཅའ་བར་མཛད། འདིར་སྣང་བ་དང་བཅས་པ་འཇུག་པ་འདི་ལ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་བསྡུས་པ་ནི་མ་ཡིན་ཏེ། རིགས་ཐ་དད་པ་ཉིད་ཀྱི་ཕྱིར།། འདིར་ལྟུང་བྱེད་རྣམས་མི་རིགས་པས་འདི་དང་འབྲེལ་པའི
་ལྟུང་བྱེད་རྣམ་པར་བཞག་པར་འགྱུར་བ་མ་ཡིནོ།། ཉལ་བ་མ་ཡིན་པ་ནི་ཕྱེད་ཉིད་ཞེས་བྱ་བ་ནི་འདི་དག་ཐད་བསླབ་པའི་གཞི་རྣམས་ལ་དང་པོར་ཉལ་བ་དང་། བསླབ་པའི་གཞི་རྣམས་ལ་ཉལ་བ་མ་ཡིན་པ་ལས་གཞན་པའི་སྤྱོད་ལམ་ལ་ནི་ཕྱེད་ཉིད་ནི་ན་སླང
་པ་བྱེད་པ་ཉིད་དོ།། ཉལ་བ་མ་ཡིན་པ་ལ་ཤིན་ཏུ་མ་ཆོག་པ་ཉིད་སྣང་བ་དང་གཉིད་འདའ་བར་བྱེད་པ་དང་མཚན་མོའི་མཐའ་ནི་ཉེས་བྱསོ།། བསྙེན་པར་མ་རྫོགས་པ་དང་བཅས་པའི་དགེ་སློང་ལ་ནི་ཉེས་བྱསོ།། བསྙེན་པར་མ་རྫོགས་པ་ལ་སོགས་པ་དང་ལྷན་ཅིག།
་ཏུ་ཉལ་བ་ལ་ལྟུང་བྱེ་དུ་མི་འགྱུར་ཏེ། ཉལ་བ་བརྟག་པར་བྱའོ་ཞེས་བྱ་བ་ལ་ཉལ་བའི་ཚིག་འདི་ནི་འདིར་གཞུང་།། གང་གི་ཕྱིར་འདུག་པ་ལ་ནི་ཉལ་བའི་ཚིག་འཇུག་པ་ཡིན་ཏེ། རྨི་ལམ་དུ་གཉིས་པོ་ཡང་འདིར་ཡན་ལག་དང་ཡན་ལག་ཅན་དུ་གྱུར་པ་མངོན་པར་འདོད
་པ་སྟེ། དེ་ལྟར་ཡང་བུད་མེད་དང་ལྷན་ཅིག་ཏུ་ཉལ་བ་ལ་ནི་དབུགས་ཕྱུང་བ་དགེ་སློང་ཡིད་བརྟན་པ་མི་འཇོག་པར་གྲོས་འའི་བྲིསམ། གཉིད་ལོག་པར་བྱེད་ན་ཞེས་བྱ་བའི་ཡན་ལག་གཉིས་གསུང་སོ།། ཉིན་མོ་ཐ་དད་པ་ཉིད་ཀྱང་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིར་ཀྱང་ཞེས
་བྱ་བའི་སྒྲ་སྨྲས།། ཉིན་མོའི་འཇུག་པ་ལ་དེའི་རིགས་དང་མི་ལྡན་པ་མ་ཡིན་པ་ཞེས་བྱ་བ་འདིར་ཉེས་པ་དང་ལྡན་པ་ཉིད་ཤེས་པའོ།། སྣང་བ་ལ་ཡང་འདིར་ནི་ཉི་མའི་སྣང་བ་ཞེས་བྱ་བའི་ཚིག་གྲི་སོ།། གང་གི་ཕྱིར་མཚན་མོ་ཉི་མའི་སྣང་བ་མེད་པསོ།། དེ་བས་ན་འདིས་ཉིན
་མོ་ཡང་སྣང་བ་དང་བཅས་པས་ཉལ་བར་ལྟུང་བ་བསྟན་པར་འགྱུརརོ།། འཇུག། པ་འདི་གང་དེ་དང་འདྲ་བ་ཉིད་ནི་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཉལ་བ་དང་བུད་མེད་དང་། ལྷན་ཅིག་ཏུ་ཉལ་བའོ།། དེ་བས་ན་འདིར་ཡང་ཉིན་མོ་ཡང་ལྟུང་བ་བསྐྱེད་པར་ཤེས་པའི
་ཡིནོ།། ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་གནས་ཀྱི་མཐའ་ཡིནོ་ཞེས་བྱ་བ་ནི་གང་ཞིག་སླར་གཡོགས་པ་དང་གང་ཞིག་སླར་བསྐོར་བ་འདི་ནི་གནས་ཀྱི་མཐའ་ཡིནོ།། དེ་ཡང་ཟད་པས་དམན་པའི་གནས་དང་འདིའི་ཕྱོགས་གཅིག་མ་གཡོགས་པ་གང
་ཡིན་པ་དེ་ཡང་གནས་ཉི་དོ། ཅུང་ཟད་གཡོགས་ཤིང་ཐམས་ཅད་བསྐོར་བ་ལ་གཡོགས་པ་ལ་གཡོགས་པ་ལ་ཡང་མ་ཡིནོ་ཞེས་བྱ་བར་རིག་པར་བྱའོ།། གནས་ནི་རྣམ་པར་བཞི་སྟེ་ཐད་གཡོགས་ཤིང་ཐད་བསྐོར་བ་དང་། ཕལ་ཆེར
་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། གང་ཞིག་ཐཾད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་བསྒོ་བཅུ་པ་འམ་བསྒོ་བཅུ་གཉིས་པ་དང་། ཕལ་ཆེར་གཡོགས་ཤིང་ཐད་བསྐོར་བ་ཁྱམས་ངོས་བཞི་པ་དང་། གང་ཞིག་ཕལ་ཆེར་གཡོགས་ཤིང་ཕལ་ཆེར
་བསྐོར་བ་ཁྱམས་ངོས་གསུམ་པ་འམ་འཁོར་གྱི་ཁྱམས་ལྟ་བུའོ་ཞེས་གསུངས་པ་ཡིནོ།། གང་གིས་ངོས་ལ་ཡང་བསྐོར་བ་དང་འབྲེལ་པའི་ངོས་ཡོད་པ་དབུས་ན་མེད་པ་དེའི་ཁྱམས་ངོས་བཞི་པའོ།། གང་གིས་ངོས་གསུམ་དང་དབུས་ངོས་གཅིགིས་གཡོག
་པ་ལ་བསྐོར་བ་མེད་པ་དེ་ནི་ཕྱེ་མ་ངོས་གསུམ་པའོ།། དེ་བས་ན་རྣམ་པ་བཞི་པོ་འདི་བསྡུ་བའི་མཐར་ཐུག་ན་ཞེས་སྨོསོ།། དེའི་སྒོའི་ངོས་དང་འབྲེལ་པའི་གཉེན་འཁོར་གྱི་གནསུ་གྱུར་པ་ནི་དེའི་ཁོངསུ་གཏོགས་པ་ཉིད་ཡིནོ་ཞེས་བྱ་བ་ལ། སྒོ་ཡོད་པ་དེའི་གནས་གྱུར་པ་ནི་འབྲལ་བ་སྟེ།
་དེའི་ཉེན་འཁོར་གང་ཡིན་པ་དེ་ལ་དེའི་གནས་གྱུར་པ་ཉིད་ནི་གཅིག་ཏུ་གྱུར་པ་ཉིད།། གནས་དེས་ཀུན་ནས་ཡོངསུ་བསྐོར་བའི་ཁྱམས་རིམ་པ་གསུམ་པ་ལ་ངོས་གཡོགས་པ་གང་ཡིན་པ་དེ་ལྟ་བུར་གྱུར་པ་ནི་ཉེན་འཁོར་རོ།། དེ་ལ་འདི་དང་ལྷན་ཅིག་པ་ཉིད་ནི་གཅིག་པར་གྱུར
་བ་ཉིད་དུ་ཤེས་པར་བྱ་བ་ཡང་མ་ཡིནོ།། འདིར་ཚིག་ནི་ཉེན་འཁོར་དོར་བར་བྱའོ་ཞེས་གསུངས་པ་ཡིནོ།། འདིར་དེའི་དོན་རྣམ་པར་གནས་པ་ཡིན་ཏེ། གཙུག་ལག་ཁང་གི་ཁྱིམས་ཀྱི་ཕྱིར་འདི་གསུངས་པ་ཡིན་ཏེ་གནས་མ་ཡིན་པར་གྱུར་པ་ལ་ནི་གནས་ཉིད་རིགས་པ
་མ་ཡིན་གྱི། ཉེན་འཁོར་དང་བཅས་པ་ཉིད་ལྷན་ཅིག་ཏུ་གནས་པ་ཉིད་འགྱུར་བ་ཡིན་གྱི། དེ་ལྟ་བས་ན་འདིར་འདི་རྣམ་པར་བཞག་པའོ།། ཉེན་འཁོར་དུ་བཅས་པ་མ་ཡིན་པ་ཉིད་ལ་ཡང་འདི་དང་གཞན་ཡོད་པ་ཡིན་ཏེ། གནས་ཐ་དད་པ་ཉིད་ཀྱི་ཕྱིརརོ།། ཁྱེར་གཞན་པར་དུ་མ་ཆོད་པ
་སྒོ་དེ་དང་འབྲེལ་པ་ཡང་ཞེས་བྱ་བ་ནི་ཁྱེར་གཞན་ནི་གང་ཞིག་གན་སུ་གྱུར་པ་འབྲེལ་པ་བར་དུ་མ་ཆོད་པ་ཁྱེར་ཏེ་དེ་ལ་ཁྱེར་གཞན་དང་མ་འདྲེས་པ་དེ་ལ་ཡང་གལ་ཏེ་ཡོད་ན་དེ་དང་འབྲེལ་པའི་སྒོ་གཞན་དུ་ཟིན་ཀྱང་དེ་དང་འབྲེལ་པ་ཉིད་ནི་གཅིག་པར་འགྱུར་བ་ཉིད་དེ།
་དེ་ཁྱེར་གཞན་དང་ལྷན་ཅིག་ཏུ་ཞེས་བྱ་བའི་དོན་ཏོ།། ཉེན་འཁོར་གྱི་རྣམ་པ་ཉིད་ཀྱིས་འདི་ལ་དེ་དང་འབྲེལ་པ་ཉིད་ཤེས་པ་ཡིན་ཏེ་ཁྱེར་གཞན་ལ་ནི་མ་ཡིནོ།། ཁྱེར་གཞན་གྱིས་བར་དུ་མ་ཆོད་པ་ནི། གང་ཞིག་འདི་ལ་བར་དུ་ཆོད་པ་ཉིད་དེ་ལ་ཉེན་འཁོར
་གྱི་རྣམ་པ་ཉིད་དོ།། དེ་བས་ན་འདི་ལ་དེ་དང་འབྲེལ་བ་ཉིད་ནི་མ་ཡིནོ།། ཉེན་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་མ་ཡིནོ་ཞེས་བྱ་བ་ལ། ཉེན་འཁོར་དང་བཅས་པའི་གནས་ལ་ཚད་གང
་ཡིན་པ་དེ་ཙམ་གྱི་བར་ནས་གཞན་ཐ་དད་པར་གྱུར་བ་གཅིག་གམ་དུ་མའི་གང་ཟག་གིས་ལྷག་པར་གནས་པ་ལ་དེ་དང་འབྲེལ་བ་ཉིད་ནི་མ་ཡིན་ལ་གནས་ངེས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། གཡོགས་པ་གཅིག་གི་ཆ་ཅན་བཀབ་པ་འདི་ཡིན
་ཏི་ཞེས་བྱ་བ་འདིར་ཧ་ཅང་ཐལ་བས་གནས་གཅིག་པ་ཉིད་དུ་རྟོགས་པ་ཡིན་ནོ།། འདིར་ཁུངས་ནི་འགྲོན་པ་ལས་ཕྱི་རོལ་ཏུ་འབྱུང་བར་མི་བྱ་བར་འདི་ལྟར་འགྲོན་པ་དང་ཁ་གཉིས་སུ་བཅད་དོ་ཞེས་གསུངས་པ་ཡིན་ནོ།། གང་གི་ཕྱིར་འདི་ནི
་མངོན་པར་སྐྱོབ་པའི་དབང་དུ་བྱས་པ་མ་ཡིན་ཏེ།། འདི་ལ་ཉེས་པ་མེད་པའི་ཕྱིར་རོ།། ཐ་དད་པར་གྱུར་པ་བསྙེན་པར་མ་རྫོགས་པ་ལྷག་པར་གནས་པ་ཉིད་ནི་འདིར་གཙོ་བོ་མ་ཡིན་ཏེ། དུ་མ་ཉིད
་ཀྱང་མ་ཡིན་ནོ།། དེ་ལྟ་བས་ན་གཅིག་ལ་ཡོང་འདིར་འཕགས་པར་བྱས་པ་ཡིན་ནོ།། ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་ཚང་ཚིང་གི་དྲུང་དག་ནི་ཕྱེད་ཉིད་དོ།། ཞེས་བྱ་བ་ནི་གནས་ཀྱི་ཕྱེད་ཉིད་དེ
་ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་ཤིང་ལྗོན་པའི་དྲུང་དུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་མཆིས་ཤིང་ཉལ་བར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ།།
་དེ་བཞིན་དུ་རྩིག་པའི་བར་དང་དེ་བཞིན་དུ་ཤིང་དྲུང་དག་ཏུ་ཞེས་བྱ་བ་ནི།། དཔེ་ཙམ་དུ་རིགས་པར་བྱའོ།། མ་བསྐོར་བ་དང་མ་བཀབ་པ་དང་བསྐོར་བའི་སྣ་མ་ཕྲད་པ་དང་།། གཅིག་གམ་གཉིས་སམ་བསྐོར་བའི་སྣ་མ་ཕྲད་པ་དང་།
་བྱ་སྐྱིབས་དང་ཤིང་ལྗོན་པ་ལ་སོགས་པ་དག་ཀྱང་རྣམ་པ་འདི་བཞིན་དུ་ཤེས་པར་བྱའོ།། གང་གི་ཕལ་ཆེར་བསྐོར་བ་མེད་པ་དེ་ནི་འདིར་བར་དུ་བརྗོད་པར་རིག་པར་བྱའོ།། ཐིབས་པོ་དང་བཅས་པ་དག་བུད་མེད་དང་ལྷན་ཅིག་ཉལ་བ་ཡང་ངོ
་གོསོ་བྱ་བ་ནི་ཐིབས་པོ་ཞེས་བྱ་བ་རྩའམ་ཞེས་ནགས་སམ་འོད་མ་འམ་ཚེར་མ་ལ་སོགས་པ་དང་བཅས་པ་དག་གིས་ནང་དུ་བུད་མེད་དང་ལྷན་ཅིག་ཉལ་ཡང་ཉེས་བྱས་ཉིད་ཤིང་གི་རྩ་བ་གཅིག་པུར་མ་ཡིན་ཞེས་བྱ་འ་བའི་དོན་ཏོ།། ཀུན་ནས་ཡོངས་སུ
་བསྐོར་བ་ལ་ཡང་མ་གཡོགས་པ་དང་གསང་བར་གྱུར་པ་གཞན་དག་ཀྱང་འདིར་འཕངས་པར་རིག་པར་བྱའི། ཉེན་འཁོར་དང་བཅས་པ་གནས་ཙམ་ལས་གཞན་ཐ་དད་པར་གྱུར་པ་ལྷག་པར་གནས་པ་ལ་ནི་མ་ཡིན་ནོ།། ཞེས
་གསུངས་པ་ཡིན་ནོ།། དེ་བུད་མེང་དང་ལྷན་ཅིག་ཉལ་བ་ལ་དམིགས་ཀྱིས་བསལ་བའི་བྱེ་བྲག་གང་ཞིག་བསྟན་པའི་ཕྱིར། འདི་ལ་ནི་བྱ་གག་འཕུར་ནས་བབས་པའི་ལམ་གྱི་བར་ཆོད་པར་གྱུར་པ་ཉིད་ཡིན་ནོ།། ཞེ་བྱ་བ
་སྨོས་ཏེ། བྱ་གག་འཕུར་ནས་བབས་པའི་བའི་བར་གྱི་ལམ་གང་ཡིན་པ་དེ་ལ་འདིར་བུད་མེད་དང་ལྷན་ཅིག་བར་དུ་ཆོད་པར་གྱུར་པ་ཉིད་དོ།། ཉེན་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱི་ཕ་རོལ་ན་ནི་མ་ཡིན་ཏེ། དེ་ཙམ
་གྱི་བར་ཆད་ཀྱི་བར་མདུ་ཆོད་པ་མེད་པ་དང་བར་དུ་ཆོད་པ་ལ་བར་དུ་མི་རྒྱུ་བའི་དབང་གིས་གནས་གཅིག་པ་ཉིད་དུ་བརྟེན་པ་ཡིན་ནོ།། ཐ་དད་པར་གྱུར་པ་ཉིད་དུ་ལྷག་པར་གནས་པར་ཐ་དད་པར་གནས་པ་ཉིད
་ཅེས་བྱ་བ་འདི་ལ་འདི་ནི་བྱེད་པ་པོའི། ནང་དུ་གཅིག་ཏུ་རྒྱུ་ཞིང་བར་ན་གནས་གཞན་མེད་པ་མ་ཡིན་པ་ཉིད་ལ་ནི་གཡོགས་པ་ཐམས་ཅད་ཅིག་པ་ཉིད་ཡིན་ནོ།། ཞེས་བྱ་བ་ནི་བར་ན་གནས་གཞན་མེད་པ་གཡོགས
་པ་གང་ཡིན་པ་དེ་ནི་བར་ན་གོནས་གཞན་མང་ས་ཉིད་དོ།། གནས་མེད་པར་གྱུར་པའི་བར་དང་བྲལ་བ་ཞེས་བྱ་བའི་དོན་ཏོ།། འདིར་གང་སླར་གཡོགས་ཤིང་ཡོངསུ་བསྐོར་བའི་མཐར་ཐུག་པ་ཉེ་འཁོར་དུ་གྱུར་པ་མ་ཡིན་པའི་གནས་གཞན་ཐམས་ཅད་ལ
་གནས་ཐ་དད་པ་ཉིད་མ་ཡིན་ནོ།། རྒྱུ་བའི་གོ་སྐབས་གང་འདི་ལ་གནས་ཉིད་དུ་བྱེད་པ་ཉེན་འཁོར་དང་ལྡན་པ་ལ་ཕལ་ཆེར་ལ་གཡོགས་པ་ཉིད་ཀྱིས་གནས་གཞན་མ་ཡིན་པ་ཉེ་བར་མེད་པ་ཉིད་དོ།། གནས་མ་ཡིན་པར་གྱུར
་པའི་བར་གྱི་དེ་ལ་ནང་དུ་རྒྱུ་བ་འདི་ཡོད་པ་ཡིན་ཏེ། འབྱུང་བ་ཉིད་ཀྱིས་ནི་གོ་སྐབས་དེ་འདིར་འཇུག་པ་ཉིད་ནི་མ་ཡིན་ནོ།། དེ་དང་ལྷན་ཅིག་ཏུ་གནས་པ་ཉིད་དེ་དང་ལྷན་ཅིག་ཏུ་གང་གི་ཕྱིར་དེ་བརྗོད་པ་ཐམས་ཅད་ལ་གནས་མ་ཡིན་པར་གྱུར་པ་ཉིད་ལ་རྒྱུ།
་བའི་ལམ་ལའོ།། གལ་ཏེ་མ་ཡིན་ན་འདི་ལ་གཡོགས་པ་ཉིད་ལ་ནི་ལྟུང་བ་མེད་དོ།། གལ་ཏེ་གཡོག་པ་ཉིད་ཡིན་ན་ཉེས་བྱས་སུ་རིག་པར་བྱའོ།། ཁྱམས་ངོས་བཞི་དང་གསུམ་པ་དག་ལ་ནོར་དག་ལ་བར་ཆད་དང་བཅས་པ་ཉིད་ཀྱི་ཉེས་བྱས་སུ་རིག་པར
་བྱའོ།། རང་གི་ཆར་གཏོགས་པའི་སྒོ་བཅད་པ་ལ་ནི་ཉེན་འཁོར་ཡང་ཐ་དད་པ་ཉིད་ཞེས་བྱ་བ་ནི་ལྟུང་བ་འབྱིན་པ་པོའི་ཆར་གཏོགས་པའི་སྒོ་གང་ཡིན་པ་བཅད་པས་བཅད་པ་ཉིད་ཀྱི་སྒོ་དང་ཉེན་འཁོར་ལ་ཡང་འདིར་བུད་མེད་དང་ལྷན་ཅིག་ཏུ་ཉལ་བ་ལ་ཐ
་དད་པ་ཉིད་དོ།། ཁང་བཟངས་ཀྱི་ཕྱོགས་ཀྱི་གཞན་ལ་གནས་ཁང་གཞན་སྒོ་ཁང་དང་བང་རིམ་རྣམས་ལ་གོང་རིལ་ཉིད་དུ་སྨོས་དགོས་སོ།། ལྟུང་བ་འབྱིན་པར་བྱེད་པ་དགེ་སློང་གིས་བསྲུངས་པ་ཉིད་དང་བུད་མེད་བདག་པོས་བསྲུངས་པ་ཉིད་ནི
་འོ་ཞེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པ་དགེ་སློང་གིས་བསྲུངས་པ་ཉིད་དང་། བུད་མེད་ཀྱི་ཚོགས་ཀྱང་བདག་པོས་བསྲུངས་པ་ཉིད་དོ།། འདིར་དུད་མེད་དང་ལྷན་ཅིག་ཏུ་ཉལ་བ་གང་ཡིན་པ་དེ་རང་གི་ཆར་གཏོགས་པའི་སྒོ་བཅད་པས་བཅས་པ
་ཞེས་བསྟན་པ་གང་ཡིན་པ་དེ་ནི་དེ་དང་འདྲ་བར་བལྟ་བར་བྱའོ།། འདི་ཡང་ཉེ་བར་སྤྱོད་པ་ལ་སོགས་པ་རྣམས་ལ་ཐ་དད་པ་ཉིད་ཅེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་བང་རིམ་ཁ་ན་རྟག་ཏུ་ཉལ་བར་བྱེད་ཅིང་བུད་མེད་སྒོ་ཁང་ན་ཉལ་ན།།
་དགེ་སློང་དེས་ཕྱི་སྒྲོ་བཅད་པར་བྱ་བ་འམ་དགེ་སློང་བསྲུངས་མ་བཞག་པར་བྱའོ།། ཕྱི་སྒོ་བཅད་པར་མི་བྱེད་དམ་དགེ་སློང་བསྲུངས་མ་འཇོག་པར་མི་བྱེད་པར་གློས་ཕབ་སྟེ་གཉིད་ལོག་པར་བྱེད་ན་ཇི་སྲིད་དུ་སྐྱེ་རེང་མ་ཤར་གྱི་བར་དུ་ནི་ཉེས་བྱའོ།།
་སྐྱ་རེང་ཤར་ནས་ནི་ལྟུང་བྱེདདོ།། བདག་པོས་བསྲུངས་པར་གྱུར་ན་ལྟུང་བ་མེ་དོ་ཞེས་བྱ་བ་འདི་ཡང་གསུངས་པ་ཡིན་ནོ།། གནས་ཐ་དད་པ་ཉིད་ལ་ནི་བདག་པོས་བསྲུངས་པ་ཉིད་ལ་ལྟུང་བ་མེད་པོ་ཡི་ནོ།། གནས་ཐོ་དད་པ་ཉིད་ལ་ན་བདག་པས་བསྲུངས
་པོ་ཉིད་ལ་ལྟུང་བ་མེང་པོ་ཡིན།། གནས་གཅིག་པ་ཉིད་ལ་ནི་བདག་པོས་བསྲུངས་པ་ཉིད་ལ་ཡང་སྤྱོད་པ་ལས་བྱུང་བའི་ཆ་དང་ལྷན་ཅིག་ཏུ་བུད་མེད་ལ་སོགས་པ་དང་འདུག་པའི་གེགས་བྱེད་པའི་བུད་མེད་དང་འབྲེལ་བའི་བསྲུངས་མ་ཉིད་ལ
་ཡང་ལྟུང་བ་མེད་པ་ཡིན་པས་དེའི་ཕྱིར་འདིར་བདག་པོས་བསྲུངས་པ་ཉིད་ནི་དེ་བཞིན་དུ་འདིར་ལྟུང་བས་གོ་བར་བྱེད་པའི་བློ་ལ་སྐབས་མེད་དོ།། དེ་བས་ན་འདིར་ཡང་གནས་ཐ་དད་པ་ཉིད་ལ་བདག་པོས་བསྲུངས་པ་ཉིད་ལ་ལྟུང་བ་མེདོ།། འདིར
་བདག་པོས་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད།། རིམ་ཁང་གཞན་ལ་སྐས་སྟེང་དུ་བརྟུལ་བ་ཉིད་དོ་ཞེས་བྱ་བ་ནི། རིམ་ཁང་གི་ཁྱེར་གཞན་ལ་ནི་སྐས་སྟེང་དུ་བརྟུལ་བ་ཉིད་ཀྱང་།། རང་གིས་ཆར་གཏོགས་པའི་སྒོ་བཅད་པས་བཅད་པ་དང་འདྲ་བར་ལྟུང
་བ་འབྱིན་པ་པོ་དགེ་སློང་གིས་བསྲུངས་པ་ཉིད་གཅིག་པུར་མ་ཟད། ཚོགས་ལ་བསྲུངས་པ་ཉིད་ཀྱང་ཞེས་བྱ་བའི་དོན་ཏོ།། གཞན་གནས་མ་ཡིན་པ་ཉིད་ལ་ནི་ན་སྨ་དོ་ཞེས་བྱ་བ་ནི་ཉེན་འཁོར་ལ་སོགས་པ་ལས་གཞན་དུ་གྱུར་པ་གང
་ཡིན་པ་འདིར་ཞུགས་པ་ཉིད་ཀྱིས་འདིར་བརྩམས་པ་ནི་གནས་མེད་པ་ཉིད་ལ་འདིར་ན་སྨད་པ་སྟེ། ཁ་ན་མ་ཐོ་བ་མེད་པ་ནི་མ་ཡིནོ།། འདིར་གནས་སུ་གྱུར་པ་ནི་ཉེས་བྱས་ཡོངསུ་རྫོགས་པ་ཉིད།། གཞན་ལ་ནི་ཉེས་བྱས་པར་འགྱུར་བ་ཡིནོ།། ཅི
་ཞིག་བྱས་ན་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་མཚན་མོ་གསུམ་པ་ལ་ཉལ་ནའོ་ཞེས་བྱ་བ་སྨོས་ཏེ། འགལ་ཟླ་གཉིད་མ་ལོག་པ་ལ་དེ་དང་ལྷན
་ཅིག་ཏུ་ཉལ་བ་བསྒྲུབ་པ་ཉིད་མ་ཡིནོ།། དེ་བས་ན་དེ་དང་ལྷན་ཅིག་གཉིད་ལོག་པ་ལ་ནི་གཉིད་ཀྱི་ཁ་ནུ་མ་ཐོ་བ་ཉི་དུ་བསྒྲུབ་པའི་ཕྱིརརོ།། གཅིག་ལ་ནི་ཉེས་བྱསོ།། སྤྱོད་ལམ་ནི་གཞན་གྱིས་འདིར་ལྟུང་བྱེད་དུ་རྟོགས་པར་བྱའོ།། གཉིད་མ་ལོག་པ་ལ་གཅིག
་ཏུ་བསྒྲུབ་པ་ཉིད་ཀྱིས་འདི་ལྟ་བུར་གྱུར་པ་གང་ལ་གཞན་དང་འདྲ་བ་ལྷན་ཅིག་ཉལ་བ་ལ་ནི་ལྟུང་བ་མེདདོ།། ཁ་ཅིག་ནི་གཞན་དུ་ཡང་དགེ་སློང་གཉིད་ལོག་པ་ལ་ལྟུང་བ་མེདོ་ཞེས་འདོད་པ་དེ་ནི་མི་རིགས་ཏེ། འདུག་པ་ལྔ་ནི་སྐྱོན་མེད་པའི་ཕྱིར་དང་ཉམས
་པ་མེད་པའི་ཕྱིར་ཏེ། དེ་བས་ན་འདུག་པ་ལ་བསྒྲུབ་པས་སོ།། མཚན་མོའི་དུས་ལ་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་མཐར་ཞེས་བྱ་བ་སྨོས་ཏེ། སྐད་ཅིག་གང་གིས་མཇུག་ཐོག་སུ་སྐྱ་རེང་འཆར་བ་དེར་རོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་གནས
་བཞི་པོ་དག་ཏུ་སྐྱ་རེང་འཆར་བར་བྱེད་ཅིང་། སྐྱ་རེང་འཆར་ན་ལྟུང་བྱེད་དུ་འགྱུར་བ་ཁོ་ནརརུ་གསུངས་པ་ཡི་ནོ།། གང་ཞིག་ཇི་ལྟར་མ་ཐ་རོ་ཞེས་བརྗོད་ཅེ་ན། ཉེས་པ་མེད། དེའི་སྒོ་ནས་འདི་བསྟན་པར་ནུས་པའི་ཕྱི་རོ།། མདུན་རོལ་དུ་ནི་ཉེས་བྱས
་ཞེས་བྱ་བ་ནི་མཐའ་མ་ལས་མདུན་རོལ་དུ་གསུམ་དུ་གཏོགས་པའི་གཉིད་ལོག་པ་ལ་ནི་ཉེས་བྱསོ།། ཉིན་མོ་ཐ་དད་པ་ཉིད་ཀྱང་ངོ་།། དེ་བས་ན་གཞན་དུ་ཞག་གཞན་ལ་ཉེས་བྱས་བསྐྱེད་པ་ཞེས་བྱ་བ་རིག་པར་བྱའོ།། ལམ་གྱིས་དུབ་པ་རྨྱ་བོ་ལ
་ནི་ཉེས་པ་མེདོ་ཞེས་བྱ་བ་ནི་མདུན་རོལ་དུ་ནི་གཉིད་ལོག་པ་ལ་ཉེས་པ་མེད་པ་ཉིད་ལ་འདིར་བསྒྲུབ་པ་པོ།། གལ་ཏེ་བསྙེན་པར་མ་རྫོགས་པ་མེད་པའི་གནས་རྙེད་པ་མེད་ན་མཐོར་ནི་ཉེས་པ་ཁོ་ནར་འགྱུར་ཞེས་ཤུགས་ཀྱིས་རྟོགས་པར་བྱའོ།།
་ཐར་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཡང་དེས་མདུན་རོལ་དུ་གཉིད་ལོག་པ་ཙམ་བྱས་སུ་ཟིན་ཀྱང་དེས་དུབ་པ་ལ་མཐར་ཡང་གཉིད་ལོག་པ་ལ་ཉེས་པ་མདོ།། དགེ་སློང་གིས་བྱར་མི་རུང་བ་ཡོད་ན་དེ་སྒྲུབ་པར་བྱེད་པ་དང་ལྷན་ཅིག་པའི
་ནད་གཡོག་ལ་ཡང་ཞེས་བྱ་བ་ནི་དགེ་སློང་གིས་བྱར་མི་རུང་བ་བྱིན་པ་ལ་སོགས་པ་གང་ཡིན་པ་དེ་སྒྲུབ་པར་བྱེད་པའི་ཕྱིར་གང་ཞིག་དེར་འཛིན་པར་བྱེད་པར་གྱུར་པ་དེ་དང་དེ་ཡང་ཅིག་ཏུ་ཉལ་བ་ལ་མདུན་རོལ་དང་མཐོར་ཡང་ཉེས་པ་མེདོ།།
་དེར་ནད་པ་དང་ནད་གཡོག་ལ་ཉེས་པ་ཁོ་ནར་ཡིན་གྱིས་གཞན་ལ་ནི་མ་ཡིནོ།། དགེ་ཚུལ་དང་ཡང་ཞེས་བྱ་བ་ནི་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་མདུན་རོལ་དུ་མཐར་ཡང་ཉེས་པ་མེདོ།། གང་ལ་ཞེ་ན། དེའི་ཕྱིར་དེ་དང་ལྡན་པ་ལའོ་ཞེས
་བྱ་བ་སྨོས་ཏེ། དགེ་ཚུལ་དང་ལྡན་པ་ལའོ།། གནས་སྐབས་གང་གི་ཚེ་ཞེ་ན། དེའི་ཕྱིར་དགེ་སློང་སྡིག་ཅན་ཉེ་བར་གྱུར་པ་ཉིད་ནའོ་ཞེས་བྱ་བ་སྨོསོ།། ཅི་དེ་དང་ལྡན་པ་ཐམས་ཅད་ལ་འམ་ཞེ་ན། དེའི་ཕྱིར་དེ་སྤྱུགས་པ་ལ་བང
་པ་བྱས་སམ་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། གང་གིས་དགེ་སློང་སྡིག་ཅན་དེ་སྤྱུག་པའི་ཕྱིར་འབད་པ་སྔར་བྱས་པའམ་བྱེད་ཅིང་དེ་ལས་ཏེ། གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། བརྩོན་འགྲུས་ཇི་སྙེད་པ་བྱེད་པའི་ཕྱིར་ནུས་པ་ཉིད་སྦེད
་པའི་འབད་པ་ལ་དེར་བརྩོན་པའོ།། དེས་མངོན་པར་འདུ་བྱས་པའི་སེམས་ཀྱིས་འཇིགས་པ་དག་ལས་བརྩམས་ཏེ། ལུས་སོམ་ངག་གིས་ལྡོག་པ་ཉིད་ལ་འདིར་འབད་པ་མ་བྱས་པ་ཉིད་ནི་མ་ཡིནོ།། ཅི་དུས་གང་ཡང་རུང་བ་ལ་ཉེས་པ་མེད་པ་མ་ཡིན
་ནམ་ཞེ་ན། དེའི་ཕྱིར་གནས་པར་ཁས་བླངས་ན་དུས་ཕྱི་མ་དང་སྔ་མའི་གཉིས་པ་དག་ལ་བབ་པ་ནའོ་ཞེས་བྱ་བ་སྨོས་ཏེ། ཕྱི་མར་ཁས་བླངས་པའི་དུ་སུ་གྱུར་པ་སྔ་མའི་གཉིས་པོ་དག་ནི་དབྱེར་ཟླ་ཐ་ཆུང་ཉ་ནས་སྟོན་ཟླ་ར་བའི་ཉའི་བར་དུ་ཁས་བླངས་པ
་ལ་སྔ་མ་དང་ཕྱི་མ་ལ་གནས་པར་གྱུར་པ་ལ་ཞེས་བྱ་བའི་དོན་ཏོ།། དེས་ལྷག་པར་གནས་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་དབྱར་གནས་པར་ཁས་བླངས་པ་ལ་ཟླ་བོ་གཉིས་ལས་ལྷག་པར་གནས་པར་མི་བྱ་བ་ཉིད་ཡིནོ།། ཕྱི
་མར་ཁས་བླངས་པ་ལ་ད་ལྟར་བྱུང་བའི་ཕྱིར་འདིའོ།། གནས་པར་ཁས་བླངས་པ་སྔ་མ་ཤོས་མི་བྱ་བ་ཉིད་ཞེས་བྱ་བ་ནི་དེས་ཞེས་བྱ་བར་སྦྱར་བར་བྱའོ།། སྔ་མ་མི་བསྲུང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་ཟླ་བ་གཉིས་པོ་འདི་དག་གི་སྔ་རོལ་དུ
་ལས་བླངས་པ་སྔ་མ་ཤོས་མི་བསྲུང་བར་བྱ་བ་ཉིད།། དེ་དགེ་ཚུལ་ཉེ་བར་མོ་བཞག་པ་བཞག་པར་མི་བྱའོ་ཞེས་བྱ་བ་ལ། དེས་བྱ་བ་ནི་དགེ་སློང་སྡིག་ཅན་གནས་པར་གྱུར་པའི་གནས་ལ་གནས་པར་གྱུར་པའོ།། ལམ་དུ་དགེ་ཚུལ་གཉིད་བྲོ་བས
་རྨྱརྒྱ་བར་གྱུར་ན་མདུན་དུ་བཏང་སྟེ་འགྲོ་བར་བྱའོ།། གལ་ཏེ་བྲུབ་ཚྭ་བར་གྱུར་ན། དེ་ལ་ནང་པར་གྱི་དུ་སུཾ་ཁ་ཟས་སྦྱིན་པར་བྱའོ་ཞེས་བྱ་བ་ནི་དེ་ཁ་ཟས་ནང་པར་ཁྱེའུ་སུས་ཀྱི་དུས་སུ་སྦྱིན་པར་བྱའོ།། གལ་ཏེ་དྲོ་ཀར་ཡང་ན་དེའི་ཚེ་ཡངོ་ཞེས་བྱ་བ་ནི།
་གོལ་ཏེ་དྲོ་ཀར་ཡང་བཀྲེས་པར་གྱུར་ན་དེ་ཚེ་ཡང་དེ་དང་དྲོ་ཟན་སྦྱིན་པར་བྱའོ།། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེ་དོ།། བཟློག་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་དེའི་ཐ་མར་ཞེས་བྱ་བའི་མཐར་ཇི་ལྟར་རིགས་པར་བཀའ
་བསྒོ་བ་ཉེ་བར་བརྩམས་པའི་བསླབ་པའི་གཞིར་གཏོགས་པ་སྤྱིའི་ཆོ་ག་ལ་ཉེ་བར་གནས་པ་ལ་བལྟོས་ན་གང་ལ་ལྟ་བར་གྱུར་པ་མི་འདོར་བའི་ལྟུང་བྱེད་ཅེས་བྱ་བ་འདིའི་བྱེ་བྲག་བརྗོད་པ་མ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ
་བཅོད་པའི་ཆོ་སུ་གསུངས་པ་གང་ཡིན་པ་དེ་དགེ་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བསྟེན་པོ་བདག་གིས་ཤེས་ཞེས་བྱ་བ་ལ་སོགས་པར་འཇུག་པོའི་ཚིག་མི་གཏོང་བ་ལའོ་ཞེས་བྱ་བ
་སྨོས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གང་ཞིག་གསུངས་པ་འཇུག་པའི་ཚིག་ཉིད་མ་གཏོང་བ་ཞེས་བྱ་དོན་ཏོ།། བར་དུ་གཅོད་པའི་ཆོས་རྣམས་ནི་ཀུན་ནས་ཉོན་མོངས་པའི་ཆོས་རིག་པར་བྱའོ།། འདིར་སོགས་པའི
་སྒྲས་ནི་ལྟ་བ་དང་འགྲེལ་པ་གཞན་རྣམས་ལ་ཡང་ཉེ་བར་བསྡུས་པའི་དོན་ཏོ།། ལྟ་བ་དང་འགྲེལ་པ་ཐམས་ཅད་ལ་ཆོ་ག་འདི་འཇུག་པ་སྟེ། དེ་རྣམས་ཐམས་ཅད་ལོག་པའི་ལམ་དུ་རྟོགས་པར་འགྱུ་བ་ཉིད་ཀྱི་ཕྱིར་རོ།། དེ
་ལ་གསོལ་བས་སྨད་པ་ཉིད་བྱ་ཞིང་དེའི་འོག་ཏུའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ལས་ཀྱི་མཐའ་མི་གཏོང་བ་ལ་ལྟུང་བྱེད་འགྱུར་བ་ནི་སྨད་པ་ཉིད་འདི་གསོལ་བའི་ལས་ཀྱི་འོག་ཏུ་བྱའོ།། དེ་ལ་སྣང་པ་ཉིད་དུ་བྱས་པས
་མི་གཏོང་བར་འགྱུར་ན་དེའི་འོག་ཏུ་འཕངས་པར་བྱེད་པར་རིག་པར་བྱའོ།། འདི་ནི་སྐྲོད་པས་སྤད་པ་ཉིད་ལ་རྣམ་པར་བཞག་པ་སྤང་བ་ཉིད་དུ་བྱེད་པ་སྤངས་པ་ཉིད་དུ་རིག་པར་བྱའོ།། ལྟ་བར་གྱུར་པ་མི་གཏོང་བའི་ལྟུང་བྱེད་དོ།།
་སྤངས་པའི་རྗེ་སུ་ཕྱོགས་པའི་ལྟུང་བྱེད་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱའོ།། གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ཞེ་ན། དེའི་ར་དེ་སྐད་སྨྲ་བ་སྤངས
་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ལའོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་འདི་དེ་ལྟར་བདག་ཇི་སྲིད་དུ་བར་དུ་གཅོད་པའི་ཕྱིར་མི་ནུས་པ་ཞེས་བྱ་བ་ལ་སོགས་པའི་ཕྱར་མ་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་འདིར་དེ་ཉིད་སྨྲས་པའོ།།
་དེ་སྐད་སྨྲ་བ་ཉིད་ཕྱིར་བཅོས་པ་ཉིད་མ་བྱས་པ་ཞེས་བྱ་བ་ནི། རྗེ་སུ་ཕྱིར་བཅོས་པ་ཉིད་མ་བྱས་པ་མི་གཏོང་བ་ཉིད་ཅེས་བྱ་བ་སྟེ། སྤངས་པ་ཉིད་ཀྱིས་བཟོད་པ་གསོལ་བ་ཉིད་མ་བྱས་པའི་ཞེས་བྱ་བ་རྣམ་པར་འབྱེད་པ་ལས་སོ།། དེ་བཞིན་དུ་ལྟ་བ་མ་བཏང
་བའི་ལྟུང་བ་མ་བཤགས་པ་ཡང་ཁ་ན་མ་ཐོ་བ་འདི་འབྱུང་བའི་རྒྱུ་མ་ཡིན་ཏེ། འོན་ཀྱང་བླངས་པ་ཉིད།། མ་བཏང་བ་དང་མ་བཤགས་པ་འདི་དག་སྨོས་པ་ནི་མ་བླངས་པ་ནི་ཁ་ན་མ་ཐོ་བ་འདི་མི་སྐྱེད་པའོ།། མེད་པ་དག་ལ་བླངས་པ་ཉིད་ལ་སྤང་བར
་བྱ་བ་ཉིད་སྐྱེ་བ་འབྱུང་བ་ཡིནོ།། དེ་ལྟར་ཡང་བཏང་བའི་མ་བཤགས་པ་ཉིད་ལ་ཁ་ན་མ་ཐོ་བ་འདི་མི་བསྐྱེད་པ་ཡི་ནོ།། དེ་ལྟ་བས་ན་འདིར་མ་བཏང་བ་ཉིད་ནི་མ་བྱས་པ་ཉིད།། ལྟ་བ་བརྟེན་པ་མི་གཏོང་བ་ཉིད་དང་ལྟུང་བྱེད་ལ་ནི་མ་བྱས་པ་ཉིད།།
་དགེ་སློང་ལོའོ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་ལ་གང་དུ་ཡིན་ཞེ་ན། འདིར་རབ་ཏུ་བྱུང་བ་ཉིད་རྣམ་པར་བཅད་པའི་དོན་དུ་ཁྱིམ་པའམ་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ནི་མ་ཡིནོ།། སྨོན་ལམ་དང་ལས་འདི་དག་ལ་ཡུལ་མཱ་ཡིན་པ་ཉིད
་ཀྱི་ཕྱིར་རྣམ་པར་གཅོད་པ་འདི་ཡང་འདིར་རྣམ་པ་གཞན་ལ་ནི་མི་འདོད་པ་ཉིད་ཀྱི་ཕྱིར་རྣམ་པ་གཞན་རྗེ་སུ་རྣམ་པར་བཞག་པའི་ཕྱི་རོ།། ཀུན་ཏུ་སྤྱོད་པ་གང་ལ་དེ་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་ལུང་འབོག་པ་དང་། དམིགས་ཀྱིས་དྲི་བ་དང་།
་གནོས་དང་རྗེསུ་སྟོན་པ་དང་གདམས་ངག་སྦྱིན་པའོ་ཞེས་བྱ་བ་སྨོས་ཏེ། འདིར་སོ་སོར་སྦྱིན་པའི་སྒྲ་ལས་མངོན་པར་སྦྱོར་བར་བྱའོ།། ལྟ་བ་སྨྲ་ནའོ་ཞེས་བྱ་བ་ལ། འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གཱི་སྤངས་པའི་དྲུང་དུ་ལྟ་བ་སྨྲ་ན
་ལོངས་སྤྱོད་ལས་བྱུང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིནོ།། ཟང་ཟིང་གི་ལོངས་སྤྱོད་བྱེད་ནའོ་ཞེས་བྱ་བ་ནི་ལྷུང་བཟེད་དང་ཆོས་གོས་ཞེས་བྱ་བ་ལ་སོགས་པའི་གཞི་ཕྱི་མའི་ཚི་གོ།། འདི་ལ་གཅིག་པ་ཉིད་ཀྱི་ཕྱིར་འདུག་པ
་ཉིད་དག་ལ་འདིར་ཐོབ་པ་ལ་བསྡུས་པ་འདི་ཡིན།། བསྙེན་བཀུར་བདག་གོར་བྱེད་ནའོ།། གན་སུ་ལྷན་ཅིག་ཉལ་ན་ཡཱ་ཞེས་བྱ་བ་སྟེ། དུས་ནམ་གྱི་ཚེ་ལྷན་ཅིག་ཏུ་ཉལ་ཞོ་ན། དེའི་ཕྱིར་མཐ་རོ་ཞེས་བྱ་བ་སྨྲས།།
་གང་གི་མཐར་ཞེ་ན། དེའི་ཕྱིར་མཚན་མོའི་འོ་ཞེས་བྱ་བ་སྨོས་ཏེ། གནས་སྐབས་འདི་ལ་འདུག་པ་འདིའི་ཡོངསུ་རྫོགས་པར་འགྱུར་བ་ཉིད།། གཞན་གྱི་སྦྲུལྔ་ན་ཡང་ཞེས་བྱ་བ་ནི་འདི་ཆོས་རྣམ་པར་གཏན་པ་དབབ་པ་ལུས་རྟོགས
་པ་ཡིན་ཏེ། འདི་དང་ལྷན་ཅིག་ཏུ་ཉེ་བར་གནས་པའི་བྱེད་པ་པོ་ཡོ་བྱད་ཉེ་བ་བསྡུ་བའོ།། དེ་དང་འདྲ་བའི་ཆུ་དང་སོ་ཤིང་ལ་སོགས་པ་དེ་དང་ལྷན་ཅིག་ཏུ་འདུ་འཇོ་བྱེད་ན་ཕྱིན་ཅི་ལོག་ཏུ་རིག་པར་བྱའོ།། ཕེབས་པརྱ་སྨྲ་བ་དང་སྨོས་འདྲིན
་ངག་ལ་དེར་གཏོགས་པའི་གཙོ་བོ་ཉིད་དུ་བྱེད་པ་ནི་འདུ་འཛིར་གྱུར་པ་ཉིད།། གཞན་དག་ལཱ་ནི་ཉེས་བྱ་སུ་རྟོགས་པར་རིག་པར་བྱའོ།། ཙཱི་རྣམ་པ་ཐམས་ཅད་དུ་གཞོན་གྱིས་སྤྲུལ་པ་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ནཱད་པ་དང་ལྟ་བ
་དང་བྲལ་བར་འདོད་པའི་དོན་གྱིས་ནི་མ་གཏོག་སྒོ་ཞེས་བྱ་བ་སྨོས་ཏེ། ནད་པར་གཏོགས་པ་དེའི་དོན་དང་ལྟ་བ་དང་བྲལ་བར་གཏོགས་པའི་དོན་གྱིས་སྤྲུལ་པ་གང་ཡིན་པ་དེ་ནི་མ་གཏོག་སོ་ཞེས་བྱ་བ་དོན་ཏོ།། ཚུལ་ཁྲིམས་འཆལ་པ
་ལ་ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་བླང་བའི་རྣམ་པོར་བཞིག་པ་ལས་འདའ་བར་བྱ་བ་ཞེས་བྱ་བ་དེ་ལ་ཁ་ན་མཐོ་བ་རྣམ་པར་བཞགོ།། དེ་བས་ན་དེ་ལ་ཚུལ་ཁྲིམས་འཚལ་བའི་ཕྱིར་འདིར་འཇུག་པ་ཐོབ་པ་ཡིནོ།། དེ་ལྟར་ཡང
་ཤིན་ཏུ་ཚུལ་ཁྲིམས་འཆལ་པ་མཁན་པོ་དང་སློབ་དཔོན་དག་ལ་ཉེ་བར་གནས་པར་བྱ་བ་ཉིད་དུ་གསུང་སོ།། ཚུལ་ཁྲིམས་འཆལ་པའི་ལྕི་བ་ཉིད་ཡོངསུ་སྤོང་བའི་དོན་དུ་སོ་སོར་བསྐོར་བར་བྱའོ།། སྤྱང་པའི་རྗེ་སུ་ཕྱོགས་པའི་ལྟུང་བྱེད
་དོ།། །། དེ་དག་ལ་བཞམ་པ་དང་ལས་ཀྱི་མི་བསྒོ་བར་མི་བྱའོ་ཞེས་བྱ་བ་འདིས་གང་ཞིག་ལྟ་བ་དང་འབྲེལ་པ་རྣམས་ལ་ཆོ་ག་འདི་བྱ་བ་ཉིད་དུ། བསྟན་པ་དེ་ནི་དགེ་ཚུལ་ཡོད་པར་གྱུར་པོ་ཉིད་ཀྱི་ཕྱིར་འདི་ལ་གལ་ཏེ་དགེ་སློང་གི་ཁོངསུ
་བསྡུས་ན། དེ་ལ་ལས་ཀྱི་མཐའ་ལ་མི་གཏོང་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར་བལྟོས་ནས་བརྗོད་པར་བྱ་སྟེ། ཚིག་དེ་ཉིད་ལ་ཞུགས་པ་མི་གཏོང་ན། དགེ་ཚུལ་བསྙིལ་བར་བྱའོ་ཞེས་བྱ་བ་སྨོས་ཏེ། ཚིག་དེ་ཉིད་ཞུགས་པ་དེ་ལྟར་བདག་གི་ཇི་སྲིད་པར
་དུ་གཅོད་པའི་ཕྱིར་ནུས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པའི་ཚིག་གང་ལོ་ཡོད་པ་དེ་ནི་ཚིག་དེ་ཉིད་ལ་ཞུགས་པའོ།། དེའི་དངོས་པོ་མི་གཏོང་ན་དགེ་ཚུལ་དེ་བསྙིལ་བར་བྱའོ།། འདིར་འདོད་པ་ཞེས་བྱ་བ་ནི་དཔེ་ཙམ་ཡིན་པར་རིག་པར་བྱའོ།། དེ་བས་ན་ལྟ
་བ་ཐམས་ཅད་ཡོད་པར་བྱེད་པའི་ཚིག་བསྡུ་བ་ཡིནོ།། འདི་མ་ཡིན་ཞེས་བྱ་བ་ནི་ཞུགས་པའོ།། བསྟན་པ་ལ་གང་ཞིག་ཚུལ་འདིར་ལེགས་པར་ཞུགས་པ་ལ་ཡང་ལེགས་པར་གནས་པ་དེའི་ཆོས་དང་ལྡན་པ་དག་གིས་སྨད་པར་བྱ་བ་སྟོབས་དང
་ལྡན་པ་ལ་གང་དུ་ཡང་མི་འཇུག་པ་དེ་ལས་འདིར་སྨོད་པར་བྱ་བ་རྣམ་པར་བཞག་པར་བྱ་བ་མ་ཡིན།། དགེ་འདུན་ལ་ཐ་དད་པར་བྱེད་པ་ནི་གསལ་བའོ།། དགེ་འདུན་ཀུན་ནས་ལྟུང་བ་ལས་བྱུང་བའོ།། འདི་ལ་ཀུན་ནས་ལྟུང་བ་ཉིད་ཀྱིས་དགེ་འདུན་ལ
་ཁོངསུ་བསྡུས་པ་ཡོད་པ་མ་ཡིན་ཏེ། འདུག་པའི་དབུསུ་གནས་པ་ལ་ནི་འཁོར་གྱི་དབུས་ཀྱི་དངོས་པོ་ཉིད་ལ་ཡོད་པ་མ་ཡིན་ཏེ། དེ་བས་ན་བསྙིལ་བར་བྱའོ་ཞེས་བྱ་བ་འདི་ལ་སྦྱང་བར་བྱ་བའི་ལས་ལ་བརྟགས་པ
་ཡི་ནོ།། བཞག་པར་བྱའོ་ཞེས་བྱ་བ་ནི་རྟོགས་པར་བྱ་བ་གསལ་བ་ཉིད་མ་ཡིནོ།། སོ་སོའི་དངོས་པོ་ལ་ངེས་པར་ལྡན་པ་ཉིད་ཀྱང་མ་ཡིནོ།། འདིའི་ལས་བྱེད་པ་ལ་རྟོགས་པ་བསྒྲུབ་པ་མ་ཡིན་ནོ།། དེ་བས་ན་འདིར་རྟོགས་པ་བསྒྲུབ་པ་ལ་དེའི་ཆོ་ག་བརྗོད
་པར་བྱ་སྟེ། ཁྱོད་ལ་དང་པོར་གསོལ་བ་དང་བཞིའི་ལསོ།། དེའི་འོག་ཏུ་བསྙིལ་བ་རྩོམ་མོ་ཞེས་བྱ་བ་དང་། གསོལ་བ་བྱས་སོ་ལས་བརྗོད་པ་དང་པོ་དང་། གཉིས་པ་ཡང་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་འདི་ལྟ་བུ་འདྲི་ཐོང་ཞིག་ཅེས
་མཐར་དགེ་སློང་གི་དེ་ལ་བསྒྲག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། དང་པོར་ཞེས་བྱ་བ་ནི་གསོལ་བ་ལའོ།། དེའི་འོག་ཏུ་ཞེས་བྱ་བ་ནི་བསྙིལ་བའི་ལས་ལའོ།། བསྙིལ་བའོ་ཞེས་བྱ་བ་ནི་ལས་ལ་ཞེས་བྱ་བར་སྦྱར་རོ།། བརྩོམ་པ་ཞེས་བྱ་བ་ནི་རྩོམ་པ་སྟེ་འདི
་ནི་དང་པོའི་ཆའོ།། རྩོམ་པ་དེ་ཡང་གང་ཞེ་ན། དེའི་ཕྱིར་གསོལ་པ་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བྱ་བ་སྨོས་ཏེ། འདི་ནི་གཅིག་སྟེ་བཞིན་བཤད་པ་ནི་བརྗོད་པ་དང་པོ་ཡང་བྱས་ཟིན་གྱིས་སྡིག་པ་ཅན་གྱི་ལྟ་བར
་གྱུར་པ་འདི་ལྟ་བུ་འདི་ཞེས་བྱ་བས་སོ།། དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་ཡང་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་འདི་ལྟ་བུ་ཐོང་ཞིག་ཅེས་བྱ་བས་སོ།། རེ་རེའི་མཐར་ཞེས་བྱ་བ་ནི་གསོལ་བ་དང་ལས་བརྗོད་པ་དང་པོ་དག་སོ་སོ་རེ་རེའི་མཐའ
་རས་བརྩམས་ཏེ་མཐར་མི་འགྲོ་བར་ལྡོག་པ་ནི་རིགས་པ་མ་ཡིནོ་ཞེས་བྱ་བ་ནི་འདོད་པ་དགག་པའི་དོན་དུ་བརྗོད་པར་བྱའོ།། བཏང་ན་ཕྱི་མ་མི་བྱའོ་ཞེས་བྱ་བ་སྨོས་ཏེ། སྔ་མ་ཉིད་ཀྱིས་སོ་སོར་ལྡོག་པ་ཡོད་པ་ལ་ཕྱི་མ་མི་བྱའོ།། བརྡའི་བྱེད་པ་ཡང་ཆོ་ག
་འདིས་རྟོགས་པར་བྱའོ།། ཐམས་ཅད་དུ་འབྲེལ་པ་བྱེད་པ་ལ་སོགས་པའི་དོན་གྱི་ལས་ལ་མི་བསྒོ་བ་དང་སྨད་པར་བྱ་བ་དང་སྤང་པོ་དང་བསྙིལ་བ་རྣམས་ཉིད་ལ་སྔར་བཤད་པའི་ཆོ་གའི་དངོས་པོ་ལ་བལྟོས་ནས་ཆོ་ག་རིགས་པར་བྱའོ།། བསྙིལ
་བ་སྡུད་པའི་ལྟུང་བ་བྱེད་པ་པོ་ཉིད་ནི་གང་ཡིན་ཅི་ཞིག་སྤྱད་ན་ཞེས་བྱ་བ་འདི་ལ་སྔར་བཤད་པ་ལ་མངོན་པར་རྟེན་ནས་དེ་སྐད་སྨྲ་བ་པ་འབྱུང་བ་ལ་སླར་བྱས་པའི་དགེ་སློང་ལ་ཞེས་བྱ་བ་འདིའི་གནསུ་གང་དུ་འདུ་ཤེ་བྱ་བ་ལ་སྨོས་པ་ནི་དགེ་ཚུལ
་བསྙིལ་བ་ཉིད་དུ་གྱུར་པའི་གནས་སྐབས་ལ་སྟེ། བསྙེན་པར་མ་རྫོགས་པ་ལ་འདི་ལྟ་ཉིད་ཡིན་ན་ཞེས་བྱ་བའི་དོན་ཏོ།། ཉེས་བྱས་འདི་ཡོད་པར་གྱུར་ལྀ་དོར་བ་རྣམ་པར་བཞག་པའོ།། བསྙིལ་བ་སྡུད་པའི་ལྟུང་བྱེད་དོ།། །
་ཅི་ཞིག་བྱས་ན་ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སྔོན་པོ་འམ་དམར་པོ་འམ་ངུར་སྨྲིག་གིས་ཁ་མ་བསྒྱུར་བ་རང་གི་གོས་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་དང་། སྣོད་དང་རྐང་པའི་འབོབ་དང་སྐ་རགས་དག་གིས
་བགོ་བ་ལ་སོགས་པ་ཡོངསུ་ལོངས་སྤྱོད་ནའོ་ཞེས་བྱ་བ་སྨོས་ཏེ། ཚོན་ཆེན་པོ་བརྒྱད་པོ་རྣམས་སྤངས་ནས་གཞན་གང་རུང་བ་འག་ཞིག་ལས་གོས་ཁ་བསྒྱུར་བར་བྱའོ་ཞེས་བྱ་བ་ཕྲན་ཚེགས་དག་ལས་སྨོ་སོ།། འདིར་ཡང་འདག་པ་ཞེས་བྱ་བ་ལས
་གང་ཞིག་འདི་ལ་དམར་པོས་ཞེས་བྱ་བ་རྣམ་པར་འབྱེད་པ་ལས་བྱས་པ་ཀློག་པ་ཁ་ཅིག་ལས་འདིར་ཡང་འདོན་པ་ཡིན་ཏེ། ཚོན་ཆེན་པོ་རྣམ་པ་བརྒྱད་ཀྱིས་ཁ་བསྒྱུར་བར་བྱེད་ན་ལི་ཁྲི་དང་། མཐིང་ཤུན་དང་རྒྱ་སྐྱེགས
་དང་མཚལ་དང་། གུར་གུམ་དང་། རྩོད་དང་། རྨ་ཤིང་དང་། ལེབ་བརྒན་རྩིས་ཁ་བསྒྱུར་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པོ། ཁ་དོག་ཆེན་པོ་བརྒྱད་མ་གཏོགས་པ་གཞན་གང་ཡང་རུང་བ་འགའ་ཞིག་གིས་གོས་ཁ་བོསྒྱུར་བར
་བྱ་བ་གསུངས་པ་ཡིནོ།། དེ་བས་ན་འདིར་སྔོན་པོ་ལ་སོགས་པ་ནི་དཔེ་ཙམ་དུ་རྟོགས་པར་བྱའོ།། དེ་ལ་སྔོན་པོས་ཞེས་བྱ་བ་ནི་སྐྱེ་བ་ཕུན་སུམ་ཚོགས་པའི་མཚོན་ལ་རིག་པར་བྱའོ།། དམར་པོས་ཞེས་བྱ་བ་ནི་ས་ལས་འབྱུང་བའི་ཁམས་ལའོ།། རྨ་ཤིང
་ཞེས་བྱ་བ་ནི་སྐྱེ་བ་ཕུན་སུམ་ཚོགས་པའི་མེ་ཏོག་དང་འབྲས་བུ་ལ་སོགས་པའི་ཚོན་ལས་བསྐྱེད་པའོ།། ཁ་མ་བསྒྱུར་བ་ཞེས་བྱ་བ་ནི་གོས་སོ།། དེ་བས་ན་གང་ཡང་རུང་བས་ཁ་མ་བསྒྱུར་བའི་རང་གི་གོས་ལ་ཞེས་བྱ་བ་ནི་གཞན་གྱིས་གོས་ཉེ་བར
་ལོངས་སྤྱོད་པ་ལ་ན་སྨང་པ་ཉིད་དེ་ཁ་ན་མ་ཐོ་བ་སྤོབས་དང་ལྡན་པ་ཉིད་ཀྱི་ཕྱིར། བདག་ཏུ་བྱས་པ་དང་དཀྲིས་པར་མངོན་པར་བརྟེན་པ་ཉིད་ཤིན་ཏུ་སྟོབས་དང་ལྡན་པ་ཉིད་ཀྱི་ཕྱིར།། དེ་ལྟར་ཡང་སོ་སོར་ཁྱིམ་པའི་གོས་བགོ་བ་བཀག་པའི་ཚུལ
་གྱིས་དེ་བཞིན་དུ་ནི་མ་ཡིནོ།། དེ་ལྟ་བུའི་ལྟུང་བྱེད་ལ་འབྱུང་བ་སྲིད་པ་མ་ཡིནོ།། གོས་སར་པ་སོ་སོར་རྙེད་པས་ཞེས་བྱ་བ་ལ། གང་ཞིག་སོ་སོར་རྙེད་པའི་ཚིག་བྱས་ཞེས་བྱ་བ་འདིའི་རྗེས་ལ་ཡང་རང་གི་ཚིག་སྨོས་པ་དེ་ལ་སོ།། སར་པ་ཞེས་བྱ་བ
་ལ་སར་པ་ནི་རྣམ་པ་གཉིས་ཏེ། སར་པ་ལས་ཀྱང་སར་པ་དང་སོ་སོར་རྙེད་པ་ལས་ཀྱང་སར་པ་སྟེ། དོན་འདི་ལ་ནི་སོ་སོར་རྙེད་པ་ལས་སར་པ་མངོན་པར་འདོད་པ་ཞེས་བྱ་བ་འདི་ལས་ཉམས་པ་ཉིད།། དེ་ལྟ་བས་ན་སོ་སོར་རྙེད་པ་ལས་གང་ཞིག
་ཐོག་མ་ཉིད་གང་ཡིན་པ་དེས་ཆོས་གོས་དང་པོ་སོ་སོར་རྙེད་པས་འདི་ཞེས་བྱ་བ་འདིའི་དོན་ཏོ།། འདིར་ཐམས་ཅད་དཀྲིས་པ་དང་། དུས་འབྱུང་བ་དང་ཕྱེ་མ་ལ་སོགས་པ་ལ་ཉེས་པར་བགོས་པར་བྱ་བའི་གོས་བགོ་བར་བྱེད་པར་ནུས་པ་ཉིད་ནི་མ
་ཡིན་ཞེས་བྱ་བ་འདི་བསྟན་པའི་དོན་དུ་སྨོས་པ་ནི་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་དང་ཞེས་བྱ་བ་ལ་སོགས་པའོ།། འདིར་ལྷུང་བཟེད་ཀྱི་ཁ་གཡོགས་ཀྱིས་བསོད་སྙོམས་ཉེ་བར་གཡོགས་པ་བརྗོད་པ་མཐོང་བ་ཡིན་གྱི། གཞན་དུ་ནི་རྗེ་སུ་གནང
་བ་མ་ཡིན་པ་ཉིད་ཀྱི་ཕྱིར་འདིར་ཞུ་བའི་གཞུང་ཁ་ཅིག་ལས་ལྷུང་བཟེད་ཀྱི་དྲ་བ་ལ་སོགས་པ་རྐང་པ་བཀྲུ་བའི་སྣོད་དུ་སྦྱར་དུ་རུང་ངམ་ཞེ་ན། རུང་ཞེས་གསུངས་པ་དེ་ནི་ཆུ་ཚགས་འདིར་རིགས་པར་གྱུར་པ་ཉིད་ཀྱི་ཕྱིར་བསྡུས་པ་ཡིན་ཏེ། རྒྱུ་བ
་འདི་ཆུ་བཟུང་བ་ལ་ཁ་བསྒྱུར་བ་དང་བཅས་པ་ཉིད།། བཟུང་བ་དང་ལྡན་པ་ཉིད་དང་འདི་ལ་བྱིན་ལེན་བྱ་བ་ཉིད་དང་། ཉེ་བར་གནས་པ་ཉིད་དང་དུས་མ་ཡིན་པ་ཉིད་ལ་བཟུང་བར་བྱ་བ་དང་ཉེ་བར་གནས་པ་ཉིད་ཡོད་ཀྱང་ལོངས་སྤྱད་པར་བྱ་བ་ཉིད
་མ་ཡིན་ནོ།། དོན་འདི་ནི་ཕལ་ཆེར་ཉམས་པ་མ་ཡིནོ།། དེ་ལྟ་བས་ན་ཡོ་བྱད་དང་ཆོས་གོས་སྦྱིན་པ་འདི་དང་འདི་ལ་ཁ་མི་བསྒྱུར་བ་ཉིད་དུ་རྣམ་པར་བཞག་པ་ཡིན།། བགོ་བ་ལ་སོགས་པ་ཞེས་བྱ་བ་ནི་བསོད་སྙོམས་སོ་སོར་གཡོགས་པ་ལ
་སོགས་ལ་ཡང་སྟེ། བགོ་བ་དང་གཡོགས་པ་དང་ཉིད་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་ཚད་དང་ལྡན་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་འདི་འཇུག་པའོ།། སྐ་རགས་དག་ལ་ཡང་གལ་ཏེ་ཉེས་པ་ཡོད་ན་ཚད་དང་ལྡན
་པའི་གོས་ལ་སོགས་པ་ལ་ཡང་འབྱུང་བའི་ཕྱིར་འོས་པ་མ་ཡིན་ཞེས་གསུང་སོ།། སྡེ་པ་གཞན་གྱི་ནི་རུང་བར་བྱ་མི་དགོས་པ་ཉིད་ཡིནོ།། ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་དང་དགེ་ཚུལ་དང་དགེ་སློབ་མ་དང་དགེ་ཚུལ་མའི་སྡེ་པའི་འཁོར་རྣམས་ནི་དེ
་ནི་འདིར་སྡེ་པ་ཞེས་བྱ་བའི་སྒྲར་འགྱུར་རོ།། དེ་ལས་སྡེ་པ་གཞན་གང་ཡང་རུང་བའི་གོས་རང་སྤྱོད་པ་ལ་ནི་ཡང་གཟོད་རུང་བར་བྱ་མཱི་དགོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཁྱིམ་པས་བརྐུས་པ་ལ་ཡང་མི་དགོསོ་ཞེས་བྱ་བ་ནི་གཟོད་རུང་བར་བྱ་མི
་དགོས་པ་ཉིད་ཅེས་བྱ་བར་སྦྱ་རོ།། འདིར་མདོ་སྡེ་དེ་གཉིས་ཀྱི་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གི་གོས་རུང་བར་བྱས་པ་གང་ཡིན་པ་དེ་ནི་དགེ་སློང་མ་རྣམས་ལ་ཡང་རུང་བར་བྱས་པ་ཉིད་ཡིན་ལ། དེ་བཞིན་དུ་སྡེ་པ་ལྔ་པོ་ཐམས་ཅད་ལ་ཡང་རུང
་བར་བྱས་པ་ཉིད་ཡིན།། དགེ་སློང་གིས་རྒྱལ་པོ་འམ་ཕྱིར་རྒོལ་བ་གཞན་དག་གོས་བརྐུས་པར་གྱུར་པ་ཞིག་གལ་ཏེ་སླད་ཀྱིས་ཐོབ་པར་གྱུར་ན་ཡང་རུང་བར་བགྱི་འཚལ་ལམ་ཉེ་བར་འཁོར་མི་དགོས་ཏེ། སྔ་མ་དེ་ཉིད་དུ་རུང་བ་ཡིན་པའི་ཕྱིརོ་ཞེས
་གསུངས་པ་ཡི་ནོ།། ཁ་དོག་ཆེན་པོ་ཁ་བསྒྱུར་བའི་གོས་བརྟེན་པར་མི་བྱའོ་ཞེས་བྱ་བ་ལ། འདིའི་གཞུང་ནི་བཤད་ཟིན་ཏོ།། འདིར་བརྒྱད་ཀྱི་ཚིག་ནི་དཔེ་ཙམ་དུ་རྣམ་པར་གནསྤ་ཡི་ནོ།། དེ་བས་ན་འདིར་ཉེ་བར་མ་བསྡུསོ།། ཁྱིམ་པའི་གོས་ཀྱང་མི་བྱའོ་ཞེས་བྱ་བ་ནི།
་བགོ་བོ་བརྟེན་པར་མི་བྱའོ་ཞེས་བྱ་བར་སྦྱ་རོ།། འདིར་ཕྲན་ཚེགས་དག་ལ་དང་པོའི་གཞུང་།། གཙུག་ཁང་གི་ནང་ངུར་སྨྲིག་གིས་གཡོགས་ཏེ་བསྟེན་པར་བྱའོ་ཞེས་བྱ་བ་ནི་འདིར་གནས་ཁང་གཙུག་ལག་ཁང་ནས་ཕྱིར་མི
་འབྱུང་བར་བགོ་བར་བྱའོ་ཞེས་གསུངས་པ་ཡིན་གྱི་གནས་ཁཏྤ་ལ་ནི་མ་ཡིན་ནོ།། གཞན་མ་ཡིན་པ་ལ་ཡང་གཙུག་ལག་ཁང་ཉིད་མ་ཡིན་ནོ།། དེ་བས་ན་འདི་ལ་སོ་སོར་བཟུང་བ་མ་བྱསོ།། ཁྱིམ་པའི་གོས་ཇི་ལྟ་བུ་ལ་གཙུག་ལག
་ཁེ་ང་གི་ནང་དུ་བགོ་བོ་བསྟེན་པར་བྱ་བ་ཡིན་ནམ་ཞེ་ན། དེའི་ཕྱིར་ངུར་སྨྲིག་གིས་གཡོགས་ཏེ་བརྟེན་པར་བྱའོ་ཞེས་བྱ་བ་སྨོས་ཏེ། མལ་ཆུའི་སྟེང་དུ་བརྟེན་པ་ལ་ཉེས་པ་མདོ་ཞེས་བྱ་བ་ནི་དེའི་ཕྱིར་གཞན་དུ་ནི་བཏགས་པའོ།། ལམ་དུ
་གོས་བརྙས་པ་ནི་ཐུན་མོང་ཉིད་ཡིན་ནོ་ཞེས་བྱ་བ་ནི་བརྙས་པ་གཅིག་གིས་ཐོབ་པ་ཡང་འདི་ནི་ཐུན་མོང་པ་ཉིད་དུ་བསྟན་པའོ།། སུ་དང་ཐུན་མོང་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་གྲོགས་དོག་དང་ཡང་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བུ་དག་ཞེ་ན།
་དེའི་ཕྱིར་དགེ་སློང་དང་དགེ་ཚུལ་དག་དང་ངོ་།། གཅིག་པུ་ཉིད་ཡིན་ན་རྒན་རབས་ནས་བརྩམས་ཏེ་ཇི་སྲིད་སླེབས་པའི་སྟེང་སུ་གཡེ་གོ་ཞེས་བྱ་བ་ནི་གོས་བརྙས་པ་ནི་ཞེས་བྱ་བ་དང་སྦྱརོ།། དམིགས་ཀྱིསཽ་མ་བསྔོས་ན་གཞན་ལས་གྱོད་དེ
་བཅག་པར་མི་བྱའོ།། ཞེས་བྱ་བ་ནི། གོས་ཐུན་མོང་པ་བགོས་ནས་ཞེས་བྱ་བ་མི་བརྗོད་པ་དམ་པ་རྣམས་ཀྱིས་རྗེསུ་གནང་བ་ལ་དེ་ལ་ཡང་ཁོངསུ་བསྡུ་བ་སྒྲུབ་པ་པའི་དོན་དུ་གང་ཞིག་ཐུན་མོང་ཉིད་དུ་སྦྱིན་པ་སྟེ། དེ་དང་འདི་ཞེས་བྱ་བ་བྱེ་བྲག
་རྒྱུན་མ་མན་ཏུ། དུན་དམིགས་ཀྱིས་མ་བསྡུས་པའོ།། བས་རྣམས་འདོད་པས་མཐོན་དུ་ཐོས་ན་ཁཆར་མ་བཅད་པ་མན་ཆད་སར་པ་ལ་མེ་རྟག་པས་ཉན་པར་གྱུར་པའི་ཡིད་ལ་བྱུད་བས་སྐྱེང་དུ་བརྫི་བར་བྱའོ་ཞེས་བྱབྱ་།།
་དུས་ནམ་གྱི་ཚེ་ན་བརྫི་བར་བྱ་ཞེ་ན། དེའི་ཕྱིར་མགྲོན་དུ་བོས་ནས་ཞེས་བྱ་བ་སྨོས་ཏེ། མཐོ་འཚམ་པར་བྱེད་པའི་བསམ་པས་ནི་མ་ཡིན་ཏེ། འོན་ཀྱང་བསོད་ནམས་འདོད་པསོ།། ཅི་ཞིག་བརྫི་བར་བྱ་ཞེ་ན། དེའི་ཕྱིར་སར་པ་ལ་ཞེས་བྱ་བ་སྨོས
་ཏེ། གོས་ཞེས་བྱ་བ་དང་སྦྱ་རོ།། ཁ་ཚར་མ་བཙོད་པ་ཞེས་བྱ་བ་ནི་འདིར་ཇི་སྲིད་ཀྱི་སྒྲ་དང་འབྲེལ་པ་སྟེ། ཇི་སྲིད་དུ་ཁ་ཚར་མ་བཅད་པ་མན་ཆད་ཅེས་བྱ་བའི་དོན་ཏོ།། ཅི་གང་ཡང་རུང་བས་ཡིན་ནམ་ཞེ་ན། དེའི་ཕྱིར་མི་རྟག་པས་ཉེན་པར་གྱུར་པའི་ཡིད
་ལ་བྱེད་པསོ་ཞེས་བྱ་བ་སྨོས།། ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དོ།། །། གང་དུ་ཅི་ཞིག་བྱས་ན་ལོངས་པ་གཞིར་གཏོགས་པའི་ལྟུང་བྱེད་དུ་འགྱུར་ན། དེའི་ཕྱིར་རིན་པོ་ཆེ་རང་གི་མ་ཡིན་པ་དང་། དེར་སྨོས་པ་ལ་རེག་གམ
་རེག་དུ་བཅུག་ན་བྱེད་པ་པོ་ཡིནོ་ཞེས་བྱ་བ་སྨོས་ཏེ། གང་དུ་ཞེས་བྱ་བའི་དྲི་བ་འདི་ལ་རེག་གམ་རེག་ཏུ་བཅུག་ན་ཞེས་བྱ་བའི་ཚིག་གིས་སོ་ཅི་ཞིག་བྱས་ན་ཞེས་བྱ་བའི་དྲི་བ་འདི་ལ་རིན་པོ་ཆེ་རང་གི་མ་ཡིན་པ་དང་། དེར་སྨོས་པ་ཞེས་བྱ་བའི
་ཚིག་གིས།། དེར་ཞེས་བྱ་བའི་སྒྲས་ནི་དེར་སྨོས་པ་ལ་རིན་པོ་ཆེར་བཟུང་སྟེ་རིན་པོ་ཆེ་དང་མཉམ་པ་དེ་ཞེས་བྱ་བའི་དོན་ཏོ།། དེར་རང་ལ་རང་བཞིན་གྱིས་དངོས་པོ་ཉིད་ཀྱི་ཕྱིར་རང་གི་རིན་པོ་ཆེའི་རང་བཞིན་གྱི་ཆོ་ག་རྣམ་པར་བཞག་པ་ཞེས་བྱ་བའི
་ཆོ་ག་འདིར་རང་བཟུང་བ་ཉིད་ཀྱི་ཕྱིར་འདིར་དག་པའི་ལྟུང་བྱེད་ལ་རང་མ་ཡིན་པའི་ཚིག་ཏུ་བྱསོ།། དེར་སྨོས་པ་ལ་ཞེས་བྱ་བ་འདི་ལ་རང་མ་ཡིན་པ་ཞེས་བྱ་བ་རྟོགས་པར་བྱ་སྟེ། འདིར་གཉིས་ཀ་ཡང་བྱེད་པ་པོར་རིག་པར་བྱའོ།། རང་གི་དང་རང
་གི་མ་ཡིན་པ་ཤིན་ཏུ་སྟོབས་དང་ལྡན་པ་ནི་ཤིན་ཏུ་རྒྱགས་པའི་གནསོ།། གང་གི་ཕྱིར་རང་གི་ཤིན་ཏུ་རྒྱགས་པའི་གནས་ལ་བདག་ཏུ་བྱ་བའི་རིན་པོ་ཆེར་སྨོས་པ་ལ་ཉེས་བྱ་སུ་གཏོགས་པར་རིག་པར་བྱའོ།། རིན་པོ་ཆེར་སྨོས་པ་ཞེས
་བྱ་བ་དེ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་དེ་ནི་གཡུལ་དུ་སྤྱད་པའི་མཚོན་ཆ་དང་རོལ་མོར་སྤྱད་པའི་ལག་ཆའོ།། ཞེས་བྱ་བ་སྨོས་ཏེ། གཡུལ་དུ་དགོས་ཤིང་དེ་འབྲེལ་པའི་མཚོན་ཆ་ནི་གཡུལ་དུ་སྤྱད་པའི་མཚོན་ཆའོ།། དེ་བཞིན་དུ་རོལ
་མོར་སྤྱད་པར་ཡང་།། དེ་གཉིས་ཇི་ལྟ་བུ་ཞིག་གང་གི་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་དགོས་པའི་ཕྱིར་རུང་བར་གྱུར་པ་ནི་དངོས་གཞིའོ།། གྱུར་པ་མ་ཡིན་པ་ནི་ཉེས་བྱས་ཀྱིའོ།། གཙུག་ལག་ཁང་དང་ཉེན་འཁོར་ན་འདུག་པ་ལ་བདག་གིར
་བྱ་བ་དང་མུ་འབྲེལ་བར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་ཀྱིས་ནི་མ་གཏོག་སོ་ཞེས་བྱ་བ་སྨོསོ།། དེ་གཉིས་གནས་གང་ལ་ཡང་རུང་བ་ན་འདུག་པ་བྱེད་པ་པོ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་གཙུག་ལག་ཁང་དང་དེའི་ཉེན་འཁོར་ན
་འདུག་པ་ནི་མ་གཏོགས་ཏེ་ཞེས་བྱ་བའི་ཚིག་གིསོ།། ཅི་སེམས་གང་ཡང་རུང་བས་འདི་མ་གཏོགས་པར་སེམས་གང་ཡང་རུང་བ་དེ་ལ་འདི་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་བདག་གིར་བྱ་བ་དང་མ་འབྲེལ་པར་རྫས་ཆུད་མི་ཟ་བར་བྱ།
་བའི་སེམས་གང་ལ་ཡོད་པ་དེའི་ཕྱིར་འདིའོ།། གཙུག་ལག་ཁང་དང་དེའི་ཉེན་འཁོར་ན་འདུག་པ་ནི་མ་གཏོགས་ཏེ་ཞེས་བྱ་བ་འདིའི་དོན་ཏོ།། དེ་བསྐྱང་བའི་ཕྱིར་རེག་པ་དང་རེག་ཏུ་བཅུག་པ་ལ་ནི་ཉེས་པ་མེདོ་ཞེས་བྱ
་བདེ་ཙམ་བཤད།། དེ་ལ་འདི་ལྟར་ཡོངསུ་བསྐྱང་བར་བྱ་ཞེས་བྱ་བ་མ་བསྟན་པས་དེ་བརྗོད་པར་བྱེད་པ་ནི། དེ་ཡུལ་བར་མི་དོར་ཞེས་བྱ་བ་ནི་གཙུག་ལག་ཁོང་ན་འདུག་པ་འམ། གཙུག་ལག་ཁང་གི་ཉེ་འཁོར་ན་འདུག་པ
་ཞེས་བྱ་བ་དང་སྦྱརརོ།། རིན་པོ་ཆེ་འམ་རིན་པོ་ཆེར་སྨོས་པ་དེ་ཡལ་བར་མི་དོར་ཏེ།། དེ་བསྲུང་བའི་ཕྱིར་འདོད་པ་དེ་ཐོབ་པར་མི་བྱ་ཞེས་བྱ་བའི་དོན་ཏོ།། བདག་པོ་ལས་འཁྱམས་པར་གྱུར་ན་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པའོ།། བསྲུང་བའི་དོན
་དུ་འདོད་པ་ཐོབ་པར་བྱ་བ་ཇི་ལྟར་དེ་ཡལ་བར་མི་འདོར་བར་བྱ་ཞེ་ན། དེའི་ཕྱིར་ཞག་བདུན་ནམ་བརྒྱད་དུ་བསྡུ་སྐྱོགས་བྱའོ་ཞེས་བྱ་བ་སྨོས་ཏེ། འགྲོ་བའི་ལམ་གཡོག་སུ་འམ་ལོ་མའི་ཚོགས་དག་གིས་གཡོགས་པར་བྱའོ།། བདག་པོ་རྟགས་ཐམས
་ཅད་ལ་མ་བབ་པར་ཁོ་བོའི་ཡིན་ནོ་ཟེར་བ་ལ་སྦྱིན་པར་མི་བྱའོ་ཞེས་བྱ་བ་སྨོས་ཏེ། རྫས་དེའི་རྟཌ་གང་ཡིན་པ་དེའི་ཐོག་ཏུ་ལེབྲ་པཱ་གྱུར་པའི་དོན་གྱི་མ་ཕེབྲ་པཱ་མུན་སྤྲུལ་ཙ་དུ་ཁོ་བོའི་ཡིནོ་ཞེས་ཟེར་བ་དེ་ལ་གྱ་ཆོམ་དུ་སྦྱིན་པར་མི་བྱའོ།། འོངས་པར་མ་གྱུར་ན་དེའི
་འོག་ཏུ་དགེ་འདུན་གྱི་མཛོད་དུ་གཞུག་པར་བྱའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་བདག་པོའི་འོ།། དེའི་འོག་ཏུ་ཞེས་བྱ་བ་ནི་ཞག་བདུན་ནམ་བརྒྱད་རྣམས་ལསོ།། འདིར་དུས་ཡུན་ཇི་སྲིད་དུ་གཞུག་ཅིང་བཅང་བར་བྱ་ཞེ་ན། དེའི་ཕྱིར་ཟླ་བ་དྲུག་གི
་མཐའ་ཚུན་ཆད་དུ་བཅང་བར་བྱའོ་ཞེས་བྱ་བ་སྨོས་སོ།། དུས་དེ་ལ་ཡང་བདག་པོ་མ་འོངས་ན་དེའི་འོག་ཏུ་གང་ཞིག་བྱ་བ་དེ་སྨོས་པ་ནི། དེའི་ཕྱིར་འོག་ཏུ་མ་འོངས་ན་སངས་རྒྱས་སམ་དགེ་འདུན་གྱིས་རིས་གང་ནས་རྙེས་པ་དེ་སྤྱད་དུ་རུངངོ་ཞེས་བྱ
་བ་སྨོས་ཏེ། ས་རིས་གང་ནས་ཞེས་བྱ་བ་ནི་སངས་རྒྱས་སམ་དགེ་འདུན་གྱིས་ས་རིས་ཀྱི་ཡུལ་གང་གིས་ནང་ནས་སོ།། ངེས་ཞེས་བྱ་བ་ནི་སངས་རྒྱས་སམ་དགེ་འདུན་གྱི་སོ།། དགོས་པའི་ཕྱིར་རུང་བ་ཉིད་ལ་དངོས་པོ་དེའི་ཚིག་ཏུ་བརྗོད་པ་མ
་ཡིན་པ་སྟེ། མི་རུང་བ་ཉིད་ལ་འདི་བྱ་བ་གང་ཡིན་པ་དེ་བརྗོད་པར་བྱ་སྟེ། དེ་རུང་བ་ཉིད་མ་ཡིན་པ་དེས་རུང་བ་བསྟན་པ་ཉོ་བར་བྱའོ།། གལ་ཏེ་དེའི་ཚེ་བདག་པོ་འོངས་པར་གྱུར་ན་རྗེསུ་གནང་བ་གསོལ་ཏེ། མི་སྟེར་ན་སྦྱིན་པར་བྱའོ་ཞེས་བྱ་བ
་སྨོས་ཏེ། གལ་ཏེ་དེའི་ཚེ་ཞེས་བྱ་བ་ནི་ཉོས་པ་ཉིད་དང་མ་ཉོས་པར་སྤྱོད་པའི་གནས་སྐབསུ་ཡང་དགོས་པར་གྱུར་པ་ཉིད་ནའོ།། མི་སྟེར་ན་ཞེས་བྱ་བ་ནི་རྗེ་སུ་གནང་བའོ།། སྦྱིན་པར་བྱའོ་ཞེས་བྱ་བ་ནི་རྫས་དེའོ།། གལ་ཏེ་བསྐྱེད་སློང་ན་ཁོ་བོ་ཅག
་གིས་ཡོངསུ་བསྐྱངས་པ་གང་ཡིན་པ་དེ་ཉིད་དྲིན་ཆེ་བར་མི་སེམས་སམ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ། བསྐྱེད་སློང་ན་ཞེས་བྱ་བ་ནི་དགོས་པའི་རྒྱུ་མཚན་གྱི་རྙེད་པའོ།། སྔར་རུང་བ་ཉིད་དུ་འགྱུར་བ་ཞེས་གང་སྨོས་པ་དེ་ལ་གང་ལ་དགོད
་པར་བྱ་བ་ཉིད་ཡིན་ཞེ་ན་དེའི་ཕྱིར་བརྗོད་པར་བྱ་སྟེ། ནོར་བུ་ལ་སོགས་པ་ནི་བདར་བ་དང་། ཕུག་པོ་ཉིད་ཡིནོ།། ཞེས་སྨོས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་མུ་ཏིག་དང་བཻ་ཌཱུརྱ་ལ་སོགས་པ་དག་བསྡུས་པའི་དོན་དུའོ།། འདིར་གཞུང་ཁ་ཅིག
་ལས་ནི་དགེ་སློང་གིས་ནོར་བུ་ལེན་ན་ནི་ཉེས་བྱས་སུ་འགྱུར་ལ། བདར་བ་ལེན་པར་བྱེད་ན་ལྟུང་བྱེད།། ནོར་བུ་ཇི་ལྟ་བ་བཞིན་དུ་མུ་ཏིག་དང་བཻ་ཌཱུརྱ་དང་དུང་དང་མལ་ཤེལ་དང་བྱུ་རུ་དང་དངུལ་དང་ས་ལེ་སྦྲམ་དང་སྤུག་དང
་རྡོའི་སྙིང་པོ་དང་། དམར་པོ་དང་གཡསུ་འཁྱིལ་བའི་བར་དུ་ཡང་རུང་ཞེས་པའོ།། གཞན་ལས་ཀྱང་དགེ་སློང་གིས་ནོར་བུ་ལེན་ན་མ་ཕུག་པ་ལེན་ན་ཉེས་བྱ་སུ་འགྱུར་ལ། ཕུག་པ་ལེན་པར་བྱེད་ན་ནི་ལྟུང་བྱེད།། ནོར་བུ་ཇི་ལྟ་བ་བཞིན་དུ་མུ
་ཏིག་དང་བཻ་ཌཱུརྱ་དང་ཇི་སྲིད་གཡསུ་འཁྱིལ་བའི་བར་དུ་ཡང་དེ་བཞི་ནོ་ཞེས་གསུངས་པ་ཡིནོ།། དེ་གཉིས་ཀ་ལ་ཡང་ཇི་ལྟར་རིག་པར་སྦྱར་བ་ཞེས་བྱ་བས་གཉིས་ཀ་བསྡུས་པ་ཡིནོ།། མགུལ་རྒྱན་དང་གདུ་བུ་རྒྱུན་ཅན་དཔུང་རྒྱན་དང་དོ
་ཤལ་དང་སེ་མོ་དོར་གནས་པ་ཉིད་དུ་ཡངངོ་ཞེས་བྱ་བ་ནི་ས་ལེ་སྦྲམ་དང་དངུལ་ལས་བྱས་པ་ཉིད་གང་ཞིག་འདིར་ཞེ་ལ་འདི་ལྟ་བུར་འདུག་པའི་ངོ་བོ་མ་ཡིན་པ་ལ་འདི་དག་ལ་དངོས་གཞིའི་བྱེད་པ་པོ་ཉིད་མ་ཡིནོ་ཞེས་བྱ་བ་འདི་བསྟན་པའི
་དོན་དུ་བཟུང་བའོ།། བི་ཝང་དང་གླིང་བུ་དང་བ་ལ་རྀ་དང་མ་ཧཱ་ཏི་དང་གྷོ་ཥ་ཀ་རྣམས་ནི་རྒྱུད་དང་བཅས་པ་ཉིད་ནའོ་ཞེས་བྱ་བ་ནི་རུང་བར་གྱུར་པ་ཉིད་ནའོ་ཞེས་བྱ་བ་སྟེ་འདིར་ཐམས་ཅད་དུ་སྦྱར་བར་བྱའོ།། འདིར་གཞུང་ནི་དགེ་སློང་གིས་པི་ཝང
་ལེན་ན་རྒྱུད་དང་བཅས་པ་ལེན་ན་ལྟུང་བྱེད་དུ་འགྱུར་ལ་རྒྱུད་མེད་པ་ལེན་ན་ལྟུང་བ་ཉེས་བཅས་དུ་འགྱུརརོ།། པི་ཝང་ཇི་ལྟ་བ་བཞིན་དུ་གླིང་བུ་དང་བ་ལ་རི་དང་མ་ཧཱ་ཏི་དང་སུ་གྷོ་ཥ་ཀ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ།། དུང་དང་རྔ་བོ་ཆེ་དང་རྔ་བ
་ཊ་ཧ་དང་རྔ་རྔ་རྣམས་ནི་སྒྲ་འབྱིན་ནའོ་ཞེས་བྱ་བ་ནི་རུང་བར་གྱུར་པ་ཡིན།། གཞུང་ནི་རྒྱུད་དང་བཅས་པ་ཉིད་ནའོ་ཞེས་བྱ་བ་ནི་རུང་བར་གྱུར་པ་ཉིད་ཡིན་ཞེས་བྱ་བར་འཇུག། རལ་གྲི་དང་རལ་གྲི་ང་ཁྱོགས་པོ་དང་རལ་གྲི་ས་གཅིག་པ་དང་མདུང་དང
་འཕང་མདུང་དང་ལྕགས་ཀྱུ་རྣམས་ནི་དེ་ཉིད་ཡིན་ནའོ་ཞེས་བྱ་བ་ནི་རལ་གྲི་ལ་སོགས་པ་རྣམས་ཀྱི་དེ་དག་ཉིད་ཡིན་ན་རལ་གྲི་ལ་སོགས་པ་ཉིད་ལ་རུང་བ་ཉིད་ཅེས་བྱ་བའི་དོན་ཏོ།། མངའ་དང་ལྕགས་མངའ་དང་མངའ་བྱེད་ལྕགས་ལས
་བྱས་པ་རྣམས་ནི་མདེའུ་དང་བཅས་པ་ཉིད་ཡིན་ནའོ་ཞེས་བྱ་བ་ནི་རུང་བ་ཉིད་ཡིནོ་ཞེས་བྱ་བར་སྦྱ་རོ།། སྐུ་གཟུགས་ནི་སྐུ་གདུང་དང་བཅས་པ་ཉིད་ཡིན་ནའོ་ཞེས་བྱ་བ་ནི་གང་གི་འདི་འདྲ་བ་དེ་ནི་མཚོན་པར་བྱེད་པ་རྣམ་སོ།། འདིར་སོ་སོར་ཉེ་བར
་གནས་པ་ཞེས་བྱ་བའི་དོན་ཏོ།། སྐུ་གདུང་དང་བཅས་པ་ཉིད་ཡིན་ན་ཡོངསུ་རྫོགས་པ་ཉིད་དེ་ལ་སོ་སོར་ཉེ་བར་བཞག་པ་ཉིད།། ཉེ་བར་དགོས་པ་ཉིད་ལ་འདིའི་ངོ་བོ་ཉིད་ལྟར་སྐུ་གདུང་དང་བཅས་པའི་སྐུ་གཟུགས་བསྟན་པའོ།། རིན་པོ་ཆེའི
་རང་བཞིན་ཉིད་ལ་སྐུ་གདུང་དང་བཅས་པ་ཉིད་ནི་ཁ་ན་མ་ཐོ་བ་ཡོངསུ་རྫོགས་པའོ།། སྐུ་གདུང་བཅས་པ་མ་ཡིན་ན་ནི་ཉེས་བྱསོ།། རིན་པོ་ཆེའི་རང་བཞིན་མ་ཡིན་པ་ཉིད་ལ་སྐུ་གདུང་དང་བཅས་པ་ཉིད་ན་ནི་ཉེས་བྱསོ།། སྐུ་གདུང་མེད་པ་ཉིད
་ལ་ནི་ལྟུང་བ་མེད།། འདིར་ལྕི་བ་ཡོངསུ་སྤངས་པའི་དོན་དུ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་འདིར་རྣམ་པར་རིག་པར་བྱའོ།། མཆོད་རྟེན་རིན་པོ་ཆེ་ལས་བྱས་པ་ལ་ནི་དགོས་པ་ཉིད་མེད་པ་ནི་མ་ཡིན་ཏེ། དེ་བས་ན་འདིར་ཡང་རིན་པོ་ཆེའི་རང་བཞིན
་དང་སྐུ་གདུང་དང་བཅས་པ་ཉིད་དག་ལ་ལྟུང་བྱེ།། གང་ཡང་རུང་བ་ཞིག་མ་ཚང་ན་ནི་ཉེས་བྱསོ་ཞེས་བྱ་བ་རྟོགས་པར་བྱའོ།། ཉན་ཐོས་དང་རང་སངྱས་ཀྱི་སྐུ་གཟུགས་དང་སྐུ་གདུང་དང་བཅས་པ་ཉིད་ལ་ནི་དེ་དག་གི་སྐུ་གདུང་དང
་བཅས་པ་ལྔ་རུ་། སངས་རྒྱས་ཀྱི་སྐུ་གདུང་དང་བཅཝ་པ་ཡང་རུང་སྟེ་ཉེས་བྱསུ་འགྱུར་བ་ཉིད་རྟོགས་པར་བྱའོ།། སྲེད་མེད་ཀྱི་བུ་ལ་སོགས་པའི་གཟུགས་རིན་པོ་ཆེ་ལས་བྱས་པ་ཉིད་མ་ཡིན་པ་ཉིད་མ་ཡིན་པ་སྐུ་གདུང་དང་བཅས་པ་ཉིད་ནི་དེ་དག་གི་རུས་པ་དང
་བཅས་པ་ཡང་རུང་སངས་རྒྱས་ཀྱི་སྐུ་གདུང་དང་བཅས་པ་ཡང་རུང་སྟེ་ཉེས་པ་མེདོ།། རིན་པོ་ཆེ་ལས་བྱས་པ་ཉིད་ཡིན་ན་ནི་རྫས་ཙམ་གྱི་དབང་ལས་ཉེས་བྱ་སུ་འགྱུརརོ།། དེ་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག་ན་ཉེས་པ་མེདོ་ཞེས་བྱ་བ་ནི་སྐུ་གཟུགས་དེ་དག་ལ
་སྟོསྔོསྟོན་པའི་འདུ་ཤེས་ཉེ་བར་བཞག་ན་ཉེས་པ་མེདོ་ཞེས་བྱ་བ་ནི་སྐུ་གཟུགས་དེ་དག་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག་སྟེ། རེག་གམ་རེག་དུ་བཅུག་པ་ནི་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ།། ནོར་བུ་འཆིང་བུ་དང་སོགས་མའི་ཕྲེང་བ་དང་ཆུ་སྤྲིང་དང་རྫ་རྔ་ཁ་ཅིག་པ
་དང་གཞུ་དང་མངའ་ལྟར་བཅོས་པ་རྣམས་ནི་ཕྱེད་ཉིད་ཞེས་བྱ་བ་ལ། མངའ་ལྟར་བཅོས་པ་ཞེས་བྱ་བ་ནི་ལྟོང་ལ་སོགས་པ་དང་སྦྱར་བས་མདའི་རྣམ་པ་ཉི་དུ་ཉེ་བར་གྱུར་པ་སྟེ། ཤིང་བུ་ལ་སོགས་པ་དག་ལས་ལྟོང་ཙམ་གཏོད་ཅིང་རོལ་བྱི་ཙམ་མདའ
་འདྲ་བ་བྱས་པ་ཡིན་པར་རིག་པར་བྱའོ།། འདིར་འཆིང་བུ་ལ་སོགས་པའི་ཚིག་ནི་དཔེ་ཙམ་དུ་ཟད་དེ། ས་ལས་བྱས་པའི་ནོར་བུ་དག་ཀྱང་ཕྱེད་ཉིད་དེ་ཉེས་བྱ་སུ་རིག་པར་བྱའོ།། གསེར་གྱི་སྟེགས་བུ་ནི་མི་རུང་བ་ཉིད་ཞེས་བྱ་བ་ལ། རྣམ་པ་འདི་ལྟ་བུ་ཉིད་ནི
་མཁོ་བའི་ཡོ་བྱད་དུ་གྱུར་པ་ཉིད་མ་ཡིན་ཏེ། གང་ཞིག་འདི་ལ་སྟེགས་བུ་ལ་སོགས་པ་ཉེ་བར་མཁོ་བའོ།། མི་རུང་བ་ཉིད་ལ་གྲུབ་པས་ཐམས་ཅད་དུ་གྱུར་པའི་ཡོངསུ་གྲུབ་པའི་དོན་ལའོ།། འདིར་གཞུང་ནི་ཀུ་བ་ཁ་ཅིག་ལས་དགེ་སློང་གསེར་གྱི་སྟེགས།
་བུ་ལ་འདུག་ན་ཉེས་བྱས་ཞེ་གསུངས་པ་ཡིན།། འཇིགས་པར་གྱུར་ན་རང་གི་ལ་མི་གནོད་ན་དགེ་འདུན་གྱི་དང་མཆོད་རྟེན་གྱི་དབྱིག་དང་གསེར་སྦས་སམ་ཁྱེར་ཏེ་འགྲོ་བར་བྱའོ་ཞེས་བྱ་བ་ནི་གཞུང་ཁ་ཅིག་ལས་འདིར་སྦས་ནས་ཁྱེར་ཏེ་འགྲོ་བར་བྱའོ་ཞེས་འབྱུང་།།
་གཞན་དུ་ནི་དགེ་སློང་གིས་མི་ཟད་པའི་གཏེར་ཁྱེར་ཏེ། ཁྱིམ་པ་དང་དགེ་ཚུལ་དག་ལ་བྱིན་པ་དང་དེ་དག་གིས་ཁྱེར་ཏེ་བྲོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པ་ཡིད་ཆེས་པ་མ་ཡིན་པ་ལ་ཁྱིམ་པའམ། དགེ་ཚུལ་ལ་དགེ་འདུན
་གྱི་མི་ཟད་པའི་གཏེར་རྣམས་ལག་ཏུ་སྦྱིན་པར་མི་བྱའོ།། གལ་ཏེ་ཡིད་ཆེས་པར་གྱུར་ན་ནི་སྦྱིན་པར་བྱའོ།། འོན་ཏེ་ཡིད་ཆེས་པར་མ་གྱུར་ན་དགེ་སློང་རང་གིས་ཁྱེར་ཏེ་འགྲོ་བར་བྱ་ཞིང་གང་གི་ཚེ་གཙུག་ལག་ཁང་དེ་ཉིད་ན་གནས་པ་ཡིན་ན་དེའི་ཚེ་དེ
་ཉིད་དུ་སྦྱིན་པར་བྱའོ།། འོན་ཏེ་གཙུག་ལ་གོ་ཁང་པ་གང་ཞིག་ན་གནས་པ་མ་ཡིན་ན་གཙུག་ལག་ཁོང་དེ་ཉིད་དུ་བཞག་པར་བྱའོ་ཞེས་གསུངས་པ་ཡིནོ།། དེར་གཉིས་ཀ་ལྟར་ཡང་ཇི་ལྟར་ཉེ་བར་དགོས་པར་གྱུར་པ་རྟོགས་པ་ཕྱིར་འཐད་པ་ཡིན།། དེ་བས་ན་དེ་གཉིས
་ཀ་ཡང་འདིར་བསྡུས་པ་ཡིནོ།། རང་གི་ལ་མི་གནོད་ན་ཞེས་བྱ་བ་ནི་གལ་ཏེ་དགེ་འདུན་ནམ་མཆོད་རྟེན་གྱི་སྦ་བར་བྱ་བ་ལ་བདག་ཉིད་ཀྱི་དོན་ལ་མི་སྦ་བར་ཁྱེར་བ་དང་། མ་ཁྱེར་བར་གནོད་པར་གྱུར་ན་ནི་དེ་ལྟ་བུ་མི་བྱའོ་ཞེས་བྱ་བའི་དོན་ཏོ།། རང་གི་ལ་ཞེས
་བྱ་བ་ནི་ཆོས་དང་ལྡན་པ་དེའི་འོ།། གང་ཞིག་མེད་པར་ལུས་གནས་པ་འམ་ཆོས་གྲུབ་པ་ལ་གནོད་པར་འགྱུར་བ་རྨོངས་པའི་ཡོ་བྱད་ལ་ནི་མ་ཡིན།། ཞེས་བྱ་བ་ཤུགས་ཀྱིས་ཤེས་པར་བྱའོ།། དགེ་འདུན་གྱིས་ཞེས་བྱ་བ་ལ། འདིར་གཞུང་ནི
་དེར་དགེ་སློང་རྣམས་ཀྱིས་དགེ་འདུན་གྱིས་མི་ཟད་པའི་གཏེར་རྣམས་ཁྱེར་བ་དང་། དེ་དག་གི་ལྷུང་བཟེད་དང་ཆོས་གོས་དང་འཁྱམས་ནས་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར
་མི་བྱ་སྟེ་གང་ཟག་ནི་ཕོངས་པར་འགྱུར་གྱི་དགེ་འདུན་ནི་མི་འགྱུར་བས་དེའི་ཕྱིར་དགེ་སློང་གིས་དང་པོར་རང་གི་ལྷུང་བཟེད་དང་ཆོས་གོས་བཀུར་བར་བྱ་ཞིང་གལ་ཏེ་བསྲུང་བར་ནུས་ན་ཕྱིས་དགེ་འདུན་གྱི་ལ་ཡང་འབད་བར་བྱའོ།། མཆོད་རྟེན་གྱི་ལ་ཡང
་ཞེས་བྱ་བ་ནི་དེ་ཡང་གང་དུ་སྦས་ནས་འགྲོ་བ་ཀློག་པ་ལས་དེར་གསུངས་པ་རིང་བ་ཉིད་ཀྱི་ཕྱིར་འདིར་མ་བརྟག་སོ།། བྱེད་པར་འགྱུར་པ་གང་གིས་སྦས་ནས་སམ་ཁྱེར་ཏེ་འགྲོ་ཞེ་ན། དེའི་ཕྱིར་དད་པ་ཅན་གྱིས་ཏེ་འདི་པའི་རབ་ཏུ་བྱུང་བ་མ་ཡིན་པ་ལ་འདི་བཟུང
་བ་ཞེས་བྱ་བ་འོག་ནས་ཤེས་པར་བྱའོ།། དགེ་ཚུལ་གྱིསོ་ཞེས་བྱ་བ་ནི་སྡོམ་པ་ཉིད་ལ་དད་པས་དེའི་གནས་ལས་མཐའ་ཡས་པར་བྱས་པ་ཉིད་འདིས་ནི་དད་པ་ཅན་ཞེས་བྱ་བར་རིག་པར་བྱའོ།། མེད་ན་རང་གི་སོ་ཞེས་བྱ་བ་ནི། དེ་གཉིས་གཅིག་ཀྱང་མེད་ན
་རང་གི་སྤོས་སོ་ཁྱེར་ཏེ་འགྲོ་བར་བྱའོ།། དེར་བསྒོ་བར་བྱ་བ་ནི།། སྦ་བ་དང་བསྐུར་བར་བྱ་སྟེ་འཛིན་པར་སྦྱོར་བའོ།། དེར་བསྒོ་བ་ཡང་འདི་དང་ཤིན་ཏུ་ཞན་པ་ཉིད་ཀྱི་ཕྱིར་འགྲོ་བ་ཉིད་དུ་རིག་པར་བྱའོ།། བྲལ་ན་སྦྱིན་ཞེས་བྱ་བ་ནི་འདིར་བྲལ་ན་སྦས་པ་འམ་ཁྱེར་བ
་དེ་ཉིད་དུ་སྦྱིན་པའོ།། བྲུ་བ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་སྦས་ཏེ་ཁྱེར་ནས་འགྲོ་བ་དེ་བཞིན་དུ་ནད་པ་ཅན་ནམ། དགེ་ཚུལ་གྱིས་བྲུ་བའོ།། ཇི་སྲིད་དུ་དེ་གཉིས་མེད་ན་རང་གིས།། མི་མ་ཡིན་པའི་གནས་ན་གནས་ཏེ་དེ་དག་གི་བསོད་ནམས་ཀྱིས་བྱུང་བ
་རིན་པོ་ཆེའི་རང་བཞིན་གྱིས་ས་གཞི་དང་ཐེམ་སྐས་ལ་སོགས་པ་ལ་ནི་ཉེས་པ་མེདོ་ཞེས་བྱ་བ་ནི་དེ་དང་འདྲ་བའི་འཇིག་རྟེན་སྒྲུབ་པར་བྱེད་པའི་བསོད་ནམས་ནི་འདིར་རིག་པར་བྱ་སྟེ་གཞན་རྣམས་ལ་ནི་མ་ཡིན།། ཟན་གྱི་ཕྱིར་སྣོད་གཞན་མེད་ན་རིན་པོ་ཆེ་ལ
་སོགས་པ་ཡང་ཞེས་བྱ་བ་ནི་འདིར་ཕྲན་ཚེགས་དག་ལས་སྐྱོན་མེད་པའི་རིན་པོ་ཆེའི་རང་བཞིན་ལས་བྱས་པའོ།། ཡང་ཞེས་བྱ་བའི་སྒྲ་ནི་མི་མི་ཡིན་པའི་གནས་ན་གལ་ཏེ་ངག་གི་བསོད་ནམས་ཀྱིས་བྱུང་བའི་དེ་རྣམས་ཀྱི། རིན་པོ་ཆེའི་རང་བཞིན་ལ་ནི་ཉེས་པ་མེདདོ
་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱི་རོ་འདུག་པའི་ཕྱིར་གནས་མ་ལ་ཡངངོ་ཞེས་བྱ་བ་ལ། ཡངོ་ཞེས་བྱ་བའི་སྒྲ་ནི་སྐྱོན་མེད་པའི་ཞེས་བྱ་བ་ལ་བྱ་བ་ལ་སོགས་པ་འདི་མེད་པ་ལ་གཞན་ན་ཞེས་བྱ་བ་ལ་སོགས་པའི་རྗེས་བསྙེག་པའི་ཕྱིརརོ།། འདིར་གཞུང་ནི་ཀོ་ལྤགས
་ཀྱི་གཞི་ལས། དགེ་སློང་དག་ལྷ་དང་ཀླུའི་གནས་དག་ཏུ་འགྲོ་བ་ན་དེར་རིན་པོ་ཆེའི་རང་བཞིན་གྱིས་གདན་རྣམས་རྙེད་པར་གྱུར་ཏེ། དེ་རྣམས་ལ་འདུག་པར་མི་བྱེད་ཅིང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ནི་སེམས་ཅན་དེ་རྣམས་ཀྱིས་བསོད
་ནམས་ལས་བྱུང་བ་ཡིན་པས་དེ་རྣམས་ལ་འདུག་པར་བྱའོ་ཞེས་གསུངས་པ་ཡིན།། གལ་ཏེ་ཡང་གཞན་ལ་མེད་པ་ཞེས་བྱ་བ་འདིར་མི་འདོད་ན་དེ་ལྟར་ཡོང་འདི་ནི་རིག་པར་གྱུར་པ་སྟེ། དེ་བས་ན་བརྟེན་པའོ།། གཞོན་པས་འགྲོ་བར་བྱའོ།། ཆོས་དང
་ལྡན་པའི་ཆོས་ཉིད་ཀྱི་དབང་ཉིད་ཀྱིསོ།། དེ་ལ་ཡང་ཆ་སྒེག་པ་དང་ལྡན་པ་ཉིད་ཀྱིས་མི་བྱའོ།། རྒས་པ་དང་ན་བ་དག་ལས་གཞན་པས་མི་བྱ་བ་ནི་ཀོ་ལྤགས་ཀྱི་ཕྲན་ཚེགས་རྣམས་ལས་འདི་སྐད་ཅེས་གསུངས་ཏེ། ཆོས
་ཉན་དུ་གཞུག་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་སེང་གེའི་ཁྲི་ལས་མི་རྟག་པས་ཉེན་པར་གྱུར་པའི་ཡིད་ལ་བྱེད་པས་འདུག་པར་བྱའོ་ཞེས་བྱ་བ་ལ། ཆོས་བསྒྲག་པའི་དོན་དུ་ཞེས་བྱ་བ་ནི་འདིར་ཆོས་ནི་འདུག་ཅིང་ཉན་པ་པོ་རྣམས་ལ་ཆོས
་བསྒྲག་པར་བྱའོ་ཞེས་བྱ་བའི་དོན་ལ་བརྟེན་ནས་གནས་མལ་གྱི་བསླབ་པའི་གཞི་ལ་སོགས་པ་གསུངསོ།། དེ་ལ་སོགས་པའི་རྫས་ཀྱང་ཞེས་བྱ་བའི་མཐའ་ཅན་འདིར་རུངས་པའོ།། འདིར་གཞུང་ནི་དེ་ནས་ཁྱིམ་བདག་མགོན་མེད་ཟས
་སྦྱིན་གྱིས་ཐོས་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་སེང་གེའི་ཁྲི་བཤམས་པ་དང་དགེ་སློང་དེ་དག་དེ་ལ་མི་འཁོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་ཐམས་ཅད་མི་རྟག། སྙམ་བས་མོས་ནས་དེ་ལ་འདུག་ནས་ཆོས
་བཤད་པར་བྱའོ་ཞེས་གསུངས་པ་ཡི་ནོ།། ཁྱིམ་དུ་དེ་བཤམས་པ་དང་གསེར་དང་དངུལ་གྱིས་སྤྱད་པ་དྲིལ་བུ་གཡེར་ཁ་གཤིབས་པའི་ཆ་གོས་དག་ལ་ཁྱིམ་པའི་ཡིན་སྙམ་དུ་ཤེས་པར་བྱས་ནས་ཀྱང་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲ་ནི
་མི་རྟག་པས་ཉེན་པར་གྱུར་པའི་ཡིད་ལ་བྱུང་བས་འདུག་པར་བྱའོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་རོ་སྙམ་དུ་ཤེས་པར་བྱས་ནས་ཞེས་བྱ་བ་ནི་ཁྱིམ་པའི་ཡིན་སྙམ་དུ་ཤེས་པར་བྱས་ནས་སོ།། འདིར་གཞུང་ནི་བྲམ་ཟེ་དང་ཁྱིམ་བདག
་དད་པ་ཅན་རྣམས་ཀྱིས་ཁྱིམ་གྱི་ནང་དུ་གསེར་གྱིས་སྨྲས་པ་གསེར་གྱི་དྲིལ་བུ་གཡེར་ཁེས་གྱ་ཤིབས་པའི་གོས་དག་བཤམས་པ་དང་། དགེ་སློང་དག་དེ་ལ་མི་འཁོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་ཐམས་ཅད་མི་རྟགྶ
་སྙམ་དུ་བསམས་ཏེ། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་རྣམས་ལ་ཡོངསུ་ལོངས་སྤྱད་པར་བྱའོ་ཞེས་གསུངས་པ་ཡིནོ།། དེ་ལ་ནོར་བུས་སྨྲས་པ་གསེར་དང་དངུལ་གྱིས་བརྒྱན་པ་དག་ལ་ཡང་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི
་སེང་གེའི་ཁྲི་དེ་ལའོ།། དེ་ལྟ་བུའི་གོས་དག་ལ་འདོག་པ་འདི་ནི་དེའུ་རི་མི་རྟག་པས་ཉེན་པར་གྱུར་པ་ཡིན་བྱེ་སྙམ་པའི་ཡིད་ལ་བྱེད་པས་འདུག་པར་བྱའོ།། འདི་ལྟར་སེང་གེའི་ཁྲིའི་ཆོ་ག་ལ་གྲུབ་པ་མེ་དེ་དངོསུ་ཡང་བྱེ་བྲག་འདི་ལ་ཁྱད་པར་གྱི་གཞུང
་ཡོད་པ་མ་ཡིན་ཏེ། འདི་བསྟན་པའི་ཕྱིར་མདོ་འདི་བྱས།། དེ་དག་གྲུབ་པར་བྱའོ་ཞེས་བྱ་བ་ནི་སེང་གེའི་ཁྲི་ལ་གོས་རྣམ་པ་དེ་ལྟ་བུ་བོ་ཤམས་པ་དག་གོ།། ཁྱིམ་པ་དང་དགེ་སློང་མེད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག་པ
་རྣམས་ཀྱིས་ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་རེག་པ་ལ་མི་རུང་བ་མེདོ་ཞེས་བྱ་བ་ནི་འདིར་རིན་པོ་ཆེ་ཡང་སངས་རྒྱས་ཀྱི་སྐུ་གཟུགས་བརྗོད་པར་འདོད་པའོ།། དེའི་རྫས་ལ་ཡང་ངོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་གཟུགས་དེའི་རྫས་དར
་རྒྱན་ལ་སོགས་པ་ལ་ཡེ་།། རྒྱན་གདགས་པ་བསྟེན་པར་མི་བྱའོ་ཞེས་བྱ་བ་ལ་འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་གིས་རྒྱན་དང་རྐང་བརྒྱན་གདགས་པར་མི་བྱའོ།། འདོགས་ན་འགལ་ཚབས་ཅན་དུ་འགྱུརརོ།། དེ་བཞིན་དུ་ཚོན་ལྔའི་སྔགས་སྤྱད
་གདགས་པར་མི་བྱའོ།། འདོགས་ན་འགལ་ཚངས་ཅན་དུ་འགྱུར་ཞེས་གསུངས་པ་ཡིན་རྒྱན་འདོགས་པ་འདི་ལ་རྒྱུན་ཐམས་ཅད་དཔེ་ཙམ་ཡིན་གྱི་འདི་ཐམས་ཅད་བཅང་བར་བྱ་བ་མ་ཡིན་ཞེས་བྱ་བ་འདི་སྟོན་པར་བྱང
་འདི་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་ཏེ། དེ་བས་ན་དེ་བསྲུང་བའི་དོན་དུ་བསྲུང་སྐུད་ནི་ཚེན་ལྔའི་རང་བཞིན་ཅན་ནི་མི་བྱ་ཤེས་པར་བྱ་བ་མ་ཡིནོ།། ཕྲན་ཚེགས་དག་ལས་དེ་ལ་སོགས་པ་འདིར་རུང་བ་ཞེས་བྱ་བའི་ཕྱིར་མཐའ
་འདི་གྲངས་པའོ།། མ་མོ་ལས་ཀྱང་ཉན་ཐོས་ཀྱིས་ཀྱང་དོར་ན་ཞེས་བྱ་བ་གསུངས་པ་ཡིནོ།། རྒྱུ་བཅང་བར་བྱའོ་ཞེས་བྱ་བ་ལ། རྒྱ་རྣམ་པ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་གདག་སུ་མི་རུང་བའོ་ཞེས་བྱ་བ་སྨོས་ཏེ། གདགས་པར་མི་འོས་པ་དང་མི་རུང
་བའོ།། ཞེས་བྱ་བའི་དོན་ཏོ།། རང་བཞིན་གང་ལས་བྱས་ཞེ་ན། དེའི་ཕྱིར་ཉེ་འམ་ཟངས་མ་འམྦཱ་ར་གན་ནཱམ་མཁར་བ་འམ་རྒྱ་སྐྱེགས་ཀྱི་ཚིགས་མཱུ་འམ། ཤིང་ངམ་རྡོ་འམ་ས་འམ་བ་སོ་འམ་ར་ངག་རྣམས་ལས་བྱས་པའོ།། ཞེས་བྱ་བ་སྨོས་ཏེ།
་འདིར་གཞུང་ནི་གཞུང་ཁ་ཅིག་ལས་དགེ་སློང་གིས་གསེར་དང་དངུལ་དང་བཻ་ཌཱུརྱ་ལ་གྱི་རང་བཞིན་ལས་བྱས་པའི་རྒྱན་རྣམས་བཅད་པར་མི་བྱའོ།། སྔོར་གདུབ་ཀྱི་རྒྱན་ཡང་བཅད་པར་མི་བྱའོ།། འོན་ཀྱང་འདིར་རྒྱན་ནི་རྣམ་པ་ལྔ་སྟེ།
་གན་ལས་བྱས་པ་དང་ཟངས་མ་ལས་བྱས་པ་དང་། འཁར་བ་ལས་བྱས་པ་དང་བ་སོ་ལས་བྱས་པ་དང་། རྭ་ལོས་བྱས་པའོ་ཞེས་གསུངས་ཏེ། གཞན་དུ་ནི་དགེ་སློང་གིས་ཇི་སྲིད་གསེར་ལས་བྱས་པའི་བར་དུ་བཅང་བར་བྱའོ།། འོན་ཀྱང་རྒྱན་རྣམ
་པ་རྒྱ་པ་རྡོ་ཉེ་དང་བངས་དང་མ་གན་དང་འཁར་བ་དང་རྒྱ་སྐྱེགས་ཀྱི་ཚིག་མ་དང་། ཤིང་དང་རྡོ་དང་ས་ལས་བྱས་པ་བཅད་པར་བྱའོ།། ཞེས་གསུངས་པ་ཡིནོ།། དེ་ལ་རིན་པོ་ཆེ་ལས་གཞན་པའི་རྫས་ཀྱི་དཔེ་ཡི་ནནོ་ཞེས་བྱ་བ་ནི་བསྡུས་ནས་བྱས་པ་ཡིན།།
་རྟགས་ནི་དགེ་འདུན་གྷི་ལྔ་ནི་དབུས་སུ་འཁོར་ལོ།། ངོས་གཉི་སུ་རི་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་འབྲིའོ།། གང་ཟག་གི་ལ་ནི་རུས་པའི་ཀེང་རུས་སམ་མགོའི་ཐོས་པའོ།། སོ་མངས་ཀྱིས་སྐུ་བཤད་པར་མི་བྱའོ་ཞེས་བྱ་བ་ནི་ལོངས
་པའི་དངོས་པོ་ཡིན་པའི་སྤྱིར་རྣམ་པ་འདི་འཇུག་པ་དངོས་པའི་རྣམ་པར་ཡང་འདིར་དངོས་པོ་ཞེས་བྱ་བ་འདི་ཞུགས་པའོ།། དེ་ནི་དཔེའོ་ཞེས་བྱབནི་སོ་མངས་ཞེས་བྱ་བ་འདི་ནི་གཞན་བསྒྲུབ་པར་བྱེད་པའི་དཔེ་ཡིན་ཏེ། གཞན་གྱིས་ཀྱང་མགོན
་སྒྲ་བཤད་པུ་མགོ་བཤད་པར་མི་བྱ་ཝེ་བྱ་བཱི་དྲོན་ཏོ།། མེ་ལོང་གིས་བཞིན་བལྟ་བར་མི་བྱའོ།། ཆུ་ཡན་ཆུད་ཀྱིསོ་ཞེས་བྱ་བ་ཐ་ན་ཆུ་ཡན་ཆད་ཀྱིས་ཀྱང་སྟེ། ཆུ་ཡུན་ཆད་ནས་ཏིལ་མར་ལ་སོགས་པའི་རྗེས་གཞོན་གྱི་བར་མན་ཆད་ཀྱིས་ཀྱང་བལྟ་བར་མི་བྱ
་པའི་དོན་ཏོ།། ཆུ་བརྟག་པའི་མཆོད་ཉིད་དང་རྨ་དང་གཉེར་མ་དང་། སྐྲ་དཀར་པོ་ལྟ་བ་དང་སྔ་ཕྱིའི་མཚན་མ་བོ་རྡུང་བ་ལ་ནི་ལྟུང་བ་མདོ་ཞེས་བྱ་བ་ནི་ཆོས་དང་ལྡན་པའི་དོན་གྱི་རྒྱུ་མཚན་ཉིད་གཙོ་བོ་འདི་ཡིན་ཏེ། འདིར་མིག་གི་དྲི་མ་ལ་སོགས་པ
་ལ་ཡང་དོན་ཡོད་པར་དགོངས་པས་གནང་དུ་རུང་བ་འཕངས་པའོ།། འཕྲལ་རིམ་གསུ་མོ་བརྟེན་པར་མི་བྱའོ་ཞེས་བྱ་བ་ལ། འདིར་ན་ནུ་ནི་ཕྱོགས་དེ་ལ་འདི་ནི་དཔོ་ཙོ་མ་ཡིན་ཏེ། དེ་ལྟར་རིགས་ཅན་གྱི་ཆེ་ནི་རང་གས་བྱས་པ་འམ་གཞན
་གྱིས་བྱས་པ་རྣམ་པར་འབྱེད་པར་བྱ་བ་མ་ཡིན་ཏེ། དེ་བས་ན་དགེ་སློང་གིས་འཕྲལ་རིས་གསུམ་བསྟེན་པར་མི་བྱའོ་ཞེས་གསུངས་པ་ཡིནོ།། གི་ཝང་གིས་བསྐུ་བ་བསྟེན་པར་མི་བྱའོ།། དྲི་དག་གིས་ཀྱང་མི་བྱའོ་ཞེས་བྱ་བ་ཡང་བསྐུ་བར་མི་བྱའོ།
་ཞེས་བྱ་བར་སྦྱར་རོ།། གསོ་བའི་ཆེད་དུ་ནི་གི་ཝང་གི་བསྐུ་བ་བསྟེན་པར་བྱའོ།། གང་ཞིག་དྲིས་པས་རྗེ་སུ་གནང་བ་དེ་ལ་གསོ་བའི་ཆེད་ཉིད་མ་གཏོགས་པར་གཞ་ནི་ཁོངསུ་བསྡུས་པ་རིག་པར་བྱའོ།། བསོད་ནམས་འདོད་པས་རྐང་པ་གཉིས་ལས་ལུས་བསྐུ
་བབའི་དྲིས་སྐུད་པ་བསྟེན་པར་བྱའོ།། དེའི་མདུན་དུ་དོར་བར་མི་བྱའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་སྦྱིན་བདག་བསོད་ནམས་འདོད་པ་དེ་ལ་ཆོ་ག་གང་ཡང་འདི་སྐུད་པ་དང་འབྲེལ་པ་ཡོད་པ་མ་ཡིན་ཏེ། དེ་ཉིད་བརྗོད་པར་བྱས་སྟེ། དེ་དག་བསྐུས་པ་དགེ་འདུན་གྱི
་ནང་དུ་འདུ་བར་མི་བྱའོ་ཞེས་བྱ་བ་ལ། དེ་དག་ཞེས་བྱ་བ་ནི་དྲི་དག་གིསོ།། བསྐུས་པ་ཞེས་བྱ་བ་ནི་བྱུགས་པའོ།། ཁྱིམ་བདག་ལ་ཆོས་བསྟན་པར་མི་བྱའོ།། ཁྱིམ་དག་ཏུ་འགྲོ་བར་མི་བྱའོ།། མཇུག་ཏུ་བྱའོ།། དེ་དག་བླང་བར་བྱའོ་ཞེས་བྱ་བ་ལ། དེ་དག་ཅེས
་བྱ་བ་ནི་དྲི་དེ་དག་གོ།། ཕྲེང་བ་རྒྱུ་དག་ཀྱང་ངོ་།། ཞེས་བྱ་བ་བླང་བར་བྱའོ།། མཆོད་དེ་རྟེན་ལ་དབུལ་བར་བྱའོ་ཞེས་བྱ་བ་ནི། དྲི་དང་ཕྲེང་བ་རྒྱུ་བླངས་པ་དེ་དག་གོ། སུའི་མཆོད་རྟེན་ལ་ཡིན་ཞེ་ནོ།། དེའི་ཕྱིར་ཉན་ཐོས་ཀྱི་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས
་ཀྱི་འབའ་ཞིག་ལ་དབུལ་བར་མ་ཟད་ཀྱི་ཞེས་བྱ་བའི་དོན་ཏོ།། སྦྱིན་པར་བྱེད་པ་མངོན་པར་མ་དད་པ་ན་མགོ་ལོགས་སམ་རྐང་པ་ལོགས་སུའོ་ཞེས་བྱ་བ་ནི་མཆོད་རྟེན་ལ་དབུལ་བ་སྦྱིན་པོ་བྱེད་པ་མངོན་པར་མ་དད་ན་རང་གི་མགོ་ལོགས་ཀྱི་སྔགས
་སམ་རྐང་པ་ལོགས་ཀྱི་རྟེན་མར་བཞག་པར་བྱའོ།། ཇི་ལྟར་ཞེ་ན་དེའི་ཕྱིར་སྒོ་བྱད་བཏང་མ་ཡིན་པའོ་ཞེས་བྱ་བ་སྨོས་སོ།། འདིར་གཞི་གང་ལ་དངུལ་བ་ཡིན་ཞེ་ན། དེའི་ཕྱིར་རྩིག་པ་ཞེས་བྱ་བ་སྨོས་ཏེ། འཕྲེང་བའོ།། དེ་ལ་དམིགས་ཀྱིས་བསལ་བར
་གྱུར་པའི་ཆོ་ག་གཞན་བརྗོད་པར་བྱ་སྟེ། དེར་ཁབ་བྱམ་ཚུར་མ་བཙུགས་པ་ལ་ཕྲེང་བ་བརྒྱུས་པ་དག་སྤྱད་པར་བྱའོ་ཞེས་བྱ་བ་དེར་ཞེས་བྱ་བ་ནི་རྩིག་པའི་ངོས་བསྟན་པ་ལ་སྟེ་བྱེང་བསྐོས་པ་ལ་འཇུག་པ་ལ་ཞེས་བྱ་བའི་དོན་ཏོ།། ཚེར་མ
་བཙུགས་པ་ལ་ཞེས་བྱ་བ་ནི་ཕྱེད་བཙུགས་པ་ལའོ།། མིག་ལ་ཕན་པའི་དྲི་ཞིམ་པོ་དུས་དུས་སུ་མནམ་པར་བྱའོ་ཞེས་བྱ་བ་ནི་ཆོ་ག་དང་འབྲེལ་པར་རིག་པར་བྱའོ།། བྲམ་ཟེ་སྲད་བུ་ཐོགས་པ་བསྟེན་པར་མི་བྱའོ།། སྔགས་སྐུད་ཀྱང་ཞེས་བྱ་བ་ནི
་སྔགས་སྲུང་ཐོགས་པ་བསྟེན་པར་མི་བྱའོ་ཞེས་སྦྱར་བར་བྱའོ།། བྱས་པ་ཉིད་ལ་ནི་གསོ་བའི་ཕྱིར་རྗེསུ་གནང་བ་ལ་བརྟེན་ནས་གནས་ཀྱི་བྱེ་བྲག་བསྟན་པ་ནི་གསོ་བའི་ཕྱིར་ནི་དཔུང་པ་གཡོན་པར་རོ་ཞེས་བྱ་བ་སྨོས་སོ།། སྔགས་སྲུང་ཐོགས
་པ་ཡང་བསྟེན་པར་ལ་བྱའོ་ཞེས་བྱ་བར་སྦྱོརོ།། ག་བབ་ཏུ་ནི་མི་དོར་ཞེས་བྱ་བ་ནི་སྤྲོས་པར་གྱུར་ནས་སྔགས་སྐུད་དེའོ།། གལ་ཏེ་ལྷག་མ་དང་བཅས་པར་གྱུར་ན་ཆོསོ་གོས་ཀྱི་ཐ་མ་འམ། སྐ་རགས་ལ་གདག་སོ།། ཞེས་བྱ་བ་ལ། གལ་ཏེ་ལྷག་མ
་དང་བཅས་པར་གྱུར་ན། ཞེས་བྱ་བ་ནི་གནོད་ངོ་།། གལ་ཏེ་མ་གྱུར་ན་ཀ་བ་འམ། རྩིག་པའི་གསེབ་དུ་གཞུག་ཅེས་བྱ་བ་ལ། གལ་ཏེ་མ་གྱུར་ན་ཞེས་བྱ་བ་ནི་ལྷག་མ་དང་བཅས་པར་རོ།། རྩིག་པའི་གསེབ་དུ་ཞེས་བྱ་བ་ནི་དེའི་ནང་དུའོ།། གར་དང
་གླུ་དང་རོལ་མོ་ཀུན་ཏུ་སྤྱད་པར་མི་བྱའོ།། བསླབ་པར་མི་བྱའོ།། བཟླས་པར་མི་བྱའོ།། བལྟ་བའི་ཕྱིར་འགྲོ་བར་མི་བྱའོ།། དགེ་སློང་མ་ཀུན་ཏུ་གར་བྱེད་དུ་མི་གཞུགོ་ཞེས་བྱ་བ་ནི་གར་ནས་བརྩམས་ཏེ་དགེ་སློང་མས་མི་བྱའོ།། དགེ
་སློང་མ་གར་བྱེད་དུ་མི་གཞུགོ།། ཞེས་བྱ་བ་ཡན་ཆད་ཀྱི་སྒྲ་འཇུག་པའོ།། སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པ་དང་རྒྱུན་ཆགས་གསུམ་པ་གདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ།། ཞེས་བྱ་བ་ནི་སྟོན་པའི་ཡོན་ཏན་བསྒྲགས་པ་དང་། རྒྱུན
་ཆགས་གསུམ་པ་གདོན་པ་ལས་གཞན་པའི་དབྱངས་ཀྱི་ང་རོ་བསྒྱུར་བ་ལ། གླུ་རྒྱང་གི་ཁོངསུ་གཏོགས་པར་རིག་པར་བྱའོ།། དེ་དག་དབེན་པའོ་ཕྱོགསུ་བསླབ་པར་བྱའོ་ཞེས་བྱ་བ་ལ་དེ་དག་ཞེས་བྱ་བ་ནི་དབྱངས་ཀྱི་ང་རོ་དེ་དག་དབེན་པའོ།། མཐོ་འཚམ
་པ་དང་ཀུན་ཏུ་རྩེ་བ་དང་། ཀུན་ཏུ་ཅ་ཅོ་འདོན་པ་དང་། རྒོད་པ་དང་། དྲེགས་པ་དང་། ལུས་བསྒྱུར་བ་དག་མི་བྱའོ།། རྒོད་པའི་བསམ་པས་ལུས་དང་དག་གི་རྣམ་པར་འགྱུར་བ་མི་བྱའོ་ཞེས་བྱ་བ་ནི་འདིར་གཞུང་ནཱི་ཀོ་ལྕགས་ཀྱི་གཞི་ལས་བཅོམ་ལྡན
་འདས་ཀྱིས་གསུངས་པ། དགེ་སློང་གིས་མཆིལ་ལྷམ་བཟུང་བར་མི་བྱའོ།། ལག་འགྲོས་མཁན་རབ་ཏུ་བྱུང་བ་ཞིག་རྐང་ཁྲུས་སར་དེའི་ཆུ་སྣོད་བཞག་སྟེ་རྐང་པ་གཉིས་བཀྲུས་ནས་ཁོ་ཆུས་བཀང་སྟེ། རྨ་བྱའི་འགྲོས་ཀྱིས་འདུག་པ་དང་དྲུག་སྡེ
་དག་གིས་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ལ་རོལ་མོ་མེད་པར་དགེ་སློང་གར་བྱེད་དེ། དེ་དག་གི་ཁས་གླུ་བླངས་པས་རོལ་མོའི་གླུ་བརྩམས་པའི་སྐབས་དེ་དགེ་སློང་དག་གིས་གསོལ་བ་ན། ཚེ་དང་ལྡན་པ་དག་ཅིའི་ཕྱིར་རྒོད་པར
་གྱུར་ཅེས་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ་འདི་ལ་བརྒད་དུ་ཅི་ཞིག་ཡོད། ཁྱེད་རྣམས་ཀྱིས་མཐོང་ངམ་དགེ་སློང་རོལ་མོ་མེད་ཀྱང་གར་བྱེད་པ་ཞེས་བྱ་བའི་སྐབས་འདི་ནས། ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་དྲི
་བ་མཛད་དེ་དགེ་སློང་བསམ་པ་གང་གིས་འདི་ལྟར་བྱས་བཙུན་པ་གནས་མལ་བསྐྱབ་པའི་དོན་ཅུང་ཟད་དང་། རྒོད་པའི་བསམ་པ་ཅུང་ཟད་ཀྱིས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བསྐྱབ་པའི་ཆེད་གང་ཡིན་པ་དེ་ལ་ནི
་ལྟུང་བ་མེདདོ།། རྒོད་པའི་བསམ་པས་བྱས་པ་ལ་ནི་ཉེས་བྱས་སོ།། དྲུག་སྡེ་དག་ལ་སྨྲས་པ། བསམ་པ་གང་གིས་ཁྱེད་ཀྱིས་དེ་ལྟར་བྱས། བཙུན་པ་བསྡད་བའི་བསམ་པ་ཅུང་ཟད་དག་དང་། རྒོད་པའི་བསམ་པ་ཅུང་ཟད་ཀྱིས་བགྱིསོ།། བཅོམ
་ལྡན་འདས་ཀྱིས་བཀའ་སྩལ་པ། བསྡད་པའི་བསམ་པ་དག་གང་ཡིན་པ་དེ་ལ་ནི་ལྟུང་བ་མེ་དོ།། གྲང་ཞིག་རྒོད་པའི་བསམ་པས་བྱས་པ་དེ་ལ་ཉེས་བྱསོ།། ཞེས་གསུངས་པ་ཡིན་ནོ།། གང་ཞིག་འདིར་རྩོམ་པ་གཅིག་པར་གྱུར་པ་ཉིད་ལ་ཡང་རིགས
་མི་མཐུན་པས་བར་དུ་ཆོད་པ་དག་ལ་ལྟུང་བ་དང་ལྟུང་བ་མེད་པ་གཅིག་ཏུ་བསྟན་པའི་ཕྱིར་འདྲེས་པ་ནི་ཆར་སྡོམྦོ་ཞེས་བྱ་བ་སྨོས་ཏེ། ཆ་ཤས་ཀྱིས་འདྲེས་པ་ཉིད་ལ་རིགས་མི་མཐུན་པའི་ཆ་རྣམས་ཀྱིས་འདི་རིགས་མི་མཐུན་པ་བཱར་དུ་ཆོད་པ
་ཉིད་ཀྱི་དབང་གིས་ཐ་དད་པ་ཐམས་ཅད་རིགས་མཐུན་པའི་ཆ་རྣམས་ཆ་གཅིག་པ་ཉིད་ཀྱིས་མངོན་པར་འདོད་པ་ཉིད།། ཚེ་གཅིག་པ་དེ་ཉིད་ལ་འཇུག་པ་ཉིད་དོ།། འདིར་རིགས་གཞན་ཉིད་ཀྱི་ཐ་དད་པའི་དངོས་པོའོ།། འདིར་རྩོམ་པ་གཅིག་པར་གྱུར
་པ་ཉིད་ཀྱི་ཕྱིར། བར་དུ་བཅོད་པ་ཉིད་མེད་པ་ལ་ཡང་གཅིག་ཉིད་དུ་རྣམ་པར་བཞག་པའོ།། བར་ཆད་འགའ་ཞིག་ནི་དམན་པ་སྟེ། གང་ཞིག་མེད་པས་དེ་བས་ན་ངེས་པར་གནས་པ་དང་ལྟ་བ་དང་སྤྱུགས་པ་ལ
་སོགས་པ་རྣམས་ཀྱིསོ།། སྣོད་བརྒྱུད་པས་ཟས་ཀྱི་བྱ་བ་མི་བྱའོ་ཞེས་བྱ་བ་ནི། ཇི་ལྟར་ཆང་འཐུང་བ་དག་ཕན་ཚུན་སྐོམ་སྣོད་བརྒྱུད་པས་ཆང་འཐུང་བར་བྱེད་པ་དེ་ལྟར་མི་བྱའོ།། མེ་ཏོག་རྣ་བརྒྱན་བརྒྱུ་བར་མི་བྱའོ་ཞེས་བྱ་བ་ནི། བཟོ
་རྗེསུ་བསྒྲུབ་པར་མི་བྱའོ་ཞེས་བྱ་བའི་སྤྲོས་པ་ཡིན་པར་རིག་པར་བྱའོ།། གདགས་པར་མི་བྱའོ་ཞེས་བྱ་བ་ནི་མེ་ཏོག་རྣ་རྒྱན་ཞེས་བྱ་བར་སྦྱ་རོ།། འདི་ནི་མཚན་པོ་ཙམ་ཡིན་ཏེ། འདིར་འཕྲེང་བ་བརྒྱུ་ཞིང་འདོགས་པ་ཐམས་ཅད་ལོ་དགག་པར
་བྱས་པ་རྟོགོས་པར་བྱའོ།། ངོ་སོ་ལས་བྱུང་བར་སྦྱིན་པར་མི་བྱའོ།། མི་རིངས་པར་རྒྱུགས་པར་མི་བྱའོ།། མྱུར་བ་དང་མཆོངས་པར་མི་བྱའོ་བརླ་དང་ལག་པ་ཉ་ལྟར་བསྐོར་བར་མི་བྱའོ།། ཆུར་སེག་མོ་དག་གདབ་པར་མི་བྱའོ།། ཆུར་རྫ་རྔུ་ཁ་གཅིག
་པ་དང་རྔ་པོ་ཆེ་ལྟར་བརྡུང་བར་མི་བྱའོ།། རྫབ་ལ་ཕྱིལ་མོ་ཉུག་པར་མི་བྱའོ།། གླང་པོ་ཆེའི་སྐད་དང་། རྟའི་སྐད་དང་། ཁྱུ་མཆོག་གི་སྐད་དང་། ཁུ་བྱུག་གི་སྐད་མི་བྱུང་ངོ་།། ཁས་དུང་དང་སིལ་ཁྲོལ་དང་རྔ་བོ་ཆེའི་སྐད་མི་བྱའོ་ཞེས་བྱ་བར་སྦྱ་རོ།། ལོངས
་བའི་གཞིར་གཏོགས་པའི་ལྟུང་བྱེདདོ།། །། ཅི་ཞིག་བྱས་ན་ཁྲུས་བྱས་པའི་ལྟུང་བྱེད་དུ་འགྱུར་ཞེས་བྱ་བ་འདི་ལ་མདུན་རོལ་གྱི་གནས་ལ་ཞེས་འཆད་པར་འགྱུར་ཏེ། གང་གིས་མདུན་རོལ་ནས་ཞེས་བྱ་བའི་དྲི་བ་འདི་ལ་ཁྲུས་ཀྱི
་ཞག་བཅོ་ལྔ་པོ་ལས་བྱ་བ་འཆད་པར་འགྱུར་རོ།། གང་ལས་ཞེ་ན། དུས་གཞན་དུ་གང་ཞིག་བཅོ་ལྔ་པ་ཁྲུས་ཀྱི་ཞག་གཅིག་བྱ་བ་འདི་ལ་བརྗོད་པར་བྱ་སྟེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ལ་སོ་ཞེས་བྱ་བ
་ནི་ལྷག་མ་ཅི་ཙམ་པས་ཞེས་བྱ་བའི་དྲི་བ་འདི་ལ་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། གང་གི་ཟླ་བ་ཕྱེད་དང་གཉིས་ལྷག་པའི་ལྷག་མ་ཞེས་བྱ་བའི་དྲི་བ་འདི་ལ་སོ་ག་རྣམས་ཀྱི་ཞེས་བྱ་བ་སྨོས།། ཅི་སོ་གའི་ཟླ་བ་ཕྱེད་དང་གཉིས་ལས་ལྷག
་པ་ལྷག་མའི་དུས་གཞན་ལ་ཡང་ཡིན་ཞེ་ན། དེའི་ཕྱིར་དབྱར་རྣམས་ཀྱི་དང་པོ་ལསོ་ཞེས་བྱ་བ་སྨོས་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོའི་ཟླ་བ་ལས་དུས་གཞན་ལ་ཞེས་བྱ་བའི་དོན་ཏོ།། ཟླ་བ
་ཕྱེད་དང་གསུམ་པ་དེ་དག་ལ་ཚ་བའི་གཉེན་པོའི་ཕྱིར་འདི་རྗེས་སུ་གནང་།། དེ་བས་ན་འདིར་ཁས་བླངས་པར་རྣམ་པར་བཞག་པར་ཤེས་པར་བྱ་བ་མ་ཡིནོ།། ཅི་གནས་སྐབས་ཐམས་ཅད་དུ་དགེ་སློང་ལ་དེ་ལྟ་བུའི་དུས་ཀྱི་ཐ་མར་ཁྲུས་བྱེད
་པོ་ལ་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། དེའི་ཕྱིར་གོས་མེད་པའི་ཟས་གཉིས་པ་རྙེད་པའི་རྣམ་པ་གང་ཡིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། གོས་མེད་པའི་ཟས་གཉིས་པ་རྙེད་པ་ལ་རྣམ་པ་གང་ཡིན་པའི་དགེ་སློང་ལ་ལྷག་པར་གནས་ཏེ་ཟ་བ་ལུ་ཁ་ནི་མ
་ཐོ་བ་དེ་ལྟ་བུ་ཞེས་བྱ་བའི་དོན་ཏོ།། ནད་པ་མ་ཡིན་པ་དང་ལས་མ་བྱས་པ་དང་ལམ་དུ་མ་ཞུགས་པ་ཞེས་བྱ་བ་དེ་ལ་འདི་བསྟན་པའོ།། ཅི་གནས་སྐབས་ཐམས་ཅད་ལ་ཡང་བབ་པ་ལ་ཡང་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར་རླུང་གིས་མ་བསྐྱོད་པ
་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་ཆད་ཇི་ཙམ་གྱིས་ན་བསྐྱོད་པ་ཡིན་པར་རིག་པར་བྱ་ཞེ་ན་དེའི་ཕྱིར་གོས་ཀྱི་གྲཝ་འགུལ་བ་ནི་དེའི་མཐའ་ཡིན་ཞེས་བྱ་བ་སྨོས་ཏེ་འདིར་བཏིང་བ་ནི་རྒྱུ་མཚན་ཉིད།། དེ་ཙམ་གྱིས་བསྐུལ་བ་ལ་སྐྱེ་འདིངས་པན
་མ་ཡིན་ནོ།། གང་ཇི་སྲིད་ཅེས་བྱ་བ་འདི་ལ་བཟུང་བ་ནི་དེའི་མཐའོ།། ཞེས་བྱ་བ་ནི་བསྐྱེད་པའི་མཐའོ།། བཞི་པོ་རྣམས་ལས་གཞན་པའི་གནས་སྐབས་ཐམས་ཅད་ལ་ཅི་ཡོད་པར་གྱུར་པ་ཡིན་ནམ་ཞེ་ན། ཆར་གྱིས་མཱ་ཕོག་པ་ལའོ་ཞེས་བྱ་བ་སྨོས་ཏེ།
་འདིར་གང་ཡང་རུང་བའི་ཆུས་ཕོག་པ་གང་ཡིན་པ་དེ་ནི་འདིར་ཆར་གྱིས་ཕོག་པ་ཡིན་ནོ།། དེ་ལྟར་ཡང་ཆུ་ཀླུང་རྒལ་བ་ལ་སོགས་པ་ལ་དུས་དེ་ཉིད་དུ་ལྷག་པར་གནས་ཏེ་ཁྲུས་བྱའོ།། ཞེས་སྨོས་པ་ཡིན་ནོ།། ཆར་གྱིས་ཕོག་པ་འདིའི་མཐའ་གང
་ཡིན་ཞེ་ན། དེའི་ཕྱིར་དེའི་ཐོགས་པ་གཉིས་ཀྱིས་ཕོག་པའོ་ཞེས་བྱ་བ་སྨོས་སོ།། ཅི་གོས་ལ་ཡང་ཡིན་ནམ་ཞེ་ན། དེའི་ཕྱིར་ལུས་ལའོ་ཞེས་བྱ་བ་སྨོས་ཏེ། ཐ་ན་ཆུའི་ཐིགས་པ་གཉིས་སམ་གསུམ་གྱིས་ལུས་ལ་ཕོག་པར་གྱུར་ན་ཞེས་གསུངས་པ
་ཡིན་ནོ།། འདིར་བསྒྲུབ་པའི་ཚུལ་གྱིས་ནི་འདི་སྐད་བསྟན་པ་ཡིན་ཏེ་དེ་བས་ན་འདི་མ་བཟུང་།། འདིར་རླུང་དང་ཆར་གྱིས་ཕོག་པའི་གཞན་གྱིས་འདུ་ཤེས་འབྱུང་བ་ཡིན་ཏེ། འདིར་རླུང་ནི་རྒྱུ་མཚན་ཅན་གྱི་སྒྲིབ་པ་ནི། རྒྱུ་མཚན་ཉིད་མ་ཡིན་ཏེ་ཆར་གྱི
་འདི་ལ་སོ་སོར་བྱས་པ་ཉིད་ཀྱི་ཕྱིར་རོ།། ཆར་མི་འབབ་ན་སྐམས་པ་བཞིན་དུ་གཉེན་པོ་གོས་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདོད་པར་གྱུར་པའི་ཕྱིར་འདི་སྨོས་སོ།། ཕྱིར་འདོད་པ་འདི་བྱེ་བྲག་མེད་པར་འབྱུང་བ་ཡིན་ཏེ། གོ་སྐབས་མེད་པར་བྱས་པ་འདི་ཞེས་བྱ་བ
་མ་བཟུང་བའོ།། གཞན་གྱི་དུས་སུ་ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཞག་བཅོ་ལྔའི་མདུན་རོལ་དུ་ཁྲུས་བྱེད་ནའོ་ཞེས་བྱ་བ་ནི་གང་ཞིག་དུས་འདི་སྨོས་པ་དེ་ལས་གཞན་པའི་དུས་ལ་གང་ཞིག་བཅོ་ལྔ་པ་ཁྲུས་མ་ཡིན་ཞག་སྨོས་པ་དེའི་དུས
་མདུན་རོལ་དུ་ཁྲུས་བྱེད་པ་ལ་ལྟུང་བྱེད་ཞེས་བྱ་བའི་དོན་ཏོ།། ཁྲུས་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དབང་བསྐུར་བས་སམ་འཇུག་པས་སོ་ཞེས་བྱ་བ་སྨོས་ཏེ། ཆུས་ལུས་ཀྱི་ཚད་ཙམ་དུ་བྱས་ན་ཁྲུས་ཡིན་ཞེ་ན། དེའི་ཕྱིར་ལྟེ་བར་སོན་ནའོ་ཞེས་བྱ་བ
་སྨོས་ཏེ། དེ་ཡང་དབང་བསྐུར་བས་སྤྱི་བོ་ནས་བརྩམས་ཏེ་རྐང་མཐིལ་གྱི་བར་དུ་ཕྱོགས་གཞན་ནས་རྩོམ་པ་ཡོད་པ་ལ། གལ་ཏེ་ལྟེ་བའི་ལྟག་ཡོན་ཆད་འཁྲུ་ཞིང་འོག་ཏུ་མ་སོན་པ་དང་ཆུས་འདྲུ་ཞིང་ལྟབྷཱུ་མ་སོན་པ་སྔ་མཆོག་པ་ཉིད།། གལྟེ་དེ་གཉིས་ཀ་ཡང་དུསཽ
་གཅིག་ཏུ་འཁྲུ་རྩོམ་པ་ན་གལ་ཏེ་མཉམ་དུ་འཇུག་པར་གྱུར་ན་ཁ་ན་མ་ཐོ་བ་ཡོངསུ་རྫོགས་པ་གཅིག་ཕྱེད་དུ་འགྱུར་རོ།། གལ་ཏེ་མ་ཡིན་ན་མ་ཆོག་པ་ཉིད།། དེ་བས་ན་གོང་མ་འམ་འོག་གི་ཆ་དག་ལ་ཐམས་ཅད་དུ་གྱུར་པ་ཉིད་ཅེས་བྱ་བ་འདི་ལ
་ལྟེ་བར་ཞེས་སྨོས་པ་ནི་གཙོ་བོ་ཡིན་ཏེ། དེ་ལྟ་བས་ན་མི་སྲིད་པ་ཉིད་ལ་ཡང་ལྟེ་བའི་ཕྱོགས་སྟོབས་ཏེ་རྫོགས་པ་ལ་རྫོགས་པ་ཉིད་དོ།། འདིར་ལྟེ་བར་མ་ཕྱིན་པའི་མདུན་རོལ་དུ་ཅི་ཞིག་རྟོགས་པར་བྱ་ཞེ་ན། དེའི་ཕྱིར་མདུན་རོལ་དུ་ནི་ཉེས་བྱསོ་ཞེས་བྱ
་བ་སྨོས་ཏེ། ཆུ་ལ་རེག་པའི་མདུན་རོལ་དུ་སྦྱོར་བར་བྱེད་པ་ནི། དེ་སྦྱོར་བའི་ཉེས་བྱས་སུ་རྣམ་པར་གནས་པ་ཡིན།། ཐམས་ཅད་ལ་དུས་དག་ཡོད་ཀྱང་བྱིན་གྱིས་མ་བརླབས་ན་ཞེས་བྱ་བ་ནི་དུས་དག་ལ་ཐམས་ཅད་དུ་བྱས་པ་གང་ཡིན་པ་བསླབ་པའི
་གཞི་གཞན་དང་འབྲེལ་པ་དེ་ལ་དུས་དག་ཡོད་དུ་ཟིན་ཀྱང་བྱིན་གྱིས་མ་བརླབས་ཤིང་མངོན་སུམ་དུ་མ་བྱས་ན་ཉེས་བྱསོ།། འདིར་གཞུང་ནི་ཞུ་བ་ལས། ཉེས་བྱས་ལས་ལྡང་བ་ནི་འདི་ཡིན་ཏེ། གང་ཞིག་རྒྱུར་གྱུར་པ
་དུས་ཀྱི་གནས་སྐབས་སམ་གཞན་དེ་ནི་དུས་སོ།། ཞག་བཅོ་ལྔན་ཁྲུས་ཀྱི་ཉིན་མོ་ལོ་ཁྲུས་བྱ་བ་གང་ཡིན་པ་དེ་ནི་གྲགས་པ་ཡིན་པས་ན་འདིར་དུས་མེད་པའོ།། འདི་ནི་དུས་བྱིན་གྱིས་བརླབ་པར་བྱ་བ་ལ་ཡུལ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ།།
་དོན་གཞན་ལ་གཞོལ་བར་ཆུ་ཉམ་སུ་མྱོང་བ་ནི་ཁྲུས་མ་ཡིནོ།། དེའི་ཕྱིར་མ་བསམ་པར་བརྒལ་བ་དང་རྒྱལ་བ་ལ་གདབ་པ་དག་ནི་ལྟུང་བ་མེདོ་ཞེས་བྱ་བ་ནི་ཁྲུས་ལ་རྩེ་གཅིག་པ་ཉིད་ཀྱི་ཆུ་ཉམ་སུ་མྱོང་བ་གང་ཡིན་པ་དེ་ནི་ཁྲུས་གཞན་ལ་ནི
་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་དག་ཆུ་ཀླུང་རྒལ་བར་བྱེདདོ་ཞེས་གསུངས་པ་དང་། འདིར་གཞུང་གཞན་ལས་ཀྱང་བརྒལ་བ་ལ་ཆུ་དབང་བསྐུར་བ་དང་། ཟམ་པ་ལས་ལྟུང་བ་ཆུ་ཀླུང་ལས་རྒལ་བར་བྱེད་པ་དང་ཆུས་གང་བ་ལ
་མཆོད་པར་བྱེད་པ་ལ་ཡང་ལྟུང་བ་མེད་དོ།། དེ་བཞིན་དུ་མདུན་རོལ་དུ་འགྲོ་ཞིང་རྒྱ་མཚོ་ལ་གཟིངས་ནས་འགྲོ་བ་རྣམས་ལ་བཤད་པ་དང་གཅི་བ་བྱེད་པ་ཡང་ལྟུང་བ་མེདོ་ཞེས་གསུངས་པ་ཡིན་ནོ།། དེ་དང་དེའི་ངོ་བོ་གཞན་གྱི་རྐྱེན
་རྣམས་ལ་ཆུ་ཉམ་སུ་མྱོང་བ་ལ་ཉེས་པ་མེད་པ་ཉིད་དུ་བསྟན་པའོ།། ཇི་སྲིད་དུ་ཁྲུས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་རིག་པར་བྱའོ།། ཨ་སྨ་པ་རན་ཏའི་ཡུལ་དག་ལ་འདི་ནི་མེད་པར་ཤེས་པར་བྱའོ་ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི།
་ཁྲུས་ངེས་པའོ།། འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་དག་ལས་ཨསྨ་བ་རན་ཏའི་ཡུལ་དག་ཏུ་ནི་སྐྱེ་བོའི་ཚོགས་རྣམས་ལ་རྟག་ཏུ་ཁྲུས་བྱ་བ་རྗེས་གནདོ་ཞེས་གསུངས་པ་ཡི་ནོ།། འདིར་ཡུལ་དེ་ཉིད་དུ་སུ་རིག་པར་བྱའོ།། དེའི་ཕྱིར་དེ་ཉིད་ཉེ་བར
་བཞག་སྟེ། དུས་མ་ཡིན་པར་ཡང་ཁྲུས་ལ་འཇུག་པར་བྱའོ།། ཆོ་ག་བཙན་པོ་ཡོད་ན་བག་ཡངས་བྱ་བ་ལ་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི་བག་ཡང་སུ་གྱུར་པའི་རྟོག་པ་ནི་བག་ཡང་སུ་གྱུར་པའོ།། ཆོ་ག་བཙན་པོ་གཞན་ཡོད་ན་བག་ཡང་སུ
་བྱ་བ་ལ་བརྟེན་པར་མི་བྱའོ།། འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་བུ་མོ་ལས་ཇི་སྐད་དུ་ཡུལ་མཐའ་འཁོབ་དག་ཏུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱའོ་ཞེས་གསུངས་པ་དེ་ལ།
་བཙུན་པ་གལ་ཏེ་བཅུའི་ཚོགས་མཆིས་བཞིན་དུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བགྱི་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཉེ་བར་འཁོར་བསྙེན་པར་རྫོགས་ཞེས་བྱ་སྟེ་བསྙེན་པར་རྫོགས་པར་བྱེད་པ་དག་ལ
་འགལ་ཚབས་ཅན་དུ་འགྱུར་རོ།། ཞེས་གསུངས་པས་རྣམ་པར་གནས་པ་ཡིན།། ཚིག་འདི་ནི་ཆོ་ག་བཙན་པོ་ཡོད་ན་ཞེས་བྱ་བའི་ཚིགས་གིས་ཏེ། རྣམ་པར་བཞག་པར་བྱས་པར་གྱུར་པ་ནི་མ་ཡིན་ནོ།། དེ་ལྟ་བས་ན་དེ་ལྟ་བུའི་རིགས་ཅན་ལ
་དབང་དུ་བྱེད་པ་ཉིད་ནི་འདིར་རོ།། ཁྲུས་བྱེད་པའི་ལྟུང་བྱེད་དོ།། ཅི་ཞིག་བྱས་ན་དུད་འགྲོ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གསོད་པའི་སེམས་ཀྱི་བསྙེན་པར་རྫོགས་པར་བགྱི་ན་དུད་འགྲོ་ལ་བསྣུན་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་གང་གི་ཚེ་།
་བྱས་པ་ལ་གང་བསྐྱེད་པ་ཡིན་ཞེ་ན། དེའི་ཕྱིར་གཞི་དེས་དེའི་ཚེ་འམ་གཞན་གྱི་ཚེ་ཤི་ནའོ་ཞེས་བྱ་བ་སྨོས་ཏེ། གཞི་དེས་ཞེས་བྱ་བ་ནི་གསོད་པའི་སེམས་ཀྱིས་བསྣུན་པའི་གཞི་དེས་སོ།། དེའི་ཚེ་འམ་ཞེས་བྱ་བ་ནི
་བསྣུན་པའི་དུས་དེ་ཉིད་ཀྱི་ཚེའོ།། གཞན་གྱི་ཚེ་ཞེས་བྱ་བ་ནི་བཽསྣུན་བྷི་དུས་ཀྱི་འོག་དུས་གནྡ་གྱི་ཚེ་ཤི་ནའོ་ཞེས་བྱ་བའི་དོན་ཏོ།། གཞན་གྱི་ཚེ་ཞེས་བྱ་བོ་འདི་ནི་གཞི་དེས་བྱ་བ་བྱེ་བྲག་ཏུ་བསྟན་པའོ།། དེའི་ཚེ་འམ་ཞེས་བྱའི་འོད་ལ་ཡང
་རྣམ་པར་དཔྱད་པར་བྱ་བ་མེད་པས་གང་ཞིག་འདིར་ཁུ་བ་ལས་སྦྱོར་བ་གཅིག་གིས་བྱས་ན་ཡང་གསོད་པར་བྱ་བ་ཇི་སྙེད་པ་རེ་རེ་ལས་ལྟུང་བྱེད་རེ་རེར་འགྱུར་རོ།། སེམས་ཅན་རེ་རེ་དེ་དང་འབྲེལ་པ་ཞེས་བྱ་བ་འདིས་དེ་བསྡུས་པར
་རིག་པར་བྱའོ།། ལུས་དང་འབྲེལ་པ་ནི་ཐ་མི་དད་དོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་འདིར་གསོད་པའི་ཕམ་པར་འགྱུར་བ་ལ་རིག་པར་བྱའོ།། སེམས་ཅན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་ནི་ཉེས་བྱས་བྱེད་པ་ཉིད
་ཞེས་བྱ་བ་ནི་འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་ཤིང་ལས་བྱས་པ་འམ་ས་ལས་བྱས་པའི་གཟུགས་ལ་བསྣུན་ན་ཉེས་བྱསོ་ཞེས་གསུངས་པོ་ཡིན་ཏེ། འདྲི་ནི་རིག་པར་མ་གྱུར་པར་ཤེས་པར་མི་བྱའོ།། སེམས་ཅན་གྱི་འདུ
་ཤེས་དང་འབྲེལ་པའི་འདུ་ཤེས་ལ་འདིར་དངོས་པོ་ལས་ཡོད་པར་གྱུར་པ་ཉིད་ཀྱིས་དུད་འགྲོའི་རྣམ་པ་ཉིད་ལ་ནི་འདིར་གཏོགས་པའི་ཁ་ན་མ་ཐོ་བར་རིག་པར་བྱའོ།། གཞན་གྱི་རྣམ་པ་ཉིད་ལ་ནི་མི་གསོད་པ་དང་འབྲེལ
་བའོ།། དུད་འགྲོ་གསོད་པའི་ལྟུང་བྱེད་དོ།། ཅི་ཞིག་རྗེསུ་བསྒྲུབ་ན་འགྱོད་པ་བསྐྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཞིང་ཕམ་པར་འགྱུར་བ་བྱུང་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་ཡིན་པའི་དོན
་ཀྱིས་འགྱོད་པ་བསྐྱེད་ནའོ་ཞེས་བྱ་བ་སྨོས་ཏེ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་ཡིན་པ་ཉིད་དུ་ཇི་སྲིད་བསྙེན་པར་རྫོགས་པའི་དངོས་པོ་ཉམས་པ་ཉིད་དུ་གསལ་བར་བྱེད་ཅིང་དགེ་སློང་མ་ཡིན་པ་ཉིད་དུ་གསལ་བར་བྱེད་པ་དེ
་རྣམ་པར་རིག་པའི་རྫས་དེ་ཐམས་ཅད་ཀྱིས་ཚེ་དང་ལྡན་པ་ཁྱོད་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད་དེ་མ་བྲམ་ཟེ་ཉིད་ཀྱང་ག་ལ་ཡོད། ཚེ་དང་ལྡན་པ་ནི་བྲམ་ཟེ་རབ་ཏུ་བྱུང་བ་ཡིནོ་ཞེས་བྱ་བ་ལ་སོགས་པས་ཀྱང་ཞེས་བྱ་བའི་དོན་ཏོ།། འདིར
་དགོས་པ་ནི་དམིགས་ཀྱིས་བསལ་བ་ལ་རྣམ་པར་བཞག་པར་རིག་པར་བྱའོ།། མིའི་སྐྱོན་ནས་སྨྲ་བའི་བསམ་པས་གོ་བར་མི་བྱེད་ཅིང་དེ་ཁ་ན་མ་ཐོ་བ་ཉམས་པའི་བསམ་པ་ཉིད་ནི་གཉིས་ཀའི་བསམ་པ་ཉིད་ལ་གཉིས་ཀཱ་ཞེས་བྱ་བའོ།། །
་སུ་ལ་འགྱོད་པ་བསྐྱེད་ཅེ་ན། དེའི་ཕྱིར་དགེ་སློང་ལའོ་ཞེས་བྱ་བ་སྨོསོ།། ཅི་བསམ་པ་གང་ཡང་རུང་བས་སམ་ཞེ་ན། དེའི་ཕྱིར་བདེ་བ་ལ་མི་རེག་པ་བསྐྱེད་པའི་སེམས་ཀྱིསོ་ཞེས་བྱ་བ་སྨོས་ཏེ། འདིར་བདེ་བ་ལ་མི་རེག་པ་ཞེས་བྱ་བ་ནི་དགེ་སློང
་ལ་ཡིད་ལ་གཅགས་པ་བསྐྱེད་པོ་གང་ཡིན་པ་དེ་ཡིན་པར་རིག་པར་བྱའོ།། བཞད་གད་ཀྱིས་ཀྱང་འགྱོད་པའི་བསམ་པས་ཞེས་སྨོས་ཏེ། འདིར་ན་སྨད་པར་ཡོད་པར་འགྱུར་རམ་ཞེས་བྱ་བའི་དགོས་པ་ཇི་སྲིད་པས་གནས་སྐབས་པ་དེ
་བཟློག་པའི་ཕྱིར་བརྗོད་པར་བྱ་སྟེ། གཞད་གད་ཀྱིས་ཀྱང་ཞེས་བྱ་བ་སྨོས་ཏེ། ཅི་འགྱོད་པ་བསྐྱེས་པ་ཁོ་ན་འམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་འགྱོད་པ་མ་སྐྱེས་ན་ཡང་ངོ་།། གཞན་གྱིས་ནི་ཉེས་བྱས་ཞེས་བྱ་བ་སྨོས་ཏེ། དཔེ
་སློང་མ་ཡིན་པ་ཉིད་ཀྱི་ཕྱིར་གཞན་གྱིས་འགྱོད་པོ་བསྐྱེད་པ་ལ་ཉེས་བྱསོ།། འགྱོད་པ་བསྐྱེད་པའི་ལྟུང་ངོ་དོ།། །། ཅི་ཞིག་བྱས་ན་གཱ་ག་ཚིལ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་ལ་སོར་མོ་འམ་ཁུ་ཚུར་རམ
་བྲེ་མོ་འམ་ཕྲག་པ་འམ་མགོ་འམ་རྒུད་པ་འམ་བརློ་འམ་པུས་མོ་འམ་བྱིན་པ་འམ་རྐང་པ་འམ། མཐེ་བོ་ལ་སོགས་པ་དག་གིས་གྲུ་ག་ཚིལ་བྱེད་པོས་རེག་ནའི་ཞེས་བྱ་བ་སྨོས་ཏེ། རེག་པའི་བྱེ་བྲག་ཉམསུ་མྱོང་བ་དང་། ཉམ་སུ་མྱོང་དུ
་བཅུག་པ་དག་ལ་ནི་ཁ་ན་མ་ཐོ་བ་འདིར་འགྱུར་རོ།། དེ་ལྟར་ན་ཡང་རང་གི་འམ་གཞན་གྱི་ལུས་ཀྱི་དབང་པོ་ཉམས་པ་ཉིད་ལ་རེག་ན་ནི་ཉེས་བྱས་ཀྱི་ཚི་གོ།། དེ་ལྟ་བས་ན་སོགས་པ་ཞེས་བྱ་བའི་སྒྲས་ནི་རང་གི་ལུས་ཀྱི་ཡན་ལག་གཞན་དག
་ཀྱང་འཕངས་པ་ཡིན་གྷི། གོས་ལ་སོགས་པ་ནི་མ་ཡིནོ།། ལུས་མཱ་ཡིན་པས་ལུས་མ་ཡིན་པ་ལ་རེག་པ་དང་སྐྲ་དང་སེན་མོ་དང་སོ་རྣམས་ལ་ནི་ལུས་ཀྱི་དབང་པོ་ཉམས་པ་ཉིད་ཀྱི་ཚུལ་གྱི་རྗེ་སུ་འབྲངས་པས་ཉེས་བྱས་རྟོགས་པར་བྱའོ།།
་ག་ག་ཚིལ་བྱེད་པ་འདི་ནི་མཚོན་པ་ཙམ་ཡིན་ཏེ། འབྲེལ་པ་བྱེད་པའི་རྣམ་པ་ལའོ།། བཟོད་པ་དང་ཀུན་ནས་བཟོད་པ་དང་རེག་པ་ལ་ཡང་ཀུན་ཏུ་ཆགས་པ་མེད་པའི་སེམས་ཀྱིས་གལ་ཏེ་དེ་དང་འབྲེལ་པར་བྱེད་པའི་དེ་ལ་ཡང་འདིས
་ཕངས་པའོ།། བག་འཁུམས་པར་མི་བྱེད་བྲི་རྣམ་པས་ཀུན་ཏུ་ཆགས་པ་མེད་པའི་སེམས་ཀྱིས་རག་པ་ལྟུང་བ་མེད་པར་རིག་པར་བྱའོ།། ཙཾ་བསམ་པ་གང་ཡང་རུང་བས་རེག་ན་འམ་ཞེ་ན། དེའི་ཕྱིར་སྤྱི་གས་རཱ་བར་བྱ་བཱའི་སེམས་ཀྱི
་ཞེས་བྱ་བ་སྨོས་ཏེ། འདིར་སྤྱི་གཡའ་ཟློས་བྱ་བ་ནི་བག་ལ་དུམས་པར་རིག་པར་བྱའོ།། འདིར་ཀུན་རྒྱུ་འདོད་ཆགས་པ་དང་ལྡན་པའི་སེམས་ཀྱི་རེག་པ་ལ་ནི་དགེ་འདུན་ལྷག་མར་གཏོགས་པའི་ཁ་ན་མ་ཐོ་བའི་ཆོ་ག་དམིགས་ཀྱིས
་ས་ལོ་བའོ།། སྨྱོ་གཡའ་བོ་དང་ལྷན་ཅིག་འབྲེལ་པ་ལ་གསོད་པ་དང་རྡེག་པར་བྱེད་པའི་ལྟུང་བྱེད་དོ།། འདི་ལུས་གཞན་པའི་སེམས་ལ་སྠི་ཀཱས་འ་བར་བྱ་བར་སེམས་ཀྱི་སྒྲས་རྣམ་པར་བཞག་པའོ།། དེའི་ཕྱིར་མ་དུང་སྦྲང་བུ་དང
་འབྲུམ་བུ་དང་སྤྲོ་བ་དང་སྤུའི་ཚུམས་བསྟན་པ་ལ་ནི་ལྟུང་བ་མེདོ་ཞེས་བྱ་བ་ནི་གོང་གི་ཧཱུ~ཾ་རི་སྐྲྀ་གལའ་བའི་སེམས་ཀྱིས་རེག་པ་ལ་ཁ་ན་མོ་ཐོ་བ་འདིར་འགྱུར་བ་དེའི་ཕྱིར་འདྲི་དག་ལ་ནི་ལྟུང་བ་མྱེ་འོ། ཞེས་བྱ་བོའི་དོན་ཏོ།། རིག་བྱེད
་གཅིག་གམ་དུ་མ་ཉིད་ལའོ་ཞེས་བྱ་བ་ནི་འདིར་བརྡེག་པར་བྱེད་པ་བཞིན་དུ་གསོད་པར་བྱེད་པ་རེ་རེ་ལ་ལྟུང་བ་མེདདོ།། འོན་ཀྱང་གསོད་བྱེད་དུ་མ་ཉིད་ལ་ཡང་ལྟུང་བ་གཙོག་བསྐྱེད་པ་ཞེས་བྱ་བའི་དོན་ཏོ།། ལོངས་སྤྱོད་དུ་གྱུར་བཱི་ནིར་གྱུར
་པ་ཅན་གྱི་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ། ལོངས་སྤྱོད་ལ་ཡང་གསོད་པར་བྱེད་པ་རེ་རེ་ལ་ཐ་དད་པར་དབྱེ་བ་ནི་མེད་དེ་གནོད་པ་ཇི་ལྟ་བར་ཞེས་བྱ་བ་འདིས་ཤེས་པའོ།། འདིར་གཞུང་ནི་དགེ་སློང་གི་སེར་མོ་གཅིག
་གིས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་གཉིས་སམ་གསུམ་འམ་བཞི་འམ་ལྔ་རྣམས་ཀྱིས་ཀྱང་ལྟུང་བྱེད་དོ་ཞེས་གསུངས་པ་ཡིནོ།། གཞན་དུ་ཡང་སོར་མོ་གཅིག་གིས་ག་ག་ཚིལ་བྱེད་ན་ལྟུང་བྱེད་ཉིད་དུ
་འགྱུར་རོ།། གཉིས་སམ་གསུམ་འམ་བཞི་འམ་ལྔ་དག་གིས་ག་ག་ཚིལ་བྱེད་ན་ལྟུང་བར་འགྱུརརོ་ཞེས་བྱ་བ་འདིར་གཞུང་མཐོང་བ་ཡིན་ནོ།། བརྡེག་པའི་བསླབ་པའི་གཞིའི་རྗེསསུ་འབྲངས་ནས་དེའི་རྣམ་པར་རྟོག་པར་བྱས་སོ་སྙམ་དུ
་བདག་ཅག་སེམསོ།། ག་ག་ཚིལ་བྱེད་པའི་ལྟུང་བྱེད་དོ།། །། ཅི་ཞིག་བྱས་ན་ཆུ་ལ་རྩེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཆུའི་ཡུལ་ལ་རྩེ་བ་རྗེསུ་བསྒྲུབ་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་གང་དུ་ཁ་ན་མ་ཐོ་བ་ཇི་ལྟ་བུ་འདི་ཡིན
་ཞེ་ན། དེའི་ཕྱིར་ཞུགས་ཤིང་ནུབ་པོ་དང་འབྱུང་བ་དང་ངོགས་གཞན་དུ་རྒལ་བ་དང་རྒྱུན་ཕྱོགས་དང་རྒྱུན་ལས་བཟློག་ཕྱོག་སུ་རྩོལ་བ་དང་ཆུ་ལ་རྔ་བོ་ཆེ་དང་། རྫ་རྔ་ཁེ་གཅིག་པའི་སྒྲ་འབྱིན་པ་དང་གསེག་མ་འཁྲབ་པ་དང་འཕེན་པ་དང་།
་འཁོར་ཡུཀྐ་དང་རྡོ་རྗེ་དང་ཁྲོན་པ་དང་རྦ་ཀློང་དང་ཆུ་སྲུབས་འདྲེན་པར་བྱེད་ན་དངོས་གཞིའོ་ཞེས་བྱ་བ་སྨོས་ཏེ། རྔ་བོ་ཆེ་ལ་སོགས་པ་ནས་ཆུ་སྲུབས་འདྲེན་པའི་མཐར་སོ་སོར་ཆུའི་སྒྲ་དང་འབྲེལ་བའོ།། རྒྱུན་ཕྱོགས་ཀྱི་སྒྲས་ཀྱང་སྒྲ་འབྱིན
་པ་དང་སོ་སོར་འབྲེལ་པའོ།། བེམ་རྡོལ་གྱིས་བརྡེག་ན་ཉེས་བྱསོ།། བུམ་པ་དང་ཕྲུ་བ་དང་རིལ་བ་དང་ཁམ་ཕོར་དང་། བུ་རམ་གྱི་ཁུ་བ་འཛགས་པ་དང་སྲན་ཆོད་དང་འུ་ཤ་དང་ཐང་ཚ་བ་ཉིད་ཡོད་པ་ལ་ཡང་ངོ་ཞེས་བྱ་བ་ནི་འཇུག་ཏུ་རུང
་བའི་གནས་དེར་ཞུགས་ཏེ་ནུབ་པ་ལ་སོགས་པ་རྗེསུ་བསྒྲུབ་པ་ལ་ནི་ལྟུང་བྱེད་དུ་འགྱུར་ལ། བེམ་རྡོལ་གྱིས་བརྡེག་པ་ནི་རིལ་བ་ལ་སོགས་པ་འཇུག་པའི་ཡུལ་གང་ལ་གང་དུ་འཇུག་ཏུ་རུང་བ་དེར་ཆུའི་ཡུལ་གྱི་ལས་རྗེསུ་བསྒྲུབ་པ་ལ་ཉེས
་བྱས་ཏེ་བེམ་རྡོལ་གྱིས་བརྡེག་པ་ལ་ནི་ཉེས་བྱསོ།། འུ་ཤ་ལ་སོགས་པ་ཚོ་བ་ཉིད་ལ་ལྟུང་བ་མེ་དོ་ཞེས་བྱ་བར་ཤེས་པར་བྱ་བ་མུ་ཡིན་ཞེས་བྱ་བར་ཤེས་པར་བྱ་བའི་དོན་ཏོ།། མ་ཞུགས་པ་དང་ཞུགས་པའི་ཡུལ་བེམ་རྡོལ་གྱིས་རྡོག་པ་ཞེས་བྱ
་བོ་འདི་ལ་ཉེས་བྱསུ་རྟོགས་པར་བྱའོ།། སྡེ་བོ་ཙམ་ལྔ་ཞུགས་པའི་བློ་ནི་དེ་ལྟར་ནཱ་ཡང་ཁྲུས་བྱེད་པ་ལྔ་འདི་ནི་མཐར་གསུངསོ།། དེ་ལྟ་བསོ་ན་དེ་དག་ལ་སོགས་པ་ལ་འཇུག་པ་ཉིད་ཀྱིས་ཡང་དག་པར་བརྟན་པ་ཉིད་ཡིན་གྱི་དབང་བསྒྱུར
་བལ་ཆུ་དང་འབྲེལ་པོ་ཉིད་ནི་མ་ཡིན།། དེ་བས་ན་འདིའི་དབང་གིས་དངོས་གཞིའི་བྱེད་པ་ཉིད་ནི་མ་ཡིནོ།། ཆོལ་ཟངས་ལ་སོགས་པར་མི་ནུབ་པའོ།། འདིར་ཆུ་ལ་རྩེ་བའི་བློ་ཡོད་པ་ཡིན་ཏེ། དེ་བས་ན་འདིའི་དབང་གིས་དངོས་གཞི་མ་ཡིན
་བ་ནི་མ་ཡིན།། གང་ཡང་རུང་བ་ཉིད་ཀྱིས་ལྟེ་བ་ནུབ་པ་ཙམ་དུ་ཆུ་ལ་ཞུགས་པ་ཉིད་ནི་ཆུ་ལ་རྩེ་བའི་བློ་ཡོངསུ་རྫོགས་པ་སྟེ། དེ་བས་ན་འདུག་པ་ལྟེ་བ་ཙམ་དུ་སོན་པ་ལ་དངོས་གཞི་བྱེད་པ་ཉིད་ནི་མ་ཡིནོ།། ཆུ་མ་ཡིན་པ་ལ་རྩེ་བ་ལ་ཡ
་ཞེས་བྱ་བ་ལ་ཡང་ཞེས་བྱ་བའི་སྒྲས་ནི་ཉེས་བྱས་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིར་ཏེ། ཆུ་ལས་གཞན་པ་ལ་རྩེ་བའོ།། རྩེ་བར་གྱུར་པའི་འཛག་པ་ནི་རྩེ་བར་བྱེད་པའོ།། ལུས་ཀྱི་རྩེད་མོར་གྱུར་པ་གང་ཡིན་པ་དེ་ནི་དེའི་གར་གྱི་བདག
་ཉིད་ཡིན་ཞེས་བྱ་བ་ཉིད་དུ་དགག་པ་ཉིད་ཀྱི་ཕྱིར་འདིར་ཞུགས་པ་མ་ཡིནོ།། གར་གྱི་བདག་ཉིད་མ་ཡིན་པའི་གཞན་ཐམས་ཅད་ནི་བོང་བ་ལ་སོགས་པ་འཕེན་པ་དང་། ལུས་ཀྱི་རྩེད་མོར་གྱུར་པ་གཡོ་བའི
་རྩེ་མོ་གཞན་ཐམས་ཅད་ལ་ཡོངསུ་བཟུང་བ་འདིར་རིག་པར་བྱའོ།། འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་ཆབ་མ་ལགས་པ་དངོས་པོ་ལྡེག་མ་རྩེ་བར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱསོ་ཞེས་གསུངས་པ་ཡིནོ།། །
་དེ་ལྟ་བུ་ལ་བྱེད་དུ་བཅུག་པ་ནི་དེ་དང་འདྲའོ་ཞེས་བྱ་བ་ནི་གང་དུ་འདིར་ཆར་བར་གྱུར་པ་ལ་ཆུ་ལས་གཞན་པའི་རྫས་ལ་ཁ་ན་མ་ཐོ་བར་སྨོས་པ་དེ་ལྟ་བུར་གྱུར་པའི་ཆུ་དང་། དེ་ལས་གཞན་པའི་རྫས་དག་ལྀ་འཛག་ཏུ་འཇུག་པའི་རྒྱུ་དེ
་དང་འདྲ་བར་རང་གིས་བྱས་པ་ལྟར་བལྟ་བར་བྱའོ།། རེངས་པའི་ལྟུང་བྱེད་དུ་འགྱུར་བར་བྱེད་དུ་བཅུག་པ་ལ་ཡང་ལྟུང་བྱེད་དོ།། ཉེས་བྱསུ་གྱུར་པ་ལ་ནི་ཉེས་བྱས་ཞེས་བྱ་བའི་དོན་ཏོ།། བསྙེན་པར་རྫོགས་པས་བྱེད་དུ་བཅུག་ན་བྱེད་དུ
་བཅུག་པ་དང་བྱེད་པ་པོ་གཉིས་ཀ་ལ་ཁ་ན་མ་ཐོ་བ་དང་འདྲ་བར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་སྐྱེས་པར་རིག་པར་བྱའོ།། འདིར་གཞུང་ནི་ཞུ་བ་ལསོ།། རེངས་པའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་རེངསུ་བཅུག་པའི་བསམ་པ
་ལ་ཡང་དེ་བཞིནོ།། རྩེ་བའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་རྩེར་འཇུག་པའི་བསམ་པ་ལ་ཡང་དེ་བཞིན་ནོ།། དགའ་བའི་བསམ་པ་ལ་ཇི་ལྟ་བ་བཞིན་དུ་དགར་འཇུག་པའི་བསམ་པ་ལ་ཡང་དེ་བཞི་ནོ་ཞེས་བྱ་བ་གསུངས་པ་ཡིན།།
་ཇི་བསམ་པ་གང་ཡང་རུང་བས་དེ་ལས་གཞན་པའི་ཡུལ་ལས་སྐྱེས་པའི་བྱ་བ་རྣམས་རྗེསུ་བསྒྲུབ་པ་ལ་ཁ་ན་མ་ཐོ་བ་འདི་རྣམས་ཡིན་ནམ་ཞེ་ན། དེའི་ཕྱིར་རྒོད་པས་དགའ་བ་ཉམ་སུ་མྱོང་བར་བྱ་བའི་འདུན་པས་སོ་ཞེས་བྱ་བ་སྨོས་ཏེ། ཇི
་སྲིད་དུ་དགའ་བའི་ངོ་བོ་མེད་པར་འདུན་པ་འདི་མི་འགྲུབ་པས་དེ་སྲིད་དུ་འདི་ནི་འདི་མཐརོ།། འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གིས་བུམ་པའི་སྦྱོར་བས་ཆུས་འཐོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུརརོ་ཞེས་གསུངས་པ་ཡིན།། དེའི
་ཕྱིར་སིམ་པར་འདོད་པས་རྒལ་བ་ལ་སོགས་པ་ལ་ནི་ལྟུང་བ་མེ་དོ་ཞེས་བྱ་བ་ནི་ནུབ་པ་དང་དག་ལ་སོགས་པའི་སྒྲས་འཕངས་པའོ།། རྒྱལ་བ་བསླབ་པ་ཐད་ཀ་འམ་ལྟག་འོག་ཏུ་རྩོལ་བ་ལ་ཡང་ཞེས་བྱི་བ་ལ། ལྟག་འོག་ཏུ་ཞེས་བྱ་བ་ནི་ད་སྲིད་དུའོ།།
་ཐད་ཀར་ནི་ལྟུང་བ་མེདོ།། གྲང་བར་འདོད་པས་ཆེ་བ་དག་ལ་རི་མོ་འདོད་པ་ལ་ཡ་ངོ་ཞེས་བྱ་བ་ནི་གྲངས་བཞིན་དང་ལས་འདས་པར་འདོད་པས་ནི་ཉི་མ་ལ་སོགས་ཚོ་བར་གྱུར་པའི་ཆུ་དག་ལ་ནི་རི་མཽ་འདོད་པར་བྱེད་པ་ལྟུང་བ་མཽདོ།། ཆུ་ལ་རྩ
་རྩེ་བའི་ལྟུང་བྱེད་དོ།། །། ཅི་ཞིག་བྱས་ནས་འཇུག་པ་གང་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ་ཞེས་བྱ་བ་སྨོས་ཏེ། ལྷན་ཅིག་ཅེས་བྱ་བ་ནི
་གཉིས་ཀ་དག་ཀྱང་ལྷན་ཅིག་གཉིད་ལོག་པ་ལས་འདའ་བར་བྱེད་ན་ཞེས་བྱ་བའི་དོན་ཏོ།། དུས་གང་གི་ཚེ་གཉིད་ལོག་པ་ན་ཞེ་ན། དེའི་ཕྱིར་མཚན་མོའི་ཞེས་སྨོས་སོ།། ཅི་མཚན་མོ་ཐམས་ཅད་ཀྱི་སྐད་ཅིག་ཡང་རུང་བ་ལ་འམ་ཞེ་ན།
་དེའི་ཕྱིར་མཐ་རོ་ཞེས་བྱ་བ་སྨོས་སོ།། ཅི་མཚན་མོའི་མཐའི་མདུན་རོལ་དུ་ལྟུང་བ་མེད་དམ་ཞེ་ན། དེའི་མདུན་རོལ་དུ་ནི་ཉེས་བྱས་ཞེ་བྱ་བ་སྨོས་ཏེ། གང་ཞིག་འདིར་སྟོབས་དང་མི་ལྡན་པའི་མ་ནིང་ལ་སོགས་པ་དང་། དུད
་འགྲོ་ལ་སོགས་པ་རྣམས་ལ་སོ་སོར་སྟོབས་དང་ལྡན་པ་ཉིད་ལ་ཡང་ཉེས་བྱས་ཡིན་ནཱ་ནི་སྤྱི་བོ་ཚད་གང་ཡང་རུང་བ་དང་ལྡན་པའི་མཐུ་མེད་པ་ལ་སོགས་པ་དེར་ཤེས་པར་བྱ་བ་འམ་ཞེ་ན། དེའི་ཕྱིར་བྱ་གག་གི་ཚད་ནི་དེ་བྱེད་པ་ཉིད་ཀྱི་མཐའོ།
་ཞེས་བྱ་བ་སྨོས་ཏེ། གཞན་ཡང་དེ་བྱེད་པ་ཉིད་ནི་ཉེས་བྱས་བྱེད་པ་མཐའོ་ཞེས་བྱ་བ་མཐའ་ཡིན་ཞེས་བྱ་བའི་དོན་ཏོ།། བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དོ།། །། ག་ལ་སྤངས་པར་བྱེད་པོའི་ཁ་ན་མ་ཐོ་བར་འགྱུར་ཞེ་ན། དེའི་ཕྱིར
་བཞད་གང་བྱ་བའི་བསམ་པས་ཀྱང་རུང་སྟེ། དདང་བར་འདོད་པས་འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པར་སྔོན་དུ་བཏང་བ་འཇིགས་པར་བྱེད་པ་ཆེ་གེ་མོ་ཞི་བ་ཙོས་དགེ་སློང་ལ་གཞན་གྱིས་ཀྱང་གོ་བར་བྱེད་ན་འཇིགས་པ་མ་སྐྱེས་ཀྱང་ཞེས་བྱ་བ་སྨོས
་ཏེ། ཤེས་པར་གྱུར་པའི་འཇུག་པ་བྱེད་པ་འདི་ནི་ཤེས་པ་ཡིན་ཏེ། འདི་ལ་འཇིགས་པ་བསྐྱེད་པ་འདི་ལས་འབྱུང་བ་ཡོད་པ་མ་ཡིན་ཞེས་བྱ་བའི་བློ་ཡོད་པ་ལ་འཇིགས་པའི་མདུན་པ་ལ་གོ་སྐབས་ཡོད་པ་མ་ཡིན་ནོ།། དེ་བས་ནི་འཇིགས
་པར་འདུན་པས་ཞེས་བྱ་བ་ནི་བྱ་བགོ་གོ། འཇིགས་པའི་རྒྱུ་མཚན་ཡིད་དུ་འོང་བ་མ་ཡིན་པའི་ངོ་བོ་ལ་སོགས་པ་ལ་ཉེ་བར་བསྒྲུབ་པ་སྔོན་དུ་འགྲོ་བས་གོ་བར་བྱེད་ན་འཇིགས་པའི་ཁ་ན་མ་ཐོ་བའོ།། འདིར་གཞུང་ནི་ཡིད་དུ་མི་འོང་བའི་གཟུགས
་རྣམས་ཉེ་བར་སྒྲུབ་པར་བྱེད་པ་དེ་ནག་པོ་དང་ཁ་དོག་ནག་ནག་པོར་སྟོན་པ་དེ་ནག་པོར་སྣང་བའོ།། འདི་ལྟ་སྟེ་དཔེར་ན་ཡི་དྭགས་དང་ཤ་ཟ་གྲུལ་བུམ་དང་ལུས་སྲུལ་པོའི་གཟུགས་ཅན་དེ་ལྟ་བུ་དེ་རྣམས་ཀྱི་ནི་རུང་བ་དང་། དེ་རྣམས་ཀྱིས་ན
་གསོད་པར་གྱུར་པ་དང་། དེ་རྣམས་ཀྱི་ནི་སྲོག་གཅོད་པར་འགྱུར་ཏེ། དེ་ལྟ་བུར་གྱུར་པའི་རྣམ་གྲངས་གཞན་ཡང་ཤེས་པར་བྱའོ།། འདིར་ཡང་དེ་ལྟ་བུའི་གཟུགས་ཅན་ཞེས་བྱ་བ་ལ་སོགས་པའོ།། ལྷག་མ་འཇིགས་པའི་རྒྱུ་ཉེ་བར་བསྒྲུབ།
་བར་བྱའོ།། སྔོན་དུ་འགྲོ་བ་ཞེས་བྱ་བ་འདི་ལ་གོ་བར་བྱེད་པ་ན་རྣམ་པ་གཉིས་ཏེ། དོན་དང་གོ་བར་བྱ་བ་ལའོ།། དེ་ལ་དོན་གོ་བར་བྱེད་པ་གང་ལ་ཞེས་བྱ་བ་འདི་ལ་འཇིགས་པར་བྱེད་པ་ཞེས་སྨོས་པ་ཡིན།། ཇི་ལྟར་འཇིགས་པར་གོ་བར་བྱེད་པ
་གོ་བར་བྱེད་ཅེ་ནི། དེའི་ཕྱིར་ཆེ་གེ་མོ་ཞེས་བྱ་བ་སྨོས།། གང་ལ་གོ་བར་བྱེད་ཅེས་བྱ་བའི་དྲི་བ་འདི་ལ་དགེ་སློང་ལ་ཞེས་བྱ་བ་སྨོས།། ཅི་བདག་ཉིད་ཀྱིས་དེ་ལྟ་བུ་གོ་བར་བྱེད་པ་ལ་འཇིགས་པའི་ཁྭ་ན་མ་ཐོ་བ་ཞེས་བྱ་བ་འདི་ལ་གཞན་གྱིས་ཀྱང
་ཞེས་བྱ་བ་སྨོསོ།། ཅི་མ་སྐྱེས་པ་ལ་ཡང་གོ་བར་བྱ་ཞེས་བྱ་བའི་འཇིགས་པ་ལ་ཁ་ན་མ་ཐོ་བ་འདི་ཡིན་ཞེ་ན། དེའི་ཕྱིར་འཇིགས་པ་མ་སྐྱེས་ཀྱང་ཞེས་བྱ་བས་སོ།། འཇིགས་པའི་རྒྱུ་ཅི་འདྲ་བ་ཞིག་ཉེ་བར་བསྒྲུབ་པ་ལ་ཁ་ན་མ་ཐོ་བ་ཅི་འདྲ་བར
་འགྱུར་ཞེ་ན། དེའི་ཕྱིར་ཡིད་དུ་མི་འོང་བ་ལ་ནི་དངོས་བཞིའོ་ཞེས་བྱ་བ་སྨོསོ།། འདིར་ཡིད་དུ་མི་འོང་བ་དཔེས་བསྟན་པའི་ཕྱིར། འདི་ལྟ་སྟེ་དཔེར་ན་ཡི་དགས་དང་ཤ་ཟ་དང་བྲུལ་བུམ་དང་ལུས་སྲུལ་པོའི་གཟུགས་ལ་བ་ནག་པོ་དང་སོལ་པ
་དཱང་ཀ་བ་ཚིག་པ་ལྟ་བུ་དང་། སེང་གེ་དང་སྟག་དང་གུང་དང་། མཚའ་དང་གཟིག་དང་ཝའི་སྐད་ལྟ་བུ་བཤད་པ་དང་གཅི་བ་དང་རཱ་དང་དེའི་ཟེ་བའི་དྲི་ལྟ་བུ་སེག་དང་རེ་ལྡེ་དང་ཕྱར་བའི་རེག་པ་ལྟ་བུ་བདག་ཉིད་སྒྲོག
་པའོ་ཞེས་བྱ་བ་སྨོས་ཏེ། འདིར་ཐམས་ཅད་དུ་སྒྲ་དང་དྲི་དང་རེག་བྱ་རྣམས་ལ་ཡི་དགྲ་དང་ཤ་ཟ་དང་གྲུལ་བུམ་དང་ལུས་སྲུལ་པོ་ཡོད་དོ་ཞེས་སྒྲོགས་ཤིང་གོ་བར་བྱེད་པ་འདི་ལ་འདིར་སོ་སོར་རྗེསུ་སྒྱུར་བ་རིག་པར་བྱའོ།། སེང་གེ་ལ་སོག
་པའི་སྒྲ་ལ་སོགས་པ་རྣམས་ལ་ཡི་དྭགས་ལ་སོགས་པར་གྲགས་པས་གོ་བར་བྱེད་ན་དངོས་གཞི་སྟེ་གཞན་རྣམས་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཡིད་དུ་འོང་བ་ལ་ནི་ཉེས་བྱསོ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་རྒྱུ་ཉེ་བར་བསྒྲུབ་པ
་སྒྲོགས་ན་ཉེས་བྱསོ།། གང་གི་ཕྱིར་འདི་ལ་འཇིགས་པའི་རྒྱུ་ཡོངསུ་རྫོགས་པ་མ་ཡིན་ཏེ། གང་གི་ཕྱིར་འདི་ལ་ཤིན་ཏུ་ཡིད་འབྱུང་བར་བྱེད་པ་ཉིད་མ་ཡིན་ཞེས་གསུངས་པ་ཡིནོ།། འདིར་ཡིད་དུ་འོང་བ་དཔེས་བསྟན་པའི་ཕྱིར། འདི་ལྟ
་སྟེ་དཔེར་ན་ལྷ་དོང་ཀླུ་དང་དྲི་བ་དང་གནོད་སྦྱིན་དང་མི་འམ་ཅི་ལྟོ་འཕྱེ་ཆེན་པོ་གཟུགས་ནོར་ཅན་དང་ཚོང་དཔོན་དང་དེད་དཔོན་ལ་སོགས་པ་ལྟ་བུ། པི་ཝང་ལ་སོགས་པའི་སྒྲ་ལྟ་བུའོ་ཞེས་བྱ་བ་ལ། འདིར་སོགས་པའི་སྒྲས་ནི་གླིང་བུ་དང་པ་ལ
་རི་དང་མ་ཧཱ་ཏི་དང་སུ་ཀོ་ཤ་ལྟ་བུ་རྣམས་ཀྱང་བསྡུའོ།། ཨོཾ་ཀ་རུ་དང་ཙན་དན་དང་གུར་གུམ་དང་། ཏ་མ་ལའི་ལོ་མའི་དྲི་ལྟ་བུ་དང་། དར་དང་རས་ཡུག་ཆེན་པོ་དང་བེའུ་རས་དང་དར་ལྀ་བ་དང་དུ་ཀུ་ལའི་རས་དང་། ཀཽ་ཏམ་པའི་རས་ཀྱི་རེག
་པ་ལྟ་བུ་རྣམས་ཉིད་སྒྲོགས་པའོ་ཞེས་བྱ་བ་ནི་ཇི་སྲིད་ལྷ་ལ་སོགས་པ་འདི་ན་ཡོད་དོ།། ཞེས་སྒྲོགས་ཤིང་ཞེས་བྱ་བ་འདི་ལ་ཐམས་ཅད་དུ་སྦྱར་བར་རིག་པར་བྱའོ།། འདིར་ལྷ་ལ་སོགས་པ་སྨོས་པ་ནི་མཚོན་པ་ཙམ་ཡིན་ཏེ། ཤིན་ཏུ་ཆེ་བའི
་ཡི་དགས་ལ་སོགས་པ་རྣམས་ཀྱང་འོདིར་བསྡུས་པའོ།། ཅི་འདིར་འཇུག་པ་ཐམས་ཅད་ལ་ཁ་ན་མ་ཐོ་བ་འདི་ཡིན་ནམ་ཞེ་ན། དེའི་ཕྱིར་སྐྱོ་བར་བྱ་བའི་ཆེད་ཉིད་ནི་མ་གཏོག་སོ་ཞེས་བྱ་བ་སྨོས་ཏེ། འཇུག་པ་འདི་ལ་རྣམ་པ་འདི་ལྟ་བུ་དག་མ
་གཏོགས་པར་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་འཇུག་པ་འདི་ལས་འཇུག་པ་གཞནི་ཁ་ན་མ་ཐོ་བ་དེ་བས་ན་དེའི་ཕྱིར་སྐྱོ་བར་བྱ་བའི་ཆེད་དུ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་དགས་ཀྱི་གཏམ་ལ་སོགས་པ་ནི་ལྟུང་བ་མེད་ཞེས
་བྱ་བ་སྨོས་སོ།། སྔངས་པར་བྱེད་པའི་ལྟུང་བྱེདདོ།། །། ཅི་ཞིག་བྱས་ན་སྦེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་རབ་ཏུ་བྱུང་བ་འདི་པ་དབང་བའི་ལྷུང་བཟེད་དང་། ཆོས་གོས་དང་དྲ་བ་དང་ཕུར་བུ་དང་སྐ་རགས་ལ་སོགས་པ་དག
་སློང་གི་འཚོ་བའི་ཡོ་བྱད་སྦེད་དུ་བཅུག་ནའོ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱིས་གསུངས་པོའི་རབ་ཏུ་བྱུང་བ་འདི་པ་དབང་བའི་ལྷུང་བཟེད་ལ་སོགས་པ་དེ་དག་དགེ་སློང་གི་འཚོ་བའི་ཡོ་བྱད་ཚད་དང་ལྡན་པ་རུང་བ་རང་གི་སྦེད་དམ་སྦེད
་དུ་འཇུག་ན་ཞེས་བྱ་བོ་དོན་ཏོ།། རབ་ཏུ་བྱུང་བ་འདི་པ་ཞེས་བྱ་བ་སྨོས་པ་ནི་དགེ་སློང་དང་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་ཞེས་བྱ་བ་ཐམས་ཅད་ནི་རབ་ཏུ་བྱུང་བ་འདི་པའི་གང་ཟག་རྣམས་ཉེ་བར་བསྡུ་བའི
་དོན་དུའོ།། ཅི་དུས་གང་ཡང་རུང་བ་ལ་མ་བྱས་པ་འདི་དག་ལ་ཡིན་ནམ་ཞེ་ན་དེའི་ཕྱིར་ཕན་པར་འདོད་པས་ནི་མ་གཏོག་སོ་ཞེས་བྱ་བ་སྨོས་ཏེ། འདིར་ལྟུང་བ་མེད་པ་ཁོ་ན་ཡིན་ནོ།། སྦེད་པའི་ལྟུང་བྱེའོ།།
་གང་ལ་བྱིན་པས་ཉེ་བར་འཚེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་ལ་གོས་བླང་བ་མེད་པར་བྱིན་པ་དེས་གནང་བ་མེད་པར་སྤྱོད་ནའོ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ཀྱང་ཐམས་ཅད་དུ་བྱིན་པའི་དགེ་སློང་གི་གོས་གང
་ལ་སྦྱིན་པ་དེ་རྗེ་སུ་གནང་བ་མེད་པར་ཡོངསུ་ལོངས་སྤྱོད་པ་ལ་ཞེས་བྱ་བའི་དོན་ཏོ།། རང་གི་བློས་ཉེ་བར་འཚོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ།། གཞན་གྱི་བློས་ནི་སྦོམ་པོ་སྟེ། འདིར་མ་བྱིན་པར་ལེན་པ་ཉེ་བར་འབྲེལ་བའོ།། དེ
་པས་ནི་མ་བྱིན་པ་ལ་ཁ་ན་མ་ཐོ་པ་དི་བསྐྱེད་པའོ།། འདི་རང་གི་བློ་ལ་ཉེས་པ་མེད་པ་ཁོ་ན་ཡིནོ།། གཞན་གྱི་ལ་འདི་ནི་བདག་གི་ཡིནོ་སྙམ་དུ་འཁྲུལ་པར་འགྱུར་བའི་གོ་བ་གྲུབ་པའོ།། རང་གི་བློ་འཁྲུལ་པར་གྱུར་བས་འདི་དང་གཞན
་ལ་ཡང་ཉེ་བར་སྦྱོར་བ་ལ་ཉེས་པ་མདོ།། གོས་དང་ཡོ་བྱད་ལྷག་མ་རྣམས་ལ་ཡང་ཐོག་མ་ཉིད་དུ་འདིར་ཁ་ན་མ་ཐོ་བ་འདི་རྣམ་པར་གནས་པ་ཡིན་ནོ།། ལྷུང་བཟེད་ལ་ནི་ཡོངསུ་རྫོགས་པ་སྟེ། ལྷུང་བཟེད་ཆུང་བ་ལ་ནི་ན་སྨད་པར
་རིག་པར་བྱའོ།། འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། བཙུན་པ་རེ་ཞིག་དགེ་སློང་ལ་ལྷུང་བཟེད་དང་ཆོས་གོས་སྦྱིན་པར་བྱ་སྟེ། དེའི་འོག་ཏུ་སླར་འཕྲོག་པར་བྱེད་ཅིང་ལོངས་སྤྱོད་པར་བྱེད་ན་ལྟུང་བ་ཅིར་འགྱུར་ལྟུང་བྱེདདོ།། བཙུན་པ་རེ
་ཞིག་དགེ་སློང་གིས་ལྷུང་བཟེད་དང་ཆོས་གོས་གཞན་དང་གཞན་ལ་འཚོ་བའི་ཡོ་བྱད་བྱིན་ནས་འཕྲོག་པར་བྱེད་ན་ལྟུང་བ་ཅིར་འགྱུར། ཉེས་བྱསོ་ཞེས་གསུངས་པ་ཡིནོ།། འདིར་སྔ་མ་ལ་ལྷུང་བཟེད་དང་ཆོས་གོས་ལས་གཞན་མ
་གཟུང་བའོ།། འདི་ལ་ནི་ཉེས་པ་མེད་པས་མ་བཟུང་བ་ཞེས་གསུངས་པ་ཡིནོ།། ཕྱི་མ་ནི་བཟུང་བས་འདི་ལ་ནི་ཉེས་བྱསུ་འགྱུར་པ་ཞེས་བྱ་བ་ནི་ཤེས་བྱེད་དོ།། ཕྱི་མ་ལ་ལྷུང་བཟེད་དམ་ཆོས་གོས་ཞེས་བྱ་བ་འདི་ལྷུང་བཟེད་དམ
་ཆོས་གོས་ལས་གཞན་པ་ཞེས་བྱ་བ་ཉམས་པའོ།། དེའི་རྗེ་སུ་གནང་བ་མེད་པ་ཞེས་བྱ་བ་ནི་གང་ལ་བྱིན་པ་དེའི་རྗེསུ་གནང་བ་སོ་སོར་བཟུང་ནས་ཞེས་བྱ་བ་ནི་བསྡུ་བའོ།། ཅེ་བསམ་པ་གང་ཡང་རུང་བས་སྤྱོད་པ་ལ་འམ་ཞེ་ན།
་དེའི་ཕྱིར་གལ་ཏེ་གཞི་དེས་དེ་དག་དགའ་བར་མི་འགྱུར་ནའོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་གང་ལ་བྱོན་པ་དེས་ཡིད་དེ་ཆེས་པས་ལོངས་སྤྱོད་པ་ལ་ལྟུང་བ་མེད་ཅེས་བྱའོ།། བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དོ།། །
་ཅི་ཞིག་བྱས་ན་སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སྐུར་པ་འདེབས་པར་འདོད་པས་དགེ་སློང་ལ་འདུ་ཤེས་བསྒྱུར་ཏེ། དགེ་འདུན་ལྷག་མས་སྐུར་པ་བརྗོད་ནའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་ལྷག་མའི་ལྟུང
་བས་སྐུར་བ་འདེབས་པར་འདོད་པས་སྐུར་པོ་འདེབས་པ་གང་ཡིན་པོ་དེའི་འདུན་པས་ཤེས་པར་རིག་པར་བྱའོ།། ཅི་དངོས་སུ་སྐུར་པ་འདེབས་པ་ཁོ་ན་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་བག་ཙམཽ་གྱིས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང
་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་གིས་བསླབ་པ་སྩལ་པ་ཙམ་གྱིས་དགེ་འདུན་ལྷག་མས་སྐུར་པ་འདེབས་པར་བྱེད་ན་ལྟུང་བ་ཅིར་འགྱུར། ལྟུང་བྱེདོ་ཞེས་གསུངས་པ་ཡིན་ནོ།། སྐུར་པ་འདེབས་པའི
་ལྟུང་བྱེད་དོ།། །། སྔར་ལམ་དུ་འགྲོ་བ་ལ་བུད་མེད་བྱེད་པ་པོ་ཉིད་དོ།། གུང་ཞེས་སྨོས་པ་དེ་ཅི་གཞན་གང་ཡང་རུང་བ་ལ་དེ་བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་འདོད་པསཽ་ལམང་དུ་འགྲོ་ནའོ་ཞེས་བྱ་བ་སྨོས་ཏེ། རང་དགར་ལམ་དུ
་འགྲོ་ནུ་སྟེ། གཞན་དབང་གིས་ནཱི་མ་ཡིན་ནོ།། ཞེས་གསུངས་པ་ཡིནོ།། ལམ་ཇི་སྲིད་དུ་འགྲོ་བ་ལ་ཡིན་ཞེ་ན། དེའི་ཕྱིར་རྒྱང་གྲགས་རེ་རེར་རོ་ཞེས་བྱ་བ་སྨོས་ཏེ། ལྟུང་བྱེད་ཉིད་ལ་འདིར་བྱེད་པ་པོ་ཉིད་ནི་འདི་ཡིན་ནོ་ཊྭཱཾ་བྱི་བ་བྱེ་བྲག་མ་བྱས་པ
་ཉིད་ཀྱི་ཕྱིར་རྟོགས་པའོ།། དེའི་ཕྱིར་རེ་རེ་ཉིད་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་ཕྱེད་རེ་རེར་ནི་བུད་མེད་ཀྱི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ།། རྒྱང་གྲུགསོ་རེ་རེར་རིག་པའི་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་རང་དགར
་ལམ་དུ་འགྲོ་བ་ལ་སྤྲོས་པ་ནི་ཤེས་པར་བྱའོ།། ཅི་བུད་མེད་ཀྱི་གནས་སྐབས་རྣམས་ལ་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་བསེལ་བྱེད་པ་ནི་མ་གཏོགསོ་ཞེས་སྨོས་ཏེ། དགེ་སློང་ཉིད་ཅེས་བྱ་བ་འདི་ལ་འདིར་ཉེ་བར་གནས་པ་ཉིད
་ཀྱི་ཕྱིར་རྟོགས་པར་བྱའོ།། དེ་ལྟར་ཡང་ཤུགས་ཀྱིས་ཏེ། གང་གི་དབང་གི་ཉེས་པ་འདི་མ་བསྐྱེད་པ་ཞེས་བྱ་བ་རིག་པ་ཉིད་དུ་དེ་འགྱུརརོ།། དེ་ལམ་ནོར་པ་ལ་ལམ་དུ་འཇུག་པར་བྱེད་པ་ཡངངོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དགེ་སློང་ངོ་།།
་མི་ནུས་པ་ཁྲིད་པ་ཡངངོ་ཞེས་བྱ་བ་ནི་ཁྲིད་པར་མི་ནུས་པ་ཞེས་བྱ་བ་ལྟུང་བ་མི་མཐུན་པའི་ཕྱོགས་དོར་ནས་ཞེས་བྱ་བ་འདི་ལྟར་འདི་བསེལ་བྱེད་པས་བརྩོམ་པའི་དོན་དུ་འདིའོ།། བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དོ།།
་གང་ལ་རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གྲོང་འཇོམས་པར་བྱེད་པའི་ཆོམ་རྐུན་དོག་གམ་ཤོ་གམ་འདྲལ་བའི་ཚོང་པ་དག་དང་ལྷན་ཅིག་འགྲོ་བ་ལའོ་ཞེས་བྱ་བ་སྨོས་ཏེ། འདོད་པས་ལམ་དུ་འགྲོ་ནའི་ཞེས་བྱ
་བ་ཐམས་ཅད་ལ་འདི་སྦྱར་བར་བྱའོ།། འདོད་པར་བྱེད་ཅིང་འཇུག་པོ་ཞེས་བྱ་བ་འདི་ལ་ཡོངསུ་གྱུར་པར་རིག་པར་བྱའོ།། ཟོལ་པ་དག་དང་རྐུ་ཐབ་སུ་རབ་ཏུ་བྱུང་བ་དག་དེ་དང་ལྷན་ཅིག་འགྲོ་བ་ལ་ནི་ཉེས་བྱསོ།། ཞེས་བྱ་བ་ནི། འདིར་ཡོད
་འདོད་བྱས་ལམ་དུ་འགྲོ་ནའོ་ཞེས་བྱ་བ་ལ་སོགསྔོ་བ་སྔར་བསྟན་པ་ཐམས་ཅད་སྦྱར་བར་བྱའོ།། འདིར་རྒྱང་གྲགས་རེ་རེར་ནི་ཉེས་བྱས་ཞེས་བྱ་བ་ཐོབ་པའི་གནས་ལ་ཉེས་བྱས་ཞེས་སྨོས་པ་འདི་ཡིན་ཏེ། དེའི་དོན་དུ་སོ་སོར་ཉེས
་བྱས་སོ།། རྐུན་མ་དང་ལྷན་ཅིག་ལོམ་དུ་འགྲོ་བའི་ལྟུང་བྱེད་དོ།། །། ཅི་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ་ལ་བྱེད་པ་པོ་ཉིད་གང་ཡིན་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨོས་ཏེ་འདུ་ཤེས་གཙོ
་ཆེར་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ།། བསྙེན་པར་རྫོགས་པར་བྱ་བ་ལ་ལོ་ཉི་ཤུ་མ་ལོན་པ་ཉིད་ལའོ་ཞེས་བྱ་བ་ནི་འཇུག་པ་གང་ལ་བྱེད་པ་པོ་ཉིད་ཅེས་བྱ་བ་འདི་ལ་བསྙེན་པར་རྫོགས་པར་ཞེས་འོག་ནས་སྟོན་ཏོ།། ཡན་ལག་གང་གིས
་བསྙེན་པར་རྫོགས་ཤེ་ན། དེའི་ཕྱིར་སྨོས་པ་ནི་མཁན་པོ་ཉིད་ཀྱིས་སོ་ཞེས་བྱ་བ་སྟེ། འོ་ན་འདིར་བསྙེན་པར་རྫོགས་པར་བྱེད་པ་ཐམས་ཅད་དབང་དུ་བྱེད་པ་ལྟུང་བའི་བཤད་པ་དང་དགེ་འདུནོ།། དེ་བས་ན་འགལ་ཆིབས
་དང་བཅས་པར་འགྱུརརོ་ཞེ་ན། འོན་ཀྱང་བདེན་མོད་ཀྱི་ཉེས་བྱས་གཅིག་ཏུ་བྱས་ཏེ་ལྟུང་བྱེད་དོ།། དེ་བས་ན་ཉེས་བྱས་འགྱོད་པ་དང་བཅས་པོ་ཞེས་བྱ་བ་འདི་ལ་ལྟུང་བྱེད་ཀྱི་བཤད་པ་མི་བཟུང་བ་ཁོ་ན་མཁན་པོ་ལ་ལྟུང་བྱེད་དུ་འགྱུར་ཏེ།
་ལྷག་མ་ལ་ནི་ཉེས་བྱས་ཞེས་བྱ་བ་རབ་ཏུ་འབྱེད་པ་ལས་མངོན་པར་འདོད་པའོ།། དེའི་ཕྱིར་འདིར་འདི་དག་གི་ཉེས་པ་སྟེ་དགེ་སློང་གིས་སྒོམ་པའི་ཕྱིར་བསྙེན་པར་རྫོགསོ་བར་བྱས་ནའོ་ཞེས་བྱ་བ་ནི་ལྟུང་བྱེད་ཅེས་སྦྱརོ།། གང་ཟག་དེ་ལ་བསྙེན
་བྱར་མ་རྫོགས་ལོ་དགེ་སློང་དེ་རྣམས་ཀྱང་བཟུང་བར་བྱའོ་ཞེས་བྱ་བའི་མདོ་ལས་མཁན་པོ་ཉིད་ཀྱིས་བསྙེན་པར་རྫོགས་པའི་དབང་དུ་མཛད་ནས་འདི་བཅའ་བ་མཛདདོ།། འདི་ནི་གླེང་གཞི་ལས་ཤེས་པར་ཡིན་མཁན་པོ་འཕགས་པ
་མཽད་གལ་གྱི་བུ་ཆེན་པོས་ལོ་བཅོ་བརྒྱད་ལོན་པ་རྣམས་ལ་བསྙེན་པར་རྫོཊ་བའི་དབང་དུ་མཛད་ནས་འདི་བཏགས་པའོ།། དེས་དེ་ལ་ལོན་པ་ཉིད་མི་དྲི་བར་མི་བྱའོ་ཞེས་བྱ་བ་ལ་དེས་ཞེས་བྱ་བ་ནི་མཁན་པོའོ།། དེ་ལ་ཞེས་བྱ་བ་ནི་བསྙེན
་པར་རྫོགས་པར་བྱ་བ་ལའོ།། རྫོགས་པ་ཞེས་བྱ་བ་ནི་ལོ་ཉི་ཤུ་ལོན་པ་ཉིད་མི་དྲི་བར་མི་བྱ་སྟེ་དྲི་བ་ཁོ་ནར་བྱའོ།། གཞན་གྱིས་ཀྱང་མི་བྱའོ་ཞེས་བྱ་བ་མཁན་པོ་ལས་གཞན་བསྙེན་པར་རྫོགས་པར་བྱེད་པ་པོ་དག་གིས་ཀྱང་བསྙེན
་རྫོགས་པར་བྱེད་པ་དེ་ལ་མི་དྲི་བར་མི་བྱའོ།། ངེས་པར་མི་ཤེས་པར་དེ་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པའོ།། མི་ཤེས་པར་དེ་བསྙེན་པར་རྫོགས་པར་བྱ་བ་མ་ཡིན།། གང་ཞིག་འདི
་རྣམས་ལ་སྨད་པོར་བྱ་བ་ཞེས་བྱ་བ་ནི། དགེ་སློང་ལྷག་མ་རྣམས་ལ་ཉེས་བྱས་སྟོན་པར་བྱེད་པ་སྟེ། འདི་ནི་དེའི་བསྡུ་བ་ཡིནོ།། རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་ལ་ནི་བསྙེན་པར་རྫོགས་པ་འཆག་སོ་ཞེས་བྱ་བ་ནི། ཡོངསུ་མ
་རྫོགས་པའི་འདུ་ཤེས་ཅན་ལྔ་བསྙེན་པར་རྫོགས་པར་བྱེད་པ་པོ་རྣམས་ལྀ་བློ་མ་མཐུན་པར་བྱེད་པ་ཉིད་ལ་ཡང་མ་དྲིས་སམ་མ་བརྗོད་པ་དག་ལ་ཡང་ཤེས་པར་བྱ་བ་རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་ལ་བསྙེན་པར་རྫོགས
་པ་འཆགས་ཏེ་གཞན་ནི་མ་ཡིནོ།། འདུ་ཤེས་སམ་ཡིད་གཉིས་ཟ་བ་ལ་སོགས་པ་རྣམས་ལ་ནི་འདིར་ནུས་པ་མ་ཡིནོ།། ཅིག་ཤོས་ལ་ནི་ལོན་པར་འདུ་ཤེས་པ་ཉིད་ནིའོ་ཞེས་བྱ་བ་ནི། ཅིག་ཤོས་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པ
་ཉིད་དུ་ཤེས་ན་བསྙེན་པར་རྫོགས་པ་འཆགསོ།། མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དག་ལ་ཡང་ངོ་ཞེས་བྱ་བ་ལ། ཅིག་ཤོས་ལ་བསྙེན་པར་རྫོགས་པ་འཆགསོ་ཞེས་བྱ་བར་སྦྱ་རོ།། མི་ཤེས་པ་ཞེས་བྱ་བ་ནི་ལོ་གྲངས་མི་ཤེས
་པས་སོ།། མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་རྣམས་ནི་མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དང་། ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པ་ཉིད་དུ་འདུ་ཤེས་པ་ཉིད་ཡིན་ནོ།། གལ་ཏེ་མི་ཤེས་པ་ལ་སོགས་པར་གྱུར
་ན་དེ་ལྟར་ཡང་གྲགས་པ་ཞེས་བྱ་བའི་དོན་ཏོ།། འདིར་བྱེད་པ་པོ་རྣམས་ལ་འདུ་ཤེས་ཡོངསུ་མ་རྫོགས་པ་ཉིད་ཡིན་ཡང་གྲགས་པའོ།། ཇི་ལྟར་ཉི་ཤུ་མ་ལོན་པ་ཞིང་ཉིད་ཡིན་ཞེ་ན། འདིར་རྣམ་པ་གཉིས་ཀྱི་ཞིང
་ཉིད་དུ་རྣམ་པར་བཞག་སྟེ་དངོས་པོ་དང་ཡིད་ཀྱིསོ།། ཡང་དག་པར་བྱེད་པའི་ཡིད་ཀྱི་དབང་གི་ཞིང་ཉིད་ཡིད་དེ། འོན་ཏེ་གང་ཞིག་ལ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པར་འདུ་ཤེས་པར་གྱུར་ན་ལོ་ཉི་ཤུ་མ་ལོན་པ་ལ་བསྙེན་པར
་རྫོགས་པར་བྱ་བ་མ་ཡིན་ནོ།། ཆོ་ག་འདི་མི་ཤེས་ན་མཁན་པོས་མ་དྲིས་པ་འམ་དགེ་འདུན་གྱིས་ཀྱང་མ་དྲིས་པར་གྱུར་ན་དུས་དེ་ལ་གཏོགས་པ་ནི་མ་གྲགས་པ་ཞེས་གསུངས་པ་ཡིན།། འོ་ན་འདི་ལ་ཚར་བཅད་པའི་བློས་ཡང
་དག་པར་གས་བླ་མ་ཡིནོ།། ཞེ་ན་འོན་ཀྱང་བདེན་མོད་ཀྱི་ཆར་བཅད་པའི་བློ་ཡིས་ནི་མ་གྲགས་པ་ཡན་ལག་མ་ཡིན་ཏེ། འོན་ཀྱང་ཞིང་ཉིད།། དེ་ལ་སྐྱེ་བ་ཡང་ཡོད་པར་འགྱུར་ཏེ། ཡོངསུ་རྫོགས་པའི་འདུ་ཤེས་ཉིད་ཡོད
་པ་ལ་ཡང་ཞིང་ཉིད་དོ།། འོ་ནཱ་རྐུ་ཐབསུ་གནས་པ་བསྒྲུབ་པ་གང་ཡིན་ཞེ་ན། འདི་ནི་བསྙེན་པར་རྫོགས་པ་ཉིད་ལ་བསྐྱེད་པ་ཡིན་ནམ་མ་ཡིན་ཞེ་ན། དེའི་ཕྱིར་བསྙེན་པར་རྫོགས་པར་ཁས་བླངས་ཤིང་མ་གྲགས་པར་གཏོགས
་པ་ལ་བསྐྱེད་པ་ཡིན་ཏེ། རྐྱེན་གྱི་དབང་ཉིད་མ་ཡིན་པ་ལ་མི་ཡིན་ཞེས་བྱ་བ་ཐམས་ཅད་ཉིད་དུ་ཆོ་ག་མ་བྱས་པ་ལ་གཏོགས་པ་ཉིད་ཀྱིས་འདི་བསྐྱེད་པར་རིག་པར་བྱའོ།། གང་གི་ཕྱིར་གཞན་དུ་ན་བདག་ནི་དགེ་སློང་ངོ་སྙམ་དུ་དགེ་འདུན
་གྱི་ནང་དུ་གཏོགས་པ་རྐུ་ཐབསུ་གནས་པ་མེད་པའི་ཕྱིར་རོ།། ཤེས་ན་ནི་དེ་ཞིགོ་ཞེས་བྱ་བ་ནི་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པ་ལ་ལོ་ཉི་ཤུ་མ་ལོན་པར་ཤེས་ན་དེ་ལ་སྔར་སྡོམ་པ་འཆགས་པ་དེ་ཞིགོ།། ཅི་ཆོ་ག་དེ་ལ
་ཅིག་ཏུ་ཟད་དམ་ཞེ་ན། དེའི་ཕྱིར་གལ་ཏེ་སྐྱེས་པ་ན་མ་ལོན་པ་ཡིནོ་ཞེས་བྱ་བ་སྨོས་ཏེ། དེས་ཞེས་བྱ་བ་ནི་ཤེས་པའོ།། སྐྱེས་པ་ན་མ་ལོན་པའི་འོ་ཞེས་བྱ་བ་ནི་ཤེས་ན་ནི་ཡོད་པ་ཉིད་ཉམས་པའོ།། ཡོངསུ་རྫོགས་པ་ཐོབ་པ་ལ
་ནི་ཉམས་པ་ཉིད་དོ།། ཅི་དང་པོ་མངལ་གྱི་སྒོ་ནས་བཅས་པ་དེ་ནས་བརྣམས་ཏེ་ཟླ་བ་ལྷག་པ་མེད་པར་སོ་སོར་བགྲང་བ་ལ་བསྙེན་པར་རྫོགས་པ་ཐོབ་པོ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་མངལ་ན་གནས་པ་དང་ཤོལ་གྱི་ཟླ་བ་དག
་དང་ཡང་བཅས་ཏེའོ་ཞེས་བྱ་བ་སྨོས་ཏེ། བསྙེན་པར་རྫོགས་པ་ཉིད་ལ་དེ་ཉིད་ཀ་བརྟེན་པར་བྱ་བ་མ་ཡིན།། ལྟུང་བ་དེ་དང་བརྟེན་པས་བསྙེན་པར་རྫོགས་པར་མ་གྲགས་པས་ཤེས་པར་བྱ་བ་རིག་པར་བྱའོ།། མངལ་ན་གནས་པའི
་ཟླ་བ་དག་དང་ཤོལ་གྱི་ཟླ་བོ་ལྷག་པ་དང་བཅས་ཏེ། དེའི་ལོ་ཉི་ཤུ་ཉིད་བརྩི་བར་བྱའོ་ལོ་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་དོ།། །། གང་ལས་སྭ་རྐོ་བའི་ཁ་ན་མཽ་ཐོ་བར་འགྱུརརོ་ཞེ་ན། དེའི་ཕྱིར་རྐོའམ་རྐོར
་བཅུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། རྐོ་བ་ནི་རང་གིས་ས་རྐོར་བཅུག་པ་ལ་ནི་གཞོན་ལའོ།། གང་ཞིག་དེ་ཙམ་ཞིག་གིས་ཐ་དད་པར་བྱས་པ་གང་ཡིན་པ་ལ་འབྲས་བུ་ཉིད་ཀྱི་རྣམ་པར་བཞག་པའོ།། དེའི་ཕྱིར་འདི་ནི་ལན་རེ་བཏང
་བ་ལ་བྱ་བ་ཐ་དད་པར་རིག་པར་བྱའོ།། འབྱིན་པ་ལ་ནི་ས་སོར་འགུགས་པའོ།། འབད་པ་གཞན་རབ་ཏུ་བསྒྲུབས་བྱས་འགུགས་པ་ཐ་དད་པའོ།། གང་ཞིག་རྐའམ་རྐོར་བརྒྱུག་པ་ལ་ཞེ་ན། དེའི་ཕྱིར་སྣར
་སའོ་ཞེས་བྱ་བ་སྨོས་ཏེ། སའི་རང་བཞིན་གྱི་ས་ཡིན་གྱི་བྱེ་མ་དང་རྡོ་ཐལ་རྒྱུ་དང་རྡོ་ལ་སོགས་པའི་རང་བཞིན་གྱིས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཅི་འདི་དྲག་ཐམས་ཅད་དུ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ལག་གི་གླུས་རྒྱུ་སྐོར་གྱིས
་སྦྱོར་བས་རུང་བར་བྱེད་པ་མེད་ན་ཐུར་མ་སོར་བཞི་ཙམ་བཙུགས་པ་མ་གཏིག་སོ་ཞེས་བྱ་བ་སྨོས།། སའི་ས་ཇི་ལྟ་བུ་ཞིག་ལ་ཁ་ན་མ་ཐོ་བ་ཇི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་རང་བཞིན་ཅན་དེ་ཡིན་ན་དངོས་གཞིའོ་ཞེས་བྱ་བ་སྨོས་ཏེ།
་འབྲེལ་པར་གྱུར་པའི་གནས་སྐབས་རིགས་མ་ཡིན་པ་ལ་ཉེས་བྱས་འདི་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། མ་འབྲེལ་པར་གྱུར་པའི་གནས་སྐབས་ལ་ནི་ལྟུང་བ་མེད་པ་ཡོད་པའི་ཕྱིར་རོ།། རང་བཞིན་ཅན་ཞེས་བྱ་བ་ནི་ཇི
་ལྟ་བུ་ཞིག་ཡིན་རང་བཞིན་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཕྱིར་སྔ་མ་ཤོས་ནི་ཟླ་བ་གསུམ་ལོན་པའི་འཐས་པའོ་ཞེས་བྱ་བ་སྨོས་ཏེ། འཐོས་པ་ཞེས་བྱ་བ་ནི་འབྲེལ་བ་ཉམས་པ་རྣམས་ལ་དང་པོ་ཉིད་ཡན
་ལག་རྣམས་ལ་འབྲེལ་པ་ཁས་ལེན་པར་འདོད་པ་དེ་ལྟ་བུ་གྱུར་པ་རྣམས་ལ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ།། གང་གི་ཕྱིར་མ་འབྲེལ་བར་གྱུར་པ་ཉིད་ལ་འབྲེལ་བ་ཉིད་ཉམས་པས་བཅུ་ཟད་ཀྱང་ཉམས་པར་གྱུར་པ་མ
་ཡིན་ནོ།། ཅི་སྟེ་གང་ནས་བརྩམས་ནས་འབྲེལ་བར་གྱུར་པ་ཉིད་རྟོགས་པར་བྱའོ།། གང་ནས་བརྩམས་ཏེ་སྐུར་པ་ཉིད་རྒོད་པ་དང་ལྷན་ཅིག་ཏུ་སོ་སོར་སྨྲ་བ་སྔོན་གྱི་རང་བཞིན་ཅན་ལ་ཇི་ཙམ་དུ་དེ་ནི་རྣམ་པའི་དུས་ལ་དེ་ཙམ་སོ་སོར
་གནས་པ་འདི་རྟོགས་པར་བྱ་འམ་ཞེ་ན། དེའི་ཕྱིར་གལ་ཏེ་ཚར་ཆུ་ཞོད་ནའོ་ཞེས་བྱ་བ་སྨོསོ།། དུས་གཞན་གྱི་ཚེ་ཟླ་བ་དུ་ལོན་ན་རང་བཞིན་ཅན་དུ་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱི་ཚེ་ན་དྲུགོ། རྩིག་པ་ལ་ནི་ས་ཉིད་མ་ཡིན་པར་ཤེས་པར་མི
་བྱའོ་ཞེས་བྱ་བ་ནི་འདིས་ནི་ཁང་ཐོག་ཀྱང་ས་ཉིད་ཡིན་པར་རིག་པར་བྱའོ།། ས་ཕུང་ཡང་འབྲེལ་པ་ལ་འདིར་ས་གཞན་གྱིས་ནི་མ་ཡིནོ།། འཐས་པར་གྱུར་ན་ནི་སོའི་གོང་བུ་ཉིད་དུ་གྱུར་པའི་ཕྱིརརོ།། ས་ཕུང་གལ་ཏེ་སྟེང་གི་ཆ་ནི་འཐས་པ
་འོག་གི་ཆའི་ཡན་ལག་མ་འཐས་པར་གྱུར་ན་དེ་ནི་ས་ཉིད་མ་ཡིན་པར་ཤེས་པར་བྱའོ།། སྔ་མ་འཐས་པར་གྱུར་ན་ནི་མཚུངས་པ་རྣམས་ལ་མཚན་ཉིད་རྣམས་ལ་རབ་ཏུ་བྱུང་བ་ཉིད།། འདུས་པ་དག་ལ་ནི་ཤོས་ཆེ་བས་མཚན་ཉིད་དག
་རབ་ཏུ་འབྱེད་པ་ཉིད་ཡིནོ་ཞེས་བྱ་བ་ལ། མཚན་ཉིད་དག་ལ་ཞེས་བྱ་བ་ནི་རྫས་ཀྱི་རང་གི་མཆིན་ཉིད་རིགས་མི་མཐུན་པའི་རྫས་ཡོད་པར་གྱུར་ཀྱང་རྫས་ནི་མཚན་ཉིད་གང་གི་ཆ་ཤས་ཆེ་བ་ཉིད་ནི་དེ་རྣམས་ཀྱི་ཚོགས་པ་འདི་བཞག་པ
་ཡིན་ཏེ་བསྟན་པ་ཡིནོ་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་ས་ལ་སོགས་པ་འདུས་པ་དག་ལ་རྫས་ཀྱི་རང་གི་མཚན་ཉིད་རྣམས་ནི་མང་བ་ཉིད་ཀྱིས་རྣམ་པར་བཞག་པའོ།། འདིའི་ཕྱིར་ཉུང་ངུ་གཞན་ཡོད་པའི་རྫས་ཉིད་ལ་ནི་ཕལ་ཆེ
་པ་ཉིད་དོ་ཞེས་བྱ་བ་ནི་ཚིག་པ་རྣམས་ལ་ཐམས་ཅད་ཉིད་དོ།། དེའི་ཕྱིར་འདིར་རྐོ་བ་དང་རྐོར་བཅུག་པ་དག་ལ་དངོས་བཞི་ཁོ་ན་སྟེ་ཞེས་བྱ་བ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཚིག་པ་ཉིད་ནི་ཉམས་པ་ཉིད་ཡིནོ་ཞེས་བྱ
་བ་ལ། ས་ཉིད་ཚིག་པ་ཉིད་ནི་ཉམས་པ་ཉིད་ཡིན་པར་རིག་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། སྨིན་པ་ཉིད་ནི་ས་ཉིད་མ་ཡིན་ཞེས་བྱ་བ་འདིས་བྱས་པར་རིག་པར་བྱའོ།། ཉམས་པ་ཉིད་ལ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་ཕྱེད་ཉིད་དེ་ཉེས་བྱས་བྱེད་པ་ཡིན་ནོ།
་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བ་ལས་ས་ཚིག་པ་རྐོ་ན་ཉེས་བྱས།། རྐོར་འཇུག་ན་ཉེས་བྱསོ།། རྣམ་པར་ཉམས་པ་ཡང་དེ་བཞིན་དུ་ཞེས་གསུངས་པ་ཡིན་ནོ།། ས་ཞག་དང་ངོགས་དང་རྩིག་པོ་དང་དེའི་སྐྱང་ཚུལ་གྲུགས་པ་དག
་ཀྱང་ངོ་ཞེས་བྱ་བ་ནི་ཕྱེད་ཉིད་ཞེས་སྦྱར་རོ།། དུས་གང་གི་ཚེ་སྐྱང་ནུལ་ཞེས་བྱ་བའི་སྒྲ་བརྗོད་པའོ།། རྡོ་ཐལ་རྒྱུ་དང་བྱེ་མ་ལ་སོགས་པ་ཤས་ཆེ་བ་ཡང་ངོ་ཞེས་བྱ་བ་ཡང་ཕྱེད་ཉིད་དོ་ཞེས་བྱ་བར་སྦྱརོ།། བདུད་རྩིའི་སྦྱིན་པས་རྫས་ལྷག་མ་དག་ལ
་སོགས་པ་ཞེས་བྱ་བའི་སྒྲས་བསྙེགསོ།། བྱ་བ་དག་ཀྱང་ངོ་ཞེས་བྱ་བ་ཡང་ཕྱེད་ཉིད་དོ།། དེ་ཡང་གང་ཞེ་ན། དེའི་ཕྱིར་ཕུར་པ་འབྱིན་པ་དང་རི་མོ་འདྲེན་པ་དང་སའི་ཕྱེ་མ་འདྲེན་པའི་ལྕི་བ་འགོགས་པ་དང་འོད་མ་བསྐྱོད་པ་དང་། དེ་དང
་འབྲེལ་པའི་ཕྲུ་བཽ་ལ་སོགས་པ་འདེགས་པ་དང་འཇིག་པའི་བདོག་ཉིད་ཀྱི་ཚེ་སྒོ་དག་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཕུར་པ་བཏབ་པ་ནི་ལྟུང་བྱེད་དུ་འགྱུར་ལ་ཞེས་བྱ་བ་འདི་ལ་བཟུང་བས་འདིར་བསྟན་པར་རིག་པར་བྱའོ།། སའི་ཕྱེ་མ་འདྲེན་པའི
་ལྕི་བ་འགོགས་པ་དེ་ནི་སའི་ཕྱེ་མ་འདྲེན་པ་ལ་ཉེས་བྱས་ཞེས་བྱ་བའི་དོན་ཏོ།། དེ་དང་འབྲེལ་པའི་ཞེས་བྱ་བ་ནི་འདམ་རྩུ་བ་དང་འབྲེལ་པ་བསྟན་པའོ།། ཅི་བསམ་པ་གང་ཡང་རུང་བས་འདིར་དེ་དག་སྤྱད་ན་དེའི་མཐར་ཐུགས་ཁ་ན་མ་ཐོབ
་རྫོགས་པའམ་ཆུང་བར་འགྱུར་ཞེ་ན། དེའི་ཕྱིར་འདིར་གཞིག་པོའི་བློ་དང་ལྡན་ན་དེའོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ།། ས་ལ་ཞེས་བྱ་བ་འདི་ལ་ཡང་དེ་འདིར་འཇུག་པ་བསྟན་པོར་རིག་པར་བྱའོ།། གང་གི་ཕྱིར་སྔ
་བའི་བློས་ཕུར་བུ་དབྱུང་བ་ལ་སོགས་པའི་བྱ་བོ་རྣམས་ལ་འདི་ནི་ཁ་ན་མ་ཐོ་བའོ།། དེའི་ཕྱིར་བགྲང་བ་དང་ཤོད་དགོད་པ་ལ་སོགས་པའི་བསམ་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་ལ་རྣམ་པར་སྦེད་པ་འདི་ལྟ་བུའི་འདི་ལྟ་སྟེ་ཕུར་བུ
་དབྱུང་བའི་གླགས་མེད་པ་དེར་ཆོ་ག་འདི་ལ་ཞེས་བྱ་བར་རིག་པར་བྱའོ།། ས་རྐོ་བའི་ལྟུང་བྱེད་དོ།། །། ཧ་ཅང་བསླང་བར་མི་བྱའོ།། མགྲོན་དུ་བོས་པའི་ཁྱིམ་དུ་གདུགས་ཆོད་བསྐུལ་བ་དེ་མེད་ན་འགྲོར་རུང་ངོ་ཞེས་བྱ་བ་ལ། རུང
་ཞེས་བྱ་བ་ནི་འདི་སློང་བའི་རྣམ་པ་ཉིད་ཀྱི་ཕྱིར་མི་རུང་བར་ཤེས་པར་བྱ་བ་མ་ཡིན་ཏེ། བྱ་བོ་གྱུར་པ་དུས་ལས་ཡོལ་ཁར་ཁས་བླངས་པ་བཅག་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། གང་དུ་བདག་གིས་གདུགས་བསྐུལ་བར་མི་ནུས་ཀྱིས་རང་གི་དུས
་ཤེས་ནས་ཤོག་ཅིག་ཅེས་གསུངས་པ་ཡིན།། དུས་ལས་ཡོལ་དུ་བྱེད་ན་བྲིམས་ཤིག་ཅེས་བསྒོ་བ་ཡང་ངོ་ཞེས་བྱ་བ་ནི་ཞུ་བའི་དོན་བྱས་པ་ཉིད་ཀྱི་ཕྱིར་རིག་པར་བྱའོ།། དེ་མེད་ན་ཞེས་བྱ་བ་ནི་དུས་ལས་ཡོལ་དུ་དོགས་པ་དེ་མེད་ནའོ།། གདུགས
་ཚོད་མ་བསྐུལ་བ་ཞེས་བྱ་བ་ལ། འདིར་གདུགས་ཆོད་བསྐུལ་བའི་ཁྱིམ་དུ་སྟེ། དེར་འགྲོར་རུང་བ་ནི་དུས་ལས་ཡོལ་དུས་བྱེད་པ་པ་ཡོད་སྲིད་པའི་ཕྱི་རོ།། དུས་ལས་ཡོལ་དུ་བྱེད་ན་བྲིམྦྷས་ཤིག་ཅེས་བསྒོ་བ་ཡང་ངོ
་ཞེས་བྱ་བ་ནི་མགྲོན་དུ་བོས་པའི་ཁྱིམ་དུ་སོན་པ་ནི་གདུགས་ཆོད་ཡོལ་དུ་བྱེད་ན། གདུགས་བྲིམས་ཤིག་ཅེས་བསྐུལ་དུ་རུང་བ་ཉིད་ཡིན་པའོ།། ཚིག་འབྲུ་དེ་ཉིད་མ་ཡིན་པ་ལ་གུས་པར་མི་བྱའོ་ཞེས་བྱ་བ་ནི་ཚིག་གང་རྣམས་ལ་སྔགས
་ཉིད་ཀྱིས་བསྡུ་བ་མཛད་པ་དེ་རྣམས་ལ་དེ་ཉིད་ཀྱི་ཕྱིར་བསྡུ་བ་སྔགས་ཀྱི་ངེས་པའི་སྐབས་ལྔ་བརྗོད་པ་འདི་ནི་མི་འཇུག་པར་གཏོགས་པར་བྱའོ།། དོན་དེ་གོ་བར་བྱ་བའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་ཚིག་འབྲུ་གང་དུ་གསུངས
་བ་དེ་ཉིད་མ་གཏོགས་པ་དེ་ལས་གཞན་ལ་གུས་པར་མི་བྱི་སྟེ། ཚིག་འབྲུ་དེ་ཉིད་ཀྱིས་དྲོན་དེ་ཉིད་བརྗོད་པར་བྱ་བ་མ་ཡིན་ཏེ། ཡོང་སུ་རྫོགས་པོ་དེའི་འདོད་པས་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་བསྟན་དག་ཅི་བདེར་གྱིས་ཤིག།
་ཚེ་དང་ལྡན་པ་ཁྱེད་ཀྱིས་ཅི་བདེ་བ་ཞེས་བྱ་བ་ནི་བདག་གི་མི་ཤོས་ཀྱིས་འདི་ལྟར་སྟན་དག་ནི་ཁྱེད་ཁོ་ནའི་ཕྱིར་བཤམ་སོ་ཞེས་ཟེར་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་སྐད་ཟེར་ན་ཅི་བདེར་བརྗོད་པར་བྱའོ་ཞེས
་གསུངས་པ་ཡིནོ།། དེ་ལྟ་བུར་གྱུར་པ་ཐམས་ཅད་ལ་འདི་རྣམ་པར་བཞག་པ་དེའི་ཕྱིར་ཐམས་ཅད་དུ་ཞེས་བྱ་བ་ཤེས་པའོ།། སོ་སོར་མགྲོན་དུ་བོས་པ་བདག་གིར་བྱའོ་ཞེས་བྱ་བ་ལ། འདི་མི་རུང་བར་ཤེས་པར་མི་བྱ་ཞེས་བྱ་བའི་དོན
་ཏོ།། དགེ་འདུན་མགྲོན་དུ་བོས་པ་ཉིད་དོ།། སྤྱན་དྲངས་པ་ཡོད་ན་ཁས་བླངས་པར་མི་བྱ་སྟེ། དེ་ལྟ་བས་ན་མགྲོན་དུ་བོས་པ་མ་ཡིན་པ་ཉིད་ལ་དགེ་འདུན་གྱི་སཽ་སོར་མགྲོན་དུ་བོས་པ་བདག་གིར་བྱའོ།། ཚུལ་འདི་ལྟ་བུ་བྱ་བར་འདོད་པ་ལ་འབྲེལ་བའི
་དོན་དུ་གསུངས་པ་ནི། དགེ་འདུན་དང་བཅས་ཏེ་མགྲོན་དུ་བོས་པ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་སྤྱན་དྲངས་པ་ཡོད་ན་གང་ཟག་གིས་ཀྱང་མངོན་པར་མི་བརྟེན་པ་ནི་ཁྱད་པར་རོ།། ཇི་ལྟར་གཙུག་ལག་ཁང་གི་ཁོ་ཟས་ནི་གང་ཟག་མགྲོན་དུ་བོས
་པ་མ་ཡིན་པ་དེ་བཞིན་དུ་འདིས་ཞེས་བྱ་བའི་ཆོ་ག་འདིའོ།། དུས་ཐམས་ཅད་དུ་ཡོང་ངོ་ཞེས་བྱ་བ་ནི་དགེ་འདུན་མ་གང་ཟག་ཇི་སྲིད་འཚོའི་བར་དུ་མགྲོན་དུ་བོས་ན་ཡང་བདག་གིར་བྱའོ་ཞེས་བྱ་བའི་དོན་ཏོ།། ཅི་ཞིག་བྱས་ནས་མགྲོན་དུ་གཉེར་བ་ལས་རིང་དུ
་འདུག་པའམ་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཚིགས་རྣམ་པར་བཞག་པ་མེད་པར་འགྲོན་དུ་གཉེར་བ་དང་ལྡན་པ་ལ། ཕྱིས་གཞན་ནམ་ཡང་དང་ཡང་དུ་འམ་དུས་ཀྱི་མགྲོན་དུ་གཉེར་བར་མ་བྱས་པ་ཟླ་བ་བཞི་པ་ཡོང་སུ་རྫོགས་པའི་འོག་ཏུ་བཤམས
་པ་ཟོས་ནའོ་ཞེས་བྱ་བོ་སྨོས་ཏེ། གང་ཞིག་དུས་འདི་ཙམ་དུ་རྟག་པ་ཉིད་དུ་ངེས་པ་རྣམ་པར་བཞག་ནས་ཁྱད་པར་དུ་དགེ་འདུན་གྱི་སྒོ་ནས་མགྲོན་དུ་གཉེར་བར་བྱེད་པ་རབ་ཏུ་སྦྱར་བའི་མགྲོན་དུ་གཉེར་བར་བྱས་པའམ། ཉེ་བར་སྤྱན་དྲངས་པར་གྱུར་པ་འདི་ལྟ
་བུར་གྱུར་པའི་མགྲོན་དུ་བོས་པས་འོག་ཏུ་དགེ་འདུན་ལ་གཞན་དུ་བྱས་པ་ཉིད་ལ་གང་ཟག་ལས་བྱས་པས་དགེ་འདུན་ལ་བྱས་པ་ཉིད།། ཡང་དང་ཡང་དུ་འམ་ཤིན་ཏུ་དོན་ཉིད་ཀྱིས་མགྲོན་དུ་བོས་པ་བྱས་པ་ནི་ཟླ་བ་བཞིའི་མཐར་ཐུག་པའི་འོག་ཏུ
་བཤམས་པ་རྣམ་པར་བཞག་པ་བྱས་པ་མགྲོན་དུ་གཉེར་བར་བྱས་པས་ཁ་ཟསུ་བྱས་པ་ཟ་བར་བྱེད་པ་ལ་ཞེས་བྱ་བའི་དོན་ཏོ།། མགྲོན་དུ་གཉེར་བ་ལས་ལྷག་པར་གནས་པའི་ཁ་ན་མ་ཐོ་བ་འདི་དང་མགྲོན་དུ་བོས
་པའི་དོན་དུ་མ་ཁ་ཟས་བསོད་པའི་ཁ་ན་མ་ཐོ་བའི་ཆོ་ག་འདི་གཉིས་ཀྱི་བྱེ་བྲག་རྟོགས་པར་བྱའོ།། རྟག་ཏུ་མགྲོན་དུ་བོས་པ་ལས་གཞན་དུ་ཞེས་བྱ་བ་འདི་ལས་འདི་ལ་ངེས་པར་རྣམ་པར་བཞག་པ་མེད་པར་ཞེས་བྱ་བ་བསྡུ་བའོ།།
་དངོས་ནི་ཟླ་བ་བཞིའི་འོག་ཏུ་རྙེད་པ་ལ་ཉེས་པ་མེ་དོ་ཞེས་བྱ་བ་དེ་ལ་འདི་བསྟན་པའི་དོན་དུའོ།། གཞན་དག་གི་སོ་སོར་མགྲོན་དུ་གཉེར་བ་ཞེས་བྱ་བ་དེའི་འདི་བསྡུ་བའོ།། འདིར་ཁ་ཟས་བསོད་པ་ལ་མངོན་པར་བརྟེན་པོ་ཡོད་པ་ཡིནོ།།
་དེ་བྱས་ན་ཁ་ཟས་ཐ་མལ་པ་ལ་ཡང་འདིར་ཡོངསུ་རྫོགས་པ་ལ་ཁ་ན་མ་ཐོ་བོ་བྱེད་པ་ཉིད་དོ།། འདིར་གཞུང་ནི་བསྡུ་བ་བསྟན་པ་ལས་དགེ་སློང་ཟླ་བ་བཞིའི་བར་དུ་མགྲོན་དུ་བོས་པ་ལས་ཅུང་ཟད་ལྷག་པར་རོ་མྱང་བར་བྱེད་ན་སོ་སོར་མགྲོན
་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་མ་གཏོགས་པར་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། རྣམ་པར་རིག་བྱེད་ལ་ནི་ཉེས་བྱསོ་ཞེས་བྱ་བ་འདི་ནི་སྦྱོར་བ་ལ་ཉེས་བྱས་ཞེས་བྱ་བ་དེའི་སྤྲོས་པ་ཡིན་ཏེ། འདིར
་རྣམ་པར་རིག་བྱེད་ཅེས་བྱ་བ་འདི་ནི་ཟླ་བ་བཞི་ལས་ལྷག་པར་བཤམས་པའི་ཟིན་གྱི་ཕྱིར་ཉེ་བར་འགྲོ་བ་ཡང་ཡིན་པར་རིག་པར་བྱའོ།། ནོད་པ་ལ་ནི་ལྟུང་བ་མེ་དོ་ཞེས་བྱ་བ་ནི་ནད་པའི་ཕྱིར་བླངས་པ་དང་ཟོ་བ་ནི་ཉེས་པ་མེདོ།། འདིར་གཞུང
་ནི་ཞུ་བ་དག་ལས་མི་ན་བར་བླངས་སྟེ། ཟ་ན་བླངས་པ་ལ་ནི་ཉེས་བྱས་ལ། ཟོས་པ་ལ་ནི་ལྟུང་བྱེདོ་ཞེས་གསུངས་པ་ཉིད་མདོ་འདིར་བསྡུས་པ་ཡི་ནོ།། ཉེ་དུ་ལས་ཀྱང་ངོ་ཞེས་བྱ་བ་ནི་སྦྱིན་བདག་ཉེ་དུ་ལས་བླངས་ཏེ་ཟོས་པ་ལ་ཡུང་ལྟུང་བ་མེད་དོ།། འདིར
་གཞུང་ནི་ཞུ་བ་ལས་ཁྱིམ་བདག་དེའི་ཕུ་ནུ་འམ་བུ་ཆེ་འམ་བུ་སྲིད་ཡིན་ན་དེ་དག་ལས་རོ་མྱང་བར་བྱའོ་ཞེས་གསུངས་པ་ཡིནོ།། རྣམ་པར་འཁྱམས་པ་ལས་སྔ་མ་ནི་ཐ་དད་པ་ཉིད་ཞེས་བྱ་བ་ནི་རྣམ་པར་འཁྱམས་པ་ཞེས་བྱ་བ་ཁྱིམ་པར་བབས
་པ་ལས་སྔ་མ་ཞེས་བྱ་བ་དེ་དགེ་སློང་ཉིད་ནི་ཐ་དད་པ་ཉིད་ཡིན་པའོ།། འདིར་གཞུང་ནི་ཞུ་བ་ལས་ཚེ་དང་ལྡན་པ་ལ་གང་དགོས་པ་དེ་ཁྱེར་ཅིག་ཅེས་དགེ་སློང་ལ་བསྟབས་པར་གྱུར་པ་ལས་དགེ་སློང་དེ་རྣམ་པར་འཁྱམས་པར་གྱུར་ཅིང་དེ་དང་བསྙེན་པ་རྫོ
་བཔར་བགྱིད་ན། དགེ་སློང་དེས་ཆོ་ག་སྔ་མ་དེ་ཉིད་ཀྱིས་རོ་མྱང་བར་བགྱི་འམ། གལ་ཏེ་ཡང་བསྟབས་པར་བྱེད་ན་ནི་རོ་མྱང་བར་བྱ་བའོ།། སྟོབས་པར་མི་བྱེད་ན་ནི་རོ་མྱང་བར་མི་བྱའོ་ཞེས་གསུངས་པ་ཡིནོ།། དེ་ནི་མ་བསྟབས་པའི་ཉེས་པ་བྱེད་པ་ཉིད་ཡིན
་ཞེས་བྱ་བ་ནི་རྣམ་པར་འཁྱམས་པའི་འོག་ཏུ་མགྲོན་དུ་བོས་པ་ལ་བསོད་པ་སློང་བའི་ཁ་ན་མ་ཐོ་བ་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། མདུན་རོལ་དུ་ཡང་གང་གིས་མ་བསྟབས་པའོ་ཞེས་བྱ་བ་ནི་ཟླ་བ་བཞིའི་འོག་འབའ་ཞིག་ཏུ་མ་ཟད་ཀྱི་ཟླ་བ་བཞི
་མ་ཚང་བའི་མདུན་རོལ་ཏུ་ཡང་ཞེས་བྱ་བའི་དོན་ཏོ།། བཟའ་བར་བྱ་བའི་དངོས་པོ་གང་གིས་མགྲོན་དུ་བོས་པ་དེ་སློང་ངམ་ཟ་ན་མ་བསྟབས་པའི་ཉེས་པ་བྱེད་པ་ཡིན་པའོ།། མགྲོན་དུ་གཉེར་པོ་ལས་རིང་དུ་འདུག་པའི་ལྟུང་བྱེད་དོ།། བསླབ་པ་ལ་ཉེ
་བར་འཇོག་པ་སྤོང་བའི་ལྟུང་བྱེད་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་དོན་ཏོ།། གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ཞེ་ན་དེ
་ཕྱིར་མངོན་པར་ཤེས་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། མངོན་པར་ཤེས་པ་ཉིད་ག་ལ་ཞེ་ན་དེའི་ཕྱིར་སྨྲ་བ་པོ་ལའོ་ཞེས་བྱ་བ་སྨོས།། དེས་གང་ལ་མངོན་པར་ཤེས་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་བསླབ་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ཡང
་དོག་པ་ཁོ་ནར་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་དག་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན།། འདིར་ཆོ་ག་འདི་རྣམ་པར་གནས་པ་ཡིན་ཏེ། མངོན་དུ་བྱས་པ་ལ་དྲང་སྲོང་གིས་ཡེ་ཤེས་ཀྱིས་འདུལ་བ་ལ་མངོན་པར་ཤེས
་བ་ཉིད་ལ་ཡིད་ཆེས་པ་ཉེ་བར་ཐོས་པ་ལ་འདིར་འདུ་ཤེས་དག་པ་སྟེ་གཞན་དུ་ནི་མ་ཡིན་ནོ།། དེའི་ཕྱིར་དེ་རྣམས་ལ་གཅིག་ཏུ་ཁ་ན་མ་ཐོ་བ་མི་བསྐྱེད་པ་སྟེ། གཞན་འགའ་ཞིག་ལ་ནི་མ་ཡིནོ་ཞེས་བྱ་བར་རིག་པར་བྱའོ།། གལ་ཏེ་བྱེད་པ་པོ་ཉིད་མ
་ཡིན་ནོ་ཞེ་ན། དེའི་ཕྱིར་དགེ་སློང་གིས་ཁྱེད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་བརྗོད་པ་ནའམ་བསྒོ་བ་ནི་མི་སློབ་པ་ཞེས་རྒྱུའོ་དངོས་པོ་དེས་གོ་བར་བྱེད་པ་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་བརྗོད་ནའོ་ཞེས་བྱ་བ་སྨོས་ཏེ། བརྗོད
་པ་ན་འམ་ཞེས་བྱ་བ་ནི་བསླབ་པ་ལ་ཞེས་བྱ་བ་འདིས་སྐབས་ཀྱིས་སོ་སོར་གནས་པའི་འབྲེལ་པ་ཅན་དུ་རིག་པར་བྱའོ།། འདི་ལ་ཞེས་བྱ་བ་ནི་འདུལ་བ་ལས་གསུངས་པ་ལས་ཏེ། མདོ་སྡེ་ལས་གསུངས་པ་ནི་ཉེས་བྱས་ཀྱིའོ་ཞེས་འབྱུང་བའི་ཕྱིར།།
་བསྒོ་བ་ན་ཞེས་བྱ་བ་ནི་བརྗོད་པ་ལའོ།། འདི་ལ་ཁྱོད་ཀྱིས་བསླབ་པར་བྱའོ་ཞེས་མོས་པར་བཱད་ནའོ།། འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། འདུལ་བ་དང་ཉེ་བར་གྱུར་པའི་མདོ་སྡེ་རྣམས་བཞག་ནས་འདི་སྐད་ཅེས་སྨྲ་བར་བྱེད། བདག་གྲིས
་འདི་ལ་བསླབ་པར་མི་བྱའོ་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་རོ།། དེ་བས་ན་འདི་བརྗོད་པོ་ཡིན་ནོ།། གང་གིས་འདི་ལྟར་བརྗོད་པ་ཞེ་ན། དགེ་སློང་ཞེས་སྨོས་པས་སོ།། རྣམ་པ་གང་གིས་མི་ཤེས་པ་སྲིད་པ་ཉིད་ཀྱི་ཕྱིར་ཞེ་ན། དེའི་ཕྱིར་མི
་སློབ་ཞེས་རྒྱུའི་དངོས་པོ་དེས་གོ་བར་བྱེད་པ་ཞེས་བྱ་བ་སྨོས་ཏེ། བདག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་དེ་སྐད་ཟེར་བ་སྟེ། གྲང་གི་ཕྱིར་ཁྱོད་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་གོ་བོར་བྱེད་པ་ལ་ཞེས་སྨོས
་ཏེ། གང་གི་ཕྱིར་ཁྱོད་མི་ཤེས་པ་དེའི་ཕྱིར་ཁོ་བོ་མི་སློབ་པོ་ཞེས་གོ་བར་བྱེད་པ་ལ་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་གང་ཡིན་པ་དེ་བརྗོད་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། མདོ་ལས་གསུངས་པ་ལ་ནི་ཉེས
་བྱས་ཀྱིའོ་ཞེས་བྱ་བ་ཡང་མངོན་པར་ཤེས་པ་ཉིད་ལ་ཞེས་བྱ་བ་འདི་ནི་མཐར་བསླབ་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་བརྗོད་པར་གྱུར་པ་ལ་ཇི་སྲིད་དུ་ཚིག་བརྗོད་པ་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ།། འདིར་གཞུང
་ནི་ཞུ་བ་ཁ་ཅིག་ལས། འདུལ་བ་དང་ལྡན་པ་དག་མ་གཏོགས་པ་མདོ་སྡེ་དག་ལས་འདི་སྐད་ཅེས་ཁོ་བོ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ཉེས་བྱསོ།། གཞན་མདོ་སྡེ་ཉིད་བཞག་པ་འདི་ལས་མངོན་པར་བརྟེན་པ་ཤེས་པ་ཡིན་ནོ།། བསླབ་པ
་སྐྱེ་བར་འཇོག་པ་སྨྱུང་བ་སྒྱུ་བྱུད་དུ། རྒྱུ་། སྨྱེ་བྷཱུས་ནུ་ལ་རྨྨ་བྱ་ཀླུང་སུ་ཉན་ནུས་གྷུ་བྱུ་རྒྱུད་བྱུང་རྒྱུ་ན། ངྒེ་དྤ་རྨྱ་ངྱ་སྤྱོད་བར་གྱུར་བྱུ་སློང་དྲུག་དྷྱ་ར།
་བ་ན་ཉན་པའི་ཕྱིར་རྣ་གཏོད་ན་སྟེ་ཉེ་བར་ཞི་བར་འདོད་པས་ནི་མ་གཏོག་སོ་ཞེས་བྱ་བ་སྨོས་ཏེ། ཡུལ་གྱི་དོན་གཅིག་ལ་བརྟེན་པའི་རྒོལ་བ་དྲོང་ཕྱིར་རྒོལ་བ་དག་མངོ་བོ་ཞིག་ཡོད་མོད་ཀྱི། འོན་ཀྱང་རིགས་གཉིས་ཡིན་པའི
་ཕྱིར་དགེ་སློང་དག་ཅེས་གཉིས་ཀྱི་ཚིག་ཏུ་བྱསོ།། རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་གང་ཡིན་པ་དེ་དག་ལ་དགེ་སློང་རྣམ་སྤྱི་སྡུམ་པ་གང་ཡིན་པ་དེ་ལ་རྣ་གཏོད་པའི་དོན་དུ་རྩེ་གཅིག་ཏུ་འབྱེད་པའོ།། ཅི་རྣ་གཏོད་པ་ཐམས་ཅད
་ལ་ཡིད་ནམ་ཞེ་ན། དེའི་ཕྱིར་ཉེ་བར་ཞི་བར་འདོད་པས་ནཱི་མ་གཏོགསོ།། ཞེས་བྱ་བ་སྨོས་ཏེ། རྣ་གཏོད་ཅིང་ཉན་པ་དོར་ནས་ཞེས་བྱ་བའི་དོན་ཏོ།། འདིར་གང་ལ་ཁ་ན་མ་ཐོ་བ་ཇི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་སྒྲ་ཐོས་པ་ལ་ནི་ཉེས་བྱསོ།། དོན
་དངོས་གཞིའོ།། ཞེས་བྱ་བ་ནི་སྒྲའི་དོན་གོ་ནས་དོན་སོ་སོར་རིག་པའོ།། དེ་བས་ན་འདིར་སྦྱོར་བ་ཐོབ་པ་ནི་སྒྲ་སོ་སོར་རིག་པ་དང་འབྲེལ་པ་སྟེ། དངོས་གཞིའི་ལྟུང་བ་ན་སྨད་པ་ནི་མ་ཡིནོ།། ཅི་དོན་གང་ཡང་རུང་བ་ལོ་ངས་དངོས་གཞིར་འགྱུར
་རམ་ཞེ་ན། དེའི་ཕྱིར་འཁྲུག་ལང་བྱ་བ་ལ། གཞོལ་བས་སོ་ཞེས་བྱ་བ་སྨོས་ཏེ། དོན་གཞན་གྱི་དབང་ཉིད་དུ་སོན་ཅིང་ཤེས་པའི་འོག་ཏུ་རྐང་པ་དང་སེ་གོལ་དང་ལུང་པའི་སྒྲ་དག་གིས་གོ་བར་མི་བྱེད་ན་ངེས་པར་ལྟུང་བ་འབྱིན་པ་ཉིད
་དུ་འགྱུར་ཏེ། གལ་ཏེ་ནོར་བ་དང་ཞི་བར་འདོད་པ་ནི་མ་གཏོག་སོ་ཞེས་བྱ་བ་སྨོས་ཏེ། ཉེ་བར་ཐོས་པ་ལས་དོན་གཞན་མངོན་དུ་བྱས་ཏེ་ཉེ་བར་འབྲེལ་པར་བྱའོ།། དུས་གང་གི་ཚེ་ན་ཤེས་པར་འགྱུར་བ་ཅུང་ཟད་འདིར་བསྡང་བར
་བྱ་སྟེ། དེ་ལྟར་ཤེས་པའི་འོག་ཏུ་རྐང་པའི་རྟིང་སྒྲ་ལ་སོགས་པས་བསྡད་པར་བྱའོ།། གལ་ཏེ་མ་ཡིན་ན་གང་ལས་ངེས་པར་ལྟུང་བར་བྱེད་པ་ལ་ལྟུང་བར་འགྱུར་བ་ནི་ལྟུང་བ་བསྐྱེད་པའོ་གལ་ཏེ་ནོར་བར་གྱུར་ཏམ་ཞི་བར་འདོད
་པོས་ནི་མ་གཏོགས་ཏེ། ཉེ་བར་མི་གནས་པར་གྱུར་བའི་ཚེ་གཅིག་པའི་སྦྱིན་པར་མི་འགྱུར་བ་ཞི་བ་ལ་དོན་དུ་གཉེར་བ་འམ་ཞེས་བྱ་བའི་དོན་ཏེ།། འཐབ་བཅུགས་མི་བྱའོ་ཞེས་བྱ་བ་ནི་རྟེན་དུ་གྱུར་པ་ལ་ཆོ་ག་སྔ་མ་རྣམ་པར
་བཞག་པའི་ཕྱིར་གཞན་ཞེས་བྱ་བའི་རྐྱེན་ཏོ།། མི་སྟབས་པ་ཉིད་ཀྱིས་ཐོབ་པ་ལ་ཚིག་འདིའོ།། མཉན་པར་མི་བྱའོ་ཞེས་བྱ་བ་ནི་འཐབ་མོའོ།། དེ་བྱེད་པ་ལ་ཉེ་བར་བསྐོར་ཏེ་འདུག་པར་མི་བྱའོ།། ཉེ་བར་ཞི་བར་བྱ་བའི་ཕྱིར་མི་འབད་པར
་མི་བྱའོ་ཞེས་བྱ་བ་རྩོད་པ་ལའོ།། ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དོ།། །། གང་ལ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གསོལ་བ་ལ་སོགས་པའི་ལས་ལ་འདུས་པ་དགེ་སློང་ལ་མ་སྨྲས་པར་འགྲོ་ནའོ།
་ཞེས་བྱ་བ་སྨོས་ཏེ། གསོལ་བ་ལ་སོགས་པའི་ལས་ལ་ཞེས་བྱ་བ་ནི་གསོལ་བ་འབའ་ཞིག་དང་གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ལ་ཡང་དགག་དབྱེའི་ངག་ཉིད་ཅན་གྱི་ལས་ལའོ།། རབ་ཏུ་བྱུང་བ་ལ་བལྟོས
་པ་ཞུ་བ་ལ་སོགས་པ་ལ་མ་ཡིན་ནོ།། འདུས་པ་ཞེས་བྱ་བ་ནི་ཞུགས་པ་ལའོ།། དགེ་འདུན་འདུས་པ་ལ་མ་དྲིས་པར་རོ།། དགེ་སློང་ལ་མ་དྲིས་པར་འགྲོ་ནའོ་ཞེས་བྱ་བ་ལ། དགེ་སློང་ལ་མུ་སྨྲས་པར་ཞེས་བྱ་བ་ནི
་ལྟ་བ་ཡང་དག་པར་བསྒྲུབ་པའི་དོན་དུ་མ་ཡིནོ།། འོན་ཀྱང་ཚོགས་པ་བསྒྲུབ་པའི་དོན་དུ་འདུན་པ་འབུལ་བ་ལྟར་རྫོགས་པར་བྱའོ།། ཐག་ཇི་སྲིད་དུ་སོང་ན་འགྲོ་བའི་ཆ་དེ་ཁ་ན་མ་ཐོ་བ་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཐོས་པའི་ཉིན
་འཁོར་ལས་འདས་ན་དངོས་གཞིའོ།། མདུན་རོལ་ཏུ་ནི་ཉེས་བྱསོ།། དོན་མེད་པ་དང་མི་རིག་པས་འགྲོ་བའོ་ཞེས་བྱ་བ་སྨོས་ཏེ། དགོངས་པ་མེད་པ་དང་མི་རིགས་པའི་ཚུལ་གྱིས་དགོངས་པར་འགྲོ་ན་ཡང་ཉེས་བྱས་སུ་འགྱུར།
་གསོལ་བ་བྱས་པ་ཉིད་ལའོ་ཞེས་བྱ་བ་ནི། འདིར་གཞུང་ནི་ལས་ཀྱི་གཞི་ཞུ་བ་ལས། བཙུན་པ་རེ་ཞིག་ལས་བརྗོད་པ་བགྱིད་པ་ན། དགེ་སློང་སྟན་ལས་ལངས་ཏེ་མཆི་ཞིང་དགེ་སློང་མ་མཆིས་པ་དག་ལ་ཡང་མི་སྨྲ་བར་མཆི་ན
་ལྟུང་བ་ཅིརོ་འགྱུར། ཉེ་བར་འཁོར་ཉེས་བྱསོ་ཞེས་གསུངས་པ་ཡིན།། ཆོས་དང་ལྡན་པ་ཉིད་མ་ཡིན་པའི་ལས་ལ་ཡངངོ་།། ཞེས་བྱ་བ་ནི་ཆོས་དང་ལྡན་པ་ཉིད་མ་ཡིན་པ་འདི་རྣམས་ལ་དངོས་གཞི་གན་སུ་ཉེས་བྱསོ།། འདིར
་གཞུང་ནི་ཞུ་བ་ཁ་ཅིག་ལས། ཆོས་དང་ལྡན་པ་ཉིད་མ་ཡིན་པའི་ལས་བྱེད་པ་ནི་འགྲོ་ན་ཉེས་བྱས་ཞེས་གསུངས་པ་ཡིན།། ཐོས་པའི་ཡུལ་ལས་མི་འདའ་བར་འདོད་པ་ནི་ལྟུང་བ་མེདོ་ཞེས་བྱ་བ་ནི་འདི་ནི་སྔར་མདུན
་རོལ་དུ་ནི་ཉེས་བྱས་ཞེས་བྱ་བ་སྨོས་པ་དེའི་དམིགས་ཀྱིས་བསལ་བ་ཡིན་ནོ།། འདིར་གཞུང་ནི་ཞུ་བ་ལས། གསོལ་བ་བརྩམས་པ་ནས་བཤང་བའི་ས་འམ་གཅི་བའི་སར་འགྲོ་བ་འམ་འོང་ཡང་རུང་སྟེ། དགེ་སློང་འཁོད་པ་དག་ལ
་མི་སྨྲ་ཡང་ཐོས་པའི་ཉེན་འཁོར་ཡོངསུ་མི་གཏོང་བ་གང་ཡིན་པ་ལ་ནི་ལྟུང་བ་མེད།། འདིར་སྔ་མ་ལ་ཡང་ཐོས་པའི་ཉེན་འཁོར་མི་གཏོང་བ་ལ་ལྟུང་བ་མེད་པར་རྣམ་པར་གནས་པ་ཡིན།། གཏོང་ན་ནི་ངེས་པར་ཉམས་པར
་འགྱུར་རོ།། མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དོ།། གང་ལ་མ་གུས་པའི་ཚུལ་གྱིས་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་འདུག་པ་དང་འགྲོ་བ་དང་གནས་མལ་གཙུག་ལག་ཁང་ལེན་པ་དང་སྨྲ་བ་ལ་སོགས་པ་བསྒོ་བའི་དོན་ལ་མ་གུས
་པས་ཆོས་དང་ལྡན་པར་ཤད་ཀྱི་སྦྱང་བ་མེད་པར་དེ་ལས་བཟློག་ཏེ་འགལ་བར་བྱེད་པའོ་ཞེས་བྱ་བ་ནི་དེ་ལས་བཟློག་ཏེ་མི་འདུག་པ་དང་མི་འགྲོ་བ་དང་གནས་མལ་མི་ལེན་པ་དང་གཙུག་ལག་ཁང་མི་ལེན་པ་དང་མི་སྨྲ་བའོ།། སོགས
་པའི་སྒྲས་ནི་ལྷག་མ་འདི་ལས་ཆོས་དང་ལྡན་པའི་དོན་ལ་ཉེ་བར་བསྡུས་པའི་དོན་ཏོ།། མི་འགྱུར་བའི་ཡིད་ཀྱིས་ཀྱང་མི་མཐུན་པར་གྱུར་པ་ཡིན་ཏེ་བཤད་ཀྱིས་ཀྱང་།། འདི་ལྟ་སྟེ་དཔེར་ན་གུས་པ་རབ་ཏུ་བྱེད་ཅིང་མི་མཐུན་པ་སྟེ།
་ཁ་ན་མ་ཐོ་བ་ལ་འཇིགས་པར་མཐོང་བ་ནི་མ་ཡིན།། ཆོས་དང་མི་ལྡན་པའི་གསོལ་བ་འབའ་ཞིག་ཏུ་ནི་མ་ཟད་དེ། ཆོས་དང་ལྡན་པའི་གསོལ་བ་བཏབ་པས་ཀྱང་འདི་ནི་གུས་པ་མེད་པ་མ་ཡིན་ཏེ། དེ་བས་ན་མི་གུས་པར་ཤེས་པར
་མི་བྱའོ།། དེ་བས་ན་གུས་པ་མེད་པ་ཞེས་བྱ་བ་ནི་བྱེ་བྲག་གོ།། གུས་པ་ཡོད་པ་ལས་ཡང་དུས་གཅིག་གི་ཚེ་ཆོས་དང་ལྡན་པའི་གསོལ་བ་བཏབ་པ་ཡོད་པ་མ་ཡིན་ཏེ། འདིར་ཆོས་ཀྱི་གསོལ་བ་བཏབ་བ་མེད་པར
་ཡང་སྟེར་བ་ཡིན་ནོ།། དགོངས་པ་ནི་འདི་ཡིན་ཏེ་གང་གི་ཕྱིར་གཉིས་ཀ་ལ་འཁྲུལ་པ་ཡོད་པ་ལ་ཁ་ན་མ་ཐོ་བ་ཡོངསུ་རྫོགས་པ་སྟེ། ཅིག་ཤོས་མེད་པ་ལ་ནི་མ་ཡིན་ཏེ། དེ་བས་ན་གཉིས་ཀའི་ཚིག་བཟུང་བའོ།། གང་དུ་གསོལ་བ་མ་བཏབ
་བ་ལ་མ་གུས་པ་ཡོད་པ་མ་ཡིན།། གུས་པ་མ་ཡིན་པ་ལ་ནི་གསོལ་བ་མི་སྦྱིན་པར་དེ་ནི་ཉེས་བྱསོ་ཞེས་བྱ་བ་འདིར་རིག་པར་བྱའོ།། གང་གིས་ཉེ་བར་འོངས་པའི་དོན་ལ་འགལ་བར་བྱེད་པ་ལ་ལྟུང་བ་ཅི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར
་དགེ་སློང་གིས་དགེ་འདུན་ལ་ནི་དངོས་གཞིའོ།། མཁན་པོ་དང་སློབ་དཔོན་དག་གོས་ལ་ནི་ཉེས་བྱས་སོ།། ཆོས་དང་ལྡན་པ་ཉིད་མ་ཡིན་པའི་བསྒོ་བ་ལས་ཀྱང་ཞེས་བྱ་བ་སྨོས་ཏེ། དགེ་སློང་གི་དགེ་འདུན་གྱིས་བསྒོ་བའི་དོན་ཆོས་དང་ལྡན
་བ་མ་ཡིན་པའི་བསྒོ་བ་ལས་འགལ་བར་བྱེད་པ་ལ་ཡང་ཉེས་བྱས་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དགེ་སློང་གིས་དགེ་སློང་གནས་བརྟན་རྣམས་ཆོས་དང་ལྡན་པའི་བཀའ་མཆིང་རྣམ་པར་གཏན་ལ་འབེབས
་བ་ན། གློ་བུར་བཀའ་མཆིད་མཆི་ལ་ལྟུང་བར་ཡང་མི་འགྱུར་བ་མཆིས་སམ། ཡོད་དེ་འདི་ལྟ་སྟེ་དགེ་སློང་གནས་བརྟན་དག་ཆོས་མ་ཡིན་པར་སྨྲ་ལ། གསར་བུ་དག་ནི་ཆོས་སྨྲ་བར། གློ་བུར་དུ་གཏམ་ཟེར་ན་ཉེས་བྱསུ་གྱུར་པའོ་ཞེས
་གསུངས་པ་ཡིན་ནོ།། གཏམ་ཟེར་བ་ནི་དེ་ཉིད་དོ་ཞེས་བྱ་བ་ནི་གཞན་དག་ལ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པའི་བར་དུ་གློ་བུར་དུ་གཏམ་ཟེར་བ་ནི་དེའི་དེ་ཉིད་ནི་བསྒོ་བ་ལས་འགལ་བར་བྱེད་པ་ཉིད་ཡིན་ཏེ་ལྟུང
་བྱེའོ་ཞེས་བྱ་བའི་དོན་ཏོ།། གླེང་གཞི་ལས་འདི་རྣམ་པར་ཤེས་པ་ཡིན་ཏེ། གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་པོ་གཏམ་གྱི་མཇུག་ཏུ་སྡོད་པར་མི་བྱེད་གུས་པར་བྱེད་ཅིང་ཕྱིར་སྨྲས་པར་བྱའོ་སྙམ་དུ་སེམསོ་ཞེས་བྱ་བའི་བར་དུ་གསུངས་པ
་དང་། འདིར་ཞུ་བའི་གཞུང་ལས་ཀྱང་གསར་བུ་ཆོས་མ་ཡིན་པ་དག་གནས་བརྟན་ཆོས་སྨྲ་བ་རྣམས་ལ་གློ་བུར་དུ་གཏམ་ཟེར་བ་ནི་ལྟུང་བྱེའོ་ཞེས་གསུངས་པ་ཡིན་ནོ།། དགེ་འདུན་གྱི་ཐ་སྣད་པ་ནི་དེའི་ཁ་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན
་གྱི་ཐ་སྙད་པ་ནི་དགེ་འདུན་གྱི་ཁ་ཡིན་ཏེ། དེ་བས་ན་དགེ་འདུན་ཉིད་ཀྱི་བསྒོ་བ་གང་ཡིན་པ་དེ་ནི་དགེ་འདུན་གྱི་བསྒོ་བ་ཡིན་ཏེ། དགེ་འདུན་གྱི་ཐ་སྙད་པ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ནི་དགེ་འདུན་དང་འདྲའོ་ཞེས་བྱ་བ་སངས་རྒྱས་ལ
་མ་གུས་པ་ལས་ཁ་ན་མ་ཐོ་བ་ཡོངསུ་རྫོགས་པར་འགྱུར་བ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནཾ་ཤཱ་རིའི་བུ་ལྔ་པོ་རྣམས་ཀྱི་ཚིག་ནི་མི་བསྐྱེད་པ་ཞེས་བྱ་བ་སྟེ། དེ་བས་ན་མདོ་འདི་རྣམ་པར་གནས་པ་ཡིན།། གང་གི་ཕྱིར་དགེ་འདུན་ལ
་མ་གུས་པ་དང་སངས་རྒྱས་ལ་མ་གུས་པ་ནི་ཤིན་ཏུ་སྡིག་ཆེ་བ་ཡིན་ཏེ། གང་གི་ཚེ་ཚེ་དང་ལྡན་པ་མ་གྷ་དང་། བྷ་དྷ་ལ་ཡང་ལྟུང་བ་མ་བྱུང་བ་སྟེ། དེ་དོག་ལ་མ་གུས་པ་ཉིད་མ་སྐྱེས་པའི་ཕྱིརརོ།། ཆོས་དང་ལྡན་པའི་གསོལ་བ་ཡང་སྦྱིན
་པའི་ཕྱིར་ཞེས་གསུངས་པ་ཡིནོ།། བསླབ་པ་རྣམས་ལ་མྱུ་གུས་པའི་ཕྱིར་འགལ་བར་བྱེད་པའོ།། གལ་ཏེ་སངས་རྒྱས་ལ་གུས་པ་མེད་ན་མི་རིགས་པར་འགྱུར་བ་འདིས་ཅི་ཞིག་བྱ། དེའི་ཚིག་གིས་བྱ་བ་སྟེ་བྱ་བ་ལ་སོཌ་བའི
་ལྟུང་བྱེད་དོ།། གལ་ཏེ་བསླབ་པོ་ཙམ་ལ་ཅུང་ཟད་ཙམ་དང་། ངན་ངོན་ཙམ་འདིས་ཅི་ཞིག་ཅེས་བྱ་བ་ལ་སོགས་པས་བསླབ་པ་ལ་མ་གུས་པ་བསྐྱེད་པ་ནི་ཉེས་བྱསོ།། ལྷག་མ་ལྔ་པོ་རྣམས་ཞེས་བྱ་བ་འདི་ལས་བསྔོ་བ་བྱ་སྟེ། རྒྱལ་པོ
་དང་དགྲ་བཅོམ་པ་དང་དགེ་འདུན་གྱི་གནས་བརྟན་རྣམས་ཀྱི་ཚིག་རྣམ་པར་དཀྲུག་པར་མི་བྱའོ་ཞེས་བྱ་བ་སྨོས།། མ་གུས་པའི་ཚུལ་གྱི་ལྟུང་བྱེད་དོ།། །། ཅི་ཞིག་བྱས་ན་མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་དུ་འགྱུར
་ཞེ་ན། དེའི་ཕྱིར་མྱོས་པར་འགྱུར་བ་འཐུང་ནའོ་ཞེས་བྱ་བ་སྨོས་ཏེ། བཏུང་བའི་ཚིག་གིས་འཐུངསོ་ནའོ་ཞེས་བྱ་བ་སྨོས་པས་འཐུང་བར་བྱེད་པ་རྟགསོ་པར་བྱའོ།། དེ་བསྐོལ་ན་ནི་དྲོ་ཉིད་ལས་ཉམས་པ་ཡིན་ཞེས་བྱ་བ་ནི་མྱོས་པར་འགྱུར
་བ་དེ་ཉིད་ལས་ཉམས་པ་ཡིན་ནོ་ཞེས་བྱ་བའི་དོན་དེ་བསྐོལ་བ་འཐུངས་པ་ལ་ནི་ལྟུང་བ་མིང་ངོ་ཞེས་བྱ་བ་འདིས་བསྡུས་པ་མ་ཡིན་ནོ།། སྦྲང་མ་དང་ཚིགས་མ་ཟ་བ་ལ་ནི་དེའི་འཇུག་པ་ཡོད་དོ་ཞེས་བྱ་བ་ནི་མྱོས་པར་འགྱུར་བའི་ལྟུང
་བ་དེའི་འཇུག་པ་ཡོད་དོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་སྤང་མ་ཟ་ན་ལྟུང་བྱེད་དོ།། ཚིག་མ་ཟ་ན་ལྟུང་བྱེདདོ་ཞེས་གསུངས་པ་ཡིན་ཞེས་བྱ་བ་འདིས་བསྡུས་པ་ཡིནོ།། ཕབས་ཀྱི་ཆང་བུ་ནི་ཕྱེད་ཉིད་ཞེས་བྱ་བ་ནི་མྱོས་པར
་འགྱུར་བའི་ཕྱེད་ཉིད་དེ་ཉེས་བྱས་ཉིད་ཡིན།། ཞེས་བྱ་བའི་དོན་ཏོ།། རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་།། མྱོས་པར་འགྱུར་བའི་དྲི་དང་རོ་བྲོ་བའི་ཐུག་པ་མྱོས་པར་མི་བྱེད་པ་རྣམས
་ཀྱང་ངོ་ཞེས་བྱ་བ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་འཇུག། མདོག་ཙམ་མྱོས་པར་འགྱུར་བ་དང་འདྲ་བ་ལ་ནི་ཉེས་པ་མེདོ་ཞེས་བྱ་བ་འདིར་གཞུང་ལས་མདོག་འབའ་ཞིག་མྱོས་པར་འགྱུར་བ་དང་འདྲ་བ་འཐུང་བ་ལ་ནི་ལྟུང་བ་མེ་དོ་ཞེས་གསུངས
་པ་ཡིན་ནོ།། མཁུར་བར་བསྲེལ་བ་དང་ལུས་སྐུད་པ་ལ་ནི་སྦྱོར་བ་དང་འདྲའོ་ཞེས་བྱ་བ་ནི་ཟ་བར་མི་འདོད་པ་ལ་གང་ཞིག་ཡན་ལག་གི་རྒྱན་འཆང་བ་མེད་པ་ནི་དེར་སྦྱོར་བ་ཉིད་ལ་སྙམ་པའི་བློ་བཟློག་པའི་དོན་དུ་འདིར་འདི་བཟུང་བའོ།། སྨན
་བའི་ལུང་གིས་འདི་དག་བྱེད་པ་ལ་ལྟུང་བ་མེད་པའི་ཚིག་གང་ཡིན་པ་དེས་དོན་འདི་བསྟན་པ་ཉིད་དེ་དེ་ངས་ན་མདོ་འདི་ཡིན་ཏེ། བ་སྤུའི་བུ་ག་རྣམས་ལ་བཟའ་བ་ཞུགསོ་པ་ལུས་སྐུད་པ་བསྒྲུབ་པ་ཞེས་བྱ་བ་ནི་འདྲིར་སྐྱོན་ནོ།། ནད་པཱུ་ལཱ་ནི་ལྟུང
་བ་མེདོ་ཞེས་བྱ་བ་ནི།། ནོད་པའི་མཁུར་བར་བསྲེལ་པ་དང་ལུས་བསྐུ་བ་དག་བྱེད་པ་ལ་ནི་ཞྭ་བྱ་བ་དེ་མ་ཐག་པས་རྟོགས་པར་བྱའོ།། མྱོས་པར་འགྱུར་བ་ལ་ནི་བཅས་པའི་ཁ་ན་མེ་ཐོ་བ་ག་ནང་བ་འཇུག་པ་མ་ཡིན་ཞེས་བྱ་བ་འདི་དེའི་ཕྱིར
་རྩོམ་པའོ།། མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་དོ།། །། དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་ལ་བྱེད་པ་པོ་ཉིད་གང་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ།། གང་ལ་འདུ་ཤེས
་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དུས་མ་ཡིན་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། རང་གི་ཕྱེད་ཡོལ་ནས་སྐྱ་རེང་མ་ཤར་གྱི་བར་དུ་ནི་མ་ཡིན་ནོ་ཞེས་བྱ་བ་བསྟན་པ་དེ་ནི་དུས་མ་ཡིན་པའི་མཚན་ཉིད་དོ།། དགེ
་སློང་ཁྱད་པར་ཅན་ཇི་ལྟ་བུ་ཞིག་ལ་དེ་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་འཁོད་པ་ལ་མ་སྨྲས་པ་ལའོ། ཞེས་བྱ་བ་སྨོས་ཏེ། གང་གིས་དགེ་སློང་འཁོད་ཅིང་ཡོད་པ་ལ་མ་སྨྲས་པ་དེ་ནི་འདིར་བསྡུས་པ་ཡིནོ།། ཅི་ཞིག་བྱས་ན་དགེ་སློང
་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་གྲོང་དུ་ཞུགས་ནའོ་ཞེས་བྱ་བ་སྨོས་ཏེ། ཁྱིམ་གཅིག་པོའི་གནས་ཀྱང་གྲོང་ཉིད་ཡིན་པར་གསུངས་པས་དེའི་ཕྱིར་ཁང་པ་གཅིག་ཙམ་ཡོད་པའི་གནས་ཀྱང་གྲོང་ཉིད་ཡིནོ་ཞེས
་བྱ་བ་དེ་མ་བསྡུས་པ་ཉིད།། གྲོང་པའི་ཆོས་དང་ལྡན་པ་ལྷག་པར་སྤྱོད་པའི་གནས་དག་ལ་གྲོང་གི་སྒྲ་འཇུག་པར་འགྱུར་བས་དེའི་ཕྱིར་མ་སྨྲས་པར་ཕྱི་རོལ་པའི་རབ་ཏུ་བྱུང་བའི་གནསུ་འཇུག་པ་ལ་ནི་ཁ་ན་མ་ཐོ་བ་མེད་པར་རིག་པར
་བྱའོ།། བསྐོར་བ་དང་བཅས་པའི་གྲོང་ལ་ནི་སྒོ་གཏན་གྱི་བར་དུ་འཇུག་ནོ་དེ་སྲིད་དུ་ཞུགས་པ་ཡོངསུ་རྫོགས་པར་རིག་པར་བྱའོ།། མ་བསྐོར་བ་ལ་ནི་སྐོར་བའི་མཐའི་སྐོར་བས་དེ་བྱས་ནས་རྣམ་པར་བཞག་པར་རིག་པར་བྱའོ།། ཅི་ཞུགས་པ
་ཐམས་ཅད་ལ་འམ་ཞེ་ན། དེའི་ཕྱིར་གལ་ཏེ་གཏང་བའི་བྱ་བ་མ་བྱུང་ནའོ་ཞེས་བྱ་བ་སྨོས་ཏེ། དེའི་དབང་གི་འཇུག་པ་གང་ཡིན་པ་དེ་ལ་ནི་ལྟུང་བ་མེདོ།། གཞན་དུ་རྒྱུ་བ་ལ་ནི་ཉེས་བྱའོ་ཞེས་བྱ་བ་དེས་ནི་ཕྱོགས་གང་དུ་འགྲོ་བའི་ཕྱིར
་སྨྲས་པའི་ཕྱོགས་དེ་ལས་གཞན་པ་དེའི་ཡན་ལག་ཏུ་གྱུར་པའི་ཕྱོགས་གང་ཡིན་པ་དེར་རྒྱུ་བ་ལ་ནི་ཉེས་བྱསོ།། གྲོང་ཡོངསུ་ཆད་པར་བྱེད་ཅིང་ཅུང་ཟད་ཕྱོགས་འགའ་ཞིག་ཏུ་བྱུང་ངམ། རིགས་འགའ་ཞིག་ལ་སྨྲ་བར་བྱེད་ན་ཉེས
་བྱིས་ལ་འཇུག་པ་ཡིན།། གྲོང་གཅིག་གི་ཁྱིམ་གཞན་དུ་འགྲོ་ན་ཉེས་བྱས་ཀྱི་ཚིག་འདིའོ།། གྲོང་གཞན་དུ་རྒྱུ་བ་ལ་ནི་ལྟུང་བྱེད་ཁོ་ནའོ།། འདིར་གཞུང་ནི་ཞུ་བ་ལས་དང་པོར་གོང་མ་ཉེན་འཁོར་གཅིག་ཡིན་པའི་ཉེན་འཁོར་ཤེས
་པ་ལས་འདས་ཏེ། དེར་འགྲོ་ན་ཉེས་བྱསོ་ཞེས་གསུངས་པ་ཡིན་ནོ།། འདིར་གཉེན་འཁོར་གཅིག་ཉིད་ཅེས་བྱ་བ་ནི་གྲོང་གཅིག་ཉིད་བསྟན་པར་རིག་པར་བྱའོ།། གང་ཞིག་ཉན་འཁོར་ཞེས་སྨྲས་པ་འདིས་ཁྱིམ་གྱི་ཉེན་འཁོར་ཤེས
་པར་བྱ་བ་འདིས་སྨྲས་ན་བྱེད་པ་པོ་ཉིད།། འདི་ལ་དགེ་སློང་མེད་ན་དགེ་སློང་མ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་བསླབ་པའི་གཞི་འདི་ལ་སྨྲ་བར་བྱ་བའི་ཕྱིར་དགེ་སློང་མེད་ནི་དགེ་སློང་བཞིན་དུ་དགེ་སློང་མའོ།། གང་ཞིག་དགེ་སློང་དུ་མ་གྱུར་པ་དང་།
་དགེ་སློང་མར་ཡང་མ་གྱུར་པ་དེ་ལ་ནི་སྨྲ་བར་བྱ་ཞེས་བྱ་བའི་དོན་ཏོ།། དེ་ཡང་མེད་ན་དགེ་ཚུལ་ལའོ་ཞེས་བྱ་བ་ནི་དགེ་སློང་མ་མེད་ན་དགེ་ཚུལ་ལ་དགེ་སློང་དང་འདྲ་བར་རིག་པ་བྱ་ཞེ་བྱ་བའི་དོན་ཏོ།། དེ་ཡང་མེད་ན་དགེ་སློབ་མའོ་ཞེས་བྱ་བ་ནི།
་དགེ་ཚུལ་དེ་ཡང་མེད་ན། དགེ་སློབ་མ་དགེ་སློང་འདྲ་བའོ།། དེ་ཡང་མེད་ན་དགེ་ཚུལ་མའོ་ཞེས་བྱ་བ་ནི་དགེ་སློབ་མ་ཡང་མེད་ན་དགེ་ཚུལ་མ་ཡོད་ན་དེ་ལ་སྨྲ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། འདིར་གཞུང་ནི་དགེ་སློང་གིས་དགེ་སློང་ལ་སྨྱོ་བར
་བྱ་ཞིང་དགེ་སློང་མ་དང་དགེ་ཚུལ་དང་། དགེ་སློབ་མ་དང་དགེ་ཚུལ་མ་ལ་ཡང་སྨྲ་བར་བྱ་སྟེ། འཁོར་ལོ་བཞིན་དུ་སྦྱར་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། བརྡ་མི་ཕྲད་པ་ནི་མེད་པ་ཉིད་དོ་ཞེས་བྱ་བ་ནི་གླེན་པ་དང་ལྐུགས
་བ་དང་ཀླ་ཀློ་ལ་སོགས་པ་དག་དེས་བརྡ་མི་ཕྲད་པ་ཡིན་ན་སྨྲ་བར་བྱ་བ་མེད་པ་ཡིན།། ཡོད་པར་གྱུར་ཀྱང་བརྡ་མི་ཕྲད་པ་ལ་མ་སྨྲས་པར་ཞུགས་པ་ལ་ལྟུང་བ་མེད་དོ།། འདིར་གཞུང་ནི་ཐ་མལ་པར་སྨྲས་པ་མི་ཐོས་པ་དང་། ཐ་མལ་སྨྲ་མི
་ཤེས་པ་གང་དག་ཡིན་པ་དེ་དང་ལྷན་ཅིག་འདུག་པས་ནི་དེ་དག་ལ་མི་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིནོ།། མཚམས་གཞན་ན་གནས་པ་དང་སྤངས་པ་དང་གཞན་གྱི་ཕྱོགས་དང་མཐུན་པ་དག་ཀྱང་ངོ་ཞེས་བྱ་བ་ཡང་མེད
་པ་ཉིད་ཅེས་བྱ་བར་སྦྱརརོ།། ཐ་དད་པ་ཉིད་ལ་ཕྱོགས་གཞན་ལ་ལྟུང་བ་གཞན་གྱི་ཕྱོགསུ་གྱུར་པར་རིག་པར་བྱའོ།། འདིར་གཞུང་ནི་མཚམས་གཞན་གྱི་ས་ལ་གནས་པས་ན་མཁའ་ལ་གནས་པ་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེ་དོ་ཞེས
་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། འདིར་གཞུང་ནི་ཅིག་ཤོས་ལ་ཡང་སྣ་ཚོགས་པ་དང་འགྲོགས་པ་རྣམས་དང་ལྷན་ཅིག་ཏུ་འདུག་པས་དེ་དག་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།།
་དེ་བཞིན་དུ་མི་མ་ཡིན་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང་ལྷན་ཅིག་འདུག་པས་དེ་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེདོ།། སྔོ་ན་ལྟུང་བྱུང་བ་དང་དང་པོ་འཁྲུགས་པ་དང་། རྐུ་ཐབ་སུ་གནས་པ་དང་། དགེ་སློང་མ་སུན་ཕྱུང་བ་དང
་མཐའི་ལྟུང་བ་བྱུང་བ་དང་ལྷན་ཅིག་འདུག་པས་དེ་དག་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་དོ།། དེ་བས་གཞན་པའི་དགེ་སྦྱོང་དང་བྲམ་ཟེ་དང་ལྷན་ཅིག་འདུག་པས་དེ་རྣམས་ལ་མ་དྲིས་པར་འཇུག་པ་ལ་ལྟུང་བ་མེདོ་ཞེས་གསུངས
་བཔ་ཡིན་ཏེ། བསྦྱིན་པར་རྫོགས་བ་དང་བཅས་པའི་དབུས་སུ་གནས་པའི་དགེ་སློང་དང་དགེ་སློང་མ་དག་ཅེས་བྱ་བ་འདིས་བསྡུས་པར་རིག་པར་བྱའོ།། རྫུ་འཕྲུལ་གྱི་ནི་ལྟུང་བ་མདོ་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་གྲོང་དུ་འཇུག་པ་ལ
་བྱེ་བྲག་གི་དོན་ཏོ། འདིར་འདི་ནི་མེད་པར་ནི་གོ་བ་མ་ཡིན་ནོ།། གཞུང་ནི་སྡེབ་སྦྱོར་བསྒྲུབ་པའི་དོན་འདི་སྦྱར་བ་ཡིནོ།། འདིར་གཞུང་ནི་རྫུ་འཕྲུལ་གྱིས་ན་མཁའ་ལ་འཇུག་ན་མ་སྨྲས་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ།།
་དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དོ།། ། གླུ་ལ་གྲོང་རྒྱུ་བའི་སྟེང་བྱེང་དུ་འགྱུར་ཞེ་ན། དེའི་ཕྱིར་དུས་མ་ཡིན་པར་ཁྱིམ་པའི་གཞི་ལ་སོགས་པར་འགྲོ་བ་ལའོ་ཞེས་བྱ་བ་སྨྱོས་ཏེ། དགེ་སློང་འཁོད་པར་མ་སྨྲས་པར་ཞེས
་བྱུ་བ་འདིས་དམྱིགས་ཀྱིས་གོས་ལོ་བར་གྱུར་པའི་ཆོ་ག་འདི་ཡིནོ།། དགེ་སློང་འཁོད་པོ་ལ་སྨྲས་ཀྱང་ཁྱིམ་གཞི་ལ་སོགས་པར་དུས་མོ་ཡིན་པར་འགྲོ་བ་གང་ཡིན་པ་དེ་ལ་ཞེས་བྱ་བའི་དོན་ཏོ།། ཅི་འདིར་དེ་འབའ་ཞིག་ལའམ་ཞེ་ན། དེའི་བྱར
་ཕྱིར་དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ན་སྦྱིན་བདག་ཁོ་བོ་མ་འོངས་པའི་དབང་གིས་བྲིམས་པ་ཡོལ་བར་མ་བྱས་ཤིག་ཅེས་མ་བསྒོ་བར་གསུངས་པ་ལ་སོགས་པར་རྒྱུ་བ་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། དེའི་ཚིག་གིས་དགེ་འདུན་སྤྱན
་དྲུངས་པ་ན་འདི་སྐད་ཅེས་ཎ་བ་མ་འོངས་པའི་དབང་གི་ཞེས་བྱ་བ་བྱམས་པ་ཡོལ་བར་མ་བྱས་ཤིག་ཅེས་བསྡུ་བའོ།། རས་དེ་སྦྱིན་པ་ཟ་ནི་སྦྱིན་བདག་སྟེ། དེས་གནང་བ་མ་བྱིན་པར་ཁྱིམ་གསུམ་པ་ལ་སོགས
་བར་འགྲོ་བ་སྨོས་པ་གང་ཡིན་པ་དེ་ལ་ཡང་ཁ་ན་མཱ་ཐོ་བ་འདིར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། དགེ་སྦྱོང་གི་ཚུལ་དང་སྲོག་ལ་སོགས་པའི་བར་ཆད་ཀྱི་དབང་གིས་དེ་དག་ལ་འདའ་བར་བྱེད་པ་ལ་ལྟུང་བ་མེདོ་ཞེས་བྱ་བ་ཤུགས་ཀྱིས་རྟོགས
་བར་བྱའོ།། ཉི་མ་དེ་ཉིད་ལ་གསོ་སྦྱོང་བྱེད་པའི་དུས་དེ་སྲིད་དུ་ཆོས་འདིའི་དབང་དུ་བྱས་པ་ལ་མཐོ་འཚོམ་པར་བྱེད་ན་ཞེས་བྱ་བ་གླེང་གཞི་ལས་ཕྱི་ནས་ཁ་ཟས་བགོས་པ་ལ་སོ་སོར་ཉིད་དུ་གནང་བ་སྟེ། ཁ་ཟས་སྔ་མའི་ཆོ་གའི་ལྷག
་མ་ཉིད་ནི་མ་ཡིན་ནོ།། འདིར་ཐ་དད་པོ་རྩོམ་པ་ནི་མི་མཐུན་པ་སྟེ། བདེན་པ་ཉིད་ཀྱི་ཕྱིར་ཕྱིས་དེར་འགྲོ་བ་ན་ལྟུང་བྱེད་དུ་རྣམ་པར་གནས་པ་ཡིན་ནོ།། དེ་བས་ན་བཞི་པ་ལ་སོགས་པ་དང་གསུམ་པ་ལ་སོགས་པ་ཞེས་སྨོས་པ་ཡིན་ཏེ།
་ཞི་བ་དང་གསུམ་པ་ནི་མ་ཡིན་ཞེས་གསུངས་པ་ཡིནོ།། ཟན་བཅད་པར་བྱ་བའི་བསམ་པས་གང་ཟག་རེ་རེ་ལ་འདིར་ལྟུང་བྱེད་གཞན་ཡོད་པར་རིག་པར་བྱའོ།། གྲོང་དུ་འགྲོ་བའི་ལྟུང་བྱེདདོ།། །། ཤེས་གཙོའོ་ཞེས་བྱ་བ
་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ།། གང་ལ་འདུ་ཤེས་པ་ཡིན་ཞེ་ན། དེའི་ཕྱིར་ན་མ་ལངས་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། ཉིན་མོའི་དང་པོ་ནི་སྐྱ་རེང་ཤར་བ་ཡིན་པར་གསུངས་ལ་དེའི་མདུན་རོལ་ནི་མཚན་མོའི་མཐའ་ཡིན་པར
་རྣམ་པར་བཞག་ན་ཅི་འདིར་ཡང་དེ་བཞིན་དུ་རྣམ་པར་བཞག་གམ་ཞེ་ནཱ། མ་ཡིན་ཏེ་དེའི་ཕྱིར་འདིར་ནི་སྒྲ་རེང་ཐཱ་མྦྷ་ཤར་བ་ཉིད་དམ་ལནྡོ་ཞེས་བྱ་བ་སྨོས་ཏེ། དམར་ཞིང་སྐྱ་བཱ་ནི་ཐཱ་ལའི་སྐྱ་རེང་ཡིན་ལ་དེ་མ་ཤྭར་ནི་འདིར་ནམ་མ་ལངས
་བ་ནམ་མ་ལངས་པ་ཉིད་ཡིན་ལ། ཤར་བ་ཉིད་ནི་ནཾ་ལངས་པ་ཉིད་ཡིན་ཞེས་བྱ་བའི་དོན་ཏོ།། མི་འཕྲོགས་པའི་རིན་པོ་ཆེ་རྣམས་སམ་རིན་པོ་ཆེར་སྨོས་པ་རྣམས་ལ་གང་ཞིག་འདིར་ཆོས་ཙམ་དུ་བརྗོད་པ་དེ་ནི་འོད་མེད་པ་ཉིད་ཀྱི་གནས་སྐབསུ
་ཕལ་ཆེར་འགའ་ཞིག་འདིར་དམིགས་ཀྱིས་བསལ་བ་བསྐྱེད་པའོ།། གང་ཞིག་འདི་སྤོང་བར་རིགས་པ་ཞེས་བྱ་བ་བསྟན་པའི་དོན་དུ་འདི་བསྟན་པ་མ་སྟན་པ་ཡིནོ།། མི་འཕྲོགས་པ་ཉིད་ལ་ལྟུང་བ་བསྐྱེད་པའི་ཡན་ལག་ཉིད་མ་ཡིན་ཏེ། དེ
་བས་ན་འདིས་བསྡུས་པ་ཡིན་ནོ།། གནས་སྐབས་གང་ལ་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་བཙུན་མོའི་འཁོར་འདུག་པའི་གནས་དང་འབྲེལ་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། བཙུན་མོའི་འཁོར་འདུག་པའི་གནས་དང་འབྲེལ་པ་ཉིད་ལ
་ཞེས་བྱ་བའི་དོན་ཏོ།། རང་འཇུག་པའི་དབང་ཉིད་ཀྱི་ཕྱིར་ལྟུང་བ་འབྱིན་པར་བྱེད་པའི་དུས་སུ་འབྲེལ་པ་ཉིད་ལ་འདིར་མ་སྨྲས་པའི་ཕྱིར་ལྟུང་བ་འབྱིན་པ་པོ་ཞེས་བྱ་བར་རྟོགས་པར་བྱའོ།། ལུས་ཀྱིས་ཞེས་བྱ་བ་ཤུགས་ཀྱིས་འབྲེལ་པའོ།། གང་གི
་ཕྱིར་འདིར་དམིགས་པར་བྱེད་པ་པོ་ཉིད་ཀྱིས་སེམས་ཙམ་གྱི་འབྲེལ་བར་འགྱུར་ཏེ། དེ་ལ་ཡང་རེ་ཞིག་སེམས་ལ་ཉོན་མོངས་པོ་ཅན་མ་ཡིན་པ་ལྟུང་བ་མི་འཐད་པ་ཉིད་དོ།། ཉོན་མོངས་ཅན་ཉིད་ལ་ཡང་བཇམ་པར་བྱ་བ་ཉིད་རྣམ་པར
་གནས་པ་ཡིན་ནོ།། དེ་ལྟ་བས་ན་སེམས་ཀྱིས་མ་ཡིན་ཏེ། འོན་ཀྱང་ལུས་ཀྱིས་ཀྱང་ལྟུང་བ་འབྱིན་པ་པོ་ཞེས་བྱ་བའི་དོན་ཏོ།། མཚན་མོ་དུས་གཞན་གྱི་ཚེ་ན་ནི་མ་ཡིནོ་ཞེས་བྱ་བ་འདིར་ཤེས་གཙོ་བོ་ནམ་མ
་ལངས་པ་ཉིད་ལའོ་ཞེས་བྱ་བ་འདིས་གྲུབ་པའོ།། ཅི་ནུབ་མོ་གང་ལ་འབྲེལ་པ་ཉིད་དུ་འགྲོ་བའི་སྐབས་བྱེད་པ་ཉིད་ལ་ཡང་ཡིན་ནམ་ཞེ་ན། དེའི་ཕྱིར་དེའི་ཚེ་སྐབས་མ་ཡིན་པ་ལ་ཡང་ངོ་།། ཞེས་བྱ་བ་སྨོས་ཏེ། དེའི་ནུབ་མོ་དེ་དང
་འབྲེལ་པ་ཉིད་ཀྱི་སྐབས་མ་ཡིན་པ་སྟེ། འབྲེལ་པ་ཉིད་ལ་ཞེས་བྱ་བ་དེའི་ཚེ་སྐབས་མ་ཡིན་པའོ།། འདིར་གཞུང་ནི་གང་གི་ཚེ་འཕགས་པ་ཤཱ་རིའི་བུས་འཇུག་པར་བྱེད་པའི་གཞན་ཡང་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང
་མོད་ཀྱི་གནས་དེ་ནི་ཡོད།། གང་ཞིག་ཡིད་ཆེས་པ་འདི་ཉིད་འདི་ཉིད་ཀྱི་དབང་དུ་བྱས་ན་རྗེ་སུ་ཡང་སུན་འབྱིན་ཉིད་དུ་གྲགས་པ་དེ་བས་ན་མདོ་འདི་བྱས་མཚན་མོ་དུ་མར་འབྲེལ་པ་ཉིད་ལ་ཐམས་ཅད་ལ་འདུ་ཤེས་གཅིག་ཁོ་ན་བྱེད་པ་པོ
་ཡིན་ནམ་ཞེ་ན། དེའི་ཕྱིར་མཚན་མོ་རེ་རེ་ཞེས་བྱ་བ་སྨོས་ཏེ། ཉིན་མཆིན་གྱི་དང་པོ་མ་ཡིན་པ་ལྔ། ཐ་མ་མ་ཡིན་པ་མེད་པ་ཉིད་དོ།། ཞེས་སྨོས་པ་དེས་ནི་ཉོན་མཚན་གྱི་ཆོ་ག་འདི་བསྟན་པ་ཡིན་གྱི། མཚན་མོ་འབའ་ཞིག་གི་མཚན
་ཉིད་བསྟན་པ་ནི་མ་ཡིན་པས་དེའི་ཕྱིར་ལས་འཇུག་པ་ཤེས་པར་བྱ་བ་མ་ཡིནོ།། མཚན་མོའི་མགང་ཡང་རུང་བ་ཉིད་ལ་ནི་ལྟུང་བྱེའོ།། འོད་དམར་པོ་ཆགས་པ་གང་ཡིན་པ་དེ་འདས་པར་གྱུར་པ་ནི་མཚན་མོའི་དང་པོ་ཡིན་ཏེ།
་དེ་ཡང་ནམ་མཱ་ལངས་པ་ཉིད་བསྟན་པའི་རྗེ་སུ་འབྲངས་པ་ལས་ཁོང་དུ་ཆུང་བར་བྱའོ།། རྩོམ་པ་གཅིག་པར་གྱུར་པ་ཉིད་ཀྱི་ཕྱིར་མཚམ་གཅིག་ལ་བར་མ་ཆད་པའི་གནས་སྐབས་ལ་ལྟུང་བ་གཅིག་པ་ཉིད།། བར་དུ་ཆུད་པ་ལ་ནི་ལྟུང
་བྱེད་གཞན་ཡིན་ཏེ། རྩོམ་པ་གཞན་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ།། གང་ནས་བརྩམས་ཏེ་སྒྲོར་ཞུགས་པ་དང་བཙུན་མོའི་འཁོར་གྱི་ནང་དུ་གནས་པ་རྟོགས་པར་བྱ་ཞེ་ན། དེའི་ཕྱིར་དེའི་སྒོའི་གཏན་པའི་ཉེན་ཀོར་གཉིས་ནི་དེའི་དང་པོ་ཡིན
་ནོནོ་ཞེས་བྱ་བ་སྨོས་ཏེ། བཙུན་མོའི་འཁོར་གྱི་གནས་དེའི་སྒོ་གཏན་པ་གང་ཡིན་པ་དེའི་ཉེན་ཀོར་གྱི་མདུན་དུ་ལྟུང་བ་དང་ཕྱིས་ལྟུང་བ་དག་ལ་སྲིད་པར་གྱུར་པའི་ཕྱོགས་དེས་ཇི་སྙེད་དུ་དེའི་ནང་གི་ངོས་ཀྱི་བཙུན་མོའི་འཁོར་གྱི་གནས
་དེའི་དང་པོ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་སྒོ་མ་བཅད་ན་ནི་ཉེ་འཁོར་གྱི་མཐའ་འདིར་དང་པོར་རྣམ་པར་གནས་པ་ཡིན་ནོ།། སྒོ་བཅད་ན་ནི་དེའི་ཚེ་སྒོ་གཏན་ནས་ཀྱི་མཐའོ།། རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་དག་ཀྱང
་དེ་དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་བཙུན་མོའི་འཁོར་དུ་འདུག་པའི་གནས་ཀྱི་དང་པོའི་སྒོ་གཏན་ཉེན་ཀོར་གྱི་མཐའ་གཉིས་ནི་དང་པོ་ཡིན་ནོ།། དེ་བཞིན་དུ་རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་དག་གི་དང་པོ་ཡང་སྒོའི་ཉེན་ཀོར་གྱི་མཐའ་གཉིས
་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འོབས་ཀྱི་བསྐོར་བ་ཉིད་ལ་ནི་སྒོའི་དབུས་ཀྱི་རི་མོ་ལ་ནི་སྒོའི་ངོག་ཀྱི་དབུས་ཉིད་དུ་ངེས་པ་འདི་ནི་ཆོ་ག་དང་པོར་ཁོང་དུ་ཆུད་པར་བྱའོ།། ཞར་ལ་བྱུང་བ་བཤད་ཟིན་ཏོ།། གང་དུ་འདི་བྱེད་པ་པོ་ཉིད་ཅེས་བྱ་བ
་འདི་ལ་འཇུག་པ་གཞན་ལྟུང་བྱེད་གཞན་བྱེད་པའི་ཚུལ་གཞན་བརྗེད་པར་བྱ་སྟེ། རྒྱལ་པོའི་ཕོ་བྲང་གནས་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། འབྲེལ་པ་ཉིད་ལའོ་ཞེས་བྱ་བར་སྦྱར་རོ།། འདིར་གཞུང་ནི་དགེ་སློང
་ནམ་མ་ལངས་པ་ལ་ནམ་མ་ལངས་པར་འདུ་ཤེས་བཞིན་དུ་རྒྱལ་པོའི་ཕོ་བྲང་གི་སྒོའི་གཏན་པ་ལས་འདས་པར་བྱེད་ན་ལྟུང་བྱེའོ་ཞེས་གསུངས་པ་ཡིན་ནོ།། གྲོང་ཁྱེར་དང་ནི་ཉེས་བྱསོ་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་གནས་དང་འབྲེལ་པ
་ཉིད་ལས་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་སུ་འགྱུར་བའོ།། སྔ་མའི་ལྟུང་བྱེད་ཅེས་བྱ་བ་འདི་ལ་ཉེས་བྱས་ཚིག་དང་སྐབས་ཀྱིས་རྟོགས་པའོ།། ཅི་གང་ཡང་རུང་བ་ལ་འདི་དང་འབྲེལ་པ་ཉིད་ལ་ཉེས་བྱོས་ནི་ཡིན་ནམ་ཞེ་ན། དེའི
་ཕྱིར་གལ་ཏེ་དེའི་དོན་ཉིད་ཡིན་ནའོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་འདི་འབྲེལ་པ་གཉིས་བརྩམས་ན་གལ་ཏེ་གཅིག་ལ་ཡང་འདིའི་དོན་དུ་འབྲེལ་པ་ཉིད་ནི་འདི་ཞེས་བྱ་བའི་དོན་ཏོ།། འདི་ལ་ཅིག་ཤོས་ཀྱི་ཁ་ན་མ་ཐོ་བ་དེ་ཡང་ངོ་འདི་ལ
་ཁ་ན་མ་ཐོ་བ་གཉིས་དེ་ཡང་ངོ་ཞེས་བྱ་བ་ནི། གང་དུ་དུས་མ་ཡིན་པར་འཇུག་པའི་ཁ་ན་མ་ཐོ་བ་མེད་པ་སྐྱ་རེང་དང་པོ་ཤར་བའི་མདུན་རོལ་དུ་མ་སྨྲས་པར་འཇུག་པ་འདི་ལ་དེའི་དོགས་པ་ཅན་གྱི་ཚིག་སྟེ་དེ་ཡང་འདིར་ལྟུང་བྱེད་དུ་རིག་པར
་བྱའོ།། དེའི་ཕྱིར་དེ་ལ་བསྟན་པའོ།། ཅི་གང་ཡང་རུང་བའི་འབྲེལ་པ་སྔ་མ་དག་ལ་གྲོང་ཁྱེར་དང་འབྲེལ་པ་དང་དེའི་དོན་ཉིད་དུ་ཁ་ན་མ་ཐོ་དེ་ཡང་ཡོད་དམ་ཞེ་ན། དེའི་ཕྱིར་གལ་ཏེ་རྒྱལ་པོ་དང་བཙུན་མོ་དང་གཞོན་ནུ་དང་ཞེང་བྲོར་དང་བར་ཆད
་གདུལ་བའི་དབང་གིས་མ་ཡིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་གདུལ་བའི་དབང་གིས་འགྲོ་བའི་ལུང་གི་འཕགས་པ་ཤཱ་རིའི་བུའི་བྱུང་བའི་མཐའ་ལས་རྗེསུ་གནང་བ་ཡིན་ཏེ། བྱེ་བྲག་ཏུ་ནི་ལྟུང་བ་མེའོ།། འདིར་ལུང་ནི་རྒྱལ་པོས་བོསྨྲ་བ་དང
་བཙུན་མོ་དང་གཞོན་ནུ་དང་ཞང་བློན་དང་བར་ཆད་བརྒྱད་པོ་དག་ལས་གང་ཡང་རུང་བ་ཉེ་བར་གནས་པར་གྱུར་ན་ཉེས་པ་མེདོ་ཞེས་གསུང་སོ།། མ་བཟུགས་པར་བར་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་མི་བྱའོ།། འོ་ན་འདིར་གཞུང་ནི་མ
་ནུས་པར་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་མི་བྱ་བར་མ་བྱ་བར་དགེ་འདུན་གྱི་དབྱེན་གྱི་གཞི་ལས་གསུང་སོ།། ཁྱོད་ཀྱིས་ཀྱང་གྱ་ཆོམ་དུ་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་མི་བྱ་བར་སྐོར་བསྡང་ནས་ཤཱཀྱའི་དགེ་སློང་འོངསོ་ཞེས་བརྗོད་པར་བྱ་ཞིང་གལ་ཏེ
་སྦྱིན་ཅིག་ཟེར་ན་འཇུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་དོ།། ། གང་ལ་བསླབ་པ་བསྟན་པ་ལ་ལོག་པར་བསྒྲུབ་པ་ནི་རྣམ་པ་གསུམ་གནང་སྟེ། ཁྱད་དུ་གསོད་པ་དང་སྤོང
་བོ་དང་བསླབ་པའི་གཞི་དངོས་པོ་ལ་ཁྱད་དུ་གསོད་པའོ།། དེ་གཉིས་གང་ཡང་སྔགས་ཀྱི་གཞི་ཐོབ་པ་ལས་བཏགས་པ་སྟེ། དེ་ནི་མདུན་ནས་རྣམ་པར་བཞག་པ་ཡིན་ཏེ། དེ་བོས་ན་དོན་དེ་ཉིད་དུ་རྣམ་པར་བཞག་པའོ།། དངོས་པོ་ལ་ཁྱད
་དུ་གསོད་པ་གང་ཡིན་པ་དེ་ནི་འདིར་ཡང་དག་པར་ཞུགས་ཏེ་དེ་བས་ནས་འདི་ཉིད་དུ་རྣམ་པར་འབྱེད་པར་བྱ་སྟེ། གང་ལ་འདིའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་དེ་ལན་གཉིས་ཉམ་སུ་མྱོང་ཞིང་ཡིད
་རྨོངས་པ་མ་ཡིན་པས་འདི་ལ་ཆོས་འདི་ཡོད་པ་དེ་བཟོད་ཤེསོ་ཞེས་ཟེར་བ་དེ་ལའོ་ཞེས་བྱ་བ་སྨོས་ཏེ། ལན་གཉིས་ཉམ་སུ་མྱོང་ཞིང་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་གང་གི་ལན
་གཉིས་ཉམ་སུ་མྱོང་བ་དེ་ཡིསོ།། ཉམ་སུ་མྱོང་བ་མེད་པ་ཉིད་ལ་གཉིས་པོ་འདིས་མ་གྲོལ་བ་ལ་ཉེས་བྱས་སུ་རིག་པར་བྱའོ།། གལ་ཏེ་དགེ་སློང་དག་གིས་དེང་ཤེས་པར་འགྱུར་ན་ཚེ་དང་ལྡན་པ་འདི་ནི་སྔར་གནས་པ་ལན་གཉིས་ལན
་གསུམ་དུ་གསོ་སྦྱོང་གི་ལས་སླར་བརྗོད་པ་གང་ཡིན་པ་དེའི་འདི་ནི་བསྡུ་བ་ཡིན་ནོ།། ཡིད་རྨོངས་པ་མ་ཡིན་པས་ཞེས་བྱ་བ་ནི་ལྟུང་བ་མ་ཡིན་པའི་ངོ་བོ་ལ་རྒན་པོ་ཁོ་ན་ལ་མི་ཤེས་པར་འབྱུང་བ་ཡིན་ཏེ། ཡིད་རྨོངས་པ་མ
་ཡིན་པས་ཞེས་བྱ་བའི་ཚིག་གིསོ།། རིགས་པ་ལས་སྤྱོད་པ་འདི་དགེ་བ་ཡིནོ་དོན་གང་ལ་ཡིད་རྨོད་པ་མ་ཡིན་པས་སོ།། དེ་ལྟ་བས་ན་ལྟུང་བ་རྣམ་པར་བཞག་པ་འདི་ནི་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ།། ཁ་ན་མ་ཐོ་བ་འདི་ལ
་ཐམས་ཅད་མ་གུས་པར་གྱུར་པའི་སེམས་དེར་གལ་ཏེ་སངས་རྒྱས་ལ་ཡང་འདིར་འདི་མ་གྲུབ་པས་མ་གུས་པའི་ལྟུང་བྱེད་ཀྱང་རིག་པར་བྱའོ།། གལ་ཏེ་མ་ཡིན་ན་མ་གུས་པའི་ཉེས་བྱས་ཀྱང་མ་ཡིན་ནོ།། བརྫུན་དུ་སྨྲ་བ་ཡིན་ན་ནི
་རྫུན་དུ་སྨྲ་བའི་ལྟུང་བྱེད་གཞན་དུ་ཡང་འགྱུར་རོ།། མཚན་གཞན་གྱིས་འདོན་པའི་ཚེ་ཐུན་མོང་བ་ལ་ནི་ཉེས་བྱསོ་ཞེས་བྱ་བ་ལ། མཚན་གཞན་འདོན་པའི་ཚེ་ཞེས་བྱ་བ་དགེ་སློང་ལ་ལྟུང་བྱེད་དོ་ཞེས་བྱ་བ་དགེ་སློང་མ་རྣམས་ཀྱིས་གསོ་སྦྱོང
་འདོན་པའི་ཚེ་བསླབ་པ་ཐུན་མོང་བའི་ཕྱིར་ད་ལྟར་བདག་གིས་ཤེསོ་ཞེས་བྱ་བ་ལ་སོགས་པ་ལ་ཉེས་བྱས་སོ།། ལྟུང་བ་མ་ཡིན་པ་བསྟན་པ་ལས་འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་བཙུན་པ་དགེ་སློང་མ་རྣམས་ཀྱི་སོ་སོར་ཐར་བུའི་མདོ
་འདོན་པ་ན་འདི་སྐད་ཅེས་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་འདུག་པར་བདག་གིས་ང་བཟོད་ཤེས་སོ་ཞེས་མཆི་ན་ལྟུང་བ་ཅིར་འགྱུར། གལ་ཏེ་བསླབ་པ་ཐུན་མོང་མ་ཡིན་པ་ལ་བསམས་ཏེ་སྨྲས་ན་ལྟུང་བ་མེདདོ།། གང་གི་ཚེ་བསླབ
་པ་ཐུན་མོང་བ་ལས་བསམས་ཏེ་སྨྲས་ན་ཉེས་བྱསོ།། དེ་བཞིན་དུ་དགེ་སློང་མ་ལ་ཡང་སྦྱར་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། མདོ་སྡེ་དང་ལྡན་པ་སྨྲས་ན་ཡངོ་ཞེས་བྱ་བ་ནི་མདོ་སྡེ་དང་བསླབ་པའི་གཞི་སྨྲས་པ་ན་དེ་སྐད་ཟེར་བ
་དེ་ལ་ཉེས་བྱསོ།། གཞུང་ཁ་ཅིག་ལས་འདིར་གཞུང་ནི་འདུལ་བ་དང་ལྡན་པའི་མདོ་མ་གཏོགས་པ་ལ་འདི་སྐད་ཅེས་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་མདོའི་ནང་དུ་འདུས་པ་དང་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་བདག
་གིས་ད་བཟོད་ཤེས་སོ་ཞེས་ཟེར་ན་ཉེས་བྱསོ་ཞེས་གསུངས་པ་ཡིན་ནོ།། ཐུན་མོང་མ་ཡིན་པ་ལ་ནི་ལྟུང་བ་མེདོ་ཞེས་བྱ་བ་ནི་མཚན་གཞན་བསྟན་པ་འདི་ནི་བསླབ་པའི་གཞི་ཐུན་མོང་མ་ཡིན་པོ་འདོན་པའི་ཚེ་ལྟུང་བ་མེད
་པའོ།། སོ་སོར་ཐར་པའི་མདོ་འདོན་པའི་ཚེ་མ་བུས་པར་ཉན་པ་ཉེ་བར་བསྒྲུབ་པ་འགྱོད་དུ་བཞུགོ་ཞེས་བྱ་བ་ནི་བདག་གིས་ད་བཟོད་ཤེས་སོ་ཞེས་བྱ་བ་ལ་སོགས་པ་ཙམ་ལ་ཡང་སྔར་འདུག་པ་ན་འདོན་པ་ལ་མ་གུས་པར
་ཉན་པ་ལ་ཉེ་བར་སྦྱར་བར་རིག་པར་བྱའོ།། དངོས་སུ་ནི་མ་ཡིན་ཏེ། གང་ཞིག་འདི་བསྟན་པ་ཅི་ཁོ་བོ་ཅག་ལ་ལས་འདི་ཉིད་གཅིག་པུ་ཡིན་ནམ། ཁོ་བོ་ཅག་གིས་ཀྱང་འདོད་པའི་རྣམ་པར་རྟོག་པ་ལ
་ཡང་རྣམ་པར་རྟོགས་དགོས་སོ།། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་ལ་ཡང་རྣམ་པར་རྟོག་དགོསོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་མ་གུས་པར་ཉན་པ་ལ་ཉེ་བར་སྦྱར་བར་རིག
་བར་བྱའོ།། འགྱོད་དུ་གཞུ་གོ་ཞེས་བྱ་བ་ནི་འདི་ནི་ལམ་དམ་པའོ།། ཞེས་བྱ་བའི་བསླབ་པ་ལ་ཉེ་བར་སྐྱེ་བར་འགྱུརརོ།། འདིར་མང་པོའི་ཚིག་ནི་དུ་མ་ཉེ་བར་གནས་པ་བརྗོད་པ་ལ་ཉན་པ་པོ་རྣམས་ཐམས་ཅད་ཀྱིས་འདིར་འཇུག་པར
་བྱའོ།། ཞེས་བྱ་བ་འདི་བསྟན་པའི་དོན་དུའོ།། འདིར་འགྱོད་དུ་གཞུག་པ་ནི་ཚེ་དང་ལྡན་པ་ཁྱོད་མ་རྙེད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཉེས་བྱས་དང་མ་གུས་པར་གསོ་སྦྱོང་ལ་སོགས་པ་ཐོས་པ་ཞེས་བྱ་བའི་ཆོ་ག་འདི
་ལས་རྟོགས་པར་རིག་པར་བྱའོ།། བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དོ།། གང་ལ་ཁབ་རལ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ནོ།། དེའི་ཕྱིར་བ་སོ་དང་རུས་པ་དང་རྭའི་ཁབ་རལ་བྱེད་དམ་བྱེད་དུ་བཅུག་པ་ལ
་ཞེས་བྱ་བ་སྨོས་ཏེ། བ་སོ་འམ་རུས་པ་འམ་རྭའི་ཁབ་རལ་བྱེད་དམ་བྱེད་དུ་བཅུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། འདི་མན་ཆད་ཤིང་བལ་གྱིས་གོས་པར་བྱས་པ་མ་གཏོགས་བཱི་ལྟུང་བྱེད་རྣམས་ལ་བྱེད
་དུ་འཇུག་པ་འབའ་ཞིག་གསུངས་མོད་ཀྱི། རང་བྱེད་པ་ལ་ཆེས་ལྕི་བས་ཞེས་བྱ་བ་དེ་ཡང་འདི་རྣམས་ཀྱི་ཁོངསུ་བསྡུསོ།། ཤིན་ཏུ་ཡང་བ་བརྗོད་པ་ན་ལྕི་བ་མ་བརྗོད་ཀྱང་གྲུབ་པ་ཉིད་ཅེས་བྱ་བ་འདི་དེ་ཙམ་ཞིག་སྨོསོ།། ཁབ་རལ
་དང་ཁྲིའི་རྐང་པ་འཆོས་པ་ལས་ཀྱང་དགེ་སློང་གིས་བཅག་པ་ན་བ་སོ་བ་ལ་སོགས་པ་ཡང་རིན་ཆེ་བའི་ཕྱིར་བཀག་པའོ།། དེ་ལྟ་བས་ན་གང་ལ་ཆོས་རིན་ཆེ་བའི་ཕྱིར་དེ་ཡང་འདིར་བཀག་པར་རིག་པར་བྱ་སྟེ། ཐ་ན་མཚོན་ཆ
་ལ་སོགས་པ་ཡང་ངོ་།། དེ་ལ་ཡང་དེ་འདི་བྱས་པ་ཉིད་དོ།། རིན་པོ་ཆེ་ལས་བྱས་པ་ནི་རུང་བ་མ་ཡིན་པའི་ཕྱིར་ཉེས་བྱས་བྱེད་པོ་ཉིད་ཡིན།། དེ་ལྟ་ཡང་འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་གིས་རིན་པོ་ཆེ
་ལས་བགྱིས་པའི་ཁབ་རལ་བགྱིད་དུ་སྩལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱསོ་གསུངས་པ་ཡིན།། བྱས་ཟིན་པ་རྙེད་པ་དང་བྱས་ཟིན་པ་སྤྱོད་པ་དག་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། རས་ལ་སོགས་པ་རྙེད་པ་དེ་ལས་བྱས་པ་དང
་བྱེད་དུ་བཅུག་པ་དག་ལ་ལྟུང་བ་མེད་པ་དང་ན་སྨད་པ་ཡང་མེད་དོ།། བྱས་པ་འདི་ཉིད་ལས་བཀག་པའི་ཕྱིར་རོ།། འདིར་གཞུང་ནི་ཞུ་བ་ལས། བྱས་པ་རྙེད་པ་དང་བྱས་པ་ལ་སྤྱོད་པ་ལ་ལྟུང་བ་མེདོ་ཞེས་གསུངས་པ་ཡིནོ།། བཅག
་པོ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ་ཞེས་བྱ་བ་ནི་གང་གིས་མདུན་དུ་ལྟུང་བ་འཆགས་པ་དེས་ཁབ་རལ་དེ་ཁྱོད་ཀྱིས་བཅག་གམ་ཞེས་དྲི་བར་བྱ་སྟེ། དེ་སྐད་མ་དྲིས་པར་ལྟུང་བ་འཆགས་པ་བླང་བར་མི་བྱའོ།། གལ་ཏེ་མ
་བཅག་ན་མ་བཤགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་མ་བཅག་པར་ལྟུང་བ་འཆགས་པར་བྱེད་ན་དེའི་ལྟུང་བ་དེ་མ་བཤགས་པ་ཉིད་ཡིན་ནོ།། འོག་མ་ལྔ་པོ་དག་ལ་ཡང་དེ་དག་དང་བཅས་པ་དང
་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་འདིའི་འོག་མ་བདེ་བོར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་གོང་མ་རྣམས་དེ་མ་ཐག་པར་རྟོགས་པར་བྱའོ།། དེ་དག་ཅེས་བྱ་བ་ནི་མ་དྲིས་པར་ཞེས་བྱ་བ་ལ་སོགས
་བའོ།། བཅད་པ་དང་ལྡན་པ་ཉིད་དུ་རྟོགས་པར་བྱ་སྟེ། བཅད་པ་ཉིད་མ་དྲིས་པར་འཆགས་པར་བླང་བར་མི་བྱའོ།། གལ་ཏེ་མ་བཅད་པ་ན་ཆགས་པ་བླང་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ།། འདིར་གཞུང་ནི་རྣམ་པར་འབྱེད་པ་ལས།
་གང་གི་མདུན་དུ་འཆགས་པར་བྱེད་པ་དེས་ཁྱོད་ཀྱིས་དངོས་པོ་དེ་བཅད་དམ་ཞེས་དྲི་བར་བྱའོ།། མ་དྲིས་པོར་བཤགས་ན་ལྟུང་བ་དེ་དག་བཤ་ཁ་མ་ཡིན་ལ། དགེ་སློང་དེ་ལ་ཡང་ཉེས་བྱསུ་འགྱུར་རོ་ཞེས་གསུངས་པ་ཡི་ནོ།། དེ་བར་གཀྱེ་མའི་ཆོས་གློ་ཀྱི་ཚད་ལ་གྱུར
་པའི་ལྟུང་བྱེད་ལ་བཅད་ནས་ལྟུང་བྱེད་དུ་ནཱི་མ་གསུང་སོ།། འདིར་རྣམ་པར་འབྱེད་པ་ལྔས་བཅད་ནས་ཞེས་བྱ་བ་འདྲི་ལ་དོན་བསྟེན་པར་གྱུར་པ་མ་ཡིན་ཏེ། དེའི་ཕྱིར་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པ་ལས་གཞན
་དག་ལ་བཅད་པ་དང་ལྡན་པ་ཡིན་ནོ།། ཅི་བཅག་པ་དང་བཅད་པ་ཉིད་ཅེས་བྱ་བ་འདི་ལ་རང་བཞིན་གྱི་དོན་འདི་ཉིད་ཀྱིས་དེ་ལྟར་ཉིད་དུ་གནས་སྤྱིར་བཏང་བར་བྱས་ནས། དམིགས་ཀྱིས་གསལ་བ་བསྟན་པའི་ཕྱིར། དེའི་ཕྱིར་བཅད་པ
་དང་ལྡན་པ་ཡིན་ཞེས་བྱ་བ་སྨོས་སོ།། ཅི་ལྔ་པོ་དག་ལ་ཡང་བཅད་པ་དང་ལྡན་པ་ཡིན་ནམ་ཞེ་ན། དེའི་ཕྱིར་གཉིས་པ་ལ་ནི་བསྡུས་པ་དང་ངོ་ཞེས་བྱ་བ་སྨོས་ཏེ། ཤིང་བལ་གྱིས་གོས་པར་བྱས་པ་ཞེས་བྱ་བ་བསླབ་པའི་གཞི་ལ་ཞེས
་བྱ་བའི་དོན་ཏོ།། ཁབ་རལ་འཆོས་པའི་ལྟུང་བྱེད།། རྐང་དམའ་བ་དང་ལྡན་པའི་ཁྲི་ལ་ཉལ་བར་མི་བྱའོ་ཞེས་བྱ་བ་ནི་གང་ཞིག་འབྱུང་བའི་མགོ་བོ་ལ་ཉེ་བར་ཤེས་པར་འགྱུར་བ་དེ་ལྟ་བུའི་ས་དང་གང་ལ་འཁྱིལ་པ་མ་བཅག་པར་སྤྲུལ
་གྱིས་སོ་བཏབ་པ་སྒྲུབ་པ་མི་འབྱུང་བ་དེ་ལྟ་བུའི་ས་ལཱ་ཞེས་བྱ་བ་གླེང་གཞི་ལས་རྟོགས་པར་བྱའོ།། མལོ་དང་འབྲེལ་པའི་ཁྲིའི་ཉེན་འཁོར་གྱི་ཕྱོགསུ་རྐང་པ་བཀྲུ་བར་མི་བྱའོ་ཞེས་བྱ་བ་ནི་ཉལ་བའི་གནས་དང་འབྲེལ་པའི་ཁྲོའི
་ཉེན་སྐོར་དང་འབྲེལ་པའི་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱའོ།། ཁྱིམ་པའི་གནས་མལ་གྱི་གནས་གཞན་དང་འབྲེལ་པ་ཉིད་ལ་འདི་དང་མི་མཐུན་པོ་སྟེ། དེ་བས་ན་དེ་ལས་ཡོང་ཉེས་པ་འདིའོ།། ཁྱིམ་པའི་ལམ་ཉིད་ལ་འདི་ནི་ཤིན་ཏུ
་ན་སྨད་པར་རིག་པར་བྱའོ།། ཅི་ཐམས་ཅད་ཀྱིས་བཀྲུ་བར་མི་བྱ་འམ་ཞེ་ན། དེའི་ཕྱིར་ལྡུམ་ཡོད་པས་སོ་ཞེས་བྱ་བ་སྨོས་སོ།། ཅི་འདིར་ཕྱོགས་ཐམས་ཅད་དུ་གཞན་ལ་བཀྲུ་བར་བྱ་བ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་གཞན་གྱིས་ནི་མགོ
་ལོགས་དང་རྐང་ལོགས་མ་གཏོགས་པར་རོ་ཞེས་བྱ་བ་སྨོས་ཏེ། བཀྲུ་བར་མི་བྱའོ་ཞེས་བྱ་བར་སྦྱརོ།། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གང་དག་ལ་མཆིལ་ལྷམ་མི་བདོག་པ་དེ་དག་གིས་མགོ་ལོས
་རླུང་ལོགས་སུ་བཀྲུ་བར་བྱའོ།། ཞེས་གསུངས་པ་ཡི་ནོ།། རིགས་པ་ཡང་དེ་ལྟར་ཁོ་ན་སྟེ། འདི་ནི་མི་མཐུན་པ་ཞེས་བྱ་འདིས་སྤང་བའོ།། སྦྲུལ་ལ་སོགས་པ་གནས་པའི་དོན་དུ་ནི་མ་ཡིན་ནོ།། འདིར
་འཇུག་པ་ཙམ་ནི་གླེང་གཞི་ལས་གཙོ་བོ་སྟེ་ཉེས་དམིགས་ནི་མ་ཡིན་ནོ།། འདི་ནི་མི་བྱ་བ་ཁོ་ན་ཡིནོ་ཞེས་བྱ་བ་འདི་ལ་འཇུག་པ་བརྟེན་པ་མ་གསུངས་སོ།། ཉེས་དམིགས་བྱེད་པ་ཉིད་ཀྱིས་ལྟུང་བ་དང་ཁྲུས་ལ་སོགས་པ
་ལ་ཡང་དག་པར་བྱ་བ་ཉིད་དུ་ཐལ་བའི་ཕྱིར།། མགོ་ལོགས་སམ་རྐང་ལོགས་སུ་འདི་ལ་ཤིན་ཏུ་ཡང་མི་མཐུན་པ་ཉིད་མ་ཡིན་ནོ།། མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་ལ་འདུག་པ་འམ་ཉལ་བར་མི་བྱའོ་ཞེས་བྱ་བ་ལ།
་མལ་བསྟན་ཆེན་པོ་ནི་གསེར་ལ་སོགས་པ་རིན་པོ་ཆེ་དང་དངུལ་གྱི་རང་བཞིན་ཉིད། འདོད་བསླབ་པའི་གཞི་གང་ཞིག་ལས་ཚད་ལས་ལྷག་པ་ཉིད་ཀྱི་རྐང་པ་རྣམས་བསྒྲུབ་པར་མི་བྱའོ།། ཞེས་གསུངས་ཏེ་འདི་ནི་མཐོན་པོའི་ངོ་བོ་ཉིད་དོ།།
་དེ་བས་ན་མལ་སྟན་མཐོན་པོ་ཞེས་བྱ་བ་ནི་རྩ་བ་བུ་གར་གཞུག་པ་མ་གཏོགས་པར་གནས་པར་འགྱུར་རོ་ཞེས་བྱ་བ་འདི་ལ་ཁྲུ་གང་ལས་ལྷག་པའོ།། དེ་ལྟར་ཡང་གཞན་དུ་རྩ་བའི་བུ་གར་ཞེས་སྨོས་སོ།། ཁྲི་དང་ཁྲིའུ་ཡི་ལྟུང་བྱེད
་ཀྱི་ཞུ་བ་ལས་སོར་བརྒྱད་ཀྱི་ཚད་ལོས་ལྷག་པར་གནས་མལ་དེ་ཡོད་པ་ཡིན་ཏེ། དེ་དགེ་སློང་གིས་གདོན་པར་མ་བྱས་པར་བྱེད་ན་ཉེས་བྱསོ།། མི་རུང་བ་ཉིད་ཀྱི་ཕྱིར་ན་སྨད་པ་འདི་རྣམ་པར་གནས་པ་ཡིནོ།། སོར་བརྒྱད་ཀྱིས་ལྷག
་པ་ཉིད་ནི་མི་རུང་བ་ཉིད་དོ།། འདིར་མལ་སྟན་ཞེས་སྨོས་པས་སྟན་ཡང་འཕངས་པར་རིག་པར་བྱ་སྟེ། འདུག་པ་བཀག་པར་གཏོགས་པའོ།། ཁྱིམ་གཞན་དུ་གཞན་མེད་ན་སྔ་མ་ཤོས་བྱའོ་ཞེས་བྱ་བ་ནི་གཞན་དུ་མི་མཐོང་བ་དང
་མི་ཆེ་བ་མེད་ན་ཁྱིམ་གྱི་ནང་དུ་བྱའོ།། སྟན་མཐོན་པོ་དང་མལ་སྟན་ཆེན་པོ་སྔ་མ་ཤོས་བྱ་སྟེ། ཀུན་དགའ་བོ་དེ་དག་ཐམས་ཅད་དུ་འབྱོར་པར་འགྱུར་རོ་ཞེས་བྱ་བ་དེ་འདིས་བསྡུས་པ་ཡིན་ནོ།། རྐང་རྟེན་དང་བཅས་པ་ལ
་མཱ་ལ་བཅའ་བར་བྱའོ་ཞེས་བྱ་བ་ནི་ཕྱོགས་གཅིག་མཐོང་བ་ཉིད་ཀྱིས་ནི་མལ་སྟན་མཐོན་པོ་མ་ཡིན་པར་རིག་པར་བྱའོ།། དེ་བས་ན་རྐང་རྟེན་དང་པོའི་ཚིག་འདི་སྟོན་པོར་བྱེད་པ་མཐོན་པོ་བཀག་པ་ལ་དམིགས་ཀྱིས་བསལ་བ
་ཡིན་ཏེ། དེ་བསྡུ་བར་བྱ་ཞིང་བཀག་པ་འདིར་རྟོགས་པར་བྱའོ།། རྐང་རྟེན་དང་བཅས་པ་ལ་ཉོལ་ཅིག་ཅེས་བྱ་བ་ཅིའི་ཕྱིར་མ་གསུངས། ཉལ་བའི་དོན་ཅན་མ་ཡིན་པའི་སྒྲ་ལ་ཡང་ཁོངསུ་གཏོགས་པར་བསྡུ་བའི་དོན་དུ་ཕྲན
་ཚེགས་རྣམས་ལས་འདི་གསུངསོ།། ཁྲི་རྩེག་མའི་སྟེང་དུ་འདུག་པར་མི་བྱའོ་ཞེས་བྱ་བ་ལ། འདི་ནི་སྤྲིན་གྱི་གཞི་ལས་བཤད་པ་ཡིན་ཏེ། ཐུན་མོང་བའི་མཐོན་པོ་ཉིད་ཀྱི་དེ་འདིར་ཁྱད་པར་དུ་འཕགས་བའོ།། ཁྲི་རྩིག
་མ་ཞེས་བྱ་བ་ནི་ཁྲིའི་སྟེང་དུ་ཁྲི་བཞག་པའོ།། གང་ལ་ཁྲིའི་རྐང་པ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་ཆེད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། བསླབ་པའི་གཞི་གཞན་རྣམས་ལ་དོན
་འདི་ཡོངས་སུ་ཐོབ་པ་ཡིན་ཏེ། གཉིས་པའི་འོག་མ་གསུམ་པོ་དག་ལ་ཡང་ངོ་ཞེས་བྱ་བ་གང་ཞིང་འདིར་བསླབ་པའི་གཞི་འདིའི་འོག་མ་གཉིས་པ་ཤིང་བལ་གྱིས་གོས་པར་བྱ་དགག་པ་ཞེས་བྱ
་བའི་བསླབ་པའི་གཞིའོ།། དེའི་འོག་མ་གསུམ་པོ་དེ་དག་ཅེས་བྱ་བ་ནི་གདིང་བ་ལས་གྱུར་པ་དང་། གཡན་པ་དགབ་པ་ལས་གྱུར་པ་དང་། དབྱར་གྱི་རས་ཆེན་ལས་གྱུར་པ་ཞེས་བྱ་བ་རྣམས་ཏེ་བསླབ་པའི་གཞི་དེ་གསུམ་ལ
་ཡང་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལས་ལྟུང་བྱེད་དོ་ཞེས་བྱ་བ་འདི་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། གང་གི་ཚད་ལས་ལྷོག་པར་བྱེད་དམ་བྱེད་དུ་འཇུག་པ་ལ་ཞེ་ན། རྐང་པ་དག་གིའོ་ཞེས་བྱ་བ་འོག་ནས
་འབྱུང་ངོ་།། གང་གི་རྐང་པ་དག་ཅེ་ན། དེའི་ཕྱིར་ཁྲི་འམ་ཁྲིའུ་དག་གིའོ་ཞེས་བྱ་བ་སྨོསོ།། ཅི་ཐམས་ཅད་ཀྱིས་སམ་ཞེ་ན། དེའི་ཕྱིར་དགེ་འདུན་གྱིའོ་ཞེས་བྱ་བ་སྨོས་ཏེ། ཁ་ན་མ་ཐོ་བ་འདི་ལ་དེ་བསྒྲུབ་པར་གྱུར་པའི་མཐར
་ཐུག་པ་སྟེ། གང་ཞིག་དགེ་འདུན་མ་ལོག་པོའི་ལམ་ལ་བརྟག་པ་ཞེས་བྱ་བ་འདི་ཤེས་པའོ།། འོག་མ་ལ་ཡང་ངོ་ཞེས་བྱ་བ་ནི་བསླབ་པའི་གཞི་འདི་འོག་མ་ཤིང་བལ་གྱིས་གོས་པར་བྱས་པ་ཞེས་བྱ་བ་བསླབ་པའི་གཞི་ལ
་ཡང་ཁྲི་འམ་ཁྲིའུ་དག་ལའོ།། དགེ་འདུན་གྱིའོ་ཞེས་བྱ་བར་རིག་པར་བྱའོ།། དགེ་འདུན་གྱི་དོན་དུ་འདི་ལ་ལོག་པར་རྟོག་པ་ལ་བསྒྲུབ་པར་གྱུར་པ་ཉིད་ཅེས་བྱ་བ་འདི་ལ་ཡང་དགེ་འདུན་དག་གི་ཞེས་བྱ་བས་ཤེས་པའོ།། གང
་གི་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལ་ནི་ཁྲིའི་རྐང་པ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་རྐང་པ་དག་གིའོ་ཞེས་བྱ་བ་སྨོས་ཏེ། ཇི་སྙེད་པ་རྣམས་ཀྱིས་ཁྲི་འམ་ཁྲིའུ་དེའི་གནས་སྐབས་བསྒྲུབ་པ་ནི།
་དཔེར་ན་དཔུང་གི་ཚོགས་ཡན་ལོག་བཞི་ལྟ་བུ་འམ་བཞི་ཡིས་གཉིས་སམ་གསུམ་གྱིས་འགྲུབ་པ་འདི་དཔེར་ན་ཤིང་གི་ཁྲིའུ་ཅིག་ལྟོ་བུ་སྟེ། དེ་སྙེད་ཅེས་བྱ་བ་ནི་ཤུགས་ཀྱིས་ཁོངསུ་ཆུད་པར་བྱའོ།། གཞན་གྱིས
་ནི་དེ་དག་ངེས་པར་སྦྱར་བ་གཅིག་གམ་དུ་མར་བྱས་པ་ལ་ལྷག་མ་སྒྲུབ་པར་བྱེད་ཅིང་ཉེས་བྱསོ་ཞེས་བྱ་བའོ།། ཁང་པ་འམ་གཙུག་ལག་ཁང་དང་གདིང་བ་རྣམས་ལས་བརྩམས་པ་མཐར་བྱས་པ་ལ་ན་སྨོད་པའི་ཚིག་གིས
་རིག་པར་བྱའོ།། ཅི་སྲར་རྐང་པ་དེ་དག་གི་ཚད་གང་ཡིན་པ་གང་གིས་བྱེད་དམ་བྱེད་དུ་བཅུག་པ་ལ་ལྟུང་བྱེད་ཡིན་ཞེ་ན། དེའི་ཕྱིར་དེ་དག་གི་ཚད་ནི་བུ་གར་གཞུག་པའི་ཕྱོགས་མ་གཏོགས་པར་ཁྲུ་གང་ངོ་ཞེས་བྱ་བ་སྨོས་ཏེ།
་བུ་གར་གཞུག་པ་ཞེས་བྱ་བའི་ཕྱོགས་དག་མ་གཏོགས་པར་ལྷག་མ་འདི་རྣམས་ཀྱི་ཚད་ཁྲུ་གང་ཞེས་བྱ་བའི་དོན་ཏོ།། གལ་ཏེ་གང་ཡོད་ན་འདི་ལ་གང་ཡོད་པར་གྱུར་ན་འདི་གལ་ཏེ་གང་ལས་གཏོགསོ་བའི་ཕྱོགས་ལས
་བརྩམས་ཏེ། ཆ་བྱེད་ལ་བུ་གོར་གཞུག་པ་ཞེས་བྱ་བའི་དོན་ཏོ།། ཁྲུ་ཅི་ལྟ་བུ་ཞེ་ན། དེའི་ཕྱིར་བདེ་བོར་གཤེགས་པའི་སུམ་ཆསོ་ཞེས་བྱ་བ་སྨོས་ཏེ། བདེ་བར་གཤེགས་པའི་ཁྲུའི་སུམ་ཆར་གྱུར་པས་ཀྱང་ངོ་།། བསྲབ
་པའི་གཞི་རྣམས་ལ་བདེ་བར་གཤེགས་པའི་ཁྲུ་ཆ་གསུམ་དུ་གྱུར་པའི་ཁྲུ་ཚད་ཀྱི་རྣམ་པར་བཞག་པ་དེ་བས་ན་འདི་ལྟར་འདི་ལ་དེ་རྣམས་ལ་འབྲེལ་པར་རྣམ་པར་བཞག་པས་རྟོགས་པའོ།། འོག་མ
་དག་ལ་ཡང་ངོ་ཞེས་བྱ་བ་ནི་བསླབ་པའི་གཞི་འོག་མ་ཤིང་བལ་གྱིས་གོས་པར་བྱ་བ་དང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པ་ཞེས་བྱ་བའི་བསླབ་པའི་གཞི་ལ་ཚད་མངོན་པར་བསྟན་པས་པར་མ་གསུམ
་ལ་འདི་སྐབས་ཡིན།། ཞེས་བྱ་བར་རྣམ་པར་བཞུག་པའོ།། རང་གི་ལུས་ཀྱི་ཚད་དང་རྗེས་སུ་མཐུན་པར་གདིང་བ་ལས་གྱུར་པ་དང་། གཡན་པ་དགབ་པ་ལས་གྱུར་པ་དང་། དབྱར་གྱི་རས་ཆེན་ལས་གྱུར་པ་རྣམས་ལ་ཚད
་ཀྱི་ཆོས་གོས་བཞིན་དུ་རྣམ་པར་བཞག་པར་རིགས་པ་མ་ཡིན་ནོ།། དེའི་ཕྱིར་བར་མ་དང་རྗེས་སུ་མཐུན་པར་བདེ་བར་གཤེགས་པའི་ཚད་ཀྱི་རྗེས་སུ་འགྲོ་བས་གང་ཟག་གིས་དབང་དུ་བྱས་ཏེ། བདེ་བར་གཤེགས
་བའི་ཚད་ལ་སོགས་པར་བསྟེན་པ་འདི་རྟོགས་པར་བྱའོ།། ཁྲིའི་རྐང་པ་འཆོས་པའི་ལྟུང་བྱེད་དོ།། ། བསོད་ནམས་སྟོབས་རྒྱས་ཀྱིས་མཚོན་མར་གྱུར་འགྲོ་བཱ་ཡིས།། ཚེ་རབས་དུ་མར་བསགས་པའི་སྡིག་སྒྲིབ
་མ་ལུས་ཀུན།། དགེ་འདིས་དུག་ལྔའི་མོ་ལྕེ་ཆུ་ཡིས་བཅིལ་བ་བཞིན།། རིང་མིན་བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་ཐོབ་ཤོག། ཅེས་མི་དབང་པོ་ལྟ་བས་སྒོ་གསུམ་ཚིག་དྲིལ་གྱི་སྨོན་ལམ་བཏབ་པའོ།། བཀྲིས།།་