CLOSE WINDOW

GT3620: lung phran tshegs kyi rnam par bshad pa
Wyliee-texts produced with BDRC’s OCR application

རྒྱོ་གར་སྐད་དུ། ག་མ~ཾཉྫུ་དྲྀ་ཀ~ཾ་བྷཱ་ཥྚཱན ་བོད་སྐད་དུ། ལུང་ཕྲན་ཚིགས་ཀྱི་རྣམ་པར་བཤད་དེ།། ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དཔལ་ལྡན་གང ་གི་ཡོན་ཏན་དག་གིས་ཉོན་མོངས་དག་ཡི་ཚོགས་རྣམས་མ་ལུས་འདུལ་མཛད་ཅིང་།། དོན་རྣམས་མ་ལུས་རིག་པའི་དྲི་མང ་མཁྱེན་ལྡན་བདག་ཉིད་ཐུགས་རྗེས་འདུལ་གསུང་བའི།། སངས་རྒྱས་ཞབས་ཀྱི་པདྨ་ལྷ་ཡི་རིན་ཆེན་ཅོད་པ་ན་ཟེར་གྱིས་རེག་པར ་གྱུར་དེ་ལ། ཕྱག་བྱས་ནས་ནི་ཕྲ་མོའི་རྟོགས་དཀའོ་དེ་ཉིད་ཆོག་གི་རྣམ་པཤད་འདི་བརྩམ་བྱ།། ཕྲན་ཚེགས་ཀྱི་གཞིའི་སྡོམ་གཞིའི་སྡོམ་ཞེས་བྱ་བ་ལ། ཕལ་ཆེར་བསླབ་བཱི ་གཞི་ཕྲ་ཞིང་ཁ་ན་མ་ཐོ་བ་ཆུང་བསྟེན་པར་བྱེད་པའི་ལུང་གང་ཡིན་པ་དེ་ནི་ཕྲན་ཚེགས་ཞེས་བྱའོ།། བཞི་ཞེས་བྱ་བ་འདི་ནི་འདི་ལ་བསླབ་པའི་གཞི་བརྗོད་པར་བྱ་བའི་དངོས་པོ ་ནས་གནས་པར་བྱེད་པའི་ཕྱིར་གཞི་ཡིན་ཏེ། དོན་དང་ལྡན་པའི་སྒྲ་བཀོད་པ་ཞེས་བྱ་བའི་དོན་ཏོ།། སྡོམ་ཞེས་བྱ་བ་ནི་སྒྲོ་འདོགས་པ་གསལ་བ་དང་། རྣར་བརྗེད་པ་སྤང་བཱི་དོན་ཏོ། ་གནོད་པ་ཅན་གྱི་ཡུལ་སྨོས་པ་ལྔ་བཏུས་ནས་ངགང་ལ་བསླབ་བཱི་གཞི་བརྗོད་ཅིང་དཔྱོད་པ་ནི་སྔོ་ཡིན་ཏེ། མདོར་བསྡུ་བ་བྱས་བཱི་དོན་སྨོས་པ་ཞེ་བ་བཱི་བར་དུའོ།། བསྡུས་པཱི་སྡེ་ཞེས་བྱ་བ་ནི་བསྡུས ་པར་གྱུར་པའི་སྡོམ་གྱི་ཚིགས་སུ་བཅད་པ་ལས་བཏུས་ཤིང་དག་གང་ལ་ཁས་བླང་བ་འམ། དུམ་བུར་བྱེད་པ་དེ་ནི་བསྡུས་པའི་སྡོམ་ཞེས་བྱའོ།། ཐམས་ཅད་དུ་བསྟན་བཅོས་རྩོམ་པ་ལ་བརྗོད་པར་བྱ་བ་དང་། དགོས་པ ་དང་། འབྲེལ་པ་དང་དེ་གོས་པའི་དགོས་པ་དག་གདོན་མི་ཟ་བ་བརྗོད་དྷཱ་ཡིན་ཏེ། གང་གི་ཕྱིར་བརྗོད་པར་བྱ་བ་ལ་སོགས་པ་བཞི་པོ་དག་དང་བྲལ་བའི་སྒྲ་ལེ་ཡང་རྟོགས་པ་དང་ལྡན་པ་ཡིད་དགའ་བ་བསྐྱེད་པས་བསྐྱེད་པར་མི་བྱེད་ན་བསྣུན་བཅོས ་དག་ལ་ཡང་སྨོས་ཀྱང་ཅི་དགོས། དེ་ལྡན་ཚེགས་ཀྱི་མིང་ཅན་གྱི་ལུང་འདི་ལ་དགེ་སློང་དག་གི་བྱ་བ་ནི་བརྗོད་པར་བྱ་བ་ཡིན་ལ། དེ་ཡང་རྣམ་པ་གཉིས་ཏེ། བཅུང་ཞིག་ནི་དོར་བར་བྱ་བ་ཡིན་ཏེ། དཔེར་ན་སོ་ཕག་གིས་ལུས་ལ་བདར་བར་མི་བྱའོ་ཞེས་བྱ་བ་ལྟ། ་བུའོ།། བསམ་གཏན་དང་འདོན་པ་ལ་སོགས་པ་ཅུང་ཞིག་ནི་བླང་བར་བྱ་བ་ཡིན་ཏེ། དཔེར་ན་དགེ་སློང་དག་རྒྱགས་པ་མོད་པར་བསམ་གཏན་གྱིས་ཤིག་ཅེས་བྱ་བ་ལྟ་བུའོ།། བརྗོད་པར་བྱ་བ་གཉིས་པོ་དེ་བསྟན་ཅིང་ཁོང་དུ་ཆུད་པ་ནི་བཅོམ་ལྡན ་འདས་དང་སྡུད་པ་པོ་དག་གིས་དགོས་པ་ཡིན་ནོ།། བསྟན་པ་དེ་ཡང་ཕྲིན་ཚེགས་ཀྱི་མིང་ཅན་གྱི་སྒྲའི་བཀོད་པ་འདིས་བསྒྲུབ་པར་ནུས་པ་དེའི་ཕྱིར་སྒྲའི་ཚོགས་འདི་བརྗོད་པར་བྱ་བ་ཁོང་དུ་ཆུད་པའི་ཐབས་སུ་གྱུར་པ་ཡིན་ཏེ། འདི་གཉིས་ནི་ཐེགས ་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ནོ།། རབ་ཏུ་ཡང་དག་པར་འཇུག་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བ་ནི་དགོས་པའི་དགོས་པ་ཡིན་ནོ།། སངས་རྒྱས ་བཅོམ་ལྡན་འདས་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཡིན་ལ། དབང་ཕྱུག་ལ་སོགས་པ་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སམ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བཅོམ་པ་ཉིད ་ཀྱི་ཕྱིར་བཅོམ་ལྡན་འདས་ཏེ། འདོད་ཆགས་བཅོམ་ཞིང་ཞེ་སྡང་བཅོམ།། གཏི་མུག་བཅོམ་ཞིང་ཟག་པ་མེད།། སྡིག་པའི་ཆོས་རྣམས་རྣམ་བཅོམ་པ།། དེ་ཕྱིར་དེ་ནི་བཅོམ་ལྡན་འདས།། ཞེས་གསུངས་པའི་ཕྱིར་རོ།། སངས་རྒྱས་ཀྱི་སྒྲའི་ཉེ་བའི ་ཚིགོ་བཅོམ་ལྡན་འདས་ཞེས་བྱ་བ་ཡིན་ན་ནི་བཅོམ་ལྡན་འདས་ཉིད་བརྗོད་པར་བྱ་བ་མ་ཡིན་ནམ། འདི་ལྟར་མདོ་སྡེ་ལས་དུས་གཅིག་ན་བཅོམ་ལྡན་ཞེས་འབྱུང་བའི་ཕྱིར་རོ་ཞེ་ན། དེ་སྐད་དུ་བརྗོད་པར་ནི་མི་ནུས་ཀྱི་གཞན་དག་ལ་ཡང་བཅོམ་ལྡན ་འདས་ཞེས་བརྗོད་དེ། འདི་ལྟར་བཅོམ་ལྡན་འདས་ནོར་ལྷ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་རྣམ་པ་བཅད་པར་བྱ་བའི་ཕྱིར་སངས་རྒྱས་སྨོས་པ་ཡིན་ནོ།། དེ་ལྟ་ན་ནི་མདོ་སྡེ་དག་ལ་ཡང་སངས་རྒྱས་སྨོས་དགོས་སོ་ཞེ་ན། མི་བྱ་སྟེ། ཉན་ཐོས་ཀྱིས་བཤད་པའོ ་མདོ་སྡེ་ཡང་སྲིད་པའི་ཕྱིར་ཏེ། དེ་ལྟར་བསླབ་པའི་གཞི་བཅའ་བ་དག་ནི་ཉན་ཐོས་འཕགོས་པ་ཤཱ་རིའི་བུ་ལ་ཡང་དབང་ཡོད་པ་མ་ཡིན་པ་དེའི་ཕྱིར་འདུལ་བ་ལས་བསླབ་པའི་གཞི་བཅས་པ་མཛད་པ་ལ་སྟོན་པ་གཅིག་ཏུ་གཙོ་བོར་གྱུར་པ་ཡིན་གྱི། གཞན ་འགའ་ཞིག་ཀྱང་མ་ཡིན་ནོ་ཞེས་བྱ་བ་ཉིད་ཀྱི་ཕྱིར་སངས་རྒྱས་སྨོས་སོ།། ཡངས་པ་ཅན་ཞེས་བྱ་བ་ནི་ཁྱིམ་དང་འབྱོར་པ་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་གྲོང་ཁྱེར་ནི་ཡངས་པ་ཅན་ནམ། མི་རྣམས་བསོད་ནམ་རྒྱ་ཆེ་ཞིང་ལྷའི་ཕུན་སུམ་ཚོགས་པ་དང ་xxx ་དང་། དཞུགས་པ་དང་། གནམས་པ་དང་། འཆག་པ་ཐ་དངོ་འི་སྒོ་ནུས་རྣམ་པ་བཞི་སྟོད་པ་དེ་ལྟ་ན་ཡང་འདིར་བཞུགས་པོ་ཙམ་ཞིག་ཉེ་སྦྱར་བ་ཡིན་ནོ།། སྠུ་ཎཱུ་ག་འགྲམ་ཞེས་བྱ་བ་ནཾ་སྠཱནས་བསྒོས་པའི་རྗེའྀ་རྟྲྀ་ག་འགྲམ་ནའོ།། ་ཁང་པ་བརྩེགས་པའི་གནས་ཞེས་བྱ་བ་ནི་གཙུག་ལག་ཁང་གི་མིང་ངོ་།། དྲུག་སྡེ་ཉིད་ཀྱིས་བྱ་བོ་ནི་དྲུག་པོ་ཕན་ཚུན་རྗེ་ཆེན་དུ་མཐུན་པ་དག་ནི་དྲུག་སྔོ་ཡན་ལ། དྲུག་སྡེའི་དངོས་པོ་ནི་དྲུག་སྡེ་ཉིད་དམ། གང་རྣམ་པ་དྲུག་པོ་ལ་ཕན་པས་ན་དྲུག ་སྡེ་ཉིད་དེ། དེ་དག་རེ་རཱི་ལཱ་ཡང་དྲུག་སྟེ་ཁོ་ན་ཉིད་ཅེས་བྱ་སྟེ། དབྱར་ནྱ་བྱཱ་ལྔ་པ་དང་དགེ་སྦྱོང་ལྦུ་པ་ཞེས་བྱ་བ་ལྟ་བུའོ།། དྲུག་སྟེ་ཉིད་ནི་ཚོགས་ཡི་བྱའོ།། སྐུ་དྲོན་ཉི་མའི་ཐུན་དང་པོ་སྦྱིན་ལཾ་དེར་བགོས་ནས་ཞེས་བྱ་བ་ནི་ཤམ་ཐབས་བགོས་སུ ་ཀྱང་སྤྱོད་ལམ་སྦ་བའི་ཕྱིར་དང་། ཡང་མཛེས་པར་བྱ་བ་ནི་ཉྀད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ།། བསོད་སྙོ་མོས་ཀྱི་ཕྱིར་ཞེས་བྱ་བོ་ནི་བསོད་སྙོམས་སྦྱོང་བའི་དོན་དུའོ།། བུར་ནི་དབུས་སོ།། ཡངས་པ་ཅནྡ་ཞེས་བྱ་བ་འོ།། ཡངས་པ་ཅན་གྱི་གྲོང་ཁྱེར་ན ་གནས་པ་གང་ཡིན་པ་དེ་དག་ནི་ཡངས་པོ་ཅན་གྱིའོ།། ལོ་ཙ་བཱི་ཞེས་བྱ་བ་ནི་ལ~ཾ་ཙ་བཱིའི་མི་ཅན་གྱི་རྒྱལ་རིགས་དག་གིའོ།། སྐྱིད་མོས་ཚལ་ནི་རྩིད་འཇོའི་གནས་ལ་བྱའོ།། བྱ་སྣ་ཚོགས་སྐྲོད་འབྱིན་པ་ཞེས་བྱ་བ་ནི་འདབ་མན ་རྣམ་བྱ་སྣ་ཚོགས་སྒྲ་སྒྲོགས་པའོ།། དགའ་བའི་ཚལ་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པ་དགྲ་སྐྱེད་མོས་ཚུལ་གང་ལ་རབ་ཏུ་འཇུག་ན་ལྷ་དག་གི་འབྱོར་པའི་ཚོགས་ཉམསུ་མྱོང་བར་གྱུར་པའོ།། དེ་དང་འདྲ་བ་ནི་དེ་དང་ཆ་འདྲ་བ་དག་ཡིན ་ནོ།། རྩོལི་བ་ནི་ལུས་ཀྱི་སྒོ་ནས་དུབ་པར་བྱེད་པ་ཡིན་ལྔ། རྩོ་ལོ་བ་གང་གིས་སྒྲིབ་པར་བྱེད་པ་དེ་ནི་བརྩལ་བའི་ཆ་སྤྱད་ཡིན་ཏེ། མདའ་བོ་ཆེ་ལ་སོགས་པའོ།། གར་དང་གླུ་དང་སིལ་སྙན་གྱི་ཆ་སྤྱད་ནི་པི་ཝང་ལ་སོགས་པ་དག་གོ།། ཁྲུས་ཀྱི་ཡོ་བྱད་ནི ་སོ་ཕག་ལ་སོགས་པ་དག་གོ།། སུམ་ཅུ་རྩ་གསུམ་གྱི་ལྷ་ཞེས་བྱ་བ་ནི་རྩེ་བའི་ཕྱིར་ལྷ་སྡེ་རྩེ་འཇོ་བྱེད་པའི་ཕྱིར་ལྷ་སྟེ་ཞེས་བྱ་བའི་དོན་ཏོ།། དབང་པོ་གཅིག་དང་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་ཏེ། སུམ་ཅུ་རྩ་གསུམ་པོ་དེ་དག་ནི་སུམ་ཅུ་རྩ་གསུམ་ཞེས ་བྱའོ།། དཔེར་མཛད་ན་ཞེས་བྱ་བ་ནི་དཔེར་གྱུར་པས་ན་དཔེར་མཛད་པ་སྟེ། ཇི་སྐད་དུ་དགེ་སློང་དག་ཁྱེད་ཅག་ལས་སུམ་ཅུ་རྩ་གསུམ་གྱི་ལྷ་མཐོང་བར་མ་གྱུར་པ་གང་ཡིན་པ་དེས་ཡངས་པ་ཅན་གྱི་ལི་ཙཾ་བཱིའི་སྐྱེད་མོས་ཚལ་གྱི་གནས་སུ་སོང་ལ་ལྟོས ་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། གཏམ་དུ་བྱས་པ་ཞེས་བྱ་བ་ལ་གཏམ་ནི་ཚིག་གི་སྒོ་ནས་མངོན་པར་འདོད་པའི་འབྲས་བུ་དཔྱོད་པར་བྱེད་པ་ཡིན་ཏེ། གང་གིས་གཏམ་དུ་བྱས་པ་དེ་དག་ནི་གཏམ་དུ་བྱས་པ་སྟེ། མངོན་པར་འདོད་པའི ་འབྲས་བུ་འབྱོར་པ་བསྒྲུབས་ནས་ཞེས་བྱ་བའི་བར་དུའོ།། མདའ་བོ་ཆེ་ནི་ལོགས་གཉིས་ནས་ལྕགས་ཀྱི་མདེའུ་ཚད་ཆེན་པོ་ཅན་དབུས་ལགས་པས་བཟུང་དུ་རུང་བ་མཚོན་ཆའི་ཁྱད་པར་དག་ཡིན་ཏེ། དེ་ཡང་དང་ཡང་དུ་འཕངས་པ་ལས་བརྩལ་བ་འགྲ ་པར་འགྱུར་རོ།། རྡོ་སྲང་བུ་ལ་སོགས་པས་བཅིངས་པ་དག་ནི་དྲང་བའི་དོན་གྱི་རྡོ་སྟེ། དེ་འདྲེན་པ་ལས་ཀྱང་བརྩལ་བ་འགྲུབ་པར་འགྱུར་རོ།། བསྣུན་པའི་དོན་གྱི་རྗེ་ནི་སྐྱེས་བུ་སྟོབས་དང་ལྡན་པས་བཏེག་པའི་རྡོ་ཡིན་ཏེ། དེ་བཏེག་ནས་དོར་བ་ལས ་ཀྱང་བརྩལ་བ་འགྲུབ་པར་འགྱུར་བ་འམ། གང་གིས་དཔུང་མགོའི་ཕྱོགས་ལ་བསྣུན་པར་གྱུར་ན་མཁྲང་པོར་འགྱུར་བའི་ཕྱིར་བསྣུན་པོའི་དོན་གྱི་རྡོ་ཞེས་བྱའོ།། གནང་ནི་སིལ་སྙན་གྱི་ཁྱད་པར་ལ་བྱ་སྟེ། ད་ལྟར་ནི་མི་སྣང་ངོ་།། ཁ་ཅིག་ནི་པི་ཝང་དུ་རབ་ཏུ་གྲ ་པབལ་ཡང་པི་ཝང་ཞེས་ཟེར་རོ།། གླིང་བུ་ནི་འདི་མ་ཡིན་ལ། རྔ་ནི་རྫ་རྔ་ལ་བྱའོ།། འཁོར་རྔ་ནི་འཁཱར་རྔའི་སིལ་སྙན་ཡིན་ལ། སྒྲ་སྙན་པའི་མཆོག་ནི་སིལ་སྙན་ཡིན་ཏེ་ནུབ་པར་གྱུར་ཏོ་ཞེས་བརྗོད་དོ།། གཟོའི་གནས་དང་། ལས་ཀྱི་གནས་ཞེས་བྱ་བ་ལ། བསྲ ་པའི་གནས་ནི་བསླབ་པའི་དངོས་པོ་ཁོང་དུ་ཆུད་པ་སྟེ། ཁོལ་མ་བྱུང་བ་ལ་སོགས་པའོ།། ལས་ཀྱི་གནས་ནི་བསླབ་པའི་རྩོལ་བས་བསྒྲུབ་པ་ཡིན་ཏེ། གླང་པོ་ཆེའི་གཉའ་བ་དང་། རྟའི་རྒྱུ་བ་དག་ལ་ཞོན་པ་ལ་སོགས་པའོ།། ཡན་ལག་ལྔ་དང་ལྡན་པ་ཞེས་བྱ ་ནི་བརྡུང་བར་བྱ་བ་སིལ་སྙན་གྱི་ཚོགས་ལོ་བྱཱ་ལ། བརྡུང་བར་བྱ་བ་ཡན་ལག་ལྔ་དགྲ་གང་ལ་ཡོད་པ་དེ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། དཔེར་ན་དཔུང་གི་ཚོགས་ཡན་ལག་བཞི་པ་ལྟ་བུའོ།། བརྡུང་བར་བྱ་བའི་ཡན་ལག་དག་ཀྱང་སིལ་སྙན་ལྔའི་ཁྱད་པར ་ཡིན་ཏེ། རྒྱུད་དོང་། རྣམ་པའི་རྒྱས་པ་དང་། མགོ་བཟང་དང་། མཟློག་པ་དང་། འཛིན་མའི་དབྱེ་བའི་ཕྱིར་རོ།། དེ་ལ་རྒྱུད་ནི་ཆུད་ཤིང་ཀྱིས་སྒྲོགས་པ་སྟེ། པི་ཉིང་ལ་སོགས་པའོ།། རྣམ་པར་རྒྱས་པ་ནི་པགས་པོས་གཡོགས་པ་སྟེ། རྔ་བོ་མེདང་རྗེ་རྗེ་ལ་སོགས ་བའོ།། མགོ་བཟང་ནི་འོད་མའི་སིལ་སྙན་ནོ།། མཐུག་པ་ནི་གླུ་སྙན་པ་ལ་སོགས་པ་དབྱངས་ཀྱི་ཁྱད་པར་རོ།། འདྲེན་མ་ནི་ཕན་ཚུན་རྗེས་སུ་མཐུན་པ་སྒྲ་འཇམ་པོ་ཡིད་དུ་འོང་བའི་སིལ་སྙན་དག་གི་ཚོགས་ཡིན་ནོ།། སྐྱེས་བུ་མཁས་པས་ཞེས་བྱ་བ་ལ་སོགས ་བ་ལ། སྒྲ་སྣ་ཚོགས་ཀྱི་ཁྱད་པར་སྒྲོག་པར་བྱེད་པ་ལ་མཁས་པ་ཞེས་བྱའོ།། ལེགས་པར་རབ་ཏུ་དཀྲོལ་བ་ཞེས་བྱ་བ་ནི་རབ་ཏུ་སྦྱོར་བ་པོ་དེས་ཡང་དག་པ་ཕྱིན་ཅི་མ་ལོག་པའི་རྣམ་པས་སོ།། ཁ་ཅིག་ནི་སྒྲ་ཡིད་དུ་འོང་བ་ཅན་བརྒྱུད་ལྔ་པ་བརྡུང་བར་བྱ། ་བའི་ཁྱད་པར་ནི་ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་དང་། གཞན་དག་ཀྱང་ཕན་ཚུན་རྗེས་སུ་མཐུན་པ་སྒྲོ་ཡིད་དུ་འོང་བ་ཅན་བརྡུང་བར་བྱ་བའི་ཁྱད་པར་ལྔ་ལ་ཡན་ལག་ལྔ་དང་ལྡན་པ་ཞེས་ཟེར་རོ།། ཡང་ན་སིལ་སྙན་གྱི་རྫས་རྒྱུད་དང་ལྡན་པར ་བྱ་བའི་པི་ཝ་ང་ལ་སོགས་པ་དག་སོར་མོ་དག་གིས་བརྡུང་བར་བྱ་བ་གང་ཡིན་པ་དེ་དག་ཡན་ལག་གཅིག་ཡིན་ལ། རྒྱུད་ཀྱི་ཁྱད་པར་གྱི་སྒོ་ནས་གྲུབ་པ་ལག་པ་དང་འབྲལ་པའི་ཤིང་བུ་དྲུད་པ་དང་། ཡོངསུ་དྲུད་པས་བརྡུང་བར་བྱ་བ་གང་ཡིན་པ་དེ་ནི ་གཉིས་པའོ།། གླིང་བུ་ལ་སོགས་པ་ཁའི་དབུགས་ཀྱིས་བུད་པར་བྱ་བ་གང་ཡིན་པ་དེ་ནི་གསུམ་པའོ།། རྫ་རྔ་ལ་སོགས་པུ་ལག་པས་བསྣུན་པའི་སྒོ་ནས་བརྡུང་བར་བྱ་བ་གང་ཡིན་པ་དེ་ནི་བཞི་པའོ།། ཆ་ལང་ལ་སོགས་པ་ཕན་ཚུན་བརྡབ་པའི ་སྦྱོར་བས་དཀྲོལ་བར་བྱ་བ་གང་ཡིན་པ་དེ་ནི་ལྔ་པའོ།། རྣ་བ་བྱོལ་ཏེ་ཞེས་བྱ་བ་ནི་སྒྲ་དེ་མཉན་པ་ལ་རྣ་བ་དང་སེམས་དག་རྣམ་པར་གཏོད་པའོ།། གར་བྱེད་པས་ན་གར་མཁན་ནོ།། བརྟག་པས་མོས་པ་ནི་མངོན་པར་འདོད་པ་ཡིན་ལ། བརྟག་པའི ་ཕྱིར་གཞོལ་ཞིང་འབབ་པའི་ཡིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྒྲ་དེ་མཉན་པའི་ཕྱིར་གནས་དེར་འགྲོ་བར་མངོན་པར་འདོད་པ་དང་བཅས་པས་ཞེས་བྱ་བའི་ཐ་ཚིག་གོ།། མྱུར་ཞིང་ཞེས་བྱ་བ་ལ་སོགས་པ་ལ། རིངས་དྲག་ཏུ་དོང་ནས ་སོ།། བཀྲེན་པ་ནི་དམན་པའམ་ཡོན་ཏན་གྱིས་དབུལ་བར་གྱུར་པ་ཡིན་ཏེ། དམན་པ་ཉིད་དང་ཡོན་ཏན་གྱིས་དབུལ་བར་གྱུར་པ་ཡིན་ཏེ། དམན་པ་ཉིད་དང་ཡོན་ཏན་གྱི་དབུལ་བར་གྱུར་པས་འགའ་ཞིག་ལ་ཡོན་ཏན་ཡོད་པ་དག་ཏུ་སྐྱེས་པར་མི་བྱེད་དོ།། ་དེ་ཉིད་ཀྱི་ཕྱིར་ཁྱེད་ལ་བྱེ་བྲག་ཅི་ཡོད་ཅེས་སྨོས་པ་ཡིན་ཏེ། ཁྱད་པར་ཡོངས་ཤེས་པའི་ནུས་པ་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ།། དགེ་སྦྱོང་རྣམས་ཀྱང་འདོད་པའི་ཡོན་ཏན་གྱིས་ཞེས་བྱ་བ་ལ་མཁས་པ་དཀའ་ཐུབ་ཅན་གྱི་འགྲོ་བ་དག་ནི་དགེ་སྦྱོང ་ཡིན་ཏེ། དེ་དག་འདི་ཀུན་སྤྱོད་པར་བྱེད་པའི་ཕྱིར་དགེ་སྦྱོང་རྣམས་རྟོགས་པའི་གཡོས་འདོད་པ་ལ་ཡོངསུ་ལོངས་སྤྱོད་པ་ཡིན་ཏེ། དཔེར་ན་སོ་ཕག་བདར་བའི་གཡོས་སྒྲ་ཡད་དུ་འོང་བ་ཡོངསུ་ལོངས་སྤྱོད་པ་དང་། རྒྱ་རྗེས་སུ་སྣང་བ་ལས་གསར ་གསོར་ལས་བྱས་པ་ལ་སོགས་པའི་སོར་གདུབ་ཡོངསུ་ལོངས་སྤྱོད་པར་བྱེད་དོ་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ།། སྒྲའི་དོན་དཔྱད་པར་བྱ་སྟེ། འདོད་པར་བྱ་བ་ཡིན་པའི་ཕྱིར་འདོད་པ་སྟེ། མངོན་པར་འདོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི ་དོན་ཏོ།། གོམོས་པར་བྱ་བ་ཡིན་པའི་ཕྱིར་ཡོན་ཏན་ཏེ། འདུན་པའི་འདོད་ཆགས་ཀྱི་སྒོ་ནས་གོམས་པར་བྱེད་ཅེས་བྱ་བའི་བར་དུའོ།། རྗེས་སུ་སྟོན་པར་མཛད་པས་ན་སྟོན་པའོ།། སྤ་བཀོང་བ་ནི་ལན་སྦྱིན་པའི་ནུས་པ་མེད་པར་གྱུར་པ་ཡིན་ནོ།། སྲིང་དང ་ཞེས་བྱ་བ་ལ་སོགས་པ་ལ། ཤིང་རྟ་བཀྲི་བར་ནུས་པའི་ཁྲི་ལམ་གང་ཡིན་པ་དེ་ནི་སྲང་ཡིན་ནོ།། ཁྲི་ལམ་ནི་ཤིང་རྟ་བསྐྱོད་དུ་རུང་བའི་ཚོང་དུས་ཀྱི་ཁྲི་ལམ་མོ།། བཞི་མདོ་ནི་སྲང་གི་སྣའི་ལམ་གྱི་བཞི་མདོ་དག་གོ།། སུམ་མདོ་ནི་སྲང་གི་སྣའི་ལམ་གྱི་སུམ་མདོ ་འོ།། འདས་པ་དང་བཅས་པར་འགྱུར་རོ་ཞེས་བྱ་བ་ནི་ཤིན་ཏུ་འདས་པར་བྱེད་པ་ནི་འདས་པ་སྟེ། བསླབ་པའི་མཚམོས་ལས་ཤིན་ཏུ་རྒལ་བར་བྱེད་པའོ།། འདས་པ་དང་ལྷན་ཅིག་འཇུག་པ་ན་འདས་པ་དང་བཅས་ཤིང་རྒལ་བ་དང་བཅས་པ་སྟེ། ཉེས ་བྱས་ཀྱི་ཁ་ན་མ་ཐོ་བ་དང་བཅས་པར་གྱུར་ཞེས་བྱ་བའི་ཐ་ཚིག་གོ།། དྲི་མའི་འདམ་ནི་དྲི་མས་ཉེ་བར་གོས་པ་འམ་དྲི་མའི་ཚོགས་ལ་བྱའོ།། དག་པ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བར་གྱུར་པའོ།། སྐབས་ནི་གནས་སྐབས་ལ་བྱའོ།། གང་སོ ་ཕག་གིས་ལུས་སྦྱང་བར་མི་བྱའོ།། ཞེས་གསུངས་པ་ནི་བཅས་པ་ཡིན་ལ།། གང་རྐང་པ་སོ་ཕག་གིས་སྦྱང་པར་བྱའོ་ཞེས་གསུངས་པ་དེའི་ཕྱིར་རྗེས་སུ་གནང་བ་ཡིན་པར་ཤེས་པར་བྱའོ།། མཛུབ་རས་གསུམ་ཞེས་བྱ་བ་ནི་ས་ཞག་དཀར ་པོས་འཕྲལ་བའི་ཕྱོགསུ་རི་མོ་གསུམ་བྱས་པ་ནི་མཛུབ་རིས་གསུམ་མོ།། འཕྱ་བར་བྱེད་པ་ནི་འཕྱར་ཁ་གཏོང་བར་བྱེད་པའོ།། གསོང་པོར་སྤྲོ་བས་གསོང་པོར་སྨྲའོ་ཞེས་བྱ་བ་ནི་གུས་པའི་ཚིག་ཟློས་པ་ཡིན་ཏེ། གསོང་པོར་སྨྲ་བ་ནི་ལུས་ཀྱི ་ཕྱག་འཚལ་བ་མེད་པའི་སྒོ་ནས་མཆོད་པའི་ཚིག་ཡིན་ནོ།། མཉན་ཡོད་ཅེས་བྱ་བ་ལ་སོགས་པ་ལ། དྲང་སྲོང་མཉན་ཡོད་ཀྱིས་བསྒྲུབས་པའི་གྲོང་ཁྱེར་མཉན་ཡོད་ཅེས་བྱའོ།། བསླབ་པའི་ཚིག་འབྱུང་བས་ན་གཞི་ཞེས་བྱའོ།། གི་ཝ ་གི་ཐིག་ལེར་བྱས་ཏེ་ཞེས་བྱ་བ་ནི་གི་ཝང་གི་དཔྲལ་བའི་ཕྱོགསུ་ཐིག་ལེར་བྱས་ནས་སོ།། ཆོས་སྟོན་བསྔགས་པར་བྱེད་ཅེས་བྱ་བ་ནི་དེང་བདག་གིས་བཟའ་བ་རྣམ་པ་སྣ་ཚོགས་ཞིམ་ཞིང་བསོད་པ་མང་པོ་རྙེད་པར་གྱུར་ཞེས ་པའོ།། བྲམ་ཟེ་དང་ཁྱིམ་བདག་ནི་ཁྱིམ་གྱི་ནི་སྐྱེ་བོ་དམ་པ་དག་ཡིན་ཏེ། དམ་པ་བཟུང་བས་དམ་པ་མ་ཡིན་པ་ཡང་སྨོས་པ་ཡིན་ནོ།། གསོང་པོར་སྨྲ་བ་ནི་གསོང་པོར་སྨྲ་བར་འོས་པ་ཡིན་པའི་ཕྱིར་གསོང་པོར་སྨྲ་བར་བྱ་བ་དག་ཡིན ་ཕྱག་བྱ་བར་འོས་པ་ཡིན་པའི་ཕྱིར་ཕྱག་བྱ་བ་དག་ཅེས་བྱའོ།། རྒན་པོ་ནི་ན་ཚོད་ལས་ཤིན་ཏུ་འདས་པ་ཡིན་ཏེ། བྲམ་ཟེ་ནི་གང་ཡིད་ཕྱིར་ཕྱོགས་པ་ཁྱིམ་དག་ཏུ་གནས་པ་བསམ་པ་མེད་པར་གྱུར་པའོ།། བསྐྲུན་པ་ནི་སྨྲས་པར ་གྱུར་པའོ།། བཞིན་བཟངས་ཞེས་བྱ་བ་ནི་སྟོན་པོའི་ཚིག་གིས་འབོད་པའོ།། རང་བཞིན་དུ་གནས་པའི་དངོས་པོ་ནི་རང་བཞིན་དུ་གནས་པར་གྱུར་པོ་ཉིད་དེ། ནད་མེད་པར་འགྱུ་རོ་ཞེས་བྱ་བའི་བར་དུའོ།། ཐུགས་རྗེའི་སྤྱོད་པ་མངའ་བའི་ཕྱིར་ཐུགས་རྗེ་ཅན་ནོ།། ། ་བྱུགས་ཏེ་ཞེས་བྱ་བ་ནི་ཡང་དག་པར་བསྐུས་ཏེའོ།། གནས་བརྟན་ཞེས་བྱ་བ་ནི་དེ་དག་མཆོད་པའི་ཚིག་གོ། དེ་དག་འཕྱ་བར་བྱེད་ཅེས་བྱ་བ་ལ་སོགས་པ་ལ་འཕྱ་བ་ནི་མང་སྨོས་པའི་སྒོ་ནས་ཚུལ་མ་ཡིན་པ་རྗོད་པར་བྱེད་པའོ།། སྨོས་པ་ནི་མིང་སྨོས ་པ་མེད་པར་སྤྱིར་འགའ་ཞིག་འདི་ལྟར་བྱེད་དོ་ཅིས་ཉེས་པ་བརྗོད་པར་བྱེད་པའོ།། ངན་དུ་ཟེར་བ་ནི་དེའི་སྐྱོན་བརྗོད་པའི་ཕྱིར་འདི་བ་ལ་སྦྱོར་བ་ཡིན་ནོ།། འདོད་པ་ལ་ལོངས་སྤྱོད་པ་ལྔ་བྱ་བ་ནི་འདོད་པ་ལ་ལོངས་སྤྱོད་པའི་ངང་ཚུལ་ཅན་ནོ།། འོངས་ཤིང་ལྷགས་པར ་གྱུར་པ་རྣམས་ལ་ཞེས་བྱ་བ་ལ། ཅུང་ཞིག་སྔར་འོངས་པར་གྱུར་པའི་ཕྱིས་ལྷགས་པར་གྱུར་པ་གང་ཡིན་པ་དེ་དག་ནི་འོངས་ཤིང་ལྷགས་པར་གྱུར་པ་དེ་དག་ལའོ།། ཆོས་ནི་སངས་རྒྱས་ཀྱི་བཀའ་ཡིན་ལ། འཆད་པ་ནི་སྟོན་པར་བྱེད་པའོ།། ཀུན་ཏུ་སྤྱོད་པའི་ཆོས ་རྣམས་ཞེས་བྱ་བ་ལ་ཁྱད་པར་དུ་བྱ་བ་དང་རྗེས་སུ་མཐུན་པའི་གདོན་མི་ཟ་བར་བྱ་བ་དག་ནི་བཅོམ་ལྡན་འདས་ཀྱིས་དངོས་སམ་བརྒྱད་པས་སྐབས་ཀྱི་བྱེ་བྲག་ལ་རག་ལུས་པར་བྱ་བར་རྗེས་སུ་གནང་བ་ཡིན་པའི་ཕྱིར་ཀུན་ཏུ་སྤྱོད་པའི་ཆོས་ཏེ། ཀུན་ནས་རྟག ་ཏུ་ཁྱད་པར་དུ་བྱ་བའི་དོན་ཡིན་ནོ།། ཀུན་ཏུ་སྤྱད་པ་ནི་ཀུན་ཏུ་སྤྱོད་པ་ཏེ། དེ་དང་དེ་དག་འདིར་ཀུན་ཏུ་སྤྱོད་པ་ཞེས་བྱ་བ་ཡིན་ཏེ། དཔེར་ན་དགོན་པ་ལས་ཁྱི་གསོ་བར་བྱེད་པ་ཁྱད་པར་དུ་བྱ་བ་ཡིན་ལ། དེ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བྱ ་བ་དག་ཏུ་རྗེས་སུ་གནང་བ་ཡིན་ནོ།། ལག་མཐིལ་དྲི་དང་ལྡན་པས་བྱུགས་ཤིག་ཅེས་བྱ་བ་ནི་ལག་པ་དྲིས་ཉེ་བར་བསྒོས་པས་བཅོམ་ལྡན་འདས་ཀྱིས་མཆོད་རྟེན་ལའོ།། ལག་པའི་སོར་མོ་རྣམ་པར་ཕྱེ་བ་གཟུགས་བརྙན་འབྱུང་བ་ཅན་ནི་ལག་པའི་མཐིལ་དྲི ་དང་ལྡན་པའོ།། བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོ་དག་སྙིང་པོར་བྱས་པའི་མཆོད་རྟེན་ནི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ནོ།། དུས་དུས་སུ་ཞེས་བྱ་བ་ནི་དུས་སྔ་མ་དང་ཀུན་ཏུ་འབྲེལ་བའི་དུས་ཅིག་ཤོས་ལ་དུས་དུས་ཞེས་བྱའོ།། མིག་ལ་ཕན་འདོག ་པར་བྱེད་པ་ནི་མིག་ལ་ཕན་པའོ།། འདི་ལ་འགྱོད་པ་ཉིད་དུ་མི་བྱ་བའོ་ཞེས་བྱ་བ་ནི་ངན་པར་བྱས་པས་ན་འགྱོད་པ་ཡིན་ལ། འགྱོད་པའི་དངོས་པོ་ནི་འགྱོད་པ་ཉིད་དོ།། འདིར་ནི་དེ་ལ་དམིགས་པའི་སེམས་ལས་བྱུང་བའི་འགྱོད་པ་ཞེས་བྱ་བའི་ཆོས ་ལ་འགྱོད་པ་ཉིད་དུ་བཤད་ལ། དེ་མི་བྱ་བ་ནི་བསྐྱེད་པར་མི་བྱའོ།། སྲོག་ཆགས་བྱིས་པ་གསོད་ཀྱི་རྣམ་པས་ཉེ་བར་མཚོན་པའི་རི་ནི་བྱིས་པ་གསོད་ཀྱི་རིའོ།། སྲིན་པོ་འཇིགས་པར་བྱེད་པ་རྣམ་པར་གནས་པའི་ནགས་ནི་འཇིགས་པར་བྱེད་པའི ་ནགས་སོ།། རི་དྭགས་མང་པོ་རྒྱུ་བའི་ཕྱིར་རི་དྭགས་རྒྱུ་བ་སྟེ། ཤིང་མང་པོ་ཅན་ཚད་ཤིན་ཏུ་མི་ཚོ་བའི། ཤིང་གཞན་དང་གཞན་དག་གིས་ཁྱབ་པའི་ས་ཕྱོགས་ནི་རྒྱུ་བ་ཅན་ནོ།། ཡང་དག་པ་འབྲས་བུ་གདམས་པ་སྒྲོགས་པར་བྱེད་པའི་ཕྱིར་ཉན་ཐོས་ཏེ། དེ་དག ་གི་དགེ་འདུན་ནི་ཚོགས་ཡིན་པས་ཉན་ཐོས་ཀྱི་དགེ་འདུན་ནོ།། ཚོན་རྩི་བརྒྱ་ནི་ཁམས་བརྒྱ་ལ་བྱའོ།། ཆགས་པ་ནི་ཞེན་པར་གྱུར་པའོ།། དུས་ལ་ཞེས་བྱ་བ་ལ།། དུས་ནི་ཐ་མའི་དུསཏེ། དེ་ལས་འདས་པ་ནི་ཉམསུ་མྱོང་བར་གྱུར་པའོ།། གང་ལ་སྐལ་ལྦ་བ་ཡོད་བ་ནི་ལྦ་བ་ཅན་ཏེ་ཡི་དྭགས་ཀྱི་རིགས ་ཅན་དག་ཏུའོ།། ཚངས་པའི་སྐུད་པ་ནི་མཆོད་སྦྱིན་གྱི་དག་བྱེད་དོ།། བཅའ་བ་དང་བཟའ་བ་ཞེས་བྱ་བ་ལ། བཅའ་བ་ནི་ལྔ་སྟེ། འདི་ལྟར་རྩ་བའི་བཅའ་བ་དང་། སྡོང་བུའི་བཅའ་བ་དང་། ལོ་མཱི་བཅུ་པ་དང་། མ་ཏོ་གི་བརྟ་འབྲས་བུའི་བཅའ་བ་ཞེས་བྱ་བའོ།། བཟའ་བ་ནི་ལྔ་སྟེ། འོད ་ལྟར་འབྲས་ཆན་དང་། ནས་ཆན་དང་། སྣུམ་ཁུར་དང་། ཉ་དང་། ཤ་ཞེས་བྱ་བའོ།། སྐུད་པ་གང་ལ་སྔོན་པོ་ལ་སོ། མཆོ་ལྔ་སྔོབ་དོན་ནྡོ། རྫ་པའི་སྐུད་པའོ།། འདུས་པར་ཟན་ཟོས་ནས་ཞེས་བྱ་བ་ནི་གང་གི་ཚེ་ཁྱིམ་པའི་བྱིས་པ་བཅས་པ་འམ། མེ་སྐོར་བྱེད་པ་དེའི་ཚེ་སྐྱེ་བོའི་རྩ ་ལག་འདུས་པར་གྱུར་པ་གང་ཡིན་པ་དེ་ལ་ལུས་པ་ཞེས་བྱ་བ་འམ། འདུས་པའི་རྒྱུ་མཚན་ལས་བྱུང་བའི་ཟས་བསོད་པ་ལ་ཡང་འདུས་པ་ཁོ་ན་ཞེས་བྱ་སྟེ། དེ་ལ་བརྟན་ནས་འབྱུང་བ་ཉིད་ཀྱི་ཕྱིར་རོ།། གཞུང་གཞན་ལས་ནི་གནོད་སྦྱིན་གྱི་གཏོར་མ་ཟོས ་ནས་ཞེས་འབྱུང་སྟེ། འདིར་དེའི་དོན་ནི་ཁྱིམ་དུ་གནོད་སྦྱིན་གྱི་ཆེད་ཀྱི་གཏོར་མ་བྱས་པ་གང་ཡིན་པ་དེ་ཟོས་ཤིང་དབང་པོ་ཚིམ་པར་བྱས་པ་ཡིན་ནོ།། སྐྲ་རགས་ནི་ལུས་བཅིང་བའོ།། སྤྲོག་མ་ནི་ལྷག་མ་ལས་བྱས་པ་སྟེ། མེ་ཏོག་ལ་སོགས་པ་རྫས་གཙང ་མའི་གཞིར་གྱུར་པའི་དངོས་པོའོ།། ཤཱཀྱའི་བུ་ནི་དཀའ་ཐུབ་ལ་གནས་པའི་ཕྱིར་ཤཱཀྱའི་བུའོ།། དགེ་སྦྱོང་ནི་ཐར་པའི་ཕྱིར་འཇུག་པའོ།། རབ་ཏུ་ཚིག་པ་ནི་རྣམ་པར་ཉམས་པར་གྱུར་པའོ།། དགེ་སྦྱོང་ཞེས་བྱ་བ་ནི་ཐར་པའི་དོན་དུ་ཡོངསུ་སྦྱོང་བའོ།། བྲམ ་ནི་ལུས་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ལས་ལྡོག་པ་ཡིན་གྱི། དེ་དག་ཐར་པའི་དོན་དུ་ལྡོག་ཅིང་ཡོངསུ་སྦྱོང་བ་ནི་མ་ཡིན་ཏེ། གང་ཉེས་པར་སྤྱོད་པ་ལས་ལྡོག་པ་མ་ཡིན་པ་རྒྱའི་ཐ་སྙད་ཀྱི་སྒོ་ནས་རྒྱན་ཡོངསུ་ལོངས་སྤྱོད་པ་ཡིན་ནོ།། འདྲེག་མཁན་ཞེས ་བྱ་བ་ལ། འདྲེག་མཁན་ནི་སྐྲ་འདྲེག་པར་བྱེད་པ་ཡིན་པའི་ཕྱིར་འདྲེག་མཁན་ཏེ་རུང་བར་བྱེད་པ་ལ་བྱའོ།། ཀུན་ཏུ་སྤྱོད་པ་ཞེས་བྱ་བ་ནི་གདོན་མི་ཟ་བར་བྱ་བ་ནི་ཡིན་པས་ན་ངེས་པར་ཡང་དང་ཡང་དུ་ནན་ཏན་དུ་བྱེད་པ་གང་ཡིན་པ་དེ་ནི་ཀུན་ཏུ་སྤྱོད་པ་སྟེ། དཔེར ་ན་དྲུག་སྡེ་དག་གིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་སྡོད་པ་ལྟ་བུ་འམ། གཞན་དག་ཀྱང་རྟག་ཏུ་གོམས་པར་བྱ་བའི་བྱ་བ་སྒྲུབ་པར་བྱེད་པ་ལྟ་བུའོ།། ཟླ་བ་ལྟར་ཡུན་རིང་པོ་ཞིག་ལོན་ན་ཞེས་བྱ་བ་ནི་ཇི་ལྟར་ཡར་ངོའི་ཚེས་གཅིག་གམ་ཆེས་གཉིས་ལ་ཟླ་བ་མཐོང་བར་སྐྱེ ་བོཔོ་ཐམས་ཅད་ཀྱིས་མངོན་པར་འདོད་པར་བྱ་བ་ཡིན་པ་དེ་བཞིན་དུ་ཁྱེད་ཀྱང་ཡིན་ནོ།། འབྲུའི་སྣ་ཞེས་བྱ་བ་ནི་ལོགས་གཉིས་ནས་རིམས་པ་བཞིན་དུ་བཅད་ཅིང་ལྷག་མ་སེན་མོའི་དབུས་འབྲུའི་སྣ་ལྟར་བྱས་པའོ།། དང་རའི་བང་རིམ་ཞེས་བྱ་བ་ནི་དང་རའི་བང ་རིམ་བཞིན་དུ་མཐོ་དམན་དུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ།། སྤུ་གཱིའི་སོ་དང་ཞེས་བྱ་བ་ནི་སེན་མོ་ཐམས་ཅད་རིམ་པ་བཞིན་དུ་བཅད་པ་ནི་སྤུ་གྲིའི་སོ་ལྟ་བུའོ།། མཉམ་པོར་བཅད་པ་ནི་ལྟེའུ་སོ་ལྟ་བུ་ཡིན་ཏེ། ལོགས་གཉིས་ནས་མ་བཅད་པ ་ཕྱིར་རོ།། ནན་ཁུགས་ཅན་གྱི་དགེ་སྦྱོང་ཞེས་བྱ་བ་ལ། ང་རྒྱལ་གྱི་ཚུལ་མ་ཡིན་པའི་བྱ་བ་དག་ཀུན་ཏུ་སྤྱོད་པར་བྱེད་པ་གང་ཡིན་པ་དེ་ནི་ནན་ཁུགས་ཅན་གྱི་དགེ་སྦྱོང་ཞེས་བྱའོ།། འཕྱ་བ་ལ་ཞུགས་པ་ནི་ཅོ་འདྲི་བའི་བསམ་པས་ཞུགས་པའོ།། ཉེ་བར ་ཞི་བ་མེད་དོ་ཞེས་བྱ་བ་ནི་རྒོད་པ་མངོན་དུ་སོང་བ་ཅན་གྱི་ལུས་དང་ངག་གི་འཇུག་པ་རྣམ་པར་ལྡོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་དགོངས་པ་ཞེས་བྱ་བ་ནི་འབྲེལ་པ་རྣམ་པར་བསྟན་པའི་ཕྱིར་འདི་དྲུག་པ་ཡིན་ཏེ། འདི་ལྟར་བ ་ལྡན་འདས་ཀྱིས་ཞེས་བཅོམ་ལྡན་འདས་ཀྱིས་གསན་པ་དང་འབྲེལ་པའི་གཏམ་དགོངས་པ་མཛད་པ་ཡིན་ནོ་ཞེས་བྱ་བར་དགོངསོ།། གཅིད་པ་སྤངས་ཤིང་གཞན་སེན་མོ་མཛེས་པར་བྱེད་པའི་རྣམ་པ་ནི་སེན་མེའི་སྤྱིལ་པ་ཡིན་ཏེ། སེན་མོའི་དྲི་མ ་དག་པར་བྱེད་པ་ཉིད་ནི་བྲིས་ཤིང་ཚོན་ལ་སོགས་པས་དྲི་མ་བསལ་བའོ།། རྒྱལ་པོའི་ཁབ་ཅེས་བྱ་བ་ནི་ཁང་པ་བྱས་ཤིང་མི་མ་ཡིན་པ་དག་གིས་བཤིག་པར་གྱུར་པས་ཕྱིས་གང་དང་གང་གིས་ཁང་པ་བྱས་པ་དེ་ཐམས་ཅད་ཀྱིས་དེ་དག་ལ ་རྒྱལ་པོའི་ཁབ་ཅེས་རྒྱལ་པོའི་མིང་དུ་བྱས་པས་སྲིན་པོ་མི་སྲུན་པས་བཤིག་པར་མ་གྱུར་པའི་གྲོང་ཁྱེར་ལོ་རྒྱལ་པོའི་ཁབ་ཅེས་བྱ་བའི་མིང་དུ་གྱུར་ཏོ།། གཟུགས་ཅན་ཞེས་བྱ་བ་ནི་གཟུགས་ཀྱི་དཔེ་འདི་ལ་ཡོད་པའི་ཕྱིར་གཟུགས ་ཅན་ནོ།། སྙིང་པོ་ནི་རྒྱལ་སྲིད་ལ་བརྟེན་པ་བརྟན་པར་གྱུར་པ་ཉིད་ཀྱི་ཕྱིར་རོ།། གཟུགས་ཅན་ཡང་དེ་ཡིན་ལ་སྙིང་པོ་ཡང་ཡིན་པའི་ཕྱིར་གཟུགས་ཅན་སྙིང་པོ་ཞེས་བྱའོ།། དུས་ཀྱི་གསར་ཐོག་ཅེས་བྱ་བ་ནི་འབྲས་བུ་གང་དག་དུས་དང་དུས་སུ་ངས ་བར་གྱུར་པ་དག་ནི་ངེས་པར་གྱུར་པ་དག་སྟེ། ཐོག་མར་སྨིན་པར་གྱུར་པའི་འབྲས་བུ་གང་ཡིན་པ་དེ་ནི་དུས་ཀྱི་གསར་ཐོག་གོ།། འབྲུ་སར་པ་དག་ནི་འབྲས་སཱ་ལུ་ལ་སོགས་པ་གང་ཡིན་པ་དེ་དག་ལས་བསྒྲུབས་པའི་བཟའ་བ་དེག་གོ།། འབྲམོ་པ ་སར་པཱ་ཞེས་བྱ་བ་ནི་གསར་དུ་རྙེད་པ་འམ། སྔར་སྨིན་པའི་འབྲས་བུ་སྟེ་ཨ་མྲ་ལ་སོགས་པ་དག་གོ།། བློན་པོ་ནི་བློའི་གྲོགསུ་གྱུར་པའོ།། ཅུང་ཟད་དགོས་པ་ནི་རྣམ་པར་འཛུམ་པའོ།། ཨ་མྲའི་ཤིང་སྟོང་གིས་ཉེ་བར་མཚན་པའི་སྐྱེད་མོས་ཚལ ་སྟོང་གི་སྐྱེད་མོས་ཚུལ་ཞེས་ཤེས་པར་བྱའོ།། དུས་སྟོན་ཞེས་བྱ་བ་ནི་མངོན་པར་འདོད་པའི་ལྷ་ལ་མཆོད་པས་ཉེ་བར་མཚོན་པའི་དགའ་སྟོན་ནོ།། མཚམས་སོ་སོ་ན་གནས་པར་གྱུར་པས་ན་མཚམས་ཀྱི་རྒྱལ་པོའོ།། འདི་ལ་འབྲས་པ་ཀུན་ནས ་ཆགས་པར་གྱུར་པ་དེས་ན་འདི་ནི་འབྲས་བུ་ཆགས་པའོ།། ཅི་འོ་ན་ཞེས་བྱ་བ་ལ་འོ་ནའི་སྒྲ་ནི་ངེས་པའམ་སྲིད་པའི་དོན་ནོ།། ལྷག་པར་གྱུར་པ་ཞེས་བྱ་བ་ལ་ལྷགས་པ་ནི་འདིར་འབྲས་བུ་ཡོངསུ་ཉམས་པར་གྱུར་པའོ།། ཚིག་གུ་ནི་རུས་པ་ལ་བྱའོ།། ་མཚན་མ་རྣམ་པར་ཕྱེད་པ་ནི་ཨ་མྲ་སྦྱིན་པར་གྱུར་པའོ།། འོད་མའི་ཚལ་ནི་འོད་མ་རབ་ཏུ་མང་པོ་ཡོད་པའི་ས་ཕྱོགས་དེ་ཉིད་འོད་མིའིཚལ་ལོ།། བྱ་ཀ་ལན་ད་ཀ་རྩེ་ཞིང་འབབ་པའི་གནས་ནི་ཀ་ལན་ཀའི་གནས་སོ།། རྟག་ཏུ་སྟེར་བ་དེས་ནི། ཁྱིམ ་བདག་ཅེས་བྱའི་སྤྱན་ནི་མ་ཡིན་ནོ།། ཕྱུག་པ་ཞེས་བྱ་བ་ལ་ཕྱུག་པ་ནི་གསེར་ལ་སོགས་པ་ནང་གི་གཏར་གྱིས་སོ།། ནོར་ཆེ་བ་ནཱི་མ་ཧེ་ལ་སོགས་པས་སོ།། ལོངས་སྤྱོད་ཆེ་བ་ནི་གྲོ་ལ་སོགས་པའོ།། ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ།། ་ནི་རྡོ་འཕེན་པ་དང་། འཁྱུད་པ་དང་འོ་བྱེད་པ་ལ་སོགས་པས་སོ།། དགའ་བ་ནི་ཆུང་མོའི་ཡུལ་ལ་མགུ་བའི་སེམས་ཀྱིས་སོ།། དགའ་མགུར་སྤྱོད་པ་ནི་འཁྲིག་པ་ལྷག་པར་སྤྱོད་པའི་སྒོ་ནས་སོ།། སེམས་ཅན་དང་ལྡན་པར་གྱུར་པ་ནི་མངལ་དང་ལྡན་པར་གྱུར་པའོ།། ་བཅོམ་ལྡན་འདས་ག་ལ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་གཤེགས་པའི་ག་ལ་བ་དེར་སོང་བ་འམ། བཅོམ་ལྡན་འདས་གང་ན་བཞུགས་པ་དེར་སོང་བའོ།། རིགས་སྒྲོགས་པར་འགྱུར་ལ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ལ་སྒྲོགས་པར་བྱེད་པའོ།། དགྲ་བཅོཾ ་པ་ཉིད་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཡིན་ལ་དེ་མངོན་དུ་བྱེད་པ་ནི་སྐྱེད་པར་བྱེད་ཅིང་མངོན་གསུམ་དུ་བྱེད་པའོ།། གཅེར་བུ་ནི་ན་ན་ཁའི་གོས་ཅན་ནོ།། བསླངས་ན་སྟེར་བའི་ཁྱིམ་ཞེས་བྱ་བ་ནི་སློངས་མོ་རྙེད་པའི་གཞིར་གྱུར་པའོ།། དགེ་སྦྱོང་གི་དང་ཚུལ་དང་ལྡན་པའི ་ཕྱིར་དགེ་སྦྱོང་ངོ་།། གཽ་ཏ་མ་ཞེས་བྱ་བ་ནི་དྲང་སྲོང་གཽ་ཏ་མིའི་རིག་སུ་འཁྲུངས་པོ་ཉིད་ཀྱི་ཕྱིར་གཽ་ཏོ་མའོ།། རྩིས་ནི་སྐར་མ་ཤེས་པ་ཡིན་ལ། མཁས་པ་ནི་བླངས་པ་འམ། ཁོང་དུ་ཆུད་པོ་དེ་བསྲུང་བ་འམ། སྦེད་པ་འམ་དྲན་པའི་ངང་ཚུལ་འདི་ལ་ཡོད་པའི་ཕྱི་མཿ ་པ་དང་ལྡན་པ་སྟེ་ཤེས་པར་གྱུར་པོའོ།། རྗེ་སུ་བསྔགས་པ་ནི་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དང་རྫསུ་མཐུན་པར་བརྗོད་པར་བྱེད་པའོ།། གུས་པ་མེད་པའི་སྒོ་ནས་བཞིན་སྦྱར་བར་བྱེད་པ་ནི་སྤྲོས་པར་བྱེད་པའོ།། སྐུལ་བ་ཆུང་བ་ནི་བསོད་ནམས་ཆུ ་མི་དགའ་བ་ནི་ནང་ན་འགྱོད་པའོ།། བསླབ་པ་ཡང་དག་པར་བླངས་པ་ནི་བསླབས་པའི་གཞི་ཡང་དག་པར་བཟུང་བའོ།། ཐ་མ་སྟེ་ཕྱི་མ་འབྱུང་བར་འགྱུར་བའི་སྲིད་པ་རབ་ཏུ་མི་འབྱུང་བ་འདི་ལ་ཡོད་པའི་ཕྱིར་སྲིད་པ་ཐ་མ་པའོ།། བར་མ་དོ་ནི ་དབུས་སྨྲའོ།། འཆི་བ་ནི་སྐད་ཅིག་མས་འཛག་པ་ཐོབ་པར་འགྱུར་བ་སྐད་ཅིག་མ་གཞན་ལ་དུས་བྱེད་པར་འགྱུར་བའོ།། ཁྱིམ་ཆིས་ནི་ཉེ་བའི་ཁྱིམ་ལ་དབང་བྱེད་ཅིང་གནས་པའི་གཉེན་བཤེས་དག་གོ།། གྲོང་ལ་རྒྱང་གྲག་སུ་གྱུར་པ་ནི་དགོན ་སྟེ། སྐྱེ་བོ་རབ་ཏུ་རྒྱུ་བ་དང་བྲལ་བ་ཉིད་ཀྱི་ཕྱིར་དེར་གསང་བའི་ལས་བསྐུའི་ནུས་པར་འགྱུར་བའོ།། གྲོགས་པོ་ནི་མཛའ་བོ་དང་ནེ་རུ་ལྡངས་དག་གོ།། ཀུན་ཏུ་སྤྱོད་པ་དང་མེ་སྐོར་བྱུར་རུང་བ་ཉིད་ཀྱི་ཕྱིར་གཞན་ནོ།། བདུན་བརྒྱད་ཀྱི་ནང་དུ་ཆུང་པར་གྱུར་པ་ནིས ་ནུའོ།། དགའ་བ་ཞེས་བྱ་བ་ལ་སོགས་པ་ལ་བཞིན་དང་བར་འགྱུར་བའི་ཕྱིར་དགའ་བའོ།། ཡིང་དང་བར་འགྱུར་བ་ནི་མགུ་བའོ།། ངག་དང་བར་བྱེད་པའི་ཕྱིར་རངས་པོའོ།། རྒྱལ་མཚན་ནི་སེངྒེའི་རྒྱལ་མཚན་ལ་སོགས་པ་འམ་གིས་ཀྱིས་དཀྲིས་པ་འམ། ལྕུག་མ ་རིང་པོ་ལ་བཏགས་པའི་འབྱུང་པོའི་གདོང་ཅན་ལ་རྒྱལ་མཚན་ཞེས་བྱའོ།། གོས་ཁ་དོག་སྣ་ཚོགས་པ་ཅན་ལྕུག་མ་རིང་པོ་ལ་བཏགས་པ་ནི་བྱ་ངན་ནོ།། ལོ་མ་ནི་ཤིང་སྐམ་གྱི་ཤུན་པ་འམ། ལོ་མ་སྔོན་པོའོ།། མི་མཁྱེན་པ་ནི་ཡེ་ཤེས་ཀྱིསོ།། མི་གཟི ་པ་ནི་སྤྱན་གྱིས་སོ།། མི་རིག་པ་ནི་སྙན་གྱིསོ།། རྣམ་པར་མི་མཁྱེན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ།། ཆོས་ཉིད་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་བརྗོད་པར་འགྱུར་བར་གདོན་མི་ཟ་བར་མངའ་བར་གྱུར་པའོ།། ཐུགས་རྗེ ་ཆེན་པོ་དང་ལྡན་པ་ནི་ཐུགས་རྗེ་ཆེན་པོའི་དབང་གིས་གཞན་གྱི་དབང་དུ་གྱུར་པའོ།། འཇིག་རྟེན་ལ་ཕན་འདོགས་པར་ཞུགས་པ་ཞེས་བྱ་བ་ནི་འཇིག་རྟེན་ལ་ཕན་པ་མཛད་པ་ལ་གཞོལ་བར་གྱུར་པའོ།། བསྲུང་བ་གཅིག་པ་ནི་ཉོན་མོངས་པའི་དགྲ་ལས ་ཡོངསུ་སྐྱོབ་པར་མཛད་པའོ།། དཔའ་བོ་གཅིག་པུ་ནི་ཉོན་མོངས་པ་ལས་རྣམ་པར་རྒྱལ་བའི་ཕྱིར་ཐེག་པ་ཆེན་པོ་ལ་བལྟོས་པ་མེད་པར་དཔའ་བར་གྱུར་པའོ།། ཞི་གནས་དང་ཞེས་བྱ་བ་ལ་ཞི་གནས་ནི་ཏིང་འཛིན་ནོ།། ལྷག་མཐོང་ལ་ཞེས་བྱ་བ་ལ་ལྷག་མཐོང་ནི ་ཤེས་རབ་ཡིན་ཏེ། དེ་དག་ལ་རྟག་ཏུ་སྤྱོད་པའོ།། བསླབ་པ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱིས་བསླབ་པ་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱིས་བསླབ་པ་སྟེ། དེ་དག་ལ་ལེགསྔོ་པར་བསླབས་པར་གྱུར་པའོ།། དུལ་པོའི་དངོས་པོ་གསུམ ་ནི་གཅིག་ཏུ་འཇམ་པ་དང་། གཅིག་ཏུ་རྩུབ་པ་དང་། འཇམ་པ་དང་རྩུབ་པའོ།། དེ་ལ་མཁས་པ་ནི་མཁྱེན་པར་གྱུར་པའོ།། ཆུ་བོ་བཞི་ནི་འདོད་པའི་ཆུ་བོ་དང་། སྲིང་པའི་ཆུ་བོ་དང་། ལྟེ་བའི་ཆུ་བོ་དང་། མ་རིགས་པའི་ཆུ་བོ་དང་། དེ་དག་ལས་བརྒལ་བ་ནི་ཕ་རོལ་ཏུ ་བྱོན་པར་གྱུར་པའོ།། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པ་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་དང་། བརྩོན་འགྲུས་དང་། དཔྱོད་པ་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་ཁོ་ནའི་ཞབས ་ཀྱི་མཐི་ལ་དེ་ལེགས་པར་རབ་ཏུ་གནས་པར་གྱུར་པའོ།། བསྡུ་བའི་རིངས་པ་མིན་ནི་སྦྱིན་པ་དང་། སྦྱིན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་སྟེ། དེ་དག་ལ་ཡུན་རིང་པོ་ནས་གོམོས་པར་མཛད་པའོ།། མི་འཇིགས་པ་བཞི་ནི་བྱེ་མའོ་བདག ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ན་ཞེས་བྱ་བ་ནས་འཁོར་རྣམས་ལ་ཡང་དག་པར་ས་ངྒེའི་སྒྲ་སྒྲོགས་པར་བགྱི་བ་འམ། ཀྱེ་མའོ་བདག་ཟག་པ་ཟད་པར་གྱུར་པ་ན་དང་། གང་བདག་གིས་ངེས་པར་འབྱུང་བའི་ལམ་བསྟན་པར་བགྱི་བ་འམ། ་གང་བདག་གིས་བར་ཏུ་གཅོད་པའི་ཆོས་དག་བསྟན་པ་ཞེས་བྱ་བའི་བར་དང་། དེར་བདག་ལ་འགའ་ཞིག་རྩོད་པར་བྱེད་པའི་རྒྱུ་མཚན་ཡང་དག་པར་མ་མཐོང་ཞིང་རྙོག་པ་མེད་པར་གྱུར་པ་དང་། འཇིག་པ་མེད་པར་གྱུར་པས་གནས་པ་ནས། འཁོར ་རྣམས་ལ་སེངྒེའི་སྒྲ་བསྒྲགས་པར་བགྱིའོ་ཞེས་བྱ་བའི་བར་དུའོ།། ཡན་ལག་ལྔ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། གཉིད་དང་རྨུགས་པ་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་དག་སྟེ། སྲིད་པའི་རྒྱུ་ཡན་ལག་ལྔ་པོ་དེ་དག་རྣམ་པར་སྤངས ་པ་ནི་རྣམ་པར་དོར་བའོ།། རྒྱུད་ལྔ་ནི་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་དང་། ལྷ་དང་། མི་ཞེས་བྱ་བ་སྟེ། དེ་དག་ཏུ་ཕྱིར་ཡང་དག་པར་འཇུག་པ་མེད་པ་ནི་ཤིན་ཏུ་འདས་པའོ།། ཡན་ལག་དྲུག་དང་ལྡན་པ་ནི་རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་སྐྱེ་གནས་དང་། འཆི་འཕྱོ་བ་དང་། སྐྱེ་བ་དང་། ཟག་པ་ཟད་པར་གྲགས་པ་དག་ཡིན་ནོ་ཞེས་གསུངས་པ་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསུ་རྫོགས་པ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད ་པ་དང་། བརྩོན་འགྲུས་དང་། བསམ་གཏན་དོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་དག་ཡོང་སུ་རྫོགས་པར་བརྙེས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ།། དྲུག་ལ་རྟག་ཏུ་སྤྱོད་པ་ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ་ཞེས་བྱ་བའི་ཡུལ་དག་ལ་རྟག་ཏུ་དྲན་པ་དང་། ཤེས་བཞིན་དང་ལྡན་པ་ནི་དྲུག་པོ་ལ་རྟག་ཏུ་སྤྱོད་པ་སྟེ། མདོ་སྡེ་ལས་མིག་གིས་གཟུགས་མཐོང་བ་ན་ཡིད་བདེ་བར་ཡང་མི་བྱེད། ཡིད་མི་བདེ་བར་ཡང་མི་བྱེད་པར་དྲན་པ་དང་། ཤེས་བཞིན ་གྱིས་རྟག་ཏུ་བཏང་སྙོམ་སུ་སྤྱོད་པར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེས་རྟག་ཏུ་སྤྱོད་པར་བྱེད་དོ་ཅེས་འབྱུང་ངོ་།། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་དག་ཁོ་ནའི་མེ་ཏོགྲི་དེས་རྒྱས་པ་ནི་འབྱེར་པར་གྱུར་པའོ།། ཟག་པ་མེད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡང་དག་པའི་ལྟ་བ་ལ་སོགས ་པ་ལམ་གང་ལ་ཡོད་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། རྡོ་སྟོན་པར་མཛད་པའོ།། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འབོག་པའི་སྙོམས་པར་འཇུག་པ་ལ་གནས ་པཔར་མཛད་པའི་ཕྱིར་དེ་དག་ལ་མཁས་པ་ཞེས་བྱའོ།། སྟོབས་བཅུ་པོའི་སྟོབས་དང་ལྡན་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པ་དང་། བསམ་གཽ་ཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་པ་དང་། ལས་ཀྱི་རྣམ ་པར་སྨིན་པ་མབྱོན་པ་དང་དང་པོ་མཆོག་པ་མཆོགས་མི་མཁྱེན་པ་དང་། མོས་པ་སྣ་ཚོགས་མཁྱེན་པ་དང་། ཁམས་སྣ་ཚོགསོ་མཁྱེན་པ་དང་། ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་དང་། སྔོན་གྱིས་གནས་རྗེས་སུ་དྲན་པ་མཁྱེན་པོ་དང་། འཆི་པོ་སྐྱེ ་ནུ་ག་པ་ན་པ་དང་། སྒྲུ་བ་ད་གྱུ། གས་སྤྱ་པ་སྨྲ་བ་སྨྲག་ང་ད་གས་ད།། ས་བདུན་ལས་། !། སྐྱེཟླ་ཇིག་ན་། ་སོ་ལ་དབང་སྒྱུར་བ་སྟེ། རང་དབང་དུ་མཛད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་བརྒྱ་ཕྲག་བཅུལ་དབང་སྒྱུར་བ་ཅན་ནོ།། འཁོར་གྱི་བདག་པོ་ཚངས་པ་ཆེན་པོ་དེ་ལས་གང་ཁྱོད་པར་དུ་འཕགས་པར་གྱུར་པའོ།། ཡང་ན་བརྒྱ་ཕྲག་བཅུལ་དབང་སྒྱུར་བ་གང་ཡིན ་པ་དེ་ནི་བརྒྱ་ཕྲག་བཅུ་སྟེ། སྟོང་གི་གྲངས་ལ་དབང་སྒྱུར་བ་མཛད་པའོ།། སྟོང་སྨོས་པ་ཡང་མཐར་ཐུག་པ་མེ་ད་པ་ཉེ་བར་མཚོན་པར་བྱེད་པ་ཡིན་ཏེ། མཐར་ཐུག་པ་མེད་པའི་ཚངས་པ་ཆེན་པོ་དག་ལས་སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་ཁྱད་པར་དུ་འཕཊ ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། ཉིན་ལན་གསུམ་མཚན་ལན་གསུམ་ཞེས་བྱ་བ་ནི་མཚན་མོའི་ཐུན་དང་པོ་དང་། ཐུན་པར་དང་། ཐ་མོ་དག་ལ་མཚན་ལན་གསུམ་དུ་གཟིགས་པར་མཛད་པ་ཡིན་ལ། ཉིན་པར་ཡང་སྔ་དྲོ་དང་། ཉི་མ་གུང་དང་། ཕྱི་དྲོ་དག་ལ་ཉིན ་ལན་གསུམ་དུ་གཟིགས་པ་མཛད་དོ།། སངས་རྒྱས་ཀྱི་སྤྱན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེསོ།། འཇིག་རྟེན་གསུམ་ལྔ་གཟིགས་པ་ནི་རྣམ་པར་དཔྱོད་པའོ།། ཡེ་ཤེས་ནི་ཤེས་པར་བྱ་བ་ཡོད་པ་ཡིན་ལ། གཟིགས་པ་ནི་བལྟ་བར་བྱ་བའི་དངོས་པོ་ཡོད་པ་སྟེ། ་དེའི་ཕྱིར་ཡང་མཚུངས་པ་མེད་པ་ཡོད་པ་ཞེས་བྱའོ།། ཡོད་པ་ལ་ཡང་ཡོད་དོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟིགས་པར་འགྱུར་ཞེས་བྱ་བའི་དོན་འདིར་བསྟན་པོར་འགྱུར་རོ།། བྲི་བ་ནི་མི་གེ་པའི་ཆོས་རྣམས་ལས་སོ།། འཕེལ་བ་ནི་དགེ ་ཆོས་རྣམས་ཀྱིས་སོ།། དཀའ་བ་རྙེད་པ་ནི་ལུས་ཀྱི་སྡུག་བསྔལ་ལོ།། ཉམ་ང་བ་ནི་གཉེན་པོས་གསོ་མི་ནུས་པའི་རྒྱུད་པའི་འགྱུར་བའོ།། གནོད་པར་གྱུར་པ་ནི་གཉེན་པོས་གསོ་ནུས་པའི་ནད་དོ།། དཀའ་བ་དང་། ཉམ་ང་བ་དང་། གནོད་པར་གྱུར་པ་ནི ་སྔར་སྨོས་པ་ཁོ་ནར་ནི་བཤད་པ་དག་བལྟ་བར་བྱའོ།། གཞོལ་བ་ནི་ངན་སོང་གི་ལས་ལ་སྦྱོར་བའི་དུས་སོ།། འབབ་པ་ནི་དངོས་གཞིའི་ལམ་གྱི་ལམ་ཡོངསུ་རྫོགས་པའོ།། རབ་ཏུ་འབབ་པ་ནི་མཇུག་ཡོངསུ་རྫོགས་པའོ།། མཐོ་རིས་དང་ཐར་པ་ཞེས་བྱ་བ ་ནིམཐོ་རིས་ལ་འགོད་པར་བྱེད་པ་ནི་ཐར་པ་ཁོ་ནའི་དོན་དུ་ཁོང་དུ་ཆུད་པར་བྱ་སྟེ། གང་གི་ཚེ་སྔོན་སེར་སྐྱ་ཉར་གྱུར་པ་ངན་སོང་ནས་བཏོན་ནས་མཐོ་རིས་ལ་བཀོད་པ་ཐར་པ་ཁོ་ནའི་ཕྱིར་ཡིན་པ་ལྟ་བུའོ།། འབྲས་བུ་ནི་དགེ་སྦྱོང་གི་འབྲས་བུའོ།། དགེ་བའི་རྩབ ་མ་བསྐྲུན་པ་ནི་ཐར་པའི་ཆ་དང་མཐུན་པ་བསྐྲུན་པར་མ་གྱུར་པའོ།། ཡོངསུ་སྨིན་པར་བྱ་བ་ནི་སྤྲུལ་བར་བྱའོ།། རྣམ་པར་གྲོལ་བར་བྱ་བ་ནི་འབྲས་བུ་ལ་སྦྱོར་བར་བྱེད་པའོ།། ཆུ་སྲིན་གནས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཐམས་ཅད་ཀྱི་གདུས ་བྱ་ལ་སོ་སོར་རྟོགས་པ་གདོན་མི་ཟ་བར་བྱ་བ་ཡིན་པས་ན་འདའ་བར་མི་འགྱུར་པོ་ཞེས་བསྟནྡྲ་པ་ཡིན་ནོ།། རྟོག་ཅིང་ཞེས་བྱ་བཱ་ནྟི་རྟག་ཏུ་གཉེན་པས་སྲོག་འཇིག་པའི་སྐྱོན་དག་ལས་ཀྱང་སྲོག་སྲུང་བར་བྱེད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱང ་སྡུག་ས་ན་དུ་ཀྱིས་རྒྱ་ཉ་ལ་མཛ་པས་སེམས་ཅན་ཐམས་ཅད་ཀྱི་རླུང་མ་ས་ལ་མ་པོ་མི་ཉིན་ས་ང་འསྲུང་བ་མ་པར་གྱུ་མ། ང་སེམས ་ཟླས་པ་ན་མྱང་ན་སུས་མྱོ་བྲས་ཐུབརྙན་ཅེས་ན།། སས་སྨྱ་བས་པན་པ་སྒྲུབ་པར་བྱེད་པ་འདོ་ག་ནས་ནི་ཊཱི་རྗེནན་པའི་རྒྱུ་ཅན་ཡིན་ནོ།། གཞན་དག་ནི་མ་ཡིན་ན་ཞེས་བྱ་བ་བསྟན་པར་བྱ་བའི་སྦྱོར་རྒྱག ་པ་གསུམ་གསུངས་པ་ཡིན་ཏེ། དངོས་པོ་ཐམས་ཅད་རྣ་བ་ཐམས་ཅད་དུ་མཐུན་པའི་ཕྱིར་ཐམས་ཅད་མཁྱེན་པའོ།། མྦྷས་ཅང་མཁྱེན་པའི་རྒྱུད་ལ་གནས་པའི་སྙིང་རྗེའི་བདུས་མ་གང་ཡིན་པ་དག་ལ་ཕྱི་བའུ་ཚོལ་པོ་ལ་བྷྱོ་བ ་འགྱུར་བ་སྟེ། བཾ་བེའུ་གསར་བུ་གཅེས་པ་ལ་འབད་བ་ཆེན་པོས་ཚོལ་བར་བྱེད་པ་དེ་བཞིན་དུ་གདུལ་བྱ་དགུ་ལ་སྐྱོང་རྗེ་ཆེན་པོ་ཡང་ཡིན་པ་དེ་བས་ན་སྙིང་རྗེ་ཆེན་པོའི་བ་དྲུས་མུ་ཞེས་བྱ་བ་དང་། གདུལ་བྱའི་སྐྱེ་བོའི་བེའུ་ཞེས་བརྡར་བརྟགས་པ་ཡི ་འཛུམ་པ་ནི་ཅུང་ཞིག་བཞེད་པའོ།། སེམས་ཅན་དམྱལ་བའི་རྒྱུད་གང་ལ་སེམས་ཅན་ཁྱོད་ནི་ཡང་འཚོ་བར་འགྱུར་རོ་ཞེས་བྱ་བའི་སྒྲ་སྒྲོགས་པར་འགྱུར་བ་དེ་བས་ན་ཡང་སྲོས་སོ།། ཐིག་ནག་པོས་འདེབས་ཤིང་འགོག་པར་བྱེད་པས་ན་ཐིག ་ནས་གོ།། གང་དུ་རི་བོ་དག་གིས་བསྐུས་ཤིང་འཇོམས་པར་བྱེད་པ་དེ་བས་ནཱ་བསྡུས་འཇོམ་སོ།། གང་དུ་བྱ་བ་བྱས་ནི་སེམས་ཅན་འཇིགས་བྱས་དྲ་བར་བྱེད་པ་དེ་བསྟན་དུ་འབོད་དོ།། ཀུན་ནས་ལྷགས་པར་གྱུར་པའི་ཕྱིར་དུ་འབོད་ཆེན་པོའོ།། ་ལས་ཀྱི་མེས་གདུང་བར་བྱེད་པ་དེས་ན་མངའོ།། གང་གི་ལོ་སྡུག་བསྔལ་གྱི་མཆིམས་པར་སྐབས་མེང་པར་གྱུར་པ་དེས་ན་མནར་མེད་པའོ།། གླིང་བསོ་ན་ཆུ་བུར་རྡོལ་བ་དང་འདྲ་བར་ཡིན་ལག་རྡོལ་པས་ན་ཆུ་བུར་ཅན་ནོ།། ཆུ་བུར་རྡོལ་བའི ་ནགས་དང་འདྲ་བར་བར་མེད་པར་ཆུ་བུར་རྡོལ་བའོ།། གྲང་བས་གནོད་པར་གྱུར་པ་ལ་ཇི་ལྟ་བུའི་སྒྲ་རྒྱུན་མི་འཆད་པར་སྒྲོགས་པར་བྱེད་པའི་སྒྲ་དེས་ཉེ་བར་མཚོན་པར་བྱ་བ་དག་ནི་སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་དག ་གོ། གྲང་བས་ཨུཏྤ་ལ་དང་། པདྨ་ཆུང་ངུ་དང་། པདྨ་ཆེན་པོ་དང་འདྲ་བར་ཡན་ལག་གས་པར་གྱུར་པ་གང་ཡིན་པ་དེ་དག་གི་མིང་ནི་དེ་དག་ཡིན་ནོ།། བསོལ་བར་གྱུར་པ་དང་དྲོ་བར་གྱུར་པ་ཞེས་བྱ་བ་ལ་ཚ་བའི་དམྱལ་བ་དག་གིས་མེས་གདུངས་པར་གྱུར་པ་བཟློག ་པའི་ཕྱིར་འོད་ཟེར་བསིལ་བར་གྱུར་པ་འབབ་པར་འགྱུར་ཞིང་གྲང་བའི་དམྱལ་བ་དག་གི་ནི་གོ་བཟློག་པ་ཡིན་ནོ།། བྱེད་པའི་ཁྱད་པར་ནི་སྡུག་བསྔལ་བ་ཡིན་ལ། སོ་སོར་ཐར་པར་གྱུར་ཏོ་ཞེས་བྱ་བ་ནི་འཇུག་པ་མེད་པར་གྱུར་པའོ།། གལ་ཏེ་སངས་རྒྱས་ཀྱི ་ལ་པ་མཐོང་བ་ལས་དེ་དག་བྱེད་པའི་ཁྱད་པར་ལས་སོ་སོར་ཐར་པ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་རྟག་ཏུ་སྤྲུལ་པ་དེ་འགྱེད་པར་མི་མཛད། བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པར་གྱུར་པ་ཉིད་ཀྱི་ཕྱིར་དང་། གཞན་གྱིས་བྱས་པའི་ལས ་ཀྱིས་ཀྱང་གཞན་གྱིས་འབྲས་བུ་ཉེ་བར་ལོངས་སྤྱོད་པ་ཐོབ་པར་འགྱུར་བ་ཡིན་ནོ་ཞེ་ནོ།། འདིར་སྨྲས་པ། དམྱལ་བར་སྐྱེས་པ་དག་ལ་ཚོགས་པ་ཕྲད་ན་རྣམ་པར་སྨིན་པ་འབྱིན་ནུས་པ་དང་ལྡན་པ་ལན་གྲངས་གཞན་དུ་ཉམ་སུ་མྱོང་བར་འགྱུར་བའི་ལས་དེ་ནི ་ཡོད་ལ། གང་གི་ཚེ་དེ་དག་གིས་སངས་རྒྱས་ཀྱི་སྤྲུལ་པ་མཐོང་བར་གྱུར་པ་ན་སེམས་ཅན་མངོན་པར་དད་པར་ཡང་བྱེད་པ་དེའི་ཚེ་དེ་དག་ལ་ལས་དེ་དང་ལྷན་ཅིག་བྱེད་པའི་རྐྱེན་རྙེད་པ་ལས་རྣམ་པར་སྨིན་པ་འབྱིན་པར་བྱེད་དོ།། དེའི་ཚེ་དེ་དག་གི་རྒྱུ་མཐུན་པ ་ཅན་ལུས་ཀྱི་བདེ་བ་སྐྱེ་བར་འགྱུར་བ་དེ་བས་ན་འདི་ལ་ཉེས་པ་མེད་དོ།། དམྱལ་བ་དེ་མྱོང་བར་ལས་དེ་ཟད་ནས་ཞེས་བྱ་བ་ནི་དམྱལ་བའི་འབྲས་བུའི་ལས་བྱས་ཤིང་ངེས་པར་བསགས་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་ཉམ་སུ་མྱོང་བས་ཟད་པར་འགྱུར ་གྱི། སེམས་མངོན་པར་དད་པས་བྱས་ཤིང་བསགས་པའི་ལས་ཉམས་པར་གྱུར་པ་ནི་མ་ཡིན་ལ། ལྷ་དང་མྱིར་སྐྱེས་པ་ནི་སངས་རྒྱས་ཀྱི་སྤྲུལ་པའི་ཡུལ་ལ་མངོན་པར་དད་པ་ལས་འབྱོར་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཡིན་པས་ན ་རྒྱལ་ཆེན་རིགས་བཞིའོ།། དབང་པོ་གཅིག་དང་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་ཏེ། སུམ་ཅུ་རྩ་གསུམ་པོ་དེ་དག་ནི་སུམ་ཅུ་རྩ་གསུམ།། ལེ་ཁཱ་འ་བྲལ་གྱི་ལྷའི་བུགཅོད་གྱུ་བྷན། འཐབ་ཐལ།། ཡོང་སུ་དག་ལྡན་གྱི་ལྷའི་བུ་གཙོབོར་གྱུར་ཕྲན་དགྷ་ལྔ་མོ། སྦྲུལ་བླ་དགྲ་པ་གང་ལ་ཡོང ་པདྨ་དགེ་ནི་འཕྲུལ་དགའོ།། གཞན་གྱིས་སྤྲུལ་པའི་འདོད་པ་དག་ལ་དབང་སྒྱུར་བར་བྱེད་པའི་ཕྱིར་གཞན་འཕྲུལ་དབང་བྱེད་ངོ་།། ཚངས་པའི་ཚོགས་ཀྱིས་གནས་པ་གང་ལ་ཡོད་པ་དེ་དག་ནི་ཚངས་འཁོར་རོ།། ཆ་བཱི་མདུན་ན་འཇོག་ཅིང་འཛི་བཱི་ཕྱིར། ཚད་པི་མདུནན ་འདོན་ཚངས་པ་ཆེན་པོའི་ཚེའི་ཁྱད་པར་ལ་སོགས་པ་ཡོད་པའི་ཕྱིར་ཚངས་ཆེན་ནོ།། སཽ་གོང་མ་ལ་བལྟོས་ནས་ལུས་ཀྱི་འོད་ཆུང་བའི་ཕྱིར་འོང་ཆུང་ངོ་།། འོད་ཤིན་ཏུ་ཆེ་བའི་ཕྱིར་ཚད་མེད་འོད་ངོ་།། གསལ་བར་བྱེད་པའི་ངང་ཚུལ་ཡིན་པས་ན་འོད་གསལ ་རང་གི་ས་ལ་བལྟོས་ནས་དགེ་པ་ཆུང་བ་གང་ལ་ཡོད་པ་དེ་ནི་ངོགེ་ཆུང་ངོ་།། དགེ་བ་ཚད་མེད་པ་དེ་དག་ནི་ཚད་མེད་དགེའོ།། དགེ་བ་རྒྱ་སོ་ཤིང་ཁྱབ་པས་ན་དགེ་རྒྱས་སོ།། སྔོན་དང་འདྲ་བས་གོང་ནས་གོང་དུ་རྣམ་པར་འཕྲུལ་པས་གནས་པ་མེད་པ་གང ་ཡིན་པ་དེ་དག་ནི་སྤྲིན་མེད་དོ།། བསོད་ནམས་རབ་ཏུ་འཕེལ་བ་གང་ལ་ཡོད་པ་དེ་ནི་བསོད་ནམས་འཕེལ་ལོ།། འབྲས་བུ་ཆ་ནི་གཟུགས་ཁམས་ཀྱི་སོ་སོའི་སྐྱེ་བོའི་གནས་གཞན་ལས་ཁྱད་པར་དུ་འཕགས་པའི་འབྲས་བུ་གང་ལ་ཡོད་པ་དེ་ནི ་འབྲས་བུ་ཆེའོ།། ཆེན་པོ་མ་ཡིན་པའི་ཕྱིར་མི་ཆེ་བ་ཡིན་ཏེ། གཙང་མའི་རིས་ལ་བལྟོས་ན་འབྱད་རྩོལ་ཞན་པ་ཉིད་ཀྱི་ཕྱིར་རོ།། གདུང་བ་མེད་ཅིང་གཞན་གྱིས་ཟིལ་གྱིས་གནོན་པར་མི་འགྱུར་བས་ན་མི་གདུང་བའོ།། ཤེས་པར་བྱ་བ་བདེ་བར་མཐོང་བ་གང ་ཡིན་པ་དེ་ནི་གྱ་ནོམ་སྣང་བའོ།། རྣམ་པར་མི་གཡེང་བར་སྒོམ་པའི་རྒྱུ་མཚན་དགེ་བ་གང་ལ་ཡོད་པ་དེ་དག་ནི་ཤིན་ཏུ་མཐོང་ངོ་།། གང་ལས་འདི་འོག་མར་འགྱུར་བ་དེ་དག་ལས་གཟུགས་ཅན་གྱི་གནས་ཆེན་པོར་གྱུར་པ་གཞན་ཡོད་པ་མ་ཡིན་པའི་ཕྱིར ་འོག་མིན་ནོ།། །། བམ་པོ་གཉིས་པ།། མི་རྟག་པ་ནི་སྐད་ཅིག་མས་འཇིག་པའོ།། སྡུག་བསྔལ་བ་ནི་མི་མཐུན་པར་གྱུར་པའོ།། སྟོང་པ་ནི་བདག་གིས་བྱིན་གྱིས་བརླབས་པའོ།། བདག་མེད་པ་ནི་བདག་གི་རང་བཞིན་མེད་པ་ཞེས་འགྲོ་བ་མ་ལུས་པ ་ལ་འོད་ཟེར་སྒྲོགས་པར་བྱེད་པའོ།། བརྩམ་པར་བྱ་ཞིང་ཞེས་བྱ་བ་ནི་ཡིད་ཀྱི་བྱ་བ་སྤྲོ་བའི་འདུ་ཤེས་ཅན་གྱིས་འབྱུང་བའི་ཕྱིར་བརྩམ་པར་བྱའོ།། འབྱུང་བར་བྱ་ཞེས་བྱ་བ་ནི་སྲེད་པའི་བཟོས་སྦྱར་བ་སྡུག་བསྔལ་གྱི་གཟེབ་ལས་འབྱུང་བར་བྱ་བའོ།། ་འབྱུང་བས་ཅི་ཞིག་བྱ་ཞེ་ན། སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་མཚན་ཉིད་ཅན་ལ་འཇུག་པར་བྱ་སྟེ། མངོན་པར་སྦྱོར་བོར་བྱ་བའོ།། གཞོམ་པར་བྱ་ཡི་ཚུར་བཅད་པར་བྱ་བའོ།། ་ནི་བདག་ཉིད་ཀྱིའོ།། འཆི་བདག་ནི་དགྲ་བོའོ།། དེ་ནི་ཉོན་མོངས་པའི་མིང་ཅན་ཡིན་ཏེ། གང་གི་ཕྱིར་ཉོན་མོངས་པའི་སྡེ་ཅན་གྱི་དབང་གིས་ཡང་དང་ཡང་དུ་འཆི་བར་འགྱུར་ཞིང་ཕམ་པར་འགྱུར་བའི་ཕྱིརརོ།། དེ་བས་ན་འཆི་བདག་གི་སྡེ་ཕམ་པར་བྱ་བའི་ཕྱིར་སངས ་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། ཅིའི་ཕྱིར་འཆི་བདག་གི་སྡེ་ཕམ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་ཞེ་ན་སྨྲས་པ། གང་གི་ཕྱིར་གང་ཞིག་རབ་ཏུ་བག་ཡོད་པ་སྟེ། བག་མེད་པ་སྤངས་ནས། ཆོས་འདུལ ་བ་འདི་ལ་སྤྱོད་པར་འགྱུར་རོ།། རློ་ནི་ཡཱ་དག་པི་ལྟ་བ་དང་། ལྔ་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ།། འདུལ་བ་ནི་ཡང་དག་པའི་ལས་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོལ ་བའོ།། སྐྱེ་བོའི་འཁོར་བ་སྟེ་རྒྱུན་སྤངས་ཤིང་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་སྡུག་བསྔལ་ཐ་མར་གྱུར་པར་འགྱུར་བ་དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བ་ཡིནོ།། སྟོང་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ། རེ་རེ། ་དངག་གི་སྟོང་དང་། སྟོང་དག་གི་སྟོང་དང་། སྟོང་སྟོང་དག་གི་སྟོང་ཞེས་བྱ་བ་གསུམ་པོ་དེ་དག་ནི་གླིང་བཞི་པོའི་འདོད་པའི་སྤྱོད་པའི་ལྷའི་འཁོར་ཅན་ཚངས་པའི་འཇིག་རྟེན་སྟོང་དག་གི་ཚད་གང་ལ་ཡོད་པ་དེ་ནི་སྟོང་གསུམ་ཡིན་ལ། སྟོང་གི་ཚད ་འདི་ལ་ཡོད་པའི་ཕྱིར་སྟོང་གསུམ་པའོ།། ཆེན་པོ་ཡང་དེ་ཡིན་ལ་སྟོང་ཡང་དེ་ཡིན་པའི་ཕྱིར་སྟོང་ཆེན་པོ་ཡིན་ལ། སྟོང་གསུམ་ཡང་དེ་ཡིན་ལ་སྟོང་ཆེན་པོ་པ་ཡིན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོ་ཡིན་ཏེ། གླིང་བཞི་པ་བྱེ་བ་ཕྲག་བརྒྱའི ་ཚད་ཅེས་བྱ་བའི་ཐ་ཚིག་གོ།། འཇིག་རྟེན་གྱི་ཁམས་ནི་གནས་པའི་གནསོ།། འདས་པ་ལུང་སྟོན་པར་བཞེད་ན་ཞེས་བྱ་བ་ནི་གང་དུ་འདས་པར་གྱུར་པའི་འབྲས་བུ་ཐམས་ཅད་ཁོ་ནའོ།། མ་འོངས་པ་ལུང་སྟོན་པར་བཞེད་ན་ཞེས་བྱ་བ་ནི་གང་དུ ་མྱམུ་འོངས་པའི་འབྲས་བུ་ཁོ་ནའོ།། ལག་མཐིལ་ཁ་སྦྱར་དུ་བྱས་པས་ནི་ཐལ་མོ་སྦྱར་བའོ།། ཞལ་གྱི་ནང་ནས་ཞེས་བྱ་བ་ནི་ཞལ་གྱི་སྒོ་ནས་སོ།། ཚོགས་ནི་འོད་ཟེར་གྱི་ཚོགསོ།། རྒོད་པ་དང་བྲལ་ཞིང་ཞེས་བྱ་བ་ནི་རྒོད་པ་སྤངས་པར་གྱུར་པའོ།། སེམས་ཡུལ་ཡུལ ་པོར་གྱུར་པ་ནི་ཞུམ་པ་ཡིན་ལ། རང་དང་གཞན་གྱི་ཡོན་ཏན་ལ་བལྟོས་པ་ནི་རྒྱགས་པ་ཡིན་ཏེ། དེ་དག་དང་བྲལ་བ་ནི་ཞུམ་པ་དང་རྒྱགས་པ་སྤངས་པར་གྱུར་པའོ།། མཆོག་གི་རྒྱུར་གྱུར་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་མཆོག་གི་རྒྱུར་གྱུར་པའོ།། དུང་དང ་པདྨའི་རྩ་ལྟར་དཀར་གྱུར་པ་ཞེ་བྱུབ་ནི་དུང་དང་སྨཻ་རྩ་སྟེ་པདྨའི་སྐུད་པ་ལྟར་ཤིན་ཏུ་དྲི་མ་མེད་པར་གྱུར་པའོ།། དགྲ་ཐུལ་ནི་བདུད་བཞིའི་དགྲ་ཐུལ་པའོ།། རྒྱལ་བ་ནི་དགྲ་ལས་རྒྱལ་བའོ།། རྒྱུ་མེད་པ་ནི་རྒྱུ་མཚན་མེད་པར་ཏེ། འདིའི་རྒྱུ་གང་ཡིན་ཞེས་བྱ་བའི་ཐ་ཚི་གོ།། འཛུམ ་པོ་ནི་བཞད་པའོ།། དེ་ནི་ཞེས་བྱ་བད་ནི་དེའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། ཉིད་ཀྱི་ཐུགསུ་ཆུད་ནས་ཏེ། དུས་མཁྱེན་ནས་ཐོས་པར་འཚལ་བའི་འདོད་པ་དང་ལྡན་པའི་ཉན་ཐོས་ཐེ་ཚོམ་བསྐྱེད་པ་དག་གི་ཐེ་ཚོམ་བསལ་བར་མཛོད་དུ་གསོལ་བའོ།། བཀའ་ཅི་འདྲ་བས ་ན། བསྟན་པ་ཞེས་བྱ་བ་སྨོས་ཏེ། བསྟན་པ་དང་མཆོག་དང་དགེ་བ་དག་གིས་ཏེ། གཡོ་བ་མེད་པའི་ཕྱིར་བསྟན་པ་ཡིན་ལ། ཟབ་པ་ལ་སོགས་པ་དམ་པའི་དོན་ཉིད་ཡིན་པའི་ཕྱིར་མཆོག་ཡིན་ཞིང་མཛེས་པར་གྱུར་པ་ཉིད་ཀྱི་ཕྱིར་དང་། ཁ་ན་མ་ཐོ་བ་མེད་པའི་ཕྱིར། ་དགེ་བའོ།། བསྟན་པའི་ཞེས་བྱ་བ་ནི་འབོད་པ་སྟེ། བསྟན་པ་མཆོག་དང་ལྡན་པའི་ཕྱིརརོ།། དགེ་སྦྱོང་རྒྱལ་དབང་ཞེས་བྱ་བ་ནི་འབོད་པ་ཉིད་ཡིན་ལ་དེ་ལ་ཞུགས་པ་བཞི་དང་འབྲས་བུ་ལ་གནས་པ་བཞི་ཞེས་བྱ་བ་བརྒྱད་པོ་དག་ནི་དགེ་སྦྱོང་རྒྱལ་བ་དྲུག་ཕྱི ་ཏེ། དེ་དག་གི་དབང་པོ་ནི་གཙོ་བོར་གྱུར་པ་ཡིན་པས་ན་དགེ་སྦྱོང་རྒྱལ་དབང་པོའོ།། ཐུབ་པའི་ཁྱུ་མཆོག་ཅེས་བྱ་བ་ནི་འབོད་པ་ཉིད་ཡིན་ཏེ། དེ་ལ་ཐུབ་པ་ནི་སློབ་དང་མི་སློབ་པ་ཡིན་ལ། དེ་དག་གི་ཁྱུ་མཆོག་ནི་གཙོ་བོ་ཡིན་པས་ན་ཐུབ་པའི་ཁྱུ་མཆོག་གོ།། ཅིའི་ཕྱིར། ་ཐོས་པར་འཚལ་བར་འགྱུར་ཞེ་ན་རྒྱུ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་པ་ནི་རྒྱུ་མེད་པ་ཉིད་དུའོ།། ལན་ཆེའི་ཆུ་ནི་རྒྱུ་མཚོའོ།། རི་རྒྱལ་ནི་རིའི་རྒྱལ་པོ་རི་རབ་སྟེ། དེ་དག་དང་འདྲ་བར་བརྟན་པ་གང་ལ་ཡོད་པ་དེ་ནི་ལན་ཚྭའི་ཆུ་དང་རི་རྒྱལ་བཞིན ་དུ་བརྟན་པའོ།། དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་རྗེ་སུ་བརྗོད་པ་སྟེ་གུས་པའི་དོན་གྱི་ཟློས་པའི་ཚི་གོ།། རྒྱུ་མེད་པ་ནི་རྒྱུ་མེད་པ་ཉིད་དོ།། རྐྱེན་མེད་པ་ནི་རྐྱེན་དང་བྲལ་བའོ།། དུལ་བ་ནི་ཡིད་ཀྱི་སྒོ་ནས་སོ།། རྩེ་གཅིག་པ་ནི་ཉོན་མོངས་པའི་ཀུན་ཏུ་སྤྱོད་པ་ཉེ་བར ་ཞི་བའོ།། ཞི་བ་ནི་ལུས་དང་ངག་གི་སྒོ་ནས་སོ།། གྲོལ་བ་ནི་སྲིད་པ་གཞན་སྤངས་པར་གྱུར་པའོ།། དབུགས་འབྱིན་པ་ནི་སྡུག་བསྔ་ལ་མེད་པར་གྱུར་པ་ཉིད་ཀྱི་ཕྱིར་ཤིན་ཏུ་སྦྱངས་པའོ།། ཐུལ་བ་ནི་ཚུལ་མ་ཡིན་པའི་སྤྱོད་པ་མེད་པའི་ཕྱིརརོ།། ་འདོད་ཆགས་དང་བྲལ་བ་ནི་འདོད་པའི་འདོད་ཆགས་མེད་པར་འགྱུར་བའི་ཕྱིརརོ།། མཛེས་པ་ནི་རྣམ་པར་སྨིན་པའི་གཟུགས་ཀྱིས་མཛེས་པར་གྱུར་པའོ།། ཁྱིམ་ན་གནས་པ་རྣམས་ཀྱི་ཁྱུ་མཆོག་དང་། དགོན་པ་ན་གནས་པ་དག་གི་གླང་པོ་དང་། ་ནགས་ན་གནས་པ་རྣམས་ཀྱི་སེང་གེ་དང་། ཆུ་བོའི་ངོགས་ན་གནས་པ་རྣམས་ཀྱི་ངང་པ་དང་། རྒྱ་མཚོའི་ངོགས་ན་གནས་པ་རྣམས་ཀྱི་ནམཁའ་ལྡིང་དང་། འདོན་པར་བྱེད་པ་དག་གི་བྲམ་ཟེ་དང་། ནད་པ་རྣམས་ཀྱི་སྨན་པ་མཁས་པ་དང་། སྔར་མ་རྣམས་ཀྱི ་དཔའ་བོ་དང་། ལམ་དུ་ཞུགས་པ་རྣམས་ཀྱི་ས་མཁན་དང་། དོན་མཐུན་རྣམས་ཀྱི་དད་དཔོན་དང་། ཚོང་པ་རྣམས་ཀྱི་ཚོང་དཔོན་དང་། མཐའ་འཁོབ་ན་གནས་པ་རྣམས་ཀྱི་མཁར་གྱི་རྒྱལ་པོ་དང་། འཛམ་བུ་གླེང་པའི་འཁོར་ལོས་སྒྱུར་བ་དང་། བླ་གབ་མེད་པ ་དག་གི་ཟླ་བ་དང་། ཉི་མ་ལ་དད་པ་རྣམས་ཀྱི་ཉི་མ་དང་། རི་རབ་ཀྱི་བང་རེ་མི་ལ་གནས་པ་དག་གི་རྒྱལ་པོ་ཆེན་པོ་བཞི་དང་། རི་གཉའ་ཤིང་འཛིན་ལ་གནས་པ་དག་གི་ཐགས་བཟང་རིས་དང་། རི་རབ་ཀྱི་སྟེང་ན་གནས་པའི་བརྒྱ་བྱིན་དང་། ཆིངས་པའི་འཇིག་རྟེན ་ན་གནས་པ་དག་གི་ཚངས་པ་ལྟ་བུ་སྟེ། གཙོ་བོར་གྱུར་པའི་ཕྱིར་དང་། འཁོར་རྣམས་གུས་པར་ཉན་པ་ཉིད་ཀྱི་ཕྱིར་དང་།། དེ་དག་དང་འདིར་མཚུངས་པར་ཤེས་པར་བྱའོ།། མིག་ལ་སོགས་པའི་དབང་པོ་རྒྱུར་གྱུར་པས་ཤིན་ཏུ་དུལ་བ་ནི་ལེགས་པར ་དབང་ཏུ་གྱུར་པའོ།། སྤྱོད་ལམ་དང་སྤྱོད་པ་མ་འཁྲུལ་པ་ནི་འཁྲུལ་པ་མེད་པར་གཤེགས་པ་ལ་སོགས་པའོ།། ཇི་ལྟ་བུར་ཞེ་ན། ཆུ་གཏེར་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཏིང་ངེ་བ་ནི་བརྟན་ཞིང་མི་འགྱུར་བ་སྟེ། ཆུ་བོ་རྣམས་ཀྱི་ཆུ་གཏེར་དང་། ་ཞིང་པ་རྣམས་ཀྱི་སྤྲིན་དོང་། དགོན་པ་པོ་རྣམས་ཀྱི་གླང་པོ་ཆེའི་གཙོ་བོ་ལྟ་བུའོ།། མ་འདྲེས་པ་ནི་ཐུན་མོང་མ་ཡིན་པའི་དྲན་པ་ཉེ་བར་གཞག་པ་སྟེ། ཡེ་ཤེས་ཀྱིས་གུས་པར་ཉན་པ་དང་། གུས་པར་མི་ཉན་པ་དང་། གཉི་ག་མ་ཡིན་པ་དག་ལ་ཀུན་ཏུ་སྤྱོད ་བ་རྣམ་པ་གསུམ་མོ།། སྙིང་རྗེ་ཆེན་པོ་ནི་ཁམས་གསུམ་གྱི་སེམས་ཅན་ལ་དམིགས་ཤིང་སྡུག་བསྔལ་གྱི་རྣམ་པ་ལ་སྙོམས་པར་འཇུག་པའི་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་གནས་པ་ཐབས་ཀྱིས་འཇུག་པའི་འཕགས་པའི་ལམ་བསྐྱེད་པ་མྱ་ངན་ལས ་འདས་པ་ཐོབ་པར་བྱེད་པ་སྟེ། ཟག་པ་དང་བཅས་པའི་བློ་དང་ལྡན་ཞིང་འབྱོར་པའོ།། ཉན་ཐོས་ཆེན་པོ་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱིས་སློབ་མའི་གཙོ་བོར་གྱུར་པའོ།། གང་གི་འོད་འདོམ་གང་བ་ཉི་མ་སྟོང་པས་ལྷག་པར་འཕྲོ་བ་དེ་ནི་ཉི ་མ་སྟོང་ལས་ལྷག་པའི་འོད་མངའ་བ་སྟེ། བཅོམ་ལྡན་འདས་བཞེད་པར་གྱུར་པ་ན་འོད་རབ་ཏུ་འབར་བ་དང་བྲི་བར་འགྱུར་བའོ།། འགྲོ་བ་ཞེས་བྱ་བ་ནི་འགྲོ་ཞིང་རྒྱུ་བའི་ནུས་པ་དང་ལྡན་པའོ།། བཅོམ་ལྡན་འདས་མ་འདྲེས་པའི་དྲན་པ་ཉེ་བར ་གཞག་པ་དག་གིས་འཁོར་རྣམས་ལ་ཆོས་སྟོན་པ་ན། གུས་པར་ཉན་པ་ཐམས་ཅད་དང་། གུས་པར་མི་ཉན་པ་ཐམས་ཅད་ལ་གཅིག་ཏུ་གུས་པར་ཉན་པ་དང་། གཅིག་ཏུ་གུས་པར་མི་ཉན་པ་དེས་བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པ་གཞན་དུ་མི།། ་གྱུར་བའོ།། ཕ་རོལ་གྱི་དཔུང་གི་ཚོགས་འོང་བ་རིགས་པར་བྱ་བའི་ཕྱིར་དང་། ལམ་ཉམ་ང་བ་ཡོངསུ་བསྲུང་བའི་ཕྱིར་བཞག་པའི་སྐྱེས་བུ་ནི་ལ་གསན་ནོ།། ཆུ་བོ་ཆེན་པོའི་ཕ་རོལ་ཏུ་འགྲོ་བར་བྱ་བའི་ཕྱིར་རྔན་པ་སྟེར་བ་ནི་གྲུ་བཙས་སོ།། བཀའ་ལུང་བསྟན ་པ་ནི་དགྲ་བཅོམ་པའི་འབྲས་བུ་ལུང་བསྟན་པའོ།། ལོངས་སྤྱོད་ནི་ཡོངསུ་བགོ་བར་བྱ་བའོ།། ན་ཚོང་མཉམ་པོར་གྱུར་པོས་ན་ནེའུ་ལྡངས་སམ་གྲོགས་པོའོ།། ཤི་ཞིང་ཞེས་བྱ་བ་ལ་ཇི་ལྟར་ཤི་བོ་ཡིན་ཞེ་ན། དུས་ལས་འདས་པ་ཞེས་སྨོས་ཏེ། སྐལ་བ ་ཉམས་པའི་མཐའི་སྐད་ཅིག་མའི་དུས་ཞེས་བྱ་བའི་བར་དུ་བྱས་ན་ཐ་མའི་དུས་ཐོབ་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། ན་མཁའ་ནི་མཁའ་དང་བར་སྣང་ངོ་།། རྒྱ་མཚོ་ཆེན་པོ་ནི་ཆུ་འཛིན་ཆེན་པོའོ།། དྲང་སྲོང་ཆེན་པོ ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་དག་ནི་རྫུན་གསུང་པོའི་ངང་ཚུལ་ཅན་དུ་མི་འགྱུར་བའོ།། བཅོམ་ལྡན་འདས་མཆོག་ཏུ་ཞི་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རྒོད་པ་མི་མངའ་བ་དང་ལྡད་མོ་སྤངས་པའོ།། སྐྱེ་བོ་མང་པོ་ནི་སྐྱེ་བོམས། ་པོ་སྟེ་སྐྱེ་བོའི་ཚོགས་ཀྱིས་བསྐོར་བའོ།། ཚོགས་འདི་ལ་ཡོད་པས་ན་ཚོགས་ཅན་ནོ།། ཕ་རོལ་ཡང་དེ་ཡིན་ལ་ཚོགས་ཅན་ཡང་དེ་ཡིན་པས་ན་ཕ་རོལ་ཚོགས་ཅན་ཏེ། དེའི་རྒོལ་བ་ནི་ཕས་ཀྱི་རྒོལ་བའི་ཚོགས་ཅནོ།། དེ་འཇོམས་པར་མཛད ་པའི་ཕྱིར་ཕས་ཀྱི་རྒོལ་བའི་ཚོགས་ཅན་འཇོམས་པར་རོ།། དྭགས་ཀྱི་རྒྱལ་པོ་ནི་སེང་གེའོ།། མངོན་སུམ་དུ་ཕྱོགས་པ་ནི་དེར་གཞོལ་བ་འམ་བརྩོན་པ་བཅས་པའོ།། འདམ་ནི་ཉེ་བར་གོས་པ་འམ། ཚོགས་ལ་བྱའོ།། མཐོ་རིས་ཀྱི་གནས་གང་དག་ལ་ཡོད་པ ་དེ་དག་ནི་ལྷ་རྣམསོ།། ངེས་པ་ནི་གསལ་པོར་རོ།། རྣམ་པར་འཕྲུལ་པ་ནི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའོ།། གཞོན་ནུ་ནི་གཞོན་ནུ་རྒྱལ་ཚབ་ཏུ་དབང་བསྐུར་བའོ།། བློན་པོ་ནི་རྟག་ཏུ་ཐག་ཉེ་བར་གནས་པ་ཅན་བློའི་གྲོགསུ་གྱུར་པའོ།། གྲོང་ཁྱེར་ན་གན? ་པས་ན་གྲོང་ཁྱེར་གྱི་མིའོ།། ལྗོངས་ན་གནས་པས་ན་ལྗོངས་ཀྱི་མི་སྟེ། ལྗོངས་ན་གནས་པའི་ཚུལ་གྱི་རྒྱལ་པོའི་ཕོ་བྲང་ན་གནས་པ་གང་ལ་ཡོད་པ་དེ་ནི་ལྗོངས་ཀྱི་མིའོ།། འབྱུང་བར་བརྩམས་པ་ནི་འབྱུང་བ་དང་ལྡན་པར་རོ།། ཞལ་འཛུམ་པ་ནི་ཞལ་གྱི ་མདོག་དྲི་མ་མེད་པ་འམ། ཞལ་རབ་ཏུ་བཞད་པར་གྱུར་པའོ།། གཟུགས་མཛེས་པ་ནི་ཁ་དོག་གི་སྒོ་ནས་སོ།། བལྟ་ན་སྡུག་པ་ནི་དབྱིབས་ཀྱི་སྒོ་ནས་སོ།། སྐྱེ་མཆེད་དང་བར་གྱུར་པ་ནི་བཟང་པོའོ།། གནས་མེད་པ་ནི་མི་སྲིད་པའོ།། སྐབས་མེད་པ་ནི་ངེས་པར ་སྦྱོར་དུ་མེད་པའོ།། ཉོན་མོངས་པར་མ་གྱུར་པ་ནི་པགས་པ་ཆོག་པའི་སྒོ་ནས་སོ།། གནོད་པར་མ་གྱུར་པ་ནི་ཤ་ཚིག་པའི་སྒོ་ནས་སོ།། སྐལ་བ་ནི་ཁྱིམ་གྱི་བགོ་སྐལ་ཡིན་ལ། དེ་ལ་སྤྱོད་པའི་ཕྱིར་བགོ་སྐལ་ལ་སྤྱོད་པའི་ཕྱིར་བགོ་སྐལ་ལ་སྤྱོད་པ་ཡིན། ་ཏོ། བགོ་སྐལ་ལས་ཉམས་པ་འམ། བགོ་སྐལ་དང་བྲལ་བར་གྱུར་པ་ནི་སྐལ་བ་ཆུང་བའོ།། བསམ་པ་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་ནི་རྒྱ་ཆེ་བའི་ཆོས་བཤད་པའི་རྒྱ་ཆེན་པོ་ཉིད་ལ་མོས་ཤིང་མངོན་པར་འདོད་པར་རོ།། བག་ལ་ཉལ་ནི་ཉོན ་མོངས་པ་དྲག་ཅིང་དྲག་པའི་ཀུན་ཏུ་སྤྱོད་པ་སྟེ། ཉོན་མོངས་པ་གང་དང་གང་གིས་གནོད་པར་གྱུར་པ་དེ་དང་དེ་ལ་རྗེ་སུ་མཐུན་པའི་ཆོས་སྟོན་པའོ།། ཁམས་ནི་རིགས་ཡིན་ཏེ། ཁ་ཅིག་ནི་རྩུབྱ་པ་མ་ཡིན་པའི་ཆོས་དང་། ཁ་ཅིག་ནི་རྩུབ་པའི་ཆོས་བསྟན ་བ་འདུལ་བའོ།། དམྱལ་བའི་གཏམ་རྒྱུ་དེ་ནི་རྩུབ་པ་ཡིན་ལ། མཐོ་རིས་ཀྱི་གཏམ་རྒྱུད་ནི་འཇམ་པའོ།། རང་བཞིན་ནི་དང་པའི་དབང་པོ་ལ་སོགས་པའི་རང་བཞིན་ཏེ། དབང་པོ་རྣོན་པོ་དང་རྟུལ་པོ་དབྱེ་བའི་ཕྱིརོ།། ལམ་ལ་རྗེསུ་ཤེས་པ་ནི་རྒྱུན་ཏུ་ཞུགས་པ ་འབྲས་བུའོ།། བསྒོམ་པས་སྤངས་པར་བྱ་བའི་ཀུན་ནས་ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ།། ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་ཟག་པ་མེད་པའི་ལམ་གྱིས་སྤངས་པ་ནི་ཕྱིར་མི་འོང་བའི ་འབྲས་བུའོ།། སྲིད་པའི་རྩེ་མོ་ཉོན་མོངས་པ་མ་ལུས་པར་སྤངས་པ་ནི་དགྲ་བཅོམ་པ་ཉིད་དོ།། དྲོད་དུ་གཏོགས་པའི་དགེ་བའི་རྩ་བ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་མེའི་སྔ་ལྟས་ཡིན་ཏེ། དེས་བསྐྱེད་པ་ནི་ཡོངསུ་མྱ་ངན་ལས་འདས་པའི་ཆོས ་སུ་འགྱུར་བའོ།། རྩེ་མོ་དང་བཟོད་པ་བསྐྱེད་པ་ཡང་དེ་དང་འདྲའོ།། ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་རིགས་ཅན་ལས་ཐར་པའི་ཆ་དང་མཐུན་པའི་དགེ་བ་བསྐྱེད་པའོ།། དེ་བཞིན་དུ་རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི ་སངས་རྒྱས་ཀྱི་རིགས་ལས་ཞེས་བྱ་བར་སྦྱ་རོ།། སངས་རྒྱས་ལ་གཞོལ་བ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་དེའི་ནང་དུ་ཆུད་པར་གྱུར་པ་དག་དེ་ལྟ་བུར་གྱུར་པ་ཡིན་ཏེ། བདག་གིས་ཡོན་ཏན་གྱི་ཚོགས་འདི་ཁོང་དུ་ཆུད་པར་གྱུར་པ་གང་ཡིན་པ་དེ་ཐམས ་ཅད་ནི་བཅོམ་ལྡན་འདས་ཀྱི་མཐུ་ཡིན་པ་དེ་བས་ན། བཅོམ་ལྡན་འདས་འདི་ནི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པར་གྱུར་པའི་གཞི་དང་འདི་ཉིད་འཁོར་བའི་སྡུག་བསྔལ་མ་ལུས་པ་ལས་ཡོངསུ་སྐྱོབ་པར་མཛད་པར་སྤྱོད་པ་ཡིན་ལ། དེས་ན་བཅོམ་ལྡན ་འདས་ལ་ལྡོག་པ་མེད་པའི་དད་པ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་དེ་ཉིད་ལ་སྐྱབས་ཉིད་དུ་འཛིན་པ་དེའི་ཕྱིར། སངས་རྒྱས་ལ་གཞོལ་བ་ཞེས་བྱའོ།། དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་ཐོབ་པ་ཡང་སྐྱེས་བུའོ་དོན་བླ་ན་མེད་པ་ཡིན་ཏེ། གང ་གི་ཕྱིར་མྱ་ངན་ལས་འདས་པ་དེ་ཡང་གཙོར་དེ་དག་གིས་ཐོབ་པ་ཡིན་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལོ་སོགས་པ་ཐོབ་པར་བྱེད་པ་ཡིན་པོའི་ཕྱིར་ཆོས་ཤེས་ཤིང་དང་པ་རྙེད་པ་དེ་བས་ན་ཆོས་ལ་བརྟེན་པ་ཞེས་བྱའོ།། རྒྱུན་ཏུ་ཞུགས་པ་ལ ་སོགས་པ་ཡང་དོན་དམ་པའི་དགེ་འདུན་གྱི་རང་བཞིན་ཡིན་པའི་ཕྱིར་དང་། ཐར་པའི་ཆ་དང་མཐུན་པ་ལ་སོགས་པ་སྐྱེ་བ་ཡང་ཚོགས་དེ་ལ་བརྟན་པ་ཉིད་ཀྱི་ཕྱིར་དགེ་འདུན་ལ་ཤེས་ཤིང་དད་པ་རྙེད་པ་དེ་བས་ན་དགེ་འདུན་ལ་རབ་ཏུ་འབབ་པ་ཞེས་བྱའོ།། དེས་པ ་དག་ལས་གཞན་ངེས་པ་ནི་དེས་ཤིང་ངེས་པ་སྟེ། འཕྲལ་དུ་སྐྱེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། མའི་མིང་པོ་ནི་ཞང་པོའོ།། ཐ་སྙད་དུ་བྱ་བའི་དངོས་པོ་ནི་ཟོང་ངོ་།། རྫུ་འཕྲུལ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ། རྫུ་འཕྲུལ་ཆེ་བ་ནི་རང་བཞིན་ཉིད་ཀྱི་ཡོན་ཏན། ་བསྒྲུབས་པའི་སྒོ་ནས་སོ།། མཐུ་ཆེ་བ་ནི་གཞན་ལ་ཕན་པ་བྱེད་པས་སོ།། ཚུལ་ཤིང་བྲིམས་མོ་བྱ་བ་ནི་མིང་བྱང་ཕྱིས་པར་གྱུར་པ་སྟེ། གཉེན་གྱི་ཚོགས་ལས་ཕྱི་རོལ་ཏུ་བྱེད་ཅེས་བྱ་བའི་བར་དུའོ།། ཁྲག་དྲོན་མོ་ནི་སྙིང་གི་ཕྱོགས་ན་གནས་པ་སྲོག ་འཛིན་པར་བྱེད་པ་ཡིན་ལ། གང་གི་ཕྱིར་འཇིག་རྟེན་པ་ནི་སྟོབས་ཞེས་བརྗོད་དོ།། དགའ་བའི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་སྡུག་པའོ།། སྐད་ཅིག་མ་གཅིག་ཀྱང་ཡིད་ཡོངསུ་མི་གཏོང་བའི་ཕྱིར་ཡིད་དུ་འོང་བའོ།། སངས་རྒྱས་ལ་སྐྱབསུ་སོང་བ་ཞེས་བྱ་བ་ནི་མི་སློབ ་པ་སངས་རྒྱས་སུ་བྱེད་པའི་ཆོས་ལའོ།། ཆོས་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལའོ།། དགེ་འདུན་ལ་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པ་དགེ་འདུན་དུ་བྱེད་པ་ལྔའོ།། གནས་བརྟན་རྣམས་ཀྱིས་ཞེས་བྱ་བ་ནི་སྡོད་པ་པོ་རྣམས་ཀྱིས་སོ།། སྐྱེས། ་བུའི་བྱེད་པ་ལ་བརྟེན་ནས་འཚོ་བར་བྱེད་པའི་སྐྱེས་པ་གང་ཡིན་པ་དེ་ནི་སྐྱེས་བུ་བཀུར་བའོ།། ཤིང་རིང་པོའི་རྩེ་མོར་བཞག་ནས་ཞེས་བྱ་བ་ལ་སོགས་པ་ལོ།། སྐོས་ནི་ཤིང་དག་གིས་གོང་ནས་གོང་དུ་ཡང་དགེ་བར་སྦྱར་བའོ།། ཐག་སྐས་ནི་ཤིང་རིང ་པོ་ལ་རྐང་པ་བཞག་པའི་གནས་བྱས་ཤིང་ཐེ་གུས་བཅིངས་པའོ།། མཆིལ་པ་ནི་ལྕགས་ཀྱུ་སྟེ་སྲད་བུས་འཕངས་པར་བྱ་བའོ།། འབབ་སྟེགསུ་ཉེ་རེག་བྱེད་པས་ཞེས་བྱ་བ་ནི་མངོན་པར་འདོད་པའི་འབབ་སྟེགས་སྟེན་པར་བྱེད་པས་སོ།། ་སྦྱངས་ཤིང་ཞེས་བྱ་བ་ནི་འདས་པར་ཉོན་མོངས་པོའི་དགྲ་སྤང་བའོ།། དོར་ལ་ཐེ་བྱ་བ་ནི་ད་ལྟར་གྱིའོ།། རྦུཊ་ལ་ཝེ་བཱ་བ་ནི་མ་ཡོད་། མངོན་དུ་རྒྱུ་བ་སྤངས་པ་ནི་སཽ་སོར་དོར་བ་ནའོ།། ཡང?་ན་དེ་དག་ཐམས་ཅད་སྤོངས་པའི་རྣམ་གྲངས་ཁོ་ན་ཡིནོ།། གསོལ་བ་ནི་གཞན་གཡོ། ་སྒོ་ནས་གསོལ་བ་འདེབས་པར་བྱེད་པའོ།། གང་གི་ཚེ་ཟངས་མ་ལ་སོགས་པའི་རྒྱུ་ལས་བྱས་པའི་ལྷུང་བཟེད་དག་རྙེ་པར་གྱུར་པ་དེའི་ཚེ། དེ་དག་སྨན་ཕོར་གྱི་ཚུལ་དུ་ཡོངསུ་ལོངས་སྤྱོད་པར་བྱ་ཡི། དེ་ལ་ཆགས་པ་བསྐྱེད་པར་ནི་མི་བྱ་སྟེ། བཅོམ ་ལྡན་འདས་ཀྱིས་སྨན་པོར་དུ་བཙང་བར་བྱའོ་ཞེས་རྗེས་སུ་གནང་བ་ཡིན་ནོ།། གཏུ་པོ་ནི་དྲག་པོའོ།། གནོད་སྦྱིན་གྱི་གནས་ནི་ལྷ་རྟེན་ནོ།། ཉིན་ཞག་ནི་ཆོས་གཅིག་ལ་སོགས་པའོ།། ཆོསོ་གྲངས་ནི་གཟའ་ལྷག་ལ་སོགས་པའོ།། ཉི་ཚོད་དུ་སྦྱར་བ་ནི ་དགེ་བའི་སྦྱོར་བའོ།། བཙོང་པར་བྱ་བའི་དངོས་པོ་ཐམས་ཅད་ཀྱིས་ཇི་ལྟར་རྗེསུ་མཐུན་པའི་རིན་རྙེད་པའི་གནས་ནི་ཚོང་དུས་སོ།། རང་ཟུང་གིས་རྗེ་སུ་མཐུན་པའི་རིན་མི་ཁུགས་པའི་ཕྱིར་ཚོང་དུས་མ་ཡིན་པར་བསྒྲགས་ཏུ་རུང་བར་འགྱུར་བའོ།། མགྲོན ་པོ་ནི་གསར་དུ་འོངས་པའི་ཕྱིར་བསྙེན་བཀུར་བར་བྱ་བའོ།། ལྷན་ཅིག་ནི་རྟག་ཏུ་ལྷན་ཅིག་འདུག་པ་ཉིད་དོ།། དབང་པོ་རྣམས་བསྡུས་པ་ཞེས་བྱ་བ་ནི་ཡུལ་ལས་ཏེ། དབང་པོ་རྣམས་བསྡུས་པ་འམ། བཙུམས་པ་འམ་བཟློག་པར་བྱེད་པའོ།། མན། ་མ་རྣམ་ཤེས་བྱ་བ་ནི་མེ་ལས་སྐྱེས་ཀྱི་ཡུལ་ལ་རྒྱལ་པོ་སྲས་ཀྱི་མིང་དུ་བྱས་དབང་དུ་བྱས་ནས་མནའ་མ་ཞེས་བྱའོ།། ངོ་མཚར་བ་ནི་ཡཱ་མཚན་དུ་གྱུར་པའོ།། ཆེས་གྱུར་པ་ནི་ལྷག་པར་གྱུར་པའོ།། བསོད་ནམས་ཀྱི་སྟོབས་ལས་བྱུང་བའི་རིན་པོ་ཆེའི་རང་བཞིན ་ས་གཞི་དེ་ལ་འཁྲུལ་འཁོར་གྱི་སྦྱོར་བས་ཉ་ལ་སོགས་པ་ཆུའི་སྲོག་ཆགས་སྟེང་ན་རྒྱུ་བ་ལྟར་མཐོང་བའི་ཕྱིརརོ།། བྱེད་པ་ནི་གཙོ་བོར་བྱ་བ་ཡིན་ལ། བྱ་བ་ནི་གཙོ་བོར་མ་ཡིན་པ་འམ། ཉེ་བ་ན་གནས་པ་ནི་བྱེད་པ་ཡིན་ལ་ཕྱིས་བྱ་བ་ནི་བྱ་བ་ཡི་ནོ།། སྐྱེངས་པ་ནི་རྣམ་པར ་ཞུམ་པ་ཡིན་ཏེ། བྱ་བ་ལ་སྨོས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། སེམས་པ་ནི་ཚུལ་མ་ཡིན་པའི་བྱ་བ་བྱེད་པའི་སེམས་སྐྱེས་པར་གྱུར་པའོ།། བདག་ཉིད་ཆོས་སྤྱོད་པའི་ཕྱིར་ཆོས་དང་ལྡན་པའོ།། ཆོས་ཀྱི་རྒྱལ་སྲིད་ཡོངསུ་སྐྱོང་བར་བྱེད་པའི་ཕྱིར་ཆོས་སྐྱོང་བའི ་ལ་པོའོ།། གཡོན་ཅན་ནི་ངོ་སྦེད་པའི་རྐུན་མའོ་བསམས་ནས་ཞེས་བྱ་བ་ནི་དོན་དུ་གཉེར་བའི་སེམས་ཀྱིསོ།། མཚན་མོ་ནི་ནུབ་མོའོ།། རྒྱལ་པོ་སྡིག་ཅན་ཞེས་བྱ་བ་ནི་སྡིག་པ་འམ་ཚུལ་མ་ཡིན་པ་བྱེད་པ་ཅནོ།། དམན་པོ་ནི་སྟོབས་ཀྱིས་དམན་པར་གྱུར་པོའོ།། ་མགོན་མེད་པ་ནི་སྐྱབས་མེད་པའོ།། ཕོངས་ནི་དབུལ་བའོ།། རྒུད་པ་ནི་ནོད་ཀྱིས་གཟིར་བར་གྱུར་པའོ།། མཛེས་པར་བཤད་པ་ནི་ལེགས་པར་གསུངས་པ་སྟེ། འབྲུ་ལྔ་པ་ནི་བརྗོད་པའོ།། ཆོས་འདུལ་བ་གང་ལ་ཡང་དག་པར་སྒྲུབ་པ་འམ། འབྲས་བུ་ངེས་པར་མི་འཁྲུལ ་པ་ཡོད་པ་དེ་ནི་ལེགས་པར་གསུངས་པའོ།། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་མཚན་ཉིད་ནི་དགེ་སློང་གི་དངོས་པོའོ།། ཐོབ་ནས་ཞེས་བྱ་བ་ནི་ཐོབ་པའི་ཕྱིར་རོ།། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ་དེའི་རྒྱུ་མཚན་ཚུལ་ཁྲིམས་ཡོངསུ་བསྲུང་བ ་ལ་སོགས་པའི་བྱ་བ་ནི་སྤྱད་པའོ།། དེ་སྤྱོད་པ་ནི་སྒྲུབ་པའོ།། ལྷུང་བཟེད་དང་བུམ་པ་ཐོགས་པའི་ལག་པ་གང་ལ་ཡོད་པ་དེ་ནི་ལག་ན་ལྷུང་བཟེད་དང་བུམ་པ་ཐོགས་པ་ཅན་ནོ།། སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ནི་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་ག ་ལོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གང་ཡིན་པ་དེའི་སྤྱོད་ལམ་ནི་རབ་ཏུ་ཞི་བར་འགྲོ་བ་ལ་སོགས་པའོ།། གནས་པ་ནི་ལྡན་པའོ།། ཚུར་ཤོག་ཅེས་བྱ་བ་ནི་འདིར་ཤོག་ཅིག་པའོ།། ལུས་ལ་སྦྱར་མས་གཡོགས ་པབཔ་ནི་སྦྱར་མ་བགོས་པའི་ལུས་ཅན་ནོ།། དབང་པོ་རབ་ཏུ་ཞི་བ་ཞེས་བྱ་བ་ནི་རྒོད་པའི་ཡུལ་ལས་དབང་པོ་ལྡོག་པའོ།། ཆ་ལུགས་ནི་ཆ་བྱད་དོ།། སངས་རྒྱས་དགོངས་བཞིན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་བཞེད་པ་བཞིན་དུ་སྟེ། སྦྱར་མ་གོན་པའི་ལུས་ཞེས ་བྱ་བ་ལ་སོགས་པ་སྐབས་གསུམ་པོ་ཐམས་ཅད་ལ་སངས་རྒྱས་དགོངས་བཞིན་དུ་ཞེས་བྱ་བ་སྦྱར་བར་བྱའོ།། གདམས་ངག་ནི་ལམ་བསྒོམ་པའི་མན་ངག་གོ། བརྩོན་པ་ནི་སྤྲོ་བར་བྱེད་པའོ།། འབད་པ་ནི་ལས་སུ་བྱ་བ་བྱེད་པའོ།། རྩོལ་བ་ནི་བྱ་བ་དེ་ལ་ནན་ཏན་དུ་བྱེད ་པའོ།། གཡོ་བ་དང་མི་གཡོ་བར་རིག་ནས་ཞེས་བྱ་བ་ལ་གཡོ་བ་ནི་སྐད་ཅིག་མའི་རྒྱུན་མི་རྟག་པ་ཉིད་ཀྱི་ཕྱིར་རོ།། མི་གཡོ་བ་ནི་འཕགས་པའི་ལམ་མེད་པར་འཁོར་བ་ལ་ལྡོག་པ་མེད་པའི་ཕྱིརརོ།། འདུས་བྱས་སུ་གཏོགས་པ་ཐམས་ཅད་ནི་དུས་ཀྱི་རྣམ་པ་སྟེ། འདུས་བྱས ་སུ་གཏོགས་པ་དེ་དག་ཟིལ་གྱིས་མནན་པ་ནི་ཚོར་བཅང་བའོ།། ཇི་ལྟར་ཟིལ་གྱིས་མནན་ནས་ཤེ་ན། ཉམས་པ་ཞེས་སྨོས་ཏེ། ཉམས་པ་ནི་གཞན་གྱི་སྟོབས་ཀྱིས་ཉམས་པའོ།། ལྟུང་བ་ནི་རང་གི་སྟོབས་ཀྱིས་སོ།། རྣམ་པར་འཐོར་བ་ནི་འགྱུར་བ་དང་བཅས་པར ་འཇིག་པར་གྱུར་པའོ།། རྣམ་པར་འཇིག་པ་ནི་འགྱུར་བ་མེད་པར་འཇིག་པའོ།། ཉམས་པ་ནི་མི་དང་ལྷ་ཁ་ཅིག་གི་དཔེ་ཡིནོ།། ལྟུང་བ་ནི་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་དག་གི་དཔེ་ཡིན་ནོ།། རྣམ་པར་འཐོར་བ་ནི་ཤིང་ལ་སོགས་པའི་དཔེ་ཡིན་ཏེ། ་ཞིག་ནས་ཐམས་ཅད་ཐལ་བར་འགྱུར་བ་དེའི་ཕྱིར་འགྱུར་བ་དང་བཅས་པས་འཇིག་པ་ཡིན་ནོ།། རྣར་འཇིག་པ་ནི་སེམ་དང་སེམས་ལས་བྱུང་བ་དང་། མེ་མར་གྱི་མེ་ལྕེ་ལ་སོགས་པ་འགྱུར་བ་མེད་པར་འཇིག་པའི་དཔེ་ཡིན་ནོ།། འདུས་བྱས་སུ་གཏོགས ་པའི་ཆོས་གང་ཡིན་པ་དེ་དག་ནི་ཉམས་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པ་དག་གི་ཆོས་སུ་གདོན་མི་ཟ་བར་འགྱུར་བས་ཡིན་ནོ།། དགྲ་བཅོམ་པ་ནི་མཆོད་པར་བྱ་བ་ཡིན་ཏེ། དེ་རྒྱུ་མཚན་གཞན་ལས་ནི་མ་ཡིན་གྱི། ཉོན་མོངས་པ ་ཐམས་ཅད་སྤངས་པའི་ཕྱིར་རོ།། ཁམས་གསུམ་པའི་ཁམས་གསུམ་གྱི་སྲེད་པ་དང་བྲལ་བར་འགྱུར་པ་ནི་འདོད་ཆགས་དང་བྲལ་བའོ།། བོང་བ་དང་གསེར་དུ་མཉམ་པ་ནི་དེ་ལས་དང་གསོར་དུ་མཚུངས་པ་སྟེ། ཇི་ལྟར་ན་མཁའ་ལ་ལག་ཐོགས་པ་མེད་པ ་བཞིན་དུ་དེ་དང་མཚུངས་པ་ནི་དེའི་སེམས་སོ།། སྟེའུ་ནི་ལག་ན་སྟེའུ་ཐོགས་པའི་སྐྱེས་བུ་ཡིན་ལ། ཙན་དན་ནི་ལག་ན་ཙན་དན་ཐོགས་པའི་སྐྱེས་བུ་སྟེ། འདི་ལ་སྟེའུ་ཐོགས་པའི་སྐྱེས་བུ་དང་། ཙན་དན་ཐོགས་པའི་སྐྱེས་བུ་མཚུངས་པ་ནི་ཕན་འདོགས ་པ་དང་གནོད་པ་བྱེད་པ་ལ་རྗེས་ཆགས་པ་དང་ཁོང་ཁྲོ་བ་མེད་པའི་ཕྱིརརོ།། རིགས་པ་སྟེ་ཡང་དག་པའི་ལྟ་བས་སོ།། དྲལ་བར་གྱུར་པ་ནི་ཕྱེ་བ་སྟེ། གང་གིས་མ་རིག་པའི་བདག་ཉིད་ཀྱི་སྒོ་ངའི་སྦུབས་དང་དྲལ་བར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ།། ་རིག་པ་ནི་གསུམ་སྟེ། སྔོན་གྱི་གནས་དང་། འཆི་འཕོ་དང་སྐྱེ་བ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མིང་ཅན་ནོ།། མངོན་པར་ཤེས་པ་ནི་རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་ཀྱི་རང ་བཞིན་ཅན་ནོ།། སོ་སོ་ཡང་དག་པར་རིག་པ་ནི་བཞི་སྟེ། ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ། སོ་སོ་ཡང་དག་པར་རིག་པ་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་ཡོང་སུ་ཤེས་པ་ལ་གཟུང ་པར་བྱའོ།། འདོད་པ་ནི་ཆགས་པའོ།། རྙེད་པ་ནི་ནོར་རྙེད་པའོ།། བཀུར་སྟི་ནི་བསྙེན་བཀུར་རོ།། རྒྱབ་ཀྱིས་ཕྱོགས་པ་ནི་ཡིད་ཕྱིར་ཕྱོགས་པའོ།། དབང་པོ་དང་ཉེ་དབང་དུ་བཅས་པས། འཇུག་པའི་ལྷ་རྣམས་ཀྱིས་མཆོད་པ་ནི་འདུད་པ་སྙན་པའི་ཚིག་ལ ་སོགས་པ་དག་གིས་གུས་པར་བྱེད་པའོ།། བརྗེད་པ་ནི་གོས་དང་བསོད་སྙོམས་ལ་སོགས་པ་དག་གིས་བསྙེན་བཀུར་བྱེད་པའོ།། སྔོན་དུ་སྨྲ་བར་གྱུར་པ་ནི་ཕྱག་བྱ་བར་གྱུར་པའོ།། ཐེ་ཚོམ་སྐྱེས་པ་ནི་སོམ་ཉི་སྐྱེས་པར་གྱུར་པའོ།། ཐམས་ཅད་མཁྱེ ་པ་ཉིད་ཡིན་པའི་ཕྱིར་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སྟེ་བཅོམ་ལྡན་འདས་ལའོ།། བྱས་ཤིང་བསགས་པ་ནི་བསམས་བཞིན་དུ་བྱས་པ་དང་། རྫོགས་པ་དང་། འགྱོད་པ་མེད་པར་བྱས་པ་དང་། གཉེན་པོ་མ་བསྟེན་པ་དང་། སྦྱོར་བ་དང་། ་མཇུག་པ་དང་ལྡན་པ་དེ་འདྲ་བ་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་ངེས་པ་གང་ཡིན་པ་དེ་ནི་བསགས་པ་ཞེས་བྱའོ།། ཚོགས་པ་རྙེད་པ་ནི་གཞན་རྙེད་པའོ།། རྐྱེན་ཡོངསུ་བསྒྱུར་བ་ནི་རྐྱེན་དག་གིས་ནུས་པ་རྙེད་པར་གྱུར་པའོ།། ཆུ་བོ་ལྟར་ཞེས་བྱ་བ་ནི ་ལྡོག་པ་མེད་པའོ།། ཉེ་བར་གནས་པ་ནི་ཐག་ཉེ་བ་ན་གནས་པར་གྱུར་པའོ།། དེ་ལྟར་གྱུར་པ་གདོན་མི་ཟ་བར་འབྲས་བུ་འབྱིན་པར་བྱེད་པ་ནི་འགའ་ཞིག་ཏུ་ཡང་ལྡོག་པར་མི་འགྱུར་བའོ།། གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་ཞེས་བྱ་བ་ནི ་གཞན་གྱིས་བྱས་པའི་ཁྲུས་ཀྱིས་གཞན་གྱིས་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མ་ཡིན་ཏེ། འདིས་ནི་ཕན་ཚུན་རྒྱུ་ཉིད་མ་ཡིན་པར་བསྟན་ཏོ།། ལས་ཀྱི་རྣམ་པར་སྨིན་པ་ཡང་ཕྱི་རོལ་ལ་མ་ཡིན་གྱི་ནང་གི་བདག་ཉིད་ཁོ་ན་ཡིན་ནོ་ཞེས་བསྟན ་པབཔར་བྱ་བའི་ཕྱིར། དགེ་སློང་དག་ལས་བྱས་ཤིང་བསགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། ཆུ་མ་ཟ་བ་ཞེས་བྱ་བ་ནི་ལས་བྱས་ཤིང་བསགས་པ་གང་ཡིན་པ་དེ་ཆུད་ཟ་བར་མི་འགྱུར་བའོ།། གང་བྱས་ནས་འགྱོད་པ་དང་། ་གཉེན་པོ་བསྟོན་པས་ཉམས་པ་གང་ཡིན་པ་དེ་ནི་ཚང་བར་བསགས་པར་མ་ཡིན་པ་དེ་ནི་ཕྱིར་མ་བསགས་པའི་ལས་ཁོ་ན་ཟད་པ་ཞེས་བྱའི། བསགས་པ་ངེས་པར་མྱོང་བར་འགྱུར་བ་ཡོངསུ་ཟད་པ་ནི་མ་ཡིན་ལ། རྒྱལ་པོ་མ་སྐྱེས་དག ་སྐྱེ་བ་གང་ཁོ་ན་ལ་བྱས་པའི་ལས་ལ་འགྱོད་པ་དང་མཐོལ་བ་དང་བཤགས་པ་དང་གཉེན་པོ་བསྟེན་པ་དག་གིས་ཉམས་པར་གྱུར་པ་ནི་སྐྱེ་བ་དེ་ཉིད་ཀྱི་ཡིན་པ་དེའི་ཕྱིར་དེ་ནི་ཡོངསསུ་རྫོགས་པའི་རྣམ་པར་སྨིན་པ་འབྱོན་ནུས ་པོར་མི་འགྱུར་རོ་ཞེས་བྱ་བ་མ་བསགས་པ་ཉིད་ཡིན་པའི་ཕྱིར་ཟད་པ་ཞེས་གསུངས་པ་ཡིན་ནོ།། སྔོན་བྱུང་བར་གྱུར་པ་ནི་སྔོན་བྱུང་བ་འདས་པའོ།། དེ་བཞིན་གཤེགས་པ་དེ་ཁོ་ན་བཞིན་མ་ཡིན་པ་མི་གསུང་བ་སྟེ། དངོས་པོ་ཇི་ལྟ་བོ་དེ་བཞིན ་དུ་གསུང་བ་ཉིད་ཀྱི་ཕྱིར་དེ་ནི་འདིར་སྟོན་པ་ཉིད་དེས་སངས་རྒྱས་བཅོམ་ལྡན་འདས་སོ།། གང་དེ་ཁོ་ན་བཞིན་མ་ཡིན་པ་སྟོན་པར་མི་མཛད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉིད་དོ།། དེ་བཞིན་གཤེགས་པ་ཉིད་གང་ཝ ་ཤེ་ན། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་སྨོས་ཏེ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པ་དང་། ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་དགྲ་བཅོམ་པའོ།། ཡང་དྲུག་པར་རྫོགས་པའི་སརྦ ་རྒྱུརྒྱས་ནི་འགྲོ་བ་མ་ལུས་པ་མཁྱེན་པར་གྱུར་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། འདིས་ནི་བདེན་པ་སྟོན་པའི་རྒྱུ་བསྟན་པ་ཡིན་ཏེ། གང་གི་ཕྱིར་ཉོན་མོངས་པས་ཟིལ་གྱིས་ནོན་པ་དང་། མི་ཤེས་པས་ཟིལ་གྱིས ་ནོན་པ་དག་རྫུན་དུ་སྨྲ་བར་འགྱུར་ལ། ཉོན་མོངས་པ་སྤངས་ཤིང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐུགསུ་ཆུད་པ་དེའི་ཕྱིར་འདྲིས་ནི་བདྲེན་པ་མ་ཡིན་པ་སྟོན་པར་མི་མཛད་དོ།། ཉོན་མོངས་པ་སྤང་བ་དང་། ཡང་དག་པར་རྫོགས་པའི ་བྱང་ཆུབ་ཀྱང་གང་ལས་ཤི་ན། རིག་པ་དང་ཞབ་སུ་ལྡན་པ་ཞེས་བྱ་བ་སྨོས་ཏེ། རིག་པ་ནི་ཡང་དག་པར་ལྟ་བ་ཡིན་ལ། ཞབས་ནི་ལམ་གྱི་ཡན་ལག་བདུན་ཡིན་ནོ།། དེ་བས་ན་འདིས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཉོན ་མོངས་པ་སྤངས་པ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཉིད་དུ་བརྟན་པ་ཡིན།། བདེ་བར་གཤེགས་པ་ནི་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། ཡང་ཕྱིར་མི་ལྡོག་པའི་ཕྱིར་རོ།། འདིས་ནི་ཕྱིར་མི་ལྡོག་པའི ་སྟོན་པ་ཉིད་བརྙེས་པར་སྟོན་ཏོ།། སྐལ་བ་དང་ལྡན་པ་དང་མི་ལྡན་པའི་འཇིག་རྟེན་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པའོ།། འདིས་ནི་སྟོན་པའི་མཛད་པ་དང་པོ་བསྟན་པ་ཡིནོ།། སྟོན་པའི་མཛད་པ་ནི་རྣམ་པ་གཉིས་ཏེ། སྐལ་བ་དང་ལྡན་པ ་དང་སྐལ་བ་དང་མི་ལྡན་པ་སོ་སོར་རྟོག་པ་ནི་དང་པོ་ཡིན་ལ། སྐལ་བ་ཇི་ལྟ་བ་བཞིན་དུ་འདོན་པ་ནི་གཉིས་པ་ཡིན་པ་དེའི་ཕྱིར་འཇིག་རྟེན་རིག་པ་ཞེས་བྱ་བ་འདིས་དང་པོ་བསྟན་པའོ།། གཉིས་པ་བསྟན་པའི་ཕྱིར་སྐྱེས་བུ་འདུལ་བའི་ཁ་ལོ ་སྦྱར་བ་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་ཁོ་ན་གདུལ་བྱ་ཡིན་ཏེ། གདུལ་བར་འོས་པ་ཉིད་ཡིན་པའི་ཕྱིར་སྐྱེས་བུ་འདུལ་བའོ།། དེ་དག་གི་ཁ་ལོ་སྒྱུར་བ་ནི་འདུལ་བར་མཛད་པའོ།། ཁ་ལོ་སྒྱུར་བའི་ཁྱད་པར་ནི་བླ་ན་མེད་པ་ཞེས་བྱ་བ་ཡིན་ཏེ། སོར ་ཕྲེང་ཅན་ལྷོ་སྩོགས་པ་གདུལ་དཀའ་བ་འདུལ་བར་མཛད་པའི་ཕྱིར་དང་། འདོད་པས་བསོད་སྙོམས་ལ་རྗེས་སུ་སྦྱོར་བ་དང་། བདག་ཉིད་ལ་བའི་བྷྱོ་སུ་སྦྱོར་བ་ཡོངསུ་སྤངས་ནས་བདེ་བར་འདུལ་བར་མཛད་པའི་ཕྱིར་དང་། ཡང་ཕྱིར་ཟློག་པ་མེད ་པར་འདུལ་བའི་ཕྱིར་ཁ་ལོ་སྒྱུར་བ་བླ་ན་མེད་པའོ།། འདིས་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་འདོན་པར་མཛད་པ་སྟོན་པའི་འཕྲིན་ལས་གཉིས་པ་བསྟན་ཏོ།། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་འདིས་ནི་ལྷ་དང་མི་རྣམས་ནི་སྟོན་པའི་གང་ཟག་མཛད ་པའི་སྤྱོ་ཡིན་གྱི་གཞིར་ལྲྀ་གྲ་སྲོག་གྲང་མ་ཡིན་ནོ་ཞེས་སྦྱིན་པའི་ཕྱིན་ལས་ཀྱི་སྣོ་བསྣུན་ཏོ།། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སངས་རྒྱས་ནི་རབ་ཏུ་གྲགས་པའི་སངས་རྒྱས་ཏེ་བཅོམ་ལྡན་འདས་།། དེ་བས་ན་དྲོན ་ནི་སངས་རྒྱས་ཞེས་རབ་ཏུ་གྲགས་པ་གང་ཡིན་པ་འདི་ནི་སྟོན་པ་ཡིན་ཏེ། སྔར་སྨོས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ།། རྒྱལ་སྲིད་ནི་བདག་པོའོ།། དེ་བྱེད་དུ་བཅུག་པ་ནི་གཞན་བློན་པོ་ལ་སོགས་པའི་སྒོ་ནས་སོ།། ་འབྱོར་པ་ཞེས་བྱ་བ་ལ་ནི་ཞིང་པ་དང་ཕྱུགས་སྐྱོང་བ་ཡུལ་གྱི་ཡོན་ཏན་དང་ཚོང་པ་དང་རྒྱལ་པོ་བསྟེན་པ་བདག་པོའི་ཡོན་ཏན་ལས་གྲུབ་པའི་རྒྱལ་སྲིད་གང་ལ་ཡོད་པ་དེ་ནི་འབྱོར་པའོ།། རྒྱས་པ་ཞེས་བྱ་བ་ནི་ཚད་མེད་པ་དང་། ལེགས་པར་བསྐྱངས ་པའི་སྒོ་ནས་གང་དུ་ནང་གི་གཏེར་མངོན་པར་འཕེལ་བར་གྱུར་པ་དེ་ནི་རྒྱས་པའོ།། བདག་པོས་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་རྣམ་པར་འཚོ་བ་ལས་བསྲུངས་པ་ནི་བདེ་བའོ།། ལྀ་ལེགས་པ་ཞེས་བྱ་བ་ནི་བདག་པོ་དང་ལྗོངས་ཀྱི་མི་དག་ལྷ་དང་ལྡན ་པ་ཉིད་ཀྱིས་དུས་ཇི་ལྟ་བ་བཞིན་དུ་ལྷས་ཆར་འབེབས་ཤིང་འབྲུ་རྒྱས་པས་སློངས་མོས་ལེགས་པར་རྙེད་པའི་ཕྱིར་རྒྱལ་སྲིད་ལོ་ལེགས་པའོ།། མི་ནཱི་གཉེན་དང་རྒྱལ་པོས་ཉེ་བར་འཚོ་བའི་སྐྱེ་བོ་དང་འཁོར་དང་མགྲོན་པོ་ཡངས་ཤིང་རྒྱ་ཆེ་བ ་མང་པོར་གྱུར་པ་གང་ཡིན་པ་དེ་ནི་སྐྱེ་བོ་མང་པོའོ།། གང་པ་ནི་མང་པོ་དང་ལྡན་པར་གྱུར་སྟེ། གྲོང་ལ་སོགས་པས་མ་ཆོད་པའི་རྒྱལ་སྲིད་གང་ལ་ཡོད་པ་དེ་ནི་མི་དང་སྐྱེ་བོ་མང་པོས་གང་བའོ།། འཐབ་མོ་ཞེས་བྱ་བ་ལ་སོགས་པ་ལ་འཐབ་མོ་ནི་བྱ་བ ་མ་ཡིན་པ་ལ་ཆགས་པ་འམ། གཏོང་བར་དཀའ་བའོ།། འཐབ་པ་ནི་སྐྱེ་བོ་དག་ཁྲོ་བ་ལ་ཕྱིར་ཁྲོ་བའོ།། ནང་འཁྲུག་ནི་འགའ་ཞིག་གིས་རང་རང་གི་ཚོགས་འཁྲུག་པ་སློང་བ་གང་ཡིན་པ་དེ་ལ་བྱའོ།། ཕྱིའི་དགྲ་ནི་ཕ་རོལ་གྱི་དཔུང་གི་ཚོགས ་ཀྱིས་དཀྲུགས་པའོ།། ཆོམ་རྐུན་ནི་རྐུན་པོའི་འབྱུག་པ་ནི་གསེར་ལ་སོགས་པས་སོ།། ནོར་ཆེ་བ་ནི་མ་ཧེ་ལ་སོགས་པསོ།། ལོངས་སྤྱོད་ཆེ་བ་ནི་གྲོང་ལ་སོགས་པས་སོ།། ཡོངསུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ། འདིའི་ཡོངསུ ་བཟུང་བ་ཡེངས་ཤིང་རྒྱ་ཆེ་བ་སྟེ། འདིའི་འཁོར་མང་ཞིང་རྒྱས་པ་ཞེས་བྱ་བའི་ཐ་ཚིག་གོ། ནོར་ལ་གྲངས་མེད་པ་ཉིད་ཀྱི་ཕྱིར་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པའོ།། རྟག་ཏུ་གཏོང་བའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན ་བ་སྟེ། རྣམ་ཐོས་ཀྱི་བུའི་ནོར་བཏང་བས་ཡོངསསུ་ཟད་པར་མི་འགྱུར་བ་བཞིན་དུ་འདིའི་ཡང་བཏང་བས་ཟད་པར་མི་འགྱུར་བའི་ཕྱིར་འགྲན་པའོ།། ཆོས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ་ཆོས་དང་མ་བྲལ་བ་ནི་ཆོས་དང་ལྡན་པའོ།། བཀའ་མཆིད་ཀྱི ་ཡང་དག་པར་བསྟན་པ་ནི་བྱ་བ་ལ་བསྟན་པའོ།། ཡང་དག་པར་འཛིན་དུ་བཅུག་པ་ནི་སྦྱིན་པ་ལ་རྣམ་པར་བཀོད་པའོ།། ཡང་དག་པར་གཟེངས་བསྟོད་པ་ནི་ཚེ་འདི་ཉིད་ཀྱི་སྦྱིན་པ་ལ་སོགས་པའི་ཕན་ཡོན་བརྗོད་པའོ།། ཡང་དག་པར་རབ་ཏུ་དགའ་བར ་མཛད་པ་ནི་འཇིག་རྟེན་ཕ་རོལ་གྱི་ཕན་ཡོན་སྟོན་པར་མཛད་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ག་ལ་བ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་རྣམ་པར་གཟིགས་བཞུགས་པ་ག་ལ་བ་སྟེ། ཕྱོགས་དེ་ལོགས ་ཐལ་མོ་སྦྱར་བ་དང་ལུས་ཀྱིས་ཕྱག་འཚལ་ཏེ་ཞེས་བྱ་བའི་བར་དུའོ།། ན་བཟའ་ནི་སྣམ་སྦྱར་ལ་སོགས་པའོ།། གནས་མལ་ནི་ཁྲི་དང་ཁྲིའུ་ལ་སོགས་པ་སྟེ། གང་ལ་དགེ་སློང་དག་ཉལ་ཞིང་འདུག་པའོ།། བསྐྲུན་པ་དག་གི་རྐྱེན་ཏེ་བསྐྲུན་ཟློག་པར ་བྱེད་པའི་རྒྱུ་མཚན་གྱི་སྤྱན་ནོ།། དེ་བས་ན་བསྙུང་བའི་རྐྱེན་ཡང་དེ་ཉིད་ཡིན་ལ་སྨན་ཡང་དེ་དག་ཡིན་པ་འམ་བསྲུང་བའི་རྐྱེན་ཏེ་ཚང་མ་དང་སྟབས་དང་བསྟེན་པར་བྱ་བ་ནི་བསྲུང་བའི་རྐྱེན་སྨན་དག་ཉིད་དོ།། འཚོ་བ་ལ་མཁོ་བོ ་དག་ཐམས་ཅད་ཀྱང་དེ་དག་གིས་སྲོག་སྐྱོང་བར་བྱེད་པ་ཡོངསུ་བསྲུང་བར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཡོ་བྱད་ཅེས་བྱའོ་བཞེས་པར་ཅི་གནང་ཞེས་བྱ་བ་ནི་ཞལ་གྱིས་བཞེས་པར་རོ།། ཅང་མི་གསུང་བ་ཞེས་བྱ་བ་ནི་ཚིག་གིས་གནང་བ ་ནི་ཐ་མལ་པའི་རྟགས་ཡིན་པ་དེ་བྱས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དེའི་ཉན་ཐོས་རྣམས་ནི་ཅང་མི་གསུང་བར་གནང་བར་མཛད་པའོ།། ལོན་དུ་མ་ནི་ལན་མང་དུའོ།། འདོད་རྒྱལ་དུ་མི་གཏོང་བ་ནི་རང་དགའ་མི་གཏོང་བའོ།། ་བཟང་པོ་ནི་མཆོག་ཡིན་ཏེ། བཟང་པོ་ཁོ་ན་བཟང་པོ་ཉིད་དོ།། བཤོས་དག་གིས་བཟང་པོ་ཉིད་ནི་བཤོས་བཟང་པོ་ཉིད་དོ།། གང་དུ་ཤིན་ཏུ་ཁྱད་པར་དུ་འཕགས་ཤིང་བསོད་པའི་ཟས་བསྒྲུབ་པར་ནུས་པ་གང་ཡིན་པ་དེར་གཤོས་གསོལ་བར ་བྱ་བའི་དོན་ཏོ།། ཆུར་ནི་ཆུས་ཡོངསུ་བཀང་བའི་སྣོད་གཙང་མའི་བྱེ་བྲག་གོ།། གང་ལ་དཱ་དེའི་དུས་ལ་བབ་པར་དགོངསུ་གསོལ་ཞེས་བྱ་བ་ལཾ། ཁྱིམ་གྱི་ནང་དུ་ཡང་དག་པར་གཤེགས་པའི་མཛད་པ་གང་ལ་ད་ནི་ཚོགས་པའི་དུས་ལ་བབ་པ ་མཁྱེན་ནས་དེ་མཛད་པའི་རིགསོ།། ཞེས་བྱ་བ་ལ་བལྟོས་པའོ།། དགེ་སློང་གི་ཚོགས་ཀྱིས་ཡོངསུ་བསྐོར་ཅིང་ཞེས་བྱ་བ་ནི་འཁོར་དུ་གྱུར་པའི་དགེ་སློང་དག་གིས་ཁྱབ་པའོ།། འཁོར་འགའ་ཞིག་ནི་སྔོན་ནས་ཀྱང་འགྲོ་བར་བྱེད་ཅིང་ཕྱི་བཞིན ་དུ་ཡང་འབྲང་བར་བྱེད་པས་བྱེ་བྲག་ཏུ་བྱེད་པ་ནི་མདུན་དུ་བདར་ནས་ཞེས་བྱ་བ་སྨོས་ཏེ། མདུན་དུ་བདར་བ་ནི་མངོན་དུ་གཤེགས་པའོ།། བཀད་ས་ནི་དེར་ཟས་ཐམས་ཅད་གསོག་པར་བྱེད་པ་ཞེས་བྱ་བའི་དབང་དུ་བྱས་ནས་བཤོས་གསོལ་བའི་གནས་སོ།། ་ཚིམ་པར་བྱེད་པ་ནི་དབང་པོའི་འབྱུང་བ་ཆེན་པོ་ཚིམ་པར་བྱེད་པ་འདོད་པའི་ཟས་སྟོབ་པར་བྱེད་པའོ།། སྟོབས་པར་བྱེད་པ་ནི་ལྷག་པར་འདོད་པ་སྟོབས་པར་བྱེད་པའོ།། ཕྱག་བཅབས་པ་ནི་ཕྱག་བསིལ་བར་གྱུར་པའོ།། སྟན་ཆེས་དམའ་བ་ནི་ཤིན ་ཏུ་དམའ་བའོ།། རྒྱལ་པོའི་བཀས་དྲིལ་དཀྲོལ་ཞིང་དམ་བཅས་པ་གསལ་པོར་བྱེད་པ་གང་ཡིན་པ་དེ་ནི་དྲིལ་བསྒྲགས་པ་སྟེ། དབང་ཕྱུག་གི་མཆོག་ཁོ་ན་ལ་འོས་པ་ཡིན་ནོ།། འཆོད་པ་ནི་འཕེལ་བ་ཁོ་ནར་བྱེད་པ་སྟེ། བཅའ་བ་ལ་སོགས་པ་མར་ལ ་སོགས་པའི་ནང་དུ་འཚེད་པར་བྱེད་པ་ན་ཚོས་པ་ཉིད་དུ་བསྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་འཚེད་པར་བྱེད་པའོ།། དེ་རང་གི་འབྱོར་པ་ལེགས་པའི་མཐའ་ཅན་ནི་ཞེས་བྱ་བ་ལ། རང་གི་འབྱོར་པ་ནི་ནོར་ཡིན་ལ། དེའི་ཁྱད་པར་ནི་ལེགས་པའི་མཐའ་ཅན ་ཞེས་སྨོས་ཏེ། འཐབ་རྩོད་ཉེ་བོར་ཞི་བའི་ནོར་ལ་ལེགས་པའི་མཐའ་ཅན་ཞེས་བྱའོ།། ནོར་ལ་གནས་སྐབས་གསུམ་སྟེ། བསྒྲུབ་པ་དང་། བསྲུངས་པ་དང་། ཡོངསུ་ལོངས་སྤྱོད་པའི་གནས་སྐབསོ།། དེ་ལ་ནོར་གྱི་ཐ་མ་ཡོངསུ་ལོངས་སྤྱོད་པ་འདི་ལ ་མཛེས་པའི་མཐའ་ཡོད་པ་ནི་ཟློག་པར་མེད་པར་ཡོངསུ་ལོངས་སྤྱོད་པ་སྟེ། དེ་འདྲ་བའི་ནོར་ནི་བདེ་བ་ཐོབ་པར་བྱེད་པ་ཡིན་ཞེས་འབྱུང་ངོ་།། སེམས་འཁྲུགས་པ་ལ་ཤིན་ཏུ་སྡིག་པའི་འབྲས་བུ་དང་ལྡན་པ་ནི་རྩུབ་པའོ།། རྡོ་ནི་སོ་ཕོག་གི་དུམ་བུ ་འམ། རྡོའི་དུམ་བུའོ།། བོང་བ་ནི་ས་ལས་བྱས་པའི་རྐང་རྟེན་གྱི་དུམ་བུ་འམ་བོང་བ་ཉིད་དོ།། གྱོ་མོ་ནི་རྫས་དུམ་སོ་བ་ཏང་བ་འམ། ཁམ་པོར་གྱི་དུམ་བུའོ།། དྲི་ཞིམ་པོའི་བདུག་པས་བཀང་བའི་སྣོད་ནི་དྲི་ཞིམ་པོག་ཕོར ་བཞག་པ་ནི་སྦྱངས་ནང་བཞག་པའོ།། དར་གྱི་ཆུན་པོ་སྟེ་ཕན་ཚུན་ཡོངསུ་འབྲེལ་པའི་དར་གྱི་ཆུན་པོའི་ཚོགས་ནི། དར་གྱི་ཆུན་པོ་མང་པོའོ།། སྦྱངས་པ་ནི་ཡོངསུ་བསྐོར་ཅིང་གཡོགས་པ་ལ་བྱ་སྟེ། དར་གྱི་ཆུན་པོའི་ཚོགས་སྦྱངས་ཤིང ་ཡོངསུ་བསྐོར་བ་རྒྱལ་པོའི་ཕོ་བྲང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། རྒྱལ་མཚན་ནི་སེང་གེའི་རྒྱལ་མཚན་ལ་སོགས་པའོ།། བ་ད་ནི་ནོ་ཤིང་ལ་བཏགས་པའི་གོས་ཀྱི་བྱེ་བྲག་གོ།། བསྒྲེང་བ་ནི་བསླང་བར་གྱུར་པའོ།། རིན་པོ་ཆེའི ་ཁྲི་ནི་གསེར་ལ་སོགས་པ་ལས་བྱས་པའོ།། བེའུ་རས་ཁྲ་བོ་ལ་སོགས་པ་གོས་དེ་དག་གིས་མཛེས་པར་བསྒྲུབ་པ་ནི་གདན་བཤམ་པའོ།། འཇམ་པ་ནི་གཉེན་པོའོ།། རྒྱ་ཆེ་བ་ནི་གཏོ་ས་ཆེ་བའོ།། ཤིན་ཏུ་དྲི་ཞིམ་པ་ནི་དྲི་བཟང་པོའི ་དྲི་དང་ལྡན་ཞིང་འབྱོར་པའི་ཟས་སོ།། ཡིད་དུ་འོང་བ་དང་འདྲ་བ་ནི་ཡིད་དང་རྗེ་སུ་མཐུན་པ་སྟོན་པའོ།། རྒྱལ་པོ་ལ་འོས་པའི་གདུགས་རྒྱ་ཆེ་བ་གང་ལ་འོད་མའི་རྩིབས་བརྒྱ་ཡོད་པ་དེ་ནི་གདུགས་རྩིབས་བརྒྱ་པའོ།། གསེར་དང་ནོར་བུས ་སྤྲས་པའི་ཡུ་བ་ཅན་གཡག་རྔ་ལས་བྱས་པའི་རྔ་ཡབ་ནི་གསེར་དང་ནོར་བུས་སྤྲས་པའི་རྔ་ཡབ་བོ།། སྒོར་ངེས་པར་སྦྱོར་བས་ན་སྒོའོ།། ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ་ཡིད་ཀྱིས་ཤེས་པར་བྱ་བ་མཐོང་བ་ནི་ཤེས་པའོ།། ་མིག་གིས་བལྟ་བར་བྱ་བ་མཐོང་བ་ནི་བལྟ་བའོ།། རིགས་དང་བཅས་པར་འཇུག་པས་ན་རིགས་དང་ལྡན་པ་ཡིན་ལ། ཀཽ་ཤི་ཀའི་རིགས་དང་བཅས་པ་ནི་ཀཽ་ཤི་ཀའི་རིགས་དང་ལྡན་པ་སྟེ། དྲང་སྲོང་ཀཽ་ཤི་ཀའི་རིགས་ལས་བརྒྱུད་ནས་གང ་སྐྱེས་པའོ།། གང་གིས་ཟག་པ་མེད་པའི་ཡེ་ཤེས་ཀྱིས་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བ་དག་ནི་བདེན་པ་མཐོང་བ་སྟེ། རྒྱུན་ཏུ་ཞུགས་པ་ཞེས་བྱ་བའི་དོན་ཏོ།། རྣམ་པ་ནི་མཆོད་པའོ།། ཚའི་སྒྲ་ནི་ཐམས་ཅད་དུ་འདས་པའི ་དུས་བརྗོད་པའོ།། དུས་ནི་ཁྱིམ་བདག་ཉེས་མེད་ཀྱི་གནས་སྐབས་ཉེ་བར་མཚོན་པར་བྱེད་པའི་དུས་ཡིན་ཏེ། དེའི་ཚེ་དེའི་དུས་ཞེས་བྱ་བའི་བར་དུའོ།། ཤུགས་མཉམ་པ་ཞེས་བྱ་བ་ལ་སོགས་པ་ལ། ཤུགས་ནི་མགྱོགས་པ་སྟེ། སངས་རྒྱས ་ཉིད་ཀྱི་ལམ་རྒྱུའི་ཚོགས་ལ་སྙིང་རྗེ་སྔོན་དུ་སོང་བ་ཅན་གྱི་འཇུག་པ་ནི་འདིར་ཤུགས་ཡིན་ཏེ། བདག་རྒྱུའི་ཚོགས་ལ་རབ་ཏུ་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ།། སྟོབས་མཉམ་པ་ཞེས་བྱ་བ་ལ། སྟོབས་ནི་འབྲས་བུ་ཕུན་སུམ་ཚོགས་པ་སྟེ། བདག ་སྟོབས་ལ་སོགས་པའི་རང་བཞིན་གྱི་འབྲས་བུ་ཕུན་སུམ་ཆགས་པ་ཡང་མཚུངསོ་ཞེས་བྱ་བའི་ཐ་ཆེ་གོ། བརྩོན་འགྲུས་མཉམ་པ་ཞེས་བྱ་བ་ནི་གཞན་ལ་ཕན་འདོགས་པའི་འབྱོར་པ་ལ་འབད་རྩོལ་གྱི་བརྩོན་འགྲུས་ཏེ། གཞན་ལ་ཕན་པ་བསྐྱེད་པ ་མཚུངསོ་ཞེས་བྱ་བའི་དོན་ཏོ།། རྒྱུ་རྣམ་པ་དེ་གསུམ་གྱིས་མཉམ་ཞིང་མཚུངས་པོ་ཐོབ་པར་གྱུར་པའོ།། ཡི་རངས་པ་ནི་སེམས་དགའ་བའོ།། མངོན་པར་བསྟོད་པ་ནི་མངོན་པར་བསྟོད་པར་གྱུར་པའོ།། མགར་བ་ནི་ལྕགས་མགར་རོ།། བཞིན་བཟང ་ཁྱོད་ཅེས་བྱ་བ་ལ། བཞིན་བཟང་ཀྱི་སྒྲོས་ནི་ཁ་གདོང་མཚོན་པར་བྱེད་པ་ཡིན་ལ། ཁྱོད་ཅེས་བྱ་བ་ནི་ལས་བྱེད་པའོ།། རིན་མེད་པ་ནི་ཚིག་ཙམ་གྱིས་ལས་བྱེད་དུ་འཇུག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ།། རྣམ་པ་ནི ་དགའ་བཞིན་དུ་སྟེར་བའོ།། བསྐྱངས་པ་ནི་དུས་ཟད་པར་བྱེད་པའོ།། མཛའ་བོ་ནི་བརྩེ་བ་དང་ལྡན་པའོ།། འགྲོ་བར་བྱེད་པས་ན་འགྲོ་བ་སྟེ་དགེ་སློང་ངོ་།། གཉེན་གྱི་ཁྱིམ་ནི་རིགས་རྒྱུད་ཀྱི་ཚོགས་དག་གི་ཁྱིམ་མོ་ཉེ་བར་འགྲོ་བའི་དགེ་སློང་དང་འདྲིས ་པ་དེའི་ཁང་པ་ན་འདྲིས་པའི་ཁྱིམ་མོ།། ཤེས་པ་ནི་མཁས་པའོ།། དབེན་པ་སྨོས་པ་ནི་འཇིག་རྟེན་མ་དད་པ་སྤང་བའི་ཕྱིརརོ།། མེ་ཏོག་པདྨ་ལྟར་དམར་བའི་ཡུ་བ་ཅན་ཞེས་བྱ་བ་ནི་ཀུན་ནས་བསྐོར་བ་ལས་གྲུབ་པའི་ཤིན་ཏུ་དང་བ་སྟེ། བ ་བ་དང་ཉེ་བར་བཀྲ་བའི་ཡུ་བ་ཅན་ཞེས་བྱ་བའི་བར་དུའོ།། དགེ་སློང་ཞེས་བྱ་བ་ལ་སོགས་པ་ལ། དགེ་སྦྱོང་གི་ཀུན་ཏུ་སྤྱོད་པ་གང་ལ་ཡོད་པ་དེ་ནི་དགེ་སྦྱོང་དག་གོ།། འདོད་པའི་ཡོན་ཏན་ནི་འདོད་པར་བྱ་བ་ཡིན་ལ། གོམས་པར་བྱ་བ་ཡིན ་པའི་ཕྱིར་ཡོན་ཏན་ཏེ། འདོད་པའམ་འདུན་པའི་འདོད་ཆགས་ཀྱིས་གོམས་པར་བྱ་བ་ཡིན་པའི་ཕྱིར་འདོད་པའི་ཡོན་ཏན་ནོ།། གཟིར་བ་ནི་གནོད་པར་གྱུར་པ་སྟེ། ཁྱེད་ཅག་གཞན་གཡོས་འདོད་པ་ལ་ལོངས་སྤྱོད་པར་གྱུར་ཅེས་བྱ ་བའི་བར་དུའོ།། ལྕགས་ལས་རྣམ་པར་བསྒྱུར་བ་ནི་ལྗགས་ལས་བྱས་པའོ།། རྨོངས་པ་མེད་པོར་ལན་ལྗོན་པར་ནུས་པ་ནི་སྤོབས་པ་ཡིན་ལ་དེ་མེད་པར་གྱུར་པ་ནི་ཉམས་པར་གྱུར་པའོ།། མཚོན་ཆའི་རྣམ་པ་ལྟ་བུ་མ་གནང་པོས ་རྩེ་མོ་རྣོ་བ་ཉིད་ཡོངསུ་སྤངས་པར་བྱ་བའི་ཕྱིརརོ།། བསྒྲུབ་པར་བྱ་བ་གདགས་པའི་དོན་དང་། སྲད་བུ་དབང་དུ་བྱ་བའི་དོན་དུ་བུག་པ་གྲུ་བཞི་ནི་སྲ་བརྐྱང་ཞེས་བྱ་བ་ཡིན་ཏེ། དེ་ལ་གོས་བཏིང་བའི་ཚད་ཀྱི་རྣམ་པ་སྤང་ལེབ་ཀྱི་འཁོར་གྱི་ཚད་ཡིན་ཏེ། ་མཚན་མའི་རྣམ་པ་ནས་བཟུང་སྟེ་འདྲི་བའོ།། མེ་ལོང་ལ་སོགས་པ་ནི་གདོང་མཛེས་པར་བྱེད་པའི་ཐབ་སུ་གྱུར་པའི་དངོས་པོ་བསྒྲུབ་པའི་རྫས་སོ།། ཆུའི་སྣོང་ལོངས་ལ་རྨ་ལ་སོགས་པ་ལ་བལྟ་བ་ལ་ཉེས་པ་མེད་པར་གསུངས་པ་ནི་སྐྱོ་བ ་བསྐྱེད་པར་རབ་ཏུ་བསྟན་པའི་ཕྱིར་རོ།། སྐྲ་ཤད་པར་བྱེད་པའི་རྫས་ནི་སོ་མང་སོ།། རྩ་པུ་ཤལ་རྩི་ལ་སོགས་པ་ལས་བྱས་པའི་ཁྲེས་པོ་ནི་བཤད་སྤྱད་དོ།། ཀཽ་ཤཱམྦྷི་ནི་གྲོང་ཁྱེར་རོ།། ཕྱག་མོའི་མཚན་མའི་ཕུག་ནི་ཕག་མོའི་ཕུ་གོ།། སྐྱེད་མོས ་ཚུལ་ནི་རྩེད་མོའི་གནས་སོ།། བར་མེད་ཅིང་བར་ཆད་མེད་པར་མེ་ཏོག་རྒྱས་པ་ནི་ཀུན་ནས་རྒྱས་པར་གྱུར་པ་སྟེ། གང་དུ་མེ་ཏོག་དག་སྐྱེས་པར་གྱུར་པ་ཞེས་བྱ་བའི་དབང་དུ་བྱས་པ་ཡིནོ།། ནགས་ཀྱི་འཁོར་ནི་ནགས་ཀྱི་ཚོགསོ།། ནགས་ཉུལ་བ ་ནི་ཐིལ་པོའི་ཕྱོགས་སོ་སོར་རྟོག་པའོ།། གནོད་པར་བྱེད་པ་ལ་སོགས་པ་འོང་བ་ཡོངསུ་སྤང་བའི་ཕྱིར་ལ་གཅན་དག་ལ་བཀོད་པའོ།། གངལ་ཞེས་བྱ་བ་ལ་སོགས་པ་ལ། ལས་སུ་བྱ་བ་གང་ལ་སྒྲུབ་པར་བྱེད་པའི་འདུ་ཤེས་པ་ཞེས ་བྱ་བའི་ཐ་ཚིགོ།། ཇི་ལྟར་འདོད་པ་བཞིན་དུ་རབ་ཏུ་རྒྱུ་ཞིང་འཁོད་དོ་ཞེས་བྱ་བ་ལ་རབ་ཏུ་རྒྱུ་བ་ནི་འགྲོ་བ་རྣམ་པ་སྣ་ཚོགས་ཀྱི་རྣམ་པའོ།། གནས་པར་བྱེད་པས་ན་འཁོད་པ་སྟེ། གནས་པར་བྱེད་པ་ནི་བདག་ཉིད་ཀྱི་འདོད་པས་རྒྱུག ་པ་དང་མཆོད་པ་ལ་སོགས་པའི་བྱ་བ་དང་། གཉིས་ཀྱིས་ལོག་པ་ལ་སོགས་པའི་བྱ་བ་དང་བྱེད་པར་བཅོམ་པའོ།། བར་བར་དུ་གོས་ཀྱི་དུམ་བུ་གླན་པ་ནི་ཚེམ་བུའོ།། ཆོས་གོས་དང་ཤམ་ཐབས་རལ་བ་ནི་རྙིངས་པར་གྱུར་པའོ།། ་གསོད་པའི་བསམ་པས་མཚོན་ཆ་འདེབས་པར་བྱེད་པ་ནི་མཚོན་འཕྱར་བའོ།། སྲིད་པའི་རྩེ་མོའི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དགུ་སྤངས་པས་ཐོབ་པ་འདུས་བྱས་དང་འདུས་མ་བྱས་ཀྱི་འབྲས་བུ་གང་ཡིན་པ་དེ་ནི་དགྲ་བཅོམ ་བའི་འབྲས་བུའོ།། འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུ་ཟག་པ་མེད་པའི་ལམ་གྱིས་སྤངས་པས་ཐོབ་པ་གང་ཡིན་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུའོ།། བསྒོམ་པས་སྤང་བར་བྱ་བ་རྣམ་པ ་དྲུག་ཟག་པ་མེད་པའི་ལམ་གྱིས་སྤངས་པས་ཐོབ་པ་འདུས་བྱས་དང་འདུས་མ་བྱས་ཀྱི་འབྲས་བུ་གང་ཡིན་པ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ།། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཟག་པ་མེད་པའི་ལམ་གྱིས ་སྤངས་ནས། ཤེས་པ་སྐད་ཅིག་མ་བཅུ་དྲུག་འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བ་ཐ་དད་པ་གྲོ་བ་གང་ཡིན་པ་དེ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ།། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའི་དགའ་བའི་བདེ་བ་དང་ཡང་དག་པར་ལྡན་པ ་སེམས་རྩེ་གཅིག་པའི་དགེ་བ་ནི་བསམ་གཏན་དང་པོའོ།། རྟོག་པ་དང་དཔྱོད་པ་དང་བྲལ་བའི་དགའ་བའི་བདེ་བ་དང་ཡང་དག་པར་ལྡན་པ་སེམས་རྩེ་གཅིག་པའི་དགེ་བ་ནི་གཉིས་པའོ།། དགའ་བའི་འདོད་ཆགས་དང་བྲལ་བས ་དགའ་བ་མེད་པའི་བདེ་བ་དང་ཡང་དག་པར་ལྡན་པ་ནི་གསུམ་པའོ།། བཏང་སྙོམས་དང་གསུམ་པའི་ཡང་དག་པར་ལྡན་པ་ནི་བཞི་པའོ།། ཐོབ་པ་ནི་མཐོང་བའི་སྒོ་ནས་ཐོབ་པའོ།། བོད་ཆོད་ཆེ་བ་དང་། རྐང་ལག་རིང་བཱི་སྲིན་དུ་ནི་རྔ་མོ་ལྟ་བུའི་སྲིན་དུ་སྟེང་དོ། ་བུའི་སྲིན་བུས་གསོན་པོ་ཉིད་དུ་ཟར་བཅུག་པའི་བསམ་པ་དེའི་ལྷག་པའི་ཆོ་གོ། རྒྱལ་པོ་ལ་ཡང་དེའི་རིགས་ཅན་གྱི་སྲོག་ཆགས་བསྡུས་པ་ཡོད་པ་ཁོ་ན་ཡིན་པ་དེའི་ཕྱིར་འོན་ཏེ་ཅིག་ཅེས་སྨྲ་བ་ཡིན།། ཉེས་པ་ཡོད་པ་ཡིན་པའི་ཕྱིར ་ཉེས་པ་མེད་པའོ།། གཞན་ལ་གནོད་པ་བྱེད་པར་མ་བརྩམས་པ་ཉིད་ཀྱི་ཕྱིར་གནོད་པ་མ་བྱས་པའམ། གནོད་པ་བྱེད་པ་མ་ཡིན་པའོ།། གཞན་དང་འབྲེལ་པའི་ཕྱིར་བདག་ཉིད་མངོན་སུམ་དུ་གནོད་པ་བྱེད་པ་མ་ཡིན་པས་ན་གནོད ་པ་བྱེད་པ་མ་ཡིན་པ་ཅན་ཐར་བར་བྱའོ་སྙམ་པའོ།། རི་དྭགས་གསོད་པའི་ཕྱིར་དགའ་བོ་ནི་ཀུན་ནས་འཚེ་བར་བྱེད་པ་ལའོ།། ལྷག་པར་རྨོངས་པས་ཀུན་ཏུ་དཔྱོད་པའི་སྐྱེས་བུ་ནི་བླུན་པའོ།། སྡུག་བསྔལ་བ་ནི་ལུས་ཀྱིའོ།། ཉམ་པ ་བ་ནི་སེམས་ཀྱིའོ།། སོར་གཉིས་ནི་སོར་གཉིས་སོ།། སོར་གཉིསུ་འཇུག་པའི་ཕྱིར་སོར་གཉིས་ཀྱི་ཚད་དེ་སོར་གཉིས་སླེབ་པ་ཞེས་བྱ་བའི་ཐ་ཚིགོ།། ། བམ་པོ་གསུམ་པ།། འདོད་པ་སྟེ་གཟུགས་ལ་སོགས ་པ་ལ་ལོངས་སྤྱོད་པར་བྱེད་པའི་ཕྱིར་འདོད་པ་ལ་ལོངས་སྤྱོད་པའོ།། བསྟེན་པར་བྱ་བ་ནི་ཉམསུ་མྱོང་བར་བྱའོ།། ཕྱི་རུབ་ལ་ཞེས་བྱ་བ་ལ་སོགས་པ་ལ་གློ་སྐར་གྱི་རྣམ་པ་ནི་འདི་ཡིན་ཏེ། དེའི་ཕྱི་རོལ་གྱི་ངོས་ས་རབ་པ་ནང་གིས་ངོས་ཡངས ་པ་རྒྱ་མཚོ་ལྟ་བུར་བྱས་པའི་དབྱིབས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རིམ་བཞིན་ཡངས་པ་ཞེས་བྱ་བའི་བར་དུའོ།། གློ་སྐར་ནི་སྒུར་ཁུང་དྲ་བ་ཅ་ནོ།། སྒོ་གླེགས་ནི་སྒོ་གླེགས་ཀྱི་མིང་ཅན་གྱི་ཤིང་ལེབ་སྟེ། གང་གིས ་གློ་སྐར་གྱི་སྒོ་གཅོད་པར་བྱེད་པའོ།། འཁོར་གཏན་ནི་སྒོ་གླེགས་ཕྱིར་མི་ཕྱེད་པའི་ཐབསུ་གྱུར་པ་སྟེ། སྒོའི་སྒོ་གླེགས་ཀྱི་དབུས་ཀྱི་ཕྱོགསུ་ཁྲུ་གང་གི་ཚད་ཀྱི་ཤིང་གཟེང་བུས་སྦྱར་བ་དེ་འཛིན་པའི་ཤིང་དེ་འཁོར་ལོ་བཞིན་ཡོངས་བསྐོར་ནས ་གཟུང་བར་བྱ་བ་དེ་ལ་འཇོག་པའི་ཕྱིར་འཁོར་གཏན་ཞེས་བྱའོ།། སྒོའི་ཡ་ཕུབས་ལ་ཉེ་བར་བཏགས་པའི་ཕུར་པ་ལ་སོགས་པ་ནི་གནམ་ཟེར་རོ།། རྩིག་པའི་བུ་གའི་ནང་དུ་ཆུད་པའི་ཤིན་བུ་ནི་རེ་ནི་ཕྲེད་གཏན་ཞེས་བྱའོ།། རྀའི་རྐང་པའི་རྣམ ་པ་ཅན་གྱི་ཤིང་བུ་ནི་དབྱུག་གུ་སྐམ་ཁ་སྟེ། གང་གི་ཕྱིར་དེས་གློ་སྐར་གྱི་འཕྲེང་གཏན་འཇུད་པ་དང་འབྱིན་པར་བྱེད་པའོ།། སྒོ་ལ་སྒོ་གླེགས་ཆུག་ཅིག་ཅེས་བྱ་བ་ནི་སྒོ་གླེགས་གདགས་པའོ།། ལྡེ་མིག་ཀྱོག་པོ་ཞེས་བྱ་བ་ནི་སྒོ་གླེགས་འབྱེད ་པའི་ཐབསུ་གྱུར་པའོ།། ལག་ཟུངས་ཞེས་བྱ་བ་ནི་ལྕོགས་ལས་བྱས་པ་སྒོ་ནང་དུ་འདྲན་པའི་ཐབསུ་གྱུར་པའོ།། སོ་ཕག་གི་སྟེགས་བུ་ནི་ཕུག་རོན་གྱི་ཕྲེང་པོ་ཅནོ།། ཞལ་ཞལ་ནི་རྡོ་ཐལ་གྱི་ཞལ་ཞལ་དུ་རིག་པར་བྱའོ།། ལྕགས་ཀྱི་ཐལ ་ཕྱཕྱོགས་ནི་ལྕགས་ལས་བྱས་པའོ།། མཁྲིས་པ་ལ་སོགས་པའི་ཉེས་པས་འཁྲུགས་པ་ནི་རྨྱ་བ་སྟེ། ནང་ན་ཡོད་པའི་མེ་ཉམ་སུ་གྱུར་པའོ།། འབྲུ་མར་ཞེས་བྱ་བ་ནི་ཉུངས་དཀར་གྱི་མར་རོ།། སོ་བ་བཏགས་པ་ནི་ཕྱེའོ།། སྤྲས་པ་ནི་གཉེན ་བོར་གྱུར་པའོ།། རྩ་སྟན་ནི་རྩ་མུན་ཛ་ལ་སོགས་པའི་སྙིང་པོའོ།། གྱོ་མོ་ནི་ཁམ་ཕོར་ལ་སོགས་པའི་དུམ་བུའོ།། ཁྲུས་ཀྱི་དོན་གྱི་ཁང་པ་ནི་ཁྲུས་ཁང་ངོ་།། ལྕི་བ་ནི་ལྕི་རློན་ནོ།། ཚ་ཁུག་ནི་ཚའི་སྣོད་དོ།། གཡོ་མེད་པ་ཞེས་བྱ་བ་ལ་སོགས་པ ་ལ་སེམས་རྟོགས་པ་མེད་པས་ཀུན་ཏུ་སྤྱོད་པ་ནི་གཡོ་མེད་པའོ།། གཞན་སླུ་བར་བྱེད་པ་ནི་སྒྱུ་སྟེ་དེ་མེད་པའོ།། ཚིག་ཀུན་ལ་ཡིད་ཆེས་པ་ནི་དྲང་བ་སྟེ། དེ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་དྲང་བའི་རང་བཞིན་ཅན་ལ་རང་བཞིན་གྱིས་དྲངས་པ ་ཞེས་གསུངས་པའི་ཕྱིརརོ།། ཉིན་རེ་ཞིང་ཞེས་བྱ་བ་ནི་ཉིན་རེ་ལ་འམ་ཉིན་རེའི་ཐོ་རེངས་ཞིང་ངོ་།། མི་མཛེས་པ་ནི་མཛེས་པ་མ་ཡིན་པའོ།། མི་རིགས་པ་ནི་དགེ་སློང་གི་ཚུལ་མ་ཡིན་པའོ།། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་ནི་སྤྱོད ་པ་ཡིན་པའི་ཕྱིར་ཚངས་པར་སྤྱོད་པའོ།། ཚངས་པར་སྤྱོད་པ་མ་ཡིན་པ་ནི་མི་ཚད་པར་སྤྱོད་པ་སྟེ། མྱ་ངན་ལས་འདས་པ་དང་འགལ་བའི་ལས་སུ་བྱ་བ་བྱེད་ཅེས་བྱ་བའི་ཐ་ཚིགོ། ཕས་ཕམ་པ་ཞེས་བྱ་བ་ལྟུང་བའི་རྗེ་སུ་འགྲོ་བའི་མིང་ཡིན་ཏེ། དེ་དང་ལྡན་པའི ་ཕྱིར་གང་ཟག་ལ་ཡང་ཕས་ཕམོ་པ་ཞེས་བྱའོ།། གསོལ་བ་དང་གཉིས་ཀྱི་ལས་རྣམ་པར་བྱེད་པའི་སྒོ་ནས་དགེ་སློང་དག་གང་གིས་ཁྱིམ་ནས་བསོད་སྙོམས་ལེན་པར་བྱེད་པ་དེ་ལ་བརྟེན་ནས། དགེ་སློང་དག་གི་ལྷུང་བཟེད་ཁ་སྤུག་པ་ནི་ངེས་པར་ཁ་སྤྲུག་པ ་ཡིན་པར་བལྟ་བར་བྱའོ།། དྲིས་པའི་ཚིག་གི་ཞེས་བྱ་བ་ནི་གཎྜཱི་བརྡུངས་པ་ན་ལམ་གྱི་ཕྱོགས་སམ། ལམ་གྱི་ཕྱོགས་ན་གནས་པའི་དགེ་སློང་གིས་ཅིའི་ཕྱིར་གཎྜཱི་བརྡུངས་པ་སྔོན་དུ་སོང་བ་ཅན་གྱི་འདུས་པ་མཛད་ཅེས་དྲིས་པ་གང་ཡིན་པ་དེ་ལ། དྲིས་ནས ་ལན་དུ་བརྗོད་པ་དེ་ནི་དྲིས་པའི་ཚིག་ཡིནོ།། དེས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་བ་སྟེ། རྒྱུ་བརྗོད་པ་སྔོན་དུ་སོང་བ་ཅན་གྱི་དགེ་འདུན་རྣམས་འདུག་ཅིང་མཐུན་པར་གྱུར་པ་ཞེས་བྱ་བའི་ཐ་ཚི་གོ། མཐུན་པ་ནི་འདུས་པ་ཡིན་ལ། འདུས ་པཔ་སྔོན་དུ་སོང་བ་ཅན་གྱི་སྟན་སོ་སོར་སྟོབ་པར་བྱེད་པ་ནི་འདུག་པར་གྱུར་པའོ།། གསོལ་བ་ནི་དགེ་འདུན་ལ་གོ་བར་བྱེད་པའོ།། གལ་ཏེ་དགེ་འདུན་གྱི་དུས་ལ་བབོ་ཅང་བཟོད་ན་ཞེས་བྱ་བ་དེ་ལ་ནི་འདྲི་བ་ཡིན་ཏེ། གལ་ཏེ་དགེ་འདུན་གྱི་སྐབས་ལ་བབ་ཅིང་ལྷུང ་བཟེད་ཁ་སྦུབས་པ་ལ་རིགས་པར་སྤོབས་པ་ནི་བཟོད་པ་སྟེ། རིགས་པས་དགོངས་སམ་ཞེས་དྲིས་པའོ།། གནང་བར་མཛོད་ཅིག་ཅེས་བྱ་བ་ནི་དོན་དུ་གཉེར་བ་སྟེ། ལས་བྱེད་པས་དགེ་འདུན་ལས་གནང་བ་གསོལ་པ་ནི་གལ་ཏེ་དགེ་འདུན་གྱིས་རིགས་པར ་སྤོབས་པ་མཛད་ན་ལྷུང་བཟེད་ཁ་སྦུབ་པའི་ཕྱིར། དེ་དགེ་འདུན་གྱིས་གནང་བར་མཛོད་ཅིག་པའོ།། གང་དག་བཟོད་པ་ཞེས་བྱ་བ་ནི་གང་དག་ལི་ཙ་བཱི་ཆེན་པོ་ལ་ལྷུང་བཟེད་ཁ་སྦུབ་པར་རིགས་པས་སྤོབས་པ་དེ་དག་ནི་ཅང་མི་སྨྲ་བར་འདུག་པར་བྱ་བ་ཡི ་ལ། གཞན་དག་ནི་སྨྲ་བར་བྱ་བ་ཡིན་ཏེ། གང་གི་ཕྱིར་དགེ་འདུན་མི་གསུང་བར་བཞུགས་པ་དེའི་ཕྱིར། དགེ་འདུན་གྱི་ལྷུང་བཟེད་ཁ་སྦུབ་པ་ལ་བཟོད་པ་དང་ལས་བྱེད་པ་ལ་དགེ་འདུན་གྱིས་གནང་བ་རྩལ་བ་ཡིནོ།། ཚུལ་ཤིང་བོར་བ་ནི་མི་བྱ ་ལས་མིང་ཕྱིས་པར་གྱུར་པོ་སྟེ། དད་པ་ཅན་གྱི་ནང་ནས་བསལ་བར་གྱུར་ཅེས་བྱ་བའི་ཐ་ཚི་གོ།། མི་ཤེས་པ་ནི་ཅི་ཞིག་བྱ་བ་ལ་སོགས་རྨོངས་པའོ།། སྟན་ལ་སྤྱོད་པ་ནི་འཐད་པ་འམ་རབ་ཏུ་གྲགས་པ་བཞིན་དུའོ།། གསོལ་བ་འགའ་ཞིག་ཕྱོགས་གང ་དུ་བཞག་ན་བྱས་པར་གྱུར་པ་ལས་ཐོབ་པ་ལ་སོགས་པའི་སྒྲ་ཐོས་པར་གྱུར་པ་དེ་ནི་ཐོས་པའི་ཉེན་འཁོར་དེ་ལས་བཀར་བ་ནི་བསྐྲད་པའོ།། མཐོང་བའི་ཉེན་འཁོར་ནི་གང་དུ་འདུག་ན་དགེ་འདུན་མཐོང་བར་གྱུར་པའོ།། གསོལ་བ་འབའ ་ཞིག་ཅེས་བྱ་བ་ནི་ལས་ཀྱི་ཚིག་གིས་གཏོང་བར་གོ་བར་བྱེད་པའོ།། གསོལ་བས་བཀག་པ་ལ་ཡང་ཀུན་ཏུ་སྤྱོད་པར་གནང་བ་ནི་སླར་བཟློག་པའོ།། ལས་ལ་ཕན་པ་ནི་ལ་སུ་རུང་བ་སྟེ། རུང་བ་ཞེས་བྱ་བའི་བར་དུའོ།། ཟས་ཀྱི་བྱ་བ་བྱས་ནཱ ་ཞེས་བྱ་བ་ལ། ཟས་ཀྱི་བྱ་བ་བྱས་པ་སྟེ་ཡོངསུ་ལོངས་སྤྱད་ནས་སོ།། ཕྱི་མའི་ཟས་ནི་ཟས་ཀྱི་དུས་ལས་འོག་ཏུའོ།། བསོད་སྙོམས་ལས་སླར་ལོག་པའི་ཕྱིར་ལོག་བསྟེ། ཀྱི་ལྷག་མ་སྤང་བའི་ཕྱིརརོ།། ལྷུང་བཟེད་དང་ཆོས་གོས་མཁོ་སུ་བབ་པ ་ནི་བཞོག་པའོ།། ཡིད་ལ་བྱེད་པ་ནི་ཏིང་འཛིན་གྱི་རྣམ་པའོ།། སྡུག་བསྔལ་ནི་ལུས་ཀྱིའོ།། ཉམ་ང་བ་ནི་སེམས་ལས་བྱུང་བའོ།། ཀུན་ནས་གཟིར་བ་ནི་མངོན་པར་འདོད་པ་མ་ཡིན་པའི་གནས་སྐབསོ།། འདོད་ཆགས་ཀྱི་རང་བཞིན་པ་ནི་མི ་གཙང་བ་སྟེ། རྣམ་པར་སྔོས་པ་ལ་སོགས་པ་མི་གཙང་བའི་དངོས་པོ་ལ་དམིགས་པ་ཉིད་ཀྱི་ཕྱིར་མི་གཙང་བ་ཞེས་བྱའོ།། བསྒོམ་པར་བྱའོ་ཞེས་བྱ་བའི་ནི་ཡང་དང་ཡང་མངོན་དུ་བྱ་བའོ།། བརྡེག་པར་བྱ་བ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ ་བྱེད་པའི་མདས་སེམས་ལ་བརྡེག་པར་བྱ་བའོ།། ལུས་ལ་དམིགས་པའི་དྲན་པ་ནི་ལུས་སུ་གཏོགས་པ་སྟེ། གང་གི་ཚེ་ལུས་དྲན་པ་ཉེ་བར་གཞག་པ་ཐོབ་པར་གྱུར་པ་དེའི་ཚེ་དེ་བསྒོམས་པར་འགྱུར་རོ།། རྩེ་བར་བྱེད་པ་ནི་འོ་དང་འཁྱུད་པ ་ལ་སོགས་པས་སོ།། དགའ་བར་བྱེད་པ་ནི་ཆུང་མའི་ཡུལ་ལ་དགའ་བའི་སེམས་ཀྱིས་སོ།། དགའ་མགུར་སྤྱོད་པ་ནི་འཁྲིག་པ་ཀུན་ཏུ་སྤྱོད་པའི་སྒོ་ནས་སོ།། གཟུགས་མཛེས་པ་ནི་ཁ་དོག་གིས་སོ།། བལྟ་ན་སྡུག་པ་ནི་དབྱིབས་ཀྱི་སྒོ ་ནས་སོ།། མཛེས་པ་ནི་དད་པ་དང་དགའ་བའི་རྒྱུ་ཅན་གྱི་ཡིད་དུ་འོང་བའོ།། སྔོན་དང་མི་འདྲ་བར་རྣམ་པར་གྱུར་པས་གཟུགས་མི་སྡུག་པའོ།། གནས་ནི་གནས་ཁང་དུ་འཇུག་པར་བྱ་བའོ།། མདངས་རྒྱས་པ་ཞེས་བྱ་བ་ནི་ཡོངསུ་རྒྱས་པར་གྱུར ་པ་ཉིད་དོ།། མེ་ལོང་ལྟར་ཞེས་བྱ་བ་ནི་ཇི་ལྟར་མེ་ལོང་ལ་ཅུང་ཟད་ཙམ་གྱིས་མི་སྡུག་པར་འགྱུར་བ་དེ་བཞིན་དུ་ཁ་གདོང་དག་ཀྱང་ངོ་།། ཤོར་བ་ནི་གང་དཔའ་བོར་གྱུར་པ་འདིར་བཟང་པོར་རིགས་པར་བྱ་སྟེ། དེ་དག་གི་ཤོར་བའོ།། བཅའ ་བའི་རིན་ནི་གསེར་ལ་སོགས་པའོ།། བདག་ཅག་རྗེས་སུ་བཟུང་ན་ཞེས་བྱ་བ་ནི་ཁོ་བོ་ཅག་ལ་རྗེ་སུ་རྩེ་ནའོ།། འཕྱེ་བར་བྱེད་པ་ནི་མིང་སྨོས་པའི་སྒོ་ནས་འགའ་ཞིག་ལ་ཚུལ་མ་ཡིན་པ་བརྗོད་པར་བྱེད་པའོ།། སྨོད་པར་བྱེད་པ་ནི་མིང་སྨོས་པ ་མེད་པར་སྤྱིར་འགའ་ཞིག་འདི་ལྟ་བུ་བྱེད་དོ་ཅེས་ཉེས་པ་བརྗོད་པར་བྱེད་པའོ།། ངན་དུ་ཟེར་བ་ནི་ཉེས་པ་བརྗོད་པའི་སྒོ་ནས་འདྲི་བ་ལ་སྦྱོར་བའོ།། ཤཱཀྱའི་བུའི་སྡོམ་པ་ལ་གནས་པ་ནི་ཤཱཀྱའི་བུའོ།། དགེ་སློང་ནི་ཐར་པའི་དོན་དུ་འཇུག་པའོ།། ་ཚིག་པ་ནི་རྣམ་པར་ཉམས་པའོ།། དགེ་སྦྱོང་ཞེས་བྱ་བ་ནི་ཐར་པའི་དོན་དུ་ཡོངསུ་སྦྱོང་བའོ།། བྲམ་ཟེ་ནི་ལུས་དང་ངག་གི་ཉེས་པར་སྤྱོད་པ་ལས་ལྡོག་པ་ཡིན་གྱི། བྱ་བ་མ་ཡིན་པར་བྱེད་པར་སྣང་བ་གང་ཡིན་པ་དེ་དག་ནི། ཟར་པོའི་དོན་དུ ་ཡོངས་སུ་སྦྱོང་ཞིང་བྱེད་པ་མ་ཡིན་ནོ།། རྣམ་པར་བརྗེད་པ་དྲན་པར་བྱེད་པ་ནི་སྦྱང་བའོ།། སྭ་བཀོང་བར་གྱུར་པ་ཞེས་བྱ་བ་ནི་སྐྱོབས་གདོང་ཐུར་དུ་བལྟས་པའོ།། དེའི་ཚེ་ཞེས་བྱ་བ་ལ་ཁ་ལུའི་སྒྲ་ནི་ངེས་པར་བཟུང་བ་འམ། ངག་མཛེས་པར་བྱ་བའི་དོན་ཏེ། ་ཚེ་ནི་དུས་ཡིན་ཏེ། བདུན་པའི་དོན་གྱི་རྒྱུའི་གསུམ་པ་ཡིན་པ་དེ་བས་ན་དུས་དོན་ཞེས་བྱ་བའི་དོན་དུ་འགྱུར་རོ།། དད་པ་ཅན་ཞེས་བྱ་བ་ལ་སོགས་པ་ལ་རྟེན་ཅིང་འབྲེལ་པ་འབྱུང་བ་ལ་སོགས་པ་ལས་དང་འབྲེལ་པ་དང་། གཞན་ལས་བསྐྱེད་པར ་དང་སྐྱེད་པར་བྱེད་པའི་དངོས་པོ་སྐྱེས་པར་ཡིད་ཆེས་པ་ནི་དད་པའོ།། སྡིག་པ་ལས་རྣམ་པར་བཟློག་པའི་ཕྱིར་བཟང་པོའོ།། སེམས་དགེ་བའི་ལས་ལ་བརྟེན་པ་ནི་དགེ་བའི་བསམ་པ་ཅནོ།། དཀོན་མཆོག་གསུམ་ལ་སྐབ་སུ་འགྲོ་བ་སྔོན་དོ་སོང ་བ་ཅན་གྱི་དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་ལ་རྣམ་པར་བཀོད་པ་ནི་ངེས་པར་འཇོག་པའོ།། དེ་དག་ཀྱང་སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པ་ནས་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ལྡོག་པཱི ་བར་དུའོ།། ལུས་ཀྱི་དང་མདངས་སྨད་པར་བྱ་བ་ནི་ཁ་དོག་ངན་པའོ།། ལུས་ཀྱི་ཆུང་བ་ནི་ལུས་ཀྱི་ཚང་ཆུང་བའོ།། འདུས་པ་ནི་ཐག་ཉེ་བ་ན་གནས་པའི་ཉེ་དུ་དག་འདུས་པའོ།། ལྷགས་པ་ནི་ཐག་རིང་པོ་ནི་གནས་པ་དག་འོངས་པར་གྱུར་པའོ།། ཉི ་མ་བདུན་པོའི་ཚོགས་ནི་ཉིན་ཞག་བདུན་པའོ།། གལ་ཏེ་ཡང་ཉི་མ་ཉི་ཤུ་རྩ་གཅིག་པོ་བདུན་པ་གསུམ་དག་ཡིན་པ་དེ་ལྟ་ན་ཡང་བདུན་པ་རེ་རེ་ཡོངསུ་རྫོགས་པ་ལ་སྐྱེ་བའི་ཚིག་ཡོད་པ་དེ་མ་བརྗོད་པར་འགྱུར་ལ་བདུན་པ་གསུམ་འབའ ་ཞིག་བརྗོད་ན་ཡང་བར་མེད་པའི་ཐེ་ཚོམ་གྱིས་ཉི་མ་ལྷག་པ་སྲིད་པར་འགྱུར་བས་གཉི་ག་སྨོས་པ་ཡིནོ།། གསོས་པ་ནི་ཁྲུས་དང་སྐུ་མཉེ་སོགས་པ་ཕྱི་རོལ་གྱི་མཁོ་བོའི་ཡོ་བྱད་ཀྱི་སྒོ་ནས་སོ།། བསྐྱེད་པ་ནི་ནང་དུ ་གཏོགས་པའི་བཟའ་བའི་ཁྱད་པར་དག་གིས་སོ།། བསོད་པ་ནི་ཡིད་དང་འཐད་པའོ།། བཅའ་བ་ནི་རྩ་བ་ལ་སོགས་པའོ།། བཟའ་བ་ནི་སྣུམ་ཁུར་ལ་སོགས་པའོ།། མཚན་མ་ནི་སྔོན་སྦྱིན་པ་དྲན་པར་བྱེད་པའི་ཐབས་སོ།། སྒྲོ་སྙན་པ་ནི་སྒྲ ་མཛེས་པའོ།། ཤེས་པར་བྱས་ནས་ཞེས་བྱ་བ་ནི་དབྱངས་ཀྱི་ཡུལ་ལ་ཕ་རོལ་པོའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའོ།། ཐར་པའི་ཆ་དང་མཐུན་པ་ནི་ཐར་པ་དང་རྗེས་སུ་མཐུན་པ་སྟེ། གང་ཟག་གང་ལ་སྐྱེས་ན་ངེས་པར་ཡོངསུ་མྱ ་ངན་ལས་འདའ་བའི་ཆོས་སུ་འགྱུར་བའོ།། བོས་པ་ནི་ཉེ་བར་བསྟན་པ་འམ་གོ་བར་བྱེད་པ་ཡིན་ཏེ། གང་གི་ཕྱིར་གོ་བར་བྱེད་པ་ནི་འབོད་དོན་ཡིན་པའི་ཕྱིར་རོ།། རི་བྲག་ནི་མཐའ་འཁོབ་ཀྱི་གྲོང་ངོ་།། བསྐྱོད་པ་ནི་རབ་ཏུ་བསྐུལ ་པའོ།། འབྱུང་པོ་གང་དག་འདིར་ན་ལྷགས་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་པོ་གང་དག་ཅེས་བྱ་བ་ནི་ཉན་པ་པོའི་སྐྱེ་བོ་དག་ལ་ངེས་པར་སྦྱོར་བའོ།། འབྱུང་པོས་ནི་སྣང་བ་དང་མི་སྣང་བའི་སེམས་ཅན་ནོ།། འདིར་ཞེ ་བྱ་བ་ནི་ཆོས་ཉན་པའི་ས་ཕྱོགས་སུའོ།། ལྕགས་པར་གྱུར་པ་ནི་འཁོད་པ་སྟེ། ཆོས་ཉན་པའི་ཕྱིར་གནས་པར་གྱུར་པའོ།། ས་འམ་ཞེས་བྱ་བ་ནི་ས་ལ་གནས་པོར་གྱུར་པའོ།། འོན་ཏེ་བར་སྣང་འཁོད་པ་རྣམས་ཞེས་བྱ་བ་ནི་ནམ་མཁའ་བར ་སྣང་ལ་གནས་པ་རྣམས་བྱམས་པ་ནི་སྐྱེ་དགུ་རྣམས་ལ་ཕན་པའི་སེམས་སོ།། བྱེད་པ་ནི་སྒྲུབ་པར་བྱེད་པ་འམ། སྒོམ་པར་བྱེད་པའོ།། བསམ་པ་ཕུན་སུམ་ཚོགས་པ་བསྟན་ནས། སྦྱོར་བ་ཕུན་སུམ་ཚོགས་པ་ནི་ཉིན་དང་མཚན་དུ་ཞེས་བྱ་བ ་སྨོས་ཏེ། ཉིན་མོ་དང་མཚན་མོ་རྟག་ཏུ་ཆོས་དེ་ལེགས་པར་སྤྱད་པ་སྤྱོད་པར་གྱུར་ཅོག་པའོ།། ཆེ་བ་ནི་དངོས་པོ་རྒྱ་ཆེ་བའོ།། མོས་པ་ཅན་ནི་མངོན་པར་འདོད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། མ་དད་པར་རིག་པར་འགྱུར་བ་ནི་ཉམ་སུ་མྱོང་བ ་འམ། གསལ་པོར་གྱུར་པའོ།། རིན་ཐང་ཆེ་བར་གྱུར་པའི་ཕྱིར་རིན་ཐང་ཚ་བ་འམ། མི་ཆེན་པོ་ལ་འོས་པའི་ཕྱིར་ཆེན་པོ་ལ་འོས་པའོ།། སྙན་པ་དང་ཡིད་དུ་འོང་བ་ལས་ཤིན་སྙན་པ་ན་སྙན་ཅིང་མཉེན་པའོ།། འཇིག་སུ་རུང་བ་ནི་བྱང་ངན་པས་སྐྱོ་བའི་གནས་སུ་གྱུར ་པའོ།། དད་པ་འབྲི་བ་ནཱ་དེ་ལ་མི་ཕྱོགས་པ་སྟེ། ཡིད་དང་མི་འཐད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཚིག་སུ་བཅད་པ་ནི་སྡེ་པ་སྦྱོར་གྱི་རང་བཞིན་གྱི་བྱེ་བྲག་སྟེ་ཚིག་གི་བཀོད་པའོ།། གང་དག་གཟུགས་ལ་ཞེས་བྱ་བ་ལ་སོགས་པ་ལ་གསལ ་རྒྱལ་ལ་སོགས་པའི་སེམས་ཅན་གང་དག་ལེགས་པར་བཤད་པའི་སེམས་དང་ལྡན་པ་ཡིན་པ་ཉིད་ཀྱི་ཕྱིར་གཟུགས་ལ་ཚོད་འཛིན་པ་ནི་ཕ་རོལ་པོ་མཐོང་ནས་ཁ་དོག་དང་དབྱིབས་ཙམ་གྱི་སྒོ་ན་དེ་མཛེས་པ་དང་མི་མཛེས་པ་དག་ལ་ཆོ་འཛིན་པར་བྱེད་པ ་སྟེ། ཡོན་ཏན་དང་སྐྱོན་དང་ལྡན་པ་ཉིད་དུ་ཁོང་དུ་མ་ཆུད་པའི་ཕྱི་རོ།། ངའི་ཞེས་བྱ་བ་ནི་འཕགས་པ་བཟང་སྙན་བདག་ཉིད་སྨྲ་བ་སྟེ། གང་དག་གིས་ང་ལ་གཟུགསུ་ཤེས་པ་ཡོན་ཏན་གྱི་སྒོ་ནས་མ་ཡིན་ནོ།། ཞེས་བྱ་བའི་ཐ་ཚི་གོ།། སྒྲའི་རྗེ་སུ་འབྲེང་བ་ནི ་དབྱངས་སྙན་པའི་རྗེསུ་འཇུག་པའོ།། འདུན་པའི་འདོད་ཆགས་དབང་དུ་ལྡན་པ་ནི་འདོད་པའི་འདོད་ཆགས་ཀྱི་འདོད་པས་བྱེད་པ་ཐོབ་པར་གྱུར་ཏེ། གང་གི་ཕྱིར་དེ་གཞན་གྱི་དབང་དུ་གྱུར་པས་གཟུགས་ལ་སོགས་པ་མཛེས་པ་ཚོལ་བ ་བྱེད་དོ།། སྐྱེ་བོ་དེ་ཡིས་ང་མི་མཐོང་ཞེས་བྱ་བ་ནི་འདོད་པའི་དབང་དུ་གྱུར་པ་དག་ལ་ཡོན་ཏན་གཞན་ཤིན་ཏུ་རྟོག་པའི་ནུས་པ་མེད་པའི་ཕྱིར་ཇི་ལྟར་ན་དེ་དག་གིས་མི་ཤེས་པར་འགྱུར་བའོ།། ཇི་སྟེ་ནང་ལ་རྣམ་ཤེས་ཀྱང་ཞེས་བྱ་བ་ལ་སོགས་པ ་གལ་ཏེ་ནང་གི་བྱེད་པས་དེ་ཚོད་འཛིན་པར་བྱེད་ན་ཕྱི་རོལ་དག་ཀྱང་མ་མཐོང་བའི་ཕྱིར་མིག་གིས་ཀྱང་མི་མཐོང་ངོ་།། ནང་གི་མཉམ་པར་བཞག་པའི་འབྲས་བུ་ནི་ནང་གི་འབྲས་བུ་སྟེ། དེ་ལྟ་བུའི་ངང་ཚུལ་འདི་ལ་ཡོད་པའི་ཕྱིར་དེ་འདིར་ནང་གི་འབྲས ་བུ་མཐོང་བའོ།། དེ་ཡང་སྒྲས་ནི་ཁྲིད་པ་ཡིན་ཞེས་བྱ་བ་ནི་ངག་གི་སྒྲའི་སྒོ་ནས་ལམ་ལ་བཞག་པར་གྱུར་པའོ།། ཕྱི་རོལ་འབྲས་བུ་མཐོང་བར་བྱེད་པ་ནི་གཟུགས་ཅན་སྙིང་པོར་འཛིན་པའི་ངང་ཚུལ་ཅན་ནོ།། ཀུན་ཏུ་སྒྲིབ་པ་ཞེས་བྱ་བ་ནི་ཀུན་ནས་བསྒྲིབས ་པ་འདིས་ནང་དང་ཕྱི་རོལ་ཏུ་བཅས་པ་ཁོང་དུ་མ་ཆུད་པའི་ཕྱིརརོ།། ཅི་སྟེ་ནང་ལ་འང་ཞེས་བྱ་བ་ནི་གལ་ཏེ་ཡང་ཟག་པ་མེད་པའི་སྟོབས་སམ། ཤའི་མིག་གིས་ནང་དང་ཕྱི་རོལ་ཏུ་བཅས་པའི་རྣམ་པར་མཐོང་བའོ།། བསྟན་པ་དེ་ནི་གཞན་དུ་དཀྲིར་མི་འདོད ་པ་སྟེ། ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ལས་བསྐྱོད་པར་མི་ནུས་པའི་ཕྱིརརོ།། དེ་ཉིད་ལས་འབྱུང་བའི་ཤེས་རབ་ཅན་ཞེས་བྱ་སྟེ། མྱ་ངན་ལས་འདས་པའི་འབྲས་བུ་ཁོང་དུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བའི་ཐ་ཚི་གོ།། འཕགས་པའི་ལམ་གྱི་སྟོབས ་ཀྱིས་ཤེས་ཤིང་དད་པ་རྙེད་པ་ལས་ནང་དུ་མི་འདོད་པ་བཤད་པ་ཡིནོ།། བལྟ་བས་ཆོག་མི་ཤེས་པ་ཞེས་བྱ་བ་ནི་བལྟ་བས་ངོམས་པར་མི་འགྱུར་བའོ།། ཡིད་ཚིམ་པར་བྱེད་པ་ཞེས་བྱ་བ་ནི་དད་པས་སེམས་རྒྱས་པར་བྱེད་པའོ།། ཀུ་གུ་ཏ་ཡ་ཞེས་བྱ་བ ་ནི་ཀུ་ཀུ་ཞེས་སྒྲ་འབྱིན་པར་བྱེད་པ་སྟེ།། ཁུ་བྱུག་རབ་ཏུ་དགའ་བ་སྐྱེས་པ་ན་སྒྲའི་བྱེ་བྲག་མི་གསལ་བར་གུ་ཀུ་ཞེས་སྒྲོག་པར་བྱེད་དོ།། ལས་དྲུག་ལ་དགའ་བ་ཞེས་བྱ་བ་ལ། མཆོད་སྦྱིན་བྱེད་པ་ནི་བདག་ཉིད་མཆོད་སྦྱིན་བྱེད་པའོ།། མཆོད་སྦྱིན་བྱེད ་དུ་བཅུག་པ་ནི་མཁན་པོར་གྱུར་པའི་སྒོ་ནས་གཞན་མཆོད་སྦྱིན་བྱེད་དུ་བཅུག་པའོ།། འདོན་པ་ནི་བདག་ཉིད་འཛིན་པའི།། འདོན་དུ་བཅུག་པ་གཞན་འདོན་དུ་བཅུག་པའོ།། སྦྱིན་པ་ནི་བྲམ་ཟེ་བྲམ་ཟེ་ལའོ།། ལེན་པ་ནི་རིགས་གསུམ་པོ་ལས་བྲམ་ཟེ ་མི་ལེན་པས་ན་དེ་དག་ནི་ལས་དྲུག་ཡིན་ནོ།། དེ་ལ་དགའ་བ་ནི་མངོན་པར་སྦྱོར་བའོ།། དགེ་བའི་ལས་ཀྱི་འབྲས་བུ་བསྔོ་བ་བྱེད་པ་ནི་སྨོན་ལམ་མོ།། གཅིག་ཏུ་གནག་པ་སྟེ་གཅིག་ཏུ་མི་དགེ་པ་དང་། གཅིག་ཏུ་དཀར་བ་སྟེ་གཅིག་ཏུ་དགེ་བ་དང་། འདྲེན་མ་སྙེ་གེ། འང ་མི་དགེ་བའི་ལས་འདྲེན་མར་གྱུར་པའོ།། བསླབ་པར་བྱའོ་ཞེས་བྱ་བ་ནི་སྒྲུབ་པར་བྱ་བའོ།། སྐོན་པ་ནས་རྒྱ་ཤུག་བྱོ་བ་ལྟརོ་ཞེས་པ་ནི་ཇི་ལྟར་རྒྱ་ཤུག་གི་འབྲས་བུ་དག་སྐོན་པར་གྱུར་པ་ན་སྒྲ་མི་བསལ་བ་དང་རྣམ་པ་འཁྲུགས་པ་སྙན་པ་དང ་བྲལ་བ་འབྱིན་པ་འགྱུར་བ་དེ་བཞིན་དུ་ཚིག་གི་རིམ་པ་སྟོན་པ་དང་བྲལ་བའི་ཡི་གེ་འདོན་པར་བྱེད་པའོ།། དབྱངས་སྙན་པ་ཞེས་བྱ་བ་ནི་དབྱངས་མཛེས་པར་གྱུར་པ་སྟེ། དེ་གོམས་པར་བྱ་བ་ཡིན་པའི་ཕྱིར་རོ།། དོན་དང་མི་ལྡན་པ་དང་འབྲེལ་པ་མེད ་པའི་བརྗོད་པ་ནི་ངན་དུ་སྨྲ་བའོ།། སྟོན་པར་བྱེད་པ་ཞེས་བྱ་བ་ནི་སློབ་པ་འཛིན་དུ་བཅུག་པའོ།། བརྗོད་པའི་དོན་རབ་ཏུ་འདྲི་བར་བྱེད་པ་ནི་ཀུན་ཏུ་འདྲི་བར་བྱེད་པའོ།། གླུ་དང་རལ་མའི་སྒྲ་སློབ་པར་བྱེད་པའི་ཁང་པ་ནི་རོལ་མའ ་གནས་སོ།། ཡོན་ཏན་བརྗོད་པ་ནི་ཡོན་ཏན་སྒྲོགས་པར་བྱེད་པའོ།། རྒྱུད་གསུམ་པ་ཞེས་བྱ་བ་ལ་རྒྱུ་གསུམ་པོ་དག་གི་ཚོགས་པ་ནི་རྒྱུད་གསུམ་པ་སྟེ། གྲངས་སྔོན་དུ་འགྲོ་བ་གཉིས་པ་ཡིན་ཏེ་དེ་ཡང་མ་ནིང་གི་རྟགས་ཞེས་བྱ་བའི་དབང་དུ་བྱས ་ནས་རྒྱུད་གསུམ་པ་ཞེས་བྱ་བ་སྟེ། རྟ་ལ་སོགས་པ་ལྟ་བུའོ།། སངས་རྒྱས་ལ་བསྟོད་པ་སྟེ་རྒྱུད་དང་པོ་དང་། མདོའི་དོན་འཛིན་པར་བྱེད་པའི་གཏམ་སྟེ་རྒྱུད་གཉིས་པ་དང་། ཡོངསུ་བསྔོ་བའི་རྒྱུད་ཡིན་ནོ།། རིགས་པ་ཞེས་བྱ་བ་ནི་དུས་གཞན་དག ་ཏུ་ཡོད་དོ།། གཞོན་ནུ་ཞེས་བྱ་བ་ནི་དེ་ལ་གསར་དུ་ཞུགས་པར་གྱུར་པའོ།། ཆོས་ཐམས་ཅད་མི་རྟག་པ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་འདིས་བཅོམ་ཞིང་ཟིལ་གྱིས་གནོན་པའོ།། ལྷུང་བཟེད་ཀྱི་སྣོད་ནི་ལྷུང་བཟེད་གཞུག་པའི་སྣོད་དོ།། ལུང་ཐག་ནི ་མཚན་ཁུང་གི་ཕྱོགས་སུ་དཔྱད་བའི་ཐབས་སུ་གྱུར་པའོ།། རྒྱུན་ནི་པགས་པའི་འབྲེལ་བུའོ།། རྔ་ནི་རྫ་རྔའོ།། ལྟེབས་པར་མི་འགྱུར་བར་བྱ་བའི་ཕྱིར་བྱ་རོག་གི་རྐང་པའི་རྣམ་པ་ལྟར་སྐུད་པས་གནན་པ་ནི་བྱ་རོག་གི་རྐང་པའོ།། བསླབ་པ ་འདོད་པའི་ཕྱིར་བསླབ་པ་འདོད་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ་བསླབ་པ་ལ་གུས་པར་བྱེད་ཅེས་པའི་བར་དུའོ།། དྲ་བར་འོས་པ་ཡིན་པའི་ཕྱིར་དྲ་བར་བྱ་བ་སྟེ་དེ་མ་ཡིན་པའོ།། གོས་སྤུ་ཅན་ནི་བེའུ་ཕྲུག།། ཕྱིང་པ་ནི་རབ་ཏུ་གྲགས་པའོ།། ལ ་བ་འཐུག་པོ་ནི་ཀླམ་མོ།། རས་སེང་བ་ནི་གོས་ཕྲ་མོ་སྟེ། དེ་དག་ནི་དྲ་བར་བྱ་བ་མ་ཡིན་ལ། དགོས་པ་ཡོད་པ་ནི་བྱིན་གྱིས་བརླབ་པར་བྱའོ།། རྒས་པ་ནི་རྒས་པས་གནས་སྐབས་གཞན་ཐོབ་པའོ།། གླགས་བལྟས་པ་ནི་ཟིལ་གྱིས་མནན་པར་བྱ་བར་རོ།། ་རྐུན་པོ་ནི་མཐུས་འཕྲོག་པར་བྱེད་པའོ།། གཡོན་ཅན་ནི་འཇབ་བུས་རྐུ་བར་བྱེད་པའོ།། སྔ་མ་ནི་རང་གི་སེམས་ཀྱིས་ཕྱུང་ལ་ཞེས་བྱ་བ་ནི་ཆོས་གོས་དེ་ལ་བལྟོས་པ་མེད་པར་བྱ་བའོ།། ངས་སྔར་བཤད་པ་ཞེས་བྱ་བ་ནི་གསོ་སྦྱོང་གི་གཞི་ལས་དགེ ་སྦྱོང་གིས་གསོ་སྦྱོང་གི་ཉི་མ་ལ་གནས་མལ་བཤམས་ཏེ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བསྒྲུབས་ནས་གལ་ཏེ་གསོ་སྦྱོང་བྱིན་གྱིས་བརླབ་ཏུ་རུང་བའི་དགེ་སློང་རྙེད་པར་མ་གྱུར་པ་དེའི་ཚེ། སེམས་ཀྱིས་གསོ་སྦྱོང་བྱི་ནི་གྱིས་བརླབ་པར ་བྱའོ།། དེ་བཞིན་དུ་དགག་དབྱེ་བྱ་བ་དང་། གཅིག་པུས་གོས་བྱིན་གྱིས་བརླབ་པ་དང་། མེད་པའི་དུས་སུ་ཆོས་གོས་དབྱུང་བ་དང་། གང་ཟག་གིས་མགྲོན་དུ་བོས་པ་ལ་གཉིས་པ་ཡོད་ན་སེམས་ཀྱིས་དང་དུ་བླང་བར་བྱའོ།། གདུངས་པ་ནི་གཟིར ་པབར་གྱུར་པའོ།། བསྐལ་པ་སྟེ་བསྐལ་པ་ཆེན་པོའི་བྱ་བ་ཡིན་ལ་དེ་དག་གི་སྟོང་དེ་ལའོ།། དཀའ་བས་རྙེད་པར་ནུས་པའི་ཕྱིར་རྙེད་དཀའ་བའོ།། འདྲེན་པ་ནི་མདུན་དུ་གཤེགས་པར་མཛད་པ་ཞེས་བྱ་བ་དེའི་ཕྱིར་འདྲེན་པ་དེ་ལའོ།། སྙིང ་རྗེའི་བདག་ཉིད་ཅན་སྙིང་རྗེས་དབང་དུ་བྱས་པའི་ཐུགས་གང་གིས་གཡོ་མེད་པའི་དགོངས་པས་སེམས་ཅན་ལ་ཐུགས་རྗེ་བ་སྟེ། སྡུག་བསྔལ་དང་བྲལ་བར་བཞད་པའོ།། སྲིད་པར་ཆགས་པ་ཞེས་བྱ་བ་ལ་སྲིད་པར་ཆགས་པ་ནི་སྲང ་པ་སྟེ། དེ་རྣམ་པར་སྤངས་པའོ།། འདིས་ནི་སྲེད་པ་བག་ཆགས་དང་བཅས་པར་སྤངས་པར་བསྟན་པ་ཡིན་ནོ།། དེའི་བསྟན་པ་མཆོག་ལ་སྲོག་གཅོད་པ་ལས་སླར་ཟློག་པ་ལ་སོགས་པ་བསླབ་པ་བཟུང་ཞིང་བླངས་ནས ་སྲོག་འཚོ་བ་ནི་ཡོངསུ་བཏང་བར་བྱའི། འོན་ཀྱང་སྲོག་བཅད་པར་མི་བྱའོ།། མཐུ་ནི་འདིར་ལུས་ཀྱི་ནུས་པ་ལ་བྱའོ།། རྒྱལ་པོ་ཆེན་པོ་བཞི་དག་གི་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་ཏེ། དེ་དག་ཏུ་སྐྱེ་བ་ནི་འབྱུང་བར་འགྱུར ་བའོ།། ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་གདོན་མི་ཟ་བར་འགྱུར་བའོ།། ཡོངསུ་གནས་པ་ནི་ཡོངསུ་གནས་པའི་གནས་སྐབས་ཏེ། དེས་གང་གི་ཚེ་མཐོ་རིས་དེ་ན་སྤྱོད་ལམ་བཞི་པོ་གང་ཡང་རུང་བ་གཙོ་གྲྀ་ཡོསུ་བནྡ་པ་དེའི་ཚེ་པོ་སུ་གནས་པ ་བརྟེན་པར་འགྱུར་བ་དེ་སྐབས་སྒྲུབ་པར་མི་བྱེད་པའི་བློ་ཅན་གྱི་ལྷའི་བུ་སྐྱེས་ནས་ཡུན་རིང་དུ་མ་ལོན་པ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཉེ་བར་འགྲོ་བར་བྱེད་དོ།། ལུས་རབ་ཏུ་གཡོ་བར་བྱེད་པའི་ཕྱིར་རྣ་ཆ་གདུབ་ཀོར ་གཡོ་བའོ།། དྲི་མོ་མེད་པ་ནི་ཤིན་ཏུ་འཚེར་བའོ།། ལྟོ་བའི་ཕྱོགས་ཁྱབ་པོ་ནི་དོ་ཤལ་ལོ།། ནུ་མའི་ཕྱོགས་ཁྱབ་པ་ནི་སེ་མོ་དོའི་འོ།། བརྒྱན་ནི་སྤུང་པའོ།། ལྷའི་འབྱོར་པ་ཡིན་པའི་ཕྱིར་ལྷའི་འོ།། སྣང་པོ་ནི་འོད་ཀྱིས་སོ།། ་བསམ་པ་ནི་རྒྱ་ཆེ་བ་དང་། རྒྱ་ཆེ་བ་མ་ཡིན་པའི་ཆོས་བསྟན་པ་ལ་མོས་པ་དང་མངོན་པར་འདོད་པོའོ་བག་ལ་ཉལ་བ་ནི་ཉོན་མོངས་པ་དྲག་ཅིང་དྲག་པའི་ཀུན་ཏུ་སྤྱོད་པ་སྟེ། གོང་ལ་ཉོན་མོངས་པ་གང་གིས་གནོད ་པར་གྱུར་པ་དེ་ལ་དེ་དང་རྗེ་སུ་མཐུན་པར་སྟོན་པའོ།། ཁམྦ་ནི་རི་ཡཱི་ཏེ། འགཱ་ཞིག་ནི་འཛ་བ་དང་། གཱ་ཞིག་ནི་རྩུབ་པའི་ཆོས་བསྟན་པས་འདུལ་བར་འགྱུར་བའོ།། དམྱལ་བའི་གཏམ་ནི་རྩུབ་པ་ཡིན་ལ། མཐོ་རིས་ཀྱི་གཏམ་ནི་གོ་བཟློག་པའོ།། རང ་བཞིན་ནི་དད་པ་ལ་སོགས་པའི་དབང་པོའི་རང་བཞིན་ཏེ། དབང་པོ་རྣོ་རྟུལ་ཐ་དད་པའི་ཕྱིརརོ།། འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་བྱེད་པ་དེ་ལྟར་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པ་དང་རྗེ་སུ་མཐུན་པར་རོ།། འཇིགས ་ཚོགསུ་ལྟ་བ་ཞེས་བྱ་བ་ལ་སོགས་པ་ལ་འཇིག་ཚོགསུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་དག་གིས་མཐོ་བར་གྱུར་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་བདག་ཏུ་འཛིན་པ་དང་། འཇིག་ཚོགསུ་ལྟ་བའི་རྩེ་མོ་ལྔ་ལ་བདག་མ་རྟོགས་པ་ཕུང་པོ་ལྔར ་ཡོངསུ་བརྟགས་ཏེ། དེ་ལ་རྒྱན་དང་འདྲ་བར་འཛིན་ལ་ཅིག་ཤོས་ལྔ་ལ་བྲན་དང་འདྲ་བར་འཛིན་ཅིང་གཞན་ལྔ་ལ་སྣོད་དང་འདྲ་བར་ལྟ་བར་བྱེད་དོ།། ཡང་ལྔ་ནི་ཇི་སྐད་དུ་གཟུགས་ལ་བདག་དང་བདག་གཟུགས་དང་ལྡན་པ་དང་། གཟུགས་བདག་གི ་ཡིན་པ་དང་གཟུགས་ལ་བདག་གནས་སོ་ཤེས་ཡང་དག་པར་རྗེ་སུ་མཐོང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དགེ་འབྱུང་བ་ཡིན་ནོ།། འཇིག་ཚོགསུ་ལྟ་བ་ཡང་ཉོན་མོངས་པ་ཐམས་ཅད་སྐྱེ་བའི་རྒྱུརའི་གཙོ་བོ་ཉིད་ཡིན་པའི་ཕྱིར་མཐོང་བས་སྤང་བར་བྱ ་བ་དག་གི་གཙོ་བོ་ཡིན་པ་དེ་བས་ན་ཉོན་མོངས་པའི་གཙོ་བོ་བཅོམ་པར་བསྟན་པ་ལས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་བཅོམ་ཞིང་སྤངས་པར་བསྟན་པ་ཡིན།། ཁྱོད་མ་ཞུས་ཏེ་ཁྱོད་ཀྱིས་ཕན་འདོགས་པར་མཛད་པའི་ནུས ་བསྟུ་བཀག་པར་གྱུར་པའོ།། རབ་དྲགས་ཅེས་བྱཱ་བླ་ན་ཤྀན་དྷ་དག་པར་གྱུར་པའོ།། ངན་སོང་དུ་ཏུ་ཞེས་བྱ་བ་ན་དྷན་སོང་བའོ་ལས་དང་ཉོན་མོངས་པ་ནི་ངན་སོང་ས་རྒྱ་ཡིན་པའི་ཕྱི་བ་ལ་དང་། སྲིད་པ་བར ་དེ་གཉི་ག་བཀག་པ་ཡིན་ཏེ། ངན་སོང་བའི་ལས་དང་རྗེས་མཐུན་པའི་ཉོན་མོངས་པའི་ཀུན་ཏུ་སྤྱོད་པ་མེད་པའི་ཕྱིར་དང་། ངན་སོང་བའི་སྔ་ན་མེད་པའི་ལས་མ་བྱས་པའི་ཕྱིར་དང་། བྱས་པའི་ལྷན་ཅིག་བྱེད་པའི་ཕྱོགས་ཟད་པར་གྱུར་པའི་ཕྱིར ་དང་ཉོན་མོངས་པ་བཀག་པ་ཡིན་ལ། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པའི་ཕྱིར་ངན་སོང་བའི་ཕུང་པོའི་སྲིད་པ་བར་མ་དོའི་ལམ་བཀག་པ་ཡིན།། མཐོ་རིས་འགྲོ་བ་ཞེས་བྱ་བ་ནི་མཐོ་རིས་སུ་སྐྱེས་པར་གྱུར་པའོ།། བསོད་ནམས ་བཟང་པོ་བྱེད་པའི་རྒྱུ་མཚན་གང་དག་ལ་ཡོད་པ་དེ་ནི། བསོད་ནམས་བཟང་པོ་བྱེད་པའོ།། མྱ་ངན་ལས་འདས་པའི་ཤུལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ་ཤིན་ཏུ་རྣམ་དག་ཁྱོད་རྟེན་བདག་གོས་ནི་ཞེས་བྱ་བ་ལ་སོགས་པ་ལ་ཁྱོད ་ཀཱི་བཀའ་དྲིན་ལས་བདག་གིས་དེ་རིང་དག་པའི་མིག་སྟེ། ཟག་པ་མེད་པའི་ཤོས་རབ་ཀྱི་མཚན་ཉིད་ཐོབ་པར་གྱུར་པའོ།། དག་པའི་རྒྱུ་མཚན་ནི་སྐྱོན་བྲལ་ཞེས་བྱ་བ་སྨོས་ཏེ། རང་གི་ཕྱིར་ཉོན་མོངས་པའི་ཉེས་པ་དང་བྲལ་བར་གྱུར་པའི་ཕྱིར་རོ།། ་ཤིན་ཏུ་རྣམ་དག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ལ་འབོད་པའོ།། གོ་འཕང་ཞི་པའི་མྱ་ངན་ལས་འདས་པ་སྟེ། ཉོན་མོངས་པའི་རྒོད་བཞི་པའི་ཕྱིར་དང་། འདུས་བྱས་མི་རྟག་པའི་རྒོད་པ་ཞི་བའི་ཕྱིརརོ།། འཕགས་པ་དབྱས་པ་ནི་བཀོད་དུ ་བརྟེན་པར་བྱ་བ་ཡིན་ཏེ། ཡིད་ལྔ་རེ་བ་ཡོངསུ་རྫོགས་པ་ནི་འཕགས་པ་དགྱེས་པ་ཐོབ་པའོ།། སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བརྒལ་བར་གྱུར་ཞེས་བྱ་བ་ནི་སྐྱེ་བ་གཅིག་ན་སྲིད་པ་ལན་བདུན་པ་ལས་སྲིད་པ་གཞན་མེད་པའི་ཕྱིར་བརྒལ ་གྱུར་པའོ།། འགྲོ་བ་ལྷ་མིན་མི་དང་ལྷས་མཆོད་པ།། སྐྱེ་དང་རྒ་དང་ན་འཆི་བྲལ་བའོ།། ཞེས་བྱ་བ་དང་། སྲིད་པ་སྟོང་དུ་མཐོང་བར་རབ་ཏུ་དཀོན་པ་ཞེས་བྱ་བ་དང་། ཐུབ་པ་ཞེས་བྱ་བ་བཞི་དག་ནི་འབོད་པའི་ཚིག་ཡིནོ།། དེ་རིང་ཁྱོད་མཐོང་བའི་བདག ་གི་འབྱོར་པ་གང་ཡིན་པ་དེ་ནི་འབྲས་བུ་དང་བཅས་པའི་སྐྱེ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཞལ་མཐོང་བ་ནི་ཐར་པ་ཐོབ་པར་བྱེད་པའི་འབྲས་བུ་ཅན་ཡིན་པའི་ཕྱིརརོ།། དོ་ཤལ་རབ་འཆང་བ་ཞེས་བྱ་བ་འདིས་ནི་ལུས་རྒྱན་གྱིས་བརྒྱན་པའི ་མཛེས་པ་བསྟན་པ་ཡིན་ནོ།། དགའ་བ་སྐྱེས་གྱུར་ཅེས་བྱ་བ་འདིས་ནི་རངས་པར་གྱུར་པའི་ཡིད་ཀྱིས་མཛེས་པ་སྟོན་པ་ཡིནོ།། བཏུད་དེ་ཕྱག་འཚལ་བ་ཞེས་བྱ་བ་ནི་མགོ་བོ་བཏུད་པར་གྱུར་པས་ཞབས་ལ་མངོན་པར་ཕྱག་བྱས་པ་ཞེས་བྱ་བའི ་དོན་ཏོ།། དགྲ་ཐུལ་གཡས་ནས་ཡོངསུ་བསྐོར་བྱས་ཏེ། ཞེས་བྱ་བ་ནི་ཁྱད་པར་དུ་བྱེད་པ་ཡིན་ཏེ། གཡས་ཕྱོགས་ལ་བརྟན་ནས་སོང་བྱའོ།། སྐྱབས་གསུམ་རྙེད་པའི་ཕྱིར་ཚོང་བ་ལྟ་བུ་སྟེ། གང་གི་ཕྱིར། གང་དག་སངས་རྒྱས་སྐྱབས་འགྲོ་བ། དེ་དག ་མི་ཡི་རྙེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིནོ།། ཡོང་དགེ་བའི་འཚོ་བའི་འབྲུ་འབྱོར་པའི་ཕྱིར་ཞིང་པ་ལྟ་བུའོ།། མཐོང་བས་སྤོང་བར་བྱ་བའི་ཉོན་མོངས་པ་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་དཔའོ་ལྟ་བུའོ།། ཤིན་ཏུ་སྡུག་བསྔལ ་གྱི་ནད་དང་ལྡན་པའི་ངན་སོང་གི་ཕུང་པོ་སྤངས་པར་གྱུར་པའི་ཕྱིར་ནད་ཐམས་ཅད་ལས་ཡོངསསུ་ཐར་པ་ལྟ་བུའོ།། ཆ་ལུགས་གང་གིས་ཞེས་བྱ་བ་ནི་སྔར་འོངས་པའི་ཆ་ལུགས་དང་མཐུན་པ་ཡིན་མོད་ཀྱི། འདོད་ཆགས་པ་དང་བྲལ་བར་གྱུར་པས ་ལྷག་པ་འདི་ལ་ཡོད་པའི་ཕྱིར། ཞེས་བསྟན་པར་བྱ་བའི་ཕྱིར་ཆ་ལུགས་གང་གིས་ཞེས་སྨོས་པ་ཡིན་ནོ།། སོ་སོར་ཀུན་དགའ་བར་མཛད་པ་ནི་སྙན་པའི་ཚིག་གིསོ།། དགེ་སློང་ཁྱོད་གང་ནས་འདིར་འོངས་ཞེས་བྱ་བ་ནི་མདོར་བསྡུས་ཤིང་། རང་བཞིན་དང་བྲལ ་བའི་སྒྲས་གསུངས་པ་ཡིན་གྱི་རྣམ་པ་གཞན་དུ་ན་འདི་སྐད་དུ་གང་ན་གནས་པ་ནས་འོངས་པར་གྱུར་ཞེས་བརྗོད་པར་བྱ་བ་ཡིན་ནོ།། ཟག་པ་མེད་པའི་ཡེ་ཤེས་ཀྱིས་དངོས་པོའི་རང་བཞིན་ཡོངསུ་ཤེས་པ་ནི་ཆོས་ཉིད་མཐོང་བའོ།། བདག་ཉིད་ཆེན་པོ་ཞེ ་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་དང་ལྡན་པའོ།། བསླབ་པ་སྟེ་གདོན་མི་ཟ་བར་བསྲུང་བར་བྱ་བ་སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པ་གང་ཡིན་པ་དེ་ལས་འདས་པི་ནི་རྣམ་པར་བརྒལ་བའོ།། རིལ་བ་ཞབས་ཚགས་ནི། རིལ ་ཚོགས་ཀྱི་ཁ་གོས་ཀྱིས་གཡོགས་པ་ལ་ཆུ་བཙག་པར་བྱ་བའོ།། གྲོལ་བར་བྱེད་པའི་རས་ནི་ཟང་ཟིང་མེད་པའི་གོས་ཀྱི་དུམ་བུའོ།། ནང་དང་བཅས་པ་ནི་ཁོན་ཅན་ནོ།། བླ་མའི་ཡུལ་ལ་ངོ་ཆེ་བ་ནི་གུས་པའོ།། མངོན་དུ་ཕྱོགས་ནས་འོངས་པཱི ་ལམ་གྲོགས་གཉིས་པ་ནི་དོན་མཐུན་ནོ།། བྲེལ་བར་མི་འགྱུར་ན་ཞེས་བྱ་བ་ནི་རུང་བའི་ཆུས་སོ།། དྲག་ཏུ་འབབ་པ་ཞེས་བྱ་བ་ནི་མྱུར་དུ་འབབ་པའོ།། རྒྱང་གྲགས་རྒྱང་གྲག་སུ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་མཐའ་དང་རྒྱང་གྲགས་ཀྱི་མཐར་རོ།། ་བར་དུ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་བར་དུའོ།། ཀུན་ནས་འཁྲུགས་པ་ནི་འདྲེས་པར་གྱུར་པའོ།། ཆུ་ལེན་པའི་འཇུག་ཕྱོགས་ནི་ཆུ་འགྲམ་མོ།། ཚུལ་ཁྲིམས་ཀྱིས་རྒུད་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་ལྡོག་པའི་མཚན ་ཉིད་ཀྱི་ཚུལ་ཁྲིམས་ཉམས་པར་གྱུར་པའོ།། ལྟ་བས་རྒུད་པ་ནི་ལྟ་བ་ཀུན་ཏུ་སྤྱོད་པའོ།། སྤྱོད་པས་རྒུད་པ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་ལྡོག་པའི་མཚན་ཉིད་ཀྱི་ཚུལ་ཁྲིམས་ཉམས་པར་གྱུར་པ་འམ། འགྲོ་བ་དང་འོང ་བ་ལ་སོགས་པའི་སྤྱོད་ལམ་གྱིས་རྒྱུ་བའི་སྤྱོད་པ་དེས་རྒུད་པ་སྟེ། ཕྱིན་ཅི་ལོག་ཀུན་ཏུ་སྤྱོད་པའོ།། འཚོ་བས་རྒུད་པ་ནི་ལོག་པའི་འཚོ་བས་འཚོ་བའོ།། ཁྲོན་པ་ནི་ཆུ་དོང་ངོ་།། དུས་ཇི་སྲིད་དུ་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་སྨྱུག་མ་ཅན་གྱི ་ལོགས་ནས་བསྐོར་ཏེ། མཇུག་མོའི་གནས་སུ་ཕྱིན་པར་གྱུར་པའི་དུས་དེ་སྲིད་དུ་བརྟོག་པར་བྱའོ།། ཡོངསུ་ལོངས་སྤྱོད་པའི་རྗེས་སུ་འགྲོ་བས་ན། ཡོངསུ་ལོངས་སྤྱོད་པ་ལས་བྱུང་བའོ།། སྣོད་སྤྱད་སྦེད་པར་བྱེད་པ་ལ་སོགས་པའི་ལས ་དག་ལ་ངེས་པར་སྦྱོར་བ་ན་སྣོད་སྤྱད་འགྲུབ་པའོ།། གསོལ་བ་དང་གཉིས་ཀྱི་ལས་རྗེ་སུ་བསྒྲུབ་པ་ནི་སྤྲོ་བའོ།། སྐབས་དབྱེ་བར་བྱའོ་ཞེས་བྱ་བ་ནི་དེ་ནས་ལས་ལ་ངེས་པར་སྦྱར་བར་བྱའོ།། འཁོར་མེད་པ་ནི་གང་ཞིག་ལྷན་ཅིག་གནས ་པ་དང་ཉེ་གནས་མེདོ་པའོ།། ལག་པོ་ལ་ཐོགས་པ་ཞེས་བྱ་བ་ནི་སྐད་གསངས་མཐོན་པོས་དགོས་པ་ནི་གད་བརྒྱངསོ།། ལམ་དུ་འགྲོ་བའི་ཚེ། ཞེས་བྱ་བ་ལ་འདས་པ་ལ་སོགས་པའི་དུས་བསལ་བའི་ཕྱིར་དང་། འཕགས་པའི་ལམ་བསལ་བར་བྱ ་པའི་ཕྱིར་ལམ་དུ་འགྲོ་བའི་ཚེ། ཞེས་སྨོས་པ་ཡིནོ།། ལྷུང་བཟེད་ལ་བཟུང་བ་ནི་བྱིན་ལེན་འཇིག་པར་འགྱུར་བ་ཡོངསུ་སྤང་བའི་ཕྱིརརོ།། གོང་བུ་ཞེས་བྱ་བ་ནི་བཟའ་བར་བྱ་བའི་གོང་བུར་བྱས་པ་དེའི་མིང་ཡི་ནོ།། མཆི ་མ་དང་བཅས་ཤིང་མྱ་ངན་གྱི་མཆི་མ་དང་ལྡན་པར་གྱུར་པའི་ཕྱིར།། མཆི་མས་བརྣངས་བཞིན་དུའོ།། ངོ་ཚ་ནི་ངོ་ཚ་བ་སྟེ་ངོ་ཚ་བ་གང་ལ་ཡོད་པ་དེ་ནི་ངོ་ཚ་བ་དང་ལྡན་པ་སྟེ་དེ་ལའོ།། སྟོན་པར་མཛད་ཅིང་ཕྱིན་ཅི་མ་ལོག་པར་རྗེསུ་སྟོན་པར་མཛད་པའི ་ཕྱིར་སྟོན་པ་སྟེ་སྟོན་པ་དེ་ལའོ།། ངོ་ཚ་དང་ཁྲེལ་མེད་པ་ཞེས་བྱ་བ་ནི་ཁྲུས་རས་བགོས་པ་སྒོ་ནས་སོ།། སྒྲེན་མོ་ནི་འདིར་ཆུའི་ནང་དུ་ཁྲུས་བྱེད་པ་ལའོ།། ཐམས་ཅད་དུ་ཐེ་ཚོམ་སྐྱེས་པར་གྱུར་པའི་ཕྱིར་གང་ཅི་ལ་ཡང་དོགས་པར་གྱུར་པའོ།། དེར ་སོང་བ་ནི་དེ་རྒྱུར་བྱས་ནས་སོ།། ཆོས་དཀའ་བ་ནི་གང་མེས་ཀྱང་ཚོས་པར་མ་བ་པའོ།། རུང་བ་མ་ཡིན་པའི་ས་ནི་མཚམས་ནང་ངོ་།། དགེ་བའི་རྩ་བ་ནི་ཐར་པའི་ཆ་དང་མཐུན་པའོ།། རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་གཟུགས་ལ ་སོགས་པའི་ཕུང་པོ་ནི་འདུས་བྱསོ།། སྐད་ཅིག་མས་འཇིག་པ་ལ་སྦྱོར་བའི་རྐྱེ་མི་རྟག་པའོ།། ནང་ན་བྱེད་པའི་སྐྱེས་བུས་སྟོང་པའི་ཕྱིར་བདག་མེད་པའོ།། སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ཞི་བའོ།། ཀ་ཤིའི་གན ་ནི་ཀ་ཤིའི་འབྱུང་གནས་ཏེ། དེ་བཞིན་དུ་ཀུ་ཤའི་གནས་ཀྱང་དེ་བཞིན་ནོ།། ཟླ་བ་བརྒྱད་དམ་དགུ་ཞེས་བྱ་བ་ལ་མངལ་ཡང་དག་པར་སྨིན་པ་ཅན་ཟླ་བ་དགུ་འམ་བཅུ་ནས་བཅས་པར་འགྱུར་ཏེ། འདིར་ཡང་མངལ་ཡོངསུ་སྨིན་པ་དེའི་ཕྱིར ་འགའ་ཞིག་ཏུ་ནི་ཟླ་བ་དགུ་དང་འགའ་ཤིག་ཏུ་ནི་ཟླ་བ་བཅུ་ནས་སྐྱེ་བར་འགྱུར་བ་དེ་བྱས་ན་སྡུད་པ་པོས་ཟླ་བ་བརྒྱད་དམ་དགུ་འདས་ནས་ཤེས་མ་ངེས་པའི་ཚིག་ཏུ་མཛད་ནས། རིད་པ་ཞེས་བྱ་བ་ལ་སོགས་པ་ལ་རིད་པ་ནི་ཤ་ཡོངསསུ་ཟད་པའོ།། ་ཉམ་ཆུང་བ་ནི་བྱ་བ་བྱེད་པའི་ནུས་པ་ཆུང་བའོ།། སྐམས་པ་ནི་གིཟོ་མེད་པར་གྱུར་པའོ།། ལུས་མ་ཐོབ་པ་ནི་ལུས་ཀུན་ཏུ་བསྐྱོད་པའི་ནུས་པ་ཡང་མེད་པའོ།། རི་རབ་དང་འདྲ་བ་ནི་གང་ཡོན་ཏན་ཆེན་པོས་སོ།། ཟ་བ་ལ་རིང་དུ་ཐོགས་པ་ནི་བདག ་ཉིད་འདོད་པས་དལ་གྱིས་ཟ་བའོ།། བ་ལང་རྒན་པོ་བཞིན་དུ་ལྡད་པ་སྐྱུག་ཅིང་དལ་གྱིས་ལྡད་པའོ།། བྱ་བ་བྱས་པ་ནི་འདིར་ཉོན་མོངས་པ་སྤངས་པར་གྱུར་པའོ།། བྱེད་པ་བྱས་པ་ནི་བྲལ་བར་གྱུར་པ་བསྐྱེད་པའོ།། རྩུབ་པ་ནི་ཤིན་ཏུ་དྲག་པ ་འོ།། འཇིག་པ་ཞེས་བྱ་བ་ནི་ཤིན་ཏུ་བརྒལ་བ་དང་གནོད་པ་བྱས་ཞེས་བྱ་བའི་བར་དུའོ།། བསྲབས་པ་ནི་དེའི་སྡུག་བསྔལ་གྱི་འབྲས་བུ་བསྲབས་པའི་ཕྱིརརོ།། ཡོངསུ་ཟད་པ་ནི་འགའ་ཞིག་གི་སྡུག་བསྔལ་གྱི་མཐའ་ལྡོག་པའོ།། བྱང་བ ་ནི་རྣམ་པར་སྨིན་པའི་སྡུག་བསྔལ་མ་ལུས་པ་བཟློག་པར་གྱུར་པའོ།། ཤིན་ཏུ་མཐར་གྱུར་པས་བས་མཐའ་སྟེ། གནས་མལ་ཐག་རིང་པོར་གྱུར་པའོ།། དེ་ན་གནས་པ་ནི་དེ་ལ་དད་པའོ།། ལྷག་པར་གྱུར་པའི་རྒྱལ་པོ་ནི་རྒྱལ་པོའི་རྒྱལ་པོ ་ཡིན་ལ། ཤཱཀྱའི་རྒྱལ་པོའི་རྒྱལ་པོ་ནི་ཤཱཀྱའི་རྒྱལ་པོའོ།། ཤིན་ཏུ་སྤྱད་པ་ནི་ལས་སུ་བྱ་བའོ།། བྱས་ཏེ་ཞེས་བྱ་བ་ནི་སེམས་ཀྱིས་དམིགས་ནས་སོ།། ལྷུང་བཟེད་ཀྱི་གཞི་ནི་གཞི་འམ་རྟེན་ནོ།། འདི་ནི་སྦྱིན་པར་བྱེད་པ་ཡིན་ལ་བདག ་ནི་ལེན་པར་བྱེད་པ་ཡིན་ནོ་སྙམ་པ་ནི་བྱིན་ལེན་བྱེད་པའི་སེམས་སོ།། དྲ་བ་ནི་ལྷུང་བཟེད་གཞུག་པའི་སྣོད་དོ།། ཚོང་འདུས་ནི་གཅོང་བར་བྱ་བའི་རྫས་བགྲམ་པར་བྱ་བའི་གནས་སོ།། འདིར་བཀྲེན་པའི་སྒྲས་ནི་བརྣག ་མི་ནུས་པ་བརྗོད་པ་འམ། ཡོན་ཏན་གྱིས་དབུལ་བར་གྱུར་པའོ།། ལན་ལྗོན་པའི་ནུས་པ་མེད་པ་ནི་སྤོབས་པ་མེད་པའོ།། འདིར་མཁར་བའི་སྣོད་བདག་གིར་བྱེད་པ་བཀག་པ་ཡིནོ།། ཞེས་བྱ་བར་རིག་པར་བྱ་ཞིང་ནད་བཟློག་པའི་ཕྱིར ་དང་། ཕུལ་བུའི་བཏུང་ཕོར་རྗེསུ་གནང་བ་ཡིན་པར་རིག་པར་བྱའོ།། ཟི་ཟི་ཞེས་ཟེར་བར་གྱུར་པ་ན་ཞེས་བྱ་བ་ནི། སྦྲང་མའི་ཚོགས་ཀྱི་སྒྲ་སྟེ། ཟི་ཟིའི་སྒྲ་དེ་དང་འདྲ་བར་སྒྲོགས་པར་བྱེད་པའི་ཕྱིར་ས་ཕྱོགསུ་ཟི་ཟི་ཞེས་ཟེར་བར་གྱུར ་པའོ།། རྐང་པ་བཀྲུ་བའི་གནས་གང་ཡིན་པ་དེ་ནི་རྐང་པ་བཀྲུ་བའི་གནས་སོ།། དབུས་སུ་མཐོ་བ་ནི་རུས་སྦྲུལ་གྱི་རྣམ་པ་ལྟ་བུ་རོ།། རྩུབ་པོ་ཞེས་བྱ་བ་ནི་ཧུང་ཧྲུང་པོ་སྟེ། དྲི་མ་བསལ་བར་བྱ་བའི་ཕྱིར་དེ་བཤམས་པ་ཡིནོ།། རྐང་པ ་བཀྲུ་བའི་སྣོད་ཅེས་བྱ་བ་དེ་ནི་ཚོལ་ཟངས་ཀྱི་མིང་ངོ་།། རྔ་མོའི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་འོག་གི་ཆ་རྔ་མོའི་རྒྱབ་ལྟ་བུའོ།། མེ་ལྡེག་ཅིང་གནས་པར་བྱ་བའི་ཕྱིར་གླང་པོ་ཆེའི་རྨིག་མཐིའི་ལྟ་བུ་རྗེསུ་གནང་བ་ཡིན་ཏེ། འོག་གི་ཆའི ་མཐིལ་གླང་པོ་ཆེའི་རྨིག་མཐིལ་ལྟ་བུར་བྱའོ།། ཀ་དམ་པའི་མེ་ཏོག་འདྲ་བ་ནི་ཆོལ་ཟངས་ཀྱི་དབུས་སུ་ལྟེ་བ་མཐོན་པོར་བྱ་བའོ།། རྩུབ་པ་ཡང་ཧུང་ཧུང་པོ་ཡིན་ཏེ། རྐང་པ་གཡས་གནས་པ་གྲུབ་པར་བྱ་བའི་དོན་དུ་ལྟ་བ་རྗེས་སུ ་གནང་བ་ཡི་ནོ།། ཁང་ཐོག་ནི་ཁང་སྟེང་ངོ་།། སྒོ་ཕག་ཏུ་ཞེས་བྱ་བ་ནི་སྒོ་དང་རྩིག་པའི་བར་དུའོ།། རླུང་སྐྱེད་པར་བྱེད་པའི་ཐབ་སུ་གྱུར་པ་ནི་བསིལ་ཡབ་བོ།། ཡུ་བ་གསེར་ལ་སོགས་པས་རྣམ་པར་སྤྲས་པ་ནི་གསེར་ལ་སོགས་པ་ལས་རྣམ་པར་བྱས ་པའོ།། ཤིང་ལས་བྱས་པ་ཡང་ངོ་།། མེ་ཏོག་པདྨ་ལྟར་མཚོར་བ་ནི་འཁོར་ལོས་བསྲུབས་པའོ།། རི་མོ་རབ་ཏུ་བྲིས་པ་ནི་བཀྲ་བ་དང་ཉེ་བར་བཀྲ་བ་སྟེ། བཀྲ་བ་ནི་རི་མོ་རགས་པ་གཙོ་བོར་གྱུར་པའོ།། ཉེ་བར་བཀྲ་བ་ནི་རི་མོ་ཕྲ་བ་གཙོ་བོར་གྱུར ་པའོ།། རིན་པོ་ཆེས་སྤྲོས་པ་ནི་རིན་པོ་ཆེས་བརྒྱན་པའོ།། རྩ་བལ་བ་ཛ་ལས་བྱས་པ་ནི་རྩ་གྲེས་མའི་རིགས་ལས་བསྒྲུབས་པའོ།། འབྲུམ་བུས་གང་བ་ནི་ཁྱབ་པར་གྱུར་བའོ།། ལྡུམ་བུ་ཤ་ནིའི་རིགས་བརྡུངས་ནས་སྐུད་པའི་ཚོགས་དང་འདྲ་བའི ་སྦྲང་ཡབ་བྱའོ།། འདབ་མ་བསྡུས་པ་ཞེས་བྱ་བ་ནི་འདབ་མའི་ཚོགསོ།། འཛེགས་པ་ནི་ལས་ལ་སྤྲོ་བ་དག་གི་བྱེ་བ་ལ་འཇུག་པའོ།། ཤམ་ཐབས་ཀྱི་འོག་གི་མདུན་རྒྱབ་ཀྱི་མཐའ་ཕན་ཚུན་བཅིངས་པ་ན་མདུད་པ་དོར་བའོ།། འཁར ་བ་ཆོངས་ཤིག་ཅེས་བྱ་བ་ནི་འཁོར་བ་བཅངས་པ་ལ་ཉེས་པ་མེད་པའི་ངེས་པའོ།། སྡུག་བསྔལ་ལས་འདོན་པར་བྱེད་པ་ནི་བརྩེ་བ་སྟེ། བྱ་བ་འདི་ཡང་རྗེསུ་བརྩེ་བས་མཛད་པ་ཉིད་ཡིན་པའི་ཕྱིར་རྗེ་སུ་བརྩེ་བ་ལ་བརྟེན་ནས་དགེ་འདུན་གྱི།། ་བྱའི་ཕྱིར་ཕན་འདོགས་པ་ལ་བལྟོས་པས་བྱ་བ་མ་ཡིན་པའི་ཕྱིར་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བའི་སླད་དུ་ཞེས་སྨོས་པ་ཡིན།། རྒན་པོ་དག་ལས་ཤིན་ཏུ་རྒས་པས་ན་རྒན་པོ་རྒས་པ་སྟེ། གང་ཅུང་ཟད་རྒས་ཤིང་ཉམས་ཆུང་བས ་སྐྲ་དཀར་གཅིག་ཙམ་གྱིས་ཀྱང་བདག་རིང་བར་གྱུར་ཏོ་སྙམ་དུ་སེམས་པའོ།། གང་དག་རླུང་ཉུང་ཟད་ཅིག་གིས་གནོད་པར་གྱུར་པ་ནི་ཆུ་ཉུང་ཟད་ཅོ་གྱི་གནོ་པ་མྱུར་ན་དག་ནད་པོ་སྟེ་དུ་སེའོ།། ཅིག་ཅར་འཁར་བ་དང་འདྲ་བའི་གནང་བའི ་གནང་བ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་འཁར་བ་འདྲ་བའི་སྔགས་བརྗོད་པའི་དུས་སུ་ཅིག་ཅར་མིང་སྨོས་པར་བྱའོ།། ཆེན་པོའི་ཆེན་པོ་ནི་བསམ་གཏན་བཞི་པ་ཡན་ལ། མཐའ་དང་བྲལ་བའི་མཐའི་རྣམ་པ་འདི་ལ་ཡོད་པས་ན་ཞེ ་བྱ་བའི་དབང་དུ་བྱས་ནས་མཐར་ཕྱིན་པའོ།། ཁོམ་པར་གྱུར་པ་མཆོག་ཅེས་བྱ་བ་ནི་མི་ཁོམ་པ་བརྒྱད་སྤངས་པ་སྟེ། དུས་ཀྱི་བྱེ་བྲག་སངས་རྒྱས་འབྱུང་བ་ལ་སོགས་པའི་ཁོམ་པ་ཡང་དག་པར་འབྱུང་བའོ།། དྲི་ང་བ་མེད་པ་ཞེས ་བྱ་བ་ནི་ཡོངསུ་བྲལ་བའོ།། འདུས་པ་ནི་གང་དུ་སྐྱེ་བོ་དམ་པ་འདུས་པར་གྱུར་ཏེ། ཇི་ལྟར་གཙུག་ལག་ཁང་ལ་སོགས་པ་ཡོངསུ་ལོངས་སྤྱོད་པ་དང་། ཁྱིམ་དུ་ཉེ་བར་རྒྱུ་བ་ལ་སོགས་པ་མ་གནང་བ་དག་ཀྱང་གནང་བ་སྟེ། ལྷག ་པར་སྤྱད་པར་བྱ་བ་ཡང་ཡིན་ནོ།། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ་ཕྲན་ཚོགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་སྒོ་དང་པོ་རྫོགསོ།། །། ཕྱོགས་བཞི་ནི་ཕྱོགས་བཞིའོ།། དེ་ལ་གནས་པས ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ཏེ་དེ་ལ་ཕུལ་བར་གྱུར་པའོ།། བ་ལང་གི་སྤུ་དག་དང་བ་ལང་གི་སྤུ་དང་འདྲ་བ་ནི་བ་ལང་གི་སྤུ་འདྲ་སྟེ། དེ་དང་འདྲ་བར་རོ།། ཇི་ལྟར་བ་ལང་གི་སྤྱི་འདྲ་བར་སྐྲ་འདྲེག་པར་བྱེད་པ་དེ་བཞིན་དུ་བྲེག ་པར་མི་བྱའོ།། གསང་བའི་ཕྱོགས་ནི་མདོམ་སོ།། དགེ་བའི་ཕྱོགས་ཞེས་བྱ་བ་ལ་དགེ་བ་ནི་མྱ་ངན་ལས་འདས་པ་སྟེ། ཐར་པ་ནི་དོན་དམ་པར་དགེ་བའོ།། ཞེས་གསུངས་པའི་ཕྱིརརོ།། དེའི་ཕྱོགས་ནི་མི་གཙང་བ་ནས་བརྩམས་ཏེ། ཟད་པ་ཤྲེ ་པའི་བར་དུའོ།། དེའི་བྱེད་པ་ནི་བསྒྲུབ་པར་བྱེད་པ་འམ། དེའི་མངོན་པར་སྦྱོར་བའོ།། བྱིན་པ་དང་ཡན་ལག་བརླའི་སྤུ་བྲེགས་ནུས་སམ་ཞེས་བྱ་བ་ལ་སོགས་པ་ལ། བྲེག་ནུས་སམ་ཞེས་བྱ་བ་ནི་ཀུ་རེ་བྱེད་པ་ནི་ཕན་ཚུན་རྣམ་པར་རྩེ་བའོ། ་ཡང་དག་པར་རྩེ་བར་བྱེད་པ་ནི་ལག་པ་འདྲེན་པར་བྱེད་པ་ལ་སོགས་པས་དགའ་བོར་བྱེད་པའོ།། ཀུན་ནས་ཅ་ཅོ་འདོན་པར་བྱེད་པ་ནི་སྒྲ་མཐོ་ལ་མི་གསལ་བ་འདོན་པའོ།། ལུས་དང་ངག་གིས་འཕྱིར་གཡེང་ལས་བྱེད་པ་ནི་འཕྱར ་བ་ཡིན་ལ་དེ་ཉིད་རྒྱུན་མི་ཆད་པར་བྱེད་པ་ནི་གཡེང་བའོ།། ལུས་ལ་བརྡེག་པ་ནི་ཀུན་ནས་ཚོགས་པའི་སེམས་ཀྱིས་ལུས་ལ་བསྣུན་པའོ།། ཉེས་པ་ལྷག་པར་སྤྱོད་པ་ལ་ངོ་ཆེ་བ་གང་ལ་ཡོད་པ་དེ་ནི་འདིར་ངོ་ཚ་བ་དང་ལྡན་པར་རིག་པར ་བྱའོ།། བག་མེད་པ་ལྷག་པར་སྤྱོད་པའི་ཉེས་པ་ལ་ཕྱིར་གདུང་ཞིང་གཉེན་པོ་བྱེད་པའི་ངང་ཚུལ་ཅན་ནི་འགྱོད་པ་དང་ལྡན་པའོ།། བསླབ་པ་ཡོངསུ་སྐྱོང་བ་ལ་མངོན་པར་དགའ་བ་དང་བཅས་པ་གང་ཡིན་པ་དེ་ནི་བསླབ་པ་འདོད་པའོ།། ་དྲོན་པ་ཉེ་བར་གཞག་པ་ནི་ཕན་ཚུན་ལུས་ལ་རེག་པ་ཡོངསུ་སྤང་བའི་ཕྱིར།། གཏུར་བུ་ནི་ཆོས་གོས་ཀྱི་སྣོད་དོ།། བཏིང་བ་ཞེས་བྱ་བ་ནི་རྩ་ལ་སོགས་པའི་གཞི་ལའོ།། གནས་ནི་འདུག་པར་བྱ་བའི་དོན་གྱི་གཞིའོ།། གྲང་བས་ཉེན་པ ་གྱུར་ཏོ་ཞེས་བྱ་བ་ནི་གནོད་པར་གྱུར་པ་ལ།། རྗེ་སྲིང་བྱིན་པའི་བར་དུ་ཞེས་བྱ་བན་ཇི་སྲིད་དུ་དགེ་སློང་དག་གི་ལུས་ལ་ཁྱབ་པར་གྱུར་པའི་བར་དུའོ།། བཀབ་པ་ན་ལགས་པར་བཀབ་པའོ།། ཅིག་ཏུ་བརྩོན་པ་ཞེས་བྱ་བ་ནི་བསྐྲུན ་པབ་ལ་གཅིག་ཏུ་ངེས་པར་བརྩོན་པ་སྟེ། འབད་པ་དང་ལྡན་པའི་སྐྱེས་བུ་གང་ཡིན་པ་དེ་ནི་གཅིག་ཏུ་བརྩོན་པ་འམ། ཡང་ན་གཅིག་ཏུ་བརྩོན་པར་བྱེད་པས་ན་གཅིག་ཏུ་བརྩོན་པར་བྱེད་པ་སྟེ། གང་ཟག་གི་ཡིད་ལ་གནས་པའི་བསྟན་པ་དེ་ལ ་ཡང་གཅིག་ཏུ་བརྩོན་པ་ཞེས་བྱའོ།། བདེ་བ་ཡང་དག་པར་སྐྱེས་པ་འདི་ལ་ཡོད་པས་ན་བདེ་བ་དང་ལྡན་པའོ།། ཆོས་མངོན་པར་བརྗོད་པར་བྱེད་པའི་ཕྱིར་ཆོས་སྨྲ་བ་སྟེ། དེ་དྲན་པའི་ཡུལ་དུ་འོངས་པར་འགྱུར། ཞེས་བྱ་བའི་ཐ་ཚིག་གོ་འཕྱ ་བ་ནི་ཉེ་བར་རྒོད་པའི་ཚུལ་གྱིས་སོ།། རབ་ཏུ་བྱུང་བ་ལས་བབས་སམ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ཡང་དག་པར་ཐོབ་པ་ཡོངསུ་བཏོང་བར་གྱུར་པའོ།། རབ་ཏུ་ཞེས་བྱ་བའི་ཚིག་ནི་ལུས་ཀྱིས་རེག་པ་ཡོངསུ་སྤོང་བར་བྱ་བའི་ཕྱིརརོ།། ། ་གསོ་བྱེད་པ་ཞེས་བྱ་བ་ནི་གོས་འཚོང་བ་སྟེ། རང་གི་ཁྱིམ་དུ་སྦྲུལ་མ་བཀོལ་བ་འམ་ཚོང་འདུས་སུ་བྱས་པ་འམ། འཐག་པའི་ལག་གིས་གོས་དག་བྱེད་པ་གང་ཡིན་པོ་དེ་ལ་དེ་སྐད་ཅེས་བྱའོ།། ནོར་རྫས་ཀྱིས་བསྒྲུབས་པའི་གཙུག ་ལག་ཁང་ནི་རྫས་ལས་བྱུང་བ་དེ་ཉིད་དེ། དེ་བསྲུང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་བཞུགས་པའོ།། ནང་དུ་ཡང་དག་པར་འཇོག་པར་བཞེད་པ་ཞེས་བྱ་བ་ནི་དབེན་པར་སྙོམས་པར་འཇུག་པའི་བདེ་བས་བཞུགས་པར་བཞེད ་པའོ།། གཙུག་ལག་ཁང་དེ་ཉིད་དུ་མངོན་དུ་ཕྱོགས་ནས་བསོད་སྙོམས་བླངས་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་བསོད་སྙོམས་མངོན་པར་བླངས་པའོ།། ཁྲོས་པ་ནི་ཞེ་སྡང་གི་ཀུན་ནས་དཀྲིས་པས་ཁྱབ་པའོ།། ཟོང་ནི་བཙོང་བར་བྱ ་བའི་དངོས་པོའོ།། གདུགས་ནི་རབ་ཏུ་གྲགས་པའོ།། ཡུ་བ་རིང་པོ་ཞེས་བྱ་བ་ནི་ཤིན་ཏུ་གདུགས་ཀྱི་ཡུ་བ་རིང་པོར་གྱུར་པའོ།། ནོར་ཅན་ནི་མཁར་གྱི་དབང་ཕྱུག་ཡིན་ལ། ཚོང་དཔོན་ནི་ཚོང་པའི་གཙོ་བོ་ཉིད་དུ་དབང་བསྐུར་བར་གྱུར་པའོ།། ཡུལ་ནས་ཡུལ ་གཞན་དུ་དོན་མཐུན་དག་གང་གིས་ཁྲིད་པར་བྱེད་པ་དེ་ནི་དེད་དཔོན་ནོ།། ཁ་ཅིག་ནི་ལུས་ལ་བརྩིབས་ཞེས་བྱ་བ་དེ་བས་ན་རང་གི་ལུས་ཀྱི་ཚད་དུ་གདུགས་ཀྱི་ཡུ་བ་བྱའོ་ཞེས་བྱ་བ་དང་། ཁ་ཅིག་ནི་གདུགས་ཀྱི་རྩིབས་ཀྱི་ཚད་དུ་ཞེས་ཟེ་རོ།། རུང་ང་བྱེད་དུ་གནང་བ་ནི ་ཟག་ཉེ་བའི་ཟང་ཟོང་དང་། རེག་པར་འགྱུར་བ་ཡོངསུ་སྤང་བའི་ཕྱིར།། འཇིག་རྟེན་རྒྱང་ཕན་ནི་མེད་པ་པའི་གཞུང་ལུགས་ཡིན་ལ། དེ་འདོན་པའི་ཕྱིར་འཇིག་རྟེན་རྒྱད་པན་པའོ།། རྩོད་པ་ནི་ཚིག་རྣམ་པར་དཔྱོད་པའོ།། རྩོད་པའི་གནས་ཞེས་བྱ་བ་ནི་འདྲི་བ་པོ་ཀུན ་ནས་ཚོགས་པར་བྱེད་པའོ།། ཕྱོགས་དང་ཕྱོགས་ཅིག་ཤོས་ནི་ཕྱོགས་སྔ་མ་དང་ཕྱི་མའོ།། གསར་དུ་ལྷག་པ་ཉིད་ཀྱི་མཆོད་པར་བྱས་པ་ནི་གསར་དུ་འོངས་པའོ།། མི་རིགས་པ་ནི་རྗེ་སུ་དཔག་པ་དང་འགལ་བའོ།། མི་འདྲ་བ་ནི་སྔ་ཕྱི་འགལ་བའོ།། མི་འཐད་པ་ནི ་མངོན་སུམ་དང་། གྲགས་པ་དང་། རང་གི་ཚིག་དང་འགལ་བའོ།། བྱིས་པ་ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་ལ་སོགས་པ་བྱ་བར་མ་གྱུར་ཅིང་མི་ཁས་པས་ན་བྱིས་པའོ།། བསླབས་པར་གྱུར་ན་ཡང་བརྟེན་པར་མི་ནུས་པ་ནི་གླེན་པའོ།། གཞན་ལ་སྟོན ་པར་བྱེད་པའི་ནུས་པ་མེད་པ་ནི་མི་གསལ་བའོ།། དངོས་པོ་དེ་ཁོ་ན་ཉིད་རྣམ་པར་འབྱེད་པའི་སྒོ་ནས་རྣམ་པར་བཞག་པའི་ཕྱིར་ནུས་པ་མེད་པ་ནི་མི་ཤེས་པའོ།། མི་འདོད་པ་ཞེས་བྱ་བ་ནི་ཤིན་ཏུ་མྱུར་བར་འགྲོ་བའི་ངང་ཚུལ་ཅན་ནོ།། བདེ་བའི་དུས་ནི་སྔ ་དྲོའོ།། བདེ་བ་སྦྱོར་དང་གོ་རིམ་སྒྲོ་བཏགས་ནས་འདོན་པའི་ཕྱིར་བརྩམ་སོ་ཞེས་བྱ་བ་ནི་ཇི་ལྟར་བྲམ་ཟེའི་རིག་བྱེད་ཀྱི་ཚིག་དང་གོ་རིམ་གྱི་རིམ་པའི་ཚིག་དེ་དང་གོ་རིམ་དེ་ལ་སྒྲོ་བཏགས་ནས་རིག་བྱེད་དང་འདྲ་བར་འདོན་པའི་ཕྱིར་བརྩམ་པའོ།། བར་བར་དུ་གཞུང ་བབརྗེརྗོད་པ་ནི་གཞུང་ཁྲལ་ཁྲལ་དུ་གྱུར་པའོ།། ཉམས་པ་ནི་ངག་ཉམས་པའི་སྒོ་ནས་ཉམས་པར་གྱུར་པའོ།། ངེས་པའི་ཚིག་ནི་དཔེར་ན་འགྲོ་བའི་ཕྱིར་བ་ལང་དང་། སའི་སྟེང་དུ་སྒྲ་སྒྲོག་པའི་ཕྱིར་རྨ་བྱ་དང་། གཟུགསུ་རུང་བས་ན་གཟུགས་དང་། རྣམ་པར ་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། ཡུལ་དང་ཡུལ་གྱི་ངེས་པའི་ཚིག་གཞན་ཏེ། རྣམ་པ་གཞན་དུ་ན་ཡུལ་དེ་ན་གནས་པ་དག་གིས་སངས་རྒྱས་ཀྱི་ཚིག་བསྟན་པ་ཉིད་དུ་ནུས་པར་མི་འགྱུར་བ་དེའི་ཕྱིར་ཡུལ ་དེ་ན་རབ་ཏུ་གྲགས་པའི་ངེས་པའི་ཚིག་གིས་སངས་རྒྱས་ཀྱི་ཚིག་བརྗོད་ཅིང་བསྟན་པར་འགྱུར་གྱི། སྐད་དེ་དག་ལ་ཚིག་དང་གོ་རིམ་ལ་སོགས་པ་རྣམ་པར་འགྱུར་བ་དེ་མེད་པ་ནི་དེ་དག་ལ་སངས་རྒྱས་ཀྱི་ཚིག་བསྟན་པར་མ་ནུས་པ་དེ་བས་ན ་སྐད་དེ་དང་རྗེསུ་མཐུན་པའི་ཚིག་དང་གོ་རིམ་གྱིས་སངས་རྒྱས་ཀྱི་ཚིག་བརྗོད་ཅིང་བསྟན་པར་འགྱུརརོ།། བགྲོད་པར་བྱ་བ་མ་ཡིན་པར་སོང་བ་ནི་གནས་མ་ཡིན་པར་འཇུག་པ་སྟེ། གང་གི་ཕྱིར་ཁོ་བོ་ཅག་དེ་དག་གིས་ཟིལ་གྱིས་གནོན་པར་མི་འགྱུར ་བའོ།། མི་དགའ་བར་བྱའོ་ཞེ་བྱ་བ་ནི་བྱ་བ་མ་ཡིན་པ་ལ་འཇུག་པར་བྱའོ།། སྣོད་སྤྱད་མང་བ་ཞེས་བྱ་བ་ལཾ་སོགས་པ་ལ་གང་ལ་འཇོག་བྱེད་པ་སྒྲོག་མ་ལ་སོགས་པ་དེ་དག་ནི་སྣོད་སྤྱད་དོ།། ཡོ་བྱད་ནི་བཞག་པར་བྱ་བའི་རྫ་སོ།། སེང་གེ་ལྟར་བརྩེ་བ་མེད་པ ་ཞེས་བྱ་བ་ནི་ཇི་ལྟར་སེང་གེས་ཟོས་པའི་ལྷག་མ་སྤངས་པར་གྱུར་ནས་འགའ་ཞིག་ཏུ་ཡང་ཟ་བར་མི་བྱེད་པ་དེ་བཞིན་དུ་དགེ་སློང་གིས་བརྩེ་བ་མེད་པར་མི་བྱ་སྟེ། འོན་ཀྱང་བཟོད་པར་འོས་པ་ཡིན་པའི་ཕྱིར་བཟོད་པར་བྱ་བ་ཡིན་ནོ།། མུན་པ་རབ ་ཏུ་གནོག་པ་ཞེས་བྱ་བ་ནི་མུན་པ་འཐུག་པོ་དང་ལྡན་པར་གྱུར་པ་ན་ཞེས་བྱ་བའི་ཐ་ཚིགོ།། དལ་གྱིས་ཞེས་བྱ་བ་ནི་ཤིན་ཏུ་དྲག་པོར་མི་འབབ་པའི་ཕྱིར་རོ།། ཅུང་ཟད་ཅུང་ཟད་ཅི་བྱ་བ་ནི་དུས་ཀྱིས་ཆོད་ཅིང་ཆོད་ཅིང་འབབ་པའི་ཕྱིརོ།། འབབ་པར་གྱུར་པ་ན ་ཞེས་བྱ་བ་ནི་བརླན་པར་གྱུར་པ་ནའོ།། ཆོས་ཉིད་ཅེས་བྱ་བ་ནི་དེ་གནོད་མི་ཟ་བར་འགྱུར་བའོ།། དངོས་པོ་ཐམས་ཅད་ཐུགསུ་ཆུད་པའི་ཕྱིར་སངས་རྒྱས་ཡིན་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་བཅོམ་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་སོ།། ་ནང་དུ་ཡང་དག་བཞག་པ་ནི་དབེན་པར་བཞུགས་པའོ།། འཇིགས་པ་ནི་སྤངས་པའོ།། འཇིགས་སུ་རུང་བ་ནི་འཇིགས་པའི་རྒྱུ་མཚོན་ནོ།། སྡང་བ་ནི་སྤོབས་པ་ཉམས་པའོ།། བ་སྤུ་ལྡང་བ་ནི་འཇིགས་པའི་རྒྱུ་སྔོན་དུ་སོང་བ་ཅན་གྱི་བ་སྤུ་ལྡང་བའོ།། ་རྣམ་པར་དག་པའི་ཆོས་སུ་འགྱུར་རོ།། ཞེས་བྱ་བ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བར་འགྱུར་བའོ།། གོས་བུ་ཅན་ནི་རས་སྤུ་ཅན་ལ་སོགས་པའོ།། ལ་བའི་མཆོག་ཅེས་བྱ་བ་ནི་ཡུལ་པར་རིག་ལས་བྱུང་བ་ཤིན་ཏུ་རིན་ཆེ་བ་དང་མཐུག་པ་འཛུབ་ཀྱི ་ཆད་པས་ལྷག་པའི་སྤུ་ཅན་ལ་ལ་བའི་མཆོག་ཅེས་ཐ་སྙད་དུ་བཏགས་པ་ཡིན་ཏེ། ཤིན་ཏུ་ཆེ་བ་ཉིད་དང་། ཉུང་བ་མ་ཡིན་པ་ཉིད་ཀྱིས་གང་ཟག་ལ་བཀག་པ་མཚོན་པར་བྱ་བ་ཡིན་ཏེ། གང་གི་ཕྱིར་རུང་བ་མ་ཡིན་པ་ནི་རང་ཉིད་ལ ་བཀག་པ་ཡོད་པའི་ཕྱིརརོ།། འཛིན་པར་བྱེད་པའི་ཐབསུ་གྱུར་པ་དེ་ནི་སྒེག་གུའོ།། གང་གིས་འཛིན་པ་ད་ནི་སྒྲོག་མདུད་དོ།། སྐ་རགས་ནི་ཤུར་བུར་རབ་ཏུ་གྲགས་པའོ།། དྲ་བའི་རྣམ་པ་ལྟ་བུ་མིག་ཕྲ་མོ་ཅན་ནི་ཤུར་བུར་ཕྲེའུའོ།། སྲད་བུ་ཟུར ་བཞི་པ་ནི་ལྕག་པོད་དོ།། །། བམ་པོ་བཞི་པ།། ཞལ་ཏ་པ་ནི་བྱ་བ་བྱེད་པ་སྟེ། གྲོང་ལ་སོགས་པའི་ལས་སེམས་པར་བྱེད་པའི་ཕྱིར་རོ།། བྲམ་ཟེའི་བུ་ཞེས་བྱ་བ་ནི་བྲམ་ཟེ་ལོ་བཞི་བཅུ་མ་ལོན་པ་ལ་འདིར་བྲམ་ཟེའི་བུའི་སྒྲས ་བསྟན་པ་ཡི་ནོ།། དཔྱན་ར་མ་ཞེས་བྱ་བ་ནི་ཡུལ་ལས་བྱུང་བར་རབ་ཏུ་གྲགས་པའོ།། རྨ་སྐྱེད་ན་ཤོ་གམ་དང་གྲུ་བཙས་ལ་སོགས་པ་ལས་བྱུང་བའོ།། ཉི་མ་ནི་ཚེས་གཅིག་ལ་སོགས་པའོ།། ཆོས་གྲངས་ནི་ཟླ་ལྷག་ལ་སོགས་པའོ།། མྱུར་བར ་ཡོངསུ་གཅོད་པར་བྱེད་པ་ནི་སྒྲིན་ཞིང་མྱུར་བའོ།། སྤྱིར་བྱ་བ་དང་བྱ་བ་མ་ཡིན་པ་ཡོངསུ་གཅོད་པས་ན་མཁས་པ་ཞེས་བྱ་བའོ།། རྩ་བ་ནི་གླ་སྒང་ལ་སོགས་པའོ།། སྡོང་བུ་ནི་སླེ་ཏྲེས་ལ་སོགས་པའོ།། ལོ་མ་ནི་བལ་བུའི་ལོ་མ་ལ་སོགས ་པའོ།། མེ་ཏོག་ནི་ཀླུ་ཤིང་གི་མེ་ཏོག་ལ་སོགས་པའོ།། འབྲས་བུ་ནོ་སྨན་ཨ་རུ་ར་ལ་སོགས་པའོ།། མང་དུ་བཏུས་ཏེ་ཞེས་བྱ་བ་ནི་གཞོན་པའི་ཕྱིར་དང་། བློ་དང་ལྡན་པས་མ་ལུས་པར་བཏུད་ནས་སོ།། དགའ་བ་ནི་ཡིད་དགའ་བའོ།། མགུ་བ་ནི ་དགའ་བའི་བྱེ་བྲག་གོ།། སྐལ་ཆུང་བ་ནི་བསོད་ནམས་ཆུང་བར་གྱུར་པའོ།། ལག་པའི་མཐིལ་ཏེ་ལག་པའི་དཀྱིལ་ན་ལྕགས་ཀྱུའི་རྣམ་པ་དང་། འཁོར་ལོའི་རྣམ་པ་དང་། ཕྲེང་བའི་རྣམ་པ་ལྟ་བུའི་རི་མོ་གང་ལ་ཡོད་པ་དེའི་ཕྱིར་ན་རྒྱལ་པོར་འགྱུར་ཏེ།། ། ་བདག་པོ་ཉིད་དུ་འཛིན་པར་བྱེད་དོ།། ཤས་རྒྱས་པའི་བཞིན་མཚན་ཐམས་ཅད་དང་ལྡན་པ་ལ་ཞིང་དང་འདྲ་བ་ཞེས་བྱའོ།། གང་གི་རྐང་མཐིལ་ལ་གྲོང་ཁྱེར་དང་རྩིག་པའི་རྣམ་པ་ལྟ་བུའི་རི་མོ་ཡོད་པའོ།། རྟ་བབས་ནི་རྩ་བའི་སྒོ་ལས་ཕྱི ་རོལ་གྱི་རྩིག་པ་མ་གཏོགས་པར་ཤིང་གཉིས་བསྒྲེངས་པ་ལ་ཤིང་གཅིག་གིས་སྟེང་ནས་བཀབ་པ་སྒོའི་རྣམ་པ་ལྟ་བུ་ཡིན་ཏེ། འདིའི་མིང་གཞན་ནི་སྒོ་དང་པོ་ཞེས་བྱ་བ་ཡིནོ།། དོགས་པ་མེད་པས་སོང་ཞིག་ཅེས་བྱ་བ་ནི་བྱ་བ་མེད་པར ་གྱུར་པས་སོ།། རེག་བྱ་དང་ལྡན་པ་ཞེས་བྱ་བ་ནི་སྨྱོ་བོ་གཞན་དང་ཐུན་མོང་མ་ཡིན་པ་ཁྱད་པར་དུ་འབྱུགས་པ་ལ་འདིར་རག་བྱར་བསྣམས་པའོ།། རྗེ་བོ་ནི་བདག་བྱའོ།། མི་སྙན་པ་སྒྲོགས་པར་འགྱུར་གྱིས་ཞེས་བྱ་བ་ནི་གྲགས་པ་མ ་སྨོན་པ་དང་ལྡན་པ་ཉིད་ཀྱིས།། གཅིག་ནོས་གཅིག་ཏུ་ཐོས་ཏེ་ཞེསྱཻ་བྱ་བ་ནཱི་མཐརརྱ་གྱིས་གཏམཱཾ་ཟོས་པར་གྱུར་ཏཱིའོ།། དཔྱོང་གི་ཚོགས་ནི་དཔུང་གི་འདུས་པའོ།། ཡན་ལག་བཞི་སྟེ། གླང་པོ་དང་། རྟ་དང་། ཤོང་རྡྷ་དང་། རྐང་ཐ ་མིང་ཅན་གང་ལ་ཡོད་པ་དེ་ནི་ཡན་ལག་བཞི་དང་ལྡན་པའོ།། སྐྱེ་བོ་མོང་པོའི་སྒྲ་མི་བསལ་བ་ནི་ཅ་ཅོའི་སྒྲའོ།། ཁྲི་ལམ་ཞེས་བྱ་བ་ལ་སོགས་པ་ལ་ཡིམ་པོ་ཆེ་གང་ལ་ཤིང་རྟ་བསྤྱོད་པར་ནུས་པ་དེ་ནི་ཝཾ་ལམ་མཾ།། ཤིང་རྟ་སྦུར་དུ ་རུང་བའི་ལམ་པོ་ཆེ་ནི་ཚོང་དུས་ཀྱི་སྲུང་ངོ་།། བཞི་མདོ་ནི་ཁྲི་ལམ་གྱི་སྣའི་ལམ་ཁ་བྲག་བཞི་པའོ།། སུམ་མདོ་ནི་ཁྲི་ལམ་གྱི་སྣའི་ལམ་ཁ་བྲག་གསུམ་པའོ།། དྲིལ་བསྒྲགས་ཏེ་ཞེས་བྱ་བ་རྒྱལ་པོའི་བཀས་དམ་བཅས ་པ་དྲིལ་བཀྲོལ་ཞིང་བཀྲོལ་ཞིང་སྒྲོགས་པར་བྱེད་པ་གང་ཡིན་པ་དེ་ནི་དྲིལ་བསྒྲགས་པའོ།། གྲོང་ན་གནས་པས་ན་གྲོང་མི་རྣམས་སོ།། དཔལ་ཡང་དག་པར་སྐྱེས་ནས་ཞེས་བྱ་བ་ནི་དཔལ་ཚ་བ་ཉིད་དམ་སྔ་ན་མེད་པའི་དཔལ་བྱུང་ནས་སོ།། ་ཆུང་ཉིད་དུ་བྱས་ནས་བདག་ཉིད་ཀྱི་ཁྱིམ་དུ་ཕྱིན་པར་བྱེད་པ་ནི་ཁྲིད་པར་བྱེད་པའོ།། སྨད་པར་བྱ་བའི་བདག་པོ་ཡིན་པས་ན་ཁྱིམ་ཐབ་སྟེ་བྲན་མོའི་ཁྱིམ་ཐབ་བོ།། བུ་ཟ་བར་བྱེད་པས་ན་པུ་ཟན་མོ་སྟེ་སྲིན་མོའོ།། ཁ་ཅིག་ནི་དེའི ་བུ་མོ་མཁའ་འགྲོ་མ་ལ་བུ་ཟན་མོ་ཞེས་ཟེར་རོ།། དེ་བལྟ་བར་བགྱི་ཞེས་བྱ་བ་ནི་དེ་བལྟ་བའི་འདོད་པ་དང་བཅས་པའོ།། ཕན་ཚུན་མཐོང་བར་མོས་པ་ནི་ཕྲད་པའི་བརྩོན་པ་དང་ལྡན་པའོ།། དཀའ་བ་ནི་སྦེད་པར་གྱུར་པའོ།། དུབ ་བར་གྱུར་པ་ལས་ངལ་བ་གང་ཡིན་པ་དེས་བསྐྱེད་པའི་ལེ་ལོ་ནི་ཀུནྡ་ནས་བསྐྱེད་པའི་ལེ་ལོའོ།། ཉེས་དམིགས་ཞེས་བྱ་བ་ནི་ཉེས་པར་གྱུར་པའོ།། ཁྲོ་བ་ཞེས་བྱ་བ་ནི་འཁྲུགས་པའི་ངང་ཚུལ་ཅན་ཏེ་རྩའི་མེ་དང་འདྲ་བས་སྐད་ཅིག ་གིས་འབར་བར་བྱེད་པའི་ཕྱིརརོ།། ཁོན་དུ་འཛིན་པ་ཞེས་བྱ་བ་ནི་མདུད་པར་འཛིན་པའོ།། སྙིང་རིངས་པ་ཞེས་བྱ་བ་ནི་ཡིད་བརྟན་པ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱི་རོ།། ཕན་བཏགས་པ་བརྗེད་པའི་ཕྱིར་བྱས་པ་མི་བཟོ་བའོ།། དུག་རྣོ་བ་ཞེས་བྱ་བ་ནི ་དུག་ཕྱིར་གསོ་བར་མི་ནུས་པ་ཉིད་ཀྱི་ཕྱི་རོ།། བུད་མེད་ཀྱི་ཡུལ་གྱི་འདོད་ཆགས་དྲག་པ་ནི་དུག་རྣོ་བ་ཞེས་བྱའོ།། དགེ་བའི་རྩ་བ་བསགས་པ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་བསྐྱེད་པའོ།། སློབ་པའི་སློབ་དཔོན་ནི་སློབ་དཔོན་དང་མཁན་པོ་ལ་བྱ་སྟེ། དེ་གཉིས ་མེད་པར་རང་གི་བློ་དང་ནུས་པས་ཞེས་བྱ་བའི་བར་དུའོ།། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ། ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་ནི་བྱང་ཆུབ་ཡིན་ལ་དེའི་ཕྱོགས་ནི་དེ་དག་གི་ཕྱོག་སུ་གྱུར་པས་ན་ཕྱོགས་ཏེ་ཡང་སུམ་ཅུ་རྩ་བདུན་ནོ།། འདི་ལྟ་སྟེ་དྲན་པ ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ།། དེ་མངོན་དུ་བྱས་བུ་ནི་བསྐྱེད་པའོ།། ་མངོན་སུམ་དུ་བྱས་ཞེས་བྱ་བ་ནི་ཡེ་ཤེས་དང་ཐོབ་པ་མངོན་སུམ་དུ་བྱས་པའོ།། འབར་བ་ནི་ལུས་ལས་མེ་སྦར་བའོ།། གསལ་བ་ནི་འོད་འཕྲོ་བའོ།། ཆར་འབབ་པ་ནི་ཆུ་འབབ་པའོ།། གློག་འགྱུ་བ་ནི་གློག་འཕྲོ་བ་སྟེ། རེ་རེས་ཀྱང་སོ་སོའི་སྐྱེ་བོའི་སེམས ་འཕྲོག་པར་བྱེད་ཅིང་འདྲེན་པར་བྱེད་པའི་ཕྱིར་ཆོ་འཕྲུལོ།། ཉོན་མོངས་པའི་འཆིང་བས་བཅིངས་པ་དག་ནི་འཕགས་པ་དག་ལས་ཐ་དད་པར་གྱུར་པའི་ཕྱིར་སོ་སོ་སྐྱེ་བོ་དག་གོ།། བསོད་སྙོམས་ནི་ལུས་གནས་པ་བསྒྲུབ་པར་བྱེད་པའོ།། རྗེའི་སྲས་ཞེས་བྱ་བ་ལ། ་ཁྱིམ་བདག་གི་ཕ་ལ་འདིར་རྗེ་བོ་ཡིན་པར་རིག་པར་བྱ་བ་ཡིན་ལ་དེའི་བུ་ནི་རྗེའི་སྲསོ།། ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་ནི་བདག་ཉིད་ཆེན་པོའོ།། བརྟུལ་ཞུགས་ཀྱི་འབྲས་བུ་ཐོབ་པའི་ཕྱིར་བརྟུལ་ཞུ་གས་གྲུབ་པའོ།། གསོ་བ་ནི་བསྐྱོད་པའོ།། ་གཟུགས་བཟང་བ་ནི་ཁ་དོག་གི་སྒོ་ནསོ།། བལྟ་ན་སྡུག་པ་ནི་དབྱིབས་ཀྱི་སྒོ་ནསོ།། མཛེས་པ་ནི་སེམས་དང་བ་བསྐྱེད་པའོ།། གཞི་བརྟག་པ་ནི་ཞིང་དང་ཁྱིམ་དང་ས་གཞི་བརྟག་པ་དག་ཡིན་ཏེ། ས་གཞི་བཀྲ་ཤིས་པར་སྤྲོ་བར་བྱ་བ་དང་། ་བཀྲ་ཤིས་པ་མ་ཡིན་པར་སྤྲོ་བར་བྱ་བ་དེ་བས་ན་བརྟགས་པར་བྱ་བ་ཡོནོ།། གོས་དག་ཡོན་ཏན་དང་ལྡན་པ་དང་། ཡོན་ཏན་མེད་པར་འགྱུར་བ་དེའི་ཕྱིར་བརྟག་པར་བྱ་བ་ཡིནོ།། ཤིང་ཡང་བྱ་བ་དུ་མ་ལ་མཁོ་བའི་ཕྱིར། ནང་དུ་མ་ཞི་བར་བྱེད་པ་དང་། གསེར ་ལ་སོགས་པའི་རིགས་ལས་ཡོད་པས་ན་བརྟག་པར་བྱ་བ་ཡིནོ།། གླང་པོ་དང་། རྟ་དང་། རིན་པོ་ཆེ་དང་། སྐྱེས་པ་དང་། བུད་མེད་བརྟག་པར་བྱ་བ་ཡིན་ཏེ། དགོས་པ་ནི་རབ་ཏུ་གྲགས་པ་ཡིནོ།། འབྱེད་པ་ཞེས་བྱ་བ་ནི་མཚན་ཉིད་མཐོང་ནས་བསྟན་བཅོས་ཀྱི་སྒོར ་སྦྱོར་བ་ཉིད་དུ་ནུས་པའི་ཕྱིར་འབྱེད་པའོ།། གཞན་དག་ཀྱང་མ་ལུས་པ་ཁོང་དུ་ཆུད་པས་ན་ཀློག་པའོ།། བརྟག་པ་དེ་དག་ཉིད་མངོན་པར་ཤེས་པས་ན་མཁས་པའོ།། ལས་སུ་བྱ་བ་ཐམས་ཅད་ལ་སྦྱིན་པས་ན་སྤྱོད་པ་གསལ་བའོ།། རྒྱུད་ཐམས་ཅད ་རྒྱུད་ལ་མཁས་པ་ཞེས་བྱ་བ་ནི་བཟོ་ལ་སོགས་པ་ཤེས་པའི་ཡུལ་ཐམས་ཅད་ལ་མཁས་པའོ།། རྒྱལ་པོ་ཞེས་བྱ་བ་ནི་རྒྱལ་རིགས་སྤྱི་བོར་དབང་བསྐུར་ཞིང་རྒྱལ་ཕྲན་རྣམས་ཀྱི་སྤྱི་བོས་ཕྱག་བྱས་པར་གྱུར་པ་སྟེ། འདིས་ནི་གོ་རིམས་བཞིན་དུ ་ཐིབ་པ་ཉིད་བསྟན་པ་ཡིན་ནོ།། ལྗོངས་ཀྱི་དབང་ཕྱུག་ནི་གཙོ་བོ་ཉིད་ཡིན་ལ་དེའི་མཐུ་ནི་ནུས་པའོ།། བརྩོན་འགྲུས་ནི་སྤྲོ་བ་ཕུན་སུམ་ཚོགས་པའོ།། ཡན་ལག་ཐམས་ཅད་ལས་ཀྱང་ལྗོངས་ཀྱི་ཡན་ལག་ཤེས་རབ་ཀྱི་ནུས་པ་དང་། སྤྲོ་བས་བསླུ་བ ་དང་། སྤེལ་བ་དང་། བསྐྱང་བ་ནི་གཙོ་བོའི་ནུས་པ་ཡིན་ཏེ། གང་གི་ཕྱིར་ལྗོངས་ཀྱི་རང་བཞིན་ཡང་དག་པར་བསྐྱངས་པར་གྱུར་པ་ན། བདག་པོ་བློན་པོ་དང་། ཆད་པ་དང་། བང་མཛོད་དང་། མཁར་བ་དང་། གྲོགས་ཤེས་ཀྱི་རང་བཞིན་དུ་འགྱུར་བ་དེའི་ཕྱིར་ལྗོངས ་ཀྱི་རང་བཞིན་གྱི་དབང་ཕྱུག་ཁོ་ན་ཤེས་རབ་ཀྱི་བདག་ཉིད་དང་ནུས་པ་དང་། བརྩོན་པས་ལྷག་པར་སྤྱོད་པར་བྱའོ།། ས་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཀློག་པ་དང་། ལྗོངས་ཀྱི་དབང་ཕྱུག་ལ་གནས་པའི་གཙོ་བོ་ཉིད་དང་མཁས་པ་ཉིད་དུ་བསྟན་པ ་ཡིན་ཏེ། དོན་དེ་ཉིད་འདིར་ཡང་ཤེས་པར་བྱ་སྟེ། དེ་ནི་འདི་སྐད་དུ་ལྗོངས་ཀྱི་དབང་ཕྱུག་མིའི་བདག་པོ་དང་། རྒྱལ་ཕྲན་ལ་སོགས་པ་གང་ཡིན་པ་དེ་དག་གི་ས་ཆེན་པོའི་དཀྱིལ་འཁོར་ཉིད་གཙོ་བོ་ཁོ་ན་ཡིན་ཏེ། རྒྱལ་པོའི་རྒྱལ་པོ་ཞེས་བྱ་བའི་ཐ ་ཚི་གོ། མངོན་པར་རྒྱལ་བར་བྱས་པ་ནི་རྒྱལ་བར་གྱུར་པའོ།། གནས་པ་རྣམས་ཀྱི་ཞེས་བྱ་བ་ནི་དབང་བྱེད་པ་དང་། སྲུང་བར་བྱེད་པ་དག་གི་ཞེས་བྱ་བར་དགོངསོ།། གཟོའི་གནས་ཞེས་བྱ་བ་ནི་སློབ་པ་པོ་ཁོང་དུ་ཆུད་པའི་གཞི་ནི་གཟོའི་གནས་སོ།། ལས ་ཀྱི་གནས་ནི་སློབ་པ་དང་རྩོམ་པ་སྒྲུབ་པ་དག་ཡིན་ཏེ། གནད་ལ་སོགས་པ་ལ་ཕོག་པ་ནི་བསླབ་པའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་ལ། གླང་པོ་ཆེ་ལ་སོགས་པ་ལ་ཞོན་པའི་བསླབ་པ་དང་། བརྩལ་བའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་ནོ།། ཞེས ་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཐ་དད་པ་ཞེས་བྱ་བ་ནི་ཚུལ་སྣ་ཚོགས་པའོ།། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་ལ་ཞེན་པ་ཞེས་བྱ་བ་ནི་གནས་གཅིག་ཡིན་ནོ།། རལ་གྲིའི་ཐབས་ནི་རལ་གྲི་ལ་སོགས་པའི་འཛིན་སྟངས་ཏེ།། དེ་ལ་མཁས་པ་ཉིད་ནི ་འཛིན་སྟངས་ཤེས་པའོ།། གཞུ་ལ་མཁས་པ་ཉིད་ནི་རིག་པ་ཤེས་པ་སྟེ། འདིས་ནི་མདའ་དང་གཞུ་མཚོན་མ་ཤེས་པ་སྟེ། གནས་གཉིས་པ་བསྟན་པ་ཡིན་ནོ།། ཕྱིར་བསྣུར་བ་ནི་གཡུལ་ལས་ཕྱིར་ལོག་པའོ།། མདུན་དུ་བསྣུར་བ་ནི་རབ ་ཏུ་འཇུག་པ་སྟེ། འདི་ལ་མཁས་པ་ཉིད་ནི་གནས་གསུམ་ཡིནོ།། ལྕགས་ཀྱུ་དང་ཞགས་པ་དང་། མདའ་བོ་ཆེ་འཛིན་པ་ལ་མཁས་པ་ཉིད་ནི། མདའ་དང་མཚོན་ཆ་ཤེས་པ་ཁོ་ནའི་ནང་དུ་འདུའོ།། བཅད་པ་ནི་གོ་ཆའི་མདུད་པ་ལ་སོགས་པའོ།། ་བྲལ་བ་ནི་ཡ་ལང་ལ་སོགས་པའོ།། དབུག་པ་ནི་གནད་ལ་སོགས་པ་སྟེ། དེ་དག་ལ་མཁས་པ་ཡང་མདའ་དང་མཚོན་ཆ་ཤེས་པའི་ནང་དུ་འདུའོ།། གོམ་སྟོབས་ཀྱིས་གཡུལ་ཤེས་པ་ནི་བཞི་པའོ།། དེ་ཉིད་ཀྱང་འཛིན་སྟངས་དང་། གོམས་སྟངས་དང་ཁྲོད ་ཚུགས་ཀྱི་འཛིན་སྟངས་ལ་མཁས་པ་ཡིན་ཏེ། ཕ་རོལ་པོའི་རལ་གྲི་འམ་ཤང་ལང་གིས་རབ་ཏུ་བསྣུར་བར་འདོད་པའི་ཁུ་ཚུར་ཇི་ལྟར་གཞན་གྱིས་བརྡེག་སྤྱད་པར་འགྱུར་བ་དེ་ལྟར་འཛིན་པ་ཡིན་ལ་དཔུང་བའི་གཡུལ་ལ་གོམ་སྟངས་ཉེ་བར་མཁོ་བ་ཡིན། ་ནི། ཐོར་ཚུགས་ཀྱི་འཛིན་སྟངས་ནི་སྐུའི་འཛིན་ཐབས་ཡིན་ཏེ་གཡུལ་མང་པོ་ཁོ་ན་ཡོད་དོ།། སྒྲའི་རྗེ་སུ་འབྲངས་ནས་རྡེག་པར་བྱེད་པ་ནི་སྒྲ་གྲག་པར་ཕོག་པོའོ།། གནང་ལ་རྡེག་པར་བྱེད་པ་ནི་གནད་དུ་ཕོག་པའོ།། འཁྲུལ་པ་མེད་པར་བསྣུན་པ་ནི་མི་འཆོར ་བར་ལོག་པའོ།། གཏིང་དུ་བསྣུན་པ་ནི་ཚབས་ཆེ་བའོ།། བཅད་པ་ལ་སོགས་པས་མཚོན་ཆ་ལྟུང་བར་བྱེད་པ་ཤེས་པ་ནི་གནས་ལྔ་ཡིན་ནོ།། གཞན་དག་ནི་བཅད་པ་ལ་སོགས་པོ་གནས་གསུམ་དག་ཡིན་ལ། འཛིན་སྟངས་ལ་སོགས་པ་གནས ་བཞི་པ་ཡིན་ཞིང་། དགྲ་ལ་ཕོག་པ་ལ་སོགས་པ་གནས་ལྔ་པ་ཡིན་པར་བརྗོད་དོ།། བྲམ་ཟེའི་སྤྱོད་པ་ཞེས་བྱ་བ་ནི་བྲམ་ཟེ་ལ་རིགས་པའི་སྤྱོད་ལམ་དང་ཆ་ལུགས་ལ་བྱའོ།། ཆོ་ག་ཞེས་བྱ་བ་ནི་བྲམ་ཟེ་ལ་རིགས་པའི་སྤྱོད་པ་དང་ཚུལ་སྤྱོད་ཉིད་ཡིན ་ཏེ། རྟག་པ་དང་། འདོད་པ་པ་ཉིད་དང་། རྒྱུ་མཚན་གྱི་ལས་ངག་ལ་ནན་ཏན་དུ་བྱེད་པ་ལ་བྱ་བར་མན་ངག་བརྒྱུད་པ་ལས་བྱུང་བ་ཡིནོ།། གཙང་སྒྲ་ཞེས་བྱ་བ་ནི་གནས་སྐབས་དང་ཚུལ་མཐུན་པའི་ཡན་ལག་གི་གཙང་སྒྲ་ལ་བྱའོ།། མཚུངས་པར ་སྤྱོད་པ་ཞེས་བྱ་བ་ནི་བྲམ་ཟེ་ལ་རིགས་པ་སྔོན་དུ་ལྟུང་བ་དང་། གསོང་པོར་སྨྲ་བ་ལ་སོགས་པ་ཕན་ཚུན་ཀུན་ཏུ་ཐ་སྙད་དུ་བྱེད་པ་ཁོ་ན་ལ་བྱའོ།། རིལ་བའི་སྒྲས་ནི་བྲམ་ཟེ་དག་གིས་གཙང་སྦྲ་བྱེད་པའི་སྣོད་ཡིན་ཏེ། སྤྱི་བླུགས་ཞེས་ཀྱང་བརྗོད་པ་གང ་ཡིན་པ་དེ་གནོས་སྐྱབས་དང་རྗེསུ་མཐུན་པར་འཛིན་པ་བསླབ་པར་བྱ་འ་ཛིན་ནོ།། ཐལ་བ་ལེན་ཞེས་བྱེ་བོ་ནི་མམ་ཚོའི་བྱེ་བོ་གང་ཡིན་པ་དེའི་དོན་དུ་ལེན་པར་བྱེད་པ་ནི་བྲམ་ཟླ་ལ་རིགས་པ་ཉིད་ཡིན་ནི།། སྣས་སྤྱོང་གང་གི་ཕྱིར་ཇི་སྲིད་དུ་ཇི ་གཙང་སྦྲའི་དོན་དུ་ལེན་པར་བྱེད་པ་ཡིན་པ་དེ་བས་ན་བསྟན་པ་ཡིན་ནོ།། ཡི་གེ་ཨོཾ་དེ་ནི་བྲམ་ཟེས་བསྒོམ་པར་བྱ་བ་ཡིན་པ་དེ་བས་ནཱ་དེ་བསྒོམ་པ་དང་། རྗེ་སུ་མཐུན་པསྠཱ་ན་ཚིག་བཟུང་བར་བྱ་བ་དང་། ཡཱི་གེ་བྷྱོ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་དུས ་སུ་ལེགས་པར་སྦྱར་བས་འབོད་པ་ཡིན་པས་ན་བྲམ་ཟེ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྦྱར་བར་བྱ་བ་ཡིན་ནོ།། ངེས་བརྗོད་ཀྱི་རིག་བྱེད་ནི་ངེས་བརྗོད་ཤེས་པའི་ངག་གི་ཚིག་ཚད་ངེས་པ་དག་གོ།། མཆོད་སྦྱིན་གྱི་རིག་བྱེད་ནི་ཚད་མ་ངེས་པའོ།། སྙན ་ཚིག་གི་རིག་བྱེད་ནི་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་བསྟོད་པའི་ངག་གོ།། སྲིད་སྲུང་གི་རིག་བྱེད་ནི་སྐྱེ་དགུ་བསྲུང་བའི་ཐབ་སུ་གྱུར་པའི་ཆེད་དུ་བསྟན་པ་སྟེ། བྲམ་ཟེས་རིག་བྱེད་བཞིའི་སྒྲའི་དོན་ཡོངསུ་ཤེས་པར་བྱེད་པ་ཡིན་པ ་དང་། ལས་དང་ཤེས་པ་ལ་ངེས་པོར་སྦྱར་བོར་བྱེ་བ་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པ་ཡིན་ནོ།། དྲང་སྲོང་གརྨྨ་དང་། མོ་པ་རིའི་གཞུང་ཞེས་བྱ་བ་ནཱི་སྐཱར་མའི་བསྙེན་ཐོ་ཅོས་ཡིན་ལ།། ས་གཡོ་བ་དང་འབྲས་བུའི་རྣམ་པར་བཤད་པ་ནི་སྐར་མའི་ཌཱུའུ ་ཉིད་ཡིན་ཏེ། དེ་དག་ལ་མཁས་པའོ།། ནོང་ཞེས་བྱ་བ་ནི་བྲམ་ཟེ་དག་གིས་བསྒྲག་པར་བྱ་བ་མ་ཡིན་པའི་གཞུང་ཡིན། ངེས་བརྗོད་ཀྱང་གཞུང་དེ་དག་ཉིད་ཀྱི་བྱེ་བྲག་ཡིན་ཏེ། དེ་ལ་ཡང་མཁས་པའོ།། མཆོད་སྦྱིན་བྱེད་པ་ནི་བདག་ཉིད་མཆོད་སྦྱིན ་བྱེད་པའོ།། མཆོད་སྦྱིན་བྱེད་དུ་འཇུག་པ་ནི་ངེས་བརྗོད་མཁན་དུ་གྱུར་པའི་སྒོ་ནས་གཞན་བྱེད་དུ་འཇུག་པའོ།། འདོན་པ་ནི་བདག་ཉིད་ཀློག་པའོ།། འདོན་དུ་བཅུག་པ་ནི་གཞན་འདོན་དུ་བཅུག་པའོ།། སྦྱིན་པ་ནི་བྲམ་ཟེས་བྲམ་ཟེ་རྣམས་ལའོ།། ་ལེན་པ་ནི་བྲམ་ཟེས་རིགས་གསུམ་པོ་དག་ལ་ཏེ། དྲུག་པོ་དེ་དག་ནི་བྲམ་ཟེའི་ལས་ཡིནོ།། བརྩོན་པ་ནི་མངོན་པར་སྦྱོར་བའོ།། ཁྲོ་བ་ཆེར་སྐྱེས་ནས་ཞེས་བྱ་བ་ལ་བརྣག་མི་བཟོད་པའི་རང་བཞིན་ནོ་འདིར་ཁྲོ་བ་ཡིན་པར་རིག་པར་བྱའོ།། སྐྱེས ་བུ་གླ་བ་ཞེས་བྱ་བ་ལ་གླས་པས་བྱེད་པ་གང་ཡིན་པ་དེ་ནི་བླ་བའོ།། ནམ་ངའི་ཡབ་ལྷ་ཉིད་དུ་བཞུད་པར་གྱུར་པ་ནོ་ཞེས་བྱ་བ་ནི་རིས་མཐུན་པ་སྤངས་ནས་མཐོ་རིས་ཐོབ་པར་གྱུར་ནའོ།། ཕ་རོལ་གནོད་པའི་སྦྱོར་བས་ཞེས་བྱ་བ་ནི་གསོད ་པར་བྱེད་པའི་སྦྱོར་བསོ།། དགོན་པའི་ནགས་ཀྱི་གནས་ཞེས་བྱ་བ་ལ་སོགས་པ་ལ། གྲོང་ལས་རྒྱང་གྲགས་ཀྱི་མཐའ་ཕན་ཆད་ནི་དགོན་པ་ཡིན་ལ། ནགས་ཀྱི་གནས་ནི་ནགས་ཀྱི་ཕྱོགས་གཅིག་ཡི་ནོ།། ཁྱད་པར་དུ་མཐར་གྱུར་པ་ནི་བས་མཐའོ།། རྣལ ་འབྱོར་པ་འདི་ལོ་ཉལ་བའི་ཕྱིར་མལ་ཡིན་ལ། འདི་ལ་འདུག་པའི་ཕྱིར་སྟན་ཡི་ནོ།། གཙང་བ་ཞེས་བྱ་བ་ནི་རྣམ་པར་དབེན་པ་འམ། དག་པར་དམ་དགའ་བར་བྱེད་པའོ།། སྡིག་པའི་སྐྱེ་བོ་སྟེ་བརྒལ་དཀའ་བ་འམ། སྨད་པའི་ལས་ནི་སྡིག་པའི་སྐྱེ་བོ་ཡིན་ལ ་བྲལ་བ་ནི་མེད་པར་གྱུར་པ་སྟེ། སྡིག་པའི་སྐྱེ་བོ་གང་ལ་ཡོད་པ་མ་ཡིན་པ་དེ་ནི་སྡིག་པའི་སྐྱེ་བོ་དང་བྲལ་བའོ།། སེམས་ཅན་རྒྱུ་བ་མེད་པ་ནི་དབེན་པ་ཡིན་ལ། མི་རྣམས་ཀྱིས་དབེན་པ་ནི་མིས་དབེན་པར་གྱུར་པ་སྟེ། དེའི་ཕྱིར་བསྟེན་པར་བྱ་བ་འམ། ་ངེས་པར་སྦྱར་བར་བྱ་བ་འམ། གནས་པར་བྱ་བའོ།། ནང་དུ་ཡང་དག་འཇོག་ནི་རྣམ་པར་དབེན་པའི་ས་ཕྱོགསུ་གནས་པའི་སེམས་རྩེ་གཅིག་པ་ཉིད་དོ།། ནང་དུ་ཡང་དག་འཇོག་དང་རྗེ་སུ་མཐུན་པ་ནི་ནང་དུ་ཡང་དག་འཇོག་དང་ཚུལ་མི་ནུན་པ་ཅི་ནོ།། གནས ་མལ་ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་བྱ་བ་ཡིནོ།། གུས་པ་སྔོན་དུ་སོང་བ་ཅན་གྱི་ལུས་དང་ངག་གི་འཇུག་པ་ནི་བསྙེན་བཀུར་རོ།། ཅོད་པན་ནི་རྒྱལ་པོའི་རྟགས་ཡིན་ལ། གཙུག་ཏོར་ནི་སྒྲ་བཅིངས་པ་སྟེ། སྤྱི་བོའི་སྟེང་དུ་གཙུག་ཏོར་གྱི་རྣམ་པ ་ལྟ་བུར་བྱས་པའི་ཅོད་པན་ནམ། གཙུག་ཏོར་དེ་བླ་མ་ལ་ཉེ་བར་གཞོལ་བའི་དུས་སུ་དགྲོལ་བར་བྱ་བ་ཉིད་དོ།། གདུགས་ནི་རྒྱལ་པོ་ལ་འོས་པའོ།། རིན་པོ་ཆེས་སྤྲས་པ་གཡག་རྔ་ལས་བྱས་པའི་རྔ་ཡབ་ནི་ནོར་བུའི་རྔ་ཡབ་གོ།། ལྷམ་རི་མོ་ཅན ་ཞེས་བྱ་བ་ནི་རིན་པོ་ཆེས་སྤྲས་པ་ཉིད་ཀྱིས་རི་མོ་ཅན་ཡིན་གྱི་མཚོན་གྱིས་ནི་མ་ཡི་ནོ།། གདོང་རྒྱབ་ཕྱོགས་བལྟས་པ་ནི་གཅིག་པུས་འཇུག་པར་འདོད་པ་སྟོན་པའོ།། གསང་བའི་ལས་ནི་གཅིག་པུས་བསྒྲུབ་པར་བྱའོ།། སྒོ་དོག་པ་ནི་སྒོའུ ་ཆུང་ངོ་།། དལ་གྱིས་ཞེས་བྱ་བ་ནི་ཤིན་ཏུ་དྲག་པར་མ་ཡིན་པའོ།། ཅུང་ཟད་ཅུང་ཟད་ཅེས་བྱ་བ་ནི་ཡང་དང་ཡང་དུ་མ་ཡིན་པའོ།། བཅོམ་ལྡན་འདས་ནི་བདག་གིས་ཡུན་རིང་པོ་ཞིག་ནས་མཐོང་ངོ་།། བདེ་བར་གཤེགས་པ་ནི་བདག་གིས་ཡུན་རིང་མོ་ཞིག་ནས ་མཐོང་ངོ་ཞེས་བྱ་བ་ནི་གུས་པའི་ཕྱིར་ལན་གཉིས་བརྗོད་པ་ཡི་ནོ།། རྒྱགས་པ་དང་ང་རྒྱལ་ཤིན་ཏུ་བཅོམ་པ་ནི་འདིར་དམན་པ་ཡིན་པར་རིག་པར་བྱའོ།། ཆོས་ཀྱི་རྗེསུ་འགྲོ་བ་ཅན་ནི་ཆོས་ཀྱི་རྒྱུཅ་ནོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་ཁོ་ན་བཞིན ་མ་ཡིན་པ་མི་གསུང་བ་སྟེ། དངོས་པོ་ཇི་ལྟ་བ་དེ་བཞིན་དུ་གསུང་བ་ཉིད་ཀྱི་ཕྱིར་དང་། ཐུགསུ་ཆུད་པ་ཉིད་ཀྱི་ཕྱིརརོ།། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པ་དང་། ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་དགྲ་བཅོམ་པའོ།། ཡང་དག་པར ་འགྲོ་བ་མ་ལུས་པ་ཐུགསུ་ཆུད་པའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱསོ།། ཁྱོད་ཀྱི་ཆོས་འདུལ་བ་ལེགས་པར་གསུངས་པ་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པ་སྟོན་པའི་ཆོས་ནི་འདིར་ཆོས་འདུལ་བ་ཡིན་པར་འདོད་ལ། དེ་ཁྱོད་ཀྱིས ་ལེགས་པར་གསུངས་པ་ནི་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་བསྟན་པ་སྟེ། གང་ཡང་བཅོམ་ལྡན་འདས་ཀྱི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་བསྒྲུབ་པའི་ཕྱིར་བྱ་བར་གསུངས་པའི་བྱ་བ་དེ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར ་གྱུར་པ་ན་འབྲས་བུའི་ངེས་པ་ལ་འཁྲུལ་པ་མེད་པའི་ཕྱིར་ལེགས་པར་གསུངས་པའི་ཆོས་ཞེས་བྱ་བ་འམ། ཡང་ན་ཆོས་ནི་ལམ་ཡན་ལག་ལྔ་པ་དག་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག ་པའི་དྲན་པ་དང་། ཡང་དག་པའི་ཏིང་འཛིན་ཞེས་བྱ་བའོ།། འདུལ་བ་ནི་ལམ་གྱི་ཡན་ལག་གསུམ་སྟེ། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་ཞེས་བྱ་བའོ།། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ ་འདུན་དག་ནི་ལེགས་པར་ཞུགས་པ་ཞེས་བྱ་བ་ལ། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་མྱུར་དུ་ཤེས་པ་དང་། བདེ་བ་ལ་ཆོས་ཤེས་པ་དང་། བདེ་བ་མྱུར་དུ་ཤེས་པའོ།། ཞུགས་པ་ནི་ལམ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་བས ་སློབ་མ་དགེ་འདུན་དག་ནི་ལམ་ལ་ཡང་དག་པར་བརྟེན་པར་བྱེད་པ་ཞེས་བྱ་བའི་དོན་དོ།། ཁ་ཅིག་ཅེས་བྱ་བ་ནི་འགའ་ཞིག་གོ།། དཀའ་ཐུབ་པའི་མཁས་པ་ནི་དགེ་སྦྱོང་ངོ་།། ཁྱིམ་ན་གནས་པའི་མཁས་པ་ནི་བྲམ་ཟེའོ།། མཁས་པ་ཞེས་བྱ་བ་ནི་བྱ། ་བའི་ཕྱིར་མཁས་པའོ།། ཅི་དེ་ཡང་དག་པར་གྱུར་པའི་མཁས་པ་ཡིན་ནམ་ཞེ་ན། སྨྲས་པ། མཁས་པར་སྙེམས་པ་ནི་བདག་ཉིད་མཁས་པས་སེམས་ཤིང་ཤེས་པའི་ཕྱིར་མཁས་པར་སྙེམས་པ་ཡིན་གྱི་དོན་དམ་པར་མི་མཁས་པ་མོ་ཡིན་ནོ།། ་རབ་ཏུ་བྱ་བ་བྱས་པས་ཞེས་བྱ་བ་ནི་ཁྱད་པར་དུ་བྱས་པ་ནི་རབ་ཏུ་བྱ་བ་སྟེ། བྱ་བ་ཡང་བསྟན་བཅོས་ཉན་པ་དང་། སེམས་པ་དང་། གོམས་པར་བྱེད་པའོ།། རབ་ཏུ་བྱ་བ་གང་གིས་གོམས་པར་བྱས་པ་དེ་ནི་རབ་ཏུ་བྱ་བ་བྱས་པའོ།། གང་དུ་ཞེ་ན། སྨྲས ་པ། བཤད་པ་དང་གཞན་རབ་ཏུ་སྨྲ་བ་དག་ཏུ་སྟེ། རང་གི་གྲུབ་པའི་མཐའ་རྣམ་པར་འཆད་པར་བྱེད་པ་ནི་བཤད་པ་ཡིན་ལ། གཞན་རབ་ཏུ་སྨྲ་བ་ནི་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་བསྟན་བཅོས་ཏེ། བཤད་པ་དང་གཞན ་རབ་ཏུ་སྨྲ་བ་ནི་བཤད་པ་དང་གཞན་རབ་ཏུ་སྨྲ་བ་སྟེ། དེ་དག་ལ་མཁས་པར་གྱུར་ཅེས་བྱ་བའི་བར་དུའོ།། བྱིས་པས་གསལ་བར་ཕོག་པའི་ཚུལ་དུ་སྐྱེ་བོ་མང་པོས་བཀུར་བ་ཅན་ཞེས་བྱ་བ་ལ། ཕོག་པ་ནི་བཅད་པའོ།། གསལ་པོ་རྣམ་པར་གསལ ་བར་ཕོག་པ་སྟེགས་ལ་པོར་ཕོག་པའོ།། བྱས་པའི་གསལ་བར་ཕོག་པ་ནི་བྱིས་པས་གསལ་བར་ཕོག་པ་སྟེ། བྱིས་པས་གསལ་བར་ཕོག་པའི་ཚུལ་ཏུ་བློས་དོན་ཕྲ་བར་ཡོངསུ་གཅོད་པར་བྱེད་པ་སྐྱེ་བོ་མང་པོས་བཀུར་བ་སྟེ། འདོད་ཅིང་མངོན ་པར་འདོད་པར་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་ན་བྱིས་པ་ཞེས་བྱ་བ་ནི་སྤུའི་མིང་གི་བྱེ་བྲག་ཡིན་ལ།། དེ་གསལ་བ་ནི་སྤངས་པ་ཡིན་ཏེ། དེ་ལ་ཕོག་པ་ནི་རིང་པོར་བཀས་པ་ཡིན་ནོ།། དེ་ཉིད་ཚུལ་དེ་དཔེར་བྱེད་པ་ཡིན་པ་དེའི་ཕྱིར་སྐྱེ་བོ ་མང་པོས་བཀུར་བ་ཏེ་བསྔགས་པའོ།། བདག་ཉིད་ཀྱི་ཤེས་རབ་ཀྱི་སྤོབས་པས་ཞེས་བྱ་བ་ལ། ཤེས་རབ་ནི་ཆོས་རབ་ཏུ་དཔྱོད་པ་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་རྣམ་པར་འབྱེད་པ་ཞེས་བྱ་བའི་བར་དུའོ།། གཞན་གྱིས་ལྟ་བར་གྱུར་པ་ཞེས་བྱ་བ་ནི། ་ལྟ་བའི་རྣམ་པའོ།། རྣམ་པར་བཅོམ་པ་ནི་རྣམ་པར་བཤིག་པར་གྱུར་པའོ།། སྤྱོད་པ་ཞེས་བྱ་བ་ནི་གནས་པར་གྱུར་པའོ།། འདྲི་བ་མངོན་དུ་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བར་བྱེད་པའོ།། རྩོད་པའི་གཞུང་གཟུགས་པར་བྱའོ་ཞེས་བྱ་བ་ནི ་རྗོད་པའི་སྒྲོ་ནས་འདོད་པའོ།། མི་རིགས་པ་ནི་རྗེསུ་དཔག་བ་དང་འགལ་བའོ།། མི་འདྲ་བ་ནི་སྔ་ཕྱི་འགལ་བའོ།། མི་འཐད་པ་ཞེས་བྱ་བ་ནི་མངོན་སུམ་དང་། རང་གི་ཚིག་དང་། གྲགས་པ་དང་འགྲེལ་བའོ།། ཐོག་མར་མངོན་དུ་གྱུར་པ་ནི་གཟིགས་པའོ།། རྒྱུན ་གྱི་རྟོག་པ་ནི་རྣམ་པར་གཟིགས་པའོ།། ཡིད་དགའ་བ་ནི་སེམས་ཡོངསུ་ཚིམ་པའོ།། མངོན་པར་རངས་པ་ནི་མགུ་བར་གྱུར་པའོ།། སྐྱབསུ་སོང་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱོབ་པ་ཉིད་དུ་འཛིན་པ་སྟེ། དེ་བཞིན་དུ་ཆོས་དང་དགེ་འདུན་ལའོ།། ་བསླབ་པའི་གཞི་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའོ།། ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་དགྲ་བཅོམ་པའོ།། ཉོན་མོངས་པའི་སྒྲིབ་པ་དང་བྲལ་བར་གྱུར་པས་ན་རྣམ་པར་གྲོལ་བའོ།། དགའ་བ་ནི་ཡིད་བདེ་བའོ།། བདེ་བ་ནི་རྣམ་པར་ཤེས ་པའི་ཚོགས་ལྔའོ།། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སོ་སོར་མྱོང་ཞིང་ཉམསུ་མྱོང་བ་ལ་དེ་སྐད་ཅེས་བྱའོ།། ཅུང་ཟད་ནི་ཅུང་ཟད་དོ།། ཉམས་པ་ནི་གཞན་གྱི་དོན་བསྒྲུབ་པར་མི་ནུས་པའི་ཕྱིརརོ།། རབ་ཏུ་ཉམས་པ་ནི་རང་གི་དོན་བསྒྲུབ་པར ་མི་ནུས་པའི་ཕྱིརརོ།། སྐྱ་བོ་བསེང་བསེང་པོ་ཞེས་བྱ་བ་ནི་ནད་ལས་གྱུར་པའི་སྐམས་པ་ཞེས་བྱ་བ་ནི་ཤ་ཡོངསུ་ཟད་པའོ།། རྗུད་པ་ཞེས་བྱ་བ་ནི་བྱ་བ་བྱེད་པའི་ནུས་པ་མེད་པའོ།། མདངས་མེད་པ་ནི་ལུས་མདངས་གྱ་ནེམ་པ་མ་ཡིན་པའོ།། ་དབང་པོ་ཉམས་པ་ནི་དབང་པོ་ཞོམ་པའོ།། སྐྱེ་བོ་མང་པོས་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ཡིད་དུ་འོང་བ་ཉིད་ཡོད་པའི་ཕྱིར་སྐྱེ་བོ་མང་པོའི་མིག་གིས་ཆགས་པའི་གནས་མ་ཡིནོ།། ཞེས་བྱ་བའི་ཐ་ཚིའོ།། མངོན་པར་མི་དགའ་བ་ཞེས ་བྱ་བ་ནི་ཁྱིམ་གྱི་གནས་ལ་འདོད་པ་དང་བཅས་པའོ།། སྨད་པར་བྱ་བ་ཡིན་པས་ན་སྡིག་པ་ཡིན་ལ་འགྲོ་བ་འདོད་པར་བྱ་བ་མ་ཡིན་པར་ཐོབ་པར་འདོད་པས་ན་མི་དགེ་པའོ།། འདོད་ཆགས་ཀྱིས་གཟིར་བ་ཞེས་བྱ་བ་ནི་གཟིར་བ ་ལ་འཆི་བར་བྱེད་པ་ཡིན་ལ། འཆི་བར་བྱེད་པ་འམ་གཟིར་བ་ནི་འདོད་ཆགས་ཡིན་པ་དེའི་ཕྱིར་འདོད་ཆགས་ཀྱི་འཆིང་བས་བཅིངས་པས། འདོད་ཆགས་དང་འཆིང་བས་བདག་གཟིར་བར་གྱུར་པ་དེ་བས་ན་ཁོ་བོའི་གན་སྐྲ་བ་འདི་འདྲ་བ་འམ། གཞུང ་གཞན་ལས་ནི་འདོད་ཆགས་ཀྱི་འཆིང་བ་ཞེས་འབྱུང་བ་སྟེ། འདིར་དོན་དེ་ནི་ཡུལ་གྱིས་དབང་པོ་ཀུན་ནས་བསྐྱོད་པའི་མཚན་ཉིད་འཆི་བ་ཡིན་ལ། དེ་ཉིད་འདོད་ཆགས་ཡིན་ཏེ། ན་ཚོང་ལ་སོགས་པ་འཇོམས་པའི་རྒྱུ་ཉིད་ཡིན་པའི་ཕྱིརརོ།། བསགས ་པ་ནི་སྔ་ན་མེད་པ་བདག་གིར་བྱས་པའོ།། མང་དུ་ཐོབ་པ་ནི་རབ་ཏུ་མང་བ་དང་། རབ་ཏུ་རྒྱ་ཆེ་བ་ཞེས་བྱ་བའི་ཐ་ཚི་གོ།། མང་དུ་ཐོབ་པ་དེ་ཡང་འགའ་ཞིག་ཏུ་གྱུར་པ་དེ་དགག་པའི་ཕྱིར་སྨྲ་བ་བཀག་པ་མེད་པར་རྙེད་པ་སྟེ། སྡུག་བསྔལ་མེད་པ། ་རྙེད་པ་ཡིན་ཏེ། རྟག་ཏུ་བདག་ཉིད་ཀྱི་འདོད་པ་དང་། བདེ་བས་སོ།། ཤིན་ཏུ་མངོན་པར་དགའ་བ་ནི་རབ་ཏུ་དགའ་བའི་ཚུལ་གྱིསོ།། དབང་པོ་ཚིམ་པར་གྱུར་པ་ནི་དབང་པོ་རྒྱས་པའོ།། ཚུལ་ཁྲིམས་ཀྱི་གཟི་དང་ཡང་དག་པར་ལྡན་པ ་ཉིད་ཀྱི་ཕྱིར་བཞིན་གྱི་མདོག་གསལ་བའོ།། པགས་པའི་སྐྱོན་ཐིག་ལེ་ནག་པོ་དང་། གཉེར་མ་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་པགས་པའི་མདོག་ཡོངསུ་དང་བའོ།། འབད་པ་ཉུང་བ་ནི་བྱ་བ་ཉུང་བའོ།། གཞན་ལ་རག་ལུས་པས ་འཚོ་བའི་ཐབས་ནི་གཞན་ལ་རག་ལས་པ་སྟེ་དེ་མེད་པའོ།། ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་མཐར་ཐུག་པའོ།། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས་ལ་སོགས ་པ་ནི་སྤྱོད་པ་ཡིན་ཏེ། ཚངས་པར་སྤྱོད་པ་དང་འགྲོ་བར་བྱེད་པ་ཡིན་པའི་ཕྱིརརོ།། དེ་སྤྱོད་པར་ནུས་པ་ནི་བསྒྲུབ་པར་ནུས་པའོ།། ཚངས་པར་སྤྱོད་པ་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། རལ་པ་མེད་པ་ཉིད་ཀྱི་ཕྱིར་ཡོངསསུ་རྫོགས་པའོ།། འབྲས་བུ ་བསྒྲུབ་པའི་ཕྱིར་དང་། ཉེས་པ་མ་ལུས་པ་དང་ཡོངསུ་སྤོང་བར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཡོངསུ་དག་པའོ།། ཡོན་ཏན་སྒྲུབ་པར་བྱེད་པའི་ཐབས་ཉིད་ཡིན་པའི་ཕྱིར་ཡོང་སུ་བྱང་བའོ།། འབའ་ཞིག་ཅེས་བྱ་བ་ནི་ཐར་པ་ཐོབ་པར་བྱ་བའི་ཕྱིར་གྲོགས ་གཞན་ལ་རག་ལུས་པ་མེད་པའི་ཕྱིར་འབའ་ཞིག་གོ།། དོན་གྱི་གནས་ཞེས་བྱ་བ་ནི་གང་ལ་གནས་ན་རྒྱལ་པོའི་ནོར་སྐྱེ་བར་བྱེད་པ་དེ་ནི་དོན་གྱི་གནས་སོ།། འདོད་པའི་རྒྱུ་ནི་བག་ལ་ཉལ་མ་སྤངས་པའོ།། གཞི་ནི་ཡུལ་ལོ།། དཔུང་ནི་རྟེན་ལ་བྱའོ།། རྣམ་པར ་རྩོད་པ་ཞེས་བྱ་བ་ནི་སྐྱེས་བུ་ཁྲོ་བ་སྐྱེས་ནས་སྨྲ་བའོ།། ལོག་པར་བཟུང་ནས་ནི་སེམས་རབ་ཏུ་འཁྲུགས་པའོ།། རྩོད་པ་འབྱུང་སྟེ་ཞེས་བྱ་བ་ནི་སྣ་ཚོགསུ་སྨྲ་བ་ནི་རྩོད་པ་སྟེ། སྨྲ་བ་དང་ཕྱིར་སྨྲ་བ་ཡིན་ལ། དེ་འབྱུང་བ་ནི་ཐོབ་པར་གྱུར་པའོ།། ཉེས་པ་ནི ་སྔགས་པ་མ་ཡིན་པ་སྟེ། འགའི་ཞོག་ཁོ་ནི་གནས་ཏེ་སྐབས་སུའོ།། ཀུན་ཏུ་སྦྱོར་བར་བྱེད་ཅེས་བྱ་བ་ནི་དགེ་སློང་དག་རྩོད་པར་གྱུར་པའོ།། བསླབ་པ་བཏང་སྟེ། ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ལས་ཉམས་པ་རྗེསུ་ཐོབ་པའོ།། འཕྱ་ཞིང་སྨོད ་པ་ནི་འཕྱ་ཞིང་སྨོད་པར་བྱེད་པའོ།། ངན་པ་ཞེས་བྱ་བ་ནི་ཡོན་ཏན་དང་བྲལ་བ་ཉིད་ཀྱི་ཕྱིརོ།། གྲོང་མི་ཞེས་བྱ་བ་ནི་མི་བཤེས་པའི་སྒོ་ནས་སྨད་པའོ།། དཔལ་མེད་པ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་དཔལ་ལས་ཡོངས་སུ ་ཉམས་པའི་ཕྱིརོ།། བསད་པར་བྱ་བ་ནི་སྲོག་དང་བྲལ་བར་བྱའོ།། རྒྱ་ཆེ་ནི་འཇིག་རྟེན་ཐམས་ཅད་ལ་རབ་ཏུ་གྲགས་པའོ།། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ནི་རྒྱལ་རིགས་ཀྱི་མཆོག་ཏུ་གྱུར་པའོ།། བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་སྟེ་མཆོག ་ཏུ་གྱུར་པ་དག་མི་འོང་ཞིང་མི་སྡོད་དོ།། གུས་པ་མེད་པ་ནི་བླ་མའི་ཡུལ་ལ་གུས་པ་དང་བྲལ་བའོ།། བསྟི་སྟང་མེད་པ་ཞེས་བྱ་བ་ནི་བླ་མའི་ཡུལ་ལ་གཙོ་བོའི་བློ་དང་བྲལ་བའོ།། སྨྲ་བ་ནི་བརྗོད་པ་ཡིན་ལ་སེམས་པ་ནི་ཤེས་པར་བྱེད་པའོ།། གདུལ ་བྱའི་སྐྱེ་བོ་འཁོར་བརྒྱ་ཕྲག་མང་པོ་གང་ཡིན་པ་དེ་ནི་འདིར་བརྒྱ་ཕྲག་དུ་མ་སྟེ་དེའི་འོ།། སྙན་པ་དང་གྱ་ནོམ་པ་དག་ལས་ཤིན་ཏུ་སྙན་པ་ནི་སྙན་ལ་འཇམ་པའོ།། སྦྲང་བུས་རྣམ་པར་བསྒྱུར་བ་ནི་སྦྲང་རྩི་སྟེ། ཚིགས་མ་མེད་པ་དེས་ཁ་ཚིམ་པར ་བྱེད་པ་ལྟ་བུར་རོ།། རྫུ་འཕྲུལ་ཆེན་པོ་འདི་ལ་མངའ་བའི་ཕྱིར་རྫུ་འཕྲུལ་ཆེན་པོའོ།། ཤིན་ཏུ་ངོ་མཚར་ཆེ་བར་ཉེ་བར་སྟོན་པར་སྤྱོད་པས་ན་མཐུ་ཆེ་བའོ།། ཏིང་འཛིན་ཁྱད་པར་ཅན་རྙེད་པས་ན་སྟོབས་ཆེ་བའོ།། ཆད་པས་མ་ཡིན་ཞེས་བྱ་བ་ནི ་རྫས་དང་ངག་གི་ཆད་པ་སྤངས་པས།། མཚོན་མས་མ་ཡིན་ཞེས་བྱ་བ་ནི་མཚོན་ཆས་ཚར་གཅོད་པ་སྤངས་པསོ།། ཆོས་ཀྱིས་ཞེས་བྱ་བ་ནི་རིགསསསྙོམས་པས་ཞེས་བྱ་བ་ནི་འདུལ་བར་བྱེད་པའི་ངན་པ་སྤངས་པའི་ཕྱིར་རམ། ཡང ་ན་གཞན་གྱི་སེམས་བསྲུང་བའི་སྒོ་ནས་སོ།། ནོར་གྱི་དབང་དུ་བྱས་པ་ཞེས་བྱ་བ་ནི་རྫས་གཙོ་བར་བྱེད་པ་སྟེ། ཇི་སྲིད་ལོ་འམ། ཇི་སྲིད་ཟླ་བ་བཅུའི་བར་དུ་ཚངས་པར་སྤྱོད་པ་སྤྱད་པར་བྱའོ་ཞེས་བྱ་བ་དེ་ལྟ་བུར་རང་བཞིན་གྱི་སེམས་ཀྱིས་ཚངས་ཏྭ། ་སྤྱོད་པ་སྤྱད་པའི་ཕྱིར་དེ་ནོར་གྱིས་དབང་དུ་བྱས་པ་འམ། མཐོ་རིས་ཀྱི་བདེ་བའི་ཕྱིར་ཚངས་པར་སྤྱོད་པ་སྤྱད་པ་གང་ཡིན་པ་དེ་དག་ནི་ནོར་གྱི་དབང་དུ་བྱས་ནས་ཚངས་པོར་སྤྱོད་པའོ།། དེའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་ནི ་རབ་ཏུ་བྱུང་བ་དང་རྗེསུ་མཐུན་པའི་བྱ་བ་སྟེ། ཀུན་ཏུ་སྤྱོད་པར་གྲགས་པའོ།། རྟགས་ནི་རབ་ཏུ་བྱུང་བའི་ཆ་ལུག་སོ།། མཚན་མ་ནི་ཉེས་པར་སྤྱོད་པ་ལས་ཟློག་པའོ།། བསྙེན་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའི་རྗེ་སུ་ཞུགས་པའོ།། ལྡན ་པར་གྱུར་པ་ཞེས་བྱ་བ་ནི་དེ་དག་དང་ཤིན་ཏུ་འབྱོར་པར་གྱུར་པ་འམ། དེ་དག་ལ་ཤིན་ཏུ་ཆགས་པར་གྱུར་པའོ།། སྲོག་གི་མཐའ་ནི་སྲོག་གི་མཐར་གཏུགས་པའོ།། ཞལ་ཏ་པ་དྲང་སྲོང་བྱིན་དང་། སྙིང་པ་ཞེས་བྱ་བ་ལ་ཁྱིམ་འམ་རྒྱལ་པོའི་ཕོ ་བྲང་ན་མཆོག་ཏུ་ཡིད་བསྟན་པར་བྱ་བ་གང་ཡིན་པ་དོ་ནི་ཞལ་ཏ་པ་ཞེས་བྱའོ།། འདི་གཉིས་འཚོ་བ་དང་ལོངས་སྤྱོད་ཀྱང་ཚོལ་བ་ཞེས་བྱ་བ་ལ། ཚོལ་བ་ནི་ཡོངསུ་ཚོལ་བ་ཡིན་ཏེ། འདི་གཉིས་ཀྱི་སྲོག་འཇིག་པའི་རྒྱུ་ལས་ཡོངསུ་བསྲུབ ་བར་བགྱིའོ་ཞེས་བྱ་བའི་ཐ་ཚི་གོ། སྐྲ་དཀར་སྐྱེས་པ་ནི་རྒས་པའོ།། རྒས་པས་རིང་པ་ནི་འཁོགས་པའོ།། རྒས་པས་ཡན་ལག་གི་ཚོགས་ཤིན་ཏུ་ལྷོད་པར་གྱུར་པ་ནི་རྒོག་ཏུ་གྱུར་པའོ།། ཟུང་ཞིག་ཅེས་བྱ་བ་ཀླག་པ་དང་། བཅང་བ་ཞེས་བྱ་བ ་ནི་མི་བརྗེད་པའི་སྒོ་ནས་སོ།། གཞན་འཛིན་དུ་བཅུག་པ་ཡང་དོན་གྱི་སྒོ་དང་། ཀློག་ཏུ་བཅུག་པ་ཡང་ཡི་གེའི་སྒོ་ནས་སོ།། དོན་དང་ལྡན་པ་ལ་ཞེས་བྱ་བ་ལ། དོན་དང་འབྱོར་པ་དང་ཆོས་དང་ཡང་འབྱོར་པའོ།། ཚངས་པར་སྤྱོད་པ་དང ་རྗེསུ་མཐུན་པའི་ཕྱིར། ཚངས་པར་སྤྱོད་པ་དང་ལྡན་པའོ།། མངོན་པར་ཤེས་པའི་ཕྱིར་ཏེ། ཟག་པ་མེད་པའི་ཡེ་ཤེས་བསྐྱེད་པའི་ཕྱིརོ།། ཡང་དག་པར་བྱང་ཆུབ་པའི་ཕྱིར་ཏེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་ཕྱིརརོ།། མྱ་ངན ་ལས་འདས་པའི་ཕྱིར། ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཕྱི་རོ།། སྙིང་རྗེ་སྨྲ་བའི་རྒྱ་མཚན་ཉིད་ཡིན་པའི་ཕྱིར་སྙིང་རྗེ་ཡི་རྒྱུ་ཅན་གྱི་ཡི་གེའི་རྣམ་པ་དེས་འདུ་བ་དང་སོང་བ་ནི་རྒྱུ་བའོ།། རྒྱལ་པོའི་རིགས་ལས་སྐྱེས་ཨཱི ་ཕྱིར་རྒྱལ་རིག་སོ།། རྒྱལ་ཕྲན་གྱིས་སྤྱི་བོས་ཕྱག་བྱས་པ་ཉིད་ཀྱི་ཕྱིར་སྤྱི་བོར་དབང་བསྐུར་བའོ།། དེ་བས་ལས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་གྲོང་ཁྱེར་མཛེས་པར་བྱས་པ་བས་ལམ་ཤིན་ཏུ་ཁྱད་པར་འཕགས་པར་མཛེས་པར་བྱས་པའོ།། ་བཅོས་མི་ནུས་པ་ནི་མ་ཞུ་བ་སྟེ་ཡན་ལག་འཁུམས་པའོ།། འཁོར་ལོས་རྣམ་པོར་བཅོམ་པས་འཁོར་ལོས་བརྐོས་པའི་སའོ།། རོ་ནི་ཤི་བའི་ལུས་སོ།། ཤིན་ཏུ་རྣམ་པར་འགྱུར་བ་ནི་གཟུགས་མི་སྡུག་པར་གྱུར་པའོ།། ནས་པ་ཇི་ལྟ་བ་ཞེས ་བ་ལ་སོགས་པ་ལ་ནུས་པ་ནི་ནང་གི་སྤྲོ་བའོ།། སྟོབས་ནི་ཕན་པར་བྱེད་པ་ཕུན་སུམ་ཚོགས་པས་སོ།། ངན་པ་ན་རིགས་དམའ་མོར་སྐྱེས་པའོ།། དམན་པ་ནི་སྡུག་བསྔལ་བར་གྱུར་པའོ།། སྙིང་བརྩེ་བར་བྱ་བས་ནི་བཀྲེན་པ་ནོར་འདོད་པའོ།། བདག ་ཉིད་གཅིག་ཏུ་སོ་སོར་སངས་རྒྱས་པས་ན་རང་སངས་རྒྱས་སོ།། བས་མཐའི་གནས་མལ་ལ་ཐ་དད་པ་ཞེས་བྱ་བ་ནི་དབེན་པའི་གནས་བརྟེན་པར་རོ།། སྦྱིན་གནས་གཅིག་པུ་ཞེས་བྱ་བ་ནི་འཇིག་རྟེན་དུ་སངས་རྒྱས་གཉིས་ཅིག་ཅར་མི་འབྱུང་བ་བཞིན ་དུ་བསེ་རུ་དང་འདྲ་བར་རང་སངས་རྒྱས་གཅིག་པུ་ཁོ་ན་འབྱུང་བའོ།། གཟུགས་མཛེས་པ་ཞེས་བྱ་བ་ནི་ལུས་ཀྱི་སྒོ་ནས་རབ་ཏུ་དང་བསྐྱེད་པར་བྱེད་པ་སྟེ། ལུས་ལ་སོགས་པའི་བྱ་བ་ཤིན་ཏུ་ཞི་བ་ཉིད་ཀྱི་སྒོ་ནས་སེམས་རབ་ཏུ་དང་བསྐྱེད་ཉིད་དུ ་ཡང་དག་པར་རྗེསུ་དཔག་པའོ།། རྩ་བ་ནས་བཅད་པ་ཞེས་བྱ་བ་ནི་རྩ་བ་ངེས་པར་བཅད་པའོ།། རྩུབ་པ་ནི་ཤིན་ཏུ་དྲག་པའོ།། ཁྱུ་མཆོག་གི་ཚིག་ཅེསུ་བྱ་བ་ལ་སོགས་པ་ལ་འདི་ལ་ཁྱུ་མཆོག་གི་ཡིན་པས་ན་ཁྱུ་མཆོག་གི་སྟེ། འཇིགས ་པ་མེད་པའི་ངག་གོ། གཅིག་ཏུ་ཆད་པར་བྱས་ཏེ་ཞེས་བྱ་བ་ནི་གདོན་མི་ཟ་བར་བྱ་བར་དམ་བཅས་པའོ།། འཁོར་ཏེ་སྐྱེ་བོ་མང་པོ་ཚོགས་པ་ལའོ།། སེང་གེའོའི་སྒྲ་སྒྲགས་པ་ནི་སེངྒེ་ལྟར་སྒྲོགས་པའོ།། བསད་པར་བྱ་བ་ནི་སྲོག་དང་བྲལ་བར་བྱའོ།། ། ་བྱ་བ་ནི་ཐག་ཉེ་བར་གྱུར་པའོ།། བྱེད་པ་ནི་དུས་ཀྱིས་ཆོས་པར་གྱུར་པའོ།། གོ་ཆ་བསྐོན་པ་ནི་གོ་བགོས་པའོ།། ཤིང་ཤོ་གོ་ཏ་ཀ་ཤུན་པ་བཤུས་པར་རི་ཅན་ཞེས་བྱ་བ་ལ། ཕྱོགས་དང་ཕྱོགས་ལས་ཤུན་པ་གྲོགས་པར་གྱུར་པའི་ཕྱིར་ཤུན་པ ་བ་ཤུས་པའོ།། གནས་དང་གནས་སུ་ཤུན་པ་སྐམས་ཤིང་རྙིངས་པ་ནི་ཕྲ་བར་གྱུར་པ་ཉིད་ཀྱི་ཕྱིར་ར་རི་ཅན་ཏེ། ཤུན་པ་གཟུགས་མི་སྡུག་པར་གྱུར་པ་ནི་ར་རི་ཅན་ཡིན་ནོ།། ཞེས་བྱ་བའི་དབང་དུ་བྱས་པའི་ཕྱིརརོ།། ལྷག་མ་ཙེམ་ཆུ་ངལ་སྲབ་པ ་xxx ་ལ་ག་རྟེན་ལས་ངན། ད་ན་ན་ཡིན་པར་བྱེ་སྨྲས་འདས་ག་བྱེད་ལ། འཇིག་རྟེན་གྱིསས་སྤྱོད་པར་བྱེང་ག་ས་ཡི་པ་བས་ན་ས ་མལ་དག་སྐྱེས་ལ་སྤྱད་པའོ།། ང་གིས་རྒྱ་ཅི་ལས་མྦྷ་ཉྫུ་བོར་རྟེན་ནས་འདུག་པ་བྷྱ་མས་པོ་གྱེན་བྱའོ།། ལས་མྱོང་ར་གྱུར། ་བྱ་བ་ནི་མམ་བྱོས་ཤིང་བསྔགས་པའི་འབྲས་བུ་ལ་གྲཱྀ་ཅིག་ཉེ་བར་སྤྱོད་པའི་གྱུར་རོ།། ཀྭངྒཱ་རྒྱུད་ནི་འདྲེན་པའི་ཐབ་སུ་གྱུར་པའོ།། ནན་ཟད་ཅེས་བྱ་བྷཱ་ནཱི་དྷཱ་ལཱ་སོགས་པའི་གོ་ཚྭ་འཆིང་བར་བྱེད་པའོ།། འབྲིང་བ་ཞེས ་ནི་གླང་པོ་དག་གི་འབྱུང་ཐའོ།། རྣ་བའི་གཡོགས་མ་ནི་རྣ་བའི་བུག་པ་རྒྱུན་དང་བཅས་།། ཆོ་ག་བ་ཤིག་ནས་ཞེས་བྱ་བ་ནི་གཽ་ཆུ་མྱེ་བུར་བྱས་ནུས།། ལུས་ཀྱི་མཐའ་ཞེས་བྱ་བ་ནི་འབྲས་སུ་ལུ་ལ་སོགས་པའི་ལས་ཀྱི་མཐའོ།། ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་བརྩོན་འགྲུས་ནི་ཡིད་གྱི་སྨྲ་བའོ།། སྟོབས་ནི་ལུས་ཀྱིའོ།། ཕ་རོལ་གནོན་པ་ནི་བྱེ་བ་བྱེད་ནུས་པའོ།། འངོས་པོ་ནི་ཉི་བར་ཕྱིན་པའོ།། བ་མཚན་དུ་སྦྱར་བ་ནི་ངོ་མཚར་དུ་སྦྱར་པའོ།། དེ་མཚར ་གྱུར་པའོ།། ངོ་མཚར་དུ་གྱིས་པ་དེ་དག་གི་མིག་བགྲང་པས་ན་མིག་གདངས་པའོ།། ཁོ་བོ་ནི་དེའི་བང་ཆེན་ཏེ། ཞེས་བྱ་བ་ནི་ཁོ་བོའི་རྗེ་སུ་ཕན་འདོགས་པའི་མཆོག་གིས་སྦྱོར་བར་གྱུར་པའོ།། དགོན་པ་བསྲུང་བར་བྱོས་ཤིག་ཅེས་བྱ་བ་ནི་རི ་དྲགས་གསོད་པའི་གནས་ཤིང་གིས་རིབ་མས་ཀུན་ནས་བསྐོར་བའི་རི་དྭགས་འཇུག་པའི་ས་ཕྱོགས་ཤིག་ནས་བྱས་པའོ།། ངག་འཇམ་པ་ཞེས་བྱ་བ་ལ་སོགས་པ་ལ་དགོ་འཇམ་པ་སྟེ། ངག་འཇིག་རྟེན་གྱི་འཇམ་པ་ཞེས་བརྗོད་པའོ།། སྦྱིན ་པ་ནི་རྗེསུ་སྦྱིན་པའོ།། ཚིག་གི་དོར་སྔོན་དུ་སོང་བ་ཅན་ནི་འབྱེད་པའོ།། ཀུན་ཏུ་སྤྱོད་པ་ནི་རིགས་པའོ།། གལ་ཏེ་བསྟན་མ་ཟག་པས་དོན་སྒྲུབ་པ་མ་གྲུབ་པར་གྱུར་པ་དེའི་ཚེ་གསེར་ལ་སོགས་པའི་ཆང་པ་འདིར་རིགས་ཡིན་ཏེ། ཆད་པ་དབབ་པའི ་སྒོ་ནས་དོན་བསྒྲུབ་པར་བྱ་བའོ།། སྟོབས་ནི་གླང་པོ་ཆེ་ལ་སོགས་པར་བསྒྲུབ་པར་བྱེད་པའི་བྱེ་བྲགོ། བྱས་ཏེ་ཞེས་བྱ་བ་ནི་བསྒྲུབས་ཏེའོ།། ཐོབ་ནས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་ཡོངསུ་མཐར་ཕྱིན་ནས་སོ།། དགའ་ན་ཞེས་བྱ་བ་ནི་འདོད་ནའོ།། ་ལྟ་བ་ནི་ཐོག་མར་སྤྱོད་པའོ།། བཙལ་བ་ནི་རྒྱུན་གྱིས་གཅོད་པའོ།། བརྩོན་པའི་མཚོན་ཆ་ཞེས་བྱ་བ་ནི་ཤཱཀྱ་གསོད་པཱ་ལ་བརྩོན་པས་མཚོན་ཆ་འཕྱར་བར་བྱེད་པའོ།། མའི་ཕ་ནི་འདིར་མེས་པོའོ།། ཚོགས་ནི་འདུས་པ་ཡིན་ལ། ཚོགས་ཀྱི ་ཕྱིར་རབ་ཏུ་སྨིན་པ་ནི་ལས་མཐུན་པར་བྱས་པ་སྟེ། ཚོགས་ཀྱི་འབྲས་བུ་ཉམ་སུ་མྱོང་བར་གྱུར་པའི་ལས་ཞེས་བྱ་བའི་ཐ་ཚི་གོ།། མལ་ལ་པ་ཧི་ནི་ནི་རི་བྲག་གི་བྱེ་བྲའོ།། གྲོང་ནི་རྩིག་པ་དང་རིབ་མས་ཡོངསུ་བསྐོར་བའི་ཁྱིམ་གྱི་ཚོགསོ།། གྲོང ་བརྡུལ་ནི་ཡུལ་འཁོར་ཏེ་རྒྱལ་ཁམས་ཀྱི་ཁྱད་པར་རོ།། རྒྱལ་པོའི་ཕོ་བྲང་ནི་རྒྱལ་པོ་རི་ཁབ་ཀྱིས་ཉེ་བར་མཚོན་པའི་གྲོང་ཁྱེར།། ཨེ་མའོ་ཤཱཀྱ་ནི་བསྲེག་སོ།། ཞེས་བྱ་བ་ལ་སོགས་པ་ནི་དྷེསུ་བརྩེབས་ལན་གཉིས་བརྗོད ་པལ། དོང་བསྐོས་ལ་ཞེས་བྱ་བ་ལ་སོགས་པ་ལ། ཤཱཀྱའི་གཞོན་ནུ་ཇི་སྙེད་པ་དོང་དེ་རྙེད་པ་ཁོ་ན་བརྐོས་ནས་ཤཱཀྱའི་གཞོན་ནུ་དོང་རེ་རེར་བཅུག་པ་ར་རེའི་སྟེང་དུ་ལྕགས་ལས་བྱས་པའི་གླང་པོ་ཆེའི་རྐང་པའི་རྣམ་པ་ལྟ་བུས་གཡོག ་པར་བྱས་ཞིང་དེའི་འོག་ཏུ་གླང་པོ་ཆེས་བརྫིས་ན་གླང་པོ་ཆེའི་རྐང་པ་ལྕགས་ཀྱི་རྐང་པ་ལྟ་བུས། བརྡེགས་པ་ལས་དེ་དག་ཕྱེ་མར་བརླག་པར་འགྱུ་རོ།། ཡང་ན་ལྕགས་ལས་བྱས་པའི་བཤལ་སྤྱད་ལྕགས་ཀྱི་རྐང་པ་ལྟ་བུ་ཞེས་བྱའོ།། དུ་བ ་འཐུལ་བར་བྱེད་ཅིང་། ཞེས་བྱ་བ་ནི་དུ་བ་འབྱིན་པར་བྱེད་པའོ།། རྩི་རི་རི་ཟེར་ནས་བྱ་བ་ནི་རྩི་རི་རི་སྒྲ་ཅུང་ཟད་ཅུང་ཟད་སྒྲོག་པའོ།། སྒྲ་ཡང་འབྱིན་ཏོ།། ཞེས་བྱ་བ་ནི་སྒྲ་ཤིན་ཏུ་ཆེ་བ་སྒྲོག་པའོ།། ཕྲིན་ལས་རྣམ་པར་སྨིན་པ་ནི་ཕྲིན་ལས་གྱུར་པ་སྟེ། ་ཕྲིན་ལས་ཀྱི་རྣམ་པ་ཞེས་བྱ་བའི་ཐ་ཚི་གོ།། རུས་མཚུངས་པ་ནི་རུས་དང་བཅས་པ་ཡིན་ལ། དྲང་སྲོང་དྲོ་ནིའི་རིགས་དང་བཅས་པ་ནི་རུས་དྲོ་ནར་བཅས་པའོ།། རང་བཞིན་གྱི་ཉེས་པས་མ་གོས་པ་ཉིད་ཀྱི་ཕྱིར་ཉེས་པ་མེད་པའོ།། གནོད་པ་མེད་པ ་ནི་ཞེས་བྱ་བ་ནི་གནོད་པ་བྱ་བ་མེད་པའོ།། ཉམ་ཐག་པའི་སྐད་ནི་སྡུག་བསྔལ་གྱིས་གཟིར་བ་རྣམས་ཀྱི་ཧ་ཧའི་སྒྲ་མཐོན་པའོ།། ཁྱད་པར་རམ་ཞེས་བྱ་བ་ལ་སོགས་པ་ལ་མངོན་སུམ་གྱིས་ཡོངསུ་བཅད་པར་བྱ་བའི་བྱེ་བྲག་ནི་ཁྱད་པར་རོ།། རྗེསུ་དཔག ་ས་པ་བར་བྱ་བླན་པསས་། ང་སྣུནཱ་ཀྵཀྵཀ་སྒྱུ་རྣམ་པ་ཞན་ཉིད་།། ཤན་པ་ནི་ཐུགས་པ་མན་པ་མྦྷ་ས་ཀྵ་བྷྱཀྵཊྚ་བྷཱུ་གྶ་གྱུར་ནག། བྱུ་པར་པནས་ཐུན། ་བར་གྱུར་པའོ།། ཁྱིམ་བྱ་གསོད་པར་བྱེད་པས་ན་ཁྱིམ་བྱ་གསོད་པའོ།། དེ་བཞིན་དུ་ཕག་གསོད་པ་ཡང་།། བྱ་བ་ཞེས་བྱ་བ་ནི་བྱ་འཛིན་པས་འཚོ་བར་བྱེད་པའི་ཐབས་ཅན་ནོ།། རྒྱ་ནི་རི་བོང་འཛིན་པར་བྱེད་པའི་ཐབས་ཏེ། ངེས་བྱ་བ་བྱེད ་པའི་ཕྱིར་རི་བོང་ལ་རྒྱ་འདེབས་པའོ།། སློབ་པ་རྣམས་ཀྱི་གཟི་བརྗིད་ཀྱིས་ཕོག་པར་གྱུར་པ། ཞེས་བྱ་བ་ནི་སློབ་པའི་གང་ཟག་རྣམས་ལ་མངོན་པར་དད་པའི་ལྷས་ཚིག་རྩུབ་པོས་བརྡེགས་པ་འམ། བསྒོམ་པས་སྤང་བར་བྱ་བའི་ཁོང་ཁྲོ་བ་མ ་སྤངས་པའི་ཕྱིར། སློབ་པ་རྣམས་ཀྱི་གཟི་བརྗིད་ཀྱིས་ཕོག་པར་གྱུར་པ་ནི་ཚིག་རྩུབ་པོ་ཡོངསུ་བརྗོད་པ་འམ། སློབ་པ་དུ་མ་བསད་པར་གྱུར་པ་ལས་སྡིག་པ་དཔག་ཏུ་མེད་པ་དང་ལྡན་པས་སློབ་པ་རྣམས་ཀྱི་གཟི་བརྗིད་ཀྱིས་ཕོག་པར་གྱུར ་པའོ།། སྦྲུལ་གྱིས་བལྟས་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་སྦྲུལ་མཐོང་བའི་དུག་ཅན་གྱིས་བལྟས་པ་སྟེ། མཐོང་བས་རིགས་ཐལ་བར་འགྱུར་བ་དེ་བཞིན་དུ་ཀོ་ས་ལའི་རིགས་རྒྱུད་མེད་པར་འགྱུར་རོ།། ཉེ་བ་ནི་ཉ་གསོད་པར་བྱེད་པའོ།། ་བཅད་ཅིང་བཅད་ཅིང་ཞེས་བྱ་བ་ནི་བཟློས་པའི་ཚིག་གཉིས་ཡོ་ནི་ལ་བཅད་པ་ནི་གཏུབས་པའོ།། དགྲ་བོ་ཕྱིར་ཟློག་པའི་དོན་དུ་གདུ་བུའི་རྣམ་པའི་ཁང་པ་སུམ་རྩེག་གམ་ལྔ་རྩེག་གི་ཁང་བཟངས་སོ།། སྐྱེས་པ་མེད་པར་ཞེས་བྱ་བ་ནི་སྐྱེས ་བུ་དང་ཤིན་ཏུ་བྲལ་བའོ།། རོལ་མོའི་ཚོགས་ཀྱིས་ཞེས་བྱ་བ་ལ། རོལ་མོ་ནི་འདིར་གར་ལ་བྱའོ།། འདི་ན་དགར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་འདིར་དགའ་བ་ཉམ་སུ་མྱོང་བར་གྱུར་པའོ།། གཞན་དུའང་དགའ་བར་འགྱུར་ཞེས ་བྱ་བ་ནི་འཇིག་རྟེན་ཕ་རོལ་ཏུའོ།། དེ་ནི་དགར་འགྱུར་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་ལ་ཏེ། དེ་ཉིད་དགའ་བར་འགྱུར་བ་དང་དེ་ཉིད་རབ་ཏུ་དགའ་བར་འགྱུར་བའོ།། གང་གི་ཚེ་ཞེ་ན། སྨྲས་པ། བདག་ཉིད་ལས་ཀྱི་རྣམ་པར་སྨིན་པ་མཐོང་ནས ་ཞེས་སྨོས་སོ།། མགུ་གྱུར་ཞེས་བྱ་བ་ནི་མགུ་བ་སྐྱེས་པར་གྱུར་པའོ།། བསྔགས་པར་འགྱུར་བས་ན་བདེ་འགྲོ་སྟེ། གང་གི་ཚེ་དེར་འགྲོ་བར་འགྱུར་བ་དེའི་ཚེ་ཕྱིར་འགྲོ་བར་འགྱུར་རོ།། དོམ་པ་ནི་སྤྱིར་བདག་ཉིད་བསྟོད་པར་བྱེད་པ་སྟེ། འདི་ལྟར་བདག ་ནི་སྟོབས་དང་། བརྩོན་པ་དང་། ཕ་རོལ་གནོན་པ་ཕུན་སུམ་ཚོགས་པ་ཞེས་ངོམ་པའོ།། རྣམ་པར་ངོམ་པ་ནི་ཁྱད་པར་དུ་བདག་དང་འདྲ་བར་འགའ་ཞིག་ཀྱང་མེད་དེ། གང་གི་ཕྱིར་ཁོ་བོ་འཛམ་བུའི་གླིང་གི་གཙོ་བོར་གྱུར་པའི་ཤཱཀྱ་རྣམས་བརླག་པ ་ཞེས་བྱ་བ་ལྟ་བུའོ།། བསླབ་པའི་འཆིང་བསྡམས་གྱུར་ཅེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་བསླབ་པའི་གཞིས་བསྡམས་པར་གྱུར་པའོ།། ཀླུ་རྣམས་བསད་བཞིན་ཞེས་བྱ་བ་ལ་སོགས་པ་ལ། ཀླུ་རྣམས་བསད་པ་སྟེ། ་སྲོག་དང་བྲལ་བར་གྱུར་ན་ཀླུའི་བུ་མོ་དག་ཀྱང་བསད་པར་བྱ་བ་ཡིན་ཏེ། ཁུང་དུ་ཞུགས་ནས་གནོད་པར་གྱུར་ན་མི་རུང་བའོ།། དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། སྤྲིན་གྱིས་གཡོག་བཞིན་དུག་གིས་རབ་གང་བ་ཞེས་བྱ་བ་སྨོས་ཏེ། སྤྲིན་ཏེ། ཆུ་འཛིན་གྱིས ་གཡོགས་ཤིང་ཁྱབ་པ་དེ་བཞིན་དུ་དུག་གིས་ཀྱང་། ཀུན་ནས་གང་བར་གྱུར་པ་དེའི་ཕྱིར་བསད་བར་བྱ་བ་ཡིན་ན། ཇི་ལྟར་དེ་དག་བསད་པར་བྱ་བ་ཡིན་པ་དེ་བཞིན་དུ་ཤཱཀྱའི་བུ་མོ་དེ་དག་གི་ཡན་ལག་དང་། རྐང་པ་ཆོད་ཅིག་པའོ།། གང་གི་ཕྱིར་ལག་པ ་དང་རྐང་པ་བཅད་པ་ལས་ཤི་བར་གྱུར་པ་དེ་དག་ཉིད་ཀྱི་གཉེན་རྣམས་ཀྱི་ནི་ཕྱི་བཞིན་ཏེ། སླད་བཞིན་འགྲོ་བར་འགྱུར་རོ།། སྡུག་བསྔལ་ནི་མི་མཐུན་པར་གྱུར་པའོ།། དྲག་པ་ཞེས་བྱ་བ་ནི་ཆེན་པོའོ།། རྩུབ་པ་ཞེས་བྱ་བ་ནི་ཐོག་མ་ཉིད་ནས་བརྣག་པ ་དཀའ་བའོ།། ཚ་བ་ཞེས་བྱ་བ་ནི་མཐའ་མར་བརྣག་པར་དཀའ་བའོ།། ཡིད་དུ་མི་འོང་བ་ཞེས་བྱ་བ་ནི་དྲན་པའི་ཤེས་པས་ཡུལ་དུ་བྱས་པ་ན་ཡང་ཡིད་མི་བདེ་བ་བསྐྱེད་པར་བྱེད་པའོ།། བསམས་པ་ནི་ཡང་དག་པར་བསྐུལ་བའོ།། འཇིག་རྟེན་པའི ་ཐུགས་ཞེས་བྱ་བ་ལ་འཇིག་རྟེན་ལ་ཕན་པས་ན་འཇིག་རྟེན་པ་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་ཐུགས་ཤེས་པར་གྱུར་ཅིག་ཙོས་དགོངས་པ་འདིས་བསྐྱེད་པ་ནི་འཇིག་རྟེན་པའི་ཐུགསོ།། དེ་ཟག་པ་དང་བཅས་པ་འམ། ཟག་མེད་ཡིན་ཞེ་ན། ་དུས་དེའི་ཚེ་བཅོམ་ལྡན་འདས་ཀྱི་མཐུས་སེམས་ཅན་ཐམས་ཅད་ཀྱིས་བདེ་འགྲོ་གཞན་གྱི་སེམས་ཤེས་པ་ཐོབ་པར་འགྱུར་ཏེ། འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་འམ། ཟག་པ་དང་བཅས་པའི་ཐུགས་ལ་འཇིག་རྟེན་པའི ་ཕྱོགསོ་ཞེས་བྱའོ།། དབུགས་ཕྱུང་ཤིང་ཅེས་བྱ་བ་ན་དགའ་བ་བསྐྱེད་ཅག་པའོ།། ལས་བདག་གིར་གྱིས་ཤིག་ཅེས་བྱ་བ་ནི་ལས་ལ་བརྟེན་ཅིག་པའོ།། ལུང་ནད་པ་ཞེས་བྱ་བ་ནི་གདམས་ངག་ལེན་པའོ།། ཀློག་པ་ཞེས་བྱ་བ་ནི་ཇི་ལྟར་བཅུ ་བ་ལྟར་ཀློག་པའོ།། འདོན་པ་ནི་ཀླགས་པ་མི་བརྗེད་པར་བྱ་བའི་འདོན་པའོ།། ནམ་རྨུས་པར་གྱུར་པ་ནི་ཉི་མ་སྤྲིན་དང་བཅས་པར་གྱུར་པའོ།། རྒྱལ་ལ་ཉེ་བར་སྤྱོད་པ་ཞེས་བྱ་བ་ནི་རྩ་བའི་གནས་ལས་ཕྱི་རོལ་གྱི་ཉ ་འཁོར་དུ་གྱུར་པའི་ས་ནི་ཉེ་བར་སྤྱོད་པ་ཡིན་ཏེ། འཆག་པ་དོན་དུ་གཉེར་བ་རྣམས་ཉེ་བར་སྤྱོད་པར་བྱེད་པའི་ཕྱིརརོ།། བུད་མེད་ཀྱི་ཡང་རྒྱན་ཉེ་བར་སྤྱོད་པ་ཡིན་ཏེ། སྐྱེས་བུའི་སེམས་དགོའ་བར་བྱེད་པ་དོན་དུ་གཉེར་བྱི་བུད་མ་དག་རྒྱན་ལ་ཉེ་འི་སྤྱོད་ཅིང་བསྟེན་པར ་བར་སྤྱོད་པའི་ཕྱིར་རོ།། ཉི་མ་དང་མཐུན་ཞིང་འཕྲོད་པས་ན་ནོར་བུ་མེ་ཤེལ་ཏེ་ཉི་མའི་འོད་དོང་ཡང་དག་པར་འབྱོར་པ་ན་མེ་འབྱིན་པར་བྱེད་པའི་ཕྱིར་རོ།། །། བམ་པོ་ལྔ་པ།། འདི་ན་ཚིག་འགྱུར་ཞེས་བྱ་བ་ནི་ཚེ་འདིར་རོ།། ་གཞན་དུ་འང་ཚིག་པར་འགྱུར་ཞེས་བྱ་བ་ནི་ཚེ་ཕྱི་མ་རོ།། གཉིས་ཀར་ཚིག་པར་འགྱུར་ཞེས་བྱ་བ་ནི་གང་གི་ཕྱིར་འཇིག་རྟེན་འདི་དང་གཞན་དུ་ཅིག་ཅར་དེ་ཚིག་པར་འགྱུར་བས་ན་སྡིག་པ་བྱེད་པ་དེ་དང་དེ་དག་ཚིག་པར་འགྱུར ་བའོ།། གང་གི་ཚེ་ཞེ་ན། བདག་ཉིད་ལས་ཀྱི་རྣམ་པར་སྨིན་པ་མཐོང་ནས་ཞེས་བྱ་བ་སྨོསོ།། སྨོད་པ་འམ་དམནོ་པའི་འགྲོ་བ་ནི་ངན་འགྲོའོ།། གདུང་འགྱུར་ཞེས་བྱ་བ་ནཱི་ཡིད་ཀྱི་གདུང་བར་འགྱུར་པའོ།། རྒྱན་སྤེལ་མ་ཞེས་བྱ་བ་ལ ་སོགས་པ་ལ། གསེར་སྐུད་ཀྱི་ལྕུ་གུ་གསུམ་པའམ། བཞི་པའི་ཚོགས་ཀྱི་བར་བར་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་མདུད་ཀྱིས་སྤྲས་པ་ལ་གདུ་བུ་སྦལ་མ་ཞེས་བྱ་བའོ།། གསེར་གྱི་ཕག་བུའི་དབུས་གྲོགས་མོ་ལྟ་བུ་ཅན་གསེར་སྐུད་ཀྱིས་བརྒྱུད ་པ་མཐའ་ནས་གཡེར་ཀ་བཏགས་པ་ཅན་དག་ལས་བྱས་པ་གསེར་གྱི་འོག་པག་གང་ཡིན་པ་དེ་ནི་ཕྱང་ཕྲུལ་ཅ་ནོ།། གསེར་ལས་བྱས་པའི་རྒྱན་ཟླ་གམ་ཐུར་གསུམ་པ་དག་ལས་བྱས་པའི་འོག་པག་གང་ཡིན་པ་དེ་ནི་ལུ་གུ་བརྒྱུད་གསེར་ལས ་བྱས་པའི་སྐུད་པ་ནི་བརྒྱན་གསེར་སྐད་ཅནོ།། ལོངས་སྤྱོད་དེ་འདོད་པའི་ལོངས་སྤྱོད་དག་གོ།། བདག་ཀྱང་ཡུན་རིང་དུ་ལོན་པ་ནི་རྒས་པའི་གནས་སྐབས་ཐོབ་པ་ཉིད་ཀྱི་ཕྱིརརོ།། དྲང་པོ་ནི་ཐ་སྙད་དུ་བྱ་བ་ལ་གསལ་པོར་བྱེད་པའོ།། གཡོ་ཀུན་ཏུ ་སྤྱོད་པ་ནི་ལས་ལ་སོགས་པས་གྱ་གྱུ་སྤྱོད་པའོ།། ཤིན་ཏུ་གྲགས་པའི་མི་འཇིགསོ་བ་ནི་འཇིགས་པ་མེད་པ་ཡིན་མོད་ཀྱི་འདིར་བྱ་བ་མ་ཡིན་པ་ལས་ལོག་པ་ལ་རག་ལུས་པའི་རབ་ཏུ་བྱུང་བའི་མི་འཇིགས་པ་རྒྱ་ཆེ་བ་དང་། མཆོག་ཏུ་གྱུར་པ་ཡིན། ་སྤོབས་པ་དགེའོ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཤེས་རབ་སྐྱེས་པ་ནི་སྤོབས་པ་ཡིན་ལ། དེ་དགེ་བ་ནི་ཡོངསུ་དག་པ་ཡིན་ཏེ། རབ་ཏུ་བྱུང་བའི་ཡུལ་ཉིད་ཡིན་པའི་ཕྱིར།། ཕན་ཡོན་རྣམ་པ་ལྔ་ཞེས་བྱ་བ་ནི་ཡོན་ཏན་རྣམ་པ་ལྔའོ།། རང་གི་དོན་མ་འདྲེས ་པ་ཞེས་བྱ་བ་ལ་སོགས་པ་ལ། རབ་ཏུ་བྱུང་བ་མོས་པ་ནི་རབ་ཏུ་བྱུང་བར་འདོད་པའོ།། རང་གི་དོན་མ་འདྲེས་པ་ནི་སྐྱེས་བུའི་དོན་ཐུན་མོང་མ་ཡིན་པ་ཡིན་ཏེ། དོན་འདི་ནི་སྐྱེས་བུའི་དོན་ཁ་ཅིག་མང་པོ་དང་ལྷན་ཅིག་བསྒྲུབ་པར་བྱ་བ་ཐུན་མོང་ལ ་མྱ་ངན་ལས་འདས་པའི་མཚན་ཉིད་འདི་ནི་རང་གི་དོན་ཐུན་མོང་མ་ཡིན་པས་ན་གཞན་འགའ་ཞིག་གིས་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་གྱི་འོན་ཀྱང་གཅིག་པུ་ཁོ་ནས་ཡིནོ།། དེ་ལ་དོན་འདི་ནི་མང་པོ་དང་ལྷན་ཅིག་བསྒྲུབས་པ་གང་ཡིན། ་པ་འདི་ནི་དོན་དམ་པར་སྐྱེས་བུའི་དོན་མ་ཡིན་གྱི་འོན་ཀྱང་རབ་ཏུ་བྱུང་བ་ཐོབ་པའི་སྒོ་ནས་གཅིག་པུས་བསྒྲུབས་པ་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པ་དང་། དོན་དམ་པ་དང་། སྐྱེས་བུའི་དོན་མ་ཡིནོ།། རྗེ་སུ་ཐོབ་པར ་འགྱུར་བ་ནི་རྙེད་པར་འགྱུར་བའོ།། བྲན་ཞེས་བྱ་བ་ནི་ཁྱིམ་དུ་སྐྱེས་པ་དང་། རྙེད་པ་དང་། ཉོས་པ་དང་། ཕྲོག་པ་དང་། ཁས་བླངས་པ་ཞེས་བྱ་བ་རྣམ་པ་ལྔའོ།། མངག་གཞུག་པ་ཞེས་བྱ་བ་ནི་ནོར་གྱིས་གསོས་ནས་མངག་གཞུག་བྱེད་པའོ།། ་སྒོ་བ་ཞེས་བྱ་བ་ནི་ནང་འཁོར་དང་ཆོས་གྲོགས་ལ་སོགས་པ་ལ་བྱའོ།། གཞན་ལ་རག་ལུས་པ་ཞེས་བྱ་བ་ནི་རང་དབང་མེད་པ་ཞང་ལོན་ལ་སོགས་པའོ།། འདོད་དགུར་འགྲོར་མེད་པ་ནི་སྣ་ཆེན་པོ་ལ་གཏོགས་པ་སྟེ། གང་གི་ཕྱིར་དེ་ནི་དབང ་ཕྱུག་གི་མཆོག་གི་ས་ལས་གཞན་དུ་འགྲོ་བའི་ནུས་པ་མེད་ཅིང་རྟག་ཏུ་རྟེན་པར་ཡང་མི་བྱེད་པ་དེའི་ཕྱིར་མངག་གཞུག་པ་ལ་སོགས་པ་བཞི་པོ་དེ་དག་ནི་ཕྱི་མ་ཕྱི་མ་ཞིང་ཁྱད་པར་དུ་འཕགས་པར་རིག་པར་བྱའོ།། མཆོད་པ་ནི་སྦྱིན་པ ་དང་བསྙེན་བཀུར་དང་ཕྱག་ལ་སོགས་པའོ།། བསྟོད་པ་ནི་ཡོན་ཏན་སྨོས་པའི་སྒོ་ནས་སོ།། བླ་ན་མེད་པ་ནི་གོང་ན་གཞན་མེད་པ་ཉིད་ཀྱི་ཕྱི་རོ།། རྣལ་འབྱོར་གྱི་བདེ་བི་ནཽ་མ་ཐོབ་པ་ཐོབ་པ་དང་ཐོབ་པ་སོ་སོར་སྐྱོ་བའོ།། མྱ་ངན་ལས་འདས་པ ་འཁོར་བ་སྲིད་དུ་མ་ཐོབ་པ་ཕྱིར་མི་གཏོང་བའི་ཕྱིར་ཁྱད་པར་དུ་འཕགས་པའི་རྣལ་འབྱོར་བདེ་བར་བྱེད་པའོ།། མ་ཐོབ་པར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་མ་རྙེད་པར་རོ།། བདག་ཅེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་རྙེད་པ་ལས་ཉམས ་པབར་མ་གྱུར་པའོ།། ཉན་ཐོས་ཞེས་བྱ་བ་ནི་འཕགས་པའི་གང་ཟག་བརྒྱད་དོ།། མཆོག་ནི་དྲང་སྲོང་དག་གོ།། ཡང་དག་པར་སོང་བ་ནི་བྱང་ཆུབ་སེམས་དཔའོ།། སྐྱེས་བུ་དམ་པ་རྣམས་ཀྱིས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་མཁས་པ་རྣམས་ཀྱིས་སོ།། ་འདིར་མྱ་ངན་ལས་འདས་པ་ཁོ་ན་རང་གི་དོན་མ་འདྲེས་པ་མ་ཡིན་ནམ། དེ་བས་ན་ཅིའི་ཕྱིར་ཕན་ཡོན་དེ་གཉིསུ་བྱས་ཤེ་ན། བདེན་ཏེ། མྱ་ངན་ལས་འདས་པ་དེ་ཉིད་ནི་གཅིག་ཏུ་ཁྱིམ་པ་དང་འབྲེལ་བའི་སྒོ་ནས་ཐོབ་པ་ནུས་པ་ནི་མ་ཡིན་གྱི། འོ་ན ་ཀྱང་གཅིག་པུ་ཁོ་ནས་ཞེས་བསྟན་པའི་ཕྱིར་ཐ་དད་པར་བྱ་བ་ཡིནོ།། རྣམ་པ་གཞན་དུ་ན་རང་གི་དོན་མ་འདྲེས་པ་ཁོ་ནར་ཐམས་ཅད་འདུས་པའི་ཕྱིར་ལྔ་ཉིད་དུ་མི་འཐད་པར་འགྱུར་བ་དེ་བས་ན་མྱ་ངན་ལས་འདས་པ་ཐོབ་པ་ནི་ཕན་ཡོན་གཅིག ་ཡིན་ལ། དེ་ཐོབ་པའི་རྒྱུ་མཚན་གཅིག་པུ་ཉིད་རབ་ཏུ་བྱུང་བས་རྙེད་པ་ཞེས་བྱ་བ་ནི་ཕན་ཡོན་གཉིས་པ་ཡིན།། གང་ཞིག་བདག་ལ་མཆོད་པ་བྱེད་པ་དེ་དག་ལ་བདག་གིས་མཆོད་པ་ཞེས་བྱ་བ་ནི་གསུམ་པ་ཡིན་ལ། མངོན་པར་འདོད་པའི ་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་མཐོ་རིས་ཐོབ་པ་ནི་བཞི་པ་ཡིན་ཞིང་། སྐྱེས་བུ་དམ་པས་རབ་ཏུ་བསྔགས་པའི་ལམ་བརྟེན་པ་ནི་འདིརྗེ་ཕན་ཡོན་ལྔ་པ་ཡི་ནོ།། བདག་ཉིད་ཀྱི་སྤྱོད་ཡུལ་ཞེས་བྱ་བ་ནི་རང་གི་སྤྱོད་ཡུལ་གྱིའོ།། ཡབ་བྱོན་པའི ་ཡུལ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་རབ་ཏུ་སྐྱེ་བའི་གནས་ཡིན་པའི་ཕྱིར་ཏེ། བསོད་སྙོམས་ལེན་པས་དགེ་སློང་གི་དངོས་པོར་འགྱུར་བ་ཡིན་གྱི་ཟས་མང་པོ་ཡོངསསུ་ཚོལ་བ་ལས་ནི་མ་ཡིནོ།། ཆུང་མ་རྙིང་པ་ཞེས་བྱ་བ་ནི་ཁྱིམ་པོའི་ཕན ་སྐབས་ན་ལོག་པར་གཡེམ་པའི་ལས་ལྷན་ཅིག་བྱེད་པ་ཅན་བྱ་བ་མ་ཡིན་པ་ཐམས་ཅད་ལ་སེམས་འཇུག་པ་དེའི་ཕྱིར། ཁྱོད་ཀྱི་སེམས་བསྲུངས་ཤིག་ཅེས་སྨོས་པ་ཡིནོ།། རེག་པའི་དུག་ཅེས་བྱ་བ་ནི་རེག་པ་ཙམ ་གྱིས་འདོད་ཆགས་ཀྱི་དུག་ལྡང་བར་བྱེད་པའི་ཕྱིར་རོ།། རྒྱགས་པའི་མུན་པ་ཞེས་བྱ་བ་ནི་རྒྱགས་པས་རྣམ་པར་རྨོངས་པར་གྱུར་པའོ།། སྲེད་པའི་མུན་པ་ཞེས་བྱ་བ་ནི་སྲེད་པས་རྨོངས་པར་གྱུར་པའོ།། མགོ་མེ་ཏོགི་རྣམ་པ་ལྟ་བུ་ཞེས་བྱ་བ ་ནི་སྨྲ་བའི་མེ་ཏོག་བཞིན་དུ་མགོ་དཀར་པོར་གྱུར་པའོ།། རྒན་ཞུགས་བྱ་བ་ནི་ན་ཚོད་རྒས་ནས་རབ་ཏུ་བྱུང་བའོ།། ཕན་པ་བྱས་པ་ཤེས་པར་གྱུར་པ་གང་ཡིན་པ་དེ་ནི་བྱས་པ་བཟོ་བའོ།། བྱས་པ་ཤེས་པ་ཞེས་བྱ་བ་ནི་འདིས་བདག་ལ་ཕན་ཚོན ་པོ་ཞེས་གཞན་ལ་སྒྲོག་པར་བྱེད་པའོ།། སྦྱོར་བ་ནི་རབ་ཏུ་སྦྱོར་བ་དང་བྱ་བ་སྟེ། དེས་ཉམས་པ་ནི་རྒུད་པར་གྱུར་པའོ།། དེ་བས་ན་འདི་ལྟར་དགེ་སློང་དག་གིས་མི་ཚངས་པར་སྤྱོད་པ་བརྟེན་པར་བྱ་བ་མ་ཡིན་ནོ།། ཞེས་མི་ཤེས་པ་དེའི་ཕྱིར་བསམ ་བབ་ནི་མ་ཉམས་པའོ།། ཕས་ཕམ་པ་བཞིན་མི་ཚངས་པར་སྤྱོད་པ་ལ་ལྡོག་པ་ལ་སོགས་པ་དག་ལསོ།། བདུད་རིས་ནི་བདུད་ཀྱི་སྡེ་ཡིན་ལ་གཙེས་པ་ནི་གནོད་པ་བྱས་པསོ།། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་དུ ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ། དེ་དང་འགལ་བ་ནི་མི་ཚངས་པར་སྤྱོད་པའོ།། བྱ་བ་མ་ཡིན་པ་ཐམས་ཅད་ཚངས་པར་སྤྱོད་པ་མ་ཡིན་པ་དེའི་ཕྱིར་རྒྱ་རྣ་རུ་ཞེས་བྱ་བ་སྨོས་ཏེ། སྐྱེས་པ་དོང་བུད་མེད་ཀྱི་ཀུན་ཏུ་སྦྱོར་བ་ནི་འཁྲིགས་པ་ཡིན ་ལ། དེ་འབྱུང་བའི་ལས་ནི་རྒྱུ་རྣ་རུའོ།། སྐལ་བ་ཡོད་པ་ན་ཞེས་བྱ་བ་ནི་འཕགས་པའི་ལམ་སྐྱེར་རུང་བའོ།། ངོ་བཞིན་གནག་ཅིང་མཆི་མ་དང་བཅས་བཞིན་དུ་ཞེས་བྱ་བ་ནི་ཁ་གདོང་ངན་ཅིང་མཆི་མས་ཁྱབ་བཞིན་དུའོ།། བྱ་བ་མ་ཡིན་པ་བྱེད ་པ་ནི་བྱ་བ་མ་ཡིན་པ་སྤྱོད་པའོ།། རང་བཞིན་ཏེ་དགེ་སློང་གི་བྱ་བ་ལ་གནས་པས་ན་རང་བཞིན་དུ་གནས་པའོ།། གསོང་པོར་སྨྲ་བ་ནི་ལུས་ཀྱིས་ཕྱག་བྱ་བ་མ་གཏོགས་པོ་ཚིག་གིས་ཕྱག་བྱེད་པའོ།། ཕྱག་བྱེད་པ་ནི་ཡན་ལག་ལྔས་གཏུགས་པོ ་པའམ། བྱིན་པ་བཅང་བའོ།། ཐལ་མོ་སྦྱར་བ་ཞེས་བྱ་བ་ནི་ལག་པ་གཉིས་ཐལ་མོ་སྦྱར་བ་སྔོན་དུ་སོང་བ་ཅན་གུས་པའོ།། འདུས་པའི་ལས་ནི་ལུས་ཀྱིས་ཕྱག་བྱས་པ་སྔོན་དུ་སོང་བ་ཅན་ནོ།། བསུ་བོ་ཞེས་བྱ་བ་ནི་གོམ་པའི་རིམ་པ་གཅིག ་བསྣུར་བའི་སྒོ་ནས་སོ།། མཉན་པ་དང་ལུང་ནོད་པ་ཉེ་བར་བཞག་པར་མི་བྱའོ།། གཞན་རབ་ཏུ་འབྱིན་པ་དང་དགེ་ཚུལ་ལ་གནས་སྦྱིན་པའི་སྒོ་ནས་ཀྱང་བསྡུ་བར་མི་བྱའོ།། ཚུལ་ཁྲིམས་ཀྱི་རྒུད་པ་ནི། ཚུལ་ཁྲིམས་ཉམས་པའོ།། ལྷ ་བས་རྒུད་པ་ནི་ལྟ་བ་ཕྱིན་ཅི་ལོག་པ་དང་སྨད་པ་ཅན་ནོ།། ཚོགས་རྒུད་པ་ནི་སྤྱོད་ཡུལ་མ་ཡིན་པར་འགྲོ་བ་དང་འོང་བ་ལ་སོགས་པའོ།། འཚེ་བས་ཆུ་ད་པ་ནི་ཁོ་གསག་དང་། ཐོབ་ཀྱིས་འཇལ་བ་ལ་སོགས་པ་ལོག་པའི་འཚེ ་བས་སོ།། ལྕི་བ་ཤིན་ཏུ་འཇམ་པོས་བྱུགས་ཤིག་ཅེས་བྱ་བ་ནི་ལྕི་བ་སར་པོ་བཟང་པོ་དང་ལྡན་པས་བསྒྲུབ་པའོ།། དུས་ཤེས་པ་ཞེས་བྱ་བ་ནི་ཟས་ཀྱི་དུས་སོ།། མཐུ་ནི་ནུས་པའོ།། ཟས་བཤམ་པ་འཇོག་པར་བྱེད་པའི་གནས ་ལ་ཟས་ཀྱི་གནས་ཤེས་བྱའོ།། དུས་ཤེས་པར་བྱས་ལ་ཞེས་བྱ་བ་ནི་ཉི་མ་ནུབ་པའི་དུས་ལ་ཚོགས་པའི་དུས་སོ།། འདུག་ཅིང་ཞེས་བྱ་བ་ནི་བྱེད་བཞིན་དུ་ཞེས་བྱ་བའི་མཆོག།། རྒན་རིམས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་བསྐྱེན ་བར་རྫོགས་པའི་རིམ་པ་བཞིན་དུའོ།། སོས་སམ་ཞེས་བྱ་བ་ནི་ཁྱེད་ཀྱི་ཁམས་སྙོམས་སམ་ཞེས་བྱ་བའོ།། དུ་བའི་རེང་བུས་ཞེས་བྱ་ནཱི་དུ་བཾ་སྐྱེད་པར་བྱེད་པའི་ཐབས་ཡང་དག་པོར་སྦྱར་བའོ།། རྗེ་སུ་ཁ་སྦྱར་ཞེས་བྱ་བ་ནི་རྗེའུ་ཁཱ་སྦྱར་དུ་བྱས ་པས་སོ།། གཅེའུ་ཞེས་བྱ་བ་ནི་ལྕགས་ལས་བྱས་པ་སྔོན་དུ་བརྔུབ་པའི་ཐབསུ་འགྱུར་བའོ།། རྣོ་བོ་ནི་མཚོ་ནི་ལྷའོ།། སྣོད་ཅེས་བྱ་བ་ནི་དེ་འཇོག་པར་བྱེད་པའི་རྫསོ།། རྒྱལ་སྦྲིད་ལ་འཁོར་ལོས་འཇུག་པའོ་ངང་ཚུ་ལོ་ཅན་གྱི་རང་བཞིན་གང་ཡིན ་པ་ནི་འཁོར་ལོས་སྒྱུར་བ་ཡིན་ལ། དེའི་གསོ་བ་ནི་ནང་ཞི་བར་བྱེད་པའི་ཐབསུ་གྱུར་པའོ།། གང་གིས་སྣ་སྨན་གྱི་ལས་བྱེད་པ་དེ་ནི་ཀླུགས་སྤྱོད་དོ།། བརྣངས་པ་ནི་ཟོས་པའི་ཁམ་མགྲིན་པའི་ཕྱོགསུ་ཐོགས་པའོ།། གང་གིས་ཁམ་ཐོགས ་པ་གལ་ཏེ་བསལ་བར་བྱ་བའི་འཕུལ་བའི་སྤྱད་ཀྱིས་བཏུང་བར་བྱེད་པའི་འཕུལ་བའི་བཏུང་ཕོར་རོ།། ཁྱོགས་ཞེས་བྱ་བ་ནི་རྟག་ཡག་རྡོརྗེའི་ཚོམ་བུས་སྦྱངས་པ་དང་། དྲིལ་བུ་བཏགས་པའི་ཁྱོགས་བྱས་ནས།། འཇིག་རྟེན་ལ་བུ ་བཞིན་དུ་སེམས་ཤིང་ཞེས་བྱ་བ་ནི་ཇི་ལྟར་འགའ་ཞིག་པུའི་ནང་དུ་འགྲོ་བར་གྱུར་པ་ན་གུས་པར་མི་འགྱུར་བ་དེ་བཞིན་དུ་དེས་གུས་པར་འགྱུར་ཞིང་། དེ་བཞིན་དུ་དེ་དག་ཀྱང་གུས་པར་མི་འགྱུར་བ་ལྟ་བུའོ།། ནགས་དང་ཐག་ཉེ་བའི་ས ་ཕྱོགས་ནི་ཤིང་རྩའོ།། བཤང་བ་ཀུན་ཏུ་སྐྱེས་པས་ན་བཤང་བ་བྲི་བར་གྱུར་པའོ།། གཅི་བ་ཀུན་ཏུ་སྐྱེས་པས་ན་གཅི་བ་བྲོ་བར་གྱུར་པ་སྟེ། གཙོ་བའི་དབང་དུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཚེར་མས་ཉེ་བར་མཚོན་པ་ཚར་མ་དང་ལྡན ་པས་ན་ཚེར་མ་ཅ་ནོ།། བཤང་བ་དང་གཙོ་བའི་སྐྱབས་ཀྱིས་ཞེས་བྱ་བ་ནི་ཁང་པའི་རྣམ་པ་ལྟ་བུར་བྱས་པའོ།། གདུང་རིངས་ནི་ཤིང་གི་གདུང་མ་ཆེན་པོའོ།། དུ་གུ་གཏོད་པ་ནི་ཕྱིར་ཕྱོགས་པར་རོ།། གཙང་སྦྲ་ཐ་དད་པ་ཞེས་བྱ་བ་ནི་ཕན་ཚུན་གཙང ་སྒྲ་ཐ་དད་པ་དེའི་ཕྱིར་ཁོ་བོ་རིལ་བས་ཆུ་བཏུང་པོར་མི་བྱ་བའོ།། སྣོད་དབེན་པར་བྲུག་པ་ལ་སོགས་པའི་བྱ་བ་ལ་ལྷག་པར་སྦྱར་བས་ན་སྣོད་སྤྱད་འབྲུག་པའོ།། ཆུ་ཁང་ཞེས་བྱ་བ་ནི་ཆུ་བཞག་པར་བྱ་བའི་དོན་གྱི་གནས།། སོ་ཕག་ནི་ཕག་གུ་སོ ་བཏང་བ་ཡིན་པར་རིག་པར་བྱའོ།། གཞི་ཞེས་བྱ་བ་ནི་བུམ་པ་མི་གཡོ་ཞིང་བརྟན་པར་གནས་པས་སྒྲུབ་པར་བྱེད་པའོ།། ས་བླའི་གནོད་སྦྱིན་རྣམས་ཀྱིས་ཞེས་བྱ་བ་ནི་ས་ལ་གནས་པར་གྱུར་པའོ།། སྒྲ་འབྱིན་ཅིང་ཞེས་བྱ་བ་ནི་སྒྲ་ཅུང་ཟད་འདོན ་པར་བྱེད་པའོ།། དབྱངས་རྗེ་སུ་སྒྲོགས་པ་ཞེས་བྱ་བ་ནི་ཕ་རོལ་པོའི་རྣ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་སྒྲ་མཐོན་པོ་སྒྲོགས་པའོ།། བསྐལ་པར་བཞུགས་ཞེས་བྱ་བ་ནི་བསྐལ་པ་ཆེན་པོའོ།། བར་སྣང་ལ་རྒྱུ་བ་རྣམས་ནི་ན་མཁའ ་ལ་གནས་པར་རོ།། དེ་ནས་སྐད་ཅིག་ཅེས་བྱ་བ་ནི་བུད་མེད་རལ་བལ་གྱི་འདབ་མ་ལས་མྱུར་དུ་འཁལ་པོའི་དཔུང་བརྒྱང་བའི་མཐར་ཐུག་པའི་དུས་དེ་ཙམ་ལ་འདི་སྐད་ཅིག་མར་འདོད་དེ་སྐད་ཅིག་མ་དེས་མྱུར་དུ་སོང་ནས་སོ།། ཐང་གཅིག་ཅེས ་བྱ་བ་ན་ཙ་ཤཱ་ཀ་གཉིས་ལ་གྲགས་པ་ཡིན་ཏཱ་དེའི་ནང་དུ་སོང་ནས་སོ།། ཡུད་ཙམ་ཞེས་བྱ་བ་ནི་ཆུ་ཚོད་གཉིས་ལ་གྲགས་པ་ཡན་ཏ་ངས་དལ་གྱི་སོང་ནས་སོ།། དེ་ནས་སྐད་ཅིག་ཟང་གཅིག་ཡུད་ཙམ་གྱི་ཞེས་བྱ་བ་ནི་འདིར་སྲུང། ་ཅིག་མ་ལ་སོགས་པ་འདུས་པའི་དུས་གང་ཡིན་པ་དེ་ལ་དལ་གྱིས་སོ་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་བྱུང་བར་གྱུར་པའོ་མང་པོ་རྣམས་ལ་བར་ཆད་བྱས་ཤིང་བྱ་བ་ནི་སྒྲ་དེ་ཐོས་པར་གྱུར་པས་ཡིད་རྣམ་པར་འཁྲུགས་ཏེ་དམ་པའི་ཆོས་ཉན་པོ ་བར་ཆད་སྐྱེས་པར་གྱུར་པ་འམ། ཡང་ན་བསྐལ་པར་བཞུགས་ཤིག་ཅེས་ཐོས་པ་ལས་དེ་དག་བལྟོས་པ་དང་བཅས་པ་སྐྱེ་བར་འགྱུར་ཏེ། ཡུལ་འདི་ལ་བཅོམ་ལྡན་འདས་བསྐལ་པར་བཞུགས་པ་དེའི་ཕྱིར་ཐར་པ་དང་། རྗེསུ་མཐུན་པའི་བྱ་བ་བྱེད་པའི ་སྤྲོ་བ་ཆུང་བ་སྐྱེ་བར་འགྱུར་ཞིང་ཕྱིས་བྱའོ་སྙམ་པས་དེ་དག་གི་བསོད་ནམས་ཆེན་པོའི་བར་ཆད་དུ་འགྱུར་རོ།། མཐུན་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་ཆོས་དང་ཟང་ཟིང་ལོངས་སྤྱོད་དམ་ཕན་ཚུན་མཐུན་པ་རྗེསུ་སྦྱིན་པས་ན་མཐུན་མི་ཕྱེད་པའོ།། དག ་བའི་ཕྱོགས་འཕེལ་བ་ལ་རབ་ཏུ་དགའ་བས་ན་ཀུན་ཏུ་དགའ་བའོ།། ཕན་ཚུན་ལྟེ་བར་འདོད་པས་ལོག་པའི་རྩོད་པའི་ཚོགས་སྤངས་པས་ན་མི་རྩོད་པའོ།། སེམས་མཉམ་པར་མ་གཞག་པ་ལས་རྩེ་གཅིག་པའི་མཉམ་པར་གཞག་པ་ཡོངསུ ་སྐྱོང་བར་བྱེད་པས་ན་མཆོག་གཅིག་པའོ།། སོ་སོར་ཐར་པ་ཐ་མི་དད་པར་འདོན་པས་དང་། ཕན་ཚུན་ཀློག་པར་བྱ་བ་ཉིད་ཡིན་པས་ན་འདོན་པ་གཅིག་པའོ།། གཞན་གྱི་དྲིང་མི་འཇོག་པ་ཉིད་ཀྱིས་ན་ཆུ་དང་འོ་མ་གཅིག་ཏུ་འདྲེས་པའོ།། སྟོན་པ་ནི ་བཅོམ་ལྡན་འདས་ཡིན་ལ། བསྟན་པ་ནི་བཀའ་ཡི་ནོ།། གསལ་བར་གྱུར་པ་ནི་རབ་ཏུ་གསལ་བར་གྱུར་པའོ།། དེ་ལ་བལྟས་པ་ཁོ་ནས་དེ་བཞིན་གཤེགས་པ་ལ་ཕྱག་བྱས་ནས་ལེགས་པར་ཕྱག་བྱས་པ་ཡི་ནོ།། སྐུ་ནི་ཡུམ་གྱི་མཆེད་ཟླའོ།། བརྩོན ་འགྲུས་བརྩམས་ཤིང་ཞེས་བྱ་བ་ནི་བརྩོན་འགྲུས་དེ་ལ་གཞོལ་བར་གྱུར་པའོ།། བདག་རབ་འཇོག་ཅེས་བྱ་བ་ནི་སེམས་དགེ་བའི་ཆོས་བསྒོམ་པ་ལ་སོ་སོར་འཇོག་པའོ།། བརྟན་པ་ཕ་རོལ་གནོན་པ་ནི་ཐམས་ཅད་དུ་དགེ་བའི་བྱ་བ་ལ་བརྟན ་པའོ།། ལུས་འཇིག་པའི་ནུས་པ་དང་ལྡན་པའི་ཡོངསུ་མྱ་ངན་ལས་འདས་པ་བདག་ཉིད་འདོད་པས་ན་བརྟུན་ཏེ་མྱ་ངན་ལས་འདས་པ་འཚལ་བའམ་གནས་པ་ཉིད་མི་ནུས་པས་ཡོངསུ་མྱ་ངན་ལས་འདས་པར་འཚལ་ལོ།། ཞེས་བྱ་བའི་བར་དུའོ།། ་ལུས་འཛིན་པར་ནུས་པ་དེ་དག་གིས་ཀྱང་མྱ་ངན་ལས་འདས་པའི་ཡོན་ཏན་འཁོར་བའི་ཉེས་དམིགས་མཐོང་བའི་ཕྱིར་མྱ་ངན་ལས་འདས་པར་འཚལ་བའོ།། བཅོམ་ལྡན་འདས་དགྱེས་བཞིན་དུ་མྱ་ངན་ལས་འདའ་བའི་ཕྱིར་སྨྲ་འམ། ཞེས ་བྱ་བ་ལ་སོགས་པ་ནི་ལན་གཉིས་བརྗོད་པའོ།། དེ་ལྟ་བུའི་ཆོས་ཅན་ཡིན་ན། ཞེས་བྱ་བ་ནི་རྣམ་པར་མཐོང་བའི་ཚེ་ཅན་ནོ།། མངོན་པར་བསྟོད་པ་ནི་སེམས་ཀྱིས་སོ།། རྗེ་སུ་ཡི་རང་བ་ནི་ངག་གིསོ།། རྣམ་པར་མ་འཁྲུལ་པ་ཞེས་བྱ་བ་ནི ་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་མ་འཁྲུལ་བའི་སྒོ་ནས་སོ།། ལུས་ལས་འོད་ཟེར་ངེས་པར་འབྱུང་བའི་རྒྱུ་ཅན་གྱི་ཏིང་ངེ་འཛིན་ཏེ། གཟི་བརྗིད་ཀྱི་རྒྱུར་གྱུར་པ་ལའོ།། བཅོད་ཀྱི་མདོག་ཅེས་བྱ་བ་ནི་འོད་ཟེར་གྱི་ཁ་དོག ་བཅོད་ཀྱི་རྣམ་པ་ལྟ་བུའོ།། ཟུང་ནི་ཕྲུགས་ལ་བྱའོ།། བསམ་བ་ཏན་དང་པོ་ལ་བརྟེན་ནས་ཞེས་བྱ་བ་ནི་བསམ་གཏན་དང་པོའི་སེམས་ཀྱིས་དེ་མ་ཐག་སོ་སོར་ཡོངསུ་མྱ་ངན་ལས་འདས་པའོ།། ལུས་ལ་མཆོད་པ་ལྷག་པར་བྱ་བ་ཞེས ་བྱ་བ་ནི་ལུས་ལ་མཆོད་པའི་རྒྱུ་ཅན་ནོ།། ཡིད་བརྟན་པ་དྲང་སྲོང་བྱིན་དང་རྙིང་པ་ཞེས་བྱ་བ་ནི་གྲོང་དང་རྒྱལ་པོའི་ཕོ་བྲང་དུ་མཆོག་ཏུ་ཡིད་ཆེས་པ་གང་ཡིན་པ་དེ་ལ་ཡིད་བརྟན་པོ་ཞེས་བྱའོ།། དགེ་སློང་དག་ལྟོས་ཤིག་ཅེས་བྱ་བ་ནི་སྐྱེ་དགུའི་བདག ་མོ་ཆེན་མོའི་ལུས་ལ་སོགས་པ་ལའོ།། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཡང་དག་གི་ལུས་སྟོན་པར་མཛད་ཅེ་ན། འདིར་སྨྲས་པ། འཁོར་བའི་ཉེས་པ་རབ་ཏུ་བསྟན་པའི་ཕྱིར་དང་། མྱ་ངན་ལས་འདས་པའི་ཡོན་ཏན་ཐུན ་མོང་མ་ཡིན་པ་བསྟན་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ཐམས་ཅད་ནི་དབང་དུ་གྱུར་པ་བཞིན་དུ་ལུས་འཛིན་པའི་ནུས་པ་དང་ལྡན་ཞིང་ལུས་རྒས་པས་ཉམས་པ་མེད་དེ། གང་གི་ཕྱིར་འདི་དག་གི་ལུས་ནི་གཞོན་ནུ་མ་ལོ་བཅུ་དྲུག ་ལོན་པའི་ལུས་ཀྱི་གནས་སྐབས་དང་མཚུངས་པ་དེའི་ཕྱིར་འཁོར་བ་ལ་ཆེར་སྐྱོ་བར་བྱ་བ་དང་། མྱ་ངན་ལས་འདས་པའི་ཕན་ཡོན་ཆེན་པོ་མཐོང་བ་ལས་མངོན་པར་འདོད་པ་སྤེལ་བར་བྱ་བའི་ཕྱིར་བསྟན་པ་ཡིནོ།། མི་རྟག་པ་དང་ལྡན་པ་ཞེས ་བྱ་བ་ནི་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དང་། ཡིད་བརྟན་དུ་མེད་པ་ཉིད་དང་། ཆོས་ཐམས་ཅད་ནི་རྣམ་པར་འགྱུར་བའོ།། ཞེས་བྱ་བ་ལ་སོགས་པའོ།། ས་བླངས་པ་ནི་ཡོངསུ་བསྲུང་བར་བྱ་བའི་དོན་དུ་མགོ་བོའི་ཕྱོགསུ་སོའི་ཆང་བས་བསྒོ ་བའོ།། གོས་སྔོན་པོ་ཅན་ཞེས་བྱ་བ་ནི་ཡོངསུ་བགོ་བར་བྱ་བ་སྔོ་བ་སྟེ། ཕྱག་ན་རྡོ་རྗེའི་འཁོར་ཉེ་གནས་རྟག་ཏུ་ཐག་ཉེ་བ་ན་གནས་པ་ལྔ་བརྒྱ་དག་གིས་སོ།། མདངས་ཞེས་བྱ་བ་ནི་སྙིང་གི་ཕྱོགས་ན་གནས་པ་སྲོག་འཛིན་པར་བྱེད་པའི་རྫས་ཀྱི ་བྱེ་བྲག་ཡིན་ལ། དེ་ཕྲོགས་པོ་ནི་གནས་ནས་བསྐྱོད་པ་ཡིན་ཏེ། དེ་བསྐྱོད་པ་ན་སྐྱེ་བོ་ཡུན་རིང་དུ་གནས་པར་མི་འགྱུར་རོ།། འཚོ་བ་ལ་ཆགས་པ་ནི་འཚོ་བའི་བསམ་པ་ཅན་ཞེས་བྱ་བའི་ཐ་ཚི་གོ།། ངེས་པར་ཞེས་བྱ་བ་ནི་ངེས་པར་བྱེད་པས་ན ་ངོས་པ་སྟེ། མཐོང་བའི་ལམ་ཡིན་ཏེ། ཡང་དག་པར་ངེས་པའི་ཕུང་པོ་ངེས་པར་བྱེད་པའི་ཕྱིརརོ།། དེ་རྩོམ་པ་ནི་སྐྱེད་པར་བྱེད་པ་ཡིན་ཏེ། རྩོམ་པ་དེ་དང་ལྡན་པའོ།། ཁུ་བ་ཐམས་ཅད་ནི་ཉམ་ལ་ཕན་པར་འགྱུར་རོ་ཞེས་བྱ་བ་ལ། ཉམ་ནི་འདིར་སྟོབས ་ཀྱི་རྣམ་གྲངས་སོ།། བསྐོར་ཏེ་ཞེས་བྱ་བ་ནི་ཕུར་པ་འདེབས་པ་ལྟར་རྐོ་བར་བྱེད་པ་ནའོ།། ལག་ཟུངས་བཅུག་ན་འཁྲུལ་ཞིང་ཞེས་བྱ་བ་ནི་ལག་ཟུངས་འཛིན་པར་བྱེད་པའི་གཟེར་བུས་སྒོའི་སྒོ་གླེགས་ལ་ཀླན་པ་ལག་པས་བསྐྱོད་པའི་སྒོ་ནས་ཏེ ་དེ་ཀླན་པ་ཉིད་དུ་འདོད་པའོ།། གསོར་བུ་ཞེས་བྱ་བ་ནི་གསོར་དང་འདྲ་བའི་ཤིང་གི་ཡུ་བ་ཅན་ཏེ་སྲབ་པའི་ཐབས་ཡོན་ཏེ། དེས་བུག་པ་གཏོད་ནས་ལག་ཟུངས་དང་འབྲེལ་པའི་ལྕགས་ཀྱི་གཟེར་བུའི་མེ་ལ་བསྲོས་ནས་བུག་པར་གཞུག་པར ་བྱའོ།། རླུང་གིས་གནོད་པར་གྱུར་ཏེ། ཞེས་བྱ་བ་ནི་རླུང་གི་ནད་ཀྱིས་སོ།། འདིར་ཚད་ཆེན་པོའི་ནལ་ཟེ་ལ་སྨན་གྱི་ནལ་ཟེར་ཤེས་པར་བྱ་སྟེ། ཆུ་བསྲོར་ཡང་བཏུབ་པའོ།། ལྕགས་ཀྱི་གཟར་བུ་ནི་ལྕགས་ཀྱི་གཟར་བུ་ཆེན་པོའོ།། ཤིང་གི་ཐལ ་ཕྱགས་ཞེས་བྱ་བ་ནི་དཎྜིའི་ཐེའུའི་རྣམ་པ་ལྟ་བུར་ཡུན་རིང་པོ་ཅན་དུ་བྱས་པ་ཡི་ནོ།། ཁྲི་ནི་འདིར་ཁྲིའུ་ཆུང་ངུ་ལ་བྱའོ།། སྔས་ནང་ཚངས་ཅན་ནི་འདིར་ནང་ཚངས་ཀྱི་དབྱིབས་ཆེ་བ་ཡིན་ཏེ། གང་གི་ཚེ་ཉལ་བའི་དུས་ན་རྒྱབ ་ཕྱོགསུ་བཞག་པ་དེ་ལ་བྱའོ།། གཟོང་བུ་ནི་ཤིང་མཁན་གྱི་རྫས་ཡིན་ཏེ། གང་གིས་ཤིང་གཅོད་པ་དང་། འབིགས་པར་བྱེད་པའོ།། སྟེའུ་ནི་ཤཱིང་མཁན་གྱི་འཇོག་པའི་ཐབསུ་གྱུར་པའོ།། སྐས་ནི་གཙུག་ལག་ཁང་ལ་སོགས་པ་བརྩམས་པཱི ་ལས་སར་གྱི་གྲོགསུ་གྱུར་པའོ།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་དང་ལྡན་པ་ཞེས་བྱ་བ་ནི་མདོམས་ཀྱི་སྦ་བ་སྲུབསུ་ནུབ་པ་དང་། ལྗགས་རིང་ལ་སྲབ་པ་དག་མ་གཏོགས་པའོ།། ཤིན་ཏུ་ཆགས་ཞེས་བྱ་བ་ལ་སོགས་པ་ལ་འདོད་པས ་འདོད་ཆགས་དགའ་མགུར་སྤྱོད་པོས་ན་ཆགས་པ་ཉིད་དོ།། ཉེ་བར་འགྲོ་བར་འདུན་པས་ན་ཞེན་པ་ཉིད་དོ།། ཡན་ལག་འཛིན་པར་འདུན་པས་ན་འཆུམས་པ། གཉིས་ཀྱིས་གཉིས་སྦྱོར་བར་འདུན་པས་ན་མདུད་པའོ།། སེམས་རྣམ ་པར་རྨོངས་པ་འམ། ལུས་རྣམ་པར་འགྱུར་བས་ན་བརྒྱལ་བ་ཉིད་དོ།། འཁྲིག་པའི་བྱ་བ་ཡོངསུ་རྫོགས་ནས་ཀྱང་དེ་ལ་ཞེན་པས་ན་ལྷག་པར་ཆགས་པ་ཉིད་དོ།། ལྷག་པར་ཆགས་པར་གྱུར་པ་ནི་གཞན་དག་དེ་ལ་ཉེ་བར་སྤྱོད་པ་བཟློག ་པར་འདོད་པའོ།། འོད་ཟེར་ནི་འོད་ལ་བྱའོ།། མཚན་མ་ནི་བདེ་བ་དང་། མཛེས་པ་ཕུན་སུམ་ཚོགས་པའི་དོན་དུ་དཔྲལ་བའི་ཕྱོགསུ་ཐོག་ལེ་བྱས་པའོ།། གསོལ་བར་མ་ནུས་པ་ཞེས་བྱ་བ་ནི་དཀའ་བར་དེའི་ཞབས་དྲུང་དུ་ཕྱིན་པར་འགྱུར། ་བའི་ཕྱིརརོ།། མ་སྤོབས་པ་ཞེས་བྱ་བ་ནི་ཉེ་བར་ཕྱིན་ནས་ཞུ་བའི་སྐབས་དཀའ་བའི་ཉིད་ཀྱི་ཕྱི་རོ།། སྟོབས་ཀྱིས་འཁོར་ལོས་སྒྱུར་བ་དང་འདྲ་བར་ཡན་ལག་བཞི་པོ་དེ་ཉིད་ཀྱིས་རྒྱལ་སྲིད་ལ་དབང་སྒྱུར་བའི་སྟོབས་ཀྱིས་འཁོར་ལོས་སྒྱུར་བའོ།། འཁྲིག། ་མ་ཞེས་བྱ་བ་ནི་གདུ་བུ་འདོགས་པའི་ཕྱོག་སོ།། འདིར་ཁ་ཅིག་ན་རེ་གལ་ཏེ་དགའ་བོ་དུས་ཐམས་ཅད་དུ་འབྲོས་པའི་བསམ་པ་དང་ལྡན་པར་གྱུར་པ་ཡིན་ན་དེ་ལ་ཇི་ལྟར་སྡོམ་པ་སྐྱེ་བར་འགྱུར། སྡོམ་པ་སྐྱེ་བ་བསྟན་པ་དང་དགེ་བའི་སེམས་ལ་རབ ་ཏུ་རག་ལུས་པ་ཉིད་ཀྱི་ཕྱིརརོ་ཞེས་བརྗོད་པར་བྱེད་དེ། དེ་ནི་འདིར་བླ་མའི་ལུང་ལས་དག་བོ་ནི་ཤིན་ཏུ་འདིད་ཆགས་དྲག་པས་སེམས་བསྙེན་པ་དང་། སེམས་ཉོན་མོངས་པ་ཅན་ཡིན་ཏོ།། བཅོམ་ལྡན་འདས་ཀྱིས་ཞབས་དྲུང་དང་དགེ་འདུན་དང་ཐག ་བར་འདུག་པ་ན་དེའི་སེམས་འདོད་ཆགས་དང་། ཀུན་ནས་ལྡན་པ་ལྡོག་པ་དང་དགེ་བའི་སེམས་མངོན་སུམ་དུ་གྱུར་པ་ཡིན་པས། དགེ་བའི་སེམས་དང་སྡོམ་པ་སྐྱེ་བ་ཞེས་བྱ་བ་འདི་ལ་འགྲེལ་བ་ཡོད་པ་མ་ཡིན་ནོ།། གཙུག་ལག་ཁང་ཡོངསུ ་ཉམས་པ་གང་ཡིན་པ་དེ་ཡང་། ཞེས་བྱ་བ་ནི་དགེ་སློང་འགའ་ཞིག་གིས་ཀྱང་གཙུག་ལག་ཁང་གི་ཀུན་ཏུ་སྤྱོད་པའི་ལས། མ་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་ཁྱོད་ཀྱིས་གྱིས་ཤིག་པའོ།། སྐྱོ་བ་ནི་དུབ་པས་སྐྱོ་བའོ།། ལན་ཕྲན་ནི་གསེབ་ལམ ་མོ།། ཁ་དོག་དང་ལྡན་པ་ཞེས་བྱ་བ་ནི་ཁ་དོག་ཕུན་སུམ་ཚོགས་པ་ཡོངསུ་རྫོགས་པར་གྱུར་པའོ།། དུ་རུ་ཀའོ་འབྲུ་མར་ནི་དུ་རུ་ཀའི་དྲིའི་རྫས་ཀྱིས་བསྒོས་པའི་འབྲུ་མར་རོ།། ཡིད་དགའ་བ་ཞེས་བྱ་བ་ནི་སེམས་རབ་ཏུ་དགའ་བའོ།། ཤིན་ཏུ་ཡིད་མགུ ་བ་ནི་ཡིད་མགུ་བས་སོ།། ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་པོ་མངོན་པར་འདོད་པའི་སྒོ་ནས་གསལ་བར་བྱེད་པའོ།། ཨེ་མའོ་ངོ་མཚར་ཆེའོ།། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་དང ་ལྡན་པ་ངོ་མཚར་ཆེའོ།། དེ་བཞིན་དུ་ཆོས་དང་དགེ་འདུན་ཡང་ངོ་།། ལེགས་པར་གསུངས་པའི་ཆོས་ནི་འབྲས་བུ་ངེས་པ་ལ་འཁྲུལ་པ་མེད་པ་ཉིད་དོ།། འཛག་སྣོད་ཅེས་བྱ་བ་ནི་དབང་པོ་རབ་ཏུ་གཞུག་པའི་ཕྱིར་བརྟེན་པའོ།། དེ་བཞིན་དུ་བཅས་པ ་དང་ཞེས་བྱ་བ་ནི་ཡོངསུ་སྦྱོང་བའི་ལས་མ་བྱས་པར་རོ།། སུན་དུ་རི་ཀ་ལ་རྟོག་བཞིན་དུ། ཞེས་བྱ་བ་ནི་འདོད་ཆགས་ཀྱིས་ཀུན་ཏུ་སྤྱོད་པ་དང་། ཡང་དག་པར་ལྡན་པས་སོ།། སེམས་ཆགས་ཤིང་ཞེས་བྱ་བ་ནི་སྐད་ཅིག་ཙམ་ཡང་དེ་དང་འབྲལ་བར ་གནས་པ་ཉིད་དུ་མི་ནུས་པའོ།། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ།། ཞེས་བྱ་བ་ལ་སོགས་པ་ལ་བརྒྱའི་ཆར་ཏེ་གྲངསུ་མི་འགྲོའོ།། བརྒྱའི་སྒྲ་ནི་འདིར་མང་པོ་ཉིད་ཉེ་བར་མཚོན་པར་བྱ་བའི་དོན་ཏོ།། སྟོང་གི་ཆར་ཡང་། ཞེས་བྱ་བ་ནི་ཤིན་ཏུ་མང་པོ ་ཉིད་ཉེ་བར་མཚོན་པར་བྱ་བའི་ཕྱིརརོ།། འབུམ་གྱི་ཆར་ཡང་། ཞེས་བྱ་བ་ནི་རབ་ཏུ་མང་པོ་ཉིད་ཉེ་བར་མཚོན་པར་བྱ་བའི་ཕྱིརོ།། གྲངས་ཡང་ཞེས་བྱ་བ་ནི་དྲུག་ཅུ་གནས་གཞན་ལྷག་པར་གྱུར་པ་ལ་ཡང་གྲངསུ་ཉེ་བར་མི་འགྲོ་བའོ།། ཆར་ཡང་། ཞེས་བྱ། ་བ་ནི་གྲངས་ཀྱི་ཆ་ཤས་སུ་སྟེ། འདིར་ཆའི་སྒྲ་ནི་ཆ་ཤས་ཀྱི་རྣམ་གྲངས་ཡིནོ།། བགྲང་བར་ཡང་ཞེས་བྱ་བ་ནི་དོན་དམ་པ་ཉིད་དུ་བསྡུས་པ་ནི་བགྲང་བ་སྟེ། སྤྲེའུ་མོ་འདི་ནི་ཡང་དག་པ་ཉིད་དུ་གྱུར་པ་མ་ཡིན་ཏེ། སུན་ད་རི་ཀ་ལས་བལྟོས་ན། ཞེས་བྱ ་བའི་བར་དུའོ།། དཔེར་ཡང་། ཞེས་བྱ་བ་ནི་དཔེ་ཉིད་དུ་འགྱུར་བའོ།། རྒྱུར་ཡང་སྟེ། དཔེའི་རྒྱུ་ཙམ་དུ་ཡང་མི་འགྱུར་བའོ།། རྩེ་བ་ནི་པི་བད་ལ་སོགས་པ་རོལ་མོའི་ཁྱད་པརོ།། བཞིན་རབ་ཏུ་དང་བའི་ཕྱིར་དགའ་བའོ།། ཡིད་ཀྱི་བདེ་བ་ནི་ཉམ་སུ་མྱོང་བའི་ཕྱིར ་མགུ་བའོ།། སྐད་རབ་ཏུ་དང་བའི་ཕྱིར་རངས་པའོ།། ཤིན་ཏུ་ཁྲེལ་པོ་ནི་ངོ་ཚ་བའི་རྒྱུ་མེ་ཚན་ཡིན་པའི་ཕྱིར་སེམས་ཀྱིས་ཡོངསུ་སྤོང་བ་ཉིད་དུ་འདོད་པའོ།། ངོ་ཚན་ངོ་ཚ་བར་གྱུར་པས་གཞན་གྱི་བཞིན་ལ་ཡང་བལྟ་བ་ཉིད་ཀྱི་ནུས་པ་མེད་པའོ།། རྣམ་པར ་འདོར་ཞིང་ཞེས་བྱ་བ་ནི་སེམས་ཀྱིས་ངོ་ཚ་བའི་དངོས་པོ་ཡོངསུ་སྤོང་བར་བྱེད་པའོ།། སྨོད་པར་བྱེད་ཅེས་བྱ་བ་ནི་ཡོངསུ་སྤངས་པའི་འོག་ཏུ་བདག་ཉིད་ལ་སྨོད་པར་བྱེད་པའོ།། དམྱལ་བས་ཁྱབ་པའི་ས་ཕྱོགས་མ་ཡིན་པ་ནི་གནས་མཐོན་པོའོ།། ཕྱུང་བ་ནི ་མིག་གོ།། བཅད་པ་ནི་ཤའོ།། ཕུག་པ་ནི་རུས་པའོ།། མཚོན་མདུང་ཐུང་ལ་སོགས་པ་ནི་མཚོན་ཆའི་བྱེ་བྲག་གོ།། འགའ་ཞིག་ན་ཅུང་ཟད་འབར་བར་གྱུར་པས་ན་ཅུང་ཟད་འབར་བའོ།། ཅུང་ཟད་འབར་བ་དེ་ཉིད་འཕེལ་བར་གྱུར་པས་ན་རབ་ཏུ་འབར་བའོ།། ། ་རྒྱུན་མི་འཆད་པར་འབར་བ་ཉིད་ཀྱིས་ན་ཀུན་ནས་རབ་ཏུ་འབར་པོ་ཉིད་དོ།། འབར་བ་དེ་དག་ཐམས་ཅད་གཅིག་ཏུ་འདུས་པར་གྱུར་པས་ན་གཅིག་ཏུ་འབར་བར་གྱུར་པའོ།། སྐྲག་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་པོ་མ་ཡིན་པ་ཐོས་པའི་ཕྱིར། ་སྐྱེ་བ་ཞེས་བྱ་བ་ནི་སེམས་སྐྱོ་བ་དང་། ལྡན་པ་སྐྱེ་བར་གྱུར་པའོ།། བ་སྤུ་ལྡང་བ་ཞེས་བྱ་བ་ནི་ལུས་ཀྱི་སྤུ་ལྡང་བར་གྱུར་པའོ།། དམན་པ་ནི་ཞུམ་པའོ།། ཞན་པ་ནི་སྐྱོ་བར་གྱུར་པས་བགོ་འཁུམས་པ་སྟེ་ངུ་བ་ཉིད་དུ་འདོད་པ་ལྟ་བུའོ།། སྨོན་པས ་ཞེས་བྱ་བ་ནི་མཐོ་རིས་ལ་སོགས་པའི་འབྲས་བུའི་དོན་དུ་ངེས་པའོ།། ཚེ་དང་ལྡན་པ་མཛེས་དགའ་ཞེས་བྱ་བའི་སྒྲ་འདི་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པ་དག་ལ་མཆོད་པ་ཡིན་ཏེ། མངོན་པར་འདོད་པའི་ཚེ ་དང་ལྡན་པ་ཉིད་ཡིན་པའི་ཕྱིར།། ཐོག་མར་ཞེས་བྱ་བ་ནི་འཛིན་པའི་དུས་ཡིན་ལ་དགེ་བ་ཞེས་བྱ་བ་ནི་བཟང་པོ་སྟེ། ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱི་ཕྱིརརོ།། བར་དུ་ཞེས་བྱ་བ་ནི་སེམས་པའི་གནས་སྐབ་སུའོ།། ཐ་མར་ཞེས་བྱ་བ་ནི་བསྒོམ་པའི་གནས ་སྐབ་སུའོ།། དོན་བཟང་པོ་ཞེས་བྱ་བ་ནི་དོན་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་ཕྱིརརོ།། ཚིག་འབྲུ་བཟང་པོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་སྒྲ་དང་ལྡན་པའི་ཕྱི་རོ།། འདི་ཁྱད་པར་དུ་འཕགས་པའི་དགོས་པ་དང་ལྡན་པ་ཉིད་དུ་གསུངས་པ་ནི་མ་འདྲེས་པ་ཞེས ་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མ་འདྲེས་པ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད་པ་ལ་ཐེག་པ་ཆེན་པོ་ལ་བལྟོས་པ་མེད་པའི་ཕྱིར་མ་འདྲེས་པ་སྟེ། ཚངས་པར་སྤྱོད་པའོ།། ཡོངས་སུ་རྫོགས་པ་ནི་རལ་པ་མེད་པ་སྟེ། ་འབྲས་བུ་མ་ལུས་པ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིརརོ།། ཡོངསུ་དག་པོ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིརརོ།། ཡོངསསུ་བྱང་བ་ནི་ཡང་སྲིད་པར་འབྱུང་བའི་ལས་སྤངས་པའི་ཕྱིརརོ།། འདིའི་མིང་གང་ཞེ་ན། འདི་ལྟ་སྟེ། མངལ་དུ་འཇུག་པ་ཞེ། ་བྱ་བ་སྨོས་པ་ཡིནོ།། ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་ཅེས་བྱ་བའི་ཚིག་གསུམ་པོ་དེ་དག་ནི་ཉན་པ་པོའི་སེམས་བསྐྱེད་པའི་བྱེ་བྲག་ལ་རྣམ་པར་སྦྱར་བའི་ཕྱིར་ཏེ། ཉན་པ་པོ་ཁ་ཅིག་ནི་སྣོད་ཁ་སྲུབ་པ་ལྟ་བུ་ཡོད་ལ། ཁ ་ཅིག་ནི་སྣོད་ཞབས་རྡོལ་ལྟ་བུ་ཡོད་ཅིང་། ཁ་ཅིག་ནི་སྣོད་མི་གཙང་བ་ལྟ་བུ་ཡོད་དོ།། ཁ་སྒྲུབ་པ་ལ་ཆུ་མི་འཇུག་ལ་རྡོལ་བ་ལ་འཇུག་ཀྱང་གནས་པར་མི་འགྱུར་ཞིང་། མི་གཙང་བ་ལ་འཇུག་ཅིང་གནས་ཀྱང་བཏུང་བར་བྱ་མ་ཡིན་པར ་འགྱུར་བ་དེ་བཞིན་དུ་འགའ་ཞིག་གི་ཡིད་ལ་ཆོས་བཤད་པར་གྱུར་པ་འཇུག་པར་མི་འགྱུར་ཏེ། རྩེ་གཅིག་ཏུ་ཉན་པ་མེད་པའི་ཕྱིར།། འགའ་ཞིག་ལ་རབ་ཏུ་འཇུག་ཀྱང་གནས་པར་མི་འགྱུར་ཏེ། བརྗེད་ངས་པའི་ཕྱིར་རོ།། འགའ ་ཞིག་ལ་རབ་ཏུ་འཇུག་ཅིང་གནས་སུ་ཟིན་ཀྱང་ལོག་པ་ཉིད་དུ་འཛིན་པར་འགྱུར་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་གི་ཕྱིརརོ།། དེ་ནི་འདིར་བཅོམ་ལྡན་འདས་ཀྱིས་སྣོད་ཁ་སྒྲུབ་པ་ལ་སོགས་པའི་དཔེས་སེམས་གསུམ ་པོ་དག་ལས་དགེ་སློང་དག་རྣམ་པར་བཟློག་ཅིང་ཁ་ཡར་ལྟ་བ་དང་སྲ་བ་དང་། གཙང་བའི་སྣོད་ཀྱི་དཔེ་ཅན་གྱི་སེམས་ལ་ངེས་པར་སྦྱར་བ་ཡིན་ཏེ། ལེགས་པར་ཟུང་ཞིག་ཤིན་ཏུ་ཟུང་ཞིག་ཅེས་བྱ་བའོ།། ལེགས་པར་ཉན་པ་ནི་རྩེ ་གཅིག་པའི་ཕྱིརརོ།། ཤིན་ཏུ་ཉིན་པ་ནི་བརྗེད་ངས་པ་མེད་པའི་ཕྱིར་རོ།། ཡིད་ལ་བཟུང་ཞིག་པོ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཡང་དག་པར་འབྱུང་བའི་ཕྱིརརོ།། ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཀུན་ནས་སྤྱོད་པ་མངོན་སུམ་དུ་གྱུར་པ ་འདུས་པར་གྱུར་པ་ན་ཞེས་བྱ་བ་ནི་འཁྲིག་པ་སྤྱོད་དུ་རུང་བའི་གནས་སྐབས་རྙེད་པའོ།། དགེ་བ་ཉིད་ནི་ནད་མེད་པའོ།། ཟླ་མཚན་དང་ལྡན་པ་ཞེས་བྱ་བ་ནི་མངལ་འཛིན་པར་རུང་བའོ།། འཇུག་པར་འདོད་པ་ནི་མངལ་དུ་འཇུག་པར་འདོད་པའོ།། ་ཞག་གསུམ་ནི་ཉི་མ་གསུམ་གྱི་མཐར་ཐུག་པ་སྟེ། ཞག་ལྔ་དང་ཞག་བདུན་ཡང་དེ་བཞིན་ནོ།། རྒྱུ་ནི་ནང་གི་ཡན་ལག་དང་གཙོ་བོའི་བྱེད་རྒྱུའོ།། རྐྱེན་ནི་ཕྱིའི་ཡན་ལག་དང་གཙོ་བོ་མ་ཡིན་པའོ།། ཟླ་མཚན་དང་ཟླ་མཚན ་དུ་ཡང་ལྡན་པར་འགྱུར་རོ།། ཞེས་བྱ་བ་ནི་གཅིག་མ་རྫོགས་པར་ཟླ་མཚན་གཞན་འབྱུང་བར་གྱུར་པའོ།། ཉེས་པས་བཅོམ་པ་ནི་མདངས་དང་། བྲལ་བ་ཉིད་ཀྱི་ཕྱིར་སྐྱེས་བུ་མི་འདོད་པ་དེ་བས་ན་རྟག་ཏུ་དེའི་སེམས་སྐྱོ་བས་གནས་པར ་གྱུར་ཞིང་སེམས་འཁྲུགས་པའི་ཕྱིར་མངལ་འཛིན་པར་མི་འགྱུརརོ།། ཉེ་བར་གདུངས་པ་ཞེས་བྱ་བ་ནི་བདག་པོ་མཚུངས་པའི་ཕྲག་དོག་ལ་སོགས་པས་སོ།། མྱུར་དུ་ཟད་ཅིང་ཞེས་བྱ་བ་ནི་ཁྲག་གི་ལྷག་མ་དང་བཤང་བ་དང་གཅི་བ་འགྲིབས ་པཔོ་ཉིད་ཀྱི་ཕྱིརརོ།། ཡོངསུ་དེངས་པར་འགྱུར་རོ།། ཞེས་བྱ་བ་ནི་ཐམས་ཅད་དུ་ཡོངསུ་ཟད་པར་གྱུར་པའོ།། བདེ་བ་མང་པོས་ཞེས་བྱ་བ་ནི་རྟག་ཏུ་བདེ་བ་ཉིད་དེ། ཕྲག་དོག་ལ་སོགས་པས་ཉེ་བར་མ་གདུངས་པའོ།། ཕ་མ་དག་པར་གྱུར་པ ་ཞེས་བྱ་བ་ནི་ས་བོན་གྱི་ཉེས་པས་སོ།། སྐྱེ་གནས་ཞེས་བྱ་བ་མངལ་གྱིས་གནས་སོ་རླུང་ལ་སོགས་པ་ཉེ་བར་གནོད་པར་གྱུར་པ་ནི་རླུང་ལ་སོགས་པ་གང་གིས་དེ་བཞིན་དུ་རུང་བ་མ་ཡིན་པ་འདི་ལ་མངལ་གནས་པར་མི་འགྱུར ་རོ།། ཁྲག་གི་ཉེ་བར་གནོད་པ་ནི་ཁྲག་གོས་ཁྱབ་པར་གྱུར་པ་འམ། ཚིལ་གྱིས་ཁྱབ་པར་གྱུར་པའོ།། མཚམས་ནི་ས་བོན་འཇུག་པའི་གནས་ཡིན་ཏེ། གལ་ཏེ་ཤེས་ཁེངས་པར་གྱུར་ན་དེ་ལ་ས་བོན་ཞུགས་པར་མི་འགྱུར་རོ།། ་ཚངས་པར་གནས་པ་ཞེས་བྱ་བ་ནི་སྐྱེ་གནས་གང་ལ་ཚ་བ་སྟེ། འཚིག་པར་བྱེད་པའི་ནུས་པ་དང་ལྡན་པ་སྟེ། ས་བོན་ཞུགས་མ་ཐུག་ཏུ་སྐམ་པའི་ཕྱིར་རམ། ཡང་ན་སྨན་གྱིས་ཏེ་རྫས་ཀྱི་བྱེ་བྲག་གིས་མི་རུང་བ་ཉིད་དུ་བསྒྲུབས་པའོ།། དབུས ་ནས་འདྲ་བ་ཞེས་བྱ་བ་ནི་ཇི་ལྟར་ནས་འབྲུའི་མཐའ་གཉིས་ཞུམ་ལ་དབུས་རྒྱས་པ་ལྟ་བུའོ།། དབུས་གྲོགས་མ་འདྲ་བ་ཞེས་བྱ་བ་ནི་ཇི་ལྟར་གྲོག་མོའི་སྐེད་པ་ཕྲ་ལ་མགོ་དང་མཇུག་མ་རྒྱ་ཆེ་བ་ལྟ་བུའོ།། རྔ་མོའི་མཆུ་ལྷ་བུ་ཞེས་བྱ་བ་ནི་རྔ ་མོའི་མཆུ་དང་འདྲོ་བར་གལ་ཏེ་མཐའ་ལྷོད་པར་གྱུར་ནའོ།། ཤིང་ནྱ་གྲོ་དྷའི་མྱུ་གུ་ཁ་འབུས་པ་ལྟ་བུ་ཞེས་བྱ་བ་ལ། ཤིང་ནྱ་གྲོ་དྷའི་ལོ་མ་སར་པ་འབྱུང་བའི་ཚེ་རས་བལ་གྱི་ས་བོན་གྱི་རྣམ་པ་ལྟ་བུར་རྣམ་པར་གྱུར་པ་ལ་མྱུ་གུ་ཞེས་ཐ ་སྙད་དུ་བཏགས་པ་ཡིན་ཏེ། གལ་ཏེ་དེའི་རྣམ་པ་ལྟ་བུའི་ཤའི་དུམ་བུ་སྨྲེ་གནས་ཀྱི་སྒོར་སྐྱེས་པར་ནའོ།། གཽ་ཤོལ་མདིའི་ལྟ་བུ་ཞེས་བྱ་བ་ལ། གཤོལ་མདའ་ནི་གཤོལ་ལ་བཏགས་པའི་ཤིང་སྟེ། གལ་ཏེ་གཤོལ་མདའ་དང་འདྲ་བའི་ཤ ་དབྱེབས་རིང་པོ་ཅན་སྐྱེ་གནས་ཀྱི་སྒོའི་ནང་དུ་སྐྱེས་ཤིང་བྱུང་བར་གྱུར་ནའོ།། ཤིང་རྟའི་རྩི་བས་ལྟ་བུ་ཞེས་བྱ་བ་ནི་ཇི་ལྟར་ཤིང་རྟའི་ལོགས་གསུམ་ཡངས་ལ་གཅིག་དོག་པ་ལྟ་བུའོ།། སྤ་ལྟ་བུ་ཞེས་བྱ་བ་ནི་ཇི་ལྟར་སྦའི་ལྕུག་མ་འོག་གི ་ཚཚེ་སྦོམ་ལ་དེ་ནས་རིམ་གྱི་ཕྲ་ལ་ཇི་སྲིད་རྩེ་མོའི་ཆ་ཤིན་ཏུ་ཕྲ་བ་ལྟར་གལ་ཏེ་སྐྱེ་གནས་དེའི་རྣམ་པ་དེ་ལྟོ་བུར་གྱུར་ནའོ།། ལོ་མ་ལྔ་བུ་ཞེས་བྱ་བ་ནི་གལ་ཏེ་པི་པི་ལིང་གི་ཤིང་ལ་སོགས་པའི་ལོ་མའི་རྣམ་པ་ལྟ་བུར་གྱུར་ནའོ།། ནང་དུ ་མཛེར་པ་སྐྱེས་པ་ཞེས་བྱ་བ་ནི་གལ་ཏེ་ནང་གི་ལོག་སུ་ཤའི་མཛེར་པ་སྐྱེས་པར་གྱུར་ནའོ།། འོག་ཏུ་ཟབ་པ་ཞེས་བྱ་བ་ནི་ཆ་ཤིན་ཏུ་ཟབ་པའོ།། སྟེང་ཟབ་པ་ཞེས་བྱ་བ་ནི་སྟེང་གི་མ་ཤིན་ཏུ་ཡངས་པའོ།། ས་བོན་གྱི་སྣོད་དུ་མི ་རུང་བ་ཞེས་བྱ་བ་ནི་རང་བཞིན་གྱི་ས་བོན་འཛིན་པའི་ནུས་པ་མེད་པའོ།། ཁྲག་འཛག་པ་ཞེས་བྱ་བ་ནི་རྟག་ཏུ་འཛག་པར་གྱུར་པའོ།། ཆུང་ངུ་ཞེས་བྱ་བ་ནི་དོག་པའོ།། བྱ་རོག་གི་མཆུ་ལྟ་བུ་ཞེས་བྱ་བ་ནི་སྒོ་བྱ་རོག་གི་མཆུའི་རྣམ་པ་ལྟ་བུའོ།། གཡོན ་དུ་ཡངས་པ་ནི་གཡསུ་དོག་པའོ།། གཡ་སུ་ཡངས་པ་ནི་གཡོན་དུ་དོག་པའོ།། སྟེངས་ཡངས་པ་ནི་འོག་ཏུ་དོག་པའོ།། འོག་ཏུ་ཡངས་པ་ཞེས་བྱ་བ་ནི་སྟེང་དུ་དོག་པའོ།། མཐོ་བ་ཞེས་བྱ་བ་ན་ནང་གི་སྐབསུ་ཤའི་ལྷག་ཆགས་པར་གྱུར་པའོ།། དམའ ་བ་ཞེས་བྱ་བ་ནི་ནང་ཉེ་བར་མཚོན་པར་བྱེད་པའོ།། འོག་ཏུ་སྐུར་བ་ཞེས་བྱ་བ་ནི་ཁ་དོག་འོག་ཏུ་བལྟས་པའོ།། མཚན་མ་ཙམ་ཞེས་བྱ་བ་ནི་ཚང་ཆུང་བའོ།། ཡོ་བ་ཞེས་བྱ་བ་ནི་ས་བོན་འཇུག་པའི་ཕྱོགས་འཁྱོག་པའོ།། ཉེས་པ་དང་བཅས་པ་ཞེས་བྱ ་བ་ནི་བཤད་མ་ཐག་པའི་ཉེས་པ་མ་གཏོགས་པའི་ཉེས་པ་དང་ངོ་།། སྐ་བ་དང་བཅས་པ་ཞེས་བྱ་བ་ནི་སྐ་བའི་རྫས་ཀྱི་བཏུང་བས་རུང་བ་མ་ཡིན་པ་ཉིད་དུ་གྱུར་པའོ།། སྲིན་བུ་བཾ་ས་ར་ཀའི་རིགས་ཞེས་བྱ་བ་ལ། གལ་ཏེ་དེས་སྐྱེ་གནས་ཟོས ་པར་གྱུར་པ་ན་ཏེ། བཤད་མ་ཐག་པའི་ཞེས་པ་དེ་དག་གིས་གལ་ཏེ་སྐྱེ་གནས་ཉམས་པར་མ་གྱུར་པ་དེའི་ཚེ་མངལ་དུ་འཇུག་པར་འགྱུརརོ།། བསོད་ནམས་ཆེན་པོ་ཞེས་བྱ་བ་ལ། ཁྱེད་ལ་བདག་པོ་ཆེན་པོ་ཞེས་བརྗོད་པའི་རྣམ་པ་དེ་དང ་ལྡན་པ་དང་། ཁྱད་པར་དུ་འཕགས་པའི་རྣམ་པ་དང་རྒྱ་ཆེ་བ་ལ་མོས་པའི་ཕྱིར་བདག་པོ་ཆེན་པོ་ཞེས་བྱ་སྟེ། བདག་ཉིད་ཆེན་པོར་གྲགས་པ་ཡིན་ལ། གཙོ་བོ་ཆེན་པོའི་བློ་ཅི་འདྲ་བར་གྲགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ ་བསོད་ནམས་ཆེན་པོ་ཞེས་བྱའོ།། དེ་བཞིན་དུ་བདག་པོ་ཆུང་བ་ཞེས་གྲགས་པ་ཡང་རྣམ་པར་བཤད་པར་བྱ་སྟེ། བསོད་ནམས་ཆུང་བའོ།། བུ་རྙེད་པ་སྟེ་སོ་སོར་དམིགས་ཤིང་དེ་བསགས་པ་ནི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་བུ་ཐོབ་པའི ་ལས་བྱས་ཤིང་བསགས་པའོ།། སྐྱེས་པ་ལ་སེམས་པ་ཞེས་བྱ་བ་ནི་བདག་སྐྱེས་པའོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་དེའི་སེམས་བསྐྱེད་པ་དེའི་ཚེ་ཕ་ཁོང་ཁྲོ་བ་སྐྱེ་བར་འགྱུར་ལ་མངོན་རྗེ་སུ་ཆགས་པར་འགྱུར་རོ།། བུད་མེད་ལ་སེམས་པ་ཞེས ་བྱ་བ་ནི་བདག་ནི་བུད་མེད་དོ།། ཞེས་བྱ་བ་དེ་ལྟ་བུ་དེའི་ཚེ་མ་ཞེ་སྡང་སྐྱེ་བར་འགྱུར་ལ་ཕ་ནི་རྗེ་སུ་ཆགས་པར་འགྱུརརོ།། ལོག་པ་སྟེ་ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་གང་ལ་ཡོད་པ་དེ་ནི་ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་ཏེ་དྲི་ཟའོ།། ཡང ་དག་པ་མ་ཡིན་པ་དེ་ཕྱིན་ཅི་ལོག་གི་འདུ་ཤེས་བཅུ་ཐོབ་པར་འགྱུར་རོ།། ཆར་བབས་པས་ཉིན་མོ་ཀུན་ཏུ་སྤྱོད་པར་དགའ་བས་ན་ཡུལ་རྨུགས་པའོ།། བྱུང་བ་དང་། སྐྱེས་པ་དང་། ཐོབ་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ལ། ཡང་ན་སྔ་ན་མེད་པ་སྐད ་ཅིག་མ་དང་པོ་ལ་ཐོབ་པ་ནི་སྐྱེས་པ་ཡིན་ཏེ། སོ་སོར་ཐོབ་པ་ཡིན་ལ། སྐད་ཅིག་མ་གཉིས་པ་ལ་ཐོབ་པ་ཞེས་བྱའོ།། ནང་ནས་སྐྱེས་པར་གྱུར་ན་སྐྱེ་བ་ནི་ཞེས་བྱ་བ་ལ། རང་གི་སེམས་ལ་རོག་ལུས་པའི་སྒོ་ནས་སྐྱེས་པ་ནའོ།། རྩིག་པའི་བུ་གུ་ནི ་རྩིག་པའི་སེར་གའོ།། རྟག་པའི་དྲུང་ནི་རྟག་པའི་རྩ་བའོ།། རབ་ཏུ་འཇུག་པ་ཙམ་གྱི་སྒོ་ནས་དམིགས་པ་ཙམ་མོ།། རྗེསུ་འཇུག་པ་ཡིན་པས་ན་བརྟེན་པ་ཙམ་མོ།། རྩ་སྔོན་པོ་ལས་སྲིན་བུ་གཞན་དུ་ཡང་ཞེས་བྱ་བ་ན་རྩ་སྔོན། ་པོའི་རྐྱེན་མ་གཏོགས་པར་སྲིན་བུ་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ།། ཕྲ་བའི་ཕྱིར་མངོན་པར་ཉམས་པར་འགྱུར། ཞེས་བྱ་བ་ནི་ཟད་པར་འགྱུར་བའོ།། རྣམ་པར་བརྟན་པ་ནི་བརྟན་པ་ཉིད་དུ་སྐྱེས་པར་གྱུར་པའོ།། འཕེན་པ་ནི་རིང་པོ་ཉིད་དུ་འཕེལ ་གྱུར་པའོ།། སྐྱེ་བ་ནི་ཞེང་ཉིད་དུ་རྒྱས་པར་གྱུར་པའོ།། ཉེ་བར་འགྲོ་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཐག་ཉེ་བར་གྱུར་པའོ།། ཉེ་བར་བཟུང་བ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དག་གིས་བྱིན་གྱིས་བརླབས་པ་ཉིད་ཀྱིས་ཉེ་བར་བཟུང ་བའོ།། ཁུར་པོ་མཁན་མཁས་པ་ཞེས་བྱ་བ་ནི་ཁུར་བ་རྣམ་པ་སྣ་ཚོགས་པ་ལ་མཁས་པའོ།། ཁུར་བ་མཁན་གྱི་སློབ་མ་ཞེས་བྱ་བ་ནི་གཟོའ་སློབ་དཔོན་དང་མཚུངས་པར་གྱུར་པའོ།། ལས་དེས་མ་ཡིན་ཞེས་བྱ་བ་ནི་ལས་གང་གི་ཁུ་བ་དང་ཁྲག ་སྐྱེད་པར་བྱེད་པ་དེ་ཉིད་ཀྱིས་མེར་མེར་པོར་སྐྱེད་པར་བྱེད་པ་མ་ཡིན་པའོ།། རྒྱུ་དེས་མ་ཡིན་ཞེས་བྱ་བ་ནི་ཁུ་བ་དང་ཁྲག་སྐྱེད་པར་བྱེད་པའི་རྒྱུ་དག་གིས་སོ།། རྒྱུ་འདུས་ཤིང་ཞེས་བྱ་བ་ནི་རྒྱུ་གཅིག་ཏུ་གྱུར་པའོ།། ཚོགས་པ་ནི་འབྲས་བུ་བསྐྱེད་པར ་རྗེསུ་མཐུན་པ་ཉིད་དུའོ།། འདུ་བས་ན་ཞེས་བྱ་བ་ནི་འབྲས་བུ་ཐམས་ཅད་བསྐྱེད་པའི་བྱ་བ་བྱེད་པར་མཚུངས་པ་སྟེ། རྒྱུ་རྣམ་པ་གསུམ་པོ་དེ་དག་མངོན་སུམ་དུ་གྱུར་པ་ལས་མངལ་རབ་ཏུ་འཆགས་པར་འགྱུར་རོ།། ཕྱོགས་གཅིག་མ་གྲུབ་པ ་ཕྱིར་མ་ཆགས་པའོ།། དུད་འགྲོ་དང་སྲོག་ཆགས་ཀྱིས་མ་ཟོས་པའི་ཕྱིར་དུམ་བུར་མ་གྱུར་པའོ།། བུག་པ་རིང་པོ་མེད་པའི་ཕྱིར་བུ་གུ་མ་བྱུང་བའོ།། ཆུ་ལ་སོགས་པས་ཉམས་པར་འགྱུར་བ་ནི་མ་རུལ་བའོ།། རླུང་དང་ཉི་མ་དག་གིས་ནུས་པ་ཆུང་བ་ཉིད་དུ་མ ་བསྐྱེད་པའི་ཕྱིར། རླུང་དང་ཉི་མས་ཉམས་པར་མ་བྱས་པའོ།། ལོ་གཅིག་པ་ཉིད་ཡིན་པའི་ཕྱིར་སར་བའོ།། ནང་གི་སྙིང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་མཁྲེགས་པའོ།། དུས་མི་བཟོད་པས་རྗེསུ་གནོད་པར་མ་གྱུར་པ་ཉིད་ཀྱི་ཕྱིར་བདེ་བའི་གནས་སོ།། མེ ་ཡོངསུ་དབྱུང་བར་འདོད་པ་ཞེས་བྱ་བ་ནི་བྱེད་པ་འདོད་པ་འམ་བསྐྱེད་པ་ཉིད་དུ་འདོད་པའོ།། ཀུན་ཏུ་བསྟན་ཞེས་བྱ་བ་ནི་གཏང་བའོ།། དེ་ལས་སྨྱོས་པ་ཞེས་བྱ་བ་ལ་གཟུགས་དེ་ལ་བརྟེན་ནས་སྐྱེས་པ་ནི་དེ་ལས་སྐྱེས་པ་སྟེ། མིང་ལ་བརྟེན་པའི་གཟུགས ་དང་། གཟུགས་ལ་བརྟེན་པའི་མིང་ཞེས་བྱའོ།། གཟུགས་འབྱུང་བ་དང་། ཞེས་བྱ་བ་ལ་སོགས་པ་ལ་འབྱུང་བ་ནི་སྐྱེ་བ་ཡིན་ལ། གནས་པ་ནི་སྐད་ཅིག་མ་ཙམ་གྱི་གནས་སྐབས་ཡིན་ནོ།། མངོན་པར་འཕེལ་བ་ནི་བར་མ་དོ་ཉིད་དུ་འབྱུང་བ་ཡིན ་ལ། སྐྱེ་བ་ནི་སྔོན་གྱི་དུས་ཀྱི་དངོས་པོའི་སྒོ་ནས་སོ།། ཟུག་རྔུ་དང་འདྲ་བར་གདུང་བར་བྱེད་པ་ཉིད་ཀྱི་ཕྱིར་མངལ་ཁོ་ན་ཟུག་རྔུ་ཡིན་ལ་འབར་འབུར་དང་སྣོད་མི་གཙང་བས་གང་བའི་ནང་དུ་སོང་བས་ལུས་ཀྱི་དབང་པོ་མ་ཉམས་པ་དེ་གདུངས་ཤིང ་བསྲེགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། རྒལ་དཀའ་བ་ཉིད་ཀྱི་ཕྱིར་ཉམ་ངོ་བའོ།། འཇུག་པར་དཀའ་བ་ཉིད་ཀྱི་ཕྱིར་དོག་པའོ།། གནོད་པ་བྱེད་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་བའོ།། སྡུག་བསྔལ་གྱི་རོ་འབའ་ཞིག་པའི་རྣམ་པར་ཤེས་པ་ཞེས ་བྱ་བ་ནི་གཅིག་ཏུ་སྡུག་བསྔལ་ཉམ་སུ་མྱོང་བ་དེར་ཕྱོགས་པའི་རྣམ་པར་ཤེས་པའོ།། འབྲས་ཀྱི་རང་བཞིན་ཞེས་བྱ་བ་ནི་ཚུལ་འབྲས་བཅོས་པ་ལྟ་བུའོ།། བཅོས་པ་ནི་བརླན་པའི་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་བའོ།། ། ་རབ་ཏུ་བཅོས་པ་ནི་རྒྱུན་གྱི་སྒོ་ནས་སོ།། སྨིན་པ་ནི་བསྲེགས་པའི་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་བ་ཡིན་ལ། ཀུན་ཏུ་སྨིན་པ་ནི་རྒྱུན་གྱི་སྒོ་ནས་ཡིན་ཞིང་། ཡོངསུ་སྨིན་པ་ནི་ཁྱད་པར་དུ་གྱུར་པའི་སྒོ་ནས་སོ།། རི་དྭགས་ཤར་བྷིའི་རྐང་པ་ལྟ་བུ་ཅན ་གྱི་སྲིན་བུ་དམར་པོ་ཅན་ཕྲ་མོ་ཅན་ལ་ཟངས་ཀྱི་ཐུར་མ་ཕྲ་མོ་ཞེས་བྱའོ།། ཐོ་བ་ལྟ་བུ་ནི་མཛུབ་གང་བའི་ཚད་དེ། རྡོའི་བྱེ་བྲག་ཡིན་ཏེ། གཟོང་བུ་བསྣུན་པའི་རྡོ་ཞེས་ཀྱང་བྱའོ།། བདར་ལྟ་བུ་ཞེས་བྱ་བ་ནི་གང་དུ་མཚོན་ཆ་བདར་བར་བྱེད་པའོ།། ཤང་གི ་སྡོང་བུ་ཞེས་བྱ་བ་ནི་མྱུ་གུ་འབྱུང་བའི་ཕྱོགས་ཡིན་ལ། མྱུ་གུ་ནི་ཁོ་འབུས་པའོ།། ལག་པའི་དྲ་བ་ནས་དཔུང་པའི་རྩ་བའི་འོག་ལ་དཔུང་པ་ཞེས་བྱའོ།། རྩ་དུརྦའི་མྱུ་གུ་ནི་རྩ་དུ་ཙའི་ལྗང་བུའོ།། ལག་ངར་ནི་ལག་པའི་མཐིལྀ་ལ་བྱའོ།། འོག་མ ་ཞེས་བྱ་བ་ནི་འོག་ཏུ་འགྲོ་བའི་ཕྱིར་མཚན་མ་ཕྲ་མོ་འདོད་པའོ།། རྒྱས་པ་ཞེས་བྱ་བ་ནི་འཕེལ་བར་བྱེད་པའོ།། ཀུན་ཏུ་རྒྱས་པར་ཞེས་བྱ་བ་ནི་བྱེ་བྲག་ཏུའོ།། ཡོངསུ་རྒྱས་པ་ཞེས་བྱ་བ་ནི་ཤིན་ཏུ་ཁྱད་པར་ཅན་དུའོ།། རྒྱལ་པ་ནི་རུ་ལྤགས་ལས ་བསྒྲུབས་པའི་ཆུ་བརྒལ་བའི་ཐབསུ་གྱུར་པའོ།། སྣོད་གང་བ་ཞེས་བྱ་བ་ནི་གོས་ལ་སོགས་པའི་རྫས་ཀྱིས་ཡོངསུ་བཀང་བ་སྟེ། རྒྱལ་བུ་ལ་སོགས་པའི་སྣོད་དོ།། བསྐྱོད་པ་དང་། ཀུན་ཏུ་བསྐྱོད་པ་དང་། ཀུན་ཏུ་ཡོངསུ་བསྐྱོད་པ་ནི་ལས ་སུ་བྱ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོའོ།། རྩོལ་བ་ཆེན་པོ་དང་ལྡན་པ་ནི་དཀའ་བ་ཆེན་པོ་དང་ལྡན་པའོ།། འགར་བའི་སྐུད་པ་ནི་གང་གིས་འབུད་པར་བྱེད་པའོ།། གཡོའོ།། ཞེས་བྱ་བ་ནི་འབྱུང་བར་གྱུར་པའོ།། ནང་རོལ་ནི་ཚད་ཆེ་བ་ཡིན་ལ། རྒྱུ ་མ་ནཽ་ཕྲ་བའོ།། ཁུ་བ་འདྲེན་པར་བྱེད་པས་ན་རྩའོ།། མིང་དུ་མ་ཞེས་བྱ་བ་ནི་མིང་མང་པོ་ཅན་དང་། མིང་གི་རྣམ་པ་དུ་མ་ཅ་ནོ།། ཀ་དྲུ་ན་ཚོན་གྱི་བྱེ་བྲགོ།། ཁྲ་བོ་ནི་བཀྲ་བ་དང་ཉེ་བར་བཀྲ་བའི་བྱེ་བྲག་གོ།། བ་སྤུའི་བུག་ནི་བ་སྤུ་འབྱུང་བའི་ཕྱོགསོ།། འཕེལ་ལོ་ཞེས ་བྱ་བ་ནི་མིག་གི་རྡུལ་ཕྲ་རབ་གནས་གཅིག་ཏུ་སྡུད་པར་བྱེད་པའོ།། རྣམ་པར་འཕེལ་བར་བྱེད་པ་ནི་ཁྱད་པར་དུ་ཐམས་ཅད་སྡུད་པར་བྱེད་པའོ།། རབ་ཏུ་འཇོག་པར་བྱེད་ཅེས་བྱ་བ་ནི་རང་གི་གནས་སུ་འཇོག་པར་བྱེད་པའོ།། ཀུན་ཏུ་འཇོག་པར་བྱེད་ཅེས་བྱ ་བ་ནི་མིག་གི་འབྲས་བུ་ལ་སོགས་པའི་དབྱིབས་ཀྱིཚུལ་དུ་རྣམ་པར་འཇོག་པར་བྱེད་པའོ།། སོ་སོར་འཇོག་པར་བྱེད་ཅེས་བྱ་བ་ནི་བསྟན་པར་བྱེད་པའོ།། ཟས་ནི་བཟའ་བར་བྱ་བའོ།། བཏུང་བ་ནི་བཏུང་བར་བྱ་བཀ། བཅའ་བ་ནི་བཅའ་བར་བྱའོ།། མྱང་བར་བྱ། ་བ་ནི་བཞིབ་པར་བྱ་བའོ།། ཀུན་ཏུ་དང་བར་བྱེད་པ་ནི་དྲི་མ་མེད་པར་བྱེད་པའོ།། སོ་སོར་འཇོག་པར་བྱེད་པ་ནི་དབྱིབས་དྲི་མ་མེད་པ་བསྐྱེད་པར་བྱེད་པའོ།། ཀུན་ནས་འཇོག་པར་བྱེད་ཅེས་བྱ་བ་ནི་རྙོག་པ་མེད་པ་བརྟན་པ་ཉིད་དུ་བྱེད་པའོ།། སྒྲིབ་པར་བྱེད་པས་ན ་ཐལ་བའོ།། གོས་ཀྱི་དུམ་བུ་བསྒྲིལ་བ་དང་ལྡན་པས་ན་ཕྱིར་སོ།། འཇིམ་པའི་རང་བཞིན་གྱི་གཟུགས་ཅན་སྒྲུབ་པ་ལ་མཁས་པས་ན་འདྲ་གཟུགས་མཁན་ནོ།། དངོས་པོ་འདི་བདག་གིར་གྱུར་ཅིག། གཞན་གྱིར་མ་གྱུར་ཅིག་ཅེས་བྱ་བ་ནི་སེར་སྣ་ཡིན ་ལ། དེའི་དངོས་པོ་ནི་སེར་སྣ་ཉིད་དེ། དེ་ཉིད་དྲི་མ་ཡིན་ལ་ཀུན་ནས་དཀྲིས་པ་དེས་ཁྱབ་པསོ།། སྦྱིན་པའི་གནས་སྡུད་པར་བྱེད་ཅིང་གཏོང་བ་ཉིད་དུ་མི་འདོད་པ་གང་ཡིན་པ་དེ་ལ་གྱ་གྱུས་སྡུད་པ་ཞེས་བྱ་བར་ཐ་སྙད་དུ་གཏགས་པ་ཡིན་ནོ།། དེ ་མངོན་སུམ་དུ་གྱུར་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་འབྱིན་པའི་ཕྱིར་རུང་བ་ཉིད་དུ་གྱུར་པའོ།། ལྷན་ཅིག་ཅེས་བྱ་བ་ནི་འབྲེལ་པའོ།། མིང་དུ་ཞེས་བྱ་བ་ནི་རྒྱས་པའོ།། སྦྱིན་པ་ནི་གསལ་བའོ།། རྣ་བ་ཉམས་པ་ཞེས་བྱ་བ་ནི་ཐོས་པའི་ནུས་པ་ཉམས་པར་གྱུར་པའོ།། ། ་སོར་མོ་ཡོངསུ་བཅད་པས་སྟོང་པས་ན་ལག་པ་འབྱར་པོའོ།། དོར་བའི་ཆོས་ཅན་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ལ་ཡོངསུ་སྤང་བའི་བློ་སྐྱེད་པར་བྱེད་པ་ཅནོ།། ཤེས་པར་མ་གྱུར་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པར་མ་གྱུར་པའོ།། གཟུགས་བཟང་པོ་ཞེས་བྱ ་བ་ནི་ཁ་དོག་གི་སྒོ་ནས་སོ།། བལྟ་ན་སྡུག་པ་ཞེས་བྱ་བ་ནི་དབྱིབས་ཀྱི་སྒོ་ནས་སོ།། མཛེས་པ་ཞེས་བྱ་བ་ནི་མདངས་དང་ལྡན་པ་ཉིད་ཀྱི་ཕྱིར་མཛེས་པར་གྱུར་པའོ།། རྒྱབ་ཀྱི་ཚོགས་པར་མདུན་གྱིས་བལྟས་པ་ཞེས་བྱ་བ་ནི་མངོན་སུམ་དུ་ཕྱོགས་པར་གྱུར ་པའོ།། མ་ཞུ་བོའི་གནས་ཀྱི་ཁྱབ་པར་གྱུར་པ་ཞེས་བྱ་བ་ནི་རབ་ཏུ་གནོན་པར་གྱུར་པའོ།། ཞུ་བའི་གནས་ཀྱིས་ཕུག་པར་གྱུར་པ་ན། ཞེས་བྱ་བ་ནི་སྟེང་དུ་འཇོག་པའོ།། བཅིངས་པ་ལྔས་བཅིངས་པ་ཞེས་བྱ་བི་ནི་ཕུར་པ་ལྔས་རྣམ་པར་རྐོ་བའི་ཚུལ་དུ ་བརྐོས་ཤིང་ལག་པ་དང་རྐང་པ་དང་མགོ་བོ་དེ་དག་སོ་སོར་ཐ་དད་པ་བཅོམ་པ་གང་ཡིན་པ་ང་ནི་བཅིངས་པ་ལྔ་པོ་དེས་བཅིངས་པ་བཞིན་དང་། གསལ་ཤིང་ལ་བསྐྱོན་པ་ཉིད་དུ་གནས་པར་གྱུར་པའོ།། མངལ་རྣམ་པར་གནོད་པར་འགྱུར་ཞེས་བྱ་བ་ནི ་གདུང་བར་བྱེད་པའོ།། རྒྱུག་པ་ནི་མྱུར་དུ་འགྲོ་བར་བྱེད་པའོ།། མགྱོགས་པ་ནི་ཤིན་ཏུ་ཤུགས་ཀྱིས་འགྲོ་བར་བྱེད་པའོ།། རྒལ་བ་ནི་ཡུར་བ་ལ་སོགས་པའོ།། མཆོད་པ་ནི་སྟེང་དུ་མཆོད་པར་བྱེད་པའོ།། མི་མཐུན་པ་ཉིད་ཡིན་པའི་ཕྱིར་སྡུག་བསྔལོ།། ་ཤིན་ཏུ་ཆེ་བ་ཉིད་ཡིན་པའི་ཕྱིར་མི་བཟད་པའོ།། ཐོག་མར་བརྣག་པར་དཀའ་བ་ཉིད་ཡིན་པའི་ཕྱིར་རྩུབ་པའོ།། ཐ་མར་བཟོད་པར་དཀའ་བ་ཉིད་ཀྱི་ཕྱིར་ཚ་བའོ།། དྲན་པའི་ཤེས་པས་ཡུལ་དུ་བྱས་ན་ཡང་ཡིད་མི་བདེ་བ་ཉིད་ཀྱི་ཕྱིར་ཡིད་དུ་མི ་འོང་བའོ།། འདུ་ཤེས་བརྒྱད་ཐོབ་པར་འགྱུར་ཏེ། ཞེས་བྱ་བ་ནི་མངལ་ལ་ཁྱིམ་ལ་སོགས་པའི་འདུ་ཤེས་སོ།། ནག་པོ་ཞེས་བྱ་བ་ནི་སྤྱི་ཙམ་ཡིན་ལ། ཕྱོགས་གཅིག་གནག་པ་གསལ་བར་བྱ་བའི་ཕྱིར་ཁ་དོག་ནག་པོ་ཞེས་བྱ་བ་སྨོས་པ་ཡིན་ནོ།། ་ནག་པོ་ལྟ་བུ་ཞེས་བྱ་བ་ནི་དངོས་པོ་ནག་པོ་དཔེར་རམ་དངོས་པོ་ནག་པོ་ཐམས་ཅད་དཔེ་ཉིད་དུ་རུང་བའོ།། ནག་པོར་སྣང་བ་ཞེས་བྱ་བ་ནི་འོད་ནག་པོའོ།། རྩཝ་དུ་རྦའི་མྱུ་གུའི་མདངས་ཀྱི་མདོག་ལྟ་བུ་ཞེས་བྱ་བ་ནི་དམར་པོར་སྣང་ཞིང་དཀར་པོའི ་མདངས་ཀྱི་མདོག་ཅ་ནོ།། འདོད་པ་ཞེས་བྱ་བ་ནི་འབྱུང་བའི་ཕྱིར་སྤྲོ་བ་དང་བཅས་པའོ།། ཕྱིན་ཅི་མོ་ལོག་པ་ཞེས་བྱ་བ་ནི་བདེན་པའི་དོན་ནོ།། རྐང་པ་ལོག་པ་ཞེས་བྱ་བ་ནི་རྐང་པ་ཕྱིན་ཅི་ལོག་ཏུ་གྱུར་པ་འམ་རྐང་པ་ཡོ་བར་གྱུར་པའོ།། ། ་བམ་པོ་དྲུག་པ།། དེ་ཤེས་པའི་བུད་མེད་ཅེས་བྱ་བ་ནི་ལས་དེ་ལ་བཟོ་བའོ།། གཞོན་ནུའི་གསོ་བ་ཤེས་པ་ཞེས་བྱ་བ་ནི་གཞོན་ནུའི་གསོ་བའི་རྒྱུད་ལ་མཁས་པར་གྱུར་པའོ།། དེ་བཤད་ཁང་དང་འདྲ་བ་ཞེས་བྱ་བ་ལ་སོགས་པ་ལ། དྲི་མི ་ཞིམ་པ་དང་། མུན་པ་གནག་པ་དང་། འཛིངས་པའི་འདམ་ནི་དྲི་མི་ཞིམ་པ་མུན་པ་གནག་པ་འཛིངས་པའི་འདམ་མོ།། སྤྲིན་བུ་མང་པོའི་རིགས་སྟོང་ཕྲག་མང་པོ་དག་ནི་སྲིན་བུའི་རིགས་སྟོང་སྟེ། དེ་དག་གི་གནས་དེ་ལའོ།། ས་བོན ་དང་ཁྱག་དང་དྲི་མ་དང་ཁྲག་རླུང་ན་ས་བོན་དང་ཁྲག་དང་དྲི་མ་དང་ཁྲག་རླང་རྣམས་ཏེ། ས་བོན་དང་ཁྲག་དང་དྲི་མ་དང་ཁྲག་རླརླུང་དེ་དག་གིས་ཀུན་ནས་ཏེ་ཤིན་ཏུ་རྣམ་པར་རུལ་ཅིང་ཀུན་ནས་རུལ་པ་སྟེ། རྣག་ཏུ་གྱུར་ཅིང་ཟགས་པར་གྱུར་པའོ།། ་ལུས་ཀྱི་བུ་གུའི་རྨ་ཞེས་བྱ་བ་ནི་ཕྱིས་བཤད་པར་བྱའོ།། བདག་ཉིད་རྨ་སར་པ་ལྟ་བུ་ཞེས་བྱ་བ་ནི་རྨ་སར་པ་དང་འདྲ་བར་བདག་ཉིད་སྤྱོད་པས་རྨ་སར་པ་ལྟ་བུ་སྟེ། བདག་ཉིད་རྨ་སར་པ་ལྟ་བུར་སྤྱད་པ་གང་ལ་སྤྱོད་པ་དེ་ནི་འདིར་བདག་ཉིད་རྨ་སར་པ ་ལྟ་བུའི་རྣམ་པར་གྱུར་པའོ།། བདག་ཉིད་མཚོན་མ་ཡིན་པ་ལ་མཚོན་ལྟར་སྤྱོད་པོ་ནི་མཚོན་ལྟ་བུ་དང་། དེ་བཞིན་དུ་འགྱུར་བྱེད་ལྟ་བུ་ནི་མཚོན་ལྟ་བུ་དང་། འགྱུར་བྱེད་ལྟ་བུ་སྟེ་ལག་པའི་རེག་པ་ཉིད་ནི་དེ་ལ་འདིར་མཚོན་ཆ་དང་འགྱུར་བྱེད་ལྟ་བུའི ་རེག་པ་ནི་ལག་པ་དག་གིས་བཟུང་བ་ནའོ།། སྐྱེས་མ་ཐག་ཏུ་དེ་ལ་མིང་གི་ཉི་སུ་འགྱུར་ཏེ། ཞེས་བྱ་བ་ནི་བདག་ཁྱེའུ་འམ་བུ་མོར་ཤེས་པར་འགྱུར་བའོ།། ཤིང་ལ་བ་ནི་སྤང་ལེབ་ཀྱི་རྣམ་པའོ།། རྩ་གཏིང་བ་ནི་རྩའི་ཚོག་སོ།། ལུས་ཆོས་པ་ནི ་ཀུན་ནས་རྣག་འཛག་པར་གྱུར་པའོ།། དེ་ལྟར་སྐྱེས་པ་ཞེས་བྱ་བ་ནི་ནུར་ནུར་པོའི་གནས་སྐབས་ཐོབ་པ་འདི་ཉིད་ཀྱིས་བསྟན་པ་ཡིན་ནོ།། འབྱུང་བ་ཞེས་བྱ་བ་ནི་མེར་མེར་པོ་དང་། ནར་ནར་པོ་དང་། གོར་གོར་པོ་དང་། རྐང་ལག་འགྱུས་པའི་གན ་སྐབས་ཐོབ་པར་གྱུར་པའོ།། མངོན་པར་སྒྲུབས་པ་ཞེས་བྱ་བ་འདིས་ནི་སྲིད་པ་སྔ་མའི་དུས་ཀྱི་གནས་སྐབས་ཐོབ་པར་གྱུར་པའོ།། བསྐྱེད་པ་ནི་འོ་མ་བསྣུན་པས་སོ།། གསོ་བ་ནི་བཟའ་བ་དང་བཏུང་བ་ལ་སོགས་པསོ།། བསྲིངས་པ་ནི་ཕྱི་རོལ་གྱི་གནོད་པ ་བཟློག་པའི་སྒོ་ནས་སོ།། སྙིང་གི་ཕྱོགས་ན་གནས་པ་མིཚོན་པ་ལྟ་བུའི་ཤའི་བྱེ་བྲག་ལ་ཤ་ཞེས་བྱའོ།། གདུངས་པ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ནས་གདུངས་པ་ཆུང་ངུ་ལ་སོགས་པ་ཉམསུ་མྱོང་བའོ།། སོ་སོར་མྱོང་ངོ་ཞེས་བྱ་བ་ནི་ཁྱད་པར་དུ་མྱོང་བ ་འགྱུར་བའོ།། སྙོམ་པ་ནི་ལུས་ཀྱི་ཟུག་ཟེར་རོ།། ལྷའི་གདོན་ལ་སོགས་པ་ནི་གདོན་གྱི་རྣམ་པ་ཀུན་ནས་ལྷའི་གདོན་ཁོ་ན་ཏེ། ས་བླ་ལ་སྤྱོད་པའི་ལྷ་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའོ།། འཆི་མེད་ཀྱི་གདོན་ནི་རྫུ་འཕྲུལ་ཅན་གྱི་ལྷའོ།། དྲི་ཟ་ལ་སོགས་པ་ནི ་ཡི་དྭགས་མཐུ་ཆེ་བའོ།། མི་འམ་ཅིའི་གདོན་ནི་དུད་འགྲོའོ།། ལྟོ་འཕྱེ་ཆེན་པོའི་གདོན་ནི་འཇོག་པོ་ལ་སོགས་པའོ།། གནོད་སྦྱིན་གྱི་གདོན་ནི་ལྷ་རྟེན་གྱི་མཆོད་པའི་གཏོར་མ་ལེན་པའོ།། སྲིན་པོ་ནི་གནོད་སྦྱིན་གྱི་རིགས་ཅན་ཤིན་ཏུ་དམན་པའོ།། ཡི་དྭགས ་ནི་ཡི་དྭགས་སུ་སྐྱེས་པའི་ཤིན་ཏུ་ལྷོགས་པའོ།། འདྲེ་ནི་ཡི་དྭགོས་ཤ་ཟ་བའོ།། འབྱུང་པོ་ནི་གཟུགསུ་སྣང་བ་མདངས་འཕྲོག་པར་བྱེད་པའོ།། གྲུལ་བུམ་དང་སྲུལ་པོ་ལ་སོགས་པ་ནི་ཚད་ཆུང་བ་དྲི་ཟ་ལོ་སོགས་པ་ལས་ཁྱད་པར་དུ་གྱུར་པ་ཅན་ཡི ་དྭགས་ཁོ་ནའོ།། སྐོ་མ་བྱེད་ནི་ལུས་སྐེམས་པར་བྱེད་པའོ།། སྨྱོ་བྱེད་ཀྱི་གདོན་ནི་ཟིན་པའི་དུས་སུ་གང་གིས་སྐྱོ་བར་འགྱུར་བའོ།། བྱའི་གདོན་ནི་བྱིའི་གཟུགས་ཅན་ཏེ་དུད་འགྲོའི་རིག་སོ།། ཡང་དག་པར་བདེ་བ་ལ་གནས་ན་ཞེས་བྱ་བ་ནི་ཡོངསུ་སྐྱོ ་བར་གྱུར་པ་ནའོ།། མྱ་ངན་ནི་སྡུག་པ་དང་བྲལ་བ་ལས་སྐྱེས་པའི་ཡིད་ཀྱི་གདུང་བའོ།། སྨྲེ་སྔགས་འདོན་པ་ནི་བྱས་པ་དེ་ཉིད་ངག་ཏུ་བརྗོད་པའོ།། སྡུག་བསྔལ་ནི་ལུས་ཀྱིའོ།། ཡིད་མི་བདེ་བ་ནི་ཡིད་ཀྱི་སྡུག་བསྔལོ།། འཁྲུགས་པ་ནི ་སྡུག་བསྔལ་བ་དང་བྲལ་བའི་རྒྱུ་ཅན་གྱི་ལུས་གདུང་བའོ།། སྡུག་བསྔལོ་དག་ལས་ཐ་དད་པར་བྱ་བ་དཀའ་བ་ཉིད་ཀྱི་ཕྱིར་གནོད་པའོ།། དུས་ཉུང་ངུར་གནས་པ་ཉིད་ཡིན་པའི་ཕྱིར་ཉུང་བའོ།། རྣམ་པར་འཚེ་བ་དུ་མ་བླངས་པ་ཉིད་ཀྱི་ཕྱིར་སྡུག་བསྔལ ་བ་ཡིན་ལ། ལྡན་པ་ནི་སྐྱེ་བའི་སྡུག་བསྔལ་ལ་སོགས་པ་དང་ངོ་།། འགྲོ་བ་འཕོ་བ་ནི་འཇིག་རྟེན་ཕ་རོལ་ཏུའོ།། བྱོས་ཤོག་པ་ནི་ཡང་དག་པར་བསྒྲུབ་པར་གྱིས་ཤིག་པའོ།། སྤྲོ་བ་ཆུང་བ་ནི་འབད་རྩོལ་ཆུང་བའོ།། དོན་སྤྱོད་པ་ཞེས་བྱ་བ་ནི་བདག་དང ་གཞན་གྱི་དོན་སྒྲུབ་པར་བྱེད་པའོ།། དགེ་བ་སྤྱོད་པ་ནི་ལུས་ལ་སོགས་པ་དགེ་བ་ལ་འཇུག་པའོ།། སྡུག་པ་ཞེས་བྱ་བ་ལ་སོགས་པ་ལ་འདོད་པར་བྱ་བའི་ཡུལ་ཡིན་པའི་ཕྱིར་སྡུག་པའོ།། འདོད་པར་བྱ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་འདོད ་པའོ།། དགའ་བར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་མཛའ་བའོ།། སྐད་ཅིག་ཀྱང་ཡིད་ཀྱིས་ཡོངསུ་དོར་བ་མེད་པའི་ཕྱིར་ཡིད་དུ་འོང་བའོ།། དེ་དག་དང་ལྷན་ཅིག་ཡུལ་གཞན་དུ་འགྲོ་བར་བྱེད་པའི་ཕྱིར་བྲལ་བ་ནི་སྣ་ཚོགསུ་འགྱུ་རོ།། འཚོ་བའི་ཕྱིར ་བྲལ་བ་ནི་རྣམ་པར་མེད་པར་འགྱུར་བའོ།། ཤིན་ཏུ་བསྐལ་པའི་རྒྱུ་ཅན་གྱི་ཁམས་གཞན་དུ་སྐྱེས་པའི་ཕྱིར་བྲལ་བའོ།། ཡོངསུ་མྱ་ངན་ལས་འདའ་བའི་ཕྱིར་བྲལ་བ་ནི་རྣམ་པར་བྲལ་བའོ།། བྱ་བ་ཐམས་ཅད་ལ་ནུས་པ་མེད་པའི་ཕྱིར་ཉམ་ཆུང ་བའོ།། དཔྱོད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་དཔྱོད་པའི་རང་བཞིན་ཅ་ནོ།། བསྟན་པ་ཉིད་ཀྱིས་མཚམས་ལས་མ་རྒལ་བ་ཡིན་ཏེ། བྱ་བ་མ་ཡིན་པ་མི་བྱེད་པའི་ཕྱིར་གཞུང་ལ་ཚུལ་བཞིན་ཐོབ་པའོ།། དགུ་བཅུ་པ་ཉིད་ཡིན་པའི་ཕྱིར ་རྒྱལ་ཚབ་ལྟ་བུའོ།། རྒས་ཐུག་པ་ཞེས་བྱ་བ་ནི་མྱུར་དུ་འགྲོ་བའི་ངང་ཚུལ་ཅན་ནོ།། འཆི་བའི་ཆོས་ནི་གྱེས་པའི་ཆོས་ཅནོ།། སོ་སོར་ཡིད་བརྟན་དུ་མེད་པའི་ཕྱིར་ཡིད་མི་བརྟན་པའོ།། གདས་ནི་རབ་ཏུ་གྲགས་པ་སྟེ་བཅིང་བའི་ཐབ་སུ་གྱུར ་པའོ།། ལྕགས་ནི་རྟ་ལྕག་སོ།། ལྟོང་ནི་སྐོ་བ་ནས་བཙོང་བའི་ཐབསུ་གྱུར་པའོ།། ལག་ལྕགས་ནི་ཤིང་ལས་བྱས་པ་ལག་པ་གཉིས་བཅིང་བའི་ཐབསུ་གྱུར་པའོ།། འཆིང་བ་ལྔ་ནི་ལག་པ་ལ་སོགས་པ་སོ་སོར་ཕུར་པ་དག་ལ་བཏགས་པའོ།། ་རེ་ལྡེ་ལ་སོགས་པ་རེག་བྱ་རྩུབ་པ་ཅན་གྱིས་དཀྲིས་ཤིང་མཉེས་པ་ནི་རེ་ལྔའི་ནང་དུ་བསྒྲིལ་བའི་འོ།། གསལ་ཤིང་ལ་སྨྱོན་པ་ནི་གསལ་ཤིང་གི་ཕུག་པའོ།། ཤིང་གི་རྩང་གཙུགས་པ་ནི་གཞན་གདུང་བར་བྱེད་པའི་བྱེ་བྲག་གོ།། བརྡེག ་པ་ནི་ཉེ་འཚེ་བའོ།། ཤ་སྦྲང་ནི་སྦྲང་བུ་གདུག་པ་ཅན་ཏེ། གང་བ་ལང་ལ་སོགས་པ་དག་ལ་འཛིན་པར་བྱེད་པའོ།། སྦྲུལ་ནི་སྡིག་སྦྲུལ་ལ་སོགས་པའོ།། ཡོངསུ་ཚོལ་བའི་རྩ་བས་ཞེས་བྱ་བ་ནི་ཕན་པར་བྱེད་པའི་ཡོངསུ་ཚོལ་བའི་བྱེད ་རྒྱུ་དག་གིས་སོ།། འདུ་བྱེད་ཀྱི་རྒྱུན་ནི་འདུ་བྱེད་ཀྱི་རྒྱུད་ཡིན་ལ། དེར་མཚམས་སྦྱོར་བ་མཚམས་སྦྱོར་བར་བྱེད་པ་སྟེ། ཀུན་ཏུ་འབྲེལ་པའོ།། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་མི་རྟག་པ་ལ།། རྒྱུན་རྒྱུང་ཆད་པའི་ཕྱིར་མི་བརྟན་པའོ།། ་དང་ལོའི་བར་དུ་གནས་པའི་ངེས་པའི་ཡིད་བརྟན་དུ་མེད་པའི་ཕྱིར་བརྟན་དུ་མི་རུང་བའོ།། སྐད་ཅིག་སྐད་ཅིག་ལ་རྣམ་པ་གཞན་དང་གཞན་དུ་འགྱུར་བའི་ཕྱིར་འགྱུར་བའི་ཆོས་ཅནོ།། འདུས་བྱས་ཐམས་ཅད་ལ་སྐྱོ་བར ་བྱ་བ་ཤིན་ཏུ་ལེགས་པར་རིག་པའོ།། མི་འཆགས་པར་བྱ་བ་ཞེས་བྱ་བ་ནི་ཉོན་མོངས་པར་གྱུར་པ་རྒྱུན་གཅོད་པའི་སྒོ་ནས་སོ།། རྣམ་པར་གྲོལ་བར་ཞེས་བྱ་བ་ནི་རྣམ་པར་བྲལ་བ་ཐོབ་པ་བསྐྱེད་པའི་སྒོ་ནས་སོ།། རྣམ་པར་བསླུ་བ་ཞེ ་བྱ་བ་ནི་སླུ་བར་བྱེད་པ་སྟེ། བདེ་བ་ཉམ་སུ་མྱོང་བ་མངོན་པར་འདོད་པ་སྔོན་དུ་སོང་བ་ཅན་གྱི་སྡུག་བསྔལ་སོ་སོར་ཐོབ་པ་ཞེས་བྱ་བའི་བར་དུའོ།། སོ་སོའི་སྐྱེ་བོ་ཁོ་ན་མཚུངས་པའི་ཕྱིར་སོ་སོའི་སྐྱེ་བོར་གྱུར་པའོ།། རང་བཞིན་ཏེ་ངོ་བོ་ཉིད་ཀྱིས ་ཚུལ་ཁྲིམས་དང་ལྡན་པ་གཞན་གྱི་རྗེསུ་མ་འབྲེང་བའི་ཕྱིར་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པར་གྱུར་པའོ།། དགེ་བ་སྟེ་ཁ་ན་མ་ཐོ་བ་མེད་པའི་ཆོས་གང་ལ་ཡོད་པ་དེ་ནི་དགེ་བའི་ཆོས་ཅན་ཏེ། ཉི་མ་རེ་རེ་ཞིང་ཡོན་ཏན་མངོན་པར་འཕེལ་ཞིང་རབ་ཏུ ་སྐྱེ་བར་འགྱུར་རོ།། ཞེས་བྱ་བའི་ཐ་ཚིག་གོ།། དགེ་བའི་དངོས་པོ་ལ་འདུན་ཅིང་མངོན་པར་འདོད་པ་གང་ཡིན་པ་དེ་ནི་དགེ་བ་ལ་འདུན་པའོ།། མཚུངས་པར་སྤྱོད་པར་བྱེད་པས་ན་མཚུངས་པར་སྤྱོད་པ་སྟེ། ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་མཚན་གྱི་ལུས་ཀྱི་བྱ ་བའོ།། སྡོམ་པ་མང་པོ་ཅན་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་བྱས་པ་ལ་བཤགས་པ་ལ་སོགས་པས་ཕྱིར་གསོ་བར་བྱེད་པ་མང་བའོ།། སོ་སོའི་རྟོག་པ་མང་པོ་ཅན་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱིས་མི་མཐུན་པའི་ཕྱོགས་འཆལ་པའི་ཚུལ་ཁྲིམས་སེལ་བར ་བྱེད་པ་མང་པོའོ།། སྐྱེ་བ་གཉིས་དང་གསུཾ་ཐོག་པ་ནི་རིག་ནཱ་རིགསུ་སྐྱེ་བར་རིག་པར་བྱའོ།། སྐྱེ་བ་གཅིག་གི་ལྷག་མ་ཡོད་པས་ན། སྐྱེ་བ་གཅིག་གིས་ཐོགས་པ་སྟེ། ལན་ཅིག་ཕྱིར་འོང་བའོ།། ལས་བདག་གིར་བྱེད་པ་ཞེས་བྱ་བ་ནི་ལས་ཀྱི་བྲན་དུ་གྱུར་པའོ།། ་ལས་ལས་སྐྱེས་པ་ཞེས་བྱ་བ་ནི་ལས་ལས་བྱུང་བར་གྱུར་པའོ།། ལས་ཀྱི་གོ་སྐལ་ལ་སྤྱོད་པ་ཞེས་བྱ་བ་ནི་ལས་ལས་ཐོབ་པའི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པའོ།། ལས་ལ་བརྟེན་པ་ཞེས་བྱ་བ་ནི་ལས་ལས་ཡོངསུ་ཐོབ་པའོ།། ཤེས་ཏེ་ཞེས་བྱ ་བ་ནི་བྱ་བ་ཐམས་ཅད་སེམོས་ལ་བལྟོས་པར་གྱུར་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྐྱེན་གྱི་སྐད་ཅིག་རེ་རེ་ལ་རྟེན་ཅིང་བལྟོས་ནས་བྱུང་བ་སྟེ། དེ་ལྟ་བུར་གྱུར་པའི་མངལ་གྱི་གནས་སུ་འཇུག་ཅིང་གནས་པར་གྱུར་པའོ།། གནས ་ཀྱི་རང་བཞིན་ཇི་ལྟ་བུ་ཞེ་ན། ལས་བདག་གིར་བྱེད་པ་དང་། ལས་ལས་སྐྱེས་པ་ཞེས་བྱ་བ་ནས་ཁྲག་དང་ཚིལ་གྱིས་བཀའ་བ་ཞེས་བྱ་བའི་བར་དུ་སྨོས་པ་ཡིན་ཏེ། བདུད་ཀྱི་དབང་ཞེས་བྱ་བ་ནི་བདུད་ཀྱི་དབང་དུ་གྱུར་པའོ།། བདུད་ཇི་ལྟར་འདོད་པ ་བཞིན་དུ་བདག་པོའི་ཡུལ་དུ་གྱུར་པ་ཡིན་པ་དེའི་ཕྱིར་ལུས་ལ་བདུད་ཀྱི་སྣོད་ཅེས་བྱའོ།། ཁྱིམ་ནི་གནས་ཀྱི་བྱེ་བྲག་གོ།། གནས་སྐབས་འགྱུར་བའི་ཕྱིར་མི་བརྟན་པའོ།། འཇིག་པའི་ཆོས་ཅན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་སེམས་པ་དག་གི་སེམས ་འཕྲོག་པར་བྱེད་པའི་རང་བཞིན་ཅན་ནོ།། བྱིས་པ་སྨྲ་བར་བྱེད་པ་ཞེས་བྱ་བ་ནི་བྱིས་པ་སླུ་བར་བྱེད་པའོ།། རྩཝའི་རྒྱུད་ཅན་ནི་རྩཝའི་དྲ་བ་ཡིན་ལ་དེ་གཉིས་ཀྱི་རྒྱུད་རུས་པའི་འཁྲུལ་འཁོར་གང་ལ་ཡོད་པ་དེ་ལ་རུས་པའི་འཁྲུལ་འཁོར་རྩཝའི་དྲ་བ་ཅན་ཞེ ་བྱ་བའོ།། སྦུབས་དང་དྲ་བས་དཀྲིས་པ་ཞེས་བྱ་བ་ནི་ཤིན་ཏུ་ལྷོད་པར་གཡོག་པ་ལ་དཀྲིས་པ་ཞེས་བྱ་སྟེ། སྦུབས་ཀྱི་དྲ་བ་དང་རྩཝའི་དྲ་བས་དཀྲིས་པར་གྱུར་པའི་གནས་ཏེ། ཤ་ལ་སོགས་པས་བཀབ་པར་གྱུར་པའོ།། རབ་ཏུ ་གདུངས་པའི་བུ་སྣོད་དེ། མངལ་མི་གཙང་བས་བསྡུས་ཤིང་བསགས་པའི་གནས་ཏེ་ལའོ།། སྐྲ་དང་སོ་དང་བ་སྤུ་ལངས་པ་སྟེ། འབྱུང་བར་གྱུར་པ་དེས་རྣམ་པར་གོམས་ཤིང་རྣམ་པར་འགྱུར་བ་སྟེ། གསལ་པོར་གྱུར་པའོ།། ངར་འཛིན་གསལ་པོ་ལ ་སོགས་པ་ནི་ཉོན་མོངས་པས་རང་དབང་མེད་པའོ།། རྣག་དང་མཆིལ་སྣབས་ལ་སོགས་པ་ནི་དྲི་ང་བ་རུང་བར་གྱུར་པའོ།། ཞག་ལ་སོགས་པ་ན་མི་གཙང་བས་གང་བར་གྱུར་པའོ།། ཆུ་སེར་ན་ཆུ་སྨིན་པར་གྱུར་པ་སྟེ། དེ་ལྟར་གྱུར་པའི་གནས་དེ་ལ་མངལ ་གནས་པར་གྱུར་པའོ།། ཕྱོགས་གང་དུ་གནས་པར་འགྱུར་ཞེ་ན། མ་ཞུ་བའི་གནས་ཀྱི་ནི་འོག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། གསོས་ཤིང་ཞེས་བྱ་བ་ནི་རྒྱས་པར་གྱུར་པའོ།། གང་གིས་ཤེ་ན་ཟླ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཟླ་བ་ནས་ཟླ་བར་དང་། ཟླ་བ་ཕྱེད་ནས་ཟླ་བ་ཕྱེད་དང་། དུས་དང་དུས་སུ་མངལ་གྱི་དྲི་མི་འབྱུང་བ་དེས་སོ།། ཀུན་ནས་གསོས་པ་ཞེས་བྱ་བ་འཕེལ་བར་གྱུར་པའོ།། གང་གིས་ཤེ་ན། ཁ་ཟས་ཀྱི་རོས་ཞེས་བྱ་བ་སྨོས་པ་ཡིནོ།། ཁ་ཟས་ཀྱི་རོ་ཁྱད ་པར་ཇི་ལྟ་བུས་ཤེ་ན། སྟེང་འོག་གི་སོ་སོའི་རིམ་པས་བཅད་ན་ལྐོག་མའི་མིད་པར་མིད་པ་དང་། འོག་གི་ཁ་ཆུ་མངོན་པར་འཛག་པོ་དང་། སྟེང་ཀླད་པོའི་ཀླང་རྒྱས་ཀྱིས་སྤགས་ཤིང་ཁྱབ་པའི་སྒོ་ནས་སོ།། སྐྱུག་བྲོ་བ་དང་འདྲ་བ་ཞེས་བྱ་བ ་ཟས་སྐྲག་པ་དང་འདྲ་བས་སོ།། ཟས་དེ་གང་ཡིན་ཞེ་ན། མའི་ཞེས་སྨོས་པ་ཡིན་ནོ།། གང་མངལ་རྒྱས་པར་བྱེད་པའི་ཟས་དེ་རབ་ཏུ་འཇུག་པའི་ལམ་གང་ཡིན་ཞེ་ན། ལྟེ་བའི་བུ་གུར་ཞུགས་ནས་ཞེས་བྱ་བ་སྨོས་པ་ཡིན་ཏེ། ནུར་ནུར་པོ་ལ ་སོགས་པའི་དངོས་པོར་ཡོངསུ་འགྱུར་བ་ན་སྡུག་བསྔལ་ཆེན་པོའི་ཚོར་བ་མྱོང་བར་འགྱུར་རོ།། ཞེས་བྱ་བར་སྦྱར་བར་བྱའོ།། མངལ་དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། སྨྲས་པ། ལག་པ་དང་། རྐང་པ་དང་། འགྲམ་པ་མངལ་དུ་སྐྱེ་བའི་ཤ་མས ་བཅིངས་པར་གྱུར་པ་སྟེ། མངལ་ཁོ་ན་ཤ་མ་ཡིན་ཞིང་པགས་པའི་སྣོད་དེས་བཅིངས་པར་གྱུར་པའོ།། སྟེང་འོག་ཏུ་རྒྱུ་བ་ཞེས་བྱ་བ་ནི་གོང་འོག་ཏུ་འགྲོ་བར་བྱེད་པའོ།། གང་དུ་ཞེ་ན། བཤང་ཁང་འདྲ་བར་ཞེས་བྱ་བ་དྲི་ཤིན་ཏུ་མི་ཞིམ་པ། མུན ་པ་གནག་པ། འགྲེད་པའི་མངལ་དུའོ།། ཟས་ཀྱི་རོ་མེའི་དུམ་བུ་བཞིན་དུ་གདུང་བ་ནི་རྣམ་པར་མངོན་པར་བརླན་པར་འགྱུར་བའོ།། མེ་མ་མུར་ནི་མེའི་འོབ་སོ།། ཕྱི་རོལ་གྱི་རྐྱེན་མེད་པར་མངལ་ཉེ་བར་གདུང་བར་གྱུར་པ་ཡིན་པ་དེ་ནི་མངལ ་མ་བརྗེད་པའོ།། གདུང་བས་གཡེང་བར་གྱུར་པ་ཞེས་བྱ་བ་ནི་བཏུང་བ་ཤིན་ཏུ་བརྟེན་པའི་ཕྱིར་བཏུང་བས་ཟིལ་གྱིས་གནོན་པར་གྱུར་པ་འམ། སྤངས་པར་གྱུར་པའོ།། འདོད་པ་འམ་ཞེས་བྱ་བ་ནི་བདག་པོ་འམ་གཞན་ཤིན་ཏུ་འདོད་པར ་གྱུར་པའོ།། རུས་པའི་འཁྲུལ་འཁོར་གཉིས་ཀྱི་སྒོ་ནས་ཏེ། གཅི་བའི་ལམ་གྱི་མིང་ཅན་ལས་གཟིར་བར་གྱུར་པ་ན་ཞེས་བྱ་བ་ལ་སོགས་པ་ལ། གནོད་པའི་རྣམ་པ་ཆུང་ངུ་དང་། འབྲིང་དང་ཆེན་པོ་ཉམསུ་མྱོང་བར་འགྱུར་བའོ།། གནོད་པ་དོག ་པ་ཞེས་བྱ་བ་ནི་གནོད་པ་གཞན་ལས་ཤིན་ཏུ་གནོད་པར་གྱུར་པས་ན་གདོད་པ་དོག་པ་དེས་སོ།། བཅད་པ་ལ་འགྱུར་བྱེད་ཀྱིས་རེག་པ་ལྟར་ཞེས་བྱ་བ་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་རེག་པ་མཚུངས་པས་སོ།། ཅི་ཞིག་ཅེས ་བྱ་བ་ནི་རང་གི་ངོ་བོ་ལ་རྟོག་པའོ།། ཇི་ལྟར་འདིའི་ཞེས་བྱ་བ་ནི་ཁྱད་པར་ལ་རྟོག་པའོ།། ཁོམ་པ་དང་ལྡན་པ་ཞེས་བྱ་བ་ནི་ཁོམ་པ་ཕུན་སུམ་ཚོགས་པ་སྟེ། སངས་རྒྱས་འབྱུང་བ་ལ་སོགས་པ་ཡོན་ཏན་གྱིས་རྣམ་པར་བརྒྱན་པའི་སྐྱེ་བ ་ཡོངསུ་ལེན་པར་བྱེད་ཅེས་བྱ་བའི་ཐ་ཚིགོ།། གཡོ་ཞེས་བྱ་བ་ནི་སེམས་ཀྱི་གྱ་གྱུའོ།། གཡོ་སྒྱུ་ཅན་ཞེས་བྱ་བ་ནི་གཞན་སྨྲ་བར་བྱེད་པའི་ངང་ཚུལ་ཅ་ནོ།། དོན་སྤྱོད་པ་ནི་རང་དང་གཞན་གྱི་དོན་བྱེད་པའོ།། བསོད་ནམས་སྤྱོད་པའི་སྦྱིན་པའི་རང ་བཞིན་གྱིས་བསོད་ནམས་སོ།། དགེ་བའི་སྤྱོད་པ་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ནོ།། ལེགས་པར་སྤྱོད་པོ་ནི་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཁ་ན་མ་ཐོ་བ་མེད་པའོ།། སྦྲང་བུ་ནི་རྨ་ལ་སོགས་ཟ་བའི་སྦྲང་བུའོ།། སེམས་ངན་པར་སེམས་པ་དང་། ་ཚིག་ངན་པར་སྨྲ་བ་དང་། ལས་སུ་བྱ་བ་ཉེས་པར་བྱེད་པ་ཅན་ནི་བྱིས་པའོ།། ཐོས་པ་མེད་པ་ནི་ལུང་གི་ཐོས་པ་དང་བྲལ་བའོ།། སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་རྟོགས་པ་དང་བྲལ་བའོ།། དཀའ་བ་ཞེས་བྱ་བ་ནི་སྡུག་བསྔལ་བའོ།། འཁྲུག་པ ་ཞེས་བྱ་བ་ནི་རྣ་བ་བཅད་པ་ལ་སོགས་པའི་སྒོ་ནས་ལུས་ཀྱི་གདུང་བའོ།། དགེ་བའི་ཆོས་སྒྲུབ་པའི་བྱ་བ་དང་བྲལ་བས་ན་ལེ་ལོའོ།། གནས་པ་ནི་ཁྱབ་པར་གྱུར་པའོ།། སྡིག་པ་ནི་སྨད་པར་བྱ་བའོ།། མི་དགེ་བ་ནི་འདོད་པ་མ་ཡིན་པའི་འབྲས ་བུ་འབྱིན་པའོ།། འདྲེས་པ་ནི་ལྟ་བ་དང་ལྟ་བ་མ་ཡིན་པའི་ཀུན་ནས་ཉོན་མོངས་པ་བསྐྱེད་པར་གྱུར་པའོ།། ཡང་སྲིད་པའི་ཞེས་བྱ་བ་ནི་ཡང་སྲིད་དང་རྗེ་སུ་མཐུན་པའོ།། ནད་དང་བཅས་ཞེས་བྱ་བ་ནི་ཀུན་ནས་གདུང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ།། སྡུག ་བསྔལ་གྱི་རྣམ་པར་སྨིན་པ་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པའི་རྒྱུད་ཀྱི་སྡུག་བསྔལ་གྱི་འབྲས་བུ་འབྱིན་པར་བྱེད་པའི་ཕྱིརརོ།། འཇིག་རྟེན་ཕ་རོལ་ཏུ་ཞེས་བྱ་བ་ནི་མ་འོངས་པའི་འཇིག་རྟེན་དུའོ།། སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ནི་ཐོབ ་པར་བྱེད་པ་ཉིད་དུ་རྗེསུ་མཐུན་པ་ཉིད་ཀྱི་ཕྱིར་རོ།། བརྩོན་འགྲུས་བརྩམས་པ་ཞེས་བྱ་བ་ནི་གང་ཤིན་ཏུ་བརྩོན་འགྲུས་དང་ལྗོན་པར་གྱུར་པའོ།། མཐུན་སྨྱོན་པ་དང་བཟོད་པ་སྟེ། གྲང་བ་དང་ཚ་བ་དང་ཁྲོ་བ་ལ་སོགས་པས་ཀྱང་གནས་སྐབས ་ཉམས་པར་མི་འགྱུར་བའི་ཕྱིརརོ།། བརྩོན་འགྲུས་དང་ལྡན་པ་ཞེས་བྱ་བ་ནི་རྟག་ཏུ་དགེ་བའི་བྱ་བ་ལ་བརྩོན་པ་དང་ལྡན་པའོ།། གོང་ནས་གོང་དུ་མཐར་འབྱུང་བའི་བརྩོན་པ་དང་ལྡན་པ་ཉིད་ཀྱི་ཕྱིར་སྤྲོ་བའོ།། ཐམས་ཅད་བསྙེན་བཀུར་བྱ་བ ་ལ་རབ་ཏུ་སྦྱོར་བའི་ཕྱིར་མཐུ་བརྟན་པའོ།། རྟག་ཏུ་སྦྱོར་བའི་ཕྱིར་གཅེས་པ་མི་གཏོང་བའོ།། འདོད་པ་ཞེས་བྱ་བ་ཁས་བླངས་པ་སྟེ། ལུས་ངེས་པར་གྱུར་ཀྱང་ཞེས་བྱ་བའི་ཐེ་ཚིགོ། པགས་པ་ཞེས་བྱ་བ་ནི་པགས་པ་དེ་ཙམ་ལ་ཐོགས ་པ་སྟེ། ལྷག་མར་གྱུར་པའོ།། གང་གི་ཕྱིར་གཞི་མེད་པར་ནི་མ་ཡིནོ་ཞེ་ན། རྒྱུས་པ་དང་། རུས་པ་ཞེས་བྱ་བ་སྨོས་པ་ཡིནོ།། ཡོངསུ་སྐམས་ནས་ཞེས་བྱ་བ་ནི་ཡོངསུ་སྐམས་པར་གྱུར་པ་སྟེ། གང་གི་ལུས་ཀྱི་ཤ་དང་ཁྲག་ལ་སོགས་པ་ཞེས ་བྱ་བའི་ཐ་ཚི་གོ།། འོན་ཀྱང་སྟེ་གང་ཡང་ཞེས་བྱ་བའི་བར་དུའོ།། སྐྱེས་བུས་བརྩོན་འགྲུས་བརྩམས་པའི་སྒོ་ནས་ཐོབ་པར་བྱ་བ་གང་ཡིན་པ་དེ་ནི། ཐོབ་པ་ཉིད་དུ་མངོན་པར་འདོད་པ་སྟེ། ཐར་པ་དང་དེའི་ལམ་གྱི་བདག་ཉིད།། ་ཅན་དེ་མ་ཐོབ་པར་ཞེས་བྱ་བ་ལ་སོགས་པ་ནས། བར་མ་དོར་བརྩོན་འགྲུས་ཉམས་པར་མི་བྱ་བ་སྟེ། ཡོངསུ་གཏང་བར་མི་བྱའོ།། དགའ་བོ་དི་ནརྀ་འཇིག་རྟེན་པ་དང་ལྷན་ཅིག་ཏུ་མི་རྩོད་དོ།། ཞེས་བྱ་བ་ལ་སོགས་པ་ལ། བརྗོད་པ་སྣ་ཚོགས་ནི་རྩོ ་པ་ཡིན་པ་དེའི་ཕྱིར་ཆོས་སྤྲོ་བ་ཁོ་བོ་ནི་རྩོད་པ་དོན་དང་ལྡན་པ་མ་ཡིན་པ་དེའི་ཕྱིར་མི་རྩོད་ཀྱི་འཇིག་རྟེན་པ་ཉིད་ནི་ཆོས་མ་ཡིན་པ་སྨྲ་བ་ཉིད་ཀྱི་ཕྱིར་ང་དང་ལྷན་ཅིག་རྩོད་པར་བྱེད་དོ།། ང་ནི་དེ་ལྟ་བུ་དེ་མི་རྩོད་དོ་ཞེས་བྱ་བ་ལ་སོགས་པ་ལ། རྩོད་པ ་དེ་ལ་དེ་ལྟ་བུ་ཞེས་བྱ་བའི་སྒྲ་ཡང་དང་ཡང་དུ་འཇུག་པ་གང་ཡིན་པ་དེ་ནི་དེ་ལྟོ་བུ་ཞེས་བྱ་སྟེ། དཔེར་ན་ཁོ་བོའི་གཞུང་ནི་འདི་ལྟར་མཛེས་པའོ།། ཁྱོད་ཀྱི་ནི་འདི་ལྟར་མི་མཛེས་པའོ་ཞེས་བྱ་བ་དང་། གཞན་དག་ཀྱང་དེ་ལ་དེ་ལྟར་བརྗོད་པར་བྱེད་དོ།། ་ཞེས་བྱ་བ་ལ་སོགས་པ་སྨྲ་བ་དང་ཕྱིས་སྨྲ་བ་བརྗོད་པ་དེ་འདིས་ང་མི་འདོད་པ་དེའི་ཕྱིར་དེ་ལྟ་བུ་ཞེས་རྩོད་པར་མི་བྱའོ།། ཡང་ན་དེ་ལྟ་བུ་ཞེས་བྱ་བ་ནི་དེ་ལྟར་འཇིག་རྟེན་པ་རབ་ཏུ་སྨྲ་བ་དང་། དེ་ལྟར་ན་མཁའི་གོས་ཅན་དང་། དེ་ལྟར་གྲངས་ཅན་དང་། ་དེ་ལྟར་བྱེ་བྲག་པ་དང་། དེ་ལྟར་རིག་བྱེད་སྨྲ་བ་དང་། ཞེས་བྱ་བ་དེ་དག་ནི་འདི་ལྟར་ཞེས་བྱ་བ་ཡིན་ཏེ་དེས་སོ།། ལྟ་བ་སྟེ་ལྟ་བར་གྱུར་པ་དེ་ལ་རྟོགས་པ་ནི་དཔྱོད་པར་གྱུར་པའོ།། དཔྱོད་པ་དེ་ལ་བཟོད་པར་བྱེད་པ་ནི་བཟོད་པར་གྱུར་པ་སྟེ། འདི་ལྟར་ཁོ་བོའི ་ལྟ་བར་གྱུར་པ་ནི་མཛེས་པ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་ཀྱང་ང་མི་རྩོད་པའོ།། སྐལ་པའི་རང་བཞིན་མེད་པ་ཉིད་ཅེས་བྱ་བ་ནི་ཤིན་ཏུ་བདག་ཉིད་ཀྱི་ཕྱོགསུ་གྱུར་པ་ནི་སྐལ་བ་སྟེ། རུང་བ་ཡིན་པའི་ཕྱིར་སྐལ་བའི་རང་བཞིན་ཡིན་ལ། དེའི་དངོས ་པོ་ནི་སྐལ་པའི་རང་བཞིན་ཉིད་དེ། དེས་ཀྱང་མི་རྩོད་ཀྱི་ཇི་ཙམ་ངས་མཐོང་བ་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་སྨྲ་བར་བྱ་བ་ཡིན་ལ། མཐོང་བ་ནི་མིག་གིས་སོ།། ཤེས་པ་ནི་རྣ་བས་སོ།། མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཡིད་ཀྱི་རྣམ་པ ་ཤེས་པསོ།། མངོན་དུ་བྱས་པ་ནི་ཡེ་ཤེས་ཀྱིས་སོ།། རྣམ་པར་སྨིན་པ་ནི་གཉིས་ཏོ་ཞེས་བྱ་བ་ནི་བདེན་པའི་དོན་དང་། བདེན་པའི་དོན་མ་ཡིན་པའོ།། གནས་མེད་པ་ནི་མི་སྲིད་པ་དང་སྲིད་པར་མི་འགྱུར་བ་ཞེས་བྱ་བའི་བར་དུའོ།། ཅིའི་ཕྱིར ་སྲིད་པ་ཞེ་ན། སྐབས་མེད་དོ་ཞེས་བྱ་བ་སྨོས་པ་ཡིན་ཏེ། རྣམ་པར་སྨིན་པ་གཉིས་པོའི་དཔེའི་ཚིག་སྐྱིད་པ་འདི་ལ་སྐབས་ཉིད་མེད་པ་ཡིན་ཏེ། བཅོམ་ལྡན་འདས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིརརོ།། ་ཡང་དག་པ་གསུང་བ་ཞེས་བྱ་བ་ལ་སོགས་པ་ཡང་དག་པ་གསུང་བ་ཞེས་བྱ་བ་ནི་ཡོད་པའི་དངོས་པོ་གནས་པ་བཞིན་གསུང་བའོ།། སྡུག་བསྔལ་ལ་སོགས་པའི་བདེན་པ་ཐོག་མར་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ནི ་བདེན་པ་གསུང་བའོ།། དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་སྟོན་པར་མཛད་པའི་ཕྱིར་ཆོས་གསུང་བའོ།། ཀུན་རྫོབ་ཀྱི་བདེན་པ་ལ་ཀུན་རྫོབ་ཀྱི་བདེན་པ་ཉིད་དང་། དོན་དམ་པའི་བདེན་པ་ལ་དོན་དམ་པའི་བདེན་པ་ཉིད་དུ་འདོམས་པར་མཛད་པའི ་ཕྱིར་དེ་ཁོ་ན་ཉིད་གསུང་བའོ།། ཇི་སྐད་དུ་ལུང་བསྟན་པ་དེ་བཞིན་དུ་འགྱུར་བའི་ཕྱིར་ཕྱིན་ཅི་མ་ལོག་པར་གསུང་བའོ།། མངོན་པར་འདོད་པའི་དོན་བསྒྲུབ་པར་མཛད་པ་ཉིད་ཀྱི་ཕྱིར་དོན་བཞད་པའོ།། སྡུག་བསྔལ་ལས་གྲོལ་བར་མཛད ་པ་ཉིད་ཀྱི་ཕྱིར་ཕན་པར་བཞེད་པའོ།། ཐར་པའི་བདེ་བ་རྩོལ་བར་མཛད་པ་ཉིད་ཀྱི་ཕྱིར་བདེ་བར་བཞེད་པའོ།། ཏིང་འཛིན་གྱི་བདེ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རེག་པར་བཞེད་པའོ།། ཡོན་ཏན་མ་རྙེད་པ་རྙེད་པ་ནི་གྲུབ་པ་ཡིན་ལ། རྙེད་པ་སྐྱོང་བར་བྱེད་པ་ནི་བདེ ་བ་ཡིན་ཏེ་དེ་བཞེད་པ་ཉིད་ཀྱི་ཕྱིར་གྲུབ་པ་དང་བདེ་བར་བཞེད་པའོ།། ལམ་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ལ། གཞན་ལ་མཁོ་བའི་ལམ་ཡོངསསུ་མཁྱེན་པ་ཉིད་ཀྱི་ཕྱིར་ལམ་མཁྱེན་པའོ།། རང་རིག་པ་ཉིད་ཀྱི་རྒྱུད་ལ་མངའ་བིའོ་ལམ་ཡོངསུ་མཁྱེན ་བའི་ཕྱིར་ལམ་རིག་པའོ།། ཐམས་ཅད་ཀྱི་ཐོག་མར་ལམ་སྟོན་པ་ཉིད་ཀྱི་ཕྱིར་ལམ་སྟོན་པར་མཛད་པའོ།། རྒྱུད་གཞན་ལམ་ལ་རབ་ཏུ་འཛུད་པར་མཛད་པ་ཉིད་ཀྱི་ཕྱིར་ལམ་འཚེད་པའོ།། ཡོངསུ་འདྲེན་པར་བྱེད་ཅིང་རབ་ཏུ་འདྲེན་པར་བྱེད་པའི་ཕྱིར། ་ཡོངསུ་འདྲེན་པ་ཡིན་ལ། ལམ་གྱིས་ཡོངསུ་འདྲེན་པ་གང་ལ་མངའ་བ་དེ་ནི་ལམ་ཀུན་ཏུ་འདྲེན་པ་སྟེ། ལམ་བཤད་པའི་འདྲེན་པའི་སྒོ་ནས་འདུལ་བྱའི་སྐྱེ་བོ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་མཛད་པའི་ཕྱིར་བཅོམ་ལྡན་འདས་ནི་ལས ་ཀྱི་འདྲེན་པའོ།། འཇིག་རྟེན་པ་ནི་མ་དད་པ་ཞེས་བྱ་བ་ནི་དད་པའི་ནོར་མེད་པའོ།། དབང་པོ་རྣམས་ཀྱི་བྲན་ཞེས་བྱ་བ་ནི་དབང་པོ་རྣམས་ཀྱི་དབང་དུ་འགྲོ་བ་སྟེ། དབང་པོའི་དབང་གིས་ཡུལ་རྣམས་ལ་རག་ཏུ་འཇུག་པའི་ཕྱིརརོ།། མངོན་སུམ་གྱི་དུས་སུ ་འགྱུར་བའི་དངོས་པོ་ནི་དེའི་ཚེ་ཉིད་ཡིན་ལ། དེའི་ཚེ་ཉིད་དུ་ཐ་སྙད་འདོགས་པར་བྱེད་པའི་ཕྱིར་མ་རིག་པ་སྟེ། འཇིག་རྟེན་ཕ་རོལ་གྱི་འབྲས་བུ་ལ་བལྟོས་པར་མི་བྱེད་ཅེས་བྱ་བའི་ཐ་ཚིགྲོ། ལག་ཏུ་ཆུད་པ་ནི་ལག་པར་འོངས་པ་ཡིན་ལ། ལག ་པར་འོངས་པ་ལ་ལྟ་བའི་ངང་ཚུལ་གྱི་རང་བཞིན་གང་ཡོད་པ་དེ་ནི་ལག་པར་འོངས་པ་ལྟ་བ་ཅན་ཏེ། ལག་ཏུ་འོངས་པའི་དངོས་པོ་གང་ཡིན་པ་དེ་བརྟན་པོར་འཛིན་པར་བྱེད་ཀྱི། མ་འོངས་པའི་ངན་སོང་ལ་བལྟོས་པར་མི་བྱེད་དོ།། ཞེས་བྱ་བའི་བར ་དུའོ།། ཟད་པ་མང་ཞིང་ཞེས་བྱ་བ་ནི་དོན་དུ་མི་འགྱུར་བ་མང་བའོ།། བསགས་པ་ཆུང་བ་ཞེས་བྱ་བ་ནི་དོན་ཆུང་བ་སྟེ། གང་གི་ཕྱིར་སྲོག་གཅོད་པ་ལ་སོགས་པ་བྱས་ན་དམྱལ་བ་ལ་སོགས་པར་འགྲོ་བར་བྱེད་པ་སྟེ། སྡུག་བསྔལ་གྱི་རྣམ་པ་མང་པོ ་ཉམ་སུ་མྱོང་བར་འགྱུར་ལ་ཤ་ལ་སོགས་པ་ཡོངསུ་ལོངས་སྤྱོད་པའི་བདེ་བ་ནི་ཆུང་བ་ཉིད་ཡིན་པའི་ཕྱིརརོ།། སླ་བ་ནི་བདེ་བས་བསྒྲུབ་པར་བྱ་བ་སྟེ། ལུས་ལ་སོགས་པའི་ལེགས་པར་སྤྱོད་པ་ཡིན་ལ། དེ་མི་བྱེད་པའོ།། དཀའ་བ་སྟེ་ལུས་ལ་སོཊ ་པ་ཉེས་པར་སྤྱོད་པས་བདག་སྤྱོད་པར་ཞེས་བྱ་བ་ནི་གནོད་པར་བྱེད་པའོ།། དགའ་བོ་འོང་བས་ནི་ཆོག་གོ།། ཅེས་བྱ་བ་ལ་སོགས་པ་ལ། འགོའ་ཞིག་ཏུ་དགའ་བོ་ལ་འདི་ལྟ་བུའི་སེམས་སྐྱེ་བར་འགྱུར་ཏེ། འདི་ལྟར་ལུང་གི་གཞུང་གི་ཚད་མང་བ ་དེའི་ཕྱིར་དེ་ལ་ཤེས་རབ་ཀྱིས་ཉན་པ་དང་། སེམས་པ་ལ་སོགས་པའི་བྱ་བ་བྱེད་པར་མི་ནུས་སོ་སྙམ་པ་དེ་ལྟ་བུའི་བློ་སྐྱེ་བའི་ཕྱིར་ཆོག་གོ་ཅེས་པ་ཡིན་ཏེ། ལུང་གི་ལུས་ལ་མངོན་པར་སྦྱོར་བར་བྱའོ།། ཤེས་རབ་ཀྱིས་ཆོག་གོ།། ཅེས་བྱ་བ་ནི ་ཐོས་པ་དང་བསམས་པ་ལས་བྱུང་བའོ།། དངོས་པོ་གང་ཁོ་ན་ཤའི་མིག་གིས་མཐོང་བར་གྱུར་པ་དེ་ཁོ་ན་ཙམ་ལ་བརྟག་པར་བྱའི།། དེ་ལ་ཕྱིན་ཅི་ལོག་གི་བློས་བདེ་བ་དང་། གཙང་བ་ལ་སོགས་པར་འགྱུར་བ་ནི་ཡོངསུ་བརྟག་པར ་མི་བྱའོ།། དེ་ལས་ཀྱང་ཕན་ཡོན་དུ་འགྱུར་བ་གང་ཡིན་ཞེ་ན། དེའི་ཕྱིར་ཇི་ལྟར་མཐོང་བ་བརྟགས་པ་ཁོ་ན་ལས་ཐར་པར་འགྱུ་རོ་ཞེས་བྱ་བ་སྨོས་ཏོ།། འདི་ལྟར་གལ་ཏེ་དངོས་པོ་དེ་མཐོང་བའི་རྣམ་པ་དེ་ཁོ་ན་ཉིད་ཀྱིས་དཔྱོད་པ་ཉིད་དུ་ནུས་པར་འགྱུར་བ ་དེའི་ཚེ་དེ་ཁོ་ན་ཡིད་ལ་བྱེད་པ་སྐྱེས་པའི་ཕྱིར་འཁོར་བ་ལས་ཐར་པར་འགྱུ་རོ།། དགའ་བོ་ཁྱོད་ང་ལ་དད་པའི་ཕྱིར་མ་འགྲོ་ཤིག་ཅེས་བྱ་བ་ལ་སོགས་པ་ལ། བདག་ལ་དེས་བརྗོད་པ་གང་ཡིན་པ་དེ་བདག་གིས་དད་པས་གཟུང་བར་བྱའོ་ཞེས་བྱ་བ་འདི། ་དཔ་སྐྱེས་པ་ཡིན་ཏེ། དད་པོའི་ཕྱིར་འགྲོ་བར་བྱེད་པའོ།། བཀའ་འདི་ལ་ཁོ་བོ་ཤིན་ཏུ་འདོད་དོ།། ཅེས་བྱ་བའི་རྣམ་པ་འདིས་ཐ་སྙད་དུ་བྱེད་པ་ནི་མོས་པའི་ཕྱིར་འགྲོ་བའོ།། འདི་ལུང་གིས་ཆེན་པོར་གྱུར་པ་དེའི་ཕྱིར་འདིའི་ལུང་གཞུང་བཞིན་དུ་འཇུག ་པར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ཐ་སྙད་དུ་བྱེད་འོ་ནི་ཐོས་པའི་ཕྱིར་འགྲོ་བའོ།། སངས་རྒྱས་ཀྱི་ཡོན་ཏན་རྗེ་སུ་དྲན་པ་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནཱི་ཞེས་བྱ་བ་ལ་སོགས་པས་གཟུགས་ལ་ཡོངསུ་རྟོག་པའི་སྒོ་ནས། དེའི་གཞུང ་ལ་རྗེས་སུ་ཐ་སྙོད་བྱེད་པ་ནི་གཟུགས་ཡོང་སུ་རྟོག་པའི་ཕྱིར་འགྲོ་བའོ།། འདིར་བཅོམ་ལྡན་འདས་དེ་མཐོང་བ་ཤིན་ཏུ་མོས་པ་ཞེས་བྱ་བའི་རྣམ་པ་འདིས་དཔྱོད་ཅིང་རྟོག་པ་ཡིན་ལ། རྟོག་པ་དེ་ལ་བཟོད་པར་བྱེད་པ་ནི་བཟོད་པ་ཡིན ་ཏེ། དེས་ཐ་སྙད་དུ་བྱེད་པ་ནི་མཐོང་བ་ལ་རྟོག་པའི་བཟོད་པའི་ཕྱིར་འགྲོ་བའོ།། དགེ་སྦྱོང་ཐམས་ཅད་ལ་འདི་བསྙེན་བཀུར་བྱ་བ་ཡིན་པའི་ཕྱིར་བཀའ་འདི་ནི་གཟུང་བར་བྱ་བ་ཡིནོ་ཞེས་བྱ་བའི་རྣམ་པ་འདིས་ཐ་སྙད་དུ་བྱེད་པ་ནི་དགེ་སྦྱོང་ལ་གུས ་པའི་ཕྱིར་འགྲོ་བའོ།། ཐམས་ཅད་ཀྱི་སྔོན་དུ་འདི་བདག་ཅག་གིས་སྟོན་པ་ཉིད་དུ་ཁས་བླངས་པ་ཡིན་པའི་ཕྱིར་བཀའ་འདི་ནི་བརྗོད་པར་བྱ་བ་མ་ཡིནོ།། ཞེས་བྱ་བའི་རྣམ་པ་འདིས་ཐ་སྙད་དུ་བྱེད་པ་ན་བླ་མ་ལ་གུས་པའི་ཕྱིར་འགྲོ་བའོ།། གཅིག ་བུ་ཞེས་བྱ་བ་འདིས་ནི་ལུས་ཀྱི་དབེན་པ་བསྟན་པ་ཡིན་ལ་དབེན་པར་སོང་ལ་ཞེས་བྱ་བ་སེམས་དབེན་པའོ།། དོན་གྱི་ཡིད་ཅི་སྤྱི་དཔྱོད་པ་ནི་སེམས་པའོ།། ཡོན་ཏན་དང་ཉེས་པའི་སྒོ་ནས་དཔྱོད་པར་བྱེད་པ་ནི་འཇལ་བའོ།། ཕྱོགས་གཅིག་ཁོང་དུ་ཆུད ་པ་ནི་ཉེ་བར་རྟོག་པའོ།། ཡང་ནས་ཡང་སོ་སོར་རྟོག་པ་ནི་མང་དུ་བྱོས་ཤིག་པའོ།། མངོན་སུམ་དུ་གྱུར་པ་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་གྱུར་པའོ།། ཉེ་བར་བསྒྲུབ་པ་ཞེས་བྱ་བ་ནི་ཤེས་པས་ཡོངསུ་རྫོགས་པ་ཆེན་པོ་ཤེས་ནས་བྱ་བའི་ཐ་ཚིག། ་བདག་གི་གླིང་ཞེས་བྱ་བ་ལ་སོགས་པ་ལ་སྡུག་བསྔལ་གྱི་རྒྱུ་ལས་ཡོངསུ་སྐྱོབ་པར་བྱེད་པའི་གླིང་ཡིན་ལ། སྡུག་བསྔལ་དངོས་ལས་ཡོངསུ་བསྲུང་བར་བྱེད་པའི་ཕྱིར་སྐྱོབས་ཡིནོ།། བདག་ཉིད་གླིང་དང་བདག་ཉིད་སྐྱབས་གང་ཡིན་པ་དེ་ནི ་བདག་ཉིད་གླིང་དང་བདག་ཉིད་སྐྱ་བསོ།། ཆོས་ནི་དོན་དམ་པའི་ཆོས་སམ་བསྟོན་པའི་ཆོས་ཡིན་ཏེ། དེའི་གླིང་དང་སྐྱབས་གང་ཡིན་པ་དེ་ནི་ཆོས་ཀྱི་གླིང་དང་ཆོས་ཀྱི་སྐྱབསོ།། གླིང་ཡང་གཞན་མ་ཡིན་ལ་སྐྱབས་ཀྱང་གཞན་མ་ཡིནོ།། ཞེས་བྱ་བ ་འདིས་ནི་གཞན་ལ་རག་ལས་པའི་གནས་སྐབས་ལས་ལྡོག་པར་སྟོན་པར་བྱེད་པ་སྟེ། གཞན་ལ་རག་ལས་པས་གནས་པར་མི་བྱའི་འོན་ཀྱང་བདག་ཉིད་ཀྱི་ལས་སུ་བྱ་བ་ཡིནོ།། དེ་སྐད་དུ་ཡང་དགེ་སློང་དག་དགོན་པའི་ཤིང་དྲུང་འདི་ན་ཞེས ་བྱ་བ་ནས་དགེ་སློང་དག་བག་མེད་པར་མ་གྱུར་པར་བསམ་གཏན་གྱིས་ཤིག། ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་འདོམས་པར་བྱེད་དོ།། ཞེས་བྱ་བའི་བར་དུ་འབྱུང་བ་ཡིནོ།། ནང་ཞེས་བྱ་བ་ནི་བདག་གི་དབང་དུ་བྱས་ནས་ནང་ཞེས་བྱ་སྟེ། རང་གི་ལུས ་ཞེས་བྱ་བའི་ཐ་ཚི་གོ།། དེ་ལ་ལུས་ཀྱི་རྗེ་སུ་ལྟ་བ་ཞེས་བྱ་བ་ནི་མི་གཙང་བའི་ཚོགས་ཀྱི་རྗེ་སུ་ལྟ་བ་ཡིན་ཏེ། དེ་ལྟར་ཡང་ལུས་འདི་ལ་སྐྲ་དང་ཁ་སྤུ་དང་ཞེས་བྱ་བ་ནས་ཀླད་པ་དང་ཀླད་པའི་ཀླད་རྒྱུས་འཛག་པ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིནོ།། སོ་སོར ་རྟོག་པ་ནི་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་རྟོག་པའོ།། བརྩོན་འགྲུས་དང་ལྡན་པ་ཞེས་བྱ་བ་ནི་ཀུན་ནས་གདུང་བར་བྱེད་པས་ན། གདུང་བ་སྟེ་བརྩོན་འགྲུས་དེ་རྩོམ་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚི་གོ།། དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་ཤིན ་ཏུ་དྲན་པ་དང་འབྱོར་པར་གྱུར་པའོ།། ཤེས་བཞིན་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པར་གྱུར་པའོ།། ཟིལ་གྱིས་གནོན་པ་ཞེས་བྱ་བ་ནི་རེངས་པར་བྱས་པ་སྟེ། དུས་གཞན་གྱི་ཚེ་ཀུན་ཏུ་རྒྱུ་བར་འགྱུར་བའི་ཕྱིརོ།། བརྣབ་སེམས་ཞེས ་བྱ་བ་ནི་གཞན་གྱི་རྫས་ཀྱི་ཡུལ་ལ་སྨོན་པའི་མཚན་ཉིད་ཅན་ཡིན་ལ། དོན་མ་ཐོབ་པའི་སྔ་རོལ་གྱི་སེམས་ཡོངསུ་གདུང་བ་ནི་ཡིད་མི་བདེ་པ་ཡིན་ཏེ། བརྣབ་སེམས་དང་ཡིད་མི་བདེ་བ་ཞེས་པ་པི་ཟིལ་གྱིས་གནོན་པའོ།། ཡུལ་གང་ལ་ཞེ་ན། ་སྨྲས་པ། འཇིག་རྟེན་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་ལའོ།། ཕྱིའི་ལུས་ལ་ཞེས་བྱ་བ་ནི་ཕ་རོལ་པོའི་རྒྱུད་དུ་གྱུར་པའོ།། ཕྱི་ནང་གི་ལུས་ལ་ཞེས་བྱ་བ་ནི་རང་གཞན་གྱི་རྒྱུད་དང་གཅིག་པ་འབྲེལ་པར་འགྱུར་བའོ།། ཀུན་འབྱུང་གི ་སལ་རྗེསུ་བལྟ་ཞིང་ཞེས་བྱ་བ་ནི་བདག་ཉིད་ཀྱི་ལུས་འདི་ལ་ཀུན་འབྱུང་ཞེས་བྱ་སྟེ། འདི་ལས་སྡུག་བསྔལ་ཀུན་འབྱུང་བའི་ཕྱིར་རོ།། ཞེས་བྱ་བའི་དབང་དུ་བྱས་ནས་སོ།། ཟད་པའི་ཆོས་ལ་རྗེསུ་བལྟ་ཞིང་ཞེས་བྱ་བ་ནི་ལུས་འདི་གདོན་མི་ཟ ་བར་འཇིག་པར་འགྱུར་བའོ་ཞེས་དཔྱོད་པར་བྱེད་པའོ།། ལུས་མི་གཙང་བའི་ཚོགས་ཀྱི་བདག་ཉིད་ཅན་ཡིན་ཞིང་ནང་ན་བྱེད་པའི་སྐྱེས་བུས་སྟོང་པ་ཡིནོ།། ཞེས་བྱ་བ་དེ་ལྟ་བུའི་དྲན་པ་སྐྱེད་པར་འཇོག་པ་ཅན་ནི་ལེགས་པར་སོ་སོར་འཇོག་པར་གྱུར ་པའོ།། ཇི་ལྟར་ཉེ་བར་འཇོག་པར་འགྱུར་ཞེ་ན། གང་ཁོ་ན་ལ་ཤེས་པ་ཙམ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏོ།། རྣམ་པ་ངེས་པ་འཛིན་པའི་ཕྱིར་ཤེས་པ་ཡིན་ལ། མངོན་སུམ་དུ་འཛིན་པའི་ཕྱིར་མཐོང་བ་ཙམ་ཡིན་ཞིང་སོ་སོར་ཐ་དད ་པར་རམ་ཁྱད་པར་དུ་དྲན་པའི་ཕྱིར་སོ་སོར་དྲན་པ་ཙམ་མོ།། མི་གནས་པ་ཞེས་བྱ་བ་ནི་ཆགས་པ་མེད་པར་རོ།། འཇིག་རྟེན་ཅུང་ཞིག་ཀྱང་མི་ལེན་ཏོ།། ཞེས་བྱ་བ་ནི་དངོས་པོའི་རིག་ཅུང་ཟད་ཙམ་ལ་ཡང་བདག་ཉིད་དུ་འཛིན་པར་མི་བྱེད་པའོ།། ཚོར ་བ་ལ་སོགས་པ་དག་ལ་རང་དང་སྤྱིའི་མཚན་ཉིད་དུ་ཡོང་སུ་རྟོག་པ་ཡང་དེ་བཞིན་ནོ།། ཆོས་རྣམས་ལ་རྗེསུ་བལྟ་ཞིང་ཞེས་བྱ་བ་ནི་འདི་ནི་ཆོས་ཙམ་ཁོ་ན་ཡིན་གྱི་འདི་ལ་བདག་དང་བདག་གི་ཡོད་པ་ནི་མ་ཡིན་ནོ།། གཡོ་མེད་པ་ནི་སེམས ་ཀྱི་ཀུན་ཏུ་སྤྱོད་པ་གསལ་བྱའོ།། རྒྱུ་མེད་པ་ནི་གཞན་སྨྲ་བར་མི་བྱེད་པའོ།། ཚིག་ཐམས་ཅད་ལ་ཡིད་ཆེས་བདང་པོ་དང་རང་བཞིན་ཅན་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་དུ་དྲང་བ་ལ་བྱའི་ཕྱོགས་གཅིག་གས་ནི་མ་མམོ།། ཤེས ་པར་བརྡ་སྤྲོད་པར་འགྱུར་རོ།། ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་དུ་ལུང་བསྟན་པའོ།། ངའི་ལེགས་པར་གསུངས་པའི་ཆོས་ནི་ཞེས་བྱ་བ་ལ་འཕགས་པའི་བདེན་པ་བཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཡིན་ལ། དེ་ནི་དེའི་ལེགས་པར་གསུངས ་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཡང་དག་པར་མཐོང་བ་ལ་ཕན་པ་ཞེས་བྱ་བ་ཡང་དག་པར་མཐོང་བར་བྱེད་པས་ན་ཡང་དག་པར་མཐོང་བ་སྟེ། ཟག་པ་མེད་པའི་བློ་དེས་དཔྱོད་པ་ཡིན་ལ། ཇི་ལྟར་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད ་པའི་སྒོ་ནས་མཐོང་བའི་ལམ་གྱི་ཚེ་བཅོམ་ལྡན་འདས་ཀྱི་བདེན་པ་བཞིའི་རང་བཞིན་ཅན་གྱི་ཆོས་མཐོང་བར་བྱེད་པ་ཡིན་པའི་ཕྱིར་ཡང་དག་པ་མཐོང་བ་ལ་ཕན་པ་སྟེ་སླུ་བར་བྱེད་པ་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ།། ནད་མེད་པ་ཞེས་བྱ་བ ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ནད་གདུང་བར་བྱེད་པའི་རང་བཞིན་ཅན་ལས་རྣམ་པར་གྲོལ་བ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ལམ་གྱི་མཚན་ཉིད་ཅན་ནོ།། དུས་ཀུན་ཏུ་ཞེས་བྱ་བ་ནི་འདིའི་རྩོམ་པ་དང་མཐར་ཕྱིན་པའི་དུས ་མཚུངས་པའོ།། དེ་ལྟར་ཡང་གང་ཞིག་ཁོ་ན་ལ་སྡུག་བསྔལ་ལ་དམིགས་པའི་ལམ་སྐྱེས་པར་གྱུར་པ་དེ་ཉིད་དུ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པར་གྱུར་ལ། གང་ཁོ་ན་ཀུན་འབྱུང་དང་། འགོག་པ་དང་། ་ལམ་ལ་དམིགས་པའི་ལམ་སྐྱེས་པར་གྱུར་པ་དེ་ཉིད་དུ་ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ཡིན་པའི་ཕྱིར་ལམ་ལ་རྩོམ་པ་དང་འབྲས་བུ་མཐར་ཕྱིན་པའི་དུས་མཚུངས་པ་ཡིནོ།། ། ་གོ་བར་སླ་བ་ཞེས་བྱ་བ་ནི་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཐོབ་པར་བྱེད་པ་སྟེ། འཕགས་པའི་བདེན་པ་བཞི་དག་སྟོན་པར་མཛད་པས་ན་བཅོམ་ལྡན་འདས་ཡིན་ལ། དེ་ལས་བྱུང་བ་ནི་གོ་བར་སླ་བ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ལམ ་གྱི་རང་བཞིན་ཡིན་ཏེ། དེ་ལྟར་ཡང་གང་གི་ཚེ་ལམ་སྐྱེས་པར་གྱུར་པ་དེའི་ཚེ་འཕགས་པའི་བདེན་པ་བཞི་ལ་ཐེ་ཚོམ་མེད་པར་གྱུར་ཏོ།། ལྟོས་ཤིག་ཅེས་བྱ་བ་ནི་ཚུར་ཤོག་འཕགས་པའི་བདེན་པ་བཞིའི་དེ་ཁོ་ན་ཉིད་ལྟོས་ཤིག་ཅེས་འཕགས ་པབཔའི་ལམ་གྱི་སྐལ་བ་དང་ལྡན་པའི་ཕྱིར་འགྲོ་བ་ལོ་ཚུར་ཤོག་ལྟོས་ཤིག་ཅེས་སྟོན་པ་འཕགས་པའི་ལམ་ལས་སྐྱེས་པ་དེ་ཁོ་ན་ཉིད་ལ་བར་ཆད་མེད་ཅེས་བྱ་བའི་ཐ་ཚི་གོ།། མཁས་པས་སོ་སོར་རང་གིས་རིག་པ་ཞེས་བྱ་བ་ལ་མཁས་པ ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ་སོར་ཐོབ་པའི་མཁས་པས་སོ་སོ་ཐ་དད་པའི་རང་གི་སེམས་ཀྱི་རྣམ་པར་ཤེས་པ་ཡིན་ཞིང་གཞན་གྱིས་ནི་མ་ཡིནོ་ཞེས་བྱ་བའི་ཐ་ཚིགོ། བཏུང་བའི་སྙིང་པོ་ཞེས་བྱ་བ་ལ་སྙིང་པོ་ནི་མཆོག་སྟེ། ་དྲི་མ་དང་བྲལ་བ་ཡིན་ལ། སྙིང་པོ་ཡང་དེ་ཡིན་ལ་བཏུང་བ་ཡང་ཡིན་པས་ན་བཏུང་བའི་སྙིང་པོ་སྟེ། སྙིང་པོ་ཉིད་ཡིན་པའི་ཕྱིར་བཏུང་བར་བྱ་བ་ཡིན་པ་འམ། སྙིང་པོ་འམ་བཅུད་ཀྱིས་ལེན་ནམ་བདུད་རྩི་དང་འདྲ་བར་བཏུང་བར་བྱ་བ་ཞེས་བྱ ་བ་ལ་སོགས་པའོ།། གསུང་རབ་ཅེས་བྱ་བ་ནི་བཀར་རྟོགས་པ་ཡན་ལག་བཅུ་གཉིས་པའོ།། ཇི་ལྟར་བཏུང་བའི་སྙིང་པོ་ཡིན་ཞེ་ན། འདི་ལྟ་སྟེ་སྟོན་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཐམས་ཅད་མཁྱེན་པ ་ནི་མངོན་སུམ་དུ་གྱུར་པ་སྟེ། མཐོང་བའི་ཡུལ་དུ་གྱུར་ཅིང་གནས་པ་ཞེས་བྱ་བའི་དོན་ཏོ།། ཆོས་ཞེས་བྱ་བ་ནི་བསྟན་པའི་ཆོས་སོ།། ཅི་འདྲ་བ་ཞེས་བྱ་བ་ནི་ཉེ་བར་ཞི་བར་བྱེད་པ་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཕུང་པོ་ལྷག་མ་དང་བཅས་པའི ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ།། ཡོངསུ་མྱ་ངན་ལས་འདས་པར་བྱེད་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིརོ།། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་ཡེ ་ཤེས་ཐོབ་པར་བྱེད་པའི་འཕགས་པའི་ལམ་ཐོབ་པར་བྱེད་པ་ཡིན་པའི་ཕྱིརརོ།། བདེ་བར་གཤེགས་པས་གསུངས་པ་ནི་སངས་རྒྱས་ཀྱི་བསྟན་པའོ།། དེ་ལྟ་བས་ན་ཞེས་བྱ་བ་ནི་རྒྱུ་དེ་ཁོ་ན་ཉིད་ཀྱི་ཕྱིར་དེའི་ཆེད་དུ་བསླབ་པར་བྱའོ་ཞེས་བྱ་བར་རྗེ་སུ་སྦྱར་བ ་བྱའོ།། རང་གི་དོན་གྱི་རྗེས་སུ་བལྟོས་ལ་ཞེས་བྱ་བ་ལ་བདག་གི་དོན་འདི་ནི་ནམ་ཞིག་བདག་རབ་ཏུ་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གང་བརྗོད་པར་བྱེད་པའོ།། གདོན་མི་ཟ་བར་འགྱུར། ཞེས་བྱ་བ་ནི་འབྲས་བུ་མེད་པ་མ་ཡིན་པ་སྟེ། ་ཇི་ལྟར་ཁས་བླངས་པ་བཞིན་དུ་རྗེ་སུ་སྒྲུབ་པའི་ཕྱིརརོ།། འབྲས་བུ་དང་བཅས་པ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པའི་ཕྱིར་རོ།། བདེ་བར་འབྱུང་བ་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པའི་བསམ་གཏན་གྱི་འབྲས་བུ་ཐོབ ་ཕྱིརོ།། བདེ་བའི་རྣམ་པར་སྨིན་པ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་རྣམ་པར་སྨིན་པའི་བདེ་བ་ཐོབ་པའི་ཕྱིརརོ།། ཇི་ལྟར་ན་གཞན་གྱི་དོན་དུ་འགྱུར་བ་ཡིན་ཞེ་ན། གང་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཏོང་བ་པོ་དང་སྦྱིན་བདག ་ངག་གིའོ།། ཀུན་ཏུ་ལོངས་སྤྱོད་པར་བྱ་བ་ནི་ཉེ་བར་ལོངས་སྤྱོད་པར་བྱ་བའོ།། གང་ཡོངསུ་ལོངས་སྤྱོད་པར་བྱ་བ་དག་གང་ཡིན་ཞེ་ན། ཆོས་གོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིནོ།། དེ་ལ་མཆོད་པ་བྱས་ན་ཞེས་བྱ་བ་ནི་མཆོད་པའི་རྣམ་པ ་འམ་། གཏོང་བའི་ཆོས་ཀྱིས་སོ།། འཚོ་བ་ཕུན་སུམ་ཚོགས་པ་འཛིན་པའི་ཕྱིར་འབྲས་བུ་ཆེན་པོར་འགྱུར་བའོ།། ནོར་ལ་སོགས་པ་ཡོ་བྱད་ཕུན་སུམ་ཚོགས་པ་འབྱིན་པའི་ཕྱིར་ཕན་ཡོན་ཆེན་པོའོ།། ནད་མེད་པ་ཕུན་སུམ་ཚོགས་པ་འབྱིན་པའི་ཕྱིར ་སྣང་བ་ཆེན་པོའོ།། སྡུག་པ་དང་ཕྲད་པ་ཕུན་སུམ་ཚོགས་པ་འབྱིན་པའི་ཕྱིར་རྒྱ་ཆེན་པོའོ།། དེ་ལྟར་དགའ་བོ་ཁྱོད་ཀྱི་སྐྱོབས་ཤིག་ཅེས་བྱ་བ་ནི་ཤེས་ནས་སྒྲུབ་པར་བྱ་བའོ།། ཐོག་མར་ཆགས་པ་ནི་དགའ་བའོ།། རྒྱུན་གྱིས་ཆགས་པོ་ནི་མངོན་པ ་དགའ་བའོ།། མྱ་ངན་ནི་ནང་གི་གདུང་བའོ།། སྨྲེ་སྔགས་འདོན་པ་ནི་ངག་གི་བརྗོད་པའོ།། སྡུག་བསྔལ་ནི་ལུས་ཀྱིའོ།། ཡིད་མི་བདེ་བ་ནི་ཡིད་ཀྱི་སྡུག་བསྔལ་བའོ།། འཁྲུག་པ་ནི་རྣ་བ་བཅད་པ་ལ་སོགས་པ་ལས་སྐྱེས་པའི་ལུས་ཅན་གྱི་གདུང ་བའོ།། སྐད་ཅིག་མས་འཇིག་པའི་སྒོ་ནས་ཡོངསུ་འགྱུར་བའོ།། རྒྱུན་ཆད་པའི་སྒོ་ནས་རྣམ་པ་གཞན་དུ་འགྱུར་བའི་ཕྱིར་བདག་གིའོ།། ཞེས་ཁས་ལེན་པ་ཞེས་བྱ་བ་ནི་བདག་གི་ཉིད་དུ་འཛིན་པར་འགྱུར་བའོ།། རྣམ་པ་གོང་གི་ཞེ་ན། དེའི་ནི་ངའི་ཞེས ་བྱ་བ་སྨོས་པ་ཡིན་ཏེ། འདི་ནི་གཟུགས་ལ་སོགས་པའི་དངོས་པོ་ཡིན་ལ། ངའི་ཞེས་བྱ་བ་ནི་བདག་གིས་སྟོན་པར་བྱེད་པའོ།། དེ་ལྟར་ན་བདུག་གང་ཡིན་ཞེ་ན། དེའི་ཕྱིར་འདི་ནི་བདག་གོ།། ཞེས་སྨོས་པ་ཡིན་ཏེ། འདི་ནི ་བདག་ཡིན་ལ། བདག་ཅེས་བྱ་བ་དེ་ནི་བདག་ཉིད་སྟོན་པར་བྱེད་པའོ།། འདི་ནི་ངའི་བདག་གོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཆོས་གཞན་ལ་བདག་ཉིད་དུ་འཛིན་པར་བྱེད་པ་སྟེ། འདི་ཡང་བདག་སྟོན་པར་བྱེད་པའོ།། ཡང་དག་པའི་ཤེས་རབ ་ཀྱིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་སོ།། ཐོས་པ་དང་ལྡན་པ་ཞེས་བྱ་བ་ནི་ལུང་དང་ལྡན་པའོ།། འཕགས་པའི་ཉན་ཐོས་ཞེས་བྱ་བ་ནི་ཁོང་དུ་ཆུད་པ་དང་ལྡན་པའོ།། སྐྱོ་བ་ཞེས་བྱ་བ་ནི་རྒྱབ་ཀྱིས་ཕྱོགས་པར་འགྱུར་བའོ།། ཉོན་མོངས ་བར་གྱུར་པ་སྤྱད་པའི་ཕྱིར་མི་ཆགས་པའོ།། བྲལ་བར་གྱུར་པ་བསྐྱེད་པའི་ཕྱིར་རྣམ་པར་གྲོལ་བའོ།། ཡེ་ཤེས་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སོ།། མཐོང་བ་ནི་མི་སློབ་པའི་ཡང་དག་པའི་ལྟ་བའོ།། བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་འདིས་ནི་སྲིད ་པར་སྐྱེ་བ་ཟད་པ་བསྟན་ཏོ།། ཚངས་པར་སྤྱོད་པ་སྤྱད་དོ་ཞེས་བྱ་བ་ནི་རྒྱུད་ལ་འཇོག་པ་ནི་སྤྱད་པ་སྟེ། གང་གི་ཚེ་ཉོན་མོངས་པ་ཡང་འབྱུང་བར་འགྱུར་བ་སྤངས་པ་དེའི་ཚེ་ཚངས་པ་སྟེ། ལམ་གྱི་མིང་ཅན་རྒྱུད་ལ་གནས་པར་འགྱུར་བའོ།། དེའི ་ཕྱིར་འདིས་ནི་ཉོན་མོངས་པ་རྣམས་ཡང་མོ་འབྱུང་བར་སྤངས་པར་བསྟན་པ་ཡིནོ།། བྱ་བོ་བྱས་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཟད་པ་དང་སྐྱེ་བ་སྤངས་པ་ནི་བྱ་བ་ཡིན་ལ་དེ་བྱས་པའོ།། འདི་ལས་སྲིད་པ་གཞན་མེད་དོ་ཞེས་བྱ་བ་འདི་ནི ་གང་གིས་སྲིད་པར་སྐྱེ་བར་འགྱུར་བའི་ལས་ཀྱི་སྲིད་པ་དེ་ནི་བདག་གིས་མི་ཤེས་སོ་ཞེས་ལས་ཀྱི་སྲིད་པ་བཀག་པ་ཡིནོ།། ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་དོན་གཅིག་ལ་བརྗོད་པར་བྱེད་པའི་སྒྲ་ཕན་ཚུན་བལྟོས་པ་དུ་མ་ནི་རྣམ་གྲངས་ཞེས ་བྱ་སྟེ། གཅིག་ལི་ནོ་གོ་རིམ་བཞིན་དུ་དུ་མའི་སྒོ་ནས་རྗོད་པར་བྱེད་པའི་ཕྱིརརོ།། རྡུལ་མེད་པ་ནི་གསལ་པོར་སྣང་བ་ཉིད་ཀྱི་ཕྱིརརོ།། དྲི་མ་དང་བྲལ་བ་ནི་ཟག་པ་མེད་པ་ཉིད་ཀྱི་ཕྱིརརོ།། ཆོས་རྣམས་ཏེ་འཕགས་པའི་བདེན་པ་བཞི་པོ་དག་ལའོ།། ཆོས ་ཀྱི་མིག་གིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་མིག་གིས་སོ།། ཉེ་བར་ལེན་པ་མེད་ཅིང་ཞེས་བྱ་བ་འདིས་ནི་ལྷག་མ་མེད་པར་སྤངས་པ་བསྟན་ཏོ།། གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། ཞེས་བྱ་བ་ནི་མདོར་གསུངས་པའི་དོན་དང ་རྗེསུ་མཐུན་པའི་དོན་ཚོགསུ་བཅད་པར་སྦྱར་བའི་སྒོ་ནས་བཀའ་སྩལ་པའོ།། ཕུང་པོ་ནི་ཉོན་མོངས་པའི་ཕུང་པོ་ལ་སོགས་པའོ།། དག་པ་ནི་ཟག་པ་མེད་པའོ།། རྣལ་འབྱོར་ནི་སེམས་མཉམ་པར་བཞག་པའོ།། སྐྱེ་བ་ནི་རབ་ཏུ་འབྱུང་བར་འགྱུར། ་བའོ།། འཇིག་པ་ནི་ཉམས་པར་འགྱུར་བའོ།། དག་པ་རྙེད་པར་གྱུར་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་མིང་ཅན་གྱི་དག་པ་གང་གི་ཚེ་ཐོབ་པར་གྱུར་པའོ།། ཡོངསུ་སྤོངས་ཤིག་ཅེས་བྱ་བ་ནི་སྐྱེ་བོ་སྡུག་པ ་དང་འགྲོགས་པ་དང་། རྙེད་པ་ལ་སོགས་པའོ།། ཚོགས་ནི་མཚམ་སོ།། ལྕགས་མ་ལས་བྱས་པ་ཕྱི་རོལ་དང་སས་ཞལ་ཞལ་བྱས་པའི་རིམ་པ་གཅིག་དང་། གཉིས་རྩེག་གམ་གསུམ་རྩེག་ཅན་འབྲས་ལ་སོགས་པ་གཞུག་པའི ་གནས་ནི་སྐོན་པའོ།། མྱ་ངན་ལས་འདས་པ་ཐོབ་པའི་ཆེད་ཀྱི་བྱ་བ་ཕྱིར་དེ་དག་ཐམས་ཅད་ལ་ཤིན་ཏུ་མཐར་ཐུག་པ་གྱུར་པ་ཡིན་པའི་ཕྱིར་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པའོ།། ཡོན་ཏན་མ ་རྙེད་པ་ཐོབ་པ་ནི་གྲུབ་པ་ཡིན་ལ། རྙེད་པ་ཡོངསུ་སྦྱོང་བར་བྱེད་པ་ནི་བདེ་བ་སྟེ། འཁོར་པོ་ཇི་སྲིད་དུ་མ་རྙེད་པའི་མྱ་ངན་ལས་འདས་པ་རྙེང་ནས་རྙེད་པ་ཡང་མི་འདོར་བའི་ཕྱིར་ཁྱད་པར་དུ་འཕགས་པ་སྟེ། གྲུབ་པ་དང་བདེ་བ་གཅིག ་པའོ།། སྤྲས་ཤིང་བསྲུངས་པའི་སྒོ་གང་ཡིན་པ་དེ་ནི་སྒོ་སྤྲོས་པ་ཡིན་ལ། དབང་པོ་དག་གི་སྒོ་སྦས་པ་ན་དབང་པོའི་སྒོ་སྦས་པ་སྟེ། མིག་ལ་སོགས་པའི་དབང་པོའི་སྒོ་ནས་ཁ་ན་མ་ཐོ་བ་ཅུང་ཟད་ཙམ་ཡང་མི་བྱེད་པ་གང་ཡིན ་པ་དེ་ནི་འདིར་དབང་པོའི་སྒྲོ་སྦས་པ་ཡིནོ།། ཉོན་མོངས་པའི་འཆིང་བ་རྣམ་པར་གྲོལ་བའི་དགའ་བ་གང་ཡིན་པ་དང་། ཟག་པ་མེད་པའི་བདེ་བ་གང་ཡིན་པ་དེ་སོ་སོར་མྱོང་བར་བྱེད་པའི་ངང་ཚུལ་ཅན་དེ་ནི་རྣམ་པར་གྲོལ་བའི ་དགའ་བ་དང་བདེ་བ་སོ་སོར་མྱོང་བའོ།། ལྡོང་རོས་ཞེས་བྱ་བ་ནི་འདིར་གུར་གུམ་གྱི་མིང་གི་རྣམ་གྲངས་ཡིན་པ་འམ། དྲི་བཟང་པོའི་རྫས་སྣ་ཚོགས་སྦྱར་བ་ཡིན་གྱི། ལྡོང་རོས་ནི་མ་ཡིན་ཏེ། དྲི་ཡིད་དུ་འོང་བ་མ་ཡིན་པ་ཉིད་ཀྱི ་ཕྱིརརོ།། སྡོང་བུ་ནི་འབྲས་བུའི་རྣམ་པའོ།། བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་ནི་དང་པོ་ལ་སོགས་པ་བཞིའོ།། རྣམ་པར་ཐར་པོ་བརྒྱད་དེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་རྣམ་པ ་ཐར་པ་དང་པོའོ།། ནང་གཞན་གཟུགས་མ་ཡིན་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་ཞེས་བྱ་བ་ནི་རྣམ་པ་ཐར་པ་གཉིས་པའོ།། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་རྫོགས་པར ་བྱས་ནས་གནས་པ་ཞེས་བྱ་བ་ནི་གསུམ་པའོ།། གཟུགས་མེད་པ་བཞི་དང་འདུ་ཤེས་དང་ཚོར་བ་འགོག་པ་སྟེ་བརྒྱད་དོ།། ཏིང་ངེ་འཛིན་ནི་གསུམ་སྟེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་འཛིན་དང་། རྟོག་པ་མེད་ལ ་དཔྱོད་པ་ཙམ་གྱི་ཏིང་འཛིན་དང་། རྟོག་པ་མེད་ཅིང་དཔྱོད་པ་འང་མེད་པའི་ཏིང་འཛིན་ཏོ།། སྙོམས་པར་འཇུག་པ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། བསམ་གཏན་དང་པོ་ནས་འགོག་པའི་སྙོམ་པར་འཇུག་པའི་བར་དུའོ།། ། ་དྲིའི་ལག་རིས་ནི་དཔུང་རྒྱན་གྱི་རྣམ་པ་ལྷ་བུས་བྲིས་པའོ།། འཇམ་རྩི་བྱོས་ཤིག་ཅེས་བྱ་བ་ནི་མས་བཏང་བ་དང་། འཇམ་རྩི་གྱིས་ཤིག་པའོ།། སྒོ་སྐྱོང་གི་ཁང་པ་ལས་ཁང་པ་གཅིག་པ་འམ་གཉིས་རྩེག་གཅིག་གིས་ཤིན་ཏུ་མཐོ ་པ་རླུང་འཇུག་པ་དང་འབྱུང་བ་དང་ལྡན་པའི་ཁང་པ་ལ་སྒོ་ཁ་ཞེས་བྱའོ།། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ་ལས་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒྲོ་གཉིས་པའོ།། ། ་བམ་པོ་བདུན་པ།། ཚིལ་བུའི་སྣས་ནོན་པར་མ་གྱུར་པའི་ཕྱོགས་ནི་གླེགས་བུ་ཡིན་ཏེ། གླེགས་བུ་གླེགས་བུ་དང་། གླེགས་བུ་ཕྱེད་པ་གླེགས་བུ་ཕྱེད་པ་དང་མཉམ་པོར་བྱའོ།། མཐེ་བོང་དང་ཉེ་བར་གྱུར་པ་མཛུབ་མོ་གང་ཡིན་པ ་དེའི་དབུས་མའི་ཚིགས་གང་ཡིན་པ་དེའི་ཚིགས་ཀྱིས་ལོགས་གང་ཡིན་པ་དེའི་སྟེང་དུ་མཐེ་བོའི་ཚོགས་བཞག་པར་གྱུར་པ་ལ་མཐོར་གྲུབ་པ་གང་ཡིན་པ་དེ་ལ་འདིར་བྱ་རོག་གི་མཐོ་ཉིད་དུ་བརྗོད་པ ་ཡིན་ལ། བྱ་རོག་གི་རྐང་པ་དང་འདྲ་བའི་སྒོ་ནས་འདི་ལ་ཡང་སོར་བཞི་ཁོ་ནའི་ཚད་དུ་རྣམ་པ་གཞན་གྱི་སྒོ་ནས་བསྒྲུབས་པ་ཡིནོ།། རྩེ་མོ་རྣོན་པོ་ཞེས་བྱ་བ་ནི་བསྲེགས་ཁར་བཅད་པས་རྣོན་པོར་གྱུར་པའོ།། དྲི་མ་ཅན་དུ ་གྱུར་པ་ཞེས་བྱ་བ་ནི་རྡུལ་གྱིས་ཁྱབ་པར་གྱུར་པའོ།། རྙིངས་པ་ནི་དུས་མང་པོ་ཅན་ནོ།། སྲབས་པ་ནི་ཤིན་ཏུ་དེངས་པར་གྱུར་པའོ།། གསོར་མི་རུང་བ་ནི་བཙོམས་པོ་སོགས་པའི་སྒོ་ནས་བཅོས་པར་མི་ནུས་པའི་ཕྱིརོ།། ཚལ་བུ་ཚལ ་བུ་ཞེས་བྱ་བ་ནི་དུམ་བུ་དུམ་བུར་ཏེ་སྲོག་ཤིང་ལ་གདག་སུ་རུང་བའོ།། སྤུ་ཅན་ནི་གོས་གཅིག་པུ་སྤུས་ཁེབས་པ་སྟེ་པར་བཏང་ངོ་།། རལ་པ་བརྩེམ་པ་ནི་གོས་ཀྱི་དབུས་ཟད་པར་གྱུར་པ་མཐའ་གཉིས་དཀྱིལ་ཉིད་དུ་བྱེད་པའོ།། ་རྟུན་ནི་རྫས་བཏག་ཏུ་རུང་བའི་རྡོའི་ཁྱད་པར་རོ།། རྩ་བ་ཁང་པ་ལས་ཕྱི་རོལ་ཏུ་རིམ་པ་གཉིས་པ་འམ་རིམ་པ་གསུམ་པའི་བྲང་ཁང་གི་ཚོགས་ལ་ཁང་པ་འཁོར་དང་བཅས་པ་ཞེས་བྱའོ།། རྒྱབ་རིངས་ཞེས་བྱ་བ་ནི་འདིར ་སྦྲུལ་གྱི་དོན་དང་རྗེས་སུ་མཐུན་པའི་མིང་ངོ་།། མེ་མར་གྱི་བྱ་བ་གང་གིས་གྲུབ་པར་འགྱུར་བ་དེ་ནི་མེ་མར་གྱི་འོད་ཁང་ངོ་།། སྐུ་ཁང་ནི་ཕྱོགས་གཅིག་མ་གཏོགས་པར་ལྷག་མ་ཡོངསུ་བསྐོར་བའོ།། སྟན་དང་མཉམ་པ་ཞེ ་བྱ་བ་ནི་ཁྲིའུ་ལ་སོགས་པ་སྟན་གྱི་སྟེང་གི་ཆ་མཉམ་པར་རོ།། མཚན་མ་ཐོབ་ཞིག་ཅེས་བྱ་བ་ནི་དེའི་རིག་ཅན་ཁོ་ནའི་ཚོན་གྱིས་ཆོས་གོས་ལ་བྲིས་ཤིང་མཚན་མར་བྱས་པ་འམ། རོལ་ཆུང་ཞེས་བྱ་བ་ནི་རིལ་པ་ཆུང་ངུ ་ཆུས་ཡོངསུ་བཀང་བ་རྐེ་བ་ལ་སྐུད་པས་བཏགས་པ་རྣ་བ་ལ་སྦྱངས་པ་ན། གང་གི་ཚེ་གཉིད་ལོག་པར་གྱུར་པ་རབ་ཏུ་གཡོ་བར་གྱུར་པ་དེའི་ཚེ་ཡོངསུ་བོ་བུ་གདོང་ལ་བབས་པ་དེས་གཉིད་སད་པར་འགྱུར་རོ།། བྱང་བུའི་རྣམ ་པ་ཅན་དུ་ཤིང་བཞོགས་པ་མཐོ་གང་གི་ཚད་དང་བྱས་པ་དེ་ཡང་རྣོལ་འབྱོར་གྱི་དུས་སུ་སྐུད་པས་རྣ་བ་ལ་སྦྱངས་པའོ།། མགོ་བོ་ལ་བཞག་ན་རབ་ཏུ་གཡོ་བའི་ཚེ་དེས་ཀྱང་ཡན་ལག་གི་ཚོགས་ལ་ཕོག་པ་ལས་གོ་ཉིད་སངས ་པའི་ཐབས་ཡིན་ནོ།། ཕོ་ལོང་གི་སྐུད་པའི་ཚོགས་ཟླུམ་པོར་བྱས་པ་དེས་གཉིད་བསལ་བའི་ཕན་ཚུན་འཕེན་པར་བྱེད་པའོ།། བརྩོན་པ་ནི་སེམས་ཀྱི་འབད་རྩོལ་ལོ།། སྒྲུབ་པ་ནི་ལུས་ཀྱི་སྒོ་ནས་བྱ་བ་བྱེད་པའོ།། རྩོལ་བས ་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་མཐར་ཕྱིན་པར་བྱེད་པས་སོ།། སྤྱོད་ལམ་ནི་སྐྱིལ་མོ་ཀྲུང་གིས་འདུག་པ་ལ་སོགས་པའོ།། སྤྱོད་པ་ནི་སྤྱོད་ཡུལ་དུ་འགྲོ་བ་ལ་སོགས་པའོ།། ག་ལ་ནན་ཏན་དུ་བྱེད་པ་ཞེ་ན། བསླབ་པ་རྣམས་ལ་གུས ་པར་བྱེད་པ་ཉིད་དོ།། གྲོང་གི་སྐྱེ་བོ་མང་པོ་རྣམས་ཀྱིས་ཞེས་བྱ་བ་ནི་གྲོང་གི་དབང་བྱེད་རྣམས་ཀྱིས།། གཏམ་ནི་ངག་གི་རྣམ་པོར་གྱུར་པའོ།། མཚན་མ་ཞེས་བྱ་བ་ནི་ལུས་རྣམ་པར་འགྱུར་བའི་ཆོས་ཅན་ནོ།། ཀུན་དགའ་ར་བའི་ནང་ན་ཞི ་བྱ་བ་ལ་ནང་གི་སྒྲ་འདི་ནི་འདིར་དབུས་བརྗོད་པར་བྱེད་པ་ཡིནོ།། སྤོངས་ཤིག་ཅེས་བྱ་བ་ནི་རང་གི་ངོར་ཞིང་བསལ་བ་འམ། མངག་པར་བྱེད་པའོ།། རྣམ་པ་ཞེས་བྱ་བ་ལ་སོགས་རྣམ་པ་ནི་འདིར་རང་གི་ངོ་བོ་ཉིད ་ཡིན་པར་རིག་པར་བྱ་བ་ཡིན་ལ། རྟགས་ནི་རང་གི་ངོ་བོ་ལ་མི་འཁྲུལ་པོའི་མཚོན་པར་བྱེད་པ་ཡིན་ཞིང་། མཚན་མ་ནི་རང་གི་ངོ་བོ་ཁོང་དུ་ཆུད་པར་བྱེད་པའི་རྒྱུ་ཡིན་པར་བསྟན་ཏོ།། ཡུལ་མ་ཡིན་པ་ནི་ཁོང་དུ་ཆུད་པར་མི་འགྱུར་བ ་སྐྱིལ་མོ་ཀྲུང་བཅས་པ་ནི་སྐྱིལ་མོ་ཀྲུང་གིས་འདུག་ནས་སོ།། ལུས་དྲང་པོ་ཞེས་བྱ་བ་ནི་དྲང་པོར་བྱས་ནས་སོ།། བསྲང་བ་ནི་ལུས་ཀྱི་རྐང་པའི་ཕྱོགས་ནས་བརྩམས་ནས་ལུས་དྲང་པོར་བྱེད་པའོ།། དྲང་བ་མངོན་དུ་ཞེས་བྱ་བ་ནི་བཞིན་ལ ་སོ་སོར་གཏད་པས་ན་དྲན་པ་མངོན་དུའོ།། རྣལ་འབྱོར་ཞེས་བྱ་བ་ནི་མིག་དྲང་པོར་བལྟ་བས་ཞུགས་པ་ནི་བསམ་གཏན་བྱེད་པ་ཡིནོ་ཞེས་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཡོད་དེ། མིག་སྣའི་རྩེ་མོ་ལ་གཏད་པ་ན་དྲན་པ་ཡང་བསྒོམ་པར ་བྱ་བ་དོན་དེ་ཁོ་ན་ཉིད་ལ་བཞག་པ་ཉིད་ཡིན་པ་དེའི་ཕྱིར་འདིས་ནི་བརྩོན་འགྲུས་བརྩམས་པའི་རྒྱུ་མཚན་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་ཏིང་འཛིན་གྱི་ཡན་ལག་ཡིན་ནོ་ཞེས་བསྟན་པ་ཡིནོ།། ཁའི་དྲི་མ་དག་པར་བྱ་བའི་ཕྱིར་སོ།། ་ཤིང་དོར་བར་བྱའོ་ཞེས་གསུངས་པ་ལ། དོར་བ་ཡང་ཁའི་དྲི་མ་སྦྱངས་ནས་ཤིང་གི་དུམ་བུ་ཡོངསུ་དོར་བར་བྱའོ།། མིག་ལ་ཕན་པ་ནི་མིག་ལ་ཕན་འདོགས་པར་བྱེད་པའོ།། སྐྱེ་བོ་མང་པོ་འདུས་པའི་གནས་ནི་འདིར་མི་དབེན་པའོ།། ་འཁུམས་པར་གྱུར་པ་ནི་རྣམ་པར་ཞུམ་པ་སྟེ། ཇི་ལྟར་བྱ་བ་ལ་རྨོངས་པར་གྱུར་ཅེས་བྱ་བའི་ཐ་ཚི་གོ།། བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ་ཞེས་བྱ་བ་ནི་མང་པོས་སོ།། བསོད་ནམས་བརྒྱའི་ཚད་ཀྱང་གང་ཞེ་ན། སྨྲས་པ། འདིར་ཁ་ཅིག་སེམས ་བརྒྱ་ལ་བསོད་ནམས་བརྒྱ་ཞེས་བྱ་བར་འཐོབ་སྟེ། སྔོན་དུ་སོང་པ་ཅན་གྱི་སེམས་ལྔ་བཅུ་མངོན་སུམ་དུ་བྱེད་ཅིང་འཕེན་པར་བྱེད་ལ། དེའི་མཇུག་གཽ་སྒོ་ནས་ཀྱང་ཡོངསུ་རྫོགས་པར་བྱེད་པ་ལྔ་བཅུ་མངོན་སུམ་དུ་བྱེད་པར་འགྱུར་རོ།། དེ་དག ་ཀྱང་གང་ཞེ་ན། ལས་ཀྱི་ལམ་བཅུལ་རྟེན་པའི་ཕྱིར་ལས་ཀྱི་ལམ་རེ་རེ་ལ་ཡང་ལྔར་འགྱུར་ཏེ། འདི་ལྟར་སྲོག་གཅོད་པ་ལས་ལྡོག་པའི་སེམས་དང་། དེ་ལ་འགོད་པར་བྱེད་པའི་སེམས་དང་། དེའི་བསྔགས་པ་བརྗོད་པའི་སེམས་དང་། དེ ་ལ་རྗེ་སུ་ཡི་རང་བའི་སེམས་དང་། ངའི་འབྲས་བུ་ཡོངསུ་བསྔོ་བར་བྱེད་པའི་སེམས་ཏེ། སངས་རྒྱས་ཉིད་དུ་ཡོངསུ་བསྔོ་བར་བྱེད་པའི་ཕྱིརརོ།། དེ་བཞིན་དུ་ལོག་པར་ལྟ་བ་ལོས་སླར་ཟློག་པའི་བར་དུ་བརྗོད་པར་བྱ་སྟེ། ལན་གཉིས་མངོན་ཏུ ་བྱས་པ་ལས་སེམས་བརྒྱར་འགྱུརརོ་ཞེས་བྱ་བ་དང་། གཞན་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྲོག་གཅོད་པ་ལས་ལྡོག་པ་ནི་རྒྱུ་རྣམ་པ་ལྔ་དང་ལྡན་པ་ཉིད་ཡིན་ཏེ། དངོས་གཞིའི་ལས་ཀྱི་ལམ་ཡོང་སུ་དག་པ་དང་། དབང་དུ་བྱེད་པ ་ཡོངསུ་དག་པ་དང་། རྣམ་པར་རྟོག་པ་བཞིན་དུ་བསོད་པ་མེད་པ་དང་། དྲན་པས་བསམས་པ་ཉིད་དུ་མ་ཡིན་པ་དང་། མྱ་ངན་ལས་འདས་པ་ལ་ཡོངས་སུ་བསྔོ་བ་ཉིད་ཅེས་བྱ་བ་དེ་ལ་དམིགས་པར་བྱེད་པའི་སེམས་ལྔར་འགྱུར་ལ། དེ་བཞིན་དུ ་ལས་ཀྱི་ལམ་བཅུ་ལ་དམིགས་པའི་སེམས་ལྔ་བཅུར་འགྱུར་ཏེ། དེ་ལན་གཉིས་མངོན་སུམ་དུ་བྱས་པ་ལས་སེམས་བརྒྱར་འགྱུ་རོ་ཞེས་བྱ་བ་དང་། ཁ་རྦི་ས་ནི་ས་ངྱས་ཀྱི་སྐུ་ནི་རྣ་བ་གཎྜི་ཏེ། སྤུརན་གྱི་སྐུ་དང་ཆོས་ཀྱི་སྐུའོ།། དེ་ལ་སྤུན་པ ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡིན་ལ། ཆོས་ཀྱི་སྐུ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡིན།། དེ་ལ་སངས་རྒྱས་ལ་དམིགས་པའི་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་པ་ལས་སེམས་ལྔ་བཅུར་འགྱུར་ལ། ་བདག་ཀྱང་འདི་ལྟ་བུར་གྱུར་ཅིག་ཅེས་བྱ་བ་གཞན་ལྔ་བཅུ་སྟེ། དེ་ལྟར་ན་བསོད་ནམས་བརྒྱར་འགྱུར་ཞེས་སྨྲའོ།། གཞན་དག་ནི་འདོད་པའི་ཁམས་གནས་རིས་ཉི་ཤུ་དང་། གཟུགས་ཁམས་བཅུ་དྲུག་དང་། གཟུགས་མེད་པའི་ཁམས་བ ་དང་། གྲང་བའི་དམྱལ་པོ་བརྒྱད་ཅེས་བྱ་བ་བཞི་བཅུ་རྩ་བརྒྱད་པོ་སྟེ། ཁམས་གསུམ་པོ་མ་ལུས་པ་དེ་ལ་དམིགས་པའི་བྱང་ཆུབ་སེམས་དཔའི་སྙིང་རྗེའི་ཐུགས་སྐྱེ་བ་དེ་དང་ཡང་དག་པར་ལྡན་པའི་སེམས་བཞི་བཅུ་རྩ་བརྒྱད་པོ་དང ་དེའི་རྗེས་ཐོགསུ་སངས་རྒྱས་ལ་དམིགས་པའི་སེམས་སྐྱེ་བར་འགྱུར་ཏེ། ཇི་ལྟར་འདིས་ཁམས་གསུམ་པོ་འདི་ལས་སེམས་ཅན་ཐར་པར་མཛད་དོ་ཞེས་བྱ་བའི་སེམས་འདི་དང་། དེའི་འོག་ཏུ་སེམས་གཉིས་པ་སྐྱེ་བར་འགྱུར་ཏེ། ་བདག་གིས་ཀྱང་དེ་བཞིན་དུ་ཐར་བར་བགྱིའོ།། ཞེས་བདག་ལ་དམིགས་པའི་ཕྱིར་དེ་ལྟར་སེམས་ལྔ་བཅུར་འགྱུར་ཞིང་། དེ་ཡང་ལན་གཉིས་མངོན་སུམ་དུ་བྱས་པ་ལས་སེམས་བརྒྱར་འགྱུར་བ་དེ་ལྟར་ན་བསོད་ནམས་བརྒྱ་ཞེས་སྨྲའོ།། ། ་ཨོ་ར་ཊཱི་ཀ་ནི་ལུས་སོགས་པའི་བྱ་བ་མ་དང་བསྐྱེད་པར་བྱེད་པའོ།། ཆོལ་ཟངས་ནི་འདིར་རྐང་ཁྲུས་ཀྱི་མིང་ངོ་།། གཙུག་ལག་ཁང་ན་གཉུག་མར་གནས་པ་ནི་གནོད་སྦྱིན་ལ་སོགས་པའོ།། འཁྲུ་བ་ནི་ཨ་རུ་ར་ལ་སོགས་པའི་རྫས་སྔོན་དུ་སོང ་བ་ཅན་གྱི་འཆུག་པའོ།། ཤིང་ཞེས་བྱ་བ་ནི་ལྕུག་མའི་ཚོགས་དང་ལྡན་པའོ།། གཅི་ཕྱེ་ནི་གཙོ་བ་སྐམས་པའི་ཕྱེ་མའོ།། དཀའ་བས་བསླང་བ་ཉིད་ཡིན་པའི་ཕྱིར་གནས་ངན་ཏེ་སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཁས་ལེན་པའི ་ཕྱིར་གནས་ངན་ལེན་ཡིན་ལ། གནས་ངན་ལིན་ཀུན་ཏུ་སྤྱོད་པ་སྟེ། ལུས་དང་ངག་གི་སྤྱོད་པ་གང་ལ་ཡོད་པ་དེ་ནི་གནས་ངན་ལེན་ཀུན་ཏུ་སྤྱོད་པའོ།། དོན་མེད་པར་བྱས་པ་ནི་དབང་དུ་གྱུར་པའོ།། དད་པ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་དང ་བོ་མེད་པར་གྱུར་པའོ།། སྨད་པའི་དངོས་པོ་ལ་འཆོལ་པོའི་ཕྱིར་ལེ་ལོ་ཅན་ནོ།། ཚིག་དོན་ནི་ཚིག་བརྣག་པར་མི་ནུས་པའོ།། མ་གུས་པ་ནི་གུས་པར་མི་བྱེད་པོའོ།། སྡིག་པ་སྨད་པའི་གྲོགསུ་གྱུར་པ་གང་ཡིན་པ་དེ་ནི་སྡིག་པའི་གྲོགས ་པོར་གྱུར་པའོ།། དབེན་དུ་གཏོགས་པ་ཞེས་བྱ་བ་ནི། དགེ་འདུན་གྱི་དབྱེན་པ་དང་འབྲེལ་པའོ།། གཟུ་བོ་སྐོས་ཤིག་ཅེས་བྱ་བ་ནི་དྲང་པོར་བྱེད་པ་བསྒོ་བའོ།། ཡོ་བྱད་དྲུག་པོ་ཞེས་བྱ་བ་ནི་ཆོས་གོས་གསུམ་དང་གདིང་བ་དང་། ལྷུང་བཟེད་དང ་ཆུ་ཆགས་སོ།། སོ་ཕག་གི་ཕྱེ་མ་ནི་ཕ་གུ་སོ་བཏང་བའི་ཕྱེ་མ་ཤིན་ཏུ་ཞིབ་པ་མ་ཡིན་པའོ།། ཀུན་ཏུ་ཆགས་པར་བྱ་བ་ནི་གཡོ་བ་བརྟན་པོར་བྱ་བའི་ཕྱིར་ཤིང་ལ་སོགས་པས་ཀུན་ནས་བཅིང་པོའི་ཐབ་སུ་གྱུར་པའོ།། ཀ་བའི་བར་དུ ་སྤང་ལེབ་ཀྱིས་ཆོད་ཅིག་ཅེས་བྱ་བ་ནི་འདིར་ཤིང་ལེབ་ལ་སྤང་ལེབ་ཀྱི་སྒྲས་བསྟན་པ་ཡིནོ།། བསོད་ནམས་ཀྱི་ཐབས་ནི་བསོད་ནམས་ཀྱི་འབབ་སྟེགསོ།། ཁྲེལ་པར་གྱུར་པའི་ངང་ཚུལ་གྱིས་ཞེས་བྱ་བ་ནི་བཅོམ་ལྡན ་འདས་ཀྱིས་ས་གཞི་སྦྱངས་ཤིང་བྱི་དོར་བྱས་པའི་སྡིག་པ་བསྔགས་པར་གྱུར་པས་སོ།། ཚིགསུ་བཅད་པ་འདོན་པས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའི་ཚིགསུ་བཅང་བ་བཀླག་པསོ།། མི་ཤེས་པ་རྣམ་པ་ཐམས་ཅད་དུ་སྤངས་པ ་ཕྱིར་རྣམ་པ་ཐམས་ཅིང་མཁྱེན་པའོ།། ཡུལ་ཐམས་ཅད་མཁྱེན་པས་ན་ཐམས་ཅད་མཁྱེན་པ་དེའི་ཕྱིར་ཤེས་བྱ་སྟེ། ཤེས་པར་བྱ་བའི་དངོས་པོ་དག་ལ་དབང་ཐོབ་པའོ།། རྣམ་པ་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་བདག་པོ་ཐོབ་པར་གྱུར ་པོའོ།། དད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ལས་དང་འབྲས་བུའི་འབྲེལ་པ་དང་། གཞན་ཡང་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོས་སྐྱེས་པ་ཡིད་ཆེས་པའོ།། སྡིག་པ་ལས་རྣམ་པར་ལྡོག་པའི་ཕྱིར་བཟང ་པོའོ།། བསམ་པ་དགེ་བ་ནི་དབྱེ་བའི་ཆོས་ལ་འཇུག་པའི་སེམས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པ་གཽ་ཏོང་བར་བྱེད་བྱ་གང་ཡིན་པོ་དེ་ནི་ཐམས་ཅད་ཡོངསུ་གཏོང་བྱ་ཞེས་བྱ་སྟེ། བདག་ཉིད་ཀྱི་བདེ་བ་ལ་བལྟོས་པ་མེད ་བའི་ཕྱིརོ།། འདོད་པ་ནི་དད་པའོ།། གསེར་ཕུར་དང་ཞེས་བྱ་བ་ནི་འདིར་གསེར་ཕུར་གྱི་སྒྲས་གསེར་ཏོ་ལོ་འབུམ་སྟོན་ཏོ།། རྒྱལ་པོ་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་བདག་པོའི་རྒྱལ་པོ་ལ་འབོད་པའོ།། འདོད་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར ་ན་ཐོས་པར་འགྱུབ་པན་ཏུ་གདུངས་པདྨ་གྱུར་པ་ནས་བྱ་བ་ནཱི་མྦྷ་རྙེད་པས་གདུངས་པ་ཉམ་སུ་མྱོང་བར་གྱུར་བྱའོ།། གསང་བ་པ་སྐྱེས་རྒྱུ་བ་ན་གནང་སྟོན་གྱི་མྱང་ག་རྣམ་གྲངས་སྔོན་། གཟུགས་བསྒྱུད་ནས་སྨྲས་རྒྱུ་བན་མ་སྤྲུལ་ས། ་བ་སྐྱེད་པར་བྱེད་པར་བསྒྱུར་བ་དང་ལྡན་པའོ།། ཆོས་སྤྱོད་ཅེས་བྱ་བ་ནི་གྱིས་ཤིག་པའོ།། ཆོས་ལ་རྣམ་པོ་མང་བ་ཉིད་ཀྱི་ཕྱིར་མངོན་པར་འདོད་པར་བྱ་བ་ལེགསོ་པར་སྤྱད་པ་སྨོས་པ་ཡིན་ཏེ། སྲོག་གཅོད་པ་ལས་སོགས་པ་ལྡོག་པའི་ངོ་བོ་དང་། ་སྦྱིན་པ་ལ་སོགས་པ་འཇུག་པའི་ངོ་བོ་ཞེས་བྱ་བའི་ཐེ་ཚིགོ།། ཉེས་པར་བྱ་བ་སྤྱོད་ཅིག་ཅེས་བྱ་བ་ནི་ཉེས་པར་སྤྱོད་པའི་ཕྱིར་ཚུལ་ཅན་གྱི་ཆོས་ལྷག་པར་སྤྱད་པར་མི་བྱའོ།། ཅིའི་ཕྱིར་ཞེ་ན། ཆོས་སྤྱོད་བདེ་བར་གནས་པ་ནི།། ཞེས་བྱ་བ་སྨོས་ཏེ། གང ་གི་ཕྱིར་ལེགས་པར་སྤྱད་པའི་རང་བཞིན་ཅན་གྱི་ཆོས་སྤྱོད་པ་གང་ཡིན་པོ་དེ་ནི་འདིར་གྲགས་པ་ལ་སོགས་པའི་སྒོ་ནས་བདེ་བར་གནས་པ་དང་། ཕ་རོལ་ཏུ་མངོན་པར་འདོད་པའི་འབྲས་བུ་ཐོབ་པར་གྱུར་པ་དེའི་ཕྱིར་འཇིག་རྟེན་འདི་དང་ཕ་རོལ་ཏུ ་ཞེས་སྨོས་པ་ཡིནོ།། མོ་མུར་དོང་ནི་སེང་ལྡེང་གི་མེ་མདག་གིས་ཡོངསུ་གང་བར་གྱུར་པའི་མེ་མ་མུར་གྱི་དོང་ངོ་།། ཆེར་འཇིགས་བྱེད་ཅེས་བྱ་བ་ནི་ཆེར་སྐྲག་པར་བྱེད་པའོ།། ཉི་མ་འཆར་ཀྲའི་དམར་པོ་བཞིན་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་ཤར ་མ་ཐག་པའི་འོད་དང་འདྲ་བ་འམ། མེ་དང་འདྲ་བར་རོ།། ཆོས་ཀྱི་ཕྱིར་ཏེ་ཆོས་ཀྱི་རྒྱུ་མཚན་གྱིས་བོར་བའོ།། ངེས་པ་ཡིད་ཀྱིས་ཞེས་བྱ་བ་ནི་རང་བཞིན་གྱིས་ཡིན་གྱི། བཅོས་མའི་སེམས་ཀྱིས་ནི་མ་ཡིནོ།། འཇིགས་པ་མེད་ཅེས་བྱ་བ་ནི་སྐྲག ་པ་མེད་པའོ།། བདག་ཆོས་ཉན་པའི་རྒྱུ་མཚན་གྱིས་ལུས་བོར་བ་གང་ཡིན་པ་དེ་ནི་བདག་གི་བསོད་ནམས་ཀྱི་མེ་མ་མུར་གྱི་དོང་འདི་དགེ་བར་འགྱུར་བ་ནི་མེའི་གདུང་བ་དང་ཡོངསུ་བྲལ་བའོ།། ཙན་དན་འདམ་སྟེ ་ཙན་དན་གྱི་མདེ་གུ་དེས་བསྒོས་པ་དང་། པདྨས་ཆུ་ཁེབས་པར་གྱུར་པ་ནི་པདྨ་ཅན་ནོ།། བཀུར་སྟི་བྱའོ་ཞེས་བྱ་བ་ལ་སོགས་པ་ལ་བསྙེན་བཀུར་ནི་སེམས་ཀྱིས་ཆེན་པོ་ཉིད་དུ་འཛིན་པའོ།། བླ་མར་བྱ་བ་ནི་སྟོན་པ་ཉིད་དུ་འཛིན་པའོ།། རིམ ་གྲོར་བྱ་བ་ནི་ཆོས་མང་པོ་དག་ལས་ཆེན་པོར་འཛིན་པའོ།། མཆོད་པ་ནི་ཕྱག་ལ་སོགས་པས་སོ།། མི་རིགས་པོའི་གཏམ་ནི་ཡང་དག་པ་མ་ཡིན་པའི་གཏམ་ཏེ། བུད་མེད་དང་། རྐུན་པོ་དང་། རྒྱལ་པོ་ལ་སོགས་པའི་གཏམ་དག་གོ།། དགེ་བའི ་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་ནི་འཕགས་པའི་མི་སྨྲ་བར་གྱུར་པའོ།། མི་བརྟན་པ་ནི་གཡོ་བའོ།། བཟའ་བ་དང་བཏུང་བའི་ཆོ་ག་ལ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བའི་སྒྲུབ་པ་ལའོ།། གནས་མལ་གྱི་ཆོ་ག་ལ་ཞེས་བྱ་བ་ནི་གནས་མལ ་བཤམ་པའི་བྱ་བ་ལའོ།། ཁ་ཟས་ལ་ཆགས་པའི་རང་བཞིན་ཅན་ནི་སྐམ་ཆགས་ཅན་ནོ།། རྒྱགས་ནས་ཞེས་བྱ་བ་ནི་གནོད་སེམས་ཀྱིས་སོ།། སྲོག་ལ་འབབ་པ་ནི་འཆི་བ་དང་ཉེ་བར་གྱུར་པའོ།། གཟིམས་པ་ཞེས་བྱ་བ་ནི་གཉིད་ལོག་པར ་གྱུར་པའོ།། གཅིག་ནི་ཞེས་བྱ་བ་ལ་སོགས་པ་ལ་དགྲ་བཅོམ་པ་ལ་སྐུར་པ་འདེབས་པའི་ལྟོ་བ་ཅན་གང་ཡིན་པ་དེ་ནི་རྟག་པར་ལྟ་བ་ཡིན་ཏེ། དགྲ་བཅོམ་པ་ཐོབ་པར་བྱེད་པའི་ལམ་ལ་སྐུར་པ་འདེབས་པ་ལས་འཇིག་རྟེན་འདི་རྟག ་པ་ཡིན་ནོ་ཞེས་རྟག་པར་ལྟ་བ་དང་། འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབསྡུ་པ་གང་ཡིན་པ་དེ་ནི་འཆུ་ཕ་རོལ་ཅུང་ཞིག་ཀྱང་ཡོད་པ་མ་ཡིནོ།། ཞེས་མཐོང་བའི་ཕྱིར་ཆད་པར་ལྟ་བའོ།། རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན ་རྒྱ་ཆེ་བསྡུ་བསྟེན་པ་ཉིད་ཀྱི་ཕྱིར་རྒྱ་ཆེ་བ་ཡིན་ལ། འཇིགས་པ་མེད་པ་ཉིད་ཀྱི་ཕྱིར་ཁྱུ་མཆོག་ཡིན་ལ། ཁྱུ་མཆོག་དང་འདྲ་བ་ཡིན་པས་ན་ཁྱུ་མཆོག་ལྟ་བུའོ།། ཆ་གཅིག་གཟུང་སྟེ།། ཞེས་བྱ་བ་ནི་གདོན་མི་ཟ་བར་འགྱུར་བ་ཉིད་དུ་ཁས་བླང ་ནས་སོ།། ཚིག་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་སེང་གེའི་སྒྲའོ།། ཕ་མ་དང་འདྲ་བར་ཞེས་བྱ་བ་ནི་ཕ་མ་དང་མཚུངས་པར་རོ།། ཡོངསུ་སྐྱོ་བ་ཞེས་བྱ་བ་ནི་དུབ་པའི་གདུང་བ་ཉམ་སུ་མྱོང་བར་འགྱུར་བའོ།། དགེ་བ་འཆབ་པ་ནི ་ཡོན་ཏན་སྦེད་པའོ།། ཉེས་པ་སྒྲོག་པ་ཞེས་བྱ་བ་ནི་ཉེས་པ་རབ་ཏུ་གསལ་བར་བྱེད་པའོ།། གནས་གང་ལ་སྙོམས་པར་འཇུག་པ་ཞེས་བྱ་བ་ལ་གནས་ག་བོ་ཕྱིར་སྙོམས་པར་ཞུགས་པ་ནི་གནས་གང་ལ་སྙོམས་པར་ཞུགས་པའོ།། འཇིག་རྟེན་ལས ་འདས་པ་ཞེས་བྱ་བ་དགྲ་བཅོམ་པ་ཐོབ་པར་བྱེད་པའི་ལམ་དང་བཅོམ་པོ་ཉིད་ལའོ།། བསིལ་ཁང་ནི་ཁང་པ་ཉིས་ཕྱུག་གམ་སུམ་རྩེག་ཅན་སྟེང་ཁང་བཟངས་དང་ལྡན་པའོ།། ཚ་ཁུག་ནི་ལན་ཚྭ་འཇོགས་པར་བྱེད་པའི་སྣོད་དོ།། བ་གཱ་ཅིའི ་ནང་དུ་བསྐོལ་ལོ་ཞེས་བྱ་བ་ནི་གཅི་དང་བའི་ཆུའི་ནང་དུ་བསྐོལ་བར་བྱས་ཏེའོ།། སྨན་པོར་ཞེས་བྱ་བ་ལ་སྨན་སྦྱིན་པའི་ཕྱིར་འཁར་བ་ལས་བྱས་པའི་སྣོད་ནད་པས་བདག་གིར་བྱས་པ་ལ་ཉེས་པ་མེད་པའོ།། དྲི་དག་གིས་བྱུགས་པ་ནི་འདིར་བསྒོས ་བ་ཡིན་ནོ།། སེང་རས་ཞེས་བྱ་བ་ནི་གོས་སེང་བའོ།། སྣབས་ནི་སྣ་ནས་འཛག་པའོ།། མཆིལ་མ་ནི་ཁ་ནས་འཛག་པའོ།། གླང་པོ་ཆེ་རྨག་མ་ཊིལཀྟ་བུ་ཞེས་བྱ་བ་ནི་འོག་གི་ཆ་བླུང་པོ་ཆེའི་རྨིག་མཐིལ་ལྟ་བུའོ།། ཟེར་མས་ཕོགས ་ནས་ཞེས་བྱ་བ་ནི་གོས་ལ་སོགས་པ་ལ་མཆིལ་མའི་དུམ་བུ་དག་བབས་པར་གྱུར་པའོ།། རྩེ་བ་ནི་བུད་མེད་རྣམྦྷ་དང་རྡོ་འཕེན་པ་ལ་སོགས་པས་བསྒྲུབ་པའོ།། དགའ་བ་ནི་མཁྱུད་པ་དང་འོ་བྱེད་པ་ལ་སོགས་པས་སོ།། མགུ་བ་ནི་འཁྲིག་པའི ་སྒོ་ནས་སོ།། རྒྱན་ནི་ལུས་མཛེས་པ་སྒྲུབ་པར་བྱེད་པའོ།། ཁྲ་བོར་གྱུར་ཏེ་ཞེས་བྱ་བ་ནི་བཀྲ་བ་དང་ཉེ་བར་གྱུར་པའོ།། འཇུག་པ་ནི་ཁྲུས་ཀྱི་དོན་དུའོ།། ལྕགས་ཀྱི་གཞོང་རིངས་ནི་ལྕགས་ལས་བྱས་པའི་གཞོང་པའོ།། མེ་ཕྱུང་ལ་ཞེས་བྱ་བ་ནི་བསྐྱེད ་ནས་སོ།། དུས་སྟོན་ནི་དུས་ཚིགས་ཀྱིའོ།། སྡིགས་པར་བྱེད་པ་ནི་གཤི་བ་དང་བཅས་པའི་ཚིག་གིས་ཟིལ་གྱིས་གནོན་པར་བྱེད་པའོ།། མཐའ་ཟེགས་པ་ཞེས་བྱ་བ་ནི་མཐའི་ཕྱོགས་ནས་ཟད་པར་གྱུར་པའོ།། ཞལ་ལྟ་བྱོས་ལ་དཀྲུ་བར་བྱའོ་ཞེས་བྱ་བ ་ནི་ཆོས་གོས་ཉམས་པ་ཡོངསུ་སྤང་བར་བྱ་བའི་ཕྱིར་རྗེསུ་གནང་བར་བྱའོ།། བརྡབས་ཏེ་ཞེས་བྱ་བ་ནི་ཕན་ཚུན་བརྡག་སྤྱད་ཀྱིས་བརྡབས་པའོ།། རྒྱུན་ནི་མཆིལ་ལྷམ་གྱི་སྒྲོ་གུའོ།། དུལ་བར་མི་བྱེད་པ་ཞེས་བྱ་བ་ནི་ལུགས་མ་ཡིན་པ་དང་། ་ཚུལ་མ་ཡིན་པ་བྱེད་པའོ།། རྔ་མེའི་སྲད་བུ་ནོ་རྟའི་མཇུག་མ་ལཾ་སོགས་པའི་རྔ་མ་ལ་སོགས་པ་ལོས་བྱས་པའོ།། སྤྲུལ་པ་ནི་སྤྲུལ་པའི་ཆ་ལུག་སོ།། གནས་ནི་ཚང་ངོ་།། ཁ་དོག་ཤིན་ཏུ་བཟང་བས་ཞེས་བྱ་བ་ནི་མོའི་ཁ་དོག་ལས་ཤིན་ཏུ་འདས ་བ་སྟེ། ལྷའི་གཟུགསུ་སྤྲུལ་པའི་ཕྱིརརོ།། སོང་བ་ནི་རབ་ཏུ་ཞུགས་པའོ།། གང་གིས་དྲན་པར་བགྱི་བར་གསོལ་བ་སྟེ། བདག་གིས་བྱས་པ་མ་ཡིན་པ་འདི་མི་བྱའོ་ཞེས་དྲན་པའི་ཕྱིརརོ།། མི་མཛེས་ཤིང་ཞེས་བྱ་བ་ནི་བཟང་པོ་མ་ཡིན་པའོ།། མི་རིག་པ། ་བ་ནི་དགེ་སློང་གི་ཚུལ་མ་ཡིན་པའོ།། ཤུར་བུ་ཞེས་བྱ་བ་ལ་སོགས་པ་ལ་སྐུད་པ་མང་པོ་ལས་ལྷས་པ་སྲབ་པ་ཞེང་ཆེ་བར་གྱུར་པ་ནི་ཤུར་བུའོ།། ལྕགས་ཕོད་ནི་ཟུར་བཞི་པའི་རྣམ་པའོ།། རྒྱ་ཆེ་ནི་སྟེང་འོག་ནས་སྐུད་པ་མང་པོ་དང་ལྷས་པ ་ཉིད་དོ།། ཤུར་བུ་ཕྲེའུ་ནི་སྐུད་པ་ཕྲ་མོ་དང་ལྷས་པ་རིམ་པ་ལྔའམ་དྲུག་ཏུ་བྱས་པས་དྲ་བ་ལྟར་བར་བར་དུ་འབྲེལ་པ་ཅན་ནོ།། ནགས་ནི་ཐིབས་པོའི་ཕྱོགསོ།། རྡོའི་ཡོལ་གོ་ནི་རྔེ་ལས་བསྒྲུབས་པའི་བཟའ་བའི་སྣོད་དོ།། འགྱོད་པ་སྐྱེས་ནས་མ ་བླངས་པ་ན་ཞེས་བྱ་བ་ལ། གང་ལས་དེ་དག་འདིར་འགྱོད་པ་སྐྱེས་པར་གྱུར་པ་ཡིན་ཞེ་ན། འདིར་སྨྲས་པ། དགེ་སློང་དག་ལ་བློ་འདི་སྐྱེ་སྟེ། འདི་ལྟར་བདག་ཅག་གིས་སྔར་རྡོའི་སྣོད་དེ་དག་ལ་ཟོས་ཤིང་ཁོ་བོ་ཅག་ལ་རང་གི་ལག་པས།། ་ཀྱང་མ་སྦྱངས་པ་ཉི་མ་ཕྱེད་ལས་གཞན་དུ་ཁྱིམ་པས་བཀྲུས་ནས་ཡང་འགའ་ཞིག་ཏུ་དེས་ཟུང་ཟིང་མེད་པར་མ་བྱས་པ་སྲིད་པ་དེའི་ཕྱིར་དེ་ལ་འབགས་པའི་ཟང་ཟིང་ཉེ་བར་གྱུར་པའི་འཇིགས་པས་དེ་དག་འགྱོད་པ་སྐྱེས་པར་གྱུར་པ ་ཡིནོ།། ཁྱིམ་པ་ནི་ཡོངསུ་དག་པའོ།། ཞེས་བྱ་བ་ལ་ཁྱིམ་པའི་སྣོད་དེ་དག་ལ་འདིར་སྤགས་པའི་ལོངས་སྤྱོད་པའི་ཁོ་ན་མ་ཐོ་བ་འབྱུང་བ་མེད་པ་དེའི་ཕྱིར་རོ།། འོ་མ་ཅན་ཞེས་བྱ་བ་ལ་སོགས་པ་ལ། པིབ་པ་ལ་སོགས་པོ་འོ་མ་ཅན་གྱི་ཤིང ་གི་ཤུན་པ་ཆོས་ཉིད་དུ་ཉེ་བར་མཁོ་བ་ཡིན་པ་དེའི་ཕྱིར་ཇི་སྲིད་སྐམས་པར་མ་གྱུར་པ་དེ་སྲིད་དུ་ཚོན་ཕྱིན་པར་ནུས་པ་མ་ཡིནོ།། རླམས་པ་ནི་ཉམས་པར་གྱུར་པའོ།། ཉི་གྲིབ་ཕྱེད་པ་ནི་ཉི་མ་གོས་སྐྱེང་བས་བར་དུ་བཅད་པའོ།། གྲཝ ་ནས་སྐུད་པས་ཐོགས་ལ་ཞེས་བྱ་བ་ནི་མཐའ་མའི་ཕྱོགས་ལ་སྐུད་པས་བཏགས་ཤིང་སྐུད་བཻ་དེ་ཤིང་བུ་ལཱ་སྐྱོན་ཏོ་གཟར་བྷ་ག་ལ་བཞག་པར་བྱའོ།། ཉི་མ་གཞན་ལ་ཆུ་བླུགས་པར་བྱའོ་ཞེས་བྱ་བ་དེ་ནི་ཆོས་འཛག་པར་བྱ་བའི་ཕྱིརརོ།། ་སྐུ་ཞིང་བྱུག་པར་བྱའོ་ཞེས་བྱ་བ་ལ་ཕྱོགས་གཅིག་ཞལ་ཞལ་བྱས་པ་ནི་བསྐུས་པའོ།། ཕྱོགས་ཀུན་ཞལ་ཞལ་བྱས་པ་ནི་བྱུགས་པའོ།། ལེགསོ་ལེགསོ་ཞེས་བྱ་བ་དེ་ནི་རིགསོ་རིགསོ་ཞེས་བཟློག་པའི་ཚིག་གཉིས་ཡིན་ནོ།། བྲམ་ཟེ ་དང་ཁྱིམ་བདག་གིས་ཁྱིམ་གྱི་བཟའ་བ་སྟོབས་པར་བྱེད་པས་ན་སྟོབས་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་བསོད་སྙོམས་པའོ།། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་ཞེས་བྱ་བ་ལ། རྫས་ནི་སྐྱེད་མོས་ཚལ་དང་། གཙུག་ལག་ཁང་ལ ་སོགས་པའི་དོན་གྱི་ནོར་ཡིན་ལ། རྫས་ལས་བྱུང་བ་ནི་རྒྱུ་མཚན་གྱི་འདུན་པའི་དབང་དུ་བྱས་ནས་རྫས་ལས་བྱུང་བའོ།། དགེ་བ་ཉིད་ཡིན་པའི་ཕྱིར་བསོད་ནམས་ཡིན་ལ། ལུས་དང་ངག་གི་ལས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་བྱ་བ་ཡིན་ཞིང ་སེམས་ཀྱི་རྟེན་གྱི་དངོས་པོ་ཡིན་པའི་ཕྱིར་གཞི་ཡི་ནོ།། བདུན་པོ་གང་ཞེ་ན། ཀུན་དགའ་ར་བསླབུལ་བ་དང་། འདིར་གཙུག་ལག་ཁང་བསྟབས་པ་དང་། དེ་ཉིད་དུ་མལ་སྟན་གྱི་ཕྱིར་བྱིན་པ་དང་། སྟན་གྱི་རྐྱེན་རིས་བསྟབས་པ་དང་། གློ་བུར་དུ་འོངས་པ ་དང་འགྲོ་བར་ཆས་པ་ལ་བྱིན་པ་དང་། ནད་པ་དང་གཡོག་ལ་བྱིན་པ་དང་། རླུང་ལངས་པ་དང་། ལྷགས་པ་བྱུང་བ་ལ་སོགས་པའི་ཕྱིར་བྱིན་པའོ།། གཙུག་ལག་ཁང་གཞན་གྱི་ཐང་བཞིན་དུ་ཞེས་བྱ་བ་ནི་གང་གཙུག་ལག་ཁང་གཞན་གྱི ་དགེ་སློང་དག་གི་ཐང་བཞིན་དུའོ།། སླའི་ལྕུག་མ་དང་ཀོ་རྒྱུན་དང་ལྷས་པ་ནི་མཁྲེགས་པ་ཉིད་ཀྱི་ཕྱིར་བཅད་པར་བྱའོ་ཞེས་གསུངས་པོ་ཡིན་ནོ།། ནད་པ་ལ་ཡང་པགས་པའི་སྟན་ཉེས་པ་མེད་པ་ཡིན་ནོ།། ལོ་མ་ལྟབ་པ་ནི་ལོ་མའི་ཚོགས ་ཕན་ཚུན་བརྩེགས་པའོ།། འབྲུ་མར་ཚ་བ་ནི་ཡུངས་དཀར་རོ།། སྤགས་པ་ནི་ཟང་ཟིང་ལ་སོགས་པས་ཉེ་བར་གོས་པ་སྟེ་དགེ་སློང་སྤགས་པ་ལ་ཕྱག་མི་བྱ། སྤགས་པས་ཀྱང་ཕྱག་མི་བྱ། སྦགས་པས་ཕྱག་བདག་གིར་མི་བྱ། གཙུག་ཏོར ་ས་བྱ་བ་ནི་སྐྲའི་ཚོགས་བཅིངས་པའི་གཙུག་ཏོར་རོ།། ཡན་ལག་ལྔ་བཀྲུ་བར་བྱའོ་ཞེས་བྱ་བ་ནི་ཆུ་མེད་པར་གྱུར་པ་དང་ནད་པ་ཆོག་འདི་ལ་ཡང་དག་པར་བརྟེན་པར་བྱ་པ་ཉིད་ཡིན་གྱི། འོན་ཀྱང་འདིར་འདོད་པས་འཇུག་པས་ནི་མ ་ཡི་ནོ།། སྔས་སུ་ཞེས་བྱ་བ་སྔས་དྲུང་གི་རྩིག་པ་ལ་ཁབ་བམ་ཕུར་པ་བཙུགས་དེ་ལྀ་གདགས་པར་བྱའོ།། སྟན་བཟང་པོ་ཞེས་བྱ་བ་ནི་སྟན་གྲུ་བཞི་པ་ཆེན་པོ་གོས་གྱ་ནོམ་པ་དང་བཅས་པའོ།། ཤིང་ཟུར་བཞི་པ་རྒྱབ་ཕྱོགསུ་བསྒྲེང་བ ་དང་ལྡན་པའི་སྟན་ནི་རྒྱོབ་རྟེན་དང་བཅས་པའི་སྟ་ནོ།། ངོས་ཁུང་ནི་ལྷུང་བཟེད་བཞག་པའི་ཕྱིར་རྩིག་ངོས་ལ་གློ་དཀར་གྱི་རྣམ་པོ་ཅན་གྱི་བུག་པ་གཏོད་པའོ།། སྐོན་བུ་ཁ་སྦྱར་ནི་ལྕུག་མ་ལས་བྱས་པ་ལྷུང་བཟེད་བཞག་པའི་གནས།། ། ་འབྲུ་མར་སྣོད་ཀྱི་ཀོ་སྐུའི་བར་དུ་ཤིང་བཅུག་ནས་དགེ་ཚུལ་དག་གི་ཕྲག་པ་ལ་བསྐྱོན་ནས་བསོད་སྙོམས་ལ་ཞུགས་པར་གྱུར་པ་ནའོ།། དྲུག་ཕུལ་ནི་སྲང་བརྒྱད་ཤོང་བ་ཡིན་ལ། བཞི་པ་ནི་དྲུག་ཕུལ་ཕྱེད་ཡིན་ཏེ། ་ཕུལ་ཤོང་བའི་ཕྱིར་དྲུག་ཕུལ་ལོ།། འདི་གཉིས་གདོན་མི་ཟ་བར་མི་གཏང་གིས་ཞེས་བྱ་བ་ནི་བདག་ངེས་པར་འདི་གཉིས་ཕྱི་བཞིན་འབྲང་བར་བྱའོ་ཞེས་པཔའོ།། འཇིགས་པར་བྱེད་པའི་གཟུགས་སུ་སྦལ་པིའི་ཕྱིར་སྐ་གྱེན་དུ་བརྫེས ་པི་དང་ཐད་ཀར་བརྫེས་པའོ།། བག་ཡོད་འཆི་མེད་གནས་ཡིན་ཏེ། ཞེས་བྱ་བ་ལ་སོགས་པོ་ལ། བག་ཡོད་པ་ནི་དགེ་བའི་ཆོས་སྒོམ་པའོ།། འཆི་མདོ་གནས་ཡིན་ཏེ། ཞེས་བྱ་བ་འཆི་མེད་དེ་སྲོག་དང་བྲལ་བ་མེད་པ་གང་ཡིན་པ་དེ་ནི་འཆི། ་མེད་དེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ།། དེའི་གནས་ནི་གོ་འཕང་ཡིན་ཏེ། གང་གི་ཕྱིར་བག་ཡོད་པ་ལ་གནས་ན། མྱ་ངན་ལས་འདས་པ་རྗེ་སུ་ཐོབ་པར་འགྱུར་བའི་ཕྱིརརོ།། བག་མེད་པ་ནི་ཞེས་བྱ་བ་ནི་བག་ཡོད་པ་ལས ་བཟློག་པོའི་མཚན་ཉིད་ཅན་གྱི་ཆོས་ཡིནོ།། འཆི་བའི་གནས་ཞེས་བྱ་བ་ནི་འཆི་བའི་གོ་འཕོང་ཡིན་ནོ།། གང་གི་ཕྱིར་བགྲོ་ཡོད་པ་ལ་གནས་ན་འཁོར་བར་ཡང་དང་ཡང་དུ་འཁོར་བར་མི་འགྱུར་རོ།། བག་ཡོད་འཆི་བར་མི ་འགྱུར་ཏེ། ཞེས་བྱ་བ་ནི་འཕགས་པ་ཤ་རིའི་བུ་དང་མཽ་གལ་གྱི་བུ་ཆེན་པོ་ལ་སོགས་པ་བག་ཡོད་པ་དག་འཆི་བ་མེད་པའི་གོ་འཕང་རྗེསུ་ཐོབ་པ་དག་ནི་ནམ་ཡང་འཆི་བར་མི་འགྱུར་ལ། སེར་སྐྱ་ལ་སོགས་པ་བག་མེད་པ ་དག་ནི་རྟག་ཏུ་འཆི་བ་ཉིད་དུ་འགྱུར་ཏེ། འཁོར་བར་ཡང་དང་ཡང་དུ་འཁོར་བའི་ཕྱིརོ།། གཏུམ་པ་ནི་དྲག་པ་འམ་རྩུབ་པར་གྱུར་པའོ།། གནོད་སྦྱིན་གཏུམ་པོ་ནི་ལྷའི་ཕྱོག་སུ་གཏོགས་པའོ།། གཏུམ་པོ་མི་མ་ཡིན་པ་ཤ་ཟ་དང་། གྲུལ་བུམ་ལ་སོགས་པ ་གཏུམ་པོ་གཉུག་མར་གནས་པ་ནི་ངེས་པ་ཅན་དུ་གནས་པ་འབྱུང་པོའི་བྱེ་བྲགོ།། ཐོག་མར་གླགས་ཚོལ་བ་ནི་གླགས་ལྟ་བའོ།། རྒྱུན་གྱིས་ནི་སྐབས་ཚོལ་བའོ།། ཆོས་གོས་བྱས་ཤིང་ཟིན་པ་ཞེས་བྱ་བ་ནི་ཆོས་གོས་བརྩེམས་པ་དང་ཁ་བསྒྱུར་བ་ལ་བྱས་པ ་དང་ཟིན་པ་ཞེས་བྱའོ།། གླང་པོ་ཆེ་སྣ་ལྟ་བུར་གྱུར་ནས་ཞེས་བྱ་བི་ན་གླང་པོ་ཆེའི་སྣ་བཞིན་དུ་མི་མཛེས་པར་གྱུར་པའོ།། ཁྱིམ་ནས་ཞེས་བྱ་བ་ནི་གྲོང་ཐ་དད་པའི་གཞན་རྣམས་ལྷོགས་པའོ།། ཟོ་བ་ནི་ཁྲོན་པའི་ནང་ནས་ཆུ་བླངས་པའི་ཐབསུ་གྱུར་པའོ།། ནཱན ་གྱིས་ཞེས་བྱ་བོ་ནི་སྟོབས་སམ་ནུན་གྱིས་རྣམ་པས་ཐཱ་སྙད་དུ་བྱེད་པའི་ཕྱིར་རོ།། སེན་མོ་གཅོད་པ་ནི་སེན་མོ་གཅོད་པའི་ལག་ཆའོ།། སྨང་ཚེར་ནི་སྣ་ལ་སོགས་པའི་སྤུ་བཏོགས་པའི་ཐབ་སུ་གྱུར་པའོ།། རབ་ཏུ་གཞོན་པའི་རང་བཞིན་ཅ་ནོ།། ངོ་བོ་ཉིད ་ཀྱིས་ཡིན་གྱི་བཅོས་མས་མ་ཡི་ནོ།། ཞེས་བྱ་བའི་ཐ་ཚིགི།། དྲིས་ཡོངསུ་བསྒོས་པའི་འཇིམ་པ་ནི་དྲི་དང་ལྡན་པ་ནད་ཞི་བར་བྱེད་པ་ཅ་ནོ།། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ། ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་གསུམ ་པའོ།། །། ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བོ་ནི་ཕྱེད་ཕྱེད་དུའོ།། མི་ནུས་པ་ནི་ནུས་པ་མེད་པར་གྱུར་པའོ།། གསོ་སྦྱོང་མ་བཏང་བར་ཞེས་བྱ་བ་ནི་གསོ་སྦྱོང་གི་དུས་མ་བོར་བར་རོ།། སློབ་དཔོན་ལ་སོགས་པ་བརྒྱུད་པས་གནས་པའི་གནས་རྙིང་པ་འདི་ནི་སློབ ་དཔོན་ལ་སོགས་པ་ལ་བརྟགས་པ་ཡིན་པའི་ཕྱིར་དུས་རྟག་པའི་ཕྱིར་ཏེ། འཇིག་རྟེན་ན་དངོས་པོ་རྙིངས་པར་གྱུར་པ་ལ་དུ་བ་ཆགས་པ་ཞེས་ཐ་སྙད་དུ་བྱེད་པ་དེའི་ཕྱིར་ཁོ་བོ་ཅག་གི་གནས་ཁང་རྙིང་པ་འདི་ཡང་ཞེས་བྱ་བའི ་འདིས་ཐ་སྐད་དུ་འདོགས་པ་ནི་དུས་རྟག་དུ་བའི་ཕྱིརོ།། རྒྱལ་བྱེད་ཀྱི་ཚལ་དུ་ཅི་དགར་འགྲོ་ཞིང་ཞེས་བྱ་བ་ནི་རྩ་བའི་དང་ར་མེད་པའི་ཕྱིར་དང་། ཡོངསུ་བགྲང་བར་བྱ་བ་དག་སོ་སོ་ཐ་དད་པར་གནས་པ་དེའི་ཕྱིར་དེའི་ནང་ད་སྐྱེ་བོའི་ཚོགས་འགྲོ ་བར་བྱེད་པའོ།། ཤིང་གི་རིབ་མ་ནི་ཤིང་གི་ར་བའོ།། ཕྱོགས་གཅིག་བརྡུངས་པལ་ཕྱིར་བཅགས་པ་ཡིན་ལ། ཕྱོགས་གི་ཉེ་ག་ནས་བཱཅགས་པའི་ཕྱིར་བརྡུངས་པ་འམ། སྐྱེས་བུས་བཅགས་པའི་ཕྱིར་བརྡུངས་པོའོ།། བ་སོས་བདར་བྱ་ཞེས་བྱ་བ ་ནི་གླང་པོ་ཆེའི་སོས་ཇི་སྲིད་དུ་གཟུགས་བསྟན་སྣང་པོར་གྱུར་པ་དེ་སྲིད་དུ་བ་དར་ཞིང་བསྒྲུབས་པའོ།། འཚེར་བར་གྱུར་པ་ཞེས་བྱ་བ་ནི་ཤིན་ཏུ་མཛེས་པརླ་སྟོན་པ་ལྟ་བུའོ།། འདི་ཁ་ཅིག་ནི་བཅགས་ཤིང་བརྡུངས་པའི་ཆོས་གོས་ཡོངསུ་ལོངས ་སྤྱོད་པ་མི་རུང་བར་བརྗོད་ལ་འགའ་ཞིག་ནི་བརྩིགས་པ་ནི་རུང་ལ། བརྡུངས་པ་ནི་མི་རུང་བར་བརྗོད་ཅིང་འགའ་ཞིག་ནི་བསོས་དུ་ཕྱིས་བསྒྲུབས་པའི་ཆོས་གོས་གང་བ་ནི་བཀག་པ་ཡིན་པར་བརྗོད་དོ།། གཞན་དག་ནི་བརྡུངས་པ་དང་། བཅཝ ་པོ་ལ་དགག་པ་ཡོད་པ་མ་ཡིནོ་ཞེས་སྨྲའོ།། ངོ་མཚར་གསལ་པོར་བྱེད་པ་སྟེན་པར་བྱེད་པའི་ཚིག་གསེང་དུ་ཐོས་པར་བྱེད་པའི་གནས་གང་ཡིན་པ་དེ་ནི་འདུན་ཁང་ཡིན་ཏེ། སྐྱེ་བོ་མང་པོ་འདུས་པའི་གནས་ཉིད་ཡིན་པའི་བྱརརོ།། སྦྱིན་པ་འདིས་ཧཱུཾ ་བྱ་བ་ལ་སོགས་པ་ལ་སེམས་ཀྱི་རྒྱན་ནི་གཏོང་བ་ལ་གོམས་པ་ཡིན་ཏེ། གང་གི་ཕྱིར་དེས་རྒྱན་གྱིས་བརྒྱན་པའི་བཞིན་དུང་འདྲ་བར་སེམས་མཛེས་པར་བྱེད་པའོ།། ཡོ་བྱད་ནི་ཕྱི་རོལ་གྱི་རྣམ་པར་འཚེ་བ་ཡོངསུ་སྲུང་བ་ལ་ཉེ་བར ་མཁོ་བ་ཡིན་ལ། འདིར་སེམས་ཀྱི་ཡ་བྱང་ནི་སེར་སྣ་དང་བྲལ་པ་ཡིན་ཏེ། གང་གི་ཕྱིར་སེར་སྣ་དང་བྲལ་བས་ནི་རྣམ་པར་འཚེ་བ་བྱེད་པ་མི་དགེ་བ་མང་པོ་ལས་སེམས་སྲུང་བར་བྱེད་པའོ།། རྣལ་འབྱོར་ནི་ཞི་གནས་ལྷག་མཐོང་སྟོབས ་མཚུངས་པ་དེའི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་འདུས་པར་གཟུང་སྟེ། གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་སྦྱིན་པས་ཟག་པ་མེད་པའི་ལམ་ཞི་གནས་དང་ལྷག་མཐོང་སྐྱེད་པར་བྱེད་པ་བསྡུས་པ ་ཡིན་ནོ།། དོན་གྱི་མཆོག་ནི་མྱ་ངན་ལས་འདས་པ་ཡིན་པ་དེའི་ཕྱིར། ཚི་ག་བཞི་པོ་འདིས་ནི་གཏོང་པོ་ལ་གོམས་པ་དང་། སེར་སྣ་ལྡོག་པ་དང་། འཕགས་པའི་ལམ་ཐོབ་པ་དང་། མྱ་ངན་ལས་འདས་པ་ཁོང་དུ་ཆུད་པ་སྟེ། སྦྱིན་པའི ་འབྲས་བུ་བསྟན་པ་ཡིན་ནོ།། དེའི་རྣམ་པར་སྨིན་པའི་འབྲས་བུ་གཞན་ཁོ་ན་ཡོད་པ་ཡིནོ།། མ་གུས་པ་ནི་གུས་པ་མེད་པ་ཉིད་ཀྱིས་སོ།། སྒྲོག་རྟེན་ནི་ཀུན་དགའ་གླིང་དེ་ལ་ལྷན་ཐབ་སུ་བཏབས་པའོ།། མདུད་པ་ནི་ཟླུམ་པར་རྫོགས་པ ་འཛིན་པར་བྱེད་པའི་ཐབས་སུ་གྱུར་པའོ།། ཡོང་སུ་རྫོགས་པ་ཐོབ་པ་ནི་དེའི་བྱ་བ་ཡོངསུ་རྫོགས་པར་གྱུར་པའོ།། གཞན་གྱི་ནོར་འཕྲོག་པའི་ངང་ཚུལ་ཅན་ནི་གཞན་གྱི་ནོར་ལ་ཕྲོག་པ་ཡིནོ།། གཞན་གྱི་ནོར་ཞེས་བྱ་བ་ལ་སོགས་པ་ལ ་གཞན་གྱི་ནོར་འཕྲོག་པའི་ཕྱིར་སྐྱེས་པ་ནི་ཆགས་པའོ།། དུས་དྲུག་པོ་དག་ལས་དུས་གཞན་ཞིག་དུ་ཕྱིན་པས་ན་དུས་ཟད་པར་གྱུར་པའོ།། གོས་ཟེགས་པའི་མཐའ་ལ་སོར་གཉིས་ཀྱི་རས་མས་གླན་པའི་ཕྱིར་ཆ་ག་བཏབ་པའོ།། ། ་བརྟན་པོར་རིང་དུ་བརྩམས་པ་འམ། གནས་གནས་སུ་གནས་པའི་དོན་དུ་བརྩམས་པས་ན་ཟུངས་བཏབ་པའོ།། ཚུལ་ཁྲིམས་ལ་བརྟན་པ་ཞེས་བྱ་བ་ནི་འཇུག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། ཤེས་རབ་ཀྱི་ཡུལ་ཆེན་པོ་གང་ཡིན་པ་དེ་ནི་འདིར་ཤེས ་རབ་ཆེན་པོའོ།། སྤོབས་པ་ཆེན་པོ་ནི་ལན་ཐམས་ཅད་སྦྱིན་པར་ནུས་པ་དང་ལྡན་པའོ།། དགེ་བའི་རྩ་བ་ཞེས་བྱ་བ་ནི་འདོད་ཆགས་མེད་པའི་དགེ་བོའི་རྩ་བ་ཞེས་བྱ་བ་ལ་འདོད་དོ།། བཏོང་བའི་ཆོས་ཡོངསུ་བཏང་བ་ནི་སྦྱིན་པའི་དངོས་པོ་གཏོང་བ་ཡིན་ཏེ ་ཆོས་ནི་བསོད་ནམས་ཡིན་ལ་གཏོང་བའང་དེ་ཡིན་ལ་ཆོས་ཀྱང་རྒྱུ་ཉིད་ཡིན་པའི་ཕྱིར་གཏོང་བའི་ཆོས་དེ་དེའི་ཡོངསུ་གཏོང་བའི་སྒོ་ནས་སོ།། བཤན་པ་བྱེད་ཀྱང་ཞེས་བྱ་བ་ལ་ལུག་གསོད་པའི་ལས་ནི་བཤན་པ་ཡིན་ལ་བྱེད་པ་ནི་སྒྲུབ་པའོ།། བསྡུ་བཱི། ་དངོས་པོ་ཞེས་བྱ་བ་ལ་བསྡུ་བའི་ཕྱིར་དངོས་པོ་སྟེ། རྟེན་ནི་བསྡུ་བའི་དངོས་པོའོ།། དོན་སྤྱོད་པ་ནི་ཕན་པ་ལ་འཇུག་པའོ།། དོན་མཐུན་པ་ནི་དངོས་པོ་མཚུངས་པ་ཡིན་ཏེ། གང་དེའི་བྱ་བ་དེ་བདག་གི་བྱ་བ་དང་མཚུངས་པར་ཡོངསུ་སྒྲུབ་པར་བྱེད་པའི་ཕྱིར།། ་བྱེད་པར་འདོད་པ་ནི་ལན་དུ་ཕན་འདོགས་པ་འདོད་པའོ།། ལམི་དུ་ཞུགས་པ་ནི་ལམ་གྱི་རྗེ་སུ་ཞུགས་པ་གང་ཡིན་པ་དེ་ནི་ལམ་དུ་ཞུགས་པ་སྟེ། གང་གནས་པ་ཉིད་དུ་མི་འདོད་པའོ།། སྔོན་གྱི་གནས་ལ་གུས་པ་མེད་པ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་ལ་མ ་པར་མི་བྱེད་པའོ།། དེ་སྟེ་སློབ་དཔོན་བལྟོས་པ་དང་བཅས་ལ་ཞེས་བྱ་བ་ལ་སོགས་པ་ལ་སློབ་དཔོན་འདི་སྙམ་དུ་འདི་ལྟར་འདི་ནི་ཁོ་བོ་ཁོ་ན་ལ་གནས་ཤིང་བརྟེན་པ་ཡིན་ནོ།། ཞེས་སེམས་པ་དེའི་ཕྱིར་སློབ་དཔོན་བལྟོས་པ་དང་བཅས་པའོ།། ཉེ་གནས་བལྟོས་པ ་མེད་ན་ཞེས་བྱ་བ་ནི་ཉེ་གནས་འདི་སྙམ་དུ་བདག་ནི་ལྗོངས་རྒྱུར་འགྲོ་བར་བྱ་ཞིང་དེར་སོང་ནས་ཁོ་བོ་གདོན་མི་ཟ་བར་སློབ་དཔོན་གཞན་ལ་གནས་དགོས་པ་ཡིན་ནོ།། ཞེས་བྱ་བའི་བསམ་པ་འདིས་གང་གི་ཚེ་ཉེ་གནས་བལྟོས་པ་མེད་པར་གྱུར་པ་དེ་ལ་བལྟོས ་བྱ་མེད་པ་ཡིན་ཏེ། འོ་ན་ཡང་འཇིག་པར་གྱུར་པ་ནི་མ་ཡིན་ཏེ། སློབ་དཔོན་བལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ།། སློབ་དཔོན་བལྟོས་པ་མེད་པ་ལ་ཞེས་བྱ་བ་ལ་སློབ་དཔོན་འདི་ལྟར་ཁོ་བོ་གཙུག་ལག་ཁང་གཞན་དུ་གནས་པའི་ཕྱིར་འགྲོ་བར་བྱའོ་སྙམ་པ ་དེདེའི་ཕྱིར་སློབ་དཔོན་བལྟོས་པ་མེད་པ་ཡིན་ལ། ཉེ་གནས་ཀྱིས་ནི་འདི་ལྟར་ཁོ་བོའི་སློབ་དཔོན་འགྲོ་བར་འདོད་པར་མི་ཤེས་པ་དེའི་ཕྱིར་འདི་བལྟོས་པ་དང་བཅས་པ་ཡིན་པས་དེའི་ཚེ་ཡང་གནས་མི་འཇིགས་པར་བརྗོད་པར་བྱ་བ་ཡིན་ལ། སློབ་དབེན ་བལྟོས་པ་དང་བཅས་ཤིང་ཉེ་གནས་ཀྱང་བལྟོས་པ་དང་བཅས་པ་ཡིན་ན་གནས་མི་འཇིག་པ་བརྗོད་པར་བྱའོ།། གང་གི་ཚེ་སློབ་དཔོན་བལྟོས་པ་མེད་པར་གྱུར་ཏེ། འདི་ལྟར་ཁོ་བོ་གཙུག་ལག་ཁང་གཞན་དུ་འགྲོ་བར་བྱའོ་སྙམ་པ་ལ་ཉེ་གནས་ཀྱིས ་ཀྱང་ཤེས་ཏེ། འདི་ལྟར་ཁོ་བོའི་སློབ་དཔོན་ངེས་པར་གཙུག་ལག་ཁང་གཞན་དུ་འགྲོ་འདོད་པས་བདག་ཀྱང་གནས་གཞན་ལ་གནས་པར་བྱའོ་སྙམ་པ་དེའི་ཚེ་གཉི་ག་བལྟོས་པ་མེད་པར་གྱུར་པ་ཡིན་པས་སློབ་དཔོན་དང་ཉེ་གནས་མཚམས་གཅིག་གི་ནང ་ན་གནས་སུ་ཟིན་ཀྱང་དེ་ལྟ་ན་ཡང་འཇིག་པར་རིག་པར་བྱའོ།། གལ་ཏེ་སློབ་དཔོན་ཡང་རྐྱེན་གཞན་འགའ་ཞིག་གིས་གཙུག་ལག་ཁང་གཞན་དུ་འགྲོ་བ་མ་གྲུབ་ན་ཉེ་གནས་དེས་ཀྱང་སློབ་དཔོན་གྱི་ཐད་དམ་གཞན་དག་ལྔ ་གནས་བླང་བར་བྱ་སྟེ། རྣམ་པ་གཞན་དུ་ན་གནས་མེད་པར་གནས་པར་འགྱུར་རོ།། གལ་ཏེ་ཉེ་གནས་མྱུར་དུ་ལྡོག་པའི་བསམ་པ་མེད་པར་གཙུག་ལག་ཁང་གཞན་དུ་འགྲོ་བར་སྤྲོ་བས། སློབ་དཔོན་ལ་འདི་སྐད་དུ་གཙུག་ལག་ཁང་གཞན ་དུ་གནས་པའི་ཕྱིར་མཆིའོ་ཞེས་སྨྲས་པ་ན། སློབ་དཔོན་གྱིས་ཀྱང་སོང་ཞིག་ཅེས་ཀྱང་སྨྲས་པར་གྱུར་པ་དེའི་ཚེ་གནས་འཇིག་པ་ཡིན་ལ། ཅི་སྟེ་སོང་ནས་ཀྱང་དུས་གཞན་དུ་ཡང་འོངས་ན་ཉེ་གནས་དེས་ཡང་གནས་བཅའ་བར་བྱའོ།། ག་ལ ་ཏེ་རྣམ་པ་ཐམས་ཅད་དུ་ཉེ་གནས་སློབ་དཔོན་མེད་པར་ཉི་མ་ལྔ་ལས་ལྷག་པར་གནས་པས་ཀྱང་གལ་ཏེ་སློབ་དཔོན་དེ་ཉིད་རྙེད་པར་གྱུར་ན་ཡང་དེས་ཀྱང་གནས་བླང་བར་བྱའོ།། དེ་སྟེ་ལེན་པར་མི་བྱེད་ན་དེའི་ཕྱིར་དེ་མི་གནས་པོ་ཡིན་ནོ།། ་གལ་ཏེ་ཡང་གནས་གཞན་ན་གནས་པའི་ཉེ་གནས་ཀྱིས་ཕྱིར་ཡང་སྔོན་སློབ་དཔོན་འདུག་པའི་གནས་སུ་ཕྱིན་པར་གྱུར་པས་ཡང་གནས་བཟུང་མི་དགོས་སོ་སྙམ་པ་དེ་ནི་གནས་དེ་ཉིད་དམ་འོན་ཏེ། གཞན་དག་གིས་སྦྱིན་པར་བྱའོ་ཞེ ་བཟུང་བ་གང་ཡིན་པ་དེ་དོན་མེད་པར་འགྱུར་བའི་ཕྱིར་འགྱོད་པ་སྐྱེས་པ་འདི་ཉིད་ལ་འབྲེལ་པ་ཡོད་པ་མ་ཡིནོ།། གལ་ཏེ་སྔར་བཟུང་བའི་གནས་ཁོ་ནས་གནས་པར་འགྱུར་ཞེ་ན། སྐབས་དེ་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་འདི ་ལྟར་དུས་དེ་སྲིད་དུ་དེས་གནས་དེ་ཉིད་ཅེས་བཟུང་བ་དེའི་ཕྱིར་དེ་ལ་གནས་དེ་ཉིད་ཅེས་གསུངས་པ་ཡིན་ནོ།། དུས་དེ་སྲིད་སྨོས་པས་ནི་འདི་སྐད་དུ་གལ་ཏེ་བརྟན་པོར་གནས་པའི་སེམས་དེས་གནས་འཛིན་པས་བཟུང་བར་བྱ་བ་དེའི་ཕྱིར་རྣམ ་པ་གཞན་དུ་མི་གནས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། འདི་ཡང་བདག་གི་རང་དགས་སྨྲས་པ་མ་ཡིན་གྱི་འོན་ཀྱང་བླ་མ་མཁས་པའི་ཞལ་ནས་ཐོས་པ་ཡིན་པ་དེའི་ཕྱིར་འདི་ལ་ཐེ་ཚོམ་མི་བྱའོ།། གལ་ཏེ་ཡང་གནས་གཟུང་བར་བྱ་བ་ངེས ་པ་ཡིན་པ་དེའི་ཕྱིར་སྔར་སློབ་དཔོན་ཉིད་དུ་གྱུར་པ་ཡང་ལྡོག་པར་འགྱུར་བ་དེའི་ཕྱིར་ཇི་སྲིད་དུ་ངས་ཀྱང་གནས་མ་གཟུང་བ་དེ་སྲིད་དུ་དེ་ལ་དེས་ཀྱང་སློབ་དཔོན་ཞེས་བརྗོད་པར་མི་བྱའོ་ཞེ་ན་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མ་གསུངས་པའི ་ཕྱིར་རོ།། གང་གི་ཕྱིར་གཉི་ག་བལྟོས་པ་མེད་པར་གྱུར་པ་ལས་གནས་འཇིག་པར་འགྱུར་བ་བཞིན་དུ་སློབ་དཔོན་ཉིད་ཀྱང་བཟློག་པར་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ། འདི་ལ་རིགས་པ་ཅུང་ཟད་ཀྱང་མེད་པ་དེ་བས་ན་འདི་ལ་ཉེས་པ་ཡོད ་པ་མ་ཡིནོ།། བློ་ངན་པ་དག་ལ་གནོད་པར་གྱུར་ནས་ཞེས་བྱ་བ་ནི་ཡིད་གཞུང་པ་ལུང་ནོད་པ་མང་བ་ཉིད་ཀྱི་ཕྱི་རོ།། སྐབས་སྐབས་སུ་ཞེས་བྱ་བ་ནི་བར་བར་དུའོ།། ཤིང་ཁྲི་ནི་ཤིང་གི་ཁྲིའུ་ཡིན་ལ་གནོན་པའི་རྣམ་པས་ཐམས་ཅད་སྟན་ལེན་པར ་བྱེད་པས་ན་ཅིག་ཅར་འཁོད་པའོ།། རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ་བ་དང་བཅས་ཤིང་ཉེས་པ་དང་བཅས་པ་ཡིན་པས་ན་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། སྲོག་གཅོད་པ་ལ་སོགས་པ་དང་། ཆང་མ་གཏོགས་དེ་ལས་གཞན ་པས་ནད་པ་བསྐྱང་བར་བྱའོ།། ཤིང་འདི་ལས་མེ་ཏོག་ཡང་དག་སྐྱེས་ན་མེ་ཏོག་གི་ཤིང་ངོ་།། དབང་བསྐུར་བར་འོས་པ་ཡིན་པའི་ཕྱིར་དབང་བསྐུར་བར་རིག་པ་སྟེ། རྒྱལ་ཚབ་དབང་བསྐུར་བར་རིག་པ་ཡིན་ལ་དབང་བསྐུར་བ་ནི ་རྒྱལ་པོ་ཆེན་པོའོ།། དབང་བསྐུར་བ་ཐོབ་པ་ཞེས་བྱ་བ་ནི་མཚམ་སུ་ཕྱིན་པར་གྱུར་པའོ།། བསྲུང་བ་ནི་ནང་གི་རྣམ་པར་འཚེ་བ་ལས་སོ།། བསྐྱང་བ་ནི་ནང་གི་མཁོ་བའི་ཡོ་བྱད་ཀྱི་བྱེ་བྲག་གིས་སོ།། ལྟོ་དགོའི་ཞེས་བྱ་བ་ནི་ཤིན་ཏུ་ཟ་བའི་ངང་ཚུལ་ཅན།། ་བསླུས་ཏེ་ཞེས་བྱ་བ་ནི་གཡོ་བྱས་ནསོ།། རྒྱལ་པོས་བཀྲབས་པ་ཞེས་བྱ་བ་ནི་རྒྱལ་པོའི་ནང་གི་འཁོརོ།། ཤིན་ཏུ་མྱུར་བར་ཁྲོ་བ་སྐྱེ་བའི་ཕྱིར་མ་རུངས་པའོ།། དཔྱོད་པ་མེད་པར་ཁྲོ་བའི་འབྲས་བུ་སྒྲུབ་པར་བྱེད་པའི་ཕྱིར་མི་རྟོག་པའོ།། རྟག་ཏུ་ཁྲོ་བ་ཐག ་ཉེ་བ་ཉིད་ཀྱི་ཕྱིར་མི་སྲུན་པའོ།། ལག་པ་གཉིས་སམ་ལག་པ་གཅིག་གི་སྦྱོར་བས་མཚོན་ཆ་བརྡེག་པའི་ཕྱིར་རྩུབ་པོའོ།། ཆེན་པོ་ཆེའི་སྟོབས་ཞེས་བྱ་བ་ལ། ཆེན་པོ་ཆེའི་སྟོབས་ཀྱི་ཚད་གང་ཞེ་ན། ཐེ་མལ་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྨོས ་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་ཡིན་ལ། སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི་ཆེན་པོ་ཆེའི་སྟོབས་ཀྱི་ཚད་ཡིན་ནོ།། ཡང་ཅིའི་ཕྱིར་དྲུག་སྡེ་ཁྲོས་པས་རྒྱལ་པོ་གསལ་རྒྱལ་གྱི་ཁང་བཟངས་གཡོ་བར་རིགས་ཤེ་ན། འདིར་དྲུག་སྡེ་ལ་མངོན་པར་དད ་པརི་ལྷའི་མཐུས་མ་གུལ་བ་ལ་དྲུག་སྡེ་སྟོབས་དང་ལྡན་པའི་རྐང་པ་ལ་སོགས་པས་བསྣུན་ཅིང་བརྒྱབ་པས་གཡོ་བར་འགྱུར་ཞེས་པ་སྙད་དུ་གདགས་པ་ཡིནོ།། ཕྱི་བཞིན་འབྲང་བར་འགྱུ་རོ།། ཞེས་བྱ་བ་ནི་འཁོར་དུ་གྱུར་པའོ།། གཞན་ནུའི་སྤོང་བ་ཞེས་བྱ་བ ་ནི་གཞོན་ནུ་དང་འདྲ་བར་ཟིལ་གྱིས་མི་ནོན་པར་གནས་པའོ།། བཙུན་མོའི་སྤོང་བ་ནི་བཙུན་མོ་དག་དང་འདྲ་བར་ཟིལ་གྱིས་མི་ནོན་པར་གནས་པའོ།། ལྷ་ཁྱོད་ཀྱི་བཀའ་བཅག་ནས་ཞེས་བྱ་བ་ནི་བགྲང་བ་མེད་པ་ཉིད་དུ་ཁྱད་དུ་བསད་པར་གྱུར་ནས་སོ།། བྱ་བ་མ ་ཡིན་པ་མ་བྱེད་ཅིག་ཅེས་བྱ་བ་ནི་ཚུལ་མ་ཡིན་པའོ།། གཡང་གཞ་ནི་རི་དྭགས་ཀྱི་པགས་པའོ།། ཤུན་ལྤགས་ནི་ཤིང་ཤུན་ནོ།། བདག་གི་དོན་སེམས་པ་ཞེས་བྱ་བ་ནི་རང་ཉིད་ལ་ཕན་པའི་རྒྱུ་མཚན་གྱི་ཡིད་ལ་བྱེད་པ་སྐྱོད་པར་བྱེད་པ་ནའོ།། དུས་ལས་འོངས་པ ་ནི་ཤི་བར་གྱུར་པའོ།། དགོས་པ་མེད་པ་ཉིད་ཀྱི་ཕྱིར་དོར་བའི་ཆོས་ཅན་ཞེས་བྱའོ།། ན་བར་གྱུར་པ་ཞེས་བྱ་བ་ནི་ནད་ཀྱི་རིགས་དམར་བྱེད་ཀྱིས་ཁྱབ་པའམ། སྲོག་ཆགས་ཀྱིས་ཟོས་པར་གྱུར་པའོ།། སྐེ་བ་ལ་ལྦ་བ་ཡོད་པ་གང་ཡིན་པ་དེ་ནི་ལྦ་བ་ཅན་ཏེ། ཡི་དྭགས ་ཀྱི་རིགས་རི་དག་ཏུའོ།། མི་མ་ཡིན་པས་དེ་རྡོག་པས་བསྣུན་ནས་ཞེས་བྱ་བ་ལ་ཅིའི་ཕྱིར་ལ་བ་ལེན་པར་བྱེད་པའི་དུས་སུ་དེས་རྡོག་པས་མ་བསྣུན་ཞེ་ན། འདིར་སྨྲས་པ། ལེན་པའི་ཚེ་དགའ་བྱེང་ནག་པོ་ལ་བསྐྱེད་པའི་བསམ་པས་བལྟོས་པ་དང་བཅས ་པར་གྱུར་པ་དེའི་ཕྱིར་དེས་རྡོག་པས་བསྣུན་མ་ནུས་པ་ཡིན་ཏེ། ངེས་པའི་ཚུལ་ལས་ཀྱང་གཏུམ་པོ་དང་མི་མ་ཡིན་པས་ཟིལ་གྱིས་གནོན་པར་འགྱུར་ཏེ། གང་གི་ཚེ་དགའ་བྱེད་ནག་པོས་བཅོམ་ལྡན་འདས་ཀྱི་བཀའ་ལ་སླར་ཟློ་བར་གྱུར་པ་དེའི་ཚེ་བག ་འཁུམས་པར་གྱུར་པ་དེའི་ཕྱིར་མི་མི་ཡིན་པས་ཟིལ་གྱིས་ནོན་པ་ཡི་ནོ།། གནོད་སྦྱིན་གཏུམ་པོ་མང་པོ་ཞེས་བྱ་བ་ནི་རོ་དང་དྲི་ལ་ཆགས་པ་ལས་གཏུམ་པོ་རྗེ་སུ་འཇུག་པ་རོ་འགྱུར་བའོ།། ལན་གཞན་དུ་གླན་ནོ་ཞེས་བྱ་བ་ནི་འབྲེལ་པ་མེད་པའི་ལན ་འདེབས་པར་བྱེད་པའོ།། ཤིན་ཏུ་རྙོག་པ་མེད་པའི་ཡོན་ཏན་ནི་སྦྱངས་པའི་ཡོན་ཏན་ནོ།། ལྷག་མ་ནི་ཟས་ཀྱི་ལྷག་མའོ།། ལྷམ་མ་ཕུད་པར་ཟན་བཟའ་བར་མི་བྱའོ།། ཞེས་བྱ་བ་ནི་ལྷམ་དང་བཅས་པས་ཟན་བཟའ་བར་མི་བྱའོ།། ལྷམ ་མ་བཀག་པའི་ཕྱིར་རྩ་བ་ལས་བྱོས་པའི་ལྷམ་ལ་སོགས་པ་ཤིན་ཏུ་ཁྱད་པར་དུ་བཀོག་པ་སྟེ། གངྒ་ལས་འདི་སྐད་དུ་ཤཱཀྱའི་སྲས་ཀྱིས་དགེ་སྦྱོང་དེ་དག་ནི་མི་གཙང་བ་སྟེ། གང་གི་ཕྱིར་ལྷམ་དང་བཙས་པར་ཟན་བཟའོ་ཞེས་སྨོས་པ་ཡིནོ།། གལ་ཏེ ་ལྷམ་ཙམ་གྱིས་མི་གཙང་བ་ཉིད་ཡིན་ན་རྩའི་ལྷམ་ལ་སོགས་པས་ཤིན་ཏུ་མི་གཙང་བ་ཉིད་མ་ཡིན་ནམ། དེ་བས་ན་ཐམས་ཅད་དུ་ལྷམ་མེད་པས་ཟས་བཟའ་བར་བྱ་བ་ཡིནོ་ཞེས་བྱ་བར་ངེས་པ་ཡིནོ།། དེ་དག་ཆེར་ན་བར་གྱུར་ཏེ། ཞེས་བྱ་བ་ནི་ས ་རླན་དང་བཅས་པ་རེག་པར་གྱུར་པའི་ཕྱིརརོ།། ལྷུང་བཟེད་ཀྱི་གནས་ནི་སྐར་ཁུང་གི་རྣམ་པ་ཅན་ལྷུང་བཟེད་འཇོག་པར་བྱེད་པའི་བུ་གུའོ།། བཀའ་བས་ལྟུང་བ་ཉིད་ཀྱི་ཕྱིར་གནས་ངན་ཡིན་ལ། དེ་ལེན་པར་བྱེད་པས་ན་གནས་ངན་ལེན་ཏེ། དེ་སྡིག་པ་ལ ་འཇུག་པར་བྱེད་ཅེས་བྱ་བའི་བར་དུའོ།། ལུས་དང་ངག་གི་བྱ་བ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་གང་ཡོད་པ་དེ་ནི་གནས་ངན་ལེན་ཀུན་ཏུ་སྤྱོད་པའོ།། ཡོ་བྱད་རྣམ་པ་དྲུག་ཅེས་བྱ་བ་ནི་ཆོས་གོས་གསུམ་དང་། ལྷུང་བཟེད་དང་། གདིང་བ་དང་། ཆུ་ཚ་གསོ། ་ཏོ་ལོ་བརྒྱད་ཀྱི་ཚད་ཀྱི་སྲང་ནི་འབྲས་སྲང་བཅུ་དྲུག་བཅོས་པ་སྲན་ཚོང་དང་ཚོང་མ་དང་བཅས་པ་ཤོང་བའི་ལྷུང་བཟེད་དེ་ནི་དགེ་སློང་དག་གི་ལྷུང་བཟེད་ཆུང་བ་ཡིན་ལ་བྲེའུ་ཆུང་དོ་ལས་ལྷག་པར་ཤོང་བ་གང་ཡིན་པ་དེ་ནི་ལྷུང་བཟེད་ཆེན་པོའོ།། ་སྐྱ་བ་ནི་ལྷུང་བཟེད་མ་བཙོས་པའོ།། རྒྱལ་མཚན་ཅན་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ཀྱིས་རབ་ཏུ་ཤེས་པར་གྱུར་པའོ།། རྐུན་པོས་དངོས་པོ་བླངས་པ་གང་ཡིན་པ་དེ་ནི་བརྐུས་པའོ།། ཚོར་བ་ནི་ཤེས་པར་གྱུར་པའོ།། རི་དྭགས་ཀྱིས་རི་དྭགས་མི་སོས་ཀྱིས ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རི་དྭགསུ་གྱུར་པ་བདག་ཉིད་ཀྱི་བྱ་བས་འཚོ་བར་གྱུར་པས་སོ།། ཡབ་བྱོན་པའི་ཡུལ་ནི་ཡབ་ཀྱི་ཡུལ་ཏེ། དགེ་སློང་གི་དངོས་པོ་སྐྱེད་པར་བྱེད་པའི་གནས་ཡིན་ཏེ། གང་གི་ཕྱིར་བསོད་སྙོམས་ལས་དགེ་སློང་གི་དངོས་པོ ་འགྱུར་གྱི་བཟའ་བ་མང་པོ་ཚོལ་བར་བྱེད་པའི་ཕྱིར་ནི་མ་ཡིན་ནོ།། གླགས་ལྟ་བ་ནི་ལེགས་པར་རྟོག་པར་བྱེད་པའོ།། བྱ་བ་རྣམས་ཉི་མ་རེ་རེ་ཞིང་བྱ་བ་གང་ཡིན་པ་དེ་ནི་ཉི་མ་རེ་རེ་ཞིང་བྱ་བ་སྟེ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ལ་སོགས་པའོ།། ། ་དགེ་སློང་བཙལ་བར་བྱའོ་ཞེས་བྱ་བ་ནི་གང་གནས་སྦྱིན་པར་བྱེད་པའོ།། ལས་རེས་སྤངས་ནས་ཞེས་བྱ་བ་ནི་ཡོངསུ་སྤོང་བར་བྱེད་པས་ན་སྤངས་པ་སྟེ་བོར་བའོ།། དེའི་ཕྱིར་ལས་རོ་བསྐོ་བའི་དུས་སུ་དེ་བོར་ཞིང་གཞན་ལ་ལས་རེ་བསྐོ་བར་བྱ ་འོ།། གནས་ཁང་བསྐོ་བ་ཞེས་བྱ་བ་ནི་སྔར་དེ་ལ་གནས་ཁང་བསྐོ་བར་བྱའོ།། མལ་སྟནཱ་ཡང་དེ་བཞིན་དུ་བྱའོ།། ནདུ་གཡོག་བྱེད་པ་སྤོང་བ་ཞེས་བྱ་བ་ནི་དེ་ལ་དགེ་སློང་གཅིག་གི་བསྙེན་བཀུར་བྱིན་པར་བྱའོ།། རྙེད་པ་སྤངས་ཏེ་ཞེས་བྱ་བ་ནི་དོ ་ལ་རྙེད་པ་དང་བཅས་པའི་གནས་ཁང་བསྒོ་བར་བྱའོ།། གསོ་སྦྱོང་གཅིག་ལ་སྡོད་པོ་ནི་བཞེས་པ་ཕྱིའོ།། དབྱིར་ཉེ་བར་གྱུར་ཅིང་སྟོབ་པར་བྱེད་པའི་ཕྱིར་དབྱེར་ཚུལ་དུ་བཞུགས་པའོ།། ཅོག་ལ་གོཅིག་དྲི་ཞིང་ཞེས་བྱ་བ་ནི་ཕོན་ཚུན ་དྲིས་ནས་བྱ་བ་དག་བྱའོ།། སོ་སོར་བརྟགས་ནས་གནས་པར་བྱའོ་ཞེས་བྱ་བ་ནི་རབ་ཏུ་ཤེས་པས་དེར་གནས་པར་བྱ་བ་ཡིན་གྱི། མི་ཤེས་པའི་རྒྱུ་ཅན་ཚུལ་མ་ཡིན་པའི་བྱ་བ་སྒྲུབ་པར་བྱེད་པས་ནི་མ་ཡིན་ནོ།། ཡོ་བྱད་ནི་དགེ་སློང་རྣམ ་ཀྱི་འཚེ་བའི་ཐབསུ་གྱུར་པའོ།། མ་བྱིན་པར་ལེན་པར་བྱེད་པ་གང་ཡིན་པ་དེ་ནི་མ་བྱིན་པར་ལེན་པའོ།། མ་གུས་ནས་ཞེས་བྱ་བ་ནི་ནོངས་པ་ལ་བལྟོས་ནས་བསྐུལ་བའོ།། ཡོ་བྱད་སྦྱོར་བ་ནི་ལུས་གནས་པ་སྒྲུབ་པར་བྱེད་པའོ།། གསོ་སྦྱོང་སོ་སོར ་ཞེས་བྱ་བ་ནི་གསོ་སྦྱོང་ཐ་དད་པའོ།། རྙེད་པ་གཅིག་ཏུ་ཞེས་བྱ་བ་ནི་སྤྱིར་འཚོ་བ་ལ་སོགས་པའི་རྙེད་པ་ལ་འདིར་རྙེད་པར་དགོངསོ།། ཉེ་འཁོར་གྱི་གཙུག་ལག་ཁང་དག་དམལ་སྟན་བཤམ་པར་བྱ་བ་ཞིག་གཅིག་ལག་ཁང་ཐ་དད་པོར་གསོལ ་པ་དང་གཉིས་ཀྱི་ལས་བྱའོ།། མལ་སྟན་ནི་ཁྲི་ལ་སོགས་པ་ཡིན་ལ། སྣོད་ནི་ཟངས་མ་ལ་སོགས་པའི་སྣོད་ཡིན་ནོ།། ཉེ་བར་མཁོ་བ་དེ་དག་ལས་གཞན་པ་དག་ནི་ཡོ་བྱད་ཡིན་ཏེ། གོས་དང་རྒྱན་ལ་སོགས་པའོ།། འགལ་ཚབས་ཅན་དུ་འགྱུརརོ།། ་ཞེས་བྱ་བ་ནི་གལ་ཏེ་དག་ལ་རྐུ་སེམས་བསྐྱེད་པར་གྱུར་པ་དེའི་ཚེ་སྦོམ་པོར་འགྱུར་ལ། འོན་ཏེ་མ་ཡིན་ན་ཉེས་བྱས་སུ་འགྱུར་རོ།། ཕྲག་ཁུར་ནི་ལུས་ཀྱི་ཁུར་བུ་ཡིན་ཏེ། མཐའ་གཉིས་སུ་སྒྲོམ་ལ་སོགས་པའི་རྫས་འཇོག་པར་བྱེད་པའི་ཐབས ་སུ་གྱུར་པ་དབྱངས་པའི་ཤིང་གཽ་ཁུར་བ་ལོ་ཕྲག་ཁུར་ཞེས་བྱ་བའོ།། བུ་མོ་ནི་ཆུང་མའོ།། བྲན་ནི་རྣམ་པ་ལྔ་སྟེ། ཉོས་པ་དང་། རྙེད་པ་དང་། ཕྲོག་པ་དང་། ཁྱིམ་དུ་སྐྱེས་པ་དང་། ཁས་བླངས་པ་དག་ཐ་དད་པའི་ཕྱིརརོ།། བྲན་མོ་ཡང་དེ་དག་དང ་འོ།། ལས་བྱེད་བ་ནི་སྐྱེས་བུ་གླ་བའོ།། སྐྱེས་བུ་བྱེད་པ་ལ་བརྟེན་ནས་འཚོ་བ་གང་ཡིན་པ་དེ་ནི་ཞོ་ཤས་འཚོ་བའོ།། ཚོང་གི་སྐྱེས་ཀྱིས་འཚོ་བར་བྱེད་པས་ཚོང་པའོ།། དར་གྱི་ཐོད་བཅིངས་པས་ན་རྒྱལ་པོའོ།། ལྷ་ནི་གཉུག་མར་གནས་པ་སྟེ། ད ་དག་གི་གྲ་ཏོར་མའི་ཕྱིར་རོ།། མཚན་ནི་སྔོན་ཤི་བ་སྟེ། དེ་དག་ལ་དད་པས་སྦྱིན་པའི་ཕྱི་རོ།། དགེ་སྦྱོང་ནི་ཁྱིམ་ན་གནས་པ་སྤོང་བ་དང་། མྱ་ངན་ལས་འདས་པའི་ལམཱ་ལ་མངོན་པར་སྦྱོར་བ་སྟེ། དེ་དག་ལ་སྙོམས་པར་རྗེསུ་བསྟབ་པའི་ཕྱིརརོ།། ་བྲམ་ཟེ་ནི་དེ་དག་འཇིག་རྟེན་ན་རིགས་ཀྱི་མཆོག་ཏུ་འདོད་པར་རབ་ཏུ་གྲགོས་པ་སྟེ། དེ་དག་ལ་ཡང་སྦྱིན་པའི་ཕྱིརརོ།། །། བམ་པོ་བརྒྱད་པ།། ཁྱིམ་ཡོངསུ་སྤངས་ནས་རབ་ཏུ་བྱུང་བ་དོན་དུ་གཉེར་ཞིང་མངོན་པར་འདོད་པའི ་ཕྱིརི་རབ་ཏུ་འབྱུང་བར་འདོད་པའོ།། ལྷུང་བཟེད་ཀྱི་འབྲེལ་པས་བྱ་བ་གཞན་བྱེད་པའི་ནུས་པ་མེད་པ་གང་ཡིན་པ་དེ་ནི་ལྷུང་བཟེད་ལག་ན་ཐོགས་པ་སྟེ། ཁྱིམ་ཡོངས་སྤངས་ནས་ལྷུང་བཟེད་འཛིན་པ་ཞེས་བྱ་བའི་བར་དུའོ།། ཡུ་བ་སྒྲ ་དོང་བཅས་པས་ན་འཁར་གསིལ་དཀྲོལ་བའོ།། ཡོན་ཏན་གྱི་སྒོ་ནས་སྐྱེ་བོ་ཐམས་ཅད་ལ་རབ་ཏུ་གྲགས་པར་གྱུར་པ་གང་ཡིན་པ་དེ་དག་ནི་རབ་ཏུ་གྲགས་པའི་དགེ་སློང་ངོ་།། བསམས་པ་ནི་ཤེས་པར་འདོད་པའོ།། གནས་ཞེས་བྱ་བ་ལ ་ཆོས་བཞི་ལ་བརྟེན་ནས་ནད་པ་འཚེ་བར་འགྱུར་ཞིང་། ཆོས་གསུམ་ལ་བརྟེན་རང་བཞིན་དུ་གནས་པ་ཡིན་ཏེ། བསོད་སྙོམས་དང་། མལ་སྟན་དང་། གོས་དག་གིས་ནི་རང་བཞིན་དུ་གནས་པར་འགྱུར་ལ། སྨན་དང་བཅས་པ་དག་གོས་ནི་ནད ་པ་འཚོ་བ་ཡིན་པས་དོན་དུ་གཉེར་བ་རྣམས་འཚོ་བའི་དོན་དུ་བརྟེན་པར་བྱེད་པའི་ཕྱིར་གནས་ཡི་ནོ།། ཕྱག་དར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ། འདིར་ཆུ་བོའི་མཐའ་ནི་ངོགས་ཡིན་ཏེ། དེ་མཐར་ཐུག་པའི་ཕྱིར་ལ། གོས་ཀྱི་མཐའ ་ནི་ཕྱག་དར་ཡིན་ཏེ། དེའི་མཐར་ཐུག་པ་ཡིན་པ་ཁོ་ནའི་ཕྱིརརོ།། དེ་བས་ན་ཕྱག་དར་དང་འདྲ་བ་དང་། ངོགས་དང་འདྲ་བའི་གོས་གོང་ཡིན་པ་དེ་ལ་ཕྱག་དར་ཁྱོད་ཅེས་བྱ་སྟེ། ཤིན་ཏུ་རྙིངས་པ་ཉིད་ཀྱི་ཕྱིར་ཉེ་བར་མཁོ་བ་མ་ཡིན་པས་དོན་དུ་མི་འགྱུར་བ ་ད་ཀྱིས་ཕྱག་དར་དུ་བོར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། རྙེད་བླ་བ་ཞེས་བྱེ་བ་ནི་འབད་རྩོལ་ཉུང་ངུས་རྙེད་པར་འགྱུར་བའོ།། རུང་བ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་སྒྲུབ་པར་བྱེད་པའོ།། ཁྱིམ་བདག་ལས་ཟས་ལེན་པར་བྱེད་པས་ན་བསོད ་སྙོམསོ།། འདི་ལ་ཉལ་བར་བྱེད་པའི་ཕྱིར་མལ་ཏེ་ཁྲི་ལ་སོགས་པའོ།། འདི་ལ་གནས་པར་བྱེད་པས་ན་སྟན་ཏེ་ཁྲིའུ་ལ་སོགས་པའོ།། བཀུས་ཏྭ་བོར་བ་ཞེས་བྱ་བ་ལ་བཀུས་ནི་བཀུ་ས་ཤིང་ཁུ་བ་བཙིར་བ་ཡིན་ལ། བོར་བ་ནི་ཕྱི་རོལ་ཏུ་བོར་བ་གང་ཡིན ་པ་དེ་ནི་བཀུས་ཏེ་བོར་བའོ།། ཕ་ཞེས་བྱ་བ་ནི་མངལ་འཛིན་པའི་ཚེ་ཕའི་ཁུ་བ་དང་མའི་ཁྲག་ཕན་ཚུན་འདྲེས་པ་དེ་ལས་ཀྱང་དེའི་ལུས་འགྲུབ་པ་ཡིན་པ་དེའི་ཕྱིར་ཕ་ཞེས་བྱ་བར་རིག་པར་བྱའོ།། སྐྱོ་བར་འགྱུར་ཏེ་ཞེས་བྱ་བ་ནི་མདངས་ཞན་ཅིང་ཆུང་བར ་འགྱུར་བའོ།། འདི་ལ་གནས་པར་ཤེས་ནས་སོངོ་ཞེས་བྱ་བ་ལ་སོང་བ་ནི་ཁྱིམ་པའོ།། ཆུང་མ་བླངས་པ་ནི་མ་སྐོར་བྱས་པའི་ཕྱིར་དེ་ཡོང་སུ་རྫོགས་པ་ཉིད་དོ།། བདག་གིས་ནི་ཡོ་བྱད་དྲུག་པོ་རྙེད་དོ།། ཞེས་བྱ་བ་ནི་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་པོ་ངས ་གི་ཡུལ་བདག་གིར་བརྩལ་བར་བྱའོ།། བླངསོ་བླངསོ་ཞེས་བྱ་བ་ནི་འཁྲུལ་པའི་ཚིག་གཉིས་སོ།། སྦྱོར་བ་ཡོངསུ་རྫོགས་པ་ཞེས་བྱ་བ་ནི་རྐུ་བའི་བྱ་བ་ཡོངསུ་རྫོགས་པར་གྱུར་པའོ།། བརྡེག་པ་ནི་སྲོག་འགོག་པར་བྱེད་པའོ།། བཅིངས་པ་ནི་ལྕགས་ལ་སོགས ་པས་བཅིངས་པའོ།། བཅད་པ་ནི་ལོག་པ་ལ་སོགས་པའོ།། ཕུག་པ་ནི་རུས་པའོ།། སྡུག་བསྔལ་བི་ནོ་ཡིད་ཀྱི་གདུང་བའོ།། རྣམ་པོ་ཐམས་ཅད་རྫོགས་པར་བྱས་པ་ནི་རྣམ་པོ་མང་བ་བྱས་པསོ།། གཙོ་ཕྱེ་ནི་གཙོ་བ་སྐོམ་པོའི་ཕྲ་མའོ།། ཡིད་བརྟན་པ་ལྔས་བླང ་བར་བྱའོ།། ཞེས་བྱ་བ་ནི་ཡིད་བརྟན་པའི་སྒོ་ནས་ལེན་པའོ།། མཛའ་བར་གྱུར་པ་ནི་དགེའི་རྒྱུ་ཉིད་དུ་གྱུར་པ་སྟེ། རྫས་ཀྱི་བདག་པོར་འཛིན་པའོ།། ཡིད་དུ་འོང་བ་ནི་ཡིད་དང་རྗེ་སུ་མཐུན་པ་སྟེ། ཐག་རིང་པོ་ན་གནས་སུ་ཟིན་ཀྱང་སེམས་ཀྱིས་རྟག་ཏུ་དྲན་པའི ་ཕྱིར་རོ།། བླ་མ་ནི་སློབ་དཔོན་ལ་སོགས་པའོ།། མཆོད་པར་བྱ་བ་ཉིད་དུ་འགྱུར་བ་ནི་རྫས་ཀྱི་བདག་པོར་འཛིན་པ་ཡིན་ཏེ། ཞེས་བྱ་བ་ཐམས་ཅད་དུ་སྦྱར་བར་བྱ་བ་ཡིན་ཏེ། ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་ཉིད་ཀྱི་ཕྱིར་རྟག་ཏུ་ཡིད་ཀྱིས་ཡོན་ཏན་དྲན་པ། ་བྱ་བ་ཡིན་པས་ནི་མཆོད་པར་བྱ་བ་ཉིད་དུ་འགྱུར་བའོ།། ཐོས་ན་དགའ་བར་གྱུར་པ་ཞེས་བྱ་བ་ནི་འདི་ལྟར་བདག་གི་རྫས་ཆེ་གེ་མོ་ཞིག་གིས་ཁྱེར་པོ་རྫས་ཀྱི་བདག་པོར་ཐོས་པར་གྱུར་པ་དེའི་ཚེ་ཡོངསུ་མགུ་བར་གྱུར་པ་སྟེ། མཆོག་ཏུ་དགའ་བ་བསྐྱེད ་པོར་བྱེད་པའི་ཕྱིར་ལེན་པར་བྱེད་པའི་རྒྱུ་ཡིད་བརྟན་པ་ལྔ་པོ་དེ་དག་ལས་གཅིག་གིས་ཀྱང་ཡོངསུ་ལེན་པ་ལ་མ་བྱིན་པར་ལེན་པའི་ཉེས་པ་ཡོད་པ་མ་ཡིནོ།། གཙུག་ལག་ཁང་ལ་ཕྱི་རོལ་གྱི་སྟེགསུ་གྱུར་པ་ནི་བང་རིམ་མོ།། རྡུལ་གྱི་ཕོག་སྟེ། ཞེས་བྱ ་བ་ནི་རྡུལ་གྱིས་ཁྱབ་པར་གྱུར་པའོ།། སས་གཡོགས་པ་ནི་བཀབ་པའི། ཡོངསུ་སྦྱངས་པ་ཞེས་བྱ་བ་ནི་མཚོན་མེད་པར་ཡོངསུ་སྦྱངས་པ་བྱསོ།། བྱུགས་པ་ནི་བ་ལྕི་བས་བྱུགས་པའོ།། རྡོ་ཐལ་ནི་རྡོའི་ཞལ་ཞལ་གྱི་རྣམ་པར་རབ་ཏུ ་བྱུགས་པའོ།། ལུས་འཕགས་ཀྱི་རི་བོ་ཞེ་བྱ་བ་ནི་རི་བོ་ནི་རྡོའི་བྱེ་བྲག་ཅ་ནོ།། གདུངས་པ་ནི་གཟིར་བར་གྱུར་པའོ།། སྐམས་པོ་ནི་ཤི་བར་གྱུར་པའོ།། དེ་ལ་བརྩོན་པར་བྱས་པ་ཞེས་བྱ་བ་ནི་དེ་དང་འབྲེལ་པའི་བྱ་བའོ།། དགུན་ཟླ་ཐ་ཆུང་དང་། དཔྱིད་ཟླ་ར་བ་དག་ནི ་དགུན་ཟླ་སྨད་ཀྱི་དུས་སོ།། རྫས་གཡོགས་ཤིག་ཅེས་བྱ་བ་ནི་རྩའི་སྤྱིལ་པོས་སོ།། ར་བས་བསྐོར་བ་ནི་རྩིག་པས་བསྐོར་བའོ།། རླུང་མི་འཇུག་པ་ནི་རླུང་རབ་ཏུ་རྒྱུ་བ་དང་བྲལ་བར་གྱུར་པས་སོ།། སྒོ་སྐར་ནི་ནང་གི་རྩིག་པ་ཀུན་ནས་བུག་པས་གཏོད་པའོ།། ་མ་རུངས་པར་གྱུར་པ་ན་ཤིན་ཏུ་འདས་པར་གྱུར་པ་ཡིན་ལ། མ་རུངས་པར་གྱུར་པས་ན་མ་རུང་བར་གྱུར་པ་སྟེ། གལ་ཏེ་དུས་དེའི་ཚེ་མ་བྱས་ན་དུས་གཞིན་གྱི་ཚེ་བྱ་བར་མི་ནུས་པའི་ཕྱིར་ལས་དེ་མ་རུང་བར་གྱུར་པ་དེ་ལྟ་བྱའི་རྣམ་པས་གདོན་མི་ཟ་བར ་ལསུ་བྱ་བ་བྱུང་ན་གུས་པ་དང་བཅས་པས་བསྒོས་ཏེ་འགྲོ་བར་བྱའོ།། ཤིང་སྐྱེས་པར་བྱེད་པ་ནི་རུང་བ་བྱེད་པའོ།། རིན་པོ་ཆེ་དང་འདྲོ་བར་ཤིན་ཏུ་རིན་ཆེ་བ་ཉིད་ཀྱི་ཕྱིར་དང་། འོད་གསལ་བ་ཉིད་ཀྱི་ཕྱིར་རྙིང་དཀའ་བའི་ལ་བ་ནི་ཟླ་བ་རིན་པོ་ཆེའོ།། ངལ ་གྱིས་ཞེས་བྱ་བ་ནི་ཤིན་ཏུ་དྲག་པར་མ་ཡིན་པའོ།། བཙས་པ་ནི་ལུས་དང་ངག་གི་སྤྱོད་པར་ཚུལ་མཐུན་པའོ།། སྟོབས་ནི་ལུས་ཀྱིའོ།། བརྩོན་འགྲུས་ནི་ཡིད་ཀྱི་སྤྲོ་བའོ།། མཐུ་ནི་བྱ་བ་བྱེད་པར་ནུས་པའོ།། རྫུ་འཕྲུལ་ཆེན་པོ་གང་ལ་ཡོད་པ་དེ་ནི་རྫུ་འཕྲུལ ་ཆེན་པོ་སྟེ། རྫུ་འཕྲུལ་ནི་རྣལ་འབྱོར་གྲུབ་པ་ཡིནོ།། མཐུ་ཆེ་བ་ནི་ངོ་མཚར་རབ་ཏུ་སྟོན་པར་ནུས་པའོ།། རིན་ཆེ་བ་འམ་སྐྱེས་བུ་ཆེན་པོ་ལ་འོས་པས་རིན་ཐང་ཆེ་བའོ།། ཟོས་པས་མི་མཁོ་བར་བྱེད་པས་ན་འདི་ལ་སེང་སེང་པོར་གྱུར་པ་ཞེས་བྱའོ།། ཤིང ་ན་མེ་རུ་ཀ་ཞེས་བྱ་བ་ནི་ལྕུག་མ་དེའི་ལོ་མ་སྐམས་ལ་ཕྱེ་མར་བྱས་པ་ལ་བའི་བལྟ་བ་ཚིག་སུ་གཞུག་པར་བྱ་སྟེ། ངོས་སྲོག་ཆགས་སྐྱེ་བར་མི་འགྱུརརོ།། ཤིང་ཀུན་གྱི་ཤིང་གི་ལོ་མ་དང་། བ་ཤ་ཀའི་ལོ་མ་ནི་རབ་ཏུ་གྲགས་པ་ཡི་ནོ།། ནོམ་པ་ནི ་ཤིང་འཆི་བ་བསླུ་པའི་ལོ་མེའོ།། བལྟ་བ་ཚིགསུ་བལྟ་བ་མི་ཆོག་པ་དེའི་ཚེ་གོས་ཀྱི་སྟེང་དུ་ཤིང་ན་མེ་རུ་ཀའི་ལོ་མ་ལ་སོགས་པ་བཅུག་ན་དེའི་དྲིས་སྲོག་ཆགས་སྐྱེ་བར་མི་འགྱུར་རོ།། ཡང་ན་སྟེང་སྟེངསུ་མི་རེག་པར་བཏགས་ནས་དུས་དུས་སུ་སྤྲུག ་པ་དང་། སྐེམ་པར་བྱེད་པའོ།། བསྐུམ་པས་ཉལ་བ་ནི་ལྷགས་པས་ཡན་ལག་བསྐུམ་པར་གྱུར་པས་སོ།། ཤིན་ཏུ་བརྩོན་པ་ཞེས་བྱ་བ་ནི་གཅིག་ཏུ་བརྩོན་པས་བསྒྲུབ་པར་བྱ་བའི་འབྲས་བུ་ཁོང་དུ་ཆུད་པ་དང་བཅས་པས་སོ།། སློབ་དཔོན་ཚུལ ་ཁྲིམས་བསྐྱངས་ཀྱིས་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་བསྒོ་བཞི་པ་རྫོགསྷོ།། ། རིམ་གྲོ་གྱིས་ཤིག་ཅེས་བྱ་བ་ནི་མཆོད་པ་གྱིས་ཤིག་པའོ།། རྨ་དང་རྨའི་ཁ་འཁོར་ནི་སྣའི་སྦུབས་ལ་སོགས་པའོ།། ས ་རྐོས་ལ་ཞེས་བྱ་བ་ལས་ནི་འདིར་མ་འཐས་པའི་ས་ཡིན་པར་རིག་པར་བྱ་སྟེ། དབྱར་རྣམསུ་རྒྱུན་མི་འཆད་པར་འབབ་པའི་ཕྱིར་ས་མ་འཐས་པ་འཐོས་པར་འགྱུར་རོ།། ས་འཐས་པ་ཡང་འཁྲང་བར་གྱུར་པ་སྟེ། འཇིམ་པའི་གོང་བུ་འཐས་པར ་གྱུར་པའོ།། རྩའི་བམ་པོ་ནི་རྩ་ཆུན་གྱི་ཆོག་སོ།། ལོ་མ་དང་འདབ་མས་གཡོགས་པ་ནི་ལོ་མའི་ཆོ་ག་སོ།། རྒྱུད་གསུམ་པ་ཞེས་བྱ་བ་ནི་སངས་རྒྱས་སམ་དཀོན་མཆོག་གི་བསྟོད་པ་ནི་རྒྱུད་གཅིག་ལ། གཞུང་གི་ཆོས་བཤད་པ་ནི་རྒྱུད་གཉིས ་པ་ཡིན་ཞིང་། མདོའི་དོན་རྣམ་པར་བཤད་པའི་གཏམ་རྒྱུད་ནི་རྒྱུད་གསུམ་པ་ཡི་ནོ།། ཡོན་བསྔོ་བ་ནི་ཆོས་ཀྱི་སྦྱིན་པ་ལ་སོགས་པ་ལས་ཡང་དག་པར་བྱུང་བའི་བསོད་ནམས་ཀྱི་འབྲས་བུ་ཀུན་ཏུ་བགོ་བཤའ་བྱེད་པའོ།། དེ་ལྟར་གྱུར་པ་ནི་དེ་སྐད་སྨྲས་པར ་གྱུར་པའོ།། ཀུན་ནས་སྐྱོ་བ་དག་གི་སེམས་དང་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་མཆོད་རྟེན་ལ་ཕྱག་བྱ་བ་ནི་རྗེ་སུ་གནང་བའོ།། ཀུན་ཏུ་སྤྱོད་པ་ནི་གདོན་མི་ཟ་བར་བྱ་བ་ཉིད་ཀྱིས་གོམས་པར་བྱ་བའོ།། དམྱལ་བར་རྒྱུ་བ་ནི་དམྱལ་བར་རྒྱུ་བ་སྟེ། སེམ ་ཅན་ལ་ཕན་གདགས་པའི་ཕྱིར་འགྲོ་བར་བྱེད་པའོ།། ཡི་དྭགས་སུ་རྒྱུ་བ་ལ་སོགས་པ་ཡང་དེ་བཞི་ནོ།། མཚམས་ནི་སྐབས་ཡིན་ཏེ། ཤིན་ཏུ་སྐབས་མེད་པའི་ཕྱིར་མཚམས་མེད་པ་ཡིན་ལ། དམྱལ་བ་གཞན་དག་པས་སྡུག་བསྔལ་ཆེ་བ་ཉིད་ཀྱི་ཕྱིར་དང་། ཤིན ་ཏུ་ཚེ་རིང་བའི་ཕྱིར་དམྱལ་པོ་ཆེན་པོའོ།། ངལ་བསོ་བར་གྱིས་ཤིགཱི་ཅེས་བྱ་བ་ནི་དམྱལ་བའི་སྡུག་བསྔལ་ལས་དུས་དེས་སྲིད་ཅིག་གྲོལ་བར་གྱུར་པའོ།། མིག་ཙམ་ཞེས་བྱ་བ་ནི་ཤིང་རྟའི་འཁོར་ལོའི་བུག་པའི་ཚད་དོ།། བར་དུ་སྐམས་པ་ནི་མཚམས་མེད ་པའི་མེས་ཡོངས་སུ་ཟད་པར་བྱས་པའོ།། མོས་པ་ལས་བྱུང་བའི་ཞེས་བྱ་བ་ལོ།། ལྷག་པར་མོས་པ་ནི་མོས་པ་སྟེ། ཡང་དག་པ་འདི་ཉིད་དུ་མ་ཡིན་པ་ལ་སེམས་ཀྱིས་ཡང་དག་པ་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ལ། ལྷོག་པར་མོས་པའི་ཕྱིར་འབྱུང ་བས་མོས་པ་ལས་བྱུང་བ་སྟེ། མོས་པ་དང་རྗེ་སུ་མཐུན་པ་ཞེས་བྱ་བའི་བར་དུའོ།། འདམ་དུ་གྱུར་པ་ནི་དབྱར་གྱི་ཆུས་བྱས་པའི་འདམ་དུ་གྱུར་པའོ།། གནོད་པ་མེད་ཅེས་བྱ་བ་ནི་སྡུག་བསྔལ་ཆུང་ངུར་གྱུར་ཅིང་རྒྱུ་མཐུན་པའི་བདེ་བ་མྱོང་བར་གདོད་འགྱུར་བའི ་ལས་བསགས་པ་ཡོད་པ་འཕགས་པ་ཤ་རིའི་བུའི་ཏིང་འཛིན་གྱི་མཐུའི་ལྷན་ཅིག་བྱེད་པའི་རྒྱུ་ལ་རིག་ལས་པ་དེ་ཉིད་ནི་དུས་དེར་འབྲས་བུ་འབྱིན་པ་དེའི་ཕྱིར་རང་གིས་བྱས་པའི་ལས་ཀྱིས་དེ་དག་ལ་དབང་གི་འབྲས་བུ་སྐྱེ་བར་འགྱུརརོ།། དེ་སྐད་དུ་ཡང་། ་ལས་རྣམས་བསྒྲལ་པ་བརྒྱར་ཡང་ནི།། ཆུང་མི་ཟླ་བ་ཚོགས་དང་དུས།། རྙེད་ན་ལུས་ཅན་རྣམས་ལྔ་ནི།། འབྲས་བུ་དག་ཏུ་འགྱུར་བ་ཉིད།། ཅེས་འབྱུང་བ་ཡིན་ནོ།། ཀུན་ནས་ཆོས་ལོག་པར་བསྟན་པ་ནི་ཕྱིན་ཅི་ལོག་གི་ཆོས་བསྟོན་པ་སྟེ། ཆོས་མ་ཡིན་པ་ལ ་ཉིད་དུ་བསྟན་པའི་ཕྱིརརོ།། ཀུན་ནས་ཞེས་བྱ་བ་ནི་འདི་ལྟར་འདི་ཁོ་ན་བདེན་པ་ཡིན་གྱི་གཞན་ནི་མཱ་ཡིནོ་ཞེས་བསྟན་པར་བཟུང་ནས་སོ།། མཐུན་པར་སྤྱོད་པས་ཞེས་བྱ་བ་ནི་ལས་དེ་དང་རྗེ་སུ་མཐུན་པར་ནན་ཏན་བྱས་པས་སོ།། བསྐུས་ཏེ་ཞེས་བྱ་བ་ནི་རྣམ་པར ་སྐྲོད་པའོ།། མཆོད་རྟེན་དེ་ལ་མཆོད་པ་བྱས་དེ་ལ་རབ་ཏུ་གནོད་པ་སྟེ། དྲག་པོའི་ཚོར་བ་མྱོང་བར་ཇི་ལྟར་རིགས་ཏེ། མཆོད་པའི་ལས་གཞན་གྱིས་བྱས་པ་ཉིད་ཀྱི་ཕྱིརརོ་ཞེ་ན། འདི་ལ་ཡང་དེ་ཉིད་ཀྱིས་ལན་གདབ་པར་བྱ་སྟེ། གང་པོས་སྡུག་བསྔལ་ཆེན་པོ་ཉམས ་སུ་མྱོང་བར་འགྱུར་བའི་ལས་དེ་ཉིད་སྔོན་བྱས་ཤིང་བསགས་པ་ཡོད་པ་མཆོད་རྟེན་དེ་ལོ་མཆོད་པ་བྱིས་པའི་ལྷན་ཅིག་བྱེད་པའི་རྒྱུ་ལ་རག་ལས་པ་དེའི་ཕྱིར་མཆོད་རྟེན་ལ་མཆོད་པ་བྱས་པ་ལས་གང་པོ་ལ་རབ་ཏུ་གནོད་པའི་ཚོར་བ་སྐྱེ་བར་འགྱུར་བ ་ཡིན་གྱི། གཞན་གྱིས་བྱས་པའི་ལས་ལས་གཞན་གྱིས་རྣམ་པར་སྨིན་པ་སོ་སོར་མྱོང་བར་གྱུར་པ་ཞེས་སྨྲས་པ་ནི་རིགས་པ་མ་ཡིན་ཏེ། དེ་ཡང་། གལ་ཏེ་ལས་རྣམས་འཕོ་འགྱུར་ན།། དེ་ནི་ངེས་པར་ཁྱེད་ཉིད་ཀྱི།། ལྷས་བྱིན་གྱི་ནི་རྒྱུ་ཉིད ་ཀྱིས། ཐམས་ཅད་ལ་ནི་ངེས་འཇུག་འགྱུར།། ཞེས་གསུངས་པ་ཡིན།། ཀུན་ཏུ་རྒྱུ་ནི་བརྟུལ་ཞུགས་ལ་གནས་པའོ།། དབྱིག་པ་དང་གཙུག་ཕུང་དང་ལྡན་པ་ཞེས་བྱ་བ་ལ་དབྱིག་པ་ནི་འཁར་བ་ཡིན་ལ། གཙུག་ཕུང་ནི་སྤྱི་གཙུག་སྟེ། དབྱིག་པ་ནི་གཙུག ་ཕུང་དག་གིས་ལེགས་པར་གྱུར་པ་ནི་དབྱིག་པ་དང་། གཙུག་ཕུད་དག་གིས་ལེགས་པར་གྱུར་པ་ནི་དབྱིག་པ་དང་། གཙུག་ཕུད་ཁོ་ན་ཅན་ཡིན་ལ། དབྱིག་པ་དང་གཙུག་ཕུང་ཁོ་ན་དང་ལྡན་པས་ན་དབྱིག་པ་དང་གཙུག་ཕུད་ཅན་ཉིད་དོ།། དགེ་སྦྱོང ་གི་རང་གི་གྲུབ་པའི་མཐའི་འབྲས་བུ་ཐོབ་པའོ།། འཚོ་བ་དག་ལ་དག་སྦྱོང་མེད་པ་སྟེ། ཡོད་པ་མ་ཡིན་ཞིང་། ཤཱཀྱ་ལི་ན་དེ་ཡོད་དོ།། དགྲ་བཅོམ་པའང་ཆགས་ལྡན་མེད།། སོ་སོའི་སྐྱེ་བོ་བྱིས་མིན་མདོ།། འོན་ཀྱང་སོ་སོའི་སྐྱེ་བོ་ཐམས་ཅད་ལ་བྱོས ་པ་ཁོ་ན་ཞེས་བྱའོ།། འཚོ་བ་དག་ལ་དགེ་སྦྱོང་ཡོད་ཅེས་བྱ་བ་དེ་ལྟར་ཚིགསུ་བཅད་པའི་དོན་དེ་དག་གིས་རྟོགས་པར་གྱུར་པའོ།། སྔོན་གྱི་ལས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་སྐྱེ་བར་དེས་ལས་བྱས་ཤིང་བསགས་པ་གང་ཡིན་པ ་དེ་ནི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པ་སྟེ། རྣམ་པོར་སྨིན་པོ་འབྱིན་པའི་ཕྱིར་གསལ་པོར་གྱུར་པའོ།། འདི་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལའོ།། དགེ་སྦྱོང་དང་པོ་ཞེས་བྱ་བ་ནི་ལམོ་སྟོན་པར་མཛད་པའོ།། དགེ་སྦྱོང ་གཉིས་པ་ཞེས་བྱ་བ་ནི་ལམ་གྱི་རྒྱལ་བའོ།། དགེ་སྦྱོང་གསུམ་ཞེས་བྱ་བ་ནི་ལམ་གྱིས་འཚོ་བའོ།། དགེ་སྦྱོང་བཞི་པ་ཞེས་བྱ་བ་ནི་ལམ་སུན་འབྱིན་པའོ།། དེ་ལ་ལམ་སྟོན་པར་མཛད་པ་ནི་བཅོམ་ལྡན་འདས་ཡིན་ལ། ལམ་གྱིས་རྒྱལ་བ་ནི་རང ་སངས་རྒྱས་དང་དགྲ་བཅོམ་པ་ཡིན་ཞིང་། ལམ་གྱིས་འཚོ་བ་ནི་འཕགས་པའི་གང་ཟག་བདུན་ཡིནོ།། ལོམ་སུན་འབྱིན་པ་ནི་ཚུལ་ཁྲིམས་འཆལ་པའོ།། ཁ་ཅིག་ནི་དགེ་སྦྱོང་དང་པོ་ལ་སོགས་པ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ནས་དགྲ ་བཅོམ་པའི་མཐར་ཐུག་པ་ཡིནོ་ཞེས་ཟེ་རོ།། དགེ་སྦྱོང་ཉིད་དང་ལྡན་པའི་ཕྱིར་དགེ་སྦྱོང་ཡིན་ལ། སྡིག་པ་གསལ་བ་ཉིད་ཀྱི་ཕྱིར་བྲམ་ཟེ་ཡིན་ཏེ། ཕས་ཀྱི་སྒྲོལ་བ་དག་དེ་དག་གིས་གཏོང་བ་ཡིན་ཏེ། དགེ་སྦྱོང་ལ་སོགས་པ་ཁོང་དུ་ཆུད་པའི་བྱ་བ། ་དྲང་བྲལ་བར་གྱུར་ཅེས་བྱ་བའི་ཐ་ཚི་གོ། མགོ་རེག་བྱ་བ་ནི་མགོ་སྨད་བ་དང་། ངན་པ་ཡོད་པའོ།། ངན་པ་ཞེས་བྱ་བ་ནི་འདིར་གནད་ལ་བསྐུལ་བའོ།། ངན་དུ་ཟེར་བ་ནི་ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པའོ།། ཡན་ལག་ནི་ལག་པ་ལ་སོགས་པའོ།། ་ཉིད་ལག་ནི་སོར་མོའི་ཚོགས་བཅད་པ་ལ་སོགསོ་པའོ།། རིང་ཞིང་ཐོག་སོ་ཞེས་བྱ་བ་ནི་རིང་པོར་འགོར་བའོ།། གམོས་པ་ནི་ལན་ཅིག་སྟེ་ཆུང་ངུའོ།། རབ་ཏུ་གཡོས་པ་ནི་རྒྱུན་གྱིས་འབྲིང་དུ་ཡིན་ལ། ཀུན་ཏུ་རབ་ཏུ། གཡོས་པ་ནི་རྒྱུན་གྱིས ་ཆེན་པོར་རོ།། རྫུ་འཕྲུལ་ཆེ་བ་ནི་རྫུ་འཕྲུལ་ཆེ་བ་སྟེ། རྫུ་འཕྲུལ་གྱིས་བསྒྲུབ་པར་བྱེད་པ་ལ་མཁས་པ་དག་གིའོ།། མཐུ་ཆེ་བ་པ་དག་གི་ནང་ཞེས་བྱ་བ་ནི་ངོ་མཚར་རབ་ཏུ་སྟོན་པར་ནུས་པ་དང་ལྡན་པ་ངག་གི་ནང་ནའོ།། མི་དགའ་བ་ནི ་སྐྱོ་བའོ།། གྲོང་ལས་རྒྱང་གྲགས་ཀྱི་མཐའ་ནི་དགོན་པའོ།། ནགས་འདབ་ནི་དགོན་པའི་ནགས་ཀྱི་ཕྱོགས་གཅིག་གོ།། བས་མཐར་གནས་བཅས་ཏེ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ ་དང་ཡང་དག་པར་ལྡན་པའི་ཏིང་འཛིན་ཏོ།། རབ་ཏུ་ཁྲོས་པ་ནི་ཀུན་ནས་དཀྲིས་པའོ།། བཙུན་མོ་ནི་སྤྱད་པར་བྱ་བའི་བུད་མེད་དོ།། གཞོན་ནུ་ནི་རྒྱལ་ཚབ་ཏུ་དབང་བསྐུར་བའོ།། བློན་པོ་ནི་བློའི་གྲོགསུ་གྱུར་པའོ།། གྲོང་ན་གནས་པས་ན་གྲོང་མིའོ།། ལྗོང ་ན་གནས་པས་ན་ལྗོངས་ཀྱི་མིའོ།། མིག་མཆི་མས་ཡོངསུ་དཀྲུགས་ནས་ཞེས་བྱ་བ་ནི་མག་མཆི་མོས་ཁྱབ་པར་གྱུར་པའོ།། སྙིང་རྗེའི་ཚིག་ནི་སྙིང་རྗེ་བསྐྱེད་པ་དང་རྗེསུ་མཐུན་པའི་ཚིག་ཡིན་ལ། ཡིད་གདུང་བའི་ཚིག་ནི་སྡུག་བསྔལ་སྟོན ་པར་བྱེད་པའི་ཚིག་ཡིན་ཞིང་། མི་གསལ་བའི་ཚིག་ནི་མི་གསལ་བ་ཉིད་ཡིན་ཏེ། ཚིག་གསུམ་པོ་དེ་དག་ནི་བྱ་བའི་ཁྱད་པར་ཡིན་ཏེ། བྱ་བ་མི་གསལ་པོ་ཁྱད་པར་དུ་བྱེད་པའོ།། ལས་རྣམས་བསྐལ་པ་བརྒྱར་ཡང་ནི་ཆུང་མི་ཟ་བ་ཞེས་བྱ་བ ་ནི་བསམས་བཞིན་དུ་བྱས་པ་དང་། བསགས་པར་གྱུར་པའོ།། བསྐལ་པ་བརྒྱར་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར། བསྐལ་པ་བྱེ་བར་ཡང་ལས་བྱས་ཤིང་བསགས་པ་དག་ཆུང་ཟ་བར་མི་འགྱུ་རོ།། ཚོགས་ནི་ལྷན་ཅིག་བྱེད་པའི་རྒྱུ་ཡིན ་ལ་དུས་ནི་འདིར་འབྲས་བུ་དེ་ལོངས་སྤྱད་དུ་རུང་བ་ལ་འདོད་དེ། ཇི་ལྟར་འཁོར་ལོས་སྒྱུར་བ་སྒྲུབ་པར་བྱེད་པའི་ལས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུའི་འོག་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲུབ་པར་བྱེད་པའི་ལས་ཚེ་ལོ་བརྒྱ་པའི་འོག་ཏུ་རྣམ ་པཱུར་སྦྱིན་པ་འབྱིན་པའི་ནུས་པ་མེད་པ་ལྟ་བུའོ།། མཆི་མ་ཕྱིས་ཏེ་ཞེས་བྱ་བ་ནི་བསལ་ཏེའོ།། འཚོ་བ་ནི་འཚོ་བའི་ཐབས་སུ་གྱུར་པའོ།། རྫུ་འཕྲུལ་གྱིས་ན་བ་སོ་སོར་བསལ་ཏེ། ཞེས་བྱ་བྱ་བ་ནི་ཆུང་བ་ཉིད་དུ་བྱས་ནས་སོ།། མཛའ་བའི་བག་ཆགས་ནི ་སྲིད་པའི་བག་ཆགས་ཡིན་ཏེ། ཇི་ལྟར་མེ་ཏོག་གིས་བསྒོས་པའི་ཏིལ་ངག་ལས་མེ་ཏོག་བསལ་དུ་ཟིན་ཀྱང་མེ་ཏོག་དྷཱི་འབྱུང་བ་དེ་བཞིན་དུ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པོ་སྤངསུ་ཟིན་ཀྱང་དགྲ་བཅོམ་པ་ལ་ཉོན་མོངས་པའི་བག་མམ ་ཡོད་པ་ལྟ་བུའོ།། ཤིན་ཏུ་ན་བས་ཞེས་བྱ་བ་ནི་ཕྱིར་གསོ་བར་མི་ནུས་པའི་ནད་དོ།། གནོད་པ་དང་ལྡན་ཡང་ཕྱིར་གནོད་པ་ཡིན་ཡང་སྡུག་བསྔལ་སྐྱེད་པར་བྱེད་པ་ནི་མ་ཡིནོ་ཞེས་བསྟན་ཏོ།། སྡུག་བསྔལ་ནི་སྡུག་བསྔལ་དུ་འབྱིང་བའོ།། དགེ་སྦྱོང་དུ་སྟོན ་ཞེས་བྱ་བ་ལ་དགེ་སྦྱོང་གི་ཕྱོགས་གཅིག་ཉིད་ཡིན་པའི་ཕྱིར་དང་། དགེ་སྦྱོང་ཡོང་སུ་མ་རྫོགས་པ་ཉིད་ཀྱི་ཕྱིར་དགེ་སྦྱོང་དུ་སྟོན་པའོ།། ཡོང་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཉེ་བར་ཞི་བར་གྱུར་པའོ།། དབང་དང་ལྡན་པ་ནི་འདིར་གཉི་གའི་ཆ་ལས་རྣམ ་པར་གྲོལ་བ་ལ་འདོད་པ་དེ་ཉིད་ཀྱི་ཕྱིར་གང་ཕལ་ཆེར་ཞེས་སྨོས་པ་བྱས་པ་ཡིན་ལ། འགའ་ཞིག་ཤེས་རབ་ཀྱིས་རྣམ་པོར་གྲོལ་བ་ཡོད་པ་ཡིན་ནོ།། སོ་སོར་བཞག་ནས་ཞེས་བྱ་བ་ནི་གནས་ཇི་ལྟ་བ་བཞིན་དུ་བཞག་ནས་སོ།། བཙུན་པ་ནི་མཁན་པོའི་མིང ་ནས་སྨོས་པའི་ཉེ་བའི་ཚིག་ཡིན་ཏེ། འདི་ལ་བསླབ་པའི་གཞི་ལོ་རགས་པ་ཉིད་ཀྱི་ཕྱིར་བྱས་པ་ཡི་ནོ།། ཞེས་ཤེས་པར་བྱའི། རྣམ་པ་གཞན་དུ་ཇི་ལྟར་རིགས་ཏེ། སྐུལ་བྱེད་ཀྱིས་བསམས་བཞིན་དུ་བསླབ་པ་ལས་འདས་པ་བྱས་པའི་ཕྱིར།། རིང་བསྲེལ ་ནི་བསྲེགས་པའི་རུས་པའོ།། དུག་སྐྱེས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དུག་སྐྱེས་ཤིང་འབྱུང་བར་གྱུར་པའི་ལུས་གང་ཡིན་པ་དེ་ནི་དྲུག་སྐྱེས་པ་སྟེ། དུག་གི་ཁྱབ་པར་གྱུར་པའི་ཆོས་ལུས་ལས་སྐྱེས་པས་བྱ་བའི་ཐ་ཚིག་གོ།། བདག ་གིས་ཕྱོགས་མ་འཚལ་ཏོ་ཞེས་བྱ་བ་ནི་སེམས་རྣམ་པར་འཁྲུགས་པ་ཉིད་ཀྱི་ཕྱི་རོ།། དེ་བས་ན་བདག་གིས་ཤར་ལ་སོགས་པའི་ཕྱོགས་འདི་ལྟར་འདི་ནི་ཤོར་ཡིན་ལ། འདི་ནི་ནུབ་ཀྱི་ཕྱོགས་ཡི་ནོ་ཞེས་བྱ་བའི་སྣང་བ་མ་འཆོལ་བའོ།། ད་ལྟར་མི་དྲན་ནོ།། ་ཞེས་བྱ་བ་ནི་དྲན་པའི་ཡུལ་ཉིད་གྱུར་པ་མེད་པའོ།། ཅི་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། ཁྱོད་ཤཱ་རིའི་བུ་རབ་ཏུ་བྱུང་བ་ལ་ནན་ཏན་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཚུལ་ཁྲིམས་ལ་སོགས་པ་ལ་མངོན་པར་སྦྱོར་བའི་སྒོ་ནས་མྱ ་ངན་ས་འདས་པ་ལ་ནན་ཏན་བྱེད་པ་དེའི་ཕྱིར་མ་ལགསོ་ཞེས་སྨྲས་པ་ཡཱི་ནོ།། ཚུལ་ཁྲིམས་ཀྱི་ཕུང་པོ་བཟུང་སྟེ། ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཡིན་ཏེ། དེ་ཡང་སོ་སོར་ཐར་པ་དང་། བསྡམ་གཏན་དང་། ་ཟག་པ་མེད་པའི་སྡོམ་པའི་རང་བཞིན་ནོ།། ཏིང་འཛིན་གྱི་ཕུང་པོ་ནི་ཏིང་འཛིན་གྱི་ཚོགས་ཡིན་ཏེ། དེ་ཡང་རྟོག་པ་དང་བཅས་པ་དང་། དཔྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་འཛིན་གྱི་རང་བཞིན་ནོ།། ཤེས་རབ་ཀྱི་ཕུང་པོ་ནི་ཤེས་རབ་ཀྱི་ཚོགས་ཡིན་ཏེ། ་དེ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་སོགས་པ་དམིགས་པའི་བྱེ་བྲག་གིས་རྣམ་པ་དུ་མ་ཡོད་དོ།། རྣམ་པར་གྲོལ་བ་ནི་སེམས་རྣམ་པར་གྲོལ་བ་སྟེ། དེ་ཡང་འདུས་བྱས་དང་འདུས་མ་བྱས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ཏེ། ཉོན ་མོངས་པ་སྤངས་པ་ནི་འདུས་མ་བྱས་ཡིན་ལ། ལྷག་པར་མོས་པ་ནི་འདུས་བྱས་ཡིན་ཞིང་དེ་ཡང་འདས་པ་ལ་སོགས་པའི་དབྱེ་བས་ཚོགས་ཉིད་ཡིནོ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་འདུས་མ་བྱས་ལ ་དམིགས་པའི་ཡེ་ཤེས་དང་མཐོང་བ་ཡིན་ཏེ། དེ་ཡང་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དང་། མི་སློབ་པའི་ཡང་དག་པའི་ལྟ་བ་ལ་རྣམ་པར་གྲོལ་བ་ལས་ཡེ་ཤེས་མཐོང་བ། ཞེས་བྱ་བའི་དབང་དུ་བྱས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཐེ ་བྱའོ།། ངས་ཞེས་བྱ་བ་འདིས་ནི་གཞན་གྱི་མན་ངག་ལ་བལྟོས་པ་མེད་པ་ཉིད་སྟོན་པའོ།། མངོན་པར་མཁྱེན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ ་མཁྱེན་ནས་སོ།། བཤད་པ་ཞེས་བྱ་བ་ནི་བསྟན་པའོ།། དྲན་པ་ཉེ་བར་གཞག་པ་བཞི་ནི། ལུས་དྲན་པ་ཉེ་བར་གཞུག་པ་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་སྟེ། འདིས་། ཡུལ་དག་ལ་དྲན་པ་ཉེ་བར་འཇོག་པ་དང་། རབ་ཏུ་འཇུག་པར ་བྱེ་པའི་དབང་དུ་བྱས་ནས་འདིར་ཤེས་རབ་ལ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ།། ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་རྣམས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་དང་། དགེ་བའི་ཆོས་མ་སྐྱེས་པ ་རྣམས་བསྐྱེད་པའི་ཕྱིར་དང་། སྐྱེས་པ་རྣམས་ཀྱིས་ཕྱིར་དབྱུང་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། འབང་བར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། སེམས་རབ་ཏུ་འཛིན་པར་བྱེད།། ཡང་དག་པར་རབ་ཏུ་འཇོག་པར་བྱེད་པའི་ཕྱིར་བཞིའོ།། རྫུ་འཕྲུལ་གྱི་རྐང་པ ་བཞི་ནི་འདུན་པའི་ཏིང་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིངེ་འཛིན་དང་། སེམས་ཀྱི་ཏིང་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ།། རྫུ ་འཕྲུལ་ནི་ཏིང་འཛིན་ཡིན་ལ། རྐང་པ་ནི་རྟེན་ཡིན་ནོ།། དབང་པོ་ལྔ་ནི། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་ཅེས་བྱ་བ་ཡིན་ཏེ། དབང་བྱེད་པ་ཐོབ་པ་ཉིད་ཀྱི་ཕྱིར་དེ་དག་ལ་དབང་པོ་ཞེས་བྱའི།། སྟོབས་ལྔ་ནི། དེ་དག་ཉིད་མི ་རྫི་བོ་ཉིད་ཀྱི་གནས་སྐབས་གཞན་ཐོབ་པར་གྱུར་པ་ལ་བསྟན་ཏོ།། བྱང་ཆུབ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཡིན་ལ། དེའི་རྗེ་སུ་མཐུན་པ་ཉིད་ཡིན་པའི་ཕྱིར་ཡན་ལག་བདུན་ཡིན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལོག་དང་། ཆོས་རྣམ་པར་འབྱེད ་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ།། ལམ་གང་ཡིན་པ་དེ་ནི་ཡན་ལག་བརྒྱད་པ་ཡིན་ལ། འཕགས་པ་ཡང་དེ་ཉིད་ལ་ཡན་ལག་བརྒྱད་པ་ཡང ་དེ་ཉིད་ཡིན་པས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ཟག་པ་མེད་པའི་ལམ་ཞེས་བྱ་བའི་ཐ་ཚོ་གོ། ཡན་ལག་བརྒྱད་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ ་དང་རྟ་ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་འཛིན་ཏོ།། ཚུལ་ཁྲིམས་དང་ལྡན་པ་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་དང་འབྱོར་པའོ།། མང་དུ་ཐོས་པ་ཞེ ་བྱ་བ་ནི་ཐོས་པ་ལྡན་པར་གྱུར་པའོ།། དངོས་པོ་ཆུང་ངུས་སྲོག་འཛིན་པར་འདོད་པ་གང་ལ་ཡོད་པ་དེ་ནི་འདོད་པ་ཆུང་བའོ།། སྲོག་འཛིན་པའི་བསོད་སྙོམས་ལ་སོགས་པ་རྙེད་པ་ན་ཤིན་ཏུ་བསོད་པ་དང་ལྷག་པ་མི་འདོད་པ་ཉིད་ཀྱི་ཕྱིར་མགུ་བླ་བའོ།། ་རབ་ཏུ་དབེན་པ་ནི་ལུས་དང་སེམས་དབེན་པ་ཉིད་དང་ལྡན་པའི་ཕྱིར་ཏེ། ལུས་ཀྱི་སྒོ་ནས་སྐྱེ་བོ་གཞན་དང་འདྲེ་བ་སྤོང་བ་དང་། སེམས་ཀྱི་སྒོ་ནས་སྡིག་པ་ཅན་གྱི་རྣམ་པར་རྟོག་པ་སྤངས་ནས་ཞེས་བྱ་བ་ནི་དབང་དུ་བྱས་པ་ཡིནོ།། རྟག་ཏུ་ལྷག ་པའི་ཚུལ་ཁྲིམས་ལ་སོགས་པའི་བརྩོན་འགྲུས་བརྩམས་པའོ།། ཉེ་བར་འཇོག་པ་ཏེ། རྟག་ཏུ་དྲན་པ་མངོན་དུ་བྱེད་པ་གང་ལ་ཡོད་པ་དེ་ནི་དྲན་པ་ཉེ་བར་འཇོག་པ་སྟེ། སེམས་དྲན་པ་ཉེ་བར་གཞག་པ་དག་ལ་ཉེ་བར་འཇོག་པར་བྱེད་ཅེས་བྱ་བའི ་ཐ་ཚིག་གོ།། ཤིན་ཏུ་ཐུལ་བ་ཞེས་བྱ་བ་ནི་ཏིངེ་འཛིན་རྩེ་གཅིག་པ་ལ་བྱའོ།། ཤེས་རབ་དང་ལྡན་པ་ཞེས་བྱ་ཤེས་རབ་འཆལ་པར་མི་འགྱུར་བའི་ཡོན་ཏན་དང་འབྱོར་ཅིང་ལྡན་པར་གྱུར་པའོ།། ཤེས་རབ་མྱུར་བ་དང་། མགྱོགས་པ་དང་། རྣོ་བ་དང་། ་ངེས་པར་བྱུང་བ་ཞེས་བྱ་བའི་ཐ་ཚིག་བཞི་པོ་དག་གིས་ཤེས་རབ་ཀྱི་རང་བཞིན་བསྟན་པ་ཡིན་ཏེ། མྱུར་ཞིང་ཆེས་འབྱུང་བར་རབ་ཏུ་ཤེས་པར་བྱེད་པའི་ཕྱིར་ཤེས་རབ་མྱུར་བ་སྟེ། ཤེས་བྱའི་དངོས་པོ་ཐག་ཉེ་བ་ན་ཡོད་པ་འགོར་བ་མེད་པར་ཤེས་པར ་བྱེད་ཅེས་བྱ་བའི་ཐ་ཚིགོ།། ཡུལ་ལས་ཡུལ་གཞན་དུ་མྱུར་བར་འཕོ་བར་བྱེད་པའི་ཕྱིར་ཤེས་རབ་མགྱོགས་པའོ།། དམིགས་པར་བྱ་བ་མ་ལུས་པར་ཡོང་སུ་དག་པར་བྱེད་པའི་ཤེས་རབ་རྣོ་བའོ།། དམིགས་པར་བྱ་བའི་མཐར་ཐུག་པར་འགྲོ་བར་བྱེད་པའི ་ཕྱིར་ཤེས་རབ་ཀྱིས་ངེས་པར་བྱུང་བའོ།། ངེས་པར་འབྱེད་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཚུངས་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བའི་ཚིག་དྲུག ་པོ་དག་གིས་ཡུལ་གྱིས་བྱས་པའི་ཤེས་རབ་ཀྱི་དབྱེ་བ་བསྟན་པ་ཡིན་ཏེ། ངེས་པ་ལ་ངེས་པ་ཉིད་དུ་འབྱེད་པ་ནི་ངེས་པར་འབྱེད་པ་ཡིན་ལ་ངེས་པར་འབྱེད་པའི་ཕྱིར་རབ་ཏུ་བྱུང་བས་ན་ངེས་པར་འབྱེད་པ་ཉིད་དེ་གང་ལ་ཡོད་པ་དེ་ནི་ངེས་པར་འབྱེད ་པའི་ཤེས་རབ་ཅན་ཏེ། ངེས་པའི་ཡུལ་ལ་ཁོང་དུ་ཆུད་པར་ནུས་པའི་ཤེས་རབ་དང་ལྡན་པ་ཞེས་བྱ་བའི་བར་དུའོ།། ཡུལོ་ཆེན་པོ་ཡོངསུ་གཅོད་པར་བྱེད་པའི་ཤེས་རབ་གླིང་ལ་ཡོད་པ་དེ་ནི་ཤེས་རབ་ཆེ་བའོ།། སྦྱོར་བ་ལ་བལྟོས་པ་མེད་པར ་ཡུལ་ཡངས་པ་ཡོངསུ་གཅོད་པར་བྱེད་པའི་ཤེས་རབ་གང་ལ་ཡོད་པ་དེ་ནི་ཤེས་རབ་ཡངས་པའོ།། ཤིན་ཏུ་ཟབ་པའི་དངོས་པོ་ཡོངསུ་ཤེས་པའི་ཕྱིར་ཤེས་རབ་ཟབ་པ་ཡིན་ལ། ཟབ་པ་ནི་གཏིང་དཔག་དཀའ་བའོ།། དེ་བཞིན་གཤེགས་པ་མ ་གཏོགས་པ་གཞན་འགའ་ཞིག་ལ་ཡང་དེ་འདྲ་བའི་ཤེས་རབ་མེད་པའི་ཕྱིར་ཤེས་རབ་མཚུངས་པ་མེད་པའོ།། དེ་སྐད་དུ་ཡང་། དེ་བཞིན་གཤེགས་པ་མ་གཏོགས་པ།། འཇིག་རྟེན་ཀུན་གྱི་ཤེས་རབ་གང་།། ཤཱ་རིའི་བུ་ཡི་ཤེས་རབ་ཀྱི ་བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཞེས་འབྱུང་བ་ཡིན་ནོ།། མྱུར་བར་རྟོགས་པ་ལས་བརྩམས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་ཤེས་རབ་དེ་ཉིད་རིན་པོ་ཆེ་ཡིན་པ་དང་ལྡན་ཞིང་འབྱོར་པ་ཡིན་ཏེ། རྙེད་པར་བཀའ་བ་དང་། ནུས་པ་ངོ་མཚར ་བས་ན་རིན་པོ་ཆེའོ་ཞེས་བྱ་བའི་དབང་དུ་བྱས་ནས་སོ།། མི་ཤེས་པ་དག་གོ་བར་བྱེད་པའི་ཕྱིར་ཡང་དག་པར་སྟོན་པ་ཡིན་ཏེ། བྱ་བ་ཡང་དག་པར་སྟོན་པར་བྱེད་པའི་ཕྱིརརོ།། ཡོངསུ་ཤེས་པ་དང་ལྡན་པའི་སེམས་ལེ་ལོས་གནོད་པར་གྱུར་པ ་ཡང་དག་པར་འགོད་པ་སྔོ། དགེ་བའི་བྱ་བ་ལ་འགོད་པར་བྱེད་པའི་ཕྱིརརོ།། མོས་པ་དམན་པ་དག་དངོས་པོ་ཁྱད་པར་དུ་འཕགས་པ་ལ་མངོན་པར་སྦྱོར་བའི་སྤྲོ་བ་སྐྱེད་པར་བྱེད་པའི་ཕྱིར་ཡང་དག་པར་གཟེངས་བསྟོད་པའོ།། མོས་པ་རྒྱ་ཆེ་བ ་དག་དང་། འབྲས་བུ་ཆེན་པོ་བྱེད་པ་ལ་སྤྲོ་བ་སྐྱེས་པ་དག་ལ་འབྲས་བུ་དེའི་ཡོན་ཏན་བརྗོད་པའི་སྒོ་ནས་རབ་ཏུ་དགའ་བ་སྐྱེད་པའི་ཕྱིར་ཡང་དག་པར་རབ་ཏུ་དགའ་བར་བྱེད་པའོ།། གཞན་གྱིས་བྱས་པ་དེ་དག་ལ་ཡང་རྟག་ཏུ་ཡོན་ཏན་བརྗོད ་པར་བྱེད་པའི་ཕྱིར་བསྔགས་པ་སྨྲ་བའོ།། འཁོར་རྣམ་བཞི་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དུག་གོ།། མི་ནུས་པ་མེད་དོ།། ཞེས་བྱ་བོ་ལ་མི་ནུས་པ་ནི་དུབ་པ་ཡིན་ལ། ཆོས་བཤད་པའི་ཕྱིར་ངག་གི་རབ ་ཏུ་འཇུག་པ་དུབ་པ་མེད་པས་ན་མ་ནུས་པ་མེད་པའོ།། ཆོས་དང་ཆོས་ཀྱི་ལོངས་སྤྱོད་དག་ཅེས་བྱ་བ་ལ། ཆོས་ནི་ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་ལ་སོགས་པའི་ཡོན་ཏན་ཡིན་ལ། ཆོས་ཀྱི་ལོངས་སྤྱོད་ནི་ཆོས་ཀྱིས་ཡང་དག་པར ་རྣམ་པར་འགོད་པའོ།། མྱ་ངན་དང་ཞེས་བྱ་བ་ལ་སོགས་པ་ལ། མྱ་ངན་ནི་ལྡོག་པ་དང་བྲལ་བ་ལས་སྐྱེས་པའི་ནང་གི་གདུང་བའོ།། སྡུག་བསྔལ་བ་ནི་དེ་ཉིད་ཀྱི་རྒྱུ་ཅན་གྱི་ལུས་ཀྱི་གདུང་བའོ།། སྨྲེ་སྔགས་འདོན་པ་ནི་རྒྱུ་ཅན་ཁོ་ནས་ཚིག་ཏུ ་སྨྲ་བའོ།། འདིར་དེ་དག་གང་ལས་ཐོབ་པ་ཡིན་ཞེས་བྱ་བ་ནི་རྒྱུའི་ཁྱད་པར་གང་ལས་འདི་ཐོབ་པར་གྱུར་པའོ།། འདི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། རྒྱུ་བ་དག་གི་སྐྱེ་བ་ལ་སྐྱེས་པ་ཞེས་བྱ་ལ། རི་ལ་སོགས་པ་གནས་པའི ་དངོས་པོ་སྐྱེས་པར་གྱུར་པ་ལ་འབྱུང་བའི་སྒྲས་བསྟན་པ་ཡི་ནོ།། གཙུག་ལག་ཁང་དང་། ཁང་ཁྱིམ་དང་། རྭ་བ་ལ་སོགས་པའི་དངོས་པོ་སྐྱེས་བུའི་འབད་རྩོལ་ལས་གྲུབ་པ་ལ་བྱས་པའི་སྒྲས་གསུངས་ལ། རང་གི་རྒྱུ་དང་རྐྱེན་ལས་གྲུབ ་པ་བཻ་ཌཱུར་རློང་ཤེལ་ལ་སོགས་པའི་རིན་པོ་ཆེ་མཛེས་པར་བསྒྲུབས་པའི་ཕྱིར་བྱི་དོར་བྱས་པ་ལ་འདུས་བྱས་ཀྱི་སྒྲས་གསུངས་པ་ཡིན།། མངོན་སུམ་དུ་སེམས་ཀྱིས་སྒྲུབ་པ་གང་ཡིན་པ་དེ་ལ་སེམས་པ་ཞེས་བྱ་སྟེ། ཇི་ལྟར་ལུས ་དང་ངག་གི་ལས་ལྟ་བུའོ།། རྐྱེན་དེ་དང་དེའི་ཚོགས་པ་རྙེད་ནས། འདུ་བའི་རྒྱུ་ལས་དངོས་པོ་སྐྱེས་པ་གང་ཡིན་པ་དོནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དངོས་པོ་དེ་ཉིད་ལ་སོགས་པའི་བྱེ་བྲག་དང་ལྡན་པར་གྱུར་པ་རྟེན་ཅིང་འབྲེལ་བ་འབྱུང ་བ་ཡིནོ།། འཇིག་པ་ནི་ཉམས་པ་ཡིན་ལ། དེའི་ཆོས་གདོན་མི་ཟ་བར་འགྱུར་བ་གླིང་ལ་ཡོད་པ་དེ་ནི་འཇིག་པའི་ཆོས་ཅན།། ཀྱེ་མའོ་དེ་ལ་མི་འཇིག་པའི་ཞེས་བྱ་བ་ལ། ཀྱེ་མའི་སྒྲ་ནི་སྨོན་པ་ཡིན་ཏེ། འཇིག་པར་མ་གྱུར་ཅིག་ཅེས་སྨོན་པའོ།། ་འདི་ལ་གནས་མེད་དོ་ཞེས་བྱ་བ་ནི་འདི་ལ་སྲིད་པ་ཡོད་པ་ཡོད་པ་མ་ཡིན་པའོ།། སྔོན་ཆད་ཀྱང་ཞེས་བྱ་བ་ནི་སྔར་རམ། ཡང་ན་འབད་པ་སྟེ། རབ་ཏུ་འབད་པོས་གནས་པ་ལ་གུས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། བཤད་པ་ནི་གསུངས་པའོ།། ། ་ཐམས་ཅད་ལ་སྡུག་པ་ཞེས་བྱ་བ་ལ་སོགས་པ་ལ། སྡུག་པའི་སྒྲ་ནི་མ་འོངས་པའི་གཟུགས་ལ་སོགས་པའི་ཡུལ་འདོད་པ་ལ་བྱའོ།། མཛའ་བའི་སྒྲ་ནི་ད་ལྟར་གྱི་ཡུལ་ལ་དགའ་བའོ།། དགའ་བའི་སྒྲ་ནི་འདས་པའི་ཡུལ་ལ་དགའ་བ་ཉིད་ལ་བྱའོ།། ་ཡིད་དུ་འོང་བའི་སྒྲ་ནི་དུས་ཐམས་ཅད་དུ་ཡིད་དང་རྗེ་སུ་མཐུན་པར་གྱུར་པ་ལ་བྱའོ།། དེ་དག་གིས་སྣ་ཚོག་སུ་བྱུང་བར་གྱུར་ཏོ།། ཞེས་བྱ་བ་ནི་ཚོགས་པ་སྔོན་དུ་སོང་བ་ཉིད་ཀྱི་བྲལ་བ་ནི་སྣ་ཚོགསུ་བྱུང་བའོ།། མེད་པར་འགྱུར་བ་ཞེས་བྱ་བ་ནི་དེ་དག་མེད་པར ་བྱུང་བ་སྟེ། ཐམས་ཅད་ཀྱི་ཐམས་ཅད་དུ་འཇིག་པར་མི་འགྱུར་རོ།། ཞེས་བྱ་བའི་ཐ་ཚོགོ། ཤིན་ཏུ་བྲལ་བ་ཞེས་བྱ་བ་ནི་ཤིན་ཏུ་བྱེ་བར་གྱུར་པོ་གང་ཡིན་པ་དེ་ལ་བྱའོ།། དུས་དེ་སྲིད་ཙམ་དུ་བྱེད་པར་གྱུར་པ་རབ་ཏུ་བྲལ་བ་ཞེས་བྱ་བ་འམ། ཡང་ན་འདོད་པའི་ཡུལ ་ཉིད་ཡིན་པའི་ཕྱིར་འདོད་པ་ཡིན་ལ། འདོད་པར་བྱ་བའི་གཟུགས་ཉིད་ཡོད་པའི་ཕྱིར་མཛའ་བ་ཡིན་ཞིང་། ལྡོག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དགའ་བའོ།། ཡིད་ཀྱིས་སྐད་ཅིག་ཙམ་ཡང་མི་གཏོང་བའི་ཕྱིར་ཡིད་དུ་འོང་བའོ།། དེ་དང་ལྷན་ཅིག་ཡུལ་གཞན་དུ་སོང ་བ་ལས་བྲལ་བ་ནི་སྣ་ཚོག་སུ་འབྱུང་བ་ཡིན་ལ། གཞན་དང་བྲལ་བ་ནི་མེད་པར་འབྱུང་བའོ།། ཤིན་ཏུ་བསྐལ་པའི་རྒྱུད་ཁམས་གཞན་དུ་སྐྱེས་པ་ལས་བྲལ་བ་ནི་ཤིན་ཏུ་བྲལ་བ་ཡིན་ལ། ཡོང་སུ་མྱ་ངན་ལས་འདས་པ་ལས་བྲལ་བ་ནི་རབ་ཏུ་བྲལ་བའོ།། ཡང་ན ་ལྐོག་ཏུ་ཡང་འདོད་པ་ཉིད་ཀྱི་ཕྱིར་སྡུག་པ་ཡིན་ལ། དབང་པོ་ཐམས་ཅད་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་མཛའ་བ་ཡིན་ཞིང་། སྐད་ཅིག་མ་ཙམ་ཡང་ཐ་དད་པར་གནས་པས་སྐྱོ་བར་བྱེད་པའི་ཕྱིར་དགའ་བའོ།། ཡིད་ཀྱི་ཀུན་ནས་མཁྱུད་ཅིང་གནས་པའི་ཕྱིར ་ཡིད་དུ་འོང་བ་སྟེ། དེ་དག་དང་ལྷན་ཅིག་མཐོང་བའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་ཙམ་གྱིས་བྲལ་བ་ནི་སྣ་ཚོག་སུ་འབྱུང་བ་ཡིན་ལ། ལྡོག་པར་ནུས་པའི་ཡུལ་གཞན་དུ་སོང་ནས་བྲལ་བ་ནི་མེད་པར་བྱུང་བའོ།། ཡུལ་གཞན ་དུ་སོང་བའི་སྒོ་ནས་ལྡོག་པར་མི་ནུས་པའི་འབྲལ་བ་ནི་ཤིན་ཏུ་བྲལ་བ་ཡིན་ལ། འཆི་བ་ལས་བྲལ་བ་ནི་རབ་ཏུ་བྲལ་བའོ།། ཤིང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ཆེན་པོ་ནི་ཤིན་ཏུ་ཚང་ཆེན་པོར་གྱུར་པ་ཡིན་ལ། དེའི་རྩ་བ་ཤིན་ཏུ་བརྟན་པ་ཉིད ་ཀྱི་ཕྱིར་རྩ་བ་དང་ལྡན་པའོ།། ཡལ་ག་སྐྱེ་བའི་ཕྱོགས་ལས་འོག་ཏུ་གྱུར་པ་དང་། རྩ་བའི་ཆ་ལས་སྟེང་དུ་གྱུར་པ་ནི་སྡོང་པོའི་སྒྲས་བསྟན་པ་ཡིན་ཏེ། དེ་དང་ལྡན་པ་ཉིད་ཀྱི་ཕྱིར་སྡོང་པོ་དང་ལྡན་པའོ།། ཤིན་ཏུ་བཅད་པར་བཀའ་བ་ཉིད་ཀྱི་ཕྱིར་སྙིང་པོ ་དང་ལྡན་པའོ།། གསེརེ་ལ་སོགས་པའི་རྀ་ནི་རིན་པོ་ཆེའི་རི་ཡིན་ལ་རྩེ་མོ་ནི་ཕུང་པོར་གྱུར་པའོ།། ཤིན་ཏུ་མཐོ་བའི་འདབ་མ་ལྷགས་པའི་ཕྱིར་དང་། རིའི་རྩེ་མོ་སྙིང་པའི་ཕྱིར་ཤིང་དང་། རི་དེ་བཞིན་དུ་ཡུན་རིང་པོ་གནས་པར་མི་འགྱུ་རོ།། དེ་བཞིན་དུ་ཤིན ་ཏུ་མཐོ་བའི་འདབ་མའི་དཔེ་དང་། རི་ཆེན་པོའི་རྩེ་མོའི་དཔེས་ཤཱ་རིའི་བུ་ཡོངསུ་མྱ་ངན་ལས་འདས་པ་ཡིན་ལ། དཔག་བསམ་གྱི་ཤིང་ཡི་དཔེ་དང་རིན་པོ་ཆེའི་རིའི་དཔེས་ནི་བཅོམ་ལྡན་འདས་ཀྱང་རིང་པོ་མི་ཐོགས་པར་ཡོངསུ་མྱ་ངན་ལས་འདས ་པར་འགྱུརོ།། ཞེས་བསྟན་པར་བྱ་བའི་ཕྱིར་ཤིང་ལ་སོགས་པ་དཔེར་མཛད་པ་ཡིནོ།། ཕྱོགས་གང་དུ་ཞེས་བྱ་བ་ནི་ཤར་ལ་སོགས་པར་རོ།། ཐུགས་ལས་ཆུང་ངུར་ཞེས་བྱ་བ་ནི་ཕྲིན་ལས་ཆུང་བར་ཏེ། གང་གི་ཕྱིར་སེམས་ཅན་ལ་ཕན་གདགས ་པའི་མཛད་པ་ནི། བཅོམ་ལྡན་འདས་ཀྱི་ཕྲིན་ལས་ཡིན་ལ། སེམས་ཅན་ལ་ཕན་གདགས་པ་ཡང་དགེ་སློང་ཤཱ་རིའི་བུས་བསྒྲུབས་པ་དེའི་ཕྱིར་བཅོམ་ལྡན་འདས་ཐུགས་ལས་ཆུང་བ་ཡིནོ།། ངས་སྟོང་པར་མ་གྱུར་པར་མཐོང་བ་ནི་གལ་ཏེ་དགེ་སློང ་ཤཱ་རིའི་བུས་སྟོང་པར་མ་གྱུར་མའི་ཕྱོགས་དེ་ངས་ཀྱང་སེམས་ཅན་ལ་ཕན་གདགས་པར་མཛད་པའི་ཕྱིར་སྟོང་པར་མ་གྱུར་པ་ཡིནོ།། བདག་ཉིད་ལ་གླིང་དང་ཞེས་བྱ་བ་ལ་སོགས་པ་ལ་གླིང་ནི་སྡུག་བསྔལ་གྱི་རྒྱུ་ལས་ཡོངསུ་བསྲུང་བའི་ནུས་པ ་དང་ལྡན་པའོ།། སྐྱབས་ནི་སྡུག་བསྔལ་ལས་ཡོངསུ་སྐྱོབ་པ་ཉིད་དེ། བདག་ཉིད་གླིང་དང་སྐྱ་བས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཆོས་ནི་བསྟན་པའི་ཆོས་དང་། དོན་དམ་པའི་ཆོས་ཡིན་ཏེ། ཆོས་ཀྱི་གླིང་དང་སྐྱབས་གང་ཡིན་པ་དེ་ལ་དེ་སྐད་ཅེས ་བྱའོ།། བདག་ཉིད་དོང་ཆོས་མི་གཏོགས་པ་སྡུག་བསྔལོ་ལས་སྐྱོབ་པར་བྱེད་པ་མེད་པའི་ཕྱིར་གླིང་གཞན་དང་སྐབས་གཞན་ཞེས་གསུངས་ཏེ། དོན་འདི་ནི་གཞན་ལ་རག་ལས་པས་གནས་པར་མི་བྱའི།། འོན་ཀྱང་བདག་ཉིད་ཀྱི་རྩོལ་བས་ཆོས་ལ ་མངོན་པར་སྦྱོར་བར་བྱ་བ་ཉིད་ཡིནོ།། དེ་སྐད་དུ་ཡང་དགོན་པ་པ་དེ་དག་ལ་ཞེས་བྱ་བ་ནས་དགེ་སློང་དག་བག་མེད་པར་མ་གྱུར་པས་བསམ་གཏན་གྱིས་ཤིག། ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཁོ་བོ་འདོ་མོས་པར་བྱེད་དོ།། ཞེས་བྱ་བའི་བར་དུ་འབྱུང་བ ་ཡིནོ།། འོན་ཏེ་ཞེས་བྱ་བ་ནི་ང་བཞུགས་པའོ།། ང་ཡོངསུ་མུ་ཏན་འདས་པའི་ཞེས་བྱ་ནི་འགོག་པར་གྱུར་པའོ།། བསླབ་པ་འདོད་པ་ཞེས་བྱ་བ་ནི་འདིར་བསླབ་པ་དག་ལ་གུས་པར་བྱེད་པའོ།། ནང་གི་ཞེས་བྱ་བ་ནི་བདག་གི་དབང་དུ་བྱས་ནས་ནང་ཡིན་ཏེ། རང ་གི་ལུས་ཞེས་བྱ་བའི་བར་དུ་ལུས་ཀྱི་རྗེ་སུ་ལྟ་བ་ཞེས་བྱ་བ་ནི་མི་གཙང་བའི་ཆོ་གས་རྗེས་སུ་བལྟ་བ་ཡིན་ཏེ། དེ་སྐད་དུ་ཡང་། ལུས་འདི་ལ་སྐྲ་དང་བ་སྤུ་དང་སེན་མོ་ནས་ཀླང་རྒྱས་འཛག་པ་ཡོད་དོ།། ཞེས་བྱ་བའི་བར་བར ་ཏུ་སོ་སོར་རྟོག་པ་འམ། སྤྱི་དང་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡོངསུ་བརྟག་པར་བྱའོ་ཞེས་འབྱུང་བ་ཡིནོ།། བརྩོན་པ་དང་ལྡན་པ་ཞེས་བྱ་བ་ནི་གདུང་བར་བྱེད་པས་ན་གདུང་བ་སྟེ། བརྩོན་འགྲུས་ཡིན་ཏེ། བརྩོན་པ་དང་ལྡན་པ་ཞེས་བྱ་བའི་ཐ ་ཚི་གོ་ཤེས་བཞིན་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པའོ།། དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་དྲན་པ་དང་འབྱོར་པར་གྱུར་པའོ།། ཟིལ་གྱིས་གནོན་པ་ནི་རེངས་པར་བྱས་པ་སྟེ། དུས་ཕྱིས་ཀུན་ཏུ་སྤྱོད་པའི་ཕྱིརརོ།། བརྣབ་སེམས་ནི ་རང་དང་གཞན་གྱིས་ཡུལ་ལ་ཆགས་པའི་མཚན་ཉིད་ཡིད་མི་བདེ་བ་ནི་ནོར་མ་རྙེད་པ་སྔོན་དུ་སོང་བ་ཅན་གྱི་ཡོངསུ་གདུང་བ་སྟེ། བརྣབ་སེམས་དང་ཡིད་མི་བདེ་བ་དག་ནི་བརྣབ་སེམས་དང་ཡིད་མི་བདེ་བ་སྟེ། དེ་དག་ཟིལ་གྱིས་མནོན་པའོ།། ་ཡུལ་གང་ལ་ཞེ་ན། འཇིག་རྟེན་ཞེས་སྨོས་ཏེ། འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་ཅན་ནོ།། ཕྱིའི་ལུས་ལ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ཀྱིས་བསྡུས་པ་ལའོ།། ཕྱི་དང་ནང་གི་ལུས་ལྔ་ཞེས་བྱ་བ་ནི་རང་དང་གཞན་གྱི་རྒྱུད་དང ་ཚིག་ཅར་འབྲེལ་པར་གྱུར་པ་ལའོ།། དེ་བཞིན་དུ་ཚོར་བ་ལ་སོགས་པ་དག་ལ་རང་དང་སྤྱིའི་མཚན་ཉིད་ཀྱིས་ཡོངསུ་བརྟག་པར་བྱའོ།། ཆོས་ཀྱི་རྗེས་སུ་ལྕི་བ་ཞེས་བྱི་བ་ནི་འདི་ནི་ཆོས་ཙམ་ཁོ་ན་ཡིན་གྱི་འདི་ལོ་བདག་ལ་སོགས་པ་ཡོད་པ་མ ་ཡིན་ནོ་སྙམ་དུའོ།། མངོན་པར་བསྟོད་པ་ནི་སེམས་ཀྱིའོ།། རྗེས་སུ་ཡི་རང་བ་ནི་ཡིད་ཀྱིས་སོ།། རབ་ཏུ་ཆགས་པ་ནི་ལྷག་པར་ཆགས་པར་གྱུར་པའོ།། མངོན་པར་འདོད་པར་བྱ་བ་མ་ཡིན་པའི་ཕྱིར་མི་སྡུག་པའོ།། སྨད་པར་བྱ་བ་ཡིན་པའི་ཕྱིར ་ངན་པ་བརྗོད་པའོ།། བརྩེ་བ་མེད་པའི་ཚིག་གིས་བསྡིགས་པའི་ཕྱིར་སྤྱོད་པའོ།། སྨད་པའི་ངག་གིས་སྤྱོད་པའི་ཕྱིར་སྤྱོད་པ་ངན་པའོ།། ཡལ་བའི་དོར་བ་ནི་གུས་པ་མེད་པར་བྱེད་པའོ།། སྐར་མ་བསྟུ་ནོ་ཏེ་ཁྲུས་བྱིས་པ་ནི་སྐར་མ་བཟོང་པོ་ལའོ།། སྒྲ་བྱིས ་པ་ནི་གཡོ་བྱས་པའོ།། སྲིད་པ་ཐ་མ་ཞེས་བྱ་བ་ལ་སོགས་པ་ལ། སྲིད་པ་ནི་སྔོན་གྱི་དུས་ཀྱི་སྲིད་པ་ལ་བཞེད་ལོ།། ཕུང་པོ་ལྔ་འདུས་པའི་ལུས་ལ་ལུས་ཞེས་བྱ་སྟེ། ནང་ལོ་སོགས་པ་རྣམ་པར་འཚེ་བའི་བྱེ་བྲག་དུ་མའི་གནས་སུ་གྱུར་པ་ཉིད་ཀྱི་ཕྱིར ་གནས་དང་ལུས་ཞེས་བྱའོ།། ལུས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་པ་གཟུགས་ཀྱི་ཕུང་པོ་ལྗིན་ཏེ། འདི་བཟའ་བ་ལ་རྟེན་ཅིང་འབྲེལ་པ་ཡིན་ནོ།། ཞེས་གསུངས་པའི་ཕྱིར་རོ།། བདག་གི་དངོས་པོ་རྙེད་པ་ཞེས་བྱ་བ་ནི་རང་དང་གཞན ་གྱི་བསམ་པ་ཉེ་བར་གནོན་པ་དང་ལྡན་པའི་བདག་ཉིད་ཀྱི་དངོས་པོ་འཛིན་པའོ།། གྲང་བ་ན་ལྷག་པའི་དུས་ཡིན་ལ། དྲོ་བ་ནི་དྲོ་བའི་དུས་ལ་གླང་གི་ཚེ་ན་རླུང་ལྡང་བ་སྟེ། རླུང་རྒྱུ་བ་དང་རླུང་གིས་བསྐྱོད་ན་ཞེས་བྱ་བ་ནི་རླུང་གྲོས་གྲངས་པར་གྱུར་པ ་མའོ།། རླུང་སྐམ་པོ་ཞེས་བྱ་བ་ལ་རླུང་གིས་ཆུ་སྐམས་པར་གྱུར་པ་ནི་ཆུ་རླུང་སྐམས་པའོ།། ཇི་ལྟར་བརྩེ་བ་ན་ཞེ་བྱ་བ་ནི་བྱ་བ་ཁྱད་པར་བྱེད་པ་ཡིན་པས་ན་ག་ནས་པའི་བྱ་བ་ཁྱོད་པར་དུ་བྱིང་པ་ཡིན་ཏེ། ཇི་སྲིད་འདོངད་པ་དེ་སྲིད་དུ་གནས་ཞེས་བྱ ་པའི་ཐ་ཚི་གོ། ཤལ་མ་ལི་ཞེས་བསམ་མི་བྱ་ཞེས་བྱ་བ་ལ་ཤལ་མ་ཡཱ་མ་སྟེ། མེ་ཏོག་འདི་ཤིང་ཤལ་མ་ལི་ལ་སྦྱིས་པ་ཡི་ནོ་ཞེས་བསམ་པར་མི་བྱའོ།། འོན་ཀྱང་སྐམསར་པདྨ་ལྡན་པར་རླུང་འདི་ཤེས་པར་བྱའོ།། ཅིའི་ཕྱིར ་ཞེན། སྟོབས་ལྡན་གྱིས་ནི་ངེས་བཟུང་བས་ཞེས་བྱ་བ་སྟེ། སྟོབས་དང་ལྡན་པས་ཟིལ་གྱིས་མནན་ཅིང་ཁྱབ་པར་གྱུར་པས་སོ།། དེའི་ཕྱིར་ནི་ངེས་འབྱུང་རྩོལ་བ་སྟེ་འབྱུང་བར་འདོད་པའོ།། དགིའི་བའི་རྒྱུ་ཉིད་ཡིན་པའི་ཕྱིར་མཛའ་བྲོ ་ཡིན་ལ། ཡིད་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ཡོད་དུ་འོང་བའོ།། བརྙན་བཀུར་གྱི་གནས་ཉིད་ཡིན་པའི་ཕྱིར་བླ་མ་ཡིན་ལ། རྟག་ཏུ་ཡོན་ཏན་དྲན་པའི་བྱ་བ་ཉིད་ཡིན་པའི་ཕྱིར་མཆོད་པར་འོས་པའོ།། བྲམ་ཟེ་དང་ཁྱིམ་བདག ་དད་པ་དག་དོན་འདིས་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་དད་པ་དག་རིང་བསྐུལ་མཆོད་པ་ལ་སོགས་པའི་དོན་འདི་དང་ལྡན་པས་མཛེས་པར་འགྱུར་བ་ཡིན་ཏེ། གང་གི་ཕྱིར་དེ་དག་ལ་དགེ་སློང་གི་སྡོམ་པ་དང་། བསམ་གཏན་དང་། ་ཟློས་པ་ལ་སོགས་པའི་བསྟོད་ནམས་ལ་རབ་ཏུ་འཇུག་པ་ནི་ཡོད་པ་མ་ཡིན་གྱི། རེག་ཏུ་བྱུང་བ་དྲུག་ནི་བསོད་ནམས་ཀྱི་རྣམ་པ་དུ་མ་ལ་རབ་ཏུ་འཇུག་པའི་ཕྱིར་འདི་ལ་འཛིན་པར་མི་བྱའོ།། བྱས་པ་ནི་འབྲས་བུ་ཆེན་པོ་བྱེད་པའོ།། རབ ་ཏུ་བྱས་པ་ནི་ཕན་འདོགས་པ་ཡིན་ལ། ཤིན་ཏུ་བྱས་པ་ནི་ལན་དུ་ཕན་འདོགས་པའོ།། ངགེ་ཚུལ་གྱི་ཕྱིར་ཉེ་བར་བཞག་པ་ནི་རབ་ཏུ་བྱུང་བ་གཞན་ལ་ཀློག་པོ་དང་། འདོན་པ་ལ་སོགས་པས་ཕན་པ་ལ་ཉེ་བར་བགོད་པའོ།། ཇི་ལྟར ་འདོན་པ་ཞེས་བྱ་བ་ནི་ཁྱོད་དྷཱི་ཝཱར་གཞུང་འདོན་པ་དེ་གཞན་ལ་གཞུང་གི་སྒོ་ནས་ཀློག་ཏུ་བཞུག་གོ།། འཛིན་དུ་འཇུག་པ་ནི་དོན་གྱི་སྒོ་ནས་སོ།། སློབ་ཏུ་གཞུག་པ་ནི་བྱ་བ་མ་ཡིན་པ་ལས་ཟློག་པ་དང་། བྱ་བ་ལ་ཡང་དག་པར ་སྦྱོར་བའོ།། བླ་མའི་གནས་ནི་ཁྱིམ་ན་གནས་པའི་ཕུ་བོ་ཡིན་ལ། རབ་ཏུ་བྱུང་བ་དག་གི་ཡང་བསླབ་པས་རྒན་པ་དང་མཁན་པོ་གཅིག་ལ་ཕན་འདོགས་པར་བྱེད་པོའོ།། མ་བཅགས་པ་ཞེས་བྱ་བ་ནི་སུན་ཕྱུང་བ་དང་། མ ་བསལ་བའོ།། ཁང་བཟངས་ཞེས་བྱ་བ་ནི་ཁྱིམ་བཟང་པོ་སྟེ། དེ་རབ་ཏུ་མཐོ་བའི་གནས་དེར་རོ།། དྲི་ནི་གོས་ལ་བགོས་པའོ།། ཕྲེང་བ་ནི་མེ་ཏོག་གི་ཕྲེང་བའོ།། མཆོད་པ་དང་བརྙན་བཀུར་བླངས་ཞེས་བྱ་བ་ནི་མཆོད་པའི་རྒྱུ་ཅན་དྲི ་ལ་སོགས་པ་དེ་བླངས་ཤིང་བཟུང་ནས་དུལ་བར་གནས་ཤདི་དེས་འདི་ལ་བསྙེན་བཀུར་བྱའོ།། ཞེས་སེམས་ཀྱིས་བསམས་ནས་བསྙེན་བཀུར་བྱ་བ་བསྟན་ཏོ།། གོ་རིམ་བཞིན་དུ་སྲོག་ཤིང་ལ་འཕང་ལོ་ཞེས་བྱ་བ་ལ་སོགས ་པ་ལ་དང་པོ་ནི་ཆུང་ཆེན་པོར་བྱ་ཞིང་གཉིས་པ་ནི་དེ་ལས་ཅུང་ཞིག་གིས་ཆུང་བ་ཡི་ནི་ལྱ་གསུམྦོ་པཱ་དང་བཞི་པ་ཡང་དེ་བཞིན་ཏེ་རིམ་པ་ལྟར་འཕྱང་ལ་ཟླུམ་པོར་བྱའོ།། ཆར་ལས་སྐྱོབ་པའི་ཐབས་ཉིད་ཡིན་པའི་ཕྱིར་གདུགས་ཡིན་ཏེ། ་ཐམས་ཅད་ཀྱི་སྟེང་དུ་བཞག་པར་བྱ་བ་རྫས་ཀྱི་བྱེ་བྲག་གི་རྣམ་པ་ཀུན་ནས་ཟླུམ་པའོ།། སོ་སོའི་སྐྱེ་བོ་དག་ཉེས་པ་མེད་པ་ཉིད་ཀྱིས་དགེ་བ་དེ་ཉིད་ཀྱིས་དགེ་བ་ཙན་ཏེ། ཉེས་བྱས་ཅན་གྱི་ཁ་ན་མ་ཐོ་བ་ཡང་མི་བྱེད་པ་གང་ཡིན་པ་དེ་ལ ་སོ་སོའི་སྐྱེ་བོ་དགེ་བ་ཅན་ཞེས་བྱའོ།། བྱི་བོ་ཞེས་བྱ་བ་ནི་རྒྱན་དང་བྲལ་བའོ།། ཇི་ལྟར་བཞུགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡིན་ལ་དེ་དག་གི་ཡང་ཇི་ལྟར་དེ་གཉིས་གྲལ་རིམས་ཀྱིས་འདུག་པར་གྱུར ་པ་དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པའི་རྟེན་ཡང་བྱའོ།། བཅོམ་ལྡན་འདས་ཀྱི་གཡས་ཕྱོགསུ་ཤཱ་རིའི་བུ་འདུག་པར་གྱུར་ལ། གཡོན་ཕྱོགསུ་ནཱི་མཽ་གལ་གྱི་བུ་ཞེས་བརྗོད་པར་བྱེད་པའོ།། ཤིན་ཏུ་ཡིད་ཆེས་པར་གྱིས་ཤིག་ཅེས ་བྱ་བ་ནི་ཡིད་བརྟན་པས་སོ།། གྲུ་བོ་ཆེ་ལེགས་ཏེ་ཞེས་བྱ་བ་ནི་རྙེད་པ་དང་ལྡན་པར་གྱུར་པའོ།། འགྲོ་བར་བྱེད་པའི་དོན་གྱིས་ན་ཐེག་པ་ཡིན་ལ། རྫས་འཛིན་པར་བྱེད་པའི་ཕྱིར་སྣོད་ཡིན་པ་དེ་བས་ན་གྲུ་ཞེས་བྱའོ།། སྦྱིན་པ་ནི་རྗེསུ་གཟུང་བཱི ་དོན་ལ། བསོད་ནམས་ནི་མཆོད་པའི་དོན་ཡིན་པ་འམ། སྦྱིན་པ་ནི་སྦྱིན་པའི་རང་བཞིན་ཡིན་ལ། བསོད་ནམས་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ཡི་ནོ།། བརྡུང་བར་བྱ་བ་ནི་བརྡུང་དུ་རུང་བའོ།། ཤིང་འཛམ་བུའི་གྲིབ་མ་ནཱི་ཤོང་འཛམ་བུའི་གྲིབ ་མ་ལ་བྱང་ཆུབ་སེམས་དཔའ་ཟག་པ་མེད་པ་དང་འདྲ་བའི་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ནས་ཞུགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའི་ལུས་ཅི་འདྲ་བ་དེའི་རྣམ་པ་དང་རྗེ་སུ་མཐུན་པར་བྱས་པའི་སྐུ་གཟུགས་སོ།། སྨད ་པར་བལྟ་བས་ན་ཞེས་བྱ་བར་བལྟ་བ་སྟེ། རྣམ་པ་གཞན་དུ་གནས་པའི་དངོས་པོ་དེ་ལ་རྣམ་པ་གཞན་དུ་ཡོངསུ་བཅད་པའི་ཕྱིར་རོ།། ཉེས་པར་ཟོས་པ་དང་། ཉེས་པར་དོགས་པ་ཡང་དེ་དང་འདྲའོ།། མགོ་འོག་ཏུ་བལྟས་པ་ནི་བག་ཚ་བའོ།། ། ་སྐེམས་པ་ནི་ཤ་ཡོངསུ་ཟད་པར་གྱུར་པའོ།། རིང་པ་ནི་བྱ་བ་བྱེད་པའི་ནུས་པ་ཆུང་བའོ།། རིང་པ་ཞེས་བྱ་བ་ནི་གཟི་དང་བྲལ་བར་གྱུར་པའོ།། ལུས་མ་རྙེད་པ་ཞེས་བྱ་བ་ནི་ལུས་འཛིན་པའི་ནུས་པ་ཡང་མེད་པར་གྱུར་པའོ།། རྣལ་འབྱོར་ནི་ཏིང ་ངེ་འཛིན་གྲུབ་པ་ཡིན་ལ། ཡིད་ལ་བྱེད་པ་ནི་མ་གྲུབ་པ་ཡིན་ཞིང་མི་བྱེད་པ་ནི་ཡོངསུ་དོར་བར་གྱུར་པའོ།། མ་བརྗེད་པ་ལ་དྲན་པར་བྱེད་པ་ཞེས་བསྟན་ཏོ།། སྐབས་འབྱེད་པ་ནི་ལྟུང་བ་གླེང་བའི་སྐབས་འབྱེད་པར་བྱེད་པས། དམ་བཅའོ་བར་བྱེད ་པ་ནི་ཉེས་པར་བལྟ་བ་ལ་སོགས་པས་སྒོ་འདོགས་པ་བཟློག་པར་རོ།། གདམ་ངག་ནི་ལམ་སྒོམ་པའི་ལུང་ཕོག་པའོ།། སངས་རྒྱས་བཅོམ་ལྡན་འདས་ཝ་ར་ཎཱ་སེ་ན་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་མངོན་པར་རྫོགས ་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ཚངས་པ་ཆེན་པོས་གསོལ་བ་བཏབ་སྟེ། ཆོས་བསྟན་པར་ཞལ་གྱིས་བཞེས་པར་མཁྱེན་ནས་ཀུན་ནས་འཚོ་བྱེད་ཀྱི་མདུན་དུ་ཝཱ་ར་ཎཱ་སེར་གཤེགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན ་པ་དེ་ནི་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་ལྔ་སྟེ་ལས་བཙམས་ཏེ། ཐོག་མ་མེད་པའི་དུས་ནས་རྟས་པའི་འཇིག་ཚོགས་ལྟ་བ་སྔོན་དུ་སོང་བ་ཅན་གྱི་ཉོན་མོངས་པའི་ཚོགས་འཇོམས་པར་བྱེད་པའི་མདོ་སྡེ ་འདི་གསུངས་པ་ཡིན་ལ། དེ་ལ་བསྐལ་པ་གྲངས་མེད་པ་གསུམ་དང་བགྲང་བར་ཤིན་ཏུ་དཀའ་བ་བརྒྱས་བསྒྲུབས་པའི་ཆོས་ཀྱི་གཏེར་ཆེན་པོ་ཡིན་ཏེ། གང་གི་ཕྱིར་འདི་ནི་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པས་ཡང་དག་པར་བགོས་པའི་ཕྱིརརོ།། དེ་བས་ན ་མདོ་སྡེ་བསྡུས་པའི་དོན་བརྗོད་པ་འདིས་ནི་བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པའི་དགོས་པ་ཡང་གསལ་པོ་ཁོ་ནར་མཛད་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྟན་པ་ཐམས་ཅད་ནི་སྐྱེ་བོ་གདུལ ་བྱ་དག་ཉོན་མོངས་པའི་ཉེས་པ་མ་ལུས་པ་ལས་གྲོལ་བར་མཛད་པ་ཡིན་ཏེ། གདུལ་བྱ་རྣམས་ཀྱིས་འཇིག་ཚོགསུ་བལྟ་བ་ལ་སོགས་པའི་ཉོན་མོངས་པའི་ཚོགས་དྲུངས་མ་ཕྱུང་བར་ཀུན་ཏུ་སྦྱོར་བ་ཐམས་ཅད་ཡོངསུ་ཟད་ཅིང ་སྤངས་པའི་ཤེས་པ་ཐོབ་པར་མི་འགྱུར་རོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལྔ་སྡེ་སྔོན་གྱི་སྐྱེ་བར་གོམས་པའི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོངསུ་སྨིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཚེགས ་མ་ལུས་པར་ཟད་པར་བྱ་བའི་ཕྱིར་དད་པ་མཆོག་ལ་སོགས་པ་སྐྱེས་པ་དག་ལ་བརྩམས་ནས་མདོ་སྡེ་འདི་གསུངས་པ་ཡིནོ།། མདོ་སྡེའི་བརྗོད་པར་བྱེད་པའི་དགོས་པ་ཡང་དག་པར་བསྟན་ནས་ཚིག་གི་དོན་གྱི་རྣམ་པར་དབྱེ་བ་ཡང ་བྱ་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནི་དགོས་པ་སྟོན་པའོ།། ཝ་ར་ཎཱ་སེ་ཞེས་བྱ་བ་ནི་ཆུ་བོ་ལ་ཝ་ར་ཎཱ་སེ་ཞེས་བྱ་སྟེ། གང་ད་ལྟར་ནི་འཇིག་རྟེན་དག་གིས་ཝ་ར་ཎཱ་སེ་ཞེས་ཡང་དག་པར་ཤེས་ལ། བཅོམ་ལྡན་འདས ་ཤཱཀྱ་ཐུབ་པ་འཁྲུངས་པའི་ཚེ་ན་ནི་བ་རརེ་ཀ་ཞེས་མིང་འདོགསོ།། ཝ་ར་ཏཱ་སི་དེ་དང་ཐག་མི་རིང་བ་ན་ཡོད་པ་འཁང་ཁྱེར་དེ་ལ་ཝ་ར་ཎཱ་སེ་ན་ཞེས་བྱ་སྟེ། ཐག་ཉེ་བ་དབང་དུ་བྱེད་པའོ།། བཞུགས་ཏེ་ཞེས་བྱ་བ་ལ་ཏེའི་སྒྲ་ནི་འདས་པའི་དུས་ཉིད ་སྟོན་པར་བྱེད་པའོ།། འདི་ལྟར་བཞུགས་པ་དང་གཟིམས་པའི་དབྱེ་བས་རྣམ་པ་ཡོད་པ་དེ་ལྟ་ན་ཡང་འདིར་བཞུགས་པ་ཙམ་ལ་བྱ་སྟེ། དེ་ལ་བཞུགས་ནས་མདོ་སྡེ་འདི་གསུངས་པ་ཡིནོ་ཞེས་བྱ་བར་སྨྲ་རོ།། བཅོམ་ལྡན་འདས་བཞུགས་ནས། ་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཀྱང་བཞུགས་གདན་ཤུགས་ཀྱིས་ཐོབ་པར་འགྱུརརོ།། དྲང་སྲོང་སྨྲ་བ་ཞེས་བྱ་བ་ལ་དྲང་སྲོང་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། དེ་དག་གང་དུ་ཆོས་གསུངས་པར་མཛད་པ་དེ་ནི་དྲང་སྲོང་སྨྲ་བའི ་གནས་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཇི་ལྟར་སོ་སོར་ངེས་པོའི་རྡོ་རྗེའི་གདན་ཁོ་ན་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པར་མཛད་པ་དེ་བཞིན་དུ་སོ་སོར་ངེས་པའི་ཡུལ་དེ་ཉིད་ལ། མཐོང་བར་སྤང ་བར་བྱ་བའི་ཉོན་མོངས་པའི་རྒྱུན་རྣམ་པར་གཅོད་པར་བྱེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའོ།། ཡང་ན་དྲང་སྲོང་དག་གི་སྤྱོད་པ་དང་གསྤྱོད་ཡུལ་དང་ལྡན་པ་ཉིད་ཀྱི་ཕྱིར་གནས་ཀྱི་མཆོག་དེ་ལ་དྲང་སྲོང་སྨ་བ་ཞེས་བསྟན་ཏོ།། རི་དྭགས ་རྒྱུ་བ་ཞེས་བྱ་བ་ནི་རི་དྭགས་དག་ཡིད་བརྟན་པས་སྤྱོད་ཅིང་གནས་པའི་དོན་དུ་རྒྱལ་པོས་སུ་ཕྱོགས་དེ་བཏང་བའི་ཕྱིར་རི་དྭགས་རྒྱུ་བ་ཞེས་བྱའོ།། དེའི་ཚེ་ཞེས་བྱ་བ་ནི་འཆང་བའི་གནས་སྟོན་པ་སྟེ། གནས་དེ་ཉིད་དུ་བཅོམ་ལྡན་འདས་ཀྱིས ་མདོ་སྡེའི་འདི་གསུངས་པ་ཡིན་གྱི་གཞན་དག་ཏུ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུརརོ།། བཅོམ་ལྡན་འདས་ཞེས་བྱ་བའི་དོན་དེ་ནི་བཤང་པ་ཡིནོ།། དགེ་སློང་ལྔ་སྡེ་དག་ལ་ཞེས་བྱ་བ་ལ་འདི་ལྟར་ལྔ་སྡེ་ཞེས་བྱ་བ་ཡང་ལྔ་པོ་དེ་དག་གི་གྲངས ་བརྗོད་པ་ཡིན་ལ་དེ་ལྟ་ན་ཡང་མིང་དེ་དག་རེ་རེ་ལ་ཡང་གནས་པ་ཡིན་ཏེ། ཇི་ལྟར་དྲུག་སྡེ་ཞེས་བྱ་བ་ལྟ་བུའོ།། དེའི་ཕྱིར་འདི་སྐད་དུ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་ལ་བོས་ཏེ་ཞེས་ལྷག་མ་དང་བཅས ་པ་འདི་གསུངས་པ་ཡིན་ནོ།། བོས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སེམས་གཏོང་པ་ལ་རྣམ་པར་སྦྱོར་བར་མཛད་པའོ།། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་ལ་སོགས་པའི་འཚེ་བས ་གཙེས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ཡིན་པའི་ཕྱིར་མདོ་གཞན་བཤད་པར་འགྱུར་བ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ངེས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་སྙམ་དུ་ཞེས་གསུངས ་པཡིན།། སྔོན་ཞེས་བྱ་བ་ནཱི་ཡང་དག་པར་རྫོགས་པོའི་བྱང་ཆུབ་ཕྱོག་སུ་ཆུད་པའི་གོང་དུའོ།། ཆོས་མ་ཐོས་པ་ཞེས་བྱ་བ་འདིས་ནི་གཞན་གྱིས་ལུང་ཕོག་པ་མེད་པར་ཐུགསུ་ཆུད་པ་སྟོན་པ་ཡིནོ།། དེ་ལའོ་སྙམ་དུ་ཞེས་བྱ་བའི་སྒྲ ་སྡུག་བསྔལ་འཕགས་པའི་བདེན་པ་ཡོངསུ་བཅད་པར་གྱུར་པ་ན་རང་བཞིན་གྱི་རྣམ་པའི་བྱེ་བྲག་ངེས་པའི་དོན་ཡིན་ཏེ། སྡུག་བསྔལ་སྡུག་བསྔལ་ཞེས་བྱ་བ་དང་། འཕབྱས་པོའི་བདེན་པ་ལ་འཕགས་པའི་བདེན་པ་ཞེས་པའི་མིག ་སྐྱེས་སོ་ཞེས་སྦྱར་བར་བྱ་བ་ཡིན་པའི་ཕྱིརརོ།། ངས་ཞེས་བྱ་བ་ནི་བདག་ལ་སྦྱོར་བ་ཡིན་ཏེ། འདི་བདག་སྟོན་པའི་ཆོས་བསྟན་པ་ཡིནོ་ཞེས་བྱ་བར་རབ་ཏུ་བསྟན་པའི་ཕྱིརརོ།། མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་མདོ ་སྟེ་འདི་གསུངས་པ། དེའི་ཆེན་བདེན་པ་མཐོང་བ་འམ། དགྲ་བཅོམ་པར་གྱུར་པ་གཞན་འགའ་ཡང་མེད་པས་ལམ་འདིས་བཅོམ་ལྡན་འདས་ཀྱིས་བདེན་པ་གཟིགས་ནས་དགྲ་བཅོམ་པར་གྷུར་ཏོ་ཞེས་དེ་ཉིད་ཁོ་ན་ལ་སྐྱོན་པར ་མཛད་པ་ཡིན་ཏེ། གང་གི་ཚེ་ལམ་འདིས་ཉན་ཐོས་གཞན་དག་གིས་ཀྱང་དགྲ་བཅོམ་པ་ཐོབ་པར་གྱུར་པ་དེའི་ཚེ་གཉི་ག་ལ་སྟོན་པའི་ཚེ་འཕགས་པའི་བདེན་པ་སྟོན་པར་མཛད་པར་འགྱུར་རོ།། དགེ་སློང་དག་ཅེས་བྱ་བ་ནི་འབོད་པའི་ཚིག ་ཡིན་ཏེ། བོས་པ་ཡང་སེམས་མཉམ་པར་བཞག་པ་ལ་སྦྱར་བའི་ཕྱིརོ།། འདིརེ་འདི་སྐད་བརྗོད་པར་བྱ་སྟེ། དེ་ཁོ་ན་ཉིད་མ་མཐོང་བ་དང་། གསོལ་བ་དང་། བཞིའི་ལས་ཀྱིས་བསྙེན་པར་མ་རྫོགས་པ་དག་ལ་ཅིའི་ཕྱིར་དགེ་སློང་དག་ཅེས་གསུངས ་ཤེ་ན། འདི་ལ་ཉེས་པ་ཡོད་པ་མ་ཡིན་ཏེ། སློང་བའི་ཕྱིར་དགེ་སློང་ཞེས་གསུངས། ལྔ་སྡེ་དེ་དག་ཀྱང་ཆོས་བཞིན་གྱིས་སློང་བའི་སྤྱོད་པས་སྲོག་འཛིན་པར་བྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཅེས་བསྟན་པ་ཡིན་ནོ།། ཡང་ན ་དགེ་སློང་གི་དངོས་པོར་གྱུར་པ་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་དག་ཅེས་བོས་པ་ཡིནོ།། སྔོན་ཆོས་མ་ཐོས་པར་ཞེས་བྱ་བ་འདིས་ནི་སློབ་དཔོན་མེད་པར་ང་ལ་ཡང་དག་པའི་ཤེས་པ་སྐྱེས་སོ།། ཤེས་སྟོན་པར་མཛད ་བའོ།། ཚུལ་བཞིན་ཡིད་ལ་བྱས་པ་ན་ཞེས་བྱ་བ་དེ་ལ་ཚུལ་ནི་ཐབས་ཡིན་ཏེ། ཐབས་ལས་བྱུང་བའི་དོན་ཐོབ་པ་ལ་སྦྱོར་བའི་སྒོ་ནས་འདུ་ཞིང་འདྲེས་པར་འགྱུར་བའི་ཕྱིར་རམ། ཚུལ་ནི་རིགས་པ་ཡིན་ཏེ།། སེམས་ཀྱིས་ཁོང་དུ་མ་ཆུད ་པའི་སྒོ་ནས་འདྲེས་པར་གྱུར་པའི་ཕྱིརརོ།། དེ་བས་ན་ཐུབས་སྔམ་རིགས་པས་བདེན་པ་རྟག་པ་ཡིད་ལ་བྱེད་ཅེས་པ་འདི་ནི་ངག་གི་དོན་ཡིནོ།། མིག་སྐྱེས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་མིག་ནི་དོན་མངོན་སུམ་དུ ་བྱེད་པའི་ཕྱིར་ཟག་པ་མྱེད་པའི་ཤེས་རབ་ཡིན་ལ། ཐོ་ཚོམ་མེད་པའི་ཕྱིར་ཡེ་ཤེས་ཡིནོ།། ཡང་དག་པའི་དོན་ཉིད་ཡིན་པའི་ཕྱིར་རིག་པའོ།། རྣམ་པར་དག་པ་ཡིན་པའི་ཕྱིར་བློ་ཡིན།། ཡང་ན་ལྟ་བ་དྲན་པའི་གཉེན་པོ་ཉིད་ཡིན་པ ་ཕྱི་མིག་ཡིནི་ལ། ཐེ་ཚོམ་གྱི་གཉེན་པོ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཡིནོ།། མ་རིག་པའི་གཉེན་པོ་ཡིན་པའི་ཕྱིར་རིག་པའོ།། ཟག་པ་མེད་པ་ཉིད་ཡིན་པའི་ཕྱིར་བློ་ཞེས་བྱའོ།། གཞན་དག་ནི་དེ་ལ་མིག་སྐྱེས་སོ།། ཡེ་ཤེས་དང་། ་རིགས་པ་དང་། བློ་དང་བྱང་ཆུབ་སྐྱེས་སོ་ཞེས་འདོན་པར་བྱེད་དོ།། དེ་ལ་འདོད་པ་ལ་འདུན་པའི་གཉེན་པོ་ཡིན་པའི་ཕྱིར་མིག་ཡིན་ལ། གནོད་སེམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཡེ་ཤེས་ཡིནོ།། གཉིད་དང་རྨུགས་པའི་གཉེན་པོ ་ཡིན་པའི་ཕྱིར་རིག་པ་ཡིན་ལ། རྒོད་པའི་གཉེན་པོ་ཡིན་པའི་ཕྱིར་བློ་ཡིན་ཞིང་། ཐེ་ཚོམ་གྱི་གཉེན་པོ་ཡིན་པའི་ཕྱིར་བྱང་ཆུབ་ཅེས་བྱའོ།། དགེ་སློང་དག་དུས་ཞེས་བྱ་བ་དང་། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། འདི་ནི་སྡུག ་བསྔལ་འགོག་པའོ།། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའོ་ལམ་འཕགས་པའི་བདེན་པའོ་སྙམ་དུ། ཅེས་མདོར་བསྔོས་ནས་བསྟན་པོའི་ཚེགས་ཆུང་ངུས་ལེགས་པོར་བཤད་པའོ།། འདི་ལྟར་སྡུག་བསྔལ་ཀུན་འབྱུང་འདི་ལས་ཞེས ་བྱ་བ་ཡང་གང་ཞེ་ན། དེ་སྨྲས་པ། སྡུག་བསྔལ་གྱི་ཀུན་འབྱུང་བ་ནི་བསྔལ་ཀུན་འབྱུང་བ་སྟེ། གང་གི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་ཅན་གྱི་སྡུག་བསྔལ་མ་ལུས་པ་ལས་མ་ལུས་འབྱུང་བའི་ཕྱིར་ཏེ། ཀུན་འབྱུང་འདི་ལས་ཞེས་བྱ་བའི་དབང་དུ ་བྱོབྱས་སོ།། སྡུག་བསྔལ་གྱི་འགོག་པ་ལ་ཞེས་བྱ་བ་ལ་འདིར་འགོག་པ་གང་ཡིན་ཞེ་ན། སྨྲས་པ། སྡུག་བསྔལ་ཐོབ་པ་འགོག་པ་དང་། གཞན་གྱི་སྐྱེ་བ་ནི་སྡུག་བསྔལ་འགོག་པའོ།། སྡུག་བསྔལ་འགོག་པར་འགྲོ་བའི་ལམ ་འཕགས་པའི་བདེན་པ་གང་ཡིན་ཞེ་ན། སྡུག་བསྔལ་གྱི་འགོག་པ་ནི་སྡུག་བསྔལ་འགོག་པ་སྟེ། དེར་འགྲོ་བའི་ལམ་ནི་ལམ་གྱི་བདེན་པ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིརོ།། ལན་གསུམ་དུ་བསྐོརེ་བ་རྣམ་པ་བཅུ་གཉིས་སུ་ཞེས ་བྱ་བ་ལ་སོགས་པ་ལ། འཕགས་པའི་བདེན་པ་བཞི་པོ་དག་ལན་གསུམ་དུ་བསྐོར་བ་རེ་རེ་ལ་རྣམ་པ་བཞི་བཞིར་འགྱུར་བའི་ཕྱིར་བཅུ་གཉིསུ་འགྱུར་ཏེ། བསྐོར་བ་དང་པོ་ལ་འདི་ནི་སྡུག་བསྔལ་ལ།། འདི་ནི་ཀུན་འབྱུང་བའོ།། ་འདི་ནི་འགོག་པའོ།། འདི་ནི་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ།། ཞེས་དེ་རྣམ་པ་བཞི་ཡིན་ལ། བསྐོར་བ་གཉིས་པོ་ལ་སྡུག་བསྔལ་ཡོངསུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་སུམ་དུ་བྱ། ལམ་བསྒོམ ་པར་བྱའོ་ཞེས་བྱ་བ་དེ་ཡང་རྣམ་པ་བཞི་ཡིན་ཞིང་བསྐོར་བ་གསུམ་པ་ལ་སྡུག་བསྔལ་ནི་ཤེས་ཀུན་འབྱུང་ནི་སྤངས། འགོག་པ་ནི་མངོན་སུམ་དུ་བྱས། ལམ་ནི་བསྒོམསོ་ཞེས་པ་དེ་དག་ཀྱང་རྣམ་པ་བཞི་ཡིན་པའི་ཕྱིར་རྣམ་པ་བཅུ་གཉིསུ་འགྱུར་རོ།། ་ཡང་ན་སྡུག་བསྔལ་ཞེས་བྱ་བ་དེ་བསྐོར་བ་ལ་མིག་དང་། ཡེ་ཤེས་དང་། རིག་པ་དང་། བློ་སྐྱེས་པ་ཞེས་བྱ་བ་རྣམ་པ་བཞི་དང་། སྡུག་བསྔལ་ཤེས་པར་བྱའོ།། ཞེས་བྱ་བ་དེ་བསྐོར་བ་ལ་མིག་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གཞན ་རྣམ་པ་བཞི་པ་དེ་ཉིད་དང་། སྡུག་བསྔལ་ཤེས་སོ་ཞེས་བྱ་བ་བསྐོར་བ་གསུམ་པ་དེ་ལ་མིག་སྐྱེསོ།། ཞེས་བྱ་བ་ལ་སོགས་པ་རྣམ་པ་བཞི་པོ་དེ་ཉིད་དུ་འགྱུར་བའི་ཕྱིརརོ།། དེ་ལྟར་ན་ལན་གོསུམ་དུ་བསྐོར་བ་ཉིད་དང་རྣམ་པ་བཅུ་གཉིས་ཉིད་ཡི་ནོ།། བཅུ ་གཉིས་སུ་མཚུངས་པའི་ཕྱིར་རྣམ་པ་བཅུ་གཉིས་ཞེས་བསྟན་ཏེ། ཤིང་ལོ་མ་བདུན་པ་ཞེས་བྱ་བ་ལྟ་བུའོ།། ལན་གསུམ་བསྐོར་བ་རྣམ་པ་བཅུ་ག་ཉིས་སྨོས་པས་འདིར་མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་དག་གཟུང་བ་ཡིན་ཞིང་རིག་པར ་བྱ་སྟེ། གང་གི་ཕྱིར་མཐོང་བའི་ལམ་ལ་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་རང་བཞིན་ཡོང་སུ་ཤེས་པར་འགྱུར་བ་འདི་ནི་སྡུག་བསྔལ་ཞེས་བྱ་བ་ནས་འདི་ནི་ལམ་ཞེས་བྱ་བའི་བར་དུ་བསྐོར་བ་ནི་མཐོང་བའི་ལམ་ཡིན་པར ་ཤེས་པར་བྱའོ།། བསྒོམ་པའི་ལམ་ལ་སྡུག་བསྔལ་ཡོངསུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་སུམ་དུ་བྱ། ལམ་བསྒོམ་པར་བྱའོ་ཞེས་བསྐོར་བ་འདི་ཡིན་ཏེ། དེ་ལ་གང་གི་ཕྱིར་བསྒོམ་པས་སྤང་བྱར་བྱ་བའི་བག་ལ་ཉལ ་སྤང་བའི་དོན་དུ་བདེན་པ་མཐོང་བ་ཡང་མངོན་སུམ་དུ་བྱ་བ་ཡི་ནོ།། མི་སློབ་པའི་ལམ་ལོ་སྡུག་བསྔལ་ནི་ཤིསོ།། ཀུན་འབྱུང་ནི་སྤངསོ།། འགོག་པ་ནི་མངོན་སུམ་དུ་བྱསོ།། ལམ་ནི་བསྒོམ་སོ་ཞེས་བསྐོར་པོ་འདི་ཡིན་པར་རིག ་པར་བྱ་སྟེ། གང་གང་གི་ཕྱིར་བག་ལ་ཉལ་མ་ལུས་པར་སྤངས་པའི་ཕྱིར་དེར་གནས་པ་དག་ལ་བདེན་པ་ཡང་མངོན་སུམ་དུ་བྱ་བ་དགོས་པ་ཡོད་པ་མ་ཡིནོ།། ལས་ཐམས་ཅད་ཀྱི་ཐོག་མར་རྩོལ་བ་ཡིན་པར་དགོངས་ནས་ནི་མཐོང་བའི ་ལ་མོ་ལ་ལན་གསུམ་བསྐོར་བ་རྣམ་པ་བཅུ་གཉིས་སྨོས་པ་བྱས་པོ་ཡིན་ནོ།། དེ་ལ་ངས་ཞེས་བྱ་བ་ལ་སོགས་པ་ལ་མི་ལོས་ལྷ་གཙོ་བོར་གྱུར་པའི་ཕྱིར་ལྷ་དང་བཅས་པ་ཞེས་གསུངས་པ་ཡིནོ།། འདོད་པ་ན་སྤྱོད་པའི་ལྷ་དག་ལས ་བདུད་ནི་དབང་བྱེད་པའི་སྒོ་ནས་གཙོ་བོར་གྱུར་པ་དེའི་ཕྱིར་བདུད་དང་བཅས་པ་ཞེས་བྱའོ།། ཚོགས་པ་དེ་དག་ལས་ཀྱང་ཚངས་པ་ཁྱད་པར་དུ་འཕགས་པ་ཡིན་པ་དེའི་ཕྱིར་ཚངས་པ་དང་བཅས་པ་ཞེས་བྱའོ།། མིའི་འཇིག་རྟེན་དུ་རྣམ་པར་བཞག ་པ་ལས་དགེ་སྦྱོང་དང་། བྲམ་ཟེ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་དགེ་སྦྱོང་དང་བྲམ་ཟེར་བཅས་པ་ཞེས་བྱའོ།། གྲོལ་ལོ་ཞེས་བྱ་བ་ནི་སྦྱོར་བའི་ལམ་གྱིས་ཏེ། སྦྱོར་བའི་ལམ་ནི་ཉོན་མོངས་པ་སྤོང་བའི་ཐབས་ཉིད་ཡིན་པའི་ཕྱིའོ།། ངེས་པར་འབྱུང ་ངོ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱིས་ཏེ། ཉོན་མོངས་པའི་ཐོབ་པ་གཅོད་པར་བྱེད་པ་ཉིད་ཡིན་པའི་ཕྱིརརོ།། རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་གྱིས་ཏེ་སྲེལ་བར་གྱུར་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ།། ། ་རབ་ཏུ་བྲལ་ལོ་ཞེས་བྱ་བ་ནི་ཁྱད་པར་གྱི་ལམ་གྱིས་ཏེ། ཉོན་མོངས་པ་སྤངས་པ་ཐག་རིང་དུ་བསྲིང་བའི་གཉེན་པོའི་ཕྱོགས་ཉིད་ཡིན་ཕྱིར་རོ།། ཉོན་མོངས་པ་སྤངས་པའི་ཕྱིར་ཕྱིན་ཅི་ལོག་གི་སེམས་དང་བྲལ་བས་མང་དུ་གནས་པ་ཞེས ་གསུངས་པ་ཡིན་ཏེ། ཉོན་མོངས་པ་ཁོ་ན་ཕྱིན་ཅི་ལོག་པ་འམ། ཉོན་མོངས་པས་བྱས་པ་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་པ་དེ་དང་བྲལ་བའི་སེམས་ཀྱིས་མང་དུ་སྟེ་ཡང་དང་ཡང་དུ་འམ། རྒྱུན ་གྱིས་གནས་པ་སྟེ་རྣམ་པར་དཔྱོད་པས་སོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཀུན་ལ་ཕན་པའི་ཡེ་ཤེས་ཡིན་ལོ། ཐུགསུ་ཆུད་པོ་ནི་མཁྱེན་པར་གྱུར་པའོ།། གསལ་པོར་སྣང་བ་ཉིད་ཡིན་པའི་ཕྱིར་རྡུལ་མེད་པ་ཡིན་ལ ་ཟག་པ་མེད་པ་ཉིད་ཡིན་པའི་ཕྱིར་དྲི་མ་དང་བྲལ་བའོ།། ཆོས་རྣམས་ལ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་དག་ལའོ།། ཆོས་ཀྱི་མིག་ཅེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པར་མཐོང་བའི་ཤེས་རབ་ཀྱི་མིག་གོ།། ཀཽཎྜི་ནྱ་ཁྱོད ་ཀྱིས་ཆོས་འདི་ཀུན་ཤེས་ས་མོ་ཞེས་བྱ་བ་ནི་འདིར་ལན་གཉིས་བརྗོད་པ་ནི་དགུའོ་བ་སྟོན་པར་མཛད་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་མཛད་པ་ཐམས་ཅད་ཉིད་སེམས་ཅན ་གྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་ཡིན་ལ། སེམས་ཅན་གྱི་དོན་གྲུབ་པ་ཡང་དེའི་ཚེ་རྩོམ་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱི་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་མཛད་པ་འབྲས་བུ་དང་བཅས་པར་ཐུགསུ་ཆུད་པ་དང་འདྲ་བས་ན ་དེའི་ཚེ་ཞེས་བྱ་བའི་ཚིག་ཏུ་བྱས་པ་ཡི་ནོ།། ས་ལ་གནས་པས་ནས་བླ་སྟེ། ས་ལ་གནས་པ་ཞེས་བྱ་བའི་ཐ་ཚིགོ།། སྒྲ་བསྒྲགས་ཞེས་བྱ་བ་ནི་སྒྲ་ངལ་གྱིས་སྒྲོགས་པར་བྱེད་པའོ།། སྐད་ཆེ་བ་ཞེས་བྱ་བ་ནི་ཕ་རོལ་པོའི་རྣ་བའི་རྣམ་པར ་ཤེས་པ་སྐྱེད་པར་བྱེད་པ་སྐད་གདངས་མཐོན་པོ་སྒྲོགས་པའོ།། ཚུལ་བཞིན་དུ་ཞེས་བྱ་བ་ནི་ཆོས་དང་མ་བྲལ་བས་ཚུལ་ཡིན་ལ། ཆོས་ནི་མཐོང་བའི་ལམ་ཡིན་ལ། དེ་ཡང་ཁམས་གསུམ་དུ་འཁོར་ལོ་བཞིན་དུ་ཡོང་སུ་རྒྱ་བའི་ཚུལ་གྱིས ་ན་འཁོར་ལོའོ།། དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་གཞན་དག་གིས་བསྐོར་བར་མི་ནུས་པ་ཉིད་ཀྱི་ཕྱིར་མ་བཤད་པ་ཞེས་བྱའོ།། ཇི་ཙམ་ཞེས་བྱ་བ་ནི་ཚུལ་གྱིས།། འཇིག་རྟེན་འདྲི་དང་འིཇིག་རྟེན་ཕ་རོལ་ཏུ་བདེ་བ་ཉིད་ཡིན་པའི་ཕྱིར ་ཕན་པ་ཞེས་བྱའོ།། ཐར་པའི་བདེ་བ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་བདེ་བ་ཞེས་བྱའོ།། བཅོམ་ལྡན་འདས་ལན་དུ་ཕན་བཏགསོ་པ་ལ་རེ་བ་མི་མངའོ་བའི་ཕྱིར་འཇིག་རྟེན་ལ་ཐུགས་བརྩེ་བའི་ཕྱིར་ཞེས་བྱའོ།། བདེན་པ་མཐོང་བའི་སྣོད་དུ་གྱུར ་པ་ཉིད་ཀྱི་ཕྱིར་ལྷ་དང་མི་རྣམས་ལ་ཞེས་སྨོས་པོ་ཡིནོ།། དོན་ཞེས་བྱ་བ་ནི་མངོན་པོར་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར་ཡིན་ལ། ཕན་པ་དང་བདེ་བ་ནི་སྔ་མ་དང་འདྲའོ།། ལུས་ནི་ཚོགས་ཡི་ནོ།། སྐད་ཅིག་ཅེས་བྱ་བ་ལ་སོགས་པ་ལ་བུད་མེད ་འཁལ་སྦྱིན་པ་རས་བལ་གྱི་འདའ་བ་ལས་དཔུང་པ་བརྐྱང་བའི་མཐར་ཐུག་པའི་སྣལ་མ་དུས་མཉམ་པ་འདི་ལ་སྐད་ཅིག་མར་འདོད་དེ། སྐད་ཅིག་དེ་ལ་མྱུར་དུ་སོང་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲག་པར་བྱས་པའོ།། ཐང་ཅིག་ནི་ཙཾ་ཤ ་ཀ་གཉིས་ལ་རབ་ཏུ་གྲགས་པ་ཡིན་པའི་ཕྱིར་འབྲིང་དུ་སོང་བར་གྱུར་པ་ཡིན་ལ། ཡུད་ཙམ་ནི་ཆུ་ཚོད་གཉིས་ལ་རབ་ཏུ་གྲགས་པ་ཡིན་པའི་ཕྱིར་རིལ་བུས་སོང་བ་ཡིན་པས་ན་སྐད་ཅིག་ཡུད་ཙམ་ཐང་གཅིག་དེ་ལ་ཞེས་བྱ་སྟེ། འདིར་སྐད་ཅིག་མའི ་ཚོགས་པའི་དུས་གང་ཡིན་པ་རས་ཤིན་ཏུ་དལ་གྱིས་སོང་ནུས་ཚུངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲགས་པར་གྱུར་པའོ།། མཚན་ནས་བོས་ཏེ་ཞེས་བྱ་བ་ལ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བྱ་འདིས་སོ།། གདུང་ནས་བྱོས ་པ་ནི་གཽ་ཏ་མ་ཞེས་བྱ་བར་རོ།། དོན་མེད་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་མི་འཐོབ་པའོ།། མི་ཕན་པ་ཞེས་བྱ་བ་ནི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་སྡུགོ་བསྔལ་སྐྱེད་པར་བྱེད་པ་ཉིད་ཡིན་པོའི་ཕྱིརོ།། སྡུག་བསྔལ་བའོ་ཞེས ་བྱ་བ་ནི་ཐར་པའི་བ་པ་ཐོབ་པར་མི་བྱེད་པའི་ཕྱིར་རོ།། གཞོན་རབས་དག་ལས་གཞོན་ནུར་གྱུར་པ་ནི་གཞོན་ནུ་དག་ཡིན་ལ། རྒན་རབས་ངག་ལས་རྒན་པོར་གྱུར་པ་ནི་རྒན་པོ་དག་གོ། མིང་ནས་འབོད་པ་ནི་ཉེ་བའི་ཚིག་མེད་པར་བརྗོད་པའོ།། ་རུས་ནས་བོས་པ་ནི་རུས་སྨོས་པ་སྔོན་དུ་སོང་པོ་ཅན་དུ་བརྗོད་པ་ཡི་ནོ།། ཇི་ལྟར་རྣམ་པར་འབྱེང་པ་ལས་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མའི་བྱུང་བའི་མཐའ་ཁྱིམ་རྣམས་ལ་སོགས་སོ་སོར་གོ་བར་བྱེད་པའི་བློ་མཐུན་གྱི་སྒྲུབ ་སུ་བཅང་བར་བྱ་བ་ཡིན་ནོ།། ཀུ་ཤའི་གྲོང་ཁྱེར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱུཀྱ་ཐུབ་པ་ཀུ་ཤ་ཞེས་མིང་དུ་གྲགས་པའི་རྒྱལ་པོ་འདི་ཉིད་དུ་གྱུར་པ་དེའི་ཚེ་ངས་བཅའ་བའི་གྲོང་ནི་ཀུ་ཤའི་གྲོང་ཁྱེར་རོ།། གྱང་ཅེས་བྱ་བ་ནི་དེ་སྐད་དུ་མིང ་དུ་གྲགས་པའི་རྒྱལ་རིགས་ཡིན་ལ། ཉེ་འཁོར་ཞེས་བྱ་བ་ནི་གྲོང་ཞེས་བྱ་བ་ནི་གྲོང་བརྡལ་དང་ཐག་ཉེ་བའི་གནས་པར་བྱེད་པའི་གནས་ཡིན་ཏོ།། གང་དུ་འོངས་ནས་གནས་པ་ཞེས་བྱ་བའི་དབང་དུ་བྱས་ནས་སོ།། དེ་དང་ཐག་ཉེའོ ་དབང་དུ་བྱེད་པ་དེ་ནི་དེ་དང་ཉེ་བའི་ཚལ་ཏེ། ཤིང་ས་ལ་གཉིས་ཀྱིས་ཉེ་བར་མཚན་པ་གང་ཡིན་པ་དེ་ལྔ་བཞུགསསོ་ཞེས་བྱ་བར་སྦྱརརོ།། གཉིས་ཀྱང་དེ་ཡིན་ལ་ས་ལ་ཡང་དེ་ཡིན་ཏེ། དེ་གཉིས་ཀྱིས་ཉེ་བར་མཚན་པ་སྟེ། དགའ་བར་བྱེད་པ་ནའོ།། རྣམ ་པར་འབྱེད་པ་ལ་སོགས་པས་འདུལ་བ་རྒྱ་ཆེར་ནི་བཤད་ཀྱི་མདོར་བསྡུ་བ་ཉིད་ཀྱི་ནི་སྐབས་མ་ཡིན་པའི་ཕྱིརརོ།། ལོགས་པོར་ཞེས་བྱ་བ་ལ་སོགས་པ་ལ་ལེགས་པ་ནི་སྐབས་སྦྱིན་པར་བྱེད་པ་ཡིན་པའི་ཕྱིརརོ།། རབ་ཏུ་བཟུང་བ་ནི་ཐོས ་པ་མི་བརྗོད་པ་ཡིན་པའི་ཕྱིརརོ།། ཚུལ་བཞིན་ཡིད་ལ་བྱེད་པ་ཡང་དག་པར་འབྱུང་བའི་ཕྱིར་ཡིད་ལ་བྱེད་པའོ།། རུང་བ་མ་ཡིན་པ་བསྟེན་ལ་ཞེས་བྱ་བ་ནི། རུང་བ་མ་ཡིན་པའི་ཕྱིར་ཕྱོགས་བསྟེན་པར་བྱེད་པའོ།། རུང་བ་སྤོང་ན་ཞེས་བྱ་བ་ནི་རུང ་བ་དང་ལྷན་ཅིག་འགལ་བར་གྱུར་པ་སྟེ། དེ་ལྷག་པར་སྤྱད་པར་མི་བྱའོ།། རུང་བ་བསྟེན་ལོ་ཞེས་བྱ་བ་ནི་རུང་པོའི་ཕྱོགས་བསྟེན་པ་དང་། རུང་བ་མ་ཡིན་པ་དང་འགལ་བ་དེ་ནི་ལྷག་པོར་སྤྱད་པར་བྱའོ།། ཇི་ལྟར་ཁྲི་རྐང་པ་སྨྲས་པ་ཅན་གྱི་གཞི་ཉིད ་དུ་གྱུར་པ་ལྔ་བཤང་བ་དང་གཙོ་བ་མི་བྱེ་བ་ཉིད་དང་། ལོ་ངས་སྤྱོད་པོར་མི་བྱའོ་ཞེས་བྱ་བ་ལ་སྩོགས་པ་དེ་ལྟ་བུའི་དགག་པ་ཡོད་ཅིང་། གང་ཚྭ་དང་འདྲེས་པའི་རྒྱུན་ཆུ་གཏུང་བར་བྱ་བ་ཉིད་དང་། ཁམ་ཕོར་ལ་བཟའ་བར་བྱའོ་ཞེས་བྱ་བ་ལ་སོ། ་རྒྱ་བུའི་གམ་པ་འི་མམོ་ནི་འངས་གྲུབ་པ་ཉིད་ཆེན་ཏོ་རྗོད་དུས་བཅོམ་ལྡན་ས་གགས་མི་སུ་མ་བཛིན་བདུན་གྱིམ་འདིས་པ་གྱི་ཐོ་སན་པ། གང་ཡང་ཨུ་གན་ས་མོངས་སུ་མོ ་ནི་འདིས་རྗེ་སུ་གནང་བ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པ་ཡིན་ནོ།། སྤངས་པ་ཞེས་བྱ་བ་ནི་ངེས་པར་འདོར་བ་ནི་སྤངས་པ་ཡིན་ལ་སྤང་བའི་ཕྱིར་ནུས་པ་ཡིན་པས་ན་སྤངས་པ་སྟེ། ཡོངསུ་དོར་བ་ཞེས་བྱ་བྱི་བ ་དུའོ། རྫས་ལ་ངེས་པར་སྦྱོར་བས་དགེ་སྐོས་ཏེ། གང་གཙུག་ལོག་ཁང་དུ་དགེ་འདུན་མངོན་པར་གྱིས་ནས་ལས་སུ་བྱ་བ་སྒྲུབ་པར་བྱེད་པའོ།། མི་ཤེས་པ་ཞེས་བྱ་བ་ནི་ཅུང་ཞིག་ཀྱང་ཡོངསུ་ཤེས་པའི་རྣམ་པར་རྟོག་པ་མེད་པོའོ།། ་ཡོངསུ་སྒོ་ཞིག་ཅེས་བྱ་བ་ནི། འདི་ལྟར་ཆོས་གོས་འདི་ཕྱིར་ཡང་རེ་ལ་བྱིན་ཅིག་ཅེས་ཤེས་པར་གྱིས་ཤིག་པའོ།། ཤུ་བ་ནི་རྨའི་ཐོན་ཁོར་གྱི་ཁྲག་སྐམས་ཀྱི་ཚོགས་ཡིན་ནོ།། སྦྲང་བུ་བསྒྲུབ་པའི་ཕྱིར་གོས་ལ་བྱས་པ་ཅན་ནི ་སྦྲང་སྐྱབསོ།། ལྷག་མ་མེད་པར་བྱས་ནས་ཞེས་བྱ་བ་ནི་ཞིང་ཆུང་ངུས་བྱས་པའོ།། དྲང་པོར་བྱས་པ་ཞེས་བྱ་བ་ནི་རྣམ་པར་གསལ་བ་དང་མངོན་དུ་ཕྱོགས་པའོ།། རྣོལ་མ་ཞེས་བྱ་བ་ནི་རས་སྣོལ་མོར་སྦྱར་བའོ།། ངལ་བར་གྱུར་ནས་ཞེས ་བ་ཊཱི་ཚྭ་ཆགས་འདེབས་པར་གྱུར་པས་སོ།། ཆུ་བློང་བར་བསམས་པ་དང་ཞེས་བྱ་བ་ནི་ཆུ་ཚོགས་ཀྱི་སྦྱོར་བའི་སྒོ་ནས་ལེན་པར་བསམས་པར་གྱུར་པ་དང་། འཛིན་པའི་སྣོད་ནི་ཆུ་ཚགས་ལས་ཕྱི་རོལ་ཏུ་གདགས་པར་བྱའོ།། མི་ཆགས ་པ་ནི་འཛིན་པར་མི་ནུས་པའོ།། ངལ་བར་གྱུར་པ་ཞེས་བྱ་བ་ནི་དེ་དག་དྲན་པ་རབ་ཏུ་ཉམས་པར་འགྱུར་བ་དང་། ལུས་གདུང་བར་གྱུར་པའོ།། གྲོལ་བར་བྱེད་པའི་སྣོད་ཅེས་བྱ་བ་ནི་གང་སྣོད་བཀང་བས་འཛུད་པར་བྱེད་པ་ལ་སྟོང་པ་ཡང ་ངག་པར་འབྱིན་པར་བྱེད་པའི་སྣོད་ལ་གྲོལ་བར་བྱེད་པའི་སྣོད་དུ་འདོད་དེ། དེ་ལྟར་གྱུར་པ་ལ་ཁ་དང་ཞབསུ་སྤྱད་བུ་གཉིས་བཏགས་པས་གཞུག་པར་བྱ་བ་ཡིན་ཏེ། ཆུས་ཁྱབ་པར་གྱུར་པ་ན་ཁ་ལ་བཏགས་པའི་སྲད་བུ་ཀློད་པར་བྱ་ཞིང ་ཞབས་ལ་བཏགས་པའི་སྲད་བུ་དལ་གྱིས་སྟེང་དུ་དྲངས་པ་གང་ཡིན་པ་དེས་ཁ་འོག་ཏུ་བལྟས་པར་འགྱུར་རོ།། གྲོལ་བར་བྱེད་པ་ཆུའི་ནང་དུ་ལན་གསུམ་མམ་ལན་གཉིསུ་བཀྲུ་བར་བྱ་སྟེ། གྲོལ་བར་བྱེད་པའི་སྣོད་གསུངས་པ་ལས་དེ་དགོ་ཐམས ་ཅད་ཐོབ་པར་འགྱུ་རོ།། འདིས་ཆུ་སྒྲོགས་པར་བྱེད་པ་འམ་འདི་ལ་ཆུ་སྒྲོགས་པར་བྱེད་ཅིང་འགྲོ་བ་དང་ལྟུང་བ་དང་འཇུག་པའི་ཕྱིར་སྒྲ་སྒྲོག་གོ།། བུམ་པའི་ཚུལ་དུ་བྱས་ལ་ཞེས་བྱ་བ་ནི་བུམ་པ་དང་འདྲ་བའི་རང་བཞིན་གྱི་དབྱིབས་གང་ལ་ཡོད་པ ་དེ་ནི་བུམ་པའི་ཚུལ་དུ་བྱས་པའོ།། པདྨའི་སྙིང་པོ་ནི་ལྟེ་བ་ཡིན་ཏེ། ལྟེ་བ་ཇི་ལྟ་བ་དེ་བཞིན་དུ་སྒྲ་སྒྲོགས་གི་དབུས་ལཱ་བུག་པ་མང་པོ་ཅན་ཟླུམ་ལ་མཐོ་བ་བྱའོ།། དེའི་སྟེང་དུ་བུ་གུ་ཆེ་ནོ་ཉེ་བྱ་བ་ལ་བུགུ་ཆེ་ནོ་ནི་འདི་འུ་བཱི་ཁ་ལ་བལྟ་བར་བྱའོ།། བུག་པ་ལ་ཞུགས ་པའི་ཆུ་བསྡུ་བར་བྱ་བའི་དོན་དུ་ལྕེའུ་གདོགས་པར་བྱའོ།། འདི་ལྟར་བྷྲཱུཾ་མཐུན་པ་སྔོན་དུ་ཞེས་བྱ་བ་ནི་སྲ་བརྐྱང་གི་གཞི་ལས་གལ་ཏེ་ཆོ་གསུམ་པོ་མ་རྙེད་པར་གྱུར་པ་དེའི་ཚེ་ཐམས་ཅད་གདིང་བར་བྱ་སྟེ། དགེ་འདུན་ནི་ཚོགས་དུ་མ་ཉིད་ཡིན ་པའི་ཕྱིརརོ།། ཞེས་བྱ་བ་དང་། ཆོས་གོས་གསུམ་ཇི་ཙོམ་དེ་ཙམ་ཁོ་ནའི་གཏན་པ་བཏིང་བ་འདིར་ཤེས་པར་བྱ་བ་ཡིནོ།། རྣམ་པར་གྲོལ་བའི་ཆོས་གོས་བགོ་བར་བྱ་བ་ཁོ་ན་ཡིན་པས་ན་བགོ་བར་བྱ་བའོ།། འཆི་བའི་མཐར་གྱུར་པས་ན་འཆི ་མཐའ་ཅན་ནོ།། བསགས་པ་ཀུན་གྱི་མཐའ་ཟད་ཅིང་ཞེས་བྱ་བ་ལ་སོགས་པ་ལ་འཚོ་བ་ཡོ་བྱད་འཚོག་ཆས་དང་བཅས་པ་འཇིག་པའི་མཐའ་ཙམ་ཡིནོ།། ཞེས་བྱ་བ་འདི་ནི་བསྡུས་པའི་དོན་ཡི་ནོ།། བསགས་པ་ཞེས་བྱ ་བ་ནི་གསེར་ལ་སོགས་པའི་གཏེར་གྱི་ཚོགས་ཡིན་ལ། ཀུན་ཞེས་བྱ་བ་ནི་ལྐོག་མ་མེད་པར་རོ།། ཟད་པའི་མཐའི་གང་ལ་ཡོད་པ་དེ་ནི་མཐའ་ཟད་པ་སྟེ། ཉམས་པའི་མཐའ་དང་བྲལ་བའི་མཐར་ཕྱིན་པའི་ཞེས་བྱའོ།། མཐའ་ལྟུང་འགྱུར། ་ཞེས་བྱ་བ་ནི་ལྟུང་བའི་མཐར་ཕྱིན་པའོ།། གང་ཡིན་ཞེ་ན། མཐོན་པོ་ཀུན་གྱི་ཞེས་བྱ་བ་སྨོས་ཏེ། ཡང་དག་པའི་གོ་རིམ་གྱིས་མཐོན་པོར་བརྩམས་པའི་ཁང་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིགོ། གཞན་དག་ནི་ལུས་ལ་མཐོན་པོ་ཀུན་ཞེས་ཟེརརོ།། ་ལུས་ཡང་དག་པར་བཏང་བ་ནི་ལྷའི་ཕྱིར་མ་ཡིན། ལོངས་སྤྱོད་ཀྱི་ཕྱིར་མ་ཡིན་ཞེས་སྨོན་ལམ་གྱི་ཚིགས་དམིགས་པའི་ཕྱིརརོ།། འདུ་བ་ཞེས་བྱ་བ་ནི་བཟའ་བའི་སྐྱེ་བོ་ཡང་དག་པར་ཚོགས་པའི་ཕྱིརརོ།། མཐར་ནི་འབྲལ་བར་འགྱུར་ཞེས ་བྱ་བ་ནི་བྲལ་བའི་སྒོ་ནས་བརླག་པར་འགྱུར་བའོ།། མཐར་འཆི་བ་ཡིན་ཞེས་བྱ་བ་ནི་མཐའ་མར་འཆི་བར་འགྱུར་བའོ།། ཡང་གི་སྒྲ་ནི་གང་འདིར་སྔར་སྨོས་པ་འབའ་ཞིག་ནི་མ་ཡིན་གྱི། འོན་ཀྱང་སྲོག་ཀྱང་ཞེས་བྱ་བ་ཡིན་ལ། ཡང་གི་སྒྲ་ནི ་ངེས་པར་གཟུང་བ་ཡང་ཡིན་པས་འདི་ཐམས་ཅད་དུ་ཇི་ལྟར་རིགས་པར་སྦྱར་པོར་བྱ་སྟེ། མཐའ་ཟད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྦྱར་བར་བྱ་བ་ཉིད་ཡིན་པའི་ཕྱིརརོ།། དེ་གང་ཞེ་ན་སྨྲས་པ། འཚོ་བ་སྟེ་སྲོག་གོ།། དེའི་ཕྱིར་གང་ལོངས་སྤྱོད་བ ་བྱ་བ་གཏེར་བསགས་པ་དང་། གང་དུ་ལོངས་སྤྱོད་པར་བྱ་བའི་ཁྱིམ་དང་། གང་གིས་ལོངས་སྤྱོད་པར་བྱེད་པ་ལུས་དང་། གང་དང་ལྷན་ཅིག་ལོངས་སྤྱོད་པ་ཕ་དང་། མ་དང་བུ་དང་། ཆུང་མ་ལ་སོགས་པ་དང་། གང་གི་དོན་དུ་ལོངས་སྤྱོད་པ་སྲོག་གི ་ཕྱིར་ཡིན་པ་དེ་དག་ཐམས་ཅད་མཐར་འཇིག་པ་ཡི་ནོ།། ཞེས་ཁོང་དུ་ཆུད་པར་བྱའོ།། ལོངས་སྤྱོད་པ་སོགས་པ་དང་ཁྱིམ་དང་ལུས་དང་ཆུང་མ་ལ་འཚོ་བས་རྒྱགས་པའི་དྲེགས་པ་དེ་སྦྱང་བར་བྱ་བའི་ཕྱིར་དེ་སྐད་དུ་བསྟན་པ་ཡིན་ནོ།། དུས་ནི་ཐ་མ།། ་དུས་ཡིན་ཏེ། ཆོས་ནི་གདོན་མི་ཟ་བར་འགྱུར་བ་གང་ཡིན་པ་དེ་དུས་ཀྱི་ཆོས་དེ་མཆི་བ་ཡིན་ཏོ།། དེ་དང་ཡང་དག་པར་ལྡན་པར་གྱུར་པའོ།། ཤིད་ཀྱི་ཆོ་ག་ནི་དད་པས་རྗེ་སུ་སྦྱིན་པ་ལ་སོགས་པའོ།། ནང་གི་སྐྱེ་བོ་ཞེས་བྱ་བ་ནི་ངེས་པར་ཁྱིམ་ན ་གནས་པའི་སྐྱེ་བོའོ།། དཀའ་བར་བྱ་བར་བྱ་བ་ནུས་པ་ཡིན་པའི་ཕྱིར་དཀའ་བ་བྱེད་པ་སྟེ། དེ་ནི་འདིར་བདག་ལ་མི་སླུ་བར་བྱེད་པའོ།། ལུས་འདི་དེ་གཉིས་ཀྱིས་བསྒྲུབས་པ་ཉིད་ཡིན་པའི་ཕྱིར་བསྐྱོད་པའོ།། གསོས་པ་ནི་ནང་གི་ཕན་འདོགས ་པར་བྱེད་པ་བཟའ་བ་དང་འཏུང་པོ་ལ་སོགས་པ་སོ།། བསོད་པ་ནི་ནང་གི་ཕནཱ་བསྒྱིངས་པ་ནི་ཕྱི་རོལ་གྱི་རྣམ་པར་འཚོ་བོ་ལས་བསྲུངས་པའི་ཕྱིརོ།། ཁྱེར་བ་ནི་བཏེགས་པའོ།། ས་ཆེན་པོ་ཞེས་བྱ་བ་ནི་གླིང་བཞི་པའོ།། ནོར་བུ་ནི་སྣང་བའི ་བདག་ཉིད་དུས་འཇོམས་པར་བྱེད་པའོ།། མན་ཤེལ་ནི་རིན་པོ་ཆེའི་ཁྱད་པར་ཡིན་ཏེ། ཁྱིམ་གང་ན་ཡོད་པ་དར་འབྱོར་པ་ཐམས་ཅད་རྒྱས་པར་འགྱུ་རོ།། རིན་པོ་ཆེ་དམར་པོ་ཞེས་བྱ་བ་ནི་པདྨ་རཱ་ག་ཡི་ནོ།། གཡ་སུ་འཁྱིལ་པ་ནི་རིན་པོ་ཆེའི ་བྱེ་བྲག་ཡིན་ཏེ། གང་ན་ཡོད་པ་དེར་དཔལ་འབྱོར་པ་ལ་རྟག་ཏུ་གནས་པར་འགྱུར་རོ།། བྱས་པ་ཞེས་བྱ་བ་ནི་ཕན་འདོགས་པའོ།། རབ་ཏུ་བྱས་པ་ཞེས་བྱ་བ་ནི་རབ་ཏུ་ཕན་བཏགས་པའོ།། དད་པ་མེད་པ་ཞེས་བྱ་བ་ནི་གང་ལ་ལས་དང་འབྲས ་བུ་འབྲེལ་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དཀོན་མཆོག་གསུམ་ལ་མཆོད་པར་ཡིད་ཅེས་པོའི་དད་པ་མེད་པ་ཡིན་པར་རིག་པར་བྱའོ།། ཚུལ་ཁྲིམས་འཚལ་བ་ནི་ཚུལ་ཁྲིམས་རྒྱུད་པར་གྱུར་པ་སྟེ། སྲོག་གཅོད་པ་ལ་སོགས་པ་ལྔ་པོ ་དག་ལས་ལྡོག་པ་མེད་པའོ།། དངོས་པོ་འདི་བདག་གི་ལས་གཞན་གྱིར་མ་གྱུར་ཅིག་ཅེས་བྱ་བ་ནི་སེར་སྣ་ཡིན་ལ། དེ་འདི་ལ་ཡོད་པའི་ཕྱིར་སེར་སྣ་ཡིན་ནོ།། ཤེས་རབ་འཆལ་པ་ཞེས་བྱ་བ་ནི་བློ་དམན་པར་གྱུར་པའོ།། ཕྱ་དང་མ་དད་པ་མེད་པ་དྲང་པ ་ཕུན་སུམ་ཚོགས་པ་ལ་ཏེ། དད་པའི་འབྱོར་པ་དང་། ཚུལ་ཁྲིམས་འཆལ་པོ་ཚུལ་ཁྲིམས་ཀྱི་འབྱོར་པ་དང་། སེར་སྣ་ཅན་གཏོང་བའི་འབོར་པ་སྟེ། གཏོང་བའི་འབྱོར་པ་ཡང་རྫ་སུ་གཏོང་བའི་མཚན་ཉིད་ཅན་དང་། འཁོར་པ་ཡོངསུ་གཏོང་བའི་མཚན ་ཉིད་ཅན་དང་། འཁོར་བ་ཡོངསུ་གཏོང་བའི་མཚན་ཉིད་ཅན་རྣམ་པ་གཉིས་ཡོན་ནོ།། ཤེས་རབ་འཆལ་པ་ཤེས་རབ་ལ་འགོད་པ་ཤེས་རབ་ཕུན་སུམ་ཚོགས་པ་ལ་བྱ་སྟེ། ཁྱད་པར་དུ་འཕགས་པའི་ཤེས་རབ་ཀྱི་རྫས་སྐྱེད་པར་བྱེད་པ་ལའོ།། ། ་ཡང་དག་འགོད་པར་བྱེད་པ་དང་ཞེས་བྱ་བ་ནི་དད་པ་ཕུན་སུམ་ཚོགས་པ་ལ་སོགས་པ་ལ་རབ་ཏུ་འཇུག་པར་བྱེད་འཕེན་པར་བྱེད་ཅེས་བྱ་བའི་བར་དུའོ།། འདུལ་བར་བྱེད་ཅེས་བྱ་བ་ནི་ཇི་ལྟར་དད་པ་ཕུན་སུམ་ཚོགས་པ་ལས་སུ་བྱ་བ་ཡིན་པ ་དེ་བཞིན་དུ་སློབ་པར་བྱེད་པའོ།། ངེས་པར་འཇུག་པར་བྱེད་ཅེས་བྱ་བ་ནི་བསྟན་པོར་རབ་ཏུ་འཇུག་པར་བྱེད་པའོ།། སོ་སོར་འཇོག་པར་བྱེད་ཅེས་བྱ་བ་ནི་མཐར་ཕྱིན་འཐོབ་པར་བྱེད་པའོ།། བལྟོས་པ་དང་བཅས་པ་ཞེས་བྱ་བ་ནི་དོན་གྱི་ཡུལ་ལ ་བལྟོས་པ་ཡོད་པ་ཡིན་པའི་ཕྱིརརོ།། རབ་ཏུ་བྱུང་བ་ནི་བལྟོས་པ་མེད་པ་ཞེས་བྱ་བ་ལ། ཤི་བའི་རྫས་གྲོགས་ཚངས་པ་མཚུངས་པ་སྤྱོད་པ་བདག་པོ་ཉིད་དུ་འགྱུ་རོ།། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེའི་ཕྱིར་དགེ་སློང་དག་ནི་བལྟོས་པ་མེད ་པ་ཉིད་ཡིན་ལ་ཁྱིམ་པ་ནང་གི་ཤི་བའི་རྫས་ནི་ཕུ་བོ་ལ་སོགས་པ་དབང་བ་ཉིད་ཡིན་པའི་ཕྱིར་ཁྱིམ་པ་ནི་བལྟོས་པ་དང་བཅས་པ་ཡིན་ནོ།། རུང་བར་བྱ་བའི་ཕྱིར་ཞེས་བྱ་ནི་བྱིན་གྱིས་བརླབ་པ་མ་གཏོགས་པར་རུང་བ་དེས་གོས་བཅང་བར་བྱ་བ་དག ་གོ། ཁྱིམ་པར་བབས་ནས་ཞེས་བྱ་བ་ནི་ཁྱིམ་གྱི་གནས་ཀུན་ནས་བརྟེན་ནས་སོ།། དེ་ཉིད་ཀྱི་མངོན་སུམ་དུ་རུང་བར་མི་བྱ་བ་ནི་ལྐོག་ཏུ་གྱུར་པ་ལའོ།། འཐབ་ཀྲོལ་ཅན་ཞེས་བྱ་བ་ནི་ཡིད་ཀྱི་སྡུག་བསྔལ་སྐྱེད་པར་བྱེད་པའོ།། མིང་ལ་བརྟགས་པའི ་ཆོས་གང་ཡིན་པ་དེ་ནི་འདིར་ཡིད་བརྟན་པ་ཡིན་པར་རིག་པར་བྱ་སྟེ། ཡིད་བརྟན་པ་གང་ལ་ཡོད་པ་དྲི་ནི་ཡིད་བརྟན་པ་ཞེས་བྱའོ།། ཤིན་ཏུ་བསྐལ་པ་ཞེས་བྱ་བ་ནི་ཐག་རིང་པོར་གྱུར་པའོ།། འདུན་པ་འབུལ་བར་བྱེད་པ་ཞེས་བྱ་བ་ནི ་དགེ་འདུན་གྱི་བྱ་བ་ཆོས་དང་མཐུན་པའི་གནང་བ་གསོལ་བའོ།། གཅིག་ལ་གཅིག་ཅེས་བྱ་བ་ནི་གཅིག་ལ་གཅིག་གམ་ཕོན་ཚུན་བརྗོད་པར་བྱེད་པའོ།། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅེས་བྱ་བ་ལ་སོགས་པ་ལ་ཟླ་བ་ཕྱེད ་ཕྱེད་ཅེས་བྱ་བ་ནི། ཕྱེད་ཕྱེད་དེ་བཅོ་ལྔ་པ་དང་བཅུ་བཞི་པར་རོ།། ལས་དང་ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དག་ལས་ན་དགའ་བ་མེད་པར་ཐར་པར་བྱེད་པའི་ཕྱིར་ཐར་པ་ཡིན་ལ། སོ་སོར་ཐར་པར་བྱེད་པའི་ཕྱིར་སོ ་སོར་ཐར་པའོ།། དེ་ཉིད་མདོ་ཡང་ཡིན་ཏེ། འདུལ་བ་མ་ལུས་པའི་དོན་ཡང་དག་པར་བསྟན་པ་ཡིན་པའི་ཕྱིརརོ།། དེ་གདོན་པ་ནི་བརྗོད་པ་ཡིན་ལ། དབྱ་བ་ནི་གདོན་པར་བྱ་བའོ།། ཡོངསུ་དག་པ་འབུལ་བ་ནི་བདག་ཉིད་ལས་དེ་ལ་རུང་བ་ཉིད་དུ་སྒྲུབ་པའོ།། ་གནས་གསུམ་གྱི་སྐབས་དབྱེ་བར་བྱའོ།། ཞེས་བྱ་བ་ནི་བདག་ལ་ཚེ་དང་ལྡན་པ་ཁྱོད་ཀྱིས་མཐོང་བ་འམ་ཐོས་པ་འམ། དོགས་པས་ཉེས་པ་གང་ཡིན་པ་དང་བརྗོད་པར་བྱའོ།། ཞེས་བྱ་བ་དེ་ལྟ་བུའི་སྐབས་འབྱེད་པ་འབའ་ཞིག་པོ་དེ་ནི་དགེ་འདུན་གྱི་ཕྱིར། ་སྐབས་འབྱེད་པའོ།། གསོ་སྦྱོང་དང་འདྲའོ།། ཞེས་བྱ་བ་ནི་གསོ་སྦྱོང་གི་ཆོ་གའི་འགྲོས་ཀྱི་སྦྱོར་བ་དེ་བཞིན་དུ་སྦྱར་བར་བྱའོ།། གཡུལ་ལ་དཔའ་བ་གང་ཡིན་པ་དེ་དག་ནི་འདིར་བཟང་པོ་ཡིན་པར་རིག་པར་བྱའོ།། སྟོབས་ནི་དཔུང་གི་ཚོགས་ཡན་ལག་བཞི ་པ་ཡིན་ཏོ།། བཟང་པོ་དང་སྟོབས་ཀྱི་མཆོག་ནི་དེའི་གཙོ་བོར་གྱུར་པའོ།། གཅིག་ལ་སོགས་པ་ཞེས་བྱ་བ་ནི་གཅིག་དང་གཉིས་དང་གསུམ་ལ་སོགས་པའོ།། སོར་མོའི་ཚོགས་བགྲང་བར་བྱེད་པའི་ཕྱིར་རམ། སོར་མོས་རབ་ཏུ་སྟོན་ཅིང་རབ་ཏུ་སྟོན ་པས་བགྲོང་བར་བྱེད་པའི་ཕྱིར་སོར་མོས་བགྲང་བར་བྱེད་པ་ནའོ།། དབྱར་ཉེ་ཞིང་སྟོབས་པར་བྱེད་པའི་ཕྱིར་དབྱར་ཚུལ་དུ་འཇུག་པའི་ཚེ་སྟེ། དབྱར་ཟླ་འབྲིང་པོའི་བཅོ་ལྔ་འམ་དབྱར་ཟླ་ཐ་ཆུང་གི་བཅོ་ལྔའོ།། ཏིང་འཛིན་རྫོགས་པའི་བསྒོམ་པ ་ནི་འདིར་བསམ་གཏན་ཡིན་ལ་སངས་རྒྱས་ཀྱི་བཀའ་ཀློག་པ་ནི་འདོན་པ་ཡིན་ཞིང་ཏིང་འཛིན་མ་གྲུབ་པ་ནི་ཡིད་ལ་བྱེད་པ་ཡིན་ཏེ། དེ་དག་གི་སྦྱོར་བ་ལ་མངོན་པར་བརྩོན་པ་ནི་ལསུ་བྱ་བར་རོ།། སྤྱོད་ལམ་ཞེས་བྱ་བ་ནི་སྤྱོད་ལམ་བཞིས་འགྲོ ་པབཔ་དང་། འཆག་པ་དང་འདུག་པ་དང་། གནས་པའི་བདག་ཉིད་ཅན་གྱི་སྤྱོད་ལམ་གྱིས་སོ།། སྤྱོད་པས་ཞེས་བྱ་བ་ནི་བསོད་སྙོམས་ལ་སོགས་པ་ལ་འཇུག་པའི་སྒོ་ནས་སོ།། ཡང་དག་པོར་གྲུབ་པར་བྱེད་ཅེས་བྱ་བ་ནི་ཐམས་ཅད་དུ་བསླབ་པ ་ཡོངསུ་བསྲུང་ཞིང་ཡང་དག་པར་ནན་ཏན་བྱེད་པར་རོ།། ཅུང་ཟད་ཙམ་ཟོས་པ་ཉིད་ཀྱི་ཕྱིར་ཟང་ཟིང་དང་བཅས་པའོ།། དགེ་འདུན་གྱི་གནས་བརྟན་ཞེས་བྱ་བ་ནི་གང་དེར་སྤྱན་དྲངས་པའི་དགེ་འདུན་གྱི་གནས་བརྟན་དུ་གྱུར་པའོ།། ན་བའི་གསོ། ་སྨན་ཞེས་བྱ་བ་ནི་ནད་པ་དག་དང་རྗེ་སུ་མཐུན་པའི་ཡོ་བྱད་རུང་བ་སྟེ་ཡང་ཨ་རུ་ར་ལ་སོགས་པ་དང་། ཕན་པའི་ཟས་ལ་སོགས་པའོ།། སྐབས་འབྱེད་དོ།། ཅེས་བྱ་བི་ནི། མགྲོན་དུ་གཉེར་བར་བྱེད་པའོ།། གང་ནད་པའི་བསྙེན་བཀུར་ཏེ་གནོད ་པ་མེད་པའོ་གཡོག་བྱེད་པའོ།། དགོས་ན་ཞེས་བྱ་བ་ནི་དོན་དུ་གཉེར་བ་སྟེ། སྨན་དགོས་པར་གྱུར་ན་ཞེས་བྱ་བའི་ཐ་ཚི་གོ།། རྒྱལ་པོའི་ཕོ་བྲང་དུ་འགྲོ་བོ་ལྔ་ཉེས་དམིགས་བཅུར་འགྱུ་རོ།། ཞེས་བྱ་བ་ལ། བཅུ་གང་ཞེ་ན། དགེ་སློང་དག་འདི་ལ ་རྒྱལ་པོ་བཙུན་མོ་དང་ལྷན་ཅིག་ཏུ་འདུག་ཅིང་དགེ་སློང་ཡང་རྒྱལ་པོ་ཕོ་བྲང་དུ་འགྲོ་བར་བྱེད་པ་དེའི་ཚེ་བོ་ཙུན་མོས་དགེ་སློང་མཐོང་ནས་འཛུམ་པ་འབྱིན་པར་བྱེད་པ་ན། དེ་ལ་རྒྱལ་པོ་འདི་སྙམ་དུ་ཇི་ལྟར་བཙུན་མོས་དགེ་སློང་མཐོང་ནས ་འཛུམ་པ་འབྱིན་པར་བྱེད་པ་ལས་ན། དགེ་སྦྱོང་གིས་དབེན་པར་སྡིག་པའི་ལས་བྱེད་པ་འམ། སྡིག་པའི་ལས་འགའ་ཞིག་བྱ་བར་སེམས་པར་མི་འགྱུར་རམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི་རྒྱལ་བའི་ཕ ་བྲང་དུ་འགྲོ་བའི་ཉེས་དམྱིགས་དང་པོ་ཡིནོ།། གཞན་ཡང་རྒྱལ་པོ་བཙུན་མོའི་གན་དུ་སོང་བ་བརྗེད་དམ་སྦྲུམ་མ་བཙུན་མོའི་འཁོར་གྱི་ནང་དུ་ཞུགས་པར་གྱུར་པ་ན་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན་དེ་ལ་རྒྱལ་པོ་འདི་སྙམ ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་གཉིས་པ་ཡིནོ།། གཞན་ཡང་རྒྱལ་པོའི་ཕོ་བྱང་ནི་རིན་པོ་ཆེའི་མ ་རིན་པོ་ཆེར་སྨོས་པ་སྟོར་བར་གྱུར་ལ་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ནི་དེ་ལྟ་རྒྱལ་པོ་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལས་ན་དེའི་ཝ་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ ་བའི་ཉེས་དམིགས་གསུམ་པ་ཡིན་ནོ།། གཞན་ཡང་རྒྱལ་པོའི་ཕོ་བྲང་ལིས་གསང་ཚིག་ཕྱི་རོལ་དུ་གྲགས་པར་གྱུར་ལ་དགེ་སློང་ཡང་རྒྱལ་པོའི་ཕོ་བྱུང་དུ་འགྲོ་ན་དེ་ལ་རྒྱལ་པོ་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྱུང་དུ་འགྲོ་བ ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། འདི་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་བཞི་པ་ཡིནོ།། གཞན་ཡང་རྒྱལ་བུ་གཞོན་ནུ་རྣམས་ལ་གསོད་པར་སེམས་ཡི། དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ ་འགྲོ་ན་དེ་ལ་གང་དག་ཡིད་མི་དགའ་བ་དེ་དག་ལ་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། འདི་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་ལྔ་པ ་ཡིནོ།། གཞོན་ནུ་རྣམས་རྒྱལ་པོ་གསོད་པར་སེམས་པ་ཡང་དེ་བཞིན་ནོ།། གཞན་ཡང་རྒྱལ་པོས་བློན་པོ་གནས་མཐོན་པོ་ཅན་དག་གནས་དམའ་མོར་འཇོག་པར་བྱེད་པ་དང་། བློན་པོ་དམའ་མོ་དག་གནས་མཐོན་པོ་ལ་འཇོག་པར ་བྱེད་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཀྱང་སྔ་མ་བཞི་ནོ།། གཞན་ཡང་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་འགྲོ་བ་དང་ལྡོག་པར་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ།། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི ་ཉེས་དམིགས་དགུ་པ་ཡིནོ།། གཞན་ཡང་མ་ཕེབས་པ་ཕེབས་པར་བྱེད་ཅིང་ཕེབས་པ་གནས་པར་བྱེད་ལ་ཐོབ་རྒྱལ་དུ་བསྒྲགས་ནས། དེའི་འོག་ཏུ་ཆུང་བ་ཆེན་པོས་རྗེ་སུ་སྟོན་པར་བྱེད་ཅིང་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ནི། དེ་ལ ་གང་དག་ཡིད་མི་དགའ་བ་དེ་དག་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་སེམས་པར་འགྱུར་ཏེ། དེའི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་བཅུ་པ་ཡིནོ།། དགེ་སློང་དག་དེ་ལྟར་ན ་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ནི། གླང་པོ་ཆེའི་གནོད་པ་དང་རྟའི་གནོད་པ་དང་། ཤིང་རྟའི་གནོད་པ་དང་། དཔུང་བུ་ཆུང་གི་གནོད་པ་འབྱུང་སྟེ། རུང་བ་མ་ཡིན་པ་ཚུལ་དང་མཐུན་པ་མ་ཡིན་པ་དགེ་སློང་གི་ཚུལ་དང་མཐུན་པ་མ་ཡིན་ཞེས ་རྣམ་པར་སྨད་པ་མཛད་དོ།། དྲི་དང་ཐ་སྙད་དུ་བྱེད་པའི་ཕྱིར་སྤྲོས་འཚོང་གི་ཁྱེའུའོ།། ཁུར་སྐམ་ནི་ནང་པ་ལ་མཁོ་བའི་ཁུར་བ་སྐམ་པོའོ།། ཤ་སྐམ་ནི་ཤའི་དུམ་བུ་འམ་ཤ་སྐམ་གྱི་ཁུ་བའོ།། ཤ་མཁན་ནི་ཤ་འཚེད་པ་ལ་གོམས ་པའོ།། དེ་ནི་དགེ་སྦྱོང་གི་ཚུལ་དང་མཐུན་པ་མ་ཡིན། སྐྱེ་བོ་ཆེན་པོ་གནས་པ་ཉོ་ཚོང་གི་གནས་ནི་ཚོང་དུས་སོ།། འཚེ་བ་ནི་བསྐྱེད་ལ་བྱའོ།། སྦྱིན་བདག་ལ་ཡིད་བརྟན་པས་ཞེས་བྱ་བ་ནི་ལེན་པ་ལ་སོགས་པའི་ཚེ་གང་གི་ཐང་ལས་བླངས་པ་དེ་ཁོ་ནའི་དེ ་ཡིན་ནོ།། ཞེས་སེམས་ཉེ་བར་བཞག་པ་ཡིནནོ།། ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་དོན་དུ་སྤྱོད་པ་ལ་མཁས་པའོ།། ཇི་ལྟར་འདོད་པས་སྤྱོད་པ་ནི་ཇི་ལྟར་འདོད་པས་ལོངས་སྤྱོད་པ་སྟེ། འདོད་དགར་ཟ་བ་དེ་དག་དང་ངོ་།། དགེ་སློང་གི་འཁོར ་གྱི་ནང་དུ་འདུས་པ་ཉིད་ཡིན་པའི་ཕྱིར་དགེ་ཚུལ་ཡང་འདིར་དགེ་སློང་དུ་བརྗོད་པ་ཡིན་ནོ།། ལོ་གསུམ་གྱིས་མཆོད་པ་ཞེས་བྱ་བ་ནི་ཡོངསུ་རྫོགས་པའི་ལོ་གསུམ་གྱི་མཆོད་པར་གྱུར་པ་དང་ངོ་།། ཁྲི་རྐང་པ་མཐོན་པོ་ཅན་སྟང་མ་ལ་སྟན་གྱིས་ནོན་པ ་པ་ནི་ཁྲིའོ།། ཁྲི་རྩཝའི་ཐག་པ་ཅན་ཞེས་བྱ་བ་ནི་མལ་སྟན་མེད་པ་རྩཝ་དང་ལྷས་པའི་ཁྲི་ཡིན་ཏེ། ངོའི་ཚུལ་ཅན་གྱི་ཉེས་དམིགས་བྱེད་པ་འདིར་གནས་པ་ཡིན་པར་རིག་པར་བྱའོ།། སྤྱོད་པ་ཞེས་བྱ་བ་ནི་མི་སྨྲ་བ་ལ་སོགས་པས་སྤྱོ་བ་དག་གིས། ཕོར་བུ་ནི་ཁ ་ཕོར་ཆུང་ངུའོ།། ཡལ་བར་མི་དོར་བ་ནི་འབྲེལ་པ་དང་བཅས་པར་རོ།། བསླུས་ནས་ཁྲིད་པ་ཞེས་བྱ་བ་ནི་བསླུས་ནས་ལམ་མ་ཡིན་པ་ལ་འཇོག་པའོ།། ཁ་དྲངས་པ་ནི་གོས་ལ་སོགས་པ་སྦྱིན་པའི་ཐབས་ཀྱིས་སྒྲུབ་པར་བྱེད་པའོ།། མནར་དོར་བ་ནི་བདས ་ཚིག་འདི་བདེན་པ་ཡིན།། ས་འདིར་སྒྲུབ་པར་བྱེད་བའི་ཚིག་ཡིན་ན།། བདེན་པའི་བསམ་པ་སྟེ། སེམས་རབ་ཏུ་འབྱུང་བ་གང་སྣང་བད་ལ་འདི་དང་སྐད་རྒྱས་བྱུའོ།། ཤཱུ་ཎྜ་བྱུང་བ་སླུས་པ་ཁ་ན་ཤྩ་དྡྷ་བྱུང་བཱ་ས་ན་བདུན་པ་སྨྲ་བ་ཉིད་དུ་དྲུགས། ་ཡིན་གྱི། མནའ་དོར་བར་བྱེད་པའི་སྒོ་ནས་མ་ཡིནོ།། ཞེས་བྱ་བར་དགོངསོ།། ཡུལ་འཛུགས་པ་ཞེས་བྱ་བ་ནི་རྟེའུ་འཛུགས་པ་ཡིན་ཏེ། གལ་ཏེ་བདག་གི་ཚིག་འདི་དེ་བཞིན་དུ་མི་འགྱུར་ན་བདག་གིས་གོས་དེ་སྦྱིན་པར་བྱའོ།། ཞེས་བྱ་བ་ལ་སོགས་པ ་ལྟ་བུའོ།། ཁྱད་པར་དུ་ཐོབ་པར་བྱེད་པས་ན་ཡལ་འཇུགས་པ་སྟེ། བལྟས་པ་མེད་པར་སྦྱིན་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་འཛུགས་པ་ནི་གཏའ་མའི་ཚུལ་གྱིས་ཐ་སྙད་དུ་བྱེད་པའོ།། རུལ་པ་ནི་འདིར་སྡུག་གི་གོད་ཀྱི་ཤ་གོད་ཀྱི་ཤ་ཡིན་ནོ།། ཁེངས་པ ་ཞེས་བྱ་བ་ནི་མི་འདོད་པའི་ངང་ཚུལ་ཅན་ནོ།། ང་རྒྱལ་ཅན་ནི་ལྷག་པའི་ང་རྒྱལ་གྱིས་ཁྱོད་དུ་གྱུར་པའོ།། གཙེས་པ་ནི་གནས་ཁང་དུ་འཇུག་པར་བྱེད་པས་སོ།། བཟློག་པར་བྱའོ་ཞེས་བྱ་བ་ནི་བྱ་བ་མ་ཡིན་པས་བཟློག་པར་བྱེད་པའོ།། ཅི་ཁྱེད་ཀྱིས་དགོངས ་སམ་ཞེས་བྱ་བ་ནི་ཁྱོད་ཀྱིས་དགོངས་པ་ལ་རིགས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། ཞེས་བྱ་བར་བསམས་པའོ།། ཡང་བགོ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རྙེད་པ་འགོད་པའི་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་མ་བྱས་པའི་ཕྱིར་ཉེ་བར་བགོས་པའོ།། ང་སྨྲས ་ཏེ་ཞེས་བྱ་བ་ནི་མི་སྣང་བར་རྣམ་པར་གནས་པའོ།། རྒན་པའི་མཐའ་ནས་གཞོན་པའི་མཐའི་བར་དུ་ཁྱེར་བ་ནི་བྲིམས་པའོ།། གལ་ཏེ་འགའ་ཞིག་སྐལ་བ་ལེན་པར་བྱེད་ན་ཀུན་བལྟོས་ཏེ། དེ་ལ་སྦྱིན་པར་བྱ་ཞིང་ཞེས་ཏེ། དགེ་འདུན་གྱིས་བགོ་བ ་བྱ་བ་ཡི་ནོ།། མཆོག་ཏུ་འབྱོར་པ་ནི་ཁྱད་པར་དུ་འཕགས་པའི་ཕུན་སུམ་ཚོགས་པའོ།། གླང་པོ་ཆེའི་འདུལ་སྦྱོང་མ། ན་ཞེས་བྱ་བ་ནི་གླང་པོ་ཆེ་སློབ་སྐྱོང་གི་དབང་དུ་བྱས་པ་འམ། གླང་པོ་ཆེའི་གཙོ་བོ་ལ་ཞོན་པའོ།། སྣོད་ཅིག་ཅེས ་བྱ་བ་ནི་དོན་མེད་པར་སྟོན་པར་བྱེད་པའི་ངག་གི་འགྱུར་བའོ།། ཕན་པ་ཆེར་བགྱིས་པར་འགྱུར་བའོ།། ཞེས་བྱ་བ་ནི་ལས་སུ་བྱ་བ་ཆེན་པོར་བྱས་པར་འགྱུར་བའོ།། གླང་པོ་ཆེ་མཆོག་དང་མཆོག་ཅེས་བྱ་བ་ནི་གཙོ་བོ་གཙོ་བོ་དག་གོ།། མེ་ཏོག་ཅན་གྱི ་ནོགས་ཞེས་བྱ་བ་ནི་ཅུང་ཟད་ཁོ་འབུས་པའོ།། གླང་པོ་ཆེ་དག་གི་ནང་ན་རིན་པོ་ཆེ་དང་འདྲ་བ་ནི་གླང་པོ་ཆེ་ཅང་ཤེས་ཏེ། གཟུགས་དང་ཡོན་ཏན་དང་ཡོངསུ་ཤེས་པ་དང་ལྡན་པའི་ཕྱི་རོ།། རྟ་ཅང་ཤེས་བྱ་བ་ཡང་དེ་བཞིན་ནོ།། སྟག་གི་པགས་པའི ་ལྷམ་ཞེས་བྱ་བ་ནི་རྐང་པ་སྐྱོབ་པ་ལ་ལྷམ་གྱི་སྒྲས་བརྗོད་པ་ཡིནོ།། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་ལྔ་པ་རྫོགསོ།། ། པགས་པའི་འབྲེང་བུ་ནི་པག ་པའི་རྒྱུ་ནོ།། བྲང་ལྷན་ཞེས་བྱ་བ་ནི་སོར་མོའི་རྩེ་མོ་ཡོངསུ་བསྒྲུབས་པར་བྱ་བའི་ཕྱིར་ལྷམ་གྱི་མདུན་གྱི་ཆའི་སྟེང་དུ་པགས་པ་སོར་གཉིས་ཙམ་ལ་སྲིད་ཀྱི་ཚད་སོར་བཞི་པའི་པགས་པས་གླན་པ་གང་ཡིན་པ་དེ་ནི་ལྷམ་གྱི་སྣ་གཉིས་སྦྱར་བ ་ཅན་ཡིན་ཏེ། བྲང་ལྷན་ཞེས་བསྟན་ཏོ།། དེ་བཞིན་དུ་རྐང་པའི་རྟིང་པའི་ཕྱོགས་ཡོངསུ་བསྲུང་བར་བྱ་བའི་ཕྱིར་དཔངས་སོར་གཉིས་སྲིད་དུ་སོར་བཞི་པའི་པགས་པས་ནང་ལྷན་བྱས་པའི་ལྷམ་དེ་ནི་རྟིང་ལྷན་ཅན་ཞེས་གསུང་སོ།། བོལ་ཅན ་ཞེས་བྱ་བ་ནི་རྐང་པ་ནས་ལོང་མོའི་མཐར་ཐུག་པ་ཁྱབ་པའི་པགས་པའི་ལྷམ་རྣམ་པ་དུ་མ་ཡོད་དུ་ཟིན་ཀྱང་བོལ་ཅནྡ་ཞེས་བསྟན་པ་ཡི་ནོ།། ལྷ་མ་ཡུ་ཐུང་ནི་རྗེ་ངར་གྱི་ཕྱེད་ཁྱབ་པའི་ལྷ་མ་ཡི་ནོ།། ཡུ་རིངས་ནི་རྐང་པའི་མཐིལ་ནས་པུས་མོའི ་མཐར་ཐུག་པར་ཁྱབ་པའི་ལྷ་མ་ཡིནོ།། འགྱོད་པ་ཞེས་བྱ་བ་ལ་སོགས་པ་ནི་སྔར་རྣམ་པར་ཕྱེ་བ་བྱས་པ་ཡིན་པའི་ཕྱིར་ཡང་མི་བཤདོ།། བྱང་ཆུབ་སེམས་དཔའ་སྟེ་མངོན་པར་སེམས་པ་གང་ལ་ཡོད་པ་དེ་ནི་སེམས་དཔའ་ཡིན་ལ། བྱང ་ཆུབ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཡིནོ།། ཇི་ལྟར་ཡོད་བྱང་ཆུབ་སེམས་དཔས་བདུད་བཞི་པོ་བཅོམ་པ་མེད་པ་དེ་ལྟ་ན་ཡང་བཅོམ་ལྡན་འདས་ཤཱཀྱ ་ཐུབ་པ་འདི་ཉིད་བྱང་ཆུབ་སེམས་དཔར་གྱུར་པ་ཡིན་པའི་ཕྱིར་བྱང་ཆུབ་དང་ཐག་ཉེ་བའི་བྱང་ཆུབ་སེམས་དཔའ་ལ་བཅོམ་ལྡན་འདས་ཞེས་གཅིག་ཏུ་ཐ་སྙད་དུ་བྱས་པ་ཡིན།། གཟིགས་པ་རྣམ་པ་ལྔས་ཞེས་བྱ་བ་ནི་དུས་དང་། རིགས་དང་། ་ཡུལ་དང་། རྒྱུད་དང་། བུད་མེད་ལ་གཟིགས་པར་འཆད་པར་འགྱུར་བ་དག་གིསོ།། ལན་གསུམ་ཡོངསུ་སྦྱང་བ་བྱས་ནས་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དག་ལན་གསུམ་གྱི་བར་དུ་ཡོངསུ་སྦྱང་བར་བྱས་པོ་སྟེ། སྦྱང་བ་བྱས་པ་དང ་རུང་བ་ཉིད་དུ་བྱས་པ་ཡི་ནོ།། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ནུས་པ་ངེས་པ་དང་དེའི་རྗེསུ་འཇོག་པ་ཡོངསུ་བྱང་ཆུབ་པའི་སྣོད་དུ་རུང་བར་མཛད་པ་ཡིན་གྱི། གཟུགས་ན་སྤྱོད་པའི་ལྷ་དག་ནི་བདེན་པའི་སྣོད་མ་ཡིན་པ་དང་། ་སངས་རྒྱས་འབྱུང་བ་མ་མཐོང་བའི་ཕྱིར་ཡོངསུ་སྦྱང་བར་བྱ་བ་མ་ཡིན་ནོ།། འགྲོ་བ་རྨི་ལམ་ལ་བཀྲ་ཤིས་པར་འདོད་པ་དེ་བས་ན་འགྲོ་བ་བདག་ཉིད་ལ་བསྟན་པར་བྱ་བའི་ཕྱིར་རྒྱ་ཆེ་བའི་སྣང་བའི་འོད་མཐུ་ཆེན་པོའི ་སྣང་བས་ཁྱབ་པར་གྱུར་ཏེ། ཉི་མའི་སྣང་བས་ལྷག་པ་ཉིད་ཀྱི་ཕྱིར།། འཇིག་རྟེན་ནི་སྣོད་ཀྱི་འཇིག་རྟེན་ཡིན་ལ། འཇིག་རྟེན་གྱི་བར་ནི་ཁོར་ཡུག་གིས་ཟླུམ་པོར་བྱས་པ་བཞི་པོ་དག་གི་ཡང་ཕྲོག་ལ་བྱའོ།། མུན་པས་མ་མཐོང་བའི་ཕྱིར ་འཇུག་པ་མེད་པར་འགྱུར་བ་མུན་པའི་ཐད་ལས་མུན་ནག་ཏུ་བཅུད་པ་ཡིན་གྱི། མིག་དང་བྲལ་བའི་ཕྱིར་ནི་མ་ཡིན་ཏེ། མུན་པས་མུན་གནག་ཏུ་གྱུར་པ་ཡིན་གྱི། མུན་པ་གཞན་གྱིས་མུན་པ་དང་ལྡན་པ་མ་ཡིན་ཞིང་རྒྱལ་བ་ལ་སོགས ་པས་བྱས་པ་ལས་མུན་ནག་ཏུ་འགྱུར་བ་ཡང་མ་ཡིན་ནོ།། གང་གི་ཕྱིར་རྒྱལ་བ་ལ་སོགས་པས་བྱས་པས་ཀྱང་མུན་པར་མཐོང་བའི་འཁྲུལ་པ་དེའི་ཕྱིར་མུན་པ་མུན་གནག་བྱེ་བྲག་ཏུ་བྱས་པ་ཡིན།། རྫུ་འཕྲུལ་ཆེན་པོ་ནི་རང་ཉིད་ཀྱི་ཡོན ་ཏན་ཕུན་སུམ་ཚོགས་པ་ཁོ་ནས་སོ།། མཐུ་ཆེན་པོ་ནི་གཞན་ལ་ཕན་འདོགས་པ་ཁོ་ནས་སོ།། འགའ་ཞིག་བདག་ཉིད་ཀྱིས་ཕུན་སུམ་ཚོགས་པ་དག་ནི་ཡོད་ཀྱི་གཞན་ལ་ཕན་འདོགས་པ་དག་ནི་མ་ཡིན་ཞེ་ན། དེ་དག་ནི་བདག་ཉིད་རྫུ ་འཕྲུལ་དང་ལྡན་པ་ཡོད་དང་གཞན་ལ་ཕན་འདོགས་པ་དག་འགྱུར་རོ།། འོད་ཀྱིས་ཞེས་བྱ་བ་ནི་འོད་ཟེར་སྟོང་གི་གཟུགས་ཀྱིས་སོ།། སྣང་བ་ནི་གསལ་བ་ཡིན་ལ། བྱེད་མ་ནུས་པ་ནི་ཟིལ་གྱིས་གནོན་པར་མ་ནུས་པའོ།། གང་གི་ཕྱིར་འོད་སྣང ་བར་གྱུར་པས་ཀྱང་དེ་དག་སྣང་བར་བྱ་བ་ཉིད་དུ་ནུས་པ་མེད་པའོ།། ཁྱབ་པ་དང་ནི་གསལ་བར་གྱུར་པའོ།། རང་གི་དཔུང་པ་ནས་ཞེས་བྱ་བ་ནི་ཐག་ཉེ་བ་ནས་སོ།། ལུས་ཀྱིས་དབང་པོས་བཟུང་བ་དང་རེག་པ་ན་མཐོང་བར་ཡང་མི་ནུས་ན་འོན་ཀྱང ་གཞན་དུ་ལྟ་ཅི་སྨོས། ཀྱེ་སེམས་ཅན་གཞན་ཡང་ཞེས་བྱ་བའི་ཚིག་གཉིས་ནི་དགའ་བ་ཡིན་ཏེ། གང་གི་ཕྱིར་དེ་དག་དགའ་བོར་གྱུར་པ་ངའི་ཚེ་འགྱུར་ཏེ། སེམས་ཅན་གཞན་མཐོང་བའི་ཕྱིར་རམ་སྐྱོ་བ་ཡིན་ཏེ། གཞན་དག་གིས་སྡུག ་བསྔལ་མཐོང་བ་ལས་ཀྱང་སྐྱོ་བར་འགྱུར་བ་ཡི་ནོ།། ཨ་རྀ་དྭའི་རྒྱུད་ཡིན་པས་ན་ཚངས་སྦྱིནྡོ།། གཟུགས་ཅ་ནོ་སྙིང་པོ་ཞེས་བྱ་བ་ནི་འདི་ལ་གཟུགས་དཔར་བྱ་བ་ཡོད་པས་ན་གཟུགས་ཅན་ཡིན་ལ། སྙིང་པོ་ནི་རྒྱལ་སྲིད་བརྟན་པོར་བཅུགས ་པ་ཉིད་ཀྱི་ཕྱི་རོ།། གསལ་བ་ལས་ཀྱང་གསལ་ཞིང་དྲི་མ་མེད་པ་ནི་གཽ་སལ་ཞིང་གསལ་བཱ་ཡཻནཱི་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱེས་པར་གྱུར་པའི་འོད་ཀྱིས་ལྗོངས་མུན་པ་གསལ་བཞིན་དུ་གྲགས་པ་དང་ལྡན་པས་ན་གསལ ་རྒྱལ་ཏེ་གསལ་བར་བྱས་པ་ཞེས་བྱ་བའི་བར་དུའོ།། འཇིག་པ་ལ་མཁས་པ་ཞེས་བྱ་བ་ནི་འཇིག་རྟེན་འཇིག་པ་ལོ་མཁས་པ་སྟེ། གང་གི་ཕྱིར་འཇིག་པའི་དུས་སུ་སེམས་ཅན་དགེ་བསམ་པ་ཅན་ཅིག་ཏུ་འདུ་ཞིང་འཚེག་པའི་ཕྱིར་འཇིག ་འཇིག་རྟེན་གྱི་ཡང་སྲིད་ལྡོག་པ་དེའི་རྣམ་པར་དཔྱད་པ་ཤེས་པ་ནི་མཁས་པའོ།། ཡང་ཡང་ཞེས་བྱ་བ་ནི་ལང་དང་ཡང་དུའོ།། ཆེན་པོ་ནི་རྒྱ་ཆེན་པོས་སོ།། ཁྱབ་པ་གསལ་བར་གྱུར་པས་སོ།། ཅི་ཉི་མ་བདུན་ཅིག་ཅར་ཤར་པོར་གྱུར་ཏ ་དེ་དག་གང་ཞེས་དོགས་པ་ལ་སྨྲས་པ། འདི་ལྟར་ཞེས་བྱ་བ་ལ་གུང་གི་ཕྱིར་རི་དང་། ཕུག་ཏུ་བཅས་པ་འོད་ཟེར་ཏེ་འོད་ཀྱིས་གསལ་བར་གྱུར་པ་ཡིན་ཏེ། ཉི་མ་སྟེ་སྣང་བྱེད་ཀྱི་འོད་ནི་རྣོ་ཞིང་བསྲེགས་པ་ཡིན་ལ ་བསིལ་བ་ནི་འོད་འདི་ནི་དགའ་བ་སྐྱེད་པར་བྱེད་པ་ཡི་ནོ།། ངེས་པ་ནི་དེ་དག་ཐུབ་པའི་འོད་ཡིན་པས་གསལ་བའོ།། དེ་དག་གང་ལས་ཤེ་ན། སྨྲས་པ། གང་གི་ཕྱིར་ལུས་དེ་གཟུགས་འདི་ལ་རབ་ཏུ་འཇུག་པ་བཞིན་དུ་ལུས་ཐམས་ཅད ་ལ་དགའ་བ་བསྐྱེད་པ་ཉིད་ཡིན་པའི་ཕྱིར་རོ།། གདོན་མི་ཟ་བ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་འབྱུང་བའི་དྲི་མ་མེད་པའི་འོད་ཡིན་པས་ཤིན་ཏུ་གསལ་བའོ།། འོད་ཆེན་པོ་ཅན་ཞེས་བྱ་བ་ནི་འོད་གང་ལ་ཡོད་པ་དེ་ནི ་བྱང་ཆུབ་སེམས་དཔའ་འོད་ཆེན་པོ་ཅན་ནོ།། གསེར་གྱི་ཁ་དོག་ལྟ་བུ་ཞེས་བྱ་བ་ནི་གསར་བཙོ་མིའི་མདོག་ལྟ་བུསོ།། འཇིག་རྟེན་གསུམ་དུ་ཞེས་བྱ་བ་ལ་འཇིག་རྟེན་པའི་གཞུང་གིས་ནི་ལྷ་དང་ཀླུའི་འཇིག་རྟེན་དག་ཡིན་ལ། གྲུབ ་པོའི་མཐའི་ཚུལ་གྱིས་ནི་མཱི་དང་འདོད་པ་ན་སྤྱོད་པའི་ལྷ་དང་གཟུགས་ན་སྤྱོད་པའི་ལྷ་དྲུག་གི་གནས་སྐབས་ནི་འཇིག་རྟེན་གསུམ་ཡིན་ནོ།། མཐུ་ཆེ་བ་མཐུ་ཆེ་བ་ཞེས་བྱ་བ་ནི་གཙོ་བོ་གཙོ་བོར་གྱུར་པའོ།། བལྟ་བར་དཀའ་བ་ནི ་བལྟ་བ་ཉིད་དུ་ནུས་པ་མ་ཡིན་པའོ།། བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་དབང་གིས་སེར་སྐྱའི་གནས་བསྙེན་བཀུར་བ་ལ་སོགས་པ་སྐྱེས་པ་དེ་དག་ནི་རྣམ་པར་སྨིན་པའི་རང་བཞིན་གྱི་དངོས་པོ་གང་ཡིན་པ་དེ་དག་ཐམས་ཅད ་རང་གི་ལས་ཁོ་ན་ལས་གྲུབ་པ་ཡིན་གྱི་གཞན་གྱིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་ཉམ་སུ་མྱོང་བར་ནུས་པ་མ་ཡིན་པའི་ཕྱིརརོ།། དགའ་བ་སྐྱེས་པ་ཞེས་བྱ་བ་ནི་རྙེད་པ་འཕེལ་བར་གྱུར་པའོ།། དོན་ཐམས་ཅད ་ཅེས་བྱ་བ་ལ་འབྱོར་པ་ཐམས་ཅད་མ་བསགས་པར་གྲུབ་པ་སྟེ་འབྱོར་པའོ།། ལས་ཀྱི་མཐའ་ཐམས་ཅད་ཅེས་བྱ་བ་འདིས་ནི་ཕུན་སུམ་ཚོགས་པ་རྩོམ་པ་དང་གྲུབ་པོའི་རྒྱུ་བསྟན་པ་ཡིན།། ཁྱོགས་ནི་འདེགས་པའི་ཁྲིའོ།། ང་རྒྱལ་ཅན ་ཞེས་བྱ་བ་ནི་རིགས་ལ་སོགས་པས་བདག་ཉིད་དང་འདྲ་བ་གཞན་མ་མཐོང་བའི་ཕྱིརརོ།། ཁ་དྲག་པ་ཞེས་བྱ་བ་ནི་ཞུམ་པ་མེད་པར་སྨྲ་བའོ།། མི་འཇིགས་པ་ཞེས་བྱ་བའི་ཚིག་གི་འཇུག་པ་ཐམས་ཅད་ལ་གུས་པ་མེད་པར་སྤོབས་པ་སྐྱེ་བ ་འོ། ཐུབ་པ་ཞེས་བྱ་བ་ནི་དགུ་གི་འཇུག་པ་ཉེ་བར་ཞི་བའོ།། གཉུག་མརྲ་གནས་པ་ཞེས་བྱ་བཱ་ནི་རྟག་ཏུ་གནས་པའོ།། དེའི་དྲུང་དུ་ཞེས་བྱ་བ་ནི་ཤཱཀྱའི་སྐྱེད་བྱེད་ཀྱི་ལྷ་སྟེགས་ལ་མངོན་དུ་ཕྱོགས་པ་དག་གིསོ།། མྱུར་བཱི་ཝོ་སོང་ཊ་ཀྵེ་བྷཱུ་ནི་མགྱོན་བས ་སོ།། ལྷ་རྣམས་ཀྱིས་ཀྱང་མཆོད་པ་ཉིད་ཀྱི་ཕྱིར་ལྷའི་ལྷའོ།། རྒྱུ་མཚན་གྱིས་ཐ་སྙད་དུ་བྱེད་པའི་ཕྱིར་མཚན་མཁན་ནོ།། སྐར་མཁན་ནི་སྐར་མོའི་བསྟན་བཙོས་ཀྱི་རྣམ་པར་དབྱེ་བ་ལ་མཁས་པར་གྱུར་པའོ།། སྐྱེས་བུ་ཆེན་པོའི་མཚན ་སུམ་ཅུ་རྩ་གཉིས་ནི་ཞབས་ལེགས་པར་གནས་པ་ལ་སོགས་པའོ།། རྣམ་པ་གཉིས་སུ་འགྱུར་རོ།། ཞེས་བྱ་བ་ནི་རྣམ་པ་གཉིས་ཀྱི་གནས་སྐབསུ་འགྱུར་བའོ།། ཁྱིམ་པ་ནི་ཁྱིམ་ན་གནས་སོ།། ཁྱིམ་གྱི་ནང་དུ་གནས་ན་ཞེས་བྱ་བ་ནི ་ཆུང་མ་ཡོངསུ་ལེན་པར་བྱེད་པའོ།། འཁོར་ལོས་རྒྱལ་སྲིད་སྦྱར་ཞིང་སྒྲུབ་པར་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་འཁོར་ལོས་སྒྱུར་བའོ།། ལྷུན་པོ་ལ་བལྟོས་ནས་གླིང་བཞི་པའི་མཐའ་གང་ལ་ཡོད་པ་དེ་ནི་གླིང་བཞི ་བའི་མཐའ་ལ་སོ།། རྒྱལ་བ་ནི་རྒྱལ་བའི་ངང་ཚུལ་ཅན་ནོ།། ཆོས་སྤྱོད་པར་བྱེད་པའི་ཕྱིར་ཆོས་དང་ལྡན་པའོ།། ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་ཆོས་ཀྱི་རྒྱལ་པོ་ཅན་ཡིན་ཏེ། ཆོས་ཀྱི་ཡུལ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིརརོ།། རིན་པོ་ཆེ་ནི་རྙེད ་དཀའ་བ་དང་། མངོན་པར་འདོད་པའི་དོན་གྲུབ་པར་བྱེད་པའོ།། ཁྱིམ་བདག་རིན་པོ་ཆེ་ནི་བང་མཛོད་ཀྱི་བདག་པོ་བྱེད་པའོ།། བློན་པོ་རིན་པོ་ཆེ་ནི་སྡེ་དཔོན་ནོ།། སྒྲ་དང་ཁ་སྤུ་བྲེགས་པ་ཞེས་བྱ་བ་ནི་ན་ཚོད་ལ་བབ་པའི་ནང་གི་སྤྲས་པ་སྒྲ་དང ་ཁ་སྤུ་རྒྱགས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བྲེགས་ཏེའོ།། གོས་དཀར་པོ་དྲི་མ་མེད་པ་ཕྱི་རོལ་གྱིས་སྤྲས་པ་ཡོངསུ་སྤངས་ནས་གོས་ངུར་སྨྲིག་སྟེ། སེར་པོ་བགོས་ནས་སོ།། ཡང་དག་པར་དད་པ་ཁོ་ནས་ཞེས་བྱ་བ་ནི་ཡོན་ཏན་ཡོངསུ ་པ་སྔོན་དུ་སོང་བ་ཅན་གྱི་དད་པ་ནི་ཡང་དག་པའི་དད་པ་ཁོ་ན་ཡིན་ཏེ། ངེས་རབ་ཏུ་བྱུང་བར་གྱུར་ནའོ།། འདིར་བྱུང་བ་ནི་ངེས་པར་བྱུང་བ་དང་འགྲོ་བ་ལ་འཇུག་པ་ཡིན་ཏེ། ཁྱིམ་ནས་ངེས་པར་འབྱུང་བར་འགྱུར་ཞིང་ཁྱིམ་མེད་པར་འགྲོ་བར ་འགྱུར་བ་ཡིན་ལ། ཁྱིམ་ཆུང་ངུ་ནི་ཁྱིམ་ཡིན་ཏེ། ཁྱིམ་ལས་ངེས་པར་བྱུང་བ་དེ་ལ་ཆུང་མ་དང་འདྲེ་བ་ཞེས་བྱ་བའི་ཁྱིམ་ཆུང་ངུ་ཡང་མེད་པའི་ཕྱིར་ཁྱིམ་མེད་པར་འགྲོ་བར་འགྱུར་བའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད ་གྷསུང་བའོ།། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤང་བའི་ཕྱིར་དགྲ་བཅོམ་པའོ།། སྒྲ་གྲགས་པར་འགྱུརོ་ཞེས་བྱ་བ་ནི་ཐམས་ཅད་དུ་གྲགས་པ་གསལ་བར་འགྱུར་བའོ།། བྱང་ཆུབ་སེམས་དཔའི་མཐུས་དྲང་སྲོང་ནག་པོའི་རྫུ་འཕྲུལ ་ཟིལ་གྱིས་མནན་ནས་ཞེས་བྱ་བ་ལ་ཡང་དག་པར་སངས་རྒྱས་པོའི་གནས་སྐབས་བཅོམ་ལྡན་འདས་ཀྱིས་ཐད་དུ་དྲང་སྲོང་བརྒྱ་ཕྲག་མང་པོ་འོངས་ཀྱང་གཅིག་གི་རྫུ་འཕྲུལ་ཡང་ཟིལ་གྱིས་མ་མནན་པ་མ་ཡིན་ནམ། བྱང་ཆུབ་སེམས ་དཔའི་མཐུ་ལས་བཅོམ་ལྡན་འདས་ཀྱི་མཐུ་ཆེར་འཕགས་པ་ཡིན་པའི་ཕྱིར་དེ་དག་ཇི་ལྟར་རིགས་ཤེ་ན། འདི་ལ་བླ་མ་དག་གཙང་མ་རིས་ཀྱི་ལྷའི་བུ་དག་གིས་དེའི་རྫུ་འཕྲུལ་གྱི་བར་ཆད་བྱས་པ་ཡིན་ཏེ། གང་གི་ཕྱིར་དེ་དག་གིས་དྲང་སྲོང ་ནག་པོ་ལ་མངོན་པར་དད་པའི་ལྷ་དང་མིའི་གཙོ་བོར་གྱུར་པ་མང་པོ་དག་དེ་ལ་ཡང་སྟོན་པའི་བློ་ཉིད་སྐྱེད་པར་བྱེད་པ་མཐོང་ནས་དེའི་རྫུ་འཕྲུལ་ཟིལ་གྱིས་མནན་པ་ལས་ཀྱང་དེ་ལ་མངོན་པོར་དད་པ་དག་འདི་ནི་ཤིན་ཏུ་ཆེན་པོ་ཡིན་ཏེ། དང ་གི་ཕྱིར་འདི་སྐྱེད་པས་དྲང་སྲོང་ནག་པོའི་རྫུ་འཕྲུལ་ཟིལ་གྱིས་མནན་པ་ཡིནོ།། ཞེས་གུས་པ་ཆེན་པོ་སྐྱེས་པོར་གྱུར་པ་མང་པོ་དག་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་ལྷ་དག་གིས་དེ་ལྟར་བྱིན་གྱིས་བརླབས་པ་ཡིན།། ་ཞེས་སྟོན་པར་བྱེད་དོ།། བྱང་ཆུབ་སེམས་དཔའི་སྐྱེས་པའི་དུས་ཀྱི་མཚུངས་པ་དེ་མ་ཐག་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་མཐུས་ཤེས་བཤད་པ་ཡི་ནོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་མཆོད་པའི་ཆོ་ག་ཡིནོ།། མཆོད་པ་ནི ་འབྲས་ཡོས་ལ་སོགས་པ་བཀྲ་ཤིས་པ་སྟོན་པར་བྱེད་པའོ།། རྐང་པ་ལ་མཁོ་བ་ནི་རྐང་པ་ལ་འོས་པའི་ཆུ་ལ་སོགས་པ་བསྟབས་པའོ།། ཐུབ་པ་ནི་ཉོན་མོངས་པས་སྨྲ་བ་ཉེ་བར་ཞི་བའི་ཕྱིརོ།། ལྟ་བར་འདོད་པ་ནི་ལྟ་བར ་འདུན་པའོ།། འཇིག་རྟེན་མ་ལུས་པས་མཆོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་འཇིག་རྟེན་གཙོ་བོའོ།། སྐྱེ་བོ་གདུལ་བྱ་ཁྱད་པར་དུ་འདྲེན་པར་མཛད་པའི་ཕྱིར་འདྲེན་པའོ།། གང་གི་ཕྱིར་འདིར་འགྱུར་བ་ལ་ཐུབ་པ་ཞེས་བྱ་བ་ལ་སོགས་པའི ་མཚན་རབ་ཏུ་སྦྱར་བ་ཡིནོ།། ཉལ་བ་ཞེས་བྱ་བ་ནི་གཉིད་ལོག་པ་སྟེ་ཚིག་དེ་ནི་བཀྲ་ཤིས་སྟོན་པར་བྱེད་པ་ཡིནོ།། མི་འཛུམ་པ་ཞེས་བྱ་བ་ནི་ཕྱེ་བ་དང་འཛུམ་པ་དང་བྲལ་བའོ།། རིགས་དང་ལྡན་པའི་ཞེས་བྱ་བ་ནི་རྟ་ཙོང་ཤེས་ཀྱི་ཡོན་ཏན ་དང་ལྡན་པའོ།། ནམ་ཕྱེད་ཀྱི་ཕྱེད་ལྟར་ཞེས་བྱ་བ་ནི་ཐུན་གཅིག་ཙམ་ཉལ་བའོ།། དགོས་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་ཁྱད་པར་ཅན་བྱེད་པར་འདོད་པའོ།། བྱང་ཆུབ་པའི་མཚན་ཞེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བཱི ་མཚན་ནོ།། ཇི་ཙམ་ན་འཆི་བ་མེད་པ་ཐུག་སུ་ཆུད་པར་འགྱུར་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སམ། བྱང་ཆུབ་ཀྱི་ལམ་གྱོས་མྱ་ངན་ལས་འདསོ་པ་ཐོབ་པར་འགྱུར་རོ།། ཞེས་བྱ་བའོ།། འདོད་པ་ན་སྤྱོད་པའི་སྲེད་པ་སྐྱེ་བར ་འགྱུར།། ཞེས་བྱ་བ་ནི་སེམས་སྐྱེ་བས་ཡོངསུ་ཟིན་པ་སྟེ། འདོད་པོ་ལ་ཡིད་འབྱུང་བའི་ཕྱིར།། མིག་མཆི་མས་ཡོངསསུ་ཁྱབ་པར་གྱུར་ཏེ། ཞེས་བྱ་བ་ནི་མིག་ཆུས་ཡོངསསུ་ཁྱབ་པར་གྱུར་པའོ།། ཀྱེ་སའི་དབང་པོ་རྟོག་གེ་ཞེས་བྱ་བ་སོགས ་པ་ལ་རྟོག་ག་ནི་སྐར་མའི་རྩིས་ཤེས་པ་ཡིན་ལ། བློ་སྟེ་ཤེས་པ་འཁྲུལ་པ་ནི་ཡོངསུ་ཤེས་པ་ཉིད་དང་བྲལ་བ་ཉིད་ཀྱི་ཕྱིར་གང་གིས་འདི་ལ་འཁོར་ལོས་སྒྱུར་བ་ཉིད་དུ་དེ་དག་གིས་ལུང་བསྟན་པ་འཁྲུལ་པ་ཡིནོ།། དེ་གང་ལས་ཤེ་ན། ་རྩོད་དུས་ན་ནི་འཁོར་ལོས་སྒྱུར་བ་ཞེས་སྨོས་ཏེ། ནིའི་སྒྲ་ནི་གང་གི་ཕྱིར་དོན་ཡིན་ཏེ། ཚེ་ལོ་བརྒྱ་པའི་དུས་ཡིན་ན་དེའི་ཚེ་ཇི་ལྟར་འཁོར་ལོས་སྒྱུར་བ་འབྱུང་བར་འགྱུར། བསོད་ནམས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཡིན་ལ། ་མཆོག་གི་དམ་པ་ཡིན་པས་ན་བསོད་ནམས་མཆོག་གིའོ།། ཆོས་ནི་བཀར་གཏོགས་པ་ཡན་ལག་བཅུ་གཉིས་པའོ།། འདི་ཆོས་ཀྱི་མཛོ་ད་དང་སྣོད་ཡིན་པའི་ཕྱིར་དེའི་ཆོས་ཀྱི་མཛོད་དོ།། ཉེས་པ་ནི་འདོད་ཆགས་ལ་སོགས་པ་ཡིན ་ལ། བཅོམ་པ་ནི་འདོད་ཆགས་ལ་སོགས་པ་བག་ཆགས་དང་བཅས་པ་སྤངས་པར་གྱུར་ནས་སངས་རྒྱས་དག་ཏུ་འགྱུར་རོ།། འདི་ལྟར་འདིར་འཁོར་ལོས་སྒྱུར་བར་མི་འགྱུར་བ་དེ་ཅིའི་ཕྱིར་ཞེ་ན། མཚན་གསལ་བ་དག་གིས་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་ཤིན་ཏུ་གསལ་བ་དག་གིས་མཚན་པ་ནི་འཁོར་ལོས་སྒྱུར་བར་མི་འགྱུར་ལ། ཐུབ་པའི་དབང་པོ་དག་ནི་མཚན་ཤིན་ཏུ་གསལ་བའི་མཚན་གྱིས་ཉེ་བར་མཚོན་པ་ཡིན་ཏེ། འདིའི་མཚན་ནི་རབ ་ཏུ་གསལ་བ་དེའི་ཕྱིར་དེ་ནི་ངེས་པར་སངས་རྒྱསུ་འགྱུར་རོ།། ཆོས་ཀྱི་འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་གྱི་འཁོར་སྐོར་བའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིརརོ།། སེམས་དོགས་པར་འགྱུར་བ་ནི་འདིའི་སེམས་དོགས་པ ་བཅས་པར་འགྱུར་བ་འམ། སྐྱོ་བ་ཐོབ་པར་འགྱུར་བའོ།། གང་དུ་ཕྱིན་ན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་ཐབ་ཉེ་བའི་གནས་སུ་ཕྱིན་པར་གྱུར་པའོ།། དགེ་བ་སྟེ་ཁ་ན་མ་ཐོ་བ་མེད་པའི་ཡན་ལག་གང་ལ་ཡོད ་པ་དེ་ལ་དེ་སྐད་ཅེས་བྱའོ།། ཅིའི་ཕྱིར་ཕྱུང་ཞེས་བྱ་བ་ནི་མི་མ་ཡིན་པ་དག་གིས་སམ་ཞིའོ།། དེ་འདི་ངོ་ལ་མྱུར་སྨྲོས་དགེ་བར་འགྱུར།། ཞེས་བྱ་བ་ནི་དེ་སྨྲས་ན་དགེ་བོ་སྟེ་ལེགས་པར་འགྱུར་བའོ།། གལ་ཏེ་འདི་སྟེང་ཞེས་བྱ་བ་ལ་སོགས་པ་གལ ་ཏེ་རྡོ་རྗེ་བྱང་ཆུབ་སེམས་དཔའི་སྟེང་དུ་རབ་ཏུ་གཏུམ་པ་སྟེ། ཤིན་ཏུ་དྲག་པོ་འབབ་པར་གྱུར་ཀྱ་།། བྱང་ཆུབ་སེམས་དཔའི་ལུས་ཀྱི་བ་སྒོ་གཅིག་ཀྱང་གཡོ་བར་ནུས་པ་མ་ཡིནོ།། རླུང་གི་སྟོབས་ཀྱིས་ཕུལ་བ་དང་ཞེས་བྱ་བ་ནི་འཕངས་པར་གྱུར ་པའོ།། ཁྲོག་པ་ནི་མི་བཟད་པའོ།། དུག་ཀྱང་རྣོ་ལ་སྦྲུལ་ཡང་གཏུམ་པས་ནི་ཞེས་བྱ་བ་ནི་རེག་པའི་དུག་གིས་སོ།། ཟད་པ་ནི་ཉམས་པ་ཡིན་ལ་བྱེད་ནུས་མིན་ཞེས་བྱ་བ་ནི་རུང་བ་ཉིད་མ་ཡིན་པའོ།། ཡང་ཁྱོད་ཅིའི་ཕྱིར་ངུ་བར་བྱེད་ཅེས་དོགས་པ ་ལ། མི་དབང་ཞེས་བྱ་བ་ལ་སྩོགས་པ་སྨོས་པ་ཡིན་ཏེ། བདག་གི་རྒུད་པ་སྟེ་ཉམས་པ་མཐོང་བས་གང་གི་ཕྱིར་ཞི་བ་སྟེ་མྱ་ངན་ལས་འདས་པོ་མ་ཐོབ་པ་དེའི་ཕྱིར། བྱང་ཆུབ་སེམས་དཔའ་འདིའི་གནས་གན་དུ་ཕྱིན་ནས་དོན་མ་གྲུབ་པར་ཤི ་པར་འགྱུར་རོ།། ཞེས་བྱ་བ་ཡིནོ།། སྐལ་ལྡན་ཞེས་བྱ་བ་ནི་བསྟེན་པར་བྱའོ།། བསོད་ནམས་ལྡན་ཞེས་བྱ་བ་ནི་སྡིག་པ་བྲལ་ཞིང་དག་བྱེད་དུ་གྱུར་པའོ།། མཚུངས་པ་མེད་པའི་བཞིན་ཏེ་གདོང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དུས་སུ་ཞེས ་བྱ་བ་ནི་རྫོགས་པར་སངས་རྒྱས་པའི་གནས་སྐབསུའོ།། སྨྲ་མཆོག་ཅེས་བྱ་བ་ནི་སྨྲ་བ་པོ་མ་ལུས་པའི་གཙོ་བོར་གྱུར་པའོ།། མཆོག་ཏུ་ཞི་བར་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུའོ།། ལོག་པའི ་ལྟོ་བས་བཅོམ་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་ལྟ་བས་གནོན་པར་གྱུར་པའི་རྒྱུ་ཅན་དག་གོ།། གཡོ་སྒྱུའི་ཀུན་ཏུ་སྤྱོད་པ་ལ་འཇུག་ན་ཞེས་བྱ་བ་ནི་ལུས་དང་ངག་གི་གྱ་གྱུའི་འགྱུར་བའོ།། འདོད་ཀྱི་ཞེས་བྱ་བ་ནི་མངོན་པར་འདོད་པའོ།། ་མི་འཆི་བའི་ཕྱིར་ཞེས་བྱ་བ་ནི་ཡིད་ཀྱིས་སོ།། འཆི་བ་མེད་པ་རྩོལ་བ་ནི་ལུས་དང་ངག་གིས་སོ།། བྲམ་ཟེའི་རིགས་ཀྱིས་བདག་ནི་བྲམ་ཟེ་ཡིན་ཞིང་བྲམ་ཟེ་དག་པ་ཡིན་པའི་ཕྱིར་ཅིའི་ཕྱིར་བདག་རིག་གཞན་གྱི་ཚངས་པར་སྤྱོད་པ ་སྤྱད་པར་བྱ་ཞེས་བྱ་བ་ནི་རུས་སྨྲས་པ་ཡིན་ལ། བདག་ནི་བྷ་ར་དྷྭ་ཛ་ལ་སོགས་པའི་རྒྱུད་ཡིནོ།། ཞེས་བྱ་བ་ནི་རྒྱུད་སྨྲ་བ་ཡིནོ།། ཡིད་ཀྱི་འདོན་པ་དང་ལྡན་པ་སྤྱོད་པ་དང་རིག་བྱེད་ཀྱི་དོན་ལ་མཁས་པ་གང་ཡིན་པ་དེ་སྨྲ་བར་མི་བྱ་ཞིང་ལྷག ་པར་སྤྱོད་པར་མི་བྱའོ།། གོང་ནས་གོང་དུ་ཞེས་བྱ་བ་ལ་སོགས་པ་ལ་དྲང་སྲོང་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ཐབས་རྙེད་ནས་བྱང་ཆུབ་སེམས་དཔའ་འདོད་ཆགས་དང་བྲལ་བ་དང་། དེ་བཞིན་དུ་གཟུགས་ཀྱི་འདོད་ཆགས ་དང་བྲལ་བ་ནས་རིངས་བྱེད་ཀྱི་བུ་ལྷག་སྤྱོད་ལོ་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་ལུང་མནོས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་བར་དུའོ།། དེ་ཡན་ཆད་ལུང་འབོག་པ་མེད་པའི་ཕྱིར ་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བར་མ་ནུས་པ་དེ་བས་ན་འགའ་ཞིག་ཏུ་གཟུགས་མེད་པའི་འདོད་ཆགས་དང་བྲལ་བའི་དོན་གྱི་འདི་ལམ་དུ་འགྱུར་རོ།། ཞེས་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་པ་བརྩམས་པའོ།། ཅུང ་ཟད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་མངོན་པར་འདོད་པའི་འབྲས་བུ་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིརརོ།། ཇི་ལྟར་བདེ་བར་དབུགས་ཕྱུང་སྟེ། ཞེས་བྱ་བ་ནི་དབུགས་འབྱུང་བ་དང་རྔུབ་པ་འགོག་པར་བྱེད་པའི་ནང་གི་བུམ་པའི་བསམ ་གཏན་ལས་ལྡོག་པར་འགྱུར་བའོ།། ཞལ་ཟས་རྒྱ་ཆེན་པོ་ཞེས་བྱ་བ་ནི་ཏིལ་དང་འབྲས་གཅིག་ཙམ་བཞེས་པ་ལས་སོ་སོར་ལྡོག་པར་གྱུར་པའོ།། ཞུན་མོར་དང་འབྲུ་མར་གྱིས་ཞེས་བྱ་བ་ན་དྲི་མ་དང་འདམ་འཆང་བར་མཛད་པའི་དཀའ་ཐུབ་ལྔ ་ལྡོག་པར་གྱུར་པའོ།། ཆབ་དྲོན་མོས་ཞེས་བྱ་བ་ནི་བདག་ཉིད་མེད་པར་གྱུར་པ་ལས་ལྡོག་པར་གྱུར་པ་ཡིན་ལ། ཆུ་དྲོན་པོ་ནི་ཅུང་ཟད་དྲོ་བའོ།། ལན་བཅུ་དྲུག་ཏུ་བཟླས་པ་ཞེས་བྱ་བ་ནི་ལོན་བཅུ་དྲུག་ཏུ་བཟླས་ཤིང་སོམས་པར་བྱས་པ་ལ་བཟླས ་པ་ཞེས་བྱ་སྟེ། སྟོང་ལ་སོགས་པ་བརྒྱད་པའི་མཐར་ཕྱིན་པའོ།། སྡེ་ཆེན་བརྒྱད་ཀྱི་ཚོམས་རེ་རེ་ལ་བླུད་པ་དང་བཞོས་པ་བྱས་པར་གྱུར་པ་ན་ལན་བཅུ་དྲུག་བཟླས་པ་ཉིད་དུ་འགྱུ་རོ་རྩ་བཀྲ་ཤིས་འཚོང་ཞིང་རྩཝས་སྤྱོད་པ་གང་ཡིན་པ་དེའི ་ཐང་ལས་རྩཝ་དག་བཞེས་ནསོ།། མ་འཁྲུགས་པ་ནི་རྩ་བ་དང་རྩེ་མོ་གཅིག་ཏུ་ལྷག་པ་ཡིན་པའི་ཕྱིར་རོ།། འཐུག་སྲབ་ཏུ་མ་གྱུར་པ་ཁྱབ་པར་གནས་པ་ཉིད་ཀྱི་ཕྱིརརོ།། གདན་བཤམས་པ་ནི་རྩཝའི་མལ་བཏིང་ནསོ།། སྐྱིལ་མོ་ཀྲུང་བཅས ་པ་ནི་སྐྱིལ་ཀྲུང་བཅིངས་པའོ།། སྐུ་དྲང་པོར་བསྲངས་ནས་ཞེས་བྱ་བ་ནི་མཛད་ནས་སོ།། སྐུ་བསྲང་བ་ནི་རྐེད་པའི་ཕྱོགས་ནས་བརྩམས་ནས་ལྟོ་བའི་བར་རྒྱས་པར་བྱེད་པའོ།། དྲན་པ་མངོན་དུ་ཕྱོགས་པར་བཞག་སྟེ། སོ་སོར་མངོན་དུ ་ཕྱོགས་པ་ནི་དྲན་པ་མངོན་དུ་ཕྱོགས་པར་བཞག་པ་ཡིན་ཏེ། རྣལ་འབྱོར་པས་སྣའི་རྩེ་མོ་ལཾ་བལྟ་བའི་འཇུག་པ་ནི་བསམ་གཏན་བྱེད་པའོ།། ཞེས་འཇིག་རྟེན་པ་སྨྲ་བ་ཡོད་པས་སྣའི་རྩེ་མོ་ལ་མག་གཏོད་ན་དྲན་པ་ཡང་བསྒོམ་པར་བྱ་བ ་དོན་དེ་ཉིད་ལ་བཞག་པར་འགྱུར་ཏེ། དེ་བས་ན་འདིར་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་ཡང་བརྩོན་འགྲུས་བརྩམས་པའི་རྒྱུ་མཚན་ཏིང་འཛིན་གྱི་ཡན་ལག་ཡིན་ནོ།། ཞེས་བསྟན་པར་འགྱུར་རོ།། ཐུགས་བསྐྱེད་པ་ཞེས་བྱ་བས་ནི་ཐུགས ་བརྟན་པོར་མཛད་པ་བསྟན་པ་ཡིནོ།། གསུང་བརྗོད་པ་ཞེས་བྱ་བ་ནི་ལྷ་དབང་པོར་བཞག་པའི་ཕྱིར་གསུང་བརྗོད་པའོ།། གཞན་གྱི་དོན་མཛད་པས་སངས་རྒྱས་བཅོམ་ལྡན་འདས་ནི་གཙོ་བོར་གྱུར་པ་ཡིན་ལ། གཞན་གྱི་ཡོད་ཆོས་བསྟན ་པ་མེད་པར་མཛད་མི་སྤྱོད་པ་དེ་བས་ན་ཇི་ལྟར་ན་བཅོམ་ལྡན་འདས་མངོན་པར་རྫོགས་པས་སངས་རྒྱས་ནས་ཀྱང་ཆོས་བསྟན་པའི་ཕྱིར་ཚངས་པས་བསྐུལ་བ་ལ་གཞེས་པར་མཛད། འོན་ཀྱང་ཐོག་མ་ཉིད་དུ་ཆོས་སྟོན་པར་མི་མཛད་ཅེ་ན། ་འདིར་སྨྲས་པ། ཚངས་པས་བསྐུལ་བ་ལ་གཞེས་པ་ཡང་སེམས་ཅན་གྱི་དོན་ཁོ་ན་ཡིན་ཏེ། གང་གི་ཕྱིར་གཟུགས་ན་སྤྱོད་པའི་ལྷ་གཅིག་པ་མ་ཡིན་པ་དག་འོད་ལྟར་ཚངས་པ་ལ་ཚངས་པ་དང་། ཚངས་པ་ཆེན་པོ་དང་། བྱེད་པ་པོ་དང་། སྤྲུལ ་པ་པོ་ཞེས་བྱ་བ་ལ་སོགས་པ་ཆེན་པོ་ཉིད་ཀྱི་བློ་སྐྱེ་བར་འགྱུར་བ་དང་། འདོད་པ་ན་སྤྱོད་པའི་ལྷ་དང་མི་གཅིག་པ་མ་ཡིན་པ་དག་ཀྱང་ཚངས་པ་ལ་སྟོན་པའི་བློ་སྐྱེ་བར་འགྱུར་རོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར ་ཚངས་པ་ཆེན་པོ་འོངས་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏོ་ཆོས་སྟོན་པར་བསྐུལ་བར་གྱུར་པ་དེའི་ཚེ་ཚངས་པ་ཆེན་པོ་ཉིད་ཀྱི་བློ་སྐྱེ་བར་གྱུར་པ་དང་། སྟོན་པའི་བློ་སྐྱེ་བ་གང་ཡིན་པ་དེ་དག་བློ་དེ་དང་བྲལ་བ་དང་། དེ་དག་སངས་རྒྱས ་བཅོམ་ལྡན་འདས་ལ་ཆེན་པོ་ཉིད་ཀྱི་བློ་དང་། སྟོན་པའི་བློ་སྐྱེ་སྟེ། ཡོན་ཏན་གང་གིས་འདི་ཤིན་ཏུ་ཆེན་པོ་ཡིན་ཏེ། དེ་ལ་ཚངས་པ་ཆེན་པོ་ཡང་ཕྱག་འཚལ་བར་བྱེད་པ་དང་། ཆོས་བསྟན་པའི་ཕྱིར་བསྐུའོ།། ཞེས་བཅོམ་ལྡན་འདས་ལ་གུས་པ ་སྐྱེ་བར་འགྱུར་ཞིང་། བཅོམ་ལྡན་འདས་ལས་ཆོས་ཐོས་ནས་ཤིན་ཏུ་ཆེ་བའི་བྱེ་བྲག་ཁོང་དུ་ཆུད་པར་འགྱུར་རོ།། དེའི་ཕྱིར་བཅོམ་ལྡན་འདས་ཚངས་པོས་བསྐུལ་བ་ལ་གཉིས་པར་མཛད་པ་ཡི་ནོ།། རྟག་ཏུ་དུས་སྟོན་ཆེན་པོས་ཞེས་བྱ་བ་ནི་བདེ་བའི་རྒྱུ་དུས ་ཚོགས་ཀྱིས་དགའ་སྟོན་ཆེན་པོའོ།། རབ་ཏུ་དགའ་བ་ནི་རབ་ཏུ་མགུ་བའོ།། དབང་པོ་ལྔ་ཞེས་བྱ་བ་ནི་གཙོ་བོ་ལྔ་ཡོན་ལ། ཉེ་བའི་དབང་པོ་ལྔ་ཞེས་བྱ་བ་ནི་ཉེ་བའི་གཙོ་བོ་ལྔ་ཡིན་ཏེ། གྲོང་ཁྱེར་རྒྱ་ཆེ་བ་ཉིད་ནི་གཙོ་བོ་ཉུང་ངུ་ངག་གི་གཟུང་བར་མི་ནུས ་པའི་ཕྱིརརོ།། ངོས་བཞི་བཞི་སོ་ཕག་གིས་བརྩིགས་པ་དང་། བང་རིམ་ཅན་དུ་བསྒྲུབས་པའི་རྫིང་བུ་ནི་རྫིང་བུ་ཡིན་ལ། རྫིང་བུ་དེ་དག་ལས་ཀྱང་ཆུ་འཛིན་པའི་ཡུར་ང་རབ་ཏུ་གཡོགས་པ་གྲོང་ཁྱེར་དུ་འཇུག་པ་དེའི་ཕྱིར་ཡུར་བ་ལྔ་བརྒྱ་པོ་དེ་དག་དང ་ལྡན་པ་ཡི་ནོ།། ཡན་ལག་གི་མཆོག་ལྔ་ནི་ཞེས་བྱ་བ་ནི་རྒྱལ་པོའི་ཡན་ལག་གཙོ་བོར་གྱུར་པའོ།། འབྱོར་པ་ནི་རྫས་ལས་བྱས་པའི་ཕུན་སུམ་ཚོགས་པའོ།། ཁྱམས་མ་སྙོམས་པའི་ཕྱིར་ཞེས་བྱ་བ་ནི་སའི་ཁམས་ལ་སོགས་པ་མ་སྙོམས ་པའི་གནས་སྐབས་ཡིན་པའི་ཕྱིར་རམ། རླུང་ལ་སོགས་པའི་འོ།། གཉིད་མེད་པའི་ནད་ཀྱིས་ཞེས་བྱ་བ་ནི་གཉིད་མེད་པར་གྱུར་པའི་ནང་ཁོ་ནས་སོ།། རྗེས་སྣ་ཚོགས་བསགས་པའི་བྱེ་བྲག་ཅེས་བྱ་བ་ནི་གཉིད་དང་རྗེ་སུ་མཐུན་པའི་རྫས ་རྣམ་པ་དུ་མ་ལ་སོགས་པ་དང་ལྡན་པའི་མེར་བླུད་པར་བྱས་ནའོ།། མགོ་བོའི་རྩ་ནས་བློན་པར་གྱུར་ནས་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མགྲིན་པའི་ཕྱོགས་ནས་གཅོད་ཅིང་འདོར་བར་འགྱུར་བའོ།། དགྲ་བོས་འོངས་པར་དོགས ་པ་ཉམས་པའི་གནས་ལ་སྐྱེས་བུ་ངེས་པར་སྦྱར་བ་ནི་གཅན་པའོ།། བཟོད་པ་ནི་མནགས་པར་གྱུར་པའོ།། ཐུགས་གཟུང་བ་ཞེས་བྱ་བ་ནི་ཐ་སྙད་དུ་བྱེད་པའི་སྒོ་ནས་སེམས་ཡོངསུ་མགུ་བར་བྱ་བར་རོ།། དགྲ་བོ་ནི་ཕྱིར་རྒོལ་བའོ།། དོགས ་ཤིན་སྐྱོ་ནས་ཞེས་བྱ་བ་ནི་མི་འདོད་པའི་དོགས་པ་གང་ཡིན་པ་དེས་སེམས་སྐྱོ་བར་གྱུར་ནས་སོ།། གལ་ཏེ་ལྷ་ཡིས་ཞེས་བྱ་བ་ནི་འགའ་ཞིག་ཏུ་རྒྱལ་པོའི་སྦྱོར་བ་ལསོ།། ལ་བས་དཀྲིས་ཏེ་ཞེས་བྱ་བ་ནི་པུས་མཁྱུད་དང་འདྲ་བར་རྒྱབ ་དང་པུས་མོ་གཉིས་དཀྲིས་ཏེའོ།། བློ་ཀུན་ནས་ཉོན་མོངས་པས་ཞེས་བྱ་བ་ནི་སེམས་གདུག་པས་དགེ་བའི་དངོས་པོ་ཅུང་ཟད་ཙམ་ལ་ཡང་སེམས་པར་མི་བྱེད་པའོ།། ཇི་ལྟར་འགྱུར་རམ་ཞེས་བྱ་བ་ལ་ཅིའི་སྒྲ་ནི་སྨོད་པ་འམ་མི་སྲིད་དོ། ་སྣུམ་པ་ཡིན་ཏེ། རྒྱལ་པོས་དེ་ལྟ་བུའི་དངོས་པོ་ཡོད་པ་མ་ཡིནོ་སྙམ་པའོ།། མགོ་བོ་ལ་བྱུགས་ནས་ཞེས་བྱ་བ་ནི་མགོ་བཅད་པར་མ་གྱུར་ཏམ་སྙམ་དུ་སེམས་པར་གྱུར་ནསོ།། སྦྱོར་བ་སྔ་མའི་ཚུལ་དུ་ཞེས་བྱ་བ་ནི་ལན ་གསུམ་གྱི་བར་དུའོ།། ཁྲུང་ཁྲུང་མ་ཡིན་པ་ཞེས་བྱ་བ་ནི་འདིར་རྨ་བྱ་ཡིན་པར་དགོངས།། གྲེས་མ་ནི་རྩཝའི་རིགས་ཡིན་ལ། དེ་བམ་ཐོ་བས་བརྡུངས་པ་བླངས་ནས་ཞེས་བྱ་བ་ནི་ཐོ་བས་བརྡུངས་པ་ལས་མོ་བརྡུངས་པའི་གནས་སྐབསོ་སྔ་མ་དང ་འདྲ་བ་དེའི་ཕྱིར་མཉམ་པར་འགྱུར་བ་ཡིན་གྱི་གཞོན་དུ་ནི་མ་ཡིན་ཏེ། བརྡུངས་པའི་གནས་སྐབས་ཤིན་ཏུ་ཡང་བར་འགྱུར་རོ།། གང་གི་ཕྱིར་ཐོ་བས་བརྡུངས་པ་ལས་རྩཝའི་རིགས་སྙིང་པོར་མ་གྱུར་པ་མང་པོ་འབྱུང་བར་འགྱུར་བའི་ཕྱིརརོ།། ནེག་མོ ་ཞེས་བྱ་བ་ན་མགོ་བོའི་ཕྱོགས་གནག་པ་ཡིན་པའི་ཕྱིར་དང་། སྤྲེའུའི་རིགས་པ་ལའང་འཇུག་པ་ཡིན་པའི་ཕྱིར་ནག་མོ་ཞེས་བྱ་བ་ཡོན་ལ། ཕལ་ཆེར་ནི་ཤིང་ལ་གནས་པར་བྱེད་པ་དེའི་ཕྱིར་ཤིང་གི་སྤྲེའུ་ཞེས་བྱའོ།། འཇུག་པ་ནོ་འཁྲིགས་པ ་སྒྲུབ་པོར་བྱེད་པའི་བྱ་བ་ལྀའོ།། བྱེ་མས་ཡོངསུ་གང་བྲིའི་བུམ་པ་ནི་བྱེ་མའི་བུམ་པའོ།། ཡང་བྱེ་མའི་བུམ་པ་ལ་ཆུ་དེ་དག་ཙམ་ཇི་ལྟར་ཤོང་བར་འགྱུར་ཞེ་ན། འདིར་སྨྲས་པ། བྱེ་མ་ཆུ་ལས་སྐྱེས་པ་ཡིན་པ་དེའི་ཕྱིར་ཆུ་དང་མཚུངས་པར་ལྡན་པ་ན ་འཁུམ་པར་འགྱུར་ཞིང་། སྐམ་པོའི་གནས་སྐབསུ་ནི་མི་འཁུམ་པོར་ངེས་པ་དེའི་ཕྱིར་ཆུ་ཤོང་བར་འགྱུརརོ།། འཇུ་བའི་རྫས་སྲང་སུམ་ཅུ་སོ་གཉིས་ཤོང་བ་དང་། སྐམ་སྲང་བཅུ་དྲུག་གི་ཚ་དོ་བྲེ་ཆུང་ཡིནོ།། ཞེས་བྱ་བ་ནི་བསྟེན་བཅོས་ལས ་གྲགས་པའི་ཚད་ཡིན་ལ། འཇིག་རྟེན་པའི་སྐམ་པོ་ཡང་སྲང་སུམ་ཅུ་རྩ་གཉིས་ཀྱི་ཚད་ཁོ་ན་ལ་བྲེའུ་ཆུང་ངུ་འདོད་དོ།། ཆུ་ལ་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་ལན་ཚྭ་ཆུའི་ལྦུ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཆུ་དང་འབྱོར་པར་གྱུར་ན་ཁུ ་བ་ཙམ་གྱི་ལྷག་མར་གྱུར་པའི་ཕྱིརརོ།། མི་སྐ་བར་འགྱུརརོ།། ཞེས་བྱ་བ་ནི་སྨན་ཏེ་འགྱུར་བའོ།། དྲན་པ་ཁྱད་པར་ཅན་དང་ལྡན་པ་ལ་འདིར་དྲན་པ་དང་ལྗོན་པ་ཞེས་བྱའོ།། མདངས་འཕྲོག་པའི་ཕྱིརརོ།། ཞེས་བྱ་བ་ནི་རླུང་གི་མཽ་དང་ས་ནི་ལྷག ་མའི་མདངས་ཡིནོ།། ཞེས་བྱ་བའི་དབང་དུ་བྱས་ནས་གཟི་ཕྲོགས་པའི་ཕྱིར་གཅི་བར་འགྱུར་རོ།། སའི་མདངས་ཕྲོགས་པ་ནི་སྙིང་པོ་ལེན་པ་འམ་ཟ་བར་བྱེད་པ་ནའོ།། ཅང་མི་ཟེར་བ་ནི་ཁས་ལེན་པ་ལ་རབ་ཏུ་སྦྱོར་བ་ཡིནོ།། འདུག་པ་ཞེས་བྱ ་བ་ནི་དགོས་པ་མེད་པར་གྱུར་པའོ།། བ་གཙོ་ཞིབ་མོ་ཞེས་བྱ་བ་ནི་བ་གོ་ཅིའི་ཕྱེ་མའོ།། བདག་ཉིད་ཀྱི་མངོན་སུམ་དུ་བྱས་པ་ནི་དེ་ལ་འཇུག་པའི་སེམས་ཀྱི་མོས་པས་མངོན་སུམ་དུ་ཉམ་སུ་མྱོང་བར་གྱུར་པའོ།། ཁྲག་ཐིགས་པའི་ལྷག་མ ་གཉིས་སམ་གསུམ་ལུས་པ་ནི་ཟླ་མཚན་དང་ལྡན་པར་གྱུར་པའོ།། བྱིན་པ་ཞེས་བྱ་བ་ནི་བཀའ་དྲིན་བྱིན་ནསོ།། ནད་དང་། དེ་ཉེ་བར་ཞི་བར་བྱེད་པའི་སྦྱོར་བའི་རིགས་པ་ལ་མཁས་པའི་ཕྱིར་སྨོན་པའོ།། རྩ་ནི་རྟ་ལ་མཁོ་བའི་ཟས་ཡིན ་ཏེ་རུང་བའི་ཟས་ནི་རྟའི་ཡོ་བྱད་དོ།། དཔྱ་བར་གྱུར་ན་ཞེས་བྱ་བ་ནི་ཆད་པོ་འབུལ་བའི་ཞོ་ཤ་བའོ།། གང་ངམ་དེའི་དོན་ཏུ་ཞེས་བྱ་བ་ནི་ཉེས་པ་ཆུང་ངུ་དོག་གིས་ཀྱང་ངོ་།། ཆང་གི་ཁ་དོག་ལོ་སོགས་པ་དང་འདྲ་བའི་མར་སྦྱར་བ་དེ་བསྒྲུབས ་ནས་སོ།། དགེ་མཚན་ཞེས་བྱ་བ་ནི་བདག་པོ་དྲང་བུ་དང་མིང་པོ་ཕོག་པ་ལ་སོགས་པ་ལ་དགེ་བའི་ཕྱིར་འོང་བ་ལ་སོགས་པའི་དོན་ཏུ་བུད་མེད་རྣམས་ཀྱིས་བསྲུང་བའི་སྐུད་པ་ལ་སོགས་པ་བཏགས་པ་དང་། ལུས་ཀྱི་ཕྱོགས ་གཅིག་ལ་གི་ཝང་ལ་སོགས་པས་སྐུད་པའོ།། བཀྲ་ཤིས་པ་ཞེས་བྱ་བ་ནི་ཤིས་པར་བྱེད་པའི་ཞོའི་བུམ་པ་ལ་སོགས་པའོ།། དགེ་ལེགསུ་འགྱུར་བ་ནི་བྲམ་ཟེ་དག་ཞི་བར་བྱེད་པའོ།། མཛའ་བོ་དང་། ནེའུ་ལྡང་ལ་གྲོགས་བཤེས་ཞེས་བྱའོ།། ་གཉེན་ནི་མེ་སྐོར་དང་ཐ་སྙད་འབྲེལ་བ་ཅན་ནོ།། ཕུ་ནུ་ནི་བདུན་བརྒྱུད་ཀྱི་ནོང་དུ་འདུས་པའོ།། སྨྱོན་པའི་ཚིག་བརྗོད་པར་བྱེད་པས་ན་ཀུན་ནས་དགའ་བར་བྱེད་པའོ།། བཟོ་གཟིགས་ལྔ་ཞུགས་པ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་སྤུན་ཞེས་བྱའོ།། ཇི་ལྟར་འདོད་པར ་འདོང་ངོ་།། ཞེས་བྱ་བ་ནི་རང་གི་འདོད་པས་འཇུག་པའོ།། གོ་མེས་པར་བྱེད་པ་ཞེས་བྱ་བ་ནི་ཡིད་བསྟན་པའི་བྱ་བ་བྱེད་པོར་འཇུག་པའོ།། ཡིད་ཆེས་སྐྱེད་པོའི་རྒྱུ་མཚོན་ཞེས་བྱ་བ་ནི་སྐྱེ་བྱས་ཏེ་ཞེས་བྱ་བ་ནི་བསླུས་པར་གྱུར་ཏེ། འཁྲོསོ། ཞེས་བྱ་བ་འབྲས ་པ་ནི་ནད་དོ།། སོསོ་པར་གྱིས་ཤིག་ཅེས་བྱ་བི་ན་ཡོངསུ་རྒྱས་པར་གྱིས་ཤིག་པའོ།། གོས་ཆེན་པོ་ཞེས་བྱ་བ་ནཽ་རས་ཚད་ཤིན་ཏུ་ཕྲ་བ་ཅན་ཕྱི་རོལ་ཏུ་བགོ་བར་བྱ་བའོ།། ཆོས་ཀྱི་ཡབ་ཏུ་གྱུར་ཏེ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་ཆོས་ཀྱི་སྒོ་ནས་འདི་ནི ་ངའི་ཡབ་ཡིན་ལ། ཁོ་བོ་ཡང་འཕགས་པའི་ལམ་གྱི་ཆོས་ནས་སྐྱེས་པས་དེའི་སྲས་སུ་འགྱུར་བ་ཡིནོ་ཞེའོ།། ཆོས་གོས་གསུམ་ནི་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་སོ།། དབང་བྱེད་རྒྱལ་པོ་གང་ཞིག་ལ་ཞེས་བྱ་བ་ལ་སོགས་པ་དྲི་བ་ལ ་དྲུག་དང་དབང་བྱེང་རྒྱལ་པོ་ཞེས་བྱ་བའི་སྐབསུ་ངེས་བྱར་སྤྱད་པར་བྱ་བ་ཡིན་པ་དེའི་ཕྱིར་འདིར་མ་བརྗོད་པ་ཡི་ནོ།། ལྕང་ལོ་ཅན་ཞེས་བྱ་བ་ནི་རྣམ་ཐོས་སྲས་ཀྱི་རྒྱལ་པོའི་ཕོ་བྲང་དུའོ།། འཛིན་པ་ཞེས་བྱ་བ་ནི་རབ་ཏུ་འཇུག་པ་བྱས་ནས་སོ།། ་ཀུན་ཆུབ་པར་བྱོས་ནས་ཞེས་བྱ་བ་ནི་ཚིག་གི་དབྱེ་བའི་སྒོ་ནས་ངེས་པོར་བྱས་ནས་སོ།། གསེར་ཏོ་ལོ་འབུམ་གྱི་ཚད་ནི་གསེར་ཕུར་རོ།། ཚེ་ངོ་ཁང་དང་གཟོའི་གནས་མེད་པ་སྐྱེ་བོའི་ཚོགས་གནས་པ་ནི་གྲོང་ཡོན་ལ། ཚོང་ཁང་དང་བཟོའི་གནས་དང ་ལྡན་པའི་སྐྱེ་བོ་དམ་པ་མང་པོ་གནས་པ་ནི་གྲོང་བརྡ་ལ་ཡིན་ཞིང་ཡུལ་གྱི་ཚོགས་ནི་ཡུལ་འཁོར་ཡིན་ནོ།། རྒྱལ་པོའི་གནས་དང་ལྡན་པའི་གྲོང་ཁྱེར་དང་ནི་རྒྱལ་པོའི་ཕོ་བྲང་འཁོར་རོ།། སྐྱེ་བོ་མཁས་པས་སྤངས་པའི་སྒོ་ནས་སྨད་པར་བྱ་བ་ཉིད་ཡིན ་བའི་ཕྱིར་གྲོང་ཁྱེར་མ་ཡིན་པ་དང་། ཚོང་བརྡལ་མ་ཡིན་པའོ།། བདག་ཉིད་མཁས་པ་སྙན་པ་ཉིད་ཅེས་བྱ་བི་ནི་མཁས་པའོ་སྙམ་དུ་སེམས་པ་དེའི་དངོས་པོ་ནི་མཁས་པའོ་སྙམ་དུ་སེམས་པ་དེ་ཉིད་ཀྱིས་སོ།། ལེགས་པར་རུང་བ་ཉིད་དུ་འདོད་པ། ཞེས ་བཱ་བཱ་ནི་ཤིན་ཏུ་ཡོན་ཏན་དང་ལྡན་པས་ན་ལེགས་པར་རུང་བ་ཡིན་ལ། ལོགས་པར་རུང་བ་ཉིད་དུ་འདོད་པོ་ནི་སྐྱེ་བོ་མང་པོ་བློ་མཐུན་པ་དང་མངོན་པར་འདོད་པའོ།། དགལ་བ་ནི་ཡིད་བདེ་བའོ།། མགུ་བ་ནི་རབ་ཏུ་དགའ་བའི་བྱེ་བྲག་གོ།། སྐྱེས་བུ་ཆེན ་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ཞབས་ལེགས་པར་གནས་པ་ལ་སོགས་པ་ཡིན་ལ། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་སེན་མོ་ཟངས་ལྟར་དམར་བ་ལ་སོགས་པ་ཡིན་ནོ།། སྐུའི་འོད་ཟེར་གྱིས་སྤྲས་པ་ནི་སྐུའི་འོད་ཀྱིས་སོ།། ཉི་མ་སྟོང་པས་ཤིན་ཏུ ་བྱུག་པའི་འོད་འདོམ་གང་ལ་མངའ་བ་དེ་ནི་ཉི་མ་སྟོང་པས་ལྷག་པའི་འོད་ཅན་ནོ།། གཤེགས་པ་ཞེས་བྱ་བ་ནི་ཞབས་ཀྱིས་རྒྱུ་བའོ།། ཀུན་ནས་བཟང་པོ་ཞེས་བྱ་བ་ནི་ཀུན་ནས་མཛེས་པར་རོ།། ལེགས་པ་ནི་དགེ་བའི་ཚེ ་བསྒོམ་དུ་རུང་བ་ཉིད་དོ།། དགེ་བའི་རྩ་བའི་རྒྱུ་བསགས་པ་ཞེས་བྱ་བ་ལ། དགེ་བའི་རྩ་བུ་ནི་འདིར་ཐར་པའི་ཆ་དང་མཐུན་པ་ལ་འདོད་ལ། དེ་བསགས་པ་ནི་ཡོངསུ་སྨིན་པ་ཐོབ་པའོ།། བསམ་པ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔར་བྱས ་པ་ཉིད་ཡིན་ནོ།། འཕགས་པའི་བདེན་པ་བཞི་ཡང་དག་པར་རབ་ཏུ་རྟོགས་པར་འགྱུར་པ་སྟེ། འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པ་དང་རྗེ་སུ་མཐུན་པའོ།། འཇོག་ཚོགསུ་ལྟ་བའི་རིའི་རྩེ་མོ་ཉི་ཤུའི་བཤད་པ་ནི་སྔ་མ་བཞིན་དུ་རོག ་པར་བྱའོ།། ལེགས་བཤད་རྣམ་ཤེས་སྙིང་པོ་སྟེ།། ཞེས་བྱ་བ་ལ་སོགས་པ་ལ། ཤེས་ཤིང་ཁོང་དུ་ཆུད་པའི་སྙིང་པོ་སྟེ། དོན་ལེགས་པར་བཤད་པ་གང་ལ་ཡོད་པ་དེ་དག་ནི་རྣམ་ཤེས་སྙིང་པོ་འམ་རྣམ་ཤེས་དེ་ཁོ་ན་ཉིད་ཁོང་དུ་ཆུད ་བུའི་སྙིང་པོ་དེ་ལེགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གང་གི་ཕྱིར་གྲང་ལས་དེ་ཁོ་ནའི་བློ་སྐྱེ་བར་མི་འགྱུར་བྱའི་ལེགས་པར་བཤད་པ་དེ་ནི་སྙིང་པོ་དང་ལྡན་པར་མི་འགྱུར་རོ།། ཐོས་པའི་ཡང་རྣམ་པར་ཤེས་པ་དང་ཏིང ་འཛིན་སྙིང་པོ་ཡིན་རྣམ་པར་ཤེས་པའི་ཡེ་ཤེས་དང་ངེ་འཛིན་ཡིན་པས་སྙིང་བོ་སྟེ། འབྲས་བུ་དེ་གཉིས་ཐོབ་པ་གང་ལ་ཡོད་པ་སྟེ། གང་གིས་ལུང་ཕོག་པ་མེད་པར་ལེགས་པར་བཤད་པའི་དོན་ཁོང་དུ་ཆུད་པར་གྱུར་པ་ནི་རང་གི་ཚེ ་པའི་དབང་དུ་བྱས་ནས་ཚིག་སྔ་མ་བཞིན་གྱིས་ལུང་ཕོག་པའི་སྟོབས་ཀྱིས་ཐོས་པ་ཡིན་ལ། གལ་ཏེ་ལེགས་པར་བཤད་པ་དེ་ཐོས་པའི་སྟོབས་ཀྱིས་ཐོས་པ་ལས་བྱུང་བའི་ཤེས་པ་དང་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ། དེའི་ཚེ་འབྲས ་བུ་དང་བཅས་པོའི་ཐོས་པ་སྐྱེས་པ་ཡིན་གྱི། རྣམ་པ་གཞན་དུ་ནི་མ་ཡིན་ཏེ། དེ་ཉིད་དེ་དག་དོན་ཆེན་ཤེས་ཐོས་མེད་ཅེས་སྨོས་པ་ཡིན།། བརྟབས་པ་ནི་ཐོས་པ་མེད་པར་སྤྱད་པའོ།། བག་མེད་པ་ནི་དགེ་བ་ལ་མངོན་པར་སྦྱོར་བ་ལ་རབ་ཏུ་ལྕིད ་ཡིན་ཏེ། དེ་དག་གོ་རིམས་བཞིན་དུ་བདག་དང་གཞན་ལ། ལེགས་པར་བཤད་པས་ཡོངསུ་ཤེས་པའི་ཕན་ཡོན་ཆེན་པོར་མི་འགྱུར་ཏེ། དེ་བསྒྲུབས་པས་འབྲས་བུ་སྒྲུབ་པ་མེད་པའི་ཕྱིར་རོ།། སངས་རྒྱས་གསུང་ནི་སྨྲ་ཡོད་ཀྱི་ཞེས་བྱ་བ་ལ་སོགས ་པཱ་ལ། སངས་རྒྱས་ཀྱི་བཀའ་ཀློག་མོད་ཀྱི་ཁྱོད་ལ་སྐྱེས་བུ་ཆེན་པོའི་མཚན་མི་སྣང་བ་དེའི་ཕྱིར་ངས་དེ་ཁྲོ་བོའི་བློ་རྨོངས་ཤྲིང་ཀུན་ནས་རྨོངས་པར་འགྱུ་རོ།། དེ་བསན་བདག་གི་ཐེ་ཚོམ་མྱུར་དུ་བཅད་ཅིང་གསལ་བར་གྱིས་ཤིག་ཅེས་བྱ་བའོ།། ་འདིར་རྩ་བཅད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བ་ཨེ་ལའི་འདབ་མ་ཤིང་གི་ལོ་མ་བཅད་པའི་བསླབ་པོའི་དུས་ལས་འདས་པ་སྟོན་པར་བྱེད་པ་དང་། བཅོམ་ལྡན་འདས་འབྱུང་བའི་འདྲི་བར ་བྱེད་པ་ཡིན་པར་རིག་པར་བྱའོ།། དྲུག་པ་བདག་པོ་རྒྱལ་པོ་སྟེ།། ཞེས་བྱ་བ་ལ་སོགས་པ་ལ། དྲུག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ཏེ། དྲུག་ཡོང་སུ་རྫོགས་པ་ཉིད་ཡིན་པའི་ཕྱིར་དེ་ལ་དྲུག་པ་ནི་དྲུག་པ་ཁོ་ན་ཏེ། དྲུག་པ་ཁོ་ན་དབང་བྱེད་པ ་ཡིན་ཏེ། རྣམ་པར་རྟོག་པ་རྣམ་པ་གསུམ་དང་ལྡན་པའི་ཕྱིར་རོ།། བདག་པོ་ཞེས་བྱ་བ་ནི་སྟོབས་དང་ལྡན་པ་ཡིན་ཏེ། ཁམས་གསུམ་པ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིརརོ།། རྒྱལ་པོ་ནི་དབང་སྒྱུར་བ་ཡིན་ཏེ། དེ་ནི་རྣམ་པར་ཤེས ་པ་ཅིག་ཤོས་དག་འཕེན་པར་བྱེད་པ་ཡིན་པའི་ཕྱིརརོ།། ཆགས་པར་གྱུར་ཏེ་འདོད་ཆགས་ལ་སོགས་པ་དང་འདི་མཚུངས་པར་ལྡན་པར་གྱུར་པ་ན་ཏེ། ཆགས་པོ་དང་བཙོས་པར་གྱུར་ན། ཞེས་བྱ་བ་ནི་ཚིག་གི་ལྷ་ག་མའོ།། ཆགས་པ་ན་ཏེ་ཉོན་མོང ་པ་གང་ལ་ཡོད་པ་དེ་ནི་དྲི་མ་ཅན་ཞེས་བྱ་བའི་ཐེ་ཚོགོ།། མ་ཆགས་གྱུར་ན་ཏེ། འདོད་ཆགས་ལ་སོགས་པའི་མིང་ཅན་གྱི་རྡུལ་དྲུག་པ་གང་ལ་ཡོད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟར་གྱུར་པའི་བདག་གི་དངོས་པོ་དེ་ནི་མ་ཆགས་བྱུར་ལ། ཞེས ་བྱ་བ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་བྲལ་བ་ཞེས་བྱ་བའི་ཐ་ཚི་གོ།། རྒྱུད་ཆགས་པ་དང་བཅས་པར་གྱུར་པར་ཉེས་པ་ཅི་ཡོད་ཅེ་ན། འདིར་ནི་ཆགས་པ་བྱིས་པ་དག་ཏུ་བཛྲོད་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པས་རྒྱུད་དྲི་མ་ཅན་དུ་བྱས་པའི ་དྲུག་པ་བྱིས་པའི་སེམས་ཅན་ཡིན་པ་ནས་བྱིས་པ་ཞེས་བརྗོད་པ་ཡིན་ཏེ། ཉོན་མོངས་པའི་དབང་དུ་བྱས་པ་ཉིད་ཡིན་པའི་ཕྱིརརོ།། ཆགས་བྲལ་མཁས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཁོང་དུ་ཆུད་པའི་ཕྱིར་མ་བསྟན་པ་དེ་བས་ན་སེམས་འདུལ་བ ་ཁཾ་ན་ཞེས་བྱ་བ་ཡིན་ཏེ། དེ་ལྟར་གྱུར་ན་ཕྱོགས་མེད་པར་རྙེད་པ་ཐོབ་པར་འགྱུརརོ།། ཞེས་བསྟན་པ་ཡིནོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་འདིའི་དོན་ཁོང་དུ་མ་ཆུད་པའི་ཕྱིར་བློ་ངམ་ནི་བི་སྟེ། བློ་གྲོས་ངན་པ་མྱ་ངན་བྱེད་ལ་དོན་ཁོང་དུ་ཆུད ་པའི་ཕྱིར་མཁས་པ་དག་པ་ནི་དགའ་བར་འགྱུར་རོ།། འདི་ལ་ཞེས་བྱ་བ་ནི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པས་འབྱོར་ཅིང་འབྲེལ་པ་གང་ཡིན་པ་དེ་དང་བྱེད་པར་འགྱུར་བ་དེ་དང་བྱེད་པར་འགྱུར་བའི་ཕྱིར་གྲུབ་པ་དང་བདེ ་བར་འགྱུར་ཏེ། ཡོན་ཏན་མ་རྙེད་པ་རྙེད་པ་ནི་གྲུབ་པ་ཡིན་ལ། རྙེད་ནས་ཡོངསུ་སྐྱོང་བར་བྱེད་པ་ནི་བདེ་བ་ཞེས་བྱའོ།། གསུམ་རིག་པ་ཞེས་བྱ་བ་ནི་རིག་བྱེད་གསུམ་ཀློག་པ་ཡིན་ལ། རིག་བྱེད་གསུམ་ནི་ངེས་བརྗོད་དང་། སྙན་དངོགས་དང་། མཆོད་སྦྱིན ་གྱི་རིག་བྱེད་དོ།། རབ་ཏུ་རིགས་བྱེད་པ་ནི་གསལ་བར་བྱེད་པ་འམ། ཉམ་སུ་མྱོང་བར་བྱེད་པའོ།། རིན་པོ་ཆེ་སྣ་བདུན་སྔོན་དུ་སོང་བ་ཅན་གྱི་ཞེས་བྱ་བ་ནི་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱི་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་བུ་སྟོང་གིས་ཟླ་བ་ཚེས་པའི་རྣམ་པ་དང་འདྲ་བར་བསྐོར་བ་སྟེ། བུ་ལྔ་བརྒྱས་ནི་གཾཡས་ཕྱོགསུ། བུ་ལྔ་བརྒྱས་ནི་གཡོན་ཕྱོགས་ནས་བསྐོར་བར་གྱུར་ནསོ།། འདིར་གཏེར་དང་ལྡན་ལ་ཡོངསུ ་སྤྱོད་པར་བྱེད་པ་དང་བྲལ་བ་ན་བཀྲེན་པའོ།། དམན་པ་ནི་དབུལ་བ་ཡིན་ལ་འདིར་མིའི་མཆོག་ནི་མཁར་གྱི་རྒྱལ་པོ་ཡིན་པར་དགོངསོ།། རིན་པོ་ཆེའི་རྩིབས་བརྒྱ་གདུགས་གང་ལ་ཡོད་པ་དེ་ནི་རྩིབས་བརྒྱ་པ་སྟེ། སྐྱེ་དགུ་ཆེན་པོ་ལ་འོས་པའི ་གདུགས་དཀར་པོའོ།། འོད་ཟེར་སྟོང་གི་སྣང་བས་ཞེས་བྱ་བ་ནི་དེས་སྣང་བར་བྱས་པར་གྱུར་པའོ།། ཟླ་བ་དང་སྐར་མ་དང་། གཟའི་གཞལ་ཡས་ཁང་བཟང་པོ་ཟིལ་གྱིས་གནོན་པའི་ངང་ཚུལ་གྱི་བདག་ཉིད་གང་ལ་ཡོད་པ་དེ་ནི་ཟླ་བ་དང་སྐར་མ ་དང་གཟའི་གཞལ་ཡས་ཁང་བཟང་པོ་རྣམས་ཟིལ་གྱིས་གནོན་པ་ཅན་ཏེ་དེའི་མཛེས་པ་ཟིལ་གྱིས་གནོན་པར་བྱེད་པའོ།། ཉི་མའི་འོད་ཟེར་ཏེ་འོད་ཟིལ་གྱིས་གནོན་པ་སྟེ་གསལ་བར་གྱུར་པའོ།། རྣམ་པར་རྟོག་པ ་སྣ་ཚོགས་སྐྱེས་ཏེ། ཞེས་བྱ་བ་ནི་རྣམ་པ་དུ་མ་སྐྱེས་ཤིང་བྱུང་བར་གྱུར་ཏེའོ།། བསླབ་པའི་དུས་ལས་ཞེས་བྱ་བ་ནི་བསླབ་པའི་མཚམས་ལས་འདས་པ་ཡིན་ཏེ། བྱ་བ་མ་ཡིན་པ་བྱེད་པ་ཡིན་པའི་ཕྱིརརོ།། བསླུ་བར་འདོད་པ་ནི་རྣམ་པར་བགྲོད ་བྲིར་འདོད་པ་སྟེ། ལམ་མུ་ཡིན་པ་ལ་འཇུག་པར་འདོད་པའོ།། དེའི་རང་གི་རང་བཞིན་ནི་སྦྲུལ་གྱི་ལུས་སུ་སྟེ། འདི་ལྟར་དེའི་ལུས་སྔོན་གྱི་ཉེས་པར་སྤྱད་པས་ཐོབ་པོ་ཨེ་ལའི་ཤིང་སྐྱེས་པས་ཉེ་བར་མཚོན་པོའི་མགོ་བོ་དེས་ཤོག་ཅིག་ལ་ནི ་སྐྱེ་བོའི་ཚོགས་ཆེན་པོ་སྐྱོ་བ་བསྐྱེད་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་གསུངས་པ་ཡི་ནོ།། རྣག་དང་ཁྲག་འཇིག་པ་ནི་ཀུན་ནས་འཇིག་པོར་གྱུར་པའོ།། རྣག་དང་ཁྲག་ཁྱོད་པར་ཇི་ལྟ་བུ་ཞེ་ན། སྦྱིན་བུའི་རིགས་ཞེས་བྱ་བ་ལ་སོགས ་པོ་སྨོས་ཏེ། སྲིན་བུའི་རིགས་བརྒྱ་ཕྲག་དུ་མས་གང་བ་དང་། སྦྲང་བུའི་ཚོགས་དུ་མེས་ཕུར་ཞིང་འབབ་པས་ཁྱབ་པར་གྱུར་པ་སྟེ། འཕུར་པ་ནི་སྟེང་དུ་ལྡིང་བ་ཡིན་ལ། འབབ་པ་ནི་འོག་ཏུ་ལྟུང་བར་གྱུར་པའོ།། རབ་ཏུ་མནམ་པ་ནི་རྣག་དང་ཁྲག ་ཤིན་ཏུ་དྲིང་བར་གྱུར་པའོ།། ལྷ་མོ་འདོད་པ་ནི་ལྟ་བར་འདོད་པ་མ་ཡིན་པའོ།། བལྟས་ན་མི་སྡུག་པའོ།། ཞེས་བྱ་བ་ནི་བལྟས་པའི་སྒོ་ནས་འདོད་པར་བྱེ་བ་མ་ཡིན་པའོ།། ཤིན་ཏུ་འཇིག་སུ་རུང་བ་ཞེས་བྱ་བ་ནི་འཇིགས་པར་བྱེད་པ་དང་སྨད ་པར་བྱ་བའི་གནས་ཡིནོ།། འདོད་ཆགས་དང་བྲལ་བ་མ་ཡིན་པ་དེ་དག་ཅེས་བྱ་བ་ལ་སོགས་པ་ལ་ཉོན་མོངས་པ་མ་སྤངས་པ་ལ་འཇིག་པར་བྱེད་པ་དང་། མྱ་ངན་བྱེད་པ་དང་། སྐྱོ་བར་བྱེད་པའོ།། གས་པ་ནི་པགས་པ་གས་པའི་ཕྱིརརོ།། ། ་རྩུབ་པ་ནི་རེག་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིརརོ།། ཤིན་ཏུ་རྩུབ་པ་ནི་མཐོང་ན་ཡིད་དུ་འོང་བ་མ་ཡིན་པའོ།། ཁ་དོག་དུ་མ་ནི་སྔོན་པོ་ལ་སོགས་པའི་རྣམ་པ་དང་ལྡན་པ་ཡིན་ལ། དབྱིབས་སྣ་ཚོགས་ནི་ཁ་དོག་རིང་པོ་ལ་སོགས་པའི་འབྱོར་པ ་དེང་ལྡན་པའོ།། བདེ་བ་ནི་འདོད་པར་བྱེད་པའོ།། ལས་ངན་པ་ཉེས་པར་མངོན་པར་བསྒྲགས་པ། ཞུ་བྱ་བ་ནི་མི་དག་བཱི་པྲ་ཀྱི་ཉེས་པ་ལས་སྐྱེས་པར་གྱུར་པའོ།། ལུ་པ་བསྟན་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་དམན་པ་ཡིན་པའི་ཕྱིར་ལན ་གཉིས་བརྗོད་པའོ།། བདག་དུས་གང་གི་ཚེ་ན་ཀླུའི་སྐྱེ་གནས་ནས་ཕར་བར་འགྱུར་ཞེས་བྱ་བ་ནི་དེ་ལུང་བསྟན་དུ་གསོལ་བའོ།། བཅོམ་ལྡན་འདས་ལུང་སྟོན་པར་མི་མཛད་པ། ཞེས་བྱ་བ་ནི་འདིར་རྒྱུད་བརྗོད་པར་བྱ་བ་ཡིན་ཏེ་བཅོམ་ལྡན ་འདས་ཐམས་ཅད་མཁྱེན་པ་ཡིན་ན་ཅིའི་ཕྱིར་ལུང་སྟོན་པར་མི་མཛད་ཅེ་ན། འདིར་སྨྲས་པ། ལས་བྱས་ཤིང་བསགས་པ་ཆུང་མི་ཟ་པ་དང་། ཞིང་དམ་པ་ལ་ཁྱེད་དུ་བསད་པ་ལོས་སྡུག་བསྔལ་དྲག་པ་ཉམསུ་མྱོང་བ་བསྟན་པར ་བྱ་བར་བཞེད་པ་དང་། འཁོར་ལོས་སྒྱུར་བའི་འབྱོར་པ་མངོན་པར་འདུན་པ་དག་གི་འདོད་པ་དོར་བར་བྱ་བའི་ཕྱིར་དང་། ལྷག་མ་འཁོར་བ་ལ་སྐྱོ་བ་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལུང་མ་བསྟན་པ་ཡིན་ནོ།། སྡེ་སྣོད་གསུམ ་པ་ནི་གཞུང་དོན་གྱི་སྒོ་ནས་འཛིན་པ་གང་ལ་ཡོད་པ་དེ་ནི་སྡེ་སྣོད་གསུམ་པའོ།། སྤོང་བའི་ཕྱིར་འཇུག་པ་ཡིན་པས་ན་སྤོང་བ་སྟེ། གང་ཞིག་སེམས་འདུལ་བར་བྱ་བའི་ཕྱིར་བརྩོན་པར་གྱུར་པའོ།། འདི་ལ་སྲོག་མེད་པ་ཞེས ་བྱ་བ་ལ་སྲོག་གི་ནི་འདིར་རྣམ་པར་ཤེས་པ་ལ་འདོད་དོ།། འཚེ་བ་ནི་དབུགས་འབྱུང་བྱ་དང་རྔུབ་པ་ཡིན་ནོ།། ཀཱ་ཏྱཱ་ཡ་ནའི་རྒྱུད་ཡིན་པས་ན་ཞེས་བྱ་བ་ནི་དྲང་སྲོང་ཀྵཱ་ཏཱ་ཡ་ན་དེའི་རྒྱུད་དུ་སྐྱེས་པས་ནཱ་ཀྵཱ་ཏྱཱ་ཡ་ན་ཞེས་བྱའོ།། འཇིག་རྟེན་འདི ་ནི་གཉིས་ལ་བརྟེན་ཏེ། ཞེས་བྱ་བ་ལ་སོགས་པ་ལ་བརྟེན་པ་རྣམ་པ་གང་གིས་ཤེ་ན། ཡོད་པ་ཉིད་དང་མེད་པ་ཉིད་ཅེས་བྱ་བ་སྨོས་ཏེ། ཡོད་པ་ནི་རྟག་པར་ལྟ་བ་ཡིན་ལ། མེད་པ་ཉིད་ནི་ཆོད་པར་ལྟ་བ་ཡིན་ཏེ། གཅིག་ནི་རྟག་པར་སྨྲ་བ་ཡིན ་ཞིང་། གཅིག་ནི་ཆད་པར་སྨྲ་བོ་ཡི་ནོ།། ཞེས་བྱ་བའི་དོན་འདིར་འགྱུར་རོ།། ཕལ་ཆེར་ནི་མང་དུ་སྟེ། ཐམས་ཅད་དེ་ལྟ་བུའི་རྣམ་པས་ནི་མ་ཡིནོ།། ཞེས་བྱ་བའི་ཐ་ཚི་གོ།། ཅིའི་ཕྱིར་ཡང་དེ་ལྟར་རྟེན་པར་བྱེད་ཅེ་ན། དེའི་ཕྱིར་ཕུང་པོ་དང་ཉེ་བར་ལེན་པ ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་འདི་དག་ནི་ཕུང་པོ་དང་ཉེ་བར་ལེན་པས་ཟིན་པ་དེའི་ཕྱིར་གཉིས་ལ་བརྟེན་པ་ཞེས་བྱའོ།། ཕུང་པོ་ནི་ཉོན་མོངས་པ་མ་གཏོགས་པར་སྐྱེ་བའི་ཕུང་པོ་ལ་སོགས་པ་ཡིན་ལ། ཉེ ་བར་ལེན་པ་ནི་ཉོན་མོངས་པ་ཡིན་ཏེ། ཕུང་པོ་དང་ཉེ་བར་ལེན་པ་ནི་ཕུང་པོ་དང་ཉེ་བར་ལེན་པ་སྟེ། དེ་དག་གིས་ཟིན་པ་ནི་གཞན་གྱི་དབང་དུ་གྱུར་པོ་འམ། ཁྱབ་པར་གྱུར་པའོ།། དེ་ལྟར་དེ་ནི་ཞེས་བྱ་བ་ནི་དེ་ལྟར་ནང་གི་གཉིས་པོ་དེ་དག་འགའ ་ཞིག་ཏུ་ཡང་ཉེ་བར་མི་འགྲོའོ།། ཞེས་བྱ་བར་སྦྱ་རོ།། གང་ཞེ་ན། སྨྲས་པ། སེམས་ཀྱི་གནས་དང་མངོན་པར་ཞེན་པའི་བག་ལ་ཉལ་བ་ནི་འདི་ལྟར་ཡུལ་དག་ལ་འདིས་འདི་ནི་བདག་ཉིད་ཀྱིའོ།། ཞེས་ལྷག་པར་གནས་པས་ན་གནས་ཏེ་སྲིད་པ་ཡིན། ་ནོ།། མངོན་པར་ཞེན་པ་སྨོས་པས་ལྟ་བ་དག་བཟུང་བ་ཡིནོ།། ཉེ་བར་མི་འགྲོ་བ་ནི་འདི་ལྟར་དེ་དག་ལ་བདག་ཉིད་ཀྱིས་འགྲོ་བར་མི་བྱེད་པའོ།། ཉེ་བར་མི་ལེན་ཏོ།། ཞེས་བྱ་བ་ནི་འཛིན་པར་མི་བྱེད་པའོ།། མི་གནས་པ་ཞེས་བྱ་བ་ནི་གནས་བརྟན ་བོར་མི་བྱེད་པའོ།། མངོན་པར་ཞེན་པ་མེདོ་ཅེས་བྱ་བ་ནི་འཛིན་པར་མི་བྱེད་པའོ།། བདག་མེད་པ་ཉིད་དུ་བསྟན་པའི་ཕྱིར་སྡུག་བསྔལ་ཞེས་བྱ་བ་སྨོས་པ་ཡིན་ཏེ། འདི་ནི་སྡུག་བསྔལ་ཙམ་མོ་ཁོ་ན་ཡིན་གྱི། བདག་དང་བོདག་གི་ནི་མ་ཡིན་ནོ།། ་འདི་ལ་ཡང་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཞེས་བྱ་བའི་ཡུལོ།། འདོད་པོ་ཞེས་བྱ་བ་ནི་འདོད་པར་བྱེད་པསོ།། ཐེ་ཚོམ་དུ་གྱུར་པས་ཞེས་བྱ་བ་ནི་ཐེ་ཚོམ་བྱེད་པས་སོ།། ཕྱོགས་གཉིས་ཐོས་ནས་གང་ཞིག་ཡིད་ཅེས་པ་ནི་མངོན་པར་འདོད་པ་སྐྱེས ་པར་གྱུར་པ། དེ་ནི་འདིར་འདོད་པ་ཡིན་ལ། ཇི་དེ་ལྟར་ཡིན་ནམ་འོན་ཏེ་དེ་ལྟར་མ་ཡིན། ཞེས་དོན་དོགས་པ་ནི་ཐེ་ཚོམ་དུ་གྱུར་པ་ཡིནོ།། གཞན་གྱི་རྒྱུན་གྱིས་ཤེས་པ་ཁོ་ན་མ་ཡིནོ།། ཞེས་བྱ་བ་ནི་རིམ་གྱིས་ངེས་པའི་ཤེས་པ་སྐྱེ། འི་ཕྱིར ་གཞན་ལ་རག་ལས་པ་མ་ཡིན་པའི་ཤེས་པ་གྲུབ་པར་གྱུར་ཏེ། བདག་ཉིད་མངོན་སུམ་དུ་བྱེད་པའི་སྒོ་ནས་མངོན་སུམ་དུ་བྱས་པ་ཉིད་ཀྱི་ཕྱིའོ།། ཡང་ན་འདི་ལ། ཀཱ་ཏྱཱ་ཡ་ན་ཁྱོད་འདོད་པ་དང་གཞན་གྱི་རྐྱེན་གྱིས་ཤེས་པོ་མ་ཡིནོ།། ་བྱཱ་བཱ་ནི། སྡུག་བསྔལ་ལ་སོགས་པ་འདོད་པ་དང་ཐེ་ཚོམ་དུ་གྱུར་པ་ཡིན་ཏེ། ཡུལ་དེ་ལྔ་ཐེ་ཚོམ་དུ་གྱུར་པ་སྤངས་པའི་ཕྱིརོ།། དེ་བས་ན་ཤེས་པ་ནི་དེ་ཡཱ་ངེས་པར་བྱེད་པ་ཉིད་ཡིན་པའི་ཕྱིར། གཞན་ལ་རག་ལུས་པར ་འགྱུར་བ་ཉིད་མ་ཡིན།། འདི་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ་འདི་ཙམ་གྱིས་འདི་ལྟར་བདེན་པ་ཕྱིན་ཅི་མ་ལོག་པོར་ཁོང་དུ་ཆུད་པའི་ཕྱིར་ཡང་དག་པའི་ལྟ་བ་ཡིནོ།། འདི་ཙམ་ལ་ཡང་དེ་བཞིན་གཤེགས་པས་ཡང་དག་པའི ་ལྟ་བར་ཐ་སྙད་བཏགས་པ་སྟེ། ཐ་སྙད་དུ་མཛོད་ཅིང་རྣམ་པར་བཞག་པ་མཛད་དོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གང་ལས་ཞེས་བྱ་བའི་དོན་ནོ།། འཇིག་རྟེན་གྱི་ཀུན་འབྱུང་བ། ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་ནི་ཉེ་བར་ལེན་པའི ་ཕུང་པོ་ལྔ་ཡིན་ལ་འཇིག་རྟེན་དེའི་ཀུན་འབྱུང་བ་ནི་རབ་ཏུ་སྐྱེ་བའོ།། དེ་ཡང་དག་པ་ཇི་ལྟ་བ་སྟེ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུའོ།། ཡོང་དག་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་བལྟས་ཤིང་ཡོངསུ་བཅད ་པར་བྱས་པར་གྱུར་ནའོ།། འཇིག་རྟེན་ནི་མེད་པ་ཉིད།། ཅེས་ཆོད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་འདི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ཆོས་ཀྱི་འབྲས་བུ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ལ། འདི་ལས ་ཀུན་འབྱུང་བའི་ཕྱིར་ཞེས་བྱ་བའི་དབང་དུ་བྱས་ནས་མ་འོངས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཀུན་འབྱུང་པོ་ཡིན་ཏེ། ཕུང་པོ་ལྔ་པོ་འདི་ལས་གཞན་དང་དེ་ལས་གཞན་དུ་སྐྱེ་བར་འགྱུརརོ།། ཞེས་བྱ་བ་དེའི་ཕྱིར་མེད་པ་སྤངས་པ་ཡི་ནོ།། འགོག ་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟས་ན་ཡོད་པ་ཉིད་མ་ཡིན་ཏེ། རྟག་པ་ཉིད་དུ་འཛིན་པ་ལྡོག་པ་ཡིན་ཏེ། གང་གི་ཕྱིར་དངོས་པོ་རྣམས་འགོག་པ་མཐོང་བ་དེའི་ཕྱིརརོ།། དེ་ལྟར་ན་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ ་དག་ཡོད་པ་ཉིད་ཀྱི་མཐའ་ཅན་དང་། མེད་པ་ཉིད་ཀྱི་མཐའ་ཅན་པ་གཉིས་པོ་དག་གོ།། སྤངས་ཏེ་ཞེས་བྱ་བ་ནི་ཡོངསུ་དོར་ནས་དེ་གཅིག་པུ་ཡོད་པར་བྱ་བ་མ་ཡིན་ཏེ། རྟག་པར་སྨྲ་བར་ཐལ་བར་འགྱུར་བའི་ཕྱིརརོ།། གཅིག་པུ་མེད་པ་ཉིད་དུ་ཡང ་མ་ཡིན་ཏེ། ཆད་པར་ཐལ་བར་འགྱུར་བའི་ཕྱིརརོ།། འོན་ཀྱང་དབུ་མའི་ལམ་གྱི་ཆོས་བཤད་དེ་ཞེས་བྱ་བ་ལ། དབུ་མའི་ལམ་ནི་ཤིན་ཏུ་ཡོད་པ་ཉིད་མ་ཡིན་ཞིང་ཤིན་ཏུ་མེད་པ་ཉིད་ཀྱང་མ་ཡིན་ཏེ། ཤིན་ཏུ་ཡོད་པ་ཉིད་མ་ཡིན་པ་ནི་སྐད་ཅིག ་མ་ཉིད་ཡིན་པའི་ཕྱིར་དང་། གཉེན་པ་རྙེད་པར་གྱུར་པ་ན་རྒྱུན་གྱི་མཐའ་ཡང་ཆད་པར་འགྱུར་བའི་ཕྱིར་རོ།། ཤིན་ཏུ་མེད་པ་ཉིད་ཀྱང་མ་ཡིན་ལ་སྐད་ཅིག་སྐད་ཅིག་ལ་ཡོད་པའི་ཕྱིར་དང་། གཉེན་པོ་རྙེད་པར་གྱུར་པ་ན་ཚུ་རོལ་གྱི་རྒྱུན་ཡོད་པ་ཉིད ་ཀྱི་ཕྱིརརོ།། འདི་ལྟ་སྟེ་ཞེས་བྱ་བ་དེ་ནི་ཉེ་བར་སྟོན་པར་བྱེད་པའོ།། འདི་ཡོད་ན་ཞེས་བྱ་བ་ནི་རྒྱུ་ཡིན་ལ། འདི་ཡོད་པར་འགྱུརརོ་ཞེས་བྱ་བ་ནི་འབྲས་བུར་འགྱུར་བ་སྟེ་འདིས་ནི་རྒྱུར་སྨྲ་བ་བསལ་བ་ཡིན་ནོ།། དེ་ལྟ་ན་ནི་རྒྱུ་རྟག་པ་ལས་འབྲས་བུ་སྐྱེ་བར ་འགྱུར་ཞེ་ན། དེའི་ཕྱིར་འདི་སྐྱེས་པ་ལས་འདི་སྐྱེ་བ་སྟེ། ཞེས་བྱ་བ་སྨོས་པ་ཡིན་ཏེ། འདི་ཞེས་བྱ་བ་རྒྱུ་སྐྱེས་པ་ལས་འབྲས་བུ་སྐྱེ་བར་འགྱུར་རོ།། ཞེས་བྱ་བ་འདིས་ནི་རྒྱུ་རྟག་པར་སྨྲ་བ་བསལ་བ་ཡིན་ཏེ། རྒྱུ་སྐྱེ་བའི་ཆོས་ཅན་ཉིད་ཡིན་པཱི ་ཕྱི་རོ། འདི་ལྟ་སྟེ། མ་རིག་པ་ཞེས་བྱ་བ་ལ་སོགས་པ་ལ་སྔོན་གྱི་སྐྱེ་བའི་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་འདིར་མ་རིག་པའི་སྒྲ་དང་། ལས་ཀྱི་གནས་སྐབས་ལ་འདུ་བྱེད་ཀྱི་སྒྲ་དང་། ཕུང་པོ་ལྔ་ཉིང་མཚམས ་སྦྱོར་བའི་སྐད་ཅིག་མ་རྣམ་པར་ཤེས་པའི་སྒྲས་བསྟན་ཏོ།། རྣམ་པར་ཤེས་པའི་ལས་འོག་ཇི་སྲིད་སྐྱེ་མཆེད་དྲུག་སྐྱེས་པར་མ་གྱུར་པའི་གནས་སྐབས་ལ་མིང་དང་གཟུགས་ཞེས་བྱའོ།། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདུས་པ་ལས ་གོང་དུ་ནི་སྐྱེ་མཆེད་དྲུག་ཡིན་ལ། ཡུལ་ལ་སོགས་པ་འདུས་པར་གྱུར་པ་ནི་རེག་པ་ཡིནོ།། བདེ་བ་ལ་སོགས་པའི་རྣམ་པ་ཡོངསུ་གཅོད་པར་ནུས་པ་ནི་ཚོར་བ་ཡིན་ལ། ལོངས་སྤྱོད་དང་འཁྲིག་པའི་འདོད་ཆགས་ཀྱི་གནས་སྐབས་སྲེད་པ ་ཡིན་ནོ།། གང་གི་ཚེ་ལོངས་སྤྱོད་ཀྱི་རྒྱུ་མཚན་ཚོལ་བར་རྩོམ་པར་བྱེད་པ་དང་ཀུན་ནས་རྒྱུག་པར་བྱེད་པ་དེའི་ཚེ་ལེན་པའི་གནས་སྐབས་ཡིན་ལ། ཡང་སྲིད་ཀྱི་ལས་ཀྱི་གནས་སྐབས་ནི་སྲིད་པ་ཡིན་ནོ།། མ་འོངས་པའི་ཉིང་མཚམས་སྦྱོར་བ་ཡང ་སྐྱེ་བ་ཡིན་ལ། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་སྟེ་མ་འོངས་པའོ་སྐྱེ་བའི་ཡན་ལག་བཞི་པོ་ལ་རྒ་ཤི་ཞེས་བྱའོ།། དེའི་ཕྱིར་འདུ་བྱེད་ཀྱི་རྒྱུ་ནི་མ་རིག་པ་ཡིན་ཏེ། མ་རིག་པ་འདི་ཡོད་ན་འདུ་བྱེད་འབྱུང་བར ་འགྱུར་རོ།། དེ་བཞིན་དུ་ཇི་སྲིད་སྐྱེ་བ་དང་རྒ་ཤིའི་བར་གྱི་རྒྱུ་ཡིན་ཏེ། སྐྱེ་བ་ཡོད་ན་རྒ་ཤི་འབྱུང་པོར་འགྱུརརོ།། མ་རིག་པ་འགགས་པས་འདུ་བྱེད་འགོག་ཅེས་བྱ་བ་ནས་སྐྱེ་བ་འགག་པར་འགྱུརརོ།། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབ ་ཞིག་པོ་འདི་ཞེས་བྱ་བ་ལ་འབའ་ཞིག་པོ་ཞེས་བྱ་བ་ནི་བདག་གི་མ་གཏོགས་པ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འགག་པར་འགྱུ་རོ།། ཞེས་བྱ་བའོ།། རིག་བྱེད་ལས་བསྟན་པའི་ཞི་བའི་ལས་བྱ་བ་ནི་ཞི་བ་བགྱི་བའོ།། དགེ་བའི་ཚུལ་དུ ་བློ་མཐུན་པ་ཞེས་བྱ་བ་ནི་ཤིན་ཏུ་རིགས་པ་བྱེད་པ་ནི་དགེ་བ་ཡིན་པར་རིག་པར་བྱ་ལ། ཤིན་ཏུ་དགེ་བ་ནི་དགེ་བའི་ཚུལ་དེས་སྐྱེ་བོ་མང་པོ་བློ་མོ་ཐུན་པ་སྟེ་འདོད་པའོ།། དབེན་པའི་གནས་ནས་ཞེས་བྱ་བ་ནི་གསང་ལ་སྐྱེ་བོ་འདུ་བ་དང་བྲལ ་བའི་ས་ཕྱོགས་ལས་སོ།། སྔོན་གྱི་སྐྱེས་པའི་རབས་ཀྱི་རྗེས་སུ་མཐུན་པའི་འདུ་ཤེས་ཞེས་བྱ་བ་ནི་སྐྱེ་བ་གཞན་དུ་བྱས་པའི་ལས་དང་འདྲ་བའི་འདུ་ཤེས་ཀྱིས་སོ།། དང་བ་བསྐྱེད་དེ་ཞེས་བྱ་བ་ནི་དད་པ་སྐྱེས་པར་གྱུར་པའོ།། དགེ་བའི་བསམ ་བས་ཞེས་བྱ་བ་ནི་སེམས་རྙོག་པ་མེད་པ་འམ། ཁ་ན་མ་ཐོ་བོ་མེད་པའི་བསམ་པས་སོ།། སྡིག་པ་སྤོངས་ནས་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པར་བྱེད་པའི་སྡིག་པ་སྤངས་ནའོ།། གསང་བའི་རྒྱུན་ནི་སྦ་བར་བྱ་བ་གང་ཡིན་པ་སྟེ། རྟག་ཏུ་བ་མ ་ཡིན་པའོ།། ཕྱི་རོལ་གྱི་རྒྱུན་ནི་གང་རྟག་ཏུ་བྱ་མ་ཡིན་པ་སྨྲ་བར་བྱ་བ་མ་ཡིན་པ་དག་ཡིན་ཏེ། གང་དག་གོ་རིམ་བཞིན་དུ་ཉི་མ་ཉི་མར་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱི་རོལ་གྱི་རྒྱན་ཡིནོ།། བྲམ་ཟེ་དབུལ་བྱ་ཞེས་བྱ་བ་ནི་བྲམ་ཟེ་དག་ལས ་ཤིན་ཏུ་དབུལ་བའོ།། བསོད་ནམས་ཆེན་པོ་ཞེས་བྱ་བ་ནི་བསོད་ནམས་ཀྱིས་ཆེན་པོར་གྱུར་པའོ།། སྔ་ན་མེད་པའི་རྟག་དང་ཆ་ལུགས་འཛིན་པ་ཞེས་བྱ་བ་ནི་རྟགས་ནི་སྔོན་མཐོང་བར་མ་གྱུར་པས་ན་མེད་པའོ།། མཚན་མ་སྟེ་སྒྲ་དང་ཁ་སྤུ ་བྲེགས་པ་ལ་སོགས་པའོ།། ཆ་ལུགས་ནི་གོས་རྣམ་པ་གཞན་དུ་འཛིན་པའོ།། མི་གསང་བའི་ཕྱོགས་ཞེས་བྱ་བ་ནི་མི་དབེན་པའི་ཕྱོག་སའོ།། འབྲས་དམར་པོའི་ཆན་ནི་དྲི་ལ་ཅན་ལས་བསྒྲུབས་པའི་འབྲས་ཅ་ནོ།། གཞན་མོན ་སྲན་སྡེའུ་ལ་སོགས་པ་དང་། ཆུ་འབའ་ཞིག་གིས་བསྒྲུབས་པ་ལན་ཚྭ་ལ་སོགས་པ་དང་། མངོན་པར་འདུས་བྱས་པ་དང་བྲལ་བའི་སྲན་ཚོད་ནི་སྲན་ཚོད་ཡིན་ལག་གཉིས་པའོ།། རྒྱལ་པོ་ཐ་མ་ཞེས་བྱ་བ་ལ་འདི་ནི་རྒྱལ་པོ་ཀུན་གྱི་ཐ་མར་གྱུར ་ཅིང་སྙིང་པོ་མ་ཡིན་པར་གྱུར་པའོ།། ཆོས་མ་ཡིན་པ་ལ་བརྟེན་པ་ཞེས་བྱ་བ་ནི་ཚུལ་མ་ཡིན་པ་ལ་མངོན་པར་ཆགས་པ་ཅ་ནོ།། ཕྱོགས་གཙང་མར་ཞེས་བྱ་བ་ནི་དབེན་ལ་ཆུ་ལུང་དང་བྲལ་བའོ།། རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་དགུ་མགོ ་བར་བྱེད། དགའ་བར་བྱེད་པའི་ཕྱིར་རྒྱལ་པོ་ཡིན་ལ། ཟད་ཅིང་གདུང་བར་བྱེད་པ་ལས་སྐྱོབ་པར་བྱེད་པ་ཡིན་པའི་ཕྱིར་རྒྱལ་རིགས་ཡིན་ཞིང་། ཡ་རབས་ཀྱི་སྤྱི་བོས་ཕྱག་བྱས་པ་ཉིད་ཀྱི་ཕྱིར་སྤྱི་བོ་ནས་དབང་པོ་སྐུར་བ་ཡིན་ནོ།། ཇི་ལྟར་མངོན་པར ་འདོ་པའི་ཟས་ནི་ཅི་འདོད་པའི་ཁ་ཟས་སོ།། ལས་བྱེད་ལ་རག་ལུས་པ་ཞེས་བྱ་བ་ལ། ལས་བྱེད་ནི་ཟས་ཀྱི་བྱ་བོ་བྱེད་པའི་དབང་བྱེད་དག་གོ།། དགེ་སློང་དག་ནི་སྦྱིན་གནས་ཡིན་ཏེ། གང་གི་ཕྱིར་དེ་དག་ནི་བསོད་པ་དང་ངན་པ་དག་ལས་སེམས ་འགྱུར་བ་མེད་པ་ཡིན་ཏེ། སེམས་འདུལ་བ་ཉིད་ཡིན་པའི་ཕྱིརརོ།། དབང་པོ་ཕོབ་སྟེ་ཞེས་བྱ་བ་ནི་ཡུལ་དག་ལོས་བསྡུས་ནས་སོ།། གང་གིས་མཐོང་བ་འམ། གོང་གིས་ཐོས་པ་དེ་ལ་གར་དང་གླུ་བཟང་བ་ཡི་ནོ།། བསད་པར་འོས་པ་ཡིན་པའི ་ཕྱིར་བསད་པར་བྱ་བ་ཡིན་ཏེ། སྲོག་དང་བྲལ་བར་བྱ་བའོ།། མུ་དང་ཁ་ང་ཆང་དུ་གང་བ་ཞེས་བྱ་བ་ལ་མུ་ཞེས་བྱ་བ་ནི་ཁའི་ཕྱོགས་ཡིན་ལ་དེ་དང་མཉམ་པར་གྱུར་ཞེས་བྱ་བའི་ཐ་ཚི་གོ། ལྗོངས་ཐམས་ཅད་ཀྱི་གྲོང་ཁྱེར་བཟང ་བོ་ཞེས་བྱ་བ་ནི་ལྗོངས་ཐམས་ཅད་ལས་འབྱོར་པོ་ཁྱད་པར་དུ་འཕགས་པ་ཉིད་ཡིན་པ་དེའི་ཕྱིར་ལྗོངས་ཐམས་ཅད་ཀྱི་གྲོང་ཁྱེར་བཟང་པོའོ།། བདག་ཅག་དགེ་སློང་གང་དང་ཞེས་བྱ་བ་ལ་སོགས་པ་ལ། གར་ལྟ་བ་ལས ་ལྡོག་པ་འཛིན་པ་དང་། རོལ་མོའི་སྒྲ་ཉན་པ་ལས་ལྡོག་པའི་འཛིན་པས་བསླབ་པ་ཡོངསུ་བླངས་ནས་སོ།། འདྲི་བྱར་མ་སྤོབས་པ་ནི་ཚིག་གིས་དྲིས་པའི་སྒོ་ནས་སྤོབས་པར་དཀའ་བའོ།། བདེ་ལེགས་གྱུར་ཅིག་ཅེས་བྱ་བའི་བདེ ་ལེགས་སུ་བྱེད་པ་ནི་འདིར་བུ་མོ་དོན་དུ་གཉེར་བར་བྱེད་པ་སྟོན་པ་ཡིན་པར་རིག་པར་བྱའོ།། བླངས་པ་ཞེས་བྱ་བ་ནི་མེ་སྐོར་བྱས་པའོ།། ཞིམ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཞིམ་པོ་ཞེས་ནི་བསོད་པ་འམ་དྲི་མ་མེད་པའོ།། སྟེང་གཡོགས ་ནི་སྟེང་ནས་བགོ་བར་བྱ་བ་ཡིན། སྨད་གཡོགས་ནི་འོག་ཏུ་བགོ་བར་བྱ་བ་ཡིནོ།། ཁ་ཅིག་བཟང་པོ་ནི་གོས་ཡིན་ལ། འདིས་གནས་པར་བྱེད། རྟེན་པར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཟས་ཡིནོ་ཞེས་ཟེར་རོ།། ཉོན་མོངས་པ་སྟེ ་འདོད་པ་ངེས་ཤིན་ཏུ་གཟིར་བའོ།། སྐྱེས་བུའི་སེམས་འཛིན་པར་བྱེད་པ་ངེས་བལྟ་ཞིང་གཡོ་བའོ།། མ་འདྲེས་པའི་ཆོས་ལྔ་ཞེས་བྱ་བ་ལ་སོགས་པ་ལ་མ་འདྲེས་པའི་ཆོས་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་ཡིན་ཏེ། བུད་མེད་འགའ ་ཞིག་ཁོ་ནའི་ཡིན་གྱི་ཐམས་ཅད་ཀྱི་ནི་མ་ཡིན་ནོ།། མཁས་པའི་རང་བཞིན་ཅན་ཞེས་བྱ་བ་ནི་མཁས་པའི་རྣམ་པ་དང་འདྲ་བ་སྟེ། སྐྱེས་བུ་ཆགས་པར་གྱུར་པ་དང་ཆགས་པ་དང་བྲལ་བར་གྱུར་པ་ཉིད་ཞེས་བྱ་བ་སྟེ། གནས་སྐབས ་ཀྱི་བྱེ་བྲག་ཤེས་པ་ནི་དང་པོའོ།། ཟླ་མཚན་གྱི་དུས་ནི་མངལ་ཡོངསུ་འཛིན་པའི་དུས་ཡིན་ལ་ཟླ་མཚན་ཞེས་བྱ་བ་ནི་ཁྲག་གི་དྲི་མ་འཇིག་པའི་ལྷག་མ་ལས་ཁྲག་གི་ཐོགས་པ་གཉིས་སམ་གསུམ་ཡིན་ཏེ། བུད་མེད་ཀྱིས་དེའི་དུས་ཤེས་པ ་ནི་གོཉིས་པ་ཡིན་ནོ།། མངལ་ན་གནས་པ་ཞུགས་པ་ཞེས་བྱ་བ་ནི་མངལ་དུ་སེམས་ཅན་ཞུགས་པ་ཤེས་པ་སྟེ་གསུམ་པ་ཡིན་ནོ།། གང་གི་ཐང་ལས་ཞེས་བྱ་བ་ནི་སྐྱེས་བུ་མང་པོ་དག་ཡོངསུ་སྤྱོད་པར་གྱུར་པ་ན་མངལ་སྐྱེད་པའི་བྱེད་པའི་སྐྱེས ་བུ་ཤེས་པ་ནི་བཞི་པ་ཡིནོ།། མངལ་གྱི་བྱེ་བྲག་ཁྱེའུ་དང་། བུ་མོར་ཤེས་པ་ནི་ལྔ་པ་ཡིནོ།། འདོད་པ་དང་བྲལ་བ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་གདུང་བ་དང་ཡོངསུ་བྲལ་བར་གྱུར་པའོ།། བརྟན་པོར་གྱིས་ཤིག་ཅེས་བྱ་བ་ནི་སྐྱོ་བའི་སྒོ་ནས་སྔར ་བར་མ་བྱེད་ཅིག་པའོ།། སྟོབས་དང་ལྡན་པར་ཞེས་བྱ་བ་ནི་སྟོབས་དང་བཅས་པར་རོ།། བཅོམ་པ་ཞེས་བྱ་བ་ནི་ཡོངསུ་ཕྲོགས་པ་དང་བཅོམ་པ་དང་ཡོངསུ་ཟད་པ་ཞེས་བྱ་བའོ།། རྒྱལ་བ་ཞེས་བྱ་བ་ནི་གཡུལ་གྱི་སྟོབས་ཤོག་པའི་ཕྱིརརོ།། འདི ་པ་ཞེས་བྱ་བ་ནི་ནུས་པ་བཅོམ་པར་གྱུར་པས་སྐྲག་པའི་ཕྱིར་རོ།། བཅོམ་པ་ནི་ནུས་པ་བཅོམ་པ་དང་སྤངས་པ་ཡིན་ཏེ། མངོན་དུ་ཕྱོགས་པ་དང་འགྲོ་བ་དང་བསྣུན་པའི་ནུས་པ་མེད་པར་གྱུར་པའོ།། བདག་པོ་དམན་པར་གྱུར་པས་སྡེ ་དཔོན་ཡང་དམན་པར་གྱུར་པའི་ཕྱིར་ཕབ་པར་བྱས་པའོ།། དགྲ་བོ་ལ་རྒྱབ་ཀྱིས་ཕྱོགས་པར་གང་གིས་བྱས་པ་དེ་ཕ་རོལ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་པའོ།། རྩིག་པའི་ཁར་སྐྲངས་ཏེ་འཁོད་དོ་ཅེས་བྱ་བ་ནི་རྩིག་པའི་ཁར་དཔུང་བུ་ཆུང་གིས ་ཕྲེང་བ་བཞིན་དུ་རྣམ་པར་བསྐོར་བས་ན་རྩིག་པའི་ཁར་སྦྲེངས་པའོ།། དཔའ་བོ་བཟང་པོ་ཞེས་བྱ་བ་ནི་གཡུལ་ལ་དཔའ་བའོ།། བློན་པོ་ནི་བློའི་གྲོགས་གྱུར་པ་ཡིན་ལ། བློན་པོ་དག་ལས་ཤིན་ཏུ་ནང་གི་ཡན་ལག་ཏུ་གྱུར་པ་ནི་བློན་པོ་ཆེན་པོའོ།། ་ཕྱི་ཕྱིར་ཞེས་བྱ་བ་ནི་ཡང་དང་ཡང་དུའོ།། ས་བསྐོས་པའི་འདབ་མ་བཏིང་ནས་ཞེས་བྱ་བ་ནི་སོ་སྣོད་ཀྱི་རྣམ་པ་ཙམ་ཏུ་བསྐོས་ནས་ཆུ་ཤིང་ལ་སོགས་པའི་ལོ་མའི་གཞི་བཏིང་བ་དེའི་ཕྱིར་འདབ་མ་བཏིང་བ་ཞེས་བྱ་སྟེ། དེ་ལ་ཡང་འབྲས ་ཚོན་དང་ཚེ་ངོ་མ་ལ་སོགས་པ་གཞན་དག་ནས་བཟའ་བར་བྱ་བའི་ཕྱིརརོ།། སྐྱོ་བོ་ནི་དྲུབ་པ་ཡིན་ལ་མི་བདེ་བ་ནི་གདུང་བར་གྱུར་པའོ།། སྐལ་བ་ངན་པ་ནི་དབུལ་བ་འམ། བསོད་ནམ་སོ་ཆུང་བའོ།། གཞུང་གཉིས་པོ་ངན་སོང་བ་ཞེས ་བྱ་བ་ནི་དོན་ཀྱང་མཚུངས་པ་ཡིནོ།། གུས་པ་སྔོན་དུ་སོང་བ་ཅན་གྱི་ཤེས་པར་བྱེད་པ་ནི་སྨྲས་པའོ།། ཁམ་ཕོར་ཆགས་པ་ནི་ཁམ་ཕོར་གྱི་ཕྱོགས་གཅིག་ཆགས་པའོ།། ཤེས་རབ་ཅན་ཞེས་བྱ་བ་ནི་རིགས་པས་འཇུག་པའི་ཕྱིར་ཤེས ་རབ་དང་ལྡན་པའོ།། ཚུལ་དང་ལྡན་པ་ཞེས་བྱ་བ་ནི་འཐད་པས་ཐ་སྙད་དུ་བྱེད་པའོ།། འདུས་པ་ཞེས་བྱ་བ་ནི་ཐ་སྙད་དུ་མཛའ་བོར་གྱུར་གྱིས་ཤེས་བྱ་བ་ལ། མཚན་དུ་ཉལ་བས་ན་ཤིན་ཏུ་མཛའ་བོར་གྱུར་པ་སྟེ། རྟག་ཏུ་སྙིང་དང ་མི་འབྲལ་བ་ཞེས་བྱ་བ་དང་། སྡུག་པ་ཞེས་བྱ་བའི་ཐ་ཚིག་གོ།། རྟ་ལ་ཡང་ལྡང་བ་སྟེ། ནས་སོ་བ་ལ་སོགས་པ་ཚད་དུ་བྱས་པའི་རྟའི་ཟསུ་རུང་བར་བཟའ་བར་བྱ་བ་རྩ་དག་གོ།། བྲང་ཕྲད་པ་ནི་ལུས་ཀྱིས་འཁྱུད་པའོ།། བྱ ་རློག་དོགས་པ་བཞིན་ཞེས་བྱ་བ་ནི་ཇི་ལྟར་བྱ་རོག་ཐམས་ཅད་ལྀ་དོགས་པར་འགྱུར་བ་དེ་བཞིན་དུ་ཁོ་བོ་ཡང་ངོ་།། བཅོམ་པ་ཞེས་བྱ་བ་ནི་ནཱི་ར~ཾ་དང་ཕྲལ་བར་པའོ།། ཕམ་པ་ཞེས་བྱ་བ་ནི་གཡུལ་གྱི་གནས་ལས་བྲོས་པར་གྱུར་པའོ།། རྒྱལ ་ཕྱོགས་པ་ཞེས་པ་བི་ནི་དབང་བྱེད་ཕྱོགས་པར་གྱུར་པའོ།། ཉལ་བའི་ཁྱིམ་ཞེས་བྱ་བ་ནི་རྒྱལ་པའི་ཕོ་བྲང་འཁོར་ན་གནས་པའི་དོན་གྱི་ཁང་པའོ།། ཕལ་ཆེ་བས་ཞེས་བྱ་པ་ནི་དེ་གསོལ་བའི་བྱིན་ནོ།། ཞེས་བྱ་བ་ནི་གསོ་བའི་དོན་དུ་གཏང ་པའོ།། བསྟོད་པའི་ཕྱིར་ཞེས་བྱ་བ་རབ་ཏུ་གསལ་བར་བྱ་བའི་ཕྱིར་བསྟོད་པའོ།། བརྙེས་པ་ནི་ང་རྒྱལ་གྱི་བརྙས་པས་བརྙས་པར་གྱུར་པའོ།། རིགས་ངན་པ་ལས་སྐྱེས་པ་ནི་རིགས་མེད་པ་ལས་སྐྱེས་པར་གྱུར་པས་སོ།། འདས་པ་ནི་ཞེས་བྱ ་བ་ནི་ཤིན་ཏུ་འདས་པར་གྱུར་པོའོ།། ཅི་ཞིག་ལྟ་ཞིང་འདུག་ཅེས་བྱ་བ་ནི་གནས་སྐབས་ཅི་འདྲ་བར་གྱུར་པའོ།། དེ་ལྟར་མི་ནུས་མོད་ཀྱི་ཞེས་བྱ་བ་ནི་ངས་ཐམས་ཅད་དུ་ཁྱོད་ཀྱི་བྱ་བ་བྱུང་བར་མི་ནུས་མོད་ཀྱི་ཞེས་བྱ་བའི་ཐ་ཚི་གོ་གྱོང་མ ་གསོལ་ཅིག་ཅེས་བྱ་བ་ནི་ཉེས་པ་བྱས་པ་སྨྲ་བར་མི་བྱ་བའོ།། ཉོན་ཞག་གི་བཟའ་བ་བསྒྲུབས་ནས་ཞེས་བྱ་བ་ནི་ཉིན་ཞག་གནས་པའི་བཟའོ་བ་ནི་ཉིན་ཞག་གི་བཟའ་བ་སྟེ། གང་ཇི་ལྟར་བསྒྲུབས་ནས་འཚོ་བོར་བྱེད་པའོ།། ངན་ཀོང་གིས ་ཞེས་བྱ་བ་ནི་འཇིམ་པ་ལ་བྱས་པའི་རི་ལུ་སྐམ་པོ་འཕེན་པར་རུང་བའི་ཕྱིར་དན་ཀོང་ངོ་།། གླན་པར་བྱ་བ་ནི་དགག་པར་བྱ་བའོ།། སྐྱེངས་པ་ནི་ངོ་ཚ་བར་གྱུར་ནསོ།། བུད་མེད་ལ་ཆགས་པར་གྱུར་ནས་ཞེས་བྱ་བ་ནི་བུད་མེད་ལ་ཤིན་ཏུ་སྐམས ་པར་གྱུར་པས་སོ།། སུམ་ཅུ་རྩི་གསུམ་པས་མཆོད་པ་དང་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་ཀྱིས་མཆོད་པོའི་ལྷའི་བུ་མོའི་གཟུགས་ལ་སོགས་པའི་བྱེ་བྲག་དང་ལྡན་དུ་ཟིན་ཀྱང་བཟང་མོའི་ཕྱིར་སྣང་བར་ནུས་པ་མ་ཡིན།། ་ཅི་དང་འདྲ་བར་ཞེ་ན། ཉི་མའི་འོད་ཟེར་གྱི་སྣང་བས་གཞན་སླར་མིའི་གཞལ་མེད་ཁང་གི་མཛེས་པ་ཟིལ་གྱིས་གནོན་པ་བཞི་ནོ།། ཞེས་སྨོས་པ་ཡིན་ནོ།། ཐ་མལ་པའི་སྐྱེས་བུ་ནི་སྐྱེས་བུར་ཤེས་པར་མི་འགྱུར་བའོ།། ངའི་ཀུན་ཏུ་སྤྱོད་པ་ནི་ཐད ་བ་སྟེ། གདོན་མི་ཟ་བར་བྱའོ།། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ནི་ལུས་ལ་སོགས་པའི་བྱ་བ་སྨད་པ་དཔ་ཡི་ནོ།། ངལ་བུས་ཞེས་བྱ་བ་ནི་དོགས་པ་མེད་པའོ།། མི་གཙང་བ་ཞེས་བྱ་བ་ནི་མི་གཙང་བས་ཁྱབ་པར་གྱུར་པའོ།། ལྕགས་ཀྱི་ཕུར་པས་བཏབ ་པ་ནི་བཤད་པའི་ཁང་པོ་ནས་རྐུན་མ་འཇུག་པ་བཟློག་པའི་ཕྱིརརོ།། དོག་པ་ནི་འཇུག་པོར་དཀའ་བ་ཡིན་ལ། གདོན་པ་ནི་བརྒ་ལ་དཀའ་བར་གྱུར་པའོ།། ཀུན་ནས་ཉོན་མོངས་པར་གྱུར་པ་ཞེས་བྱ་བ་ནི་གནོད་པ་སྐྱེད་པར་བྱེད་བྱེད་པའི་སྒོ་ནས་སོ།། དེས ་རྒྱལ་པོ་ཁྲོས་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་ངེས་ཁྲོ་བ་སྐྱེད་པོར་བྱེད་པའོ།། རྒྱལ་པོའི་མཐུ་ལ་ཞེས་བྱ་བ་ནི་དེའི་མཐུས་ཏེ་སྟོབས་ཀྱི་ཡུལ་ཡོངསུ་བསྲུང་བར་གྱུར་པའོ།། རྒྱལ་བ་དང་ཚེ་རིང་བས་ཞེས་བྱ་བ་ནི་རྒྱལ་བ་དང་ཚེ་རིང་བ་འཕེལ་བར་གྱུར ་ཅིག་ཅེས་དུག་མེད་པར་བྱས་ནསོ།། རྡོ་ཐོག་གོ་ཞེས་བྱ་བ་ནི་རང་གི་ནུས་པས་རྙེད་པའི་མཆོག་དོན་དུ་གཉེར་བར་བྱེད་པའོ།། རྟག་ཏུ་ལ་བ་བརྒྱད་དང་ལྡན་པའི་ཤིང་རྟ་ནི་ཅང་ཤེས་ཀྱི་ཤིང་རྟའོ།། རྡོ་ལ་བ་བཟང་པོ་ནི་དྲི་བཟང་པོ ་སོགས་པ་རྟག་ཏུ་བཅད་པའི་དབྱངས་ཀྱིས་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་དང་རྗེས་སུ་འབྲེལ་པའི་ཚིགསུ་བཅད་པ་ཀློག་པས་སོ།། གཅིག་ཏུ་ཞེས་བྱ་བ་ནི་ལྷན་ཅིག་ཏུའོ།། གཏེརུ་བཟུང་བར་གྱུར་ནས་ཞེས་བྱ་བ་ནི་ཁྱེའུ་དང་བུ་མོ་ལ ་སོགས་པ་གཏེའུ་བྱས་པའི་རྒྱུ་ཅན་གྱི་ཆད་པ་བྱས་ནསོ།། དཔྱ་ནར་མ་ནི་རིགས་པའི་བབས་ཡིན་ལ། གླ་སྐྱེས་ནི་ཤོ་གམ་གྱི་གནས་ལ་སོགས་པ་ལས་བྱུང་བའོ།། ཤུ་བའི་མིང་ཅན་གྱི་གཡན་པའི་ནད་ཀྱིས་དབང་དུ་བྱས་པ་ནི་ངས་བཏབ་པར་གྱུར་པའོ།། ་རྟ་སྐད་འབྱིན་པའི་རྟའི་སྐད་སྒྲོག་པར་རོ།། ཡོ་བྱད་ཀྱི་ཁྱད་པར་དུ་འཕགས་པས་བསྒྲུབ་པར་བྱེད་པའི་རིན་པོ་ཆེ་ལ་སོགས་པས་སོ།། གཟུགས་དང་ལྡན་པར་གྱུར་པ་ཞེས་བྱ་བ་ནི་གཟུགས་ཁྱད་པར་ཅན་གྱིས་ཉེ་བར་མཚོན་པར་གྱུར་པའོ།། ཡོལ་བས་བསྐོར་བ ་ཞེས་བྱ་བ་ནི་གོས་ཀྱིས་བར་དུ་བཅད་པར་གྱུར་པའོ།། ཆགས་པ་དང་བཅས་པས་མཐོང་མོ་ཐག་ཏུ་སེམས་འབྲེལ་པར་གྱུར་པས་ན་རབ་ཏུ་ཆགས་པའོ།། མ་བསླབ་སོ་པར་མཁས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་མཁས་པར་གྱུར་པའོ།། ཁྲི་དྲ་བ་ཅན་ནི ་རྩཝའི་སྐུད་པ་ལས་བྱས་པའི་ཁྲི་ཡིན་ཏེ། དྲ་བ་དང་འདྲ་བར་སྦྱངས་པར་གྱུར་པའོ།། ང་ཁོ་ནའི་ཕྱིར་གསོལ་བ་བྱས་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་བདག་གི་དོན་བསྒྲུབས་པར་བྱ་བའི་ཕྱིར་སོང་བ་ཡི་ནོ།། ཚིག་གུ་ནི་རྒྱ་ཤུག་གི་འབྲས་བུ་ཡིན་ལ། བྱས་པ་ནི ་བཟླས་པ་ལ་བྱ་ལ། བྱས་པ་ཞེས་པ་ནི་བསྲུང་བ་ཡིན་པའི་ཕྱིར་མཁས་པའོ།། རྒྱ་ཤུག་ཚིག་གུ་ཞེས་བྱ་བ་ལ་སོགས་པ་ལ། རྒྱ་ཤུག་ཚིག་གུའི་རུས་ལྟར་རྙེད་འགྱུར་ཏེ། ཞེས་བྱ་བ་ནི་ཚིག་གུའི་རུས་པས་བྱས་པའི་རྣམ་པར་གཙེས་པ་དང་འདྲ་བར་འདི་ལ ་ཡང་རྣམ་པར་གཙེས་པ་རྙེད་པར་གྱུར་པའོ།། འདིའི་ཡང་ཀུན་ཏུ་སྤྱོད་མིན་ཏེ། བདག་གིས་བྱས་པའི་ཀུན་ཏུ་སྤྱོད་པ་ཤིན་ཏུ་ཡན་ལག་མང་པོའི་སྒོ་ནས་འདྲ་བར་གྱུར་པ་ཡིན་གྱི་ཉུང་ངུའི་སྒོ་ནས་ནི་མ་ཡིནོ་ཞེས་དགོངསོ།། རིགས་དང་ལྡན་པ་ཞེས་བྱ་བ་ནི ་རིགས་མཐོན་པོ་ལས་སྐྱེས་པར་གྱུར་པ་ཡིན་ལ། རིགས་འཕེལ་མཱ་ཞེས་བྱ་བ་ནི་རིགས་འཕེལ་བར་བྱེད་པའོ།། ངོ་ཆེ་བ་སྟེ་སྐྱོ་བར་གྱུར་པསོ།། གཡོ་བ་ནི་འགྱུར་བའོ།། དབང་པོ་འཕྲོག་པ་ཞེས་བྱ་བ་ནི་ཉེ་བར་འཕྲོག་པར་བྱེད་པའི་ངང་ཚུལ་ཅན་ནོ།། དཔྱད ་པར་བྱའོ་ཞེས་བྱ་བ་ནི་ཤེས་པར་བྱ་བ་འོ།། རྒོལ་བ་ནི་ཕྱོགས་སྔ་མ་ཡིན་ལ། ཕྱི་རོལ་པ་ནི་ཕྱོགས་ཕྱི་མ་ཡི་ནོ།། འདུ་བའི་སྒོ་ནི་སྐྱེ་གིའི་གནས་ལ་བྱའོ།། སྡིག་པ་ཞི་བ་ཞེས་བྱ་བ་ནི། སྡིག་པའི་ལས་ལྷག་པར་མི་སྤྱོད་པའི་སྒོ་ནས་ཞི་བ་ཡིན་ཏེ། ཉམས་པ ་ཞེས་བྱ་བའི་བར་དུའོ།། དྲི་དང་ལྡན་པ་ལ་འདིར་སྣོད་ཀྱི་སྒྲས་བསྟན་པ་ཡིན་ཏེ། དྲིས་ཡོངསུ་བཀང་པོ་འམ། སྐུད་པ་ལ་སོགས་པས་བཅིངས་པའི་གྲྀ་བའི་སྣོང་དག་ཡིནོ།། བཀོན་པ་ནི་འདིར་གནས་མ་ཡིན་པར་འདོད་པ་ལ་མངོན་པར་འཇུག་པའོ།། དེ་དག ་དེའི་རྣམ་པ་ཅན་ཡིན་ཏེ་ཞེས་བྱ་བ་ནི་འདི་ལྟར་བུད་མེད་དེ་དག་གི་རབ་ཏུ་འཇུག་པ་ནི་སྐྱེས་བུ་གཞན་དང་དགའ་མགུར་སྤྱོད་པའི་བདག་ཉིད་ཅནོ།། རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་སྐྱེ་བ་དྲན་པ་ཡིན་གྱི་སྨན་དང་སྔགས་ལ་སོག་བླ་ནི་མ་ཡིན།། ཕ་རོལ་གྱི་སྲོག་གཅོད ་པ་སྟེ། གཞན་གྱི་འཚོ་བ་འཇིག་པར་བྱེད་པས་སོ།། དེ་རྟ་བཟང་པོས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་རྟ་བཟང་པོ་སྟེ་ངེས་སོ།། སྦལ་པའི་པགས་པ་ལས་བསྒྲུབས་པའི་འཕོང་ཤུགས་མཐེ་བོང་སྲུང་བར་བྱེད་པ་ལ་འཕོང་ཤུགས ་བཅུག་པ་སྟེ། སྦལ་བའི་པགས་པ་སྲ་བ་ཉིད་ཡིན་པའི་ཕྱིར་འཕོང་ཤུགས་སུ་བྱས་པོ་དེས་སོ།། ཕྱིར་ཁྲོས་པ་ནི་སྨོད་པ་དང་ཀུན་ཏུ་གཤེ་བའི་ཞེས་བྱ་བའི་བར་དུའོ།། སྟོབས་མཆོག་ཅེས་བྱ་བ་ལ། འདིར་སྟོབས་ནི་སྐྱེས་བུའི་ཚོགས་ཡིན་ལ། ་མཆོག་ནི་གླང་པོ་ཆེ་ལ་སོགས་པའོ།། ཅི་བདེར་སྤྱོད་པ་ནི་ལྷག་པའི་དགའ་བའི་གནས་ལའོ།། གསོད་པར་བྱེད་པ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའོ།། མི་མཛའ་བར་བྱེད་པ་ཞེས་བྱ་བ་ནི་རྒྱལ་སྲིད་འཕྲོག་པར་བྱེད་པའི་བསམ་པ་ཅན་ནོ།། ་ཕས་ཀྱི་རྒོལ་བ་ནི་ནོར་འཕྲོག་པའི་བསམ་པས་དགྲ་བོར་གྱུར་པའོ།། དོན་མེད་པར་བྱེད་པ་ནི་མ་དཔྱད་པར་བྱ་བ་བྱེད་པས་ན་དོན་མེད་པར་བྱེད་པའོ།། བགོ་ཡོད་པར་ཞེས་བྱ་བ་ནི་བྱེ་བ་ནི་བྱ་བ་མོ་ཡིན་པ་སྤངས་པས་སོ།། ར་ངོ་བཞིན་ནི་གཙོ་བོར་གྱུར་པའོ།། ་མཚམས་ཆེན་པོ་ཀུན་ནས་བརྟན་པོར་བགྱིའོ་ཞེས་བྱ་བ་ལ་མཚམས་ནི་དེའི་མཚམས་ཡིན་ལ། དེ་ལྟར་ཀུན་ནས་བརྟན་པོར་བྱ་བ་ནི་གལ་ཏེ་བྱ་བ་མ་ཡིན་པ་ལ་འཇུག་པར་མི་འགྱུར་བར་རོ།། འཁྲུལ་འཁོར་གྱི་བཟོ་བྱེད་པ་ལ་མཁས་པས་ན ་འཁྲུལ་འཁོར་གྱི་སྒྱུ་རྩལ་མཁན་གྱི་སློབ་དཔོན་ནོ།། དགའ་བ་སྐྱེད་པར་བྱེད་པའི་ཚིག་བརྗོད་པས་ན་གཏམ་སྙན་པའོ།། རབ་ཏུ་དགའོ་བ་སྟོན་པར་བྱེད་པའི་རོལ་མོའི་བྱེ་བྲག་སྒྲ་ཤིན་ཏུ་མཐོ་བ་ནི་རྔ་བོ་ཆེ་ཡིན་ཏེ། ཤིན་ཏུ་སྒྲོ་དང་ལྡན་པའི་ཕྱིར་འདིར ་རྔ་བོ་ཆེ་ཡིན་པར་འདོད་དོ།། བཅོམ་པ་ཞེས་བྱ་བ་ནི་ནོར་ཕྱོགས་པའི་སྒོ་ནས་བཤིག་པར་གྱུར་པའོ།། ལེ་ལོ་སྤངས་པའི་ཕྱིར་ལེ་ལོ་མེད་པ་ཡིནོ།། ལུས་ཀྱི་བྱ་བ་བྱེད་པར་རུང་བ་ཉིད་ཀྱི་ཕྱིར་བརྩོན་འགྲུས་དང་ལྡན་པའོ།། དངོས་པོ་ཡོངསུ ་གཅོད་པའི་ནུས་པ་དང་ལྡན་པས་ན་མཁསཽ་པ་ཡིན་ནོ།། མྱུར་བར་ཡོངསུ་གཅོད་པའི་ནུས་པ་དང་ལྡན་པས་ན་སྤྱོད་པ་གསལ་བའོ།། མཚན་ངན་པ་བཅོ་བརྒྱད་དང་ལྡན་པ་ཞེས་བྱ་བ་ལོ། མགོ་སྐྲ་བྱི་བ་དན་པ་དང་། དཔྲལ་བ་ཆུང་བ་དང་། ་མདོག་སེར་སྐྱ་དང་། མིག་སེར་བ་དང་། སྨིན་མཚམ་མ་འབྱོར་པ་དང་། སྣ་ལེབ་པ་དང་། སོ་སྔོ་བ་དང་། དིག་པ་དང་། མིག་ཟླུམ་པ་དང་། མིག་ཆུང་བ་དང་། ཕྱི་ནང་དུ་རྒུརརེ་བ་དང་། ལྟོ་འཕྱེ་བ་དང་། དཔུང་པ་དང་། རྗེ་དར་ཐུང་བ་དང་། སྤྲེ་ཅན་དང་། ་ལག་པ་དང་། རྐང་པ་མི་མཉམ་པ་དང་། ཚིགས་སྦོམ་པ་དང་། འདིའི་ཁ་དང་ལུས་ལས་དྲི་ངན་པ་འབྱུང་བའོ།། གཙང་མིའི་རྒྱན་ནཱི་གནོད་པའི་དུས་སུ་རྟོན་པར་སྦྱིན་པའི་ཕྱིར་སྦས་ནས་འཇོག་པ་གང་ཡིན་པའོ།། མཆོད་པ་ནི་སྟེང་དུ་མཆོད ་པར་བྱེད། སྨྱོ་བའི་ཚིག་ཏུ་ཞེས་བྱ་བ་ནི་འདིར་བརྗོད་པ་ལ། ཚིག་ཅེས་བྱའོ།། བྲོས་པར་བྱ་བའི་ཐབས་བརྩམས་ནས་ཞེས་བྱ་བ་ནི་རིགས་པ་བརྩམས་ནསོ།། ཆགས་པས་ཞེས་བྱ་བ་ནི་ཀུན་ནས་འབྲེལ་པ་སྟེ། ཡུལ་ཐག་ཉེ་བར་ཕྱིན་པ་ན་ཞེས ་བྱ་བའི་ཐ་ཚིག་གོ། དེ་ལྟར་ཁྱེད་ཉིད་ཀྱང་ཞེས་བྱ་བ་ནི་འདི་ལྟར་རིགས་མཐོན་པོ་ཅན་ཁྱོད་ཉིད་དེའི་ཐབས་ཀྱིས་བརྐུས་པ་ཡིན་ནོ།། ནོར་བརྩི་བའི་ཕྱིར་ཞེས་བྱ་བ་ནི་བསུ་བའི་ཕྱིར་རོ།། འདོད་ཆགས་ཀྱི་མུན་པས་ཞེས་བྱ་བ་ནི་འདོད་ཆགས་ཀྱི ་དབང་དུ་གྱུར་པས་སོ།། ཁྱོགས་ཞེས་བྱ་བ་ནི་ཁྲི་སྟེང་གཡོགས་དང་ལྡན་པ་སྐྱེས་བུ་བཞིས་བཏེག་པར་གྱུར་པའོ།། ཡུལ་འཕགས་རྒྱལ་དུ་རབ་ཏུ་ཞུགསོ་ཞེས་བྱ་བ་ནི་དེ་དག་གིས་འདི་ལྟར་བསམས་ཏེ། གལ་ཏེ་ཁོ་བོ་ཅག་ལམ ་གསལ་པོ་ནས་འགྲོ་བར་འགྱུར་ན་ནི་དེའི་ཚེ་མྱུར་དུ་བཟུང་བར་འགྱུར་བ་དེའི་ཕྱིར་ཡུལ་འཕགས་རྒྱལ་དུ་ཞུགས་པས་ཇི་སྟེ་ཚེ་ལ་བར་གྱུར་ན་དེ་དེ་ཉིད་དུ་ཚོལ་བར་འགྱུར་བའི་ཕྱིར་རོ།། ཐལ་མོའི་སྒྲ་ནི་ལག་པའི་ཐལ་མོ་གཉིས་བརྡབས་པའི་སྒྲ་ཡིན་ནོ།། ་ཇི་ལྟར་སྦྲང་མ་དག་གིས་ཟླ་བ་ཟོས་པ་ཚུལ་མ་ཡིན་ཞིང་སྲིད་པ་མ་ཡིན་པ་དང་། ནོར་ཐམས་ཅད་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར་གནམ་ཐོས་ཀྱི་སྲས་ནོར་ཅན་གྱིས་ཕྲོགས་པ་དང་། འོག་ཏུ་འགྲོ་བར་བྱེད་པའི་ངང་ཚུལ་ཉིད་ཡིན་པའི་ཕྱིར་སེ་ན་མཁ ་ལ་ལྡང་བ་ཚུལ་མཐུན་པ་མ་ཡིན་པ་དེ་བཞིན་དུ་རྒྱལ་པོ་བུད་མེད་ཀྱིས་བརྐུས་པ་ཡང་ཚུལ་དང་མཐུན་པ་མ་ཡིན་ཏེ། རྒྱལ་པོ་ལ་སྒྲུབ་པར་བྱེད་པ་དུ་མ་ཉིད་སྤྱོད་པའི་ཕྱིརརོ།། གསར་དུ་ཞུགས་པའི་ཚོང་པ་དགའ་སྟོན་ལ་ཚིག་ཏུ་བླངས་པའི་སྒྲས ་བརྗོད་པ་ཡིནོ།། རྒྱུད་ནི་རྒྱུས་པའི་སྐུད་པ་ཡིན་ཏེ། དེས་མེ་ཏོག་ཕྲེང་བའི་རྣམ་པ་ལྟ་བུར་མེ་ཏོག་བརྒྱུ་བར་བྱ་བ་ཡིན་ནོ།། གནས་སུ་ཆུད་པར་བསྒོ་ནས་ཞེས་བྱ་བ་ནི་ལོས་ཐ་དད་པ་ལ་རྣམ་པར་སྦྱར་བ་སྟེ། གང་གིས་འབྲེལ་པར་གྱུར་པ་ན་རྒྱལ ་པོ་བསད་པ་ཤེས་པར་མི་འགྱུར་བའོ།། རང་ཉིད་སྙན་དངགས་འདོན་ཅིང་གང་བྱེད་པ་གང་ཡིན་པ་དེ་དག་གི་སྙན་དངགས་མཁན་དུ་ཤེས་པར་བྱའོ།། གོས་ཀྱི་དུམ་བུ་ཕན་ཚུན་ཀུན་ནས་སྦྱར་བ་གོས་ལོ་སོགས་པ་བརྩམས་པའི་གདུགས་བྱེད་ཅིང ་ཤེས་པ་གང་ཡིན་པ་དེ་ནི་གདུགས་མཁན་ཡི་ནོ།། བསད་པར་རིགས་ནས་ཞེས་བྱ་བ་ནི་ཉེས་པ་མེང་པ་དེ་སྟོན་པར་བྱེད་པར་བྱེད་པའི་ཕྱོགས་རྙེད་པར་གྱུར་པའོ།། དབུལ་བ་ནི་འདིར་དགེ་བའི་རྩ་བ་ཆུང་བའོ།། དམན་པ་ནི་སྙིང་རྗེ་བར་བྱ་བའི་ཡུལ་ཡིནོ།། ། ་ཉེས་པ་མེད་པ་ནི་སྐྱོན་མེད་པའོ།། གནོད་པ་མ་བྱས་པ་ནི་གནོད་པ་མེད་པའོ།། སྒྲོ་རྩལ་དྲུག་ཅུ་རྩ་བཞི་ཞེས་བྱ་བ་ལོ་སོགས་པ་ལ། སྐྱོ་རྩལ་རོལ་མོའི་མཚན་ཉིད་དང་།། སྒྱུ་མའི་གཡུལ་དང་མེ་ཏོག་ལས།། སྡེ་དཔོན་བྱ་དང་བདག་ཉིད་ཅན།། གཡོས་ཀྱི ་བྱ་བ་ཞེས་བྱའོ།། གང་ཞིག་ཚོང་དང་ཁམས་སྨྲྀ་དང་།། རྒྱན་དང་ལག་རྩིས་བཅུད་ལེན་དང་།། འཁྲུལ་འཁོར་སྦྱོར་དང་ཞལ་ཞལ་དང་།། འཕོང་སྤྱད་དང་ནི་ལྕེ་སྤྱང་དང་།། ཡི་གེ་དང་ནི་ཁ་སྐད་དང་།། སྙན་དངགས་མཚོན་ཆའི་བརྟགས་པ་དང་།། འཁྲིག ་ཐོཐབས་དང་ནི་སོག་ལ་དང་།། ས་གསོར་དང་ནི་རྐོ་བ་དང་།། འགྲོ་དང་འོང་བ་ཤེས་པ་དང་།། ཁྱིམ་གྱི་མཚན་ཉིད་ངག་ཀྱང་ངོ་།། མདུང་ཐུང་རྡོ་རྗེ་བརྟག་པ་དང་། སྡེར་སོ་དག་གི་མཚན་ཉིད་དང་།། ཟུག་རྔུ་འབྱིན་དང་མིག་འཕྲལ་གྱི།། བསྟན་བཅོས ་བ་ཏ་ར་ཞེས་བྱ།། བཅིང་བ་བསྣུན་དང་སྡོམ་པ་དང་།། དེ་བཞིན་རྡོ་རྗེ་འཕེན་པ་དང་།། ཤྱ་མཚན་དཔྱད་དང་དྲག་པ་དང་།། ཆུ་ཡི་སྦྱོར་བ་ཉིད་དང་ནི།། དུད་སྐད་དེ་བཞིན་རིག་བྱེད་འདོན།། གྲོང་པརྡལ་དང་ནི་གླེགས་འདྲ་དང་།། མཚན་མོ་ཆོམ་རྐུན་ཤེས ་པ་དང་།། བྱིས་པ་རྣམས་ནི་གི་སོ་བ་དང་།། མི་རྣམས་གཉིད་ནི་ལོག་བྱེད་དང་།། སྒོ་ལྕགས་འབྱེད་པར་བྱེད་པ་དང་།། མཚོན་དང་གླིང་བུ་བུད་པ་དང་།། སྐྱེས་པ་བུད་མེད་གླང་པོ་སྟེ།། མཚན་ཉིད་དང་ནི་གར་སློབ་དང་།། འབྱུང་པོ་རྣམས་ཀྱིས ་གསོ་བའོ།། ཟངས་མ་ཁར་བ་གསར་དང་ནི།། ཤིང་དང་དུང་གི་མིང་ཤས་དང་།། རི་མོ་ཚོན་དང་སོ་དག་གི། ལས་རྣམས་དེ་དག་གོ་རིམ་བཞིན།། རྒྱུ་སྐར་གཏན་ཚིགས་རིག་པ་དང་།། ལྷས་དང་གཞུང་གི་ངེས་ཚིག་ཉིད།། ་ཤེས་པ་ཤེས་པ་དེ་དག་ནི།། སྒྱུ་རྩལ་དྲུག་ཅུ་རྩ་བཞིར་ཤེས།། ནས་དང་འབྲས་ཀྱི་ལྡང་པ་ཐམས་ཅད་དུ་གཞོན་ཞིང་མཐར་ཐུག་པ་ལ་ལྟུང་བའི་སྒྲར་བརྗོད་ངོ་།། ལྷག་པ་ནི་ཟོས་པའི་ལྷག་མར་གྱུར་པའོ།། གོ་བསྐོན་པར་གྱུར་པ་ན། ཞེས ་བྱ་བ་ནི་བསྟན་པོར་གྱུར་པའོ།། སེམས་ཅན་དམ་པ་ཞེས་བྱ་བ་ནི་འཇིགས་པ་མེད་པརོ།། སུས་ཀྱང་རྩེ་མི་ནུས་སོ་ཞེས་བྱ་བ་ནི་སྐབས་ལ་བབ་པའི་ལས་བྱེད་པའི་སྒོ་ནས་སོ།། འཇིགས་པ་ཆེན་པོ་སྐྱེས་པར་བྱེད་པ་ཡིན་པའི་ཕྱིར་རབ་ཏུ ་འཇིགས་ཤིང་མི་བཟེད་པའི་སྒྲས་བསྟན་པ་ཡིནོ།། འདིར་འདི་བརྗོད་པར་བྱ་སྟེ། ཇི་སྟེ་རྟ་ཁཱི་ན་ཡིན་ནམ། འོན་ཏེ་སྲིན་པོ་ཡིན་ཞེ་ན། དེ་སྲིན་པོ་ཡིན་ཏེ། སྦྱོར་བ་འགའ་ཞིག་གིས་དེ་ལ་རག་ལུས་པ་ཡིན་ནོ།། ཞེས་གནས་པོའི་སྦྱོར་བ ་འདི་ཁོ་ནས་དེ་ཐར་བར་གྱུར་པའི་ཡིན་ནོ།། ཞེས་བླ་མ་དག་སྟོན་པར་མཛད།། བ་ཡང་སྐྱོང་གི་མ་ཞི་བ་ཡང་ཇི་ལྟར་སྨྲ་བར་འགྱུར་ཞེ་ན། འདི་ལ་ཡང་ཞི་བོ་ལ་ལྷས་རྨི་ལམ་དུ་བསྟན་པའི་དུས་དེ་ཤེས་པར་དེས་སྨྲས་པ་ཡིན་ཞེས ་བསྟན་པར་འགྱུར་རོ།། དུས་ཤེས་པ་ཞེས་བྱ་བ་ནི་ཁྲོ་བོའི་དུས་ལ་མཁས་པའོ།། མཚན་ཉིད་དང་ལྡན་པའི་གླང་པོ་ཆེའི་མཚན་ཁུང་གི་ཕྱོགས་རྐང་པ་བཞག་པར་བྱ་བའི་ཕྱིར་པགས་པའི་རྒྱུན་གྱིས་བསྟད་པའི་ཚེའོ།། སྐད་ཕྱུང་བ་ནི ་གླང་པོ་ཆེ་སྒྲ་སྒྲོགས་པའོ།། དཔག་ཚད་བརྒྱ་སོང་བའི་འོག་ཏུ་བྱང་ཕྱོགས་ཀྱི་རྒྱ་མཚོར་སོང་ནས་ཆུ་བཏུང་བར་བྱའོ་ཞེའོ།། སྨྲས་པ་ནི་གནད་དུ་བསྣུན་པས་བསྣུན་པར་བྱེད་པའོ།། བྱའི་རིག་ཏི་ཏིར་རབ་ཏུ་སྐད་འབྱིན་པའི་ཕྱིར་སྤྱོད་ཡུལ ་ནགས་ཐིབས་པོ་ཡིན་པ་དེ་བས་ན་སྤྱོད་ཡུལ་ཞེས་བསྟན་ཏོ།། འདོད་པོའི་ཕྱིར་ཞེས་བྱ་བ་ནི་བསད་པར་འདོད་པ་བདག་གིར་བྱེད་པའོ།། གཡོ་བར་བྱེད་ཅེས་བྱ་བ་ནི་ཕྱོགས་དང་གནས་པ་དེ་ཉིད་ལས་ཅུང་ཞིག་གཡོ་བར་བྱེད་པའོ།། རབ་ཏུ་གཡོ ་ར་བྱེད་ཅེས་བྱ་བ་ནི་ཕྱོགས་གཞན་དུ་འཕོས་པས་ཀུན་ཏུ་གཡོ་བར་བྱེད་པོའོ།། སོང་བ་ནི་ཆུ་ངེས་པར་འབྱུང་བའི་ཐབས་ཀྱིས་སོ།། གོ་བར་བྱས་པ་ཞེས་བྱ་བ་ནི་རིགས་པའི་དོན་ཁོང་དུ་ཆུད་པར་བྱས་པས་སོ།། མངོན་པར་གཙེས་པ་ནི་རྣམ ་པར་འཚེ་བར་བྱེད་པའོ།། ནང་ནས་གནས་པ་ཞེས་བྱ་བ་ལ་གནས་ནི་ཕྱི་རོལ་གྱི་སྐྱེ་བོ་ཆེན་པོ་འདུག་པོའི་གནས་ཡིན། ནང་ནི་ནང་དུ་གྱུར་པ་དག་ཡིན་ནོ།། རིག་པ་སྨྲ་བ་ཞེས་བྱ་བ་ནི་སྔགས་ཀྱི་ཚུལ་ལ་མཁས་པའོ།། མིའི་ལག་པ ་རིག་པས་ཨུཏྤ་ལ་སྔོན་པོའི་ལག་པར་བྱས་ནས་བྱིན་ཏེ། མི་རྟོག་པ་ནི་མིང་ཡོངསུ་སྒྲོགས་པའོ།། གྲོང་གི་སྲང་ནི་ཁང་བཟངས་ཆེན་པོའོ།། མ་མོའི་དཀྱིལ་འཁོར་ཞེས་བྱ་བ་ལ། སིང་མོ་བརྒྱད་ལ་མ་མོར་བརྗོད་ལ། དེའི་དམ་ཚིག་ནི ་དཀྱིལ་འཁོར་ཡིན་ཏེ། དེ་ལ་བརྟེན་པའི་ཚོགས་དཀྱིལ་འཁོར་དུ་འཇུག་པའོ།། མངོན་པར་འདོད་པའི་ཕུན་སུམ་ཚོགས་པ་སྐྱེད་པར་བྱེད་པའི་ཚིག་ནི་ཤིས་པ་བརྗོད་པའི་ཚིག་ཡིནོ།། ཆོས་མ་ཡིན་པས་ཞེས་བྱ་བ་ནི་རིགས་པ་མ་ཡིན། ་པས་སོ།། འཚོ་བ་ངན་པ་ཞེས་བྱ་བ་ནི། བདག་ཉིད་ཀྱི་འཚོ་བ་ལ་སྨོད་པར་འགྱུར་བའོ།། མ་རིག་པས་ནི་ཁྱེར་བའི་ཚེ་ཞེས་བྱ་བ་ནི་མི་ཤེས་པའི་ཆུ་བོས་བསླད་པར་གྱུར་པ་དང་། གཉའ་བྱེད་པ་ནི་ཞེས་བྱ་བ་ནི་སེམས ་ཅན་དམྱལ་བ་ལས་ཐར་བར་འགྱུར་བའི་གཉའ་བྱེད་པའོ།། དེ་དང་བདག་ཅག་བདེ་འགྲོར་འགྲོ་ཞེས་བྱ་བའི་ཚིགསུ་བཅད་པ་འདིས་ནི་ལྷག་མ་རྣམས་ལ་དབུགས་འབྱིན་པར་བྱེད་པའོ།། ཤིས་པ་བྱས་པས་ཞེས་བྱ་བ་ནི་ཤིས་པ ་བརྗོད་པོ་རྙེད་ནས་སོ།། གདུང་མ་ཞེས་བྱ་བ་ནི་ཁྱིམོ་གྱི་སྒོ་ནས་དབུས་སུ་གནས་པའི་གདུང་མའོ།། སྙིང་པོ་མ་ཡིན་པ་ནི་སྙིང་པོ་མ་གཏོགས་པའོ།། རློན་པ་ནི་ཡོངསུ་སྤངས་པ་ཡིན་ལ། ཟ་བ་སྟེ་སྲིད་པ་གང་ཡིན་པའི་སྲིན་བུ་དེ་ནི་ཟ་ཞིང ་སློསྨོན་པའི་སྲིན་བུ་སྟེ། སྙིང་པོ་ཙམ་གྱི་ལྷག་མ་ལུས་པའི་ཕྱིར་ཟ་ཞིང་མངོན་པར་འདོད་པ་ལྡོག་པར་གྱུར་པ་ཡིནོ།། ཕྱུང་ལ་ཞེས་བྱ་བ་ནི་ཁྱིམ་དམ་པ་ཉིད་ཡིན་པའི་ཕྱིར་རླུང་གིས་ཁྱེད་ལ་གནོད་པར་མ་གྱུར་ཅིག་ཅེས་འདིར་འདིའི་བས ་པ་ཡི་ནོ།། ཚུལ་ཁྲིམས་ངན་པ་ནི་ཚུལ་ཁྲིམས་འཆལ་པ་སྟེ་བྱ་བ་མ་ཡིན་པ་བྱེད་པའོ།། སྐམས་པ་ནི་ཆུ་ཉུང་བར་འགྱུར་བའོ།། ཆུ་མེད་ཅིང་ཞེས་བྱ་བ་ནི་ཆུ་ཐམས་ཅད་མེད་པར་གྱུར་པའོ།། སྦལ་པ་ནི་སྒྲ་ངན་ནོ།། གནས་འདི་གཏོང་ནི་མི ་ཕོད་ཅེས་བྱ་བ་ལ། གནས་ནི་ཁང་པ་ཡིནོ།། དམུས་ལོང་ཞེས་བྱ་བ་ནི་སྐྱེས་ནས་ལོང་བར་གྱུར་པ་ཡིན་གྱི་བཅོས་མ་ནི་མ་ཡིནོ།། བུད་མེད་ཚུལ་གྱིས་ཞེས་བྱ་བ་ནི་གྲོང་གི་ནང་ནས་བ་ལང་འབྲོག་ཏུ་སོང་བ་ན། གླང་པོ་ཆེ་གཞན་འདོད་ཆགས ་ཀྱི་གཞན་གྱི་དབང་དུ་གྱུར་པ་གྲོང་གི་ནང་དུ་ཁྱེར་ཏེ་བཅིང་བའི་གནས་སུ་རབ་ཏུ་འཛུད་པར་བྱེད་པའི་ཐབས་དེས་དྲངས་པ་ནི། བུད་མེད་ཀྱི་ཚུལ་དུ་དྲངས་པ་ཞེས་བསྟན་ཏོ།། སྐྱབས་མགོན་ཡང་ནི་མེད་པར་གྱུར་ཞེས་བྱ་བ་ནི་མགོན་སྐྱབས་ཡང ་ནི་མེད་པར་གྱུར་པའོ།། རྐང་པས་རེག་པར་བྱེད་ཅེས་བྱ་བ་ལ་ནཱི་བཟའ་བ་སྟོབ་པའི་དུས་སུའོ།། དེ་དག་བདེ་བར་རྙེད་པ་ནི་སྤྱིའུ་བླུགས་མཚོའི་ཐ་ད་དཔ་ལས། ཆུ་གང་དྲག་ནི་རོར་ལྡན་པའོ།། ཞེས་བྱ་བ་ལ། སྤྱི་བླགས་ཀྱི་མིང་ཅན་གྱི་མཚོ་ལས་ཞེས ་བྱ་བར་དགོངསོ།། ཡུལ་སིན་དུའི་དབང་བྱེད་ལ་འདི་རོ་ཡབ་ནའི་རྒྱལ་པོར་འདོད་དོ།། ཁྱོད་དང་བ་ལང་སྐྱོང་གི་མ་ཞི་བ་ཉིད་ཀྱིས་ཤེས་པར་འགྱུར་རོ།། ཞེས་བྱ་བ་ནི་ཞི་བའི་ལག་པས་འཕགས་པའི་ཞོ་རྗེའུ་སྤྱི་བོ་ལ་འབབ་པའི་འབྲས་བུ་དེ་ཞེ ་བྱ་བའི་བར་དུའོ།། དགའ་བ་ནི་འདིར་སྦྱོར་བ་དག་པ་ཉིད་ཡིན་པའི་ཕྱིརརོ།། མགུ་བ་ཞེས་བྱ་བ་ནི་སྔ་ན་མེད་པའི་འཚོ་བ་རྙེད་པ་དང་འདྲ་བའི་ཕྱིརརོ།། རངས་པ་ཞེས་བྱ་བ་ནི་སྔ་ན་མེད་པའི་བགོ་བ་དང་ནོར་རྙེད་པའི་ཕྱིར།། སྐྱེས་ནས་ཞེས་བྱ་བ་ནི་སྟོབས ་ཀྱིས་གནས་སྐབས་ཐོབ་པའི་ཕྱིརརོ།། དོགའ་བ་དང་ཡིད་བདེ་པོ་སྐྱེས་ནས་ཞེས་བྱ་བ་ནི་ཡང་དག་མཆོག་ལྔའི་རྣམ་པར་འཚེ་བ་མི་སྣང་བའི་ཕྱིར་ཏེ། དགའ་བ་ནི་འདིར་སྲིད་པའི་རྣམ་གྲངས་ཡིན་གྱི་ཡིད་མགུ་བའི་རྣམ་གྲངས་ནི་མ་ཡིན་པ་དེ་བྱས ་ན་འདིར་སྲིད་པ་དང་མཚུངས་པར་ལྡན་པའི་ཡིད་བདེ་བ་སྨོས་པ་ཡི་ནོ།། སྐལ་བ་བཟང་པོ་ནི་དགེ་བར་གྱུར་པ་ཉིད་ཡིན་ཏེ། དཔལ་གྱི་སྐལ་བ་བཟང་པོ་ནི་སྐལ་བ་བཟང་པོའི་དཔལ་ཡིན་ཏེ། དེ་དམ་པས་ཁྱད་པར་དུ་འཕགས་པས་འགྲོ་བ ་བྱེད་པས་སོ།། ཕན་པ་ནི་ཕན་འདོགས་པར་བྱེད་པའོ།། འདོད་པ་ཐམས་ཅད་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་གིསོ།། རྣམ་པ་མང་པོས་ཕན་བཏགས་པ་བྱས་པའི་ཕྱིར་མང་དུ་མཛད་པའོ།། སྐྱེ་བོ་མང་པོ་ནི་སྐྱེ་བོའི་ཚོགས་ཡིན་ལ། ་རྗེསུ་བརྩེ་བ་ནི་ཐུགས་བརྩེ་བར་གྱུར་པའོ།། སེམས་སེམས་ཀྱིས་ཤེས་ནས་ཞེས་བྱ་བ་ནི་ཡོངསུ་ཤེས་པའི་སྒོ་ནས་ཕན་ཚུན་ཞུགས་ཞུགས་པའི་ཕྱིར་མཉམ་པ་ཉིད་ཐོབ་པར་གྱུར་པའོ།། ལོངས་སྤྱོད་སྤེལ་བར་བྱ་ཏི་ཕྱྀ་ནི་བྱ་བ་ནི་ཝིཊྚེ་ཕ་རོལ་ཏུ་གྱུར ་པའི་ལོངས་སྤྱོད་འབྱོར་པར་བྱ་བའི་ཕྱིརརོ།། གློག་འགྱུ་བ་ཞེས་བྱ་བ་ནི་ཡུད་ཙམ་འབྱིན་པའོ།། རིག་མེད་པ་ལས་སྐྱེས་པ་འདི་ནི་མཆོག་སྟེ་ཞེས་བྱ་བ་ནི་རིགས་དམའ་བ་ལས་སྐྱེས་པར་གྱུར་པའོ།། བསོད་པ་ནི་སྲོག་དོང་བྲལ་པོར་གྱུར་པའོ།། འོད་ལ ་ཆེར་སེམས་པོ་ཡིན་ཏེ། ཞེས་བྱ་བ་ནི་དགའ་བའོ།། ཚང་ཞེས་བྱ་བ་ནི་གནས་ཡིན།། ཡུལ་རྨུགས་པར་གྱུར་པོ་ན་ཞེས་བྱ་བ་ནི་སྦྱིན་གྱིས་ཁྱབ་པར་གྱུར་པ་ནའོ།། རླུང་དང་ཉི་མོས་ཡོངསུ་སྐམས་པ་ནི་རླུང་དང་ཉི་མ་དང་ལྡན་པར་གྱུར་པསོ།། རི་མོ ་ཅན་ཞེས་བྱ་བ་ནི་སྔོན་པོའི་རྣམ་པའི་མདངས་ཉིད་ཡོད་པའི་ཕྱིར་རོ།། མ་བརྟགས་སྤྱོད་ཅེས་བྱ་བ་ནི་སྤྱོད་པ་མེད་པར་བྱེད་པའོ།། བཟོད་པར་གྱིས་ཞེས་བྱ་བ་ནི་ཚིག་འཛམ་པོས་བཟོད་པར་བྱེད་པའོ།། ཚོགས་ཅན་ཞེས་བྱ་བ་ལ། ཚོགས་ནི་འདུས་པ་ཡིན། ་ལ། ཚོགས་འདི་ལ་ཡོད་པའི་ཕྱིར་ཚོགས་ཅན་ཏེ་སྡེ་དཔོན་ཆེན་པོ་ཞེས་བྱ་བའི་ཐེ་ཚོགོ། མི་མཁས་པ་ནི་བློ་དང་མོ་ལྡན་པའོ།། ཚོལ་བར་བྱེད་པ་ནི་རབ་ཏུ་དོན་ཏུ་གཉེར་བར་བྱེད་པའོ།། རེ་རེའི་ཚིག་ཏུ་སྨྲ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ་གང ་ཟག་གསུམ་པོ་ཆེ་གཅིག་སྨྲ་བར་མངོན་པར་འདོད་པ་ཡིན་ཏེ། འདི་ལྟར་རྒྱལ་པོ་དང་། ཡོན་ཏན་དང་ལྡན་པའི་བྲམ་ཟེ་དང་། དྲང་སྲོང་གི་མཆོགོ།། གཅིག་ཅེས་བྱ་བ་ནི་རྒྱལ་པོའི་ཚིག་ཅིག་སྨྲ་བར་འགྱུར་གྱི་གཉིས་པ་ནི་མ་ཡིན་ཏེ། ཚིག ་གཅིག་གིས་རྒྱལ་པོའི་བཀའ་སྒྲུབ་པ་ཡིནོ།། ཞེས་བྱ་བའི་དོན་འདིར་འགྱུརརོ།། སྐྱེ་དགུ་འདུལ་བར་བྱེད་པ་དེའི་ཕྱིར་རྒྱལ་པོ་དེ་ཉིད་སྟོན་པ་ཡིན་ལ། རང་གི་བདག་པོ་གཉིས་མེད་པ་ཉིད་ཡིན་པ་དེའི་ཕྱིར་དེ་ཉིད་གང་ཟག་གཉིས་མེད་པའོ།། ཆ ་གཅིག་སྨྲ་བའི་བློ་གྲོས་གྱིས་ཞེས་བྱ་བ་ནི་རྒྱལ་པོ་ཉིད་ངག་གི་ཆ་གཅིག་བརྗོད་ཅིང་སྨྲ་བ་གདོན་མི་ཟ་བར་བྱ་བའི་དོན་སྟོན་པར་བྱེད་པའོ།། གཞན་དག་ནི་ཅིག་ཉིད་ནི་བཅོམ་ལྡན་འདས་ཡིན་ན། འོར་གཅིག་ཚིག་ཏུ་གསུང་གི་ལན་གཉིསུ་བསྐོར ་པ་མ་ཡིན་པ་དང་། དེ་ཉིད་སྟོན་པ་ཡིན་ལ་དེ་ཉིད་གང་ཟག་ཟླ་མེད་པ་ཡིན་ཏེ། དེ་ཉིད་ཀྱང་གང་གི་ཆ་གཅིག་གསུང་བར་འགྱུར་བ་ཡིན་ནོ་ཞེས་སེམས་སོ།། ཆོས་ཀྱི་ཚུལ་ལ་མི་གནས་པ་ཞེས་བྱ་བ་ནི་གང་ཆོས་ལ་ངེས་པར་གནས་པར་མི་འགྱུར་བའོ།། ། ་གང་ཡང་སྡིག་པའི་ལྟ་བ་དང་ཞེས་བྱ་བ་ནི་སྡིག་པའི་ལྟ་བ་དེན་པ་དག་ལོག་པའི་ལྟ་བ་ཅན་དང་། གང་ཡང་ཚུལ་ཁྲིམས་གཡོ་འགྱུར་བའོ།། བུད་མེད་བདག་མེད་དེ་ཅེས་བྱ་བ་ནི་བདག་པོའི་བགོ་བ་དང་བྲལ་བས་ཟིལ་གྱིས་མནན་པར་གྱུར་པ་དེ ་ལ་གལ་ཏེ་མིང་པོ་བཅུ་ཡོད་པར་གྱུར་པ་ནའོ།། ཅི་ཞིག་ཕན་ཞེས་བྱ་བ་ནི་རྫས་ཐམས་ཅད་དང་བྲལ་བར་གྱུར་པའོ།། འདི་གསུམ་ཅུང་ཟད་མི་དགོས་པའོ་ཞེས་བྱ་བ་ནི་སྙིང་པོ་མེད་པ་ཉིད་དང་དགོས་པ་ཡོད་པ་མ་ཡིན་པའོ།། ལོངས་མ་སྤྱད་པར ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་པོ་ཕལ་ཆེར་ཡོངསུ་ལོངས་མ་སྤྱད་པ་དང་། སོལ་བ་དང་ཐ་སྙད་དུ་བྱེད་པའི་ཕྱིར་སོལ་བ་པ་སྟེ། གང་སོལ་བ་བྱས་ནས་འཚོང་བར་བྱེད་པ་འམ། འདི་ལ་སོལ་བ་དགོས་པའི་ཕྱིར་སོལ་བ ་སྟ་ལྕགས་མགར་རོ།། དེ་གོས་ཉམས་པས་འཇིགས་པས་རྟག་ཏུ་གཅེར་བུ་ཁོ་ནས་ལས་བྱེད་པ་དེའི་ཕྱིར་དེའི་གོས་ལོངས་མ་སྤྱད་པར་ཟད་པར་འགྱུར་བ་དང་། དེ་བཞིན་དུ་ལྷམ་དང་བཙུན་མོ་དག་ཀྱང་ངོ་།། དཀའ་ཐུབ་ནི་མི་ཚངས་པར་སྤྱོད་པ ་ལས་ལྡོག་པའོ།། ཤཱིང་རྟས་ཐ་སྙད་དུ་བྱེད་པའི་ཕྱིར་ཤཱིང་རྟ་འདྲེན་པའོ།། གཏུན་ཤིང་གིས་བརྡེག་པར་འོས་པ་ཡིན་པའི་ཕྱིར་གཽཏུན་ཤིང་གིས་བརྡེག་པའི་རིག་སོ།། རྔམས་ཆར་འཇོག་པ་ནི་གཞོགས་མ་ཆར་འབྱིན་པའི་ཤིང་རླག་པར་བྱེད ་པའོ།། ཁཱ་ལོ་སྒྱུར་བ་ནི་ཉམ་དཱ་བ་ལ་སོགས་པ་སྤོང་བའི་ཕྱིར་རྩེ་གཅིག་ཏུ་བོལྟ་བར་བསྔགས་པ་ཡིན་ན་གྲང་ཡང་ཡིན་པོར་ལྟ་བར་འགྱུར་བ་གཏུ་ནི་ཤིང་གིས་བརྡེག་པར་འོས་པ་ཡིན་ནོ།། ཕོ་ཉས་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་པོའི་ཕང ་ལས་འཕྲིན་ནོངས་པ་གང་ཡིན་པ་དེ་བྱ་བ་གཞན་གྱིས་གྲོལ་བས་གཞན་པོ་ཉེད་གཏོང་བར་བྱེད་པ་དེ་གཉི་ག་ཡང་གཏན་ཤིང་གིས་ཥྚྲྀརྟག་པར་མྱོས་པ་ཡིནོ།། མངག་གཞུག་པ་ན་ནོ་ཤཱས་འཚོ་བ་ཡོན་། དེ་བདག་པོས་ལས་ལ་ངེས་པ ་སྦྱར་བ་ན་ཡང་དེས་ཀྱང་གཞན་སྦྱོར་བར་བྱེད་པ་དེ་ནི་མངགས་པས་མངགས་པ་ཡི་ནོ།། རིགས་སུན་འབྱིན་པ་ནི་བདག་པའི་ཁྱིམ་དང་། པའི་ཁྱིམ་དུ་སྤྱོད་པ་མ་ཡིན་པ་ལྷག་པར་སྤྱོད་པར་བྱེད་པའོ།། བ་ལང་རྫི་ནི་ནགས་ན་སྤྱོད་པ་ཡན་ལ། ་འདྲེག་མཁན་ནི་གྲོང་ན་སྤྱོད་པ་ཡིན་ན་ཕྱིན་ཅི་ལོག་ཏུ་འཇུག་པའི་ཕྱིར་གཏུན་ཤིང་གིས་བརྡེག་པར་རིག་པ་ཡི་ནོ།། རྒྱལ་པོས་སྨྲས་པ་ལན་ཅིག་ཡིན་ཞེས་བྱ་བ་ནི་འོར་གཅིག་ཡི་ནོ།། བུ་མོ་སྦྱིན་པའང་ལན་གཅིག་ཡིན་ཞེས་བྱ་བ་ནི་ཁྱོ ་ཤི་ནས་ཡང་སྦྱིན་པར་བྱ་བ་མ་ཡི་ནོ།། འཕགས་པས་གཟིགས་པོ་ལན་ཅིག་ལས་བསོད་ནམས་ལ་སོགས་པའི་དོན་ཉེ་བར་བསགས་པར་འགྱུརརོ།། ཕྱོགས་ཆུང་དང་ཞེས་བྱ་བ་ནི་འཁོར་ཉུང་བར་གྱུར་པའོ།། དོགས་པར་གྱུར་ཏོ་ཞེས་བྱ་བ་ན ་བསད་པར་གྱུར་པ་ཞེ་འོམ། འདི་ལྟར་རྒྱལ་སྲིད་དང་བྲལ་བར་དོགས་པར་གྱུར་པའོ།། བརྙས་པར་ནི་གླེན་པར་རོ།། ཁྭ་ཅིག་ནི་ཡན་ལག་རྒྱས་པར་གྱུར་པའོ་ཞེའོ།། གང་ཅུང་ཞིག་མ་དཔྱད་པར་སྨྲ་བས་ན་འཆལ་པའི་ཚིག་ཏུ་སྨྲ་བ་ཞེས་བྱའོ།། གོས ་གྱོན་པ་ནི་འདིར་དབུལ་པོར་གྱུར་པའོ།། བཤིས་མྱ་ཡིན་པར་ཏཱི་འདྲིས་པ་མ་ཡིན་པརོ།། ཤིན་ཏུ་སྣང་བས་ནུ་ཤིན་ཏུ་གཏུམ་པའོ།། ལྷག་པར་བསྟེན་པནི་ལྷག་པར་བསྟན་པར་བྱེད་པའོ།། གཞན་གྱི་ནོར་ལ་སེམས་པ་ནི་གང་ཞིག་རྟག་ཏུ ་གཞན་གྱི་ནོར་ལ་ཆེ་གེ་མོ་འདི་ལ་རྫས་འདི་ཡོད་ཅེས་གཞན་གྱི་ནོར་ལ་སེམས་པར་བྱེད་ཅིང་བདག་ཉིད་ཀྱི་ནོར་སྒྲུབ་པའི་འབད་རྩོལ་བྱེད་པར་གྱུར་པ་ཡིན་ནོ།། རྟག་ཏུ་བདག་ཉིད་ལ་སྡུག་དང་ཞེས་བྱ་བ་ལ། སེམས་པ་ཞེས་བྱ་བ་རྗེསུ ་འཇུག་སྟེ། གང་ཞིག་འབད་རྩོལ་མེད་པར་བདག་ཉིད་ལ་རྟག་ཏུ་སྡུག་པའི་དངོས་པོར་འདོད་དོ།། ཤིང་རྟའི་འཁོར་ལོས་བསད་པར་བྱ་བ་ཞེས་བྱ་བ་ནི་ཤིང་རྟའི་འཁོར་ལོས་སྲོག་དང་དཔྲལ་བར་བྱ་བའོ།། མཚོན་གྱི་དབྱེ་བ་ལ་མཁས ་པས་ན་མཚོན་གཏོད་ཤེས་པའོ།། མཚམས་ནི་ཤིང་དག་གི་མཚམས་རྗེསུ་མཐུན་པར་སྦྱོར་བའོ།། གྱང་དང་ལྷན་ཅིག་ཇི་ལྟར་བྱ་བའི་ངོགས་ནི་རིགས་པའོ།། བདག་པོ་ཉིད་ཀྱི་ཚུལ་དུ་སྐྱེས་བུ་གསུམ་བརྒྱུད་པས ་ཡོངསུ་ལོངས་སྤྱད་པས་ན་ལན་གསུམ་བརྒྱུད་པའོ་གཅིག་དང་གནས་པ་ཞེས་བྱ་བ་ནི་སྐྱེས་བུ་གཅིག་ཡང་ཡང་དག་པར་མགུ་བར་བྱེད་པའོ།། དྲང་པོར་སྨྲ་བ་ནི་བདེན་པར་སྨྲ་བའོ།། གཞན་གྱི་རྒྱུས་ཞེས་བྱ་བ་ནི་འགའ་ཞིག་ཏུ་རྒྱལ་པོ ་བཙུན་མོ་ཏ་རའི་དོན་དུ་བསད་པར་གྱུར་ཏོ་སྙམ་དུ་སེམས་པར་འགྱུར་བ་དེ་བས་ན་གཞན་གྱི་རྒྱུས་ཞེས་བསྟན་པ་ཡིན།། རྒྱགས་ཞེས་བྱ་བ་ནི་དེས་བདེ་བ་སྤེལ་བར་བྱེད་པ་དང་སྒྲུབ་པར་བྱེད་པས་ན་རྒྱགསོ།། འཁོར་བར་འཁོར་ཞེས་བྱ་བ ་ནི་འཁོར་བ་དག་ཏུ་ཡོངསུ་འཁོར་བར་གྱུར་པའོ།། ཚོགས་བསགས་པ་ཞེས་བྱ་བ་ནི་བདེ་བའི་ལོངས་སྤྱོད་ལོངས་སྤྱོད་པ་དང་ལྡན་པའོ།། ཉ་སྒོང་ཞེས་བྱ་བ་ལ་སོགས་པ་ནི་འབྲས་བུ་མ་སྐྱེས་པ་ཁོ་ནར་འཇིག་པར་འགྱུར་བའོ།། ཡོན་ཏན ་མེད་པ་ནི་འགལ་བ་ཡིན་ཏེ། ཉིན་མོ་དང་མཚན་མོ་ཕན་ཚུན་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་པོ་ཡིནོ།། གོས་རྣམས་བརྡེག་པར་གྱུར་ན་ཞེས་བྱ་བ་ནི་བཅགས་པར་གྱུར་ནའོ།། ཆུང་གཟན་པར་བྱེ་བའི་ཞེས་བྱ་བ ་ནི་མཐོང་བའི་ལམ་ལ་ཡིན་པར་བྱ་བའོ།། སྐྱེས་བུ་སྨད་པར་བྱ་བ་ཡིན་པས་ན་སྐྱེས་བུ་ངན་པའོ།། མི་འཕྲོད་པ་ནི་ཡོན་ཏན་འཇིག་པར་བྱེད་པའོ།། རྒྱལ་པོ་རྫུན་དུ་སྨྲ་བ་ཚུལ་དང་མཐུན་པ་མ་ཡིན་ཏེ། འཇིགས་པ་ཡོད་པ་མ ་ཡིན་པའི་ཕྱིརརོ།། བློ་ལྡན་དོན་རྣམ་པར་དཔྱོད་པར་བྱེད་པའི་ཚེ་རྨོངས་པར་གྱུར་པ་ཚུལ་དང་མཐུན་པ་མ་ཡིནོ།། དོན་མེད་པར་ཞེས་བྱ་བ་ནི་དགོས་པ་མེད་པའོ།། ཉིན་པར་ནི་ཉི་མའི་འོད་དང་ཉེ་བར་གྱུར་པར་རོ།། འདྲངས་ལ་ཞེས་བྱ་བ་ནི་ཤིན ་ཏུ་ངོམས་པར་རོ།། གྱོད་རྨ་བ་ནི་བསླུ་བར་རོ།། གདམོ་དག་དོན་དུ་གཉེར་བ་མེད་པ་གང་ཡིན་པ་དེ་ནི་མི་འདོད་པའོ།། གཉིད་ཀྱིས་གནོད་པ་ནི་གཉིད་ཀྱིས་གཟིར་བར་གྱུར་པའོ།། གཡུལ་དུ་དཔའ་བོ་བལྟ་བ་དང་ཞེས་བྱ་བ་ལ་སོགས་པ་ལ ་གཡུལ་ངོགསུ་དཔའ་བོའི་ནུས་པ་རི་བ་ཏུ་གསལ་བར་བྱེད་པའོ།། དུག་རྣོ་བ་ནི་ཤིན་ཏུ་རྣོ་བ་སྟེ། དེའི་སྨན་གྱི་ནུས་པ་བསལ་བར་བྱེད་པའོ།། བཟའ་བཏུང་ཡོད་པར་གྱུར་ན་བཟའ་བ་དང་བཏུང་བ་སྦྱིན་པར་བྱ་བའི་ཕྱིར་གཉེན་རྣམས་ལ་བལྟ་བ་ཡིན། ་ནོ། དོན་དང་རྣམ་པར་དཔྱད་པའི་དུས་གང་ཡིན་པ་ལ་མཁས་པ་བལྟ་བར་བྱ་བའི་སྐབས་ཡིནོ།། ཁྱིམ་པའི་ལཾ་ལོ་ནི་མ་ལེགས་པ་ཆེན་པོ་ཡིན་ལ་འདོད་ལྡན་ལ་ཡང་སྟེ། ཁྱིམ་པ་ལ་ལོས་བཅོམ་པ་མ་ལེགས་པའོ།། མ་བསླབས་ཤིང་དབྱིགས། ་བྱེད་པ་སྤང་བར་བྱ་བ་ཡིན་ཏེ། ལྷག་པར་རྒྱུག་པ་ཡང་སྐྱེས་མཆོག་ལ་སོགས་པ་ལ་གནོད་པར་བྱེད་ཅིང་གདུང་བར་བྱེད་པ་གང་ཡིན་པ་དེ་དག་ཀྱང་སྤང་བར་བྱ་བ་ཡིནོ།། གནོད་པ་སྟེ་བཞོས་པས་བེའུ་ལ་གནོད་པར་གྱུར་པ་དེ་ཡང་ངོ་།། བ་སྲེག་པ ་ཞེས་བྱ་བ་ན་མཁའ་ཡོངསསུ་ཟད་པའི་འཇིགས་པས་ཤིན་ཏུ་མཐོན་པོར་མི་འཕུར་བ་དང་། ཆུ་སྐྱརརོ་འཇིགས་པར་བྱ་བ་མ་ཡིན་པས་འཇིགས་པར་བྱེད་པ་དང་། རྡུལ་འབིགས་པར་བྱེད་ཅིང་རྡུལ་ཟ་བར་བྱེད་པའི་སྲིན་བུ་དེ་རྡུལ་ཡོངསུ་ཟད་པས ་འཇིགས་པའི་ཕྱིར་ཤིན་ཏུ་མང་དུ་མི་ཟ་བ་དང་། སྲིན་བུ་ལྷམ་བུ་ཆུ་གཤེར་ནི་རྟག་ཏུ་འཇིགས་པར་བྱ་བ་མ་ཡིན་པ་ལ་འཇིགས་པར་བྱེད་པའོ།། ཚུལ་ཁྲིམས་འཆལ་པ་ནི་གཞན་གྱི་ཆུང་མ་ལ་འཇུག་པའོ།། རིགས་ཀྱི་ཕྱིར་ནི ་གཅིག་གཏང་ཞིང་ཞེས་བྱ་བ་ནི་རིགས་འཇིགས་པ་ཡང་དག་པར་འབྱུང་བར་གྱུར་པ་ན་སེམས་ཅན་གཅིག་ཡོངསུ་གཏང་པོར་བྱའོ་ཞེས་བྱ་བ་ལ་སོགས་པའོ།། རྒྱལ་པོའི་དཀོར་མཛོད་མ་བསམས་པར་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོའི་ཡུལ་གྱི ་རྒྱལ་པོའི་དཀོར་མཛོད་གོང་ཡིན་པ་དེ་ནི་མ་བསམས་པར་འཕེལ་བར་འགྱུར་ཞིང་ལམ་སོང་སྟེ་དོན་མཐུན་སྟོབས་མཆོག་མ་བསམས་པར་འགའ་ཞིག་ཏུ་དེའི་རྐྱེན་གྱིས་དེ་འཇིག་པར་འགྱུར་བའོ།། སྐལ་བ་མེད་པ་ནི་ཚུལ་ངན་པའོ།། བལྟ་བས་མི ་ངོམས་པ་ཞེས་བྱ་བ་ནི་བལྟ་བས་ཆོག་པར་མི་བྱེད་པའོ།། རྒྱལ་པོ་ནི་འཁོར་ལོས་སྒྱུར་བའོ།། རི་བོ་ནི་རཱི་རབ་བོ།། རིགས་ལྡན་ཞེས་བྱ་བ་ནི་རང་བཞིན་གྱིས་འཇམ་པའོ།། བྱིས་པ་དུག་དང་ཞེས་བྱ་བ་ལ་སོགས་པ་ལ། བྱིས་པ་ནི་འདིར་བྱིས་པའི་ཁེའུའོ།། ་སྦྲུལ་ནི་བྲང་འགྲོའོ།། གནོད་བྱེད་མ་ནི་སྐྱེས་བུ་གཞན་ལ་རབ་ཏུ་ཆགས་པར་གྱུར་པའོ།། མི་བརྟན་པ་ནི་གང་དགའ་བ་ཡུན་རིང་དུ་འཛིན་པར་མི་བྱེད་པ་འམ། ཅིག་ཤོས་དགའ་བ་སྟེ། ཐ་མལ་པ་སྟེན་པར་བྱེད་པའོ།། དཔའ་བོ་ནི་འདིར་གཽ་ཡུལ་ངོག་སུ ་དཔའ་བའོ།། གང་ལ་ཞེ་ན། སྨྲས་པ། ཤིན་ཏུ་གནོད་པར་གྱུར་པ་དང་ཤིན་ཏུ་ཉམ་ང་བར་ཞུགས་པའི་སེམས་ཅན་ལའོ།། གཏམ་མི་བྱའོ་ཞེས་བྱ་བ་ནི་ཁྱོད་དང་གཏམ་མི་བྱ་བའོ།། སྦྱིན་པ་མ་མཐོང་ཞེས་བྱ་བ་ལ་སོགས་པ་ལ། སྐྱེས་བུ་གང་ཞིག ་ལ་འགའ་ཞིག་གིས་སྦྱིན་པ་མ་མཐོང་བ་དེ་ནི་འདིར་ཞེ་སྡང་ཚུལ་དུ་འགྱུར་བའོ།། འཕྲོད་པ་མི་བྱེད་པ་ནི་གང་ཞིག་ཏུ་ཕ་རོལ་པོ་ལ་འགལ་བ་སྤྱོད་པའོ།། མི་མཐུན་སྤྱོད་པ་ནི་གཉིག་ལག་ཞིག་པ་རྗེ་མཐུན་པར་མི་སྤྱོད་ཅིང་། གཞན་ལ་རྟག་ཏུ་ཉེ་བར ་སྤྱོད་པ་སྒྲོགས་པར་བྱེད་པའོ།། སྦྱིན་པ་བྱིན་ནས་ཡང་རིམ་གྱིས་དི་བྲྀ་བེ་ནས་ཐམས་ཅད་ཀྱིས་ཐམས་ཅད་དུ་སྦྱིན་པར་མི་བྱེད་པའི་བར་དུའོ།། གནས་བརྟན་ནི་འདིར་ལོ་བཅུ་ལོན་པར་འདོད་ལ། རྒན་པ་ཡང་རུས་རྙིངས་པར་གྱུར་པའོ།། ཚི་གཱ་ངན་ནི ་གོང་ཕ་རོལ་སྨྲ་བ་བརྣག་པར་མི་ནུས་པའོ།། སྨིན་ཐབ་སུ་སྨྲ་བ་ནི་ཤིན་ཏུ་ཁྲོས་པ་ཉིད་ཀྱི་ཕྱིརོ།། པ་སྤུ་གྱེན་དུ་བགྲོང་བ་ནི་བ་སྤྲོ་གྱེན་དུ་འཇུག་པའོ།། བཞིན་ནི་གཉེར་མར་ལྡན་པ་ནི་བཞིན་གཉེར་མས་ཁྱབ་པར་གྱུར་པ་ཅན་ནོ།། ཁ་སྤུ་ཆུང་བ་ནི་ཁ་སྤུ ་བྱི་བའོ།། འདོད་ཆགས་གཅོད་ཅན་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ལྷག་པར་འདོད་ཆགས་ཀྱི་ཤས་དང་ལྡན་པ་ཡིནོ།། དོན་ལ་སེམས་པ་ནི་གང་ཞིག་རྟག་ཏུ་ནོར་སྒྲུབ་པའི་ཐབས་སེམས་པར་བྱེད་པ་དང་། གང་ཞིག་ཐ་སྙད་དུ་བྱེད་པའི ་སྒོ་ནས་མངོན་པར་སྦྱོར་བར་བྱེད་པའོ།། འཇིགས་པ་ཞེས་བྱ་བ་ནི་སེམས་ཅན་དམ་པ་མ་ཡིན་པའོ།། སེར་བ་ནི་ཐོག་འབབ་པ་དང་བཅས་པའི་སེར་བའོ།། མི་རྟག་པ་ནི་སྐད་ཅིག་མས་མི་རྟག་པ་ཉིད།། དོན་མེད་པར་འདོད་པ་ཞེས་བྱ་བ་ནི་དོན་འཇིག་པ ་འདོད་པ་དང་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་ཕན་པོ་མ་ཡིན་པ་བྱེད་པས་ན་ཕན་པར་མི་འདོད་པ་དང་བདེ་བར་མི་འདོད་པ་ཞེས་བྱ་བ་ནི་བདེ་བ་སྐྱེས་པ་འཇིག་པར་བྱེད་པའོ།། རེག་པར་མི་འདོད་པ་ཞེས་བྱ་བ་ནི་མ་སྐྱེས་པ་སྐྱེས་པ་དང་གག་ས།། ་བྱེད་པའོ།། གྲུབ་པ་དང་བདེ་བར་མི་འདོད་པ་ཞེས་བྱ་བ་ལ། མ་ཐོབ་པ་ནི་གྲུབ་པ་ཡིན་ལ། ཡོན་ཏན་རྙེད་པ་ཡོངསསུ་སྐྱོང་བར་བྱེད་པ་བདེ་བ་ཡིན་ཏེ། དེ་ཡང་མ་ཐོབ་པ་མི་འཐོབ་པར་བྱ་བའི་ཕྱིར་དང་། རྙེད་པ་འཇིགས་པར ་བྱ་བའི་ཕྱིར་ཞུགས་པ་ཡིན།། བྱས་ཞེས་བྱ་བ་ནི་འདས་པའི་དུས་ཡིན་ལ། བྱེད་པ་ནི་ད་ལྟར་གྱི་དུས་ཡིན་ཞིང་། བྱེད་པར་འགྱུར་བ་ནི་མ་འོངས་པའི་དུས་ཡིནོ།། ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་དུ་ཟིན་ཀྱང་ཡང་དང་ཡང་དུ་སྨྲ་བས་ན་བྱ་རོག་དང་འདྲ་བ ་འོཏ་མང་དུ་དོན་མེད་པར་སྨྲ་བོའི་ཕྱིར་མུ་ཙོར་སྨྲ་བ་ཡིན་ལ། ཡང་དང་ཡང་དུ་འབྲེལ་པ་མེད་པ་མི་གསལ་བ་སྨྲ་བོའི་ཅ་ཅོར་སྨྲ་བའོ།། སོག་པ་ཞེས་བྱ་བ་ནི་སོག་པར་བྱེད་པའི་ངང་ཚུལ་ཅ་ནོ།། སྐད་འབྱིན་པ་ཞེས་བྱ་བ་ནི་དོན་མེད་པོའི་སྐད་སྒྲོགས ་བར་བྱེད་པའོ།། རིགས་པར་མི་བྱེད་པ་ནི་འདིར་ཕྱིན་ཅི་ལོག་གི་རྣམ་གྲངས་ཡིནོ།། ལྷོ་ངོས་སོང་ཞེས་བྱ་བ་ནི་ལྷོ་ཕྱོགསསུ་འགྲོ་བར་བྱེད་པའི་ཕྱིར་ལྷོ་ངོས་སོང་བ་དང་གམ་དུ་སོང་བར་གྱུར་པའོ།། འོད་ནི་ཉི་མའོ།། མེས་ཚིགས་པ་ལ་ཞེས་བྱ་བ་ལ་ཡང ་བཀྲ་མཱཾ་ཤིས་པའོ།། ཞེས་བྱ་བའི་དབང་དུ་བྱས་ནས་ཡང་མེའི་ནང་དུ་བཅུག་ནས་སྲེག་པར་བྱེད་པའོ།། ཟོས་པ་ནི་བཟའ་བར་བྱ་ཞིང་ལོངས་སྤྱོད་པར་བྱ་བའོ།། འཐུངས་པ་ནི་བཏུང་བའོ།། བཅའ་བ་ནཱི་བཅའ་བར་བྱའོ།། མྱངས་པ་ནི་ཨ་མྲ་ལ་སོགས། ་བཞིབ་པར་བྱ་བའོ།། ཐོགས་པ་མེད་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་ཤེས་པར་བྱ་བའི་ཡུལ་འགའ་ཞིག་ལ་ཆགས་པ་མེད་པའི་ཐོགས་པ་མེད་པའི་ཡེ་ཤེས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བའི་ཐ་ཚིགོ།། དེ་ཉིད ་སྟོབས་ཡིན་ཏེ་སངས་རྒྱས་བཅོམ་ལྡན་འདས་སྟོབས་དེས་འཁོར་ལོས་སྒྱུར་བའོ།། དེ་སྟོབས་བཅུ་དང་ལྡན་པས་ན་ཁྱུ་མཆོག་གི་གནས་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས་རྒྱ་ཆེན་པོ་ལ་བརྟེན་པར་བྱ་བ་ཉིད ་ཡིན་པའི་ཕྱིར་རྒྱ་ཆེན་པོ་ཉིད་ཡིན་ལ། འདི་ཁྱུ་མཆོག་གི་ཡིན་པས་ན་ཁྱུ་མ་ཆོག་གིའོ།། དེ་གང་ཞེ་ན། སྨྲས་པ། གནས་ནི་གོ་འཕང་ཞེས་བྱ་བའི་དོན་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བརྟེན་པར་མཛད་པའི་འཇིག་། ་པ་མེད་པའི་གོ་འཕང་ཞལ་གྱིས་བཞེས་པར་གྱུར་པའོ།། ཚངས་པའི་འཁོར་ལོ་བསྐོར་བར་མཛད་ཅིང་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད་པའོ།། ཡང་དག་པར་སེང་གེའི་སྒྲ་སྒྲོགསོ་ཞེས་བྱ་བ་ནི་མུ་སྟེགས་ཅན ་ཐམས་ཅད་སྐྲག་པར་བྱེད་ཅིང་བདག་མེད་པ་གསལ་བར་བྱེད་པའི་བཀའ་སྒྲོགས་པར་མཛད་པའོ།། གནས་དང་གནས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ། གནས་ནི་སྲིད་པ་ཡིན་ལ་གནས་མེད་པ་ནི་མི་སྲིད་པ་ཡིན་ཏེ། ལུས་ལ་སོགས་པའི ་དག་པ་ལས་འབྲས་བུ་འདོད་པ་ནི་སྲིད་པ་ཡིན་ལ་མི་འདོད་པ་ནི་མི་སྲིད་པ་ཡིན་ཞིང་དགེ་བའི་ལུས་ཀྱི་འབྲས་བུ་འདོད་པ་མ་ཡིན་པ་ནི་མི་སྲིད་པ་ཡིན་ཏེ། འདོད་པ་ནི་སྲིད་པ་དག་ཡིནོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཇི ་ལྔ་བ་བཞིན་དུ་སྡེ་ཕྱིན་ཅི་མ་ལོག་པ་ཉིད་དུའོ།། ལས་དང་ཆོས་ཡང་དག་པར་བླངས་པའི་ཞེས་བྱ་བ་ལ་སོགས་པ་ལ་ལས་ནི་རྣམ་པ་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱི་རང་བཞིན་ནོ།། དེ་དབྱེ་བ་བཞི་ལ་ལས་ཡང་དོག་པར་བླངས་པ་ཞེས ་བྱ་སྟེ། ཇི་སྐད་དུ་ལས་ནག་པོ་དང་རྣམ་པར་སྨིན་པ་ནག་པོ་དང་། དགེ་བ་དང་རྣམ་པར་སྨིན་པ་དག་པ་དང་། གནག་ལ་དགེ་བ་དང་རྣམ་པར་སྨིན་པ་གནག་ལ་དགེ་བ་དང་། གནག་པ་མ་ཡིན་ལ་དགེ་བ་དང་རྣམ་པར་སྨིན་པ་གནག ་པཔ་མ་ཡིན་ལ་དག་པ་ཡོད་དོ།། ཅེས་འབྱུང་བ་ཡིནོ།། ཆོས་ཡང་དག་པར་བླངས་པ་ལ་ནི་རྣམ་པ་བཞིར་འགྱུར་ཏེ། ཆོས་ཡང་དག་པར་བླངས་པ་ད་ལྟར་བདེ་བ་མ་འོངས་པ་རྣམ་པར་སྨིན་པ་སྡུག་བསྔལ་ཡོད་པ་དང་། ཆོས་ཡང་དག་པར་བླངས ་པ་ད་ལྟར་སྡུག་བསྔལ་ཞིང་མ་འོངས་པ་ན་རྣམ་པར་སྨིན་པ་བདེ་བ་ཡོད་པ་དང་། ཆོས་ཡང་དག་པར་བླངས་པ་ད་ལྟར་སྡུག་བསྔལ་ཞིང་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་སྡུག་བསྔལ་ཡོད་པ་དང་། ཆོས་ཡང་དག་པར་བླངས་པ་ད་ལྟར་བདེ ་ཞིང་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་བདེ་བ་ཡོད་པ་ཡིན་ཏེ། རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་རབ་ཏུ་མཁྱེན་ཏོ།། གནས་ཞེས་བྱ་བ་ནི་འདིའི་དུས་ཏེ། ཚོགས་པ་འགའ་ཞིག་ཡོད་ན་ལས་དང་ཆོས་ཡང་དག་པར་བླངས ་ང་དག་གི་འབྲས་བུ་འབྱིན་པར་འགྱུར་རོ།། ཞེས་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། དངོས་པོ་ཞེས་བྱ་བ་ནི་རྟེན་ཡིན་ཏེ། ལྷ་ལ་སོགས་པོའི་འགྲོ་བ་རྟེན་འགའ་ཞིག་ཡོད་ན་དེ་དག་ལས་ངེས་པར་འབྲས་བུ་འབྱུང་བར་འགྱུརརོ་ཞེས ་བྱ་བ་དང་། རྒྱུ་ཞེས་བྱ་བ་ནི་རྒྱོ་ཇི་སྙེད་པ་དང་རྐྱེན་ཇི་སྐྱེད་པ་དེ་ཡོད་ན་འབྲས་བུའི་བྱ་བ་བྱེད་པར་འགྱུར་རོ།། ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ།། བསམ་གཏན་དང་རྣམ་པར་ཐར་པ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན ་ནི་དང་པོ་ལ་སོགས་པ་བཞི་ཡིན་ལ། རྣམ་པར་ཐར་པ་ནི་བརྒྱད་ཡ་ནོ།། ཏིང་ངེ་འཛིན་ནི་གསུམ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པའོ།། སྙོམས་པར་འཇུག་པ་ནི་གཟུགས་མེད་པ་བཞི་དག་ཡིནོ།། དེ་ལ་ཀུན་ནས་ཉོན་མོང ་པ་ནི་སྙོམས་པར་འཇུག་པའི་གེགས་ཡིན་ཏེ། ཆོས་དག་འདིའི་བགེགས་སུ་འགྱུར་བའི་ཕྱིར་སྲིད་པར་འགྱུར་བའོ།། རྣམ་པར་གནས་པ་ནི་སྙོམས་པར་འཇུག་པ་གནས་པར་བྱེད་པ་སྟེ། ཆོས་གང་དག་གིས་འདི་གནས་པར་བྱ་བའི་ཕྱིར ་སྲིད་པར་འགྱུར་བའོ།། རྣམ་པར་བྱང་བ་ཞེས་བྱ་བ་ནི་ཆོས་གང་དག་གིས་འདི་རྣམ་པར་དག་པར་བྱ་བའི་ཕྱིར་སྲིད་པའི་འགྱུར་བ་གསུམ་པོ་དེ་དག་གིས་གོ་རིམ་བཞིན་དུ་སྤངས་པའི་ཆ་དང་མཐུན་པ་དང་གནས་པའི་ཆ་དང་མཐུན་པ་དང་། ་ཁྱད་པར་གྱི་ཆ་དང་མཐུན་པ་བསྟན་པ་ཡིན་ཏོ།། དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། སེམས་ཅན་གང་ཟག་ནི་རྣམ་གྲངས་ཡིན་ལ། མཆོག་དང་མཆོག་མ་ཡིན་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཞེས་བྱ་བ་ལ། མཆོག་ནི ་ཁྱོད་པར་དུ་འཕགས་པ་ཡིན་ཞིང་མཆོག་མ་ཡིན་པ་ནི་དམན་པ་ཡིན་ཏེ། སེམས་ཅན་འདི་ནི་དབང་པོ་རྟུལ་བ་ཡིན་ལ། འདི་དབང་པོ་འབྲིང་ཡིན། འདི་ནི་དབང་པོ་རྣོན་པོ་ཡིནོ་ཞེས་བྱ་བ་ཡིནོ།། དབང་པོ་ཡང་འདིར་དང་པོ་ལ་སོགས་པ་ཡིན ་པར་འདོད་དོ།། མོས་པ་སྣ་ཚོགས་པ་ཞེས་བྱ་བ་ནི་མོས་པ་ནི་འདོད་པ་དང་མངོན་པར་བསམས་པ་ཞེས་བྱ་བའི་དོན་ཡིན་ཏེ། སེམས་ཅན་རྣམས་ཀྱི་མོས་པ་རྣམ་པ་སྣ་ཚོགས་པ་དེ་ཡང་དེ་ཁོ་ན་ཉིད་དུ་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་ཉག ་གཅིག་གིས་མཁྱེན་པར་འགྱུར་གྱི་གཞན་དག་གིས་མ་ཡིནོ།། ཁམས་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ་ཁམས་ནི་བསམ་པ་དང་རང་བཞིན་ཞེས་བྱ་བའི་དོན་ཡིན་ལ། དེ་ཡང་སེམས་ཅན་དག་གི་སྐྱེ་བ་གཞན ་དུ་གོམས་པའི་དབང་གིས་དེ་སེམས་ཅན་སོ་སོའི་རྒྱུད་ཀྱི་དབྱེ་བ་ལས་ཁམས་སྣ་ཚོགས་ཞེས་སྨོས་པ་ཡིནོ།། གཅིག་ལ་ཡང་ཁམས་དུ་མ་སྲིད་པའི་ཕྱིར་ཁམས་དུ་མ་ཞེས་སྨོས་པོ་ཡིན་ནོ།། ཐམས་ཅད་དུ་འགྲོ་བ་ཞེས་བྱ་བ་ནི་ཐམས་ཅད་དུ ་འགྲོ་བའི་ངང་ཚུལ་འདི་ལ་ཡོད་པས་ན་དེ་ལ་འདི་ཐམས་ཅད་དུ་འགྲོ་བ་ཡིན་ལ། དངོས་པོའི་བྱེ་བྲག་འདིས་རྟོགས་པར་བྱེད་པའི་ཕྱིར་ལམ་ཡིན་ཏེ། ཐོམས་ཅད་དུ་འགྲོ་བ་ཡང་འདི་ཡིན་ལ་ལམ་ཡང་ཡིན་པས་ན་ཐམས་ཅད་དུ་འགྲོ་བའི་ལི ་མོ། དེ་ཡང་ཡེ་ཤེས་ཡིན་ཏེ། དེ་འདིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ།། སྔོན་གྱི་གནས་ཞེས་བྱ་བ་ནི་སྔོན་གྱི་སྐྱེ་བོའི་གནས་སོ།། འཇིག་པའི་སྐལ་པ་ཞེས་བྱ་བ་ལ་སོགས་པ་ལཱ། འཇིག་པའི་བསྐལ་པ་ནི་སེམས་ཅན་དམྱལ ་བ་མི་སྲིད་པའི་ཕྱིར་སྣོད་འཇིག་པ་ཡིན་ལ། འཆགས་པའི་བསྐལ་པ་ནི་ཐོག་མར་རླུང་ནས་དམྱལ་བིའོ་བར་དུ་སྲིད་པར་གྱུར་པའོ།། འཇིག་པ་ནི་ཉམས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་བསམ་པ་གཅིག་ཏུ་གནས་ཤིང་འདུས ་བར་བྱེད་པའི་ཕྱིར།། འཆགས་པ་ཡང་འབྱུང་བ་ཞེས་བྱ་བ་ནི་སྐྱེ་བའི་ཆོས་ཅན་དུ་གྱུར་པའོ།། མིང་འདི་ཞེས་བྱ་བ་ལ་སོགས་པ་ལ་མིང་ནི་ཆོས་སྦྱིན་ལ་སོགས་པའོ།། རུས་ནི་བྲམ་ཟེ་ལ་སོགས་པའོ།། རིགས་ན་གཽ་ཏ་མ་ལ་སོགས ་པའོ།། ཁ་ཟས་ནི་ཆང་ཟན་གྱི་རྣམ་པ་ལ་སོགས་པའོ།། བདེ་བ་དང་སྡུག་བསྔལ་བ་ནི་ཉམ་སུ་མྱོང་བའི་ངང་ཚུལ་ཅན་ནོ།། དུས་རིང་པོར་འཚོ་བའི་ཕྱིར་ཚ་རིང་བའོ།། བྱིས་པའི་གནས་སྐབས་ལ་སོགས་པའི་དུས་རིང་པོར་གནས་པའི་ཕྱིར ་ཡུན་རིང་དུ་གནས་པའོ།། ཇི་སྲིད་དུ་ཚེ་འཕངས་པར་གནས་པའི་ཕྱིར་འདི་ལྟར་དེའི་ཚེའི་མཐར་ཐུག་པ་སྟེ། འདིས་ནཱི་བཻར་མ་དོར་འཆི་བ་མེད་པར་བསྟན་པ་ཡིན་ནོ།། གནས་དང་བཅས་པ་ནི་ཡུལ་དང་བཅས་པའོ།། རྣམ་པ་དང་བཅས་པས་ཞེས་བྱ་བ ་ནོནི་མིང་དང་རུས་ལ་སོགས་པའི་རྣམ་པ་དང་བཅས་པ་ཡིནོ།། ལྷའི་མིག་ཅེས་བྱ་བ་ལ་ཅི་ལྷའི་མིག་སྤྱི་འམ་འོན་ཏེ་མ་ཡིན་ཞེ་ན། སྨྲས་པ། རྣམ་པར་དག་པ་སྟེ། བསྒོམས་པ་ལས་བྱུང་བས་ཡིན་གྱི་སྤྱི་ནི་མ་ཡིནོ།། མིའི་ལས་ཤིན་ཏུ་འདས་པ་ཞེས་བྱ་བ ་ནི་ཁྱད་པར་དུ་འཕགས་པའི་མི་ལ་སྐྱེར་རུང་བ་ཉིད་ཀྱིས་སོ།། ཁ་དོག་བཟང་པོ་ཞེས་བྱ་བ་ནི་མདངས་མཛེས་པར་གྱུར་པའོ།། ཁ་དོག་ངན་པ་ནི་མདངས་མཛེས་པ་མ་ཡིན་པའོ།། དམན་པ་ཞེས་བྱ་བ་ནི་བསོད་ནམས་དང་མི་ལྡན་པའོ།། གྱ་ནོམ ་ཞེས་བྱ་བ་ནི་བསོད་ནམས་དང་ལྡན་པར་གྱུར་པའོ།། ལས་ཇི་ལྟ་བར་ལོངས་སྤྱོད་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱས་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་པར་འགྱུར་བའོ།། ཡང་དག་པ་མ་ཡིན་པའོ་སྐྱོན་བརྗོད་པ་ནི་སྐུར་བ་ནུ་བགོ། ལོག་འི་\ུ0f89\ུ0f4་ལྟེ་བྱ་བ་ལ་སོཐ ་ལོག་ཀྟ་སྔོན་དུ་སོང་བ་ཅན་གྱི་ལས་དང་། ཆོས་ཡང་དག་པར་བླངས་པའི་རྒྱུའི་ཕྱིར་རོ།། དེའི་རྒྱུ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་རབ་ཏུ་འཇུག་པར་བྱེད་པའི་ལས་དང་། ཆོས་ཡང་དག་པར་བླངས་པའི་རྒྱུའོ།། དེའི་རྐྱེན་ནི་དེ་ཉིད་དང་འདྲའོ།། ལུས་དང་བྲལ ་བ་སྟེ་འཇིག་ཅིང་ཤི་བའི་འོག་ཏུ་ངན་སོང་ལ་སོགས་པར་སྐྱེ་བར་འགྱུར་བའོ།། ངན་པར་སོང་བས་ན་ངན་སོང་སྟེ། དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་ཡིན་ལ། དེ་ཉིད་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་ངན་འགྲོ་ཡིན་ཞིང་། ་ལོག་པར་ལྟུང་བའི་གནས་ཉིད་ཡིན་པའི་ཕྱིར་དེ་ཉིད་ལོག་པར་ལྟུང་བ་ཡིནོ།། སེམས་ཅན་དམྱལ་བ་སྨོས་པས་དམྱལ་བ་རེ་རེ་བཟུང་བ་ཡིནོ།། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ནི་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས ་ཅན་དམྱལ་བ་སྟེ་དེ་དག་ཏུའོ།། བདེ་འགྲོ་ཞེས་བྱ་བ་ལ་བདེ་འགྲོ་རྣམ་པ་གཉིས་ཡོད་ན་བདེ་འགྲོ་གང་ལ་བྱ་ཞེ་ན། མཐོ་རིས་འཇིག་རྟེན་ཞེས་བྱ་བ་སྨོས་པ་ཡིནོ།། དེ་ལ་ཡང་ཁ་ཅིག་ཏུ་གནས་སྟོང་པ་དག་ཏུ་སྐྱེ་བར་འགྱུར་ཞེ་ན། ལྷའི་ཞེས་བྱ་བ་སྨོས་པ ་ཡིནོ།། ཟག་པ་ཟད་པ་ལས་ཞེས་བྱ་བ་ནི་འདོད་ཚོགས་ལ་སོགས་པ་སྤངས་པར་གྱུར་པ་ལས་སོ།། སེམས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་སེམས་ཉོན་མོངས་པའི་འཆིང་བ་ལས་གྲོལ་བར་གྱུར་པའོ།། ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཤེས་རབ ་མ་རིག་པ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བས་སོ།། མཐོང་བའི་ཆོས་ཁོ་ན་ལ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའི་སྐྱེ་བ་ལའོ།། བདག་ཉིད་ཀྱིས་ཞེས་བྱ་བ་ནི་ལུང་ཕོག་པ་མེད་པའོ།། མངོན་པར་ཤེས་པས་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་སོ།། མངོན་སུ། ་དུ་བྱས་ཤིང་ཞེས་བྱ་བས་ནི་ཐེ་ཚོམ་མེད་ཅིང་ཁོང་དུ་ཆུད་ཅིང་ངོ་།། ཞུགས་པ་ཞེས་བྱ་བ་ནི་ཐག་ཉེ་བར་བྱས་པ་འམ། དེ་གཉིས་དང་ལྡན་པར་གྱུར་པ་འམ་ཆེན་པོ་ཉིད་དུ་ཤེས་པའོ།། རབ་ཏུ་ཤེས་པས་ན་ཞེས་བྱ་བོ་ནི་ཤེས་པ་གཞན་གྱིས་ཡོངས ་བཅད་ནས་སོ།། ངའི་སྐུ་བ་ནི་ཟད་དོ་ཞེས་བྱ་བ་ནི་བདག་གི་སྐྱེ་བའི་སྲིད་པ་རྫོགས་པར་གྱུར་པའོ།། སྐྱེ་བའི་སྲིད་པ་ཟད་པ་ཡང་ཅིའི་ཕྱིར་ཞེ་ན། ཚངས་པར་སྤྱོད་པ་ནི་བརྟེན་ཏོ་ཞེས་སྨོས་པ་ཡིན་ཏེ། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ལ ་གང་གིས་སྤྱོད་པ་དེ་ནི་ཚངས་པར་སྤྱོད་པ་སྟེ་ལམ་ཡིན་ཏེ། དེ་ལ་བདག་ཉིད་ཐམས་ཅད་ཀྱིས་གནས་པར་གྱུར་པ་ནི་བསྟེན་པ་ཡིནོ།། གོང་གི་ཚེ་འཕགས་པའི་ལམ་ཡོངསུ་རྫོགས་པ་ལ་གནས་པ་དེའི་ཚེ་མི་མཐུན་པའི་ཕྱོགས་ཐམས་ཅད་ལྡོག་པར ་འགྱུར་རོ།། བྱ་བ་བྱས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པའོ།། འདི་ལྔ་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ནི་ཡང་སྲིད་པའི་ལས་ཀྱི་འབྲས་བུ་མེད་པའི་ཕྱིརརོ།། རྒྱལ་པོས་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་པོས་ཐམས་ཅད་དུ་རང་གི་རིགས་དང ་འཐད་པའི་ཆོས་གང་ཡིན་པ་དང་། ཚུལ་ཏེ་ཚུལ་ཁྲིམས་གང་ཡིན་པ་དེ་ལ་བརྟག་པར་བྱ་ཞིང་རྗེ་སུ་འཇུག་པར་བྱ་བ་ཡིནོ།། དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། འཇུག་དང་རྗེསུ་འཇུག་ཚུལ་དུ་ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱོས་རྗེསུ་འཇུག་པ་ནི་འཇུག་པ་ཡི། ་ལ་སྔ་མས་འདི་ལྟར་བྱས་པ་དེའི་ཕྱིར་བདག་ཀྱང་རྣམ་པ་འདིས་བྱ་བ་ལ་རྗེ་སུ་འཇུག་པར་བྱའོ་ཞེས་བྱ་བ་ནི་རྗེ་སུ་འཇུག་པ་ཡིནོ།། རྒྱལ་པོ་བཟོད་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་བཟོད་པ་ནི་ཆོས་ཀྱི་མཆོག་ཡིན་པའི་ཕྱིར། ལྷས་པ་ལང་སྐྱོང ་གི་མའི་ཉེས་པ་བཟོད་པར་བྱ་བ་ཡི་ནོ།། འཇིག་རྟེན་འདི་ན་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བར་བྱ་བ་སྟེ། རིན་པོ་ཚེ་གང་ཡིན་པ་དང་མཉམ་པར་བྱ་བ་སྟེ། ལེགས་པར་བཤད་པ་གང་ཡིན་པ་དེ་ནི་ཁྱེད་ཀྱིས་མ་མཐོང་བ་དང་མ་ཐོས་པ་སྟེ། མཐོང ་བ་དང་ཐོས་མོད་ཀྵི་ཞེས་བྱ་བར་དགོད་སོ།། དེ་ལྟར་ན་ཡང་བདག་གཙོ་བོ་ལ་དད་པས་ཅུང་ཞིག་སྡུག་པ་དང་མཛའ་བ་དང་ཡིད་བརྟན་པའི་སྒོ་ནས་རབ་ཏུ་ཁྲོས་པ་ཉེས་པ་དང་བཅས་པ་ནི་སྡུག་པས་རབ་ཏུ་ཁྲོས་པ་ཡིན་ནོ།། ་ཞེས་བརྗོད་པར་བྱ་བ་ཡིནོ།། བདག་པོའི་བརྟུལ་ཞུགས་ཞེས་བྱ་བ་ལ་ཉེ་བར་ལོངས་སྤྱོད་པ་ལ་འདིར་བརྟུལ་ཞུགས་ཀྱི་སྒྲས་བརྗོད་པ་ཡིན་ཏེ། བདག་པོའི་བརྟུལ་ཞུགས་གང་ལ་ཡོད་པ་དེ་ནི་འདིར་བདག་པོའི་བརྟུལ་ཞུགས་ཅན་ཏེ། ་བུད་མེད་ལ་བདག་པོ་ཁོ་ན་ལོངས་སྤྱོད་པར་བྱེད་ཀྱི། སྐྱེས་བུ་གཞན་དག་ནི་མ་ཡིན་པ་ངོ་འདིར་འདོད་པ་ཡིནོ།། གཟུགས་དང་ཡོན་ཏན་ལྡན་ཞེས་བྱ་བ་ལ་ཡོན་ཏན་སྨོས་པས་འདིར་སྒྱུ་རྩལ་ལ་མཁས་པ་ཉིད་བཟུང་པོ་ཡིནནོ།། ཆུང་མ་ཡང ་མེ་སྐོར་བྱས་པ་དེ་བས་ན་འདི་ཅིག་ཅོར་ཡོངསུ་སྤང་བར་རིགས་པ་མ་ཡིནོ།། རྗེའི་ཕྱིར་ནི་ཞེས་བྱ་བ་ནི་གང་གི་ཕྱིར་བྱེད་བདག་གི་རྗེར་གྱུར་པ་དེ་བས་ན་བདག་གིས་གདོན་མི་ཟ་བར་ཕོན་པ་གསོལ་བ་ཡིན་གྱི། བུད་མེད་ཀྱི་རྒྱུ་མཚན་གྱིས ་ནི་མ་ཡིནོ།། དོན་བཟང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་ལེགས་པར་བཤད་པ་ཡོན་ལོ། ཡི་གེ་འགྲོལ་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ལེགས་པར་སྨྲས་པའོ།། ངས་ལེགས་པར་སྨྲ་བ་ཁྱོད་ལ་ཡུལ་ཀྱང་ཀ་ནྱ་ཀུ་བ་ཙ་སྦྱིན་ཞིང་ཞི་བ་ལ་ཡང་རྣམ་པ ་ཐམས་ཅད་ཀྱིས་བཟོད་པར་བྱའོ།། འདུ་ཞིང་འདོག་པའི་ཁྱིམ་གང་ཡིན་པ་དེ་ནི་འདུ་ཁང་ཡིན་ཏེ། སྐྱེ་བོ་ཆེན་པོ་འདུ་བའི་གནས་ཞེས་བྱ་བའི་ཐ་ཚིགོ།། འདུས་པ་ནི་ཚོགས་པ་ཡིན་ཏེ། ལསུ་བྱ་བའི་དོན་གཅིག་ཁོ་ན་ལས་འདུས་པར ་གྱུར་པའོ།། གཏམ་ལ་སོགས་པ་ཟེར་བ་ནི་གཏམ་ལ་འཇུག་པའོ།། དངོས་པོ་འདོད་པ་གང་ཡིན་པ་དེ་ནི་འདོད་པ་ཆེ་བའོ།། བརྟག་པའི་ཕྱིར་ཞེས་བྱ་བ་ནི་དཔྱད་པའི་ཕྱིརརོ།། མངོན་དུ་བྱ་བ་ནི་མངོན་སུམ་དུ་བྱ་བའོ།། རྣམ་གྲངས་དུ ་མེ་ནི་རྣམ་པ་དུ་མས་སོ།། ཡང་དག་པར་གཟིང་བསྟོད་པ་ནི་རབ་ཏུ་དགའ་བ་སྐྱེས་པ་དང་རྗེསུ་མཐུན་པར་རོ།། ཡང་དག་པར་རབ་ཏུ་མགོ་བ་ནི་སྡུག་པ་སྐྱེང་པོར་བྱེད་པའོ།། བྱས་ནས་ཞེས་བྱ་བ་ནི་ཡོངསུ་རྫོགས་པར་བྱས་ནས་སོ།། ་དུལ་བ་མ་ཡིན་པའི་ཆ་ལུགས་འཛིན་པ་ཞེས་བྱ་བ་ནི་རྒོད་པའི་ཆ་ལུགས་འཛིན་པའོ།། འཇམ་པའི་སྦྱོར་བས་ཞེས་བྱ་བ་ནི་ངག་འཇམ་པོསོ།། དབྱེ་བའི་སྦྱོར་བས་ཞེས་བྱ་བས་ནི་ཁྱེད་ཅག་འདི་ལྟར་མཛེས་པརོ་མི་བྱེད་པ ་གང་ཡིན་པ་དེས་ནི་ཁྱེད་ཅག་ལ་མངོན་པར་དད་པ་རྣམས་མ་དང་པར་འགྱུར་ལ། དེ་དག་མ་དད་པ་ལས་ནི་ཁྱད་ཅག་གྲི་བསོད་སྙོམས་པ་རྣམ་པར་ཉམས་པར་འགྱུརརོ།། ཞེས་བྱ་བ་དེ་ནི་འབྱེད་པའི་ཚིག་ཡིན་ནོ།། མི་མཛེས་པར་བྱས ་པ་ནི་ལོག་པར་ཞུགས་པའོ།། ཡན་ལག་ནི་ལག་པ་ལ་སོགས་པའོ།། ཉིང་ལག་ནི་སོར་མོ་ལ་སོགས་པའོ།། ཟིན་པ་ནི་སྐྱེས་བུའི་སེམས་འཛིན་པའི་ལས་མྱུར་བར་བྱེད་པའོ།། སྒྱུ་རྩོལ་ཅན་ཞེས་བྱ་བ་ལ། སྒྱུ་རྩལ་ནི་གོང་དུ་རྣམ་པར ་བཤད་པའི་སྒྱུ་རྩེལ་དྲུག་ཅུ་རྩ་བཞིའོ།། སྤྱོད་པ་ནི་སྒེག་པ་དང་བཅས་པས་འགྲོ་བ་ཡིན་ལ། གནས་པ་ནི་དེ་ཁོ་ན་དང་འདྲའོ།། འཇིག་རྟེན་ལས་འདས་པའི་ལམ་གྱོས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་འདོད་པ་ལ་བསྐྱོད ་པར་མི་ནུས་པ་དེའི་ཕྱིར་དྲང་སྲོང་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་དང་ཞེས་སྨོས་པ་ཡིནོ།། རྩོམ་པའི་དུ་ལ་ཐོག་མ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་ཐོག་མ་མེད་པ་ཡིན་ལ། བསགས་པ་ནི་གོམ ་བར་བྱས་པའོ།། ཉོན་མོངས་པ་ལ་སོགས་པ་སྟེ། འདོད་ཆགས་ལ་སོགས་པའི་ཀུན་ཏུ་སྤྱོད་པ་རྒྱུན་ཏུ་སྐྱེས་པར་གྱུར་པའོ།། དེ་ཁྱིམ་གྱི་སྐུར་ཁུང་དྲ་བ་ཅན་ཞེས་བྱ་བ་ལ་སོགས་པ་ལ་དེའི་འོད་བཟང་པོའོ།། བྱ་བ་ཐམས་ཅད་བཏང་བའི་བློས་ཞེས ་བྱ་བ་ནི་སེམས་སོ་སོར་བསྡུས་པར་གྱུར་པའོ།། ཡུག་ས་མོ་ནི་བདག་པོ་ཤི་བར་གྱུར་པའོ།། པིའི་རྗེ་སུ་ཞུགས་པ་ཞེས་བྱ་བ་ནི་ཕ་དང་མེས་པོ་བརྒྱུད་པ་ལ་སོགས་པ་འོངས་པར་གྱུར་པའོ།། ཁྱོད་དགེ་བ་ལ་དད་པས་ན་ཞེས་བྱ་བ་ལ། སངས་རྒྱས་ཀྱི ་བསྟན་པ་ལ་མངོན་པར་དང་བིསོ།། ཁྱོད་ཀྱི་ཁྱིམ་དུ་སུ་ཤིག་འོངས་ཞེས་བྱ་བ་ནི་ཁྱོད་ཀྱི་ཁྱིམ་དུ་གཞན་མུ་སྟེགས་ཅན་འཇུག་པར་མི་འགྱུར་གྱི། གལ་ཏེ་དེ་དག་འཇུག་པར་གྱུར་ན་ནི་སྤྱོད་པ་མ་ཡིན་པ་བྱེད་པར་འགྱུར་ལ། དགེ་སློང་དག་འོངས་ན ་ནིདེ་དག་གི་ནང་ན་འགའ་ཞིག་གིས་འདོད་ཆགས་དང་བྲལ་བ་ཡིན་ལ། འགའ་ཞིག་ནི་འཚོ་བའི་རྒྱུས་ཀྱང་བྱ་བ་མ་ཡིན་པ་བྱེད་པར་མི་འགྱུར་བའི་ཕྱིར་དགོས་པ་མེད་པར་དེ་སློངས་ཤིག་པའོ།། རྫས་ཀྱི་སྙིང་པོ་བཞག་པའི་ཁང་བའི་ལྡེ་མིག ་དང་། སྙིང་པོ་མ་ཡིན་པའི་རྫས་བཞག་པའི་ལྡེ་མིག་ཀྱོག་པོ་དག་གོ།། བུད་མེད་ཀྱི་གཡོ་དང་ཞེས་བྱ་བ་ལ་སོགས་པ་ལ། གསུམ་པོ་དེ་དག་ཀྱང་གཡོའི་རྣམ་གྲངས་ཡིན་ལ། ཁྱད་པར་དུ་ནི་སེམས་བྱ་ཁྱུས་འཇུག་པ་དང་། ཟུར་མིག་གིས་བལྟ ་བ་ལ་སོགས་པ་ནི་འདིར་གཡོ་ཡིན་ལ། སྐྱེས་བུའི་སེམས་གཟུང་བར་བྱ་བའི་ཕྱིར་གཡོས་འཇུག་པའི་ངག་གི་ལས་ཉིད་ནི་སྒྱུ་ཡིན་ཞིང་། དོན་དེ་ཉིད་ལ་ལུས་ཀྱིས་འགྱུར་བ་ལ་ཚུལ་འཆོས་ཞེས་བྱའོ།། འདོད་ཆགས་ཀྱི་གནས་བཅུ་ཞེས ་བྱ་བ་ལ། གནས་དང་པོ་ནི་འདོད་ཆགས་ཀྱི་དགའ་བ་སྐྱེད་པར་བྱེད་པའོ།། གཉིས་པ་ནི་ཡིད་ཆགས་པའོ།། གསུམ་པ་ནི་ཀུན་ཏུ་རྟོག་པ་འཕེལ་བར་བྱེད་པའོ།། བཞི་པ་ནི་གཉིད་ལོག་པ་དང་གཉིད་སད་པ་དང་འདྲ་བ་སྐྱེད་པར་བྱེད་པའོ།། ལྔ་པ་ནི ་སཉམ་ཆུང་བ་བསྐྱང་པར་བྱེད་པའོ།། དྲུག་པ་ནི་ཡུལ་ལ་མངོན་དུ་ཕྱོགས་པས་འཇུག་པར་བྱེད་པའོ།། བདུན་པ་ནི་ངོ་ཆེ་སེལ་བར་བྱེད་པའོ།། བརྒྱད་པ་ནི་འདོད་ཆགས་ཀྱི་དབང་དུ་གྱུར་པར་བྱེད་པའོ།། དགུ་པ་ནི་སྐྱེད་པར་བྱེད་པའོ།། གནས ་བཅུ་པ་ཐོབ་པ་ན་ནི་ལུས་བརྒྱལ་བར་བྱེད་པ་ཡིན་ལ། བརྒྱལ་བ་ལས་ཀྱང་འཆི་བར་འགྱུར་རོ།། ཟད་པ་དང་ཉམས་པ་མེད་པའི་ཕྱིར་འོངས་པའི་ཕྱིར་རྙེད་པ་ནི་སྐྱེས་པ་ཡིན་ལ། དོན་ཐོབ་པ་ནི་ཕྱིར་རྙེད་པ་ཐོབ་ནས་སོ།། ཚུལ་མོ་ཡིན་པའི ་གནོད་པ་ཞེས་བྱ་བ་ནི་རིགས་པ་མ་ཡིན་པར་འཆི་བའི་སྡུག་བསྔལ་དུ་འགྱུར་ན་ཞེས་བྱ་བའི་ཐ་ཚིག་གོ།། ཤིན་ཏུ་མདངས་དང་ལྡན་པ་ཉིད་ཀྱི་ཕྱིར་སྐྱེས་བུ་ལ་རབ་ཏུ་མཛེས་པའོ།། ཚུལ་མ་ཡིན་པར་སྤྱད་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད ་པའི་མིང་ཅན་གྱི་ཚུལ་དང་མི་མཐུན་པའི་བྱ་བས་སོ།། མདུད་པ་བོར་ནས་ཞེས་བྱ་བ་ནི་པུས་འཁྱུད་དང་འདྲ་བར་ཆོས་གོས་ཀྱིས་ལུས་དཀྲིས་ནསོ།། མི་མང་ཡིན་པ་མང་པོ་སྟེ། གནོད་སྦྱིན་མོ་དྲག་མོས་ཁྱབ་པར་གྱུར་པའོ།། ཐོར་བུ་ནི་འབྲུམ ་བུའོ།། ཟས་ཀྱི་ཆོ་ག་ཞེས་བྱ་བ་ནི་ཟས་ཀྱི་རྣམ་པའོ།། ཐེ་ཚོམ་ཞེས་བྱ་བ་ནི་སེམས་སྐྱོ་བར་རོ།། ཟིལ་གྱིས་མནན་པ་ཞེས་བྱ་བ་ནི་ཤིན་ཏུ་ཚར་བཅད་པར་གྱུར་པའོ།། དགའ་བར་བྱས་པ་ནི་མཆོག་ཏུ་དགའ་བ་ལ་སྦྱར་བ ་འོ།། མགུ་བར་བྱས་པ་ཞེས་བྱ་བ་ནི་མགུ་བ་ཉིད་དུ་སྦྱར་བར་གྱུར་པའོ།། རྒྱུ་མཐུན་པར་སྐྱེས་པ་ཞེས་བྱ་བ་ནི་འདྲེན་ལ་སོགས་པའི་ཁུ་བ་དག་ལོས་སྐྱེས་པ་ཡིན་པས་ན་དེ་ནི་རྒྱུ་མཐུན་པར་སྐྱེས་པ་ཡོན་ནོ།། ཤིན་ཏུ་མི་སྡུག་པ་ཞེས་བྱ་བྱ་ནི ་ལག་པ་དང་རྐང་པ་ལ་སོགས་པའི་གཟུགས་ངན་པོའོ།། ཡུང་དང་འདྲ་བའི་འཚོར་བའི་སྒོ་གང་ལ་ཡོད་པ་དེ་ནཱི་སྒྲ་སེར་བའོ།། རྩཝ་སྔོན་པོའི་ཁ་དོག་དང་འདྲ་བའི་སྒྲ་ཡོད་པས་ན་སྒྲ་སྔོན་པོའོ།། ཁང་པའི་བར་ཏེ་ཁང་པའི་བར་མཚམ་སུའོ།། ་གྲོང་ཁྱེར་ལས་ཕྱི་རོལ་གྱི་ཐིབས་པོ་དང་བཅས་པའི་ཕྱོགས་ནི་ནགས་སྟུག་པོའི་ཕྱོགསོ།། མདངས་ཀྱིས་གསོ་བི་ནི་འཚོ་བའི་ཐབས་སྦྱིན་པའོ།། གཟུགས་མི་གསལ་བ་ཞེས་བྱེ་བ་ནི་སྐྱེས་པའི་ཕྱོགས་དང་། བུད་མེད་ཀྱི་ཕྱོགསུ་ཡང་གསལ ་བར་མོ་གྱུར་པའོ།། ཉེ་བར་སྟོན་ནས་ཞེས་བྱ་བ་ནི་འདིའོ་ཞེས་ཕྱོགས་གསལ་བར་རོ།། ཀུན་ནས་མཛེས་པ་ནི་དད་པ་སྐྱེད་པར་བྱེད་པ་ཡིན་པས་ན་ཀུནྡ་ནས་མཛེས་པའོ།། ཡོང་སུ་སྨྲ་བས་ནི་སྨྲས་པོའོ།། ངན་པ་ནི་སྨད་པར་བྱ་བའོ།། ནོར་ལ་སོགས ་པ་གཟི་དང་བྲལ་བ་ཉིད་ཀྱི་ཕྱིར་ཐ་མའོ།། ཁྱད་པར་དུ་འཕགས་པོའི་གནས་དགོད་པའི་སྒོ་ནས་གདོན་པར་བཀའ་བ་ཉིད་ཡིན་པའི་ཕྱིར་གནོད་པའོ།། སྡིག་པ་བྱེད་པ་ལས་དཀའ་བས་བཟློག་པར་བྱ་བ་ཉིད་ཡིན་པའི་ཕྱིར་གནོད་པར་གྱུར་པའོ།། ་བཟའ་བ་ལ་སོགས་པ་ཆུང་བ་ཉིད་ཀྱི་ཕྱིར་བཟའ་བཏུང་མི་འབྱོར་པའོ།། སྐྲ་སེར་ཞེས་བྱ་བ་ལ་སོགས་པ་ལ། གང་དག་གི་སྒྲ་ངོ་བོ་ཉིད་ཀྱིས་ཡུང་གིས་ཁ་སྒྱུར་བ་ལྟ་བུ་དེ་དག་ནི་སྐྲ་སེར་དག་ཡིནོ།། གང་དག་གི་སྐྲ་སང་གེའི་ལྟ་བུ་ཡོད་པ་དེ་དག་ནི་སྐྲ ་སེར་སྐྱའོ།། གང་དག་གི་སྒྲ་ངོ་བོ་ཉིད་ཀྱིས་རིམས་ཀྱིས་ཁ་སྒྱུར་བ་ལྟ་བུ་ཡོད་པ་དེ་དག་ནི་སྒྲ་ལྗང་ཁུ་དག་ཡིནོ།། གང་དག་གི་སྐྲ་སྐྱེས་པ་ཁོ་ན་ནས་དཀར་པོར་ཡོད་པ་དེ་དྲག་ནི་སྐྲ་དཀར་བ་དག་ཡིན་ཏེ། ཕྱིས་སྐྲ་དཀར་དུ་གྱུར་པ་ཉིད་ནི་མ་ཡིནོ།། གང་དག ་གི་སྐྲ་གླང་པོ་ཆེ་ལྟ་བུ་ཡོད་པ་དེ་དག་ནི་གླང་ཆེན་སྐྲ་འདྲ་དག་ཡིན་ནོ།། གང་དག་གི་མགོ་ཟངས་མའི་བུམ་པ་ལྟར་འཇམ་ཞིང་སྐྲ་མེད་པོ་དེ་དག་ནི་སྐྱེ་མེད་དག་ཡིནོ།། གང་དག་གི་མགོ་ལ་སུལ་ཆེན་པོ་གསུམ་མམ་བཞི་ཡོད་ལ། གང་དག་གིས་འབར་འབུར ་ངོན་པར་དེ་དག་ནི་མགོ་འབར་འབུར་ཅན་དག་ཡིནོ།། གང་དག་གི་མགོ་ལ་བལྟོས་ནས་མགོའི་ཚད་ཤིན་ཏུ་ཆེ་བར་མངོན་པའི་ཕྱིར་གླང་པོ་ཆེ་ཡིནོ།། གང་དག་གི་ལུས་ཤིམ་ཏུ་སྦོམ་པ་ལ་སུ་མི་རུང་བ་ནི་ཧ་ཅང་སྦོམ་པའོ།། ལུས་གླེགས་པ་འདྲ་བ ་ཞེས་བྱ་བ་ནི། གང་དག་གི་ལུས་འབྲས་ཀྱི་སྲུགས་དང་འདྲ་བར་ལྟེ་བ་ལེབ་པོར་འདུག་པ་སྟེ། དཔེར་ན་འབྲས་ཀྱི་སྲུགས་གཏུན་ཤིང་གིས་བརྡུངས་པ་ནུ་ལེབ་ལེབ་པོར་འགྱུར་ཞིང་རྔམས་སྲབ་པ་ཉིད་དུ་འགྱུར་བ་དེ་དག་ལ་སྲུགས་ལེབ་ཅེས་བརྗོད་དོ།། དེ་དང ་འདྲ་བར་དེ་དག་གི་ལུས་སམ་མགོ་ཡང་དེ་དང་འདྲའོ།། གང་དག་གི་མགོ་བོང་བུ་དང་ཕག་གི་མགོ་འདྲ་བ་དེ་དག་ནི་བོང་བུ་དང་ཕག་གི་མགོ་ལྟ་བུ་ཡི་ནོ།། གང་དག་ལ་མགོ་གཉིས་ཡོད་པ་དེ་དག་ནི་མགོ་གཉིས་པ་དག་ཡི་ནོ།། གང་དག་ལ་དཔྲལ་བ་ཡིན ་ཆད་མཚོགས་མ་མེད་པ་དེ་དག་ནི་མགོ་ཆུང་ཡིན་ལ། ཁ་ཅིག་ནི་མགྲིན་པ་ཡན་ཆད་མེད་དེ་བྲང་ལ་སྣ་ལ་སོགས་པ་ཡོད་པའི་ཕྱིརརོ།། ཞེས་བརྗོད་དོ།། གང་དག་གི་རྣ་བ་གླང་པོ་ཆེའི་འདྲ་བ་དེ་དག་ནི་གླང་ཆེན་རྣ་འདྲ་དག་ཡི་ནོ།། གང ་དག་གི་རྣ་བ་རྟའི་རྣ་འདྲ་བ་ཡོད་པ་དེ་དག་ནི་རྟ་རྣ་འདྲ་བ་ཡི་ནོ།། གང་དག་གི་རྣ་བ་ལང་དང་སྤྲེའུའི་འདྲ་བ་ཡོད་པ་དེ་དག་ནི་བ་འདི་རྣ་སྐྱེ་རྣ་འདྲ་བ་དག་ཡིནོ།། གང་དག་གི་རྣ་བ་བོང་བུ་དང་ཕག་དང་འདྲ་བ་ཡོད་པ་དེ་ནི་བོང་བུ་རྣ་དྲ་ཕས་ཟླ་འདྲ་བ་དག་ཡིནོ།། གང་དག་ལ ་རྣ་བ་གཅིག་ཡོད་པ་དེ་དག་ནི་རྣ་གཅིག་པ་དག་ཡི་ནོ།། གང་དག་ལ་རྣ་བ་མེད་པ་དེ་དག་ནི་རྣ་མེད་དག་ཡིནོ།། གང་དག་གི་མིག་ཅན་དན་དམར་པོ་ལྟར་དམར་བ་དེ་དག་ནི་མིག་དམར་བ་དག་ཡིནོ།། གང་དག་གི་མིག་ཚད་ལས་ཤིན་ཏུ་འདས་ཏེ་ཚུལ་དང ་མཐུན་པ་མ་ཡིན་པ་དེ་དག་ནི་ཧ་ཅང་མིག་ཆེ་བ་དག་ཡིནོ།། གང་དག་གི་མིག་ཤིན་ཏུ་ཆུང་ཞིང་ཟླུམ་པོར་ཡོད་པ་དེ་དག་ནི་མིག་ཆུང་བ་དག་ཡིན་ནོ།། ཁ་ཅིག་ནི་གང་དག་གི་མིག་ལྤགས་ཤིན་ཏུ་དམར་ལ་རྫི་མ་མེད་པར་གྱུར་པ་དེ་དག་གི་མིག་ཚིག་པ ་ཞེས་བརྗོད་དོ།། གང་དག་གི་མིག་ལ་ཁ་དོག་དམར་པོ་དང་སེར་པོ་འདྲེན་མར་ཡོད་པའི་ཕྱིར་དེ་དག་གི་མིག་ནི་ཧ་ཅང་སེར་བ་དག་ཡིན་ནོ།། གང་དག་གི་མིག་ནོར་བུ་མཆིང་བུ་ལྟར་འཚེར་བ་དེ་དག་ནི་ཤེལ་མིག་དག་ཡིནོ།། གང་དག་གི་མིག་ཆུའི་ཆུ་བུར ་ལྟར་ཕྱི་རོལ་ཏུ་རློ་བར་གྱུར་པ་དེ་དག་ནི་མིག་ཆུ་བུར་ལྟ་བུ་དག་ཡིནོ།། གང་དག་གི་སྐྱེས་པ་ཉིད་ནས་མིག་གཅིག་ལས་མེད་པ་དེ་དག་ནི་མིག་གཅིག་པ་དག་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཞར་བ་ལ་སོགས་པ་ལས་ལོག་ཤིག་ཏུ་རྣམ་པར་བཞག་པ ་ཡིནོ།། གང་དག་ལ་མིག་མེད་པ་དེ་དག་ནི་མིག་མེད་པ་དག་ཡིནོ།། གང་དག་ལ་སྣ་གླང་པོ་ཆེ་ལ་སོགས་པ་དང་འདྲ་བ་ཡོད་པ་དེ་དག་ནི་གླང་ཆེན་ལ་སོགས་སྣ་འདྲ་ཡི་ནོ།། གང་དག་ལ་སྣའི་སྦུབས་གཅིག་ཡོད་པ་དེ་དག་ནི་སྣ་སྦུབས་གཅིག་བདག་ཡིནོ།། ་གང་དག་ལ་ཀོས་ཀོ་གླང་པོ་ཆེའི་འདྲ་བ་ཡོད་པ་དེ་དག་ནི་གླང་ཆེན་ཀོས་འདྲ་བ་དག་ཡིན་ཏེ། དེ་བཞིན་དུ་རྟ་ཀོས་འདྲ་ཞེས་བྱ་བ་ལ་སོགས་པ་ཡང་རིག་པར་བྱའོ།། གང་དག་ལ་ཀོས་ཀོ་གཡས་པ་འམ། གཡོན་པ་གཅིག་ཁོ་ན་ཡོད་པ་དེ་དག་ནི་ཀོ་ས ་སྨྱུང་དག་ཡི་ནོ།། གང་དག་ལ་ཀོས་ཀོ་མེད་པ་དེ་དག་ནི་ཀོས་ཀོ་མེད་པ་དུག་ཡི་ནོ།། གང་དག་གི་སོ་གླང་པོ་ཆེ་འདྲ་བ་དེ་དག་ནི་གླང་ཆེན་སོ་འདྲ་དག་ཡིནོ།། རྟ་སོ་འདྲ་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་དུ་རིག་པར་བྱའོ།། གང་དག་གིས་མགུལ་ཧ་ཅང ་རིང་ཆེས་པ་དེ་དག་ནི་མགུལ་རིང་ཆེས་པའོ།། གང་དག་ལ་མགུལ་མེད་ཅིང་མགོ་ཕྲག་གོང་ལ་འབྱུང་བ་དེ་དག་ནི་འཛིང་ནུབ་དག་ཡི་ནོ།། གང་དག་གི་མིག་མགོ་བོའི་མདུན་དུ་གུབས་ཉིད་ཀྱི་ཕྱིར་ཕྲག་པའི་ཕྱོགས་དང་མཉམ་པར་གྱུར་པ་དྲི་དག་ནི ་ཕྲག་མིག་དག་ཡིནོ།། ཡང་ན་གང་དག་གི་མིག་ཕྲག་པའི་ཕྱོགས་ཁོ་ན་ལ་ཡོད་པ་དེ་དག་ནི་ཕྲག་མིག་ངག་ཡི་ནོ།། མི་སྡུག་པར་རབ་ཏུ་སྐུར་བ་ནི་ཆེས་སྒྱུར་བ་དག་ཡིནོ།། གང་དག་གི་ཕོ་མཚོན་ཆད་པ་དེ་དག་ནི་ཕོ་མཚན་ཆད་པ་དག་ཡིན་ཏེ། སྐྱེས ་པའི་གཅི་བ་འབྱུང་བའི་གནས་ལ་ཕོ་མཚན་ཞེས་བྱའོ།། གང་དག་གི་རླིག་པ་རླུང་གིས་རླུགས་པར་གྱུར་པ་དེ་དག་ནི་རླུགས་པ་དག་ཡིན་ནོ།། གང་དག་ལ་རླིག་པའི་འབྲས་བུ་གཅིག་ཁོ་ན་ཡོད་པ་དེ་དག་ནི་རླིག་གཅིག་པ་དག་ཡིནོ།། གང་དག་ལ ་ལ་རླིག་པ་མེད་པ་དེ་དག་ནི་རླིག་མེད་དག་ཡིན་ནོ།། ཚད་ལས་ཤིན་ཏུ་འདས་པ་དག་ཡིན་པས་ན་ཧ་ཅང་རིང་བའོ།། ཧ་ཅང་ཐུང་བ་ཤིན་ཏུ་འབོལ་བུ་ཐུང་དུ་གྱུར་པ་ཡིནོ།། སྐྱེམ་པོ་ནི་ལུས་སྐམས་པར་གྱུར་པ་དག་ཡིནོ།། གང་དག་ལ ་འབྱུང་རྩོལ་ཆུང་ངུས་ཀྱང་དབུགས་རྩེགས་པ་ལ་སོགས་པའི་སྐྱོན་འབྱུང་བར་འགྱུར་བ་ཡོད་པ་དེ་དག་ནི་མ་འོངས་པར་ངལ་སྐྱེན་པ་ཞེས་བྱའོ།། ངལ་བ་ནི་ཆད་པའི་རྣམ་གྲངས་ཉིད་ཡིན་པའི་ཕྱིར་ལས་ཅུང་ཟད་ཀྱང་བྱེད་པར་མི་བཟོད་ཅེས་བྱ་བའི་ཐ ་ཚིགོ།། ཚོ་ཞེས་པའི་ཚིལ་གྱིས་ནོན་པར་གྱུར་པ་ཉིད་ཡིན་པའི་ཕྱིར་ཧོ་ཅང་སྦོམ་པོར་གྱུར་པའོ།། ཤ་མདོག་ཁ་དོག་རྣམ་བཞི་དང་ཞེས་བྱ་བ་ནི་སྔོན་པོ་དང་། སེ་པོ་དང་། ཡཱ་ཧོ་དག་དཀར་པོ་དག་ཡིན་ཏེ། ཁ་དོག་གི་བྱེ་བྲག་སྨད་པར་བྱ་བ་གང་ཡིན་པ་དེ་དག་འདིར ་བཀག་པ་ཡིན་གྱི། ལྷ་རྣམས་ཀྱི་གཟུགས་མཛེས་པ་ལྟ་བུ་དོག་ནི་མ་ཡིན་ནོ།། གྱོལ་པོ་ནི་རྐང་པ་ཆག་པ་དག་གུམ་རྐང་པས་ལ་དྲུད་པ་དགྲ་ཡིན་ནོ།། གང་དག་གི་རྐང་པ་གཉིས་ཤིན་ཏུ་མདངས་ཏེ་འགྲོ་བ་དེ་དག་ནི་ལུས་ཉམས་པ་དག་ཡིནོ།། ཡང ་ན་གང་དག་གི་རྐང་པ་གཉིས་གཅིག་གི་སྟེང་དུ་ཅིག་འདོར་ཞིང་འགྲོ་བ་དེ་དག་ལ་ལུས་ཉམས་པ་དག་ཡིནོ།། མཛེས་པར་བྱ་ཞེས་བྱ་བ་འདིས་ནི་ལུས་ཡོངསུ་དག་པརོ།། ཡོངསུ་དག་པ་ཞེས་བྱ་བ་འདིས་ནི་ལས་དག་པ་བསྟན་པ་ཡི་ནོ།། ལུས ་ཡོངསུ་དག་པ་དང་ལས་ཡོང་སུ་དག་པ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་གཉི་ག་ངག་ལ་གཉི་ག་སྦྱར་བར་བྱ་བ་ཡིན་ཏེ། ཡོང་སུ་དག་པ་དང་མཛེས་པར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག།། བདེན་པའི་མཚན ་གང་ཡིན་པ་དེ་ནི་བདེན་པའི་མཚན་ཏེ་དངོས་པོ་ཐམས་ཅད་ཐུགསུ་ཆུད་པའི་ཕྱིར་སངས་རྒྱས་ཡིནོ་ཞེས་བྱ་བའི་དབང་དུ་བྱས་ནས་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ།། གཏམ་འདྲེས་པ་ནི་རྒྱུན་མི་འཆད་པར་མཛའ་བའོ།། ཕེབས་པར་སྨྲ་བ་ནི ་འབྲིང་དུ་མཛའ་བའོ།། སྨོས་དྲིན་ནི་དེ་ཡོངསུ་ཤེས་པར་གྱུར་པའོ།། འགྲོགས་བཤེས་ནི་ལམ་གཅིག་ཏུ་འགྲོ་བ་ལ་སོགས་པས་ཤིན་ཏུ་མཛའ་བ་སྐྱེས་པར་གྱུར་པའོ།། དགེ་འདུན་གྱིས་དྲགེ་འདུན་བསྙེན་པར་རྫོགས་པ་ཞེས་བྱ་བའི་ཚིག ་འདིས་ནི་གསལ་པོར་འགལ་བ་བརྗོད་པ་ཡིན་ཏེ། གལ་ཏེ་དགེ་འདུན་གྱིས་དགེ་འདུན་བསྙེན་པར་རྫོགས་པར་བྱེད་པ་དེའི་ཚེ་བསྙེན་པར་རྫོགས་པ་དག་བསྙེན་པར་རྫོགས་པ་མི་སྐྱེ་ཤིང་བསྙེན་པར་རྫོགས་པར་བྱེད་པ་ཡང་འགྲལ་ཚབས་ཅན ་དུ་འགྱུར་རོ།། འདི་ལྟར་གང་སྔར་འོངས་པ་ཞེས་བྱ་བ་ལ། གད་འགའ་ཞག་སྔར་འོངས་པར་གྱུར་པ་དེས་རྙེད་པ་སྔར་བླང་བར་བྱ་བ་ཡིན་ལ་ལས་ཕྱིས་བསྐོ་བར་བྱ་བ་ཡིན་ནོ།། དྲན་པ་ཉམས་པར་བྱས་པ་སྟེ། གང་དྲག་ལྀ་ལས་བྱ་བའི་དུས་སུ་དྲན་པ ་རིལས་ཅུང་ཟད་སྐྱེ་བར་མི་འགྱུར་བ་ཡི་ནོ།། ག་དག་གིས་སྐྱེས་པར་གྱུར་ཀྱང་ཉམ་ཆུང་བར་གྱུར་པ་དེ་དག་ནི་དྲན་པ་ཞན་པོ་ཡི་ནོ།། གྲོང་ཁྱེར་ཆེན་པོ་དྲུག་ནི་འདི་ལྟ་སྟེ། གྲོང་ཁྱེར་ཙམ་པ་དང་། བློང་ཁྱེར་ཝ་ར་ཎཱ་སེ་དང་། རྒྱ་ལོ་པོའི་ཁབ་དང་། ཡང ་པ་ཅན་དང་། མཉན་ཡོད་དང་། སེར་སྐྱ་དག་ཡིན་ནོ།། སེམས་ཀྱིས་ཆེན་པོ་ཉིད་དུ་འཛིན་པ་ཡིན་པའི་ཕྱིར་བཀུར་སྟིར་བྱས་པའོ།། བླ་མར་བྱས་པ་ཞེས་བྱ་བ་ནི་ལུང་འབོགས་པའི་སྒོ་ནས་བླ་མའི་གནས་སུ་གྱུར་པ་ཡིནོ།། རི་མོར་བྱས་ཞེས་བྱ ་བ་ནི་སྐྱེ་བོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གནས་བཞག་པར་གྱུར་པ་ཡིནོ།། མཆོད་པར་བྱས་ཞེས་བྱ་བ་ནི། ལུས་བཏུང་ནས་ཕྱག་བྱས་པ་ལ་སྩོགས་པས་སོ།། གང་དག་གིས་ཤེས་ན། རྒྱུ་ལྟ་བྷྱོ་ཞེས་བྱ ་བ་ལ་སོགས་པ་སྨོས་པ་ཡོན་ཏེ། རྒྱལ་པོ་ནི་དབང་བསྐུར་བར་གྱུར་པའོ།། གང་གི་ཚང་རྒྱལ་པོ་དང་འདྲ་བ་ཙམ་དུ་གྱུར་པ་གོང་ཡིན་པོ་དེ་ནི་རྒྱལ་པོ་དང་འདྲ་བ་ཙོམ་མོ།། རྒྱལ་པོའི་བློན་པོ་ནི་བློན་པོ་དམ་པ་འམ་རྒྱལ་ཚ་བོ་ཡིནོ།། ཁྱིམ ་བདག་ནི་གང་ཞིག་རྟག་ཏུ་མགོན་མེད་པ་དག་ལ་ཟས་སྦྱིན་པ་སྦྱིན་པར་བྱེད་པ་སྟེ། དཔེར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟ་བུའོ།། གྲོང་བརྡལ་གྱི་གཙོ་བོ་ལ་འདིར་གྲོང་བརྡལ་གྱི་མི་དང་། ལྗོངས་ཀྱི་མི་གཙོ་བོ་ལ་ལྗོངས་ཀྱི་མིར ་འདོད་དོ།། བྱེ་བ་ཕྲག་བརྒྱའི་དབང་ཕྱུག་ཡིན་པས་ན་ནོར་ཅན་ནོ།། ཚོང་དཔོན་ནི་ཚོང་པའི་གཙོ་བོར་གྱུར་པའོ།། དེད་དཔོན་ནི་གང་གི་ཡུལ་ནས་ཡུལ་གཞན་དུ་དོན་མཐུན་དང་པར་བྱེད་པའོ།། བརྙེས་པ་ཡང་བཅོམ་ལྡན་འདས་ཀྱིས་ཆོས་གོས ་ལ་སོགས་པ་རྙེད་པར་གྱུར་པའོ།། ཡུན་རིང་པོ་ཤིག་ལས་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་གོམས་པ་རྩོམ་པ་ལ་སོགས་པ་ནས་སོ།། རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་ཅེས་བྱ་བ་ལ་རྫོགས་བྱེད་ཅེས་བྱ་བ་ནི་མིང་ཡིན་ལ། འོད ་སྲུངས་ཞེས་བྱ་བ་ནི་རྒྱུད་ཡི་ནོ།། ཀུན་ཏུ་རྒྱུ་ཞེས་བྱ་བ་ནི་མིང་ཡིན་ལ། གནག་ལྷས་ཀྱི་བུ་ཞེས་བྱ་བ་ནི་རྒྱུད་ཡིན་ནོ།། ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་ཡང་མིང་ཙམ་ཡིན་ལ། སྨྲ་འདོད་ཀྱི་བུ་མོའི་བུ་ཞེས་བྱ་བ་ནི་རྒྱུད་ཡིནོ།། མི་ཕམ ་ཞེས་བྱ་བ་ནི་མིང་ཡིན་ལ། སྒྲའི་ལྭ་བའི་ཆ་ལུགས་འཛིན་པ་ཉིད་ཀྱི་ཕྱིར་སྒྲའི་ལ་བ་ཅན་ནོ།། ནོག་ཅན་ཞེས་བྱ་བ་ནི་མིང་ཡིན་ལ། ཀཱ་ཏྱཱ་ཡའི་བུ་ཞེས་བྱ་བ་ནི་རིགས་ཡིནོ།། གཅར་བུ་པ་ཞེས་བྱ་བ་ནི་དཀའ་ཐུབ་ཀྱི་རིགས་ཅན་འགའ ་ཞིག་གི་མིང་ཡིན་ལ། གཉེན་གྱི་བུ་ཞེས་བྱ་བ་ནི་རིགས་ཡིནོ།། ཐམས་ཅད་མཁྱེན་པ་མ་ཡིན་པའི་ངོ་བོ་ཉིད་ཀྱིས་ལོག་པའི་ང་རྒྱལ་ཡོད་པའི་ཕྱིར་བདག་ཐམས་ཅད་མཁྱེན་པ་ཡིནོ་ཞེས་དེ་ལྟར་རློམ་སེམས་པ་དག་ཡིན་ནོ།། ་གནས་པ་ཞེས་བྱ་བ་ནི་དེ་ནས་བསོད་སྙོམས་ལ་སོགས་པ་ཚོལ་བར་བྱེད་པའི་ཕྱིར་རོ།། མིའི་ཆོས་ལས་བླ་མར་གྱུར་པ་ཞེས་བྱ་བ་ནི་མིའི་ཆོས་ཐོ་མལ་པ་ལས་ཁྱད་པར་དུ་འཕགས་པ་ཉིད་ཡིན་པའི་ཕྱིར་མངོན་པར་ཤེས་པ་ལ ་སོགས་པ་ནི་མིའི་ཆོས་ལས་བླ་མར་གྱུར་པ་ཡིནོ།། གང་ཞིག་མིའི་ཆོས་ལས་བླ་མར་གྱུར་པའི་རྒྱུ་མཚན་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེས་བདག་གིས་དགུག་པ་སྟེ། བདག་གིས་མངོན་པར་སྦྱར་བར་བྱའོ།། རྫུ་འཕྲུལ་དང་ལྡན་པ་ཞེས་བྱ་བ་ནི ་སྙོམས་པར་འཇུག་པ་མངོན་པར་བསྒྲུབས་པའོ།། ཤེས་པ་སྨྲ་བ་ཞེས་བྱ་བ་ནི་བདག་ལ་ཤེས་པ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་ཡོད་དོ་ཅེས་སྨྲ་བའི་ངང་ཚུལ་ཅན་ཡིནོ།། བདག་ཉིད་སོམས་པོ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་གྱིས ་པ་ཡིན་གྱི་དོན་དམ་པ་ནི་མ་ཡིནོ་ཞེས་བྱ་བའི་ཐ་ཚིགོ།། ལམ་གྱི་ཕྱེད་ཅེས་བྱ་བ་ལ་སོགས་པ་ལ་བདག་ཉིད་ཀྱིས་གཙུག་ལག་ཁང་ལས་དེ་ལམ་ཕྱིང་དུ་ཤོག་ཅིག། བདག་ཉིད་ཀྱང་རང་གི་གནས་ཁང་ལས་ལམ་ཕྱེད་དུ་མཆིས ་དེའི་གན་དུ་བདག་དང་དེའི་གཙུག་ལག་ཁུང་དང་བདག་གི་གནས་ཁང་དུ་ཡང་མྱི་འོང་ངོ་ཞེས་བྱ་བའོ།། རོ་དང་འདྲ་བ་ཞེས་བྱ་བ་ལ། འཕགས་པའི་ལམ་གྱི་འཚོ་བའི་ཐབས་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། ་ཡིན་པ་འམ་བཅོམ་ལྡན་འདས་ཀྱི་ཐད་ལས་ཁྱོད་རོ་དང་འདྲ་བ་ཡོན་ཏན་མེད་པའི་ཕྱིརརོ་དང་འདྲ་བ་ཡིནོ།། གཅིག་ཏུ་ཞེས་བྱ་བ་ནི་གཅིག་ཏུ་མངོན་པར་དད་པ་འཁྲུལ་པ་མེད་པའོ།། ཚར་བཅད་པའི་ཕྱིར་ཞེས་བྱ་བ་ནི་ཟིལ་གྱིས ་མནན་པར་བྱ་བའི་ཕྱིརརོ།། ཀུན་དགའི་ཕྱིར་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་དང་ལྡན་པར་བྱ་བའོ།། སྐྱེ་བོ་དམ་པ་ནི་འདིར་ཐར་པའི་ཆ་དང་མཐུན་པ་ལ་ཕན་པ་ཡོད་པ་ཡིན་པར་འདོད་དོ།། མགུ་བའི་ཕྱིར་ཞེས་བྱ་བ་ནི། ཀུན་ཏུ་མགུ་བ་དང ་ལྡན་པར་མཛད་པོར་རོ།། དགེ་བ་རྣམས་ནི་བཅོབ་པར་བྱའོ་ཞེས་བྱ་བ་ལ། དགེ་བའི་ཡོན་ཏན་གྱི་རྣམ་གྲངས་ཡི་ནོ།། དེའི་དོན་ནི་འདི་ཡིན་ཏེ། ཐམས་ཅད་དུ་ཡོན་ཏན་བཅབ་པར་བྱ་བ་མ་ཡིན་ཏེ། གང་གོ་ཕྱིར་ང་ཤཾ་དང་ཀ་པཱ་ལ་དག ་གི་ལྟ་བ་རྣམ་པར་དཔྱད་པར་བྱ་བའི་ཕྱིར་ཆོ་འཕྲུལ་བསྟན་པར་བྱའོ་ཞེས་གསུངས་པ་དང་། རྫུ་འཕྲུལ་གྱིས་འགྲོ་བ་རྗེསུ་གནང་བ་དང་། ཉེས་པ་ཐད་དུ་བསྒྲགས་པར་བྱ་བ་མ་ཡིན་ཏེ། འཇིག་རྟེན་མ་དད་པ་རྙེད་པར་འགྱུར་ན་མི་རུང་།། ། ་གང་དུ་ཡོན་ཏན་བསྒྲགས་པོར་བྱས་པར་གྱུར་ནི་ཕན་པ་ཆེན་པོ་འབྱུང་བར་མི་འགྱུར་བས་དེའི་ཚེ་གདོན་མི་ཟ་བར་ངག་པ་བཅབ་པར་བྱ་བ་ཡིན་པ་དང་། གང་གི་ཚེ་ཉེས་པ་བསྒྲགས་པ་ན་ཕ་རོལ་པོ་མི་དད་པ་སྐྱེ་བར་མི་འགྱུར། ་པ་དེའི་ཚེ་བསྒྲགས་པར་བྱ་བ་ཡིན་ལ། ཕ་རོལ་མ་དད་པ་སྐྱེ་བར་འགྱུར་ན་བསྒྲག་པར་བྱ་བ་མ་ཡིནོ་ཞེས་བྱ་བ་འདི་ཡི་ནོ།། སྔོན་དང་ཐ་མ་མ་ཡིན་པའི་སེམས་ཅན་ལ་ཞེས་བྱ་བ་ནི་གང་སྔོན་བྱང་ཆུབ་ཀྱི་སེམས་སྐྱེས་པ་དང་། བཅོམ་ལྡན ་འདས་མ་གཏོགས་པ་གཞོན་འགའ་ཞིག་བསྐྱེད་པའི་ནུས་པོ་མེད་པ་དེ་ལྟ་བུ་ལ་འདིར་སྔོན་དང་ཐ་མ་མ་ཡིན་པའི་སེམས་ཅན་དུ་འདོད་དོ།། དགེ་བའི་རྩ་བ་བསགས་པ་ཞེས་བྱ་བ་ནི་གང་ལ་བསྐོལ་པ་གྲངས་མེད་པ་གསུམ་དུ་གོམས་པ་ཡོངས ་རྫོགས་པ་ཡོད་པ་དེ་ལ་འདིར་དགེ་བའི་རྩ་བ་བསགས་པ་ཡིན་པར་འདོད་དོ།། ཇི་ལྟར་རིགས་པར་རྗེ་སུ་བསྒྲུབས་ཤིག་ཅེས་བྱ་བ་ནི་ཁྱོད་ཇི་ལྟར་འདོད་པ་དེ་བཞིན་དུ་མཛེས་པར་གྱིས་ཤིག་ཅེས་བྱ་བ་ཡིནོ།། སྐྲ་དཀར་དང་སྟོབས་མེད་པའི་ཕྱིར་རྒས ་པ་ཡི་ནོ།། དབང་པོ་ཡོངསུ་ཉམས་པའི་ཕྱིར་འཁོགས་པ་ཡི་ནོ།། ཡན་ལག་དང་ཉིང་ལག་ཐམས་ཅད་ལྡོག་པར་གྱུར་པ་ཉིད་ཀྱི་ཕྱིར་གཏུགསོ་པ་ཡི་ནོ།། འདི་ནི་དགྲ་བཅོམ་པའི་ཡོན་ཏན་དང་ལྡན་པ་ཡིནོ།། ཞེས་སྐྱེ་བོ་མང་པོ་བློ་མཐུན་པར་གྱུར་པ་ནི་དགྲ་བ ་པར་བློ་མཐུན་པ་ཡིནོ།། མཐུན་པར་ཚངས་པའི་རྒྱུ་མཚན་ལ་སྤྱོད་པ་ཡིན་པའི་ཕྱིར་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ནོ།། ཤིན་ཏུ་མི་འཐད་པ་ནི་རིགས་པ་མ་ཡིན་པའོ།། གཡོས་ཀུན་ཏུ་སྤྱོད་པས་ཞེས་བྱ་བ་ནི་འདིས་བདག་ཅག་གི་བསམ་པ ་ཤེས་པར་མ་གྱུར་ཅིག་ཅེས་བྱ་བའི་བཅོས་པའི་བསམ་པའོ།། ཟག་པ་ཟད་པ་མ་གཏོགས་པ་མངོན་པར་ཤེས་པ་ལྔ་གང་ལ་ཡོད་པ་དེ་ནི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ངག་ཡིན་ཏེ། དེ་ཡང་ལྷོའི་མིག་དང་། ལྷའི་རྣ་བ་དང་། རྫུ་འཕྲུལ་གྱི་ཡུལ་དང ་སྔོན་གྱི་གནས་དང་། འཆི་འཕོ་དང་སྐྱེ་བ་དག་ཡི་ནོ།། རིའི་ཕྲག་ནི་རི་སྐྱབས་ཅན་ནོ།། དེ་དག་གིས་ཇི་ལྟར་ན་ཉི་མ་བདུན་གྱིས་ས་འདི་ཙམ་བསྐོར་བར་ནུས་ཤེ་ནཱ། འདིར་ཁ་ཅིག་ནི་བདུད་ཀྱི་སྟོབས་ལ་ཞེས་བརྗོད་པར་བྱེད་ལ། ་གཞན་དག་ནི་རྐང་མགྱོགས་ཀྱི་སྨན་གྱི་སྟོབས་ལ་ཞེས་བརྗོད་པར་བྱེད་དོ།། མཛའ་བ་དང་མི་མཛའ་བ་དང་ཐ་མལ་པའི་ཞེས་བྱ་བ་ལ། འཇིག་རྟེན་པ་ཐམས་ཅད་ལ་ཕྱོགས་གསུམ་ཡོད་པ་ཡིན་ཏེ། འདི་ལྟར་མཛའ་བོའི་ཕྱོགས་དང་། མི་མཛའ་བའི ་ཕྱོགས་དང་། འ་མལ་པའི་ཕྱོགས་ཞེས་བྱ་བའོ།། བདེན་པའི་ཚིག་གསོལ་ཅིག་ཅེས་བྱ་བ་ནི་བདེན་པ་སྔོན་དུ་སོང་བ་ཅན་གསོལ་བ་སྟེ་དོན་དུ་གཉེར་བར་བྱེད་པ་ཡིནོ།། དབུགས་ཕྱུང་བ་ཞེས་བྱ་བ་ནི་དེ་དག་ཡིད་ཆེས་པ་སྐྱེས་པར་གྱུར་པའོ།། བདེན་པའི་ཚིག ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། བདེན་པ་སྨོས་པས་བཅད་མ་ཐག་པའི་ཚིག་དངོས་པོ་ལ་གནས་པའི་བདེན་པ་ཉིད་བསྟན་པ་ཡིན་ལ། བདེན་པོའི་ཚིག་སྨོས་པས་ནི་མི་ལས་ཡོདོན་པ་ཉིད་དུ་བསྟན་པ་ཡིན་ནོ།། གཟུགས་མེད་པ་ནི་གཟུགས ་མེད་པ་གསུམ་ལས་སྐྱེས་པ་ཡིནོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་ཞེས་བྱ་བ་ནི་སྲིད་པའི་རྩེ་མོར་སྐྱེས་པ་ཡིན།། འདུ་ཤེས་མེད་པ་ཞེས་བྱ་བ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པས་འདུ་ཤེས་ཡང་དག་པ་བསལ་བ་ཡིནོ།། ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་དོན་དམ་པའི་མྱ་ངན་ལས་འདྲ་བ་ཡིནོ།། ཐར་པའི་ཐབས་ཁས་བླངས་པ་སྔོན་དུ་སོང་བ་ཅན་གྱི་མཐུན་པས་འདུས་པ་ནི་དགེ་འདུན་དག་ཡིནོ།། འདི་ལྟར་འགའ་ཞིག་ཏུ་བློ་མི་བསྟན་པས་འདུས་པ་ནི་ཚོགས་དག་ཡིནོ།། ། ་རིགས་མཐུན་པས་བསྡུས་པ་ནི་འདུས་པ་དག་ཡིནོ།། མང་པོ་དག་གི་ནང་ནས་འགའ་ཞིག་ཤེས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སློབ་མ་ཉིད་དུ་འདུས་པ་ནི་འཁོར་ཡི་ནོ།། ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ནི་རང་བཞིན་གྱི་ཁ་ན་མ ་ཐོ་བ་དང་། བཅས་པ་ལས་ལྡོག་པའི་རང་བཞིན་ལ། བརྟུལ་ཞུགས་ནི་དུས་མ་ཡིན་པའི་ཟས་ལ་སོགས་པ་བཅས་པོའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་ལྡོག་པ་ཡིནོ།། དེ་དག་གིས་ལུས་གདུང་བར་བྱེད་ཅིང་མེ་ལྔ་བསྟེན་པ་ལ་སོགས་པ་ལུས་གདུང ་བར་བྱེད་པའི་ཕྱིར་དཀའ་ཐུབ་ཡིནོ།། ཚངས་པར་སྤྱོད་པ་ལ་གནས་པ་ནི་མི་ཚངས་པར་སྤྱོད་པ་འབའ་ཞིག་ལས་ལྡོག་པར་གྱུར་པའོ།། འཕགས་པའི་དགྱེས་པའི་ཞེས་བྱ་བ་ནི་ཟག་པ་མེད་པའི་འོ།། བདེན་པའི་ཚིག་གསོལ་བ་དེའི་ཡན་ལག་དང་ཉིང་ལག ་ཇི་ལྟར་སྔོན་ཇི་བཞིན་དུ་གྲུབ་པར་གྱུར་ཏོ་ཞེས་བྱ་བ་དེ་ཇི་ལྟར་རིགས་ཏེ། རྣམ་པར་སྨིན་པོ་ལས་སྐྱེས་པའི་ལུས་ཞིག་ནས་ཡང་སྐྱེ་བ་མི་སྲིད་པའི་ཕྱིར་ཞེ་ན། འདི་ལ་ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བདེན་པའི་ཚིག་གི་སྟོབས་དང་རྒྱུ ་མཐུན་པའི་འབྱུང་བ་ཆེན་པོ་བཞི་པོ་དག་གིས་ལུས་ཀྱི་དབང་པོ་དེ་ཡན་ལག་དང་ཉིང་ལག་རབ་ཏུ་བསྐྱེད་པ་ཡིནོ་ཞེས་བརྗོད་ལ། ཁ་ཅིག་ནི་སངས་རྒྱས་རྣམས་ཀྱི་དམིགས་པའི་ཁྱད་པར་ནི་བསམ་གྱིས་མི་ཁྱབ་པ་ཡིན་པ་དེའི་ཕྱིར་བཅོམ་ལྡན ་འདས་ཀྱིས་རྫུ་འཕྲུལ་གྱིས་བྱས་པ་འདི་ལ་ངོ་མཚར་མེད་དོ་ཅེས་བརྗོད་པར་བྱེད་དོ།། ཅ་ཅོའི་སྒྲ་ནི་དགོད་པའི་རྣམ་པ་ཡིན་ཏེ། ཅ་ཅོའི་སྒྲ་དབུག་སྒྲ་ཞེས་བྱ་བ་སྒྲ་ཆེར་སྒྲགས་པའོ།། འདི་ནས་ཐོས་མ་ཐག་ཏུ་བདེན་པ་མངོན་པར་རྟོགས་ནོས་ཞེས་བྱ་བ་ནི ་བདེན་པ་ཁོང་དུ་ཆུད་མ་ཐག་ཏུ་ཤིན་ཏུ་དབང་པོ་རྣོ་བ་ཉིད་ཀྱི་ཕྱིར་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་པ་ཡིནོ།། བར་དུ་ཞེས་བྱ་བ་ནི་གཙུག་ལག་ཁང་དང་ཐག་ཉེ་བར་ཀ་བ་བཞི་བསྒྲེང་སྟེ། སྟང་བླ་རས་ཕུབ་པ ་ནཱི་གོས་ཀྱིས་བླ་གུབ་ཅན་དུ་བྱས་པཱ་ལི་ནོ།། རྡོ་རྗེ་ལ་སོགས་པ་ལ་གསེར་ལས་བྱས་པའི་སྙིང་གེའི་ཁྲི་རྡོ་རྗེ་དང་། བཻ་ཌཱུརྱ་དང་། རིན་པོ་ཚ་ལ་སོགས་པས་བརྒྱན་པ་བཤམ་སོ།། གནོད་པ་ཆུང་ངམ་ཞེས་པ་བ་ལ་སོགས་པ་ལ་གནོད་པ་ནི་ཕྱི་རོལ ་གྱི་རྣམ་པར་འཚེ་བས་གཟོར་བ་ཡིནོ།། ཁ་ན་མ་ཐོ་བ་ནི་ལུས་ལས་སྐྱེས་པའི་ནོད་ཀྱིས་གཟིར་བའོ།། ཉམ་ང་པ་ནི་ཡིད་སྐྱོ་བའི་ནད་ཡིནོ།། བསྐྱོད་པ་ཡང་པོ་ན་ལུས་ཀྱི་བྱ་བ་ལེ་ལོ་མེད་པ་ཉིད་ཡིནོ།། འཆི་བ་ནི་བསོད་སྙོམས་ཀྱིས་གནས་པ་ཡིན།། ་སྟོབས་དང་ལྡན་པ་ནི་འཚོ་བའི་འབྲས་བུ་ནུས་པ་ཉིད་ཡིནོ།། བདེ་བ་ནི་ལུས་ཀྱི་ཡིནོ།། བདེ་བ་ལ་རེག་པར་གནས་པ་ནི་མངོན་པར་དགྱེས་པ་དང་བཅས་པ་གནས་པ་ཡིནོ།། གལ་ཏེ་ཇི་སྟེ་ཡང་རྣམ་པ་དེ་དག་གིས་ཁྱིམ་པ་དག་སོ་སོར་ཀུན་ནས་དགའ ་བར་འགྱུར་ལ། བཅོམ་ལྡན་འདས་ཀྱང་རི་མིར་བྱས་པ་དེས་དགྱེས་པར་འགྱུར་བ་ཁོ་ན་ཡིནོ།། ཡལ་ག་ནི་སྡོང་པོ་ལས་གྱེས་པ་ཡིན་ལ། ཡལ་ག་ཕྲ་མོ་ཡང་ཡལ་ག་ལས་གྱོས་པ་ཡིནོ།། དེས་རྒྱས་པ་ནི་ཡངས་པར་གྱུར་པའོ།། མངོན་པར ་འདུས་བྱས་པ་ཞེས་བྱ་བ་ནི་བྱས་པ་དང་བཅས་པར་རོ།། གཡོས་ཞེས་བྱ་བ་ལ་སོགས་པས་ནི་ཆུང་ངུ་དང་འབྲིང་དང་ཆེན་པོར་བསྟན་པ་ཡིནོ།། གནོད་པའི་གཏམ་ནི་ཧ་ཧའི་སྒྲ་འདོན་པ་འམ་སྒྲོགས་པར་བྱེད་པ་ཡི་ནོ།། འདི་ལ་ཡང་ཆུང་ངུ་ལ ་སོགས་པའི་དབྱེ་བ་ཤེས་པར་བྱའོ།། དྲང་སྲོང་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནས་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། ཉི་མ་ཤར་མ་ཐག་པ་ཞེས ་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཕྲལ་དུ་ཤར་མ་ཐག་པ་ནི་ཉི་མ་ཤར་མ་ཐག་པ་ཡིན་ལྀ། དེའི་འོད་ཀྱིས་མཛེས་པོའི་དཀྱིལ་འཁོར་གང་ཡིན་པ་དང་། གསེ་ར་བཙི་མའི་མདོག་ནི་གསེར་བཏུལ་བ་སྟེ་དྲི་མ་མེད་པ་དེ་བཏུབས ་པོཔཔོའི་དུམ་བུ་སྤུངས་ཤིང་ཕུང་པོར་བྱས་པ་གང་ཡིན་པ་དེ་དང་འདྲ་བར་དམར་བ་དག་ཡིནོ།། མེ་ཏོག་ཀུ་རན་ང་ཀཱའི་ཚོགས་དང་། ཨ་ཤོ་ཀའི་ཕུང་པོ་ལྟར་དམར་བ་ཡིནོ།། ཆུ་འཛིན་ཆུ་བཅས་ཀྱི་ཟབ་པའི་སྒྲ་དང་། རྒྱ་མཚོ་དང་། སྟོན ་ཀའི་ཁྱུ་མཆོག་དང་། རྔ་བོ་ཆེའི་སྒོ་ལྟར་གསུང་ཟབ་པ་ཡིན།། ཤིན་ཏུ་གསལ་བས་ན་རྣམ་པར་གསལ་བ་ཡིན་ལ། ཐོས་ན་བདེ་བ་ནི་རྣ་བའི་རྣམ་པར་ཤེས་པ་བདེ་བ་སྐྱེད་པར་བྱེད་པ་ཡིན་ཏེ། རྣམ་པར་གསལ་བ་དང་། ཐོས་ན ་བདེ་བ་དང་། སྙན་པོའི་གསུང་གྲང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ།། འོ་མའི་མཚོ་ནི་འོ་མའི་རྒྱ་མཚོ་ཡིན་ལ། དེའི་དབུ་བ་ནི་དབུ་བའི་ཕྲེང་བ་ཡིན་ཏེ། འོ་མའི་མཚོ་བུ་བོའི་ཕྲེང་བ་དང་འདྲ་བར་དཀར་བའི་མཛོད་སྤུ་ངེས་རྣམ་པར ་སྨྲས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། གྲངས་མང་པ་ནི་བས་བའི་ཕྱིར་མི་ནུས་པ་ཡན་ལ། གཞན་ལམ་མཐོང་བའི་ཕྱིར་ངོ་མཚར་ཡིན་ཞིང་བསམ་པར་བྱ་བ་མ་ཡིན་པའི་ནུས་པ་མངའ་བའི་ཕྱིར་བསམ་གྱིས་མི་ཁྱབ ་པ་ཡི་ནོ།། གནས་ནི་གྲངས་མེད་པ་ལ་སོགས་པའི་ཡོན་ཏན་གྱི་ཛྙཱ་ན་ཡི་ནོ།། སྲིད་པར་དགའ་བ་སྟེ་ཞན་པ་གང་ཡིན་པ་དང་། བདེ་བ་གང་ཡིན་པ་དང་། གཞན་གྱིས་བཀུར་སྟི་བྱས་པ་དེ་དག་ལ་རེ་བ་སྟེ། དེ་ལ་མངོན ་འདོད་ཅིང་ཆགས་པ་གང་ཡིན་པ་དེ་ཉིད་དྲི་མའི་འདུམ་དང་ཉེས་པ་ཡིན་ཏེ། ཉེས་པ་དེ་དང་བྲལ་བ་གང་ལྔ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དཔྱག་ཏུ་མེད་པའི་དུས་བསགས་པ་ཞེས་བྱ་བ་ནི་བསྐོལ་པ་གྲངས་མེད་པ་གསུམ་དུ ་བསགས་པ་ཡིནོ།། གང་ཞེ་ན། ཚོགས་ཞེས་བྱ་བ་སྨོས་ཏེ། ཚོགས་དེས་ཐོབ་པར་གྱུར་པའི་བླ་ན་མེད་པའི་ཡེ་ཤེས་དམ་པ་གང་ཡིན་པ་དེ་ཁོ་ན་རྒྱུན་ཡིན་པ་དེའི་ཕྱིར་སྙན་པའི་རྒྱན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ལྷའི་དབ ་པོ་བརྒྱ་བྱིན་དེའི་ཅོད་པན་ཏེ། ཅོད་པན་ལ་རིན་ཆེན་རྒྱན་བཏགས་པ་དེས་ཞབྱས་གཉིས་ལ་བྲོས་པར་གྱུར་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཅོད་པན་མཛེས་པར་བྱ་བའི་ཕྱིར་མཐའི་ཕྱོགསུ་གསེར་གྱི་ལྕུ་གུ་དང་། རིན་པོ་ཆེ ་འོད་གསོལ་བ་བཏགས་པ་ནི་རིན་པོ་ཆེའི་རྒྱན་གྱི་སྒྲོས་བརྗོད་པ་ཡིནོ།། མཆོད་པར་འོས་པ་སྟེ། མཆོད་པར་བྱ་བ་ལྷ་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལཱྀ་མངོན་པར་མཆོད་པ་ཡིན།། དེ་བཞིན་གཤེགས ་པ་ལ་རྒྱལ་པོ་ཆེན་པོ་བསྐུལ་བར་བྱེད་པ་གང་ཡིན། ཅིའི་ཕྱིར་བཅོམ་ལྡན་འདས་སྐུལ་བར་བྱེད་པ་ཞལ་གྱིས་བཞེས་པར་འགྱུར་ཞེ་ན། འདིར་སྨྲས་པོ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ང་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་རབ ་ཏུ་བསྟན་པའི་ཕྱིར་དོན་དུ་གཉེར་བ་མ་ཡིན་གྱི། གལ་ཏེ་སྐྱེས་བུ་གཙོ་བོ་འགའ་ཞིག་སྐུལ་བར་བྱེད་པ་དེའི་ཚེ་སེམས་ཅན་ལ་ཕན་འདོགས་པ་ཆེན་པོ་སྔོན་དུ་མཛད་ནས་ཆོ་འཕྲུལ་ཆེན་པོ་རྣམ་པར་བསྟན་པར་བྱའོ་ཞེས་བསྟན་པ ་དང་། སྐྱེས་བུ་དམ་པ་ནི་བསྐུལ་ནས་བྱ་བ་ཆེན་པོ་ལ་འཇུག་པར་འགྱུར་བ་ལྟར་བཅོམ་ལྡན་འོངས་སེམས་ཅན་ཐམས་ཅད་ཀྱི་དམ་པར་གྱུར་པ་དེའི་ཕྱིར་གཞན་གྱིས་བསྐུལ་བ་ཞལ་གྱིས་བཞེས་པ་ཡི་ནོ།། དོན་ནི་མངོན་པར་འདོད་། ་དོན་སྒྲུབ་པའི་ཕྱིརརོ།། ཕན་པ་ནི་འཇིག་རྟེན་གཉིས་དང་མི་འགལ་བའི་འབྲས་བུ་འབྱོར་པར་བྱ་བའི་ཕྱིརརོ།། བདེ་བའི་ཕྱིར་ཞེས་བྱ་བ་ནི་ཐར་པའི་བདེ་བ་བསྐྱེད་པར་བྱ་བའི་ཕྱི་རོ།། ཇི་ལྟར་སེམས་རྩེ་གཅིག་པའི་མཉམ་པར་བཞག་པ་ཐོབ་ནས ་ཉིད་ཀྱིས་གདུན་ལས་མི་སྣང་བར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་བཞིན་རིག་པར་བྱའོ།། བླ་ན་མེད་པའི་ཆོ་འཕྲུལ་ཆེན་པོ་ཞེས་བྱ་བ་ནི་ཆོ་འཕྲུལ་གང་ཞིག་དེ་བཞིན་གཤེགས་པ་མ་གཏོགས་པ་འཇིག་རྟེན ་ཐམས་ཅད་ཀྱིས་བསྐྱེད་པ་ཉིད་དུ་མི་ནུས་པ་དེ་ནི་དེ་བཞིན་གཤེགས་པའི་ཐུན་མོང་མ་ཡིན་པ་ཡིནོ།། ཤིང་རྟིའི་འཁོར་ལོ་ཙམ་ཞེས་བྱ་བ་ལ། ཤིང་རྟའི་འཁོར་ལོ་ཙམ་གྱིས་ནི་པདྨའི་གེ་སར་བསྟན་པ་ཡིན་ནོ།། སྡོང་བུ་ཞེས་བྱ་བ ་ནི་པདྨའི་ཡུ་བ་ཡིནོ།། དགོངས་པའི་སེམས་ཀྱིས་ཤེས་ནས་ཞེས་བྱ་བ་ནི་དུས་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྟོབས་ཀྱིས་དེ་དག་ཐམས་ཅད་ཀྱིས་དེ་ལྟར་བཅོམ་ལྡན་འདས་ཀྱི་ཐུགས་ཡོངསུ་ཤེས་པའི་ནུས་པ་དང་ལྡན་པའི་སོམས ་དང་ལྡན་པར་གྱུར་པའོ།། སངས་རྒྱས་ཀྱི་ཚོགས་ནི་མཛེས་པའི་རྒྱུ་ཡིན་ཏེ། དཔེར་ན་རྣ་བ་ལ་མེ་ཏོག་ལ་སོགས་པའི་ཚོགས་བཏགས་པ་བདེ་བ་དང་མཛེས་པ་བསྒྲུབ་པར་བྱ་བའི་དོན་ཡིན་པ་དེ་དང་འདྲ་བར ་ཕྱོགས་མཚམས་ཀྱི་སྒོ་ཐམས་ཅད་མཛེས་པ་འབྱོར་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་མཐར་ཐུག་པའི་བར་དུ་སངས་རྒྱས་ཀྱི་ཚོགས་སྤྲུལ་པ་མཛད་པ་ནི་ལྷ་དང་མི་དུ་མ་མཐོ་རིས་དང་ཐར་པ་ལ་བློ་འཇོག ་བྱེ་བའི་ཕྱིར་རོ།། བཀའ་ལུང་སྟོན་པ་ནི་འདིར་གཞན་ལ་ཡོན་ཏན་ཁྱོད་པར་ཅན་ཁོང་དུ་ཆུད་པ་བརྡའ་སྤྲོད་པ་ཡིན་ནོ།། མིག་མི་འཛུམས་པར་ཞེས་བྱ་བ་ནི་འབྱིང་པ་དང་འཛུམས་པ་སྤངས་པའི་མིག་གིས་བལྟ་བར་བྱེད་པའོ།། རྒྱུན། ་མོ་འཆད་པར་ཕྱག་འཆལ་པ་ཞེས་བྱ་བ་ནི་ལྡོག་པ་མེད་པར་སྦྱོར་བ་ལ་བརྩོན་པ་ཡིན་ནོ།། སྒྲ་འབྱིན་པ་ཞེས་བྱ་བ་ནི་རབ་ཏུ་དགའ་བར་འགྱུར་བའི་སེམས་ཀྱིས་རང་གི་རིས་དང་སྐལ་བ་མཉམ་པ་ལ་རབ་ཏུ་གྲོགས་པའི ་ཡིད་དུ་འོང་བའི་སྒྲ་སྒྲོགས་པར་བྱེད་པོའོ།། མཆོད་པ་ལྷག་པར་ཞོན་པ་བྱ་བ་ནི་མཆོད་པའི་རྒྱུ་མཚོན་ཡིན་ལ། སྤྲོ་བ་སྐྱེས་པ་ནི་ལསུ་བྱ་བ་ལའོ།། བསྐུལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གཞུག་པར་བྱ་བའི་ཕྱིར་རམ། སྤྲོ ་བ་བསྐྱེད་པར་བྱ་བའི་ཕྱིར་རོ།། བཅོམ་པར་བྱ་ཞིང་ཞེས་བྱ་བ་ནི་སྤྲོ་བའི་མོང་ཅན་གྱི་ཡིད་ལ་བྱེད་པའི་བྱ་བས་འབྱུང་བར་བརྩམ་པར་བྱ་བ་ཡིན་ནོ།། དབྱུང་བར་བྱ་ཞེས་བྱ་བོ་ནི་སྲེད་པོས་སྦྱར་བའི་ཕོངས་གོ་ཟེབ་ལོས་དབྱུང ་བར་གྱིས་ཤིག་པ་ཡི་ནོ།། བྱུང་ནས་ཇི་ཞིག་བྱ་བ་ཡིན་ཏེ་ཞེ་ན་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་ཉིད་ཅན་ལ་འཇུག་ཅིང་མངོན་པར་སྦྱར་བར་བྱ་བ་ཡིནོ།། ཁོ་བོ ་སྟེ་བདག་གི་འཆི་བའི་དགྲ་བའི་སྡེ་གཞོམ་ཞིང་བཅོམ་པར་བྱ་བ་ཡིན་ཏེ། གང་གི་ཕྱིར་ཉོན་མོངས་པའི་མིང་ཅན་གྱི་ཉོན་མོངས་པའི་སྡེའི་དབང་གིས་བདག་འཆི་བདག་གི་སྡེས་ཡང་དང་ཡང་དུ་ཕམ་པར་འགྱུར་བའི་ཕྱིརརོ།། ཅིའི་ཕྱིར ་འཆི་བདག་སྡེ་ཕམ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་སྦྱོར་བར་བྱ་བ་ཡིན་ཞེ་ན། སྨྲས་པ། གང་གི་ཕྱིར་གང་ཞིག་རབ་ཏུ་བག་ཡོད་པ་སྟེ་བག་མེད་པ་སྤངས་པས་ཆོས་འདུལ་བའི་ང་ལ་སྤྱོད་པར་འགྱུར་བའོ།། ཆོས ་ནི་ཡང་དགུ་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་པོ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པོའི་ཏིང་ངེ་འཛིན་ཡ་ནཱི་ལཱ། འདུལ་བ་ནི་ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི ་འཚོ་བ་ཡིནོ།། སྐྱེ་བའི་འཁོར་བ་སྟེ་རྒྱུན་སྤངས་ནས་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བ་ཡིན་ནོ།། ཇི་སྲིད་ཉི་མ་མཱ་ཤར་བ་ཞེས་བྱ ་མ་གྱུར་པར་རོ།། དེ་སྲིད་སྲིན་བུ་མེ་ཁྱེར་སྣང་ཞེས་བྱ་བ་ནི་དེ་སྲིད་དུ་ཕྱོགས་འགའ་ཞིག་གསལ་བར་བྱེད་པ་ཡིནོ།། མཁའ་ལ་སྣང་བྱེད་འཆར་ན་ནི་ཞེས་བྱ་བ་ནི་གང་གི་ཚེ་ཡང་མཁའ་སྟེ་ནམཁའ་ལ་སྤྲིན་ལ་སོགས་པའི་སྒྲིབ་པ་མེད་པིའོ ་ཕྱིར་སྣང་བྱེད་ཤར་ཞིང་དེ་གནས་པར་གྱུར་པ་ན་སྲིན་བུ་མ་ཁྱེར་སྔོན་པོ་ཉིད་དུ་འགྱུརརོ་ཞེས་བྱ་བར་སྦྱ་རོ།། སྣང་བར་བྱེད་པས་ན་སྣང་བྱེད་ཡིན་ཏེ། མཉམ་པ་དང་མི་མཉལ་པ་རབ་ཏུ་སྣང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གམ། ་གསལ་བར་བྱེད་པ་ཐམས་ཅད་ཟིལ་གྱིས་གནོན་པའི་སྒོ་ནས་གསལ་བར་བྱེད་པ་ཡིན་པས་ན་སྨང་བྱེད་ཡིནོ།། སྔོན་པོ་ཉིད་དུ་འགྱུར་བ་ནི་ན་མཁའི་ལོ་འོད་ཟེར་སྡོང་དང་ལྡན་པ་ཅན་གནས་པར་གྱུར་པའི་ཚེ་སྲིན་བུ་མེ་ཁྱེར་འོད་མེད་པར་གྱུར་ཏེ། ་མངོན་པར་འདོད་པ་མ་ཡིན་པའི་ཁ་དོག་ཙམ་ལ་གནས་པའི་ཕྱིརརོ།། འདིར་དེའི་རྒྱུ་ནི་གང་གི་ཕྱིར་འོད་མེད་པ་དང་། དེའི་སྔོན་བཞིན་དུ་འབར་བ་མ་ཡིན་པསོ།། དཔེ་བསྟན་ནས་དེ་བསྒྲུབ་པར་བྱ་བའི་ཕྱིར་སྨྲས་པ། སྣང་བར་གྱུར་ཅེས་བྱ་བ་ནི་སྣང་བར ་བྱེད་པས་ན་སྣང་བ་སྟེ། དངོས་པོའི་རྐྱེན་ཡིན་པའི་ཕྱིརརོ།། གྱུར་པ་ནི་རང་གི་གྲུབ་པའི་མཐའ་ཙམ་གསལ་བར་བྱས་པར་ཅེས་བྱ་བའི་ཐ་ཚི་གོ།། གང་དག་གིས་ཤེ་ན། རྫོགས་བྱེད་ལ་སོགས་པ་འཇིག་རྟེན་འདོད་གཞུང་རྟོག་པར་བྱེད་པའི་རྟོག་གེ ་པོ་དག་གིས་སོ།། གང་ཇི་སྲིད་ཅིག་ཏུ་ཞེ་ན། སྨྲས་པ། ཇི་སྲིད་དེ་བཞིན་གཤེགས་པ་མ་ཤར་བ་སྟེ་དུས་ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་འབྱུང་བར་མ་གྱུར་པའོ།། འཇིག་རྟེན་རྫོགས་སངས་རྒྱས་ཤར་བ་ཅེས་བྱ་བ་ནི་གང་གི་ཚེ་སངས་རྒྱས་བཅོམ ་ལྡན་འདས་འཇིག་རྟེན་དུ་བྱུང་བས་གདུལ་བྱའི་འཇིག་རྟེན་གྱི་པདྨ་དང་ལྡན་པའི་ཕྱོགས་དེ་ཉིད་དྲི་མི་མེད་པར་སྣང་བའི་སྒོ་ནས་རབ་ཏུ་གསལ་བར་བྱས་པ་འམ། རབ་ཏུ་སད་པར་བྱས་པ་ཡིནོ།། རྟོགས་ཅེ་ན་ཉན་ཐོས་བཅས་མི་སྣང་ཞེས་བྱ་བ་ནི་མང ་པོ་དེ་དག་ལས་འགའ་ཞིག་ཀྱང་མཛེས་པར་གྱུར་པ་མ་ཡིན་ཏེ། ཉན་ཐོས་འདི་དང་རྟོག་གེ་པ་འདིའི་ཚིག་གི་རྗེ་སུ་འབྲང་བར་འགྱུར་རོ།། དགེ་སློང་དག་མཚན་མ་བཟུང་ཤིག་ཅེས་བྱ་བ་ནི་ཡང་དང་ཡང་དུ་བསྒོམ་པར་བྱ་བའི་ཕྱིར་མཚན ་མ་ཡིད་ལ་གྱིས་ཤིག་ཅེས་བྱ་བ་ཡིནོ།། མི་སྣང་བར་གྱུར་ཏོ་ཞེས་བྱ་བ་ནི་བཅའ་བའི་སྤངས་པ་མཛད་པའི་སྒོ་ནས་བསྐྱོབ་པ་མཛད་པ་ཡིནོ།། ཅང་མི་སྨྲ་བ་ཞེས་བྱ་བ་ལ་སོགས་པ་ལ་སོགས་པི་ལི། ཤིན་ཏུ་ཞུམ་པའི་ཕྱིར་ཅུང་ཟད་ཞིག ་ཀྱང་སྨྲ་བའི་ནུས་པ་མེད་པ་དེ་བས་ན་ཅང་མི་སྨྲ་བ་ཡིན་ནོ།། ངོ་ཆེ་དང་ཇི་ལྟར་བྱ་བ་ལ་རྨོངས་པར་གྱུར་པའི་ཕྱིར་བྲག་འཁུམས་པར་གྱུར་པ་ཡི་ནོ།། ཕྲག་པ་ཕབ་པ་ཞེས་བྱ་བ་ནི་ཤིན་ཏུ་ངོ་ཚ་བས་ཕྲག་པོའི་ཕྱོགས་འཕྱོངས་པར་གྱུར་པ ་ཡིན་ནོ།། གདོང་སྨད་པ་ཞེས་བྱ་བ་ནི་མགོ་ཐུར་དུ་ལྟས་པ་ཡིནོ།། སྤོབས་པ་མེད་པ་ཞེས་བྱ་བ་ནི་ལན་ལྗོན་པ་ཙམ་གྱིས་ནུས་པ་མེད་པ་ཡིནོ།། ཤིན་ཏུ་སེམས་ཤིང་ཞེས་བྱ་བ་ནི་བྲོས་པའི་ཐབས་སེམས་པར་གྱུར་པ་ཡིན་ནོ།། ཀུན་ཏུ་བསླང ་པར་བྱའོ་ཞེས་བྱ་བ་ནི་ཆེར་བསྐྲད་པར་འབྱེར་བར་འགྱུར་བར་བྱ་བར་རོ།། སྐྲག་པ་ནི་རྣམ་པར་འཁྲུགས་པའི་སྒོ་ནས་འཇིགས་པར་བྱེད་པ་ཡིནོ།། འདུན་ཁང་ཞེས་བྱ་བ་ནི་ཁྱིམ་པའི་ལུས་ཀྱི་ཚད་ལ་སོགས་པའོ།། བཅོམ་ལྡན་འདས ་ཀྱིས་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་གྱི་མདུན་ཁང་དོང་སྐྱེ་བོ་ཆེན་པོའི་ཚོགས་ཅུང་ཞིག་ཀྱང་འགྱུར་བ་མེད་པ་དེ་ལྟར་བྱིན་གྱིས་བརླབས་པ་ཡིན་ནོ།། རི་བོ་དང་ནི་ནགས་ངག་དང་ཞེས་བྱ་བ་ལ་སོགས་པ་ལ། སྐྱབས་ཀྱིས་སྟོབས ་ལས་དྲི་མ་མེད་པའི་ཡོན་ཏན་རྙེད་པར་འགྱུར་བའི་ཕྱིར་དེ་ཉིད་ན་ང་ཞིག་ཅེས་སྨོས་པ་ཡི་ནོ།། ཆོ་འཕྲུལ་ཆེན་པོ་བསྟན་པ་ལས། མུ་སྟེགས་བྱེད་འགའ་ཞིག་ནི་རི་བློ་དང་། གཞན་དག་ནགས་དང་། ཀུན་དགའ་ར་བ ་དང་། ལྷའི་ཁང་པ་དང་། ཤིང་དྲུང་དག་ཏུ་གནས་པ་དེ་མཐོང་ནས་ཚོགསུ་བཅད་པ་ལྔ་པོ་དེ་དག་བྱུང་བ་ཡི་ནོ།། མང་པོ་ནི་དུ་མ་ཡིན་ལ་སྐྱབསུ་སོང་བར་གྱུར་པ་ནི་རྟེརྟོན་འཛིན་པར་གྱུར་པ་ཡིནོ།། རི་བོ་ནི་ཁ་བ་ཅན་ལ་སོགས་པས་འཛིན་ནོ།། ་ནགས་ནི་ཤིང་ཐིབས་པོ་དག་ཡིན་ནོ།། ཀུན་དགའ་ར་བ་ནི་ཁྱིམ་དང་ཉེ་བའི་ནགས་ལ་སོགས་པ་ཡི་ནོ།། མཆོད་རྟེན་དང་ཤིང་དྲུང་ཞེས་བྱ་བ་ལ་མཆོད་རྟེན་ནི་ལྷའི་ཁང་པ་སོ་ཕག་ལ་སོགས་པ་བསགུས་པ་ཉིད་ཡིན་པའི་ཕྱིར།། ་ནི་ཤིང་གི་དབྱིབས་ལ་སོགས་པ་དང་ལྡན་པ་འམ། སོ་ཕག་ལ་སོགས་པ་བསགས་པའི་གོང་བུའི་ཚུལ་དུ་གང་གིས་རྩ་བའི་ཕྱོགས་ཤིང་གི་དབྱིབསུ་ཡོད་པ་དེ་ནི་མཆོད་རྟེན་ཤིང་ཞེས་བྱ་བ་ཡི་ནོ།། དེ་དག་ལ་སྐྱེབསུ་འགྲོ་བ་གང་དག ་ཡིན་ཞེ་ན། སྨོས་པ། མི་དག་འཇིགས་པས་བསྡིགས་པ་སྟེ། མུ་སྟེགས་བྱེད་ལ་སོགས་པ་འཇིགས་པས་བཅོམ་པར་གྱུར་པ་དག་ཡི་ནོ།། དེ་དག་སྐྱབས་ཀྱི་མཆོག་མ་ཡིན་ཏེ།། དེ་དག་མངོན་པར་འདོད་པ་རྀ་ལ་སོགས་པ་ཉེ་བའི་རྟེན་དག་ནི ་ངན་སོང་དག་ལས་སྐྱོབ་པ་ཉིད་དུ་ནུས་པ་ཉིད་མ་ཡིན་པའི་ཕྱིར།། དམ་པའི་སྐྱོབས་ནི་དེ་མ་ཡིན་ཏེ། དེ་དག་གི་ཉེ་བའི་རྟེན་གྱིས་འཁོར་བ་ཡོངསུ་སྤོང་བ་ཉིད་དུ་མི་ནུས་པ་ཉིད་ཀྱི་ཕྱིརརོ།། འདི་ལྟར་སྐྱབས་དེ་དག་ནི་ཐོབ་གྱུར་པས། སྡུག་བསྔལ ་ཀུན་ལས་ཐར་མི་འགྱུར། ཞེས་བྱ་བ་དེ་དག་ནི་གསལ་བྱས་མ་བཤད་དོ།། དེ་ལྟར་སྐྱབས་མང་ཡིན་ཞེ་ན། གང་གིས་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སངས་རྒྱས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ ་བཅོ་བརྒྱད་ལ་སོགས་པ་ཡོན་ཏན་གྱི་ཕུང་པོ་ཅན་ཡིནོ།། ཆོས་ནི་དོན་དམ་པའི་ཆོས་ཉིད་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཡིན་ཏེ། དགོས་པའི་གཙོ་བོ་ཉིད་ཡིན་པའི་ཕྱིརརོ།། དགེ་འདུན་ནི་ཉན་ཐོས་ཀྱི་རྒྱུད་ལ་གནས་པའི་འཕགས་པ། ་ལམ་ཡིན།། དེ་དག་ལས་འགའ་ཞིག་ལ་སྐྱབསུ་སོང་ན་ཡང་གསུམ་ལ་སྐྱབསུ་སོང་བ་མ་ཡི་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དང་། སྐུ་གསུམ་ཆར་ལྔ་གསུངས་པ་ཡིནོ།། དེ་དག་ཕན་ཚུན་ཐ་དད་པ་ཡིན་པའི་ཕྱིར་དེ་ཙམ་གྱི་སྐྱབས་སུ ་སོང་བ་ནི་མ་ཡིན་གྱི། འོན་ཀྱང་རྟོགས་ནས་དད་པ་རྙེད་པ་ལས་ཡིན་ཏེ། དེ་ཡང་བདེན་པ་མཐོང་བཱ་ལས་འགྱུར་བའི་ཕྱིར་འཕགས་པའི་བདེན་པ་བཞི་པོ་ལ་སྨོས་པ་ཡི་ནོ།། ཤེས་རབ་སྟེ་ཟག་པ་མེད་པའི་ཤེས་རབ་ཀྱིསོ།། བདེན ་པའི་མིང་བརྗོད་པར་བྱ་བའི་ཕྱིར། སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། ཞེས་སྨོས་པ་ཡིན་ཏེ། ཤེས་རབ་ཀྱིས་ནི་མཐོང་གྱུར་པ། ཞེས་བྱ་བ་རྗེསུ་འཇུག་པ་ཡིནོ།། ཡན་ལག་བརྒྱད་ཅེས་བྱ་བ་ལ་ཡན་ལྷག་ནི་ཆ་ཡིན་ཏེ། ་ཡན་ལག་བརྒྱད་གང་ལ་ཡོད་པ་སྟེ། ཚོགས་པ་ཡན་ལག་དང་ལྡན་པ་ཡིན་ཏེ། ཡན་ལག་དྲུག་དང་ལྡན་པའི་ཕྱེ་མ་ལྟ་བུའོ།། ལམ་ཇི་ལྟ་བུར་གྱུར་པ་ཤེས་རབ་ཀྱིས་མཐོང་བ་ཡིན་ཞེ་ན། སྨྲས་པ། འཇིགས་པ་མེད་པའི་གནས་ཐོབ ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བདེ་བ་ཡིནོ།། དེ་དག་ཁོ་ན་ལ་མྱ་ངན་ལས་འདས་འགྲོ་བ་ཞེས་སྨོས་ཏེ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡི་ནོ།། སྔར་བཤད་པ་དེ་དག་ཁས་བླངས་པའི་ཚུལ་གྱིས་ལམ་མངོ ་སུམ་དུ་བྱེད་པ་དང་། དེ་དག་ཉིད་སྐྱབས་ཀྱི་མཆོག་ཡོན་པ་དང་། སྐྱབས་ཀྱི་མཆོག་ཡིན་པ་དེ་དག་ལ་བརྟེན་པས། སྡུག་བསྣོལ་མ་ལུས་པ་བསལ་བར་འགྱུར་བའི་ཕྱིརོ།། དེའི་བྱིན་བརླབས་ལས་ཞེས་བྱ་བ་ནི་ཆོ་འཕྲུལ་ཆེན་པོའི་གནས་ལསོ།། ། ་ཁྱོད་པའི་ཚོན་པོ་ཁོང་དུ་ཆུད་དེ་ཞེས་བྱ་བ་ལ་སོགས་འི་ན་མ་ཛིན་གྱི་རྣམ་པར་བཤད་པ་ནི་སྔ་མ་བཞིན་བལྟ་བར་བྱའོ།། འཇིག་རྟེན་འདི་རྟག་ཅེས་བྱ་བ་ནི་འཇིག་རྟེན་འགྱུར་བ་མེད་པས་བརྟོག་པ་མིན།། མི་རྟག་པ་ཞེས་བྱ་བ་ནི ་འཕགས་པའི་ལམ་མེད་པ་རྒྱུན་ཆད་པར་གྱུར་པ་ཡིནོ།། རྟག་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་ནི་གཅིག་ཏུ་རྟག་པ་ཉིད་མ་ཡིན་པ་སྟེ། མུ་སྟེགས་བྱེད་ཀྱིས་ཀུན་ཏུ་བརྟགས་པའི་སྐྱེ་གནས་ལྔས་སྐྱེས་ནས་དེས་ཀུན་ཏུ་བརྟགསོ་པའི ་སྐྱེ་གནས་ལས་སྐྱེས་ནས་དེས་ཀུན་ཏུ་བརྟགས་པའི་བདེ་བ་དང་སྡུག་བསྔལ་ཉམ་སུ་མྱོང་ཞིང་འཁོར་བའི་མཐར་བྱེད་པ་ཡིན་པའི་ཕྱིར་རོ།། མི་བརྟག་པ་ཡང་མ་ཡིན་ཞེས་བྱ་བ་ནི་གཅིག་ཏུ་མི་རྟག་པ་ཉིད་མ་ཡིན་པ་སྟེ། འཁོར ་བཔ་ལ་ཡུན་རིང་དུ་འཁོར་བར་བྱེད་པ་ཡིན་པའི་ཕྱིརརོ།། དེ་རྟག་པ་དང་མི་རྟག་པ་ཞེས་བྱ་བོ་ལ། གང་དག་གཞན་གྱིས་བཅོམ་པའི་སྒོ་ནས་འཆི་བ་མེད་པ་དེ་དག་ནི་རྟག་པ་ཉིད་ཡིན་ནོ།། གང་དག་ཡོད་པ་དེ་དག་ནི་མི་རྟག་པ་ཉིད ་ཡིན་ནོ།། མཐའ་དང་ལྡན་པ་ཞེས་བྱ་བ་ནི་མུ་སྟེགས་བྱེད་ཀྱིས་ཀུན་ཏུ་བརྟགས་པའི་བདེ་བ་དང་སྡུག་བསྔལ་ཉམ་སུ་མྱོང་ནས་འཇིག་པའི་ཕྱིརརོ།། མཐའ་དང་མི་ལྡན་པ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ཉམ་སུ་མྱོང་བ་མང་བ་ཉིད ་ཀྱི་ཕྱིར་དང་། ཡུན་རིང་དུ་གནས་པ་ཡིན་པའི་ཕྱིར་རོ།། མཐའ་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ནི་ཕ་རོལ་བཅོམ་པོའི་འཆི་བ་མཐའ་དང་ལྡན་པ་ཡིན་ལ། ཕ་རོལ་གྱི་བཅོམ་པ་འཆི་བ་མེད་པ་ནི་མཐའ་དང་མི་ལྗོན་པ་ཡིནོ།། མཐའ ་དང་ལྡན་པ་ཡང་མ་ཡིན་ལ་མཐའ་དང་མི་ལྗོན་པ་ཡང་མ་ཡིནོ།། ཞེས་བྱ་བ་ལ། གཅིག་ཏུ་མཐའ་དང་ལྡན་པ་མ་ཡིན་པ་སྟེ། འཁོར་བའི་དུས་རིང་བ་ཉིད་ཀྱི་ཕྱིརརོ།། མཐའ་དང་མཱི་ལྡན་པ་ཡང་མ་ཡིན་ཏེ། གདོན་མི་ཟ་བར་ཆད་པའི ་ཕྱིར་རོ།། སྲོག་གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་པ་ལ། སྲོག་ནི་འདིར་བདག་ལ་འདོད་པ་ཡིནོ།། བདག་འདིར་ཞེས་བྱ་བ་ལ་སོགས་པ་ལ། བདག་ཀྱང་བདག་ཉིད་དུ་འདོད་པ་ཡིན་ནོ།། ཡོད་ཅེས་བྱ་བ་ནི་དུས་ཅུང་ཞིག་གནས་པ ་ཡིན་པའི་ཕྱིར་རོ།། མེད་ཅེས་བྱ་བ་ནི་དུས་ཅུང་ཟད་གནས་ནས་ཡང་མེད་པ་ཡིན་ནོ།། ཡོད་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་ནི་གཅིག་ཏུ་ཡོད་པ་མ་ཡིན་ཏེ། ཆད་པ་ཡིན་པའི་ཕྱིར་རོ།། མེད་པ་ཡང་མི་ཡིན་ཏེ། གཅིག་ཏུ་མེད་པ་མ ་ཡིན་པས་ན་གནས་སྐབས་གཞན་དག་ཀྱང་སྲིད་པ་ཡིན་པའི་ཕྱིརརོ།། འདི་ཉིད་བདེན་གྱི་ཞེས་བྱ་བ་ནི་དོན་དམ་པར་རོ།། གཞན་ནི་གཏི་མུག་གོ་ཅེས་བྱ་བ་ནི་གཞན་གྱི་གཞུང་རྫུན་པའོ།། དྲག་ཏུ་སོང་ངོ་ཞེས་བྱ་བ་ནི་མགྱོགས་པ ་སོང་བ་ཡིན་ནོ།། ར་ལས་གྱུར་པའི་དྲེགས་པ་ནི་རྭའི་དྲེགས་པ་ཡིན་ཏེ། རཱའི་དྲེགས་པ་ཆགས་པ་གང་ལ་ཡོད་པ་དེ་ནི་རཱའི་དྲེགས་པ་ཆགས་པ་འདྲ་བ་སྟེ། ཁྱོད་དེ་དང་འདྲ་བར་རོ།། སྐྱེ་བོ་དས་ང་པོ་ཞེས་བྱ་བ ་ནི་གཟི་དང་བྲལ་ཞིང་མདངས་མེད་པར་གྱུར་པའོ།། ཤཱཀྱ་ནི་བཅོམ་ལྡན་འདས་ཡིན་ལ། དེའི་ཆོས་ནི་བསྟན་པའི་ཆོས་སམ། དམ་པའི་ཆོས་དྲི་མ་ཤེསོ།། ངོ་ཚ་ཡོན་ཏན་ཐམས་ཅད་ཀྱི་རྩ་བར་གྱུར་པ་དེ་མེད་པ་གང་ཡིན་པ་ངོ་ནི ་འཛམ་མེད་ཡི་ནོ།། ཀྱེ་འཛེམ་མེད་བོང་བུ་བཞིན་དུ་ཞེས་བྱ་བ་ནི་བོང་བུ་ཇི་ལྟ་བ་དེ་བཞིན་དུ་ཁྱོད་འཁྱམ་པ་སྟེ་རྒྱུ་བར་འགྱུར་བ་ཡིནོ།། བདག་གི་མདུན་འདུག་ཁྱོད་ནི་བདུད་དུ་ངེས་ཞེས་བྱ་བ་ལ་སོགས་པ་ཡ། གང་གི་ཕྱིར་བདག ་གི་མདུན་དུ་འདུག་པའི་འཆི་བདག་ངེས་པར་ཏེ་གདོན་མི་ཟོ་བར་ལྷག་མའི་དེ་མ་ཐག་ཏུ་གྱུར་པ་ཡིན་པོས་ན་ལ་བ་འཆི་བའི་ཕྱིར་ཡང་དག་པར་གནས་པར་གྱུར་པ་ཡིན་ནོ།། མཐུ་ནི་ལུས་ཀྱི་སྟོབས་ཡིན་ལ། བརྩོན་པ་ནི་སྤྲོ་བོ་ཡིན་ནོ།། ་དངོས་པོ་ཀུན་ལཾ་ཞེས་བྱ་བ་ལ་སོགས་པ་ལ། འགའ་ཞིག་འདུས་བྱས་ཀྱི་དངོས་པོར་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ཉིད་སྐྱིང་སྡུག་གི་སྐལ་བ་ཅན་ཡིན་ལ། བདག་གིས་ཀྱང་བདེ་བ་དང་སྡུག་བསྔལ་ཉམས་མྱོང་ནས། ་ད་ནི་སྡུག་བསྔལ་ལས་གྲོལ་བ་ཡིནོ།། བདེ་བའི་ཕྱིར་ནི་ཐར་པའི་ཕྱིར་འགྲོ་བ་ཡིནོ།། གཟེར་ཏེ་འོད་ཟེར་རབ་ཏུ་ཆེ་བས་སོ།། དེ་གང་གི་འོད་ཟེར་ཡིན་ཞེ་ན། ཉི་མ་ཞེས་སྨོས་པ་ཡིནོ།། མི་སྲུན་པ་ནི་སེམས་རབ་ཏུ་རྩུབ་པ་ཡིན་ལ། དེ ་སྤངས་པ་སྟེ་ཡོངསུ་བཏང་ནས་རྫིང་བུ་དེ་དག་ན་ཡོད་པ་དེ་མྱུར་དུ་སྟོན་ཅིག་ཅེས་བྱ་བ་ཡིནོ།། ཆུ་གཙང་བ་ནི་ཆུ་ཡོངསུ་དག་པ་ཡིན་ལ། བསིལ་བ་ཉིད་ཀྱི་ཕྱིར་གངས་ཀྱི་ཆུ་ལྟ་བུའོ།། ཆུ་ལ་གནས་པ་ནི་ངང་པ་ཡིན་ལ། པདྨ་ནི ་མེ་ཏོག་ཡིན་ཏེ། པདྨ་དང་ལྡན་པ་ནི་པཱཔྤ་ཅན་ཡིན་ནོ།། རབ་ཏུ་གཙང་བ་ནི་ཤིན་ཏུ་གཙང་བའོ།། ཀྱེ་སྐྱེས་བུ་ཐ་མ། ཀྱེ་སྐྱེས་བུ་སྡིག་ཅན། ཀྱེ་སྐྱེས་བུ་བདེན་པ་མཽ་པསོ།། མ་ནིང་ཉིད་ཡིན་པའི་ཕྱིར་ཕོ་མིན་པ་ཡིན་ལ། སྐྱེས་པའི ་གཟུགས་ཡོད་པ་ཉིད་ཀྱི་ཕྱིར་སྐྱེས་པའི་ཆུང་མ་མིན་པ་ཡིནོ།། རྣམ་པ་སྣ་ཚོགསུ་སྟོན་པ་ཞེས་བྱ་བ་ནི་ཕན་ཚུན་འགྲོལ་བར་ལུང་འབོགས་པའི་ཕྱིརརོ།། ཆོས་ཀྱི་གོས་ཀྱིས་གཡོགས་པ་ཅན་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་ཅན ་གྱི་གོས་ཀྱིས་གཡོགས་པར་གྱུར་པའོ།། གཟར་བུ་གཟིག་གི་ཟས་ཡོངསུ་ལོངས་སྤྱོད་པའི་བརྟུལ་ཞུགས་ཡོད་པ་ཉིད་ཀྱི་ཕྱིར་གཟར་བུའི་ཟས་ཀྱི་བརྟུལ་ཞུགས་ཅན་ཞེས་བྱ་བ་འམ། བསོད་སྙོམས་ལ་ཞུགས་ནས་ཇི་ལྟ་བ་བཞིན་དུ ་རྙེད་པའི་བསོད་སྙོམས་སྦྱིན་བདག་གི་མངོན་སུམ་དུ་སོང་བཞིན་དུ་ལག་པ་ཁོ་ན་ཟ་བོར་བྱེད་པའི་ཕྱིར་གཟར་བུ་ཟས་ཀྱི་བརྟུལ་ཞུགས་ཅན་ཡིནོ།། ངན་སོང་ཞེས་བྱ་བ་ནི་སྤྱིར་རིམ་པ་བཞིན་ངན་འགྲོ་གསུམ་དུ་ངེས་པ་ཡིནོ།། ད་ལྟར་ནི་དམྱལ ་བ་པར་ངེས་པ་ཉིད་ཡིན་པའི་ཕྱིར་སེམས་ཅན་དམྱལ་བ་པ་ཡིནོ།། རྒྱུ་བར་བྱེད་པས་ན་ངན་འགྲོ་བ་སྟེ། འགྲོ་བར་བྱེད་པ་ཡིན་ལ། བསོད་སྙོམས་ལ་ལག་པ་འཕྱང་བ་སྟེ། ལགོ་པ་བརྒྱད་པས་འགྲོ་བར་བྱེད་པས་ན་ལག་པ་འཕྱང་ཞིང་འགྲོ་བ་ཅན ་ཡིནྡོ། རྐང་ལག་སྐྱ་བོར་གྱུར་པ་ཡིས་ཉེ་བར་མཚོན་པས་ཆུ་ཡིས་གཡེངས་པར་གྱུར་པ་ཡིན་ནོ།། དེ་ནི་ཆོས་སྤྱོད་ཅེས་བྱ་བ་ནི་ཆོས་བྱེད་པའོ།། འདིས་མཚོན་པར་བྱེད་པ་ཡིན་པས་ན་མཚན་ཏེ་སྐྱེས་པའི་དབང་པོ་ཡིན ་ལ། མཚན་དེའི་མཚན་ཉིད་ཀུན་ནས་སྐྱེས་ཡིན་ཏེ། དེ་སྐྱེས་པ་གང་ལ་ཡོད་པ་དོ་ནི་སྐྱེས་པའི་མཚན་དང་མཚན་ཉིད་ཅན་ཡི་ནོ།། གནོས་སྐབས་ནི་འདི་སྐྱེས་བུའི་དབང་པོ་བྱིན་གྱིས་བརླབས་པ་ལ་བྱའོ།། མདེའུ་སྤྲོ་གྲོའི་ཁྭའི་རྣམ་པ་ཅན ་ཡངས་པ་མངའི་རྣམ་པ་ནི་མདའི་མདེའུ་ཁ་ཡིནོ།། བཅཅོད་པ་ནི་དུམ་བུར་བྱས་པ་ཡིན་ནོ།། འདི་ཉིད་ཁོ་ན་བདེན་པ་སྟེ། གང་སྔར་ཤི་བར་གྱུར་པ་དེ་ཁོ་ན་ཉིད་དོ་ཅེས་རིག་ནས་དེ་དག་ཀྱང་དེ་བཞིན་དུ་དུས་ལས་འདས་པར་གྱུར་པ་ཡིནོ།། མིའི་ཆོས ་ལས་བླ་མར་གྱུར་པའི་ཡུལ་ལ་མུ་སྟེགས་ཅན་ངག་གིས་འགྲན་པ་སྟེ་རྩོད་པར་གྱུར་པ་ལསོ།། མུ་སྟེགས་ཐམས་ཅད་བཅོམ་པར་བྱས་ཞེས་བྱ་བ་ནི་བརྩོན་པ་བཅོམ་པ་ཉིད་ཀྱི་ཕྱིར་རོ།། རབ་ཏུ་ཕམ་པར་བྱས་ཞེས་བྱ་བ་ནི་ཕ་རོལ་གནོན་པ་བཤིག ་པ་ཡིན་པའི་ཕྱིར་རོ།། རྒྱབ་ཀྱིས་ཕྱོགས་པར་བྱས་ཞེས་བྱ་བ་ནི་རབ་ཏུ་བྲོས་པར་བྱེད་པ་ལ་གཞོལ་བར་བསྒྲུབས་པ་ཡིནོ།། སྤ་བཀོང་བར་གྱུར་པ་ཞེས་བྱ་བ་ནི་ལན་གླན་པ་མེད་པར་བྱས་པར་གྱུར་པ་ཡིནོ།། བསོད་སྙོམས་བདེ་བར་རྙེད་པ་ནི་ལོ ་ལེགས་པ་ཡིན་ནོ།། ངེས་པར་སྐྱེས་པ་ཞེས་བྱ་བ་ནི་ལེགས་པར་བྱང་བར་སྐྱེས་པོ་ཡི་ནོ།། བྱ་བ་ཐམས་ཅད་ལ་སྤྲོ་བ་དང་བཅས་པ་ཉིད་ཀྱི་ཕྱིར་དཔའ་བོ་ཡིན་ནོ།། བདག་བཅོམ་པ་མེད་པར་བྱ་བ་ལ་འཇུག་པ་ནི་བརྟུལ་ཕོད་པ་ཡིན་ནོ།། དྲག་པ ་ཉིད་ཀྱི་ཕྱིར་གཏུམ་པ་ཡིན་ལ། བྱ་བ་བྱེད་པར་ནུས་པ་ཉིད་ཀྱི་ཕྱིར་རྣམ་པར་གནོན་པ་དང་ལྡན་པར་གྱུར་པ་ཡིནོ།། མི་དགྱེས་པ་ཞེས་བྱ་བ་ཀྱེ་མའོ་རྒྱལ་མོ་འདི་བཀའ་སྒྲུབ་པར་བྱེད་དམ་ཞེས་དེ་སྙམ་དུ་མི་དགྱེས་པར་གྱུར་པའོ།། གདུངས་པར་གྱུར་པ་ནི་དེའི་རྒྱུ ་མཚན་གྱིས་གདུངས་པ་ཉམས་མྱོང་བར་གྱུར་པའོ།། དེས་སྨྲས་པ། ཕྱིན་ཅི་ལོག་ཏུ་བཟུང་བའི་ཕྱིར་མི་ཉན་པ་ཡི་ནོ།། ཆུང་བ་ཞེས་བྱ་བ་ནི་འདི་ནུས་པ་ཆུང་བ་འམ་བློ་ཆུ་ང་བར་གྱུར་པའོ།། མ་བརྙོངས་ཤིག་ཅིག་ཅེས་བྱ་བ་ནི་ཡིད་ཆེས་པར་རམ། ལས་སུ་སྐྱེ ་བ་མེད་པར་རོ།། བུ་མོ་ལས་སྐྱེས་པོའི་བུ་ནི་བུ་མོའི་བུའོ།། སྦྱིན་པ་ནི་སྐྱེས་བུ་ཐམས་ཅད་ཀྱི་གནས་སྟོན་པ་ལ་མཁས་པ་ཉིད་དོ།། རྩོམ་པ་དང་ལྡན་པ་ཞེས་བྱ་བ་ནི་རྒྱལ་པོ་ལ་མཁོ་བ་འམ། ཡོན་ཏན་དག་ལ་འབོད་པ་དང་ལྡན་པའོ།། མཐུན་པར་སྐྱེས ་པ་ཞེས་བྱ་བྷཱ་ནཱི་བདག་གི་བྱཱ་བ་དང་ངོ་།། ཡང་ན་མཐུན་པར་སྐྱེས་པ་ནི་མཛེས་པར་གྱུར་པ་ཡི་ནོ།། མེ་གཤམ་ནི་འདིར་སྐྱེ་བའི་ཆོས་ཅན་མེད་པ་ཡིན།། སྐུ་མཉེ་ནི་སྐུ་བྱུག་ལ་སོགས་པ་བྱས་པ་ཡིན་ནོ།། འཇིགས་པ་ནི་དོན་མེད་པར་འགྱུར་པོའི་དོག་སྩོ ་སྐྱེས་པ་ཡིན་ནོ།། སྐྲག་པཱ་ནི་ཆེས་སྤངས་པ་དང་ལྡན་པ་ཡིན་ནོ།། སེམས་མི་དགའ་བ་ནི་སྐྱོ་བ་དང་བཅས་པ་ཡི་ནོ།། བདེ་བ་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་མངོན་པར་བྱ་བའོ།། བསྔགས་པ་ཞེས་བྱ་བ་ནི་འཇིག་རྟེན་མ་ལུས་པ་མངོན་པར་འདོད་པའོ།། ། ་སྡུག་བསྔལ་བཞིན་དུ་སྨྲ་བ་ཞེས་བྱ་བ་ནི་རང་གི་སེམས་ཀྱི་སྐྱོ་བ་སྒྲོགས་པར་བྱེད་པ་ཡིནོ།། བརྒྱལ་བ་ནི་ཁྱབ་པར་གྱུར་པའོ།། འདི་ལོ་ཉལ་བས་ན་མལ་སྟན་ཡོན་ལ། སྐྱེས་བུ་ཆེན་པོ་ལ་འོས་པ་ཡིན་པས་ན་ཆེན་པོ་ལ་འོས་པའོ།། རྩའི་རྣམ ་པ་ལས་བྱས་པའི་གྲོས་ནི་དུ་གུ་ལའི་གོས་ཡིན་ཏེ། གཙང་བ་དང་ཡང་བ་བགོས་ན་རང་གི་འདོད་པའི་ལྷ་མཆོད་པ་སྒྲུབ་པར་བྱེད་པ་ཡིན་པ་དེའི་ཕྱིར་དེ་ཡང་མལ་གྱི་གམ་དུ་བཞག་པར་འོས་པ་རིགས་པ་ཡིན་གྱི། ཆེན ་པོ་ལ་འོས་པ་ནི་མ་ཡིན་ནོ།། བཏིང་བས་ཉེ་བར་མཛེས་པ་ཞེས་བྱ་བ་ན་ཆེན་པོ་ལ་འོས་པའི་གོས་རྣམ་པ་སྣ་ཚོགས་ཀྱིས་གཡོགས་པར་གྱུར་པས་སོ།། གོས་གཅིག་པར་ཞེས་བྱ་བ་ནི་ས་ཕྱོགས་གོས་ཀྱིས་ཆོད་པའོ།། མདངས་ཅན་ཞེས་བྱ་བ ་ལ། མདངས་ནི་འདིར་དྲེགས་པའི་རྣམ་གྲངས་ཡིན་ཏེ། དྲེགས་པོ་དང་བཅས་པའི་ལུས་ཀྱིས་ཞེས་བྱ་བིའི་བར་དུའོ།། ཐེག་པ་ནི་ཤིང་རྟ་དང་ཁྱོགས་ལ་སོགས་པ་ཡིནོ།། བཞོན་པ་ནི་གླང་པོ་ཆེ་ལ་སོགས་པ་ཡི་ནོ།། རྒྱལ་པོ་བཞིན་དུ་ཞེས ་བྱ་བ་ནི་རྒྱལ་པོ་ལ་རུང་བ་ཡིནོ།། འཇིག་རྟེན་ཐོབ་ནས་ཞེས་བྱ་བ་ནི་ཁྱེད་ཀྱིས་འཇིག་རྟེན་ཐོབ་པ་སྟེ། གྲུབ་པར་གྱུར་པ་དེའི་ཚེ་སྐྱེ་དགུ་མང་པོ་སྐྱེ་བོའི་ཚོགས་ཀྱིས་ཐལ་མོ་སྦྱར་ནས་མཆོད་པ་ཡི་ནོ།། བྱེད་པར་གྱུར་པ་གང་དག་གིས་ཤེ་ན། ་སྒྲ་དྲག་པོ་དང་། གླུ་དབྱངས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། མིའི་དབང་པོའི་དབང་གི་རྗེས་འགྲོ་བ། ཞེས་བྱ་བ་ནི་རྒྱལ་རིགས་ཀྱི་དབང་དེས་ཐོབ་པའི་མཚན་ཉིད་འདི་ཡིན་ཏེ། འདི་ལྟར་བདེ་བར་གྱུར་པ་དེས་དགའ་བར་མི་བྱ ་པ་དང་། སྡུག་བསྔལ་ལ་ནང་དུ་སེམས་པས་གདུང་བར་མི་བྱ་བ་ཡིནོ།། བརྟན་པ་ཞེས་བྱ་བ་ལ་སོགས་པ་ལ། རུས་པོ་དང་ཚིགས་ལེགས་པར་འབྲེལ་པས་རྗེ་སུ་ཞུགས་པའི་ཕྱིར་བརྟན་པ་ཡི་ནོ།། ཕ་རོལ་པོ་ལ་ཆར་བསྣུན་པ་ཉིད་ཀྱི་ཕྱིར ་མཁྲང་བ་ཡིནོ།། ཤཱ་ཀུན་ནས་བསགས་པ་ཉིད་ཀྱིས་ཕྱིར་ལེགས་པར་འབྲེལ་པ་ཡིནོ།། འདི་ལྟ་བུ་སུ་ཞིག་ཅེས་བྱ་བ་ནི་བཟང་པོ་འགའ་ཞིག་ཅེས་བྱའོ།། དགའ་བའི་གཏམ་ཞེས་བྱ་བ་ནི་ཕན་པ་དང་བདེ་བའི་ཚིག་ཤེས་པར་བྱེད་པའོ།། ལྗོངས ་ཀྱི་ཕྱོགས་གཅིག་ནི་ཡུལ་ཡིན་ནོ།། རོ་སྟོང་སེང་གེ་ལྟ་བུ་ཞེས་བྱ་བ་ནི་ལུས་ཀྱི་ཆ་སེང་གེ་ལྟར་ཡངས་པར་གྱུར་པ་ཡིནོ།། སྐད་གདངས་མཐོན་པོས་དུ་བ་ནི་རབ་ཏུ་ངུ་བ་ཡི་ནོ།། དུ་བོ་ནི་སྐད་གདངས་དམའ་བྱ་ཡིནོ།། དེའི་ཡོན་ཏན་བརྗོད་པ ་པོཔཔོའི་ངག་གི་བརྗོད་པ་ནཱི་སྨཻ་སྔགས་འདོན་པ་ཡིན་ནོ།། རྫིའུ་ནི་ཕྲུ་བོ་ཡིན།། ཐབས་གཞན་ཞིག་གིས་ཞེས་བྱ་བ་ནི་གཡོ་གཞན་ཞིག་གིས་སོ།། གང་ཞིག་མགོ་ཟ་བར་བྱེད་པ་གང་ཡིན་པ་དེ་ནི་རྒྱལ་པོར་འགྱུརོ་ཞེས་སྨྲ་ན། དེས་མགོ་ཟོས་པ་དྨ ་རྒྱལ་པོར་འགྱུར་བ་ཡིན་ནམ། འོན་ཏེ་རང་གི་བསོད་ནམས་ཀྱིས་འགྱུར་ཞེ་ན། སྨྲས་པ། རླུང་གི་བསོད་ནམས་ཀྱིས་འགྱུར་བ་ཡིནྣ་ཏ། མགོ་ཟ་བ་ནི་རྒྱལ་སྲིད་ཐོབ་པའི་རྒྱུ་མཚན་ཙམ་འམ། ལྷན་ཅིག་བྱེད་པའི་རྐྱེན་དུ་སྨྲས་པ་ཡིན ་འཇམ་པོའི་ཚིག་གིས་ཞེས་བྱ་བྱ་ནི་གཉེན་པར་གྱུར་པ་སོ།། ཚུལ་ནི་ལུས་ཀྱི་འགྱུར་བྱ་ཡིན་ལ། ཟུར་ནི་དགུ་གི་རྣམ་པར་འགྱུར་བ་ཡིནོ།། བྱ་བ་དང་བྱ་ངོ་མ་ཡིན་པ་ཡོངསུ་གཅོད་པར་བྱེད་པ་ནི་མཁས་པ་ཡིན་ལ། འཛིངས་པ་ནི་ཀུན་ཏུ ་སྤྱོད་པ་ལ་བྱང་བར་གྱུར་པ་ཡིན་ནོ།། དཔྱོད་པ་དང་ལྡན་པ་ནི་འབྲས་བུའི་མཐར་ཐུག་པ་དཔྱོད་པ་ལ་མཁས་པ་ཡི་ནོ།། བསམས་ནས་ཞེས་བྱ་བ་ནི་རྩོལ་བར་བྱེད་པ་འམ་ཆེས་པར་གྱུར་པའོ།། ཕའི་ཕ་ནི་མེས་པོ་ཡིན་ལ། མེས་པོའི་རྒྱལ་སྲིད ་ནི་མེས་བློའི་རྒྱུལ་སྲིད་དོ།། སྤྱན་ཆེན་པོ་ཞེས་བྱ་བ་ནི་སྤྱན་ཐམས་ཅད་པས་ཡོན་ཏན་ཆེན་པོ་དང་ལྡན་པ་ཉིད་ཀྱིས་ཕྱིར་སྨན་ཆེན་པོ་ཞེས་བྱའོ།། ཉའི་རུས་པ་ཞེས་བྱ་བ་ནི་ཉནག་པོའི་སྐལ་པའི་དུམ་བུ་ཡི་ནོ།། རིན་ཆེན་འདྲ་བར་ཧཱུཾ ་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་དག་རིན་པོ་ཆེ་ནི་མ་ཡིན་གྱི། འོན་ཀྱང་ཉའི་རུས་པ་བསྒྱུར་བ་ཡིནོ།། བསྒྱུར་བ་ཞེས་བྱ་བ་ནི་དམོར་པོར་གྱུར་པའོ།། ལསོ་ནི་མ་བྱས་པར་ཞེས་བྱ་བ་ལ་འགྲོ་བའི་ལས་སོ།། མིག་མི་འཛུམས་པ་ནི་ཉ་ཉིད་དོ།། ་བརྟག་པ་ཞེས་བྱ་བ་ནི་དཔྱང་བའོ།། རྣམ་ཐོས་བག་མེད་སྤྱོད་མ་ཡིན་ཞེས་བྱ་བ་ལ། རིན་པོ་ཆེ་བསྡུ་བ་ལ་རྣམ་ཐོས་ཀྱི་བློ་བག་མེད་པས་གནས་པ་མ་ཡིན་པ་དེའི་ཕྱིར་རིན་པོ་ཆེ་མ་ཡི་ནོ།། འདུག་པ་ཞེས་བྱ་བ་ནི་འཁོད་པར་གྱུར་པའོ།། བྱ་དཀར ་ནི་བྱཱའི་རིགས་དཀོར་པོའོ།། རྙིང་པར་གྱུར་ཞེས་བྱ་བ་ནི་ཀུན་ཏུ་ལྟ་བ་དང་། འཕུར་བས་གནོད་པར་འགྱུར་བའི་ཕྱིར་འདབ་མ་རྙིངས་པར་གྱུར་པ་ཡིན་ནོ།། འཕུར་བ་ནི་ན་མཁའ་ལ་འགྲོ་བར་གྱུར་པའོ།། འཁར་བའི་སྣོད་ནི་འཁར་བྱ་ལས་བསྒོ་པའི ་སྣོད་ཆེན་པོའོ།། བུམ་པ་ནི་མིང་རབ་ཏུ་གྲགས་པ་ཡིན་ནོ།། བྱེའུ་ནི་བྱའི་བྱེ་བྲག་ཡིནོ།། ལུག་ཐུག་ཅེས་བྱ་བཱི་ན་ར་ཤིན་ཏུ་ཆེ་བའི་ལུག་ཐུག་ཡིན་ནོ།། ཁྲུང་ཁྲུང་ཞེས་བྱ་བ་ནི་ཆུ་ངོགས་ན་རྒྱུ་བ་དཀར་ལ་ཆེ་བའི་བྱའི་བྱེ་བྲག་ཡིན་ནོ།། རག་ཧཱུ~ཾ་སྤྱོད་པའི ་ས་ནི་འདིར་བཤད་པའི་ས་ལ་འདོད་དོ།། ངན་པ་ཞེས་བྱ་བ་ནི་ཁྱོད་གཟུགས་བྱུང་མཛེས་པ་ལ་སོགས་པའི་དངོས་པོར་ཡོད་ན་ཞེས་སྨོས་པ་ཡིན་ནོ།། ཁྱོད་འགྲོ་བས་དུབ་པས་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིནོ།། ཞེས་བྱ་བ་ནི་རྔམ་པ་གཞོན་ཉིད ་དུ་ཤེས་པར་གྱུར་པ་ཡིནོ་ཞེས་བྱ་བ་ཡིན་ནོ།། བྲམ་ཟེ་མ་ཡིན་པས་བྱས་སོ་ཞེས་བྱ་བ་ནི་བྲམ་ཟེ་ལ་ལེགས་པ་ནི་བྲམ་ཟེ་ཡིན་ལ། བྲམ་ཟེར་མ་གྱུར་པ་ནི་བྲམ་ཟེ་མ་ཡིན་པ་སྟེ། འདིས་ནི་བྲམ་ཟེ་དང་འགལ་བའི་ཀུན་ཏུ་སྤྱོད་པ་ཡིན་ནོ།། ་ཞེས་བྱ་བའི་བར་དུའོ།། རྫུན་ནི་བདེན་པ་མ་ཡིན་པའོ།། ཆུང་མ་ནི་འོད་རི་མེ་བསྐོར་བྱས་པ་ཡིན་ནོ།། བརྟག་པའི་ཕྱིར་ཞེས་བྱ་བ་ནི་དཔྱད་པར་བྱ་བའི་ཕྱིར་རོ།། ནན་གྱིས་ཤེས་བྱ་བ་ནི་སྟོབས་ཀྱིས།། ལྟང་མོ་ནི་མཐོང་བ་ཉིད་དུ་མངོན་པར ་འདོད་པོའོ།། ཨརྒ་ནི་ཆུའི་ནང་དུ་འབྲས་དཀར་པོ་བཅུག་པ་རྐང་པའི་འོག་ཏུ་འཇོག་པོའི་སྒོ་ནས་མཆོད་པ་སྒྲུབ་པ་བྱེད་པ་ཡིན་ནོ།། རྐང་པའི་མཆོད་པ་ནི་རྐང་པ་ལ་འོས་པའི་མཆོད་པའོ།། ཕན་འདོགས་པར་བྱེད་པ་ཞེས་བྱ་བ་ནི་འདི་བདག ་ལ་ཕན་འདོགས་པར་འགྱུ་རོ།། ཞེས་བྱ་བའི་དབང་དུ་བྱས་ནས་སོ།། རྐུན་པོ་ལྔ་བརྒྱ་སའི་དོང་དུ་བཅུག་པས་ཞེས་བྱ་བ་ནཱི་སའི་ཐབསུ་བཅུག་པར་གྱུར་པས་སོ།། མཐོང་ནས་ཞེས་བྱ་བ་ནི་རྐུན་པོའི་མངོན་སུམ་དུ་གྱུར་པ་ཡྀ་ནི་ནོ།། མཐོང ་པར་འདོད་དེ་ཞེས་བྱ་བ་ནི་ཇི་ལྟར་གྱུར་ཀྱང་རུང་སྟེ། བདག་གི་དོན་བསྒྲུབ་པར་ནུས་པར་འགྱུ་རོ་ཞེས་ངག་བསྒྲུབ་པར་བྱེད་པའི་ཡུལ་ལ་འདོད་པ་ཡིན་པར་རིག་པར་བྱའོ།། བློ་རྩིང་ལ་ཞེས་བྱ་བ་ནི་བློ་དམ་ནུ་པ་ཡིན་ནོ།། སྤྱོད་པ་མི་གསལ་བ་ཞེ ་བྱ་བ་ནི་ཡོངསུ་གཅོད་པར་བྱེད་པ་བུལ་བ་ཡིན་ནོ།། ཐེམ་པ་ནི་འདིར་སྒོ་གཏན་ཡིན་པར་ཤེས་པར་བྱའོ།། པགས་པ་ལས་བྱས་པ་བུག་པ་དུ་མ་ཅན་བཙག་པའི་ཐབསུ་གྱུར་པ་ནི་ཀོ་ཚོགས་ཡིནོ།། རྟོགས་པ་ནི་ཕྱོགས་གཅིག ་ཁོང་དུ་ཆུད་པས་དོན་མང་པོ་རྟོགས་པར་ནུས་པ་ཡིན་ལ། སེལ་བ་ནི་དོན་དེ་དག་ཁོ་ན་ཡོངསུ་གཅོད་པར་བྱེད་པ་ཡིན་ནོ།། འཇིག་རྟེན་གྱི་ཐ་སྙད་ལ་བྱང་བ་ནི་ཚུལ་དང་ལྡན་པ་ཡིན།། དུལ་བར་གྱུར་པ་ནི་ཆོ་ག་དྲང ་ལྡན་པ་ཡིན་ནོ།། གང་ན་འབྲས་བུ་ཅན་གྱི་ཤིང་ཡོད་པ་དེ་ནི་སྐྱེད་མོས་ཚལ་ཡིན་ལ། ནགས་ནི་འབྲས་བུ་མེད་པའི་ཤིང་ཚོགས་ཡིནོ།། ཤིམ་ཏུ་གཞོན་ནུར་གྱུར་པོ་ཞེས་བྱ་བ་ནི་ལེགས་པར་ཤིན་ཧཱུཾ་གཞོན་ནུར་གྱུར་པ་སྟེ། སེམས ་ཀྱི་ཀུན་ནས་སློང་བ་འམ་ལུང་འབོགས་པ་ཉིད་ལའོ།། བླུན་ཏོ་ཞེས་བྱ་བ་ནི་དམན་པར་གྱུར་པའོ།། རྒྱལ་པོས་བྱིན་གྱིས་བརླབས་པ་ལས་བྱུང་བ་ནི་བསྒྲུབས་པ་ཡིན་ནོ།། སྤྲོ་ཞིང་ཞེས་བྱ་བ་ནི་ཚུལ་མ་ཡིན་པའི་སྐྱེ་རྗོད་པར་བྱེད ་པ་ཡིན་ནོ།། ལུས་ལ་ཆད་པ་ཞེས་བྱ་བ་ནི་བྲོས་པར་གྱུར་ན་དུས་ཕྱིས་ཁྱོད་ཀྱི་ལུས་ཐམས་ཅད་དུ་གཟུང་བར་བྱ་བའོ།། ད་ནི་འདི་ལ་མི་རུང་ཞེས་བྱ་བ་ནི་སྔ་མ་དེ་དག་ཐམས་ཅད་ལ་ནི་ཐབས་ཉིད་ཡོད་ཀྱི་འདི་ལ་ནི་ཟངས་ཡོད་པ ་མ་ཡིནོ།། ཐག་ཉེ་བར་ཞེས་བྱ་བ་ནི་གམ་ཕྱི་དག་ཏུའོ།། རྣམ་པ་བདུན་དུ་བསྐོར་བ་བྱས་ནས་ཞེས་བྱ་བ་ནི་སོ་སོར་ཐ་དད་པར་བསྐོར་བའི་ཕྱིར་དེ་དག་རྣམ་པ་བདུན་དུ་བསྒོམ་པ་ཡིནོ།། བཙག་ལ་སོགས་པས་སྐྲའི་མཚམས་ཀྱི ་གནས་བསྒྱུར་བ་དང་མར་གྱིས་བསྐུས་ནས་སོ།། ཕས་བུ་གྲགས་པར་བྱེད་ཅེས་བྱ་བ་ནི་རབ་ཏུ་གསོལ་བར་བྱེད་པ་ཡིན་ནོ།། འདིའི་བློ་མི་འཇིགས་པ་ཅན་ཞེས་བྱ་བ་ནི་འདིའི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར ་པའོ།། མཁས་པའི་རང་བཞིན་ཅན་ཞེས་བྱ་བ་ནི་མང་དུ་བྱས་པའི་མཁས་པའི་ལས་དག་ལ་མཁས་པར་གྱུར་པ་ཡིནོ།། རིག་བྱུང་བཞི་ནི་ངེས་བརྗོད་དང་། སྙན་དངགས་དང་། མཆོད་སྦྱིན་དང་། སྲིད་སྲུང་གི་རིག་བྱེད་ཡིན་ནོ།། རིག་བྱེད ་ཀྱི་ཡན་ལག་དྲུག་ནི་སྐར་མའི་བསྟན་བཙོས་དང་། བརྡ་སྤྲོད་པ་དང་། སྡེ་བ་སྦྱོར་དང་། དེས་བརྗོད་ལ་སོགས་པོ་ཡིནོ།། གསེར་གྱི་དོང་ཙེ་མནའ་མ་ནི་རྙིང་པ་ཡིན་ནོ།། སེམས་ཀྱི་དོགས་པས་ཞེས་བྱ་བ་ནི་དགོས་པས་བཅོམ་པར་གྱུར་པ ་འོ།། ཚེས་གྲངས་ནི་ཆེས་བརྒྱད་དང་བཅུ་བཞི་ལ་སོགས་པ་ཡི་ནོ།། དུས་ཚོགས་ནི་ཟླ་བའི་མཐའ་འམ། ལོའི་མཐའ་འམ། ལྷ་ལ་སོགས་པའི་ཉི་མ་ཡཱིནྡོ།། དགའ་སྟོན་ནི་འབའ་ཞིག་པ་ཡིནོ།། ཉེ་རེག་བྱས་ཏེ་ཞེས་བྱ་བ་ནི་རིག་བྱེད་ལ ་བརྗོད་པ་སྙིང་ཁའི་ཕྱོགས་ཁྱབ་པ་ཅན་གྱི་ཆུས་ཐ་སྙད་དུ་བྱེད་པ་སྒྲ་དང་བྲལ་བ་ལན་གསུམ་བྱས་ནས་སོ།། བརྡའི་ཚིག་ཏུ་ཞེས་བྱ་བ་ནི་ཟོལ་པའི་ཚིག་ཏུའོ།། མགོ་རྡུལ་གྱིས་འདྲེན་པ་ཞེས་བྱ་བ་ནི་མགོ་བོ་ལ་བརྡུལ་བསྐུས ་ནས་སོ།། མིག་ཟུར་ནི་འདིར་སྨིན་མ་བསྐྱོད་པ་དང་། ཟུར་མིག་ལྟ་བ་ལ་སོགས་པ་ལུས་ཀྱི་འགྱུར་བ་ཡིནོ།། རྒོད་པའི་ཚིག་ནི་འདིར་འདོད་ཆགས་ཀྱིས་འཇུག་པ་ཡིནོ།། ལྗོན་པ་ནི་ཀུན་ནས་འབྲེལ་པོའོ།། ལྷག་པར་འདྲི་བ་ནི་བསྙེན ་བཀུར་ཡིན་ནོ།། སྡི་ག་པ་ཞི་བར་གྱུར་ཅིག་ཅེས་པ་བ་ནི་བདག་རྐུ་བར་བྱེད་པའི་སྡིག་པ་ཞི་བར་གྱུར་པ་ཡིན་པས་ན་ཁོ་བོ་ལས་འདི་མི་བྱེད་དོ་ཞེས་བྱ་བའི་ཐ་ཚི་གོ།། ཁྱབ་པར་གྱུར་ཅེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་ཉིད་དུ་གྲགས ་པ་སྐྱེས་ཤིང་འཕེལ་བར་གྱུར་པ་ཡི་ནོ།། བལྟ་བའི་ཕྱིར་ཞེས་བྱ་བ་ནི་བལྟ་འདོད་པའི་ཕྱིརརོ།། དབང་དུ་ནི་ཤིན་ཏུ་དབང་དུ་བྱེད་པའོ།། མི་མཐུན་པར་བྱོས་ཤིག་ཅེས་བྱ་བ་ནི་དྲང་པོ་མ་ཡིན་པར་གྱིས་ཤིག་པ་ཡིན་ནོ།། ་མི་འཇིགས་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་ལ་འཇིགས་པ་མེད་པའི་ཕྱོག་རྒྱ་དང་རྣམ་པར་འཚོ་བ་སྤངས་པའི་ཕྱག་རྒྱ་བྱིན་པ་ཡིན་ནོ།། དམན་པ་ནི་དབུལ་བ་ཡིན་ནོ།། གཏེར་ཡོད་པ་ལ་ལྗོངས་སྤྱོད་པ་དང་བྲལ་བ་ནི་བཀྲེན་པ ་ཡིན་ནོ།། ལུས་ལ་སྙོམས་པར་བྱས་པ་ཞེས་བྱ་བ་ནི་ཇི་ལྟར་རྗེ་སུ་མཐུན་པའི་ལོངས་སྤྱོད་དག་གིས་འཕེལ་བར་བྱས་པ་ཡིན་ནོ།། ཡིད་བརྟན་པར་བྱ་བ་ནི་ཡིད་ཆེས་པར་བྱ་བ་ཡིནོ།། མཐོང་བ་ནི་རྒྱལ་པོ་དང་འགལ་བའི་ལས་ཀོ་ཕ་ལ ་དཔྱད་ནས་ཞེས་བྱ་བ་ནི་ལྐོག་ཏུ་སྐྱོན་པའི་སྒོ་ནས་ཉེས་པ་དང་བཅས་པར་བྱེད་པའོ།། རིགས་ངན་པ་ལས་སྐྱེས་པོ་ནི་རིགས་ཆུང་བ་དང་ངན་པ་ལསོ་སྐྱེས་པ་ཡིན་ནོ།། ཐམས་ཅད་ལས་སྡུག་པ་ཞེས་བྱ་བ་ནི་བློན་པོ་ཐམས་ཅད་ལས ་སྡུག་པ་འམ། རྣམ་པ་ཐམས་ཅད་དུ་སྡུག་པ་ཡིནོ།། དོན་བརྟག་པའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་བརྟག་པར་བྱ་བའི་ཕྱིར་རོ།། ངན་སོང་བ་ནི་མཆོག་ཏུ་བུལ་བ་ཡི་ནོ།། གཡུང་པོ་ནི་དམངས་རིགས་ཡིནོ།། ཤེས་པ་དང་ལྡན་པ་སྨོས་པས་ནི་བློ ་ཕུན་སུམ་པ་ཡིན་ནོ།། རྣམ་པར་ཤེས་པ་དང་ལྡན་པ་སྨོས་པས་ནི་གཙོ་བོ་རྣམ་པ་སྣ་ཚོགས་བསྟན་པ་ཡིནོ།། སའི་བདག་པོར་གྱུར་པས་ན་ས་བདག་ཡིནོ།། རྒྱལ་སྲིད་སྨོས་པས་ནི་ཡུལ་བཟུང་བ་ཡིནོ།། སྟོབས་སྨོས་པས་ནི་མཁར་དང ་འགྲོགས་བཤེས་བཟུང་བ་ཡི་ནོ།། པང་མཛོད་ནི་དཀོར་མཛོད་ཡི་ནོ།། ཆང་བ་ནི་ནོར་ཡི་ནོ།། གཙོ་བོ་ནི་རྒྱལ་པོ་བདག་ཉིད་ཁོ་ན་ཡི་ནོ།། བློན་པོ་སྨན་ཆེན་པོ་ཞེས་བྱ་བ་ནི་རྒྱལ་སྲིད་ཀྱི་རང་བཞིན་བདུན་ཡི་ནོ།། ཆ་ལུགས་ནི་རྟགས་ཡིནོ།། གཡང ་བཞི་ནི་རི་དྭགས་ཀྱི་ཕྱུགས་པ་ཡིན་ནོ།། རིགས་མཐོན་པོ་ཅན་ཡིན་པ་སུ་ནཱ་གཟུགས་བཟང་བ་ཡིན་ཏེ། རིགས་མཐོན་པོ་ཅན་དེའི་མཚན་ཉིད་ངེས་མཐོན་པོར་གྱུར་ནུས་སོ།། གྷོང་ཐམས་ཅད་ཀྱི་ཤྲཱིང་བྱུངསཱ་ནས་འཇོག་པར་བྱེད་པ་གང་ཧྲཱི ་བྱ་ནི་ཇི་སྲིད་དུ་གྲོང་གི་ཤིང་ལེན་པར་བྱེད་པ་གང་ཡིན་པ་དེ་ཐམས་ཅད་ནི་དེའི་དོན་ཡི་ནོ།། བུ་གུ་རྣ་ཅན་ནི་འདིར་རྣ་བ་གཉིས་ལ་འདོད་པ་ལ་བཀབ་པ་ཡང་མཛེས་པའི་ཕྱིར་ཡི་ནོ།། གྲོང་མི་གཙོ་བོ་ཡིནོ།། ཞིང་ཐོགས་ཏེ་ས་བོན་ཚོལ་དུ ་སོང་པོ།། ཞེས་བྱ་བ་ལ། རང་གི་བུད་མེད་ཀྱི་དབང་པོ་བྱིན་གྱིས་བརླབས་པ་ནི་ཞིང་གི་གནས་ཡིན་ལ། སྐྱེས་བུའི་མི་གཙང་བ་ནི་ས་བོན་ཡིན་པ་དེ་བས་ན་སྐྱེས་བུ་གཞན་གྱི་ཐང་དུ་སོང་ངོ་ཞེས་བྱ་བའི་བར་དུའོ།། ཐིབྲས་པོ་མེད་པ་ཞེས་བྱ ་བ་ནཱི་རྒྱུ་ལ་སོགས་པ་དང་བྲལ་བར་གྱུར་པའོ།། བདེ་བ་ཞས་བྱ་བ་ནཱཾ་འཚེ་བ་མེད་པ་ཡི་ནོ།། ཆུའི་རྩ་སྲའི་མོ་གྱོན་པར་བྱེད་པ་ཉིད་ཀྱི་ཕྱིར་མ་བཀལ་ཅིང་མ་བཏགས་པ་ཡིན་ལ། རས་བལ་གྱི་གོས་མེད་པ་ཉིད་ཀྱི་ཕྱིརརྱ་རས་བལ་མ་ཡིན ་པའི་གོས་གྱོན་པ་ཡིན་ནོ།། མིག་གཡས་པ་བཙུམས་པ་ཉིད་ཀྱི་ཕྱིར་གཡོན་པའི་མིག་གི་ཅིག་པ་ཡིནོ།། གང་གིས་ཟ་བ་ཞེས་བྱ་བ་ནི་ལག་པ་གཡས་པས་ཟ་བ་དེའི་ཕྱིར་གཡས་ནས་སོང་ཞིག་ཅེས་བྱ་བ་ཡོ་ནོ།། གང་གིས་ཟ་མིན ་ཞེས་བྱ་བ་ནི་གཡོན་པས་ཟ་བ་མ་ཡིན་པ་དེའི་ཕྱིར་གཡོན་པའི་ལམ་སྤང་བར་བྱ་བ་ཡིན་ནོ།། ཁམ་གྱི་ནགས་ཅན་ནཱི་ནས་ཀྱི་ཞིང་ཡིན་ཏེ། གང་གི་ཕྱིར་ཟས་ཀྱི་ཆན་བུ་སྒྲུབ་པར་བྱེད་པ་ཡིན་པ་དེའི་ཕྱི་རོ།། ས་ཡུའི་ནག ་ནི་ས་ལུའི་ཞིང་ཡིན་ནོ།། ཚེ་སྐྱོབ་པར་བྱའི་དོན་དུ་ནས་བརྡོས་པ་ཡོས་ཡིན་ནོ།། པ་ལ་ཤ་ནི་ཤིང་པ་ལ་ཤ་ཡིནོ།། མྱོས་ནས་ཞེས་བྱ་བ་ནི་ཁྲོས་པའི་ཚིག་གིས་རུང་བར་བྱས་པ་ཡིན་ནོ།། བསྙེན་པ་ནི་ཉུང་ཟད་ཀྱིས་སོ།། རྗེས་སུ་འབྲང་བར ་བྱ་བ་ཞེས་བྱ་བ་ནི་སེམས་བཟུང་བར་བྱ་བའི་ལུས་དང་ངག་གི་འགྱུར་བ་རྗེསུ་མཐུན་པར་བྱ་བ་ཡིནོ།། བསྟན་བཅོས་མང་དུ་ཞེས་བྱ་བ་ནི་བསྟན་བཅོས་མང་པོ་ལ་བློ་སྦྱངས་པར་གྱུར་པ་ཡིནོ།། བུ་མོ་བླ་བར་བྱསོ་ཞེས་བྱ་བ་ནི་རིག ་བྱེད་ལས་ཇི་སྐད་དུ་བསྟན་པ་བཞིན་དུའོ།། བར་དུ་བཅིངས་ནས་ཞེས་བྱ་བ་ནི་གཏུམས་པ་ཡིན་ནོ།། ཡིད་བརྟན་པས་ལེན་པ་ཞེས་བྱ་བ་ནི་ཡིད་བརྟན་པར་གྱུར་པས་ལེན་པོ་ཡིནོ།། སྦྱང་ཞེས་བྱ་བ་ནི་ནས་ལ་སོགས་པ་གཞུག་པའི་ཀན ་སྤྲོར་རུང་བ་ཡིན་ནོ།། གང་དུ་བྱ་བ་དང་བྱ་བ་ཞེས་པ་ནི་འཇོག་མཁས་པོ་དག་དང་མཚུངས་པ་ཡི་ནོ།། གྲངས་ཀྱི་ཆ་ནི་བཞི་དག་ཡིན་ཞེས་བྱ་བ་ནི་གྲངས་དང་གི་ཆུ་བཞི་དག་ཡོད་པ་ཡིན་ནོ།། ཇི་སྟེ་དེའི་ཆ་གཅིག་མེད་ཅེས་བྱ་བ་ནི་ཆ་གཅིག ་བྱིན་པར་མ་གྱུར་པ་ཡིན་ནོ།། ནགས་ཀྱི་སྒྲོག་ཏུ་གཞུག་པར་གྱིས་ཞེས་བྱ་བ་ནི་ཤིང་སྐམ་པོ་ལས་བྱས་པའི་གངོས་ཀྱི་མིང་ཅན་ལ་གཞུག་པར་བྱ་བ་ཡིནོ།། དེ་ལ་ཞེས་བྱ་བ་ནི་བྲམ་ཟེ་དེ་གངོསུ་བཅུག་ནས་གྲངས་ཀྱིས་བླང་བར ་བྱ་བ་ཡིན།། གཙང་སྒྲ་ཞེས་བྱ་བ་ནི་སྡིག་པ་ཐམས་ཅད་སྦྱོང་བ་ཡིནོ།། ང་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པ་ལ། བདག་གཅིག་པུ་མ་གཏོགས་པ་ཉིད་ནི་ཐམས་ཅད་ཀྱི་མཆོགབོ་ན་ཡིནོ་ཞེས་བྱ་བའི་ཐ་ཚི་གོ།། ཉེ་བར་ཆོད་པ ་པས་ཞེས་བྱ་བ་ནི་བོས་པར་གྱུར་པས་སོ།། གཅོང་བར་བྱ་བ་ཡིན་ཞིང་ཐ་སྙད་དུ་བྱ་བ་ཡིན་པོས་ན་ཟོང་ཞེས་བྱ་བ་ཡིནོ།། རིགས་པ་ཞེས་བྱ་བ་ལ་སོགས་པ་ལ་རིགས་པ་ནི་འདིར་སྐྱེས་བུའི་སེམས་མགུ་བར་བྱེད་པ་ལ་མཁས་པ ་ཉིད་བཟུང་ངོ་།། དུལ་བ་ནི་ལུས་ངག་གི་སྤྱོད་པ་དུལ་བ་ཡིནོ།། རྒྱ་ཆེ་བ་ནི་རྒྱ་ཆེ་བ་ལ་མོས་པ་ཉིད་ཡིནོ།། ནོར་བྱེད་པའི་ངང་ཚུལ་ཅན་ཉིད་ནི་མཐུན་པ་ཡིནོ།། རྩེ་བ་ནི་རྣམ་པར་བརྩེ་བ་ཡིནོ།། ཁ་གསག་ཅེས་བྱ་བ་ནི་ཡལ་འཇུག་པར་བྱེད ་པས་ན་གཞན་སྨྲ་བར་བྱེད་པའི་ཆོས་བརྗོད་པ་ཡིནོ།། རྫུན་ནི་རྫུན་དུ་སྨྲ་བར་བྱེད་པའོ།། སྐྱེས་བུ་མཁས་པ་ནི་འཇིག་རྟེན་གྱི་ཐ་སྙད་ལ་བྱང་བ་ཡིནོ།། འཕྱིས་པ་ནི་ཡུན་རིང་པོར་འགོར་བ་ཡི་ནོ།། དཔྱོད་པ་ནི་རྣམ་པར་འབྱེད་པའོ།། བསླུས་ནོས ་ཞེས་བྱ་བ་ནི་ནོར་སྦྱིན་པོའི་ཁས་བླངས་པའི་སྒོ་ནས་ཆགས་པ་སྐྱེས་པ་སྟཽ་བསླུས་པོ་ཡིནོ།། ནོངས་པ་ཞེས་བྱ་བ་ནི་རང་གི་གཙོ་བོ་ལྀ་རྒྱབ་ཀྱིས་ཕྱོགས་པ་བས་པ་ཡིནོ།། ང་མི་བདེའོ་ཞེས་བྱ་བ་ནི་ང་ནའོ་ཞེའོ།། ཐོ་བརྩམ་པར་བི་བྱིའོ་ཞེ ་བྱ་བ་ནི་གཙེས་པར་བགྱི་བའོ།། མེ་ཏོག་ཕྲེང་གིས་ཞེས་བྱ་བ་ནི་མེ་ཏོག་གི་ཕྲེང་བས་བརྒྱན་པར་གྱུར་ནས་སོ།། ཁ་སྤུ་བྲགས་པ་ནི་ཁཾ་སྤུ་བྲེགས་པ་ཡིན་ནོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚོར་ལ་འཇུག་པ་ཡིན་ནོ།། གློ་བ་ལྕོགསོ་ཞེས་བྱ ་བ་ནི་བློ་སྦྱིན་པ་ཡི་ནོ།། ཁྱིམ་གྱི་རྒྱུད་ཅེས་བྱ་བ་ནི་གཉེན་གྱི་འབྲེལ་པ་ཡིནོ།། དྲན་པ་ནི་སྟོན་བྱས་པ་དྲན་པ་དང་བྱ་བ་དྲན་པ་ཡིན་ནོ།། ཤེས་བཞིན་ནི་ལས་བྱ་བ་ཡོངསུ་གཅོད་པར་བྱེད་པ་ཡིན་ནོ།། མཁས་པ་ནི་འདིར་བྱ་བ ་ལ་བྱུང་བ་ཡིན་ནོ།། གསལ་བ་ནི་རྟོག་པ་ལ་མཁས་པ་ཡིནོ།། ཡིད་གཞུངས་པ་ནི་མྱུར་དུ་ཡོངསུ་ཤེས་པ་ཡིན་ནོ།། འཇིག་རྟེན་གྱི་ཆོས་ནི་འཇིག་རྟེན་གྱི་ཐ་སྙད་དུ་བྱ་བ་ཡིན་ནོ།། བརྩོན་པ་ནི་ལེ་ལོ་མོད་པ་ཡིན་ནོ།། སྐྱེ་གནས་གཞན་དུ་འགྲོ ་བར་བྱེད་པའི་རྣམ་གྲངས་ཀྱིས་ཞེས་བྱ་བ་ལ། ཇི་ལྟར་རིག་བྱེད་ལས་བརྒྱུད་པས་འོངས་པའི་ཆོ་ག་ལས་སྐྱེ་གནས་གཞན་ལས་སྐྱེས་པ་ལ་སྐྱེ་གནས་གཞན་ནོས་སྐྱེས་པས་མེ་སྦྱོར་བྱས་པ་ཡིན་པ་དེ་ལྟར་བྱས་པོ་ཡིནོ།། དེ་བག་མེད་པ ་ལོག་ཤིག་ཏུ་སོང་བ་ལས་ཁྲས་ཁྱོར་ཏེ་ཞེས་བྱ་བ་ནི་སྟོབས་ཀྱིས་ཁྱེར་ཞིང་ཕྲོགས་པར་གྱུར་པའོ།། ལྕོགས་ཀྱི་དོག་ལེ་ནི་ཁུར་བཱ་ལ་སོགས་པ་འཚེད་པའི་ཐབ་སུ་གྱུར་པ་ཡི་ནོ།། བུར་བ་རྣམ་པ་མང་པོ་ནི་ཁུར་བ་ཡིནོ།། དུག་དང་སྦྱར ་བ་ཞེས་བྱ་བ་ནི་དེ་དག་དུག་དང་བསྲོས་པར་གྱུར་པ་ཡིནོ།། གླགས་ཟིན་ནོ་ཞེས་བྱ་བ་ནཱི་སྒྲ་འདི་གསལ་པོར་གྱུར་པ་ཡིན་ནོ།། ལྟོ་འཕྱེ་ནི་རང་བཞིན་ཡོངས་བཅད་པར་དཀའ་བྱ་ཡིན་ནོ།། བློ་གློས་ངན་པ་ཞེས་བྱ་བ་ནི་བློ་གྲོས་མི་བཟང ་པར་གྱུར་པ་ཡིནོ།། མཐོང་བ་ནི་མིག་གིས་ཡིན་ནོ།། ཐོས་པ་ནི་རྣ་བས་ཡིནོ།། ཤེས་པ་ནི་ཡིད་ཀྱིས་ཡིནནོ།། དོན་ཡོངསུ་སྒྲུབ་པ་ཞེས་བྱ་བ་ནི་འགྲོ་བའི་དོན་བསྒྲུབས་པ་ཡི་ནོ།། བདག་ལ་མ་བརྙས་ཤིག་ཅེས་བྱ་བ་ནི་བདག་ལ་བརྙམ ་བརྙས་པ་མེད་པར་གྱུར་པར་ཤོག་ཅིག་ཅེས་བྱ་བ་ཡིནོ།། ཡུལ་ལུས་ངན་གྱི་རྒྱལ་པོའི་ཕྱིར་ཞེས་བྱ་བ་ནི་ཡུལ་ལུས་ངན་གྱི་རྒྱལ་པོ་ཐག་ཉེ་བ.རོ།། དམྱག་གིས་བསྐོར་ནས་ཞེས་བྱ་བ་ནི་ཡུལ་དང་ཉེ་བ་དམག་གིས་བསྐོར་བ ་ཡིན་ནོ།། འཐབ་པ་ཞེས་བྱ་བ་ནཱཾ་གཡུལ་འགྱོད་པར་མངོན་དུ་ཕྱོགས་པ་ཡིན་ནོ།། བློ་མོཁས་པ་ཞེས་བྱ་བ་ནི་སྨན་ཆེན་པོའི་བློ་ཆེན་པོར་གྱུར་པསོ།། སྟོབས་ཐམས་ཅད་ཀྱིས་ཅིག་ཅིར་ལྤགས་པ་ནི་དཔུང་ནི་ལྷགས་པར་གྱུར་པ ་ནོ།། མངོན་པར་སྒྲགས་པ་ནི་ཉམ་ང་བའི་གནས་སུ་བཞགོ་པའི་སྒོ་ནས་ཀུན་ནས་བསྒྲགས་པ་ཡིན་ནོ།། ཕན་འདོགས་པར་བྱེད་པས་ཁྲིང་ནས་ཞེས་བྱ་བ་ནི་སྨན་ཆེན་པོས་རྒྱལ་པོའི་མཛོད་དུ་འཇུད་པར་བྱེད་པ་གང་ཡིན་པ ་དེ་ནི་དེ་ལ་ཕན་འདོགས་པར་བྱེད་པ་ཡིན་ཏེ་ངེས་སོ།། འཁོར་བསྒྱངས་པ་ཞེས་བྱ་བ་མཚོགས་སྤངས་པ་སྟེ། གཅིག་པུ་ཞེས་བྱ་བའི་བར་དུའོ།། ཕྱུང་ནས་ཞེས་བྱ་བོ་ནི་ཐ་དད་དུ་བྱས་ནས་ཕའི་ཁྱིམ་ལས་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་ཡིན། ་ནོ།། གྱོང་ནི་ཉེས་པ་བརྗོད་པ་སྔོན་དུ་སོང་བ་རྩམ་གྱི་འོསུ་སྨྲ་བ་ཡིནོ།། ངམ་བཅས་ཞེས་བྱ་བ་ལ་སོགས་པ་ལ། མནའ་འདོར་བ་སྔོན་དུ་སོང་བོ་ཅན་གྱི་ཡིད་ཆེས་པས་བཏང་བ་ཡིནོ།། གསོ་པ་ནི་ལྷའི་གཟུགསཽ་བརྙན་གྱི་བུ་གུ་ཡིནོ།། ་ལྷའི་མཆོད་པ་བྱེད་པ་ནི་སྲིད་ཞུ་བྱེད་པ་ཡིནོ།། གཏོར་མ་ནི་འདིར་ཚོན་སྣ་ཚོགས་སྔོན་དུ་སོང་བ་ཅན་གྱི་ལསུ་རྣམ་པར་སྟོབས་པ་ཡིན་ནོ།། དབུར་པ་ལ་སོགས་པའི་ལྷའི་བཤོས་སྦྱིན་པ་ནི་ཟས་ཀྱིས་མཆོད་པ་ཡིན་ནོ།། བྱས་པ་ཞེས ་བྱ་བ་ནི་ལོ་མཱ་བཤུས་པ་ལྟར་གནོད་པ་ཡི་ནོ།། ལན་དུ་བྱས་པ་ནི་འཁོར་དང་བཅས་པའི་སྒྱུ་དྲང་ཁ་སྤུ་བྲེགས་པ་ཡིནོ།། ཟླས་ངནྡ་པ་ནི་སྨད་པའི་ཟས་ཤིན་ཏུ་ངན་པ་ཞེས་བྱ་བའི་ཐ་ཆེ་གོ།། བདག་ལྟོགས་དྲིས ་བེའུ་བཀུམ་མོ་ཞེས་བྱ་བ་ནི་ཁྱིམ་དེ་ལྟ་བུའི་ཚུལ་ཅན་གྱི་ཚིག་བརྗོད་པ་ཡིན་ནོ།། དེའི་ནུས་པ་འདི་ཡང་ཅིའི་ཕྱིར་ཞེ་ན། འདིར་བླ་མ་དག་ནི་ཁྱི་དེ་གཅིག་པུ་དུས་ཀྱི་མཐུར་བཏགས་ནས་བཞག་པ་དང་། ལྟོགས་པར་གྱུར་པ་དེས ་རང་གི་རིས་དང་སྐལ་པོ་མཉམ་པའི་ཁོངསུ་གཏོགས་པའི་སེམས་ཅན་མ་མཐོང་བ་དེའི་ཕྱིར་འདིའི་སེམས་བདག་ནི་རྟག་ཏུ་ལྟོགས་པར་གྱུར་ན་ནམ་ཞིག་ན་བསོད་པའི་བཟའ་བ་རྙེད་པར་གྱུར་སྙམ་པ་ངེས་གཞན་གོམས ་པར་གྱུར་པ་ཉིད་ཀྱི་ཕྱིར་དུས་དེའི་ཚེ་ཚིག་གཅིག་པོ་དེ་ཉིད་མངོན་དུ་གྱུར་པ་ཡིན་གྱི་གཞན་ནི་མ་ཡིནོ་ཞེས་སྟོན་པར་མཛད་དོ།། སྡུམ་ཟན་ནི་འབྲེལ་པའི་སྡེ་ཚུན་ཡིནོ།། སྔགས་ཀྱིས་རེངས་པར་བྱས་པ་ནི་སྔགས་ཀྱིས་རྡོའི་འོག ་ཏུ་ནུབ་པར་བྱེད་པལྀ་ནུས་པ་རེངས་པར་བྱས་པ་དང་། རྡོ་བདག་ཉིད་འཕྱོ་བའི་ནུས་པ་དང་། བྱ་བ་བྱེད་པའི་ནུས་པ་ཅན་དུ་བདག་ཉིད་སྐྱེད་པ་ཡིན་ནོ།། གཏམ་སྔོན་དུ་སོང་བ་ཅན་ཞེས་བྱ་བ་ནི་སྐབོས་འབྱེད་པ་སྔོན་དུ་སོང་བ ་ཅན་ཡིནོ།། རིག་པའི་གནས་བཅོ་བརྒྱ་དོ་ལ་མཁས་པ་ཞེས་བྱ་བ་ལ་རིག་པའི་གནས་བཅོ་བརྒྱད་ནི། རོལ་མོ་དང་། འཁྲིག་ཐབས་དང་།། སོ་ཆིས་དང་། གྲངས་ཅན་དང་། སྒྲ་དང་། གསོ་བ་དང་། ཆོས་ལྕོགས་དང་། བཟོ་དང་། ་འཕོང་དཔྱང་དང་། གཏན་ཚིགས་དང་། སྦྱོར་བ་དང་། ཐོས་པ་དང་། དྲན་པ་དང་། སྐར་མའི་དཔྱད་དང་། རྩིས་དང་། མིག་འཕྲུལ་དང་། སྔོན་གྱི་རབས་དང་། སྔོན་འབྱུང་བ་དག་ཡིན་ཏེ། རིག་པ་བཅོ་བརྒྱད་དེ་དང་དེ།། སྔོན་གྱི་དྲང་སྲོང ་ངག་གིས་བཤད།། མྱུར་དུ་ཁོངསུ་ཆུད་པོར་བྱེད་པའི་བློ་གང་ལ་ཡོད་པ་དེ་ནི་བློ་རྣོ་བ་ཡིན་ལ། བྱེ་བྲག་ཁོང་དུ་ཆུད་པར་བྱེད་པ་ནི་གསལ་བ་ཡིནོ།། ཁ་དོག་མི་སྡུག་པ་བཅོ་བརྒྱད་ཅེས་བྱ་བ་ནི་མཚན་ངན་པུ་བེཅོ་བརྒྱད་སྔར ་བཤད་པ་ཡིན་ནོ།། སྐབས་ཕྱེའོ་ཞེས་བྱ་བ་ནི་ཀླག་པར་བགྱིའོ་ཞེས་བྱ་བ་དེ་ཁས་བླངས་པ་ཡིནོ།། གཟི་ཕྲོགས་པར་གྱུར་པས་ཞེས་བྱ་བ་ནི་ཉི་མ་ཐག་ཉེ་བའི་སྲིན་བུ་མེ་ཁྱེར་དང་འདྲ་བོར་དེའི་གཟུགས་མཛེས་པས་ཟིལ ་གྱིས་གནོན་པར་གྱུར་པ་ཡིནོ།། འཕྲུལ་དུ་སྨྲེ་དང་སྦྱར་བའི་བཏུང་བས་ཚིམ་པར་བྱེད་པ་ཡིན་པས་ན་ཆུ་སྒྲོག་ཡིན་ནོ།། བསྟན་བཅོས་བྱེད་པ་ནི་གང་གིས་ཆོས་ཀྱི་བསྟན་བཅོས་བྱས་པ་དེ་འདིར་བསྟན་བཅོས་བྱེད་པར་འདོད་དོ།། དྲང་སྐྱོང ་ནོ་དྲན་པའི་བསྟན་བཅོས་བྱེད་པ་ཡི་ནོ།། འཛམ་པོར་སྨྲ་བ་ཞེས་བྱ་བ་ནི་ཡིད་དུ་འོང་བོར་སྨྲ་བའི་ངང་ཚུལ་ཅན་ཡི་ནོ།། མིག་མཛེས་པ་གང་ལོ་ཡོད་པ་དེ་ནི་འདིར་མིག་ཤིན་ཏུ་ལེགས་པ་ཡི་ནོ།། ནགས་ཀྱི་ལྷ་མོ་ནི་འདིར་ལྷའི་གནས་ཀྱི་བྱིན་མོ ་ཡིན་ནོ།། ལྷ་མོ་ནི་རང་གིས་སྒྲས་གཟུང་བར་བྱ་བ་ཡིན་པའི་ཕྱིར།། ངང་པའི་སྒྲ་ལྟར་ཡིད་དུ་འོང་བའི་རྐང་གདུ་ཀྱི་སྒྲ་གང་ལ་ཡོད་པ་དེ་ནི་འདིར་ངང་པ་རྐང་གདུབ་དབྱངས་སྙན་ཅན་ཡིན་ནོ།། དཔེར་ན་སྤྲིན་འཐུག་པོ་གློག་འགྱུ་བ་མཛེས་པ ་གྱུར་པ་དེ་དང་འདྲ་བར་ཁྱེད་ཀྱང་ཤིང་ཐིབས་པོ་དག་ལས་ཞེས་བྱ་བ་ཡིནོ།། ལྟེ་བ་མཛེས་པ་གང་ལ་ཡོད་པ་དེ་ནི་འདིར་ལྟ་བ་མཱཛྙེ་སྭཱ་པཱ་ཙནྡྲ་ཡི་ནོ།། སྨིན་མྦྷ་འཇུག་པ་འམ་མ་འདྲེས་པ་གང་ལ་ཡོད་པ་དེ་ནི་འདིར་སྦྱིན་པ ་འཇུག་པ་ཡི་ནོ།། ལས་བྱེད་ཅེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་ན་སྟོབས་ཀྱི་རྣམ་པ་ལས་བྱེད་པ་གང་ཡིན་པ་དེ་ལུས་བྱེད་ཅེས་བྱའོ།། རྡོ་ཞེས་བྱ་བ་འདི་རྡོའི་མིང་གི་རྣམ་གྲངས་ཡིན་ཡིནོ།། གཏམ་གཞན་གྱིས་ཞེས་བྱ་བ་ནི་སྐབས་གཞན་གྱིས ་སོ།། དེའི་ཚེ་དེའི་ཆུང་མ་ངོ་རྒྱལ་པོ་དང་ལྷན་ཅིག་ཨུག་ཤུང་རྩེ་བ་དེ་ལ་གཞོལ་ནས་འདུག་པའོ།། དེས་གཞི་ནི་གསེར་ལོས་བྱས་པོ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། གསེར་ལས་བསྐུར་བ་ནི་གསེར་ལས་བྱས་པ་ཡིན་ལ། གསེར་ལས་བྱས་པའི ་ཨུག་ཤུད་རྩེ་བའི་རྟེན་དུ་གྱུར་པའི་གཞི་ནི་གསེརེ་ལས་བྱས་པ་སྟེ་དེ་ལའོ།། གནས་བརྒྱད་ཀྱི་གནས་བྱས་པ་ཞེས་བྱ་བ་ནི་རིག་ལ་སོགས་པས་རྣམ་པ་བརྒྱད་དུ་བགོས་པའི་ཕྱིར།། བཟང་པོ་བདག་ལ་མཽ་དགའ་འམ་ཞེས་བྱ་བ་ནི། དངོ་ལ་དགའ ་བསྐྱེད་པར་མི་བྱེད་དམ་ཞེས་བྱ་བ་ཡིནོ།། འཇོག་མཁནི་ནོ་རྡོ་མཁན་ལ་བྱ་བ་སྟེ། རྡོ་ལ་མཁས་པ་འམ། འཇོག་པའི་ལས་ལ་མཁས་པ་ཡིནོ།། གཡོག་གཞན་གྱིས་ཀྱང་གོང་འདི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིནོ།། འདོར་ཞིང་འཇོག་པ ་བྱེད་པ་ཞེས་བྱ་བ་ལ་དེ་དག་ནི་ཨུ་ག་ཤུད་ལ་རབ་ཏུ་ཆགས་པའི་སྦས་པའི་ཚིག་ཡིན་ཏེ། འདི་ལྟར་འཇོག་པར་བྱེད་པ་ལ་རྔ་དང་ཙུན་ཙ་ཞེས་བྱ་བ་ལྟ་བུའོ།། ཡང་བྲམ་ཟེས་ཀྱང་འབིགས་བྱེད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ།། ལཾ་གཱ་དང ་ཉེ་བའི་ནགས་ཡིན་པས་ན་ཉེ་བའི་ནགས་ཡིནོ།། ཡང་བུད་མེད་ཀྱིས་ཀྱང་ཁྱོད་ལ་དྲིས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིནོ།། ཡང་བྲམ་ཟེས་མང་ཐོས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྣ་ཚོགས་པ་གཏམ་སྒྲ་ལ་ཞེས་བྱ་བ་ལ་གཏམ ་མཛེས་པ་རྣམ་པ་མང་པོ་ལ་མཁས་པ་ལའོ།། གསེར་གྱི་འོད་དང་མུཚུངས་པ་ལ་ཞེས་བྱ་བ་ནི་གསེར་གྱི་འོད་དང་མཚུངས་པ་ལའོ།། ཡང་བུད་མེད་གྱི་སློབ་དཔོན་དྲུང་ན་ཞེས་བྱ་བ་སོགས་པ་སྨྲས་པ་ཡིནོ།། ཡང་བྲམ་ཟེས་ཀྱང་རི་བོའི་རྩེ་ས་ནུས ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡི་ནོ།། ཡང་བུད་མེད་ཀྱིས་ཀྱང་རི་བོའི་རྩ་ནས་བདག་ཅེས་བྱ་བ་སོགས་པ་སྨྲས་པ་ཡིནོ།། ང་འདོད་ཆེན་ཁྱོད་མ་འདོད་ཅེས་བྱ་བ་ནི་པོའི་ཚེ་ཁྱོད་ཀྱིས་ཡུལ་ལ་ང་འདོད་པར་གྱུར་པ་ན་ཁྱོད་མ་འདོང་ལ་དུ་ལྟར་ནི་རྒྱོན་འཛིན། ་དུ་ཟིན་ཀྱང་ང་འདོད་པ་སྐྱེས་པར་མ་གྱུར་པ་ཡིནོ།། རྔ་ཆེན་གནས་ཀྱིས་བཅིངས་པར་གྱུར་ཅེས་བྱ་བ་ནི་རྩཝ་ཆེན་དུ་བརྡར་བཏགས་པའི་ཨུག་ཤུད་ཀྱི་ཆ་བྱད་དེས་གནས་ཏེ་རྟེན་དུ་བཅིངས་པར་གྱུར་པ་ཡཱི་ནོ།། དེའི་བཟློས་པ་ཞེས་བྱ་བ་ནི་རོལ་བྱེད་ཀློག། ་པ་ཡིནོ།། མ་རུངས་པས་མི་ཚུགས་པར་བྱ་བ་ཞེས་བྱ་བ་ནི་འདི་ལ་ཁྱེད་ཀྱིས་རྩེ་བ་མེད་པ་ཉིད་དུ་མི་བྱ་ཞིང་འདི་ལ་ཅུང་ཟད་ཀྱང་མི་སྙན་པའི་ཚིག་བརྗོད་པར་མི་བྱའོ།། སྔགས་ཀྱི་སྟོབས་ཞེས་བྱ་བ་ནི་སྔགས་ཀྱི་ནུས་པ་དང་ལྡན་པ་འགའོ་ཞིག ་ཏུ་ཡང་དཀར་བ་ལ་སོགས་པ་རྣམ་པར་འཚེར་བའི་རྒྱུ་ཅུང་ཟད་ལ་འཇུག་པར་འགྱུར་བ་ཡིནོ།། རྣམ་པར་རྒྱལ་བའི་གནས་ན་ལྷ་མོ་བདེ་སོགས་བཞིན་དུ་ཞེས་བྱ་བ་ལས་རྣམ་པར་རྒྱལ་བའོ་ཁང་བཟངས་ཀྱི་གནས་ན་བརྒྱ་བྱིན་ལྟ་བུའོ།། ་སྔགས་ཀྱིས་རེངས་པ་བཞིན་དུ་ཞེས་བྱ་བ་ནི་སྔགས་ཀྱིས་ནུས་པ་ཕྲོགས་པ་ལྷ་རོ།། ཐམས་ཅད་ལམ་སྨད་པར་བྱ་བའི་བྲན་མོ་ཆུ་ཆུན་མ་ཡི་ནོ།། རྒྱ་ཆེར་བརྗོད་པར་བྱའོ་ཞེས་བྱ་བ་ནི་མཐར་གྱིས་ཚུལ་དང་མཐུན་པར་མ་ཡིན་པའི ་ཁང་པ་རྒྱས་པར་བྱས་སོ་ཞེས་བྱ་བ་ལ་སོགས་པ་ཡིནོ།། སྤྲང་པོ་ཞེས་བྱ་བ་ལ། ཟས་ཀྱི་ལྷག་མ་ནི་གོང་བུ་ཡིན་ལྔ། དེ་ལེན་པར་བྱེད་པོ་འམ་སྡུད་པར་བྱེད་པ་འམ། བྱེད་ཟོས་པ་དང་། བྱོར་པ་ཡོད་སྩོ་ལན་ཅིང་ན་བར་བྱེད་པ་གང་ཡིན་པ་དེ་ནི་སྤྲང་པོ ་ཡིན་ནོ།། བརྩོན་ར་ནོ་བཅིངདྲ་བར་བྱེད་པའི་ཁང་པ་ཡི་ནོ།། བཤང་བར་བྱསོ་སོ་ཞེས་བྱ་བ་ནི་ལུས་ཀྱི་ངོར་བྱས་པ་ཡིན་ནོ།། འདོད་པའི་རྒྱུད་ནི་འདོད་པའི་ཡོ་བྱད་ཡིནོ།། སྟོབས་ཆུང་བར་འགྱུ་རོ་ཞེས་བྱ་བཾ་ནི་གཎྜཱི་ཆུང་པ་དང་། སྤྲོ་བ་ཆུད་པར་འགྱུར་རོ།། གཅིག་ཏུ ་འདུས་ཏེ་ཞེས་བྱ་བ་ནི་གཅིག་ཏུ་འཚོགས་པ་ཡིན་ནོ།། འཇིག་རྟེན་གྱི་སྤྱོད་པ་ནི་འདིར་མི་ཚངས་པར་སྤྱོ་བོ་པ་ཡི་ནོ།། བློན་པོ་དྲུག་གིས་རྣམ་པ་གཞན་གྱི་སྒོ་ནས་གཙང་གཏམ་གསལ་པོར་བྱས་པོ་ཡི་ནོ།། དེའི་མཚན་མ་མཐོང་སྟེ་ཞེས་བྱ་བ་ནི་ཐེ་ཚོམ་མེད ་པར་ཁོང་དུ་ཆུད་པར་གྱུར་པ་ཡིན་ནོ།། གང་ན་བདག་མི་གནས་མི་དབང་པོ་ཞེས་བྱ་བ་ནི་གང་ན་བདགི་གོ་ནུས་པ་ཡོད་པ་མ་ཡིན་པརོ།། འཚོ་བ་ནི་འཚོ་བའི་ཐབས་ཡི་ནོ།། དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་གཟོའི་རིགས་གྱུར་པ་ཡི་ནོ།། དེ་འདྲ་བའི་སྣོད་ཅེས ་བྱ་བ་ལ། དེའི་བཟོ་བོས་བསྒྲུབ་ཏུ་རུང་བའི་སྣོད་ཡིནོ།། སེན་མོ་བཅད་པ་ཞེས་བྱ་བ་ནི་སེན་མོ་གཅོད་པར་བྱེད་པ་ཡིན་ནོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཨརྨོ་ཞིག་ལྟ་བུའི་རྡོ་ལེབ་ནི་རབ་ཏུ་བྱུང་བ་དང་རྗེ་སུ་མཐུན་པོའི་བདེ་བའི་གནས་ཡི་ནོ།། དབྱར ་ཚུལ་དུ་ཞུགས་པ་ཞེས་བྱ་བ་ནི་དབྱར་གནས་པ་ཉིད་དུ་ཁས་བླང་བར་བྱས་པ་ཡིནོ།། འཁོར་བཞི་ཞེས་བྱ་བ་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསླན་དང་། དགེ་བསྙན་མའི་འཁོར་ཡིནོ།། ཤིན་ཏུ་སྐོམ་པ་ཞེས་བྱ་བ་ནི་བཅོམ ་ལྡན་འདས་ཀྱི་ཞལ་མཐོང་བའི་ཕྱིར་བདག་རབ་ཏུ་འདོད་པས་གནས་པར་གྱུར་པའོ།། རིགས་ཤིང་ལེགས་པ་ཞེས་བྱ་བ་ནི་ལེགས་ཏེ་བདག་ཉིད་ཀྱིས་སྤོབས་པ་ལ་གནོད་པ་མ་ཡིནོ།། རྫུ་འཕྲུལ་ཞེས་བྱ་བ་ནི་གང་གི་ཚེ་བདག་ཅག་སུཾ ་ཅུ་རྩ་གསུམ་གྱི་ལྷར་འགྲོ་བར་འགྱུར་བ་ལའོ།། མཐུ་ནི་གང་གནས་འདི་ཉིད་ནས་བདག་ཉིད་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ལ་བལྟ་བར་བགྱི་བ་ལའོ།། བསྙེན་བཀུར་ནི་རྗེ་སུ་མཐུན་པའི་སྒོ་ནས་ཐག་ཉེ་བར་གནས་པ་ཡིན། ་ལེགསོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ།། བསྐུམ་པ་ཞེས་བྱ་བ་ནི་བསྡུས་པ་ཡིན་ལ། བརྐྱང་བ་ཞེས་བྱ་བ་ནི་ཁྱབ་པའམ་ཡངས་པར་བྱས་པ་ཡིན་ནོ།། རང་གི་འདུས་བྱས་པ་ནི་མ་ཡིན་གྱི་ཞེས་བྱ་བ་ནི་བདག་ཉིད་ཀྱི་བྱ་བས་ནི་མ་ཡིན་ནོ།། ། ་ལྷ་རྣམ་པ་མདོ་པོ་འདུས་པའི་ཕྱིར་རྣམ་པ་སྣ་ཚོགས་ཡི་ནོ།། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་ཟག་པ་མེད་པའི་ཡེ་ཤེས་ཀྱིས་ཤེས་ཤིང་ཁོང་དུ་ཆུད་པའི་གཅིག་ཏུ་དད་པ་རྙེད་པོ་གང་ཡིན་པ་དེ་ནི་སངས་རྒྱས་ལ་ཤེས ་ཤིང་དད་པ་ཡིནོ།། ཆོས་དང་དགེ་འདུན་དག་ཀྱང་དེ་བཞིན་ནོ།། ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་པའི་སྒོ་ནས་ཟག་པ་མེད་པའི་སྡོམ་པ་ཞེས་བྱ་བ་དེའི་ཚེ་ང་ཚུལ་ཁྲིམས་ཡིན་ནོ།། གཅིག་ལ་དད་པ་གང་ཡིན་པ་ངོ་གདོན་མི་ཟ ་བར་ཐམས་ཅད་ཁོ་ན་ལ་ཡང་སངས་རྒྱས་ཀྱིས་གསུངས་པས་ལྷག་པར་མངོན་པར་ཞེན་པར་འགྱུར་བ་ལ་དགོངས་ནས་རེ་རེ་ལ་སྨོས་བྱ་མཛད་པ་ཡིནོ།། ལྷའི་འཁོར་མི་སྣང་བར་གྱུར་ཏོ་ཞེས་བྱ་བ་ནི་ལྷས་གཏོང ་ཡིན།། ཅིའི་ཕྱིར་ཡང་བཅོམ་ལྡན་འདས་འོག་མིན་གྱི་མཐར་ཐུག་པའི་བར་དུ་གཤེགས་པར་མཛད་ཅེ་ན། འདིར་སྨྲས་པ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་དག་གི་དགེ་བའི་རྩ་བ་བསྐྲུན་པར་བྱ་བའི་ཕྱིར་ཏེ། གང་གི་ཕྱིར ་གཟུགས་ན་སྤྱོད་པའི་ལྷ་ཚེ་ལོ་བསྐལ་པ་དུ་མ་གྱུར་པ་དགེ་བའི་ཆོས་རྣམས་ལས་ཉམས་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞལ་མ་མཐོང་བ་དང་། དམ་པའོ་ཆོས་མ་ཐོས་པའི་ཕྱིར་དང་གང་དག་ཆིངས་པ་ལ་སོགས་པོ་གོང་མ་ལ་ཚོན ་པོའི་བློ་ཡོང་པོ་དེ་དང་དེ་དག་གི་བཅོམ་ལྡན་འདས་ལ་ཚངས་པ་ལས་སོགས་པ་མཆོད་པ་བྱེད་པ་མཐོང་བ་དེས། ཚངས་པ་ལ་སོགས་པ་ཆེན་པོའི་བློ་སྐྱེས་པ་གང་ཡིན་པ་དེས་ཉམས་པར་འགྱུར་བ་དང་། བཅོམ་ལྡན་འདས་ལ་དང་བླ་འཕེལ ་བར་འགྱུར་རོ།། དང་པ་སྐྱེས་པར་གྱུར་ན་འཕགས་པའི་ལམ་གྱི་ཚོགས་ལ་འཇུག་པར་འགྱུར་བ་དེའི་ཕྱིར་དེ་དག་ཁྱད་པར་ཤིན་ཏུ་ཆེན་པོར་འགྱུར་བས་བཅོམ་ལྡན་འདས་འོག་མིན་གྱི་བར་དུ་གཤེགས་པ་ནི་དོན་དང་བཅས་པ་ཡིན་ནོ།། ་ལུས་ཀྱི་དྲི་ནི་ལུས་དྲི་ཡིན།། སྐད་ཅིག་མས་འཇིག་པ་ཉིད་ཀྱི་ཕྱིར་ནི་རྟག་པ་ཡིན་ནོ།། རྒྱུན་ཆད་པ་དང་ལྡན་པའི་ཕྱིར་མི་བརྟན་པ་ཡིནོ།། ཡིད་བརྟན་དུ་རུང་བའི་དངོས་པོ་ཉིད་མ་ཡིན་པའི་ཕྱིར་ཡིད་བརྟན་དུ་མེད་པ་ཡིན་ནོ།། སྐད་ཅིག ་སྐད་ཅིག་ལ་རྣམ་པ་གཞན་དང་གཞན་དུ་སྐྱེས་པ་ཉིད་ཀྱི་ཕྱིར་རྣམ་པར་འགྱུར་བའི་ཆོས་ཅན་ཡིནོ།། ཉོན་མོངས་པའི་ཐོབ་པ་གཅོད་པའི་ཕྱིར་འདོད་ཆགས་དང་བྲལ་བ་ཡིན།། བྲལ་བའི་ཐོབ་པ་སྐྱེད་པར་བྱེད་པའི་ཕྱིར་རྣམ་པར་གྲོལ་བ་ཡིནོ།། མི ་རྟག་པའི་རྣམ་པས་ཞེས་བྱ་བ་ནི་མི་རྟོག་པའི་རྣམ་པ་གཙོ་བོར་གྱུར་པ་ཡི་ནོ།། ཆེ་ཞིང་ཆེ་བ་ཞེས་བྱ་བ་ནི་གཙོ་བོར་གྱུར་པ་ཡིན་ནོ།། སྟོན་པའི་སྤྱན་སྔར་དགེ་སློང་མ་དག་རྫུ་འཕྲུལ་སྟོན་པ་བཟློག་པར་མཛད་པ་ནི་དགེ་སློང་མ་ཀུན་ནས་ཉོན ་མོངས་པ་ཅན་ངག་གིས་ངོ་རྒྱལ་སྤང་བར་བྱ་བའི་ཕྱིར་ཏེ། གལ་ཏེ་ཟློགས་པར་མ་གྱུར་ན་དེའི་ཚེ་གང་གིས་བདག་ཅག་གི་འཁོར་གྱི་ནང་དུ་འདུས་པ་ཁོ་མོ་ཅག་འདྲ་བ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྫུ་འཕྲུལ་སྟོན་པར་བྱེད་དོ་ཅེས་དེས ་ང་རྒྱལ་སྐྱེ་བར་འགྱུར་ལ། ང་རྒྱལ་ལས་ཀྱང་ཚུལ་དོང་མཐུན་པ་མ་ཡིན་པའི་བྱ་བ་བྱེད་པར་འགྱུར་བ་དེའི་ཕྱིར་བཟློག་པ་མཛད་པ་ཡིནོ།། ས་རྣམས་གཅིག་གིས་ཐོས་པ་སྨོས་པས་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་མངོན་པོར་འདོད་པ ་ངག་བཟློག་པ་མཛད་པ་ཡིན་ལ། ལྷ་རྣམས་སུ་ཡང་འགྲོ་བ་ཞེས་བྱ་བས་ནི་ལྷའི་འཇིག་རྟེན་ལ་མངོན་པར་དགའ་བ་ཡིན།། ཡང་ཏིངེ་འཛིན་ཐོབ་པ་སྨོས་པས་ནི་འཇིག་རྟེན་པའི་སྙོམས་པར་འཇུག་པ་མངོན་པར་འདོད་པས་བཟློག ་པ་མཛད་པ་ཡིནོ།། ཆུ་སྲིན་ཉ་ལྟ་བུ་ནི་ཆུ་སྲིན་ཉའི་རིགས་ཡིནོ།། མཐུན་པའི་རླུང་གིས་ཞེས་བྱ་བ་ནི་ཀ་ཤེ་རུའི་གླིང་དུ་ཕྱིན་པར་བྱེད་པ་དང་རྗེ་སུ་མཐུན་པ་ཡིན་ནོ།། ཚུལ་ཁྲིམས་འཆལ་པར་གྱུར་པ་ཞེས་བྱ་བ་ནི་སྐྱེས་བུ་གཞན་ལ་རབ་ཏུ་ཆག ་པར་གྱུར་པ་ཡི་ནོ།། ལེགས་ཀྱིས་ཞེས་བྱ་བ་ནི་མཛེས་པའི་ཀུན་ཏུ་སྤྱོད་པ་ཡིན་ནོ།། མི་འཇིགས་བཞིན་དུ་སྦྱར་བར་བྱེད་དོ།། ཞེས་བྱ་བ་འདིས་ནི་འདབ་བཟུང་དང་མེ་ཏོག་ཡོངསུ་ལོངས་སྤྱོད་པར་བྱེད་པའི་ཚེ་སྦྱིན ་སྲོག་གི་མེ་འབར་བར་བྱེད་པའི་རྒྱུ་མཚན་ཤིང་པ་ལ་ཤོ་ལ་སོགས་པ་ཁྲུ་གང་གི་ཚོད་དུ་བྱས་པ་ནི་ཡམ་ཤིང་ཡི་ནོ།། དཱི་ལོ་ཞེས་བྱ་བ་ནི་བུ་ལའོ།། འཚོ་བ་ཞེས་བྱ་བ་ནི་འཚོ་བའི་ཐབས་སུ་གྱུར་པ་ཡིན་ནོ།། བཀྲིས་པའི ་ཀྱིས་ཞེས་བྱ་བ་ནི་ཤིན་ཏུ་བཀྲེས་པ་ཁོ་ན་པདྨ། དེ་འཆི་བར་བྱེད་པ་དེས་སོ།། མཉན་གྱིས་ཞེས་བྱ་བ་ནི་སྒྲའི་ཡུལ་དེ་ལ་རྣ་བའི་རྣམ་པར་ཤེས་པ་བསྐྱེད་པ་ཡི་ནོ།། མཚོང་བརྒལ་བ་ཞེས་བྱ་བ་ནི་སྟང་དུ་མཆོང་ཞིང་བརྒྱལ་བ་ཡིནོ།། ་འཕྱིས་པར་གྱུར་པ་ཞེས་བྱ་བ་ནི་ཡུན་རིང་དུ་ལེན་པར་གྱུར་པོ་ཡིནོ།། སེམས་བསང་བར་གྱུར་པ་ནི་སེམས་དགའ་བ་སྐྱེད་པར་བྱེད་པ་ཡིནོ།། རྡོའི་སྦྱར་བ་བྱེད་པ་རྩོམ་པ་ཞེས་བྱ་བ་ནི་འདོ་བ་བཟང་ལ་མི་བས་ལྷག་པའི་ཁུར་བཀུར ་བར་ཁོང་དུ་ཆུད་པར་བྱ་བའི་དོན་ཡིན་ནོ།། མིག་ཞར་བ་ཞེས་བྱ་བ་ནི་ཤིན་ཏུ་དྲག་ཏུ་འགྲོ་བས་དེའི་མིག་ཞར་བར་གྱུར་པ་ཡིནོ།། རྡོའི་སྦྱོར་བ་བྱེད་པོའི་གླུ་ཞེས་བྱ་བ་ནི་ཤ་ཀེ་རུའི་གླིང་དུ་ཉམསུ་མྱོང་བར་གྱུར་པའི་རབ་རིབ་ས ་མེ་ཏོག་དང་མཐུན་པོ་ཡི་ནོ།། བསྐྱོད་པ་ནི་ཞེས་བྱ་བ་ནི་འཕངས་ཤིང་འཕང་བར་གྱུར་པ་ཡིན་ནོ།། སེམས་དགའ་བར་བྱེད་པ་ཡིན་པའི་ཕྱིར་གླིང་དགའ་བ་ཡིནོ།། འདི་ནས་དེ་ལས་ཞེས་བྱ་བ་ལོ་སོགས་པ་ལ། ས་དཔག་ཚད་བརྒྱ ་པ་འདི་ལས་ཕ་རོལ་ཏུ་ཚད་ཆེན་པོའི་རྒྱ་མཚོ་ནི་ཆུ་འཛིན་ཡིན་ཏེ། དེ་འདས་པའི་ཤ་ཀ་རུའི་གླིང་ཡིནོ།། ཡིད་འཕྲོག་པ་ཞེས་བྱ་བ་ནི་ཡིད་ཀྱི་དགའ་བ་འཕྲོག་པར་བྱེད་པའི་ཕྱིར་ཡིད་འཕྲོག་པ་ཡིནོ།། བརླ་སྟེ་བཪྵ་གཉིས་ལ ་དཔལ་གྱི་བྱེའུ་ཞེས་བྱ་བའི་མཚན་མ་ཡོད་པ་ཡིནོ།། ནུ་མའི་བར་ལ་ཞེས་བྱ་བ་ལ། བ་སྤུ་ཕྲ་མོ་འཁྱིལ་པ་ཡོད་པ་ཡིནོ།། གྲོང་ཁྱེར་གྱི་གནས་གང་ན་ཡོད་པ་མ་ཡིན་པ་དེ་ནི་གྲོང་ཁྱེར་མེད་པ་ཡིནོ།། ངོགས་པ་སྐྱེས་པ་ནི་དོགས་པར ་གྱུར་པ་ཡིནོ།། བཤེས་མིན་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བཤེས་ནི་འདྲེས་པ་དང་ཤིན་ཏུ་ཡིད་བརྟན་པ་ཡིནོ།། བཤེས་མ་ཡིན་པ་སྟེ། བདག་གིས་ཡུན་རིང་པོར་ཀུན་ནས་བསྟེན་པར་ནུས་པ་མ་ཡིན་པ་དེའི་ཕྱིར་ཁོ ་བྷྲྀ་ཡང་ཁྱོད་ལས་དངོས་སུ་ཡིད་ཆེས་པར་ནུས་བྱ་མ་ཡིནོ།། གཉིས་ཀའི་མཐའ་ལས་ཉམས་པ་ཞེས་བྱ་བ་ནི་ཤའི་མཐའ་དང་ཉུའི་མཐའ་ལྔསོ།། རྩའི་ནང་ན་གནས་པ་གང་ཞེས་བྱ་བ་ནི་ཆུ་བོ་དང་ཐག་ཉེ་བར་སྐྱེས་པའི ་རིག་སུའོ།། སྦྱར་མ་ནི་འདིར་ཉེས་པ་སྤྱོད་པ་ཅན་ཡིནོ།། བདག་པོའི་མཐའ་ལས་ཉམས་པ་དང་། བྱི་བོ་པའི་མཐའ་ལས་ཉམས་པ་དེའི་ཕྱིརར་གཉི་གའི་མཐའ་ལས་ཉམས་གྱུར་པ་ཞེས་བྱའོ།། རིགས་སུན་འབྱིན་པ་ཞེས་བྱ་བ་ནི་སྐྱེས ་གཞན་ལ་ཞོན་པས་རག་ལུས་པ་ཅན་ཡིནོ།། སླར་ལོག་ཅིང་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་འབབ་པོར་གྱུར་པ་ཡིནོ།། ཞོའི་ཁ་དོག་ཅེས་བྱ་བ་ནི་དཀར་པོ་ཡིན་ལ། ཤིང་འཛམ་བུ་དང་ཤིང་ཏོ་ལ་གང་གི་ཚེ་འབྲས་བུ་འབྱིན་པོར་བྱེད་པོ ་དེའི་ཚེ་ཁྱོད་ཚུལ་ཁྲིམས་བཟང་པོ་དང་ལྡན་པར་འགྱུ་རོ།། དགུན་གྱི་བགྲོ་བར་གྱུར་པ་ནི་ཞེས་བྱ་བ་ནི་ཁ་བ་བབ་པའི་དུས་སུ་ཉེ་བར་མཁོ་བ་ཡི་ནོ།། སྦྱོང་བུ་ནི་མྱུ་གུ་ཡི་ནོ།། ལེགས་པར་ཡང་ནི་མེ་འབར་ལ། ཞེས་བྱ ་པ་ནི་གང་གི་ཚེ་རྒྱ་མཚོ་རཱི་དབུས་སུ་དུ་བ་མེད་པའི་མེ་འབར་བར་གྱུར་པ་ན་ཏེ། དེ་ནི་དཔེར་ན་ཆུ་བོ་གཾ་གཱ་བཟློག་ཕྱོགསུ་འབབ་པ་དང་། རུས་སྦལ་གྱི་སྤུ་བགོ་བར་བྱེད་པ་ལ་སོགས་པའི་དངོས་པོ་དེ་དག་སྲིད་པ་མ་ཡིན་པ་དེ་བཞིན་དུ་ཁྱོད་ཀྱི ་ཚུལ་ཁྲིམས་ཀྱང་ཡིནོ་ཞེས་བྱ་བའི་དོན་འདི་ཡི་ནོ།། གསོལ་པ་ཞེས་བྱ་བ་ནི་སྒྲ་ཆེརརྱ་བསྒྲགས་པ་ཡིན་ནོ།། ཝོའི་སྐད་ལ་མཁས་པ་ཞེས་བྱ་བ་ནི་ཝའི་མིང་ཅན་གནོད་སྦྱིན་མའི་བྱེ་བྲག་གི་དོན་ཡོངསུ་ཤེས་པ་ལ་མཁས་པ་ཡིན་ནོ།། ་བཏང་བ་ནི་ཡོངསུ་དོར་བ་ཡིནོ།། དམར་སྐྱ་ཞེས་བྱ་བ་ནི་བགོ་བ་དང་རྗེ་སུ་མཐུན་པ་དེའི་མིང་ཡིན་ཏེ། སྐྱུར་རྩི་ཆུང་ངུའི་མདོག་གི་བྱེ་བྲག་དང་འདྲ་བར་དམར་སྐྱ་ཡི་ནོ།། ཆེང་དུ་ཞེས་བྱ་བ་ནི་གཙོ་བོའི་བྱ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་བསམས ་བཞིན་དུ་བལྟ་བར་བྱེད་པ་ཡིནོ།། གླང་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ། གླང་པོ་ཆེ་ལ་སོགས་པ་དེང་འདྲ་བར་ཕན་ཚུན་དུ་གཡུལ་འགྱེད་པ་དང་། གཞན་བྱེད་དུ་བཅུག་པ་ཡིན་ནོ།། བྱ་བར་ཏ་ཀོ་ནི་སྲན་མ་མ་ཤ་ལ་སོགས་པའི་ཞིང་ན ་ཕལ་ཆེར་འདུག་པ་ལུས་ཤིན་ཏུ་ཆུང་བ་མ་ཡིན་པོའི་བྱ་བ་ཡིནོ།། དེ་ལས་ལུས་ཤིན་ཏུ་ཆུང་བ་ནི་བྱ་ལ་བ་ཀ་ཡིནོ།། བསོད་སྙོམས་སྦྱིན་པར་བྱ་བར་སེམས་པ་ཞེས་བྱ་བ་ནི་བསོད་སྙོམས་སྦྱིན་པར་བྱ་བའི་ཕྱིར་སེམས་བསྐྱེད་པར་འགྱུར ་བ་ཡིན་ནོ།། བྱ་བ་སེམས་པ་ཞེས་བྱ་བ་ནི་ཕྱག་ལ་སོགས་པའི་བསྙེན་བཀུར་བྱ་བའི་ཕྱིར་སེམས་ཀྱང་བསྐྱེད་པར་འགྱུར་བ་ཡིནོ།། མིའི་འགྲོ་བ་ཅན་ལེགས་པར་བཤད་པ་དང་། ཉེས་པར་བཤད་པའི་དོན་ཡོངསུ་ཤེས་པ་ལ་མཁས་པ ་དང་། རྣམ་པོ་ཐམས་ཅད་དུ་རུང་བ་ལྔ་འདོར་བུད་མེད་ཀྱི་ཡུལ་དུ་བཞིང་པ་ཡི་ནོ།། དགེ་སྦྱོང་ནི་འཕགས་པའི་ལམ་ཡིན་ལ། དེའི་འབྲས་བུ་ནི་ངག་སྦྱོང་གི་འབྲས་བུ་ཡི་ནོ།། བཞི་ལྔ་བྱ་ནི་དགྲ་བཅི་ཞིད་ཡིན་ལཐོབ་པ་ཐེ་བ་ད་དུ་གཉེར་བ་ལ་འཇུག་པ་མིན། རྫིན ་བྱ་ནི་མོ་ཞེལྔ་ཐུག་གི་བར་དུའོ།། ཚུལ་ཁྲིམས་འཆལ་པའི་རྒྱུ་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པས་མ་བཅོམ་པ་ཉིད་ཀྱི་ཕྱིར་ཡོངསུ་རྫོགས་པོ་ཡིནོ།། འཆལ་པའི་ཚུལ་ཁྲིམས་ཀྱིས་གནོད་པར་མོ་གྱུར་པ་ཉིད་ཀྱི་ཕྱིར་ཡོངསུ་དགེ ་པ་ཡི་ནོ།། འཆལ་པའི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྒོམ་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཡོངསུ་བྱང་བ་ཡིན་ནོ།། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིནྡ་ལ། དེའི་རྒྱུ་མཚན་སྲོག ་གཅོད་པ་ལ་སོགས་པ་ལས་ལྡོག་པ་ནི་ཚངས་པར་སྤྱོད་པ་ཡིནོ།། གཅིག་ཏུ་མྱ་ངན་ལས་འདས་པའི་ཐབས་ཉིད་ཡིན་པའི་ཕྱིར་འབའ་ཤོག་ཡིན་ནོ།། དོན་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་བསྒྲུབ་པའི་ཕྱིརརོ།། ཕན་པ་ནི་འཇིག་རྟེན་འདི ་དང་ཕ་རོལ་ཏུ་མི་འགལ་བའི་ཕྱིར་རོ།། བདེ་བའི་ཕྱིར་ཞེས་བྱ་བ་ནི་ཐར་པའི་བདེ་བ་བསྒྲུབ་པའི་ཕྱིརརོ།། ཤཱཀྱའི་བུ་མོ་ཞེས་བྱ་བ་ནི་ཤཱཀྱ་དག་གི་བུ་མོ་ཡི་ནོ།། གནས་པར་བྱ་བ་ཡིན་པས་དགོངས་མལ་ཏེ་བཅོམ་ལྡན་འདས་མཉེལ་བསོ་བའོ།། ་གཱ་ནས་ཡྀ་ནོ།། དགོངས་མལ་གྱི་རྗེསུ་བཞིན་ནམ་ཡོངསུ་སྦྱངས་པས་ན་དགོངསཱ་མ་ལ་གྷ་རྗེས་བཞི་ནོ།། དགོངས་མལ་གྱི་རྗེསུ་འགྲོ་བའི་བྱ་བ་སང་ལ་ཡོད་པ་དེ་ནི་འདིར་དགོངས་མལ་གྱི་རྗེས་བཞིན་འབྲང་བ་ཡིན་ཏེ། ་ངེསོ།། དགོངས་མལ་གཅིག་གི་དུས་ཕྱིས་དོང་ངོ་ཞེས་བྱ་བའི་བར་དུའོ།། དྲང་སྐྱོང་ཀུཉྫི་ཀས་བྱས་པའི་གནས་ནི་ཀུཉྫི་ཀའི་གནས་ཡིན་ནོ།། ངལ་བ་སྐྱེས་པ་ནི་ལུས་ངལ་བ་ཡིན་ལ། ཤིན་ཏུ་ངལ་བ་ལས་སྙོམས་པར་གྱུར་པ་ནི་ལུས་དུབ ་པ་ཡིནོ།། ལུས་གུག་པ་སྟོན་དུ་སོང་པོ་ཅན་གྱི་ཆེར་དུ་བྱ་བ་ནི་ལུས་བབ་པ་ཡི་ནོ།། མཚོམ་ཕྱུང་ངོ་ཞེས་བྱ་བ་ནི་སྒྲ་མེད་པར་དུ་བར་བྱེད་པ་དག་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ལ་འཁོར་རྣམ་བཞི་མངའ་བ་མ་ཡིན་ནམ། ་ཕྱིར་བཅོམ་ལྡན་འདས་ཀྱི་བུད་མེད་ཀྱི་ཡུལ་རབ་ཏུ་འབྱུང་བར་དཀའ་བས་གནང་བར་མཛད་ཅེ་ན། འོདི་ལྔ་བླ་མ་དག་སྐྱེ་དགུ་རི་བདག་མོ་ཆེན་མོ་ལྕེ་སོགྶ་པ་ཤཱཀྱའི་བུ་མོ་ལྔ་བརྒྱ་དང་བུད་མེད་གཞན་དག་སྐྱོ་བ་སྐྱེད་པའི་ཕྱིར་ཏེ། གང་གི ་ཕྱིར་དེ་དག་ནི་འདི་སྙམ་དུ་གལ་ཏེ་ཁོ་བོ་ཅག་ཤིན་ཏུ་སྨད་པར་འགྱུར་བ་མ་ཡིན་ན་ཅིའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་དེ་ལ་རབ་ཏུ་འབྱུང་བ་ནི་ཤིན་ཏུ་ཉམོ་ང་བོས་རྙེད་པར་འགྱུར་བ་དོ ་ཕྱིར་དེ་དག་འགྱོད་པ་སྐྱེ་བར་འགྱུར་ལ། འགྱོད་པར་གྱུར་པ་ལས་ཀྱང་ཤིན་ཏུ་དཀའ་བསོ་རྙེད་པར་གྱུར་པའི་རབ་ཏུ་བྱུང་བའི་འབྲས་བུ་དོན་མེད་པར་མ་གྱུར་ཅིག་ཅེས་ལམ་གྱི་ཚོགས་ལ་ཁྱད་པར་དུ་འཇུག་པར་འགྱུར་བས་ནི་བཅོམ ་ལྡན་འདས་ཀྱིས་ལན་གསུམ་གྱི་བར་དུ་ཡང་མ་གནང་བ་དོན་དང་བཅས་པ་ཡིན་ནོ་ཞེས་སྟོན་པར་མཛད་དོ།། རྐུན་པོ་ནི་ཐ་མལ་པའི་རྐུན་མ་ཡིན་ལ། མི་རྐུ་བ་ནི་སྐྱེས་བུ་རྐུ་བར་བྱེད་པ་ཡིན་ནོ།། ཀུན་ཏུ་ཚོམས་པར་འགྱུར ་ཞེས་བྱ་བ་ནི་ལེགས་པར་ཟིལ་གྱིས་གནོན་པར་གྱུར་པའོ།། རབ་ཏུ་ཆོམས་པར་འགྱུར་ཞེས་བྱ་བ་ནི་བྱ་བ་ཉུང་ངུས་འཇིགས་པར་འགྱུར་བ་ཡིནོ།། དེ་བཞིན་དུ་སངས་རྒྱས་ཀྱི་བསྙེན་པོ་ཡང་བུད་མེད་ཀྱི་ཡུལ་རབ་ཏུ་ཕྱུང་བ་ལསྲ ་མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་བྱ་བ་ཉུང་ངུས་འཇིག་པར་འགྱུར་རོ།། ཕུན་སུམ་ཚོགས་པོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་འབྱོར་པ་དང་ལྡན་པ་ཡིན་ལ། འཁོར་ལོ་མི་བཟད་པ་ནི་ཐོག་འབེབས་པ་ཙ་ནོ།། ཉམས་པ་ནི་འཇིག ་པའི་རྣམ་པ་ཆུད་དུ་ཡིན་ཏོ།། ལོ་མ་ལ་སོགས་པ་དུམ་བུར་ལྷགས་པར་འགྱུར་བའི་ཕྱིརརོ།། རྣམ་པར་ཉམས་པ་ནི་འཇིག་པའི་རྣམ་པ་འབྲིང་ཡིན་ཏེ། འབྲས་བུ་ལ་སོགས་པ་དུམྦྷ་བུར་ལྷག་པར་བྱེད་པའི་ཕྱིརརོ།། ཚུལ་མ་ཡིན་པས ་ཞེས་བྱ་བ་ནི་གཽ་རིམས་མ་ཡིན་པས་ཉམས་པ་ཡིན་ཏེ། རྩ་བ་ལ་སོགས་པ་ཉམས་པར་འགྱུར་བའི་ཕྱིརརོ།། བུད་མེད་ཀྱི་ཡུལ་ཡོན་ཏན་གྱི་འབྲུ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་སེར་བའི་འཁོར་ལོ་མཽ་བཟད་པ་དང་འདྲ་བ་ཉིད ་ཡིན་ནོ།། ནད་ཀྱི་རིགས་དམར་པོ་ནི་བུ་རམ་ཤིང་རྡོ་གུ་ལ་རེག་དམར་པོར་འགྱུར་བ་དང་། དེ་ཁོ་ན་འཇིག་པོར་བྱེད་པ་ཡིན་ཏེ། བུད་མེད་ཀྱི་ཡུལ་ནི་སྙན་པའི་ནོད་མེད་པ་འཇིག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ནང་དང་འདྲ་བ་ཉིད་ཡིན ་ལྕི་བའི་ཆོས་ཞེས་བྱ་བ་ལ་ལྕི་བ་ཡང་དེ་ཉིད་ཡིན་ལ་སྡུག་བསྔལ་གྱིས་ཡོངསུ་བརྐྱང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ཆོས་ཀྱང་ཡིན་པས་ན་ལྕི་བའི་ཆོས་ཡིན་པ་འམ། དགེ་སློང་གི་ཡུལ་ལ་གུས་པ་སྐྱེད་པར་བྱེད ་པ་ཉིད་ཡིན་པའི་ཕྱིར་ལྕི་བའི་ཆོས་ཡིནོ།། དགག་པའི་ཕྱིར་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་ལས་བཟློག་པར་བྱ་བའི་ཕྱིར།། མི་འདའ་བར་སྤྱོང་ཕྱིར་ཞེས་བྱ་བ་ནི་བསླབ་པའི་མཚམས་ལས་མི་བརྒལ་བའི་ཕྱིར་རོ།། བསླབ་པོར ་བྱའོ་ཞེས་བྱ་བ་ནི་ཇི་སྲིད་འཚོ་བའི་བར་དུ་བསླབ་པར་བྱ་བ་དང་། བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚི་གོ། བཅོས་མཽ་མ་ཡིན་པར་འབབ་པ་དང་རྟག་ཏུ་འབབ་པའི་ངང་ཚུལ་ཅན་ནི་ཆུ་བོ་ཡིན་ལ། བཅོས་མོ་དང་རྟག་ཏུ་འབབ ་པོའི་ངང་ཚུལ་ཅན་མ་ཡིན་པ་ནི་ཡུར་བ་ཡིནོ།། ཆུ་ལོན་ནི་ཆུ་བཟློག་པར་བྱ་བའི་ཐབསུ་གྱུར་པ་ཡིནོ།། གདམས་ངག་ནི་ལམ་གྱི་ཚོགས་བསྒོམ་པར་ལུང་འབོགས་པ་ཡིན་ལ། འདི་ནི་བྱ་བ་ཡིན་ལ་འདི་ནི་བྱ་བ་མ་ཡིནོ་ཞེས ་བྱ་བ་ནི་རྗེས་སུ་བསྟན་པ་ཡིནོ།། དགེ་སློང་མེད་པའི་གནས་སུ་ཞེས་བྱ་བ་ནི་མཚམས་པོ་ཆེས་བསྐོར་བའི་ཚུལ་དུ་གལ་ཏེ་དགེ་སློང་མའི་དབྱར་ཁང་མཚམས་ནང་དུ་ཞུགས་པར་གྱུར་པ་དེའི་ཚེ་དགེ་སློང་གི་གནས་དང ་བཅས་པར་མཚམས་གཅིག་གི་ཁོངས་གཏོགས་པ་ཉིད་ཀྱི་ཕྱིར་དགེ་སློང་མའི་དབྱར་ཁང་ནི་དགེ་སློབ་དང་བཅས་པའི་གནས་ཉིད་ཡིནནོ།། ཁ་ཅིག་ནི་གལ་ཏེ་མཚམས་ཀྱིས་བསྐོར་བ་མ་བྱསུ་ཟིན་ཀྱང་དེ་ལྟ་ན་ཡང་ཅི་སྟེ་དཔག ་ཆེད་ཀྱི་ནང་དུ་ཡང་དགེ་སློང་གི་གཙུག་ལག་ཁང་ཡོད་པར་གྱུར་ན་གནས་སྐབས་འདི་ལ་དགེ་སློང་མའི་དབྱར་ཁང་ནི་དགེ་སློང་དང་བཅས་པ་ཉིད་དུ་བལྟ་བར་བྱའོ་སྙམ་དུ་སེམསོ།། དགེ་སློང་གི་དགེ་འདུན་ལ་འདུན་པ་ཕུལ་བས་དེ་དག ་གི་གསོ་སྦྱོང་འགྲུབ་པར་འགྱུ་རོ་ཞེས་བྱ་བའི་དབང་དུ་བྱས་ནས་གསོ་སྦྱོང་བརྗོད་པར་གྱུར་པས་སྐབས་འབྱེད་པ་འབའ་ཞིག་ནི་དགག་དབྱེ་ཡི་ནོ།། དགག་ཅི་ངོ་ཞེས་བྱ་བ་ནི་བཟློག་པ་ཡིནོ།། གཤེ་བོ་ན་འཇིག་རྟེན་དུ་རབ་ཏུ་གྲགས ་པ་ཡིནོ།། ཁྲོ་བ་བསྐྱེད་པར་མི་བྱ་བི་ནི་ཁྲོ་བ་བསྐྱེད་པོར་མི་བྱ་བའོ།། ཚིག་རྩུབ་པོ་ནི་ཡོངསུ་བརྗོད་པར་བྱེད་པ་ཡིནོ།། གཉིས་ཀའི་དགེ་འདུན་ཞེས་བྱ་བ་ནི་དགེ་སློང་དོང་དགེ་སློང་མའི་དགེ་འདུན་གྱི་གན་དུའོ།། དང་བསྙེན་པར་རྫོགས ་པ་ནི་ཉི་མ་དེ་ཉིད་ལ་བསྙེན་པར་རྫོགས་པར་གྱུར་པའོ།། ཤེས་པར་འདོད་ཀྱིས་ཞེས་བྱ་བ་ནི་ཤེས་པ་ཉིད་དུ་འདོད་པ་ཡིན་ནོ།། སྒྲ་དང་སྲིན་མོ་མཛེས་པར་བསྒྲུབས་པ་ནི་སྒྲ་དང་སེན་མོ་བྱི་བྱད་བྱས་པ་ཡིན་ནོ།། ཡི་རངས་ཤིང་སེམས ་མགུ་བ་ལས་རངས་པར་གྱུར་པས་ན་ཡིད་དགའ་ཞིང་རངས་པར་གྱུར་པ་ཡིནོ།། བར་ཆོད་ཀྱི་ཆོས་ཞེས་བྱ་བ་ལ་སོགས་པ་ལ་བར་ཆད་ནི་ཐར་པའི་ལམ་གྱི་བཞི་བཱ་སུ་གྱུར་པ་འམ། སྡོམ་པ་སྐྱེ་བའི་གེགསུ་གྱུར་པ་ཡིན་ཏེ། འདི་སྡོམ ་པ་སྐྱེ་བའི་གནས་སུ་གྱུར་པ་བཟུང་ངོ་།། བར་དུ་གཅོད་པའི་ཕྱིར་ནུས་པ་མ་ནིང་དང་། ཟ་མ་དང་། མཚན་གཉིས་པ་དང་། དགེ་སློང་མ་སུན་ཕྱུང་བ་ལ་སོགས་པ་གང་ཡིན་པ་དེ་དག་དྲིས་ནས་བཟུང་བར་བྱ་སྟེ། ཡང་དག་པར་བཟུང་བར་བྱ ་བ་ཡིནོ།། སྐྱབས་ཀྱི་དོན་ནི་སྡུག་བསྔལ་ལས་ཡོངསུ་བསྲུང་བའི་དོན་ཡིན་ཏེ། ཇི་སྐད་དུ། དེ་དག་ལྔ་ནི་སྒྲུབས་མྱི་འགྲོ།། སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར་ཞེས་གསུངས་པ་ཡི་ནོ།། སངས་རྒྱས་ནི་སངས་རྒྱས་སུ ་བྱེད་པ་མི་སློབ་པའི་ཆོས་ཡིནོ།། ཆོས་ནི་མྱ་ངན་ལས་འདས་པ་ཡི་ནོ།། དགེ་འདུན་ནི་དགེ་འདུན་དུ་བྱེད་པ་སློབ་པ་དང་མི་སློབ་པའི་ཆོས་ཡིན་ནོ།། གཉིས་ཀྱི་རྣམས་ཀྱི་མཆོག་སངས་རྒྱས་ནི་བཅོམ་ལྡན་འདས་ཡིན་ཏེ། བློན་འཇིས ་པར་མཛད་པ་ཉིད་དང་། ཡོན་ཏན་དང་ལྗོན་པ་ཉིད་ཀྱི་ཕྱིར་རོ།། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འདོད་ཆགས་དང་བྲལ་བ་ལས་ཟག་པ་མེད་པའི་ལམ་ཐོབ་པའི་འདོད་ཆགས་དང་བྲལ་བ་ནི་ཡོངསསུ་ཉམས་པ་མེད་པའི་ཕྱིར ་མཆོག་ཡིནོ།། ཚོགས་དག་ལས་ཀྱང་དེ་བཞིན་གཤེགས་པའི་ཉན་ཐོས་དང་དགེ་འདུན་མཆོག་ཡིན་ཏེ། ཡོན་ཏན་དང་ལྡན་པ་ཉིད་དང་། ཕན་འདོགས་པར་མཛད་པ་ཉིད་ཀྱི་ཕྱིར་རོ།། ཕན་འདོགས་པར་མཛད་པ་ཉིད་ཀྱང་དེ་བཞིན ་གཤེགས་པའི་ཆོས་སྟོན་པར་མཛད་པ་དང་། རྒྱུའི་བསོད་ནམས་ཀྱི་ཞིང་ཉིད་ཡིན་པའི་ཕྱི་རོ།། མཆོག་ནི་གཙོ་བོ་ཡིནོ།། མྱ་ངན་ལས་འདས་པ་ལ་བསྙེན་ཏེ་གནས་པའི་ཕྱིར་དགྱེ་བསྙེན་ཡིན།། སློབ་པར་བྱེད་པས་ན་བསླབ་པ ་ཡིན་ལ། དེའི་གཞི་ནི་བསླབ་པར་བྱ་བའི་དངོས་པོ་ཡིན་པས་ན་བསླབ་པའི་གཞི་ཡིན་ཏོ།། དེ་ཡང་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པ་ཡི་ནོ།། ལྔ་ཞེས་བྱ་བ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལོན་པ་དང་། འདོད་པས ་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་ལ་སོགས་པ་ལས་ལྡོག་པ་ཡི་ནོ།། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་ཅེས་བྱ་བ་ལཱ། ཇི་ལྟར་སེམས་ཅན་ཐམས་ཅད་ལ་རྗེས་བརྩ་བ་ཅན་གྱི་དགྲ་བཅོམ་པ་སེམས་ཅན་ཐམས ་ཅད་ལ་དམིགས་པའི་ལྡོག་པའི་བ་སུམ་པའི་སྒོ་ནས་ལྡོག་པ་དེ་བཞིན་དུ་བདག་ཀྱང་སླར་ལྡོག་པར་བགྱིའོ།། སྲོག་གཅོད་པ་ནི་སྲོག་ཚུགས་ངག་ཤིན་ཏུ་གསོད་པར་བྱེད་ཅིང་འཇིག་པར་བྱེད་པ་ཡིནོ།། སྤངས་ཏེ་ཞེས་བྱ་བ་ནི། ་ཀྱི་སྲོག་གདོས་བྱེད་པ་དུང་པ་ཡི་སྐེ་ལུས་དེ་དག་གྱི་དོར་བ་ནི་སླར་ལྡོག་པ་ཡིན་ཏེ། ཡིད་ཀྱིས་གང་བྱ་བ་མ་ཡིན་པར་དཔྱད་ནས་དོར་བ་ན་བསོད་ནམས་སྐྱེ་བར་འགྱུར་བའི་ཕྱི་རོ།། དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་ཞེས་བྱ་བ་ལྀ།། ཇི་ལྟར་དགྲ་བཅོམ་པའི་བསླབ ་པ་ཐར་པའི་བསམ་པ་སྔོན་དུ་སོང་བ་ཅན་ཡིན་པ་དེའི་བཞིན་དུ་བདོག་ཀྱང་ཐར་པའི་བསམ་པ་སྔོན་དུ་སོང་བས་སློབ་པོ་དང་། ཐར་པའི་བསམ་པས་སེམས་ཅན་གཅིག་ལ་ཡང་འཚེ་བར་མི་བྱེད་པ་དེ་བཞིན་དུ་བདགྲ་ཀྱང་ཞེས ་བསྟན་པར་བྱ་བའི་ཕྱིར་རྗེ་སུ་བསྒྲུབ་པ་ཞེས་སྨོས་པ་ཡིནོ།། ཇི་ལྟར་དགྲ་བཅོམ་པ་བཅོམ་ལྡན་འདས་ཀྱིས་སྟོན་པར་བྱེད་པ་ཡིན་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཀྱིས་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རྗེསུ་བགྱིད ་དོ་ཞེས་སྨོས་པ་ཡིན་ནོ།། དེའི་ཕྱིར་འདིས་ནི་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྒོ་ནས་ཉེ་བར་སྤྱོད་པ་ལས་སླར་ལྡོག་པའི་བསམ་པ་དང་། ཐར་པའི་བསམ་པའི་སྒོ་ནས་སྡོམ་པ་ཡིན་ལོ། ཐར་པའི་བསམ་པ་ཡང་དཀོན ་མཆོག་གསུམ་སྐྱབསུ་ཡོངསུ་བཟུང་བ་ལས་འགྱུརརོ།། ཞེས་བསྟན་པ་ཡིན་ཏེ། ཐར་པའི་བསམ་པ་མེད་པར་སྡོམ་པ་མི་འཐོབ་ལ། ཐར་པའི་བསམ་པ་ཡང་དཀོན་མཆོག་གསུམ་ལ་སྐྱབ་སུ་འཛིན་པ་མེད ་པར་མི་འགྱུར་རོ་ཞེས་བྱར་ཁོང་དུ་ཆུང་པོར་བྱའོ།། སྦྱར་བའི་ཆང་ནི་འབྲུ་ལས་བྱས་པ་ཡིན་ལ། བཅོས་པའི་ཆང་ནི་མེ་ཏོག་ལ་སོགས་པ་ལས་བསྒྲུབས་པ་ཡིནོ།། དེ་དག་མྱོས་པར་བྱེད་པ་ཡིན་པས་ན་མྱོས་པར་བྱེད་པ་ཡིན་ལ ་བག་མེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དེ་ཉིད་བག་མོད་པའི་གནས་ཡིན་ནོ།། གླུ་དང་གར་དང་རོལ་མོའི་སྒྲ་ཞེས་བྱ་བཱ་དང་། ལུས་ངག་གི་འགྱུར་བ་རྒོད་པས་བྱས་པ་ནི་གླུ་ལ་སོགས་པ་ཡི་ནོ།། དེ་ལས་སླར་ལྡོག་པ་ནི་བསླབ་པཱི ་གཞི་གཅིག་ཡིན་ནོ།། ཕྲེང་བ་དང་སྤོས་ཉུག་པ་དང་རྒྱན་དང་ཁ་དོག་འཆང་བ་ལས་སླར་ལོག་པ་ནི་བསླབ་པའི་གཞི་གཉིས་པ་ཡིནོ།། ལུས་དྲི་བཟང་པའི་ཚོན་གྱིས་དྲིལ་ཕྱིས་བྱས་པ་ལ་ཁ་དོག་གི་སྒྲས་བརྗོད་པ་ཡིན་ནོ།། མལ་མཐོན ་པོ་ནི་པུས་མོའི་ཚད་ལས་མཐོན་པོར་གྱུར་པ་ཡིན་ལ། མལ་ཆེན་པོ་རིན་པོ་ཆེས་སྤྲས་པ་ཆེན་པོ་ལ་འོས་པ་ཡིནོ།། གསར་ནི་ས་ལ་སྦྲམ་ཡིན་ལ། དངུལ་ནི་དངུལ་ཉིད་ཡིན་ཏེ། དེ་དག་ནི་རིན་པོ་ཆེ་གཞན་དག་གི་ཉེ་བར་མཚོན་པ་ཡིན།། ་དེ་ལེན་པ་ནི་བདག་གིར་བྱེད་པ་ཡིན་ཏེ། དེ་ལས་སླར་ལྡོག་པ་ནི་བསླབ་པའི་གཞི་གཅིག་ཡི་ནོ།། ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ལ་དགེ་སློང་མའི་བསླབ་པ་སྦྱིན་པར་བྱེད་པ་ཡི་ནོ།། དང་པོར་ཞེས ་བྱ་བ་ལ། དགེ་སློབ་མའི་སྡོམ་པ་སྦྱིན་པ་ལ་མཐའ་འཁོབ་མ་ཡིན་པར་བཅུ་གཉིས་ཀྱི་ཚོགས་ཉིད་ལ་དགེ་སློང་མའི་ཚོགས་ཀྱི་མཐའ་ཡིན་པར་རིག་པར་བྱ་ཞིང་། མཐའ་འཁོབ་ཏུ་ནི་དགེ་སློང་མ་དྲུག་གི་ཚོགས་ལ་ཡང་དགེ ་སློང་མའི་བསླབ་པ་སྦྱིན་པར་དགེ་སློང་མ་ངག་གི་ཚོགས་ཡིནོ།། གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྒྲ་དྲུག་པོ་དང་། གཙོ་བོ་ཉིད་མ་ཡིན་པའི་ཕྱིར་རྗེསུ་བྱེང་པའི་ཆོས་ཀྱི་སྒྲར་བསྟན་པ་ཡིན་ཏེ། ཆོས་ཀྱི་དེ་མ་ཐག་ཏུ་བསྟན ་པའི་ཕྱིར་རྗེས་བྱེད་པའི་ཆོས་ཡིན་ནོ།། སྐྱེས་པ་དང་ནི་འདུག་མི་བྱ། ཞེས་བྱ་བ་ནི་སྟེང་གཡོགས་དང་སྟན་གཅིག་ལ་སོགས་པའི་བྱ་བ་སྐྱེས་པ་དང་ལྷན་གཅིག་བྱ་བ་མ་ཡིནོ།། སྨན་དུ་འགྱུར་བ་ཞེས་བྱ་བ་ལ། སྨྱན་བྱེད་པས་ན ་སྨྱན་ཏོ།། དེའི་དངོས་པོ་འམ་ལས་ནི་སྨྱན་བྱེད་པ་ཡིན་ཏེ། དེ་ཡང་ཕོ་ཉ་ཡིན་ཏེ། སྐྱེས་པ་དང་བུད་མེད་སྦྱོར་བའི་རྒྱུ་མཚན་གྱི་ཕྲིན་པོ་ཞེས་བྱ་བའི་ཐ་ཚི་གོ།། ཁ་ན་མ་ཐོ་བ་ཞེས་བྱ་འི་ནི་དགེ་སློང་མ་དག་གི་ཉེས་པར་སྤྱོད་པ་མཐོང ་བོ་དེ་ལ་དེ་བློས་བཅབ་པར་བྱ་བ་མ་ཡིནོ།། འདོམས་ནི་གསང་བའི་ཕྱོགས་ཡིན་ནོ།། གནས་པར་གྱུར་པོ་ལ་ཞེས་བྱ་བ་ནི་ཐག་ཉེ་བར་གྱུར་པ་ལའོ།། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ཞེས་བྱ་བ་ལ། ཚངས་པ་ནི ་མྱ་ངན་འདས་པ་ཡིན་ལ། དེའི་དོན་གྱི་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ་བསྙེན་པར་རྫོགས་པ་ཡིནོ།། དེ་ལ་ཉེ་བར་གནས་པ་ནི་ཉེ་བར་བསྐྱེད་པ་སྟེ། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་ཚད་ཀྱི་སྡོམ་པ་ནི་ཚངས་པར་སྤྱོད ་པ་ལ་ཉེ་བར་གནས་པའི་སྡོམ་པ་ཡིན་ཏེ། རྟེན་ལ་བསྙེན་པར་རྫོགས་པ་འབྱུང་བའི་སྐལ་བ་དང་ལྡན་པར་ངེས་པར་བྱས་པ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དེ་སྦྱིན་པར་བྱ་བ་ཡི་ནོ།། ཆོས་གོས ་གསུམ་དང་། རྡུལ་གཟན་དང་། རྡུལ་གཟན་གྱི་གཟན་ཞེས་བྱ་བ་ནཱི་ལྔ་ཡིན་ནོ།། དཀྱིལ་འཁོར་བ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱེད་པོའི་ལས་ཀྱི་གནས་ཡོ་ནོ།། དྲང་སྲོང་གཱི་གནོད་ཅེས་བྱ་བ་ལ་དྲང་སྲོང་སྟེ་ཡང་དག་པར་རྫོགས་པའི ་སངས་རྒྱས་དང་། རང་སངས་རྒྱས་དང་དགྲ་བཅོམ་པ་དག་གི་སྣོད་ནི་དྲང་སྲོང་གི་སྣོད་ཡིན་པ་དེའི་ཕྱིར་བསླབ་པ་དོན་དུ་གཉེར་ཞིང་དྲང་སྲོང་གི་རྗེསུ་འགྲོ་བ་བདག་གི་སྣོད་དུ་བྱིན་གྱིས་བརླབ་ཅིང་ཡང་དག་པར་གཟུང་བར་བྱ་བ་ཡིན་ནོ།། བཟའ ་བ་ཀུན་ཏུ་སྤྱོད་པ་ཞེས་བྱ་བ་ནི་བཟའ་བའི་བྱ་བ་ཉེ་བར་ལོངས་སྤྱད་དུ་རུང་བ་ཡིན་ལ། སློང་བ་ལ་ཡང་འདིས་ལེན་པར་བྱེད་པ་ཡིན་ཏེ། བཟའ་བོའི་བྱ་བས་ཞེས་བྱ་བའི་ཕྱིར་རོ།། གསོལ་བུ་འབའ་ཞིག་ཅེས་བྱ་བ་ནི་ལས་བརྗོད་པ ་མེད་པའི་ཕྱིར་གསོལ་པོ་འབའ་ཞིག་ཡིནོ།། བདེན་པའི་དུས་ཞེས་བྱ་བ་ནི་བདེན་པ་སྨྲ་བར་བྱ་བའི་འོ།། བྱུང་བའི་དུས་ཞེས་བྱ་བ་ནི་གང་བྱུང་བ་ནི་འདས་པ་ཡིན་ཏེ། དེའི་ཚིག་གི་དུས་ཡིནོ།། གོ་བར་བྱའོ་ཞེས་བྱ་བ་ནི་ཤེས་པར་བྱ ་བ་ཡི་ནོ།། ཡང་ན་དོར་བར་བྱ་བ་ནི་བྱུང་བ་ཞེས་བྱ་བ་ལ། བརྗོད་པར་བྱ་བ་ནི་ད་ལྟར་ཡིན་ཏེ། དོར་བར་བྱ་བའི་ཐ་ཚི་གོ། བྲན་མོ་ནི་ཁྱིམ་དུ་སྐྱེས་པ་ཉིད་ཡིནོ།། བརྐུས་པ་མ་ཡིན་ནམ་ཞེས་བྱ་བ་ནི་རྐུན་མ་ལ་སོགས་པས་འགའ་ཞིག་ནས་ཁྱོད ་ཏེ་འོངས་ནས་བདག་གིར་བྱས་པ་ཡིནོ།། བཙོངས་པ་ནི་གང་འགའ་ཞིག་གིས་རིན་ལས་བྱིན་པར་གྱུར་པ་ཡིནོ།། རྙེད་པ་བཙོན་ནི་དེ་ལྟར་རྙེད་པར་གྱུར་པ་ཡི་ནོ།། རྩོད་པ་ཅན་ནི་སྐྱིན་པོ་ལ་སོགས་པ་བསླབ་པ་ཉིད་དུ་མི་ནུས་པའི་ཕྱིར་དེ་བྲན ་མོར་བྱས་པ་ཡི་ནོ།། རྒྱལ་པོས་བསླབས་པ་ནི་བློའི་གྲོགས་བྱེད་པ་ལ་གཙོ་མོར་གྱུར་པའི་ཕྱིར་ཏེ། རྒྱལ་སྲིད་བསྐྱང་བའི་གྲོགསུ་གྱུར་ཅེས་བྱ་བའི་ཐི་ཚི་གོ།། རྒྱལ་པོ་ལ་སྡིག་པ་མོ་ཡིན་ནམ་ཞེས་བྱ་བ་ནི་གང་ཞིག་རྒྱལ་པོའི་དངོས་པོར ་གྲགནས་པ་ཡིན་གྱི། འོན་ཀྱང་གནོད་པའི་ལས་བྱེད་པ་ཉིད་དུ་རྩོམ་པ་ནཱི་མཱ་ཡི་ནོ།། གནོད་པའི་ལས་བྱུང་བ་ནི་གང་ཞིག་གནོད་པའི་ལས་བྱེད་པ་ཉིད་དུ་རྩོམ་པ་ཡི་ནོ།། བྱས་སམ་བྱེད་དུ་བཅུག་པ་ནི་གོང་ཞིག་གིས་སྔོན་བྱས་པ་འམ། ད་ལྟར ་བྱེད་པ་ལས་ལྡོག་པ་མེད་པ་ཡིནོ།། འཐབ་ཀྲོལ་ཅོན་ཞེས་བྱ་བ་ནི་ངག་གི་སྤྱོད་པ་རྩུབ་པར་གྱུར་པཱ་ཡི་ནོ།། མྱ་ངན་གྱིས་གཟིར་བ་ནི་བདག་པོ་ལ་སོགས་པའི་མྱ་ངན་གྱི་ལས་སུ་རུང་བ་མ་ཡིན་པའོ།། སྦྲུམ་མ་ཞེས་བྱ་བ་ནི་སེམས་ཅན་དང ་ལྗོན་པར་གྱུར་པའོ།། མཚན་གཉིས་པ་ཞེས་བྱ་བ་ནི་གང་ལ་བུད་མེད་ཀྱི་དབང་པོ་དང་། སྐྱེས་པའི་དབང་པོ་ཡོད་པ་ཡི་ནོ།། རྟག་ཏུ་ཟླ་མཚན་འཛག་པ་ཞེས་བྱ་བ་ནི་གང་གི་སྐྱེ་གནས་ཀྱི་སྒོ་ནས་རྟག་ཏུ་ཟླ་མཚན་འཛག་པར་གྱུར་པ་དེ་ལ། ་བྱེའོ།། ཟླ་མཚན་མི་འཛག་པ་ནི་སྐྱེ་བའི་ཆོས་ཅན་མེད་པ་ཡི་ནོ།། མཚན་མ་ཙམ་ཡོད་པ་ནི་མཚན་མ་ཙམ་ཡོད་པ་ཡི་ནོ།། དགེ་སློང་ཕ་སུན་ཕྱུང་བ་ཞེས་བྱ་བ་ནི་གང་གིས་མི་ཚངས་པར་སྤྱོད་པས་དགེ་སློང་ཕ་སུན་ཕྱུང་བར་གྱུར་པ་ཡོ་ནོ།། མུ ་སྟེགས་ཅན་ཞེས་བྱ་བ་ནི་ལྟ་བ་གཞན་དང་ལྡན་པ་ཡིནོ།། གང་འགའ་ཞིག་གིས་དེ་བཞིན་གཤེགས་པས་གསུངས་པའི་རབ་ཏུ་བྱུང་བ་ཡང་དག་པར་བླངས་ནས་མུ་སྟེགས་ཅན་གྱི་ལྟ་བས་འདྲི་པའི་ཆོས་གོས་ཡོངས ་སྤངས་ནས་མུ་སྟེགས་ཅན་གྱི་རྟགས་བླངས་ཏེ། མུ་སྟེགས་ཅན་གྱི་རྟགས་དེས་མུ་སྟེགས་བྱེད་ཀྱི་གནས་དེར་སྐྱ་རེང་དང་པོ་དེ་ཉིད་དུ་འཆར་བར་བྱེད་ན་དེ་ནི་མུ་སྟེགས་ཅན་ཞུགས་པ་ཡིན་པར་རིག་པར་བྱའོ།། ཆོམ་རྐུན་པར་གྲགས ་པ་ཞེས་བྱ་བ་ནི་ཚིམ་རྐུན་པའི་རྒྱལ་མཚན་འཆང་བ་ཡིན་ནོ།། བདག་ཉིད་ཀྱིས་བསྦྱིན་པར་རྫོགས་པའི་ལས་མ་ཚོགས་པ་ཁོ་ནར་ཤེས་བཞིན་དུ་དགེ་སློང་མིའི་དགེ་འདུན་དང་ལྷན་ཅིག་ལས་གཉིས་ཀྱི་བར་དུ་ཉམས་མྱོང་བར་བྱེད ་པ་གང་ལོན་པ་དེ་ནི་རྐུ་ཐིབ་སུ་གནས་པ་ཡིན།། ཐ་དད་དུ་གནས་པ་ཞེས་བྱ་བ་ནི་ཕན་ཚུན་ཐ་དད་པ་དག་ནི་ཐ་དད་དུ་གནས་པ་ཡིན་ནོ།། གནས་པར་མི་བྱ་བ་ཞེས་བྱ་བ་ནི་ཕམ་པ་བྱུང་བར་གྱུར་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སོང་ཞོག་ཅེསོ ་བྱ་བ་ནི་གནས་འདི་ཁོ་ན་ལས་སོང་ཞིག་པ་ཡིནོ།། བརྗོད་པ་ནི་ཚུལ་ཁྲིམས་འཆལ་པ་སྐྱེ་བ་གཅོད་པར་བྱེད་པ་ཡིནོ།། ཐུགས་བརྩེ་བ་ཅན་ཞེས་བྱ་བ་ནི་བརྩེ་བས་དམ་པའི་ཡུལ་ལ་གཞུགས་པར་བྱ་བ་ཡིནོ།། སྔ་ན་མོད་པའི་སྡོམ་པ ་སྦྱིན་པ་ནི་རྗེསུ་གཟུང་བར་བྱ་བ་ཡི་ནོ།། མཛེ་ནི་རབ་ཏུ་གྲགས་པ་ཡི་ནོ།། ཚད་ཆེན་པོའི་འབྲུམ་བུ་ནི་འབྲོས་ཡི་ནོ།། ཤ་བཀྲ་ནི་མཛེའི་རྣམ་པ་ཁོ་ན་ཡིན་ཏེ། ལུས་ཀྱི་སྐབས་སྐབསུའོ།། འབྲམ་པོ་ཕྲ་མོ་ནི་མིང་རབ་ཏུ་གྲགས་པ་ཡིན ་རྣག་འཛག་པ་ནི་ཁྱི་རྡོ་ཡིན་ནོ།། གཡན་པ་ནི་རྣག་འཛག་པ་མེད་པ་ཡིནོ།། གློས་པ་ནི་སྐྱ་བོར་གྱུར་པ་ཉིད་ཡིནོ།། རྐང་ཤུ་ནི་རབ་ཏུ་འཕོ་བར་བྱེད་པ་ཡི་ནོ།། སྐེམ་ནད་ཅེས་བྱ་བ་ནི་ཁ་སྐམས་པ་ཡིནོ།། བཀྲེས་དབཱ་ནི་བཀྲེས་པའི ་ནད་ཡིན།། ཉིན་མོ་འམ་མཚན་མོ་ལ་ལན་ཅིག་འོང་བའི་རིམས་གང་ཡིན་པ་དེ་ནི་ཉོན་གཅིག་པ་ཡི་ནོ།། གལ་ཏེ་མཚོན་མོ་འོང་ཞིང་ཉིན་མྱོ་མི་འོང་བ་འམ། ཉིན་མཚོན་དུ་མི་འོང་བ་གང་ཡིན་པ་དེ་ནི་ཉིན་གཉིས་པ་ཡི་ནོ།། ་ཉི་མ་གཅིག་ལ་འོང་ཞིང་གཉིས་པ་ལ་མི་འོ་ལ། ཡང་གསུམ་པ་ལ་འོང་བ་དེ་ནི་ཉིན་གསུམ་པ་ཡིནོ།། ཉིན་བཞི་པ་ནི་རབ་ཏུ་གྲགས་པ་ཡིནོ།། རླུང་དང་མཁྲིས་པ་དང་བད་ཀ་ནི་ལྷན་ཅིག་འཁྲུགས་པ་གང་ཡིན་པ་དེ་ནི་འདུས ་པ་ཡིནོ།། རྟག་པའི་རིམས་ནི་གང་རྟག་ཏུ་འཛིན་པར་བྱེད་པ་ཡིན་ནོ།། ཆོས་གསུམ་གྱིས་ཞེས་བྱ་བ་ལ། ཆོས་གསུམ་པོ་དེ་དག་ཀྱང་གང་ཞེ་ན། དུས་སྔ་མར་བྱ་བ་བྱས་པ་ཉིད་ནི་ཆོས་གཅིག་ཡིན་ལ་སེམས་མཉེས་པར ་བྱེད་པ་ནི་གཉིས་པ་ཡིན་ཞིང་། བར་ཆད་ཀྱི་ཆོས་ཡོངསུ་དག་པ་ནི་གསུམ་པ་ཡིན་ཏེ། རྒྱུར་གྱུར་པོ་གསུམ་པོ་དེ་དག་གིས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱ་བ་ཡིནོ།། གྲིབ་ཚོང་གཞལ་བར་བྱའོ།། ་ཞེས་བྱ་བ་ལ། ཤིང་བུ་སོར་བཞི་པ་ཐུར་མའི་མིང་ཅན་ནི་སྐྱེས་བུ་ཡིན་ལ། དེ་ལ་སྐྱེས་བུའི་གྲངས་ཀྱིས་གྲིབ་མ་གཞལ་བར་བྱ་བ་ཡིན་ཏེ། ཐུར་མ་ཏྲི་ཙམ་པའི་གྲིབ་མ་དེ་ཙམ་ལོ་སྐྱེས་བུ་ཞེས་བྱའོ།། ངགུན་ཟླ་ར་བ་དང་། འཤི ་པོ་དང་། ཐ་ཆུང་དང་། དཔྱིད་ཟླ་ར་བ་ཞེས་བྱ་བའི་ཟླ་བ་བཞི་ནི་དགུན་གྱི་དུས་ལི་ནོ།། དཔྱིད་ཟླ་འབྲིང་པོ་དང་། ཐ་ཆུང་དང་། དབྱར་ཟླ་རཱ་པ་དང་། དབྱེར་ཟླ་འབྲིང་པོ་སྟེ་བཞི་པོ་དེ་དག་ནི་དཔྱིད་ཀྱི་དུས་ཡིནོ།། དབྱར་ཟླ་ཐ་ཆུང་གི་ཟླ ་བ་ནི་དབྱར་ཡི་ནོ།། དབྱར་ཟླ་ཐ་ཆུད་ཀྱི་ཚེ་སོ་བཅུ་དྲུག་ནི་དབྱར་ཐུང་ངུ་ཡི་ནོ།། དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་དོར་བའི་སྟོན་ཟླ་ར་བ་དང་། སྟོནྡ་ཟླ་འབྲིང་པོ་དང་སྔོན་ཟླ་ཐ་ཆུང་ཞེས་བྱ་བའི་ཟླ་བ་གསུམ་ནི་དབྱར་རིང་པོ་ཡིན་ནོ།། དུས་ཞེས་བྱ ་པ་ནི་འཁོར་བའི་དུས་ཡིན་ནོ།། གནས་ཞེས་བྱ་བ་ལ། ཆོས་བཞི་བསྟེན་པས་ནད་པ་འཚོ་བར་བྱེད་པ་དང་། ཆོས་གསུམ་བསྟེན་པས་རང་བཞིན་དུ་གནས་པ་ཡིན་ཏེ། རང་བཞིན་དུ་གནས་པའི་ནི་བསོད་ནམས་དང་། གནས་མལ་དང་། བགོ ་བ་དག་ཡིན་ལ། ནད་པའི་ནི་སྨན་དང་བཅསོ་པ་ཡིན་ཏེ། འཚོ་བའི་ཕྱིར་དོན་དུ་གཉེར་བར་བྱ་བ་དང་བསྟེན་པར་བྱ་བ་ཡིན་པའི་ཕྱིར་གནས་ཡིན་ནོ།། མཁྱེན་ཅིང་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཡེ་ཤེས་ཀྱིས་སོ།། གཟིགས་ཏེ་ཞེ ་བྱ་བཱ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱིས་སོ།། འདིར་ཀླུང་གི་མཐར་ཐུག་པ་ནི་ངོགས་ཡིན་ཏེ། དེར་རྫོགས་པའི་ཕྱིར་དང་། གོས་ཀྱི་མཐར་ཐུག་པ་ནི་ཕྱག་དར་ཡིན་ཏེ། དེར་རྫོགས་པ་ཉིད་ཀྱི་ཕྱིརོ།། དེ་ལ་ཕྱག་དར་དང་ངོགས་གང་ཡིན ་པོ་དེ་ཕྱག་དར་ཁྲོད་པ་ཡིན་ཏེ། ཤིན་ཏུ་རྙིངས་པ་ཉིད་ཀྱི་ཕྱིར་ལོངས་སྤྱོད་དུ་མི་རུང་བ་ཕྱག་དར་དུ་བོར་བ་དོན་དུ་འགྱུར་བ་ཉིད་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། རུང་བ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པར་གྲུབ་པ་ཡིནོ།། རྙེད་སླ་བ ་ཞེས་བྱ་བ་ནི་འབང་རྩོལ་ཆུང་ངུས་རྙེད་པར་འགྱུར་བ་ཡིནོ།། ངར་ནི་སྲིན་བལ་གྱི་རིགས་ཀྱི་བྱ་བྲག་གི་རྒྱུ་ལས་བཏགས་པ་ཡིནོ།། དར་ལ་ནི་རྒྱུ་དང་སྨན་ཐག་རན་མ་ཞག་པ་མཐོང་བ་ལ་སྒྲིབ་པར་ནུས་པ་མ་ཡིན་པའི་གོས་ལ ་བྱའོ།། ཤ་ན་ལས་བྱས་པ་ན་ཤ་ནེའི་རས་ཡིནོ།། མོན་དར་ཞེས་བྱ་བ་ནི་རྩཝའི་རིགས་ཀྱི་ཤུན་པ་ལས་བྱིས་པའི་གོས་ཡིནོ།། མེན་གོས་ཞེས་བྱ་བ་ནི་སྲིན་བུའི་རྣམ་པ་ཅན་གྱི་སྲོག་ཆགས་ཀྱིས་བྱས་པའི་སྲིན་བལ་ལས་ཡཱ ་དག་པར་འབྱུང་བ་ཡི་ནོ།། བེའུ་རས་ཡུག་ཆེན་དང་། བེའུ་རས་ནི་གཅིག་ཏུ་ངོས་གཉིས་ཀ་ནས་སྤུ་ཁེ་བོས་པར་འཇིག་རྟེན་དུ་གྲགས་པ་ཡི་ནོ།། ལ་མར་ཞེས་བྱ་བ་ནི་ལ་བའི་རིགས་དེ་དག་སྲིན་བུའོ་ཁ་དོག་འདྲེ་བར་གྱུར་པ་ཡིན ་ཡུལ་ཀཱ་ཤི་ཀིའི་རས་ཕྲན་ནི་ཀ་ཤི་ཀའི་གོས་སུ་རྣམ་པར་བཏགས་པ་ཡུལ་ཝ་ར་ཏཱ་སྡེ་ཉིད་དུ་བཏགས་པ་ལ་བྱའོ།། ཟར་མིའི་རས་ཕྲན་ནི་ཟར་མཱ་རྣམས་པདྨོ་བཏགས་པ་ཡི་ནོ།། དུ་གུ་ལའི་རས་ཕྲན་ནི་དུ་གུ་ལར་རྣམ་པར་བཏ ་པ་ཡི་ནོ།། ཟར་མཱ་དང་དུ་གུ་ལ་དག་ཀྱང་རྩའི་རིགས་ལས་བྱས་པ་ཡི་ནོ།། རས་བལ་གྱི་རྒྱུ་དང་སྲིན་བལ་གྱི་སྤྱན་ལས་གང་བྱས་པའི་གོས་ཕྲ་མོ་ནི་ཀོ་ཏཾ་པའི་རས་ཞེས་བྱའོ།། རུང་བ་ཞེས་བྱ་བ་ནཱི་དེ་ལ་རུང་བ་མཱ་ཡིན་བླང ་པར་བྱ་བ་མ་ཡིན་ཞིང་ལོངས་སྤྱད་པར་བྱ་བ་མ་ཡིན་ལོ། གང་བླང་ཞིང་ལོངས་སྤྱད་པར་འོས་པ་དེ་ལོང་ལ་ཚོད་ཟིན་པར་བྱ་བ་ཡིནནོ།། དེ་ལ་ལྷག་པར་རྙེད་པར་གྱུར་ན་དུས་སུ་བླང་ཞིང་ཚོད་དོ་ཚད་ཟིན་པར་བྱ་བ་ཡིནོ།། དམ ་འཆའ་འམ་ཞེས་བྱ་བ་ནི་ཁས་ལེན་ཏམ་ཞེས་བྱ་བའི་ཐ་ཚི་གོ།། ཁྱིམ་བདག་ལ་བསོད་སྙོམས་ལེན་པར་བྱེད་པས་ན་བསོད་སྙོམས་ཡི་ནོ།། སྤྲོ་འམ་ཞེས་བྱ་བ་ནི་ཁས་ལན་ཏམ་ཞེས་བྱ་བ་ཡིནོ།། འབྲས་ཅན་ནི་འབྲས ་ཁྲོལ་ལ་སོགས་པའི་བཟའ་བ་ཡིནོ།། སྐྱོམ་ནི་ཆུའི་བསྒྲལ་མ་ཡི་ནོ།། ཐུག་པ་ཁོ་ན་བཏུང་བར་བྱ་བ་ཡིན་པའི་ཕྱིར་ཐུག་པ་ཡི་ནོ།། རྟག་རེས་འཁོར་ནི་རྟག་ཏུ་འབྱུང་བའི་སྟོན་མོ་ཡི་ནོ།། མགྲོན་དུ་བོས་པ་ནི་ངེས་པར་བྱས་པའི་ཟས་ཡིནོ།། ཆོས ་བཆད་ལྟ་ངེས་པར་སྦྱོར་བའི་སྟོན་མོ་ནི་བརྒྱད་སྟོན་ཡིནོ།། དེ་བཞིན་དུ་བཅུ་བཞི་སྟོན་དང་། ཉ་སྔོན་ཡང་ཤེས་པར་བྱའོ།། རུང་བ་ཞེས་བྱ་བ་ལ། རུང་བ་མ་ཡིན་པ་ཡོངསུ་ལོངས་སྤྱད་པར་མི་བྱ་ཞིང་རུང་བ་བླངས་ལ་ཚོད་ཟིན་པར་བྱ་བ་ཡིན་ནོ།། ། ་བཀུས་ཏེ་བོར་པ་ཞེས་བྱ་བ་ལ་བཀུས་པ་ནི་བསྐལ་བ་ཡིན་ལ། ཁུ་བ་བཀུས་ཤིང་བཙིར་ནས་ཕྱི་རོལ་དུ་བོར་བ་གང་ཡིན་པ་དེ་ནི་བཀུས་ཏེ་བོར་བ་ཡིནོ།། ལྟུང་བ་ནི་སྡོམ་པ་འཇིག་པ་ཡིནོ།། ལྟུང་བ་དང་རྗེ་སུ་མཐུན་པས་ན་ཕམ་པར་གྱུར་པའི ་ཆོས་བརྒྱད་པོ་དག་ནི་ལྡང་བར་འགྱུར་བ་ཡིནོ།། གང་ཡང་རུང་བ་ཞེས་བྱ་བ་ནི་ལྟུང་བ་གཞན་དང་གཞན་དག་ནི་གང་ཡང་རུང་བ་ཡིན་ལ། གཞན་དག་ལས་གཞན་དུ་བརྗོད་པར་བྱ་བ་མང་པོ་དག་ལས་ངེས་པ་གཅིག་ཡིན་ཏེ། ཕམ་པར་འགྱུར ་བའི་ཆོས་བརྒྱད་པ་དག་གི་ནང་ནས་མ་ངེས་པའི་ཆོས་གཅིག་ནི་གང་ཡང་རུང་བ་ཡིནོ།། དགེ་སློང་མར་མི་རུང་ཞེས་བྱ་བ་ནི་དགེ་སློང་མ་སྨད་པ་ཡིན་ཏེ་དགེ་སློང་མ་དང་ལྷན་ཅིག་གནས་པ་དང་ལོངས་སྤྱད་པའི་སྐལ་བ་མེད་པའི་ཕྱིར་རོ།། དགེ ་སྦྱོང་མའི་སྣོད་དུ་རིས་མཐུན་པ་ལས་སྐལ་པ་ཉིད་དང་མི་ལྡན་པའི་ཕྱིར་དགེ་སྦྱོང་མར་རུང་བ་མ་ཡིནོ།། ཤཱཀྱའི་སྲས་ཀྱི་འབྲེལ་པ་མེད་པས་བསྟན་པ་དེ་ལ་ཉམསུ་ལེན་པ་མེད་པའི་ཕྱིར་ཤཱཀྱའི་སྲས་མོར་མི་རུང་བ་ཡིནོ།། འགའ་ཞིག་ཏུ་ཕྱིར ་བཅོས་པ་བྱིས་ནས་ཀྱང་དགེ་སློང་མར་འགྱུར་རམ་ཞེ་ན། དགེ་སློང་མའི་དངོས་པོ་ལས་ཉམས་པ་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཇི་ལྟར་ཕྱིར་བཅོས་པས་ཀྱང་དགེ་སློང་མའི་དངོས་པོ་ཡང་དག་པར་སྐྱེ་བའི་ནུས་པ་མེད་པ་དེ་ལྟར་འདིར་ཡང་དགེ ་སློང་མའི་དངོས་པོ་ལས་ཉམས་པར་འགྱུར་བ་ཡིན་པས་ན་དགེ་སློང་མར་མི་རུང་བར་འགྱུརརོ་ཞེས་བསྟན་པ་ཡིན་ནོ།། ཅིའི་ཕྱིར་དགེ་སློང་མར་མི་རུང་བ་ཡིན་ཞེ་ན། དེའི་དགེ་སློང་མའི་ཚུལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཇིག་པ ་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པ་ནི་དགེ་སྦྱོང་མའི་ཚུལ་ཉིད་དུ་མི་རུང་བ་རྗོད་པར་བྱེད་པའི་རྣམ་གྲངས་ཡིནོ།། དེ་ལ་དགེ་སྦྱོང་མ་ཐོབ་ཏུ་ཟིན་ཀྱང་ཐོབ་པའི་ཕྱིར་རུང་བར་གྱུར་པའི་གང་ཟག་ད་ལྟར་དགེ་སྦྱོང་སོ་སོ་ཐོབ་པ་ཉིད་དུ་རུང་བ་ལས ་ཉམས་པ་དེའི་ཕྱིར་འདི་ལ་དགེ་སྦྱོང་བྱེད་པ་དེར་རུང་བར་མ་གྱུར་པ་ཞེས་བྱ་བ་དེ་ནི་རུང་ངོ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་རྣམ་གྲངས་དེ་དག་གིས་བརྗོད་པ་ཡིནོ།། ལུས་དང་། ཚུལ་ཁྲིམས་དང་། སེམས་དང་། ཤེས་རབ་མ་བསྒོམས་པས་ཡོངས ་ཟད་པ་ཉིད་ཀྱི་ཕྱིར་ཉམས་པའི་ཆོས་དང་ལྡན་པ་རྣམ་གྲངས་ཡིནོ།། སྔོན་པོར་འགྱུར་བ་ནི་རློན་པ་ཉིད་དུ་འགྱུར་བའོ།། འཕེལ་བ་ནི་མྱུ་གུ་སྐྱེ་བ་ཡིནོ།། རྒྱས་པ་ནི་སྲིད་དེ་འཕེལ་བ་ཡིནོ།། ཡངས་པར་འགྱུར་བ་ནི་ཞེང་དུ་རྒྱས་པ་ཡིནོ།། ་འདོད་པར་བྱ་བ་ཡིན་པས་ན་འདོད་པ་དག་ཡིན་ལ། འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ལ་འདུན་པའི་འདོད་པ་ལ་སོགས་པ་ཡིན་ཏེ། འདོད་པ་ལ་ཡོན་ཏན་དུ་འཛིན་པར་འདོད་པ་ནི་འདུན་པ་ཡིནོ།། འདོད་པ་དག་ལ་ཉེས་པ་ཡོད་དུ ་ཟིན་ཀྱང་བདག་གིར་བྱེད་པ་ནི་ཆགས་པ་ཡིན་ནོ།། སེམས་རྩུབ་པ་གསལ་བ་ནི་འཆུམས་པ་ཡིན།། ཉེས་པའི་ཆ་འདོར་ཞིང་དུས་ཡང་དང་ཡང་དུ་རྗེ་སུ་འབྲེལ་པའི་ཆགས་པ་སྐྱེས་པ་ནི་སྡུག་པ་ཡིནོ།། འདོད་པའི་ཡུལ་གཞན་ལ་ལྷག་པར་ཆགས ་ནི་འདོད་པ་ལ་གནས་པ་ཡིན་ནོ།། ཡུལ་མང་པོ་དག་ལ་འདིར་ཡུལ་གང་དང་གང་གི་རོ་ལ་ངོམས་པར་བྱེད་པའི་ཆགས་པ་ནི་ཡུལ་དེ་ལ་གདོན་མི་ཟ་བ་ཡི་ནོ།། ཡུལ་གཞན་ཐམས་ཅད་ལས་ལྡོག་པའི་ཡུལ་གང་ལ་འཚོགས་པ་བཞིན་དུ་ཆགས ་བྱ་དེ་ནི་ལྷག་པར་ཞེན་པ་ཡིནོ།། མ་འོངས་པ་ཁོ་ན་དོར་བ་ནི་སྤངས་པ་ཡིན་ལ། མ་གོམས་པའི་ཀུན་ཏུ་སྤྱོད་པ་ཡོང་སུ་དོར་བ་ནི་བོར་བ་ཡིན་ནོ།། སེམས་ཀྱིས་སྤངས་པ་ཡང་བསལ་བ་ཡིན་ནོ།། རྒྱུན་ཏུ་ཞུགས་པས་སྤངས་པ་གང་ཡིན་པ་དེ ་ནི་ཟད་པ་ཡིན་ནོ།། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དག་ནི་འགོག་པ་ཡིནོ།། དགྲ་བཅོམ་པ་ནི་ཉེ་བར་ཞི་བ་ཡིནོ།། ཕུང་པོ་ལྷག་མ་མེད་པ་ནི་ནུབ་པ་ཡིན་ནོ།། བསྟོད་པ་ནི་ཡོན་ཏན་བརྗོད་པའི་སྒོ་ནས་སོ།། བཀུར་བ་ནི་དགེ་འདུན་དང་སྦྱོར་བ ་ཡིན་ཏེ། མང་པོ་དག་གིས་བཟུང་བ་ཉིད་ཡིན་པོའི་ཕྱིར་རོ།། བསྔགས་པ་ནི་གཞན་གྱིས་དྲིས་པ་ན་ཡོན་ཏན་བརྗོད་པར་བྱེད་པ་ཡིནོ།། སྙན་པར་བརྗོད་པ་ནི་གཞན་གྱིས་དྲིས་པ་ན་ཉེས་པ་སེལ་བར་བྱེད་པ་ཡིནོ།། མིག་གཏང་དེ་མིག་གིས་ཞེས་བྱ ་བ་ལ། གལ་ཏེ་འགའ་ཞིག་ཏུ་ཐོག་མར་མིག་གཏད་དེ་མིག་འབྲུ་ཆུགཱསུ་གཏད་པའི་རྒྱུ་དེས་ཀྱང་གང་གི་ཚེ་མིག་ལ་གཏད་དེ་ལྟ་བར་བྱེད་པ་དེའི་ཚེ་ཉེས་པ་དེ་དག་ཏུ་འགྱུར་ལ། གང་གི་ཚེ་ཐུག་ཕྲད་དུ་སྐྱེས་བུའི་མིག་ལ་གཏད་དེ་ལྟ་བ་དེའི་ཚེ ་ལྟ་བ་ལ་ཉེས་པ་ཡོད་པ་མ་ཡིནོ།། གཉིས་ཏེ་བུད་མེད་དང་སྐྱེས་པ་ཡིན་ལ། གཉིས་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་ཡིན་ཏེ། གང་ཕྲད་པ་ནི་འདུས་པར་གྱུར་པ་ཡིན། ཚངས་པ་ནི་མྱ་ངན་ལས་འདི་སྔོ་པ་ཡིན་ལ། གང་གིས་དེ་ལ་སྤྱོད་པ་ང ་ནི་ཚངས་པར་སྤྱོད་པ་དེ་ལ་མ་ཡིན་ལ། དེ་དག་འགལ་བ་ནི་མི་ཚངས་པར་སྤྱོད་པ་ཐམས་ཅད་དུ་བྱ་བ་མ་ཡིན་པ་ཁོ་ན་ཡིནོ།། འཁྲིག་པ་ནི་གཉིས་ལུས་བྱུང་བའི་ཆོས་ཡིནོ།། གཉིས་ཕྲད་པ་ལས་སྐྱེས་པའི་འཁྲིག་པ་ནི་སྡིག་པ་འཛིན་པར་བྱེད ་པའི་ཆོས་མ་ཡིན་པ་ལས་སྐྱེས་པའི་ཞེས་བསྟན་པ་ཡིནོ།། ཡང་དགེ་སློང་ཞེས་བྱ་བ་ནི་ལས་དང་པོ་པ་བཟློག་པར་བྱ་བའི་ཕྱིར་ཚིག་དེ་སྨོས་པ་ཡིནོ།། གང་ཞེས་བྱ་བ་ནི་གཅིག་བྱེད་ན་དེ་ལ་ལྷུང་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། བསླབ་པ ་མཚུངས་པར་གྱུར་པ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་དང་། དང་བསྙེན་པོར་རྫོགས་པ་དག་བསླབ་པ་མཚུངས་པ་ཡིན་ཏེ། བསླབ་པ་མཉམ་པ་ཉིད་ཡིན་པའི་ཕྱིརརོ།། བསློབ་པ་མ་ཕུལ་བ་ཞེས་བྱ་བ་ནི་བསླབ་པ་ཕུལ་བར་མྦྷ་བྱསཔ ་ཉིད་ཡི་ནོ།། བསླབ་པ་ཉམས་པར་མ་བྱས་པ་ཞེས་བྱ་བ་ནི་བསླབ་པ་ཉམས་པ་གསལ་པོ་མ་བྱས་པ་ཉིད་ཡིན་ནོ།། ཁ་ན་དུད་འགྲོའི་སྐྱེ་གནས་སྐྱེས་པ་དང་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་མཐར་ཐུག་པར་གྱུར་པ་ནས་མོར་གཟུང ་བའི་བར་ཞེས་བྱ་བའི་ཐ་ཚི་གོ།། དེ་ལ་དེང་ཕན་ཆད་ཁྱོད་ཅེས་བྱ་བ་ནི་འཁྲིག་པའི་ཆོས་དེ་ལ་མི་སྤྱོད་པར་སྦྱོར་བར་བྱའོ་ཞེས་བྱ་བར་སྦྱརརོ།། སྤྱད་པ་མ་ཡིན་པ་ཞེས་བྱ་བ་ནི་སྦྱོར་བ་ལས་ལྡོག་པ་ཡིན་ལ། བྱ་བ་མ་ཡིན ་པ་ཞེས་བྱ་བ་ནི་དངོས་གཞི་ལས་ལྡོག་པ་ཡིན་ཞིང་། སྤྱད་པ་མ་ཡིན་པོ་སྤོང་བ་ཞེས་བྱ་བ་ནི་འཇུག་པ་ལས་ལྡོག་པ་ཡིན་ནོ།། སྤྱད་པོ་མ་ཡིན་པོ་སྦྱོར་བ་དང་། དངོས་གཞི་དངོས་པོ་དེ་དང་བཅོས་པར་རྫོགས་པ་དང་མཇུག་གི་དངོས་པོ ་དེ་དག་ནི་སྤོང་བ་ཡིནོ།། དྲན་པ་དང་བག་ཡོད་པ་དེ་ནི་དྲན་པའང་བག་ཡོད་པ་ཡིན་ལ་བག་ཡོད་པ་ཀུན་ནས་བསྲུང་བ་དེ་ནི་དྲན་པོ་དང་བག་ཡོད་པའི་ཀུན་ཏུ་བསྲུང་བ་ཡིན་ནོ།། སེམས་ཀྱི་ཡོངསུ་སྲུང་བར་བྱེད་པ་ནི་དྲན་པ་དང་བག ་ཡོད་པ་ཡིན་ནོ།། དྲན་པས་དགེ་བ་བསྒོམ་པར་བྱ་བ་བརྗེད་ཅིང་བག་ཡོད་པའི་སྒོ་ནས་དགེ་བ་བསྒོམ་པར་བྱེད་པ་ཡིན་པ་དེའི་ཕྱིར་ཡང་དགེ་བ་བསྒོམ་པར་བྱ་བ་ཡོངསུ་སྲུང་བ་དང་། དགེ་བ་བསྒོམ་བྱེད་པའི་ཕྱིར་སེམས་ཤིན་ཏུ་བསྲུངས ་པར་འགྱུ་རོ།། དེ་ལ་སེམས་ཤིན་ཏུ་བསྲུང་བར་བྱེད་པའི་དྲན་པ་དང་བག་ཡོད་པ་དང་ལྡན་པཱ་དེ་ནཱི་བསྡུས་པའི་དོན་ཡིནོ།། བསྟོད་པ་ནི་བསམ་པའི་སྒོ་ནས་ལྡོག་པ་ཡིན་ལ། བཀུར་པ་ནི་སྦྱོར་བ་ལྡོག་པོ་ཡིན་ཞིང་། བསྔགས་པ་ནི་དངོས ་གཞི་ལྡོག་པ་ཡིན་ཏེ། སྙན་པར་བརྗོད་པ་ནི་འཇུག་ལྡོག་པ་ཡིནོ།། ཏིལ་གྱི་ཕུབ་མེ་ནི་ཏིལ་གྱི་ཤུན་པ་ཡིནོ།། མ་ཤ་ཀ་ལྔ་ནི་བཙོང་པའི་རིན་གང་ལ་ཡོད་པ་དེ་ནི་མ་ཤ་ཀ་ཡིནོ།། མོ་ཤ་ཀ་ལྔ་ཡང་དེ་ཡིན་ལ་ལྷག་པ་ཡང་ཡིན ་པས་ན་མ་ཤཱ་ཀ་ལས་ལྷག་པ་སྟེ། མ་ཤཱ་ཀ་ལྔ་ལས་རིན་ཐང་ཆེ་བ་ཞེས་བྱ་བའི་ཐ་ཚི་གོ། གང་ཡང་འདི་ལྟ་བུ་བྱུང་བར་གྱུར་ན་དགེ་སློང་མ་ཉིད་དུ་མི་རུང་ངོ་།། ཞེས་བྱ་བར་སྦྱར་བར་བྱའོ།། བཞིན་དག་གི་ཞེས་བྱ་བ་ནི་སྐྱེས་པ་དང་། བུང ་མྱེང་དང་མ་ནིང་དག་དང་འབྲེལ་པ་དག་ཡིནོ།། གྲོང་ན་འདུག་པར་བའི་ནང་ན་འདུག་པ་ཡིནོ།། དགོན་པ་ནི་འདུག་པ་ནཱི་ར་བ་ལས་ཕྱི་རོལ་ཏུ་འདུག་པ་ཡིནོ།། མ་བྱིན་པ་ནི་སྨྱོས་པ་དང་བུད་མེད་དང་མ་ནིང་དེ་དག་གོས་ཏེ། འདིས་ནི་མི་ལ ་ཡོད་པའི་བརྐུས་པ་བརྗོད་པ་ཡི་ནོ།། བརྐུ་བའི་གྲངསུ་གཏོགས་པ་ཞེས་བྱ་བ་ནི་བཻ་རྙས་ཤིང་ཕྲོགས་པའི་གླངས་གཏོགས་པ་ཞེས་བྱ་བར་འདོད་དེ་འདིས་ནི་བརྒྱ་སོམས་དང་མོས་ཡོངསུ་བཟུང་བར་འདུ་ཤེས་པ་བརྗོད་པ་ཡིནོ།། ཇི་ཙམ་ཐེ ་བྱ་བྱ་འདིས་ནི་མ་ཤཱ་ཀཱ་ལཱི་ཉྀད་ལ་སོགས་པ་རྫས་ཀྱི་ཚད་དུ་བསྟན་པ་ཡོན།། རྒྱལ་པོ་ནི་རྒྱུ་ལ་སྲིད་ཉིད་ཀྱི་ཕྱིར་ཅོད་པན་གཏགས་པར་གྱུར་པ་ཡིནོ།། བློན་པོ་ཆེན་པོ་ནི་རྒྱལ་ཚབ་ཏྟཱ་དབདི་བསྐུར་གྱི་ཡི་ནོ།། རྐུན་མ་ནི་གཞན་གྱི་རྫས ་འཕྲོག་པར་བྱེད་པའི་ཕྱི་རོ།། བྱིས་པ་ནི་ཚར་གཅོད་པར་སྣང་བ་མ་མཐོང་བའི་ཕྱིརརོ།། བླུན་པ་ནི་ཆར་བཅད་པར་སྣང་བ་མཐོང་བ་ཡིན་པའི་ཕྱིར་རོ།། རྐུ་བ་ནི་བརྐུ་སེམས་མངོན་དུ་ཕྱོགས་པའི་ཕྱིར་རོ།། གསོད་པ་ནི་ཞན་པ་ཉིད་དང་དད་པ ་མེད་པ་ཉིད་ཀྱི་ཕྱིརརོ།། བཅིང་བ་ནི་དད་པ་ཡོད་དུ་ཟིན་ཀྱང་ཞན་པ་ཉིད་ཡིན་པ་འམ། རྒྱ་ཆེ་བ་ཡོད་དུ་ཟིན་ཀྱང་དད་པ་མེད་པ་ཉིད་ཀྱིསོ།། སྒྲོགས་པ་ནི་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་དང་། དད་པ་ཉིད་ཡིན་པའི་ཕྱིར་རོ།། དགེ་སློང་མའི་དངོས་པོ་ལ ་ཉམས་པ་ཞེས་བྱ་བ་ནི་བསླབ་པ་ལ་ནན་ཏན་དུ་བྱེད་པ་ལྷོད་པ་ཡིན་པའི་ཕྱིརརོ།། དགེ་སྦྱོང་གི་ཚུལ་འཇིག་པར་འགྱུར་བ་ནི་བཤགས་པའི་བསམ་པ་མ་སྐྱེས་པའི་ཕྱིརརོ།། ཉམས་པ་ནི་བཤགས་པའི་བསམ་པ་ཡོད ་དུ་ཟིན་ཀྱང་བཤགས་པའི་ནུས་པ་མེད་པ་ཉིད་ཀྱི་ཕྱིརརོ།། བཅོམ་པ་ནི་སྐལ་བ་མཉམ་ཞིང་རིས་མཐུན་པ་དེས་ཉོན་མོངས་པ་བཟློག་པའི་ནུས་པ་མེད་པའི་ཕྱིརརོ།། ལྟུང་བ་ནི་རྒྱུད་ལ་དེ་བསྐྱོད་པའི་ནུས་པ་མེད་པའི་ཕྱིརརོ།། ཕམ་པར་འགྱུར་བ ་ནི་ཉོན་མོངས་པས་ཚར་བཅད་པ་ཉིད་ཀྱི་ཕྱིརརོ།། ཕྱིར་བསླང་དུ་མེད་པར་གྱུར་པ་ནི་ཐབསུ་གྱུར་པ་གཞན་མེད་པའི་ཕྱིརརོ།། བསམས་བཞིན་དུ་སྲོག་ཆགས་གྲོག་སྦྱར་ལ་སོགས་པ་ཞེས་བྱ་བ་ལ་བསམས་བཞིན་དུ་སྟེ། ཕྲ་མོར་ལྟ་བར ་བྱེད་པས་ན་ལྟ་བར་བྱེད་པ་ཡིནོ།། སྲོག་ཚོགས་གྲོག་སྥུ་རཱི་གྱི་མིང་ཅན་སྲོག་བཅད་པར་མི་བྱ་ཞིང་ཐ་དད་པར་བྱ་བ་མ་ཡིནོ།། མྲི་ནི་དབང་པོའི་གློང་ཐ་དད་པ་གྲུབ་པ་ཡིནོ།། མིར་ཆགས་པ་ནི་སྒོ་ངར་གཏོགས་པའམ། མངལ་ནས་སྐྱེས ་པོར་གཏོགས་པའི་གནས་སྐབས་ཡོངསུ་མ་རྫོགས་པ་ཡིན།། རང་གིས་ལྕག་དར་ཏེ་ཞེས་བྱ་བཱ་ནི་རང་གི་ལག་གིས་དེ་ལ་མཚོན་ཆུ་བྱིན་པ་ནི་དགེ་སློང་མ་བདག་ཉིད་ཀྱིས་བསྟབས་པ་ཡིན་ནོ།། དེ་ལ་མཚོན་ཐོགས་པ་གཉེར་རམ་ཞེས ་བྱ་བ་ནི་ངས་མཚོན་སྟོབ་པར་བྱེད་པ་གཉེར་བ་ཡིནོ།། དེ་འཆིར་བཅུག་པ་ནི་སྡིག་པ་བྱེད་པོ་འཆི་བའི་ཕྱིར་ཡང་དག་པར་བཀོད་པ་ཡིནོ།། སྡུག་བསྔལ་བ་འགའ་ཞིག་འཆི་བའི་བསྔགས་པ་བརྗོད་པ་སྟེ། སྡིག་བྱེད་པ་ནི་ལས་ཀྱི ་རྣམ་པར་སྨིན་པར་འདོད་པ་མ་ཡིན་པ་དང་ཡང་དག་པར་ལྡན་པ་ཉིད་ཀྱིས་ཕྱིརརོ།། འཚོ་བ་ངན་པ་ནི་ལྷག་པར་སྡུག་བསྔལ་བ་ཉིད་ཡིན་པའི་ཕྱིརརོ།། མི་གཙང་བ་ནི་འཇིག་རྟེན་པས་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིརརོ།། སེམས ་ཀྱི་འདོད་པ་ནི་འཆིང་བའི་རྒྱུ་མཚན་བདག་ཉིད་ཀྱིས་རྙེད་པར་རྟོགས་པར་བྱེད་པའི་ཕྱིར་ཐོག་མར་འཆི་བར་ཀུན་ཏུ་རྟོག་པར་བྱེད་ལ་འཆི་བའི་འོག་ཏུ་བདག་ཉིད་ཐོབ་པར་རྟོག་པའི་ཕྱིར་སེམས་ཀྱི་འདོད་པོ་ཡིནོ།། སེམས་ཀྱིས་ཕ་རོལ་པོ ་འཆི་བར་རྟོག་པའི་ཕྱིར་སེམས་ཀྱི་ཀུན་ཏུ་རྟོག་པ་ཡིན་ནོ།། ཤེས་བཞིན་དུ་རྫུན་ཏུ་སྤྲོ་བ་ནི་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ཡིནོ།། མེད་པ་ནི་ཐོབ་པ་ཡིན་ལ་མེད་བཞིན་པ་ནི་མངོན་སུམ་བྱེད་པའི་སྒོ་ནས་ཡིནོ།། མིའི་ཆོས་ཀྱི་རང་བཞིན་བླ་མ་སྟེ། ་ཁྱད་པར་དུ་འཕགས་པ་སྨྲ་བར་འདོད་པ་ལ་ཞེས་བྱ་བ་ཡིན་ནོ།། མངོན་པར་མི་ཤེས་པ་ནི་འཇིག་རྟེན་པའི་ཤེས་བཞི་སྒོ་ནས་ཡིན་ལ། ཡོངསུ་མི་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་སྒོ་ནས་ཡིནོ།། འཕགས་པ་ནི་ཟག་པ་མེད་པའི་བྱེ་བྲག ་ཁོང་དུ་ཆུད་པའི་ཁྱད་པར་ཐོབ་པ་འམ་ཤེས་པ་ཡིནོ།། སྡུག་བསྔལ་ཤེས་པ་ལ་སོགས་པ་ནི་མཐོང་བ་སྟེ་བཟོད་པ་ཡིན་ནོ།། རེག་པར་སྤྱོད་པ་ནི་བསམ་གཏན་བཞི་ཡིན།། འདི་ཤེསོ།། འདི་མཐོང་ངོ་ཞེས་བྱ་བ་ལ་འཕགས་པའི་བདེན་པ་བཞི་ནི་ཤྲེ ་པར་བྱ་བ་ཡིན་ལ། ལྷ་ལ་སོགས་པ་ནི་མཐོང་བར་བྱ་བ་ཡིན་ནོ།། ཀླུ་ནི་ཀླུ་ཕྲ་མོ་དག་ཡིནོ།། ལྟོ་འཕྱེ་ཆེན་པོ་ནི་ཀླུ་ཆེན་པོ་ཡི་ནོ།། ཡང་ན་ལྟོ་འཕྱེ་ཆེན་པོ་ནི་སྦྲུལ་མི་བཟད་པ་ལ་བྱ་སྟེ། མཐུ་ཆེ་བ་གང་ཡིན་པ་དེ་ལ་འདིར་བཟུང་ངོ་།། གཏམ་འདྲེ་བར་བྱེད་པ ་ཞེས་བྱ་བ་ནི་གཏམ་འདྲེ་བ་ནི་གཏམ་ལ་སོགས་པ་འདྲི་བ་ཡིནོ།། ཕེབས་པར་སྨྲ་བར་བྱེད་པ་ནི་དེ་རྒྱུན་གྱིས་གཏམ་འདྲི་བ་ཡིནོ།། སོ་སོར་ཀུན་དགའ་བར་བྱེད་པ་ནི་ཕ་རོལ་པོའི་བདེ་བ་ཐོབ་པར་གྱུར་པ་ནུ་བདག་སྟོན་པར ་བྱེད་པ་ཡིནོ།། རྟག་ཏུ་ཡང་ལྷོན་ཅིག་གནས་པར་བྱེད་དོ་ཅེས་བྱ་བ་ནི་ལྷ་ལ་སོགས་པ་དང་རྟག་ཏུ་ལྷན་ཅིག་འདུག་པར་བྱེད་ཅེས་བྱ་བའི་བར་དུ་སྟེ། གཟུགས་ན་སྤྱོད་པའི་སྙོམས་པ་ལས་བྱུང་བ་བསམ་གཏན་གྱི་དངོས་གཞིའི་ས་དག་ཡིན་ནོ།། ། ་མོ་རྟག་པའི་འདུ་ཤེས་ནི་མི་རྟག་པ་ཉིད་དུ་འཛིན་པོ་ཡི་ནོ།། མི་རྟོག་པ་ལྟ་བ་ནི་སྡུག་བསྔལ་གྱི་གཉེན་པོའི་ཕྱོགས་མ་ཡིན་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་གྱི་འདུ་ཤེས་ཡིནོ།། སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་ནི་ཇི་ལྟར་ཡང་གང་ཡ ་སྡུག་བསྔལ་གྱི་བདག་ཉིད་ཡིན་པ་དེ་ལྟ་ན་ཡང་སྡུག་བསྔལ་གང་ཡིན་པ་དེ་ནི་བདག་མེད་པའི་འདུ་ཤེས་ཀྱིས་སུན་དབྱུང་བར་བྱ་བ་ཡིན་པའི་ཕྱིར་སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་ཞེས་བྱ་བ་སྨོས་པ་ཡིན་ནོ།། ཟས་ལ་མི་མཐུན ་པའི་འདུ་ཤེས་ནི་རོ་ལ་སྐམས་པ་ལས་བཟློག་པ་ཡིན་པའི་ཕྱིརརོ།། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ནི་ཆགས་པ་མེད་པའི་རང་བཞིན་ཡིན་པའི་ཕྱིརརོ།། སྤོང་བའི་འདུ་ཤེས་ནི་ལྟ་བ་ལ་སོགས་པའི་ཉོན་མོངས་པ ་བཟློག་པ་ལ་དམིགས་པ་ཡིནོ།། འདོད་ཆགས་བྲལ་བའི་འདུ་ཤེས་ནི་གང་དག་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་སྤངས་པ་དེ་དག་གི་འདོད་ཆགས་དང་བྲལ་བ་ཞེས་བྱ་སྟེ། འདུན་པའི་འདོད་ཆགས་ལ་སོགས་པ་ལྡོག་པ་ཐོབ་པའི ་ཕྱིརརོ།། སྤངས་པ་དག་ལ་ཡང་ཀུན་ཏུ་སྤྱོད་པའི་འགོག་པ་ཡིན་ཏེ། དེ་ནི་འདིར་རང་བཞིན་གྱིས་འགོག་པ་དང་། དྲགེ་པ་ཟག་པ་དང་བཅས་པའི་ཉོན་མོངས་པ་དག་གི་ཀུན་ཏུ་སྦྱོར་བ་འགོག་པ་དང་། དགེ་བ་དང་ཀུན་ནས་ཉོན་མོངས་པ་ནི་ལུང་དུ ་མ་བསྟན་པའི་ཀུན་ཏུ་སྤྱོད་པའི་འགོག་པ་ཞེས་བྱ་བ་འགོག་པ་གསུམ་དུ་སྟོན་པ་ཡིནོ།། རྣམ་པར་བསྔོས་པའི་འདུས་ཤེས་ནི་ལུས་ཀྱི་ཁ་དོག་རྣག་ཏུ་དམིགས་པ་ཡིན།། རྣམ་པར་བརྣགས་པའི་འདུ་ཤེས་ནི་རྩ་བའི་གནས་སྐབས་འདྲུལ ་གནས་པ་ཡིནོ།། རྣམ་པར་བམ་པའི་འདུ་ཤེས་ནི་ལས་སྐྲངས་པར་དམིགས་པ་ཡིནོ།། རྣམ་པར་འབུས་གཞིགས་པའི་འདུ་ཤེས་ནི་དབུས་གང་བར་དམིགས་པ་ཡིནོ།། རྣམ་པར་ཟོས་པའི་འདུ་ཤེས་ཀྱི་ཤ་དང་པགས་པ་ཟོས་པར་དམིགས ་པ་ཡིནོ།། རྣམ་པར་དམར་བའི་འདུ་ཤེས་ནི་ལུས་ཀྱི་ཤིའི་ལྷག་མ་ཉུང་བ་ལ་དམིགས་པ་ཡིནོ།། རྣམ་པར་འཐོར་བའི་འདུ་ཤེས་ནི་ཡན་ལག་དང་ཉིད་ལག་ཕྱོགས་མཚམསུ་གཏོར་བར་དམིགས་པ་ཡི་ནོ།། རུས་གོང་གི་འདུ་ཤེས་ནི་ཤ ་མེད་པའི་རུས་པ་ཙམ་དུ་དམིགས་པ་ཡིནོ།། སྟོང་པ་ཉིད་ལ་སོ་སོར་རྟོག་པའི་འདུ་ཤེས་ནི་བདག་ཉིད་ལ་སྟོང་པ་ཉིད་དུ་འདུ་ཤེས་པ་ཡིན།། བསམ་གདན་དངོ་པོ་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ཡིན་ལ་གཉིས་པ་ནི་རྟོག་པ ་མེད་ཅིང་དཔྱོད་པ་མེད་པ་ཡིན་ལ། གསུམ་པ་ནི་དགའ་བ་མེད་པའི་བདེ་བ་ཡིན་ལ། བཞི་པ་ནི་སྡུག་བསྔལ་མེད་ཅིང་བདེ་བ་མེད་པ་ཡིན།། གཞན་དག་ལ་ཕན་འདོགས་པའི་སེམས་ནི་བྱམས་པ་ཡིན་ལ། གཞན་སྡུག་བསྔལ་བ་དང་བྲལ ་བར་འདོད་པ་ནི་སྙིང་རྗེ་ཡི་ནོ།། གཞན་དག་ནི་ཕན་པ་དང་མགུ་བ་ལ་དམིགས་པ་དགའ་བ་ཡིན་ལ། གཞན་དག་གི་བདེ་སྡུག་ལ་བཏང་སྙོམ་སུ་བྱེད་པ་ནི་བཏང་སྙོམས་ཡིན་ཏེ། བསམས་པ་ལས་བྱུང་བ་དང་། བསྒོམ ་པ་ལས་བྱུང་བའི་ཚད་མེད་པ་བཞི་པོ་དེ་དག་ཐེག་ཉེ་བར་བྱས་པ་ཡིནོ།། ན་མཁའ་མཐའ་ཡས་སྐྱེ་མཆེད་ནི་ནམ་མཁའ་མཐའ་ཡས་པ་ཡིནོ།། རྣམ་ཤེས་མཐའ་ཡས་པ་ཞེས་བྱ་བ་དང་། ཅི་ཡང་མེད་པ་ཞེས་བྱ་བ་ལ་སྦྱོར་བའི་སེམས་ཀྱི ་ཀུན་ནས་བསླང་བ་ན་མཁའ་དང་རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་དག་ཡིནོ།། འདུ་ཤེས་ཀྱི་ཆེ་བའི་བདག་ཉིད་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཡིན་ནོ།། ཟག་པ་མེད་པའི་ལམ་གྱིས་མཐོང་བྱས་སྤང་བར ་བྱ་བའི་ཉོན་མོངས་པ་སྤངས་ནས་འདུས་བྱས་དང་འདུས་མ་བྱས་ཐ་དད་པའི་དབྱེ་བས་སེམས་ཀྱི་སྐད་ཅིག་བཅུ་དྲུག་ཐོབ་པ་གང་ཡིན་པ་དེ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡིནོ།། ཟག་པ་མེད་པའི་ལམ་གྱིས་བསྒོམ་པས་སྤང ་བོར་བྱ་བ་རྣམ་པ་དྲུག་སྤངས་པས་འདུས་བྱས་དང་འདུས་མོ་བྱས་ཀྱི་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ནི་ལྡན་ཅིག་ཕྱིར་འོང་བྱའི་འབྲས་བུ་ཡིན་ནོ།། ཟག་པ་མེད་པའི་ལམ་གྱིས་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ། ་བའི་ཉོན་མོངས་པ་རྣམ་པ་དགུ་པ་སྤངས་པོས་ཐོབ་པ་གང་ཡིན་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུ་ཡིནོ།། སྲིད་པའི་རྩེ་མའི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དགུ་སྤངས་པས་འདུས་བྱས་དང་འོདུས་མ་བྱས་ཀྱི་འབྲས་བུ་ཐོབ་པོ ་གང་ཡིན་པ་དེ་ནི་དགྲ་བཅོམ་པའི་འབྲས་བུའོ།། རྫུ་འཕྲུལ་ནི་ན་མཁའ་ལ་འགྲོ་བར་བྱེད་པ་ཡིན་ལ། དེའི་ཡུལ་ནི་ཏིང་འཛིན་གང་ལས་རྫུ་འཕྲུལ་འགྲུབ་པར་འགྱུར་བ་ཡི་ནོ།། ལྷའི་རྣ་བ་ནི་ཡུལ་ཐག་རིང་བ་དང་ཕྲ་བ་དང་བར ་དུ་ཆོད་པ་ཡིནོ།། སེམས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་གཞན་གྱི་སེམས་ཤེས་པ་ཡིན་ནོ།། སྔོན་གྱི་སྐྱེ་བར་གནས་དང་དེར་སྐྱེས་པའི་ཕྱིར་སྔོན་གྱི་གནས་ཡིན་ཏེ། དེ་ལ་དམིགས་པའི་ཏིང་འཛིན་ལ་སྔོན་གྱི་གརླའི་བྱའོ་འཆི་ཡོ་དང་སྐྱེ་བ་ནི་འཆིས ་དང་སྐྱེ་བ་དེ་ལ་དམིགས་པའི་ལྷའི་མིག་ལ་ཡང་འཆི་འཕོ་དང་སྐྱེ་བ་ཞེས་བྱའོ།། ཟག་པ་ཟད་པ་དང་བཅས་པའི་ཤེས་པ་ཉིད་ལྀ་ཡང་ཟག་པ་ཟད་པའི་མངོན་པར་ཤེས་པ་ཞེས་བྱའོ།། རྣམ་པར་ཐར་པ་བརྒྱད་ནི་གརྒྱ་སྣ་ང་སུ ་ལ་ལྟོ་བ་ནས་ནང་གཟུགས་མེད་པའི་འདུ་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་དགེ་བའི་རྣམ་པར་ཐར་པ་དང་། གཟུགས་མེད་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ཡིནོ།། གཉིས་ཀའི་ཆུ་ལས་རྣམ་པར་གྲོལ ་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པའི་མདག་ལས་རྣམ་པར་གྲོལ་བས་ན་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིནོ།། དབང་པོ་རྣོན་པོས་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་ནི་དགྲ་བཅོམ་པ ་ཞེས་བྱའོ།། ཆགས་བཞིན་དུ་ཞེས་བྱ་བ་ནི་སྐྱེས་པ་དེ་ལ་འདོད་པའི་འདོད་ཆགས་ཀྱི་སྒོ་ནས་ཆགས་པར་གྱུར་པ་ཡིནོ།། ཆགས་ནས་ཞེས་བྱ་བ་ནི་སྐྱེས་བུ་ཀུན་ནས་ཆགས་པར་གྱུར་པའི་སྒོ་ནས་སོ།། ཅུང་ཞིག་ནི་ཕྱོགས་གཅིག ་ཡིན་ལ། རེག་པ་ནི་ཉུག་པར་བྱེད་པ་ཡི་ནོ།། ཀུན་ནས་རེག་པ་ནི་ཡོངསུ་ཉུག་པར་བྱེད་པ་ཡི་ནོ།། འཇོ་སྐྲག་བྱེད་པ་ནི་ཕན་ཚུན་རྗོད་པར་བྱེད་པའོ།། འཕྱར་ག་ཡངྒ་ནི་འདོད་པ་དང་རྗེ་སུ་མཐུན་པའི་ཚིག་བརྗོད་པའོ།། ་ཙུབ་ཧྲལ་ནི་འདོད་པ་དང་རྗེ་སུ་མཐུན་པའི་སྐད་གསོང་མཐོ་ལ་མྱི་གསལ་བ་སྒྲོག་པར་བྱེད་པའོ།། གོང་གི་ཚེ་ཁོ་བོ་སྔ་དྲོ་ལ་སོགས་པ་མཐོང་བར་གྱུར་པོ་དེའི་ཚེ་བདག་གྲུབ་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་ཡུལ་ཕྱོགས ་སྟོན་པར་བྱེད་པ་ཡིན་ནོ།། གང་གི་ཚེ་ཁོ་བོ་སྦྱར་མ་དམར་སེར་བགོས་པ་དང་ལྷུང་བཟེད་ཐོགས་པར་མཐོང་བ་ཞེས་བྱ་བ་ལ་སོགས་པ་ནི་མཚན་མ་ཡིནོ།། གཉིས་མངོན་པར་འདོད་པའི་གནས་སུ་འགྲོ་བ་ནི་བརྡའི་ཡིནོ།། དངོས་པོ་བརྒྱད ་ཅེས་བྱ་བོ་ནི་ཡན་ལག་བརྒྱད་དང་ལྡན་པའི་ལུས་བཀན་པ་ཡིན་ཏེ། དེ་ཡང་ཀུན་ནས་ཆགས་པ་ཉིད་ནི་ཡན་ལོག་གཅིག་ཡིན་ལ། འཇོ་སྒེག་བྱེད་པ་ནི་གཉིས་པ་ཡིནོ།། འཕྱར་གཡེང་བྱེད་པ་ནི་གསུམ་པ་ཡིནོ།། ཙ་བ་ཧྲལ་བྱེད། ་པ་ནི་བཞི་པ་ཡིནོ།། ཡུལ་ཕྱོགས་ནི་ལྔ་པ་ཡི་ནོ།། མཚན་མ་ནི་དྲུག་པ་ཡིནོ།། བརྡ་ནི་བདུན་པ་ཡིནོ།། འོང་བ་བདག་གིར་བྱེད་པ་ནི་བརྒྱད་པ་ཡིན་ནོ།། ལུས་བཀུན་པ་ཁོ་ན་ལས་ཕོམ་པར་འགྱུར་བ་སློང་བར་བྱེད་པ་ཡིན་ལ། སེམས ་ཀུན་ནས་ཆགས་པ་དང་གཡོ་ལ་སོགས་པ་ནི་ཐམས་ཅད་དུ་སྦོམ་པོར་འགྱུར་རོ།། སྨྲ་བའི་ཡན་ལག་ཡོད་པ་དགེ་སློང་མས་དགེ་སློང་མའི་ཕམ་པར་འགྱུར་བ་ཞེས་བྱ་བའི་ཁ་ན་མ་ཐོ་བ་འཆལ་བར་བྱེད་པ་དེའི་ཚེ་དེ་ཉིད་ཕམ་པར ་འགྱུར་བའི་ཁ་ན་མ་ཐོ་བ་སློང་བར་འགྱུ་རོ།། བཟློག་པར་བྱ་བ་ནི་ཟློག་པ་དང་རྗེསུ་མཐུན་པའི་ལས་ཡིན་ཏེ། བཟློག་པ་ཡང་དགེ་འདུན་ལ་ཕྱི་རོལ་ཏུ་བྱས་པ་ཡིནོ།། ལངས་པ་ནི་མི་མཐུན་པ་ལ་བྱ་ལ། བསྐལ་བ་ནི་མཐུན་པ་ཡིན་ཏེ།། ་ལངས་པར་གྱུར་ནས། བསྐལ་བ་བཞིན་གྱུར་པ་ནི་ལངས་པ་དང་བསྐལ་བ་འམ། སྐྱོ་བས་སྒྲ་ལངས་པར་གྱུར་པ་གང་ཡིན་པ་དེ་ནི་ལངས་པ་ཡིན་ལ། འོག་ཏུ་བསྙལ་བས་ན་ཉལ་བ་ཡིན།། ཤིན་ཏུ་འོག་ཏུ་འཇུག་པར་བྱེད་པས་ན ་སྤུ་བསྙལ་བར་བྱེད་པ་ཡིན་ནོ།། ཉེས་པ་དེ་ལས་བཟློག་པའི་ཕྱིར་འཇུག་པ་ནི་འབྱུང་བའི་ཕྱིར་འཇུག་པ་ཡིན་ལ་དགེ་འདུན་དང་ལྷན་ཅིག་བྱ་བ་མཚུངས་པར་ཁས་བླངས་པས་ན་མཚུངས་པ་སྟོན་པར་བྱེད་པ་ཡིནོ།། ངོར་པོ་ནི་བཟློག ་པར་བྱ་བའི་ལས་དང་བྲལ་བའི་ཕྱིར་རང་བཞིན་དུ་གནས་པ་ཐོབ་པར་གྱུར་པ་སྟེ། ཤིན་ཏུ་དམའ་བར་འཇུག་པ་ཡིནོ།། དེ་དང་འདྲ་བར་ཡིད་ལ་བྱེད་པ་བསྒོམ་པ་ནི་འདིར་སྦྱོར་བ་ཡིན་ལ། མོས་པ་ཡིད་ལ་བྱེད་པ་བསྒོམ་པ་ནི་ཡིད་ལ ་བྱེད་པོ་ཡིན་ནོ།། ཡང་དག་པར་རྗེ་སུ་སྦྱོར་བར་བྱ་བ་ནི་དགེ་བ་ལ་འཇུག་པར་བྱ་བ་ཡིན་ལ། ཡང་དག་པར་རྗེས་སུ་བསྟན་པར་བྱ་བ་ནི་མི་དགེ་བ་ལོས་བཟློག་པ་ལའོ།། དགེ་སྦྱོང་བྱེད་པ་ཞེས་བྱ་བ་ལ་སོགས་པོ་ལ། དགེ་སྦྱོང་ནི་དགེ་སྦྱོང ་བྱེད་པ་ཡིནོ།། གང་གི་ཕྱིར་བཟོད་པས་དགེ་སྦྱོང་དུ་གྱུར་པ་ཡིན་ཏེ། བཟོད་པའི་རང་བཞིན་དག་ཀྱང་དགེ་སྦྱོང་བྱེད་པ་ཡིན་ལོ།། ཁྲོ་བ་དང་གཤེ་བ་དང་བརྡེག་པ་དང་མཚང་འབྲི་བ་བཟོད་པོ་དག་ནི་དགེ་སྦྱོང་བྱེད་པའི་ཆོས་དག་ཡིན་པས ་སླར་མི་ཁྲོ་བ་དང་། སླར་མཚང་མི་འབྲུ་བའི་བཟོད་པ་དང་ལྡན་པ་ནི་དགེ་སྦྱོང་མར་འགྱུར་བ་ཡིན་ནོ།། གང་ཁྱོད་སྔོན་ཞེས་བྱ་བ་ལ། སྔོན་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་མངོན་པར་འདོད་པའི་ཕུན་སུམ ་ཚོགས་པ་བསྟན་པ་ཡིན་ནོ།། མི་གཡོ་བ་ནི་ཡང་བྱ་བ་མ་ཡིན་པའོ།། བཞག་པར་མི་འོས་པོ་ནི་ཆོ་ག་བརྩམས་པ་ཁོ་ན་འཇིག་པ་མེད་པའི་ཕྱིར་བཞག་པར་འོས་པ་མ་ཡིན་པ་ཞེས་བྱའོ།། གང་བསྙེན་པར་རྫོགས་ནས་ཞེས་བྱ་བ ་ལ་སོགས་པས་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་དུ་ངེས་པར་སྦྱོར་བ་སྟོན་པ་ཡིནོ།། ཚུལ་ཁྲིམས་ཀྱིས་མཉམ་པ་ཉིད་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་དང་། དེང་བསྙོན་པར་རྫོགས་པ་དག་ཚུལ་ཁྲིམས་ཉིད་ཀྱིས ་མཚུངས་པ་སྟེ། སོ་སོར་ཐར་པའི་སྡོམ་པ་ཉིད་ཀྱིས་མཉམ་པ་ཡིན་ནོ།། བསླབ་པ་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ལ། ཀུན་ཀྱང་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་བསླབ་པར་བྱ་བས་མཉམ་པ་དག་ཡིནོ།། སོ་བོར་ཐར་པའི ་མདོ་འདོན་པ་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ནི་ཀུན་ཀྱང་རྗེསུ་བསྟན་པའི་མཆོག་ལ་རག་ལས་པར་མཚུངས་པ་ཡིན་ཏེ། ཀུན་ཀྱང་མཐར་ཚུལ་ཁྲིམས་རྣམ་པར་དག་པས་མཉམ་པོ་ཞེས་བྱ་བའི་དོན་འདིར་འགྱུརརོ།། པ་དང་མཱའི ་འདུ་ཤེས་ཞེས་བྱ་བ་འདི་ནི་འཇིག་རྟེན་པོའོ་ཕ་མ་ལ་སོགས་པའི་ཐ་སྙད་ཀྱིས་སྒྲོ་འདོགས་པ་ལ་ངེས་པར་སྦྱར་བར་བྱ་བ་ཡིནོ།། ངེས་པར་སྦྱོར་བའི་འབྲས་བུ་ཡང་ནང་གཡོག་ལ་སོགས་པ་ཡིན་པར་བསྟན་པ་ཡིན་ནོ།། གུས་པ་ནི ་ཡོན་ཏན་དོན་དུ་གཉེར་བ་སྔོན་དུ་སོང་བ་ཅན་གྱི་ཡོན་ཏན་དང་ལྡན་པ་དག་ལ་གུས་པ་ཡིན་ཏེ། དེ་དག་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དེའི་ཕྱིར་གུས་པ་དང་བཅས་པ་འཇུག་པར་བྱ་བ་ཡིནོ།། ཞེས་ནི་གཙོ་བོ་གཉི ་པ་ལ་བྱ་སྟེ། བདག་ཉིད་གཙོ་བོ་གཉིས་པ་མཐོང་བས་བྱ་བ་མ་ཡིན་པ་ལས་སླར་ལོག་པར་འགྱུར་རོ།། གཉི་གའི་དབང་ལ་རག་ལུས་པ་ཉིད་ཀྱིས་གནས་པ་ནི་འཇིགས་པའི་དབང་གིས་སེམས་གནས་པ་ཡིན་ལ། སེམས་འཇིགས ་པ་དང་བཅས་པའི་དབང་གིས་འཇུག་ཅིང་གནས་པའི་ཕྱིར་འཇིགས་པ་དང་བཅས་པའི་དབང་དུ་གྱུར་པར་བྱ་བ་ཡིན་ཏེ། རྒན་རབས་རྣམས་ལ་ཡང་ཡོན་ཏན་དོན་དུ་གཉེར་བས་གུས་པར་བྱ་བ་དང་གཙོ་བོར་བྱ་བ་དང་། སེམས ་མཉེས་པར་མེད་པས་འཇིགས་པར་བྱ་བ་ཡིནོ།། ཇི་ལྟར་གནས་བསྟན་དང་བར་མ་དང་གསེར་བུ་རྣམས་ལ་དེ་བཞིན་དུ་བྱའོ།། ལུང་མནོད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་བྱ་བ་ལ་ངེས་པོར་སྦྱར་བ་ཡིནོ།། མི་ཐོབ་པ་ཐོབ་པར་བྱ ་པ་ནི་རྙེད་པར་གྱུར་པ་ཡིན་ལ། མ་རྟོགས་པ་རྟོགས་པར་བྱ་བ་ནི་ཁོང་དུ་ཆུད་པ་ཡིནོ།། མངོན་དུ་མ་བྱས་པ་མངོན་སུམ་དུ་བྱས་པ་ནི་མངོན་དུ་བྱས་པ་ཡིནོ།། བརྩོན་པ་མཱི་དོར་བར་བྱའོ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམ་པར་བྱ། ་བ་ལ་ངེས་པར་སྦྱར་བ་ཡི་ནོ།། གཏམ་འདྲེས་པ་ནི་རྒྱུན་མི་འཆད་པར་མཛའ་བ་ཡིནོ།། ཕེབས་པརརོ་སྨྲ་བ་ནི་འབྲིང་དུ་མཛོའ་བ་ཡིནོ།། སྨོས་འདྲེན་ནི་བཤེས་པར་གྱུར་པ་ཡིན་ལ། འགྲོགས་པོ་ཤེས་ནི་ལམ་གཅིག་ཏུ་ཞུགས ་ལ་སོགས་པས་ཀུན་ནས་བསྐྱེད་པ་སྡུག་པ་གཡོ་བ་ཙནྡྲ་ཡཱི་ནོ་ཤེས་རབ་མཆོག་སྟེ་སྟངས་རྒྱས་བཅོམ་ལྡན་འདས་དེའི་བསྟན་པ་ལ་ཁྱོད་བསྙེན་པར་རྫོགས་པར་གྱུར་པས་ཇི་ལྟར་དལ་འབྱོར་ཏེ། དགེ་བའི་ལྷ། ་ཀྱི་གནས་སྐབས་འབྱོར་པར་གྱུར་པ་ལྡོག་པ་མེད་པོར་འགྱུར་བ་དེ་ལྟར་བྱ་བ་ཡིནོ།། མཛེས་པ་ཞེས་བྱ་བ་འདིས་ནི་ལུས་དག་པ་དགེ་། ཡོང་སུ་དག་པ་ཞེས་བྱ་བ་འོདིས་ནཱི་ལི་སྠ་དག་པ་ཡིནོ།། ལུས་ཡོངསུ་དག་པ་དང་ལས་ཡོངསུ་དག་བྱས ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པར་འགྱུར་ཏེ། མཛེས་པ་དང་ཡོངསུ་དག་པ་གཉི་ག་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་གཉི་ག་སྦྱར་བར་བྱའོ།། ཞེས་བྱ་བའི་ཐ་ཚི་གོ། བག་ཡོད་པར་བསྒྲུབས་ཤིག་ཅེས་བྱ་བ་ནི་བེག་ཡོད་པ ་ལ་ངེས་པར་སྦྱར་བ་ཡིན་ནོ།། སྐྱེ་དགུའི་བདག་མ་ཆེན་མོ་རབ་ཏུ་བྱུང་བས་འཕེལ་བ་ཡིན་ལ། གཞན་དག་རབ་ཏུ་བྱུང་བས་རྒྱས་པ་ཡིན་ཞིང་ཕྱོགས་ཕྱོགསུ་རབ་ཏུ་རྒྱུ་བའི་ཕྱིར་ཡངས་པར་གྱུར་པ་ཉིད་ཡིནོ།། ཨེ་མོའོ་ཞེས་བྱ་བ་ནི་དོན ་དུ་གཉེར་བ་ལོ་འཇུག་པ་ཡིནོ།། གསར་དུ་འོངས་པས་བསྟན་པའི་བྱ་བ་ལ་གོམས་པ་མེད་པའི་ཕྱིར་གསར་བུ་ཡིན་ནོ།། གསར་བུ་བསྙེན་པར་རྫོགསོ་པས་ན་བར་མ་ཡི་ནོ།། ན་ཚོད་ཆུང་བ་ཉིད་ཀྱི་ཕྱིར་གཞོན་རབས་ཡིནོ།། དུས་ཉུང་བ ་པ་ཉིད་ཀྱི་ཕྱིར་རབ་ཏུ་བྱུང་ནས་རིང་པོ་མ་ཡིན་པ་ཡིནོ།། དྲ་བ་བཀང་སྟེ་ཞེས་བྱ་བ་ནི་དྲ་བར་བཅུ་གོ་པ་ཡིན་ཏེ་དེ་ནི་དགེ་སློང་དག་བསོད་སྙོམས་ལ་རྒྱུ་བས་དུབ་པ་ཡོངསུ་སྤང་བའི་ཕྱིར་རང་གི་ཁྱིམ་ནས་འབྲས་ཆན་ལ་སོགས་པའི ་བསྟོད་སྙོམས་འཛིན་པར་བྱེད་པའི་དྲ་བ་དག་ཏུ་བསོད་སྙོམས་བཅུག་ནས་བདག་ཉིད་ཁོ་ན་གཙུག་ལག་ཁང་དུ་འོངས་ནས་བསོད་སྙོམས་སྟོབས་པར་འགྱུར་བ་དེ་བུད་མེད་རབ་ཏུ་བྱུང་བ་ལས་རྙེད་པའི་བར་ཆད་དུ་འགྱུར་བ་ནི་མ་བགྲོ། ་པ་ཡིན་ལ། ཐག་པས་བཱ་ཏ་གྲོས་མ་ཟག་པ་ནི་སར་པ་ཡི་ནོ།། འདིའི་སྟེང་དུ་གཤེགས་ཤིག་པ་ནི་རྐང་པ་དག་གིས་གནོན་པར་རེག་ཅེས་བྱ་བའི་ཡིན་ཏེ། འདས་ནི་བསྙེན་བཀུར་བ་ཉམས་པ་ཡིནོ།། ཡན་ལག་གི་མཆོག་ལས་སྐྱེས་པ ་མགོ་ལས་སྐྱེས་པ་ཡན་ཏེ། འདས་ནི་ཤིན་ཏུ་གུས་པར་ཕྱག་བྱེད་པ་ཉམས་པ་བསྟན་པ་ཡིན།། གཟི་བརྗིད་ཀྱི་འོད་ཀྱིས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་གཟི་བརྗིད་ཀྱིའོ།། ཟིལ་གྱིས་གནོན་པ་ནི་ཁྱབ་པར་གྱུར་པ་འམ་ཡོངསུ་ཟད ་པབ་སྒྲུབ་པར་འགྱུར་བ་ཡིན་ཏེ། འདིས་ནི་ཚུལ་ཁྲིམས་ཡོངསུ་ཉམས་པ་བསྟན་པ་ཡིན་ནོ།། རོ་ཞེས་བྱ་བ་ནི་ཤི་བ་དང་འདྲ་བ་ཡིན་ཏེ། ཚུལ་ཁྲིམས་ཀྱི་འཚོ་བ་དང་བྲལ་བའི་ཉིད་ཀྱི་ཕྱིར་རོ།། ཉམས་པོ་མེད་པ་ཞེས་བྱ་བ་ནི་ལྟུང་བྱས ་དྲལླི་བཱའི་ཉེས་པ་མེད་པའི་ཡིནོ།། ཉམས་པ་མེད་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་འཁྱིགས་པ་དང་འབྲེལ་པའི་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། བསྟན་པ་འཕགས་པའི་གང་ཐོགས་བརྒྱད་རྒྱས་པའི་རྒྱན་ཡོད་པོར་ཡང་འགྱུར་རོ།། ་འདིས་ནི་བུད་མེད་ཀྱི་ཡུལ་རབ་ཏུ་བྱུང་བ་ཡོན་ཏན་འཇིག་པོའི་རྒྱུ་ཉིད་དུ་བསྟན་པ་ཡིན།། དགེ་སློང་ཕ་མ་རྣམས་ཀྱི་ཐུན་མོང་དུ་གྱུར་པའི་ལམ་ནི་དགག་དབྱེ་ལ་སོགས་པ་ཡི་ནོ།། གཟིར་བ་ནི་གནོད་པར་གྱུར་པ་ཡིནོ།། ལན་ཅིག་བ ་པ་ནི་དགེ་སློང་མའི་དངོས་པོ་ཡང་ལན་གཅིག་བཏང་ནས་ཡང་ནོད་པའི་མཐུ་མེད་པ་ཞེས་བྱ་བ་ནི་སྡོམ་པ་སྐྱེ་བའི་ནུས་པ་མེད་པ་སྟེ། སྐྱེ་བའི་ཆོས་ཅན་མེད་པ་ཞེས་བྱ་བའི་མྱུར་དུའོ།། མཛའ་བ་ལས་མཛའ་བ་སྐྱེས་པར ་གྱུར་ཏོ།། ཞེས་བྱ་བ་ནི་རྒྱུན་གྱི་སྒོ་ནས་ལེགས་པར་གྱུར་པ་ཡིནོ།། འདས་ཤིང་དུས་འདས་པ་ཞེས་བྱ་བ་ལ་དུས་མ་ཡིན་པའི་འཆི་བ་ནི་འདས་པ་ཡིན་ལ། དུས་སུ་འཆི་བ་ནི་དུས་ལས་འདས་པ་ཡིནོ།། མཛའ་བོའི་འབྲེལ་པ་སྔོན་དུ་སོང་བ་ཅན་ནི་འདིར་གྲོགས ་པཔོ་ཡི་ནོ།། བུ་དང་ཆེ་བོའི་འབྲེལ་པ་ནི་བུ་དང་ཆེ་བོའི་འབྲེལ་པས་སོ།། བུ་མོའི་བུ་ནི་སྣག་གི་ཚྭ་བོ་ཡིན་ལ། དེའི་ཡང་བུ་ནི་ཡང་ཆ་ཡིན་ཏེ། སྣག་གི་ཚ་བོ་དང་ཡང་ཚེ་དག་གི་འབྲེལ་པས་སོ།། རྙེད་པར་སྨོན་པ་ཞེས་བྱ་བ་ནི་བུ་མོ་ལ་འབབ་ཅིང་གཞོལ་བའི་སེམས ་ཡིན།། རིད་ཅིང་ཞེས་བྱ་བ་ནི་ཤ་ཆུང་བར་གྱུར་པའོ།། ཉམ་ཆུང་བ་ཞེས་བྱ་བ་ནི་ལུས་ཀྱི་བྱ་བའི་ནུས་པ་དམན་པའོ།། ཚོགས་ཆེན་མ་ནི་སྨད་འཚོང་བ་ཡིན་ཏེ། ཚེགས་ཀྱིས་ཡོངསུ་ལོངས་སྤྱོད་པར་བྱ་བོ་ཉིད་ཡིན་པའི་ཕྱིརརོ།། བཀྲེན་པ་ནི་འདིར་ཡོངསུ ་ཤེས་པ་དང་བྲལ་བ་ཡིན་པར་ཤེས་པར་བྱའོ།། སྟེང་གཡོགས་ནི་ཁྱིམ་གྱི་སྟེང་དུ་ཁྱིམ་གཞན་བྱས་པ་ཡིནོ།། ཤེས་པ་ཅན་མ་ཡིན་པ་ཞེས་བྱ་བ་ནི་མི་ཤེས་པའོ།། སྣོད་ནི་ཟངས་དང་བུམ་པོ་ལ་སོགས་པ་ཡིན་ལ། སྤྱད་ནི་ཁ་ཕོར་དང་ནལ་ཟེ་ལ་སོགས ་པ་ཡི་ནོ།། རླུང་གི་ཤུགས་དང་འདྲ་བར་ཞེས་བྱ་བ་ནི་རླུང་མགྱོགས་པོ་དང་མཚུངས་པར་རོ།། མནའོ་མ་བླངས་མ་ཐག་པ་ཤེས་པ་མི་བསྟན་པོ་ནི་འདྲིས་པ་མི་བསྟན་པའོ།། སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་ནོང་དུ་བསྡུས་ཏེ་ཞེས་བྱ་བ་ནི་ཡིད་མི ་བདེ་བ་རྣམ་པ་དུ་མས་བསྲུངས་པར་གྱུར་པའོ།། རབ་ཏུ་གཞོན་ཞིང་ཞེས་བྱ་བ་ནི་གཞོན་ནུ་གཞན་དག་ལས་ཤིན་ཏུ་གཞོན་ནུར་གྱུར་པའོ།། བྲལ་བ་ནི་ཡོངསུ་དོར་བའོ།། བྱུག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་འདྲིམ་པར་བྱེད་པས་བླངས་པའི་དྲིའོ ་མཆོག་བྱུག་པ་ལ་སོགས་པ་དང་། གུས་པའི་ཚིག་དང་། དགའ་བ་སྐྱེད་ཕྱིར་བྱེད་པའི་ཚིག་གིས་དྲལ་བསོས་ནས་ཁྱིམ་དུ་འཇུག་པ་ཡིནོ།། སྦྲུལ་གདུག་པས་ཟིན་པ་ཞེས་བྱ་བ་ནི་སྦྲུལ་གྱིས་སྙིང་ཁ་ཟླས་བཟུང་བ་འམྦ་སོར་མོ་གཉིས་པ་ལ་རེག་པའི ་ས་བཟུང་བ་ཡིན།། ལག་པས་བསྐུལ་ཏེ་ཞེས་བྱ་བ་ནི་ལག་པས་སྦྱར་ཏེའོ།། ཆུ་ངོགས་ཆད་པས་ཞེས་བྱ་བ་ལ་སོགས་པས་དེ་ཉིད་གཡར་ས་ཡིནོ།། ཕྱི་ཕྱིར་ཞེས་བྱ་བ་འདི་ནི་སྨྲེ་སྡིགས་འདོན་པའི་ཚིག་གི་སྒོ་ནས་ཀྱི་ཧུད་ཅེས་འབོད་པའོ།། རྣམ་པ ་ཞེས་བྱ་བ་ནི་རྣམ་པ་དང་རྣམ་པ་ནི་རྣམ་པ་སྟེ། རྣམ་པ་མང་པོ་ཞེས་བྱ་བའི་བར་དུའོ།། རྣམ་པ་ཆེན་པོའི་སྒོ་ནས་འབྲས་བུ་འབྱིན་པ་ལ་མངོན་དུ་ཕྱོགས་པ་འཕེལ་ཞིང་ཡོངསུ་རྒྱས་པར་འགྱུར་བའོ།། དེའི་ཕ་དང་མ་ལ་སོགས་པ་འཆི་བ་ནི་ཕ ་དང་མ་ལ་སོགས་པའི་ལས་ཁོ་ན་ལས་གྲུབ་པ་ཡིན་ཏེ། དེའི་སྡིག་པའི་ལས་ཀྱང་ཕ་དང་མ་ལ་སོགས་པ་དེ་དག་གི་ལས་ཀྱི་ལྷོན་ཅིག་བྱེད་པ་ཡིན་པ་དེའི་ཕྱིར་འགའ་ཞིག་ཀྱང་གཞན་གྱི་ལས་ཀྱིས་འཆི་བར་མི་འགྱུར་ཞིང་གཞན་གྱིས་བྱས་པའི ་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་མྱོང་བར་འགྱུར་བ་མ་ཡིནོ།། ཅིག་ཅར་ཞེས་བྱ་བ་ནི་དུས་གཅིག་ཏུའོ།། དབེན་པ་ཞེས་བྱ་བ་ནི་སྐྱེ་བོ་རྒྱུ་བ་དང་བྲལ་བ་འམ་གཙང་བ་དག་ཡིནོ།། བདེ་བར་གནས་པར་འགྱུར་རོ་ཞེས་བྱ་བ་ནི་གཞན་ལ་རེག་ལུས ་པ་མེད་པར་བདེ་བར་གནས་པའི་ངང་ཚུལ་ཅན་དུ་འགྱུར་བའོ།། གླགས་བལྟས་པར་ཞེས་བྱ་བ་ནི་ཇི་ལྟར་འདོད་པར་ཡོངསུ་ལོངས་སྤྱོད་པའི་སྒོ་ནས་ཟིལ་གྱིས་གནོན་པར་འགྱུར་བའོ།། གནོད་སེམས་ཀྱིས་ཀུན་ནས་དཀྲིས ་གྱུར་ཏེ་ཞེས་བྱ་བ་ནི་གསོད་སེམས་འཇུག་པར་བྱེད་པའི་ཉོན་མོངས་པ་ཡིནོ།། ཐབ་ནི་མེ་འབུད་པའི་གནས་ཡོན་ཏེ། གང་འཇིགས་རྟེན་པས་མི་ཐབ་ཅེས་ཐ་སྙད་དུ་བཏགས་པ་ཡིནོ།། ཟངས་ནི་སྣོད་ཀྱི་བྱེ་བྲག་གོ།། བྱིས་པ་ནི་ན་ཚོད་དང་པོ་ལ་བབ་པ ་འོ།། འདོད་ཆགོས་ཀྱི་ཁ་ན་མ་ཐོ་བ་ཆུང་མོད་ཀྱི་ཞེས་བྱ་བ་ལ་ནི་གསོད་པ་ལ་སོགས་པ་སྲིད་པ་དེའི་ཕྱིར་སྡིག་པ་ཆུང་བ་ཡིནོ།། འབྲལ་བར་ནི་དཀའོ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་ལྟ་བུས་ཤིན་ཏུ་སྤངས་པར་བྱ་བ་ཉིད་ཡིན་པའི་ཕྱིརརོ།། ཞེ་སྡང་ཁ་ན་མ ་ཟོཐོ་བ་དང་བཅས་པ་ཆེ་ལ་ཞེས་བྱ་བ་ནི་ཞེ་སྡང་གིས་སྲོག་གཅོད་པ་ལ་སོགས་པའི་ལས་ངན་པ་སྲིད་པའི་ཕྱིར་ཞེ་སྡང་ནི་སྡིག་པ་ཉིད་ཆེ་བ་ཡི་ནོ།། བྲལ་བར་སླ་བ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བས་མོ་ལུས་པར་སྤངས ་པའི་ཕྱིརརོ།། རོ་འཇོག་པར་བྱེད་པའི་ཁྱིམ་རྐུ་བར་བྱེད་པ་ལ་བྱང་ཕྱོགས་པའི་མི་དུར་བརྐུ་བ་ཞེས་ཐ་སྙད་དུ་བཏགས་པ་ཡིནོ།། སྨྱོས་པའི་ནད་ཀྱིས་ནོན་པར་གྱུར་པས་ན་སྨྱོས་པར་གྱུར་པ་སྟེ། བར་བར་དུ་རང་གི་སེམས་རྙེད་པར་གྱུར་པ་ཡི་ནོ།། རྒྱུན་མི ་འཆད་པར་སེམས་པར་གྱུར་པ་གང་ཡིན་པ་དེ་ནི་སེམས་གཡོངས་པ་ཡིན་ནོ།། ལག་པ་དང་རྐང་པ་གས་ཤིང་རྩུབ་པ་སྟེ་གས་ཤིང་རྩུབ་ལ་སྒྲ་རིང་བར་གྱུར་པའོ།། བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བསམ་པའི་ཡུལ་ལས་ཤིན་ཏུ་འདས ་པ་ཡིན་ཏེ། ཇི་ལྟར་ལས་འདི་ལས་འབྲས་བུ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟར་བསམ་པར་བྱ་བ་ཉིད་མ་ཡིན་པའི་ཕྱིརརོ།། ཤིན་ཏུ་ངོ་ཚ་དང་ལྡན་པས་ན་ངོ་ཚ་བའི་ཚུལ་དུ་གྱུར་པ་ཡིནོ།། ཕན་ཚུན་དུ་རྣ་བའི་ནང་དུ་སྨྲ་བར་བྱེད་པའི་ཕྱིར་གཅིག ་ལ་གཅིག་རྣ་བར་བཤུབ་པའོ།། ལས་ཀྱི་རྣམ་པར་སྨིན་པའི་རྒྱུད་ནི་རྣམ་པར་སྨོན་པའི་རྒྱུན་ཡི་ནོ།། བདོག་ཉིད་ཐར་བར་བྱའོ་ཞེས་བྱ་བ་ནི་བདག་ཉིད་ཉེས་པ་ལས་གྲོལ་བ་བྱ་བ་རོ།། ཕྱིས་བཏུལ་བའི་བཏུང་བ་ནི་ཆུ་གྲང་མོའི་སྐྱོ་མ་ཡི་ནོ།། རབ་ཏུ་ཁྲོས ་པའི་སེམས་ཀྱིས་སྨྲ་བ་དང་ཕྱིར་སྨྲ་བ་ནི་འཐབ་མོ་ཡིན།། རབ་ཏུ་ཁྲོས་པའི་སེམས་ཀྱིས་འཁོར་གྱི་ནང་དུ་བསྒྲག་པོར་བྱ་བ་མཽ་ཡིན་པའི་དངོས་པོ་སྒྲོགས་པར་བྱེད་པ་ནི་མཆུང་འབྲུ་བའོ།། ཕན་ཚུན་གནོད་པར་བྱེད་པ་ནི་འཁྲུག་པ་ཡིནོ།། ཕྱི་མའི ་མདུན་དུ་སྨྲ་བ་དང་ཕྱིར་སྨྲ་བ་ནརྀ་རྩོད་པའོ།། གཡོའི་ཀུན་ཏུ་སྤྱོད་པས་ཞེས་བྱ་བ་ནི་བཅོས་མ་དང་གྱ་གྱུའི་བསམ་པས་སོ།། སྐྱེ་གནས་དག་པར་གྱུར་ཏེ་ཞེས་བྱ་བ་ནི་སྐྱེ་གནས་ཚལ་གྱིས་གཡོགས་པ་ཉིད་ལས་ཕོ་དོག་གིས་དེ་རི་པར་གྱུར་པར་རོ།། ། ་ཚིལ་དང་བྲལ་བར་གྱུར་པ་དེའི་ཕྱིར་འདིའི་མངལ་ཡོངསུ་དག་པར་གྱུར་པ་ཡི་ནོ།། མངལ་བླུགས་པ་ནི་མངལ་མེད་པའི་ཐབསུ་གྱུར་པ་ཡིན།། གཏད་པོར་བྱའོ་ཞེས་བྱ་བ་ནི་བཅོལ་བའི་ཚུལ་ཁྲིམས་ཀྱིས་སྦྱིན་པར་བྱའོ།། ལོག་པའི་རྣམ ་རྟོག་པར་སྐྱེས་ཏེ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་རྟོག་པའི་མེ་རབ་ཏུ་འབར་བར་གྱུར་ཏེའོ།། བསྣུན་ཏེ་ཞེས་བྱ་བ་ནི་ཤིན་ཏུ་བཙུགས་ཀྱིས་བསྣུན་པའོ།། དགའ་བར་བྱ་བ་སྟེ་མགུ་བར་བྱེད་པར་རོ།། ངན་པར་སྨོས་པས་ཞེས་བྱ་བ་ནི་སྨོད་པའི་ཚིག་གིས ་ཀུན་ནས་ཁྱབ་པར་གྱུར་པའོ།། བྲང་འརྡུང་བ་ནི་བྲང་ལ་བརྡེག་ཅིང་བསྣུན་པ་ཡིནོ།། བདག་གི་ཁྱོད་སྦྲུལ་གྱིས་ཟོས་ནས་དུས་བྱེད་པར་ཤོག་ཅིག་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་མནའ་འདོར་བར་བྱེད་པ་གང་ཡིན་པ་དེ ་མནའ་འདོར་ཚིག་དེས་དེ་དོན་མོད་པ་འདིར་གྱུར་པ་མ་ཡིན་གྱི། འོན་ཀྱང་གང་དེས་དེའི་ཉེས་པ་མེད་པར་བསད་པ་དང་བསམ་པ་དྲག་པོས་རྫུན་ཏུ་སྨྲས་པ་དེའི་ཕྱིར་དེས་དོན་མེད་པ་དུ་མ་ཉམསུ་མྱོང་བར་གྱུར་པ་ཡིནོ།། མནའི་ཚིག་ནི་ཉེས་པར ་སྤྱོད་པའི་ལམ་གྱི་འབྲས་བུ་ཡོངསུ་གྱུར་པ་ཙམ་ཡིན་ཏེ། དཔེར་ན་འགའ་ཞིག་གིས་བསོད་ནམས་བྱས་ནས་བདག་འདི་ལས་འདི་ལྟ་བུའི་འབྲས་བུ་འབྱོར་པར་གྱུར་ཏོ་ཞེས་སྨྲ་བ་ལྟ་བུའོ།། ཟོང་ནི་ཟོང་དུ་ཐ་སྙད་དུ་བྱ་བའོ།། ཅུང་ཟད་ཀྱང་མི ་ནུས་པ་ཞེས་བྱ་བ་ནི་ཅུང་ཞིག་ཙམ་ཡང་བྱེད་པའི་ནུས་པ་མེད་པའོ།། དྲིལ་བུའི་སྒྲ་དང་འདྲ་བ་ཞེས་བྱ་བ་ནི་དཔེན་དྲིལ་བུའི་སྒྲ་ཐོག་མར་དྲག་ལུ་ཕྱིས་གོ་རིམ་བཞིན་དུ་དལ་གྱིས་ཆོས་ངལ་བའི་རིམས་བཞིན་དུ་སྐྱེས་ནས་ཐམས་ཅད་ཀྱི་ཐམས ་ཅད་དུ་ཉམས་པར་གྱུར་པ་དེ་དང་འདྲ་བར་ཚོར་བ་དག་ཀྱང་ཡིནོ།། གཟུང་བར་དཀའ་བ་ཞེས་བྱ་བ་ནི་ཉོན་མོངས་པ་དག་ལས་བདག་ཉིད་རྙོག་པ་མེད་པར་གཟུང་བ་ཉིད་དུ་དཀའ་བར་ནུས་པ་ཡིནོ།། བསླུ་བར་བགྱིད་ནི་ཞེས་བྱ་བ་ནི་བགྲོད་པར་བྱེད་པ ་ཡིན་ཏེ་འཕྱོན་མ་པ་ནི་བྱི་བོ་པར་རབ་ཏུ་གྲགས་པ་ཡིནོ།། ནལ་གྱི་བུ་ནི་བྱི་བོ་པའི་བུར་གྲགས་པ་ཡི་ནོ།། ཡང་ན་ཐམས་ཅད་དུ་བྱི་བོ་བ་ལ་དྲའི་སྒྲ་དང་བཏུགས་པ་ཡོངསུ་མི་ཤེས་པ་ལ་ནལ་གྱི་བུར་བརྗོད་པ་ཡིནོ།། བ་བ་ཆུང་ལ་ཞེས་བྱ་བ་ལ ་སོགས་པ་ལ། བདེ་བ་ནི་འདིར་ཡིད་བདེ་བའི་བདེ་བ་ཡིནོ།། སྡུག་བསྔལ་ནི་ཚེ་འདི་ཉིད་ཀྱི་ཡིད་མི་བདེ་བའི་སྡུག་བསྔལ་ཡིནོ།། ཉེས་དམིགས་ནི་དམྱལ་པ་ལ་སོགས་པའི་འགྲོ་བའི་སྡུག་བསྔལ་ཉམསུ་མྱོང་བའོ།། མི་རིགསོ་ཞེས་བྱ་བ་ནི་འཐད ་པ་མ་ཡིན་པའོ།། འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་བསྟན་པར་འདོད་པ་དང་ལོངས་སྤྱོད་པར་འདོད་པའོ།། ཀུན་ཏུ་སྦྱོར་བ་དག་འཕེལ་བར་འགྱུར་བ་ཞེས་བྱ་བ་ནི་རྒྱས་པར་འགྱུར་བའོ།། གཏོང་བ་ནི་ལྡོག་པའོ།། ངོམས་པ་ནི་ཡིད་མགུ་བར་གྱུར་པའོ།། ་མཐར་ཐུག་པར་འགྲོ་བས་ན་ཚོགས་པའོ།། སྡིག་པའི་ལས་ཀྱི་ལུས་ཀྱི་ཉེས་པར་སྤྱོད་པ་ལ་སོགས་པའོ།། ཉན་ཐོས་པ་ཞེས་བྱ་བའི་འཕགས་པ་གང་ཟག་བརྒྱད་པའོ།། དམ་པ་དག་ཅེས་བྱ་བ་ནི་དྲང་སྲོང་ཆེན་པོའོ།། ཡང་དག་པར་སོང་བ་ཞེས་བྱ་བ ་ནི་བྱང་ཆུབ་སེམས་དཔའ་དགོ། སྐྱེས་བུ་དམ་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་དགེ་བ་དག་གོ།། དད་པའི་ཤུགས་ཀྱི་སྤུ་གྱེན་དུ་ལྡང་བར་གྱུར་པ་ན་བ་སྤུ་ལྡང་བར་གྱུར་པའོ།། ཆུ་འགྲམ་གྱི་གོད་པ་བཞིན་དུ་ཞེས་བྱ་བ་ནི་གང་གི་ཚེ་ཀླུང་གི་ངོགས་གོ། ་རིམ་བཞིན་དུ་དུམ་བུར་ཆད་ཅིང་རྡིབ་པར་གྱུར་པ་དེ་བཞིན་དུ་དེ་དག་གིས་བསྟན་པ་ཉམས་པར་བྱེད་པ་ཡིན་ཏེ། བསྟན་པ་དང་འགལ་བ་བྱ་བ་མ་ཡིན་པ་ཡང་ལྷག་པར་སྤྱོད་པའི་ཕྱིརརོ།། ཉེས་པ་སྦོམ་པོར་འགྱུརརོ་ཞེས་བྱ་བ་འདི་ནི་མི་ཚངས ་པར་སྤྱོད་པའི་ཕམ་པར་གྱུར་པ་གཅོད་པར་བྱེད་པ་ཡིནོ།། བསོད་སྙོམས་པ་སྤྱོད་པའི་གནས་ལོ་འདིར་སྤྱོད་ཡུལ་དུ་ཤེས་པར་བྱའོ།། བསྟོན་བཅོས་ཀྱི་དོན་ཡོངསུ་ཤེས་པོའི་ནུས་པ་མེད་པས་ན་གླེན་པ་ཡིན་ལ། ལྷག་པར་ཆེ་བས་ན་རབ ་ཏུ་གླེན་པ་ཡི་ནོ།། ཡི་གེའི་སྒོ་ནས་འཛིན་པའི་ནུས་པ་མེད་པས་ན་རྨོངས་པ་ཡིནོ།། ལྷག་པར་ཆེ་བ་ནི་མཆོག་ཏུ་རྨོངས་པ་ཡིནོ།། རིགས་པ་ཞེས་བྱ་བ་ནི་ཚད་མ་དག་པའི་རྗེ་སུ་འགྲོ་བའོ།། གྲོལ་བ་ཞེས་བྱ་བ ་ནིནི་ཆགས་པ་མེད་པ་དང་ཉམས་པ་མེད་པའི་ཚིག་ཡིན་ནོ།། བཤད་པར་བརྩམས་པ་ཞེས་བྱ་བ་ནི་ཉེ་བར་བཀོད་པ་འམ། སྐབས་ཀྱིས་རྣམ་པར་བཤད་པ་ཡི་ནོ།། ལུས་འཛིན་པའི་ནུས་པ་མེད་པ་བསྐྱེད་པ་ནི་བརྒྱལ་བ་ཡིནོ།། དགེ་སློང་དག ་ཉི་མ་ནི་ཤར་ཞེས་བྱ་བ་ལ་སོགས་པ་ལ། ཤར་བར་བྱེད་པའི་ཕྱིར་ཤར་བ་སྟེ། མཚན་མོས་བྱས་པའི་མུན་པ་སལ་བར་བྱེད་པའི་ཕྱིར་རོ།། བྱ་རོག་ནི་ཟེར་ཞེས་བྱ་བ་ནི་སྒྲ་འབྱིན་པར་བྱེད་པའོ།། ཞིང་རྨེད་པ་ཞེས་བྱ་བ་ནི་ས་བོན་འདེབས་པར ་བྱེད་པའོ།། ངུ་བ་ཞེས་བྱ་བ་ནི་སྨྲེ་སྔགས་འདོན་པ་འམ་ངུ་བར་བྱེད་པའོ།། མ་ལུས་པར་ཕྲོག་པོར་བྱེད་པ་གང་དག་ཡིན་པ་དེ་ནི་མི་རྒོད་ཡིནོ།། ཉི་མཱ་ཞེས་བྱ་བ་ནི་དེ་བཞིན་གཤེགསོ་བའི་ལྷག་པའི་ཚིག་ཡིནོ་ཏེ། ཉི་མའི་དཔེས་དེ་བཞིན ་གཤེགས་པ་བསྟན་པར་རིག་པར་བྱའོ།། གང་གི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྣང་བས་མི་ཤེས་པའི་མུན་པ་སེལ་བར་བྱེད་པ་ཡིན་པའི་ཕྱིར་ཡང་འདིར་མཚུངས་པ་ཡིནོ།། བྱ་རོག་ཟེར་བ་ཞེས་བྱ་བས་ནི་ཆོས་ཀྱི་སྣོད ་ཅན་བསྟན་པ་ཡིན་ཏེ། དཔེར་ན་ཉི་མ་ཤར་བར་གྱུར་པ་ན་བྱ་རོག་ཟེར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཉི་མ་ཤར་བར་གྱུར་པ་ན་བཅོམ་ལྡན་འདས་ཀྱིས་ཐོག་མར་ཆོས་བསྟན་ནས་ཞེས་བྱ་བའི་དབང་དུ་བྱས་ནས་ཆོད་ཀྱི་སྣོད་ཅན་ཚྭ ་སྨྲ་བར་འགྱུར་རོ།། ཞིང་པ་སྨོས་པས་ནི་གཏོང་བ་པོ་དང་སྦྱིན་བདག་བསྟན་པ་ཡིན་ཏེ། དཔེར་ན་ཞིང་པས་ནི་ཞིང་བསྒྲུབས་ནས་ས་བོན་འདེབས་པར་བྱེད་པ་དེ་བཞིན་ཏུ་སངས་རྒྱས་བྱུང་བར་གྱུར་པ་ན་གཏོང་བ་པོ་དང་སྦྱིན་བདག་གིས་སྦྱིན་གན ་ཀྱི་ཞིང་བསྒྲུབས་ནས་སྦྱིན་པའི་ས་བོན་གྱི་ཆར་འབེངས་པར་འགྱུར་རོ།། མི་རྒོད་སྨོས་པས་ནི་བདུད་དང་བདུད་ཀྱི་འཁོར་བསྟན་པ་ཡིན་པར་རིག་པར་བྱ་སྟེ། དཔེར་ན་ཉིན་པོར་མི་རྒོད་དག་མངོན་པར་འདོད་པའི་དོན་སྒྲུབ་པའི་ཕྱིར་དུ་བར། ་བྱེད་པ་དེ་བཞིན་དུ་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བར་གྱུར་པ་ན་བདུད་ཀྱི་སྤྱོད་ཡུལ་སྐྱེ་བོ་ཆེན་པོ་མངོན་པར་འདས་པའི་ཕྱིར་བདུད་དང་བདུད་ཀྱི་འཁོར་ཀུན་ནས་ངུ་བར་བྱེད་པ་ཡིནོ།། ཕྱིན་ཅི་མ་ལོག་པར་རྗེ་སུ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར། ་སྟོན་པ་ཡིན་ལ། སྟོན་པ་དེས་བྱ་བ་གང་ཡིན་པ་གདོན་མི་ཟླ་བར་མཛདྲ་པ་བྱ་བ་དེ་ནི་བྱ་བ་ཡིན་ཞིང་། བྱས་པ་ཡང་བདེན་པ་བཞི་བསྟན་པ་ཡིན་ཏེ། ས་ཁྱེད་རྣམས་ཏེ་ཁྱེད་ཅིག་ལ་བྱ་བ་དེ་བྱས་པ་ཡིནོ།། བྱ་བར་སྦྱར་རོ།། སྟོན་པ་ཁྱད་པར་ཛ~ཾ ་ལྟ་བུསྭཱ་ཤྭེ་ནཱ། རྗེ་སུཾ་བརྩེ་བཙུན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས་ཅནྡོ་སྡུག་བསྔལ་པོ་མཐོང་བ་ན་རྗེ་སུ་སྟེ་ཕྱིས་བརྩ་བར་གྱུར་པ་གང་ཡིན་པ་དེ་ནི་རྗེ་སུཾ་བརྩེ་བ་ཙནྡ་ཏེ། གཞན་གྱི་སྡུག་བསྔལ་བཟོད་པར་མི་སྤྱོད་ཅེས་བྱ ་ཐ་ཆེ་གོ། སྙིང་རྗེ་སྤྱོད་པའི་ཕྱིར་ཐུགས་རྗེ་ཅན་ཏེ། གང་ཞིག་སྡུག་བསྔལ་གྱིས་གཟིར་བ་རྣམས་ཀྱི་སྡུག་བསྔལ་པོའི་ཐེ་བོས་དགོངས་པར་མཛད་པའོ།། དོན་དུ་བཞེད་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་བསྒྲུབ་པར་བརྩོན་པའོ།། ཕོཕ་ན ་པར་བཞེས་པ་ཞེས་བྱ་བ་ནི་འཇིག་རྟེན་གཉིས་དང་མི་འགལ་བའི་ཕན་པ་སྒྲུབ་པར་མཛད་པའོ།། ཐུགས་བརྩེ་བར་གྱུར་པ་ནི་ཞེས་བྱ་བ་ནི་རྟག་ཏུ་ཐུགས་བརྩ་བ་དང་ཉེ་བར་ལྷག་པར་སྤྱོད་པ་སྟེ། ལན་དུ་ཕན་བཏགས ་བ་ལ་བལྟོས་པ་འཇུག་པ་མེད་པའི་ཕྱིར།། ད་ནི་ཁྱེད་ཅག་གིས་ཞེས་བྱ་བ་འདིས་ནི་འདི་སྐད་དུ་འདི་ལྟར་ངས་འགའ་ཞིག་ལ་མཆོག་གསལ་བའི་སྒོ་ནས་ཕན་གདགས་པར་མཛད་པའི་ནུས་པ་མི་མངའ་བ་སྟེ། དཔེར་ན་ང་ལ་ནུས་པ་མི་མུངའ ་བ་དེ་བཞིན་དུ་ལྷ་དང་། བཅས་པའི་འཇིག་རྟེན་དག་ལ་ཡང་མཆོག་སྦྱིན་པའི་ནུས་པ་མེད་པ་དེའི་ཕྱིར་ཁྱེད་ཅག་གིས་བདག་ཉིད་ཁོ་ནའི་ཉེས་པ་ཡོངསུ་དོར་བ་དང་ཡོན་ཏན་བསྒྲུབ་པར་བྱ་བ་བྱོས་ཤིག་ཅེས་བྱ་བ་བསྟན་པར་འགྱུ་རོ།། རིའི ་ཕྲག་ནི་ལུང་པོའོ།། ཕུག་ནི་ཁྱིམ་གྱི་རྣམ་པ་ཅན་སྐྱེས་བུའི་འབད་རྩོལ་ལ་བལྟོས་པ་མེད་པར་གྲུབོ་པའོ།། སོག་མའི་ཚོགས་ནི་སོག་མའི་ཕུང་པོ་ཡིན་ནོ།། བག་མེད་པ་ཞེས་བྱ་བ་ནི་བགོ་མེད་པར་མ་བྱེད་ཅིག་པའོ།། ཕྱིས་ཞེས་བྱ་བ་ནི ་ཡོངསུ་མྱ་ངན་ལས་འདས་པོ་འམ། བཞུགས་གདན་གྱི་ཐ་མ་བརྙེས་པར་གྱུར་པ་ནའོ།། འདི་ནི་ངའི་རྗེས་སུ་བསྟན་པ་ཡིན་ཏེ། ཞེས་བྱ་བ་ནི་ངའི་གདམས་པའོ།། མཚོ་ནི་ཀླུང་ཡིན་ལོ་སྐྱེད་མོས་ཚལ་ནི་མེ་ཏོག་དང་འབྲས་བུའི་ཤིང་དང་ལྗོན་པའི་ཕྱིར ་ཡིན།། འབབ་ཆུ་ནི་འབྲུག་པའི་ཆུའོ།། ཆུ་བོ་དང་ཤིང་ལ་སོགས་པ་དེ་དག་གིས་བརྒྱན་པའི་སའི་སྟེང་སྟེ་ས་ཕྱོགསསོ།། དགའ་བའི་ཞེས་བྱ་བ་ནི་དགའ་བ་སྐྱེད་པར་བྱེད་པའོ།། བུད་མེད་དང་ནི་བུད་མེད་ཀྱི་ཡིད་ལ་བྱེད་པ་སྐྱེ་བ་དང་རྗེ་སུ་མཐུན་པའོ།། བུད ་མེད་དུ་སྟོན་པར་བྱེད་པ་ནི་བུད་མེད་ཀྱི་དབང་པོས་བྱིན་གྱིས་བརླབས་པ་ཡིན་ཏེ། དེས་བུད་མེད་ཀྱི་དངོས་པོར་རབ་ཏུ་གསལ་བར་བྱེད་པའི་ཕྱིརརོ།། ལོངས་སྤྱོད་ཟད་པ་ཞེས་བྱ་བ་ནི་བཟའ་ལ་སོགས་པ་ཉེ་བར་ལོངས་སྤྱད་པར་བྱ་བའི་དངོས་པོ་ཡོངསུ་ཟད ་པའམ། གྲོང་ལ་སོགས་པ་ཡོངསུ་ཟད་པའོ།། སྐྱེ་བོ་ཀུན་གྱིས་ཡོངསུ་ཤེས་པར་གྱུར་པ་ནི་གྲགས་པར་གྱུར་པའོ།། འབད་པ་མེད་པར་གོས་དང་བསོད་སྙོམས་པ་རྙེད་པའི་ཕྱིར་བསོད་སྙོམས་ཆེན་པོའོ།། བཟའ་བ་དཀོའ་བས་རྙེད་པའི་ཕྱིར་མུ་གེའི་དུས ་ཡིནོ།། གློ་བུར་བ་ཞེས་བྱ་བ་མ་བསམས་པར་འཕྲལ་ལ་བྱུང་བ་ཡིནོ།། བཞག་པ་ཞེས་བྱ་བ་ནི་སྔ་དྲོའི་དུས་སུ་ཟས་ཙམ་བྱིན་ལེན་བྱས་ནས་ཉི་མ་ཕྱེད་ལས་འདས་པའི་ཕྱིར་ཡིན་ཏེ། དེ་ལ་བྱིན་ལེན་བྱས་ནས་གྲོ་ལས་འདས་པར་གྱུར་པ་ནི་བཞག་པ ་ཡིནོ།། ཐུན་མོང་མ་ཡིན་པའི་བར་ཆད་ནི་གླེ་འདམས་པ་ལ་སོགས་པའོ།། དགེ་སློང་མ་བར་དུ་ཞོག་ལ་ཞེས་བྱ་བ་ནི་ལས་བྱེད་པས་དགེ་སློང་མ་ལ་དྲི་བར་བྱ་ཞིང་དགེ་སློང་མོས་བསྙེན་པར་རྫོགས་པར་འདོད་པ་ལ་དྲི་བར་བྱ་བ་ཡིནོ།། ཁྲག་ནི་ཟླ་མཚན ་གྱི་དུས་ཀྱི་ཁྲག་ཡིན།། ཇི་ལྟ་བུ་འམ་དེ་ལྟ་བུས་ཞེས་བྱ་བ་ནི་ཐབས་གང་གིས་སམ་དེ་ཡ་སོ།། དགེ་སློང་གི་མལ་སྟོན་གྱི་ལྷག་མ་ཞེས་བྱ་བ་ནི་གོང་དགེ་སློང་ལས་བསྟབས་པ་དེ་དག་ལས་ལྷག་མར་གྱུར་པ་གང་ཡིན་པའོ།། རིམ་བཞོན་དུ ་ཞེས་བྱ་བ་ནི་མཐར་གྱིས་གཞོལ་བ་དང་། འགོར་བ་མེདོ་པར་རོ།། ཐེ་ཚོམ་དགྲོལ་ཙམ་དུ་ཞེས་བྱ་བ་ནི་ཐེ་ཚོམ་བཟློག་པ་ལ་འཇུག་པ་འམ། ཡོད་ན་ཁོང་དུ་ཆུད་པ་ཙམ་གྱི་ཕྱིར་ཏེ། ཁོང་དུ་ཆུད་པ་ནི་གོ་བ་ཡིན་ཏེ། ཡོངསུ་ཤེས་པའི་རྒྱས་འདྲི་བར་འདྲ ་ཞེས་བྱ་བའི་བར་དུའོ།། སྐད་ཆིངས་ཞེས་བྱ་བ་ནི་ཐམས་ཅད་དུ་གློ་བཅིང་བར་བྱ་བའི་དོན་གྱི་གོས་ལ་སོགས་པ་ཁོ་ན་ལ་སྐད་ཆིངསུ་བསྟན་པ་ཡིནོ།། བྲང་ཆིངས་ཞེས་བྱ་བ་ནི་ནུ་མ་ལ་ལྷོད་པའི་དངོས་པོར་མི་འགྱུར་བར་སྒྲུབ ་པར་བྱེད་པ་ནུ་མ་བཅིངས་པའོ་ཐབ་སུ་གྱུར་པའི་ཆིངས་མ་ཐམས་ཅད་ལ་བྲང་ཆིངས་ཉིད་དུ་བརྗོད་པ་ཡིན་ནོ།། མཛེས་གྱུར་གྱི་བར་ཆད་ཅེས་བྱ་བ་ནི་ནུ་མ་ཕན་ཚུན་མི་འབྱར་བར་བྱ་བའི་དོན་དུ་གོས་ལོས་བྱས་པའི་བར་ཆད་ནི་མཛེས་གྱུར་གྱི་བར་ཆད་ཡིན ་ཏེ། དེས་ནུ་མ་དག་མཛེས་པའི་གནས་སྐབས་སྒྲུབ་པར་འགྱུརརོ།། མི་གཙང་བ་འཛག་ཅིང་འབྱུང་བའི་ས་ཕྱོགས་ནི་ལྗོན་ལྗིན་ནོ།། མི་དགོའ་བར་འགྱུར་བ་ནི་འདིར་ཙོ་འདྲི་བ་འམ། གདུང་བར་སྐྱེ་བར་བྱེད་པའོ།། མཚན་བཟང་མ་ཞེས་བྱ་བ་ནི་བུད་མེད ་དག་ལ་སྙེན་པའི་ཚིག་ཡིན་ཏེ། དཔལ་གྱིས་མཚན་པའི་མཛེས་པའི་མཚན་ཉིད་གང་ལ་ཡོད་པ་དེ་ནི་འདིར་མཚན་བཟང་མའོ།། ཀྱེ་མཚན་བཟང་མ་ཞེས་བྱ་བ་དེ་ནི་འབོད་པའི་ཚིག་ཡིནོ།། བདག་མི་དགའ་བས་གཟིར་བ་ཞེས་བྱ་བ་དོན་ཁོ་མོ་སེམས ་སྐྱོ་བས་གཟིར་བར་གྱུར་པའོ།། ལྷུང་བཟེད་ཆེན་པོ་ནི་ལྷུང་བཟེད་ཆེན་པོའོ།། བརྒྱད་པ་ཞེས་བྱ་བ་ནི་མངོན་སུམ་དུ་བསྡིགས་པའོ།། སྨད་པ་ཞེས་བྱ་བ་ནི་སྨོད་པ་ཡིན་ནོ།། དགེ་སློང་མ་མི་སྲུན་པ་ཁྱེད་ཀྱིས་ཞེས་བྱ་བ་ནི་ཁྱེད་ཅོག་ལས་གཞན་དག་གི ་ཚུལ་མ་ཡིན་པའི་ལས་བྱས་པ་དེའི་ཕྱིར་ཁྱེད་ཅག་ཀུན་གྱིས་མཐོང་བ་ཁོ་ན་ཞེས་བྱ་བ་དེ་ལྟ་བུ་ཡིད་ལ་བྱས་ནས་ཚིག་བརྗོད་པ་ཡིན།། བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པ་འགའ་ཞིག་གིས་དེ་བསྐྱེད་པར་གྱུར་ཅེས་བྱ་བའི་དངོས ་བོཔོ་དེ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ལས་ཀྱི་ནུས་པ་སྣ་ཚོགས་པ་ཉིད་ཀྱི་ཕྱིརརོ།། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ་ཕྲན་ཚོགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་དྲུག་པ་རྫོགསོ།། །། རྩཝ་ཆུན་ཞེས་བྱ་བ་ནི་དུབ ་པྲ་ཡོངསུ་སྤང་བར་བྱ་བའི་ཕྱིར་རྗེསུ་སྦྱང་བར་བྱ་བའི་ཕྱིར་རྗེསུ་གནང་ངོ་ཞེས་བྱ་བའི་དབང་དུ་བྱས་ནས་རྩིའི་ཁྲེས་པོ་འཇམ་པོ་ལ་བྱའོ།། གཉུག་མར་གནས་པ་ཞེས་བྱ་བ་ནི་གང་རྟག་པར་གནས་པའོ།། བསྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ།། ་ཞེས་བྱ་བ་ལ་ཕ་རོལ་པོ་ལོང་པུང་གི་ཚོགས་ཀྱི་འཇིགས་པ་ལས་བསྲུང་བ་དང་། ཡམས་ལས་སྐྱོབ་པར་བྱེད་པ་དང་། རང་གི་དཔུང་གི་ཚོགས་ཀྱི་འཇིགས་པ་ལས་ཡོངསུ་བསྲུང་བའི་སྦེད་པར་བྱེད་པ་ཡི་ནོ།། གནོད་སྦྱིན་འདུས་པར་ཞེས་བྱ་བ་ནི་གནོད ་སྦྱིན་འདུས་ཤིང་ཚོགས་པར་གྱུར་པའོ།། རང་གི་རིགས་དང་སྐལ་བ་མཉམ་པའི་རྒྱུད་ཀྱིས་ཞེས་བྱ་བ་ནི་རང་གི་རིགས་བརྒྱུད་ལས་འོངས་པའི་ཆོ་གསོ།། བཙས་པ་ཞེས་བྱ་བ་ནི་མེ་སྐོར་གྱི་ཆ་བྱད་དམ་བུ་བཅས་བ་ཡིན་ཏེ། དེ་འདུས་བྱས་ཤིང ་མཛེས་པར་བྱས་པ་ཡི་ནོ།། རི་སྟཽ་རི་བོ་ལས་བྱ་ཁྲུང་ཁྲུང་སྐད་འབྱིན་ཅིང་སྒྲོག་པར་བྱེད་དོ།། སྤྱོད་ཡུལ་ཞེས་བྱ་བ་ནི་ངེས་པར་ཡོངསུ་ཚོལ་བར་བྱེད་པའི་གནས་ཡི་ནོ།། བཙུགས་པ་ནི་ཡིད་བསྟན་པའོ།། མཛའ་བ་ནི་མཛའ་བོར་གྱུར་པའོ།། དགའ ་བ་ནི་གཉིས་ཀྱིས་གཉིས་སྙོམས་པར་འཇུག་པའོ།། ཡིད་བདེ་བ་ནི་ཕན་ཚུན་སེམས་རྗེསུ་མཐུན་པ་ཡི་ནོ།། གོང་གི་ཚེ་བདག་པོའི་ཡུལ་ལ་བཙུགས་པ་ལ་སོགས་པ་ལ་སོགས་པ་ལྷག་པར་ཀུན་ཏུ་སྤྱོད་པ་དེའི་ཚེ་བཅུགས་པ་ལ་སོགས་པ ་མང་པོར་འགྱུར་བ་ཡིནོ།། ནགས་མའི་གནས་ལ་སོགས་པ་དབང་བ་གང་ཡིན་པ་དེ་དག་ནི་འདིར་གནས་ཐམས་ཅད་ལ་དབང་བྱེད་པ་ཡིནོ།། རྟག་ཏུ་བསམ་པའི་སྒོ་ནས་གནོད་པ་ལ་འཇུག་པའི་ཕྱིར་འཁོན་ཡིནོ།། ་གསལ་པོར་གནོད་པ་རྩོམ་པར་བྱེད་པ་ཉིད་ཀྱི་ཕྱིར་དགྲ་ཡིནོ།། ཕྲག་ནས་གནོད་པར་བྱེད་པ་གང་ཡིན་པ་དེ་སྙིང་རིང་བར་གྱུར་པའོ།། སྨྱོས་ནས་དུ་ཞི་ངོ་ཞེས་བྱ་བ་ནི་སྨོས་ནས་སྨྲ་བའོ།། འགྱེལ་པ་ཞེས་བྱ་བ་ལ་སོགས་པོ་ལ། ཁ་ཅིག་ཏུ་ནི ་འགྱེལ་བར་བྱེད། ཁ་ཅིག་ཏུ་ནི་ས་ལ་ལྟུང་བར་བྱེད། ཁ་ཅིག་ཏུ་ནི་སྟེང་དུ་མཆོང་ཞིང་རྒལ་བར་བྱེད། ས་ལ་འགྲེ་བ་ནི་ཀུན་ནས་འགྲེ་ཞིང་ཡོངསུ་འགྲོ་བར་བྱེད་པའོ།། ཁ་ཅིག་ཏུ་ནི་པུས་མོ་གཉིས་ཀྱིས་འགྲོ་བར་བྱེད་པའོ།། ཁ་ཅིག་ཏུ་ནི ་ཙེགྲ་པུར་འགྲོ་བར་བྱེའོ།། ཡི་ཆད་པར་གྱུར་ཏེ་ཞེས་བྱ་བ་ནི་བུ་དང་བྲལ་བས་སྤྲོ་བ་མེད་པར་གྱུར་པའོ།། ཡང་ན་བསམ་པ་མེད་པར་གྱུར་པ་སྟེ། བུ་རྙེད་པའི་བས་མོ་པ་དང་བྲལ་བར་གྱུར་པའོ་རྗེསུ་སོམས་ཤིག་ཅེས་བྱ་བ་ནི་དཔྱད་པར་བྱ་བ་འམ། ་ཡོངསུ་དཔྱོད་པར་གྱིས་ཤིག་པའོ།། མངལ་ནི་ནང་ན་སེམས་ཅན་གནས་པའོ།། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་འཕངས་པ་ཞེས་བྱ་བ་ནི་སྔོན་གྱི་ལུས་ཀྱི་ཚོགས་པས་འཕངས་པས་ཐོབ་པར་གྱུར་པའོ།། སོག་མ་ལ་སོགས་པའི་རྩཝ་ལས ་བསྒྲུབས་པའི་ཨ་མྲའི་འབྲས་བུ་ལ་བྱེར་པའི་ཐངསུ་གྱུར་པ་ནི་སྣོད་ཡིནོ།། གཏུམ་པོ་ནི་དྲག་པོའོ།། ཚོན་ངུར་སྨྲིག་གིས་ཁ་སྒྱུར་བའི་གོས་ནི་ངུར་སྨྲིགོ།། ཚངས་ནི་གོས་ཀྱི་དུམ་བུའོ།། ཉོས་པ་ནི་ཐར་པའི་ཕྱིར་རིན་འབྱིན་པའོ།། གཏོར་མ་ཞེས ་བྱ་བ་ནི་དེ་དག་གི་ཆེད་དུ་ས་ཕྱོགས་གཙང་མར་བཟའ་བ་དོར་བ་གང་ཡིན་པ་དེ་ནི་གཏོར་མའོ།། ལྟ་བར་བྱེད་པ་ཞེས་བྱ་བ་ནི་གློ་སྐར་ལ་སོགས་པ་ལསོ།། བལ་ལྕིས་སྐྱང་ནུས་བྱས་པ་ལ་འདིར་ཡོངསུ་སྦྱངས་པར་བཞེད་དོ།། སྐྱེས ་པོའི་ཆུ་ངོགས་ཞེས་བྱ་བ་ནི་སྐྱེས་པ་ཁྲུས་བྱེད་པའི་ས་ཕྱོགས་ཡིནོ།། ལམ་གྱི་བཞི་མདོ་ནི་ལམ་བཞི་འདུས་པའོ།། སྡོམ་པ་སྐྱེ་བའི་སྣོད་མ་ཡིན་པ་ནི་སྐྱེ་བའི་ཆོས་ཉིད་མེད་པོའོ།། བུད་མེད་ཀྱི་མཚན་དང་བཤང་བའི་ལམ ་དང་བཅས་པ་གཅིག་ཏུ་གྱུར་པ་གང་ལ་ཡོད་པ་དེ་ནི་འདོར་གླེང་འདེབས་པ་ཡིནོ།། བུད་མེད་ཀྱི་དབང་པོ་ལས་རྟག་ཏུ་ཁྲག་འཇུག་པ་གང་ཡིན་པ་དེ་ནི་རྟག་ཏུ་ཟླ་མཚན་འཛག་པ་ཡིནོ།། གང་གི་མངལ་གནས་པའི་གནས་ན་ཟླ ་མཚན་མེད་པ་སྟེ། ཟླ་མཚན་ནི་ཁྲག་ཡིན་པར་བསྟན་ཏོ།། མཚན་མ་ཙམ་ཞེས་བྱ་བ་ནི་གང་གི་མཚན་མ་ཙམ་ཡོད་པ་ཡིན་ཏེ། ཡོངསུ་མ་རྫོགས་པའོ།། གསང་བའི་ཕྱོགས་དགབ་པའི་ཐབསུ་གྱུར་པ་ནི་སྨེ་གབ་པོ།། ཐུ་ཞེས་བྱ་བ་ནི ་མཆིལ་མ་གཏོར་བའོ།། བཤགས་པར་བྱ་བའི་ཁ་ན་མ་ཐོ་བ་བྱུང་བ་ཕྱིར་བཅོས་པའི་བསམ་པས་རང་གི་ངོ་བོ་འབྲལ་བ་ཡིན་ལ། གང་གི་མདུན་དུ་བཤགས་པ་བྱེད་པ་དེ་ལ་ཁ་ན་མ་ཐོ་བ་མེད་པའི་ཡུལ་ལ་ཇི་ལྟ་བ་བཞིན་དུ་ཤེ ་པ་སྐྱེད་པར་བྱེད་པ་ནི་བཤགས་པ་ཡི་ནོ།། སེམས་ཀྱིས་ཀྱང་འཆབ་པའི་བློ་མེད་པ་ནི་མི་འཆབ་པ་ཞེས་བྱའོ།། རེག་པར་གནས་པར་འགྱུར།། ཞེས་བྱ་བ་ནི་ཉེས་པ་མེད་པ་ཐོབ་པ་ལས་བདག་གི་སེམས་ཀྱི་བདེ་བ་ཆེན་པོར ་འགྱུ་རོ།། སྐྱེངས་པར་གྱུར་ཏོ་ཞེས་བྱ་བ་ནི་ངོ་ཚ་བར་གྱུར་པ་སྟེ། ཇི་ལྟར་བྱ་བ་ལ་རྨོངས་པར་གྱུར་ཅེས་བྱ་བའི་ཐུ་ཆེ་གོ།། ཡོང་སུ་དག་པ་ཞེས་བྱ་བ་ནི་ལྟུང་བ་མེད་པར་གྱུར་པའོ།། ལྦུ་བ་མཐུན་པ་ཞེས་བྱ་བ་ནི་གང་གི ་ལྟ་བ་རྣམ་པ་འགའ་ཞིག་ཀྱང་ཐ་དད་པ་མེད་པ་དེ་ལ་འདོར་ལྟ་བ་མཐུན་པར་བཞེད་དོ།། ཐུན་མོང་ནི་བསྙེན་པར་རྫོགས་པའི་ལས་ཡིནོ།། འཇིགས་པར་གྱུར་ཏེ་ཞེས་བྱ་བ་ནི་ལས་བྱེད་པའི་ཕྱིར་ངག་གི་བྱེད་པ་མི་གསལ་བ་ཡིན་ནོ།། སེམ ་གཞན་དུ་མི་འགྱུར་བས་དཔྱོད་པར་བྱེད་པ་ནི་ངེས་པར་བརྟགས་པ་ཡིན།། བརྟུལ་བ་ནི་འདིར་སྐེམས་པར་བྱེད་པའོ།། མལ་སྟན་གྱིས་སྟོང་པའི་རྩཝའི་ལྷས་མ་ཅན་ནི་ཁྲིའོ་མ་གཡོགས་པའོ།། དྲན་པ་ཉེ་བར་གཞག་པ་མ་ཡིན་པ་ནི་དྲན་པ་རྨོང ་པ་ཅན་ཡིན་པར་བཞེད་དོ།། ལེགས་པར་བགོས་ཤིང་ཞེས་བྱ་བ་ནི་སྟོད་གཡོག་སོ།། ལེགས་པར་གཡོགས་པ་ནི་འོག་ཏུ་བགོ་བའོ།། ལེགས་པར་རྒྱན་པ་ཞེས་བྱ་བ་ནི་རྒྱན་སྣ་ཚོགས་ཀྱི་བྱེ་བྲག་གིསོ།། ཆང་གི་བཏུང་བ་ལ་འཁོ་བའི་གནས ་ནི་ཆུང་འཚོང་གི་གནསོ།། ཐབས་འདི་ནི་ལེགས་པ་ཞིག་སྟེ་ཞེས་བྱ་བ་ནི་ནོར་བསྒྲུབ་པའི་ཐབས་འདི་ནི་བཟང་པོ་ཞིག་གོ།། ཟོང་ནི་ཆང་སྒྲུབ་པ་ལ་ཉེ་བར་མཁོ་བའི་རྫས་ཏེ་ཕབས་སམ། རིན་གྱི་རྣམ་གྲངས་ཡིནོ།། སེམས་ཀྱི་བྱ་བས་ཉེ་བར ་མཚོན་པ་ནི་ཕྲག་དོག་ཡིན་ལ། མ་བཟོད་པ་ནི་བརྣག་པའི་ནུས་པ་མེད་པའོ།། རྙེད་པ་དག་འཕེལ་བར་གྱུར་ཏོ་ཞེས་བྱ་བ་ནི་རྒྱས་པར་གྱུར་པའོ།། མི་འཛའ་བ་རྣམས་ཀྱི་གཉའ་བར་རྡོག་པས་མནན་ལ་ཞེས་བྱ་བ་ནི་གནོད་པ་བྱེད་པ་ལ་གཞོལ ་བ་ཁྱོད་ཚར་བཅད་ནས་སྟོབས་ཀྱིས་ཆང་འཚོང་གི་གནས་ལ་འཇུག་པར་བགྱིའོ་ཞེས་བྱ་བ་ཡིན་པར་དགོདསསོ།། འདིར་འཇུད་པར་བྱེད་པས་ན་འཇུད་པ་སྟེ། བུད་མེད་ཀྱི་ཟག་བྱེད་ཀྱི་ལམ་ཡིན་ལ། གཞུག་པར་རུང་བས་ན་འཇུད་མཐུན ་མ་ཡིན་པ་འམ། འཇུད་པའི་ལས་ནི་འཇུད་མཐུན་མ་སྟེ་དེ་ལས་བསྒྲུབ་པར་བགྱི། འཇུག་པར་བགྱི། ལསུ་བགྱིའོ་ཞེས་བྱ་བའི་བར་དུའོ།། བཞིན་བྱད་དང་ལྡན་པ་ཞེས་བྱ་བ་ནི་མདངས་དང་ལྡན་པར་གྱུར་པའོ།། ཇི་ལྟར་རུང་བ་ཞེས་བྱ་བ་ན ་སྐྱེས་བུ་ངན་པ་དང་། འབྲིང་དང་། མཆོག་ལ་རུང་བ་ཉིད་དུ་འགྱུར་བའོ།། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་མི་ཆིངས་པར་གྱུར་པའོ།། བྲན་མོ་སྤྱོད་པའི་གནས་དེ་ལ་འཇུག་པར་བྱེད་པ་ནི་ཞི་བ་བསྒྲུབ་པར་བྱ་བའོ།། རས་ལ་བྱས་པའི་སྒྲ་ནི ་ཛ་ཏོར་རོ།། སྲད་བུ་ལས་བྱས་པ་དེ་ལ་ཉེ་བར་མཁོ་བོའི་སྣོད་བཀུར་བའི་ཐབ་སུ་གྱུར་པ་ནི་དྲ་བོ་ཡ་ནོ།། དེའི་ཞལ་ཏ་བྱེད་པ་ཡིན་པའི་ཕྱིར་དྲ་བ་ཆེན་པོའོ་ཞལ་ཏ་བྱེད་པའོ།། དགོས་པ་བྱུང་ན་ཞེས་བྱ་བ་ནི་རྐུན་པོ་ལ་སོགས་པ་ཐག་ཉོ་བར་གྱུར་ནའོ།། ་དགོན་པ་ན་གནས་པ་ཞེས་མཐུན་པ་ཞེས་བྱ་བ་ནི་རིན་ཐང་ཆུང་བའོ།། ངན་དུ་བརྗེད་པ་ནི་བསྐུར་པ་བཏབ་པའོ།། བྱ་བ་མ་ཡིན་པ་ཁོང་དུ་ཆུད་པར་བྱེད་པ་ནི་འདིར་བསླབ་པ་ཡིན་ལ། གུས་པ་མེད་པར་ཁོང་དུ་ཆུད་པར་བྱས་པ་དག་བསླབ་པའི་ཡུལ ་ལ་རབ་ཏུ་བཅུག་པ་ནི་རྗེ་སུ་བསྟན་པ་ཡིནོ།། འགལ་ཆིབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་དགེ་སློང་མ་ལ་རེག་པ་ཙམ་ཁོ་ན་ལ་ཉེས་བྱས་ཀྱི་ཉེས་པ་དང་ལྡན་པར་གྱུར་ཞིང་། རིག་པ་བདག་གིར་བྱེད་པ་ནི་ཇི་ལྟར་ལུས་ཀྱིས་ཀུན་ནས་རེག་པའི ་བྱ་བ་བསྟན་པ་དེ་ནི་འདིར་ཡང་བྱ་བ་ཡིན་པར་རིག་པར་བྱའོ།། གནོད་པར་གྱུར་པ་ལ་སྦྱིན་པ་རྗེ་སུ་གནས་པའི་གོས་ནི་ཤམ་ཐབས་ཀྱི་གཟན་ཡིནོ།། དྲན་པ་ཉེ་བར་ཞོག་ལ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་གཙོ ་བོར་གྱུར་པའི་དྲན་པ་མངོན་སུམ་དུ་བྱས་པས་སོ།། བུད་མེད་སྡུག་པ་དང་བྲལ་བ་དག་ལག་པ་གཉིས་ཀྱིས་རང་གི་དཔུང་པའི་རྩ་བ་ལ་སྣུན་པར་བྱེད་པ་ནི་བྲང་རྡུད་པར་བྱེད་པའོ།། སྐྱེད་མོས་ཆེལ་ཞེས་བྱ་བ་ལ་སོགས་པ་ལ། མེ་ཏོག་ལ ་སོགས་པའི་ཤིང་གིས་ཉེ་བར་མཚོན་པ་ནི་སྐྱེད་མོས་ཚུལ་ཡིན།། དྲང་སྲོང་གི་གནས་ནི་དཀའ་ཐུབ་ཀྱི་གནས་ཡིནོ།། གྲོང་ཁྱེར་ལས་ཕྱི་རོལ་གྱི་ཉོན་ཀོར་གྱིས་ནི་ཉེན་ཀོར་ཡིནོ།། སྟན་ཟླ་འབྲིང་པོའི་ཉེའི་དུས་སྟོན་ཆེན་པོ་ནི་དགའ་སྔོན་དུ་རབ ་ཏུ་གྲགས་པ་ཡིནོ།། དེ་དང་འདྲ་བའི་དུས་འདི་ནི་དུས་མ་ཡིན་པའི་དུས་སྟོན་ནོ།། མངོན་གྱི་ལེགས་པར་སྤྱད་པ་ཞེས་བྱ་བ་ལ་སོགས་པ་ལ། ཁྱེད་ཀྱིས་སྐྱེ་བ་སྔ་མ་ལ་ལེགས་པར་སྤྱད་པ་སྟེ། ལས་བྱས་ཤིང་བསགས་པ་གང་ཡིན་པ་དེ་ཉིད ་བསོད་ནམས་ཀྱི་ལས་ཀྱི་ཚོགས་སྡུད་པར་བྱེད་ཅིང་དགའ་སྟོན་འདིའི་རྒྱུར་གྱུར་པ་ཡིན།། གནས་མ་ཡིན་ཏེ་ཞེས་བྱ་བ་ནི་འདི་ལ་ཡོད་པ་མ་ཡིན་ཏེ། འདོད་པ་ཡོང་སུ་ལོངས་སྤྱོད་པའི་རྒྱུན་ཉོན་མོངས་པ་སྤངས་པ་ཡིན་པའི་ཕྱིར།། ཉེ ་བར་ཡོངསུ་ལོངས་སྤྱོད་པ་ཞེས་བྱ་བ་ནི་བདག་གི་བྱས་ནས་ཡོངསུ་ལོངས་སྤྱོད་པའོ།། རྫུ་འཕྲུལ་མངོན་པར་བསྒྲུབས་པ་ཞེས་བྱ་བ་ནི་དབང་པོ་རྣོ་བ་དེ་ཉིད་ཀྱི་ཕྱིར་དེའི་རྫུ་འཕྲུལ་ཕྱིད་པ་། ནི་ཤིན་དུ་ད་ཕྱིར་མི་ང་ནི་རྫུ་སྤུ་སྐྱེད་པ་རུ་ལ་འགྱུར་བ་འོན་ཁྲི་ཡུན་པར ་འགྱུ་རོ།། ཡང་དག་པར་བྱུང་བ་ཞེས་བྱ་བ་ནི་ཤུགས་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་པས་ཁམས་གསུམ་ལས་བྱུང་བ་ཡིནོ།། རྙེད་པ་ནི་དེས་ཁམས་གསུམ་པོའི་གཉེན་པོ་ཐོབ་པའོ།། རང་གི་དོན་ཕུན་སུམ་ཚོགས་པའི་ཕྱིར་བརྙེས་པ་ཡིནོ།། ་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕྱིར་རྙེད་པ་རྙེད་པའོ།། རུས་པའི་འཁྲུལ་འཁོར་ཞེས་བྱ་བ་ནི་ཕན་ཚུན་དུ་འབྲལ་བའི་རུས་པའི་ཚོགསོ།། རྒྱན་མེད་པ་ཞེས་བྱ་བ་ནི་ནང་གི་མཛེས་པའི་དངོས་པོ་དང་བྲལ་བར་གྱུར་པའོ།། སེམས་ཟློག་ཅིག་ཅེ ་བྱ་བ་ནི་འདོད་ཆགས་དང་ཀུན་ནས་འབྲེལ་པའི་སེམས་ཡོངསུ་སྤོངས་ཤིག་པའོ།། སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཡུལ་ལ་ཞེ་སྡང་གི་སེམས་བསྐྱེད་པ་ལས་སེམས་ཅན་དམྱལ་བར་གཅིག་ཏུ་ལྷུང ་བར་འགྱུར་རོ།། ཁྱིམ་པའི་ལས་ཞེས་བྱ་བ་ལ་སོགས་པ་ལ། ཁྱིམ་པའི་ལས་ཁྱོད་ཀྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངསུ་སྤངས་ནས་སོ།། ཁྱེད་ཀྱིས་བསྙེན་པར་རྫོགས་པ་དང་། ཁས་བླངས་པོ་འདི་ལྟར་ཀུན་ནས་ཆགས་པའི་སེམས་ཀྱིས ་སྐྱེས་པ་ལ་ལྟོ་བ་སོགས་པ་སྡོམས་ཤིག་པའོ།། ཅུང་ཟད་འབབ་པ་ནི་ཆར་འཕྲལ་དུ་འབབ་པར་འདོད་པ་འམ། ཅུང་ཟད་ཅུང་ཟད་འབབ་པའི་ཕྱིར་ཅུང་ཟད་འབབ་པའོ།། མི་མཐུན་པ་ཞེས་བྱ་བ་ནི་ནོར་བྱེད་པ་མེད་པའི་ངང་ཚུལ་ཅན་ཡིནོ།། གཡུལ ་འགྱེད་པ་ལ་བརྩོན་པ་ནི་གྱང་ཡིན་ལ། རས་གཅིག་བཅིངས་པས་ན་གྱེད་པར་གོ་ཆ་བགོས་པའོ།། གྱང་ཆེན་པོ་ཞེས་བྱ་བ་ནི་གཞུང་གཞན་ཡོན་ཏེ། ཆེན་པོ་ནི་ཡན་ལག་ཤིན་ཏུ་རྒྱས་པ་དང་། ལུས་ཆེ་བ་ཡིན་ནོ།། རྡོ་ལེབ་ཀྱིས་ཞེས་བྱ་བ་ནི ་རྡོའི་དུམ་བུས་སོ།། གོས་བཅུས་པས་ཞེས་བྱ་བ་ནི་གོས་བསྒྲིལ་བས་སོ།། །། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་ཉེ་བར་སྦྱར་བ་ཕྲན་ཚུགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒྲོ་བདུན་པ་རྫོགསོ།། །། མཆོད ་རྟེན་ནི་རུས་པ་བཞག་པའི་དོན་གྱིས་འཇིམ་པའི་ཕུང་པོའོ།། རང་བཞིན་ཡོངསུ་ཉམས་པས་ཞེས་བྱ་བ་ནི་སྐྱེ་བོ་དམ་པའི་རང་བཞིན་ལས་ལྟུང་བར་གྱུར་པའོ།། སྦྱར་མ་བྱིན་གྱིས་བརླབས་པར་ཞེས་བྱ་བ་ནི་མཚོན་གྱིས་ཀུན་ནས་བསྣུན་ཏུ་མི་རུང་བར ་སྙོམས་པར་འཇུག་པར་བྱས་པའོ།། ནང་དང་བཅས་པར་གྱུར་པས་ཞེས་བྱ་བ་ནི་འཁོར་བར་གྱུར་པས་སོ།། དེ་ལ་མ་བལྟས་པར་ཞེས་བྱ་བ་ནི་དགེ་སློང་མ་ལུས་འདུད་པའི་ལུས་བོར་ནས་སོ།། གཟུ་བོ་བྱེད་པ་ཞེས་བྱ་བ་ནི་དྲང་པོར་བྱེད་པའོ།། དགག ་དབྱེ་ལ་གསོ་སྦྱོང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དགག་དབྱེ་བྱས་ནས་གསོ་སྦྱོང་བྱ་བ་མ་ཡིན་པའོ།། རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ནི་ལྟུང་བའི་དྲི་མ་རྣམ་པར་སྦྱོང་བའི་ཕྱིརོ།། སེམས་གཏོང་པོ་ཞེས་བྱ་བ་ལ་གཏོད་པ་ནི་འདོར་འཁོན་ཡོངསུ ་སྤངས་པ་ཡིན་ནོ།། གླུགས་པ་ནི་གླགས་སམ་དྲལ་བ་འམ་ཕོག་པར་གྱུར་པའོ།། ཤོད་ཀྱིས་སྦྱོང་བར་བྱེད་པ་ཞེས་བྱ་བ་ནི་དབོད་བྱེད་པ་ལ་འཇུག་པར་བྱེད་པ་པོ་ཡིནོ།། ཁོ་བོ་ཕྱོགས་དེ་ཉན་པར་ཡང་མི་འདོད་ན་ཞེས་བྱ་བ་ནི་ཁོ་བོ་ཕྱོགས་དེ་སྔར་མཐོང ་བ་ཉིད་ཀྱི་སྒོ་ནས་མཐོང་བ་ཉིད་མྱོང་བར་ཡང་མི་འདོད་དོ།། མཐར་ཐུག་པ་ཞེས་བྱ་བ། ཐ་མར་གྱུར་པ་འམ་མཐར་ཐུག་པ་སྟེ། ཐ་མར་གདོན་མི་ཟ་བར་འདི་ལྟར་འགྱུར་ཞེས་ངེས་པའི་སྒོ་ནས་ཤེས་པར་འགྱུ་རོ་ཞེས་བྱ་བའི་ཐ་ཚིའོ།། འདོད་ཆགས་ལ ་སོགས་པ་མི་དགེ་བའི་རྩ་བ་མང་དུ་བྱས་པའི་ཕྱིར་མ་ཆགས་པ་ལ་སྩོགས་པ་ཡོངསུ་སྤངས་པ་ཡིན་ལ། ཆགས་པ་མེད་པ་ལ་སོགས་པ་མང་དུ་བྱས་པ་ལས་འདོད་ཆགས་ལ་སོགས་པ་ཡོངསུ་སྤངས་པ་ཡིནོ།། ཕན་ཚུན་དགའ་ཞེས་བྱ་བ་ནི ་མཛའ་བའི་ཚིག་བརྗོད་པ་སྔོན་དུ་སོང་བའི་སྒོ་ནས་སྒྲུབ་པར་བྱེད་པ་ཡིནོ།། གཙུག་ཕུད་འབྲེག་པའི་དུས་སྟོན་ཞེས་བྱ་བ་ལ་སོགས་པ་ལ་ཉི་མ་གང་ལ་བྱང་ཆུབ་སེམས་དཔས་དབུ་སྐྲ་བྲེགས་ཏེ་སྟེང་གི་ན་མཁའ་ལ་འོར་བ་དང་། བརྒྱ་བྱིན་གྱིས་བླང ་ནས་མཐེ་རིས་གནས་སུ་བཞག་པར་གྱུར་པའི་ཉི་མ་ངོ་ལ་དང་པོ་དང་བྲམ་ཟེ་དང་ཁྱིམ་བདག་གིས་དུས་སྟོན་བྱས་པ་དེ་ལོ་གཙུག་པུད་བྲེགས་པའི་དུས་སྟོན་དུ་རྣམ་པར་བཞག་པ་ཡི་ནོ།། བྱང་ཆུབ་སེམས་དཔས་ཁྱིམ་གྱི་གནས་ནས་ལོ་ལྔ་པོ་ལས་བྱུང་བ ་ལྔ་སྟོན་ནོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེད་པར་གྱུར་པ་ནི་དུས་སྟོན་ཆེན་པོ་ཞེས་བྱའོ།། སྲེད་པ་ལ་སྤྱོད་པ་ཞེས་བྱ་བ་ལ། སྲེད་པ་ནི་སེམས་ཀྱི་ཞེན་པའོ།། གཉིས་སམ་གསུམ་ཞེས་བྱ་བ་ནི་དགེ་སློང་མའི་གནས་བརྟན་དག་གོ།། འཁོར་དང ་མཛའ་བོ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་འཁོར་གྱི་རྣམ་པར་དབྱེ་བ་དང་། སྨོས་འདྲིན་ལ་སོགས་པ་རྣམ་པར་དབྱེ་བ་སྟེ། གང་གི་འཁོར་ཡིན་པའི་འཁོར་དང་བཅས་པ་དེས་ཕྱོགས་གཅིག་ཏུ་འཁོད་ཅིང་འཁོར་མེད་ན་ནི་སྨོས་འདྲིན་ལ་སོགས་པ་ཞེས ་བྱ་བའི་བར་དུའོ།། ཇི་ལྟར་རྣམ་པར་འབྱེད་པ་ལས་ལྟུང་བྱེད་རྣམས་ཀྱི་བཅུ་ཚན་གསུམ་པ་བརྩམས་པ་ན་དགེ་སློང་མའི་སྟོན་པའི་བློ་མཐུན་བྱས་པ་དེ་ཁོ་ན་བཞིན་འདོར་ཡང་ཡིན་པས་འདིར་གཞུང་མངས་པའི་འཇིགས་པས་སྤྲོས་ནས་མ་བྲིས ་སོ།། ཡོངསུ་དག་པ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་མའི་གསོ་སྦྱོང་གི་བར་དུ་གཅོད་པར་བྱེད་པ་ཉེས་པའི་དྲི་མ་དང་བྲལ་ལོ་ཞེས་བྱ་བ་དེ་ལྟར་བརྗོད་པར་བྱ་བཱ་ཡི་ནོ།། ཕྱི་བཞིན་འབྲངས་ཏེ་ཞེས་བྱ་བ་ནི ་རྗེས་བཞིན་དུ་སོང་བའོ།། དུམ་བུ་ལྔ་པ་ཞེས་བྱ་བ་ལ་སེམསོ་ཅན་དམྱལ་བ་ལ་སོགས་པའི་རྣམ་པར་དབྱེ་བ་ལྔ་དང་ལྡན་པ་འཁོར་ལོ་དང་འདྲ་བས་ན་འཁོར་བའི་འཁོར་ལོའོ།། གསོ་སྦྱོང་ནི་དགེ་སློང་མའི་དགེ་འདུན་གྱིའོ།། དེ་མི་གསལ་བ་ཞེས ་བྱ་བ་ནི་བརྡའ་ལ་མི་མཁས་པའོ།། དེ་དག་གིས་དགེ་སློང་གཞན་ལ་མ་གསོལ་བར་ཞེས་བྱ་བ་ནི་དགེ་སློང་མས་ལུང་སྟོན་པའི་སྒོ་ནས་བློ་མཐུན་མེད་པར་རོ།། མ་སྤོབས་ཏེ་ཞེས་བྱ་བྱ་ནི་ཟིལ་གྱིས་ནོན་པར་སླ་བའོ།། སྐྱེས་བུ་ཐ་མལ་བ་ཞེས ་བྱ་བ་ནི་སྤྱོད་པ་དམན་པར་གྱུར་པའོ།། བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་ཞེས་བྱ་བ་ནི་བདག་ཉིད་བསོད་ནམས་མ་ཡིན་པ་ཉིད་དུ་རུང་བ་མང་དུ་བྱེད་པར་འགྱུར་བའོ།། མཚན་བཟང་མོ་ཞེས་བྱ་བ་ནི་མཚན་མཛེས་པ་ཡིནོ།། ་ཅུང་ཞིག་ཅེས་བྱ་བ་ནི་རྣམ་པར་འཚེ་བ་ཟད་དུ་མ་གྱུར་ཅིག་ཅེས་བྱ་བའི་བར་དུའོ།། ལེགས་པར་གསོལ་ལོ་ཞེས་བྱ་བ་ནི་དངོས་པོར་གསོལ་བར་བགྱིའོ།། ཤིན་ཏུ་བསོལ་ལོ་ཞེས་བྱ་བ་ནི་ཁྱེད་ལ་བདེ་བ་སྐྱེད་པར་བྱེད་པ་གསོལ་བར་བགྱི་བའོ། ་དགའ་བར་གྱུར་ནས་ཞེས་བྱ་བ་ནི་ཇི་ལྟར་ཁྱིམ་དེར་མེ་ཏོག་གི་ཕྲེང་བ་བརྒྱུས་པ་དེ་བཞིན་དུ་ཁྱིམ་གཞན་དག་ཏུ་ཤིན་ཏུ་མཛེས་པར་བརྒྱུས་པར་གྱུར་པའོ།། རྙེད་པ་སྐྱེས་ཤིང་བརྙས་པ་ཐོབ་པ་ཞེས་བྱ་བ་ལ་སྐྱེས་པོ་ནི་འདིར་བསྙེན་བཀུར་ཡིན ་པར་འདོད་ལ་བཅུའ་བའི་རིམ་ཐོབ་པའོ།། གཞན་གྱིས་འཚོ་ཞེས་བྱ་བ་ནི་གཞན་གྱི་འཚོ་བའི་ཐབསུ་གྱུར་པའོ།། ཁྱིམ་གྱི་བྱ་བ་ནི་ཁྱིམ་གྱི་བྲེལ་བ་ཡིནོ།། ཆང་མནན་པ་ཞེས་བྱ་བ་ནི་སྦྱར་བའི་ཆང་ལ་སོགས་པའི་མྱོས་པའི་ཚོགས་སྣོད་ཅིག ་ཏུ་བཅུག་པ་ཡིནོ།། ཆང་ཉམས་པ་ཕྱིས་ཆང་ཉིད་དུ་རེད་པ་ནི་སླར་རུང་བར་གྱུར་པའོ།། གཞན་གྱི་འཆི་བ་ཉམས་པའི་རྒྱུ་སྐྱོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཁ་ན་མ་ཐོ་བའི་སྦོམ་པོ་འདི་ནི་མ་བྱིན་པར་ལེན་པའི་ཕམ་པ་གཅོད་པར་གྱུར ་ཉིད་ཡིནོ།། ཁ་བསྟོད་པ་བྱས་ནསོ་ཞེས་བྱ་བ་ནི་བསམ་པའི་ཁ་རིང་དུ་བསྲིངས་ནས་སོ།། སྐུ་བྱིན་གྱིས་ཞེས་བྱ་བ་ནི་གླུའི་སྒོ་ནས་སྦྱིན་པར་བྱེད་པའོ།། ཚོང་དུས་ཀྱིས་ཐ་སྙད་དུ་བྱེད་པའི་ཕྱིར་ཚོང་པའོ།། ཚད་སྨྲས་ནས་ཞེས་བྱ་བ་ནི ་ཇི་ལྟར་དགོས་པའི་དངོས་པོ་ཉོས་ནས་སོ།། མ་འོངས་པ་ལུང་སྟོན་པའི་སྒོ་ནས་འཚོ་བ་རྟོག་པར་བྱེད་པ་དང་། ཁྱེའུ་དང་བུ་མོ་དག་གཏོར་མོ་དང་གླ་ཟན་བྱིན་པའི་སྒོ་ནས་སྲུང་བར་བྱེད་པ་གང་ཡིན་པ་དེ་ནི་ལྷ་བོན་མོའོ།། དྲིལ་བུ་དཀྲོལ་ཞིང ་ཞེས་བྱ་བ་ནི་དྲི་མ་མེད་པ་དགྲོལ་བར་བྲེལ་བར་གྱུར་པའོ།། ཅིའི་ཕྱིར་ཞེ་ན། སྟོན་པའི་ཕྱིར་ཞེས་སྨོས་པ་ཡིན།། སྔོན་གྱི་ལས་ཀྱིས་ནི་འཕྲུལ་དུའམ་ལས་ཀྱི་ཤུགས་ཀྱིས་སོ།། དཀྱིལ་འཁོར་དང་མེ་ཏོག་ལ་སོགས་པ་ལུང་སྟོན་པར ་བྱེད་པོ་ལ་ཉེ་བར་འཁོར་བ་ནི་ལྷའི་གཟུགས་བརྙན་མེ་ཏོག་དང་བདུག་པ་དང་དྲིལ་བུ་ལ་སོགས་པའི་ཚོགས་དང་ལྡན་པ་ནི་ལྷ་རྟེན་ཡི་ནོ།། སྒྲ་འཆད་ཅིང་ཞེས་བྱ་བ་ནི་རྣམ་པར་འཆད་པའི་སྒོ་ནས་འཆད་པར་བྱེད་པ་ཡིན་ནོ།། འདག ་རྫས་ཀྱི་ཕྱེ་མས་ཞེས་བྱ་བ་ནི་སྐྱུ་རུ་རའི་ཕྱེ་མ་ལ་སོགས་པའོ།། རྒྱུན་ལྔ་གནས་ནས་ཞེས་བྱ་བ་ནི་རྒྱུན་ལས་བཟློག་པའི་རེག་པ་བདག་གིར་བྱེད་པ་སྟེ། མི་ཚངས་པར་སྤྱོད་པའི་ཕམ་པ་གཅོད་པར་གྱུར་པའི་ཉེས་པ་སྡོམ ་པོར་འགྱུ་རོ།། རིའི་རྩེ་མོའི་ཚུལ་ལམ་ཞེས་བྱ་བ་ནི་རའི་རྩེ་མོའི་རྣམ་པར་རོ།། བྱང་ཆུབ་ཀྱི་ཤིང་གཽ་ལོ་མའི་རྣམ་པ་ལྟོ་བུ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཤིང་ནི་པི་པ་ལའི་ཤིང་ཡིན་ཏེ། དེའི་ལོ་མ་དང་འདྲ་བ་ནི་གཅིག་ཡི་ནོ།། ཤིང་ནྱ་གྲོ་དྷའི་ལོ་དང་འདྲ ་བ་འམ། ལག་མཐིལ་གྱི་རྣམ་པ་ལྟ་བུ་སྟེ་ཟུར་བཞི་པ་ལྟ་བུ་ནི་གཉིས་པ་ཡིནཽ།། དགའ་བ་འཕེལ་ནས་ཞེས་བྱ་བ་ནི་རྙེད་པ་འཕེལ་བའི་དོན་དུའོ།། རྨི་ལམ་དུ་རྨིས་པ་ནི་རྨི་ལམ་དུ་ཟན་ནི་སྒྱུ་མའོ།། ཞག་མ་བུད་ནས་ཞེས་བྱ་བ་ནི་ཞག་མ་ཡོངསུ་བུད་པར ་གྱུར་པའོ།། འཁར་གསིལ་ནི་སྒྲ་སྒྲོགས་པར་བྱེད་པའོ།། ལོ་མའི་བཀད་ས་ནི་ལོ་མས་གཡོགས་པ་ཡི་ནོ།། ཏིལ་དྲུས་མ་དང་བསྲེས་པའི་འབྲས་ཀྱི་ཕྱེ་མ་ལས་སྡུས་ཤིང་མར་གྱི་ནང་དུ་བཙོས་ཤིང་སྐམས་ལ་སྲབ་པ་བཟའ་བའི་བྱེ་བྲག་ནི་འབྲས་ཁུར ་ཡོཡིན་ནོ།། འབྲས་ཆན་ཞེས་བྱ་བ་ལ་སོགས་པ་ལ་འབྲས་ཆན་དང་བཏུང་བ་འདི་བཏུང་བར་བྱེད་པ་ནི་སྐྲ་ཁྲོག་ཁྲོག་ཟེར་བ་དང་། འབྲས་ཁུར་ནི་ཁྲུ་མོ་ཁྲུམ་ཟེར་བའོ།། ལ་ཕུག་ནི་ཆོམ་ཚོམ་ཟེར་བའོ།། ལོ་མ་ལ་སོགས་པ་ནི་ལྕབ་ལྕབ་ཟེར་བའོ།། མཛེས ་པ་ནི་གར་མཁན་ཡི་ནོ།། དགེ་འདུན་གྱི་ནང་ནས་བྱུང་ནས་ཐ་དད་པར་ཡོངསུ་ལོངས་སྤྱོད་པ་ནི་བཤོས་ཚུར་འདྲེན་པའོ།། འབྲས་བུ་ལ་སོགས་པས་བཀོལ་པ་ནི་བསྐ་བ་ཡིནོ།། ཕྱོགས་གཅིག་ཚིག་པའི་ཕྱིར་ཚིག་པའོ།། ཀུན་ནས་ཚིག་པའི་ཕྱིར་རབ་ཏུ་ཚིག ་པའོ།། རྣམ་པར་ཁྱབ་པ་ཞེས་བྱ་བ་ནི་རྨ་ཉམས་པར་གྱུར་པའོ།། སེན་མོས་ཞིག་པར་འགྱུ་རོ་ཞེས་བྱ་བ་ནི་ཟད་པར་བྱེད་པའོ།། སླར་འཚོ་བ་ཞེས་བྱ་བ་ནི་རང་བཞིན་དུ་གནས་པའི་སྒོ་ནས་གྱུར་པའོ།། འ་མོ་ནི་ཁྱིམ་སྦྱོང་བ་འམ་བྱེད་པ་ཞེས་བྱ་བའི་བྱ ་དུའམ། ཡང་ན་བྱ་བའོ།། འཕང་བ་ཉིད་དུ་བརྩམས་པ་ཞེས་བྱ་བ་ན་ཤིང་ལ་ཡོངསུ་རྒྱུ་བ་ཉིད་དུ་བརྩམས་པའོ།། ཆོས་གོས་ལ་ཁྱད་པར་མེད་པ་ཡོངས་ལོངས་སྤྱོད་པ་ཞེས་བྱ་བ་ནི་རྣམ་སྦྱར་ཡོངསུ་མ་བརྟུལ་བ་ཡིན་ནོ།། རྒྱལ་པོའི་གནས་ལྕི་བུ་ཥྤེ ་བྱ་བ་ནི་ཆོས་གོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པ་དེའི་ཕྱིར་དེ་ཡོངསུ་བརྟུལ་བར་བྱ་བ་ཡི་ནོ།། ལམ་ལ་བརྟེན་ནས་འཚོ་བ་གང་ཡིན་པ་དེ་ནི་ལམ་གྱིས་འཚོ་བ་སྟེ། ཚིག་སྩོལ་ལ་སོགས་པའོ།། གསེབ་ལམ་གྱིས་འཚོ་བ་ནི་རྐུན་པོ་ལ་སོགས ་པའོ།། བརྡེགས་ཤིང་རབ་ཏུ་བརྡེགས་ཏེ་རྣམ་པར་བཤིག་པ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དོང་ཆེན་པོས་རིམ་པས་ཟིལ་གྱིས་གནོན་པའོ།། བརྡེགས་པ་ལ་སོགས་པས་གང་ལས་འཇིགས་པ་མེད་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་སྐྲག་པ་མེད ་འོ།། དགེ་སློང་གི་སྤྱོད་ཡུལ་ཅན་ཞེས་བྱ་བ་ནི་དགེ་སློང་གི་ཐ་སྙད་ལ་མཁས་པ་འམ་བཀའ་ལ་མཁས་པའོ།། སླུ་བར་བྱེད་པ་ཞེས་བྱ་བ་ནི་རྗོད་པར་བྱེད་པ་ཡིན་ཏེ། རྣམ་པ་གཞན་ཉིད་དུ་སྟོན་པའི་ཕྱིར་རོ།། འཕེལ་ནས་ཞེས་བྱ་བ་ནི་ལྷག་མའི་ཚིག ་ཡིན་ནོ།། རིགས་པ་སྤྲོ་བ་ལ་མཁས་པ་ཞེས་བྱ་བ་ནི་རིགས་པས་ལན་ལྡོན་པ་ལ་མཁས་པའོ།། རྒྱུད་འཇམ་པ་ལ་མཁས་པ་ཞེས་བྱ་བ་ནི་སེམས་བརྩེ་བས་འཇམ་པོར་གྱུར་པའོ།། གྲོང་ཁྱེར་ཨི་ཙཾ་ཨ་ནང་ཀ་ལ་དེ་དང་ཐག་ཉིད་ན་གནས་པ་ཨུད ་ཊ་ཞེས་བྱ་བའི་གྲོང་བརྡལ་ཏེ། ཨུངྒ་ཀུ་ཊ་དེ་ཀུན་ནས་ལོངས་སྤྱོད་པར་བྱེད་པའོ།། ཁྱད་པར་ཇི་ལྟ་བུ་ཞེ་ན། རྒྱས་པ་ཞེས་བྱ་བ་སྨོས་ཏེ། རྫས་ལ་སོགས་པའི་ཡོ་བྱད་དང་ལྡན་པའོ།། གླ་བསྐྱེད་དང་བཅས་པ་ཞེས་བྱ་བ་ནི་གླ་བསྐྱེད ་དང་བཅས་པ་འཇུག་པའི་ཕྱིར་གླ་བསྐྱེད་དང་བཅས་པ་ཉིད་དོ།། གླ་བསྐྱེད་ནི་ཤོ་གམ་གྱི་གླནས་ལས་བྱུང་བའོ།། རྩ་དང་ཤིང་དང་ཆུ་དང་བཅས་པ་རྣམས་ཞེས་བྱ་བ་ནི་རྩཝ་ལ་སོགས་པ་དང་ཤིན་ཏུ་འབྱོར་ཅིང་ལྡན་པའོ།། འདོན་པ་དང་ལྡན་པས་ན་བྲམ ་ཟེའི་བུའོ།། བསྟན་བཅོས་དུ་མ་ཐོས་པའི་ཕྱིར་མང་དུ་ཐོས་པའོ།། ཐམས་ཅད་དུ་རུང་བའི་ཚིག་ལ་འཇུག་པའི་ཕྱིར་རིགས་པའི་ཚིག་སྟེ། ལན་ལྗོན་པའི་དུས་སུ་རབ་ཏུ་རིགས་པའི་ཚིག་འདི་ལ་ཡོད་པས་ན་ཞེས་བྱ་བའི་དབང་དུ་བྱས་ནས་སོ།། སྐབས ་དང་ལྡན་པ་འབྲེལ་པའི་ཚིག་སྙན་པའི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི་སྙན་པར་སྨྲ་བ་ཅན་ཏེ། སྙན་པ་ཞེས་བྱ་འདི་ནི་སྐད་ཀྱི་དབྱིངས་ཀྱི་ཚུལ་འདི་ཡིན་པ་དེའི་ཕྱིར་རང་གི་གནས་རབ་ཏུ་འཕོ་བ་དང་འབྲེལ་པའི་ཚིག་སྨྲ་བོ་གང་ལ་ཡོད་པ་དེ ་ལ་དེ་སྐད་ཅེས་བྱའོ།། སྨྱུང་ཞེས་བྱ་བ་ནི་རིག་བྱེད་རྣམ་པར་འབྲེལ་པའི་ངང་ལ་འདིར་སྨང་དུ་བཞེད་དོ།། ཕྱོགས་ཞེས་བྱ་བ་ནི་ཕྱོགས་བཞིའོ།། མཚམས་ཞེས་བྱ་བ་ནི་ཕྱོགས་མཚམས་བཞིའོ།། དགེ་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་ཉེས་པ་མེད ་པ་ཉིད་ཀྱི་ཕྱིརོ།། སྙན་པ་དང་སྒྲ་དང་ཚིགསུ་བཅད་པ་ཞེས་བྱ་བ་ཚིག་གསུམ་པོ་དེ་དག་ནི་དོན་གཅིག་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་གསལ་བར་བྱེད་པའི་ཕྱིརརོ།། གང་གི་ཚེ་ཅིག་ཅར་གཅིག་ལ་རབ་ཏུ་སྦྱོར་བར་འགྱུར་བ་དེའི་ཚིག་གསུམ་པོ་འདི་དག་ཐ་དད ་པའི་བྱེ་བྲག་སྟོན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། དེའི་ཁྱད་པར་ནི་འདི་ཡིན་ཏེ། མཆོག་ཏུ་ཕན་འདོགས་པར་བྱེད་པ་ཆོས་བསྟན་པ་ལ་སོགས་པ་ཡོན་ཏན་གཙོ་བོར་གྱུར་པ་དག་གི་གྲགས་པ་རྣམ་པར་རྒྱས་པ་ནི་སྙན་པའི་སྒྲས་བརྗོད་པ་ཡིན ་ཏེ། དེ་ལྟར་ཡང་དེ་ཆོས་སྟོན་པ་ནི་ཐོག་མར་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། རང་གི་དོན་གཙོ་བོར་གྱུར་པའི་ཡོན་ཏན་དག་གི་སྙན་པ་རྣམ་པར་རྒྱས་པ་ནི་སྒྲ་སྨོས་པས་བཟུང་བ་ཡིན་ཏེ། དེ་ལྟར་ཡང་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིནོ།། འབྲེལ་པ་དང་རྗེ་སུ་མཐུན་པའི་གྲགས་པ་རྗོད་པར་བྱེད་པ་ནི་ཚིགསུ་བཅད་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་གསུང ་བ་སྟེ། དངོས་པོ་ཇི་ལྟ་བ་དེ་བཞིན་དུ་བྱོན་པ་ཉིད་ཀྱི་ཕྱིར།། འདིར་གང་ཕྱིན་ཅི་མ་ལོག་པ་སྟོན་པར་མཛད་པ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་དེ་ནི་སྟོན་པ་ཉིད་ཡིནོ།། གང་ལས་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ཞེ་ན། དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་སྨོས་ཏེ། ལྷ་དང་བཅོས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པ་དང་། ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་དགྲ་བཅོམ་པ་ཡིན་ལ། འགྲོ་བ་མ་ལུས་པར་ཡང་དག་པར་ཞུགས་པའི་ཕྱིར་ཡང་དག ་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། འདིས་ནི་བདེན་པ་རྟོགས་པར་མཛད་པའི་རྒྱུ་ཉིད་བསྟན་པ་ཡིནོ།། ཉོན་མོངས་པས་ཟིལ་གྱིས་གནོན་པ་དང་། མི་ཤེས་པས་ཟིལ་གྱིས་གནོན་པ་ནི་ལོག་པར་སྨྲ་བ་ཡིན་ཏེ། ཉོན་མོངས་པ་སྤངས་པ་དང་། ཡང་དག ་པར་རྫོགས་པའི་བྱང་ཆུབ་ཐུགསུ་ཆུད་པ་དེའི་ཕྱིར་འདིས་མི་བདེན་པ་མ་ཡིན་པར་བརྗོད་པ་ཡིནོ།། ཉོན་མོངས་པ་སྤངས་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་གང་ལས་ཤེ་ན། རིགས་པ་དང་ཞབསུ་ལྡན་པ་ཞེས་བྱ ་བ་སྨོས་ཏེ། རིག་པ་ནི་ཡང་དག་པའི་ལྟ་བ་ཡིན་ལ། ཞབས་ནི་ལམ་གྱི་ཡན་ལག་བདུན་ཡིན་པ་དེའི་ཕྱིར་འདིས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉོན་མོངས་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པར་བསྟན་ཏོ།། བདེ་བར ་གཤེགས་པ་ནི་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། ཡང་ཕྱིར་མི་ལྡོག་པའི་ཕྱིར་འདིས་ནི་ལྡོག་པ་མེད་པའི་སྟོན་པ་ཉིད་བརྙེད་པར་བསྟན་ཏོ།། འཇིག་རྟེན་སྐལ་བ་དང་ལྡན་པ་དང་མི་ལྡན་པ་མཁྱེན་པའི་ཕྱིར་འཇིག་རྟེན་རིག་པའོ།། ་འདིས་ནི་སྟོན་པའི་མཛད་པ་དང་པོ་བསྟན་པ་ཡིནོ།། སྟོན་པའི་མཛད་པ་ཡང་རྣམ་པ་གཉི་ཏེ། སྐལ་བ་དང་ལྡན་པ་དང་སྐལ་པ་དང་མི་ལྡན་པ་སོ་སོར་རྟོག་པ་ནི་དང་པོ་ཡིན་ལ། སྐལ་བ་ཇི་ལྟ་བ་བཞིན་དུ། འདོན་པར་མཛོད་པ་གཉིས་པ་དེ་བས ་ནའཇིག་རྟེན་རིགས་པ་ཞེས་བྱ་བ་འདིས་ནི་དང་པོ་བསྟན་ཏོ།། གཉིས་པ་སྟན་པའི་ཕྱིར་སྐྱེས་བུ་འདུལ་པོའི་ཁ་ལོ་སྒྱུར་བ་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་ཁོ་ན་འདུལ་བར་བྱ་བ་དང་། འདུལ་བར་འོས་པ་ཉིད་ཡིན་པའི་ཕྱིར་སྐྱེས་བུ་འདུལ་བ་སྟེ། དེ ་དག་གི་ཁ་ལོ་སྒྱུར་བ་ནི་འདུལ་བར་མཛད་པ་པོ་ཡིན་ནོ།། སྐྱེས་བུ་འདུལ་བ་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་བླ་ན་མེད་པ་ཞེས་བྱ་བ་ཡིན་ཏེ། སོར་ཕྲེང་ཅན་ལ་སོགས་པ་འདུལ་དཀའ་བ་རྣམས་འདུལ་བར་མཛད་པའི་ཕྱིར་དང་། འདོད་པའི ་བསོད་ནམས་ལ་རྗེ་སུ་སྦྱོར་བ་དང་། བདག་ཉིད་ཀྱི་སྙོམ་ལས་ལ་རྗེསུ་སྦྱོར་བ་ཡོངསུ་སྤངས་པའི་སྒོ་ནས་བདེ་བར་མཛད་པའི་ཕྱིར་དང་། ཕྱིར་ལྡོག་པ་མེད་པར་འདུལ་བར་མཛད་པའི་ཕྱིར་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཡིན་ཏེ། འདིས་ནི་སྐལ་བ ་ཇི་ལྟ་བ་བཞིན་དུ་འདོན་པོར་མཛད་པ་སྟོན་པའི་ཕྲིན་ལས་གཉིས་པ་བསྟན་པ་ཡིནོ།། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ནི་སྟོན་པའི་མཛད་པའི་སྣོད་ཡིན་ཏེ། འདིས་ནི་སྟོན་པའི་མཛད་པའི་སྨོད་ལྷ་དེང་མི་རྣམས་ཡིན་གྱི་གཞན་འགའ་ཞིག་ནི་མ ་ཡིན་ཞེས་བསྟན་པ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ། སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སུ་རབ་ཏུ་གྲགས་པ་ཡིན་པ་སྟེ། དེ་ལ་སངས་རྒྱས་ཤེས་རབ་ཏུ་གླགས་པ་གང་ཡིན་པ་དེ་ནི་སྟོན་པ་སྟེ། ་གོང་དུ་སྨོས་པའི་ཡོན་ཏན་དེ་དག་དང་ལྡན་པ་ཉིད་ཀྱི་ཕྱིར་རོ།། ཞེས་བྱ་བའི་དོན་འདིར་འགྱུར་རོ།། འཇིག་རྟེན་ལྷ་དང་བཅས་པ་ཞེས་བྱ་བ་ནི་ལྷ་གཙོ་བོར་གྱུར་པའོ།། བདུད་དང་བཅས་པ་ཞེས་བྱ་བ་ནི། འདོད་པའི་ཁམས་མ་ལུས་པའི་བདུད་གཙོ་བོར ་གྱུར་པ་དེའི་ཕྱིར་བདུད་དང་བཅས་པ་ཞེས་བསྟན་ཏོ།། ཚོངས་པ་དང་བཅས་པ་ཞེས་བྱ་བ་ནི་འཁོར་དང་འབྲེལ་པ་རྣམས་ཀྱི་ཚངས་པ་གཙོ་བོར་གྱུར་པ་དེའི་ཕྱིར་ཚངས་པ་དང་བཅས་པ་ཞེས་བསྟན་ཏོ།། བྲམ་ཟེ་དང་དགེ་སྦྱོང་དུ་བཅས་ཞེས་བྱ་བ་ནི ་མི་རྣམས་ལོས་དགེ་སྦྱོང་དང་བྲམ་ཟེ་གཙོ་བོར་གྱུར་པ་དེའི་ཕྱིར། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ཞེས་སྨོས་སོ།། ལྷ་དང་མིར་བཅས་པའི་ཞེས་བྱ་བ་ནི་རྒྱུད་ལྔར་སྐྱེས་པའི་སེམས་ཅན་དག་ལས་ལྷ་དང་མི་རྣམས་ཁོ་ན་བདེན་པ་བཞིའི་། ་སྣོད་དུ་གྱུར་བ་ཡིན་གྱི། གཞན་དག་ནི་མཱ་ཡིན་པ་དེའི་ཕྱིར་ལྷ་དང་མིར་བཅས་པ་ཞེས་བསྟན་ཏོ།། མཐོང་བའི་ཆོས་ཉིད་ལྔ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའི་སྐྱེ་བ་ལའོ།། བདག་ཉིད་ཀྱིས་ཞེས་བྱ་བ་ནི་གཞན་གྱིས ་ལུང་ཕྱོག་པ་མེད་པར་རོ།། མངོན་པར་ཤེས་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སོ།། མངོན་སུམ་དུ་བྱས་ཤིང་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་ཤེས་པསོ།། ཐོད་བས་ནཱ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཀུན་ནས་འགེངས་པ་འམ ་ཆེན་པོ་ཉིད་དུ་ཡོངསུ་གཅོད་པའོ།། རབ་ཏུ་ཤེསོ་ཞེས་བྱ་བ་ནི་ཤེས་པར་འགྱུར་བ་འམ། གཞན་དག་ལ་བཙལ་བར་བྱེད་པ་ཡིནོ།། ཅི་ཞིག་རབ་ཏུ་ཤེས་པ་ཡིནོ།། དེའི་སྐྱེ་བ་ནི་ཟད་དོ་ཞེས་བྱ་བ་སྨོས་ཏེ། ཁོ་བོའི་སྐྱེ་བའི་སྲིད་པ་རྫོགས་པར་གྱུར ་པའོ།། སྐྱེ་བོའི་སྲིད་པ་ཟད་པ་ཡང་གང་ལས་ཤེ་ན། ཚངས་པར་སྤྱོད་པ་སྤྱད་དོ་ཞེས་བྱ་བ་སྨོས་ཏེ་ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། གང་གིས་དེ་ལ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ་ལ་མ་ཡིན་ཞིང་། དེ་ལ་སྤྱོད་པ་ནི་བདག་ཉིད་ཐམས་ཅད ་ཀྱིས་གནོས་པར་གྱུར་པའོ།། གང་གི་ཚེ་འཕགས་པའི་ལམ་ཡོངསུ་རྫོགས་པ་ལ་གནས་པར་བྱེད་པ་དེའི་ཚེ། མི་མཐུན་པའི་ཕྱོགས་ཐམས་ཅད་ལྡོག་པར་འགྱུ་རོ།། དེའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་མི་མཐུན་པའི་ཕྱོགས་མ་ལུས་པར ་ལྡོག་པར་རུང་བའི་ཚངས་པར་སྤྱོད་པ་ལ་གནས་པ་དེའི་ཕྱིར་སྐྱེ་བའི་སྲིད་པ་ཡོངསསུ་རྫོགས་པོ་ཡིནོ།། དེ་ཉིད་ཀྱི་ཕྱིར་སྐྱེ་བ་ཟད་པར་བྱས་པ་ནི་མ་ཡིན་ལ། བྱས་པ་ནི་སྐྱེས་བུའི་དོན་ཡིནོ།། སྐྱེ་བ་ཟད་པར་གྱུར་ཀྱང་བར་མ་དོར་ཡོངསུ་མྱ་ངན ་ལས་འདས་པའི་སྲིད་པ་བར་མ་དོའི་བྱ་བ་ཉོན་མོངས་པ་ཟད་པ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། འདི་ལས་སྲིད་པ་གཞན་མེད་དོ་ཞེས་བྱ་བ་སྨོས་ཏེ། ཡོད་ན་སྲིད་པ་བར་མ་དོའི་བྱ་བར་འགྱུར་ཏེ། དེ་ཉིད་ཀྱང་ཡོད་པ་མ་ཡིན་ན། གང་ལ ་བྱ་བ་ཡོད་པར་འགྱུར། དེས་ཆོས་བསྟོན་པ་ནི་བསྟན་པའི་ཆོསོ།། ཐོག་མར་དགེ་བ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པས་ཡོངསུ་བཅད་པའི་དུས་སུ་བདེ་བ་བསྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིརརོ།། བར་དུ་དགེ་བ་ཞེས་བྱ་བ་ནི་བསམ ་པོ་ལས་བྱུང་བའི་ཤེས་པས་ཡོངསསུ་བདེ་བ་སྐྱེད་པ་ཉིད་ཀྱི་ཕྱིརརོ།། ཐ་མར་དགེ་བ་ཞེས་བྱ་བ་ནི་བསྒོམས་པའི་དུས་སུ་བདེ་བ་བསྐྱེད་པར་བྱེད་པའི་ཕྱིརརོ།། དག་པར་བྱེད་པའི་དོན་ཉིད་ཡིན་པའི་ཕྱིར་དོན་བཟང་པོའོ།། ཚིག་འབྲུ་ཁ་ན་མ་ཐོ་བ ་མེད་པའི་ཕྱིར་ཚིག་འབྲུ་བཟང་པོའོ།། དེ་ལྟ་བུའི་རྣམ་པའི་ཆོས་བཤད་པ་ན། དོན་ཅི་ཞིག་སྟོན་པར་བྱེད་ཅེ་ན། སྨྲས་པ་ཚངས་པོར་སྤྱོད་པ་སྟོན་པོར་བྱེད་པ་ཡིན།། ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་ཚངས་པར་སྤྱོད་པ་ཡིན་ཞེ་ན། ཡོངས་སུ། ་རྫོགས་པ་ཞེས་བྱ་བ་སྨོས་ཏེ། དུམྱུ་བུར་མ་གྱུར་པ་ཉིད་ཀྱི་ཕྱིར། ཡོངསུ་རྫོགས་པ་དང་། སྐྱེས་བུའི་དོན་སྐྱེད་པར་བྱེད་པའི་ཕྱིར་ཡོངསུ་རྫོགས་པའོ།། ཉེས་པ་ཡོངསུ་སྤོང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་ཡོངསུ་དག་པའོ།། བརྟག་པའི ་གནས་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཡོངསུ་བྱང་བའོ།། མངོན་པར་འདོད་པའི་དོན་ཐོབ་པ་ཕྱེད་ཀྱི་གྲོགས་ལ་བལྟོས་པ་མེད་པ་ཉིད་ཀྱི་ཕྱིར་འབའ་ཞིག་གོ།། ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་འཕགས་པའི་ལ་མོ།། ལྗོངས་རྒྱུ་ཞིང ་ཞེས་བྱ་བ་ནི། དགོས་པའི་དབང་གིས་འགྲོ་ཞིང་འཇུག་པར་བྱེད་པའོ།། རྣམ་པ་གཉིསུ་འགྱུརོ་ཞེས་བྱ་བ་ནི་རྒྱུད་གཉི་སུ་འགྱུར་བའོ།། འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི་འཁོར་ལོས་རྒྱལ་སྲིད་ལ་འཇུག་པའི་ངང་ཚུལ ་གྱིས་རང་བཞིན་གང་ལ་ཡོད་པ་དེ་ནི་འཁོར་ལོས་སྒྱུར་བའོ།། རི་རབ་ལ་བལྟོས་པའི་མཐའ་ཕྱིན་པདྨ་ལ་ཡོད་པ་དེ་ནི་མཐའ་བཞི་པ་སྟེ། གླིང་བཞི་པའི་བདག་པོ་བྱེད་ཅེས་བྱ་བའི་ཐ་ཚིག།། རྣམ་པར་བཏུལ་ནས་ཞེས་བྱ་བ་ནི་རྣམ་པར་རྒྱལ་བའི ་ངང་ཚུལ་ཅན་ཏེ། འདི་ལ་མི་རྒྱལ་བའི་ཡུལ་ཡོད་པ་མ་ཡིནོ།། ཞེས་བྱ་བའི་བར་དུའོ།། ཆོས་སྤྱོད་པའི་ཕྱིར་ཆོས་དང་ལྡན་པའོ།། ཆོས་ཀྱི་རྒྱལ་བ་ཅན་ནི་ཆོས་ཀྱི་རྒྱལ་པོ་སྟེ། ཆོས་ཀྱི་རྒྱལ་སྲིད་བྱེད་པའི་ཕྱིར་རོ།། རྙེད་དཀའ་བ་དང་། འདོད་པའི་དོན་གྱི ་འབྲས་བུ་ཅན་ཡིན་པས་ན་རིན་པོ་ཆེ་ཞེས་བསྟན་ཏོ།། བང་མཛོད་ལ་དབང་བྱེད་པས་ན་ཁྱིམ་བདག་རིན་པོ་ཆེ་ཡིནོ།། དམག་དཔོན་རིན་པོ་ཆེ་ནི། སྒྲུབ་པར་བྱེད་པའི་བདག་པོའོ།། མཆོག་ཏུ་སྤྲོ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་དཔའ་བོའོ།། ལུས་ཀྱི ་བྱ་བས་ཕ་རོལ་གྱི་སྟོབས་ཟིལ་གྱིས་གནོན་པའི་ནུས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་བསྟན་པའོ།། ཡན་ལག་དང་ཉིང་ལག་མཛེས་པ་ཉིད་ཀྱི་ཕྱིར་དང་། གཟུགས་ཁ་དོག་བཟང་བ་ཉིད་ཀྱི་ཕྱིར་ཡན་ལག་མཆོག་གི་གཟུགསོ།། ཁ་ཅིག་ན་དེ ་ཡོན་ལག་གི་མཆོག་གི་སྟོབས་དང་ལྡན་པ་ཞེས་བྱ་བར་འདོད་དོ།། ཕ་རོལ་གྱི་དཔུང་གི་ཚོགས་རྣམ་པར་འཇོམས་པ་ཡིན་པའི་ཕྱིར་ཕ་རོལ་གྱི་སྡེ་རབ་ཏུ་འདུལ་བར་བྱེད་པ་རྣམ་སོ།། ས་ཆེན་པོ་སྨོས་པས་ནི་གླིང་བཞི་པ་ཡོངསུ་བཟུང་བ ་ཡིན་ནོ།། ས་ཆེན་པོ་དེ་མངོན་པར་བཀུག་ནས་ཞེས་བྱ་བ་ནི་དབང་དུ་བྱས་ནས་ཏེ། ཀུན་ནས་གནོད་ཅེས་བྱ་བའི་ཐ་ཚིག་གོ། གནས་པར་བྱེད་ཅེས་བྱ་བ་ནི། བདག་པོ་བྱེད་པའི་སྒོ་ནས་གནས་པར་བྱེད་པ་འམ། ལོངས་སྤྱོད་པར་བྱེད་པའམ། བསྲུང་བར་བྱེད། ་པའོ།། ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། མ་ལུས་པ་ལ་སོགས་པ་སྨོས་ཏེ། ལྗོངས་ཐམས་ཅད་ལས་རྒྱལ་བའི་ཕྱིར་མ་ལུས་པའོ།། རྒྱལ་སྲིད་ཀྱི་དགྲ་ཚེར་མ་མེད་པའི་ཕྱིར་དགྲ་མེད་པ་སྟེ། གནོན་པའི་རྩོམ་པ་དང་ལྡན་པའི་རྒྱལ་ཕྲུག་ལ་སོགས་པ་ནོ ་རྒྱལ་སྲིད་ཀྱི་དགྲར་གྱུར་པ་ཡིན།། ངག་རྩུབ་མོའི་སྒོ་ནས་གནོད་པ་མེད་པའི་ཕྱིར་གནོད་པ་མེད་པའོ།། རྣམ་པ་གང་གིས་མངོན་པར་བཀུག་པ་ཡིན་ཞེ་ན། ཆད་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་ལ་སོགས་པའི་ཆད་པས་གཅོད་པ་ལ ་འཇུག་པ་མེད་པའི་ཕྱིར་ཆད་པ་མེད་པས་སོ།། མཚོན་ཆས་ཚར་གཅོད་པ་མེད་པའི་ཕྱིར་མཚོན་ཆ་མེད་པས་སོ།། ཆོས་ཀྱིས་ཞེས་བྱ་བ་ནི་ཚུལ་གྱིས་ཏེ། སེམས་ཅན་རྣམས་དགེ་བོ་བཅུའི་ལམ་ལ་སོ་སོར་འགོད་པར་མཛད་པའི་ཕྱིར་རོ།། སྙོམས་པར་ཞེས་བྱ ་བ་ནི་བག་མེད་པ་སྟེ། ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིརརོ།། གང་འཇིག་རྟེན་པ་ནི་སྙོམས་པར་ཞེས་བྱ་བ་སྙན་པའི་ཚིག་གིས་ཞེས་བརྗོད་པར་བྱེད་དོ།། དེ་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་ཞེས་བྱ་བ་ལ་ན་ཚོད་ལ་ཐོབ་པའི་སྒྲ་དང་ཁ་སྤུ་ནང་གཽ ་སྤྲས་པ་ཡོད་ན་རྒྱགས་པ་བསྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་དེ་བྲེགས་པ་ཡིན་ལ། ཕྱི་རོལ་གྱི་སྤྲས་པ་གོས་དཀར་པོ་དེ་ཡོངསུ་སྤངས་ནས་ངུར་སྨྲིག་གིས་ཁ་བསྒྱུར་བའི་གོས་བགོས་ནས་སོ།། ཡང་དག་པ་ཁོ་ནའི་དད་པས་ཞེས་བྱ་བ་ནི་ཡོན་ཏན་སྔོན་དུ ་སོང་བའི་དད་པ་ནི། ཡང་དག་པའི་དད་པ་སྟེ། དེས་རབ་ཏུ་བྱུང་བར་གྱུར་ནའོ།། འདིར་བྱུང་བ་ནི། བྱུང་བ་དང་འགྲོ་བ་ལ་འཇུག་སྟེ། ཁྱིམ་ནས་འབྱུང་བར་བྱ་ཞིང་། ཁྱིམ་མེད་པར་འགྲོ་བར་གྱུར་ནའོ།། གནས་ཆུང་ངུ་ནི་ཁྱིམ་ཡིན་ཏེ། ཁྱིམ་ནས ་བ་ལ་ཆུང་མ་དང་འདྲེ་བ་ཞེས་བྱ་བ་ཁྱིམ་ཆུང་དུ་དེ་ཡང་མེད་པའི་ཕྱིར། ཁྱིམ་མེད་པར་འགྲོ་བར་འགྱུར་བའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་གསུངས་པ་ཡིན་ལ། ཉོན་མོངས་པ་ལ་སོགས་པའི་དགྲ་ངེས་པར་བཅོམ ་པའི་ཕྱིར་དང་། ཁམས་གསུམ་པོ་མ་ལུས་པས་མཆོད་པར་འོས་པ་ཉིད་ཡིན་པའི་ཕྱིར་དགྲ་བཅོམ་པ་ཡིན་ཞིང་། དངོས་པོ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགསུ་ཆུད་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིནོ།། སྒྲ་གྲགས་པར་འགྱུར། ་ཞེས་བྱ་བ་ནི་འཇིག་རྟེན་མ་ལུས་པར་སྙན་པར་རབ་ཏུ་གྲགས་པར་གྱུར་པའོ།། མཆོག་ཏུ་བརྩམས་ལ་ཞེས་བྱ་བ་དེ་ནི་འབྲས་བུ་གཙོ་བོར་གྱུར་པ་ལའོ།། རབ་ཏུ་རྒན་པ་དག་དང་ཞེས་བྱ་བ་ནི་མངོན་རྒན་པ་དག་ལས་ཀྱང་ཤིན་ཏུ་རྒན་པ་སྟེ། རྒན་ཞིང ་རྒན་པོ་དེ་དག་དང་ངོ་།། བཅོམ་ལྡན་འདས་གང་ན་བ་ཞེས་བྱ་བི་ན་བཅོམ་ལྡན་འདས་ཕྱོགས་གང་ན་བཞུགས་པའི་ཕྱོགས་རྒྱུར་གྱུར་པ་དེར་སོང་བའོ།། མངོན་དུ་ཞེས་བྱ་བ་ནི་མངོན་སུམ་དུའོ།། ཡང་དག་པར་དགའ་བ་ནི་ཕན་ཚུན་དགེ་བའི་གཏམ ་འདྲི་བར་བྱེད་པའོ།། ཡང་དག་པར་མགུ་པ་ནི་ཕན་ཚུན་ཡོན་ཏན་བརྗོད་པར་བྱེད་པའོ།། བྱས་ནས་འཁོད་དོ་ཞེས་བྱ་བ་ནི་རྫོགས་པར་བྱས་ནས་སྤངས་པའམ་འཕངས་པར་གྱུར་པའོ།། ཆོས་དང་ལྡན་པ་ཞེས་བྱ་བ་ནི་ཆོས་དང་བྲལ་བར་མ་གྱུར་པའོ།། ། ་ཡང་དག་པར་བསྟན་ཅེས་བྱ་བ་ལ་སོགས་པ་ལ། མི་ཤེས་པ་ཤེས་པར་བྱེད་པ་ནི་ཡང་དག་པར་སྟོན་པར་བྱེད་པ་སྟེ། བྱ་བ་ལུང་ཕོགས་པ་ཞེས་བྱ་བའི་ཐ་ཚིགོ། ཡོངསུ་ཤེས་པ་དང་ལྡན་པ་ལེ་ལོས་བཅོམ་པ་དག་ཡང་དག་པར་བཀོད་པ་ཡིནོ།། བྱ ་སྒོ་ནས་དགེ་བ་ལ་ཡོང་དག་པར་བཀོད་པ་ཡིན་པའི་ཕྱིར་རོ།། ཡང་དོག་པར་གཟེངས་བསྐོང་པ་ནི་མོས་པ་དམན་པ་དག་དངོས་པོ་ཁྱད་པར་དུ་འཕགས་པ་ལ་མངོན་པར་སྦྱོར་བ་བསྐྱེད་པར་བྱེད་པའོ།། ཡང་དག་པར་དགའ་བར་བྱས་པ་ནི་མོས ་པ་རྒྱ་ཆེ་བ་དག་ཀྱང་ལསུ་བྱ་བ་ཆེན་པོ་ལ་སྤྲོ་བ་ཡང་དག་པར་བསྐྱེད་པའི་ཕྱིར་ལས་བྱ་བ་དེ་བརྗོད་པ་ཡི་ནོ།། སྐབས་སྐབསུ་གཏམ་ཟེར་བ་ཞེས་བྱ་བ་ནི་བར་བར་དུ་གཏམོ་རབ་ཏུ་འཇོག་པར་བྱེད་པའོ།། བླ་མའི་ཡུལ་ལ་གུས་པ་མེད་པའི་ཕྱིར། ་མ་གུས་པ་ཡིན་ལ། བདག་ཉིད་འགའ་ཞིག་ལ་ཡང་བདག་པོ་ཉིད་དུ་ལྟ་བ་མེད་པའི་ཕྱིར། ཞེས་གུས་པ་མེད་པ་སྟེ། རང་དབང་གིས་འཇུག་པར་བྱེད་ཅེས་བྱ་བའི་བར་དུའོ།། སེམས་སོ་ཞེས་བྱ་བ་ནི་སྨྲ་བར་འདོད་པའོ།། རིག་པ་གསུམ་གང་ལོ ་ཡོད་པ་དེ་ནི་གསུམ་རིག་པ་ཡིན་ཏེ། དེ་ཡང་ངེས་བརྗོད་དང་། སྙན་དངགས་དང་། མཆོད་སྦྱིན་གྱི་རིག་བྱེད་དོ།། ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི། ཡང་དག་པར་བརྗོད་པ་ལ་འཇུག་པ་ཡིནོ།། རྣམ་པ་གང་གིས་འགྲོ་བ་དང་འོང་བ་ཞེས་བྱ་བ་ལ ་སོགས་པ་ལ། དེ་ལྟ་བུ་བརྗོད་པར་བྱེད་པ་ན་གུས་པ་མེད་པ་མི་ཡི་ནོ།། གང་དེ་དག་ཅེས་བྱ་བ་ལ་སོགས་པ་ལ། གཙུག་པུད་བསལ་བས་སྒྲ་མེད་པ་ཉིད་ཀྱི་ཕྱིར་མགོ་རེག་སྟེ་སྨད་པ་ཡིན་ལ། མགོ་རེག་སྨོད་པའི་དགེ་སྦྱོང་དག་ནི་དགེ་སྦྱོང ་ངན་པ་མགོ་རེག་གོ།། གཉེན་རྣག་གི་ཚོགས་གང་ལ་ཡོད་པ་དེ་དག་ནི་གཉེན་ནག་པོ་ཅན་ཡིན་ཏེ། དེ་ལྟར་ཡང་བྲམ་ཟེའི་རིགས་ནི་དཀར་པོ་ཡིན་ལ། རིགས་གཞན་དག་ནི་ནག་པོ་ཡིནོ་ཞེས་འབྱུང་སྟེ། ཁྱེད་ཤིན་ཏུ་རིགས་གཞན ་དུ་གྱུར་པ་ཡིནོ་ཞེས་བྱ་བའི་ཐ་ཚིགོ།། སྐྱེ་དགུ་རྣམས་ཀྱི་བདག་པོ་ནི་སྐྱེ་བའི་སྒོ་ནས་བུད་མེད་ཀྱི་ཡུལ་སྐྱེ་དགུའི་བདག་པོ་ཡིན་ཏེ། སྐྱེ་དགུའི་བདག་པོ་ཡོངསུ་ལེན་པ་གང་དག་ཡོད་པ་མ་ཡིན་པ་དེ་དག་ནི་སྐྱེ་དགུའི་བདོག་པོ་མེད་པ་སྟེ། བུ་མོ ་ཡོངསུ་འཛིན་པ་གང་ལོ་ཡོད་པ་མ་ཡིན་པ་དེ་དག་ནི་འཇིག་རྟེན་པ་རྣམས་ཀྱིས་ཤིན་ཏུ་སྨད་པ་ཡིན་ཞེས་བྱ་བར་དགོད་སོ།། དེ་དག་དང་ལྷན་ཅིག་ཏུ་ང་འདི་ལྟར་གུས་པ་མེད་པའི་གཏམ་ཡང་དག་པར་འདྲེན་པར་བྱེད་པའོ།། དོན་དེ་དགོས་པ་གང ་ལ་ཡོད་པ་དེ་ལ་ནི་དོན་དང་ལྡན་པ་སྟེ། དོན་དང་ལྡན་པ་ཡང་ཡིན་ལ་འོངས་པ་ཡང་ཡིན་པས་ན་དོན་དང་ལྡན་པར་འོངས་པའོ།། གང་ཞིག་དགོས་པས་རབ་ཏུ་འཇུག་པ་དེ་ནི་དོན་དང་ལྡན་པས་འོངས་པ་ཡིནོ།། ཁྱོད་དགོས་པས་ད་ལྟར་ཡང ་བླ་མའི་ཁྱིམ་དུ་གནས་བཅས་པ་དེའི་ཕྱིར་གཞན་གྱི་དབང་དང་མངགས་པ་ཡིན་པ་འམ། ཡང་ན་བླ་མའི་ཁྱིམ་དུ་གནས་བཅས་པ་དག་གི་བླ་མར་བྱེད་པ་མངོན་སུམ་དུ་སོང་བ་ཅན་གྱི་ཀུན་ཏུ་སྤྱོད་པ་མི་གནང་བ་དེ་ནི་རིགས་པ་མ་ཡིནོ་ཞེ་ན། ་དེའི་ཕྱིར་དེ་ནི་གནས་མ་བཅས་པ་སྟེ་ཞེས་བྱ་བ་སྨོས་པ་ཡིན་ཏེ། དེ་དག་ནི་བླ་མའི་སྐྱེ་བོ་ལ་བསྙེན་བཀུར་མ་བྱས་པར་འདིར་འོངས་པ་ཡིན་ཏེ། བྲམ་ཟེའི་བུ་ཨམ་པ་སྟེ་བླ་མའི་ཁྱིམ་དུ་གནས་པའི་འབྲས་བུ་བླ་མར་བྱེད་པ་མེད་པའི་ཕྱིར ་བླ་མའི་ཁྱིམ་ན་འདུག་པ་མ་ཡིནོ།། མ་མགུ་བ་ནི་ཐོག་མར་ཁྲོ་བས་ཟིལ་གྱིས་མནན་པ་ཡི་ནོ།། ཁྲོ་བ་སྔོན་དུ་སོང་བ་ཅན་གྱིས་ལུས་འགྱུར་བར་བྱེད་པའི་ཕྱིར་ཁྲོས་པ་ཡིནོ།། ཁྲོ་བའི་ཚིག་བརྗོད་པར་འདོད་པ་དེ་ནི་གཏུམ་པོར་གྱུར་པ་ཡིནོ།། ཡི ་མ་རངས་པ་ནི་སེམས་མགུ་བར་མ་གྱུར་པ་ཡིནོ།། སྨྲ་བར་འདོད་པ་ཞེས་བྱ་བ་ནི་ཚིག་ངན་པའོ།། སྨོད་པར་འདོད་པ་ཞེས་བྱ་བ་ནི་ཚར་གཅོད་པར་བྱེད་འདོད་པའོ།། གླེང་བར་འདོད་པ་ཞེས་བྱ་བ་ནི་མངོན་པར་འདོད་པ་མ་ཡིན་པའི་ཚིག་སྨྲ་བར་འདོད ་པའོ།། དྲན་པར་བྱ་བ་ཉིད་དུ་འདྲོད་པ་ཞེས་བྱ་བ་ནི་དྲན་པ་མེད་པ་དྲན་པ་བསྐྱེད་པར་མངོན་པར་འདོད་པའོ།། ད་ལྟར་གྱི་ཞེས་བྱ་བ་ནི་ཡོངསུ་ཤེས་པ་མེད་པར་སྐྱེས་པ་ད་ལྟར་གྱི་དུས་སུ་བྱུང་བ་སྟེ། གོ་རིམ་གཞན་མ་ཡིན་པ་ཞེས་བྱ་བའི་ཐེ་ཚིག་གོ།། ་ཡང་ན་གླང་པོ་ཆེ་འོས་པ་གང་ཡིན་པ་དེ་དག་ནི་རྒྱལ་རིགས་ཡིན་ཏེ། བྲམ་ཟེ་དག་ལས་དམན་པར་གྱུར་པ་ཡིན།། བསྙེན་བཀུར་མི་བྱེད་ཅེས་བྱ་བ་ནི་འདི་ཆེན་པོ་ཡིནོ།། ཞེས་བྱ་བ་དེ་ལྟ་བུའི་སེམས་ཀྱིས་འཛིན་པར་མི་བྱེད་པའོ།། བླ་མར་མི་བྱེད ་ཅེས་བྱ་བ་ནི་ཁོ་བོ་ལ་བླ་མའི་གནས་སུ་བལྟ་བར་མི་བྱེད་པའོ།། བཙུན་པར་མི་བྱེད་ཅེས་བྱ་བ་ནི་རིགས་བཟང་པོ་ཡིན་ནོ།། ཞེས་དེ་ལྟར་ལྟ་བར་མི་བྱེད་པའོ།། མཆོད་པར་མི་བྱེད་ཅེས་བྱ་བ་ནི་ལུས་ཀྱིས་ཕྱག་འཚལ་པོ་ལ་སོགས་པའི་མཆོད ་པ་མི་བྱེད་པའོ།། ཁུག་རྟ་ཞེས་བྱ་བ་ནི་བྱའི་རིགས་ལུས་ཀྱི་ཚང་ཆུང་བའོ།། བདག་ཉིད་ཅེས་བྱ་བ་ནི་ཤཱཀྱ་རྣམས་ཀྱི་གྲོང་ཁྱེར་རོ།། བདག་ཉིད་ཀྱིས་ཞེས་བྱ་བ་གཉིས་པ་སྨོས་པས་ནི་གྲོང་ཁྱེར་བདག་ཉིད་ཀྱིས་བྱས་པ་ཉིད་དུ་སྟོན་པར་བྱེད ་པ་ཡིན་གྱི། གྲོང་ཁྱེར་དེ་དག་གཞན་གྱིས་སྟོབས་ཀྱིས་བཟུང་བར་གྱུར་པ་ནི་མ་ཡིནོ།། རྒྱུད་བཅིལ་བ་ནི་དང་པོར་རྒྱུད་བསྒྲུབ་པའོ།། ཤིན་ཏུ་བྱ་བ་ནི་ཤིན་ཏུ་བརྒལ་བའི་དོན་དང་། རྫུན་པ་ཞེས་བྱ་བའི་བར་དུའོ།། སྐབས་ཞེས ་བྱ་བ་ནི་གནས་སྐབས་ཡིནོ།། ཆོས་བཞིན་དུ་ཞེས་བྱ་བ་ནི་ཚུལ་གྱིསོ།། རབ་ཏུ་འདུད་པ་ནི་ཚར་བཅད་ཅིང་གནས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ།། ལྗོངས་ཐ་མལ་པ་ནི་ཡུལ་འཁོར་ཡིན་ལ། ལྗོངས་ཀྱི་ཕྱོགས་གཅིག་ནི་ཡུལ་ཡིན་ནོ།། ་གོངས་རིའི་དྲུང་ཞེས་བྱ་བ་ནི་ཁ་བ་ཅན་གྱིས་བསྐོར་པོའི་རི་བོའི་གམ་དག་གོ།། ཆུ་བོ་བྷ་གི་ར་ཐ་དེ་དུས་དེའི་ཚེ་དྲང་སྲོང་གི་དམོད་པས་དོར་ཁྲིད་པས་དེའི་ཕྱིར་བྷ་གི་ར་ཐའི་འགྲམ་ཞེས་བྱའོ།། ད་ལྟར་ནི་དཔག་ཚད་བདུན་ཅུས་བར་དུ་ཆོད་པར་ཆུ་བོ ་གཾ་གྷ་འབབ་པ་ཡིནོ།། སྤྱིལ་པོ་ནི་རྩའི་སྤྱིར་བྱའོ།། དེར་འདོད་ཆགས་དེས་ཤིན་ཏུ་གནོད་པར་གྱུར་པས་སྐྱ་བོ་བསེང་བསེང་པོར་གྱུར་པ་ན་དྲང་སྲོང་སོར་སྐྱེས་ཁྱེད་ཅུག་ཅིའི་ཕྱིར་དེ་ལྟ་བུའི་རྣམ་པ་སྐྱེས་པར་གྱུར་ཙེས་དྲིས་པ་ནི། དེ་དག་གོས ་ཇི་ལྟར་གྱུར་པ་སྨྲས་པ་དང་།། དྲང་སྲོང་གིས་དེ་ལྟ་སྟེ། མས་དབྱེའི་སྲིང་མོ་དག་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིག་ཅེས་སྨྲས་པ་དང་། དེ་དག་གིས་དྲང་སྲོང་གི་ཚིག་ཚད་མར་བྱས་ནས། མས་དབྱེའི་སྲིང་མོ་དག་དང་དགའ་མགུར་སྤྱོད ་པར་གྱུར་ཅེས་བྱ་བའི་བར་དུའོ།། གཞོན་ནུ་ག་གིས་དེ་ལྟར་བྱེད་ནུས་སམ་ཞེས་བྱ་བ་ལ། མས་དབྱེའི་སྲིང་མོ་དག་དང་འཆིས་པ་ལ་སོགས་པ་ལས་ངན་པར་གྱུར་པའོ།། ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ་ཞེས་བྱ་བ་ནི་མངོན་པར་འདོད ་པའི་ཚིག་མངོན་པར་འདོད་པ་ཉིད་ཀྱི་སྒོ་ནས་རབ་ཏུ་སྒྲོགས་པར་བྱེད་པའོ།། ཨ་མའོ་ནུས་སོ་ཞེས་བྱ་བ་ལ་ཨེ་མའི་སྒྲ་ནི་འདིར་རབ་ཏུ་དགུའ་བ་ཡིན་ལ། ལས་ནུས་པ་གང་ལ་ཡོད་པ་དེ་དག་ནི་ཤཱཀྱ་ཡིན་ལ། བསོད་ནམས་ཆེན་པོ ་ནི་ཡོན་ཏན་དང་བསོད་ནམས་ཀྱིས་ཆེན་པོར་གྱུར་པའོ།། ཐོག་མ་ནི་དུས་རྩོམ་པ་ཡིན་ནོ།། རྒྱུད་ནི་རུས་ཀྱི་རྒྱུད་ཀྱི་འབྲེལ་པའོ།། གདོལ་པའི་རིགས་ལས་སྐྱེས་པ་ནི་གདོལ་པའི་རིགས་ཅན་ནམ། གཞན་འགའ་ཞིག་གི་རྒྱུད་ཀྱི་རིགས ་ཡིནོ།། ཀྱཻ་ཞེས་བྱ་བ་ནི་འབོད་པའི་ཚིག་ཡི་ནོ།། དྲིལ་ཕྱིས་ནི་དྲི་བཟང་པོའི་རྫས་ཀྱི་ཕྱེ་མསོ།། རྡོ་རྗེ་གང་གི་ཕྱག་ན་མངའ་བ་དེ་ནི་ཕྱག་ན་རྡོ་རྗེའོ།། ཀུན་ཏུ་འབར་བ་ཞེས་བྱ་བ་ལ་སོགས་པ་ལ་འགའ་དང་འགའ་ཞིག་ན་ཆུང་ངུ་འབར ་བ་ཡིན་ནོ།། འབར་བྱ་དེ་དག་ཉིད་འབྲེལ་པར་གྱུར་པ་ནི་རབ་ཏུ་འབར་བ་ཉིད་ཡིནོ།། རྒྱུན་མི་འཆད་པ་ཉིད་དུ་འབར་བྱས་ན་ཀུན་ཏུ་རོབ་ཏུ་འབར་བ་ཉིད་ཡིནོ།། ཀུན་ཏུ་འབར་བ་དག་གཅིག་ཏུ་གྱུར་པ་ནི་གཅིག་ཏུ་འབར་བར་གྱུར་པ་ཉིད ་ཡིནོ།། བསམས་པ་ནི་ཚིག་པར་གྱུར་པའོ།། དུས་ལས་འདས་པ་ནི་དུས་ལ་བབ་པར་གྱུར་པའོ།། ཐོག་མརརྱ་དངངེས་པའི་ཕྱིར་འཇིགས་པ་ཡི་ནོ།། སྐྲག་པའི་རྒྱུ་མཐོང་བའི་ཕྱིར་དངངས་པ་ཡིནོ།། ལོག་པར་ལྷུང་སྲིད་པའི་ཕྱིར་ཀུན་ནས་སྐྱོ་བའོ།། ། ་ཡོངསུ་སྐྱོ་བར་གྱུར་པ་དམིགས་པའི་ཕྱིར་བ་སྤུ་ལྡང་བར་གྱུར་ནས་སོ།། ཁྱེད་བདེན་ནོ་ཞེས་བྱ་བ་ནི་གཽ་ཏ་མ་ཁྱོད་ཀྱིས་གསུངས་པ་འདི་ལྟ་སྟེ། བྲམ་ཟེའི་བུ་ཨ་མོ་པ་སྟ་ནི་ཤཱཀྱ་རྣམས་ཀྱི་བྲན་མོའི་བུ་ཡིནོ།། ཞེས་བྱ་བའི་ཆོ་ག་དེ ་ནཱི་བདེན་པའོ།། རྫུ་འཕྲུལ་ཆེ་བ་ནི་ཏིང་ངེ་འཛིན་གྲུབ་པའོ།། མཐུ་ཆེ་བ་ནི་ངོ་མཚར་ཉེ་བར་སྟོན་པའི་ནུས་པ་དང་ལྡན་པའོ།། བྲམ་ཟེའི་དམོད་པས་ཞེས་བྱ་བ་ནི་ཚིག་རྩུབ་པོས་སོ།། ངོ་ཚ་བ་ནི་ཞུམ་བྱས་ཇི་ལྟར་བྱ་བ་ལ་སྤྲོས་པར་གྱུར ་པའོ།། ཕྲག་པ་གཉིས་འོག་ཏུ་ལྟུང་བར་འགྱུར་པ་ཉིད་ཀྱི་ཕྱིར་ཕྲག་པ་ཕབ་པའོ།། ངོ་ཚ་བས་མགོ་མཐུར་དུ་བལྟས་པ་ནི་གདོང་སྨད་པའོ།། བསམས་པ་རྣམ་པ་སྣ་ཚོགས་ཀྱི་དབང་དུ་གྱུར་པ་ནི་རབ་ཏུ་སེམས་པའོ།། ཚིག་སྨྲ་བོའི་ནུས་བེ་མེད་པ ་མི་སྨྲ་བར་འདུག་པའོ།། སྨྲ་བར་བྱའོ་ཞེས་བྱ་བ་ནི་ཚིག་རྗོད་པར་བྱ་བའོ།། ལྷན་ཅིག་འཆོས་པ་ལས་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་སྦྱོར་བའི་རྒྱུར་གྱུར་པའོ།། སྟན་ཞེས་བྱ་བ་ནི་ཉེ་བར་འདུག་པའི་དུས་ཀྱིའོ།། ཆུ་ཞེས་བྱ་བ་ནི་ཐོག་མའི་ཆུའམ། རྐང ་བཀྲུས་ཀྱི་ཆུའོ།། སྔགས་ཞེས་བྱ་བ་ལ་རིག་བྱེད་ཀྱི་དོན་རྣམ་པར་འབྲེལ་བ་ནི་སྔགས་ཡི་ནོ།། ཀློག་པ་ཞེས་བྱ་བ་ནི་རིག་བྱེད་ལ་སོགས་པ་ཀློག་པར་བྱེད་པའོ།། རྒྱལ་རིགསུ་དབང་བསྐུར་བ་ནི་རྒྱལ་རིགས་ངག་གི་ཆོ་ག་སྔོན་དུ་སོང་བ་ཅན་ཉེ་བར་ཐོབ་པ ་འམ། རྒྱལ་སྲིད་ལ་དབང་བསྐུར་བ་ཡི་ནོ།། ཕའི་སྤུན་ཟླ་ནི་ཁུ་བོ་ཡིན་ཏེ། དེའི་བུ་ཡི་ནོ།། རྒྱལ་རིགས་ཕན་ཚུན་རིགས་མཚུངས་པའི་ཕྱིར་སྤུན་ཟླ་ཡིན་ཏེ། སྤུན་ཟླའི་བུ་ཞེས་བྱ་བ་ནི་གཞུང་གཞན་ནོ།། སྲིང་མོའི་བུ་ནི་རྣག་གི་ཚ་བོ་ཡི་ནོ།། ཐམས་ཅད ་ཚངས་པ་ཉིད་ལས་སྐྱེས་པ་དེའི་ཕྱིར་རྒྱལ་རིགས་མ་ཡིན་བྲམ་ཟེའི་ཕྱི་མོ་ཡིན་ནོ།། རྣམ་པ་ཀུན་ལས་བྲམ་ཟེའི་ངག་ལས་ཕྱི་རོལ་ཏུ་བྱས་པའི་ཕྱིར་བྲམ་ཟེའི་རིགས་ངན་ཡིནོ།། རུས་ལས་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱལ་རིགས་ལས་ཕྱི་རོལ ་ཏུ་བྱས་པ་བྲམ་ཟེ་དག་ལས་སྟན་ལ་སོགས་པ་ཐོབ་པ་ཡིན་ལ། བྲམ་ཟེའི་གཞོན་ནུ་ནི་བྲམ་ཟེ་དག་གིས་ཕྱི་རོལ་ཏུ་བྱས་པ་བྲམ་ཟེ་དག་ལས་ཀྱང་སྟན་ལ་སོགས་པ་ཐོབ་པ་མ་ཡིན་པ་དེའི་ཕྱིར་རུས་ལ་སོགས་བྲམ་ཟེ་དག་ལས་རྒྱལ་རིགས ་གཙོ་བོར་གྱུར་པ་ཡི་ནོ།། ཕན་ཚུན་བརྒྱུད་པས་སྐྱེས་པ་ནི་རྒྱུད་ཡིན་ལ། གཽ་ཏ་མ་ལ་སོགས་པ་ནི་རིགས་ཡོན་ཏེ། རྐང་གཉིས་གང་དག་རིགས་ཀྱི་རྗེ་སུ་འབྲང་ཞིང་རིགས་དང་འབྲེལ་པ་དེ་དག་ནི་རྐང་གཉིས་ནང་ན་རྒྱལ་རིགས་མཆོག་སྟེ་གཙོ་བོར ་གྱུར་པ་ཡིན་ནོ།། ལྷ་དང་མིར་བཅོས་པོའི་འཇིག་རྟེན་དག་གོས་ཡང་རིག་པ་དང་ཞབསུ་ལྡན་པ་ནི་མཆོག་སྟེ་གཙོ་བོར་གྱུར་པ་ཡི་ནོ།། རིག་པ་ནི་གསུམ་སྟེ། སྔོན་གྱི་གནས་ཤེས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའོ།། ་རྐང་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་པ་འམ། ཡང་ན་རིག་པ་ནི་ཟག་པ་མེད་པའི་ཡང་དག་པའི་ལྟ་བ་ཡིན་ལ། རྐང་པ་ནི་ལམ་གྱི་ཡན་ལག་བདུན་ཡིནོ།། ལེགས་པར་བཤད་པ་ནི་དོན་བཟང་པོ་དང་ལྡན་པའོ།། ག་འཕངས་བཟང་བ་དང་ལྡན ་པའོ།། གོ་འཕངས་བཟང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་བདེ་འགྲོའོ།། རང་གི་བུ་མོ་སྟེར་བ་ནི་བག་མར་བཏང་བ་ཡིན་ལ། གཞན་གྱི་བུ་མོ་ལེན་པར་བྱེད་པ་ནི་བག་མ་ལེན་པ་ཡིནོ།། རུས་སྨྲ་བ་ཞེས་བྱ་བ་ལ་སོགས་པ་ལ་རུས་ནི་རྒྱལ་རིགས་ལ་སྩོགས ་པ་ཡི་ནོ།། རིགས་ནི་གཽ་ཏ་མ་ལ་སོགས་པ་ཡིནོ།། བྲམ་ཟེའི་བུ་འདོན་པ་དང་ལྡན་པ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་རིག་པ་གང་ཡིན་པ་དེ་འདི་ལྟ་སྟེ་བྲམ་ཟེའི་རུས་དག་པར་འགྱུར་གྱི། གཞོན་རྒྱལ་རིགས་ཀྱི་རུས་འགའ་ཞིག་ཅེ་འམ། གཽ་ཏ་མ ་རིགས་དག་པར་འགྱུར་གྱི། རིགས་མ་ཡིནོ་ཞེས་སྨྲ་བའོ།། བྲམ་ཟེའི་བུ་འདོན་པ་དང་ལྡན་པ་དག་པར་འགྱུར་གྱི། གཞན་འགའ་ཞིག་ཀྱང་མ་ཡིན་ཞེས་དེ་སྐད་སྨྲ་བ་དེ་དག་ལ་ཆགས་ཤིང་ཞེན་པ་གང་ཡིན་པ་དེ་དག་ནི་སྐུལ་བ ་མེད་པ་སྟེ་རུང་བ་མ་ཡིན་ནོ།། འདི་དག་ནི་ཞེས་བྱ་བ་ནི་བཤད་པར་གྱུར་པའོ།། བླ་ན་མེད་པ་ཞེས་བྱ་བ་ནི་གཙོ་བོར་གྱུར་པའོ།། རིག་པ་དང་རྐང་པར་ལྡན་པ་ཞེས་བྱ་བ་ནི་རིག་པ་དང་རྐང་པར་འབྱོར་པའོ།། མངོན་སུམ་དུ་བྱས་པའི་སྒོ་ནས་ཁོང་དུ ་ཆུད་པའོ།། སྤོངས་ཤིག་ཅེས་བྱ་བ་ནི་ཡོངསུ་དོར་བའོ།། འདི་ལྟར་མངོན་པར་དད་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། ཁོ་བོ་བཅོམ་ལྡན་འདས་ཀྱི་ཡུལ་ལོ་མངོན་པར་དང་བར་གྱུར་པ་སྟེ། ཡོན་ཏན་ལ་སེམས་པོ་སྐྱེས་པར་གྱུར་ཅེས་བྱ ་བའི་ཐ་ཚིག་གོ།། ཡོན་ཏན་སེམོས་པ་ཉིད་བསྟན་པའི་ཕྱིར་གང་ཡང་མ་བྱུངངོ་ཞེས་བྱ་བ་ལ་སོ་གྲོས་པ་སྨྲས་ཏེ། སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པ་ཁྱོད་དང་ཡོན་ཏན་གྱི་སྒོ་ནས་མཚུང་བཱི་སོན་གྱི་རི་ཌ་གཱ་ཞིག་འདས་པཱི་དུས་སུ་མ་ཐུང་ལ། ་མུ་འོངས་པའི་དུས་སུ་ཡང་འབྱུང་བར་མི་འགྱུར་ཞིང་། ད་ལྟར་ཡང་སངས་རྒྱས་གཉིས་པ་མེད་པའི་ཕྱིར་འཁོར་བའི་དཀྱིལ་འཁོར་མ་ལུས་པ་ན་ཁྱོད་དང་ཡོན་ཏན་གྱི་སྒོ་ནས་མཚུངས་པ་ད་ལྟར་གྱི་དུས་ན་ཡང་ཡོད་པ་མ་ཡིན།། ལག ་ཀྱི་ཞེས་བྱ་བ་ནི་ཆོས་བསྟན་པ་རིགས་པ་ཡིནོ།། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་ཅེས་བྱ་བའི་ཚིག་གསུམ་པོ་དེ་དག་ནི་ཉན་པ་པོ་མ་སམ་བསྐྱེད་པའི་བྱེ་བྲག་ལ་ངེས་པར་སྦྱར་བ་ཡིན་ཏེ། ཉན་པ་པོ་ཁ་ཅིག་ཁ་སྒྲུབ་པ་དང ་འདྲ་ལ། ཁ་ཅིག་སྣོད་ཞབས་རྡོལ་བ་ད་འདྲ་ཞིང་། ཁ་ཅིག་སྣོང་མྦྷི་གཙྪད་པ་དང་འདྲ་བ་ཡིནོ།། ཁ་སྦུབ་པ་ལ་ཆུ་འཇུག་པར་མི་འགྱུར་ཞིང་། ཞབས་རྡོལ་བ་ལ་འཇུག་ཏུ་ཟིན་ཀྱང་གནས་པར་མི་འགྱུར་ལ། མི་གཙང་བ་ལ་འཇུག་ཅིང ་གནས་སུ་ཟིན་ཀྱང་བཏུང་བར་བྱ་བ་མ་ཡིན་པ་དེ་བཞིན་དུ་འགའ་ཞིག་གི་ཡིད་ལ་ཆོས་བཤད་པར་གྱུར་པ་ན། འཇུག་པར་མི་འགྱུར་ཏེ། འཛིན་པར་མི་ནུས་པའི་ཕྱིརརོ།། ཁ་ཅིག་ལ་འཇུག་ཏུ་ཟིན་ཀྱང་གནས་པར་མི་འགྱུར་ཏེ། བརྗེད་པའི ་ཕྱིར་ཏེ་ཁ་ཅིག་ལ་འཇུག་ཅིང་གནས་ཀྱང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་དབང་གིས་ལོག་པར་བཟུང་བར་འགྱུར་བ་དེའི་ཕྱིར། འདིར་བཅོམ་ལྡན་འདས་ཀྱིས་སྣོང་ཁ་སྒྲུབ་པ་ལ་སོགས་པའི་དཔེ་གསུམ་པོ་དག་གིས་དགེ་སློང་དེ་དག ་གིས་སེམས་རྣམ་པར་བཟློག་ནས། ཁ་གྱེན་དུ་བལྟ་བ་དང་། བསྟན་པ་དང་། གཙང་མའི་སྣོད་ཀྱི་དཔེ་ཅན་གྱི་སེམས་དག་ལ་ངེས་པར་སྦྱར་བ་ཡིནོ།། ལེགས་པར་གྱིས་རབ་ཏུ་གྱིས་ཡིད་ལ་གྱིས་ཞེས་བྱ་བ་ཡིན་པས་རྩེ་གཅིག་པའི་ཕྱིར ་ལེགས་པ་ཡིན་ལ། མི་བརྗེད་པའི་ཕྱིར་རབ་ཏུ་ཉན་པ་ཡིན་ཞིང་ཚུལ་བཞིན་ཡིད་ལ་བྱེད་པས་འཇུག་པའི་ཕྱིར་ཡིད་ལ་བྱེད་པ་ཡིནོ།། སྟོན་པར་མཛད་པས་ན་སྟོན་པ་སྟེ། གང་རྗེ་སུ་མཐུན་པར་ལུང་འབོག་པ་སྦྱིན་པར་མཛད་པ་ལ་མཁས ་པའོ།། ཁྱིམ་བདག་ཅེས་བྱ་བ་ནི་གང་འགའ་ཞིག་རིགས་བཞི་པོ་དག་ལས་ཁྱིམ་གྱི་བངོག་པོར་གྱུར་པའོ།། ཁྱིམ་བདག་གི་བུ་ཞེས་བྱ་བ་ནི་ན་ཚོང་རྒས་པར་གྱུར་པ་མ་ཡིན་པ་གང་ཡིན་པ་དེ་ཡང་ཁྱིམ་བདག་སྨོས་པས་ཇི་སྐད་དུ་སྨོས་ཀྱི ་བྲམ་ཟེ་དམ་པར་འགྱུར་ཞིང་བྲམ་ཟེ་མ་ཡིན་ནོ།། ཞེས་སྟོན་ཅིང་སྨྲ་བ་དེ་དག་གསལ་བ་ཡིན་ཏེ། རིགས་ཐམས་ཅད་དག་པ་དམིགས་པ་སྲིད་པའི་ཕྱིརརོ།། ཁྱིམ་བདག་གི་བླ་སྨོས་བྱས་གང་འདི་སྙམ་དུ་འདི་ལྟ་སྟེ་གཞན། ་ནུའི་སྐབས་ཐར་པ་ཐོབ་པ་མེད་དོ།། ཞེས་སེམས་ཤིང་སྨྲ་བ་དེ་དག་བཀག་པ་ཡིན་ཏེ། ནི་ཚད་གནོན་པ་དག་ལ་ཡང་དག་པ་ཉིད་མཐོང་བའི་ཕྱིར།། ཡོན་ཏན་ལ་སེམས་པ་ནི་དང་པ་ཡིན་ཏེ། སོ་སོར་ཐོབ་པའོ།། སོ་སོ་ཡང་དག་པར་སློབ་པ་ནི་དཔྱིད ་བྱེ་པ་འམ་སེམས་ངེས་པར་འཛིན་པའོ།། གནོད་པ་ཞེས་བྱ་བ་ནི་བུ་དང་ཆུང་མ་ལ་སོགས་པ། གསོ་བའི་སྒོ་ནས་ཤིན་ཏུ་ཉམས་དཔར་གྱུར་པའོ།། རྡུལ་གྱི་གནས་ཞེས་བྱ་བ་ནི་ཉོན་མོངས་པ་རྣམ་པ་མང་པོ་སྐྱེ་བའི་གནས་སམ། སྡུག་བསྔལ་དང ་སྨྱོ་བ་རྣམ་པ་དུ་མའི་གནས་སུ་གྱུར་པའོ།། རབ་ཏུ་བྱུང་བ་ནཱི་དཱི་མ་མེད་པ་ཞེས་བྱ་བ་ལ་ཁྱིམ་གྱི་གནས་རྣམ་པ་མང་པོས་དཀྲུགས་པ་དང་རྣམ་པར་དཀྲིགས་པའོ།། བྲལ་པོ་ནི་ཉོན་མོངས་པའི་སྒོ་དུམ་སྐྱེ་བ་དང་བྲལ་བས་དོག་པ་མེད་པའོ།། བྱད། ་བོ་ཞེས་བྱ་བས་ནི་དཀའ་བས་བསྒྲུབ་པ་ཉིད་དུ་མི་ནུས་པ་ཡིན།། ཁྱི་ཀྱཻ་ཀྱྀནས་བ་ནི་ཆུང་མ་ཡོངསུ་འཛིན་པར་བྱེད་པར་གྱུར་པ་སོ།། ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ནི་འཚོ་བའི་མཐར་ཐུག་པའི་བར་དུའོ།། གཅིག་ཏུ་རྙོག་པ་མེད་པར ་གྱུར་པ་ཞེས་བྱ་བ་ནི་གཅིག་ཏུ་དྲི་མ་མེད་པར་སྒྲུབས་པ་སྟེ། རྙོག་པ་ཐམས་ཅད་དང་བྲལ་བར་གྱུར་ཅེས་བྱ་བའི་དོན་ཏོ།། ཡོང་སུ་རྫོགས་པ་ཞེས་བྱ་བའི་བཤད་པ་ནི་སྔ་མ་བཞིན་ནོ།། དེས་འདི་སོ་སོར་བརྟགས་ནས་ཞེས་བྱ་བ་ནི་ཤེས་རབ ་ཀྱིས་ཡོངསུ་དཔྱད་པ་འམ། སེམས་ལ་རབ་ཏུ་འབྱུང་བ་བཟོད་པ་ཉིད་དུ་བྱས་པར་གྱུར་པའོ།། ལྗོངས་སྤྱོད་ཀྱི་ཕུང་པོ་ནི་དབྱིག་དང་། གསེར་དང་། གྲོང་ལ་སོགས་པའི་ཚོག་སོ།། གཉེན་གྱི་འཁོར་ཞེས་བྱ་བ་ནི་གཉེན་བྱརྒྱུད་བྱ་འམ་གཉེན་གྱི་ཚོགས ་ཡིནོ།། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་ཚུལ་ཁྲིམས་དང་འབྱོར་པ་ཡིན་ནོ།། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་བྱ་བ་ནི་དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་དང་ལྡན་པའོ།། སྤྱོད་པ་དང་ལྡན་པ་ཞེས ་བྱ་བ་ལ་ཀུན་ཏུ་སྤྱོད་པ་ནི་སྤྱོད་པ་སྟེ། གནས་ན་གནས་པའི་དགེ་སློང་གི་བྱ་བོ་དེ་དང་ལྡན་ཞིང་འབྱོར་པའོ།། སྤྱོད་ཡུལ་དང་ལྡན་པ་ཞེས་བྱ་བ་ནི་བསོད་སྙོམས་ལ་སོགས་པའི་རྒྱུ་མཚན་གྱིས་འགྲོ་བར་བྱེད་པ་དགེ་སློང་གི་བྱ་བ་དང་ལྡན་པའོ།། ། ་རྡུལ་ཙམ་ལ་ཡང་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་སྨད་པ་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཆུང་ངུ་ཡིད་ཀྱིས་བསྐུམ་པར་བྱ་བ་དག་ལའོ།། འཇིགས་པར་ལྟ་བ་ཞེས་བྱ་བ་ནི་འཇིགས་པར་ལྟ་བའི་ངང་ཚུལ་གྱི་རང་བཞིན་གང་ལེ་ཡོད་པ ་དེ་ནི་འཇིགས་པར་ལྟ་བའི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པོ་དེ་ནི་འཇིགས་པར་ལྟ་བ་སྟེ། གང་འཇིག་རྟེན་པ་དང་བདག་གི་ཆོས་ཀྱི་དབང་དུ་བྱེད་པས་ཁ་ན་མོ་ཐོ་བ་ཆུང་ངུ་ལ་ཡང་སྤྱོད་པར་མི་བྱེད་བྱ་ཡི་ནོ།། ཇི་ལྟར་ན་ཚུལ་ཁྲིམས ་དང་ལྡན་པར་གྱུར་པ་ཡིན་ཞེ་ན། སྲོག་གཅོད་པ་སྤངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་སྟེ། ཤིན་ཏུ་ལྟུང་བར་བྱེད་པས་ན་གཅོད་པ་ཡིན་ལ། སྲོག་དག་གཅོད་པར་བྱེད་པས་ན་སྲོག་གཅོད་པའོ།། སྲོག་ཀྱང་སྲོག་གི་དབང་པོ་ཡིན་ཏེ། དབུགས ་འབྱུང་བ་དང་རྔུབས་པ་ཡིན་ནོ།། དེ་འགོག་པ་ནི་འཇིག་པ་ཡིནོ།། དེ་སྤངས་པ་ནི་འདི་ལྟ་སྟེ། ཁོ་བོས་འདི་བྱས་པ་མ་ཡིན་པར་ཡིད་ཀྱིས་ལྡོག་པ་ལ་གཟུང་བར་བྱའོ།། སྲོག་གཅོད་པ་ལས་སླར་ལྡོག་པར་འགྱུར་ལ་ཞེས་བྱ་བ ་ནི་ཀུན་ཏུ་སྤྱོད་པའི་དུས་སུ་ལུས་དང་ངགྲ་གཞན་གྱི་སྲོག་འགོག་པར་བྱེད་པ་ལས་རྣམ་པར་ལྡོག་པར་འགྱུར་བ་ཡིནོ།། དབྱིགས་པ་སྤངས་ཤིང་ཞེས་བྱ་བ་ནི་མཚོན་ཆ་མ་གཏོགས་པའི་གཞན་ལ་འཚེ་བར་བྱེད་པའི་ཐབསུ་གྱུར་པ་དང་བྲལ་བ ་ཡིན་ནོ།། མཚོན་ཆ་སྤངས་པ་ཞེས་བྱ་བ་ནི་མཚོན་ཆ་ལས་གྱུར་པའི་འཚོ་བ་ཡོངསུ་དོར་བ་ཡིནོ།། འདི་ལ་ངོ་ཚ་བ་ཡོད་པའི་ཕྱིར་ངོ་ཚ་ཅན་ཏེ། གང་ཡོན་ཏན་དང་། གུས་པ་དང་ལྡན་པ་དང་། སྡིག་པས་འཇིགས་པར་གྱུར་སྙིང་བརྩེ་བ་དང་ལྡན་པ ་ཉིད་ཀྱི་ཕྱིར་བརྩེ་བ་ཅན་ཡིན་ནོ།། ཡུལ་གང་ལ་བརྩེ་བ་དང་ལྡན་པ་ཡིན་ཞེ་ན། སེམས་ཅན་སྲོག་ཆགས་འབྱུང་པོར་གྱུར་པ་ཐམས་ཅད་ལ་ཞེས་བྱ་བ་སྨོས་ཏེ། ཐ་སྙད་བྱེད་དུ་རུང་བ་ལ་འདིར་སེམས་ཅན་དུ་བཤད་ལ། གང་དུ་ཐ་སྙད་དུ་རུང ་བ་མ་ཡིན་པ་དུད་འགྲོའི་རྒྱུད་དུ་སྐྱེས་པ་ལ་སོགས་པ་གཟུང་ཞིང་། གང་དུ་གཟུགས་མི་སྣང་བར་གནས་པ་གནོད་སྦྱིན་དང་ཤ་ཟ་ལ་སོགས་པ་དེ་དག་འབྱུང་པོ་ཉིད་དུ་བསྡུས་པ་ཡིན་ནོ།། ཤིན་ཏུ་ཆུང་བ་ཉིད་ཀྱི་ཕྱིར་སྔར་མེས་ཉེ་བར་མཚོན ་དུ་རུང་བའི་སྲོག་ཚོགས་ཕྲ་ལ་འཇམ་པ་དག་ནི་གྲོག་སྦུར་ཡིན་ཏེ། དེ་ཡན་ཆད་བསད་པར་བྱེ་བའི་ཕྱིར་ཡིད་ལ་བྱས་པ་འམ། དེ་ལ་སོགས་པའི་སྲོག་ཆགས་གསོད་པ་ལས་སླར་ལྡོག་པ་ཡིན་ནོ།། དེས་མ་བྱིན་པར་ལེན་པ་ཞེས་བྱ་བ་ལ ་དེ་ཀུན་ནས་ལེན་པའི་ཕྱིར་ལེན་པ་ཡིན་ལ། མ་བྱིན་པར་ལྡན་པ་ནི་མ་བྱིན་པར་ལེན་པ་སྟེ། མ་བྱིན་པར་ལེན་པ་རྐུ་བའི་སེམས་ཀྱིས་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ།། ཇི་ལྟར་ལྡོག་པར་འགྱུར་ཞེ་ན། བྱིན་པ་ལེན་པ་ཞེས་བྱ་བ་ལ་སོག། ་པ་སྨོས་ཏེ། བྱིན་པ་ལོན་པ་ནི་དངོས་པོ་ཀུན་ནོས་ལེན་ཅིང་འཛིན་པར་བྱེད་པའི་ཕྱིར་བྱིན་པ་ལོན་པའོ།། བྱིན་པའི་དངོས་པོ་ལ་སེམས་ཀྱི་སྒོ་ནས་རྟོག་ཏུ་མངོན་པར་དགའ་བས་ནུ་བྱིན་པ་ལྔ་དགུ་ཁ་ཡིན།། དངོས་པོ་བྱིན་པ་དང་། སྤངས ་པ་དང་། བཏང་བ་ལེན་པར་འདོད་པའི་ངང་ཚུལ་ཅན་ནི་བྱིན་པ་དང་སྤངས་པ་དང་། བཏང་བ་ལ་རེ་བར་གྱུར་པ་ཡིན་ཏེ། བལྟོས་པ་མེད་པའི་སེམས་ཀྱིས་བྱིན་པ་གང་ཡིན་པ་དེ་ནི་བྱིན་པ་ཡིན་ཞིང་། གློང་ལ་སོགསོ་བར་གང་དུས་དེ ་སྲིད་དུ་བྱིན་པ་ནི་སྤངས་པ་ཡིན་ལ། གང་མུ་གཱི་ལ་སོགོས་པཱ་ར་བང་མཛོད་ལ་སོགས་པ་དག་ཇི་ལྟར་བདེ་བར་ཡོངསུ་ལོངས་སྤྱོད་པའི་ཕྱིར་ཡོངསུ་བཏང་བ་ནི་བཏང་བ་ཡིནོ།། མི་རྐུ་བ་ཞེས་བྱ་བ་ནི་འདི་ལ་རྐུ་བའི་སེམས་མེད ་པ་ཡིན་ལོ། གཞན་གྱི་རྫས་ཀྱི་ཡུལ་ལ་འདོད་པ་མེད་པའི་ཕྱིར་ཆགས་པ་མེད་པ་ཡིན་ནོ།། བདག་ཉིད་དོར་བ་ནི་མ་བྱིན་པར་ལེན་པོའི་ཁ་ནི་མ་ཐོ་བ་ལས་བསྲུང་བར་བྱེད་པའོ།། དག་པ་ཞེས་བྱ་བ་ནི་མ་བྱིན་པར་ལེན་པའི་དྲི་མ ་མེད་པའི་ཕྱིར་རོ།། གཞན་གྱི་ནོར་ལ་ཆགས་པ་མེད་པའི་ཕྱིར་བཏང་བ་ཡི་ནོ།། མ་བྱིན་པར་ལེན་པའི་རྐྱེན་གྱིས་ཉོས་པ་འབྱུང་བ་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པོ་ཡིནོ།། མི་ཚངས་པར་སྤྱོད་པ་སྤངས་ཏེ་ཞེས་བྱ་བ ་ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་གྱི་སྤྱོད་པ་སྟེ། མྱ་ངན་ལས་འདས་པའི་བྱ་བ་ཅ་ནོ།། ཚངས་པར་སྤྱོད་པ་མ་ཡིན་པ་ནི་མི་ཚངས་པར་སྤྱོད་པ་སྟེ་འཁོར་བའི་འབྲས་བུའི་བྱ་ན་ནོ།། ཇི་ལྟར་སྲོག་གཅོད ་པ་ལ་སོགས་པ་དག་ཀྱང་སྤྱིར་ཚངས་པར་སྤྱོད་པ་མ་ཡིན་པ་ཉིད་དུ་ཟིན་ཀྱང་མིང་འོདི་ནི་འཁྲིག་པའི་ཡུལ་ལ་གྲགས་པའི་སྒྲ་ཡིན་ཏེ། གྲགས་པོ་ནི་ཡུལ་ཕྲོགས་པར་བྱེད་པ་ཡིན་ནོ།། ཞེས་བྱ་བའི་ཚུལ་ཡིན་པའི་ཕྱིར་རོ།། ཇི་ལྟར་ན་མི་ཚངས་པ ་སྤྱོད་པ་སྤངས་པ་ཡིན་ཞེ་ན། ཚངས་པར་སྤྱོད་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚངས་པའི་རྒྱུ་མཚན་དུ་སྤྱོད་པར་བྱེད་པའི་ཕྱིར་ཚངས་པར་སྤྱོད་པ་ཡིན་ལ། སེམས་ཀྱིས་ཀྱང་དྲན་པ་མེད་པོའི་ཕྱིར་རིང་དུ་སྤྱོད་པའོ།། སྐྱེས་པ་དང་བུད་མེད་ཀྱི་ཀུན ་ཏུ་སྦྱོར་བའི་དྲི་མ་མེད་པའི་ཕྱིར་དག་པ་ཡོ་ནོ།། སེམས་ཀྱི་སྒོ་ནས་ལྷག་པར་ཆགས་པ་མེད་པའི་ཕྱིར་གཙང་བྱ་ཡིནཽ།། འཁྱུད་པ་དང་། འོ་བྱེད་པོ་དང་། ཁྱིམ་གཅིག་ཏུ་འཇུག་པ་ལ་སོགས་པ་མེད་པའི་དྲི་ང་པོ་མེད་པ་ཡྀ་ནོ།། དེ་ཉིད་ཀྱི་ཕྱིར་དེ་རྒྱའོ ་རྣརུ་ལས་ལྡོག་པ་ཞེས་བྱའོ།། གང་བུད་མེད་ཀྱི་ཡུལ་ལ་ཆགས་པའི་སེམས་དགའ་འཇུག་པ་དེ་ཐམས་ཅད་གྲོང་པའི་ཆོས་ཡིན་ལ། དུམ་པ་རྣམས་ཀྱིས་སྨད་པའི་ཕྱིར་སྨད་པ་ཡིན་ཏེ། དེ་དང་བྲལ་བ་དང་། དབེན་པ་དང་། སྤངས་པ་དངོ། ལྡོག ་པ་ཞེས་བྱ་བའི་བར་དུའོ།། རྫུན་དུ་སྨྲ་བ་སྤངས་ནས་ཞེས་བྱ་བ་ལ། གང་ཞིག་བདེན་པ་མངོན་པར་ཤེས་པའི་ཡུལ་ལ་ཡང་དག་པའི་ཡེ་ཤེས་རྣམ་པར་བཞག་པའི་ཚིག་བརྗོད་པར་བྱེད་ཅིང་དེ་ལ་སྨྲ་བ་ཡིནོ།། ཇི་ལྟར་ན་རྫུན་དུ་སྨྲ་བ་ལས་སླར ་ལྡོག་པར་འགྱུར་ཞེ་ན། བདེན་པར་སྨྲ་བ་ལ་སོགས་པའི་སྨོས་པ་ཡིན་ཏེ། བདེན་པར་སྨྲ་བར་བྱེད་པ་དང་། དེའི་ངང་ཚུལ་ཅན་ནི་བདེན་པར་སྨྲ་བའོ།། བདེན་པ་ལ་དགའ་བ་ཞེས་བྱ་བ་ནི་སྙེམས་ཀྱི་སྒོ་ནས་ཀྱང་བདེན་པའི་ཚིག་ལ་མངོན་པར་དགའ ་བའོ།། དད་པར་གྱུར་པ་ཞེས་བྱ་བ་ལ། གང་ཟག་འདི་ལ་གཞན་དག་དད་པར་སྐྱེ་བར་འགྱུ་རོ་ཞེས་བྱ་བའི་དབང་དུ་བྱས་ནས་བདེན་པར་སྨྲ་བ་ཉིད་ཀྱིས་སྐྱེ་བོ་ཐམས་ཅད་དད་པར་འགྱུར་བའི་ཚིག་ཅན་ཡིན་ནོ།། གང་ལ་ཡིད་ཆེས་པ་སྐྱེ་བར་འགྱུར་བ་ནི ་ཡིད་ཆེས་པ་ཡིན་ཏེ། བདེན་པོར་སྨྲ་བ་ཉིད་ཀྱིས་གཞན་ཡིད་ཆེས་པའི་གན་སྡེ་ཉིད་ཡིན་པའི་ཕྱིར་རོ།། བརྟན་པ་ཞེས་བྱ་བ་ནི་བདེན་པའི་ཚིག་སྨྲ་བ་ལ་བརྟན་ཞིང་གཡོ་བ་མེད་པ་ཉིད་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་དེ་ནི་གུང་སྨྲས་པ་དེ་བྱེད་པར་འགྱུར། ་རོ།། ཞེས་བྱ་བའི་དབང་དུ་བྱས་ནས་འཇིག་རྟེན་ལ་མི་བསླུ་བར་བྱེད་པ་ཡིནོ།། དེས་ཕྲ་མ་སྤངས་ནས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་དབྱེ་བའི་བསམ་པས་སེམས་ཉོན་མོངས་པ་ཅན་གྱི་ཚི་གོ་བརྗོད་པ་དེ་ནི་ཕྲ་མ་ཡིན་ལོ། ཕྲ་མའི་ཁྲོས ་སམ་ཕྲ་མིའི་དངོས་པོ་ནི་ཕྲ་མོ་ཉིད་ཡིནོ།། དེ་དག་ལས་བྱ་བ་ཚོགས་གཞོན་དུ་རྣམ་པར་བཞག་པ་དག་ལས་སོ།། དེ་དག་ལ་ཞེས་བྱ་བ་ནི་ཚོགས་གཞན་དུ་རྣམ་པར་དག་པས་ན་དག་པའོ།། སྡུག་པར་བྱེད་ཅེས་བྱ་བ་ནི་འབྲེལ་བར་བྱེད་པའི་ངང་ཚུལ་ཅན་ཡིན། ་རྗེསུ་འཆོས་པར་བྱེད་པ་ཞེས་བྱ་བ་ནི་ཤིན་ཏུ་གཅིག་ཏུ་བྱེད་པའི་ངང་ཚུལ་ཅན་ཡི་ནོ།། འདུས་པ་དག་ལ་དགའ་བ་ཞེས་བྱ་བ་ནི་ལུས་ཀྱི་སྒོ་ན་སོ།། འདུས་པ་དག་ལ་མགུ་བ་ཞེས་བྱ་བ་ནི་སེམས་ཀྱི་སྐྱོ་ནས།། འདྲ་བོར་བྱེད་པའི་ཚིག་སྨྲསོ་ཏྲེ་ཞེས་བྱ་བ་ནི་རྟག་ཏུ ་འདུས་པ་བྱེད་པའི་ཚིག་བརྗོད་པ་ཡི་ནོ།། དེས་ཚིག་རྩུབ་པོ་སྤངས་ནས་ཞེས་བྱ་བ་ལ། ཚིག་སྙན་པ་མ་ཡིན་པ་ནི་ཚིག་རྩུབ་པོ་ཡིན་ཏེ་དེ་སྤངས་ནས་སོ།། ཇི་ལྟར་སྤངས་ནས་ཤེ་ན། དེ་དག་གདུག་པའི་ཚིག་དང་ཞེས་བྱ་བ་ལ་སོགས ་པ་སྨོས་པ་ཡིན་ཏེ། ཀུན་ནས་ཟ་བར་བྱེད་པས་ན་འདུག་པ་སྟེ། སྦྲུལ་གྱིས་ཟོས་པ་དང་འདྲ་བར་སྡུག་བསྔལ་སྐྱེད་པར་བྱེད་པའི་ཚིག་གམ། ཤིན་ཏུ་གནོད་པ་ནི་གདུག་པ་ཡིནོ།། རང་བཞིན་གྱིས་དྲག་པ་ཉིད་ཀྱི་ཕྱིར་རྩུབ་པའོ།། གཞན་སྡུག་བསྔལ ་སྐྱེད་པ་ཉིད་ཀྱི་ཕྱིར་གཞན་ལ་གནོད་པོའོ།། གཞན་ལ་མངོན་པར་ཞེན་པ་ཞེས་བྱ་བ་ནི་མངོན་པར་འཛིན་པ་བྲོག་འཁུམས་པ་ཡི་ནོ།། ཞེས་བྱ་བའི་དབང་དུ་བྱས་ཏེ། གཞན་བག་འཁུམས་པ་སྐྱེད་པར་བྱེད་པ་འམོ། གཞན་ཞེ་སྡང་སྐྱེད་པར་བྱེད་པ་ཡིན།། ་འདོད་པའི་ཡུ་ལོ་ལས་ཤིན་ཏུ་འདས་པ་ཉིད་ཀྱི་ཕྱིར་མི་འདོད་པའོ།། འདོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་མི་དགའ་བའོ།། དགའ་བའི་རྒྱུ་ཉིད་མ་ཡིན་པའི་ཕྱིར་མི་མགུ་བའོ།། ཡིད་ཀྱི་སྐད་ཅིག་མྱོར་ཡང་བསྡམ་པར་བྱ་བ་མི་ཡིན་པས་ན་ཡིད་དུ ་མི་འོང་བའོ།། ཏིང་འཛིན་དང་མི་མཐུན་པ་ཉིད་ཀྱི་ཕྱིར་གཡེང་བའོ།། སེམས་འཁྲུག་པར་བྱེད་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་དང་མི་མཐུན་པའོ།། ཡིད་དུ་འོང་བ་ཉིད་ཡིན་པས་ན་མགུ་བར་བྱ་བའོ།། རྣ་བར་འོང་བ་ནི་རྣ་བའི་རྣམ་པོར་ཤེས་པའི་སྡེ་པ་སྐྱེད་པར ་བྱེད་པའོ།། ཡིད་དང་འཐད་པ་ཉིད་ཀྱི་ཕྱིར་དང་རྟག་ཏུ་སྙིང་ལ་འབབ་པ་ཉིད་ཀྱི་ཕྱིར་ཡིད་དུ་འོང་བའོ།། རབ་ཏུ་མགུ་བ་སྐྱེད་པ་དང་རྗེསུ་མཐུན་པ་ཉིད་ཀྱི་ཕྱིར་དགའ་བར་བྱ་བའོ།། གྲོང་ཁྱེར་དུ་བྱུང་བས་ན་གྲོང་ཁྱེར་པ་སྟེ། གྲོང་ལ་བརྟེན་པའི་སྐྱེ་བོ་དམ ་བའི་ཞེས་བྱ་བའི་བར་དུའོ།། མཛེས་པ་ལ་གསལ་བ་ཞེས་བྱ་བ་ནི་ཡི་གེ་མཛེས་ཤིང་གསལ་བར་གྱུར་པའོ།། དོན་མཛེས་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པར་བྱ་བ་ཡི་ནོ།། དེ་ཉིད་ཀྱི་ཕྱིར་མཉན་པར་བྱ་བ་ནི་ཐོས་པ་དང་རྗེ་སུ་མཐུན་པ་ཡིནོ།། དོན་དུ ་གཉེར་བའི་སྒོ་ནས་འགའ་ཞིག་ལ་ཡང་གནས་པ་མེད་པའི་ཕྱིར་མི་གནས་པའོ།། སྐྱེ་བོ་ཐམས་ཅད་མངོན་པར་འདོད་པ་ཉིད་ཡིན་པའི་ཕྱིར་མི་འགའ་བ་སྟེ། རྗེསུ་མཐུན་པ་ཞེས་བྱ་བའི་བར་དུའོ།། རྣམ་པ་གང་གི་སྒོ་ནས་ཀྱང་ཉོན་མོངས་པ ་དདག་གིས་མ་ཟིན་པའི་ཕྱིར་མཐའ་མེད་པའོ།། མི་འདོད་པ་ལ་སོགས་པ་བཟློག་པོས་འདོད་པ་ལ་སོགས་པ་དག་ཏུ་འགྱུར་བར་རིག་པར་བྱའོ།། ཏིངངེ་འཛིན་དང་རྗེ་སུ་མཐུན་པ་འམ། བདེན་པ་ཉིད་ཀྱི་མ་གཡེངས་པའོ།། གང་གི་ཕྱིར་རྣམ་པ་ཐམས ་ཅད་དུ་ཏིང་ངེ་འཛིན་སྐྱེད་པོར་བྱེད་པ་དེ་ཉིད་ཀྱི་ཕྱིར་ཏི་ངེ་འཛིན་དང་མཐུན་པ་ཡིན་ནོ།། དེས་ཚིག་བཀྱིལ་པ་སྤངས་ནས་ཞེས་བྱ་བ་ལ་སོགས་པཱ་ལཱ། དོན་འབྲེལ་པ་མེད་ཅིང་དོན་སྤྱད་པ་དུ་མ་འདྲེན་པར་གྱུར་པའི་ཚིག་ནི་བཀྱལ་པོ་ཡིན་ལ། དེ་བརྗོད ་པར་བྱེད་པའི་ཕྱིར་བཀྱིལ་པ་སྟེ། དེ་སྤངས་པ་ཡིན།། ཇི་ལྟར་སྤངས་པ་ཡིན་ཞེ་ནུ། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐབས་དང་ལྡན་པའི་ཚིག་བརྗོད་པའི་ཕྱིར་དུས་སུ་སྨྲ་བ་ཡིནོ།། ཡོད་པའི་དངོས་པོ་བརྗོད་པའི་ཕྱིར་བདེན་པ་སྨྲ་བ་ཡིན།། ་དོན་དོང་ལྡན་པོའི་ཚིག་བརྗོད་པའི་ཕྱིར་དོན་སྨྲ་བ་ཡིན་ནོ།། དངོས་པོའི་རང་གི་ངོ་བོ་བརྗོད་པར་བྱེད་པའི་ཕྱིར་དེ་ཁོ་ན་ཉིད་སྨྲ་བ་ཡིནོ།། ཆོས་བརྗོད་པར་བྱེད་པའི་ཕྱིར་ཆོས་སྨྲ་བ་ཡིནོ།། ཤེས་པས་ཡོངསུ་བཅད་པ་སྨྲ་བའི་ཕྱིར་བརྟགས་པ ་སྨྲ་བ་ཡིནོ།། གཞན་གྱི་རྒྱུད་ཀྱི་དོན་དཔྱོད་བྱར་ནུས་པ་རིག་པར་བྱེད་པ་ཡིན་པའི་ཕྱིར་བརྟགས་པ་དང་ལྡན་པའོ།། ཉན་པ་པོའི་སྐྱེ་བ་མངོན་པར་འདོད་པའི་དུས་སུ་ཚིག་བརྗོད་པའི་ཕྱིར་དུས་སུའོ།། ཡོངསུ་བསྡུས་པའི་དོན ་འབྲེལ་ཅན་བརྗོད་པར་བྱེད་པའི་ཕྱིར་ཅལ་ཅི་ལ་མ་ཡིན་པའོ།། རྒྱུ་ལས་སྐྱེས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རྒྱུ་དང་བཅས་པ་ཡིནོ།། རིགས་པ་དང་དཔེ་དང་མ་བྲལ་བས་ན་ལུང་དང་བཅས་པའོ།། ཆོས་ལས་མ་གཡོས་པ་ཉིད་ཀྱི་ཕྱིར་ཆོས་དང་ལྡན་པ ་ལོ། དོན་དང་འབྱོར་པ་ཉིད་ཀྱི་ཕྱིར་དོན་དང་ལྡན་པའོ།། ཉོ་ཚོང་སྤངས་ནས་ཞེས་བྱ་བ་ལ་གྲོ་ལ་སོགས་པ་དག་ལ་བརྐམ་ཞིང་ཆགས་པས་ཡུལ་དང་རྗེསུ་མཐུན་པ་དང་། དུས་དང་རྗེ་སུ་མཐུན་པར་རིན་ཡང་བར་ཉོས་པའི་སྒོ་ནས་ལེན་པ་ནི་ཉོས་པ་ཡིན་ཞིང། ་རིན་ཤིན་ཏུ་མང་པོའི་སྒོ་ནས་ཡོངསུ་གཏོང་བ་ནི་བཙོངས་པ་ཡིན་ཏེ། དེ་སྤངས་ནས་ཀུན་ཏུ་སྤྱོད་པའི་དུས་སུ་ལུས་དང་གདག་ཡིད་སླར་ལྡོག་པ་ཡིནོ།། དེས་བྲེ་ལ་སོགས་པོའི་སྒྲ་སྤངས་ནས་ཞེས་བྱ་བ་ལ་སོགས་པ་ལ་གྲོ་ལ་སོགས་པ་འཇལ་བའི ་སྣོད་ནི་འདྲི་རེ་པྲེ་ཡིན་ལ། གསེར་ལ་སོགས་པ་འཇལ་བའི་ཐབསུ་གྱུར་པ་ནི་སྲང་ཡིན་ཞིང་། འཇུག་པའི་རྫས་མར་དང་ཏིལ་མར་ལ་སོགས་པ་འཇལ་བར་བྱེད་པའི་ཐབསུ་གྱུར་པ་ནི་འཇལ་བྱེད་ཡིན་ཏེ། བྲ་ལ་སོགས་པ་གཞན་སླ་བར་བྱེད་པ་བྲེ་ལ ་སོགས་པའི་སྒྱུ་ཡིན་པ་དེའི་ཕྱིར་སྨོས་པ་ཡིནོ།། དེས་གསུག་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་དེས་གསུག་ནི་ལྐོག་ཏུ་གྱུར་པའི་ཆད་པ་ཡི་ནོ།། བསླུ་བོ་ནི་ཐ་སྙད་དུ་གྱུར་པའི་སྒོ་ནས་ནོར་ལེན་པ་ཡི་ནོ།། ཆད་པ་ནི་ཚར་བཅད་པ་སྔོན་དུ་སོང་བ་ཅན ་གྱི་ཆད་པ་ལེན་པ་ཡིན་ཏེ། གསུག་ལ་སོགས་པའི་ནོར་ལེན་པ་བདག་གིར་བྱེད་པ་ལས་སླར་ལྡོག་པ་ཡིནོ།། དེས་གསོད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ་གསོད་པ་ནི་གཞན་གྱི་སྲོག་འཕྲོག་པར་བྱེད་པ་ཡི་ནོ།། བཅིང་བ་ནི་གདོས ་དང་ལྕགས་ལ་སོགས་པའི་གནོད་པའོ།། བཅད་པ་ནི་ལག་པ་ལ་སོགས་པོ་ཡན་ལག་དང་ཉིང་ལག་དྲུག་གོ།། ཕུག་པ་ནི་རྐང་པ་ལ་སོགས་པོའི་རུས་པ་དག་གོ།། བརྡེག་པ་ནི་ལྕགས་ལ་སོགས་པ་དག་གིས་གཞན་གདུང་བ་སྐྱེད་པར་བྱེད་པ ་ཡིན་ཏེ། གསོད་པ་ལ་སོགས་པ་དག་ལ་མཆོག་ཏུ་གཞོལ་ཞིང་སྨྱོ་བུར་བྱེད་པ་གང་ཡིན་པ་དེ་སྤངས་པ་ཡིནོ།། སྣང་བ་དང་བཅས་པའི་ཁྱིམ་དུ་ཉལ་བ་སྤངས་ནས་ཞེས་བྱ་བ་ནི་མཚན་མོ་ཁྱིམ་ལ་སོགས་པ་ཉི་མ་དང་ཟླ་བ་མ་ཡིན་པའི་སྣོད ་བ་དག་དང་ལྡན་པར་ཉལ་བ་གང་ཡིན་པ་དེ་ཡོངསུ་སྤངས་པ་ཡིན་ནོ།། དེ་ཡོང་སུ་དོར་བ་བསྟན་པ་ནི་རྒྱགས་པ་སྐྱེ་བ་ཟློག་པར་བྱེད་པའི་ཕྱིར།། དེས་ཞིང་དག་གི་གཞི་ཞེས་བྱ་བ་ཞེས་པ་ལ་སོགས་པ་ལ་འབྲུ་ལ་སོགས་པའི་རྫས་ཀྱི་རིགས་འདི ་ལ་རྟུན་པར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཞིང་ཁོ་ན་གཞི་ཡིན་པས་ན་ཞིང་གི་གཞི་ཡིན་ཏེ། འདིས་ནི་ཞིང་ལ་སོགས་པ་ལ་སྒོ་ལྡོག་པོར་བསྟན་པ་ཡི་ནོ།། ཁྱིམ་གྱི་གཞི་ཡོངསུ་སྤངས་པས་ཡུལ་དེ་ལ་ཆགྲོས་པ་སྤངས་པར་བསྟན་པ་ཡི་ནོ།། ཆོ ་དུས་ནི་ཚོང་ཁོང་ཡིན་ཏོ།། དེ་ཉིད་ཀྱི་གཞི་ཡིན་ཏེ། དེ་ཡོང་སུ་དོར་བར་བསྟན་པས་ཚོང་པའི་ཐ་སྙད་དུ་བྱེད་པ་ལས་ལྡོག་པར་བསྟན་པ་ཡིན་ནོ།། གླང་པོ་ཆེ་ལ་སོགས་པའི་ཡོངསུ་འཛིན་པ་རྣམ་པར་འཁྲུག་པའི་རྒྱུ་ཉིད་ཡིན་པ་དེའི་ཕྱིར་ཡོངསུ་འཛིན་པ་དེ ་སྤངས་པར་བསྟན་པ་ཡི་ནོ།། བཱན་དང་བྲན་མོ་ཞེས་བྱ་བ་ལ་སོགས་པ་ལ། བྲན་རྣམ་པ་ལྔར་གྲགས་པ་དེ་བཞིན་དུ་བྲན་མོ་ཡང་དེ་ཡི་ནོ།། ལས་བྱེད་པ་ནི་སྐྱེས་བུ་ཞོ་ཤས་འཚོ་བ་ཡིནོ།། སྐྱེས་བུ་རཱང་གི་བྱེད་པ་ལ་བརྟན་ནས ་འཚོ་བར་བྱེད་པ་གང་ཡིན་པ་དེ་དག་ནི་གཡོག་དག་ཡིནོ།། བུད་མེད་ཅེས་བྱ་བ་ལ་སོགས་པ་ལ་འདིས་ནི་རྣམ་པ་གང་དང་གང་གིས་ཀྱང་བུད་མེད་ཡོངསུ་འཛིན་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་བཀག་པ་སྨོས་པོ་ཡིན་ནོ།། སྐྱེས་བུ་ཉེ་དུ་འཆང་ཞིང ་གསོ་བ་ལ་སོགས་པ་ཡོངསུ་བཟུང་བ་ཡང་བཀག་ཅིང་འདིས་ཉེ་དུའི་ཁྱེའུ་དོང་བུ་མོ་ཡོངསུ་འཛིན་པ་ཡང་བཟློག་པ་ཡིནོ།། གསེར་ནི་ས་ལ་སྦྲ་མ་ཡིན་ལ། དངུལ་ནི་དངུལ་ཉིད་ཡིན་ཏེ། འདིས་ནི་ཡུལ་དེར་བདག་གིར་བྱེད་ཅིང་ལེན་པོ་སྤངས་པ་བསྟན་པ ་ཡིན་ལ། འབྲས་དང་། ནས་དང་། གྲོ་ལ་སོགས་པ་བཅོས་པ་མ་ཡིན་པ་དེ་བྱིན་ལེན་བྱེད་པ་རབ་ཏུ་བྱུང་བའི་ཚུལ་མ་ཡིན་པ་དེ་བས་ན་མི་བྱའོ།། ཟ་གཅིག་པ་ཞེས་བྱ་བ་ལ་སོགས་པ་ལ། གཅིག་ཀྱང་དེ་ཡིན་ལ་ཟ་བ་ཡང་དེ་ཡིན་པས་ན་ཟ་གཅིག ་སྟེ། དེ་གང་ལ་ཡོད་པ་དེ་ནི་ཟ་གཅིག་པ་སྟེ། གང་འོར་གཅིག་ཟ་བའོ།། ནུབ་མོ་ཞེས་བྱ་བ་ནི་ནུབ་མོའི་ཟས་ཀྱི་བྱ་བ་ལས་རྣམ་པར་ལྡོག་པ་ཡིནོ།། འགའ་ཞིག་ཏུ་ཉི་མ་ཕྱེད་ཀྱི་འོག་ཏུ་ཟ་བར་འགྱུར་ཞེ་ན། དུས་མ་ཡིན་པའི་ཟས་ལས་སླར་ལྡོག་པ ་སྨོས་པ་ཡི་ནོ།། དུས་སུ་བསོད་སྙོམས་ལ་སོགས་པའི་དོན་དུ་རྒྱུ་བའི་ཕྱིར་དུས་སུ་སྤྱོད་པ་སྟེ། སྔ་དྲོའི་དུས་སུ་སྤྱོད་ཡུལ་ལ་སྤྱོད་པར་བྱེད་པ་ཡིནོ།། དེ་ཉིད་ཀྱི་ཕྱིར་དུས་སུ་སྤྱོད་པའི་སྦྱོར་བ་དང་ལྡན་པ་ཡིན་ཏེ། གང་གི་ཕྱིར་དུས་མ་ཡིན་པར་རྣམ ་པ་གང་གིས་ཀྱང་སྤྱོད་པར་མི་བྱེད་པའོ།། ཡང་ན་དུས་སུ་སྤྱོད་པའི་སྦྱོར་བ་སྟེ། རིགས་པ་དང་ཚུལ་ཡིན་ལ། དེ་དང་ལྡན་པ་ནི་རྗེས་སུ་སོང་བ་ཡིན་ཏེ། དུས་སུ་སྤྱོད་དུ་ཟིན་ཀྱང་ཚུལ་མ་ཡིན་པས་མི་སྤྱོད་དེ། འོན་ཀྱང་ཇི་ལྟར་སོ་སོ་ཐར་པའི་མདོ་ལ ་བཅོམ་ལྡན་འདས་ཀྱིས་རྗེ་སུ་གནང་བ་དེ་བཞིན་དུ་སྤྱོད་པར་བྱེད་དོ།། ལུས་ནི་ལུས་པོ་ཡིནོ།། བགོ་བ་ནི་ལྷགས་པ་ལ་སོགས་པ་རྣམ་པར་འཚེ་བ་ལས་སྲུང་བར་བྱེད་པ་ཡིན་པས་ན་ལུས་ལ་བགོ་བའི་ཆོས་གོས་མ་རྙེད་པ་རྙེད་པ་དེས་མགུ་ཞིང་། ་ལྷག་པ་དང་གྱ་ནོམ་པ་ལ་སོགས་པ་མངོན་པར་འདོད་པ་མེད་པའི་ཕྱིར་རབ་ཏུ་མགུ་བ་ཡིནོ།། ལྟོ་འདྲངས་པ་ཞེས་བྱ་བ་ནི་ལྟོ་ཡོངསུ་འདྲངས་པར་བྱེད་པའི་བསོད་སྙོམས་འདྲངས་པར་བྱེད་པ་ཙམ་གྱིས་བསོད་སྙོམས་ལ་རྒྱུ་བར་བྱེད་པ་དེས་མགུ ་བ་ཡིནོ།། ལྷུང་བཟེད་དང་བཅས། ཆོས་གོས་དང་བཅས་ཏེ་ཞེས་བྱ་བ་ནི་འདོད་པ་ཆུང་བ་ཉིད་ཀྱིས་སྣོད་གཞན་མེད་པོའི་ཕྱིར་དང་། ལྷུང་བཟེད་དང་ཆོས་གོས་ཀྱིས་ལུས་གནས་པ་སྒྲུབ་པོ་ཡིན་པའི་ཕྱིར་རོ།། བྱ་གཤོག་པ་ཙན་ཞེས་བྱ་བ་ནི་བྱ། ་གཤོག་པ་སྐྱེས་པར་གྱུར་པའོ།། གཤོག་པ་མ་གཏོགས་པའི་འད་མ་ནི་རྣས་བུའི་སྒྲས་བརྗོད་པ་ཡིན་ནོ།། དགེ་སྦྱོང་དང་བྲོམྦྷ་ཟེ་ཁ་ཅིག་ཅེས་བྱ་བ་ལ་སོགས་པ་ལ་ཕྱི་རོལ་གྱི་རབ་ཏུ་བྱུང་བ་ལས་རིགས་གཞོན་ཡིན་པ་ལ་འདིར་དགེ་སྦྱོང་གི་སྒོ་དང ་བྲམ་ཟེའི་རིགས་ལས་ཁྱིམ་གྱི་གནས་ཡོངསུ་བོར་བ་ལ་བྲམ་ཟེའི་སྒྲས་བརྗོད་པ་ཡིནོ།། ཁ་གཅིག་ཅེས་བྱ་བ་ནི་འགའ་ཞིག་ཡིན་གྱི་ཐམས་ཅད་ཁོ་ན་ནི་མ་ཡིནོ་ཞེས་བྱ་བའི་ཐ་ཚིག་གོ།། ཡོན་ཏན་ལ་སེམས་པ་སྔོན་དུ་སོང་བ་ཅན་གྱི་སེམས ་དང་ལྡན་པ་ནི་དད་པ་ཡིན་ཏེ། དེས་བཟའ་བ་ལ་སོགས་པ་བྱིན་པ་གང་ཡིན་པ་དེ་དག་ནི་དད་པས་བྱིན་པ་དག་ཡིནོ།། ས་བོན་གྱི་ཚོགས་ནི་ས་བོན་གྱི་ཚོགས་ཡིན་ལ། འབྱུང་པོའི་གནས་ནི་འབྱུང་པོ་དག་གི་གཞི་ཡིན་ཏེ། ་སྐྱེ་བ་ལ་སོགས་པའོ།། ཀུན་ནས་རྩོམ་པ་ནི་ས་བོན་འདེབས་པ་ལ་སོགས་པའི་བྱ་བས་རྣམ་པར་དཀྲུགས་པར་གྱུར་པའོ།། ཀུན་ནས་རྩོམ་པ་ལ་རྗེ་སུ་བརྩོན་པ་ནི་དེ་ལ་གཞོལ་བ་དང་། དེ་ལ་སྦྱོར་ཞིང་འབྲེལ་པར་གྱུར་པའོ།། རྩ་བའི་སྲ ་བོན་ནི་སྒེའུ་གཤེར་དང་ཡུང་བ་ལ་སོགས་པའོ།། སྡོང་བུའི་ས་བོན་ནི་སེའུ་དང་ལྷུང་མ་ལ་སོགས་པའོ།། རྩེ་མོའི་ས་བོན་ནི་བུ་རམ་ཤིང་ལ་སོགས་པའོ།། བཀས་པའི་ས་བོན་ནི་སྦྲུམ་ཤཱ་ལ་སོགས་པའོ།། བཀས་པའི་ས་བོན་གྱི་ས་བོན་ནི ་གྲོ་ལ་སོགས་པའོ།། རྩེ་མོའི་སྒྲས་ནི་ཚིགས་བསྟན་པ་ཡིན་ལ། འབྲས་བུའི་སྣོད་བཀས་པ་ལས་ས་བོན་འབྱུང་བ་ནི་བཀྲུས་པའི་ས་བོན་ཡིནོ།། བཟའ་བ་ལ་སོགས་པ་དག་བསགས་པའི་སྒོ་ནས་རྣམ་པར་བཞག་པ་ནི་རྩོགས་པ་ཡིན་ལ ་དེ་ལ་རྩོམ་པའི་བྱ་བས་རྣམ་པར་དཀྲུགས་པ་སྟེ། དེ་ལ་རྩོན་ཞིང་དེ་དང་ལྡན་པས་གནས་པ་ཡི་ནོ།། མལ་སྟན་མཐོན་པོ་ནི་པུས་མོའི་ཚད་ལས་མཐོ་བ་ཡིན་ལཱ། མལ་སྟན་ཆེན་པོ་རིན་ཐང་ཆེ་ཞིང་རིན་པོ་ཆེས་སྤྲས་པ་ཡིནོ།། ཁྲིའུ་སྨོས་པས ་ཁྲིའུའི་རིགས་ཐམས་ཅད་གཟུང་ངོ་།། ཁྲི་ཆེན་པོ་ནི་ཁྲི་ཡིན་ལ་ཐི་གུས་ལྷས་པ་ནི་ཁྲི་ལྷས་ཡི་ནོ།། གང་ཁྲི་ནང་ཚངས་ཅན་གྱི་འོག་ཏུ་བཏིང་ཞིང་བཅུག་པ་དེ་ནི་གོ་ནི་ག་ཞེས་བྱའོ།། སྟན་ནང་ཚངས་ཅན་ནི་རབ་ཏུ་གྲགས་པ་ཡི་ནོ།། བལ་གོས་ཆེན ་པོ་ནི་གོས་ཀྱི་བྱེ་བྲག་ཡི་ནོ།། གླང་པོ་ཆེའི་ཐབས་སྟན་ནི་གླང་པོ་ཆེའི་སྟེང་ནས་གཡོགས་པའོ།། རྟའི་སྟན་ནི་སྐྲ་ལ་བཀབ་པ་རིན་ཐང་ཆེ་བ་གཞན་གོས་ཀྱི་ཁྱད་པར་དག་ཡིནོ།། སྤུ་ཕྱོགས་གཅིག་པ་ནི་མེ་ཏོག་ཟས་ལ་སོགས་པའོ།། གཉི ་གའི་ཕྱོགས་ལོ་སྤུ་ཡོད་པ་ནི་བེའུ་ཕྲུག་ལ་སོགས་པའོ།། སྤུ་གྱེན་དུ་ལྟ་བ་ནི་མཐའ་ལོགས་ན་སྤུ་ཡོད་པའོ།། གོས་སྤུ་མཐུག་པ་ནི་གོས་ཀྱི་བྱེ་བྲག་སྤུ་དང་བཅས་པ་ཉིད་ཡི་ནོ།། ཡུལ་ཀ་ལཱིང་ག་ལས་བྱུང་བའི་གོས་ནི་ཀ་ལིངྒའི་གོས་ཡིན་ལ། ་དེ་ཉིད་གདིང་བ་ཡིན་ནོ།། མགོ་བོའི་མཐའ་དང་རྐང་པའི་མཐར་སྔས་དམར་ལ་ཆེ་བ་དེ་ནི་སྔས་ཡིནོ།། རྒྱནུ་ནི་ཁྲུས་ལ་སོགས་པྲས་ལུས་མཛེས་པ་སྒྲུབ་པར་བྱེད་པ་ཡི་ནོ།། ལྷ་བ་ལྦུ་བ་ནི་ཕྱི་རོལ་གྱི་ཆ་སྤྱང་ཕྲེང་བ་དང་དྲི་དང་བྱུག་པ་ལ་སོགས་པཱ་ལུས ་མཛེས་པ་སྒྲུབ་པར་བྱེད་པ་ཡི་ནོ།། ཇི་ལྟར་རྒྱན་སྒྲུབ་པ་ཡིན་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐུ་བ་ནི་ཏིལ་མར་དྲི་མ་ཅན་ལ་སོགས་པས་ལུས་ཀྱི་དྲི་མ་བསལ་བར་བྱ་བའི་ཕྱིར་བསྐུ་མ་ཉེ་བྱེད་པའོ།། ཀུན་ཏུ་བསྐུ་བ་ནི་དྲིའི ་རྫས་ཀྱིས་ཀུན་ནས་བསྐུ་བའོ།། ཁ་དོག་གི་སྒྲས་ལུས་ཀྱི་ཁ་དོག་མཛེས་པ་བསྒྲུབ་པའི་དོན་དུ་དྲི་བཟང་པོའི་ཚོན་གྱིས་ལུས་ལ་བྱུགས་པ་བརྗོད་པ་ཡིནོ།། སེན་མོ་བདར་བ་ནི་སེན་མོ་མཛེས་པ་སྒྲུབ་པར་བྱེད་པའོ།། སོ་བདར་བ་ནི་སོ་མཛེས་པ་སྒྲུབ ་པར་བྱེད་པའོ།། ཁའི་དྲི་ནི་ཁ་དྲི་བཟང་པོ་ཅན་དུ་བྱ་བའི་ཆེད་ཀྱི་དྲི་བཟང་པོའི་ཕྱེ་མའོ།། གདོང་གི་རྒྱན་ནི་ཁ་དོག་གདོང་མཛེས་པ་སྒྲུབ་པར་བྱེད་པའོ།། གདོང་གི་མེ་ལོང་ནི་གདོང་བལྟ་བའི་ཕྱིར་མེ་ལོང་འཆང་བར་བྱེད་པའོ།། ལག་པའི་གདུ་གུ་ཞེས་བྱ་བ ་ནི་མཛེས་པ་སྒྲུབ་པར་བྱེད་པའི་དོན་དུ་ལག་པ་གཉིས་ལ་གདུ་གུ་རྒྱན་ཅན་དང་། སོར་གདུབ་ལ་སོགས་པ་རྒྱུན་འདོགས་པར་བྱེད་པའོ།། སྤྱི་བོ་བཅིངས་པ་ཞེས་བྱ་བ་ནི་གཙུག་ཕུད་ལ་རིན་པོ་ཆེ་ལ་སོགས་པའི་རྒྱན་འདོགས་པར ་བྱེད་པའོ།། གདུགས་ཡུ་བ་སྦུ་གུ་ཅན་ཞེས་བྱ་བ་ནི་གདུགས་ཀྱི་ཡུ་བ་ནང་ཤིང་ལྀ། ཕྱི་རོལ་གསེར་ལས་བྱས་པའོ།། རལ་གྲི་ཞེས་བྱ་བ་ནི་རལ་གྲི་ཆང་ཟུངས་ཀྱིས་ཕྱོགས་རིན་པོ་ཆེས་སྤྲས་པའམ། ཤུ་བས་སྤྲས་པ་ཡིནོ།། ནོར་བུའི་རྔ་ཡབ་ནི་རྔ་ཡབ ་ཀྱི་ཡུ་བ་རིན་པོ་ཆེས་སྤྲས་པ་ཡི་ནོ།། ལྷ་མ་རི་མོ་ཅན་ནི་ལྷམ་རིན་པོ་ཆེས་སྤྲས་པར་གྱུར་པའོ།། མ་བགོས་པ་ནི་ཡོངསུ་ལོངས་མ་སྤྱད་པའོ།། སར་པ་ནི་ཐགས་ལས་འཕྲུལ་དུ་བཏོན་པའོ།། གླང་པོ་ཆེ་འཐབ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་ཁྱི་བྱ ་བུ་དང་། སྲེག་པ་དང་། འུར་པ་དག་ཚོགས་ནས་འཐབ་པར་བྱེད་པ་དེའི་ཚེ་ཁྱིམ་བྱ་དང་སྲེག་པ་དང་། འུར་པ་དག་འཐབ་པ་ཡིན།། མེ་ཏོག་སྨྱིག་མ་ཅན་ནི་སྨྱིག་མ་ལ་སོགས་པ་ལ་བྱ་བ་ར་ཏཱ་ཀ་དག་སྨྱོན་པར་བྱེད་པའོ།། གྲོང་ཁྱེར་མཛེས་པར་བྱས་པོ ་ཞེས་བྱ་བ་ནི་གར་མཁན་གྱི་ཚོགས་དག་གིསོ།། བཞད་གོད་ཀྱི་ཕྱིར་གཞན་གྱི་ཕྲོག་པ་ལ་འཛེག་པར་བྱེད་པ་ནི་ཕྲག་པ་ནས་མཆོད་པའོ།། རྒྱལ་མཚན་གྱི་མཆོག་ཅེས་བྱ་བ་ནི་དཔུང་གི་ཚོགས་འགྲོ་བའི་སེང་གེའི་རྒྱལ་མཚན་ལ་སོགས་པའོ།། ་སྟོབས་ཀྱི་མཆོག་ནི་སྟོབས་ཀྱི་ཚོགས་ཀྱི་མཆོག་ཏུ་གྱུར་པའོ།། དཔུང་གི་ཚོགས་ནི་དཔུང་བཀོད་པའི་ཁྱད་པར་ཡིན་ཏེ། འབྲུའི་ཕུར་མ་ལ་སོགས་པ་ལྟ་བུའོ།། ཚོམས་ནི་དཔུང་གི་ཆ་ཡིན་ཏེ། གླང་པོ་ཆེ་ལ་སོགས་པ་བཅུ་ལ་སོགས་པའི་ཚོམས ་ཡིནོ།། སྐྱེ་བོ་ཆེན་པོ་ཚོགས་པར་གྱུར་པ་ནི་འདུས་པ་ཆེན་པོ་ཡིན་ཏེ། གྱང་འཐབ་པ་དང་། ལྟང་མེའི་གནས་ལ་སོགས་པའོ།། གླང་པོ་ཆེའི་སྒྲ་ཞེས་བྱ་བ་ལ་སོགས་པ་ལ། བུད་པའི་སྒྲ་ནི་བརྡུང་བར་བྱ་བ་མི་བཟད་པའི་ཚོགས་བརྡུངས་པའོ།། ་སིལ་སྙན་ཤིན་ཏུ་ཡིད་དུ་འོང་བའི་བྱེ་བྲགཱ་ནི་ཤྲཱི་མྱ་ཡི་ནོ།། སོར་མོ་གཉིས་ཀྱི་སྦྱོར་བ་ལས་བྱུང་བ་ནི་ཡིད་དང་རྗེསུ་མཐུན་པའི་སྒྲ་ཡི་ནོ།། རྫ་རྔའི་སྒྲ་ནི་རྣཱ་མའི་ཁ་པགས་པས་གཡོགས་པ་འམ། རོལ་བྱའི་བྱེ་བྲག་གཞན་ཡིན་ནོ།། སྙན་དང་གས ་ནི་ཚིགསུ་བཅད་པ་སྦྱོར་བའོ།། ཡི་གེ་མཛེས་པ་ཉིད་ཀྱི་ཕྱིར་ཡི་གེ་སྣ་ཚོགས་པོའོ།། ཚིག་གི་གི་རིམ་མཛེས་པ་ཉིད་ཀྱི་ཕྱིར་ཚིག་གི་འབྲུ་སྣ་ཚོགས་པ་ཉིད་དོ།། འཇིག་རྟེན་གྱི་དོན་དང་འབྲེལ་པ་ཉིད་ཀྱི་ཕྱིར་འཇིག་རྟེན་ལ་རག་ལུས་པ་དང་ལྡན་པ ་གཏམ་ནི་འཇིག་རྟེན་པོའི་གཏམ་རྒྱུད་ཡིན་ནོ།། ཨུག་ཤུད་ཅེས་བྱ་བ་ལ་སོགས་པ་ལ་རྒྱན་རྩེ་བའི་ཐབསུ་གྱུར་པ། ཆོ་བཞི་པ་དང་ཆ་དྲུག་པ་ནི་ཨུག་ཤུད་ཅེས་བྱའོ།། ན་ཡ་ནི་ཡན་ལག་བཞི་དང་རྩེ་བའི་ཐབསུ་གྱུར་པའོ།། རྒྱན་ནི་ཐ་མལ་པའི ་རྒྱུན་རྩེ་བའི་ཐབསུ་གྱུར་པའོ།། གནས་བརྒྱད་དང་གནས་བཅུ་ཞེས་བྱ་བ་དེ་ནི་རྒྱན་གྱི་རྟེན་གྱི་འགྱུར་བ་བརྗོད་པ་ཡི་ནོ།། དྲང་བའི་གནས་ལ་སོག་པ་དག་ནི་རྒྱན་ལ་གོམས་པ་དག་ལས་ངེས་པར་བྱ་བ་ཡི་ནོ།། རྒྱ་ལོ་ཧཱུཾཿཏྱཾ་ཞེས་བྱ་བ་ལ་སོགས་པ ་ལོ།། རྒྱལ་པོ་དང་སོ་སོར་འབྲེལ་པའི་གཏམ་ནི་རྒྱལ་པོའི་གཏམ་ལ་སོགས་པ་ཡི་ནོ།། རྩོད་པ་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་ལ་སོགས་པས་དཀྲུགས་པའི་སེམས་ཀྱིས་ཕན་ཚུན་དུ་སྨྲ་བ་དང་ཕྱིར་སྨྲ་བ་ནི་རྩོད་པ་ཡི་ནོ།། ཇི་ལྟར་ཞེ་ན། འདི་ལྟ་སྟེ། ་ཞེས་བྱ་བ་ལ་སོགས་པ་སྤྱོས་ཏེ། ཕྱི་རོལ་གྱི་བྱ་བ་མ་ཡིན་པ་ལས་ལྡོག་པ་ནི་ཆོས་ཡིན་ལ། ཡང་དག་པར་ལེན་པ་སྔོན་དུ་སོང་བའི་བྷཱ་བ་ལ་འཇུག་པ་ནི་འདུལ་བྱ་ཡིནོ།། བདག་ལ་རིགས་པ་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པ་དང་མི་ག ་བ་ཡིན་ནོ།། ཁྱོད་ལ་མི་རིག་སོ་ཞེས་བྱ་བ་མངོན་སུམ་ལ་སོགས་པ་དང་འགལ་བ་ཡིནོ།། ཕན་པ་དང་བཅས་པ་ཞེས་བྱ་བ་ནི་སྔ་ཕྱི་མི་འགལ་བ་དང་འབྲེལ་པ་ཡིནོ།། དེ་ལས་བཟློག་པའི་ཕན་པ་དང་བཅས་པ་མ་ཡིན་པའོ།། ཤིན་ཏུ་མྱུར་བར་ཞེས་བྱ་བ་ནི་ཤིན ་ཏུ་གྲགས་པའོ།། མཆོག་ཏུ་སྨྲ་བ་ཞེས་བྱ་བ་ནི་དོན་གྱི་དེ་ཁོ་ན་བརྗོད་པར་བྱེད་པ་འམ། ཤིན་ཏུ་མྱུར་དུ་སྨྲ་བའི་སྒོ་ནས་དོན་གསྔལ་བ་ཉིད་ཀྱི་ཕྱིར་མཆོག་ཏུ་སྨྲ་བའོ།། རྩོད་པའི་ཕྱིར་ཞེས་བྱ་བ་ནི་རྩོད་པའི་རྒྱུ་མཚན་ཡིན་ལ། བསྐྱེད་པ་ནི་ཏུ་འཇུག་པ་ཡི་ནཾ།། རྩོད་པ ་ལོས་རྣམ་པར་ཐར་པའི་ཕྱིར་ནི་རྩོད་པ་ཡོངསུ་སྤོང་བའི་ཕྱིརརོ།། རྩོད་པ་ཞི་བར་བྱའོ་ཞེས་བྱ་བ་ལ། རྩོད་པ་ཉེ་བར་ཞི་བ་ནི་རྩོད་པའི་ལན་སྦྱིན་པའི་སྒོ་ནས་རྩོད་པ་ཉེ་བར་ཞི་བར་བྱེད་པའོ།། ཚར་བཅད་པར་བགྱིའོ་ཞེས་བྱ་བ་ནི་ཕམ་པར་བྱའོ།། ཕོ་ཉར་འགྲོ་བ་ཞེས་བྱ་བ ་ལ་སོགས་པ་ལ། འདི་ལས་དང་པོ་བླངས་ནས་དེ་ལ་སྐྱེལ་བར་བྱེད་པ་དང་། དེ་ལས་བླངས་ནས་འདིར་ལེན་པར་བྱེད་པའི་དོན་དུ་གཉེར་བའི་མངག་གཞུག་པ་གང་ཡིན་པ་དེ་ནི་འདིར་ཕོ་ཉ་ཡིན་པར་རིག་པར་བྱའོ།། གང་དག་མི་འདོད་དུ་ཟིན་ཀྱང་མངགས་པ་དེ་ནི་མངས ་གཙུག་པ་ལན།། པོ་ཉེར་འགྲོ་བ་དེ་ཅིད་ཀྱི་རྒྱ་མཚན་གྱིས་འཚོབར་བྱེད་པནི་ལོག་པའི་ཡུལ་ལ་ཡོང་སུ་ལོངས་སུ་བྱི་ལོག་པའི་འཚོ་བ་ཡིན་ཏེ། དེས་འཆོལ་ཕྱིད་ཅི་སྒྲུབ་པར་བྱོང་པའོ།། དེ་གང་གི་སོ་ཉར་འགྲོ་བ་ཡིན་ཞེ་ན། རྒྱལ་པོ་དང་ཞེས་བྱ་བ་ལ ་པུ་སྨོས་ཏེ། རྒྱལ་པོ་ནི་དབང་བསྐུར་བ་ཐོབ་པ་ཡིན་ཏེ། རྒྱལ་ཚབ་དུ་དབང་བསྐུར་བ་ནི་བློན་པོ་ཡིན་ནོ།། གྲོང་འདབ་ཀྱི་མི་ནི་གྲོང་འདབ་ཀྱི་གཙོ་བོར་གྱུར་པའོ།། ལྗོངས་ཀྱི་མི་ནི་ལྗོངས་ཀྱི་གཙོ་བོར་གྱུར་པའོ།། ནོར་ཅན་ནི་འཁོར་གྱི་དབང་ཕྱུག་དག་ཡོ་ནོ།། ཚོང་དཔོ། ་ནི་ཚོང་པ་དག་གི་གཙོ་བོར་གྱུར་པའོ།། དེད་དཔོན་ནི་གང་དག་འདྲེན་པར་བྱེད་པའི་སྒོ་ནས་དོན་མཐུན་དག་འདོན་པར་བྱེད་པའོ།། ཚུལ་འཆོས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་འཆོས་པ་ནི་རྣམ་པ་གསུམ་སྟེ། རྙེད་པ་དང་བཀུར་སྟི་འདོད་པས་ཕ་རོལ་ལ་ཡོན ་དན་སྲིད་པའི་བསམ་པས་གཞན་ལ་སྤྱོད་ལམ་སྟོན་པར་བྱེད་པ་དང་། དབེན་པར་བྱེད་པའི་ཕྱོགསུ་གནས་པ་དང་། སན་ནི་ཁ་ཡང་དག་པར་སྟོན་པའོ།། ཁ་གསག་ནི་རྣམ་པ་གསུམ་སྟེ། རྙེད་པ་དང་བཀུར་སྟིའི་བསམ་པ་ཅན་གྱིས་སྙན་པར་སྨྲ་བ་དང་། བདག་གི་ཡོན ་ཏན་བརྗོད་པ་དང་། ཆོས་སྨྲ་བའོ།། གཞོགས་སློངས་ནི་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་ལུས་ཀྱི་གནོད་པའི་གཞི་ཡང་དག་པར་སྟོན་པ་དང་། མངོན་པར་འདོད་པའི་དངོས་པོ་ཚིག་གིས་མངགས་པ་དང་། ཕྱི་རོལ་གྱི་རྒྱུ་མཚན་ལུང་སྟོན་པའོ།། རྙེད་པའི ་བསམས་པ་ཅན་གྱིས་སྔར་སྣ་ལ་སོགས་པ་ལ་གཏོང་བ་ལ་རྒྱ་ཆེར་བསྔགས་པ་བྱེད་པ་ནི་ཐོབ་ཀྱིས་འཇལ་བ་ཡིན་ནོ།། གཞན་ལས་རྙེད་པའི་རྙེད་པ་གང་ཡིན་པ་དེ་རྙེད་པ་གཞན་གྱི་དོན་དུ་སྦྱིན་པར་བྱེད་པ་འམ། ཟང་ཟིང་ལ་སོགས་པ་རྙེད་པའི་དོན ་དུ་སྟོབས་པར་བྱེད་ཅིང་། ཇི་ལྟར་ན་རྙེད་པ་རྙེད་པར་འགྱུར་ཞེས་རྙེད་པས་རྙེད་པ་བསྒྲུབས་པར་འདོད་པ་ཡིན་ནོ།། རིགས་པ་ངན་པ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་འདིའི་འབྲས་བུ་འཇིག་རྟེན་པའི་བཟོའི་བྱེ་བྲག་ནི་མཐོ་རིས་དང་ཐར་པའི་འབྲས་བུ་སྒྲུབ ་པར་བྱེད་པ་མ་སྦྱིན་པས་གནོ་འོ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་གཱ་ཤེགས་པའི་བསྟན་པ་ལས་ཕྱི་རོལ་ཏུ་ར་པ་བྱར་རླག་པ་ངན་རྣམ་ན།། ག་པ་འཚུ་བར་ཉིད་ལོག་པའི་ལས་ལ་སྨོན་པ་སྐྱོནས་ན། ་བར་བྱེད་པས་ན་ལོག་པསྒོ་འཚོ་བ་ཡི་ནོ།། ཇི་ལྟར་ཞེ་ན། ལྷས་དྲན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕྲུ་ལྀ་དུས་གས་པོ་ལས་གླིང་ཟུང་ཞིང་སྨྱོ་བ་ནི་ལྷསྣ་ངན་ཡིན་ཏེ། ལྷས་ངན་དེའི་འབྲས་བུ་གང་ཡིན་པ་དེ་ལུང་སྟོན་པར་བྱེད་ཅིང་ལུང ་བསྟོན་པ་དེས་ནོར་གྱི་ཚོགས་གང་རྙེད་པ་དེས་འཚོ་བར་བྱེད་པ་ཡིན་ནོ།། རྨ་ཞེས་བྱ་བ་ནི་རྨ་རུང་ཞིག་སྐྱེས་པ་ནི་དོན་སྒྲུབ་པར་བྱེད་པ་ཡིན་ལ་ཁ་ཅིག་ནི་དོན་མ་ཡིན་པ་སྐྱེད་པར་བྱེད་པ་ཡིནོ་ཞེས་བྱ་བ་ནི་རྨའི་མཚན་ཉིད་ལུང་བསྟོན་པ་ལ་མ ་པར་གྱུར་པའོ།། རྨི་ལམ་གྱི་མཚན་ཉིད་དང་། མེས་ཚིག་པ་དང་། ཆུས་རེག་པ་ལས་འཕྲལ་དུ་གོས་སམ་ལུས་ལ་ཆུའི་ཐོགས་པ་ལྷུང་བ་ནི་ཆུས་རེག་པ་ཞེས་བྱ་བ་དང་ནི་བྱ་བས་ཟོས་པའི་འབྲས་བུ་ལུང་སྟོན་པ་ལ་མཁས་པ་དེས་ཀྱང་འཚོ་བར་བྱ ་པ་ཡིན་ནོ།། གདོན་བབས་ནི་ཞུགས་པའོ།། དབྱངས་རྟོགས་པ་ཞེས་བྱ་བ་ལ། དབྱངས་སོ་སོ་ཐ་དད་པའི་འགྱུར་བའི་འབྲས་བུ་ལུང་བསྟན་པ་ལ་མཁས་པའོ།། འབྱུང་པོ་ཐམས་ཅད་ཀྱི་སྐད་ཅེས་བྱ་བ་ལ། འབྱུང་པོ་ཐམས་ཅད་ཀྱི་སྐད་ཡོངསུ་ཤེས་པའི ་ནུས་པ་སྐྱེད་པར་བྱེད་པའི་བསྟན་བཅོས་ཡོད་ལ། བསྟན་བཅོས་དེ་ལ་མངོན་པར་གོམས་པ་ལས་བྱའི་སྐད་ཀྱིས་དོན་རྣམ་པར་འབྲེལ་པ་ལ་ཡང་མཁས་པར་འགྱུ་རོ།། ཡན་ལག་རིག་པ་ནི་གང་གིས་ལུས་ཀྱི་མཚན་ཉིད་ཤེས་པའོ།། གོས་རིག་པ ་ནི་གང་གིས་ཡོན་ཏན་དང་ལྡན་པ་དང་ཡོན་ཏན་ཡོད་པ་མ་ཡིནོ་ཞེས་གྱོས་ཀྱི་མཚན་ཉིད་ཤེས་པའོ།། ནེ་ཙོ་རིག་པ་ནི་གང་གིས་ནེ་ཅོའི་མཚན་ཉིད་ཤེས་པའོ།། དགོས་པའི་དོན་དུ་འགྲོ་བ་ལ་བསྔགས་པའི་མཚན་ཉིད་འབྱུང་བར་འགྱུར་བ་ཤེས་པ། ་དེས་མཚན་ཉིད་གང་གིས་ཤེས་པ་དེ་ནི་ཤིས་པའི་རིག་པ་འམ། ནེ་ཙོམ་གདོགས་པ་བྱ་གཞན་གྱི་མཚན་ཉིད་ལ་མཁས་པར་གྱུར་པའོ།། མཐེ་བོའི་རིག་པ་ནི་གང་གིས་མཐོ་བོ་ལས་འཇུག་པ་ལ་སོགས་པ་བྱེད་པ་ཡིནོ།། ཡུད་ཙམ་དག་ལ ་རབ་ཏུ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། དུས་འདི་ནི་བཟང་ལ། འདི་ནི་བཟང་པོ་མ་ཡིན་པས་ཡུད་ཙམ་འདི་ལ་ལས་འདི་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། སྐར་མ་དྲག་ཤྭ་ར་བ་ནི་སྐར་མུ་བཟང་པོ་བྱུང་བ་ཡིན་ཏེ། དོན་དེ་ནི་རྒྱུ་སྐར ་འགྲོ་བ་དང་འོང་བ་ལ་མཁས་པ་དང་། བྱ་བ་རློམ་པའི་རྒྱུ་སྐར་གྱི་མིང་ལ་མཱ་ཁས་པཱ་ཞེས་བྱ་བ་འདི་ཡི་ནོ།། རོ་བརྟག་པ་ལ་ཞེས་བྱ་བ་ནི་ཤི་བོའི་ལུས་མ་སྣང་བ་ནཱི་རྀའི་སྒྲས་བརྗོད་དེ། དེའི་བརྟག་པ་ནཱི་རོ་ལངས་ལ་སོགས་པའི་ལྔས་དེ་ལ་མ ་བྱར་གྱུར་པའོ།། འཚོ་བ་ལ་སོགས་ཞི་བའི་དོན་གྱི་ལས་ནི་ཞི་བའི་ལས་ཡིན་ཏེ། རིག་བྱེད་ལས་བསྣུན་པ་མ་གཞན་པཅོ།། རྒྱས་པའི་ལས་ནི་གྲོལ་བ་དང་འབྱོར་བ་རྒྱས་པར་བྱེད་པའི་ལྔས་ཤེསྟྲ་བྱཱཥྚི་བཱཪྵ་དུའོ།། དྲུག་པོདྡྷི་ལཱས་ནི་གཞན་གྱི ་སྲོག་ལ་གནོད་པར་བྱེད་པ་མགར་བ་ལ་སོགས་པའི་ལས་སམ། བཅུད་ཀྱིས་ལེན་གྱི་ལས་ཡི་ནོ་འགའ་ཞིག་གིས་ནད་ཞི་བར་བྱེད་པའི་ཕྱིར་སྔགས་བཟླས་པའི་ཆུས་བརླན་པིའོ་གཏོར་མའི་ལས་ཡོན་ནོ།། ཡི་གེའི་རིག་པ་ནི་ཡི་གེའི་གྲངས་ངོང ་རྩིས་དང་། སྐར་མའི་བསྟན་བཅོས་རིག་པའོ།། དགོས་པ་ནི་ཡན་ལག་རྣམ་པར་དགོས་པའོ།། བཞི་པ་དང་། ལྔ་པ་དང་། ཉི་ཤུ་པཱ་དགྲ་ཇི་ཙམ་དུ་འགྱུར་ཞེས་དྲིས་པ་ལ་མྱུར་དུ་ཡོངསུ་ཞེས་པ་ནི་གྲངས་ལ་མཁས་པ་ཡིན་ལག་པས ་ཕྱག་རྒྱའི་རྣམ་པ་བཅིང་བ་འམ། ལག་རྩིས་ཀྱིས་བརྡ་ནཱི་ལག་བརྡ་ཡི་ནོ།། ལམ་རིག་པ་ནི་གང་གིས་ལམ་དུ་འཇུག་པའི་འབྲས་བུ་ཤེས་པའོ།། ནང་ཞི་བའི་ཐབསུ་གྱུར་པའི་མན་ངག་ནི་གསོ་བ་ཡིན་ནོ།། བུད་མེད་དག་གི་ཐུན་མོང་མ་ཡིན་པའི་ན་ཉེ་བཞི་བཱི་ཐབ ་སྟོན་པ་ནི་བུད་མེད་ཀྱི་གསོ་བ་ཡིན་ལ། དེ་བཞིན་དུ་སྐྱེས་པའི་གསོ་བ་དང་གཞོན་ནུའི་གསོ་བ་དང་། གཞོན་ནུ་མའི་གསོ་བ་དག་ཀྱང་ཡི་ནོ།། སྨན་ངག་གི་སྦྱོར་བ་ཞེས་བྱ་བ་ནི་སྨིན་པ་ལ་སོགས་པའི་རྫས་བྱིན་པས་འཚོ་བར་བྱེད་པའོ།། ནོར་བུའི་མཚན་ཉིད ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་དུ་ནོར་བུ་དུག་ལ་སོགས་པ་སེལ་བར་བྱེད་པའི་ནུས་པ་དུ་མ་དང་ལྡན་པ་དག་དེ་དག་མཚན་ཉིད་རབ་ཏུ་དབྱེ་བའི་སྒོ་ནས་ཤེས་པ་ཡི་ནོ།། དབྱིག་པ་ལས་བཟང་པོ་དང་བཟང་པོ་མ་ཡིན་པའི་མཚན་ཉིད་ཀྱི་ཕྱིར་དབྱིག་པའི་མཚ ་ཉིད་ལ་མཁས་པར་གྱུར་པའོ།། རལ་གྲི་ནི་རལ་གྲི་ཡིན་ཏེ། རལ་གྲི་ལ་སོགས་པའི་མཚོན་དག་གི་བཟང་པོ་དང་བཟང་པོ་མ་ཡིན་པའི་མཚན་ཉིད་ལ་མཁས་པར་གྱུར་པའོ།། གླང་པོ་ཆེ་ལ་སོགས་པ་ནས་གཞོན་ནུ་མའི་མཐར་ཐུག་པ་དག་གིས་མཛེས་པ་དང ་མཛེས་པ་མ་ཡིན་པའི་མཚན་ཉིད་ཡོད་པའི་མཚན་ཉིད་གང་དང་ལྡན་པ་དག་ཁྱིམ་དུ་བཞག་པ་ལས་དགེ་བ་དང་མི་དགེ་བར་འགྱུར་བ་དེའི་མཚན་ཉིད་དང་། མཚན་ཉིད་འདི་དང་ལྡན་ན་ཚེ་ཐུང་ཞིང་འདིས་ཚེ་རིང་བར་འགྱུར་བ་དང་། འདིས་ལོངས་སྤྱོད་ཆུང ་ཞིང་འདིས་ལོངས་སྤྱོད་ཆེ་བར་འགྱུར་བ་དང་། བསོད་ནམས་ཆུང་བའི་མཚན་ཉིད་ཡིན་ཞིང་བསོད་ནམས་ཆེ་བ་འདི་ཡིན་པ་དང་། འདི་ལུས་ཆུང་ལ་འདི་ལུས་བོད་ཆེ་བ་དང་། འདི་རྗེ་བོའི་མཚན་ཉིད་ཡིན་ལ། འདི་བྲན་གྱི་མཚན་ཉིད་ཡིན་ནོ།། ཞེས ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིནོ།། མགྱོགས་པ་ཞེས་བྱ་བ་ལ་སོགས་པ་ནི་རུ་ཧ་དང་། མས་བཏང་བ་དང་། ཡན་ལག་མ་ལུས་པ་དུགས་བྱས་པ་ནི་མགྱོགས་པའི་སྒྲས་བསྟན་ཏོ།། སྐྱུག་པ་དང་འཁྲུ་བ་ནི་རབ་ཏུ་གྲགས་པ་ཡི་ནོ།། གྱེན་དུ ་བཤལ་བ་ནི་སྨན་སྔོན་དུ་སོང་བ་ཅན་གྱི་སྣ་ལ་སོགས་པ་ལས་འཇོག་པར་གྱུར་པའོ།། སྣའི་ལས་ནི་དུ་བརྔུབ་པའོ།། ཡན་ལག་གི་ཕྱོགས་གཅིག་གི་དགོས་ཀྱང་རག་ཏུ་གྲགས་པ་ཡིན་ནོ།། སྙིང་ཁྲིའི་ཕྱོགས་ན་ཡོངསུ་གནས་པའི་ནད་ཀྱི་གསོ་བ་བསྟན ་ནི་མ་ཞུ་བའི་གནས་བརྗོད་པའོ།། སྙིང་ཁེའི་འོག་མན་ཆད་ཀྱིས་ནི་ཞུ་བའི་གནས་བརྗོད་པའོ།། ལུས་ཀྱི་ཕྱོགས་ལས་བྱུང་བ་འབྲམ་པ་འབྲས་བུའི་རྣམ་པ་ལྟ་བུ་བཤད་པ་དག་ནི་འགྲམ་བུའོ།། བརྗོད་ལེའུ་ལག་པ་ལ་སོགས་པ་ལ་བྱུང་བ་འབྲས་ཀྱི་བྱ་བ་འཆད ་པ་དག་ནི་འབྲས་ཀྱི་བརྗོད་ལེའུ་ཡིན་ནོ།། རི་དགས་རྣམས་འཁོར་ལོ་བཞིན་དུ་རྒྱུ་བ་ནི་རི་དགས་འགྲོ་བ་ཡོན་ཏེ། དེའི་འབྲས་བུ་ལུའི་བསྟན་པ་ལ་མཁས་པར་གྱུར་པའོ།། ཁྭ་དག་ན་མཁའ་ལ་ཚོགས་ཤིང་རྒྱུ་བ་ནི་ཁྭའི་ཚོགས་ཡིན་ཏོ།། དེའི་འབྲས་བུ་ཡང་ཤེས ་པར་གྱུར་པའོ།། ཀོས་ཀོའི་ཕྱོགས་འགུལ་བ་ལ་སོགས་པ་འགྱུར་བ་སྲིད་པ་ནི་གོས་ཀོ་ཞོམ་པ་སྟེ། དེའི་འབྲས་བུ་ལུང་སྟོན་པ་ལ་མཁས་པར་གྱུར་པའོ།། འཕྲལ་དུ་སོའི་ཕྲེང་བ་དག་གིས་ལྕེ་ལ་འབྱོར་པར་གྱུར་པ་ནི་ལྕེ་བཞར་བ་ཡི་ནོ།། རོ་ལངས་ནི་འཁོར་ལོ་གཉིས ་དང་ལྡན་པའི་ཤིང་རྟ་ལ་ཞོན་པ་ལག་པ་གཉིས་ཀྱིས་རལ་གྲི་སོ་སོར་འཛིན་པའོ།། རོ་ལངས་འཁོར་ལོ་གཅིག་པའི་ཤིང་རྟ་ལ་ཞོན་ཅིང་རལ་གྲི་གཅིག་འཛིན་པས་ཉེ་བར་མཚོན་པའོ།། དགུག་པ་ཞེས་བྱ་བ་ལ་སོགས་པ་ལ། དཀུག ་པ་ནི་འབྱུང་པོ་དག་འདྲེན་པར་བྱེད་པའོ།། སླར་གཏོང་བ་ནི་ཨརྒ་ལ་སོགས་པ་སྦྲེངས་ནས་གཏོང་བར་བྱེད་པའོ།། ཀུན་ནས་རྨོངས་པར་བྱེད་པ་ནི་སྔགས་ཀྱིས་གཞན་གྱི་སེམས་རྣམ་པར་རྨོངས་པ་སྐྱེད་པར་བྱེད་པའོ།། རྣམ་པར་རྨོངས་པ་ནི་ཁྱད་པར་དུ ་སྔགས་ཀྱིས་གཞན་གྱི་ཡན་ལག་རྣམ་པར་བཤིག་ཅིང་འགྱུར་བའོ།། རྣམ་པར་བཤིག་པ་ནི་སྔགས་ཁོ་ནས་རོ་རྒྱབ་ལ་སོགས་པ་འཇིག་པར་འགྱུར་བའོ།། སྔགས་ཁོ་ནས་བདེ་བ་བསྐྱེད་པ་ནི་བདེ་བར་བྱས་པོ་ཡིན་ལ། དེ་བཞིན་དུ་སྡུག་བསྣོལ་བར་བྱས ་པ་ཡིན་ནོ།། སྨན་ལ་སོགས་པས་མངལ་བསྐྱེད་པ་ནི་སྡུམ་པར་བྱས་པ་ཡི་ནོ།། མེ་ལ་ཏིལ་ལ་སོགས་པའི་སྦྱིན་སྲོག་བྱིན་པ་ནི་ཏིལ་ལ་སོགས་པའི་སྦྱིན་སྲེག་ཡིནོ།། གསེར་ལ་སོགས་པ་བཅུག་པ་ནི་རྫས་ལ་སོགས་ཀྱི་སྦྱིན་སྲེག་ཡིན་ནོ།། ཏིལ་མར་དོང ་མར་བཅུག་པ་ནི་སྦྱིན་སྲེག་གི་སྦྱིན་སྲེག་ཡིན་ནོ།། ཉི་མ་ལི་བསྙེན་པ་འམ་རབ་ཏུ་ཆགས་པར་གྱུར་པ་དེ་ནི་བསྙོན་པའི་ཆོ་ག་ལ་མཁས་པའོ།། རྒྱུ་སྐར་ལ་ཕྱོགས་པ་དང་། ལྷ་ལ་ཕྱོགས་པ་དག་ཀྱང་དེ་དང་འདྲའོ།། དབང་ཕྱུག་གི་མཆོག་གི་འདུས་པ་སྒྲུབ ་པར་བྱེད་པ་ནི་སྦོང་པོ་ཆེན་པོ་དེ་ལོ་མངོན་པར་སྦྱོར་བ་དེས་འཚེ་བར་བྱེད་པ་ཡིནོ།། འཇིགས་པར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ལ། འཇིགས་པར་འགྲོ་བའི་མཚན་ཉིད་ཤེས་པ་དང་། བདེ་བར་འགྱུར་བའི་མཚན་ཉིད་ཤེས་ཤིང་ལོ་ཉེས་དང་ལོ་ལ་ག ་པའི་མཚན་ཉིད་ཤེས་པར་འགྱུར་བའོ།། ངན་པར་འབབ་པས་ན་ཆར་མི་འབབ་པ་སྟེ་འབྲུ་ཉམས་པར་བྱེད་པའོ།། དགེ་བར་འབབ་པ་ནས་ཆར་འབབ་པར་འགྱུར་བ་སྟེ་འབྲུ་སྒྲུབ་པར་བྱེད་པའོ།། ལྷ་འཁྲུགས་པ་དང་བདུད་ལ་སོགས་པ ་རྣམ་པར་འཚེ་བ་ལས་བྱུང་བ་ནི་ཡམས་ཡི་ནོ།། ཅིག་ཤོས་ནི་བཟློག་པའི་མཚན་ཉིད་ཡིནོ།། ནང་གི་ཞེས་བྱ་བ་ལ་སོགས་པ་ལཱ་གཞན་གྱི་འདོད་པས་འགྲོ་བ་ནི་བྲོས་པར་གྱུར་པ་ཡིན་ལ། རང་གི་འདོད་པས་འགྲོ་བྱ་ནི་སྙེགས་པར་གྱུར་པའོ།། ་ལམ་ཞེས་བྱ་བ་ལ་སོགས་པ་ལ་ལམ་ནི་རབ་ཏུ་གྲགས་པའི་ལམ་པོ་ཆེ་ཡིན་ལ། རབ་ཏུ་གྲགས་པ་མ་ཡིན་པ་ནི་ལམ་གོལ་བ་ཡིནོ།། སྐར་མའི་གཟུགས་ལྟུང་བ་ནི་སྐར་མསྤྲེའུ་ལྟུང་བའོ།། ཕྱོགས་དང་ན་མཁའི་ཕྱོགས་ཤིན་ཏུ་འོད་གསལ་བར ་གྱུར་པ་ནི་ཕྱོགས་ཚིག་པའོ།། བར་སྣང་ལ་ནི་མི་བཟད་པའི་སྒྲ་འབྱུང་བ་ནི་ལྷའི་རྔ་བོ་ཆེ་དག་ཡཱི་ནོ།། རང་གི་ཡོན་ཏན་སྒྲུབ་པ་ནི་རྫུ་འཕྲུལ་ཆེ་བའོ།། གཞན་ལ་ཕན་འདོགས་པར་བྱེད་པའི་སྒོ་ནས་མཐུ་ཚོ་བ་ཡིནོ།། ཤར་པི་ནོ་ཤཱར་གྱི་རི་ལས་བྱུང་བའོ། ནུབ ་བ་ནི་ནུབ་ཀྱི་རིར་ཞུགས་པར་གྱུར་པའོ།། ཀུན་ནས་ཉོན་མོངས་པ་ཞེས་བྱ་ནི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གན་ནཱ་ལྔ། རྣམ་པར་བྱུང་བ་ནི་ཤིན་ཏུ་དང་བར་གྱུར་པ་སྟེ། ཀུན་ནས་ཉོན་མོངས་པོ་དང་རྣམ་པར་བྱང་བ་དག་གི་རྣམ་པར་བཞིག་པའི་ལ ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་སྨིན་པ་དང་ཞེས་བྱ་བ་དེ་ལྟ་བུའི་འབྲས་བུ་ཡིན་ནོ།། དེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ནི་བསྟན་མ་ཐོག་པའི་རབ་ཏུ་བྱུང་བའོ།། འཕགས་པ་ཞེས་བྱ་བ་ལ། ཟག་པ་མེད་པའི་ལམ་གྱི་ཚོགས་ཡིན་པའི་ཕྱིར་ཟག་པ་དང ་བཅས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལས་ཡང་འཕགས་པ་ཞེས་བྱའོ།། ནང་གི་ཞེས་བྱ་བ་ལ། བདག་ཉིད་ལྷག་པར་བྱས་པས་ན་ནང་ཡི་ནོ།། གཞན་གྱི་སྒྲོན་བརྗོད་པའི་སྐབས་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཡིན་ལ་དེའི་བདེ ་བཱ་ནི་གང་ཚུལ་ཁྲིམས་ཡོངསུ་དག་པའི་རྒྱུར་གྱུར་པ་ཡིན་ནོ།། སོ་སོའི་མྱོང་བ་ནི་ཡོངསུ་རྫོགས་པར་ཉམསུ་མྱོང་བའོ།། སྒྲོ་སྦས་པ་ཞེས་བྱ་བ་ལ། གང་གི་སྒྲོ་སྦས་པའོ།། གང་གི་སྒོ་སྔས་ཤེ་ན། དབང་པོའི་ཞེས་བྱ་བ་སྨོས་པ་ཡིནོ།། དེའི་དོན་ནི་འདི ་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་དག་དགག་པའི་ཡུལ་ལ་འཇུག་པ་ལས་བཟློག་པ་གང་ཡིན་པ་དེ་ནི་དབང་པོའི་སྒོ་སྦས་པ་ཡིན་ནོ།། རྟག་ཏུ་མངོན་སུམ་དུ་གྱུར་པའི་སྒོ་ནས་དྲན་པ་ཀུན་ནུས་བསྲུངས་པ་གང་ཡིན་པ་དེ་ནི་དྲན་པ་ཀུན་ན ་བསྲུངས་པའོ།། གུས་པས་མངོན་སུམ་དུ་བྱེད་པས་ནཱ་དྲན་པས་ངེས་པར་བསྲུངས་པ་ཡིན་ཏེ། སེམས་མི་དགེ་བའི་རྣམ་པའི་རྟོག་པ་དང་། ལས་ངེས་པ་སྟེ། ཁྱད་པར་དུ་བསྲུང་ཞིང་སྦེད་པར་བྱེད་པ་ཕྱིར་སྲུངས་བ་སྟེ་དེ་ལ་བཀྲུངས་པ་ཀྵ་ཧྣི་པ་དོནི་དྲན་པ་ངེས་པར ་བསྲུངས་པའོ།། དེ་ཉིད་ཀྱི་ཕྱིར་དྲན་པ་བསྲུངས་པའི་ཡིད་ཡིན་ཏེ། རྒྱུན་གྱིས་དྲན་པ་མངོན་དུ་བྱེད་པ་ཡིན་པའི་ཕྱིར་རོ།། གནས་སྐབས་མཉམ་པར་སྤྱོད་དོ་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབོང་པོ་དག་ཡུལ་འཛིན་པའི་གནས་སྐབས་ལ་ཇི་ལྟར ་ཉེས་པ་དང་ལྡན་པར་མི་འགྱུར་བ་དེ་ལྟར་མཉམ་པོར་དཔྱོད་ཅིང་འཇོག་པར་བྱེད་པའོ།། ཇི་ལྟར་གནས་སྐབས་མཉམ་པར་དཔྱོད་པར་འགྱུར་ཞེ་ན། དེ་མིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། མཚན་མོར་མི་འཛིན་པ་ཞེས་བྱ་བ་ནི་གསང ་བ་ལ་སོགས་པ་ཉིད་དུ་མཚན་མར་མི་འཛིན་གྱི། འོན་ཀྱང་ཇི་ལྟར་གཟུགས་དེའི་རང་བཞིན་ཁོ་ན་བཞིན་དུ་འཛིན་པར་བྱེད་དོ།། མཚན་མ་འཛིན་པ་སྔོན་དུ་སོང་བ་ཅན་གྱི་དངོས་པོ་གཞན་དང་། འབྲེལ་པའི་མྱིང་གི་མཚན་མ་འཛིན་པ་སྟེ། ་དཔེར་ན་ཨུཏྤ་ལ་སྔོན་པོ་དང་འབྲེལ་པའི་ཚིག་དང་། རི་བོང་ཅན་དང་འབྲེལ་པའི་གདོང་དང་། པདྨ་དང་འབྲེལ་པའི་ལག་པོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ།། གང་གི་ཕྱིར་ཞེས་བྱ་བ་ནི་གང་གི་རྒྱུ་མཚན་གྱིསོ།། སྡིག་པ་མི་དགེ་བའི་ཆོས་ནི ་འདོད་ཆགས་ལ་སོགས་པ་ཡིན་ལ། སེམས་རྗེས་སུ་འཇུག་པ་ནི་སེམས་ལ་བརྟེན་ནས་རབ་ཏུ་འཇུག་པ་འམ། སེམས་ཡོངསུ་དོར་བར་མི་བྱེད་པ་ཡིན་ནོ།། གང་ལ་སེམས་འཇུག་པར་འགྱུར་བ་ཞེ་ན། མིག་གིས་དབང་པོས་ཞེས་བྱ་བ ་ལ་སོགས་པ་སྨོས་པ་ཡིན་ཏེ། མིག་གིས་དབང་པོའི་སྒོ་ནས་སྡོམ་པ་མ་ཡིན་པ་དེ་སྡོམ་པ་དེ་དང་ལྡན་ཞིང་འབྱོར་པ་གང་ཡིན་པ་དེ་ལའོ།། ཅི་ཞོག་ཡོད་པར་གྱུར་ན་ཞེ་ན། སྨྲས་པ། བྱརྣབ་སེམས་དང་གནོད་སེམས་ཡོད་པར་གྱུར་ནའོ།། ཡུལ ་གླང་ལ་བན་བ་སེམས་དང་གནོད་སེམས་འབྱུང་བ་ཡིན་ཞེ་ན། འཇིག་རྟེན་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཡུལ་ལའོ།། གཞན་གྱི་ཡུལ་ལ་ཆགས་པ་ནི་བརྣ་བ་སེམས་ཡིན་ལ། མངོན་པར་འདོད་པའི་དོན་མ་འབྱོར་པ་སྔོན་དུ་སོང་བ་ཅན་ནི་ཡིད ་མི་བདེ་བ་ཡིན་ཏེ། བརྣབ་སེམས་དང་ཡིད་མི་བདེ་བ་ནི་བརྣབ་སེམས་དང་ཡིད་མི་བདེ་བའོ།། དེ་ཡོད་པར་གྱུར་ན་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་སྡིག་པ་དག་ཡིན་ལ། འདོད་པ་མ་ཡིན་པའི་འགྲོ་བ་འདོད་པར་བྱེད་པ ་ཉིད་ཡིན་པའི་ཕྱིར་མི་དགེ་བ་ཡིནོ།། སྡིག་པ་མི་དགེ་བའི་ཆོས་དེ་དག་སྡོམ་པའི་ཕྱིར་ཏེ། མི་སྐྱེ་བར་བྱ་བའི་ཕྱིར་ནན་ཏན་དུ་བྱེད་ཅིང་སྒྲུབ་པར་བྱེད་པ་འམ་ཚུལ་བཞིན་མ་ཡིན་པའི་རྒྱུ་མཚན་འཛིན་པ་ལ་སོགས་པ་དབང་དུ་བྱེད ་པའི་ཚུལ་དེ་སྡོམ་པའི་ཕྱིར་ནན་ཏན་དུ་བྱེད་པ་ཡིནོ།། གནོད་པ་མེད་པའི་བདེ་བ་ཞེས་བྱ་བ་ནི་རང་གི་སེམས་ཤིན་ཏུ་ཡོངསུ་མགུ་བར་གྱུར་པའི་བདེ་བ་ཉམ་སུ་མྱོང་བར་གྱུར་པའོ།། མངོན་པར་འདོད་པའི་གནས་སུ་འགྲོ་བར་བྱེད་པ་ནི་འགྲོ་བ་སྟེ། མངོན ་དུ་ཕྱོགས་ནས་འགྲོས་བྱེད་པ་ཡི་ནོ།། འོང་བ་ནི་ཕྱིར་ལྡོག་པའོ།། ཤེས་བཞིན་དུ་གནས་པར་གྱུར་པ་ཞེས་བྱ་བ་ནི་ཤེས་རབ་སྔོན་དུ་བྱེད་པོའི་སྒོ་ནས་འགྲོ་བ་དང་འོང་བའི་རྒྱུ་མཚན་ལ་ཁ་ན་མ་ཐོ་བ་ལ་ཀུན་ཏུ་སྤྱོད་པ་མ་ཡིན་པའོ།། མངོན་དུ་ཕྱོགས ་པས་ལྟ་བར་བྱེད་པ་ནི་ལྟོ་བ་ཡིན་ལ། ཟུར་གྱིས་ལྟ་བར་བྱེད་པ་ནི་ཀུན་ཏུ་ལྟ་བ་ཡིན་ནོ།། བསྐུམ་པ་ནི་དཔུང་པ་ལ་སོགས་པའི་ཡན་ལག་སྡུད་པར་བྱེད་པའོ།། བརྐྱང་བ་ནི་དོན་རབ་ཏུ་གྲགས་པ་ཡི་ནོ།། སྦྱར་མོ་ནི་གྲོས་ཀྱི་མཆོག་ཡིནོ།། ཆོས་གོས་ནི ་གྲོས་ལྷག་མ་དག་ཡིན་ནོ།། འགྲོ་བ་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་ལམ་བཞི་སྟོན་པ་ཡི་ནོ།། གཉིད་ལས་གྱུར་པའི་རྨྱ་བ་ནི་གཉིད་ཀྱིས་རྒྱུ་བའོ།། ལུས་རྨྱ་བས་གཟིར་བ་ནི་རྨྱ་བ་དེ་ཅུང་ཟད་གཉིད་ལོག་པས་སོ་སོར་བསལ་ཅིང་ཡོངསུ་སྤངས་པ ་སྟེ། དེ་ལ་ཤེས་བཞིན་དུ་གནས་པ་ཡིན་ནོ།། ཤེས་བཞིན་ནི་ཤེས་རབ་ཡིནོ།། ཕོངས་པ་མེད་པའི་བདེ་བ་ཞེས་བྱ་བ་ལ། ཡུལ་རྣམ་པ་སྣ་ཚོགས་ལ་ཡིད་ལྟུང་བར་བྱེད་པ་ནི་ཕོངས་པ་ཡིན་ཏེ། ཕོངས་པ་མ་ཡིན་པ་ནི་ཕོངས་པ་མེད་པ་སྟེ། ཡུལ ་གཅིག་ལ་འཇུག་པ་ཞེས་བྱ་བའི་ཐ་ཚིག་སྟེ། བདེ་བ་དེ་ཉིད་སོ་སོར་མྱོང་བར་གྱུར་པའོ།། དབེན་པར་ཞེས་བྱ་བ་ནི་ལུས་དང་སེམས་དབེན་པ་དང་ལྡན་པའོ།། འདི་ལ་ཉལ་བར་བྱེད་པའི་ཕྱིར་མ་ལ་ཡིནོ།། འདི་ལ་འདུག་པར་བྱེད་པའི་ཕྱིར་སྟན ་ཡིནོ།། དགོན་པ་ནི་གྲོང་ལས་རྒྱང་གྲགས་ཀྱི་མཐར་གྱུར་པའོ།། སྐྱིལ་མོ་ཀྲུང་བཅས་པ་ནི་སྐྱིལ་མོ་ཀྲུང་བཅས་པར་གྱུར་པའོ།། ལུས་དྲང་པོར་བསྲིངས་ཞེས་བྱ་བ་ནི་ལུས་བསྲོང་བ་ཉིད་ཡིན་ཏེ། རྩི་བ་ལོགས་ཀྱི་ཕྱོགས་ནས་བརྩམས་ནས ་ལྟོ་བ་རྒྱས་པར་བྱས་པའོ།། མངོན་དུ་བཞག་པ་ཞེས་བྱ་བ་ནི་མངོན་དུ་ཕྱོགས་པར་གྱུར་པ་སྒོ་དྲན་པ་མངོན་དུ་བཞག་པ་ཡིན་ཏེ། རྣལ་འབྱོར་པས་སྣའི་རྣ་མོ་ལ་མིག་གིས་བལྟས་ཏེ་བསམ་གཏན་བྱའོ།། ཞེས་འཇིགྲོ་རྟེན་ན་རབ་ཏུ་གྲགས་པ ་ཡོད་པས་ན་སྣའི་རྩེ་མོ་ལ་མིག་གཏད་ན་དྲན་པ་ཡང་བསྒོམ་པར་བྱེད་པའི་དོན་དེ་ཉིད་ལ་བཞག་པར་འགྱུར་བ་དེའི་ཕྱིར་འདིས་ནི་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ཕྱིན་ཅི་མ་ལོག་པར་བརྩོམ་པའི་རྒྱ་མཚོན་ཏིང་འཛིན་གྱི་ཡན་ལག་ཅེས་བསྟན་པ ་འགྱུར་རོ།། བརྣ་བ་སེམས་ཞེས་བྱ་བ་ལ་སོགས་པ་ལ། བརྣབ་སེམས་ནི་ཕ་རོལ་པོའི་ཡུལ་འདོད་པའི་མཚན་ཉིད་ཅན་ཡི་ནོ།། འཇིག་རྟེན་ཞེས་བྱ་བཱ་ནི་ཕུང་པོ་ལྔའི་རང་བཞིན་ཅན་ཡི་ནོ།། སྤངས་པ་ནི་རེངས་པར་བྱེད་པ་སྟེ། འདིར་སྤངས་པའི་སྒྲས ་པ་ཡིན།། བརྣབ་སེམས་དང་བྲལ་བ་ཞེས་བྱ་བ་ནི་གང་གི་ཕྱིར་མངོན་སུམ་དུ་གྱུར་པའི་སྒོ་ནས་བརྣབ་སེམས་དང་བྲལ་བའི་སེམས་ཡིན་པ་དེའི་ཕྱིར་དེ་སྐད་ཅེས་བྱའོ།། རྒྱུན་གྱི་སེམས་དེ་ལ་མངོན་དུ་ཕྱོགས་པའི་ཕྱིར་མང་དུ་བྱས་པ་ཞེས་བསྟན ་ཏོ།། བརྣབ་སེམས་ཀྱི་སེམས་ཡོངསུ་སྤྱོད་པར་བྱེད་དོ་ཞེས་བྱ་བ་ནི་བརྣབ་སེམས་སྤང་བའི་ཕྱིར་ཤིན་ཏུ་འབྲེལ་པར་གྱུར་པའོ།། གནོད་སེམས་ནི་སེམས་ཅན་ལ་རྣམ་པར་ཞེ་སྡང་བའི་མཚན་ཉིད་ཅན་དང་། རྨུགས་པ་མ། ་ལུས་དང་སེམས་ལསུ་མི་རུང་བ་དང་། རྨོངས་པར་གྱུར་པ་གི་ཉིད་ནི་སེམས་མངོན་པར་སྡུད་པ་སྟེ། འདི་གཉིས་ནི་ཕན་ཚུན་རྗེསུ་མཐུན་པ་ཉིད་ཀྱི་ཕྱིར་སྒྲིབ་པ་གཅིག་ཏུ་རྣམ་པར་བཞག་པ་ཡིན་ནོ།། རྒོད་པ་ནི་སེམས་མ་ཞི་བ་ཡིན་ལ། འགྱོད་པ་ནི ་སེམས་རྣམ་པར་སྐྱོ་བར་གྱུར་པ་སྟེ། འདི་གཉིས་ཀྱང་ཕན་ཚུན་རྗེ་སུ་མཐུན་པ་ཁོ་ན་ཉིད་ཀྱི་ཕྱིར་སྒྲིབ་པ་གཅིག་ཏུ་རྣམ་པར་བཞག་པ་ཡིནོ།། ཡང་ན་མི་མཐུན་པའི་ཕྱོགས་ཉིད་ཡིན་པའི་ཕྱིར་དང་། རྟེན་གཅིག་ཉིད་ཡིན་པའི་ཕྱིར་དང་། བྱ་བ། ་གཅིག་བྱེད་པ་ཉིད་ཀྱི་ཕྱིར་སྒྲིབ་པ་གཅིག་ཉིད་ཡིནོ།། རྨུགས་པ་དང་གཉིད་དག་ནི་སྣང་བའི་འདུ་ཤེས་མི་མཐུན་པའི་ཕྱོགས་ཀྱི་ཆོས་ལྔའི་རྟེན་ཏེ། ལེ་ལོ་དང་། དགའ་བོ་མེད་པ་དང་། གླལ་བ་དང་། ཟས་ལ་མི་དད་པ་དང་། སེམས་ཞུམ་པ་ཉིད་ཡིན། ་ལ། གཉི་ག་ཡང་སེམས་ཞུམ་པ་ཉིད་སྐྱེད་པར་བྱེད་པ་ཞེས་བྱ་བ་གཅིག་བྱེད་པ་ཡིན་ནོ།། རྒོད་པ་དང་འགྱོད་པ་དག་ཀྱང་ཆོས་བཞིའི་རྟེན་བྱེད་པ་ཡིན་ཏེ། ཉེ་དུའི་རྣམ་པར་རྟོག་པ་དང་། ལྗོངས་ལ་རྣམ་པར་རྟོག་པ་དང་མི་འཆི་བའི་རྣམ་པར ་རྟོག་པ་དང་། སྔོན་དགོད་པ་དང་། དགའ་བོ་དང་། རྩེ་བ་དང་། ཀུན་ཏུ་སྤྱོད་པ་དང་རྗེས་སུ་དྲན་པ་ཡིན་ལ། འདི་གཉི་ག་ཡང་སེམས་མ་ཞི་བ་བསྐྱོད་པ་ལ་རབ་ཏུ་འཇུག་པ་ཉིད་ཡིན་པའི་ཕྱིར་ཡང་ཞི་གནས་ཀྱི་མི་མཐུན་པའི་ཕྱོགས་བྱ་བ་གཅིག་བྱེད ་པ་ཡིན་ནོ།། རེ་བ་དང་བྲལ་བ་ལ་སོགས་པ་ཞེས་བྱ་བ་ལ། ཨེ་མའོ་བདག་གི་དོན་འདི་ཤེས་པར་བྱའོ་ཞེས་བྱ་བ་ནི་རྣམ་པ་འདི་ཞེས་བྱ་བའི་དངོས་པོ་དག་ལ་ཐོག་མར་རོ་བ་སྐྱེ་བོར་འགྱུར་ཏེ། དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་པ་ལས་ཅི་དོན་འདི། ་ལྟ་བུ་ཡིན་ནམ་འོན་ཏོ་འདི་ལྟ་བུ་མ་ཡིན་ཞེས་ཐེ་ཚོམ་སྐྱེ་བར་འགྱུརརོ།། རེ་བ་དང་ཐེ་ཚོམ་དང་བྲལ་ཞིང་ཡོང་སུ་སྤངས་པ་གང་ཡིན་པ་དེ་ནི་རེ་བ་དང་བྲལ་བ་དང་། དེ་ཚོམ་དང་བྲལ་བའོ།། དེ་ཉིད་ཀྱི་ཕྱིར་དད་པ་ལ་སོགས་པ་དགེ་བའི་ཆོས་ངག་ལ་ཇི ་ལྔ་ཇི་ལྟ་བུ་ཅན་ནི་ངེས་པའི་དོན་ཁོང་དུ་ཆུད་པའི་ཕྱིརརོ།། ཇི་ལྟ་ཇི་ལྟ་བུའི་ཚིག་ནི་ཐེ་ཚོམ་ཁོ་ནའི་རྣམ་གྲངས་བརྗོད་པ་ཡིན་ལ། ཇི་ལྟ་ཇི་ལྟར་གང་ལ་ཡོད་པ་དེ་ནི་ཇི་ལྟ་ཇི་ལྟ་བུ་ཅན་ཡིན་ཏེ། ཇི་ལྟ་ཇི་ལྟ་བ་ཅན་མེད་པ་ནི་ཇི་ལྟ་ཇི་ལྟ་བུ་ཅན་མ ་ཡིན་པའོ།། སེམས་ཡོང་སུ་སྦྱོད་པ་ནི་འདིར་ཡང་ཐེ་ཚོམ་ཤིན་ཏུ་སྤངས་པའི་ཕྱིརརོ།། འཕགས་པའི་ལམ་དང་དེའི་སྦྱོར་བ་དགེ་བའི་རྩ་བ་དག་ལ་སྒྲིབ་པར་བྱེད་པའི་ཕྱིར་སྒྲིབ་པ་ཡིན་ཏེ། སྒྲིབ་པ་དེ་དག་ནི་ངེས་པ་ཉིད་དུ་རྣམ་པར་འཆིང་བར་བྱེད ་པའི་ཉིད་ཀྱི་ཕྱིར་རོ།། དུན་ཞེས་བྱ་བ་ནི་སྐྱིན་པོ་བླངས་པའི་ཚུལ་གྱིས་དབྱིག་ལ་སོགས་པ་ལེན་པ་ཡིན་ནོ།། ལས་ཀྱི་མཐའ་ཞེས་བྱ་བ་ནི་ས་ལུ་ལེ་སོགས་པ་ལས་ཀྱི་མཐའ་འམ། ཚོང་པའི་ཕ་སྐད་དུ་བྱེད་པ་ལ་རབ་ཏུ་སྦྱོར་བར་བྱེད་པ་ཡིན་ནོ།། ་འབྱོར་པར་གྱུར་ན་ཞེས་བྱ་བ་ནི་འབྱོར་པོ་ཡོང་སུ་རྫོགས་པར་གྱུར་ནའོ།། རང་གི་ནོར་ཙམ་ཞེས་བྱ་བ་ལ་རང་གི་ནོར་ནི་བཏེར་ཡིན་ལོ།། བུད་མེད་ནི་ཆུང་མའོ།། ཙམ་གྱི་སྒྲ་ནི་ཉུང་ངུའི་ཉེ་བར་མཚོན་པ་ཡིན་ནོ།། ཡོད་པ་ནི་ཐོབ་པར་གྱུར་པའོ།། བདེ་བ ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོའོ།། ཡིད་དག་པ་འགྱུར་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ།། ནད་ཀུན་ནས་སྐྱེས་པའི་ཕྱིར་ནད་བུ་ཅ་ནོ།། ནད་ཀྱི་སྡུག་བསྔལ་གྱི་རྒྱུད་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལོ།། ནང་ཚབས་ཆེ་བ་ཞེས་བྱ་བ ་ནཱི་ནད་རྒྱས་པ་ཉིད་ཀྱི་ཕྱིརརོ།། ལུས་ལ་ཁྱབ་པར་བྱེད་ཅེས་བྱ་བ་ནི་ནོན་པར་བྱེད་པ་སྟེ། ཤིན་ཏུ་ལྕི་བ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ།། གནོད་པར་བྱེད་ཅེས་བྱ་བ་ནི་ནང་སྐྱེད་པར་བྱེད་པའོ།། ནད་མེད་པ་ནི་ནད་དང་བྲལ་བར་གྱུར་པའོ།། ནད་མེད་པ་ཐོ་བོ་པའི ་ཕྱིར་སྟོབས་དང་ལྡན་པོར་གྱུར་པའོ།། བྲོན་ཞེས་བྱ་བ་ལ་སོགས་པ་ལ། བྲན་རྣམ་པ་ལྔ་ཉིད་ན་མདོའི་ངོ་ཁོ་ན་ལོས་བཤད་ཅིང་བསྟན་པ་ཡིནོ།། མངག་གཞུག་པ་ཞེས་བྱ་བ་ནི་ནོར་གྱིས་གསོས་པའི་མངག་གཞུག་བྱེད་པ་ལ་བྱའོ།། བསྒོ་བ་ཞེས་བྱ་བ ་ནོ་ནང་མི་དང་ཆོས་གྲོགས་ལ་སོགས་པ་ལ་བྱའོ།། བསྐོལ་བར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་ཡ་རབས་ལ་སོགས་པ་རང་དབང་ཅན་མ་ཡིན་པ་དག་གོ།། རིགས་པའི་སྒོ་ནས་འདོད་པས་འཇུག་པ་ནི་དབང་བྱེད་པ་ཡིན་ཏེ། དབང་ཕྱུག་མཆོག་གིས་ལས་དེ ་གཞན་དུ་འགྲོ་བའི་ནུས་པ་མེད་ཅིང་རྟག་ཏུ་བརྟེན་པར་བྱེད་པ་ཡང་མ་ཡིན་པའོ།། དེ་བས་ན་མངག་གཞུག་པ་ལ་སོགས་པ་ནོར་གྱིས་འཚོ་བ་བཞི་པོ་འདི་དག་ནི་ཕྱི་མ་ཕྱི་མ་ཞིང་ཁྱད་པར་དུ་འཕགས་པ་ཡིན་པར་རིག་པར་བྱའོ།། དམ་དུ་བཅིངས ་པ་ནི་ཤིན་ཏུ་བཅིངས་པར་གྱུར་པའོ།། བཅིངས་པའི་དུས་ན་རྣམ་པར་འཚོ་བ་མེད་པའི་ཕྱིར་བཀྲ་ཤིས་པའོ།། དེའི་རྒྱུ་མཚན་གྱི་དུས་ཕྱིས་ཀྱང་རྣམ་པར་འཚེ་བ་མདོ་པའི་ཕྱིར་བདེ་བོའོ།། ནོར་ཡོངསུ་བཏང་བ་མེད་པའི་ཕྱིར་གོད་མེད་པའོ།། འཇིགས ་པ་ལས་ཞེས་བྱ་བ་ནི་དེ་འཇིགས་པ་དང་བཅས་པའི་གནས་དག་ལས་བདེ་བར་གྱུར་ཅེས་བྱ་བ་ནི་འཚོ་བ་མེད་པའི་གནས་ཡིནོ།། ཇི་ལྟར་བུན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། བུན་དུ་གྱུར་པ་ནི་བརྣབ་སེམས་ཀྱི་སྒྲིབ་པ་ཡིན་ཏེ། དེ་ཡོད་ན། ་འདོད་པའི་ཁམས་ལས་མ་འདས་པའི་ཕྱི་རོ།། ནད་ནི་གནོད་སེམས་ཀྱི་སྒྲིབ་པ་ཡིན་ཏེ། གནོད་པ་བྱེད་པ་ཉིད་ཡིན་པའི་ཕྱིརརོ།། བྲན་དུ་གྱུར་པ་ནི་རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་ཡིན་ཏེ། སེམས་རང་དབང་མེད་པ་ཉིད་ཡིན་པའི་ཕྱིརརོ།། འཆིང་བར་གྱུར ་པ་ལ་ནི་རྒོད་པ་དང་འགྱོད་པའི་སྒྲིབ་པ་ཡིན་ཏེ། འདོད་པའི་ཁམས་ལས་འདས་པ་དང་རྗེ་སུ་མཐུན་པའི་ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར།། འཇིགས་པ་ནི་ཐེ་ཚོམ་གྱི་སྒྲིབ་པ་ཡིན་ཏེ། མ་ངེས་པའི་རང་བཞིན་ཉིད་ཀྱིས ་འཁོར་བ་པའི་འཇིགས་པའི་རྒྱུ་ཉིད་ཡིན་པའི་ཕྱིརརོ།། ཡང་ན་བུ་ལོན་ལ་སོགས་པ་ནི་གནོད་སེམས་ནས་ཐེ་ཚོམ་གྱི་བར་དག་ཡིནོ།། ཉེ་བར་ཉོན་མོངས་པར་བྱེད་པ་ཞེས་བྱ་བ་ནི་དྲི་མ་ཅན་དུ་བྱེད་པ་འམ། ཉོ་བར་གདུང་བར་བྱེད་པ་ཡིན་ནོ།། སེམས ་བར་ཉོན་མོངས་པ་ཉིད་ཀྱི་ཕྱིར་ཤེས་རབ་ཉམ་ཆུང་བ་སྟེ། དེ་བྱེད་པའི་ཕྱིར་ཤེས་རབ་ཉམ་ཆུང་བར་བྱེད་པའོ།། དགེ་བའི་ཆོས་སྐྱེ་བའི་བགེགས་བྱེད་པ་ཡིན་པའི་ཕྱིར་གནོད་པའི་ཕྱོགས་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་དང་མི་མཐུན ་པ་ཡིན་ཏེ། མྱ་ངན་ལས་འདས་པའི་ལམ་དུ་འཇུག་པར་བྱེད་པའི་གེགས་བྱེད་པ་ཡིན་པའི་ཕྱིར་རོ།། འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་དང་པོ་ཉོ་བར་བསྒྲུབས་ནས་གནས་པ་ཡིནོ།། ཁྱད་པར་ཇི་ལྟ་བུ་དང་ལྡན ་པའི་བསམ་གཏན་དང་པོ་ཞེ་ན། འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུན་པའི་འདོད་ཆགས་ལ་འདིར་འདོད་པའི་སྒྲས་བསྟན་པ་ཡིནོ།། ཡུལ་རྣམ་པ་སྣ་ཚོགས་ལ་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར ་འདོད་པ་དག་ཅེས་བྱ་བ་མང་པོའི་ཚིག་ཏུ་བྱས་པ་ཡིན་ལ། འདོད་པའི་སྒྲས་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་བཟུང་བ་ཡིན་ཏེ། དེ་དག་ལ་དབེན་པ་ནི་སྤངས་པ་དང་འདོད་པའི་རྣམ་པ་དང་བྲལ་བར་གྱུར་ཅེས་བྱ་བའི་ཐ་ཚི་གོ། འདོད་པ་ན་སྤྱོད་པའི་མི ་དགེ་བ་མ་ལུས་པ་སྤངས་པ་ཉིད་ཀྱི་ཕྱིར་སྡིག་པ་མི་དགེ་བ་དག་ལས་དབེན་པར་གྱུར་པ་དང་། རྟོག་པ་དང་དཔྱོད་པ་དང་མཚུངས་པར་ལྡན་པར་སྨྲས་པ་ཡིནོ།། དབེན་པ་ལས་སྐྱེས་པ་ཞེས་བྱ་བ་ལ། ལུས་དབེན་པ་དང་སེམས་དབེན་པོ་ལས་འདིར ་སེམས་དབེན་པ་ཉིད་གཟུང་སྟེ། དེ་ལོས་སྐྱེས་པས་ན་དབེན་པ་ལས་སྐྱེས་པའོ།། དགའ་བ་དང་བདེ་བ་ནི་རྣམ་པར་ཤེས་པའི་ཚོགས་གསུམ་གྱི་བདེ་བ་ཡིན་ཏེ། སྣ་དང་ལྕེའི་རྣམ་པར་ཤེས་པ་དག་མེད་པའི་ཕྱིརརོ།། ཡང་ན་འདིས་རྣམ་པར་འབྱེད ་པ་ན་དབེན་པ་སྟེ། ཐ་སྙད་པར་བྱས་པ་ཞེས་བྱ་བའི་ཐ་ཚི་གོ།། གང་ལས་རྣམ་པར་བྱེད་པ་ཡིན་ཞེ་ན། འདོད་པ་དག་ལས་ཏེ། བགྲོད་པར་བྱ་བ་མ་ཡིན་པའི་ས་ཟག་པ་དང་བཅས་པའི་ལམ་དབེན་པ་དེ་ལས་སྐྱེས་པ་ནི་དབེན་པ་ལས་སྐྱེས་པ་ཞེས་བྱ ་འོ།། ཉེ་བར་བསྒྲུབས་ནས་ཞེས་བྱ་བ་ནི་ཤེས་པས་ཡོངསུ་རྫོགས་པར་ཤེས་ནས་སོ།། མངོན་པར་བརླན་ཏོ་ཞེས་བྱ་བ་ནི་ཀུན་ནས་འགེངས་པར་བྱེད་པ་འམ་ཁྱབ་པར་བྱེད་པའོ།། ཡོངསུ་བརླན་ཏོ་ཞེས་བྱ་བ་ནི་ཤིན་ཏུ་འགེངས་པར་བྱེད་པའམ། ་ཤིན་ཏུ་ཁྱབ་པར་བྱེད་པའོ།། ཀུན་ནས་ཚིམ་པར་བྱེད་ཅེས་བྱ་བ་ནི་རབ་ཏུ་དགའ་བར་བྱེད་པ་འམ་ཉེ་བར་སོགས་པར་བྱེད་པའོ།། ཀུན་ནས་ཁྱབ་པར་བྱེད་དོ་ཅེས་བྱ་བ་ནི་ཀུན་ནས་ཤིན་ཏུ་ཁྱབ་པར་བྱེདདོ།། ཁྱབ་པར་མ་གྱུར་པ་ཞེས་བྱ་བ་ནི་གསལ་བར ་མ་གྱུར་པའོ།། ཁྱབ་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་ངེས་ཁྱབ་པར་མི་ནུས་པའི་ལུས་ཀྱི་ཕྱོགས་ཀྱི་གཞི་གང་ཡིན་པ་དཱ་ཡོད་པ་མ་ཡི་ནོ།། སློབ་མཱ་ནི་འདིར་བཟོའི་ཡོན་ཏན་སློབ་དཔོན་དང་མུཚུངས་པར་གྱུར་པའོ།། མཁས་པ་ནི་རང་གི་ལས་ལ ་མཁས་པ་ནི་རང་གི་ལས་ལ་མཁས་པར་གྱུར་པའོ།། འཁར་ཕོར་ནི་འཁར་བའི་སྣོད་ཆེན་པོ་ཡིན་ལ། གཞོང་བུ་ནི་འཁར་སྡེར་གྱི་རྣམ་པའོ།། ཉལ་ཕྱིས་ནི་ཁྲུས་ཀྱི་ཕྱེ་མའི་སྣོད་ཀྱི་རྣམ་པ་གཞན་ཡི་ནོ།། ཆུས་བཏབ་པ་ཞེས་བྱ་བ་ནི་བརླན་པར་བྱས་པ་སྟེ། ་ཟློས་པའི་ཚིག་གཉིས་ཡིནོ།། གཤེར་བར་བྱས་པ་ནི་བངས་པར་བྱས་པའོ།། སྣུམ་པ་ནི་ཆུ་ཡིས་སོ།། སྣུམ་པར་གྱུར་པ་ནི་དབུས་ཀྱི་ཆར་བརླན་ཞུགས་པར་གྱུར་པའོ།། སྣུམ་པས་ཁྱབ་པ་ནི་སྣུམ་གྱིས་ཀུན་ནས་ཟིན་པར་གྱུར་པའོ།། གསལ་བ་ནི་རྣམ་པ ་ཐམས་ཅད་དུ་ཁྱབ་པ་ཡིན་པ་དེའི་ཕྱིར་ནང་དང་ཕྱི་དང་བཅས་པ་སྣོམ་པས་ཞེས་བྱ་བ་སྨོས་པ་ཡིནོ།། སོ་སོར་མི་འགྱེས་པ་ཞེས་བྱ་བ་ནི་འཁྲུལ་བར་མྱི་འགྱུར་བའི་ངང་ཚུལ་ཅན་ཡིནོ།། འིཐོར་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཕྲ་མོ་ཉིད་དུ་འཐོར་ཞིང་གནས ་པར་མི་འགྱུར་བའོ།། དེ་དེ་བཞིན་དུ་ཞེས་བྱ་བ་ནི་དཔེས་བསྟན་པའི་དོན་ལ་སྦྱོར་བར་བྱེད་པ་ཡིན་ཏེ། ཏིང་ངེ་འཛིན་ལ་རབ་ཏུ་འཇུག་པའི་སེམས་ད་ནི་ཏིང་འཛིན་ལས་སེམས་མ་འཕྲོས་ཤིང་ཕྱི་རོལ་ཏུ་གཡེང་བ་མེད་པའི་ཕྱིར་འཐོར་བར་མི་འགྱུར ་བ་ཡིན་ནོ།། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་བའི་ཕྱིར་ཞེས་བྱ་བ་ནི་སྤངས་པའི་ཕྱིརརོ།། ནང་རབ་ཏུ་དང་བའི་ཕྱིར་ཞེས་བྱ་བ་ལ། ནང་རབ་ཏུ་དང་བའི་ཆོས་དེ་གང་ཡིན་ཞེ་ན། གང་གི་ཕྱིར་དེ་ལ་རྣལ་འབྱོར་པ་འདི ་སྙམ་དུ་མཉམ་པར་མ་བཞག་པའི་ས་ལས་དེ་འབྱུང་བ་མ་ཡིན་གྱི། འོན་ཀྱང་མཉམ་པར་བཞོག་པ་ལས་ཀྱང་ཡིན་ཞེས་སེམས་པར་འགྱུར་ཏེ། དེ་ལྟ་བུའི་རྣམ་པ་མངོན་པར་ཡིད་ཆེས་པའི་དད་པའི་རང་བཞིན་ལ་ནང་རབ་ཏུ་དོང་བུ་ཞེས ་བྱའོ།། སེམས་གཅིག་ཏུ་དམིགས་པའི་ཕྱིར་ཞེས་བྱ་བུ་ཤིན་ཏུ་དམིགས་པ་གཅིག་ལ་འཇུག་པའི་ཕྱིར་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དང་བྲལ་བའི་ཕྱིར་སེམས་ཤིན་ཏུ་དམིགས་པ་གཅིག་པ་འཇུག་པ་ཡི་ནོ།། ཏིང་འཛིས ་སྐྱེས་པ་ཞེས་བྱ་བ་ནི་འདིར་བསམ་གཏན་གཉིས་པོ་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་དེ་ལས་སྐྱེས་པ་སྟེ། གོང་ག་ཕྱར་བསམ་གཏན་གཉིས་པ་གཙོ་བར་གྱུར་པའི་ཏང་འཛིན་དེ་ལས་སྐྱེས་པ་སྟེ། གང་གི་ཕྱིར་བསམ་གཏན་གཉིས་པ་གཙོ་བོར ་གྱུར་པ་ལ་བརྟེན་ནས་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བར་གྱུར་པ་ཡིན་ནོ།། རཱི་བྱེའི་རྩེ་མོ་ཞེས་བྱ་བ་ནི་རི་བོའི་སྟེང་ཆུ་གནས་སུ་རུང་བའི་གནས་ནི་རི་བོ་རྩེ་ཡིན་ནོ།། བཀོད་མ་ཞེས་བྱ་བ་ནི་ཆུ་ཆེན་པོ་འབྱུང་བའི་བུ་གུ ་དང་ལྡན་པའོ།། མཚེའུ་ཞེས་བྱ་བ་ནི་ལྟེང་ཀ་ཡི་ནོ།། ཆུའི་རྫིང་བུ་ཞེས་བྱ་བ་ནི་ཆུ་འབྱུང་བའི་སེར་ཀའོ།། ཆུའི་སྦུ་གུ་ཞེས་བྱ་བ་ནི་དབུས་ན་ཆུ་འབྱུང་པོའི་སེར་ག་ཡོད་པའོ།། ཆུའི་ཕུང་པོ་ཞེས་བྱ་བ་ནི་ཆུ་ཆེན་པོས་འབྱུང་བའི་སེར་ག་ཡོན ་ནོ།། དེས་དགའ་བ་སྤངས་ནས་ཞེས་བྱ་བ་ནི་དགའ་བའི་འདོད་ཆགས་དང་བྲལ་བའི་ཕྱིརོ།། བཏང་སྙོམས་ལ་གནས་སོ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་བཏང་སྙོམས་ཀྱིས་སེམས་དགེ་བ་ལ་འཇུག་པའི་ཕྱིར་བཏང་སྙོམས་ཞེས་བསྟན་ཏོ།། དྲན ་པ་དང་ཤེས་བཞིན་ཞེས་བྱ་བ་ནི་དྲན་པ་དང་ཤེས་རབ་གཙོ་བོར་གྱུར་པའོ།། བདེ་བ་ལུས་ཀྱིས་ཞེས་བྱ་བ་ནི་ལུས་དང་ཡིད་ཀྱི་སྒོ་ནས་བདེ་བ་ཁྱད་པར་དུ་འཕགས་པ་ཉིད་ཡིན་པ་དེ་བས་ན་དེ་སྐད་ཅེས་བྱ་སྟེ། དེ་བས་ན་ཆགས་པའི་གན ་སྐབས་འདི་ལ་འཕགས་པས་ཐ་སྙད་དུ་བསྟན་པ་ཡིནོ།། འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང་། དེའི་ཉན་ཐོས་དག་ཡིནནོ།། ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པར་གྱུར་པ་ནི་རྩ་བ་ནུབ་པ་ཡིནོ།། དེས་བདེ་བ་ཡང་སྤངས་ཞེས་བྱ་བ་ལ ་སོགས་པ་ལ། བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་བདེ་བ་སྤངས་པ་ཡིནོ།། དྲི་མ་མ་ལུས་པ་དང་བྲལ་བའི་ཕྱིར་སྡུག་བསྔལ་སྤངས་པ་སྟེ། བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བའི་དུས་ཁོ ་ན་བསྟན་ལ། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ཁོ་ན་ལས་ནི་སྡུག་བསྔལ་སྤངས་པར་གྱུར་པ་ཡིནོ།། ཡིད་བདེ་བ་དང་ཡིད་མི་བདེ་བ་ཞེས་བྱ་བ་ལ། བསམ་གཏན་གཉིས་པའི་འདོད་ཆག་དང་བྲལ་བས་ཡིད་བདེ་བ་སྤངས ་པ་དང་། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བས་ནི་ཡིད་མི་བདེ་བ་སྤངས་པ་ཡིནོ།། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་ནི་འདིར་དྲི་མ་ལས་གྲོལ་བ་ཉིད་དང་། ལེགས་པར་ཡོངསུ་རྫོགས་པ་ཉིད་ཡིན་པར་རིག ་པར་བྱའོ།། ས་འོག་མའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་སེམས་དེས་ཡོངསུ་དག་པ་ཡིན་ལ། རང་གིས་པའི་དྲི་མ་མེད་པའི་ཕྱིར་ཡོངསུ་དཀར་བ་ཡིནོ།། མོས་པ་བྱས་ནས་ཞེས་བྱ་བ་ནི་དམིགས་པར་བྱས ་པའོ།། ཁྱབ་པར་ཞེས་བྱ་བོ་ནི་ཐམས་ཅད་ལ་ཁྱབ་པར་བྱས་པའོ།། ཉེ་བར་བསྒྲུབས་ནས་ཞེས་བྱ་བ་ནི་ཡོངསསུ་རྫོགས་པར་རམ། ཀུན་ནས་ལོངས་སྤྱོད་པ་འམ། ཤེས་པར་བྱས་ནས་སོ།། སྐྱེས་བུ་བརྒྱད་ཀྱིས་བཏུགསོ་བའི་གོས་གང་ཡིན་པ་དེ་ནི ་བརྒྱད་ཀྱིས་བཏགས་པ་སྟེ། ཤིན་ཏུ་ཚད་ཆེ་བ་ཉིད་ཀྱི་ཕྱིར་སྐྱེས་བུ་ཤིན་ཏུ་ཉུང་ངུས་བཏགས་པར་ནུས་པ་མ་ཡིན།། དེ་བཞིན་དུ་མཚན་ཉིད་སྔ་མ་བཞིན་དུ་སྐྱེས་བུ་དགུའི་བྱ་བས་བསྒྲུབས་པ་ནི་དགུས་བཏགས་པ་ཡི་ནོ།། མི་མཐོང་ཞེས་བྱ་བ་ནི་དེ་ཡན ་ཚད་གཟུགས་ཅན་གྱིས་མེད་པའི་ཕྱིར་གནས་གོང་མ་ལས་མངོན་པར་འདོད་པའི་སེམས་མེད་པ་ཡིནོ།། གཟུགས་ཀྱིས་ཐམས་ཅད་ཀྱི་སྟེང་ན་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་མི་དམའ་བ་ཡིན་ནོ།། མི་གཡོ་བྱ་ཐོབ་ཅེས་བྱ་བ་ནི་གཡོ་བ་མེད་པའི་གནས་སྐབས ་ཐོབ་པར་གྱུར་པའོ།། ཁང་པ་བརྩེགས་པ་ཞེས་བྱ་བ་ལ་སོགས་པ་ལ། ཤིང་དང་གུ་ཟབ་ཏུ་བསྒྲུབ་བཱི་ཁང་པ་ཆུང་ངུ་ནཱི་ཁང་པ་བརྩེགས་པ་ཡ་ནཱ་ལ། ཁང་པ་བརྩེགས་པ་ཆེན་པོ་ནི་ཀ་བ་ཡིན་ཏེ། དེས་ཉེ་བར་མཚོན་དཱི་། ཁང་པ་ལོ། ཁད་ང་རྩེགས་པ་ཞེས་བྱའོ།། འབྲུ་མར ་གྱི་མར་མེ་ནི་གསལ་བྱེད།། མ་བསྐུལ་བ་ཞེས་བྱ་བ་ནི་ཕྱོགས་གཅིག་བསྐུལ་བའི་སྒོ་ནས་མ་བསྐུལ་བའོ།། མ་བསྐྱོད་པ་ཞེས་བྱ་བ་ནི་ཀུན་ནས་དཀྲུགས་པའི་སྒོ་ནས་བསྐྱོད་པར་མ་གྱུར་པའོ།། བདག་གི་ལུས་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། གཟུགས ་སུ་རུང་ཞིང་གནོད་པ་བྱར་རུང་བའི་ཕྱིར་གཟུགས་ཅན་ཡིན་ལ། རགས་པ་ཉིད་ཀྱི་ཕྱིར་རྒྱ་ཆེ་བ་ཡིན་ཞིང་འབྱུང་བ་ཆེན་པོ་བཞི་ལས་གྲུབ་པ་ཉིད་ཀྱི་ཕྱིར་འབྱུང་བ་རྒྱུར་བྱས་པའོ།། འདི་ལ་རྟེན་ཅིང་ཞེས་བྱ་བ་ནི་རང་གིས་ས་པའི་རྣམ་པར་ཤེས་པ་དེ་ལ་རྟེན ་པའི་སྒོ་ནས་སྐྱེས་པའི་ཕྱིར་རོ།། འོད་ལ་གནས་ཏེ་ཞེས་བྱ་བ་དེ་དེ་ནི་ས་གཞན་ལ་ཡང་འདི་ལ་རྟེན་ནས་སྐྱེས་པའི་ཕྱིརརོ།། བདག་ཉིད་ཐམས་ཅད་ཀྱི་རྗེ་སུ་འཇུག་པ་ནི་ཞུགས་པ་ཡི་ནི།། ལུས་གཞན་ཞེས་བྱ་བ་ནི་ཁམས་གཞན་ཡི་ནོ།། གཟུགས་དང་བ ་དང་ལྡན་པ་ཉིད་ཀྱི་ཕྱིར་གཟུགས་ཅན་ནོ།། ཡིད་ཙམ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་དང་ཁུ་ཁྲག་ལ་སོགས་པ་ཕྱི་རོལ་གྱི་རྒྱུ་ལ་བལྟོས་པ་མེད་པར་སྐྱེས་པའི་ཕྱིར་ཡིད་ལས་བྱུང་བའོ།། ཞར་བ་དང་འཁྲུལ་པ་མེད་པའི་ཕྱིར་མ་ཚང་བ་མེད་པའོ།། དབང་པོ་ཐམས ་ཅད་ཚོགས་པ་ཉིད་ཀྱི་ཕྱིར་དབང་པོ་མ་ཉམས་པའོ།། ཉེས་པ་མེད་པའི་ཕྱིར་དྲུགེ་བའོ།། བྱས་པ་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་རིགས་དང་ལྡན་པའོ།། གདོང་སྣང་བ་ཉིད་ཀྱི་ཕྱིར་གསལ་བའོ།། རྙོག་པའི་དྲི་མ་རགས་པ་གཞན་དང་གཞན་མེད་པའི་ཕྱིར་རྣམ་པར ་དང་བྱའོ།། དྲི་མ་ཕྲ་མོ་ཡོང་མེད་པའི་ཕྱིར་དྲི་མ་མེད་པའོ།། ཉག་མ་ནི་གྲུས་མའི་སྙིང་པོའོ།། དེས་འདི་ལྟར་མཉམ་པར་བཞག་པའི་ཞེས་བྱ་བ་ལ་སོགས་པ་ལ། ཏིང་འཛིན་དང་རྗེསུ་མཐུན་པ་ཉིད་ཀྱི་ཕྱིར་མཉམ་པར་བཞག་པའོ།། ཡོངསུ་དག་པ་ཞེས་བྱ་བ་ནི ་ས་འོག་མའི་ཉེས་པ་སྤངས་པོའི་ཕྱིར།། ཡོངསུ་དཀར་བ་ཞེས་བྱ་བ་ནི་རང་གིས་པའི་དྲི་མ་ཡང་མེད་པའི་ཕྱིརརོ།། ཉེས་པ་མེད་པ་ཞེས་བྱ་བ་ནི་ཉེས་པ་དང་བྲལ་བའི་ཕྱིར་ཏེ། ཉོན་མོངས་པ་མེད་པའོ།། དེ་ཉིད་ཀྱི་ཕྱིར་སེམས་དེ་ཉེ་བར་ཉོན་མོངས་པ་དང ་བྲལ་བ་ཡིནོ།། གསལ་བར་སྤྱོད་པའི་ཕྱིར་དྲང་པོར་གྱུར་པའོ།། ཤིན་ཏུ་སྦྱངས་པ་དང་ལྡན་པའི་ཕྱིར་ལས་སུ་རུང་བ་ཡིན་ལ། ལས་ལ་ཕན་པ་ནི་ལསུ་རུང་བ་སྟེ། དགེ་བའི་ཆོས་ཐམས་ཅད་སྐྱེད་པར་རུང་བ་ཡི་ནོ།། ཞེས་བྱ་བའི་ཐ་ཆེ་གོ། ་མི་གཡོ་བ་ཐོབ་སྟེ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་སོགས་པས་མི་བསྐྱོད་པ་ཡི་ནོ།། རྫུ་འཕྲུལ་གྱི་ཞེས་བྱ་བ་ལ་སོགས་པ་ལ། རྫུ་འཕྲུལ་ནི་ཏིང་འཛིན་ཡིན་ལ། རྫུ་འཕྲུལ་གྱི་ཡུལ་ནི་རྫུ་འཕྲུལ་གྱི་ཡུལ་ཏེ། སྤྲུལ་པ་དང་། ན་མཁའི་ལ་འགྲོ་བ་ལ ་སོགས་པའོ།། དེ་ཤེས་པ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཡིན་ལ། དེ་མངོན་གསུམ་དུ་གྱུར་པ་ནི་མངོན་སུམ་དུ་གྱུར་པའོ།། མངོན་པར་ཤེས་པར་བྱེད་པས་ན་མངོན་པར་ཤེས་པ་ཞེས་བྱ་བའི་དབང་དུ་བྱས་ནས་ཤེས་པ་དེ་ཉིད་མངོན་པར་ཤེས་པ་སྟེ་དེ ་ལའོ།། སེམས་མངོན་པར་འཇུག་གོ་ཞེས་བྱ་བ་ནི་དབེན་པར་བྱེད་པ་སྐྱེད་པར་བྱེད་པའི་ཕྱིར་འཇིག་པར་བྱེད་པའོ།། སོ་སོར་མྱོང་བ་ཞེས་བྱ་བ་ནི་ཤེས་པས་ཁྱབ་པ་འམ་བྱེད་པ་ཡིནོ།། མངོན་པར་སྣང་བ་གསལ་བའི་ཚུལ་གྱིས་གནས་པའོ།། མི་སྣང་བ་ནི་ནུབ ་པར་གྱུར་པའོ།། ཡེ་ཤེས་ནི་འདིར་ཟག་པ་དང་བཅས་པ་བསྒོམས་པ་ལས་བྱུང་བའོ།། མཐོང་བ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བའོ།། རྩིག་པ་ལས་ཐལོ་བ་ཞེས་བྱ་བ་ནི་རྩིག་པས་ཆོད་པ་ཡིན་ལ། དེ་བཞིན་དུ་རིས་ཆོད་པ་དང་། རྩིག་པས་ཆོད ་པའི་གནས་སུ་ཆགས་པ་མེད་པ་སྟེ། ཐོགས་པ་མེད་པར་ལུས་ཀྱིས་འགྲོ་བ་ཡིན་ནོ།། ནུབ་པ་ནི་འོག་ཏུ་འགྲོ་བར་བྱེད་པའོ།། འབྱུང་བ་ནི་ཡང་ཕྱིར་འོང་བར་བྱེད་པའོ།། རྒྱུན་གྱི་སྟེང་ན་ཞེས་བྱ་བ་ནི་ནུབ་པ་མེད་པའི་ཕྱིརོ།། ཀུན་ནས་རེག་པ་ཞེས་བྱ་བ་ནི་ཆུ ་བྱད་ཡིན་ལ།། རབ་ཏུ་ཞེས་བྱ་བ་ནི་ཀུན་ནས་ཡིན་པའི་ཕྱིརརོ།། ལུས་ཀྱིས་དབང་སྒྱུར་བར་བྱེད་དོ་ཞེས་བྱ་བ་ནི་ལུས་ཀྱིས་ཚངས་པའི་འཇིག་རྟེན་དུ་འགྲོ་ཞིང་བདག་པོ་བྱེད་པ་ཡིན་ཏེ། བསམ་གཏན་དང་པོའི་ས་པའི་རྫུ་འཕྲུལ་གྱིས་ཚངས་པའི་འཇིག་རྟེན་ལྔ ་སོགས་པའི་བར་དུ་འགྲོ་བར་བྱེད་པ་དེའི་ཕྱིར་དེ་སྐད་ཅེས་བྱའོ།། གསེར་མག་རི་ནི་གསེར་བརྗོ་པྱོང་བའོ།། མགོར་རུང་བའི་རྒྱུན་ནི་གླེགས་མ་ལཱྀ། རྣ་རྒྱན་ནི་རྣ་བའི་དྷུནྡྲ་ཆུང་ངུ་ཡིན་ལ། རྣ་ཆ་ནི་རྣ་བའི་རྒྱན་ཆེན་པོ་ཡ་ནཱི་ནི།། མགྲིན་པའི་ཕྱོགས་ལ་རུང་བའི ་ནི་མགལ་རྒྱན་ཡིནོ།། ལག་པའི་རྒྱན་ནི་གདུབུ་རྒྱན་ཅན་ལ་སོགས་པའོ།། རྐང་རྒྱན་ནི་གཽཡེར་ཀ་ཅན་ལ་སོགས་པའོ།། སོར་གདུང་ནི་རབ་ཏུ་གྲགས་པ་ཡིན་ནོ།། གསེར་གྱི་ཕྲེང་པོ་ནི་གསེར་ལས་བྱས་པའི་མགོ་བོའི་རྒྱན་ཡིནནོ།། མྱུར་ཞིང་མྱུར ་བར་ཞེས་བྱ་བ་ནི་བྱ་བ་མང་པོ་མེད་པའི་སྒོ་ནུས་སྦྱིན་པར་བྱེད་པ་ཡིན་ནོ།། ལྷའི་རྣ་བ་ཞེས་བྱ་བ་ལ་སོགས་པ་ལ། ལྷའི་ཡུལ་དུ་བྱུང་བས་ན་ལྷ་ཉིད་ཡིན་ཏེ། ཕྱིར་ལྷ་ཉིད་ཀྱི་ནི་མ་ཡིན་གྱི་འོན་ཀྱང་བསྒོམས་པ་ལས་བྱུང་བ་རྣམ་པར་དགེ་བའི་སྒོ་ནིས ་ཡཱིནོ།། མིའི་ལས་འདས་པ་ཞེས་བྱ་བ་ནི་འདི་ནི་མོའི་ཡིན་པས་ནི་མིའི་ཡིན་ལ། མིའི་ལས་ཤིན་ཏུ་འདས་པ་ནི་མིའི་ལས་འདས་པ་ཡིན་ཞིང་གཟུགས་ན་སྤྱོད་པའི་བསྒོམས་པ་ལས་བྱུང་བའི་རྣ་བ་ཞེས་བྱ་བའི་བར་དུ་སྟེ་རྣ་བ་དེས་སོ།། 6 ་མོའི་མུན་པར་གྱུར་པ་སྟེ། མཚན་ཕྱེད་ཀྱི་དུས་སུ་སྐྱེ་བོ་འདུས་པའི་སྒྲ་དང་བྲལ་བ་ཉིད་ཀྱི་ཕྱིར་ཕྱོགས་དེར་དུང་གི་སྒྲས་ཐ་དད་པའི་ཕྱོགས་ཁྱབ་ཅིང་འཕྲོ་བར་བྱེད་པ་ཡིནོ།། སེམས་ཀྱི་རྣམ་གྲངས་ཞེས་བྱ་བ་ལ། རྣམ་གྲངས་ནི་རྣམ་པ་འམ་རིམ ་པ་ཡིན་ལ། སེམས་ཀྱི་རྣམ་གྲངས་ནི་སེམས་ཀྱི་རྣམ་གྲངས་ཡིན་ཏེ། འདིས་མངོན་པར་ཤེས་པ་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས། དེ་ལ་ཡེ་ཤེས་མངོན་སུམ་དུ་བྱུང་བ་ཁོ་ན་མངོན་པར་ཤེས་པ་ཡི་ནོ།། སེམས་ཅན་གཞན་དག་ཅེས ་བྱ་བ་ལ། གཞན་གྱི་སེམས་ཤེས་པ་ནི་རང་གི་སེམས་ལ་བལྟོས་པ་མེད་པ་ཉིད་ཀྱི་ཕྱིརོ།། སེམས་ཅན་ནི་གང་ཟག་གོ་རྣམ་གྲངས་ཡིན་པ་འམ། ཡང་ན་སྐད་ཅིག་རེ་རེའི་ཕུང་པོ་ལྔའི་ཚོགས་སེམས་ཅན་ཡིནོ།། རིས་མཐུན་པའི་རྒྱུན་མ་ལུས་པ་ནི ་གང་ཟག་ཡིནོ།། རྣམ་པར་བརྟགས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བྱ་བ་དང་ལྡན་པའོ།། རྣམ་པར་སྤྱོད་པ་ཞེས་བྱ་བ་ནི་དཔྱོད་པའི་བྱ་བ་དང་ལྡན་པའོ།། ཡིད་ཀྱིས་ཏེ་སེམས་ཀྱིས་ཡིད་དེ་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང ་ཡོངསུ་གཅོད་པར་བྱེའོ།། ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདོད་ཆགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་དང་མཚུངས་པར་ལྡན་པ་ནི་འདོད་ཆགས་དང་བཅས་པའོ།། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་འདོད་ཆགས་དང་ལྡན ་པ་མ་ཡིན་པའོ།། དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བྱ་དང་། གཽཏ་མུག་དང་བཅས་པ་དང་། གཱཏི་མུག་དང་བྲལ་བའོ།། གཡེངས་པ་ནི་ཉོན་མོངས་པ་ཡིན་ཏེ། རྣམ་པར་གཡེངས་པ་དང་ལྡན་པ་ཉིད་ཀྱི་ཕྱིརརོ།། མི་གཡེང་བ་ནི་དགེ ་བ་ལ་དམིགས་པ་ལ་མངོན་པར་གཡེང་བ་མེད་པའི་ཕྱིར།། ལྷག་པར་ལེ་ལོའི་ཚོགས་དང་མཚུངས་པར་ལྡན་པའི་ཕྱིར་སེམས་ཉོན་མོངས་པ་ཅན་ནི་ཞུམ་པ་ཡིནོ།། ལྷག་པར་བརྩོན་འགྲུས་ཀྱི་ཚོགས་དང་མཚུངས་པར་ལྡན་པའི་ཕྱིར་སེམས ་དགེ་བ་ལ་རབ་ཏུ་འཛིན་པ་ཡིནོ།། འཕྱར་བ་ནི་ཉོན་མོངས་པ་ཅན་ཏེ། རྣམ་པར་བྱུང་བ་ལས་འཕྱར་བ་དག་ལ་རྟེན་པ་ཉིད་ཀྱི་ཕྱིརོ།། མི་འཕྱར་བ་ནི་དགེ་བ་སྟེ། དེ་ལས་བཟློག་པ་ཡིན་པའི་ཕྱིརརོ།། རྒོད་པ་ནི་ཉོན་མོངས་པ་ཅན་ཏེ། རྒོད་པའི་ཚོགས་དང ་ལྷག་པར་མཚུངས་པར་ལྡན་པའི་ཕྱིར་རོ།། མི་རྒོད་པ་ནི་དེའི་གཉེན་པོ་ཉིད་ཡིན་པའི་ཕྱིར་དགེ་བ་ཡིནོ།། ཉེ་བར་ཞི་བ་དང་། ཉེ་བར་མ་ཞི་བ་ཡོང་དེ་བཞིན་ནོ།། མཉམ་པར་མ་བཞག་པ་ནི་ཉོན་མོངས་པ་ཅན་ཏེ། ལྷག་པར་གཡེང་བའི་ཚོགས་དང་ལྡན་པའི ་ཕྱི།། མཉམ་པར་བཞག་པ་ནི་དེའི་གཉེན་པོའི་ཕྱོགས་ཉིད་ཡིན་པའི་ཕྱིར་དགེ་བའོ།། མ་བསྒོམས་པ་ནི་ཉོན་མོངས་པ་ཅན་ཏེ། དམིགས་པ་ལ་བརྟེན་པ་དང་། བསྒོམས་པ་མ་བསྒོམས་པ་ཉིད་ཀྱི་ཕྱིརརོ།། བསྒོམ་པ་ནི་དགེ་བ་ཡིན་ཏེ། དེ་གཉིས་བསྒོམས ་པོ་ཉིད་ཀྱི་ཕྱི་རོ།། མ་གྲོལ་བ་ནི་ཉོན་མོངས་པ་ཅན་ཏེ། རང་བཞིན་དུ་རྒྱུད་ཀྱིས་རྣམ་པར་གྲོལ་བ་དགྲ་ལས་མ་གྲོལ་བ་ཉིད་ཀྱི་ཕྱི་རོ།། རྣམ་པར་གྲོལ་བ་ནི་དགེ་བ་སྟེ། དེ་གཉིས་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིརརོ།། རིག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས ་པ་ལ། སྔོན་གྱི་སྐྱེ་བའི་གནས་ནི་སྐྱེ་བའི་གནས་སམ། གནས་སྐབས་ཡི་ནོ།། འཇིག་པའི་དུས་ནི་འཇིག་པའི་བསྐལ་བ་ཡིན་ལོ། གནས་པའི་དུས་ནི་ཆགས་པའི་བསྐལ་པ་ཡིན་ཏེ། འཇིག་པའི་བསྐལ་པའི་བསྐལ་པ་ནི་སེམས་ཅན་དམྱལ་བ་མི་སྲིད ་པའི་ཕྱིར་སྣོད་ཟོད་པ་ཡིནོ།། ཆགས་པའི་བསྐལ་པ་ནི་ཐེག་མར་རླུང་ནས་སེམས་ཅན་དམྱལ་བའི་བར་སྲིད་པ་ཞེས་བྱ་བ་ཡིནོ།། འདི་ལྟ་བུ་ཞེས་བྱ་བ་ལ། འདི་ལྟ་བུའི་ཚུལ་དུ་བདག་གི་མིང་བརྗོད་པ་རིགས་ནི་རྒྱལ་རིགས་ལ་སོགས་པའོ།། རུས་ནི ་ཤུ་ཎ་ཊི་ལཱ་ལ་དང་བྷ་ར་དྷྭ་ཛཱ་ལ་སོགས་པའོ།། ཟས་ནི་ཁམ་གྱི་རྣམ་པའི་ཟས་ལ་སོགས་པའོ།། འདི་ལྟ་བུར་ཚོ་ནི་རིང་ཞེས་བྱ་བ་ལ་བདག་ཟླ་བའི་མཐར་ཐུག་པ་འམ། ལོའི་མཐར་ཐུག་པར་ཚེ་རིང་བར་གྱུར་ཅེས་བྱ་བ་ལ ་སོགས་པའོ།། རིང་དུ་གནས་ཏེ་ཞེས་བྱ་བ་ནི་བྱིས་པ་དང་གཞོན་ནུ་ལ་སོགས་པའི་གནས་སྐབས་ནི་རིང་དུ་གནས་པ་ཡིནོ།། ཚེའི་མཐར་ཐུག་པོ་ཞེས་བྱ་བ་ནི་ཀུན་ནས་འཕངས་པའི་ཚེའི་མཐར་ཐུག་པ་དང་ལྡན་པར་གྱུར་པའོ།། རྣམ་པོ་དང་བཅཝ ་པ་ཞེས་བྱ་བ་ནི་མིང་དང་རིགས་དང་རུས་ལ་སོགས་པ་རྗེསུ་དྲན་པའི་རྣམ་པའོ།། གནས་དྲན་པ་ནི་ཡུལ་ཡིནོ།། ཡང་ན་རྣམ་པའི་སྒྲས་སྲིད་པ་བར་མ་དོ་བརྗོད་པ་ཡིན་ཏེ། དེ་ནི་རྣམ་པ་ཙམ་ཉིད་ཡིན་པའི་ཕྱིརརོ།། སྔོན་གྱི་དུས་ཀྱི་གནས་ནི་ཡུལ་གྱི ་སྒྲས་བརྗོད་པ་ཡིན་ནོ།། དེ་ལ་རྒྱལ་རིགས་ལ་སོགས་པོའི་རིགས་ཀྱིས་བསྟན་པ་ནི་སྲིད་པ་བར་མ་དྲོ་དང་བཅས་པ་དང་། སྔོན་གྱི་དུས་ཀྱི་གནས་དང་བཅས་པ་ཞེས་བྱ་བ་བསྟན་པར་འགྱུར་རོ།། ཆི་ཡོ་དང་སྐྱེ་བ་ནི་ཆི་ལོ་སྐྱེ་བ་སྟེ། དེ་ཡོངསུ་ཤེས་པའི་རྨེད ་ཀྱི་ཤེས་པ་འཆི་འཕྱོ་དང་སྐྱེ་བ་ཤེས་པ་ཡིན་ལ། དེ་མངོན་སུམ་དུ་བྱེད་པ་ནི་མངོན་དུ་བྱེད་པའོ།། འཆི་བར་གྱུར་པ་ནི་འཕོ་བར་གྱུར་པའོ།། སྐྱེ་བར་གྱུར་པ་ནི་སྲིད་པ་བྱོར་དེའི་གནས་སྐབས་ལ་རྣམ་པར་གནས་པའོ།། ཁྲི་དོག་སྡུག་པ་ནི་བདེ ་འགྲོར་འགྲོ་བར་རོ།། ཁ་དོག་མི་སྡུག་པ་ནི་ངན་འགྲོར་འགྲོ་བར་རོ།། དམན་པ་ཞེས་བྱ་བ་ནི་སྡིག་པ་བྱེད་པར་རོ།། གྱ་ནོམ་པ་ཞེས་བྱ་བ་ནི་བསོད་ནམས་བྱེད་པའོ།། ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་ཞེས་བྱ་བ་ནི་ལས་བྱིས་པར ་གྱུར་བའི་འབྲས་བུ་ལ་དཔྱོད་པའོ།། སྐུར་པ་ནི་ཚིགསུ་བཅད་པ་མ་ཡིན་པ་མི་འདོད་པའི་ཚིག་གིས་གཤེ་བ་ཡིནོ།། ལོག་པའི་ལྟ་བ་ལས་དང་ཆོས་ཡང་དག་པར་ལེན་པ་དེའི་རྒྱུས་ཞེས་བྱ་བ་ལ། ལས་ཡང་དག་པར་ལེན་པ་ལས་ཡང ་དག་པར་ལེན་པ་བཞི་ཡོད་དེ། གནག་པ་དང་གནག་པའི་རྣམ་པར་སྨིན་པ་ཞེས་བྱ་བ་ལ་སོགས་པའོ།། ཆོས་ཡང་དག་པར་ལེན་པ་ལ། ཆོས་ཡང་དག་པར་ལེན་པ་བཞི་ཡོད་དེ། ད་ལྟར་བདེ་བ་ལ་མ་འོངས་པ་ན་རྣམ་པར་སྨིན་པ་སྡུག ་བསྔལ་བ་ཞེས་བྱ་བ་ལ་སོགས་པའོ།། ལོག་པའི་ལྟ་བས་འཇུག་པའི་ལས་ལ་དམ་བཅའ་བ་དང་། ཆོས་ལ་དམ་བཅའ་བ་དེའི་རྒྱུ་ཡིས་སོ།། དེའི་རྒྱུ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་དེ་ཉིད་རྒྱུར་གྱུར་པ་གང་ལ་ཡོད་པ་དེ་ནི་དེའི་རྒྱུ་ཡིན།། དེ་ཉིད ་ཅེན་དུ་གྱུར་པ་གོང་ལྔ་ཡོད་པ་དེ་ནི་དེའི་རྐྱེན་ཞེས་བྱ་བའི་བྱེ་བྲག་ཡིནྡ་ཏེ། དེ་དག་སྒྲུབ་པར་བྱེད་པའི་བྱ་བ་ཁྱད་པར་དུ་བྱེད་པ་ཡིན་ནོ།། ལུས་དང་བྲལ་ནས་ཞེས་བྱ་བ་ནི་ཞི་གནས་སོ།། འི་ཆེ་བའི་འོག་ཏུ་ནི་སྲོག་རྣམ་པར་ཉམས་པར་གྱུར་པ ་འོག་ཏུའོ།། ངན་སོང་ནི་ཡི་དྭགས་ཀྱི་འགྲོ་བའོ།། དོན་འགྲོ་ནི་དུད་འགྲོའི་འགྲོ་བའི།། ལོག་པོར་ལྟུང་བ་ནི་དམྱལ་པོའི་འགྲོ་བ་སྟེ། སེམས་ཅན་དམྱལ་བཱ་རེ་རཱིར་དམྱལ་བ་དག་ཡིན་ནོ།། ངན་སོང་དང་། ངན་འགྲོ་དང་། ལྡོག་པར་ལྟུང་བ་དང་། ་དམྱལ་བ་ནི་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་ཞེས་བྱ་བ་དག་ཡིན་ཏེ། ལས་ཇི་ལྟ་བ་བཞིན་དུ་འགའ་ཞིག་ནི་ངན་སོང་། འགའ་ཞིག་ནི་ངན་འགྲོ། འགའ་ཞིག་ནི་ལོག་པར་ལྟུང་བ། འགའ་ཞིག་ནི་སེམས་ཅན ་དམྱལ་བ་ཞེས་བྱ་བ་དེ་དག་ཏུ་སྐྱེ་བར་འགྱུར་རོ།། བདེ་འགྲོ་ཞེས་བྱ་བ་ལ་སོགས་པ་མཛེས་པར་འགྲོ་བས་ན་བདེ་འགྲོ་སྟེ། དེར་སྐྱེ་བར་འགྱུར་རོ།། མིའི་འཇིག་རྟེན་ཡང་བདེ་འགྲོ་སྨོས་པས་བཟུང་བ་ཡིན་པ་དེའི ་ཕྱིར་མཐོ་རིས་ཀྱི་འཇིག་རྟེན་སྨོས་པོ་ཡིན་ལ། མཐོ་རོས་ནི་དུད་འགྲོའི་འགྲོ་བ་སྲིད་པའི་ཕྱིར་ལྷར་སྐྱེ་བར་འགྱུརརོ།། ཞེས་སྨོས་པ་ཡིན།། ཟག་པ་ཟད་པའི་ཞེས་བྱ་བ་ལ། ཟག་པ་ནི་འདོད་ཆགས་ལ་སོགས་པ་ཡིན་ལ་དེ་དག་ཟད་པ་ནི་སྒྲུས ་པོ་ཡིན་ནོ།། དེ་ལའང་དེའི་ལྡོག་པ་བྱེད་པའི་ཤེས་པ་དེ་མངོན་སུམ་དུ་བྱེད་པ་ནི་མངོན་དུ་བྱེད་པའོ།། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།། ཞེས་བྱ་བ་ནི་འབྲས་བུའི་རང་བཞིན་ཡིན་ལ། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། ཞེས་བྱ་བ་ནི ་རྒྱུར་གྱུར་པའི་ཕུང་པོ་ལྔའི་བདག་ཉིད་ཡིནོ།། འགོག་པ་ནི་ཟད་པ་ཡིན་ལ། ལམ་ནི་ཟད་པ་ཐོབ་པར་འགྱུར་བའི་ཐབསུ་གྱུར་པ་ཡིནོ།། འཕགས་པའི་བདེན་པའོ་ཞེས་བྱ་བ་ལ། འཕགས་པ་དག་གིས་རང་གི་ངོ་བོའི་སྒོ་ནས་གཟིགས་པ་དེའི་ཕྱིར་འཕགས། ་པ་དགྲ་ལ་དེ་དག་བདེན་པ་ཡིན་པས་ན་འཕགས་པའི་བདེན་པའོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པས་དེ་ཁོ་ན་ཉིད་མཐོང་བ་ཡིནོ།། ཤེས་པ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱིསོ།། མཐོང་བ་ཞེས ་བྱ་བ་ནི་རྣ་བ་གྲོལ་བའི་ལམ་གྱིས་སོ།། འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འདོད་པའི་ཟག་པ་སྤངས་པའི་ཕྱིར་སེམས་རྣམ་པར་གྲོལ་བར་གྱུར་པ་ཡིན་ཏེ། མ་རིག་པ་མ་གཏོགས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན ་ཏུ་འཆིང་བ་དང་བཅས་པ་ནི་འདོད་པའི་ཟག་པའོ།། མ་རིག་པ་དོར་བའི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་ཏུ་འཆིང་བ་དང་བཅས་པ་ནི་སྲིད་པའི་ཟག་པའོ།། ཁམས་གསུམ་པའི་མ་རིག་པ་ནི་མ་རིག་པའི་ཟག་པའོ།། རྣམ་པར་གྲུལ ་གྲོལ་བ་ལ་ཞེས་བྱ་བ་ནི་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བའོ།། རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བྲལ་བའོ་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ།། མཐོང་བ་ནི་མི་སློབ་པའི་ཡང་དག་པའི་ལྟ་བའོ།། ཚོང་དུས་དང་ཚོང ་ཁང་དང་བྲལ་བའི་སྐྱེ་བོའི་ཚོགས་ཀྱི་གནས་ནི་གྲོང་ཡིན་ལ། ཚོང་དུས་དང་ཚོང་། ཁང་དང་ལྡན་པ་ནི་གྲོང་འདབ་ཡིན་ནོ།། གཏིང་ཟབ་པ་ནི་དཀའ་བའོ།། ཤིན་ཏུ་དང་བ་ཉིད་ཀྱི་ཕྱིར་གསལ་བའོ།། རྡུལ་རགས་པ་མེད་པའི་ཕྱིར་རྣམ་པར་དང་བའོ།། རྡུལ་ཕྲ་མོ ་མེད་པའི་ཕྱིར་རྙོག་པ་མེད་པའོ།། ཆུ་ལ་རྒྱུ་བའི་སྲོག་ཆགས་ཀྱི་ཡན་ལག་དང་འབྲེལ་པ་ཅན་ནི་ཕྱིས་ཡིན་ལ། དེ་དག་ཁོ་ནའི་རུས་པའི་དུམ་བུ་ནི་ཤམ་བུ་ཀ་ཡིནོ།། ཐབས་མ་ཡིན་པ་བཞི་ཞེས་བྱ་བ་ལ་སོགས་པ་ལ་ཐབསུ་གྱུར་པ་མ་ཡིན་པ་ནི་ཐབས ་མ་ཡིན་པ་སྟེ། བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་དེ་དག་སྐྱེད་པར་བྱེད་པར་ཐབསུ་གྱུར་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚི་གོ།། ཁ་ཅིག་ཅེས་བྱ་བ་ནི་འགའ་ཞིག། སོང་སྟེ་ཞེས་བྱ་བ་ནི་ཡང་དག་པར་སོང་ནས་སོ།། ཡལ་ག་དང་ལོ་མའི་གནས་ག་པར ་ནི་སྤྱིལ་བུའོ།། རྩ་བ་དང་འབྲས་བུའི་ཁ་ཟས་ཀྱིས་འཚོ་བའི་སྒོ་ནོས་རིག་པ་དང་རྐང་པར་ལྡན་པ་འདོད་དུ་ཟིན་ཀྱང་རྙེད་པར་མི་འགྱུར་རོ།། ཇི་སྙམ་དུ་སེམས་ཞེས་བྱ། ཇིའི་སྒྲ་ནི་འདྲི་བ་ལ་འཇུག་པ་ཡིན་ཞིང་སྙམ་སེམས་པ་ནི་ཤེས་ཤིང་ཀུན་ནས་མཐོང ་བ་ལ་སོགས་པའོ།། དེར་ཞེས་བྱ་བ་ནི་རྩ་བ་དང་འབྲས་བུའི་ཟླས་ཟླ་བའི་ཐབས་ལ་ཁྱོད་སློབ་དཔོན་དང་བཅས་ཤིང་སློབ་དཔོན་དང་ལྷན་ཅིག་པར་མཐོང་བ་སྟེ། རྩ་བ་དང་འབྲས་བུའི་ཟས་ཞེས་བྱ་བའི་ཐབས་ལ་རིག་པ་དང་རྐང་པར་ལྡན་པའི། ་བདག་ཉིད་སློབ་དཔོན་དང་ལྷན་ཅིག་ཏུ་གནས་པར་མཐོང་སྙ་མོ་ཞེས་བྱ་བའི་ཐ་ཚི་གོ། རྩ་བ་དང་འབྲས་བུའི་ཁ་ཟས་ཀྱིས་འཚོ་བའི་སྒོ་ནས་རིག་པ་དང་ཞབ་སུ་ལྡན་པ་མངོན་པར་ཁོང་དུ་ཆུད་པས་རྩུ་བ་དང་འབྲས་བུའི་ཟས་གཏང་ཞིང་ཡོངསུ་སྤངས་ནས་ལོ ་མའི་ཟས་འདི་ནི་འགའ་ཞིག་ཏུ་རིག་པ་དང་ལྡན་པ་མངོན་སུམ་དུ་བྱེད་པའི་ཐབ་སུ་བསྒྲུབས་པར་འགྱུརོ།། ཤིང་ལ་སོགས་པའི་འདབ་མ་འཇམ་པོ་ལ་ལོ་མའི་སྒྲས་བསྟན་པ་ཡིན།། གང་གི་ཚེ་ལོ་མེའི་ཟས་ཀྱིས་ཀྱང་རིག་པ་དང་རྐང་པར་ལྡན་པ་མངོན ་སུམ་དུ་བྱེད་པར་མི་ནུས་པ་དེའི་ཚེ་ངེས་པ་མེད་པར་གྱུར་པས་ལོ་མའི་ཟས་དེ་ཡང་ཡོངསུ་སྤངས་ནས་སྔགས་ཀྱི་གཞུང་ལ་གཞོལ་བར་འགྱུར་རོ།། གཞུང་ནི་ཚིག་ཡིན་ནོ།། འགའ་ཞིག་འབྲེལ་པ་ནི་སྔ་ཕྱི་འགལ་བ་མེད་པར་རྣམ་པར་བཞག་པའི་སྒོ་ནས ་རྣམ་པར་གཞག་པ་ཡིནོ།། འགའ་ཞིག་ཏུ་རིག་པ་དང་རྐང་པར་ལྡན་པ་མངོན་སུམ་དུ་བྱེད་པ་ལ་འདི་ཐབསུ་འགྱུར་ཞེས་བྱ་བའི་བསམ་པ་འདིས་སྦྱོར་བ་ཡིནོ།། གང་གི་ཚེ་ཐབས་དེས་ཀྱང་ཁོང་དུ་ཆུད་པར་མ་གྱུར་པ་དེའི་ཚེ་གྲོང་གི་ནང་སྐྱེ་སྐྱེ་བོ་ཆེན ་པོའི་ནང་དུ་ལྷགས་ཏེ། འོངས་པ་འམ་ཕྱིན་པར་གྱུར་ནསོ།། སྦྱིན་པ་བྱིན་ཞིང་ཞེས་བྱ་བ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱས་པའོ།། བསོད་ནམ་བྱོས་ཏེ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱས་པའོ།། འོངས་ཤིང་འོངས་པའི ་ཞེས་བྱ་བ་ནི་བཟློས་པའི་ཆོ་ག་གཉིས་ཡིན་ཏེ། འོངས་ནས་རིང་དུ་ལོན་པ་དག་ལས་གང་དག་ཕྱིས་འོངས་པ་དེ་ནི་འོངས་ཤིང་འོངས་པ་ཡི་ནོ།། ནུས་པ་ནི་རྫས་ཀྱི་ནུས་པ་ཡིན་ལ་སྟོབས་ནི་སྤྲོ་བ་དང་ལྡན་པ་ཡི་ནོ།། ཁ་ཅག་ནི་རྫས་ཡོད་ཀྱང་སྦྱིན་པའི་གངྒཱ ་ལ་བསྙེན་བཀུར་གྱི་བྱ་བ་བྱེད་པའི་ལུས་ཀྱི་སྤྲོ་བ་དེ་ལ་ཡོད་པ་མ་ཡིན་ལ། ཁ་ཅིག་ལ་ནི་བྱེད་པར་ནུས་པ་དང་བཅས་པ་གཉིས་ག་ཡོད་པ་དེ་བས་ན། ནུས་པ་ཇི་ལྟ་བ་སྟོབས་ཇི་ལྟ་བ་བཞིན་དུ་ཞེས་བསྟན་པ་ཡི་ནོ།། ཐབས་མ་ཡིན་པ་ཞེས་བྱ་བ་ལ་རིག་པ་དང་། ་རྐང་པར་ལྡན་པའི་ཐབས་མ་ཡིན་པ་བཞི་པོ་གང་ཡིན་པ་དེ་དག་ལ་ཡང་ཁྱོད་སློབ་དཔོན་དང་བཅས་པར་གནས་ཤིང་འཇུག་པ་མ་ཡིན་ན། ཅིའི་ཕྱིར་ཡང་ཁྱོད་ཀྱིས་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་མང་པོ་དང་ལྡན་པའི་ཤཱཀྱ་ལ་དམན་པར་སྨྲ ་བའི་སྒོ་ནས་ཀུན་ཏུ་སྤྱོད་པར་བྱེདོ།། བྲམ་ཟེའི་དྲང་སྐྱོང་ཞེས་བྱ་བ་ལ་སོགས་པ་ལ། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་ཞིང་དཀའ་ཐུབ་གྲུབ་པ་ལ་བྲམ་ཟེའི་དྲུང་སྲོང་ཞེས་བྱའོ།། རབ་ཏུ་རབ་ཏུ་འཇུག་པར་བྱེད་པ་ནི་འཇུག་པར་བྱེད་པའི་ངང་ཚུལ་ཅན་ཨིན། ་ནོ། བསྟོད་པ་ཞེས་བྱ་བ་ནི་བསྔགས་པ་འམ་བསྟོད་པ་དང་འབྲེལ་པའི་སྔགས་ཀྱི་ཚིག་དགུ་ཡིནོ།། དབྱངས་ཞེས་བྱ་བ་ནི་ཚིག་གི་དབྱེ་བའི་སྒོ་ནས་ཀློག་པའོ།། ཡང་དག་པར་སྦྱོར་བ་ཞེས་བྱ་བ་ནི་འབྲེལ་བར་རྣམ་པར་འཇོག་པའི་སྒོ་ནས་རྣམ་པར་འཇོག ་པ་ཡིནོ།། རྗེས་གླུར་ལེན་པ་ཞེས་བྱ་བ་ནི་ཡི་གེའི་སྒོ་ནས་དེ་དང་འདྲ་བར་ཀློག་པའོ།། རྗེསུ་བརྗོད་པར་བྱེད་པ་ནི་དོན་གྱི་སྒོ་ནས་སོ།། གྲོང་ཁྱེར་ན་གནས་པ་ཞེས་བྱ་བ་ལ་ཁྱད་པར་ཇི་ལྟ་བུ་དང་ལྡན་པོའི་གྲོང་ཁྱེར་ཞེ་ན། འོབས་ཀྱིས་བསྐོར་བ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ལེགས་པར་བསྒོས་པའི་འོས་སུ་བསྒོས་པ་སྨྲ་སྨྱན་ནས་བསྐོར་བའི་གྲོང་ཁྱེར་གང་དག་ཡིན་པ་དེ་དག་ནི་འོབས་ཀྱིས་བསྦྱོར་བའོ།། གཙང་བཅུགས་པན་འདས་ཀྱི་འོཀ་དྷཱ་ནཱམ་པར་འཁྲུགས་ཞིང་མང་པོ་བཅུགས ་ཤིང་ཕ་རོལ་གྱི་དཔུང་བཟློག་པར་བྱ་བའི་དོན་དུ་ལྕགས་ཀྱི་གཟེར་མ་བྱས་ནས་གང་གི་ཚེ་ཕ་རོལ་པོའི་སྟོབས་གྲོང་ཁྱེར་དང་ཐག་ཉེ་བར་འོང་བར་འདོད་པ་དེའི་ཚེ་ལྕགས་ཀྱི་གཟེར་མ་སཱ་ལ་གཏྟར་བཱ་དེས་ཕ་རོལ་གྱི་སྟོབས་བཟློག་པར་འགྱུར་བྱ་དང་། གཙང ་གཟེ་མ་དང་ལྡན་པ་དག་ཕ་རོལ་པོའི་སྟོབས་འཇུག་པའི་གེགས་བྱེད་པོའི་ཕྱིར་གྲོང་ཁྱེར་ཉིད་འགོག་པར་བྱེད་པའམ། འོབས་ཀྱིས་ཀུན་ནས་བསྒྲགས་པ་ཉིད་ཀྱི་ཕྱིར་འགོག་པར་བྱེད་པའི་གྲོང་ཁྱེར་ཡིནོ།། ཕྲག་པར་གཟར་ཅིང་ཞེས་བྱ་བ་ལ་སོགས་པའི ་བཤད་པ་ནི་སྟེ་མ་དང་འདྲའོ།། བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་མདུན་དུ་འདོར་ནས་ཞེས་བྱ་བ་ནི་སྔོན་དུ་འགྲོ་བས་མཆོད་པ་ཡིནོ།། སྤྱི་བོ་བཅིངས་པ་ཞེས་བྱ་བོ་ལ་སོགས་པ་ལི། སྤྱི་བོ་བཅིངས་པ་ནི་གཙུགས་ཏོར་གྱི་རྣམ་པ་ལ་སོགས་པས་སྒྲའི ་བཀོད་པ་མཛེས་པར་བྱས་པའོ།། ལག་པ་བསྐུ་བའི་སྤུ་ཅན་ཞེས་བྱ་བ་ལ། ཇི་ལྟར་བསྐུ་བ་གཞོན་ནུ་ལུང་ལས་མ་གཏོགས་པ་བ་སྤུ་ཕྲ་མོ་ཡོད་པ་དེ་བཞིན་དུ་དེ་དག་གི་ལག་པ་དག་ཀྱང་ངོ་།། ལྷོ་དང་འདྲ་བར་ཀུན་ནས་ཟླུམ་པ་དང་། མཐོ་ལ་མི ་ལྷོད་པའི་ནུ་མ་གང་ལ་ཡོད་པ་དེ་ནི་ལྟོ་དང་འདྲ་བའི་ནུ་མ་ཅ་ནོ།། བསྐུ་བ་ནི་དྲིའི་རྫས་སམ་འབྲུ་མར་གྱིས་ལུས་བྱུགས་པའོ།། དཔུང་པོའི་རྒྱན་ནི་དཔུང་རྒྱ་ནོ།། དཾ་ཤལ་ནི་མགུལ་རྒྱན་གྱི་བྱེ་བྲག་གོ།། ཤིན་ཏུ་བརྒྱན་པ་ནི་ལེ་གས་པར་གྱུར་པ ་ཡིནོ།། རྐང་པ་བརྐྱང་སྟེ་ཞེས་བྱ་བ་ནི་རྐང་པ་རྐྱོང་པར་བྱེད་པསོ།། ཉེས་པ་དག་ཅེས་བྱ་བ་ནི་དྲང་སྲོང་རྙིང་པའི་ཆོས་ལས་བསྟོད་པ་དེའི་ཕྱིར་མཁན་པའི་ཉེས་པ་ཞེས་བྱའོ།། རྩིག་པས་བསྒྲིབས་པ་འམ་ཞེས་བྱ་བ་ལ། ངརྒྱམ་གྱིས་མངོན་སུམ་དུ ་སྦྱིན་པར་མི་ནུས་པ་བདག་དང་རྗེ་སུ་མཐུན་པའི་སྒྲུབ་པ་མི་བྱེད་པ་དེ་བས་ན་རྒྱལ་པོ་བདག་གི་མདངས་ཀྱིས་གནོད་པར་མ་གྱུར་ཅིག་སྙམ་པ་དེའི་ཕྱིར་གོས་ཀྱིས་བསྒྲིབས་ཤིང་བར་དུ་བཅད་པ་ཡིནོ།། ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྟེ། ་སྔོསྡེ་ཕྱི་སྤྱོད་པ་ལ་མཁས་པའོ།། ལོངས་སྤྱོད་ལ་བཅས་པའི་ཟས་ཡོངསུ་ལོངས་སྤྱོད་པའི་སྙིང་པོ་ཉིད་ཡིན་པ་དེའི་ཕྱིར་བཙོས་པ་བསློང་བ་ཞེས་བསྟན་ཏོ།། ཤིན་ཏུ་ང་རྒྱལ་བ་ཉིད་ཀྱིས་འདིར་ཉེས་པ་ཡིནོ།། དཔྱོད་པར་བྱོས་ཤིག་ཅེས་བྱ་བ་ནི་ངེས་པར ་དཔྱད་པོར་བྱའོ།། ལྐོག་ཏུ་བྱ་བ་ནི་རྒྱལ་པོས་སྟོང་པ་གཙང་བ་གྱ་ནོམ་པའོ།། སྨྲས་པོ་ནི་ཡི་གེའོ་སྒོ་ནསོ།། སྨྲ་བ་ནི་དོན་གྱི་བདག་ཉིད་ཀྱི་སྒོ་ནས་སོ།། རྒྱལ་པོར་གྱུར་པ་འམ་ཞེས་བྱ་བ་ནི་རྒྱལ་པོར་དབང་སྐུར་བ་ཐོབ་པའོ།། རྒྱལ་པོ་ཉིད་དུ་ཞུགས་པར་འགྱུར ་བ་འམ་ཞེས་བྱ་བ་ནི་དབང་བསྐུར་དུ་རུང་བར་སྐྱེས་པའོ།། དྲང་སྲོང་ཉིད་དུ་ཞུགས་པར་འགྱུར་རམ། ཞེས་བྱ་བ་ནི་དྲང་སྲོང་གི་ལམ་ཐོབ་པར་གྱུར་པའོ།། ཤིན་ཏུ་ཞེས་བྱ་བ་ནི་ཤིན་ཏུ་ཁྱད་པར་དུ་ལེགས་པར་རྩེ་གཅིག་ཏུ་གཏོད་པའི་སྒོ་ནས་ཡིད་ལ་བྱེད་པའོ ་དོན་དང་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་ཐོབ་པའི་ཕྱིརརོ།། ཕན་པ་དང་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་གྱི་ཕུན་སུམ་ཚོགས་པའི་ཕྱིརརོ།། བདེ་བའི་ཕྱིར་ཞེས་བྱ་བ་ནི་ཐར་པའི་བདེ་བ་ཐོབ་པའི་ཕྱིརརོ།། འདོད་ཅིང་ཞེས་བྱ་བ་ནི་ཨེ་མའོ་བདག་གིས་མཚན ་ཉིད་ཀྱིས་རང་གི་ངོ་བོ་ཤེས་པར་བྱའོ།། ཞེས་དེ་ལྟར་འདོད་པ་དང་བཅས་པར་འགྱུར་བའོ།། ཐེ་ཚོམ་དུ་གྱུར་པས་ཞེས་བྱ་བ་ནི་ཅི་འདི་ལ་མཚན་དེ་གཉིས་ཡོད་དམ་མེད་ཅེ་སོ།། གསང་བའི་ཕྱོགས་ཀྱི་སྨྲ་བ་ནི་གསང་བའི་སྨྲ་བ་ཡིན་ལ། ་སྦུབསུ་ནུབ་པ་ནི་ཞུགས་པ་འམ་གཡོགས་པས་སྤོབས་སུ་ནུབ་པ་སྟེ། སྦུབས་སུ་ནུབ་པ་ཡང་དེ་ཡིན་ལ།། གསང་བའི་སྦ་བ་ཡང་ཡིན་པོས་ན་གསང་བའི་སྒྲ་བ་སྦུབསུ་ནུབ་པའོ།། ཡངས་པ་ཉིད་ཀྱི་ཕྱིར་དང་། སྲབ་པ་ཉིད་ཀྱི་ཕྱིར་ལྗགས་རིང་ལ་སྲབ་པའོ།། ་འདས་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པ་ཡིན་པས་ན་མཚན་ཏེ། ཞབས་ལེགས་པར་གནས་པ་ཡིནོ།། མིའི་རྒྱུད་དུ་འཁྲུངས་པ་ཉིད་ཀྱི་ཕྱིར་མི་མཆོག་ཅེས་བྱ་བ་འདོད་པ་ཡིན་ཏེ། བཅོམ་ལྡན་འོངས་ནི་འཁོར་བའི་ནང་དུ་འདུས་པའི་སེམས་ཅན་མ ་ལུས་པའི་མཆོག་ཏུ་གྱུར་པ་ཡི་ནོ།། བུད་མེད་ལྟ་བུ་ཞེས་བྱ་བའི་དབང་དུ་བྱས་ནས། ལྕེ་བུད་མེད་དང་འདྲ་བ་ཞེས་བྱ་བ་ཡིནོ།། བརྐྱང་མཛད་པ་ཞེས་བྱ་བ་ལ། ཞལ་ནས་ཕྱུང་བར་མཛད་ནས་སོ།། བདག་གི་ཐེ་ཚོམ་བསལ་བ་ནི་དོར་བྱར་རོ།། སྙན་པར་གྲགས ་པ་ཞེས་བྱ་བ་ནི་གྲགས་པས་འཁོར་བ་མ་ལུས་པར་གྱུར་པའོ།། དཀའ་བས་རྙེད་པར་ནུས་པའི་ཕྱིར་རྙེད་པར་ཤིན་ཏུ་དཀའ་བའོ།། རྒྱུ་མཚན་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བའི་རྟགས་ཡིནོ།། དེ་ལ་གསལ་བ་ནི་མ་གཏོགས་པར་ཏེ། གསང ་པའི་སྦ་བ་སྦུབསུ་ནུབ་པར་མཐོང་བར་གྱུར་པའོ།། རྗེ་སུ་ཡི་རངས་ཏེ་ཞེས་བྱ་བ་ནི་ཚིག་གིསོ།། མངོན་པར་བསྟོད་དོ་ཞེས་བྱ་བ་ནི་སེམས་ཀྱིསོ།། ཁྱིམ་གྱི་མཆོག་ཅེས་བྱ་བ་ནི་ཁང་པའི་མཆོགོ།། མངོན་པར་འདོད་པའི་བྱ་བ་བྱེད་པའི་སྒོ་ནས་འདུས ་ཤིང་རྟེན་སོ་སོར་འཇོག་པའི་སྒོ་ནས་འཁོད་པ་ཡིནོ།། མང་དུ་ཞེས་བྱ་བ་ནི་བྲམ་ཟེའི་ཁྱེའུ་ཨཾ་པ་ཏ་འོང་བ་ལ་སྡོད་པའོ།། ཕྱག་འཚལ་ཏེ་ཞེས་བྱ་བ་ནི་ཚིགི་སྒོ་ནས་ཕྱག་བྱས་ནསོ།། ཇི་ལྟར་བརྗོད་པ་ནི་ཇི་ལྟར་འཇུག་པ་དང་། ཇི་ལྟར་རབ་ཏུ ་འཇུག་པར་བྱེད་པའོ།། ཁྲོས་ཤིང་ཞེས་བྱ་བ་ནི་ཐོག་མར་ཁྲོས་པའི་ཕྱིར་ཁྲོས་པའོ།། འཁྲུགས་པ་ནི་ལུས་འགྱུར་བའི་ཕྱི་རོ།། གཏུམ་པ་ནི་ངག་གི་འགྱུར་བའི་ཕྱིརརོ།། ཡིད་མ་རངས་པ་ཞེས་བྱ་བ་ནི་རྒྱུན་གྱིས་སེམས་རངས་པ་མེད་པའོ།། ། ་ཨེ་མའོ་ཕོ་ཉོ་བྱེད་པ་ཞེས་བྱ་བ་ནི་ཁྱོད་ཀྱི་ཕོ་ཉའི་ལས་བྱེད་ཆེན་པོ་བྱོས་པ་ཡིན་ཏེ་ངས་གཞན་ཁོ་ན་སྨྲས་པ་ཁྱོད་ཀྱིས་གཞན་ཁོ་ན་བྱས་པ་ཡིནོ།། མི་འདོད་དུ་ཟིན་ཀྱང་མངོན་པར་འདོད་པའི་གནས་སུ་མངག་གཞུག་ལ་འགྲོ་བར་བྱེད་པ། ་གང་ཡིན་པ་མངག་གཞུག་པའོ།། ང་ཡང་ངན་སོང་དུ་ལྷུང་ངོ་ཞེས་བྱ་བ་ནི་གང་གི་ཕྱིར་ཁྱོད་དེ་འདྲ་བའི་དྲང་སྲོང་ཆེན་པོ་ལ་བསྙེན་བཀུར་ལ་སྦྱོར་བར་མི་བྱེད་པས་ང་ཡང་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། དེ་དང་དེ་ཞེས་བྱ་བ་ནི་སྨད་པའི།། ་ཟློས་པའི་ཚིག་གཉིས་ཡིནོ།། བདག་ཀྱང་ཚོད་བཟུང་བར་གྱུར་ཏོ་ཞེས་བྱ་བ་ལ། ཁོ་བོ་སྐབས་ཐམས་ཅད་དུ་ཉེས་པ་དང་ལྡན་པར་བྱེད་པའོ།། གུས་པ་མངོན་དུ་སོང་བའི་ལུས་དང་། ངག་གི་འཇུག་པ་ན་བསྙེན་བཀུར་ཡིནོ།། བཅའ་བར་བྱ་བ་ནི། ་བ་ལ་སོགས་པ་ལྔ་ཡིན་ལ། བཟའ་བར་བྱ་བ་ནི་ཁུར་བ་ལ་སོགས་པ་ལྔ་ཡི་ནོ།། ཡིད་རངས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚིག་གིས་སྤྲོ་བར་མཛད་པའོ།། མཆོད་སྦྱིན་ནང་ན་སྦྱིན་སྲེག་མཆོག་ཅེས་བྱ་བ་ལ་སོགས་པ་ལ། མེ་ལ་སྦྱིན་སྲེག ་སྦྱིན་པ་ནི་མེའི་སྦྱིན་སྲེག་ཡིན་ལ། མཆོད་སྦྱིན་གང་དག་ལ་མེའི་སྦྱིན་སྲེག་གི་ཁྭ་ཡོད་པ་དེ་དག་ནི་སྲེག་སྦྱིན་ཁ་སྦྱར་ཡིན་ཏེ། མེ་ནི་ལྷའི་ཁ་ཡིནོ་ཞེས་བྱ་བའི་ཚིག་དེས་ལྷའི་ཆེད་དུ་ཅུང་ཟད་མེ་ལ་སྦྱིན་སྲེག་བྱས་པ་དེ ་ཐམས་ཅད་ལྷའི་ཁར་འཇུག་པ་ཡིན།། ཞེས་འཇིག་རྟེན་ནུ་རབ་ཏུ་གྲགས་པ་ཡི་ནོ།། ཡང་ན་མཆོག་ནི་གཙོ་བོར་གྱུར་པ་ཡིན་ལ། མ་ཆོད་སྦྱིན་ནི་གཏོང་མཆོད་ཡིན་ཏེ། གོང་བསོད་ནམས་ཀྱི་དོན་དུ་ལྷོའི་ཚད་དུ་སྦྱིན་པར་བྱའོ།། རིག ་བྱེད་ཐམས་ཅད་ཀྱི་ནང་ན་སྐྱོང་བཅས་ཀྱི་རིགས་བྱེད་གཙོ་བོར་གྱུར་པ་ཡི་ནོ།། གང་དེ་དག་གི་ནང་ན་རྒྱལ་པོ་དེ་འདི་མཆོག་སྟེ། བསོད་ནམས་དང་བདག་པོའི་སྐེ་ནས་གཙོ་བོར་གྱུར་པ་ཡི་ནོ།། རྒྱུ་སྐར་ཐམས་ཀྱི་ནང་ནི་ཟླ་བ་ནི་གདུང་ཞིང་གསལ ་བར་བྱེད་པའི་ཕྱིར་གསལ་བྱེད་དེ། དེ་དག་ཐམས་ཅད་ཀྱི་ནང་ན་ཉི་མ་ཁོ་ན་དཀྱིལ་འཁོར་དང་གསལ་བའི་སྒོ་ནས་མཆོག་སྟེ། གཙོ་བོར་གྱུར་པ་ཡིནོ།། སྟེང་དུ་འོག་མིན་གྱི་མཐར་ཐུག་པ་ནས་ཐད་དཀར་འཇིག་རྟེན་གྱི་ཁམས་ཀྱི་མཐར ་ཐུག་པ་དང་། འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་བར་དུའོ།། ཇི་སྙེད་འགྲོ་བར་འགྲོ་བ་དྲུག་ཅེས་བྱ་བ་ལ། ཇི་སྙེད་འགྲོ་བའི་རྣམ་པ་འམ་སྲོག་ཆགས་རྒྱུ་བའི་བར་དུ་འཇུག་པའོ།། འཇིག་རྟེན་ལྷ་དང་བཅས་པའི་ཞེས་བྱ་བ་ནི་ལྷ་དང་བཅས་པའི ་འཁོར་མ་ལུས་པ་དག་གི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་དང་གཙོ་བོར་གྱུར་པ་ཡིན་ཏེ། དཔེར་ན་སྦྱིན་སྲེག་ལ་སོགས་པ་མཆོད་སྦྱིན་ལ་སོགས་པའི་ནང་དུ་གཙོ་བོར་གྱུར་པ་ཡིན་པ་དེ་བཞིན་དུ། བཅོམ་ལྡན་འདས་ནི་འགྲོ་བ ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དེའི་ཕྱིར་མཆོད་པ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་མཆོད་པ་ནི་ཚད་མེད་པ་དང་། འབྲས་བུ་མེད་པ་མ་ཡིན་པ་དང་། འདོད་པའི་འབྲས་བུ་ཅན་ཡིན་པས་ན་རྟག་ཏུ་མཆོད་པར་བྱ་བ་ཡིནོ།། ཏིལ་དྲུས་མ་དང ་འབས་ཀྱི་བག་ཕྱེ་བསྲེས་པ་ལས་སྲ་བ་མོར་བྱས་ཤིང་མར་གྱི་ནང་དུ་བསྐོལ་བའི་ཟས་ཀྱི་བྱེ་བྲག་ནི་ཁུར་བ་ཡིནོ།། སེམས་མཉེས་པ་བགྱིད་དམ་ཞེས་བྱ་བ་ནི་ཚུལ་མཐུན་པའི་སྒྲུབ་པས་སེམས་དང་རྗེསུ་མཐུན་པར་འགྱུར་བའོ།། ཆོས་འདོད་པ ་ཞེས་བྱ་བ་ནི་ཆོས་ལ་གུས་པ་དང་བཅས་པའོ།། བྱིས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ལུང་ཐོས་པ་ལ་སོགས་པ་དང་། བྲལ་བ་ཉིད་ཀྱི་ཕྱིར་བྱིས་པའོ།། སྐབས་ནི་གནས་སྐབས་ཡིན་ཏེ། སྐབས་ཤེས་པའི་ཕྱིར་སྐབས་འཚལ་བ་མ་ཡིན་ལ་སྐབ ་འཚལ་བ་ཡིན་པ་ནི་སྐབས་མ་འཚལ་བའོ།། དེ་ལྟར་ནི་ངས་འདི་ལྟར་སོང་ལ་བཅོམ་ལྡན་འདས་ཀྱི་མི་ཆེན་པོའི་མཚན་དག་ཡང་དག་པར་བསྟན་པའི་སྐབས་གཞན་ཁོ་ནར་གྱུར་པ་སྨྲས་པ་ཡིན་གྱི་འདི་ལྟར་ངས་བསྙེན་བཀུར་མི་བྱེད་པ་ནི་མ་ཡིན་པ ་དེ་བས་ན། དེས་བསྙེན་བཀུར་མ་བྱས་པ་དེའི་ཕྱིར་དེ་ནི་སྐབས་མི་ཤེས་པ་ཡིནོ།། སྲབ་སྐྱོགས་ཞེས་བྱ་བ་ལ་སོགས་པ་ལ། རྟ་བཟློག་པའི་ཐབསུ་གྱུར་པ་ནི་སྲབ་སྒྱོགས་ཡིན་ལ། དེ་གཏོང་བ་ནི་འཕྲལ་དུ་ཡོངསུ་སྤོང་བའོ།། བསྒྲེང་བ་ནི་གྱེན་དུ་སྒྲེང་བ ་བྱེད་པའོ།། གནོད་པ་ཉུང་ངམ་ཞེས་བྱ་བ་ལ་སོགས་པ་ལ། གནོད་པ་ནི་ཕྱི་རོལ་རྣམ་པར་འཚེ་བས་གཟིར་བའོ།། ཁ་ན་མ་ཐོ་བ་ནི་ལུས་ལས་བྱུང་བའི་ནད་ཀྱིས་གཟོར་བའོ།། མི་བདེ་བ་ནི་ཡིད་སྐྱོ་བར་གྱུར་པའི་ནད་དོ།། བསྐོད་པ་ཡང་བ་ནི་བྱ་བ་ལ་ལུས ་ཡང་བ་ཉིད་དོ།། འཚོ་བ་ནི་བསོད་སྙོམས་ཀྱི་སྒོ་ནས་གནས་པར་གྱུར་པའོ།། སྟོབས་ནི་འཚོ་བའི་འབྲས་བུ་ནུས་པ་ཉིད།། བདེ་བ་ནི་ལུས་ཀྱིའོ།། རེག་པར་གནས་པ་ནི་མངོན་པར་དགའ་བ་དང་བཅས་པས་གནས་པའོ།། ཕུད་པ་ནི ་ཡོངསུ་དོར་བའོ།། གོས་བགོས་པ་ཞེས་བྱ་བ་ལ་སོགས་པ་ལ། རྗེ་སུ་རེག་པ་ནི་རེག་པར་བྱེད་པའོ།། ངོ་ཀེར་ནི་སྒྲ་གཙུག་ཕུད་དུ་བཅིངས་པའི།། གྲགས་པ་ལས་རྙེད་པ་ཞེས་བྱ་བ་ནི་ཐོབ་པར་གྱུར་པ་སྟེ། དེ་དག་ནི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡི་ནོ།། ་སྙམ་པ་དེས་ལོངས་སྤྱོད་དག་གི་བགོ་བོཤའ་བྱའོ་ཞེས་བྱ་བ་སྟེ་ལྟ་བུ་ནི་གྲགས་པ་ལས་རྙེད་པ་ཡིནོ།། གྲགས་པ་ཁོ་ནས་ཡོངསུ་ལོངས་སྤྱོད་པར་བྱེད་དོ།། ཞེས་བྱ་བ་ལ། རིགས་གཞན་ལ་ཕྱག་བྱས་པ་དེའི་ཚེ་བདག་ལ་སྙན་པ་མི་འགྱུ་རོ་སྙམ་པ་ངས ་གཞན་གཡོའི་སྒྲོ་ནས་ཕྱག་བྱེད་པ་ཡི་ནོ།། ཤིན་ཏུ་ང་རྒྱལ་ཅན་ཞེས་བྱ་བ་ནི་ལྷག་པའི་ང་རྒྱལ་དང་ལྡན་པའོ།། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་དང་ལྡན་པའི་གཏམ་ནི་སྦྱིན་པའི་གཏ་མོ།། ཚུལ་ཁྲིམས་ཀྱི་ཕན་ཡོན་གསལ་བར ་བྱེད་པའི་གཏམ་ནི་ཚུལ་ཁྲིམས་ཀྱི་གཏ་མོ།། མཐོ་རིས་ཀྱི་བསྔགས་བརྗོད་པའི་གཏམ་ནི་མཐོ་རིས་དང་རྗེ་སུ་མཐུན་པའི་གཏ་མོ།། འདོད་པའི་ཡོན་ཏན་ལྔའི་རོ་མྱང་བ་བསལ་བར་བྱེད་པའི་གཏམ་ནི་རོ་མྱང་བའི་གཏམ་ཡིན་ཏེ། ཇི་སྐད་དུ་གལ་ཏེ ་བདག་འདོད་པའི་ཡོན་ཏན་ལྔ་ལ་བསྟེན་པའི་བདེ་བ་སྐྱེ་ཞིང་ཡིད་བདེ་བ་སྐྱེ་ཞིང་སྐྱེས་པའི་འདོད་པ་དག་གི་རོ་མྱང་བར་བརྗོད་པ་འདོད་པ་དེ་དག་གི་རོ་མྱང་བ་ནི་ཤིན་ཏུ་ཆུང་ལ་འོན་ཀྱང་དེ་དག་གི་ཉེས་དམིགས་ནི་ཆེ་བར་བསྟན་པ་ཡིན།། ། ་འདོད་པའི་ཉེས་དམིགས་བསལ་བར་བྱེད་པའི་གཏམ་ནི་འདོད་པའི་ཉེས་དམིགས་ཀྱི་གཏམ་ཡིན་ཏེ། ཇི་སྐད་དུ་འདོད་པའི་རྒྱུ་དང་། འདོད་པའི་གཞི་དང་། འདོད་པའི་རྟེན་གྱིས་མ་བུ་དང་ལྷན་ཅིག་རྩོད་པར་བྱེད་པས་ན། ལུས་དང་ངག་དག་ཡིད་ཀྱི ་སྒོ་ནས་ཉེས་པར་སྤྱོད་པ་ཆེན་པོ་སྤྱད་བྱས་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུརརོ་ཞེས་བསྟན་པ་ཡིནོ།། ཀུན་ནས་ཉོན་མོངས་པའི་ཕྱོགས་ནི་འདོད་ཆགས་ལ་སོགས་པ་ཡིན་ལ། འདིར་ཀུན་ནས་ཉོན་མོངས་པ་བྱེད་ཅེས་བྱ་བའི་དབང་དུ ་བྱས་ནས་ཀུན་ནས་ཉོན་མོངས་པ་ནི་འཁོར་བ་ཡིནོ།། རྣམ་པར་བྱང་པས་ན་རྣམ་པར་བྱང་བ་སྟེ་ཐར་པ་ཡིན་པ་འམ། འདིས་རྣམ་པར་བྱང་བར་བྱེད་པས་རྣམ་པར་བྱང་བ་སྟེ། འཕགས་པའི་ལམ་ཡིན་ཞིང་དེའི་ཕྱོགས་ནི་དད་པ་ལ་སོགས་པ་ཡིན་ནོ།། ། ་ངེས་པར་འབྱུང་བའི་དངོས་པོ་ནི་ངེས་པར་འབྱུང་བ་ཉིད་དོ།། ཁྱིམ་གྱི་གནས་ཡོངསུ་སྤངས་པ་འམ། འདིས་ངེས་པར་འབྱུང་བ་སྟེ་ཞེས་བྱ་བ་ནི་དབང་དུ་བྱས་ནས་འཕགས་པའི་ལམ་ངེས་པར་འབྱུང་བ་ཡིན་ཏེ། དེའི་དངོས་པོ་ནི་ངེས་པར་འབྱུང་བ་ཉིད་དོ།། ། ་རབ་ཏུ་དབེན་པ་ནི་ལུས་དང་སེམས་ཀྱི་སྒོ་ནས་དབེན་པའི་གནས་སྐབས་ཡིན་ཏེ། དེ་དག་གི་བསྔགས་པ་ནི་ཡོན་ཏན་བྷི་ག་ཏཱན། ཡཽ་ནོ།། ཡིད་བོ་བ་ཁྱད་དུ་འཕགས་པ་དང་ལྡན་པའི་ཕྱིར་དགའ་བ་སེམས་སོ།། འཕགས་པའི་ལམ་སྐྱེ་བ་དང་། ་རྗེས་སུ་མཐུན་པའི་ཕྱིར་དགེ་བའི་སེམས་སོ།། རབ་ཏུ་དགའ་བ་དང་ལྡན་པའི་ཕྱིར་མགུ་བའི་སེམས་སོ།། ལམ་སྐྱེ་བའི་འཆིང་བ་མ་ཡིན་པའི་ཕྱིར་སྒྲིབ་པ་མེད་པའི་སེམསོ།། མ་འོངས་པའི་ཡོན་ཏན་སྐྱེ་བའི་སྐལ་བ་དང་ལྡན་པའི་ཕྱིར་སྐལ ་བ་ཡོད་པའོ།། མཐུ་ཞེས་བྱ་བ་ནི་ནུས་པའོ།། ཀུན་ནས་བསྙད་པ་ནི་སྐྱེས་བུའི་དོན་བླ་ན་མེད་པ་ཡིན་ཏེ། ཡང་དག་པར་བསྐྱོད་པའི་ཕྱིར་མཐུ་ཡོད་པས་ན་ཀུན་ནུས་བསྟོད་པ་ཅན་ནམ། འདི་ལ་ཀུན་ནས་བསྟོད་པའི་དགོས་པའི་རྒྱོ ་བསྟན་པ་ཡོད་པ་དེ་ནི་འདིར་ཀུན་ནས་བསྔགས་པ་ཅན་གྱི་ཆོས་བཤད་པ་སྟེ། འཕགས་པའི་ལམ་སྐྱེ་བ་དང་རྗེསུ་མཐུན་པ་ཞེས་བྱ་བའི་ཐ་ཆེ་གོ།། དག་པ་ཞེས་བྱ་བ་ནི་དཀར་པོའོ།། ནག་པོ་དང་བྲལ་བ་ཞེས་བྱ་བ་ནི་དྲི་མ་མེད་པའོ།། བཙོར་རུང ་བ་ཞེས་བྱ་བ་ནི་བཙོར་རུང་བར་གྱུར་པའོ།། ལེགས་པར་ཚོན་འཛིན་པ་ཞེས་བྱ་བ་ནི་ཤིན་ཏུ་ཚོན་ཆགས་པོར་གྱུར་པའོ།། ཤིན་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པས་ཡོངསུ་བཅད་པ་འམ་མཐོང་བར་གྱུར་པའོ།། ཆོས་མཐོང་བ་ནི ་སྡུག་བསྔལ་གྱི་བདེན་པའོ།། རྙེད་པ་ནི་འགོག་པའོ།། རིགས་པ་ནི་ཀུན་ནས་འབྱུང་།། ཁོང་དུ་ཆུད་པ་ནི་ལ་མོ།། འདོད་པ་དང་བྲལ་བ་ཞེས་བྱ་བ་ནི་འཁོར་བ་ཐོག་མ་མེད་པ་ནས་གོམས་པའི་ཆོས་དག་ཁོང་དུ་ཆུད་པའི་འདོད་པ་དང་བྲལ་བའོ།། དེ་བཞིན ་དུ་བདེན་པ་བཞིའི་ཡུལ་ལ་ཐེ་ཚོམ་དང་བྲལ་བར་གྱུར་པའོ།། གཞན་གྱི་དྲིང་མི་འཇོག་པ་ཞེས་བྱ་བ་ནི་གཞན་ཚད་མར་གྱུར་པ་མ་ཡིན་པའི་ཆོས་དག་རང་ཉིད་ཀྱིས་རྟོགས་པའི་ཕྱིར་རོ།། གཞན་གྱིས་མི་དཀྲི་བ་ནི་ཆོས་གཞན་དེ་ཡང་ཁོང་དུ་ཆུང ་ཉིད་ཀྱི་ཕྱིར་རོ།། སྟོན་པའི་བསྟན་པ་སྟེ་བཤད་པའི་ཆོས་དང་། གཞན་རྣམ་པར་གནས་པའི་ཆོས་དག་ལ་མི་འཇིགས་སྟེ། འཇིགས་པ་མེད་པ་ཉིད་ཐོབ་པའོ།། ཤིན་ཏུ་འདས་པ་ཞེས་བྱ་བ་ནི་ཆོས་ལ་རབ་ཏུ་ཞུགས་པ་ཡི་ནོ།། འདིས ་པའི་ཚིག་གཉིས་པ་ནི་ཕྱིར་འཇིག་པར་མི་འགྱུར་པ་ཐོབ་པར་བགྱིའོ།། ཞེས་བསྟན་པ་ཡིནོ།། ཡང་ན་དགའ་བའི་ཡུལ་ལ་ལན་གཉིས་བརྗོད་པ་ཡིནོ།། སྐྱབ་སུ་མཆི་སྟེ་ཞེས་བྱ་བ་ནི་ཡོངསུ་སྐྱོབ་པར་མཛད་པའི་སྒོ་ནས་རྟེན་སྒྲུབ་པར་བྱེད ་པའོ།། དྲི་སྲིད་འཚོའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་མཐར་ཐུག་པའི་བར་དུའོ།། སྲོག་དང་ལྡན་པ་ཞེས་བྱ་བ་ནི་ཇི་སྲིད་བདག་སྲོག་དང་ལྡན་པ་དེ་སྲིད་དུ་འགྲོ་བ་ཡིན་ནོ།། ཟས་བཟའ་བར་བྱ་བ་ནི་ཟས་ལོངས་སྤྱོད་པར་བྱའོ།། དབྱ་བ་ནི་འདོད ་མཡིན་པ་སྟོན་པའི་ཚིག་བརྗོད་པའོ།། གཞོན་རབས་ཀྱི་དུས་ཡོལ་བར་གྱུར་ཅེས་བྱ་བ་ལ་སོགས་པ་ལ། མང་བ་ཉིད་ཀྱི་ཕྱིར་ཇི་སྲིད་དགེ་སློང་དག་དང་། གཞོན་རབསུ་རྣམ་པར་གནས་པོ་དག་གིས་ཟས་ཐོབ་པར་གྱུར་པ་དེ་སྲིད་དུ་དགེ་འདུན ་གྱི་གནས་བརྟན་གྱིས་ཟས་ཟོས་ཤིང་ཟས་ཟོས་ནས་ཀྱང་ཡོན་བཤད་པར་བྱེད་པ་དང་། དགེ་སློང་གཞོན་པ་དག་ཡོན་བཤད་པར་གྱུར་པ་ན་ཟས་མ་ཟོས་ལ། ཡོན་བཤད་པ་ཡོངསུ་རྫོགས་པ་ན་ཡང་ཟས་ཀྱི་དུས་ལ་འདས་པར་གྱུར་པ ་དེའི་ཕྱིར་དུས་ལས་འདས་པ་ཞེས་བསྟན་ཏོ།། དོན་མི་གོ་བ་ཞེས་བྱ་བ་ལ་དོན་ཡོངསུ་ཤེས་པའི་ངང་ཚུལ་ཅན་མ་ཡིན་པའོ།། སྒྲ་མི་ཐོས་པ་ནི་སྒྲ་སོ་སོར་རིག་པ་མ་ཡིན་པའོ།། གྲལ་ཚར་གཉིས་སུ་ཞེས་བྱ་བ་ལ། ཇི་ལྟར་གྲལ་བཤམ ་པ་དེ་བཞིན་དུ་གྲལ་གཉིས་པས་རྒན་རབས་དང་ཉེ་བའི་མཐར་སོན་པར་གྱུར་པ་དེ་བས་ན་ཤིན་ཏུ་ཐག་ཉེ་བར་གནས་པའི་གསར་བུ་དོན་སོ་སོར་རིག་པར་འགྱུར་ཞིང་སྒྲ་སོ་སོར་རིག་པར་འགྱུར་བའོ།། རིབོ་མའི་རྩ་ཞེས་བྱ་བ་ནི་མེ ་ཏོག་གི་རིབ་མའི་མཐའ་ཕྱོགསསུ་གྱུར་པ་འམ། རིབ་མའི་རྩ་བ་ནི་ཁྱིམ་གྱི་ཚར་དང་ཉེ་བའོ།། མི་དགེ་བ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་མི་འདོད་པ་ཉིད་ཀྱི་ཕྱིར་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྟེ། མི་དགེ་བ་དེ་ལ ་རྣམ་པར་རྟོག་པར་བྱེད་དོ།། འཕགས་པའི་སྐྱེ་བོས་སྨད་པ་ཉིད་ཀྱི་ཕྱིར་སྡིག་པ་ཡིན་ལ། འདུན་པའི་འདོད་ཆགས་ལ་བརྟེན་ནོས་སྐྱེས་པའི་ཕྱིར་ཆགས་པ་ལ་རྟེན་པ་ཡིནོ།། ས་བོན་ཆེ་བ་ལྟ་བུ་ཞེས་བྱ་བ་ལ། ཚ་བ་ནི་ཁ་བའམ་རྣོ་བ་ཡིན ་ཏེ། ཆེ་བའི་ས་བོན་ནི་ཆེ་བའི་ས་བོན་ཡིན་པས་ནི་བདག་ཉིད་ཆེ་བའི་འབྲས་བུའི་ས་བོན་ལྟར་ཞེས་བསྟན་པར་འགྱུར་ཏེ། ས་བོན་ཚ་བ་མ་ཡིན་པ་ས་བོན་ཚ་བ་བྱེད་པ་ཡིན་པའི་ཕྱིར་བདག་ཉིད་ས་བོན་ཆེ་བ་ལྟར་རང་ཉིད་ཀྱི་སེམས་གྱུར་པ་ཡིན། ་ནོ།། འདོད་པའི་ཡོན་ཏན་ལྔའི་བདག་ཉིད་རྣམ་པར་རྟོག་པ་དང་ལྡན་པའི་ཕྱིར་བདག་ཉིད་དྲི་ང་བ་ལྡན་ལ། རེག་པའི་སྐྱེ་མཆེད་དྲུག་གིས་སྡོམ་པ་མ་ཡིན་པས་བསྡམས་པའི་ཕྱིར་བདག་ཉིད་ཟག་པ་ཡིན་ནོ།། རེག་པའི་སྐྱེ་མཆེད་དྲུག་གོ ་ངག་གིས་རྟག་ཏུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཟེག་པར་བྱེད་པའི་ཕྱིར་སྡིག་པའི་ཆོས་འདོད་ཆགས་ལ་སོགས་པ་ནི་སྦྲང་བུ་ཡིན་ཏེ། རང་དབང་དུ་གནས་པོའི་རོ་མྱོང་བར་བྱེད་དོ།། རང་གི་འདོད་པས་ཡོངསུ་ལྗོངས ་སྤྱོད་པ་ནི་མངོན་པར་བལྡགས་པའམ། རྒྱུན་གྱིས་དེ་ལ་གནས་པའོ།། འདི་ལ་གནས་ཡོད་པ་མ་ཡིནོ།། ཞེས་བྱ་བ་ནི་འདི་ལ་གནས་ཡོད་པ་མ་ཡིནོ།། གཞན་ཞེས་བྱ་བ་ནི་མ་བསྟན་པའི་གཙོ་བོར་གྱུར་པའི་དགེ་སློང་འགའ་ཞིག་གོ།། ་དེའི་ཚིག་བླ་དག་སོ་ཞེས་བྱ་བ་ནི་དེའི་མིང་སྟོན་པར་བྱེད་པའོ།། འདུན་པའི་འདོད་ཆགས་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པ་ནི་འདོད་པའི་རྣམ་པར་རྟོག་པ་ཡི་ནོ།། གནོད་སེམས་དང་མཚུངས་པར་ལྡན་པ་ནི་གནོད་སེམས་ཀྱི་རྣམ ་པར་རྟོག་པ་ཡི་ནོ།། གཞན་ལ་ཅོ་འདྲི་བ་དང་འཚེ་བ་དོག་དང་མཚུངས་པར་ལྡན་པ་ནི་འཚེ་བའི་རྣམ་པར་རྟོག་པ་ཡིནོ།། དགའ་བར་བྱེད་མངོན་པར་འདོད་པར་བྱེད་པ་ཡིན་པས་ན་འདོད་པ་ཡིན་ལ། འདུན་པའི་འདོད་ཆགས་ཀྱི་སྒོ་ནས་ཡོན་ཏན ་དུ་བྱེད་ཅིང་ཡང་དང་ཡང་དུ་གོམས་པར་བྱེད་པས་ན་ཡོན་ཏན་ཡིནོ།། འདི་ལེ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའི་ཡུལ་ལ་འདུན་པའི་འདོད་ཆགས་ནི་དོན་དུ་གཉེར་བའི་འདོད་ཆགསོ།། མིག་གི་རེག་པའི་སྐྱེ་མཆེད་ཅེས་བྱ་བ་ལ་རེག་པའི ་སྐྱེ་མཆེད་སྐྱེད་པར་བྱེད་པའི་གནས་ཡིན་པས་ན་རེག་པའི་སྐྱེ་མཆེད་ཡིན་པ་ལ་མིག་ཁོ་ན་རེག་པའི་སྐྱེ་མཆེད་ཡིན་པས་མིག་གིས་རེག་པའི་སྐྱེ་མཆེད་ཡིན་ཞིང་། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར ་འགྱུར་ཏེ་གསུམ་འདུས་པ་ནི་རེག་ཏུ་ཡྀ་ནོ་ཞེས་བརྗོད་པའི་ཕྱིརོ།། དེ་བཞིན་དུ་རྣ་བ་ལ་སོགས་པའི་སྐྱེ་མཆེད་ཀྱང་རིག་པར་བྱའོ།། སྡོམ་བྷྲ་མཱ་ཡཱན་པ་ཞེས་བྱ་བ་ནི་ཡུལ་མ་ཡིན་པ་ལས་ལྡོག་པ་མེད་པ་ནི་སྡོམ་པ་མ་ཡིན་པ་ཡིན ་ཏེ། ངེས་བསྡམས་པ་དང་ལྡན་པའོ།། སྡིག་པ་མི་དགེ་བའི་ཆོས་ལ་སེམས་རྗེ་སུ་འཇུག་པ་ནི་སེམས་ལ་བརྟན་ནས་འཇུག་པར་འགྱུར་བའོ།། ཅི་ཞིག་ཡོད་ཅེ་ནོ།། སྨྲས་པ། བརྣབ་སེམས་དང་། ཡིད་མི་བདེ་བ་ཡོད་ནའོ།། དེ་དག་ཡུལ་གང ་ལ་ཞེ་ན། སྨྲས་པ། འཇིག་རྟེན་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའོ།། མིག་དང་རྣ་བ་གང་མ་སྦས་ཞེས་བྱ་བ་ལ་སོགས་པ་ལཱ། མིག་དང་རྣ་བ་ཡུལ་ལ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་མིག་དང་རྣ་བ་མ་སྨྲས་པ་ཡིནོ།། ་འདུན་པའི་འདོད་ཆགས་ཀྱིས་གཟིར་བ་ནི་གནོད་པར་གྱུར་པའོ།། དེ་ལ་གནས་པ་ནི་བདེ་བར་གནས་པ་སྟེ་མྱ་ངན་ལས་འདོས་པ་ལ་གནས་པ་ཡིན་ལ། བདེ་བར་གནས་པ་ལས་དགེ་སློང་དེ་རོང་དུ་གྱུར་པོ་ཡི་ནོ།། གནོད་པ་ནི་འཁར་བའི་སྡུག་བསྔལ ་ཏེ་སྐྱེ་བ་ལ་སོགས་པ་ཡིན་ལ། དེའི་ནང་ན་གནས་པའི་སྒོ་ནས་དེ་ནི་གནོད་པ་ལ་ཉེ་བར་གྱུར་པ་ཡི་ནོ།། གང་ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་སྟོན་པར་བྱེད་པ་ཡི་ནོ།། ནང་གི་གནས་ནི་རང་གི་སེམས་རྩེ་གཅིག་པ་ཡིན་ལ། སྦྱོར་བར་བྱེད་པ་ནི་བརྩོན ་ལྡན་འདས་ལ་སྦྱོར་བར་བྱེད་པ་པོས་བདག་ཉིད་ངེས་པར་སྦྱོར་བའོ།། ཅི་ཞིག་བྱསྠཱ་ནཱས་ཤྭེ་ན། སྨྲས་པ། མངོན་ཤེས་ཏེ་ཤིན་ཏུ་ཤེས་ནསོ།། དེ་གྲང་ཞེ་ན། བསྣམ་བྱ་ལ་སོགས་པ་ཤུགས་ཀྱིས་རྟོགས་པར་གྱུར་པའོ།། བདོར་གནས་ཞེས་བྱ་བ ་ནི་བདེ་བར་ཉ་ལོ་བ་སྟེ། འདི་ནི་ཡང་སྲིད་པར་མི་འཇུག་པའི་ཕན་ཡོན་གཞན་ཡི་ནོ།། ཅི་ཞིག་བྱས་ནས་ཤ་ན། སྨྲས་པ། ཡང་དག་པའི་བཀྲིའི་གོ་འཕྱང་གིས་སོ།། གོ་འཕང་ཁྱད་པར་ཇི་ལྟ་བུ་ཞེ་ན། སྐྱེས་བུ་ངན་བསམ་བསྙེན་པའི་ཞེས་བྱ ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྨད་པར་བྱ་བའི་སྐྱེས་བུ་ནི་སྐྱེས་བུ་ངན་པ་སྟེ། ལེ་ལོ་ལ་སོགས་པའི་ཉེས་པར་སྤྱོད་པ་དང་ལྡན་པའི་ཕྱིརརོ།། དེས་ཐོབ་པར་བྱ་བ་མ་ཡིན་པའི་ཕྱིར་མ་བསྟེན་པའོ།། གོ་འཕང་ནི་ཐར་པ་ཞེས་བྱ་བའི་གནས ་མན།། འཕགས་པ་སྟེ་སངས་རྒྱས་ཀྱིས་བསྟན་བཅོམ་ལྡན་འདས་ཀྱི་སོ།། ལེགས་བཤད་ནི་མཛེས་པར་རབ་ཏུ་བཤད་པ་ཡིནོ།། སྤྱོད་ཡུལ་མ་ཡིན་པ་ལྟ་ཞེས་བྱ་བ་ནི་དགེ་སློང་འགྲོ་བ་ཚུལ་མ་ཡིན་པའི་ཕྱིར་སྤྱོད་ཡུལ་མ་ཡིན་པའོ།། རོལ ་མོའི་གནས་ནི་རོལ་མོ་མཁན་གྱི་གནསོ།། སྨད་འཚོང་མའི་གསྭ་ནི་འདིར་འདོད་པ་དག་འཇུག་པར་བྱེད་པའི་ཞེས་དེའི་དབང་དུ་བྱོས་ནས་སྨད་འཚོང་མའི་ཁྱི་མོ་ཡི་ནོ།། ཆང་འཚོང་གི་གནས་ནི་མྱོས་བྱེད་ཀྱི་ལྟུང་བའི་ཁང་པ་ཡིནོ།། གདོལ་བའི ་ནས་ནི་གདོལ་པའི་གནས་ཁྱིམ་ཡིནོ།། ཇི་ལྟར་བཤམས་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་འགྲོ་བའི་དགེ་སློང་དེས་བཤམས་པར་གྱུར་པ་དེ་ཁོ་ན་བཞིན་དུ་དེས་བཏང་སྙོམསུ་བཞག་པར་གྱུར་པའོ།། སྔོན་གྱི་ལས་ཞེས་བྱ་བ་ལ། སྔོན་གྱི་ལས་ནི ་འདིར་ལས་རྙིང་པ་ཡིན་པར་རིག་པར་བྱའོ།། སྦྲུལ་ནི་སྦྲུལ་གྱི་སོ་གང་ཡིན་པ་དེ་གཞན་ལ་གནོད་པར་བྱེད་པའི་ཚེ་དུག་ཡོད་པའི་ཕྱིར་སྦྲུལ་གདུག་པའོ།། འབྲུ་མར་ཞེས་བྱ་བ་ནི་རྐང་པ་བརྐུ་བའི་ཕྱིརོ།། གང་སྔོན་གྱི་སྐྱེ་བར་དེས་ཚོ་ཐུང་བར་འགྱུར་བའི་ལས ་བྱས་པ་དེས་ལེན་པ་ཉིད་ཀྱི་ཉེས་པ་ཡིན་ཏེ། དེས་བསྐྱེད་པ་ནི་འཕངས་པར་གྱུར་པའོ།། ནོན་པ་ནི་གཡོ་འགུལ་བྱེད་པའི་ནུས་པ་ཆུང་བའོ།། ལུས་མ་ནུས་པ་སྡུག་བསྔལ་གྱི་ཚོར་བས་གནོད་པ་ནི་གཟིར་བའོ།། ཤྲཱི་བར་གྱུར་པ་ནི་དུས་ལས་འདས་པ ་གྱུར་པའོ།། དེ་གཉིས་ཀྱིས་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དྲུག་པ་ཡིན་ཏེ། དེ་གཉིས་ལས་གཅིག་གིསོ།། རྡུལ་གཟན་བྱིན་བཞིན་དུ་ཞེས་བྱ་བ་ནི་དེས་རྡུལ་གཟན་མཚན་མོའི་གོས་ཀྱི་ཚུལ་དུ་བགོས་པ་དེའི་ཕྱིར་དེ་སྐད་ཅེས་བསྟན་ཏོ།། དེ་ལྟར ་མི་སྡུག་པར་གྱུར་པ་ཞེས་བྱ་བ་ནི་དེ་ལྟར་འགྱུར་བ་ཐོབ་པར་གྱུར་པའོ།། བསྡུམ་པར་རུང་བ་ཞེས་བྱ་བ་ནི་སྦྱོར་དུ་རུང་བས་ན་བསྡུམ་དུ་རུང་བའོ།། འདུམ་པར་མི་འགྱུར་གྱིས་ཞེས་བྱ་བ་ནི་དེ་ཉེས་པ་གཞན་ཡོད་པའི་ཕྱིར་འདུམ ་པར་བྱ་བ་མ་ཡིན་པའོ།། གོས་གཅིག་གང་ལ་ཡོད་པ་དེ་ནི་གོས་གཅིག་པ་སྟེ། གོས་གཅིག་གོན་པས་གཞན་ལ་ཕྱག་མ་བྱ་ཞིང་གོས་གཅིག་གྱོན་པ་ལ་ཕྱག་མི་བྱ་ལ། གོས་གཅིག་གྱོན་པས་ཀྱང་གཞན་གྱི་ཕྱག་བདག་གིར་མི་བྱའོ།། གང་དེ་ལ ་ཞེས་བྱ་བ་ནི་ཐ་མལ་པའི་གནས་ལའོ།། མངོན་སུམ་དུ་ཕྱོགས་པས་འདུག་ཅིག་ཅེས་བྱ་བར་ནི་བསྟན་པའི་གནས་ལ་མངོན་སུམ་དུ་ཕྱོགས་པས་འདུག་པར་བྱ་བ་ཡི་ནོ།། ལས་བདག་གིར་བྱེད་པ་ལ་དམིགས་ནས་ཞེས་བྱ་བ་ལོ། བདག་ཉིད་ཀྱི ་ལས་ལ་རག་ལུས་པ་འམ། རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ལོངས་སྤྱོད་དུ་རུང་བར་བདག་ཉིད་ཀྱིས་ཤེས་ནས་ཟས་ལ་སོགས་པའི་ཚོད་རིག་པར་བྱ་བ་ཡིན།། རྡུལ་གྱིས་ཁྱབ་པར་གྱུར་པའོ།། ལག་པ་ནས་བཟུང་བའི་སྒོ་ནས་ཉམ་ང་བ་ལས་བཏོན ་པ་ནི་ལག་པ་ནས་བཟུང་བ་ཡིནོ།། སྲན་མ་ཤུ་ལས་བྱས་པ་འམ་ཞེས་བྱ་བ་ནི་སྲན་མ་ཤ་བཏགས་པ་ལས་བྱས་པའམ། འབྲས་བཏགས་པ་ལས་བསྐབས་པའི་བཅའ་བའོ།། ཚོད་རིག་པར་བྱོས་ཤིག ་ཅེས་བྱ་བ་ནི་ལེན་པ་ན་ཇི་ལྟར་ཉེ་གནས་དང་སློབ་མ་ལོ་གནོད་པར་མི་འགྱུར་བ་དེ་ལྟར་ཆོད་ཤེས་པར་བྱ་བ་ཡི་ནོ།། གཙང་སྦྱོར་བ་ནི་ཟས་ཀྱིས་ཞལ་ཏ་པའོ་འབྲུ་མར་གྱི་སྣོད་ཅེས་བྱ་བ་ནི་པགས་པ་ལས་བྱས་པ་འབྲུ་མར་གྱི་སྣོད་ཀྱི་ཀོ་སྐུའོ།། བ་ཏོན ་ལྷོགས་ཤིག་ཅེས་བྱ་བ་ནི་ཀློག་ཏུ་གཙུག་པ་ཡིནོ།། ཨུཏྤ་ལ་འམ་ཞེས་བྱ་བ་ལ་འམ་གྱི་སྒྲ་ནི་གཞན་གྱི་དོན་དུ་བལྟ་བར་བྱའོ།། ཇི་ལྟར་ཆུ་ཞེས་བྱ་བ་ནི་ཇི་ལྟ་ཇི་ལྟར་ཆུ་ལ་འཕེལ་བར་འགྱུར་བ་དེ་ལྟར་ཨུཏྤ་ལ་ཡང་འགྱུ་རོ།། ཁྱིམ་སྟེ་བྲམ ་ཟེ་དང་ཁྱིམ་བདག་གཱ་ཁྱིམ་བཤད་པར་འགྱུར་བའི་ཉེས་པ་གང་དག་གིས་སུན་འབྱིན་པར་བྱེད་ཅིང་མ་དད་པར་བྱེད་པ་དེ་དག་གི་ནི་ཁྱིམ་སུན་འབྱིན་པ་ཡིན་ནོ།། ཇི་ལྟར་དེ་དག་ཁྱིམ་སུན་འབྱིན་པ་ཡིན་ཞེ་ན། སྨྲས་པ། གང་གི་ཕྱིར་སྡིག་པའི ་ཆོས་ཀུན་ཏུ་སྤྱོད་པ་ཡིནོ།། ཇི་ལྟར་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཞེ་ན། དེ་དག་བུད་མེད་ཀྱི་ཡུལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདུ་འཛི་ལ་སོགས་པའི་ཚིག་ག་བཤད་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། སྣོད་གཅིག ་གི་ནང་དུ་ཞེས་བྱ་བ་ནི་སྣོད་ཆེན་པོ་གཅིག་གི་ནང་དུའམ། རྡོའི་སྣོད་གཅིག་ལའོ།། མེ་ཏོག་ཐོགས་པ་ནི་ཐོད་དམ་རྣ་བ་དག་ལའོ།། བྱ་དགའ་བྱིན་པ་ནི་མང་དུ་བྱིན་པས་དགའ་བར་གྱུར་པའོ།། རྒྱུག་པ་ནི་ཤུགས་ཀྱིས་འགྲོ་བའོ།། མཆོད་པ་ནི་རྒལ་བའོ།། ་རབ་ཏུ་མཆོད་པ་ནི་སྟེང་དུ་མཆོད་པའོ།། བརླ་གཅིག་གཡོ་བ་པ་བཪྵ་སྒྱུར་བྱེད་པའོ།། དཔུང་པ་གཅིག་བསྐྱོད་པ་ནི་དཔུང་པ་སྒྱུར་བར་བྱེད་པའོ།། ལྷོ་བཞིན་དུ་སྒྱུར་བར་བྱེད་པ་ནི་ཉ་ལྟར་འགྱུར་ཞིང་འཕར་བའོ།། ཆུ་ལ་རྡོ་འཕར་འཕེན་པ་ནི་ཆུའི་སྟེང་དུ་རྡོའི་དུམ་བུ། ་འཕེན་པར་བྱེད་པའོ།། ལག་པ་གཅིག་གིས་བསྣུན་པས་ཆུའི་སྟེང་དུ་སྨིན་པ་ནི་ཆུ་སྒྲ་འབྱིན་པའོ།། ལོག་པ་གཉིས་ཀྱིས་རྡེག་ཅིང་སྣུན་པ་ནི་ཆུ་རྔ་བརྡུང་བ་ཡིནོ།། ཁ་རླུང་གིས་བཀང་བ་ལ་ལག་པའི་ཐལ་མོ་གཅིག་གིས་བརྡེག་ཅིང་སྣུན་པ་ནི ་ཁའི་རྔ་བརྡུད་པ་འམ། ཁའི་སྒོ་ནས་རྔ་བོ་ཆེའི་སྒྲ་ལྟར་སྤོབས་པ་ནི་ཁའི་རྔ་བརྡུང་བ་ཡིནོ།། ཁ་དང་ལག་པའི་སྦྱོར་བ་ལས་དུང་གྲི་སྒྲ་འབྱིན་པ་ནི་ཁའི་དང་འབུད་པའོ།། ཁའི་སྒོ་ནས་རྔའི་སྒྲ་སྒྲོགས་པ་ནི་ཁའི་རྔ་ལེན་པར་བྱེད་པའམ ་ཁ་རླུང་གིས་བཀད་པ་ལག་པ་གཉིས་ཀྱིས་བརྡེགས་ཤིང་བསྣུན་པའོ།། དགེ་སྦྱོང་གི་ལས་མ་ཡིན་པ་ཞེས་བྱ་བ་ནི་དག་སྦྱོང་དང་ཚུལ་མཐུན་པ་མ་ཡིན་པའོ།། སྤྱོད་ལམ་ཞེས་བྱ་བ་ནི་ལུས་ཀྱི་སྤྱོད་ལ་མོ།། སྤྱོད་པ་ཞེས་བྱ་བ་ནི་ལོག་པའི་སྤྱོད་ཡུལ་ལ ་སྤྱོད་པའོ།། ལོག་པར་ཞུག་པཱ་ན་ཞེས་བྱ་བ་ནི་ཚུལ་མ་ཡིན་པའི་བྱ་བ་ལ་ཀུན་ཏུ་སྤྱོད་པའོ།། སྤངས་ཏེ་ཞེས་བྱ་བ་ནི་ཡོངསུ་དོར་བའོ།། འགལ་ཚབས་ཅན་དུ་འགྱུར་ཞེས་བྱ་བ་ནི་འགའ་ཞིག་ཏུ་དགེ་འདུན་ལྷག་མའི་གནས་ངན་ལེན་སྨྲ་བ་ལ་སོགས་པ ་ལོ། འགའ་ཞིག་ཏུ་ཇི་ལྟར་གོས་ཀྱིས་བར་དུ་ཆོད་པའི་བུད་མེད་ཀྱི་ཡུལ་གྱི་ལུས་ལ་རེག་པ་བདག་གིར་བྱེད་པའི་ཉེས་པ་སྦོམ་པོ་དང་། ཁ་ཅིག་ཏུ་མྱོས་པར་བྱེད་པ་འཐུང་བ་ལ་སོགས་པ་ལྟུང་བྱེད་འབའ་ཞིག་པ་དང་། ཁ་ཅིག་ཏུ་གར་ལ་སོགས ་པའི་ཉེས་བྱས་དག་ལ་འདིར་ཅི་རིགས་པར་འགལགྱི་དོན་དུ་བལྟ་བར་བྱའོ།། ཉམས་པར་བྱེད་པ་ནི་འདིར་ཞིང་འཇིག་པར་བྱེད་པའོ།། རྣམ་པར་འཇིག་པར་བྱེད་པ་ནི་ཀུན་དགའ་ར་བ་དང་སྐྱེད་མོས་ཆེ་ལ་འཇིག་པར་བྱེད་པའོ།། གསོད་པ ་བྱེད་པ་ནི་འོདིས་འཕོངས་པར་བྱེད་པའོ།། ཡང་ན་ཉམས་པར་བྱེད་པ་ནི་ཕྱི་རོལ་གྱི་ཆ་སྤྱད་འཇིག་པར་བྱེད་པ་ཡིན་ལ། རྣམ་པར་བཤིག་པ་ནི་ནང་གི་ཡོ་བྱད་འཇིག་པ་ཡིན་ཞིང་སྲོག་བཅད་པ་འདིས་ཕོངས་པར་བྱེད་པའོ།། གནོད་པ་ཆུང་མ་ཞེས ་བྱ་བ་ནི་ལ་སོགས་པའི་བཤད་པ་སྔ་མ་དང་འདྲའོ།། ཕྱིན་ཅི་མ་ལྡོག་པ་གསུང་བ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངག་གི་འབྲས་བུ་སྟོན་པར་མཛད་པའི་ངང་ཚུལ་ཅན་ཏེ། བདེན་པ་གསུང་བ་ཞེས་བྱ་བར་དགོངསོ།། གཅིག་ཏུ་ངེས་པ་མ ་ཡིན་ནོ་ཞེས་བྱ་བ་ནི་འདིར་ཁྱོད་མངོན་པར་འདོད་པའི་དངོས་པོ་གཅིག་ཏུ་ངེས་པ་མ་ཡིན་པོ་སྟེ། ཇི་ལྟར་ཁྱོད་འདོད་པ་དེ་ཁོ་ན་བཞིན་དུ་ལུང་བསྟན་པར་ནུས་པ་མ་ཡིན་ནོ།། རྩ་བ་ལའི་མཆོད་རྟེན་ཞེས་བྱ་བ་ལ་རྩ་བ་ལ་ཞེས་བྱ་བ་ནི་མི་འགའ ་ཞིག་གིས་བྱོས་པའི་མཆོད་རྟེ་ནོ།། བྲི་བ་ཞེས་བྱ་བ་ནི་ཡོངསུ་ཉམས་པ་དང་མཐུནྟ་པས་ན་བྲི་བ་ཡིན་ལོ།། བྲི་བ་མ་ཡིན་པ་ནི་མི་འབྲི་བ་སྟེ་ཡོངསུ་བྲི་བ་དང་འགལ་ཞེས་བྱ་བའི་ཐ་ཚི་གོ།། བྲི་བ་ནི་འདིར་འབྱོར་པ་ཉམས་པ་ཡིནོ།། ཡི་དམ་དུ ་བཅས་ནསོ་ཞེས་བྱ་བ་ནི་སེམས་ཀྱིས་ལྷག་པར་སྤྱད་པར་བྱ་བ་ཉིད་དུ་འཛིན་པའོ།། འཇུག་པར་བྱེད་ན་ཞེས་བྱ་བ་ནི་དེའི་ཡུལ་དང་མཐུན་པར་འཇུག་པར་བྱེད་པའོ།། སྣང་ན་ཞེས་བྱ་བ་ནི་འཐད་པརོ་ཀུན་ཏུ་སྤྱོད་པའི་སྒོ་ནས་ཡུལ་བྲིདྡྷ ་དག་ལ་དེ་དག་གསོལ་བར་སྣང་བར་གྱུར་ནའོ།། ཕྱོགས་གཅིག་ལ་ཀུན་ཏུ་སྤྱོད་པའི་དོགས་པ་བཟློག་པའི་ཕྱིར་ཚིག་གཉིས་བྱ་བཟུང་བ་ཡིནོ།། འཕེལ་ཞེས་བྱ་བ་ནི་འབྱོར་པ་རྣམ་པར་འཕེལ་བ་ལ་འདིར་འཕེལ་བའི་སྒྲས་བསྟན་ཏོ།། ་ལེག་སོ་ཞེས་བྱ་བ་ནི་འདིར་རིགས་པའོ།། ཚེ་དང་ལྗོན་པ་ཀུན་དགའ་བོ་ལ་བོས་ནས་ཞེས་བྱ་བ་ལ་སོགས་པ་ལོ།། ཇི་ལྟར་ན་བཅོམ་ལྡན་འདས་འཕགས་པ་ཀུན་དགའ་བོ་ལ་འབྲི་བ་མཛད་དེ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཁྱེན ་པ་ནི་གཞན་ལ་འདྲི་བ་མཛད་པ་རིགས་པ་མ་ཡིནོ་ཞེ་ན། འདི་ལ་བླ་མ་དག་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དང་། གང་དག་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པ་དང་སངས་རྒྱས་མ་གྲུབ་པ་དེ་དག་ཡིད་ཆེས་པར་བྱ་བའི་དོན ་དང་། འཕགས་པ་ཀུན་དགའ་བོའི་སྤོབས་པ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་སྟོན་པར་མཛད་དོ།། ཡང་དང་ཡང་དུ་འདུ་བ་ཞེས་བྱ་བ་ནི་ཡུལ་གྱི་བྱ་བར་དཔྱོད་པར་གྱུར་པས་ཡང་དང་ཡང་དུ་གནས་ལ་གཅིག་ཏུ་འདུ་བ ་བྱེད་དོ།། མང་དུ་འདུ་བ་ལས་གངྒཱ་གནས་པར་འགྱུར་ཞེས་བྱ་བ་ནིདྷགྷཱ་ཏྱཱ་གྷོ་ནས་བྱ་འམ་རྟག་ཏུ་གནས་པ་ལས་གནས་པར་འགྱུར་ཞིང་ལྟུང་བར་ཡང་འགྱུར་རོ།། མཐུན་པ་ཞེས་བྱ་བོ་ན་འདྲ་བ་དང་ལྡན་པ་བྷོ་གརྦྷ་ག་ཏུ་མྦྷིར་བ་སྐྱེ། ཐམས་ཅད་རིང་བའི ་གཅིག་ལ་བརྩི་ནི་བུར་ཕནར་ཚུན་རྗེ་སུ་མཐུན་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ།། བྱ་བ་ནི་ཐག་ཉེ་བ་དང་གཙོ་བོར་གྱུར་པ་ཡིནོ།། བྱེད་པ་ནི་ཐག་རིང་བ་དང་ཕྱིས་བྱ་བ་ཡིན་པ་ཉིད་ཀྱིས་གཙོ་བོར་གྱུར་པ་ཡིན་པའོ།། མྱི་རིགས་པ་ནི་རྣམ་པར་བཞག་པ་མ ་ཡིན་པ་སྟེ། སྔོན་གྱི་ཆེན་པོ་དག་གིས་དངོས་པོའི་རང་བཞིན་རྣམ་པར་བཞག་པ་དེ་འཇིག་པར་མི་བྱེད་ཅིང་རྣམ་པར་འཇོག་པར་མི་བྱེད་པའོ།། གང་ཡང་སྔོན་གྱི་ཆེན་པོ་དག་གིས་རྣམ་པར་བཞག་པ་དེ་གཅོད་པར་མི་བྱེད་པ་སྟེ། ཀུན་ནས ་གཅོད་པར་བྱེད་པར་མི་འགྱུར་བའོ།། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་དེ་དག་གི་རིགས་རྒྱུད་པས་འོངས་པའི་རྗེསུ་མཐུན་པའི་ཆོས་བདེན་པ་དང་གཙང་སྒྲ་ལ་སོགས་པ་ཡང་དག་པར་བླངས་ནས་གནས་པར་གྱུར་པའོ།། ཡུལ ་བྲི་ཛིའི་བུད་མེད་ཅེས་བྱ་བ་ལ་སོགས་པ་ལ། བུད་མེད་ནི་མེ་བསྐོར་བྱས་པ་ཡིན་ལ། གཞོན་ནུ་མ་ནི་མནའ་མ་བྱས་པ་ཡིན་ནོ།། ཡང་ན་བུད་མེད་ནི་བདག་པོ་དང་བྲལ་བར་གྱུར་པའོ།། ཕ་ལ་སོགས་པས་བསྲུངས་པ་དང་། མཉེན་བཤེས་ཀྱིས ་བྱ་བ་མ་ཡིན་པ་ལས་བཟློག་པའོ།། བདུན་གྱི་རྒྱུད་ཀྱི་ནང་དུ་འདུས་པར་གྱུར་པས་ན་གཉེན་ཡིནོ།། རིགས་ཞེས་བྱ་བ་ནི་སྤྱིར་བྷ་ར་དྷ་ཛ་ལ་སོགས་པའི་རིགསུ་ཆུད་པར་གྱུར་པའོ།། ཆད་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་པས་ལོག་པར ་གཡེམ་པའི་ཡུལ་དེ་ནི་འདིར་ཆད་པས་བཅད་པར་བྱ་བ་ཡིནོ།། སྒྲིབ་པ་དང་བཅས་པ་ཞེས་བྱ་བ་ལ། འདོད་པས་ལོག་པར་གཡེམ་པའི་ཡུལ་དེ་ནི་ཆད་པ་མ་གཏོགས་པར་ཚྭར་བཅད་པར་འོས་པ་འོ་མ། བསྲུངས་མ་དང་བཅས་པ ་སྟེ། སྲུང་བ་དང་སྐྱོབ་པ་རྣམ་པ་དུ་མ་དང་ལྡན་པར་གྱུར་པའོ།། གཞན་གྱིས་ཡོངསུ་ཟིན་པཱ་ཞེས་བྱ་བ་ནི་མནའ་མ་བྱས་པ་མེད་པར་གཞན་གྱི་དབང་གིས་ཐོབ་པར་གྱུར་པའོ།། ཕྱེད་བའི་རྒྱུད་ནི་བོར་བ་ཞེས་བྱ་བར་ཐམས་ཅད་ཀྱིས་དང་། ་བོར་བུ་མོ་དེ་སྦྱིན་པའི་རྒྱུ་མཚན་མེ་ཏོག་ལེན་པའི་སྒོ་ནས་བཟུང་བ་དག་ཡིན་ཏེ། གང་གི་ཕྱིར་འགའ་ཞིག་བུ་མོ་སྦྱིན་པར་འདོད་པ་དེས་ཐོག་མར་མག་པར་འགྱུར་བ་ལ་ཕྲེང་བ་བྱིན་ནས་ཕྱིས་བུ་མོ་སྦྱིན་པར་བྱེད་པ་དེའི་ཕྱིར་བུ་མོ་དེ ་ཕྲེང་པོའི་རྒྱུ་བོར་བ་ཞེས་བྱའོ།། བརྟུན་ཏེ་ཞེས་བྱ་བ་ནི་བགྲོད་པར་བྱ་བ་འམ་མ་ཡིན་ཞེས་དཔྱོད་པ་མེད་པའོ།། མཐུས་ཞེས་བྱ་བ་ནི་ཟིལ་གྱིས་མནན་པའོ།། སྨོད་པ་ནི་འདིར་འདོད་པའོ་ཡུལ་གྱི་ལོས་སུ་བྱ་བ་སྟོན་པོ་ཡིན།། འདིར ་རིགས་མཐུན་པ་ནི་སོས་ཀྱིས་རྒན་པ་ལ་རྒན་པོའི་སྒྲས་བརྗོད་པ་ཡིནོ།། པའི་པ་ནི་འདིར་རྗེའི་སྒྲས་བརྗོད་པ་ཡིན་ལ། རྗེ་དང་འདྲ་བ་ཞེས་བྱ་བ་ནི་རྗེ་དང་ན་ཚོད་འདྲ་བར་གྱུར་པའོ།། ཕ་དང་འདྲ་ཞེས་བྱ་བ་ནི་ཕ ་དང་འདྲ་བར་གྱུར་པའོ།། བཙུན་པར་བྱེད་ཅེས་བྱ་བ་ལ་སོགས་པ་ལ་ནི་སེམས་ཀྱིས་ཆེན་པོ་ཉིད་དུ་འཛིན་པ་ནི་བཙུན་པར་བྱེད་པ་ཡི་ནོ།། ལུང་འབིགས་པར་བྱེད་པའི་སྒོ་ནས་ཚང་མར་གྱུར་པར་འཛིན་པ་ནི་བླ་མེར་བྱེད་པ་ཡིནོ།། གནས ་མཐོན་པོར་འཇིག་པར་བྱེད་པ་ནི་རི་མོར་བྱེད་པ་ཡིན།། སྔོན་དུ་ལྟུང་བ་དང་ཕྱག་ལ་སོགས་པས་བླ་མར་བྱེད་པ་ནི་མཆོད་པ་ཡི་ནོ།། དྲད་པས་ཞེས་བྱ་བ་ནི་དང་པ་སྔོན་དུ་སོང་བ་ཅན་གྱི་གུས་པསོ།། མཉན་པར་བྱ་བར་སོམས་པ་ནི་ཚིག་བརྗོད ་པར་བྱེད་པའི་ཚེའོ།། བྱེད་པ་ནི་སྒྲུབ་པའི་དུས་སོ།། ཡུལ་བློ་རྫིའི་མཆོད་རྟེན་ཞེས་བྱ་བ་དག་ནཱི་གང་དག་སྔོན་གྱི་བྲི་ཎྜཱི་དག་གིས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆེང་དུ་བྱས་པ་འམ། སྔོན་གྱི་བློ་རྫིའི་རུས་པའི་ཕུང་པོ་དག་ལ ་འདྲི་རོ་མཆོད་རྟེན་གྱི་སྨོས་བརྗོད་པ་ཡིན་ནོ།། དེ་དག་གིས་རིགས་ཀྱི་གཙོ་བོ་ཟད་པ་ཉིད་ཀྱིས་དེ་དག་གིས་མཆོད་པ་དང་། བླ་མར་བྱེད་པ་དང་། ལུང་འབོགས་པར་བྱེད་པ་དང་འདྲ་བར་གུས་པའི་སྒོ་ནས་འཛིན་པའོ།། དགྲ་བཅོམ་པ་ཞེས་བྱ ་བ་ནི་ཉེས་པ་ཟད་པར་གྱུར་པའོ།། དྲག་པ་ཞེས་བྱ་བ་ནི་ཆེན་པོ་ཡིནོ།། དྲན་པ་ཉེ་བར་འཇོག་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ཡུལྀ་དེ་ལ་སྐྱེས་པར་གྱུར་པའོ།། དྲན་པ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། སྨྲས་པ། སེམས་ཀུན་ཏུ་བསྲུངས ་པ་སྟེ། བག་མེད་པ་ལས་སེམས་ཡོངསུ་བསྲུངས་པར་གྱུར་ཅེས་བྱ་བར་དགོངསོ།། འགྱུར་བ་ཞེས་བྱ་བ་ནི་གནོད་པར་བསྟན་པར་མི་འགྱུར་བའོ།། བགྲོད་པར་མི་འགྱུར་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པར་གྱུར་པ་མ་ཡིན་པའོ།། ད་ནི་ད་ལྟར་ཞེས་བྱའོ།། གསོ ་སྦྱོང་གཙོ་བོར་གྱུར་པའི་གཙུག་ལག་ཁང་གི་ནང་ལ། འདིར་སྐད་སིའི་སྒྲས་བརྗོད་པ་ཡིན་ནོ།། ཡང་དང་ཡང་དུ་འདུས་པར་འགྱུར་བའི་དགེ་སློང་དག་ཅེས་པ་ནི་ལས་བརྒྱ་རྩ་གཅིག་གི་ནང་དུ་འདུས་པ་དགེ་འདུན་གྱི་བགྱི་བ་བྱུང་བར་གྱུར་པ་ནའོ།། ཕལོ་ཆེར་འདུས ་པོ་ནི་འདུ་བ་སྦྱིན་པ་ལ་འདྲ་བར་གྱུར་པའོ།། ལམ་ཚོགས་དང་བཅས་པ་ནི་འདིར་དགེ་པའི་ཆོས་ཡིན་པར་རིག་པར་བྱའོ།། མཐུན་བཞིན་དུ་ཞེས་བྱ་བ་ནི་བློ་གཅིག་ཏུ་གྱུར་པའོ།། བྱ་བ་ནི་བསྟན་པ་ལ་ཕན་འདོགས་པར་བྱེད་པ་དང་། ཉེ་བར་གནས་པ་གཙོ་བོར་གྱུར་པའོ།། ་བྱེད་པ་ནི་དུས་བྱས་འགྱུར་བའོ།། སྲིད་པས་དབང་དུ་འགྲོ་བ་ནི་མི་རིགས་ཤིང་ཚུལ་མ་ཡིན་པའོ།། ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་སྲེད་པས་ཤེ་ན། སྐྱེ་ཞིང་འབྱུང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དང་ཡོད་དུ་སྐྱེས་པ་ཞེས་བྱ་བའི་དབང་དུ་བྱས་ནས ་ཟློས་པའི་ཚི་ག་གཉིས་ཡིནོ།། སྤྱིར་ཡང་སྲིད་པ་དང་རྗེ་སུ་མཐུན་པ་ནི་སྲེད་པ་ཡིན་ཞིང་། དེ་མ་ཟག་པའི་སྐྱེ་བ་དོན་དུ་གཉེར་བའི་འདོད་ཆགས་ནི་དགའ་བའི་འདོད་ཆགས་ཡིན་ལ། དེ་དང་ལྷན་ཅིག་པར་གྱུར་པ་ནི་ལྷན་ཅིག་འབྱུང་བ་ཡིནོ།། དེ་དང་དེ་ལ་མངོན་པ། ་དགའ་བ་ཞེས་བྱ་བ་ནི་ཐམས་ཅད་དུ་དོན་དུ་གཉེར་བའི་ངང་ཚུལ་ཅན་ཡིན།། དབང་དུ་འགྲོ་བ་ཞེས་བྱ་བ་ནི་དེའི་དབང་དུ་འགྲོ་བར་གྱུར་པའོ།། གནས་བརྟན་ཞེས་བྱ་བ་ལ་སོགས་པ་ལ། གནས་བརྟན་ནི་འདིར་ལོ་བཅུ་ལེན་པ་ཡིན་ལ། རྒྱལ་ཚབ་ལྟ་བུ་ནི་ལོ་ཉི་ཤུ ་ལོན་པ་ཡི་ནོ།། རབ་ཏུ་བྱུང་ནས་རིང་དུ་ལོན་པ་ཡང་ལོ་སུམ་ཅུ་ལ་སོགས་པ་ལོན་པ་ཡི་ནོ།། གོམས་པ་ནི་འཕགས་པའི་ལམ་ཡིན་ལ། མངོན་པར་སྤྱད་པ་ནི་ཚངས་པར་སྤྱད་པར་ཡིནོ།། སྟོན་པ་སྐྱེ་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན། ་སྒོ་ནས་བསྟོད་པ་ཡིནོ།། བསྔགས་པ་ནི་དེ་དག་གི་ཡོན་ཏན་དང་ལྡན་པ་ཡིནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པས་བསྔགས་པ་ཡི་ནོ།། དེ་གང་གིས་བསྔགས་པ་ཡིན་ཞེ་ན། མཁས་པས་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པར་བྱེད་པས་ན་མཁས་པ་སྟེ། ཤིན་ཏུ་ཤེས་ར ་དང་ལྡན་པ་ཞེས་བྱ་བའི་ཐ་ཚི་གོ།། བསླབ་པ་ཞེས་བྱ་བ་ནི་བསླབ་པའི་གཞི་ཡི་ནོ།། ཆོས་ཞེས་བྱ་བ་ནི་བསྟན་པའི་ཆོས་ཡིནོ།། ནྱེ་སུ་སྟོན་པ་ཞེས་བྱ་བ་ནི་ལཱམ་སྒོམ་པ་འམ། ཚོགས་ཀྱི་ལམ་ལུང་འབོགས་པ་ཡི་ནོ།། བག་ཡོད་པ་ནི་དགེ་བའི་ཆོས་སྒོམ་པའོ།། རབ་ཏུ་ཡངས ་ནི་པ་ནི་འདོགས་པོ་སྟེ། གང་གི་ཕྱིར་ཆོས་སོ་སོར་རྒྱས་པ་ཐོབ་པར་གྱུར་པ་དེ་ལ་འདིར་སོ་སོར་རྒྱས་པའི་སྒྲས་བརྗོད་པ་ཡིནོ།། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ།། ལས་ལ་དགའ་བར་འགྱུར་ཞེས་བྱ་བ་ལ། བསམ་གཏན་དང་། འདོན་པ་དང་། ཆོས་དང་ལྡན་པའི་དགེ ་འདུན་གྱི་ལུས་མ་གཏོགས་པ་འདི་ལྟར་བྱ་བ་ལ་སོགས་པ་དེ་དག་ཐམས་ཅད་ལས་ཀྱི་སྒྲས་བརྗོད་པ་ཡིནོ།། དགའ་བར་བྱ་བ་ཡིན་པས་ན་དགའ་བ་ཡིན་ལ། ལས་ལ་དགའ་བ་ནི་ལས་ལ་དགོའ་བ་ཡིན་ཏེ། ལས་རྣམ་པ་སྣ་ཚོགས་ནི་འབྲེལ་པར་གྱུར་ཅེས ་བྱ་བའི་ཐ་ཚི་གོ།། དོན་དེ་ཉིད་ལ་ཡི་གེའི་ཡུལ་གྱིས་སྨྲ་བ་དང་། ཕྱིར་སྨྲ་བས་རྩོད་པར་བྱེད་པ་ནི་འདིར་སྨྲ་བའི་སྒྲས་བརྗོད་པ་ཡི་ནོ།། གཉིད་ལ་དགལ་བ་ཞེས་བྱ་བ་མི་རྟག་ཏུ་གཉིད་ལ་ཕྱོགས་པར་གྱུར་པའོ།། རྒྱལ་པོ་དང་རྐུན་པོ་དང་གཡུལ་ལ་སོགས་པའི ་གཏམ་ནི་བྱེ་མོ་གཏམ་ཡིན།། འདྲེ་བ་ནི་རབ་ཏུ་བྱུང་བ་དང་ཁྱིམ་པ་དང་ཤིན་ཏུ་འདྲེས་པར་གྱུར་པ་འམ། འདོད་པའི་རྣམ་པར་རྟོག་པ་དང་འདྲེས་པར་གྱུར་པའོ།། རྙེད་པ་ནི་ནོར་ཐོབ་པའོ།། སེམས་ཀྱིས་ཆེན་པོ་ཉིད་དུ་འཛིན་པ་ནི་བཀུར་སྟི་ཡི་ནོ།། ཚིགས་བཅད་པ་ནི། ་གྲགས་པའོ།། གཞན་གྱི་འདུ་ཤེས་ནི་གཞན་ཁོང་དུ་ཆུད་པ་སྟེ། རྙེད་པ་དང་བཀུར་སྟི་དང་ཚིགསུ་བཅད་པའི་ཆེད་ནི་རྙེད་པ་དང་བཀུར་སྟི་དང་ཚིག་སུ་བཅད་པའི་དོན་ནི་གཞན་གྱི་འདུ་ཤེས་ཏེ་སྤངས་པའི་སྦྱོར་བའི་རྗེས་ལྡན་པར་སྤྱོད་པ་ནི་མ་ཡིན་ཏེ། ཉོན་མོངས ་པ་སྤངས་ཤིང་དོར་བའི་སྦྱོར་བ་ནི་སྤངས་པའི་སྦྱོར་བ་ཡིན་ལ། དེ་དང་རྗེ་སུ་འབྲེལ་པ་དེའི་ཕྱིར་འབྲེལ་པར་གྱུར་པ་ཡིནོ།། ཅུང་ཟད་ཙམ་དང་ཆེས་ཅུང་ཟད་ཙམ་གྱིས་བྱ་བ་ལ་ཤིན་ཏུ་དུས་ནི་ཧུང་ན་ཙོ་བྷྲྀ་བྱབ་པ་ཤིན་དུ་ཆུ་བནི་ཅུང་ཟ་ཙས་ཝཱི་ལ། གཙོ་བོ་མ་ཡིན་པོ་ཉིད་ཀྱི་ཕྱིར་ཡོན་ཏན་གོང་མ ་ལ་བལྟོས་པ་མེད་པ་ཞེས་བྱ་བ་ནི་ཆེས་ཅུང་ཟད་ཙ་མ་ཡིན་ཏེ། དཔེར་ན་རང་གི་མཚན་ཉིད་འཛིན་པའི་ཉོན་མོངས་པ་ཟིལ་གྱིས་གནོན་པ་ནི་གནས་ཀྱི་རྒྱུ་མཚན་ལྟ་བུའོ།། དེ་ཉིད་ཁྱད་པར་རྟོགས་པ་ཡིན་ཏེ། རྟོགས་པའི་ཁོང་དུ་ཆུད་པ་མ་ཡིན་པ་དེའི་ཕྱིརརོ།། ར ་ནི་དབུས་ཡི་ནོ།། ཡོན་ཏན་གོང་མ་མཉེས་པར་བྱེད་པའི་བྱ་བའི་ཕྱིར་སེམས་བཟོད་པ་མེད་པའི་སྐྱོ་བ་དང་། ཡིད་འབྱུང་བ་ནི་རྣམ་གྲངས་ཡིནོ།། གོང་མིའི་བྱ་བ་ཡོད་ན་ཞེས་བྱ་བ་ལ། ཉོན་མོངས་པ་མ་ལུས་པ་སྤངས་པ་ནི་འདི་གོང་མའི་བྱ་བ་ཡིན་ཏེ། དེ་ཡོད་པ། ་གྱུར་ནའོ།། དད་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ། དད་པ་ཁྱད་པར་ཅན་དང་ལྡན་པར་གྱུར་པ་ནི་དད་པ་དང་ལྡན་པར་གྱུར་པའོ།། ངོ་ཚ་ནི་གུས་པ་དང་ལྡན་པ་ཡིན་ལ། ངོ་ཚ་གང་ལ་ཡོད་པ་དེ་དག་ནི་ངོ་ཚ་དང་ལྡན་པ་སྟེ། གུས་པ་དང་བཅས་པ་ཞེས་བྱ་བར ་དགོང་སོ།། ཁ་ན་མ་ཐོ་བ་དག་ལ་འཇིགས་པར་ལྟ་བ་ཉིད་ནི་ཁྲེལ་ཡིན་ཏེ། དེ་གང་ལ་ཡོད་པ་དེ་དག་ནི་ཁྲེལ་ཡོད་པའོ།། དགེ་བའི་ཆོས་བསྐྱོད་པ་དང་མི་དགེ་བའི་ཆོས་སྤངས་པའི་ཕྱིར་གང་དག་བརྩོན་འགྲུས་རྩོམ་པ་དེ་དག་ནི་བརྩོན་འགྲུ ་བཙམས་པ་ཡི་ནོ།། གང་དགེ་བའི་ཆོས་ལ་དྲན་པ་ཉེ་བར་གནས་ཤིང་དྲང་པོར་གྱུར་པས་འཇུག་པ་དེ་དག་ནི་དྲན་པ་ཉེ་བར་གཞག་པ་ཡིནོ།། སེམས་རྩེ་གཅིག་པ་ཐོབ་པ་ནི་མཉམ་པར་བཞག་པ་ཡིན་ལོ། ཤེས་རབ་ཅན་ན་ཤིན་ཏུ་ཤེས་རབ་དང་ལྡན་པར ་གྱུར་པའོ།། ཆོས་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་ལས་ཇི་ལྟར་ན་དགེ་སློང་ཆོས་ཤེས་པ་ཡིན། འདི་ལ་དགེ་སློང་ཆོས་ཤེས་པ་ཡིན་ཏེ། དཔེར་ན་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བྱ་བ་ལ་སོགས་པ་དང་། ཇི་ལྟར་ན་དོན་ཤེས ་པ་ཡིན། འདི་ལ་དགེ་སློང་དོན་ཤེས་པ་ཡིན་ཏེ། སྨྲས་པ་འདི་དང་འདིའི་དོན་ནི་འདི་ཡིནཱཾ་ཞེས་དག་གི་དོན་ཡོང་སུ་ཤེས་པར་ནུས་པ་དང་ལྡན་པ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིནོ།། དུས་ཤེས་པ་ཞེས་བྱ་བའི་འདིའི་ནི་བདག་གི་ཞི་གནས་ཀྱི་རྒྱུ་མཚན་དང་། འདི ་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་དང་། འདི་ནི་བཏང་སྙོམས་ཀྱི་རྒྱུ་མཚན་གྱིས་དུས་ཡིནོ་ཞེས་འདི་ལ་དགེ་སློང་གིས་ཤེས་པ་སྟེ། ཏིང་འཛིན་བསྒོམ་པའི་དུས་ནི་དགེ་བ་དང་། བརྩོན་འགྲུས་ཀྱི་དུས་དགེ་བོ་དང་། བཏང་སྙོམས་ཀྱི་དུས་དགེ་བ་ཞེས་བྱ་བའི་དོན་འདི ་འགྱུ་རོ།། ཚོད་ཤེས་པ་ཞེས་བྱ་བ་ནི་བཟའ་བ་དང་། བཏུང་བ་དང་། བཅའ་བ་དང་། མྱང་བ་དག་གི་ཚོད་རིག་པ་ཡིན་ནོ།། བདག་ཤེས་པ་ཞེས་བྱ་བ་ནི་ཁོ་བོའི་ཚུལ་ཁྲིམས་དང་། ཐོས་པ་དང་། ཤེས་རབ་དང་། ལུང་དང་། རྟོགས་པ་ལ་སོགས་པའི་འདི་ཙམ་དང་ལྡན། ་བར་བདག་འཇལ་བ་ལ་མཇལ་བ་ལ་མཁས་པ་ཡིན་ཏེ། བདག་ཤེས་པས་གཞན་ལ་སྨོད་པར་མི་འགྱུར་རོ།། འཁོར་ཤེས་པ་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པའི་འཁོར་དང་མཐུན་པར་ཐ་སྙད་དུ་བྱེད་པ་ལ་མཁས་པ་ཡིནོ།། དེ་སྐད་དུ་ཡང་དེ་ལ་བདག ་གིས་འདི་ལྟར་བཞུག་པར་བྱ། འདི་ལྟར་གནས་པར་བྱ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡི་ནོ།། གང་ཟག་མཆོག་དང་མཆོག་མོ་ཡིན་པར་ཤེས་པ་ཞེས་བྱ་བ་ལ། གང་ཟག་ཐམས་ཅད་ཀྱི་ཡུལ་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་དུ་འཕགས་པ་མ ་ཡིན་པའི་བྱེ་བྲག་ཡོངས་ཤེས་པ་ལ་མཁས་པར་གྱུར་པ་ཡི་ནོ།། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ། མི་ཤེས་པ་ལྷག་མ་མེད་པ་ལ་ལྷག་མ་མེད་པ་དང་བྲལ་བའི་ཕྱིར་དང་བྱ་བ་བྱས་པ་ཁོང་དུ་ཆུད་པའི་ཕྱིར་དང་། ཡང་བྱ་བ ་མེད་པ་ཁོང་དུ་ཆུད་པའི་ཕྱིར་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་ཡིན་ལ་དྲན་པ་ལ་སོགས་པ་དེ་དག་ནི་དེ་དང་མཐུན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ།། དྲན་པ་ནི་དོན་མངོན་པར་བརྗོད་པ་སྟེ། བྱས་པ་དང་། བྱ་བ་དང་། བྱེད་པར་འགྱུར་བའི་ཆོས་བརྗེད ་པཔར་མི་འགྱུར་བ་ཞེས་བྱ་བའི་ཐ་ཚི་གོ།། དྲོན་པ་ཁོང་ན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིནོ།། ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། དབེན་པ་ལ་བརྟེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དབེན་པ་ནི་འདིར་ལུས་དབེན་པ་དང་། སེམས་དབེན་པ་ཡིན ་ལ། དབེན་པ་ལ་བརྟེན་ཅིང་རབ་ཏུ་འཇུག་པའི་ཕྱིར་དབེན་པ་ལ་རྟེན་པའོ།། འདོད་པའི་ཁམས་ལ་སོགས་པའི་འདོད་ཆགས་དང་བྲལ་བ་རྟེན་ཅིང་རབ་ཏུ་འཇུག་པའི་ཕྱིར་འདོད་ཆགས་དང་བྲལ་བ་ལ་བརྟེན་པའོ།། ཉོན་མོངས་པ་སྤངས་པ་ལ་གནས་པས ་རབ་ཏུ་འཇུག་པའི་ཕྱིར་འགོག་པ་ལ་བརྟེན་པའོ།། ཡོན་ཏན་གོང་ནས་གོང་དུ་འཕེལ་བ་ལ་གནས་པས་རབ་ཏུ་འཇུག་པའི་ཕྱིར་འདུ་འཛི་དང་བྲལ་བ་སྟེ། ཡོན་ཏན་ཆུ་ངུའི་རྣམ་པ་སྒྱུ་མ་སྔ་མ་དོར་ཞིང་སྔ་ན་མེད་པའི་ཡོན་ཏན་འབྲིང ་དང་ཆེན་པོ་སྐྱེད་པ་ནི་འདུ་འ་ཛི་དང་གྲོལ་བ་ཞེས་བྱ་བའི་དབང་དུ་བྱས་ནས་སོ།། ཡང་ན་དབེན་པ་ལ་བརྟེན་པ་ཞེས་བྱ་བ་ནི་སྦྱོར་བའི་ལ་མོ་ལ་རྟེན་པ་ཡི་ནོ།། འདོད་ཆགས་དང་བྲལ་བ་ལ་རྟེན་པ་ནི་བར་ཆད་མེད་པའི་ལེམ་ལ་རྟེན་པ་ཡིན་ཏེ། དེས ་ཉོན་མོངས་པོ་གཅོད་པའི་ཕྱིར་རོ།། འགོག་པ་ལ་རྟོན་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལས་ལ་རྟེན་པ་ཡིན་ཏེ། དེའི་བྲལ་བ་ཐོབ་པ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིརརོ།། འདུ་འཛི་དང་བྲལ་བ་ཞེས་བྱ་བ་ནི་ཁྱད་པར་གྱི་ལུམ་ལ་རྟེན་པ་ཡིན་ཏེ། ཁྱད་པ ་ཁོང་དུ་ཆུད་པའི་སྒོ་ནས་ཡོན་ཏན་ཁྱད་པར་ཅན་དུ་ཡོངསུ་གྱུར་པའི་ཕྱིར་རོ།། ཆོས་རྣམ་པར་འབྱེད་པ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་དུ་ཁོང་དུ་ཆུད་པ་དག་ཆོས་དག་རྣམ་པར་འབྱེད་པ་ཡི་ནོ།། དགེ་བ་དང་མི་དགེ་བའི་ཆོས་སྐྱེད་ཅིང་འགོག་པཱ་ལ ་མངོན་པར་སྤྲོ་བ་ནི་བརྩོན་འགྲུས་ཡིནོ།། དགའ་བ་ནི་ཡིད་བདེ་བའོ།། ཤིན་ཏུ་སྦྱངས་པ་ནི་སེམས་ལྔས་རུང་བ་ཉིད་ཡིནོ།། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་ཡིན།། བཏང་སྙོམས་ནི་དགེ་བའི་ཆོས་ལ་འཇུག་པ་ལ་བཏང་སྙོམས་བྱེད་པ་ཡིན་ནོ།། ། ་ཡང་དག་པར་སྡུག་པར་འགྱུར་བའི་ཞེས་བྱ་བ་ལ་སོགས་པ་དང་། དགའ་བ་དང་མཚུངས་པར་ལྡན་པའི་འདོད་ཆགས་ནི་ཡང་དག་པར་སྡུག་པ་ཡིན་ལ། ཡང་དག་པར་དགའ་བ་དང་རྗེ་སུ་མཐུན་པ་ནི་ཡང་དག་པར་སྡུག་པར་འགྱུར་བ་ཡིན་ནོ།། བྱམས་པ ་དག་གི་གནས་པ་ནི་བྱམས་པའི་གནས་པའོ།། དེ་གང་ཞེ་ན། སྨྲས་པ། ལུས་ཀྱིས་ལས་ཏེ་ལུས་ཅན་གྱི་འཇུག་པ་ཞེས་བྱ་བའི་ཐ་ཚི་གོ།། དཔེར་ན་གྲོགས་པོ་རབ་ཀྱི་ལུས་ཀྱི་ལས་དང་འཇུག་པ་དེ་དང་འདྲའོ།། ཞེས་བྱ་བའི་དོན་འདིར་འགྱུ་རོ།། སྟོན་པ ་དང་ཉེ་བར་བྱེད་པ་ཞེས་བྱ་བ་ནི་ཚུལ་དང་མཐུན་པར་བསྙེན་བཀུར་བྱེད་པའི་ཕྱིརོ།། ཁྱད་པར་བྱེད་པས་ན་མཁས་པའོ།། ཤེས་པའི་སྒོ་ནས་རྟག་ཏུ་དགེ་བ་ལ་ཀུན་ཏུ་སྤྱོད་པའི་ངང་ཚུལ་ཅན་དུ་གྱུར་པ་ཞེས་བྱ་བའི་མཁས་པ་མ་ཡིན་གྱི་ཚངས་པ ་མཚུངས་པོར་སྤྱོད་པ་ཡིན་ཏེ། དེ་དག་གི་ཡང་ཉེ་བར་བྱེད་པའོ།། ཆོས་འདི་ནི་ཞེས་བྱ་བ་ལ་སོགས་པ་བྱམས་པའི་ལུས་ཀྱི་ལས་ལ་འདིར་ཆོས་ཀྱི་སྒྲས་བསྟན་པ་ཡིནོ།། འདིས་མགུ་བར་བྱེད་པས་ན་མགུ་བྱེད་པའོ།། ཡུལ་གང་ལ་བྱམས་པའི་ལུས ་ཀྱི་ལས་འཇུག་པར་གྱུར་པ་དེ་ལ་གདོན་མི་ཟ་བར་བླ་མའི་བློ་ཉིད་ཀྱང་འགྱུར་རོ་ཞེས་བྱ་བའི་དབང་དུ་བྱས་ནས་བླ་མར་བྱེད་པས་ན་བླ་མར་བྱེད་པ་ཡིན།། ཡིད་མིགུ་བས་ན་ཡིད་མགུ་བ་སྟེ། ཡིད་མགུ་བར་བྱེད་པས་ན་ཡིད་མགུ་བར་ལོ་སོགས་པ་བྱེད ་པའོ།། མགུ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མགུ་བ་ལ་སོགས་པ་ནི་རྒྱུ་མཚན་ཡིནོ།། ཡུལ་གིང་ལ་བྱམས་པའི་ལུས་ཀྱི་ལས་བྱེད་པ་དེ་ལ་ཡང་བྱེད་པ་པོའི་བླ་མའི་བློ་སྐྱེད་པར་བྱེད་དེ། དེ་ལ་འདིར་བླ་མར་དགོང་སོ།། བསྒོམ་པའི་ཕྱིར་ཞེས་བྱ་བ ་ལ་བྱམས་པའི་ལུས་ཀྱི་ལས་ཀྱི་ཡུལ་གང་ཡིན་པ་དེའི་ཡོན་ཏན་བསྒོམ་པ་སྟེ། ཡང་དང་ཡང་མངོན་སུམ་དུ་བྱེད་པ་འམ་བསྒོམ་པ་ཡིན་པར་དགོང་སོ།། བསྡུ་བའི་ཕྱིར་ཞེས་བྱ་བ་ནི་འདྲེ་བར་བྱ་བའི་ཕྱིརརོ།། མཐུན་པའི་ཕྱིར་ཞེས་བྱ་བ་ནི ་སེམས་གཅིག་ཏུ་གྱུར་པའི་ཕྱིརོ།། སེམས་ཀྱིས་གནོད་པར་བྱེད་པའི་དངོས་པོ་འཛིན་པ་མེད་པའི་ཕྱིར་མི་འཐོབ་པར་བྱ་བའི་ཕྱིརརོ།། རྩུབ་མོ་སྨྲ་བ་དང་། ཕྱིར་སྨྲ་བ་མེད་པའི་ཕྱི་མ་རྩོད་པར་བྱ་བའི་ཕྱིརརོ།། གཅིག་ཏུ་འགྱུ ་བ་ནི་རོ་གཅིག་ཏུ་འགྱུར་བའོ།། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཞེས་བྱ་བ་ནི་བཱམྦ་བཱི་ལུས་དང་གི་ལས་དང་ལྡན་པ་ནི་གསོལ་བ་ཉིད་ཀྱི་ཕྱིར་མགུ་བར་བྱེད་པ་ལ་སོགས་པ་ཉིད་ཡིན་ལ། ཡིད་ཀྱི་ལས་ནི་གསལ་བ་ཉིད་ཀྱི ་ཕྱིར་ཇི་ལྟར་རིགས་ཤེ་ན། འདིར་བླ་མ་དང་བྱམས་པའི་གནས་ཐམས་ཅད་ནི་མགུ་བ་དང་བླ་མར་འགྱུར་བ་ཡིན་ཞིང་ཡོངསུ་མི་ཤེས་པའི་རང་བཞིན་ཡང་ཡིན་པོ་དེའི་ཕྱིར་འདི་ལ་ཉེས་པ་ཡོད་པ་མ་ཡིནོ་ཞེས་སྟོན་པར་མཛད་།། ཆོས་དང་ལྡན་པས ་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ལྟོས་མ་བྱེ་བས་ན་ཆོས་དང་ལྡན་པ་སྟེ། རྣམ་པ་ཐམས་ཅད་དུ་རུང་བ་ཞེས་བྱ་བའི་བར་དུའོ།། རིགས་པས་ཐོབ་པའི་ཆོས་ཀྱི་རྙེད་པ་ཡིན་གྱི་ཆོས་ཚུལ་འཆོས་པ་དང་ཁ་གསག་ལ་སོགས་པ་ལོག་པའི ་འཚོ་བའི་སྒོ་ནས་རྙེད་པར་གྱུར་པ་ནི་མ་ཡིནོ།། ཐ་ན་ལྷུང་བཟེད་ཏུ་འོངས་པ་ཞེས་བྱ་བ་ནི་ལྷུང་བཟེད་དུ་བྱིན་གྱིས་བརླབས་ཤིང་ཐོབ་པར་གྱུར་པའོ།། ལྷུང་བཟེད་དུ་ཆུད་པ་ཞེས་བྱ་བ་ནི་ལྷུང་བཟེད་དུ་ཟས་ཞུགས་པར་གྱུར་པའོ།། གཞན་ལ་འགོད་པར་བྱེད ་པའི་ཕྱིར་ཐུན་མོང་དུ་སྤྱོད་པར་བྱེད་པའོ།། གསལ་པོར་ཟ་བའི་ཕྱིར་བསྡོགས་ཏེ་མི་སྤྱོད་པ་སྟེ། ཕ་རོལ་པོ་ལ་འགོད་པར་བྱེད་པས་འཇིགས་པའི་ཕྱིར་ཕག་ཏུ་ཟ་བར་མི་བྱེད་པོ་ཞེས་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། གང་ཚུལ་ཁྲིམས་ཞེས ་བྱ་བ་ལ་སོགས་པ་ལ་ཉེས་བྱས་ཙམ་གྱི་འཆལ་པའི་ཚུལ་ཁྲིམས་ཀྱིས་ཀྱང་མ་གནོད་པ་ཉིད་ཀྱི་ཕྱིར་མ་ཉམས་པ་ཡིནོ།། འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུ་ཅན་གྱི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པས་མ་གནོད་པ་ཉིད་ཀྱིས་ཕྱིར་མ་རལ ་བུ་ཡིནོ།། བདག་གི་ཚུལ་ཁྲིམོས་འདོད་པ་ན་སྤྱོད་པ་འདོད་པའི་འབྲས་བུར་གྱུར་ཅིག་ཅེས་དེ་ལྟ་བུར་བསྔོ་བ་མི་བྱེད་པའི་ཕྱིར་མ་སྤགས་པ་ཡིནོ།། གཟུགས་དང་གཟུགས་མེད་པ་ནི་སྤྱོད་པའི་འབྲས་བུ་ཉིད་དུ་བསྔོ་བར་མི་བྱེད་པའི་ཕྱིར་མི་འགྲོས་པ ་ཡིནོ།། གང་གི་ཕྱིར་ཚུལ་ཁྲིམས་ཀྱི་འཁོར་བའི་འབྲས་བུ་དོན་དུ་གཉེར་ན་ཚུལ་ཁྲིམས་དེ་ཤིན་ཏུ་རྣམ་པར་དག་པོར་མི་འགྱུར་བ་དེའི་ཕྱིར་མ་སྤགས་པ་དང་མ་འདྲེས་པ་ཞེས་བསྟན་ཏོ།། རང་དབང་ཅན་ཞེས་བྱ་བ་ནི་གཞན་ལ་རག་མ་ལུས་ཤོང་རང་དབང་དུ ་གྱུར་པ་ཡི་ནོ།། གང་ཚུལ་ཁྲིམས་ཀྱི་རང་བཞིན་ཁོ་ནས་བསྲུང་བར་བྱེད་ཀྱི་གཞན་གྱི་ངོར་མ་ཡིན་པ་དེ་ནི་ཕན་པ་ཞེས་བྱའོ།། མ་འདྲེས་པ་ཞེས་བྱ་བ་ནི་ཁྱིམ་པའི་སྐྱེ་བོ་དང་འདྲེ་བས་ཟིལ་གྱིས་གནོན་པར་མི་འགྱུར་བའོ།། ལེགས་པར་བླངས་པ་ཞེས་བྱ་བ་ནི ་འཛིན་པའི་དུས་སུ་ཆེན་པོའི་སེམས་ཀྱིས་བླངས་པ་ཡིན་ནོ།། ལོགས་པར་བརྩམས་པ་ཞེས་བྱ་བ་ནི་ཉི་མ་རེ་རེ་ཞིང་འཕེལ་བར་བྱུང་བ་ཡིནོ།། དེ་ཉིད་ཅི་ཕྱིར་མཁས་པས་བསྔགས་པ་ཡི་ནོ།། གང་གི་ཕྱིར་མྱ་ངན་ལས་འདས་པར་བསྔོས་པ་ཉིད་ཀྱི་ཕྱིར ་མ་སྨད་པའོ།། གང་ལྟ་བ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ལྟ་བ་ནི་འདིར་ཟག་པ་མེད་པའི་ཤེས་རབ་ཡིན་པར་རིག་པར་བྱའོ།། དེ་ཉིད་ཀྱི་ཕྱིར་དེ་འཕགས་པ་ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཡང་མི་ལྡོག་པ་ཐོབ་པར་བྱེད་པ་འམ། ངས་པོར ་འབྱུང་བའི་ཕྱིར་ནུས་པ་ཡོད་པས་ན་ངེས་པར་འབྱུང་བར་འགྱུར་བ་ཡིན་ཏེ། ངེས་པར་འབྱུང་བ་དང་རྗེ་སུ་མཐུན་པ་ཞེས་བྱ་བའི་བར་དུའོ།། ངེས་པར་ཁོང་དུ་ཆུད་པ་ནི་ངེས་པར་རྟོག་པ་ཡིན་ལ། ངེས་པར་རྟོགས་པའི་ཕྱིར་དེ་ཡོད་པས་ན་ངེས ་པར་རྟོགས་པར་འགྱུར་བའོ།། གང་གིས་ཤེ་ན། ལྟ་བས་ངེས་པར་འབྱུང་བ་སྟེ། འཁོར་བའི་འཆིང་བའི་གནས་ནས་ངེས་པར་འགྲོ་བར་བྱེད་པ་ཡིནོ།། དེ་གང་ཞེ་ན། དེ་བྱེད་པ་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་ལྟ་བ་དེ་བྱེད་ཅིང་སྐྱེད་པར་བྱེད་པ་གང་ཡིན་པ་དེ ་ནི་དེ་བྱེད་པ་ཞེས་བྱའོ།། ཅིའི་ཕྱིར་ངེས་པར་འབྱུང་བར་བྱེད་ཅེ་ན། ཡང་དག་པར་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་ཟད་པར་ཡང་ཕྱིར་མི་ལྡོག་པར་ཕྱིན་ཅི་མ་ལོག་པ་ནི་ཡང་དག་པར་སྡུག་བསྔལ་ཟད་པ་སྟེ། དེ་ནི་དགེ་སློང་དག ་སྤངས་ཤིང་གང་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྤངས་པ་ཞེས་བྱ་བའི་བར་དུའོ།། འདིས་ནི་ཕུང་པོ་ལྷག་མོ་དང་བཅས་པའི་མྱ་ངན་ལས་འདས་པ་བསྟན་པ་ཡི་ནོ།། སྡུག་བསྔལ་བར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་ནི་ཕུང་པོ་ལྷག་ས་མེད་པའི་མྱ་ངན་ལས་འདས་པ་བསྟན ་པཔའམ། དེ་བྱེད་པ་ངེས་པར་འབྱུང་བ་ཡིནོ།། ཤེས་རབ་དེ་ཉིད་ངེས་པས་འབྱུང་བ་དེ་ཉིད་ངེས་པར་འབྱུང་བ་ཡིན་ཏེ། ཉོན་མོངས་པའི་དྲི་མ་རབ་ཏུ་འབྱིན་པར་བྱེད་པའི་ཕྱིར་རོ།། ཅིའི་ཕྱིར་ངེས་པར་འབྱིན་པར་བྱེད་ཅེ་ན། ཡང་དག་པར་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དང་། ་སྡུག་བསྔལ་མཐར་བྱ་བའི་ཕྱིར་རོ།། གང་གི་སྡུག་བསྔལ་ཟད་པར་བྱ་བ་ཡིན་ཞེ་ན། སྨྲས་པ། དེ་བྱེད་པ་སྟེ། དེ་མངོན་དུ་བྱེད་པའི་ཞེས་བྱ་བའི་དོན་ཏོ།། དོན་པ་ཞེས་བྱ་བ་ནི་སོང་ཞིག་པ་འམ། ཁོ་བོས་ཇི་སྲིད་པ་ཏ་ལའི་གྲོང་དུ་ཕྱིན་གྱི་བར་དུ་ཕྱི་བཞིན་འབྲོང་བའི ་དགེ་སློང་གི་ཚུལ་དུའོ།། འོད་མའི་སྲོག་ཤིང་ཅན་ཞེས་བྱ་བ་ལ་གྲོང་ཡིནོ།། རྒྱལ་པོས་བྱས་པའི་གནས་རྒྱལ་པོའི་གནས་དེ་རོ།། འཕགས་པའི་བདེན་པ་བཞི་ཞེས་བྱ་བ་ལ་ཐོས་པ་ལས་བྱུང་བའི་ཤེས་པས་མི་ཤེས་པའི་ཕྱིར་དྲང་། མཐོང་བའི་ལཾ ་གྱིས་མཐོང་བའི་ཕྱིར་དང་། སློབ་པའི་ལམ་གྱིས་ཁོང་དུ་མ་ཆུད་པའི་ཕྱིར་དང་། མི་སློབ་པའི་ལམ་གྱིས་སོ་སོར་མི་རིགས་པའི་ཕྱིར་རམ། སྦྱོར་བའི་ལམ་ལ་སོགས་པས་མི་ཤེས་པ་ལ་སོགས་པ་ཡིན་པར་རིག་པར་བྱའོ།། དུས་རིང་པོ་ཞེས་བྱ་བ་ནི ་ཐོག་མ་མེད་པའི་དུས་ཡི་ནོ།། རྒྱུག་ཅིང་ཞེས་བྱ་བ་ནི་ལྷ་དང་མོའི་འགྲོ་བ་རང་གི་འདོད་པས་འགྲོ་བའི་སྒོ་ནས་འཕངས་པ་འམ་སྐྱེད་པ་ཡི་ནོ།། སེམས་ཅན་དམྱལ་བའི་འགྲོ་བ་ལ་སོགས་པར་མི་འདོད་བཞིན་དུ་འགྲོ་བས་ན་ཀུན་ཏུ་འགྲོ་བའོ།། རྣཾ་སུ་རྟོགས ་ཤིང་ཞེས་བྱ་བ་ནི་སློབ་པའི་ལམ་གྱི་སོ།། སོ་སོར་རྟོགས་པས་ཞེས་བྱ་བ་ནི་མི་སློབ་པའི་ལམ་གྱིསོ།། སྲིད་པར་འཁྲིད་པ་ནི་ཡང་སྲིད་ཀྱི་སྲེད་པ་འམ་འདོད་ཆགས་ལ་སོགས་པ་ཐམས་ཅད་ཉིད།། སྐྱེ་བའི་འཁོར་བ་ཞེས་བྱ་བ་ནི་སྐྱེ་བའི་རྒྱུན་སྤངས་པ་ཡིནོ།། ། ་ཡང་སྲིད་པ་མེད་དེ་ཅེས་བྱ་བ་འདིས་ནི་ཡང་སྲིད་ཀྱི་འཁོར་བ་མེད་པར་བསྟན་པ་ཡིནོ།། ཤིང་པ་ལའི་མཆོད་རྟེན་ན་ཞེས་བྱ་བ་ནི་ཤིང་པ་ཏ་ལས་ཉེ་བར་མཚོན་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའམ། ཡང་དག་པར་རྫོགས་པོའི་སངས་རྒྱས་འོད ་སྲུངས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཡི་ནོ།། འདུས་པ་ལས་འདུས་པ་ཞེས་བྱ་བ་ལ་སོགས་པ་ལ། རིག་ཐ་དད་པའི་ཚོ་གས་ནི་འདིར་འདུས་པ་ཡིན་ལ། རིགས་གཅིག་ཏུ་གྱུར་པ་དག་གི་འདུས་པ་ནི་ཚོགས་ཡིནོ།། སོང་སྟེ་ཞེས་བྱ་བ་ནི་ཡང་དག་པར ་འོངས་པར་གྱུར་པའོ།། དྲུང་དུ་ཕྱིན་པ་ནི་སེམས་གཅིག་ཏུ་འདྲེས་པར་གྱུར་པའོ།། ཁྱིམ་བདག་གི་སྒྲས་ནི་བྲམ་ཟེ་མ་གཏོགས་པ་འགྲོ་བ་གཙོ་བོར་གྱུར་པ་གཟུང་།། ཉེས་དམིགས་ནི་ཉེས་པ་ཡི་ནོ།། འཇིག་རྟེན་འདི་དང ་འཇིག་རྟེན་ཕ་རོལ་གྱི་ཕན་པ་ལ་བརྩོན་པས་མི་གཞོལ་བ་ཉིད་ནི་བག་མེད་པ་ཡིན་ལ། བག་མེད་པ་དང་ལྡན་པའི་ཕྱིར་སེམས་ཅན་ཡང་བག་མེད་པ་ཡིན་པར་རིག་པར་བྱའོ།། བག་མེད་པ་ཁོ་ན་གནས་དང་རྟེན་དང་གཞི་ཡིན་པས་བག་མེད ་པར་གནས་པའོ།། དེ་ཉིད་རྒྱུ་ཡིན་དེའི་རྒྱུས་ལོངས་སྤྱོད་ཆེན་པོ་ཉམས་པ་སྟེ། ལོངས་སྤྱོད་འཇིག་པར་འགྱུར་བ་ཐོབ་པར་འགྱུརརོ།། བག་མེད་པའི་རྒྱུས་ཞེས་བྱ་བ་དེ་ཙམ་གྱི་ཆོ་ག་མད། ཅིའི་ཕྱིར་གནས་ཀྱི་སྒྲ་བྱས་ཞེ་ན། འདིར་གནས་ཀྱི་སྒྲ་སྨོས ་པས་རྟག་ཏུ་བག་མེད་པ་ལ་འཇུག་པ་སྟོན་པར་བྱེད།། རྟག་ཏུ་བག་མེད་པ་ལ་འཇུག་ན་ནི་ལོངས་སྤྱོད་ཉམས་པ་འགྲུབ་པར་འགྱུར་ལ། བར་བར་དུ་བག་མེད་པོ་ཡོངསསུ་སྤངས་ན་ནི་ལོངས་སྤྱོད་ཉམས་པར་མི་འགྱུར་བའི་ཕྱིར་ཐག་ཉེ་བའི་རྟེན་བརྟེན་པ ་བྱ་བའི་ཕྱིར་གནས་སྨོས་པ་ཡིན་ཞེས་སྟོན་པར་མཛད།། འཁོར་ཞེས་བྱ་བ་ནི་འདིར་རིགས་གཅིག་པོ་དང་ཚོགས་ཀྱི་སྒོ་ནས་ཉེ་བར་ཞི་བ་ཡིནོ།། རྒྱལ་རིགས་དང་བྲམ་ཟེ་མ་གཏོགས་པ་འགྲོ་བ་གཙོ་བོ་འདུས་པ་ཊྭཱཾ་ཁྱིམ་བདག་གི་འཁོར་ཡི་ནོ།། དཀའ ་ཐུཐོབ་དང་མཁས་པ་དག་འདུས་པ་ནི་དགེ་སྦྱོང་གི་འཁོར་ཡི་ནོ།། ཐུར་དུ་བལྟ་བ་ནི་འཁུམ་པའོ།། མགོ་སྨོད་པ་ནི་འདིར་ཞུམ་པ་ཡིན་ཏེ། མཆོག་གི་སྒྲས་མགོ་བོ་བརྗོད་པ་ཡིན་ཏེ། ཡན་ལག་གི་གཙོ་བོ་ཡིན་པའི་ཕྱིརརོ།། མཆོག་ཏུ་འཕགས་པར ་གྱུར་པ་གང་ལ་ཡོད་པ་དེ་ནི་མ་ཞུམ་པ་ཡིན་ལ། མ་ཞུམ་པ་མེད་པ་ནི་ཞུམ་པ་ཡིནོ།། ཡང་ན་ཞུམ་པ་ནི་གཟི་མེད་པར་གྱུར་པ་སྟེ། ཚིག་གི་འཇུག་པ་ལ་སྤོབས་པ་མེད་པར་གྱུར་པའོ།། ཕྱོགས་དང་ཕྱོགས་མཚམས་ཞེས་བྱ་བ་ལ་སོགས་པའི ་ཚིག་གི་བཤད་པ་བྲམ་ཟེའི་བུ་ཨ་བ་ལྷའི་མདོ་བཤད་པ་དཔྱད་པ་ཡིནོ།། ནག་པོའི་རྣམ་གྲངས་ཉིད་ཡིན་པས་ན་འདིར་ཡོན་ཏན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་ཡིནོ།། ངན་པ་ཉིད་ཡིན་པའི་ཕྱིར་དང་། སྡིག་པོའི་སྐྱེ་བོས་བསྟེན་པ ་ཉིད་ཀྱི་ཕྱིར་སྡིག་པ་ཞེས་བྱའོ།། འགྱོད་པ་ནི་ཕྱིས་གླདུང་བྱར་གྱུར་པ་ཡིན་པ་ཡིན་ལ། འགྱོད་པ་གང་ལ་ཡོད་པ་དེ་ནི་འགྱོད་པར་གྱུར་པ་སྟེ་ཁྲོ་བོས་གང་བག་མེད་པའི་དབང་གིས་དགེ་བ་མ་སྤྱད་པ་དེ་བཟང་པོ་མ་བྱས་སོ་ཞེས་བྱ་བ་ལ་སོགས་པས་ཕྱིས ་གདུང་པོ་དང་ལྡན་པར་འགྱུར་རོ།། ཉེས་དེམི་གོས་བཞི་པོ་དེ་དགྲ་ནི་མཐོང་བའི་ཆོས་ཀྱི་ཡོན་ལ། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་ནི་ཚེ་ཕྱི་མཱ་ཡི་ནོ།། ནག་པོའི་རྣམ་གྲངས་ལས་བཟློག་པ་ནི་དཀར་པོའི་རྣ་མོ་གྲངས་ཡིན་པར་རིག་པར་བྱའོ།། གན ་ནི་གནས་ཀྱི་བྱེ་བྲག་ཡིན།། བློན་པོ་ཆེན་པོ་ཞེས་བྱ་བ་ནི་བདག་པོའི་སྒོ་ནས་ཆེན་པོའི་ཚད་ཙམ་གང་ལ་ཡོད་པ་དེ་ནི་བློན་པོ་ཆེན་པོ་ཡིན་ཏེ། ཡུལ་མ་གཽ་དྷའི་བློན་པོ་ཆེན་པོའི་ཡུལ་མ་ག་དྷའི་བློན་པོ་ཆེན་པོའོ།། གནོད་པ་བྱེ་བའི་ཕྱིར་ཞེས་བྱ་བ་ནི་བཟློག་པར ་བའི་ཕྱིར་རོ།། གཞན་པར་འདོད་པ་ནི་བསྒྲུབ་པར་འདོད་ཅིང་བྱེད་འདོད་པའོ།། བསོད་ནམས་བྱ་བ་ནི་བསོད་ནམས་དང་བདག་པོའི་སྒོ་ནས་དེ་ཆེ་བར་བརྗོད་ལ། མཐུ་ཆེ་བ་གཞན་དག་ལས་ཤིན་ཏུ་མཐུ་ཆེ་བ་དེ་ནི་མཐུ་ཚོ་ཞིང་བསོད་ནམས་ཆེ་བ་མིན ་གནས་ཀྱི་དངོས་པོ་འཛིན་པ་ཞེས་བྱ་བ་ནི་རྟེན་འཛིན་པ་བྱེད་པའོ།། སུམ་ཅུ་རྩ་གསུམ་རིས་ཀྱི་ལྷ་དག་ཀྱང་དེར་འཁོར་བཞག་པར་བྱ་བའི་ཕྱིར་གནས་ཀྱི་དངོས་པོ་འཛིན་པར་བྱེད་པ་དེའི་ཕྱིར་སུམ་ཅུ་རྩ་གསུམ་གྱི་དང་ལྷན་ཅིག ་ཏུ་འགྲོ་བ་བཞིན་ནོ།། སྙམ་དུ་དེ་དག་དང་ལྷན་ཅིག་བརྡོ་བྱས་པ་ཡིན་ཞེ་བསྟན་པ་ཡི་ནོ།། གཞན་དུ་ནི་ཇི་ལྟར་དེ་དག་འདིར་གནས་ཀྱི་དངོས་པོ་འཛིན་པར་འགྱུར། མིའི་འཁོར་བསྲུང་བར་བྱ་བའི་དོན་དུ་ལྷ་རྣམས་ཀྱི་དངོས་པོ་འཛིན་པ་ཡིན་ཞེས་བྱ་བར ་རིག་པར་བྱའོ།། ཇི་སྲིད་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྲིད་འཛམ་བུའི་གླིང་མ་ལུས་པ་འཕགས་པའི་ཐ་སྙད་དང་འཕགས་པའི་ཚོང་གི་ལམ་ཡོད་པ་དེ་དག་འཕགས་པའི་གནས་ལ་སོགས་པ་དེ་དག་ནི་ཐམས་ཅད་ཀྱི་ཡུལ་པོ་ཏཱ་ལི་བུ ་ཏྲ་མཆོག་ཏུ་འགྱུརརོ་ཞེས་བྱ་བ་དོན་འདིར་འགྱུ་རོ།། འགྲོ་བ་འཕགས་པའི་སྤྱོད་པས་གནས་པའི་ཕྱིར་འཕགས་པའི་གནས་ཡིན་ལ། ཚུལ་མ་ཡིན་པ་དང་བྲལ་བ་ཉིད་ཀྱིས་ཆོས་དང་ལྡན་པ་ཉིད་ཀྱི་ཕྱིར་འཕགས་པའི་ཐ་སྙད་ཡིནོ།། ཚོང་པའི་ལམ་ནི་ཚེང ་པའི་ལམ་སྟེ། ཚོང་པ་རབ་ཏུ་རྒྱུ་བའི་ལམ་ཡིན་ལ། ཆོས་དང་ལྡན་པའི་ཤོ་གམ་དང་གྲུ་བཙས་ལེན་པའི་ཕྱིར་དང་། དོར་ཐབས་ཀྱི་མཛད་པ་མེད་པའི་ཕྱིར་འཕགས་པའི་ཚོང་པའི་ལ་མོ།། ཐབས་གང་ཡིན་པ་དེས་ཁུར་བུར་བཅིངས་པ་ནི་ཐུམ་པོར ་བརྗོད་དེ་གང་དུ་ཐུམ་པོར་འབྱེད་ཅིང་གཤེག་པར་བྱེད་པ་དེ་ནི་ཐུམ་བུར་བྱེད་པ་སྟེ། ཐུམ་པ་འབྱེད་པ་ལ་རྣམ་པར་འཚེ་བ་མེད་པ་དེ་ཉིད་ཀྱི་ཕྱིར་ཡུལ་པ་ཏྲ་ལི་པུ་ཏྲ་ལ་མཆོག་ཉིད་དུ་བསྟན་པ་ཡི་ནོ།། འདི་བར་ཆད་གསུམ་ཡིན་པར་རིག་པར་བྱའོ་ཞེས ་བྱ་བ་ལ་སོགས་པ་ལ། འཇིག་རྟེན་པའི་རྐྱེན་བར་ཆད་ཡིན་པ་འམ་འཇིག་པ་ཁོ་ན་བར་ཆད་ཡིནོ།། མེ་ཞེས་བྱ་བ་ནི་མེའི་འཐད་ལ་སོ།། ཆུ་ཞེས་བྱ་བ་ནི་ཆུ་ལས་ཀྱང་།། གཅིག་ལ་གཅིག་འབྱེད་པ་ནི་ནང་ཕན་ཚུན་འབྱེད་པ་ལས་ཀྱང་ངོ་།། ་ཅིའི་ཕྱིར་ཡང་བཅོམ་ལྡན་འདས་འཇིག་པའི་རྐྱེན་གཅིག་ཁོ་ན་སྟོན་པར་མི་མཛད། བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིརརོ་ཞེས་ན། འདིར་བླ་མ་དག་འཇིག་པའི་རྒྱུ་གཞན་ཡོངསུ་སྲུང་བ་ལ་ཕྱོགས་པ་དག་གི ་གཞོན་གྱི་འཇིག་པ་དག་བཅོམ་ལྡན་འདས་ཀྱིས་མཁྱེན་པ་དེའི་ཕྱིར་གསུམ་པོ་དེ་དག་ལ་བག་ཡོད་པར་གྱུར་པ་དེ་དག་དེ་འཇིག་པར་ཡང་མི་ནུསོ་སྙམ་པའི་ངེས་པ་དེས་སྟོན་པར་མཛད་ཀྱི། མི་མཁྱེན་པའི་ཕྱིར་ནི་མ་ཡིནོ་ཞེས་སྟོན་པར་མཛདདོ།། ། ་བསྙེན་བཀུར་ཞེས་བྱ་བ་ནི་གུས་པའི་ཚུལ་གྱིས་ལུས་དང་ངག་གི་འཇུག་པས་ཉེ་བར་སྦྱོར་བ་ཡིནོ།། གསེ་ལས་བསྒྱུར་བ་ནི་གསེར་ལས་བྱས་པའོ།། བ་ནི་སྣོད་ཀྱི་བྱེ་བྲག་ཡིནོ།། གསོལ་བ་འདེབས་པར་གྱུར་པ་ནི་དོན་དུ་གཉེར་བར་གྱུར་པ ་འོ།། བསོད་ནམས་ཀྱི་རྒྱུན་ཞེས་བྱ་བ་ལ་སོགས་པ་ལ། རྒྱུན་ནི་རབ་ཏུ་འབབ་པ་ལ་བྱའོ།། བསོད་ནམས་ནི་སྦྱིན་པའི་རོང་བཞིན་ཏེ། སེམས་གོང་གིས་སྦྱིན་པ་དང་། དངོས་པོ་གང་ཡང་རུང་བ་སྦྱིན་པ་དང་། དེ་དང་འབྲེལ་པའི་ལུས་དང་ངག་གི་བྱ་བ ་དེ་དག་ཐམས་ཅད་སྦྱིན་པའི་ནང་དུ་འདུས་པ་ཁོ་ན་ཡིནོ།། དགེ་བ་སྨོས་པས། སྦྱིན་པ་མ་གཏོགས་པ་ནུས་པ་སྔོན་དུ་ལྡང་བ་ལ་སོགས་པ་དང་། ངག་གི་ལས་སྙན་པའི་ཚིག་ལ་སོགས་པ་དང་། དད་པ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་ལས ་གང་ཡིན་པ་དེ་དག་ཐམས་ཅད་བཟུང་།། བསོད་ནམས་དེ་ཉིད་མ་འོངས་པའི་བདེ་བ་བསྐྱེད་པར་བྱེད་པའི་རྟེན་ཉིད་ཡིན་པའི་ཕྱིར་བདེ་བའི་གཞི་ཞེས་བསྟན་ཏོ།། དོན་དང་ཞེས་བྱ་བ་ནི་མངོན་པར་འདོད་པ་ཐོབ་པར་བྱ་བའི ་ཕྱིར་རོ།། ཕན་པ་དང་ཞེས་བྱ་བ་ནི་མངོན་པར་འདོད་པའི་སེམས་ཀྱི་བདེ་བ་གནས་པའི་ཕྱིར་རམ་རབ་ཏུ་བརྩམས་པའི་ལས་ཡོངསུ་རྫོགས་པར་བྱ་བའི་ཕྱིརརོ།། དེའི་ཕྱིར་ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་བོདེ་བའི་ཕྱིརརོ།། ལོན་ཤོད་ཅིག་ཅེས་བྱ་བ་ནི ་སྦྱིན་པའི་འབྲས་བུ་ཡོངསུ་བསྔོ་བའོ།། དད་པ་ཅན་ཞེས་བྱ་བ་ནི་ལ་སོགས་པ་ལ། སྲོག་གཅོད་པ་མ་གཏོགས་པ་འགའ་ཞིག་ལྷ་ལ་མཆོད་པ་བྱེད་པ་དེ་ནི་དད་པ་ཅན་ཡིན་པར་རིག་པར་བྱའོ།། སྐྱེས་བུ་གང་ཟག་ཅེས་བྱ་བ་ནི་ཁྱིམ་པ་ཡིན་གྱི་རབ ་ཏུ་འབྱུང་བའི་སྐྱེས་བུ་མ་ཡིནོ།། སྟོན་པའི་བཀའ་བཞིན་བྱེད་པར་འགྱུར་ཞེས་བྱ་བ་ནི་བཀའ་ལྟར་བྱེད་པ་ཡིན་ཏེ། གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ལ་མཆོད་པ་བྱེད་པའི་ཁྱིམ་པ་ལ་བསྔགས་ཤིང་བསྟོད་པ་ཡིན།། ་བསྟ་ནི་བཅོས་ཡོངསུ་ཤེས་པ་ལ་མཁས་པ་ནི་ཡིད་གཞུངས་པ་ཡིན་ལ། འཇིག་རྟེན་གྱི་ཐ་སྙད་ལ་མཁས་པ་ནི་མཁསོ་པ་ཡིན།། རྟོག་ཅེས་བྱ་བ་ནི་བྱེད་པ་ཡིན།། ཚུལ་ཁྲིམས་གང་ལ་ཡོད་པ་དེ་དག་ནི་ཚུལ་ཁྲིམས་དང་ལྡན་པའོ།། ཡོན ་གྱི་བཤད་པ་ཞེས་བྱ་བ་ནི་ཟས་ལས་བྱུང་བའི་བསོད་ནམས་ཀྱི་འབྲས་བུ་ལྷ་རྣམས་ལ་ཡོངསུ་བསྔོ་བར་བྱ་བ་ཡིནོ།། རི་མོར་བྱས་དང་ཞེས་བྱ་བ་ནི་གནས་མཐོན་པོ་ཐོབ་པར་འགྱུར་བའི་བསྙེན་བཀུར་གྱིས་དེའི་ཚེ་ཡང་སྦྱིན་པོ་པོའི་ཕྱི ་མོར་བྱེད་པ་དང་། མཆོད་པར་གྱུར་པས་ཀྱང་མཆོད་པར་བྱེད་དོ།། དེ་ལྟར་སྦྱིན་པ་པོ་ལ་སྡུག་བསྔལ་ལས་ཡོངསུ་སྒྲུབ་པར་མཛད་པའི་སྒོ་ནས་ཐུགས་བརྩེ་བར་མཛད་དོ།། རྟག་ཏུ་གློང་པར་ཉལ་བའི་ཕྱིར་མི་ལས་སྐྱེས་ཏེ། བུ་སྡུག་ཡིན་ཏེ། དཔེར ་ན་མ་དོ་ལ་རྗེ་སུ་བརྩེ་བར་བྱེད་པ་དེ་བཞིན་དུ་བརྩེ་བར་མཛ་།། བཟང་པོ་མཐོང་བར་འགྱུར་ཞེས་བྱ་བ་ནི་ཐམས་ཅད་དུ་ཤེས་པ་མྱོང་བར་འགྱུརརོ།། དོར་འིའི་ཆོས་ཅན་ཞེས་བྱ་བ་ནི་ཟས་ལ་སོགས་པ་དོར་བའི་རང་བཞིན་དུའོ།། བཏང་བའི་ཆོས་ཅན་ཞེས་བྱ ་བ་ལ། སྦྱིན་པས་ཡོངསུ་དོར་བའི་ཆོས་ཅན་དུའོ།། ཕྱི་བཞིན་དུ་ཞེས་བྱ་བ་ནི་རྒྱབ་ཀྱི་ཕྱོགསུ་ཕྱི་བཞིན་དུའོ་ཞེས་བྱ་བའི་ཐ་ཚི་གོ། བཅོམ་ལྡན་འདས་སྔོན་དུ་གཤེགས་ཤིང་དེ་ནས་དགེ་སློང་དག་ཕྱིས་ཆར་གྱི་རྣམ་པ་ལྟ་བུའོ།། བརྩིགས་པར་བྱའོ་ཞེས་བྱ་བ་ནི ་འདུ་ཤེས་པ་རྣམ་པར་བཞག་པའི་སྒོ་ནས་བསྒྲུབ་པར་བྱའོ།། ཆུ་བོ་ཆེན་པོར་འཇུག་པའི་གནས་ནི་ཆུ་ངོགས་ཡིནོ།། སོ་ཕག་ལ་སོགས་པའི་འཇུག་པའི་ཐབ་སུ་གྱུར་པའི་ཐེམ་པ་སྦྱར་བ་ཡིནོ།། དབུས་ཀྱི་ཐོག་ནས་ཞེས་བྱ་བ་ནི་ཤིན་ཏུ་དབུས་ཀྱི་ཆ་ནས་སོ།། ་ཤིང་ཤ་ལཱ་མ་ལི་བཞོག་པ་ནི་ཤིང་ཤལ་མ་ལཱིའི་སྤང་ལོ་བ་ཡིན་ཏེ། དེ་ཤིན་ཏུ་ཡང་བ་ཉིད་ཀྱིས་ཆུ་རྒྱལ་བའི་ཐབས་ཉིད་ཡིན་པ་དེའི་ཉེ་བར་སྦྱོར་བར་བྱེད་དོ།། སྐྱེ་བོའི་ཚོགས་ཕན་ཚུན་སྦྲེལ་བ་ནི་སྐུ་བའི་གཟིངསོ།། ཤིང་བལ་གྱིས་བཀང་བའི་ནང་ཚངས ་ཅན་ནི་ཤིང་བལ་གྱི་ཁྲེས་པོ་ཡི་ནོ།། རྐྱལ་པ་ནི་པགས་པ་ལས་བྱས་པའི་རྒལ་བའི་ཐབ་སུ་གྱུར་པའོ།། ཕ་རོལ་ཏུ་འགྲོ་བར་བྱེད་པ་ནི་ཕར་བརྒོལ་བ་ཡི་ནོ།། ཚུ་རོལ་ཏུ་རྒལ་བར་བྱེད་པ་ནི་ཚུར་བརྒལ་བ་ཡི་ནོ།། ཆུ་ཟབ་མོའི་ནང་དུ་འགྲོ་བ་བསྒྲུབ་པར་བྱ་བའི ་ཕྱིར་ཆུའི་རྒྱུན་ཉིད་ལས་ས་དང་འདྲ་བར་མི་འབྱིང་བ་ཡིནོ།། དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་གྱུར ་པ་ཡི་ནོ།། གང་དག་ཅེས་བྱ་བ་ལ་སོགས་པ་ལ། གང་དག་རྒལ་བ་ནི་གོང་ཞིག་ད་ལྟར་རྒལ་བའི་ཕྱིར་སྤོབས་པ་ཡིནོ།། རྒྱ་མཚོ་ནི་ཆུ་འཛིན་ཡིན་ལ། མཚོའམ་རྒྱ་མཚོར་འཇུག་པའི་ཆུ་བོ་ཞེས་བྱ་བའི་ཐེ་ཚིག། ཟམ་པ་དང་བཅས་པ་ནི་ཆུ་ལོན་བརྩིགས་པའི ་ཚུལ་དུ་ཟམ་པ་བཏགས་ནས་འདམ་རྫབ་སྤངས་པ་ཡིན་ནོ།། རྒལ་བ་ནི་ལྟེང་ཀ་ལ་སོགས་པ་ཆུས་ཁྱབ་པའི་ཕྱོགས་ལསོ།། དེའི་འོག་ཏུ་ཅི་ཞིག་བྱེད་ཅེ་ན། སྨོས་པ་གཟིངས་བཅས་པ་ནི་རྩ་བ་དང་ཡལ་ག་དང་ལོ་མ་ལ་སོགས་པ་བཙགས་ནས་སྔོན་དུ་ཆུ ་ལ་འཇལ་བར་བྱེད་པ་འམ། གྲུ་ལ་སོགས་པ་ལ་སྐྱེ་བོ་དེ་དག་ཡང་དག་པར་བརྟེན་ནསོ།། ཁ་ཅིག་ནི་ཆུ་བོ་གཾ་གཱ་རྒལ་བར་འདོད་པ་དེའི་ཕྱིར་གྲུ་ལ་སོགས་པ་ཡོངསུ་ལེན་པའི་སྒོ་ནསོ།། རྒལ་བ་ནི་ཕ་རོལ་གྱི་འགྲམ་དུ་ཕྱིན་པའོ།། གང་ཞེ་ན་སྐྱེ་བོ་ཡིད་གཞུངས ་པ་སྟེ། གང་དག་མཁས་པ་དང་གསལ་བ་དེ་དག་མི་མགོར་བར་བྱེད་པ་ཉིད་ཀྱི་ཕྱིར་དང་པོར་བརྒལ་བ་ཡིན་ནོ།། བཅོམ་ལྡན་འདས་ནི་སྐྱེ་བོ་ཡང་གཞུངས་པ་ཐམས་ཅད་ཀྱིས་གཅེས་པ་འཛིན་པ་ཉིད་ཡིན་པའི་ཕྱིར།། སངས་རྒྱས་བཅོམ་ལྡན་འདས་ནི་བརྒ ་ནས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཉོན་མོངས་པོ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་དང་། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་ཏུ་ཐུགས་ཆུད་པའི་ཕྱིར་གོ་རིམས་བཞིན་དུ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ།། ་ཐམས་ཅད་ཀྱི་དང་པོར་བརྒལ་བ་དེ་ཡང་ཚངས་པ་ཡིན་ལ། རྒྱུན་མི་འཆད་པར་ཚིག་གི་དོན་ལ་གཞོལ་བར་བྱེད་པའི་སྒོ་ནས་ཕྱི་རོལ་ཏུ་ཡིད་ཕྱོགས་པ་ཉིད་ཀྱི་ཕྱིར་ཐུབ་མཆོག་ཅེས་བྱའོ།། སྐམ་ལ་བཞུགས་པ་ནི་ཆུ་བོ་གངྒཱའི་དོགས་ན་བཞུགས་པ ་ཡིནོ།། དགེ་སློང་དག་འདིར་ཁྲུས་བྱེད་ཅེས་བྱ་བ་ནི་དགེ་སློང་དག་ཕ་རོལ་གྱི་འགྲམ་དུ་བརྒལ་ནས་ཆུས་ལུས་ཡོངསུ་རླན་པར་བྱེད་པའོ།། གཟིངས་འཆའ་བ་ནི་ཉན་ཐོས་གང་དག་ད་ལྟར་ཡང་མ་རྒལ་བ་ཕྱིར་འོངས་པའི་དགེ་སློང་དེ་དག ་གཟིངས་ལོན་པར་བྱེད་པ་ཡིན།། འདི་ལྟར་དོ་ལ་ཇི་སྐད་དུ་བརྗོད་པའི་ཚིགསུ་བཅད་པའི་དོན་དེ་ལྟར་འདིར་ཡང་དོན་མཚོན་པར་བྱ་བ་ཡིན་ཏེ། གང་དག་རྒལ་བར་བྱེད་པ་ནི་རྒལ་བར་འདོད་པའོ།། རྒྱ་མཚོ་ནི་འཁོར་སྐྱེད་པར་བྱེད་པའི་མཚོའི་དབུ ་ཀློང་ཡིནོ།། ཟམ་པ་དང་བཅས་པ་ནི་མཐོང་བའི་ལམ་མངོན་སུམ་དུ་བྱས་པ་ཡི་ནོ།། འདམ་རྫབ་སྤངས་པ་ནི་མཐོང་བྱས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ཡིན་ནོ།། སྐྱེ་བོ་གཟིངས་འཆའ་བ་ནི་དེའི་བག་ལ་ཉལ་སྤང་བར་བྱ་བའི་ཕྱིར་བསྒོམ ་མ་པ་བྱུད་འི་ཚོ་ཆགས་ཕྱི་། ག་སུས་བགས་པའི་བྱུང་འི་ས་སྷོ། མྦྷ་ཧྲཱི་ཧཱུ~ཾ་གང་སྦྱིན་མ་སྨྲ ་བྱ་བ་ལ་སོགས་པས་རང་བྱུང་ཉིད་བསྟན་ཏོ།། སྐམ་སར་བཞུགས་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། མདོ་སྡེ་ལས་ཕ་རོལ་གྱི་དོགས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས ་འདས་པའི་དབྱིངས་དེའི་ཆོ་ག་བླ་དགས་ཡིན་ཞེས་བསྟན་ཏོ།། བཞུགས་པ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་སྟོན་པར་བྱེད་པ་ཡིན་ཏེ། དེ་མེད་པར་བཅོམ་ལྡན་འདས་སྲིད་པར་སྐད་ཅིག་ཀྱང་བཞུགས་པར་མི་འགྱུ་རོ།། དགེ་སློང ་དག་འདིར་ཞེས་བྱ་བ་ལ་སོགས་པས་མཐོང་བའི་ཆོས་ལ་བདེ་བར་གནས་པ་བསྟན་ཏོ།། གཟིངས་འཆའོ་ཞེས་བྱ་བས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་ནས་མཐོང་བའི་ལམ་ལ་སོགས་པ་མངོན་སུམ་དུ་བྱེད་པ་ཡིན་པ་དེ་བས་ན ་འདས་ནི་ཞུགས་པ་སྟོན་པ་ཡིནོ།། དེའི་ཕྱིར་ཞུགས་པ་བཞི་དང་འབྲས་བུ་བཞི་ལ་གནས་པའི་དགེ་སློང་དེ་དག་ནི་ཡོན་གནས་རིག་པ་དང་རྐང་པ་དང་ཏིང་ངེ་འཛིན་དང་ལྡན་པ་ཡིནོ།། ཆར་གྱི་འབྱུང་གནས་ནི་ཞིང་ཁྱད་པར་ཅན་སྒྲུབ་པ་བྱེད་པའི་ཕྱིར་དགའ ་པ་བསྐྱེད་པར་བྱེད།། ཚུལ་ཁྲིམས་འདི་ཞེས་བྱ་བ་ནི་མངོན་སུམ་དུ་གནས་པ་དག་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་དེ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བསྟན་ཏོ།། སོ་སོར་ཐར་པ་དང་། བསམ་གཏན་དང་། ཟག ་པ་མེད་པའི་སྡོམ་པའི་རང་བཞིན་དག་ཡིནོ།། ཏིང་འཛིན་ཅེས་བྱ་བ་ལ། ཏིང་འཛིན་གསུམ་སྟེ། རྟོགས་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་ལ་སོགས་པའོ།། ཤེས་རབ་འདྲི་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་དང་། བསམ་པ་ལས་བྱུང་བ་དང་། ་བསྒོམ་པ་ལས་བྱུང་བ་དང་ཟག་པ་མེད་པའོ།། ཚུལ་ཁྲིམསོ་ཡོངསུ་བསྒོམས་པས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་བསྒོམས་པ་སྟེ། རྒྱུད་ལ་ཚུལ་ཁྲིམས་རྣམ་པར་དག་པ་སྐྱེ་བོར་འགྱུར་བའི་ཕྱིརརོ།། རིང་དུ་གནས་པར ་འགྱུ་རོ་ཞེས་བྱ་བ་ནི་ཡོངསུ་གཞོམ་པའི་ཕྱིར་རུང་བར་འགྱུར་བ་ཡིནོ།། ཤེས་རབ་བསྒོམས་པ་ནི་བསྟེན་པ་ཞེས་བྱའོ།། ཡང་དག་རྣམ་པར་གྲོལ་བར་འགྱུར་ཞེས་བྱ་བ་ནི་ཡོངསུ་ཉམས་པར་མི་འགྱུར་བ་ཉིད་ཡིན་ཏེ། དེ་ལྟར་དགེ་སློང ་དགྲ་གྲང་སྤངས་པ་དེ་ནི་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་ཡིནོ་ཞེས་བསྟན་པ་ཡི་ནོ།། ཀུཉྫི་ཀའི་གནས་ཞེས་བྱ་བ་ནི་དྲང་སྲོང་ཀུཉྫི་ཀས་བྱས་པ་ཉིད་ཡིན་པའི་ཕྱིརོ།། འོག་མའི་ཆ་དང་མཐུན་པ་ཞེས་བྱ་བ་ལ། འོག་མའི་ཆུ་དང་མཐུན ་པ་ནི་མི་དགེ་བའི་ཆོས་ཐམས་ཅད་དང་ལྡན་པའི་ཕྱིར་འདོད་པའི་ཁམས་ཡིན་ལ། དེ་དག་ཀྱང་དེ་དང་རྗེ་སུ་མཐུན་པ་ཡིན་པ་དེ་བས་ན་འོག་མའི་ཆ་དང་མཐུན་པ་ཞེས་བྱའོ།། དེ་དག་ཀྱང་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། འཇིག་ཚོགས ་སུ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དག་ཡིནོ།། བརྫུས་ཏེ་སྐྱེ་བ་ཞེས་བྱ་བ་ནི་དེ་ན་སྐྱེ་གནས་གཞན་མེད་པའི་ཕྱིར་རོ།། དེ་ཉིད་ལ་ཆོས་རྩོལོ་ཞེས་བྱ་བ་དང་། བརྩོན་འགྲུས་རྩོ་མོ།། སེམས་འཛིན་ཏོ།། ་རབ་ཏུ་འཛིན་ཏོ་ཞེས་བྱ་བ་སྨོས་ཏེ། བརྩོན་འགྲུས་བརྩམས་པ་ནི་མི་དགེ་བའི་ཆོས་རྣམས་སྤང་བར་བྱ་བོའི་ཕྱིར་དོང་། དགེ་བའི་ཆོས་རྣམས་བསྒོམ་པར་བྱ་བའི་ཕྱིར་ཤིན་ཏུ་སྤྲོ་བ་དང་བཙོས་པར་འགྱུར་བའོ།། སེམས་འཛིན་པ་ཞེས་བྱ་བ ་ནི་ཡུལ་མ་ཡིན་པ་ལོས་ཟློག་པར་བྱེད་པ་དང་། ཡུལ་ལ་རབ་ཏུ་འཇུག་པར་བྱེད་པ་ཡིནོ།། རབ་འཛིན་པ་ཞེས་བྱ་བ་ནི་རྒྱུན་གྱིས་ཡུལ་ལ་སེམས་འཛིན་པར་བྱེད་པ་ཡིན་ནོ།། དགེ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་འདོད་པ་ཉིད ་ཀྱི་ཕྱིར་དགེ་བ་ཡིན་ནོ།། གནས་པ་ནི་བརྟེན་པར་གྱུར་པའི་ཕྱིརརོ།། མི་བརྗེད་པའི་ཕྱིར་ཞེས་བྱ་བ་ནི་དྲན་པ་རྨོངས་པའི་ཉེས་པ་བཟློག་པར་བྱ་བའི་ཕྱིརརོ།། གོམས་པར་བྱེད་པ་ནི་བསྒོམ་པ་ཡིན་ལ། བསྒོམས་པ་དག་ཡོངས་སུ ་རྫོགས་པ་ཡིན་ཏེ། བསྒོམ་པ་འགྲུབ་པ་དེའི་ཕྱིརརོ།། ཡང་དང་ཡང་དུ་བསྒོམ་པ་ནི་ཕྱི་ཕྱིར་བསྒོམ་པོ་ཡིན་ཏོ། ཆུང་ངུའི་རྣམ་པ་གྲུབ་པའི་ཕྱིར་ཡང་ནས་ཡང་མངོན་སུམ་དུ་བྱེད་དོ།། འཕེལ་བ་ནི་འབྲིང་གི་རྣམ་པ་གྲུབ་པ་ཡིནོ།། རྒྱས་པ་ནི། ་ཆེན་པོའི་རྣམ་པ་གྲུབ་པ་ཡི་ནོ།། ཡང་ན་བསྒོམ་པ་ཡོངསུ་རྫོགས་པ་ནི་ཆུང་ངུའི་རྣམ་པ་གྲུབ་པ་ཡི་ནོ།། ཕྱི་ཕྱིར་བསྒོམ་པ་ནི་འབྲིང་གི་རྣཾ་བ་གྲུབ་པ་ཡི་ནོ།། འཕེལ་བ་ནི་ཆེ་བཱི་ན་པ་གྲུབ་པ་ཡི་ནོ།། སུ་རིང་པོར་རྒྱན་གྱི་9་རྫུཿཔ་ནི་རྒྱས་པ་ཡིན་ཏེ། དུས་རིང་པོར་ཁྱབ་པར་བྱེད ་བ་ཡིན་པའི། འགྲོ་བ་དང་འགྲོ་བ་ཞེས་བྱ་བ་ལ་སོགས་པ་དག་གི་རྣམ་པར་བཤད་པ་ནི་བྲམ་ཟེའི་ཁྱེའུ་ཨོཾ་མ་པ་སྟའི། མདོའི་རྣམ་པར་བཤད་པར་བལྟ་བར་བྱའོ།། ནང་ག་ལུས་ལ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་མངལ་དུ་འཇུག་པའི ་མདོ་བཤད་པ་ལྟ་བུར་རིག་པར་བྱའོ།། ཤྲིང་རྟ་རེ་རེ་ལ་ཞོན་ཏུ་ཞེས་བྱ་བ་ནི་ཤིང་རྟ་སོ་སོ་ཐ་དད་པ་ལ་ཞོན་ནསོ།། རྟ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་རྟ་བཟློག་པའི་ཐབསུ་གྱུར་པ་ནི་སྲ་བཽ་ཡི་ནོ།། ལྕག་ནི་འགྲོ་བར་བྱེད་པའི་ཐབསུ་གྱུར་པའོ།། དོ ་ཀེར་ནི་སྤྱི་བོའི་དབུས་ན་འདུག་པོའོ་སྤྱི་བཅིངས་ཏེ། གཙུག་ཏོར་གྱི་རྣམ་པ་ཉིད་དམ་ཅོད་པན་ལ་དོ་ཀེར་གྱི་སྒྲས་བརྗོད་དོ།། ཡུབ་ནོར་བུ་ལས་བྱས་པ་འམ། ཡུ་བ་ནོར་བུས་སྤྲོས་པའི་རྔ་ཡབ་བོ།། ཇི་ལྟར་ན་དེ་དག་སྔོན་པོ་ལ་སོགས་པ་ཉིད་དུ་འགྱུར ་པ་ཡིན་ཞེ་ན། འདིར་ཁ་ཅིག་ནི་ངོ་བོ་ཉིད་ཀྱི་སྔོན་པོའི་རྟ་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིརོ་ཞེས་བརྗོ་དོ།། ཁ་ཅིག་ནི་ནོར་བུའི་འོད་ཀྱི་ཕྱིརརོ་ཞེས་བརྗོད།། ཅོད་པ་ན་གསལ་བར་བྱེད་པའི་བདག་ཉིད་ཅན་གྱི་ནོར་བུ་མཐོན་ཀ་ཡོད་པའི་ཕྱིར ་འཁོར་དང་བཅས་པ་སྔོན་པོ་ཉིད་དུ་གྱུར་པ་ཡི་ནོ།། ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་ནོར་བུའི་མཐུ་ནི་བསམ་གྱིས་མི་ཁྱབ་པ་ཡི་ནོ་ཞེས་གསུངས་ཏེ། ནོར་བུ་སེར་པོ་མཐུས་སོར་པོ་དང་། ནོར་བུ་དམར་པོའི་མཐུས་དམར་པོ་དང་། ནོར་བུ ་དཀར་པོའི་མཐུས་དཀར་པོར་གྱུར་པ་ལོ་ནོ།། ཕར་ཁྱེད་ཅེས་བྱ་བ་ལ་སོགས་པ་ལ། མངོན་དུ་ཕྱོགས་པས་རྣམ་པར་གནས་པ་ནི་གནས་འདི་ལས་ཚུར་མི་འོང་བྱ་ནི་ཕར་ཁྱེད་ཅེས་བྱ་བའི་སྒྲ་བྱིན་ལ་མངོན་དུ་ཕྱོགས་ནས་འོང་བ་ནི་ཕ་རོལ ་ནས་མངོན་དུ་ཕྱོགས་ནས་ཚུར་འོང་བར་བྱེད་པས་ན་ཚུར་གྱི་སྒྲ་ཡིནོ།། སྒྲོགས་པར་གྱུར་པ་ནི་བརྗོད་པར་གྱུར་པ་སྟེ། དེས་ཉེ་བར་མཚོན་པ་དག་གིས་འབྱུང་བ་ཡིནོ།། དེ་ཁྱད་པར་ཇི་ལྟོ་བུ་དང་ལྡན་ཞེ་ན། སྒྲ་མངོན་པོ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། ཟག་རིང་དུ་ཁྱབ་པར་བྱེད་པའི་སྒྲ་ནི་སྒྲ་མཐོན་པོ་ཡིན་ནོ།། སྐྱེ་བོ་མང་པོའི་སྒྲ་ནི་སྒྲ་ཆེན་པོ་ཡིན་ཏེ། སྒྲ་མཐོན་པོ་དང་སྒྲ་ཆེན་པོ་གང་ཡིན་པ་དེ་དགྲ་སྒྲ་མཐོན་པོ་དང་སྒྲ་ཆེན་པོ་ཡིནོ།། ཡངས་པ་ཅན་ནས་ཞེས་བྱ་བ་ནི་ཡངས་པ་ཅན ་དག་ལསོ།། འདི་ལྟ་བུའི་འབྱོར་པ་ཞེས་བྱ་བ་ལ། འབྱེད་པ་ནི་ཕུན་སུམ་ཚོགས་པའོ།། ཕུན་སུམ་ཚོགས་པ་ནི་སྐྱིད་པའི་འབྱོར་པ་གསལ་བར་བྱེད་པ་ཡིན།། ཆ་ལུགས་ནི་ཆ་བྱད་དོ།། སྟན་སོ་སོར་འཇོག་པའི་སྒོ་ནས་འཁོང་བའོ།། བྱ་བ ་གཅིག་གི་སྒོ་ནས་འདུས་པ་ཡི་ནོ།། བདག་སྤོབ་སོ་ཞེས་བྱ་བ་ནི་བདག་མངོན་པར་འདོད་པའི་ཚིག་སྨྲ་བར་འདོད་པའི་ཕྱིར་སྤོབས་པ་སྐྱེས་པ་སྟེ། རབ་ཏུ་དགའ་བས་ལན་གཉིས་བརྗོད་པ་ཡིནོ།། སྤོབས་པར་བྱོས ་ཤིག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བྱ་བའི་ཚུལ་དུ་སྤོབས་པའི་ཕྱིར་གནང་བ་རྩོལ་བ་ཡིནོ།། ཨང་གའི་ཞེས་བྱ་བ་ལ་སོགས་པ་ལ། རྙེད་པ་ར་བོ་རྙེད་པ་ཞེས་བྱ་བ་ནི་ཤིན་ཏུ་མཛེས་པར་རྙེད་པ་ནི་རབ་ཏུ་རྙེད་པའོ།། གང་གི་ཞེ ་ན། སྨྲས་པ། ཨོཾང་གའི་རྒྱལ་པོ་སྟེ། ཡུལ་ཨང་གིའི་རྒྱལ་པོ་ནི་ཨང་གའི་རྒྱལ་པོ་ཡིན་པས་ན་དེའི་ཨུ་རྦ་ཡང་ནས་བཏང་བའི་ནོར་བུའི་གོ་ཆ་འཆང་བའི་ཕྱིར་ནོར་བུའི་གོ་ཆ་འཆང་བ་ཅན་ཏེ། དེའི་ཡུལ་མ་ག་དྷ་དེའི་རིམ་པས་ཐོབ་པ་ཡིན ་པཇིའི་ཕྱིར་ཡུལ་མ་གོ་དྷའི་དབང་ཕྱུག་ཅེས་བྱ་བ་སྨོས་པ་ཡི་ནོ།། ཡུལ་ཨང་གའི་རྒྱལ་པོ་གཟུགས་ཅན་སྙིང་པོས་གཞོན་ནུའི་གནས་སྐབསུ་སྟོབས་ཀྱིས་གནོན་པ་ཉིད་ཀྱི་ཕྱིར་རིམ་པས་ཐོབ་པ་མ་ཡིནོ།། ཇི་ལྟར་ན་དེའི་རྙེད་པ ་རབ་ཏུ་རྙེད་པ་ཡིན་ཞེ་ན་རྣམ་རྒྱལ་གང་དུ་སངས་རྒྱས་འབྱུང་བ་ནི་ཞེས་བྱ་བ་སྨོས་ཏེ། ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་དེའི་རྣམ་པར་རྒྱལ་བའི་ཡུལ་དུ་སངས་རྒྱས་བཅོམ་ལྡན་འདས་འབྱུང་བ་དེའི་ཕྱིར་དེའི་རྙེད ་པཔརབ་ཏུ་རྙེད་པ་ཞེས་བྱ་བ་ཡིན་ནོ།། བཅོམ་ལྡན་འདས་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། སྒྲ་སྒྲོགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འགྲོ་བ་ཐམས་ཅད་ལ་དྲི་མ་མེད་པའི་སྙན་པས་ཁྱབ་པར་གྱུར་པ་ནི་སྒྲ་གྲོགས་པས ་ཁྱབ་པ་ཡིན་ནོ།། གྲངས་ཅན་རི་ཞེས་བྱ་བ་ནི་ཇི་ལྟར་རིའི་རྒྱལ་པོ་གངས་ཅན་འགྲོ་བ་ཐམས་ཅད་པ་མཐོན་པོ་ཉིད་དུ་གྲགས་པར་གྱུར་པ་དེ་བཞིན་དུའོ།། ཆུ་སྐྱེས་ཞེས་བྱ་བ་ལ་སོགས་པ་ལ། ཆུ་ལས་སྐྱེས་པས་ན་ཆུ་སྐྱེསོ།། དེ་གང ་ཞོ་ན། སྨྲས་པ། མེ་ཏོག་ཀོ་ཀ་སྟེ་པདྨ་ཞེས་བྱ་བའི་ཐ་ཚི་གོ།། དྲྀ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། སྨྲས་པ། མཛེས་སྐྱེས་ཏེ། ཁ་དོག་དང་དབྱིབས་མཛེས་པའོ།། ཐོ་རངས་ཏེ་ཐུན་དང་པོ་ན་ཁོ་ན་ལ་ཆུ་ལས་ངེས་པར་བྱུང་པོ་ནི་ཐོ་རངས ་འབུས་པ་ཡིན་ཏེ། ཐོ་རངས་བྱུང་བ་ཉིད་ཀྱི་ཕྱིར་རོ།། ཐོ་རངས་ཀྱི་དུས་སུ་ཆུ་ལས་བྱུང་བའི་ཕྱིར་ཤིན་ཏུ་རྒྱས་པར་གྱུར་པ་ཡིན་ཏོ།། དུ་སྐད་དུ་ཉི་མོ་ཤར་བའི་ཚེ་ཁ་བྱེ་བར་འགྱུར་ཞེས་འབྱུང་ངོ་།། དྲི་དང་ལྡན་པ་སྟེ་ཞེས་བྱ་བི་ན་ཤིན་ཏུ་དྲི་དང་འབྱོར ་པ་ཡིན་ནོ།། ཇི་ལྟར་པདྨ་དེ་དྲི་དང་མདངས་ཀྱིས་རྣམ་པར་གསལ་ཞིང་མཛེས་པ་དེ་བཞིན་ཏོ། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་དྲི་དང་ཤིན་ཏུ་འབྱོར་པ་དང་། འོད་འདོམ་གང་བས་གསལ་བར་གྱུར་པས་ན་རྣམ་པར་མཛེས་པར་གྱུར་པ་ལ་ལྟོས ་ཤིག། བཅོམ་ལྡན་འདས་ཀྱང་ཉི་མའི་རིག་ལས་འཁྲུངས་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཉིད་ཉི་མ་ཡིན།། ལྟོས་ཤིག་ཅེས་བྱ་བ་ནི་ཀུན་ཏུ་ལྟོས་ཤིག་པ་ཡི་ནོ།། ཉི་མ་འཆར་བ་བཞིན་ཞེས་བྱ་བ་ནི་ཇི་ལྟར་བར་སྣང་སྟེ། ནཱ་མཁའིའ་ལ་ཉི་མ ་གཟི་བརྗིད་འབར་གྱུར་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱང་ངོ་།། དེ་བཞིན་གཤེགས་པ་ནི་འདས་པ་དང་། མ་འོངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱསོ།། ཤེས་རབ་སྟོབས་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟོབས་ནི་ཤེས་རབ་སྟོབས་ཏེ ་ཤེས་རབ་ཀྱི་ནུས་པ་ཡིན།། དེ་དག་གིས་ཅི་ཞིག་མཛད་ཅེ་ན། གང་གིས་འདིར་ལྷགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དང་བླ་དག་ལ་མང་པོའི་ཚིགས་ཏུ་བྱའོ་ཞེས་པའི་རིགས་གང་དག་གིས་ཤེས་བྱ་བ་མང་པོའི་ཚིག་འདིས ་བཅོམ་ལྡན་འདས་ཁོ་ན་ལ་སྨྲས་པ་ཡིན་ལྔ། མིག་ལ་མང་པོའི་ཚིག་མི་རིགས་པ་དེའི་ཕྱིར་གང་དག་གིས་ཞེས་བྱ་བ་སྨོས་པ་ཡིན་ཏེ།། ད་ལྟར་བྱུང་བའི་བླ་མ་གང་དག་ཤེས་རབ་སྟོབས་ཀྱིས་འདིར་ལྷགས་པ་དག་གི་ཐེ་ཚོམ་དང་ཡིད་གཉིས་བསལ་བར ་མཛད་པ་འམ། འདུལ་བར་མཛད་པ་འམ། འཇིག་པར་མཛད་པ་ཡིནོ།། དེ་དག་ཉིད་མིག་བྱེད་པ་ཡིན་ཏེ། སྐྱེ་བོ་འདུལ་བའི་བླ་ན་མེད་པའི་ཤེས་རབ་ཀྱེ་མིག་སྐྱེད་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིརརོ།། དེ་དག་ཉིད་སྣང་བར་བྱེད་པ་ཡང་ཡིན་ཏེ། ཤེས་རབ་ཀྱིས་སྣང ་བ་བྱེད་པ་ཉིད་ཀྱི་ཕྱིར་རོ།། ཙྭི་དང་འདྲ་བར་ཞེ་ན། ཇི་ལྟར་མཚན་མོ་ཞེས་བྱ་བ་ལ་སོགས་པོ་སྨོས་ཏེ། ཇི་ལྟར་མཚན་མོ་མུན་པ་དག་མེ་རབ་ཏུ་འབར་བས་གསལ་བར་བྱེད་པ་ཡིན་ཏེ། ཕྱི་རོལ་གྱི་མུན་པ་འཇོམས་པར་བྱེད་པའི་ཕྱིརོ།། མིག་ཡུལ་ལ་འཇུག་པ་དང ་རྗེས་སུ་མཐུན་པོ་ཉིད་ཀྱི་ཕྱིར་མིག་བྱེད་པར་འགྱུར་བ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྡེ་ཞལ་སྔ་ནས་ཀྱང་ཞེས་བྱ་བ་ཡི་ནོ།། ལེགས་པར་སྨྲསོ་ཞེས་བྱ་བ་ནི་དོན་དང་ཚིག་དང་ཡི་གེ་མཛེས་པ་ཉིད་ཀྱི་ཕྱིར་དང་། སྐབས་དང་ལྡན་པ་ཉིད་ཀྱི་ཕྱིར་འདིར་ཡ ་དགའ་བས་ལན་གཉིས་བརྗོད་པ་ཡིན་ནོ།། མཛེས་པར་སྨྲས་པ་ནི་ལེགས་པར་སྨྲས་པ་ཡིན་ལ། ལེགས་པར་སྨྲས་པ་དེ་དག་གི་དགོས་པ་ཡིན་པས་ན་ལེགས་པར་སྨྲ་བའི་ཕྱིར་ཏེ། ལེགས་པར་བཤད་པ་ཀློག་པས་སེམས་མགུ་བ་དག་གི་མགུ ་བ་སྦྱིན་པ་ཡིནོ།། མ་དང་འདྲ་བས་ཞེས་བྱ་བ་ལ་སོགས་པ་ལ། མ་ནི་མ་ཉིད་ཡིནོ།། མ་དང་མཚུངས་པས་ན་མ་དང་འདྲ་བ་སྟེ། བུ་སྐྱེར་རུང་བའི་བུད་མེད་ཡིནོ།། དེ་ནི་སྐྱེས་བུ་མཉེས་པར་བྱེད་པའི་ཤེས་རབ་དང་ལྡན་པ་ཡིན་ལ། ཡུལ་གཞན་དང་ནི་མུ ་ཡིན་ཏེ། བློ་ཆུང་བས་དེ་ཐུམས་ཅད་ཤེས་རབ་སྒྲུབ་པའི་ནུས་པ་མེད་པ་ཞེས་བསྟན་ཏོ།། འོན་ཀྱང་དོན་དྲང་དེ་ལ་བདག་ཅག་བསྡུས་པས་དེ་བས་ན་བདག་ཅག་ལ་ཤིན་ཏུ་ཚུལ་མི་མཐུན་པ་བྱས་པ་ཡི་ནོ།། ཡང་ན་བདག་པོ་དྲན་པ་ཉིད་ཀྱི་ཕྱིར་མ་དང་འདྲ་བ་ཡིནོ།། ། ་ཤེས་རབ་ཆུང་བ་ཉིད་ཀྱི་ཕྱིར་ཤེས་རབ་ཆུང་བ་ཅ་ནོ།། གཞན་གྱིས་སྔར་མ་མཐོང་བ་ནི་ངོ་མཚར་བ་ཡིན་ལྷ། སྔར་མ་ཐོས་པ་ནི་རྨད་དུ་བྱུང་བ་ཡིནོ།། དེ་ལྟ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་དག་གི་བཤད་པ་ནི་སྔ་མ་བཞིན་ནོ།། གུས་པར་ཉན་པ་ཞེས་བྱ་བ་ནི། ་གུས་པ་སྐྱེས་ནས་ཉན་འི་ཕྱིར་གུས་པ་ཉན་པ་ཡིནོ།། ཆོས་སམ་ཆོས་སྨྲ་བ་ལ་སྟོན་པ་ཉིད་དུ་ལྟ་ཞིང་མཛིན་པས་ཉན་པའི་ཕྱིར་བླ་མར་བྱས་པ་ཡི་ནོ།། རུ་ཤིང་དུ་བྱས་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པའི་ཕྱིར་བདག་གིས་གདོན་མི་ཟ་བར་དེ་དག་རྟོགས་པར ་བྱའོ་ཞེས་གུས་པ་ཉེ་བར་བཞག་པ་ཡིནོ།། ཐོས་པ་སེམས་ཀྱིས་འཛིན་པ་ནི་ཡིད་ལ་བྱེད་པ་ཡིནོ།། སེམས་དམིགས་པ་གཅིག་ལ་འཇུག་པ་ནི་སེམས་རྩེ་གཅིག་པ་ཡིནོ།། མཉན་པར་བྱ་བ་མ་ཡིན་པའི་ཡུལ་ཐམས་ཅད་ལས་ལྡོག་པ་དང་མཉན་པར ་བྱོ་བ་དེ་ལ་གཏོང་བ་ནི་རྣ་བའོ།། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་ཞེས་བྱ་བ་ནི་ཡུལ་གཞན་ལ་རྣམ་པར་ཤེས་པ་འཇུག་པ་བཟློག་པ་དང་། དེའི་ཡུལ་གཅིག་ལ་རྣ་བའི་རྣམ་པར་ཤེས་པ་བསྐྱེད་པ་ཡིནོ།། ཁོང་དུ་ཆུད་པ་ནི་ཐོབ་པར ་གྱུར་པའོ།། དགའ་བ་ནི་ཡིད་པ་བདེ་བ་ཡི་ནོ།། ཉེས་པི་གཉེན་པོའི་ཕྱོགས་ཚོལ་བ་ན་དེ་རྙེད་པ་ལས་ཡིད་ཡོངས་མགུ་བར་གྱུར་པ་དེ་ནི་མགུ་བ་ཡི་ནོ།། འབྲས་བུ་འདོད་པ་ཉིད་ཀྱི་ཕྱིར་དགེ་བ་ཡིནོ།། འབྲས་བུ་རྒྱ་ཆེ་བ་ཉིད་ཀྱི ་རྒྱ་ཆེ་བ་ཡིནོ།། ཁྱིམ་ལ་སོགས་པའི་འཆིང་བ་ལས་ངེས་པར་འབྱུང་བ་དང་མཐུན་པ་ཉིད་ཀྱི་ཕྱིར་དང་། འཕགས་པའི་ལམ་དང་མཐུན་པའི་ཕྱིར་ངེས་པར་འབྱུང་བ་ལྡན་པ་ཡིན་ལ། འདིས་ངེས་པར་འབྱུང་བས་ན་ངེས་པར་འབྱུང་བ་སྟེ་འཕགས་པའི ་ལམ་ཡིནོ།། ངེས་པར་འབྱུང་བའི་དངོས་པོ་ནི་ངེས་པར་འབྱུང་བ་ཉིད་དོ།། དེ་ལྟ་དེ་ལྟར་ནན་ཏན་བྱེད་པ་ཞེས་བྱ་བ་ནི་ཚུལ་དང་མཐུན་པའི་སྒྲུབ་པ་བྱེད་པ་ཡིན་ནོ།། དོན་ལ་ནན་ཏན་དུ་བྱེད་པའི་གནས་ནི་དོན་ཆེན་པོའི་གནས་ཡིནོ།། ཟབ་ཅིང་བཏིང་རིང ་པ་ཉིད་ཀྱིས་ན་རྟོགས་པར་དཀའ་བའོ།། སོ་སོར་རིག་པ་ནི་ཤེས་པར་གྱུར་པའོ།། གང་གི་ཕྱིར་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་ཡོན་ཏན་རིན་པོ་ཆེ་དང་ལྡན་པ་དེ་བསྟན་བྱས་པ་ཤེས་པ་ཡིན་ཏེ། ཇི་ལྟར་ཁྱོད་ཀྱིས་མཆོད་པ་དེ་ལྟར་མཆོད་པར ་བྱའོ་ཞེས་བྱ་བའི་དོན་འདི་བསྣན་པའི་ཕྱིར་བྱས་པ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡི་ནོ།། བྱས་པས་ཏེ་ཕན་བཏགས་པ་ཤེས་པར་བྱེད་པས་ན་བྱས་ཡེ་ཤེས་པ་ཡིན་ཏོ། སྦྱོར་བའི་དུས་ཡོངསུ་ཤེས་པསོ།། དངོས་གཞི་ཕན་བཏགས་པའི ་འོབྲས་བུ་བདག་ཉིད་ཀྱིས་མངོན་སུམ་དུ་བྱེད་པའི་སྒོ་ནས་གང་དག་གིས་ཚོར་བ་དེ་དག་ནི་བྱས་པ་ཚོར་བ་ཡིནོ།། ཡང་ན་བདག་ཉིད་ཀྱིས་ཡོངསསུ་ཤེས་པའི་ཕྱིར་བྱས་པ་ཤེས་པ་ཡིན་ལ། འདི་ལྟ་སྟེ་འདི་ནི་བདག་ལ་ཕན་འདོགས་པ་ཡིནོ་ཞེས་གཞན་ལ ་སྨྲས་པའི་ཕྱིར་བྱས་པ་ཚོར་བ་ཡི་ནོ།། དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་བསྒྲུབ་པར་བྱ་བ་ཡི་ནོ།། དགེ་སློང་གི་ཚོགས་ཀྱིས་བསྐོར་ནས་ཞེས་བྱ་བ་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་པ་ཡི་ནོ།། མདུན་དུ་བདར་བའི་ཚིག་གིས་ནི་བསྙེ། ་བཀུར་བསྟན་པོ་ཡིནོ།། བྱིན་ན་དགའ་བར་འགྱུརརོ་ཞེས་བྱ་བོ་ལ་སོགས་པ་ལ། ཐམས་ཅིད་སྦྱིན་པ་དགའ་བའི་ལམ་ལ་བརྟན་པ་དང་འདྲ་བར་སྐྱེ་བོ་རྣམས་བརྟེན་པར་བྱེད་དོ།། དེ་ལ་གྲགས་ཡང་དག་འཐོབ་ཅིང་ཞེས་བྱ་བ་ནི་སྦྱིན་པ་ལས་བྱུང་བ ་ཡིནོ།། ཡོན་ཏན་གཞན་ལས་བྱུང་བའི་གྲགས་པ་ནི་སྟོན་པའི་སྒྲས་བརྗོད་པ་ཡི་ནོ།། ཞུམ་པ་མེད་པ་ནི་ངོ་ཚ་བ་མེད་པ་དང་མགོ་འཕང་མཐོ་བ་ཡྀ་ནོ།། འདུས་པའི་ནང་དུ་འགྲོ་བ་ཞེས་བྱ་བ་ནི་འཁོར་གྱི་ནང་དུ་འཇུག་པ་ཡི་ནཽ།། འཇིགས་པ་མེད་པ་འགྱུར ་ཞེས་བྱ་བ་ནི་སྒེག་པ་མེད་པར་འགྱུར་བ་འམ། སྤོབས་པ་སྐྱེ་བར་འགྱུར་རོ།། གང་གི་ཕྱིར་དེ་ལྟར་ཡིན་ལ་དེའི་ཕྱིར་མཁས་པ་བློ་དང་ལྡན་པ་སྦྱིན་པར་བྱེད་དོ།། འདིར་ཞེས་བྱ་བ་ནི་མོའི་འཇིག་རྟེན་ཡིན་ཏེ། ལེན་པ་པོ་སྐྱེང་བའི་ཕྱིར།། ཅི་ཞིག་བྱས ་ནས་ཤཽ་མཱཾ། སེརཱ་སྣའི་དྲི་མ་སྤངས་ཤིང་ཞེས་བྱ་བ་སྨོས་ཏེ། ནོ་ལ་ཆགས་པ་ནི་ཆགོས་པ་ཡིན་ལ། དེ་ཉིད་དྲི་མ་ཡིན་པས་ན་དེ་སྤངས་ཤིང་ཡོངསུ་བོར་ནས།། བདེ་བ་ཚོལ་བ་ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བའི་བདེ་བ་མངོན་པར་འདོད་པོ་སྟེ། ་བདེ་བ་ཚོལ་བའི་ངང་ཚུལ་ཅན་གྱི་རང་བཞིན་གང་ཡིན་པ་དེ་དག་ནི་བདེ་བ་ཚོལ་བ་ཅན་ཡི་ནོ་ཞེས་དབང་དུ་བྱས་ནསོ།། འདི་ལས་འབྲས་བུ་ཅིར་འགྱུར་ཞེ་ན། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་པོ་དེ་དག་ཡུན་རིང་པོར་རྩེད་འ ་དགའ་བ་ཉམསུ་མྱོང་བར་འགྱུར་རོ།། གང་དུ་ཞེ་ན། སྨྲས་པགསུམ་ཅུ་རྩ་གསུམ་ལྷའི་རིས་སུ་གནས་པ་སྟེ་འདུག་པར་འགྱུརརོ།། དེར་གནས་སུ་ཟིན་ཀྱང་འགའ་ཞིག་ཏུ་དུད་འགྲོ་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེ་བར་འགྱུར་བ ་འང་སྲིད་པ་ཡོད་པའི་ཕྱིར་དེ་རྣམ་པར་བཅད་པའི་དོན་དུ་སྨྲས་པ། ལྷ་རྣམས་དང་སྐལ་བ་མཉམ་པ་ཉིད་ནི་ལྷ་དང་སྐལ་བ་མཉམ་པ་ཉིད་དེ། དེའི་ནང་དུ་སྐྱེ་བར་འགྱུ་རོ།། སྐབས་ཕྱེ་ཞེས་བྱ་བ་ལ་གང་གིས་སྦྱིན་པ་ལ་སོགས་པས་ཐར་པའི་གྲོང ་ཁྱེར་གྱི་སྐྱབས་འབྱེད་པ་དེ་དག་ནི་སྐབས་ཕྱེ་བ་ཡི་ནོ།། གང་དག་གིས་ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམ་པའི་རང་བཞིན་གྱི་དགེ་བ་བྱས་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། འདི་ནས་འཚོ་འཕྱོ་ཞེས་བྱ་བ་ནི་མིའི་སྐྱེ་བས་ལས་རང་གི་ལུས་ལས ་བྱུང་བའི་འོད་ཀྱིས་གསལ་བར་བྱས་པ་ཉིད་ཀྱི་ཕྱིར་རང་གི་འོད་དག་གིས་སོ།། དགའ་བས་དགའ་བའི་སྐྱེད་མོས་ཚལ་གྱི་ནགསུ་སྤྱོད་པ་སྟེ། རང་གི་འདོད་པས་གནས་པོར་འགྱུར་རོ།། རྩེ་བ་ནི་ཡོ་བྱད་གཙོ་བོར་གྱུར་པ་མ་ཡིན་པ་དང་། དགའ་བ་ནི་གཙོ ་བོར་གྱུར་བཱི་ཡོ་བྱད་ཀྱིས་བདག་ཉིད་མགུ་བ་བསྐྱེད་པའོ།། གཉི་ག་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པའི་ཡོ་བྱད་ཀྱིས་རྩེ་ཞིང་དགའ་བར་གྱུར་པའོ།། ལྡན་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཡིནོ།། གཞན་ཅི་ཞིག ་བྱས་ནས་ཤེ་ན། གྲོལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པའི་འཆིང་བ་བག་ཆགས་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ནི་རྣམ་པར་གྲོལ་བ་ཡིན་ལ། དེའི་གསུང་ཐོས་པ་ནི་གསུང་ནན་ཏན་དུ་བྱསོ།། སྐྱོབ་པ་ཞེས ་བྱ་བ་ནི་ཡོངསུ་སྦྱོང་བར་མཛད་པ་སྟེ། གདུལ་བྱའི་སྐྱེ་བོ་ཉོན་མོངས་པའི་དགྲ་བོ་མ་ལུས་པ་ལས་ཡོངསུ་བསྲུང་བར་མཛད་པ་ཉིད་ཀྱི་ཕྱིརོ།། ཐོས་པ་སྒྲོག་པར་བྱེད་པའི་ཉན་ཐོས་དེ་སློབ་མ་ཉིད་ཡིན་ནོ།། མཐོ་རིས་དགའ་བ་ནི་ལྷའི་འཇིག་རྟེན་གྱི ་དགའ་བ་ཉམ་སུ་མྱོང་བར་འགྱུར་བའོ།། མུ་གོ་ཞེས་བྱ་བ་ལ་སོགས་པ་ལ་དུས་གང་གི་ཚེ་བཟའ་དཀའ་བ་རྙེད་པར་གྱུར་པ་དེ་ནི་མུ་གེའི་དུས་ཡིན་ནོ།། སྐྱེ་བོ་ཐམས་ཅད་འབྲུ་ཉུང་བས་འཚེ་བའི་ཕྱིར་དཀའ་བའི་དུས་ཡིན་པ་འམ། རྒལ་བར་དཀའ་བས ་ན་དཀའ་བ་ཡིན་ནོ།། དུས་རིང་བ་དང་རྗེ་སུ་འབྲེལ་པའི་ཕྱིར་འབྲོག་དགོན་པ་ཡིན་ནོ།། བཤེས་པ་ནི་འདྲིས་པ་ལ་བྱའོ།། ཕེབས་པར་སྨྲ་བ་ནི་ཡིད་བསྟན་པ་ཡིན་ཏེ། མཛུབ་པ་བེར་མའི་གནས་ཡི་ནོ།། མཛའ་བ་བཞག་པར་བྱ་བ་ནི་འགྲོགས་བཤེས་ཡིན། ་ཏེ་མཛའ་བའོ།། གནས་ཆེན་པོ་ཡིན་ཏེ་ཇི་ལྟར་བཤོས་པ་ཉིད་དུ་དབྱར་གནས་པར་བྱ་བ་ཡིནོ།། ཇི་ལྟར་བཤོས་པ་ཞེས་བྱའི་དོན་གང་གི་གང་མཛའ་བའི་གནས་ཡིན་པ་དེས་དེ་ལ་བརྟེན་ནས་དབྱར་ཚུལ་དུ་འཇུག་པར་བྱ་བའི་ཞེས་བྱ་བ་འདི་ཡིན ་ནོ།། བསོད་སྙོམས་ཀྱིས་འབྲེལ་བར་འགྱུར་རོ།། ཞེས་བྱ་བ་ནི་བསོད་སྙོམས་ཀྱི་གནོད་པས་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་རོ།། དབྱར་གྱི་གནས་དེར་ཞེས་བྱ་བ་ལ་སོགས་པ་ལ། ཐོག་མར་མནག་དཀའ་བ་ཉིད་ཀྱི་ཕྱིར་རྩུབ་པོ་ཡིན།། སྐུ ་ལ་ཤིན་ཏུ་ཞུགས་པ་ཉིད་ཀྱི་ཕྱིར་བཟོད་དཀའ་བ་ཡི་ནོ།། གྲོངས་པ་ལ་ཐུག་པ་ལ་ཙམ་དུ་གྱུར་པས་ན་གྲོངས་པ་ལ་ཐུག་པ་ཙམ་སྟེ། གྲོངས་པ་དང་འདྲ་བ་ཞེས་བྱ་བ་ནི་ཐ་ཚིགོ།། བརྩོམ་འགྲུས་ཀྱིས་སོ་སོར་སྦྱངས་ཏེ། ཞེས་བྱ་བ་ནི་ནུས་པ་མེད ་པར་བྱས་པ་ཉིད་དམ། ཚུར་བཅད་པའི་སྒོ་ནས་འགྲང་བ་མེད་པར་བྱས་པ་ཡི་ནོ།། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པའི་ཕྱིར། ཞེས་བྱ་བ་ལ། མཚན་མ་ནི་བཅུ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ ་དང་། སྐྱེ་བ་དང་། རྒ་བ་དང་། མི་རྟག་པ་དང་། སྐྱེས་པ་དང་། བུད་མེད་ཀྱི་མཚན་མ་ཞེས་བྱ་བ་ལྔ་ཡིན་ནོ།། ཡིད་ལ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་དུ་མི་བྱེད་པའི་ཕྱི་མོ།། མྱ་ངན་ལས་འདས་པ་ལ་དམིགས་པ་ནི་ཏིང་འཛིན་ཡིན་ལ། ་མཚན་མ་མེད་པ་ནི་མཚན་མ་བཅུ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་ལ་མཚན་མ་མེད་པ་ཞེས་བསྟན་ཏོ།། ལུས་ལོ་བརྟེན་ནོས་སྐྱེས་པའི་ཕྱིར་ལུས་གྱིས་མངོན་སུམ་དུ་བྱས་ནས་ཤེས་བསྟན་ཏོ།། ཉེ་བར་བསྒྲུབས་ཏེ་ཞེས་བྱ ་བ་ནི་ཡེ་ཤེས་ཀྱིས་ཡོངསུ་རྫོགས་པར་མཁྱེན་ནས།། གནས་པ་ནི་དབྱར་ལ་མངོན་དུ་ཕྱོགས་པར་གྱུར་པས་བཅོམ་ལྡན་འདས་ལ་བསྐྲུན་དྲག་བློ་སྐྱེ་བ་མ་རིགས་ཏེ། གང་གི་ཕྱིར་འཕགས་པ་བ་ཀུ་ལས་འཕགས་པའི་དགེ་འདུན་ལ ་ད་པའི་སེམས་ཀྱི་ཨ་རུ་ར་གཅིག་ཕུལ་པོ་དེ་ལས་ནི་རིག་སམ་མོཐུན་པ་ཟང་པོའི་ཕྱིར་སྐྱེ་བ་གཞན་དུ་ནི་ལུས་ལེ་ནད་མེད་པ་དང་གི་དེ་སྐད་ཅིགོ་མ་གཅིག་ཀྱང་མགོ་བོའི་ཟུག་རྔུ་བསྟེན་པར་མི་འགྱུརརོ་ཞེས་བྱ་བའི་བར་དུ་འབྱུང ་བ་མ་ཡིན་ནམ། བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དབཱི་གན་སྐསསུ་སངས་རྒྱས་དང་དགེ་འདུན་ལ་རྫས་རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་མཛད་པ་ཡིན་ན། འོན་ཀྱང་བཅོམ་ལྡན་འདས་བསྙུན་གྱིས་གཙེས་པར་གྱུར་པ་དེ་ཇི་ལྟར ་རིགས་ཏེ། འདིར་སྨྲ་བར་བྱའོ་ཞེ་ན། འདིར་བླ་མ་དག་ནི་འཕགས་པ་བ་ཀུ་ལ་ཨ་རུ་ར་དེ་སྦྱིན་པའི་རྣམ་པར་སྦྱིན་པ་ལ་བརྟེན་པར་འགྱུར་བ་མ་ཡིན་པ་དེ་བས་ན་ཕྱིས་རྣམ་པར་སྨིན་པ་འབྱིན་པར་འགྱུར་བ་དེ་དང་རྣམ་པར་སྨིན་པ་མཐའ་དག་འབྱིན་པའི ་སྒོ་ནས་སྦྱིན་པ་དེ་ལས་བྱུང་བའི་རྣམ་པར་སྨིན་པ་ལ་བརྟེན་པ་ཡིན་ལ། བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དཔར་གྱུར་ནས་གང་སྨན་གྱི་སྦྱིན་པ་དེ་ནི་སྐྱེ་བ་དུ་མར་སྨིན་པ་སྦྱིན་པ་ཡིན་ཏེ། དེ་ཉིད་ཀྱི་ལྷག་མ་ཁོ་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི ་གནས་སྟོབས་ན་བཅོམ་ལྡན་འདས་བསྐྲུན་ཉུང་བར་བཞུགས་ཏེ། གང་དུ་བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་པའི་དུས་སུ་བསྐྲུན་ལྕི་བ་སྐྱེ་བར་འགྱུར་བ་དེ་ནི་སེམས་ཅན་ལ་ཕན་གདགས་པར་མཛད་རུང་བ་གཅིག་ཏུ་ངེས་པར་རུང་བར་འགྱུར་གྱི། ་ལས་ཀྱི་འབྲས་བུ་ཡིན་པར་རིག་པར་བྱ་སྟེ། གང་བྱང་ཆུབ་སེམས་དཔའི་མི་དགེ་བའི་ལས་ལས་གྱུར་པ་སེམས་ཅན་ལ་ཕན་འདོགས་པར་མཛད་པོར་རུང་བ་མ་ཡིན་པའི་འབྲས་བུ་དེ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ཁོ་ན་ལ ་འབྲས་བུ་སྦྱིན་པ་ཡིན་ལ། གང་དུ་བྱུང་ཆུབ་སེམསོ་པོའི་ཕན་གདགས་པར་མཛད་དུ་རུང་བའི་འབྲས་བུ་དེ་ནི། སངས་རྒྱས་ཀྱི་གནས་སྐབ་སུ་འབྲས་བུ་འབྱིན་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅནཱ་ལཱ་ཕན་འདོགས་པ་གཙོ་བོར་གྱུར ་པ་ཡིན་ནོ་ཞེས་སྟོན་པར་མཛད།། ཇི་ལྟར་ན་བསྐྲུན་དེ་སེམས་ཅན་ལ་ཕན་འདོགས་པར་བྱེད་པར་འགྱུར་ཞེ་ན། འདིར་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཀྱི་རྒྱུ་ཅན་གྱི་བསྐྲུན་ཡང་དག་པར་འཁྲུད་པ་བསྟན་པས། ལྷ་དང་མིའི་ངེས་པར་མྱོང་འགྱུར་བའི་ལས ་ཆུང་མི་ཟ་བར་འགྱུར་བ་མཐོང་ལ་ཆུད་མི་ཟ་བར་འགྱུར་བ་དེ་མཐོང་བ་ལས་འཁོར་བ་ལས་འཇིགས་པ་ཆེན་པོ་དང་སྐྱོ་བ་དང་བཅས་པ་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་འདི་ནི་ཉོན་མོངས་པ་བག་ཆགས་དང་བཅས ་པ་སྤངས་ཤིང་། ཡོན་ཏན་ཐམས་ཅད་ཀྱི་འབྱོར་པ་རབ་ཀྱི་མཐའ་བརྙེས་པར་གྱུར་པ་ཡིན་ཡང་ལས་ཀྱི་འབྲས་བུ་འདོད་པ་མ་ཡིན་པ་ཉམསུ་མྱོང་བར་འགྱུར་བ་དེ་བོས་ན་ཁོ་བོ་ཅག་སྲིད་པའི་འདམ་གྱི་ནང་དུ་བྱིང་བར་གྱུར་པ་དག་ཅི་འདྲ་བའི་གནས་སྐབསུ་འགྱུར ་སྙམ་དུ་ཤེས་ནས་དགེ་བའི་ལས་ལ་རྩོལ་བ་དང་བཅས་པར་འགྱུར་རོ།། འཁོར་བ་ཡོངསུ་གཏོང་བ་དང་། མྱ་ངན་ལས་འདས་པ་བརྙེད་པར་བྱེད་པ་ལ་བརྩོན་པ་དང་བཅས་པ་ཉིད་ནི་ཕྱིར་སྨྲས་པ་དག་གི་གོ་རིམ་གྱིས་འཁོར་བའི་བདེ་བ་ཉམསུ་མྱོང་ཞིང་ཐར ་པ་ཐོབ་པར་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་འདོད་པར་བྱ་བ་མ་ཡིན་པའི་ཕྲིན་ལས་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གནས་སྐབསུ་འབྲས་བུ་འབྱིན་པར་བྱེད་པ། སེམས་ཅན་ལ་ཕན་འདྲོགས་པར་བྱེད་པ་ཁོ་ན་ཡིན་གྱིཿབསྐྲུན་གྱི ་འབྲས་བུ་འབྱིན་པར་བྱེད་པོ་ཅན་གྱི་ལསེ་ཁོ་ན་ནི་མ་ཡི་ནོ་ཞེས་སྟོན་པར་མཛད།། བཟོད་པ་དང་རྗེས་མཐུན་པས་ན་བཟོད་པར་བྱ་བ་ཡིན་ཏེ། ལ་ནག་དཀའ་བ་ཞེས་བྱ་བའི་ཐ་ཆོགོ།། འཚེ་བ་དང་རྗེ་སུ་མཐུན་པ་ནི་འཚོ་བར་གྱུར་པ་སྟེ། དུས་དེ་སྲིད་བསྙེན་པ ་མཛད་པ་ནུས་པ་མེད་པར་མཛད་ཅེས་བྱ་བའི་བར་དུའོ།། མ་དུར་དཀར་སྐྱེས་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་ཤཱ་རིའི་བུ་མྱ་ངན་ལས་འདས་པའི་སྐབསུ་དཔྱད་བར་བྱའོ།། དབུགས་ཕུང་བ་ཙེམ་ཞེས་བྱ་བ་ནི་དབུགས་ཕྱིར་ཕུང་བ་ཅོཾ་མོ།། གསུང ་བ་གསུང་བར་འགྱུར་བ་ཞེས་བྱ་བ་དོན་དང་འབྲེལ་པ་གསུང་གིས་བཤད་པར་འགྱུར་བའོ།། ངའི་དགེ་སློང་གི་དགེ་འདུན་ཞེས་བྱ་བ་ལ་སོགས་པ་ལ། འཇིག་ཚོགསུ་ལྟ་བ་ལས་སོགས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་དག་ནི ་ལྟར་ང་ཡིར་མོ་འགྱུར་བ་ནི་ངའི་དགེ་སློང་གི་དགེ་འདུན་ཡིནོ།། ངའི་ཕྱིར་ཞེས་བྱ་བ་ནི་ངའི་རྗེ་སུ་སྟོན་པ་སྟེ། གང་ཁོ་ན་རྗེསུ་སྟོན་པར་བྱེད་པ་དེ་ཐམས་ཅད་ངས་བྱ་བ་ཡོངསུ་རྫོགས་པར་བྱས་པ་ཡིནོ་ཞེས་དགོངསོ།། ཡོང་སུ་ལྟའོ་ཞེས་བྱ་བ་ནི་ལུང ་ཕོགས་པ་སྦྱིན་པའི་སྒོ་ནས་གནས་པར་བྱ་བ་འམ་ཡོངསུ་བསྐྱང་བར་བྱའོ།། རེ་བཾ་ཞེས་བྱ་བ་ནི་མངོན་པར་འདོད་པའོ།། ངས་སྒོའོ་ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་ཕྱི་རོལ་ལ་མངོན་སུམ་དུ་བྱ་ཞིང་དུས་ཐམས་ཅད་བསྒོམ་པར་བྱའོ་ཞེས་བྱ་བར ་དགོང་སོ།། སློབ་དཔོན་དཔེ་མཁྱུད་ཅེས་བྱ་བ་ནི་སློབ་དཔོན་ཆོས་སྟོན་པ་ལ་མཁས་པ་དག་གིས་དཔེ་མཁྱུད་ནི་སློབ་དཔོན་དཔེ་མ་ཁྱུད་དེ། ཆོས་ཀྱི་སེར་སྣ་ཡིན་ལ། སོར་སྣ་ཡ་ནི་ལ་རང་གི་ངོ་བོའི་སྒོ་ནས་སྟོན་པར་མི་བྱེད་ཅེས་བྱ་བའི་ཐ་ཚོ་གོ། གཉེར་མ་དང ་སྐྲ་དཀར་སྐྱེས་པའི་ཕྱིར་བགྲེས་པ་ཡིནོ།། རྒས་པས་ལུས་མ་རུང་བ་ཉིད་ཀྱི་ཕྱིར་འཁོགས་པ་ཡིནོ།། གནས་སྐབས་གཞན་ཐོབ་པ་ཉིད་ཀྱི་ཕྱིར་གཏུགས་པ་ཡིན།། རྣམ་པ་གཉིས་ལ་བརྟེན་ནས་ཞེས་བྱ་བ་ལ། སྔོན་གྱིས་ལས་ཀྱིས་འཕངས་པའི ་ཚེ་ནི་རྟེན་གཅིག་ཡིན་ལ། བཟའ་བ་དང་བཏུང་བ་དང་། བསྐུ་མཉེ་ལ་སོགས་པའི་ཡོ་བྱད་ནི་གཉིས་པ་ཡིན་ཏེ། དེ་གཉིས་ཀྱིས་གནས་པར་བྱེད་པའི་ཕྱིརརོ།། ཤིང་རྟ་རྙིང་པ་ནི་ས་གཞི་རྟེན་གཅིག་ཡིན་ཏེ། རྙིངས་པ་ཉིད་ཀྱི་ཕྱིར་ཉི་མ་རེ་རེ་ལས་པགས ་པ་དང་རྒྱུས་པ་དང་ཤིང་ལ་སོགས་པས་འཆོས་པར་བྱེད་པ་དེ་ནི་རྟེན་གཉིས་པ་ཡི་ནོ།། མྱ་དུན་མ་བྱེད་ཅིག་ཅེས་བྱ་བའི་བཤད་པ་ནི་ཤཱ་རའི་བུ་ཡོ་སུ་ལོ་སུ་མྱ་ངན་ལས་འདས་པའི་སྐབསུ་བལྟ་བར་བྱའོ།། བསླབ་པ་དག་ལ་གུས་པར་བྱེད་པ ་ནི་བསླབ་འདོད་པ་ཡིན་ཏེ། བདག་ཉིད་གླིང་དུ་འཇོགས་པའི་བསླབ་པ་དག་ལ་ཤིན་ཏུ་སྲུང་བར་བྱེད་པ་དེ་བས་ནི་དེ་སྐད་ཅེས་བསྟན་པོ་ཡི་ནོ།། ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པ་ལ། བྲི་རྫིའི་མིང་ཅན་གྱི་རྒྱལ་རིགས་དག་གི་ཡུལ་གྱི་ས་གཞི་ནི་བྲྀ་ཎྜིའི ་གནས་ཡི་ནོ།། རྩ་བ་ལའི་མིང་ཅན་གྱི་མཆོད་རྟེན་དེས་ཉེ་བར་མཚོན་པའི་ཡུལ་ཕྱོགས་ལེ་སྒྲ་དེས་གཟུང་བ་ཡི་ནོ།། ཨ་མྲའི་ཤིང་ཆེན་པོ་བདུན་བདུན་གྱིས་ཉེ་བོར་མཚོན་པ་ནི་ཤིང་ཨ་མྲ་བདུན་པའོ།། བུ་མང་པོ་པའི་མཆོད་རྟེན་གྱིས་ཉེ་བར་མཚོན་པའི ་གནས་ནི་བུ་མང་པོ་པ་ཡིན་ཏེ། འདི་ལ་བུད་མེད་འགའ་ཞིག་ལས་དབུ་མང་པོ་སྐྱེས་པ་དེ་དག་ཐམས་ཅད་ཀྱིས་རང་རྒྱལ་བའི་བྱང་ཆུབ་མངོན་སུམ་དུ་བྱས་ཏེ་ས་ཕྱོགས་དེ་ཉིད་དུ་འོངས་ནས་ཡོངསུ་མྱ་ངན་ལས་འདས་པ་དེ་དག་གི་ལུས་ཀྱི་མཆོད་རྟེན་བྱས ་པ་ཉིད་ཀྱིས་ཕྱིར་བུ་མང་པོ་པ་ཞེས་བསྟན་པ་ཡིནོ་ཞེས་བསྟན་པ་འམ། བུ་མདོ་པོ་པ་ཞེས་བྱ་བའི་མིང་གིས་སྒྲ་ཡི་ནོ།། དྲང་སྲོང་གཽ་ཏ་མ་ཨ་བསྟོན་པའོ་ཤིང་ནྱ་གྲོ་དྷས་ཉེ་བར་མཚོན་པའི་གནས་ནི་གཽ་ཏ་མའི་ནྱ་གྲོ་དྷ་ཡིན་ནོ།། ཤིང་སཱ་ལ་ཆེན་པོ་གཉིས་ཀྱིས ་ཉེ་བར་མཚོན་པའི་ཡུལ་ལ་ཤིང་སཱ་ལ་གཉིས་ཀྱི་སྒྲས་བསྟན་ཏོ།། གཅེར་བུ་པ་འདོར་བའི་མཆོད་རྟེན་གྱིས་ཉེ་བར་མཚོན་པའི་ཡུལ་ལ་དེ་སྐད་ཅེས་བྱའོ།། ཅོད་པན་བཏགས་པའི་མཆོད་རྟེན་གྱིས་ཉེ་བར་མཚོན་པའི་ཡུལ་དགའ་བར་བྱེད་པ་ཡིན་ཏེ། རྒྱལ ་བོ་ཆེན་པོ་བལྟ་ན་སྡུག་གི་བུ་ཀུན་གྱི་ཐ་ཆུང་བདག་གིས་ཡུན་རིང་པོ་ནས་རྒྱལ་སྲིད་འཐོབ་པར་འགྱུརརོ་སྙམ་པས་རབ་ཏུ་བྱུང་།། རབ་ཏུ་བྱུང་ནས་ཀྱང་དེས་རང་རྒྱལ་བའི་བྱང་ཆུབ་མངོན་སུམ་དུ་བྱས་ནས་ཡོངསུ་མྱ་ངན་ལས་འདས་པ་ན་དེའི་མས་མཆོད ་རྟེན་བྱས་པ་ནས། རྒྱལ་པོ་ཆེན་པོ་བལྟ་ན་སྡུག་གིས་བྱུང་མཐའ་རྙེད་ནས་རང་གི་ཅོད་པན་མཆོད་རྟེན་ལ་བཏགས་པས་ན་ཅོད་པན་བཏགས་པའི་མཆོད་རྟེན་ཞེས་བྱ་བའི་བར་དུའོ།། གནས་དེ་དག་ཐམས་ཅད་ཡངས་པ་ཅན་ཁོ་ནའི་མ་ཡིན་གྱི། འོན་ཀྱང ་ལྟར་སྲིད་པར་གཞན་དུ་ཡང་ཡིནོ།། འཛམ་བུའི་གླིང་སྣ་ཚོགས་ཞེས་བྱ་བ་ལ་སྣ་ཚོགས་པ་བརྗོད་པ་ནི་དགའ་བར་བྱ་བ་ཉིད་ཀྱི་ཁྱད་པར་བྱེད་པ་ཡིན་པར་རིག་པར་བྱའོ།། དགའ་བར་བྱ་བ་ནི་སེམས་དགའ་བ་དང་མཐུན་པས་ན་དགའ་བར་འགྱུར་བའོ།། ཤིན ་ཏུ་འདོད་པར་བྱ་བ་ཡིན་པས་ན་མ་རྟུ་ར་ཞེས་བརྗོད་དོ།། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་འཛིན་དང་། དཔྱོད་པའི་ཏིང་འཛིན་དང་། བསྙེན་ཅིང་བསྒོམ་པ་ནི་བསྒོམས་པས་ཀུན་ནས ་བསྙེན་པ་སྟེ། གུས་པར་བསྒོམ་པ་ཡིན་པར་བསྟན་ཏོ།། རྟག་ཏུ་བསྒོམ་པ་ནི་མང་དུ་བྱས་པ་ཡིན་པར་བསྟན་ཏོ།། བསྐུལ་པ་ནི་འདིར་བསྐལ་པ་ཆེན་པོ་ཡིན་པར་རིག་པར་བྱའོ།། བསྐལ་པ་བས་ལྷག་པ་དང་། ཆ་དང་། དུམ་བུ་དུས་གང་ལ་ཡོད ་བ་ནི་བསྐལ་པ་ལས་ལྷག་པའི་དུས་ཡིན་ཏེ། བསྐལ་པ་དུ་མས་ཉེ་བར་མཚོན་པའི་དུས་ཞེས་བྱ་བའི་ཐ་ཚིགོ།། ཀུན་དགའ་བོ་ཡངས་པ་ཅན་ཞེས་བྱ་བ་ལ་སོགས་པ་ནི་ཡངས་པོ་ཅན་ལ་སོགས་པའི་ཚིག་གི་དགོས་པ་བརྗོད་པ་ཡི་ནོ།། གང་གི་ཕྱིར ་སངས་རྒྱས་བཅོམ་ལྡན་འདས་ནི་དགོས་པས་སྟོང་པའི་ཚིག་གསུང་བར་མི་འགྱུརརོ་ཞེ་ན། འདིར་འཛམ་བུའི་གླིང་གི་མི་རྣམས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགསུ ་ཆུད་པ་དེ་བས་ན་བྱས་པ་ཤེས་པ་ཉིད་མངོན་དུ་མཛད་ནས་འཛམ་བུའི་གླིང་གི་གདགས་པ་གསུང་བ་ཡིན་པ་དེ་ཉིད་ཀྱི་ཕྱིར་ཐོག་མ་ཁོ་ནར་ཡངས་པ་ཅན་གྱི་མིང་སྨོས་པ་མཛད་པ་ཡིནོ།། གང་གི་ཕྱིར་བཅོམ་ལྡན་འདས་ཡོངས་པ་ཅན་ན་བཞུགས ་ནནས་བཀའ་འདི་གསུངས་པ་ཡིན་པར་བརྗོད་དོ།། གཞན་གང་འགའ་ཞག་འདི་ལ་བཅོམ་ལྡན་འདས་བཞུགས་པའི་ནུས་པ་མི་མངའ་བ་དེ་བས་ན་འདི་ལྟར་འཛམ་བུའི་གླིང་སྣ་ཚོགས་པ་ཡང་སྤངས་ནས་ཡོངསུ་མྱ་ངན་ལས་འདས་པ་ཡིནོ།། སྙམ ་དུ་སེམས་པ་དེའི་ཚེ་ཐེ་ཚོམ་བཟློག་པར་བྱ་བའི་ཕྱིར་གང་འགའ་ཞིག་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྐལ་པ་ལས་ལྷག་པའི་དུས་སུ་བཅོམ་ལྡན་འདས་བཞུགས་པའི་ནུས་པ་དང་ལྡན་དུ་ཟིན་ཀྱང་གང་དུས ་ལྷག་པར་མི་བཞུགས་པ་དེ་ནི་འཁོར་པོ་དེའི་ཉེས་དམིགས་བསྟན་པར་བྱ་བའི་ཕྱིར་དང་། མྱ་ངན་ལས་འོདས་པའི་ཡོན་ཏན་རབ་ཏུ་གསལ་བར་བྱེད་པའི་དོན་ཡིན་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ་འཁོར་བ་འདི་ནི་སྐྱེ་བ་དང་རྒ་བ ་དང་ན་བ་དང་རྣམ་པར་འཚེ་བའི་བྱེ་བྲག་དུ་མ་དང་ལྡན་པ་དེའི་ཕྱིར་ཡོན་ཏན་གྱི་འབྱོར་པ་རབ་ཀྱི་མཐར་བརྙེས་ཤིང་བག་ཚགས་དང་བཅས་པའི་ཉེས་པ་སྤངས་པས་གནས་པའི་སྐལ་བ་ཅན་ཡིན་དུ་ཟིན་ཀྱང་གནས་པར་མི་བྱ་ཞིང་སྡུག་བསྔལ་ཐམས ་ཅད་ཉེ་བར་ཞི་བའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཁོ་ནར་འཇུག་པ་དེ་བས་ན་འཁོར་བ་འདི་ལ་ཆགས་པར་མི་བྱའོ།། འོན་ཀྱང་ཚུལ་ཁྲིམས་དང་ཐོས་པ་དང་། བསྒོམ་པའི་ཐབས་ཀྱི་ལམ་བསྒོམས་པ་ཡོང་སུ་རྫོགས་པར་བྱ་བ་དེས་ཁོ་བོ་ཅག་གིས ་ཀྱང་ཐར་པ་ཐོབ་པར་འགྱུརརོ་ཞེས་བྱ་བ་དེ་ཤེས་ནས་ལྷ་མང་པོ་འཁོར་བ་ལས་སྐྱོ་ཞིང་མྱ་ངན་ལས་འདས་པ་དང་བརྩོན་པ་དང་བཅས་པ་སྐྱེ་བར་བསྟན་པ་ཡིནོ།། གདུལ་བའི་འབྲས་བུ་མེད་པ་ནི་མཛད་པ་རྫོགས་པ་ཡིན་པས་བཅོམ་ལྡན་འདས་མི ་བཞུགས་པ་ཡི་ནོ་ཞེས་བརྗོད་པ་ལོ།། ཀུན་དགའ་བོ་གལ་ཏེ་རྫུ་འཕྲུལ་གྱི་རྐང་པ་བཞི་ཞེས་བྱ་བ་ལ་སོགས་པ་ལ་འཕགས་པ་ཀུན་དགའ་བོ་དང་ལྷན་ཅིག་གཏམ་བརྗོད་པ་མཛད་པ་དེ་ནི་ཀུན་དགའ་བོ་ཁོ་ན་ལ་ཉེས་པ་སྦྱོར་བའི་སྒོ་ནས་དགྲ་བཅོམ་པ ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱ་བའི་དོན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཡོང་སུ་མྱ་ངན་ལས་འདས་ནས་གནས་བརྟན་ཆེན་པོ་འོད་སྲུངས་འཕགས་པ་ཀུན་དགའ་བོ་ལ་སྤྲོ་བ་བརྒྱད་ཀྱིས་སྤྲོས་པ་དེ་ལས་ཉེས་ཏེ། གང་འཕགས་པ་ཀུན་དགའ་བོ་ཁོ ་ནས་འདི་ལྟ་སྟེ། བཅོམ་ལྡན་འདས་བསྐལ་པར་བཞུགསུ་གསོལ། བསྐལ་པ་ལས་ལྷག་པར་བཞུགསུ་གསོལ་ཞེས་མ་གསོལ་བའི་ཉེས་པ་འདི་ནི་ཤིན་ཏུ་ལྕི་བ་ཡོན་ཏེ། ཉེས་པ་དེས་ཀྱང་སྲིད་པ་ལས་སྐྱོ་བ་དང་ལྡན་པར་འགྱུར་ཞིང་སྐྱོ་བ་ལས། ་ཀྱང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་འཐོབ་པར་འགྱུརརོ་ཞེས་གཟིགས་པ་ཡིན་ནོ།། ཁེབས་པར་ཞེས་བྱ་བ་ནི་བར་དུ་གཅོད་པས་ཁྱབ་པར་གྱུར་པའོ།། ཤིན་ཏུ་གསལ་བ་ཉིད་སེཾས་ན་རྒྱ་ཆེ་བ་ཡིན།། ངག་ཏུ་བརྗོད་པའི་སྤོབས་པ་ནི་འར་སྣང་བའི་སྒྲས ་བརྗོད་པ་ཡིནོ།། རྒྱུ་མཚན་སྣང་བའི་རྒྱུ་ཡིན་ཏེ། དེ་ཡང་ཀུན་དགའ་བོ་ཡངས་པ་ཅན་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ཡིནོ།། སོ་སོར་རྟོགས་པ་ནི་ཁོང་དུ་ཆུད་པའོ།། འཁྲུགས་པར་མི་འགྱུར་བ་ཞེས་བྱ་བ་ནི་རྣམ་པར་མི ་འཁྲུགས་པས་གནས་པ་དང་ལྡན་པའོ།། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདའ་བར་མཛད་དུ་གསོལ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་འཇུག་པའོ།། ཇི་ལྟར་ཡོངསུ་མྱ་ངན་ལས་འདས་སྙམ ་དུ་དོགས་པ་ལ། བདེ་བར་གཤེགས་པ་ཡོངསུ་མྱ་ངན་ལས་འདའ་བའི་དུས་ལ་བབ་པོ་ཞེས་བྱ་བ་སྨོས་པ་ཡི་ནོ།། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མཁས་པ་ལ་འདིར་མཁས་པར་རིག་པར་བྱའོ།། མདོ་སྡེ་ལ་སོགས་པ་ནད་ཕན་ཚུན་འདྲེས་པ ་དག་གི་མཚན་ཉིད་རྣམ་པར་འབྱེད་པའི་ནུས་པ་དང་ལྡན་པ་གསལ་བ་ཡི་ནོ།། དོན་མྱུར་དུ་བཙོད་པའི་ནུས་པ་དང་ལྡན་པ་ནི་ཡིད་གཞུངས་པའོ།། ཆོས་དང་བཅས་པས་ཞེས་བྱ་བ་ནི་རིགས་པསོ།། རང་གི་རྒོལ་བའི་ཡོངསུ་གསལ་བར་བྱེད་པའི་ཕྱིར་ཡོངས ་དག་པར་བྱེད་པའོ།། རྒྱས་པར་འབྱུང་བ་ནི་རྒྱུས་པའོ།། དེ་གང་ཞེ་ན། སྨྲས་པ། ཚངས་པར་སྤྱོད་པ་སྟེ། མི་མང་པོ་དག་གིས་འཕགས་པའི་ལམ་བསྐྱེད་པ་དེ་ཉིད་ཀྱི་ཕྱིར་རྒྱུ་ས་པར་ཞེས་བྱ་བ་སྨོས་སོ།། དེ་ཉིད་ཀྱི་ཕྱིར་སྐྱེ་བོ་མང་པོ་ལ་ཕན་པ་ཡིན་ཏེ། སྐྱེ ་མིང་པོ་དོག་ལ་ཕན་པ་བྱེད་པ་ཉིད་རྗེ་བྱོ་འོ།། མཐའ་མེད་པ་དག་གིས་མངོན་སུམ་དུ་རྒྱམ་པོ་དེ་ནད་ཀྱི་ཕྱིར་ལངས་པར་གྱུར་པ་ཞེས་སློའོ།། དེན་གྱི་ཕྱེར་སྨོས་གོ། ཇི་སྲིད་ལྷ་དང་མི་དགོ་ལ་ཡང་དག་པར་མ་ཕྱོ་བ་སྒྲོགས་པ་སྟེ། ཤིན་ཕྱགས་ལ་བརྡོ ་རབ་ཏུ་གསལ་བར་མཛད་པ་ཞེས་བྱ་བའི་ཐ་ཚིགོ།། བརྩོན་པ་ཆུང་བར་གྱིས་ཤིག་ཅེས་བྱ་བ་ནི་རྩོལ་བ་ཆུང་བའོ།། མངོན་པར་འདོད་པའི་དགོས་པ་གྲུབ་པར་ཐོས་པའི་ཕྱིར་དགའ་བ་ཡི་ནོ།། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་པ་དེའི་ཕྱིར་མངོན་པར ་འདོད་པ་ཡིན་ལ། མངོན་པར་འདོད་པའི་འབྲས་བུ་གྲུབ་པར་དབུགས་ཕྱུང་བའི་ཕྱིར་མགུ་བ་ཡིན་ལ། ཏིང་འཛིན་གྱི་འབྲས་བུ་རང་གི་དབང་གིས་གནས་པ་དེ་ནི་མངོན་པར་འདོད་པ་ཡིན་ལ། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་པོ་ལས་ཀྱང ་ཕལ་ཆེར་འཇིག་རྟེན་གྱི་བདུད་གྱི་དབང་དུ་འགྱུར་སྟེ། འབྲས་བུ་དེ་གཉིས་གྲུབ་པར་བསྟན་པའི་ཕྱིར་རབ་ཏུ་དགའ་བ་སྟེ་ཤིན་ཏུ་དགའ་བ་དང་ལྡན་པཱ་ཡི་ནོ།། ཡིད་རངས་ནི་འདིར་དགའ་བ་ཡིན་པར་རིག་པར་བྱ་སྟེ། དེ་ཉིད་ཡོད་བདེ་བ་ཡི་ནོ།། འཚེ་བའི་འདུ་བྱེད ་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་སྔོན་གྱི་སྐྱེ་བར་བྱས་པའི་རྣམ་པར་སྨིན་པའི་འཚོ་བ་ལས་ཀྱི་རྣམ་པར་སྨིན་པའི་ལྷག་མ་བར་མ་དོར་འཆི་བའི་ཏིང་འཛིན་གྱིས་དྲངས་ནས་ལྷག་མར་བྱས་པ་ཡིནོ།། ཚེའི་འདུ་བྱེད་ནི་སྤངསོ་ཞེས་བྱ་བ་དེས་དེ་སྐད་དུ་བསྟན ་པོ་ཡིནོ།། མཉམ་དང་མི་མཉ་མོ་ཞེས་བྱ་བ་ལ་སོགས་པོ་ལ་སྲང་གོས་གསིལ་བས་ན་མཉམ་པ་སྟེ་འདྲ་བ་ཡིན་ལ། དེ་སྲིད་པ་ཞེས་བྱ་བ་དང་འདིར་སྦྱ་རོ།། དེ་ལ་མངོན་པར་དགའ་བར་བྱེད་པ་ནི་བྱ་བའི་ཚིག་ཡིནོ།། དཱི་ལས་བཟློག་པ་ནི་མི་མཉམ་པ་ཉིད་ཡིན ་ལདང་ནི་མཚུངས་པར་སྡུད་པའི་དོན་ཡིནོ།། སྲིད་པ་དང་འདུ་བྱེད་ཅེས་བྱ་བ་འདིར་ངེས་པར་བྱའོ།། སྲིད་པ་བདག་ཉིད་ཀྱི་དངོས་པོ་སྟེ་དེ་ཡང་རྣམ་པ་གཉིས་ཡིན་ལ། མིང་དང་གཟུགས་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་གཟུགས་ཀྱི་ཚོགས ་ནི་འདྲ་བ་ཡིན་ཏེ། སྔོན་དང་ཕྱི་མ་ལ་བྱེ་བྲག་མེད་པའི་ཕྱིརརོ།། མིང་གི་ཚོགས་ནི་འབྲུ་བ་ཡིན་ཏེ། དུས་ཕྱིས་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིརོ།། སྲིད་པའི་འདུ་བྱེད་ནི་ཚེའི་འདུ་བྱེད་ཡིན་ཏེ། དེ་ཡོད་ན་འདུ་བྱེད་ཀྱི་རྒྱུད་ཀྱི་འཇུག་པ་ཐ ་དད་པའི་ཕྱིརརོ།། ཐུབ་པ་སྟེ་བཅོམ་ལྡན་འདས་ཀྱིས་སྤངས་པ་ནི་གཞན་གྱི་དོན་མཛད་པ་མེད་པ་ཉིད་ཀྱི་ཕྱིརོ།། ཐུབ་པས་གཡོའི་བྱེ་བྲག་གིས་སྐུ་ཚེ་སྤངས་པར་བྱིན་གྱིས་བརླབས་རྒྱ་ནང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནང་ལ་དགོའ་བྱ་ནི་ནང་བརྟག ་པ་ལ་ཕྱོགས་ཉིད་ཀྱི་ཕྱིར་ཏེ། འདི་ནི་ཡེ་ཤེས་ལ་དབང་བ་བསྟན་ཏོ།། མཉམ་པར་བཞག་པ་ནི་ཏིང་འཛིན་ལ་དབང་བརྙེས་པ་ཡི་ནོ།། ནིའི་སྒྲས་ནི་དབང་དུ་གྱུར་པ་གཉིས་དང་འབྲེལ་པ་མངོན་པར་འདོད་པའི་འབྲས་བུ་སྒྲུབ་པར་བྱེད་པོ་ཡི་ནོ།། ཞེས་བསྟན ་པའི་དོན་ཏོ།། བཅོམ་པ་ནི་བཅོམ་པར་འགྱུར་བ་སྟེ། སྔོན་གྱི་སྲིད་པའི་འདུ་བྱེད་སྤངས་པར་གྱུར་པ་དེ་བས་ན་འདྲ་བ་དང་མི་འདྲ་བའི་སྲིད་པ་བཅོམ་པ་ཡིནོ།། མཛོད་དང་འདྲ་བའི་སྒོ་ང་ལས་བྱུང་བས་ན་སྒོ་བ་ལས་བྱུང་བ་སྟེ་བྱ་ཡིནོ།། མཛོད་ནི་སྒོ་ངའི་སྦུག ་ཡིན་ཏེ། དཔེར་ན་ཁྱིམ་བྱའི་ཕྲུ་གུ་ལུས་ཆེར་སྐྱེས་པ་དང་མཆུས་སྒོ་ངའི་སྦུབས་དྲལ་ནས་འབྱུང་བ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བདག་ཉིད་ཀྱིས་དངོས་པོ་ཡེ་ཤེས་ཤིན་ཏུ་བརྟོལ་ནས་མྱ་ངན་ལས་འོད ་པ་ཡི་ནོ།། རྒྱུ་ནི་ནང་གི་ཡན་ལག་གི་བྱེ་བྲག་རྒྱུ་ཡིན་ལ། རྐྱེན་ནི་ཕྱི་རོལ་གྱི་ཡན་ལག་ཡིནོ།། རླུང་མི་བཟད་པ་ཞེས་བྱ་བ་ནི་རྣམ་པར་འཁྲུགས་པ་ཡིནོ།། ཏིང་འཛིན་གྲུབ་པ་ནི་རྫུ་འཕྲུལ་ཆེ་བ་ཡི་ནོ།། ངོ་མཚར་ཉེ་བར་སྟོན་པའི་ནུས་པ་དང་ལྡན་པ་ནི་མཐུ ་ཆེ་བ་ཡིནོ།། ཆུང་བ་ཞེས་བྱ་བ་ནི་འབྱུང་བ་ཡིནོ།། ས་ལ་ཆུང་བར་དམིགས་པའི་འདུ་ཤེས་ནི་ས་ལ་ཆུང་བར་འདུ་ཤེས་པའོ།། བྱིན་གྱིས་བརླབས་པ་ནི་རྣམ་པར་བཞག་པ་འམ་བསྐྱེད་པ་ཡིན་ཏེ། ཏིང་ངེ་འཛིན་གྱི་མཐུས་སཱ་ལ་ཡང་འཚོལ་བ་ཉིད་དུ་གྱུར་པའོ།། ། ་ཆུ་ལ་ཚད་མེད་པར་དམིགས་པའི་འདུ་ཤེས་བྱིན་གྱིས་བརླབས་པ་དེའི་ཕྱིར་ས་གཡོས་པར་འགྱུར་རོ།། ས་གཡོས་པ་འདི་ཡང་འགའ་ཞིག་ཏུ་འདོད་པའི་རྒྱུ་མཚན་སྟོན་པར་བྱེད་པ་ཡིན་ལ། འགའ་ཞིག་ཏུ་ནི་འདོད་པ་མ་ཡིན་པའི་རྒྱུ་མཚན་སྟོན་པར་བྱེད་པ ་ཡིནོ།། ཞེས་བྱ་བར་རིག་པར་བྱའོ།། ཉེས་པ་ནི་ཉེས་པས་བྱས་པའི་ལས་སྔོན་དུ་སོང་བ་ཅན་གྱིས་ཉེས་པ་ཡིནོ།། རྣམ་པར་སྨིན་པ་གཉིས་སུ་འགྱུར་བ་ཞེས་བྱ་བ་ནི་བདེན་པའི་རྣམ་པར་སྨིན་པ་དང་འདེན་པ་མ་ཡིན་པའི་རྣམ་པར་སྨིན་པའོ།། མི་རྟོག་པ ་ཞེས་བྱ་བ་ལོ་སོགས་པའི་བཤད་པ་ནི་མངལ་དུ་འཇུག་པའི་མདོའི་སྐབསུ་དཔྱད་པ་ཡིནོ།། མཐོང་བའི་ཆོས་ཀྱི་ཞེས་བྱ་བ་ནི་མངོན་སུམ་སྐྱེ་བའོ།། ཕྱི་མ་ནི་འཇིག་རྟེན་ཕ་རོལ་ལོ།། བཅང་བར་བྱ་བ་ནི་བདག་གི་དོན་བཟུང་བའི་སྒོ་ནས་སོ།། འཛིན ་པར་བྱོད་པ་ནི་གཞན་ལ་དོན་གྱི་སྒོ་ནས་སྟོན་པའོ།། ཀློག་པར་བྱེད་པ་ནི་ཡི་གེའི་སྒོ་ན་སོ།། ཀུན་ཆུབ་པར་བྱེད་པ་ནི་དོན་གྱི་སྒོ་ན་སོ།། ཀུན་ཡངས་པའི་ཚུལ་ནས་བྱུང་ནས་ཞེས་བྱ་བ་ནི་གྲོང་ཁྱེར་ཡངས་པོ་ཅན་དང་ཐག་ཉེ་བའི་དགོན་པའི་ནགས་ཁྲོད་མངོན ་དུ་ཕྱོགས་པས་གཤེགས་པའོ།། གཡས་ཕྱོགས་སུ་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཐམས་ཅད་དུ་གཡས་ཕྱོགས་སུ་བསྐོར་བ་མཛད་པ་དེ་ཉིད་ཀྱི་ཕྱིར་གཡས་ཕྱོགསུ་གཟིགས་ཏེ། གླང་པོ་ཆེན་པོ་དང་འདྲ་བར་སྐུ་ཐམས ་ཅད་ཀྱིས་ཕྱོགས་ཏེ་གཟིགས་པའི་ཕྱིར་གླང་པོ་ཆེའི་ལྷ་སྟངས་ཀྱིས་གཟིགས་པ་ཞེས་བསྟན་ཏོ།། ཅིའི་ཕྱིར་བཅོམ་ལྡན་འདས་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་པར་མཛད་ཅེ་ན། འདི་ལ་བླ་མ་དག་བཅོམ་ལྡན ་འདས་མངོན་པར་འདོད་པའི་འབྲས་བུ་སྟོན་པར་མཛད་པོའི་ཕྱིར་གླང་པོ་ཆེའི་ལྟེ་སྟངསུ་མཛད་ལ། ཡང་གྲོང་ཁྱེར་ཡོངས་པ་ཅན་དུ་མི་འཇུག་པ་ཡང་འདིར་བཅོམ་ལྡན་འདས་མངོན་པར་བཞེད་པ་ཡིན་པ་དེ་བས་ན་འདིར་གླང་པོ་ཆེའི་ལྟ་སྟངས ་གཟིགས་པ་ནི་དེ་སྟོན་པར་བྱེད་པ་ཡིན་པར་བལྟ་བར་བྱའོ་ཞེས་སྟོན་ཏོ།། དེ་སྟོན་པ་ཡང་ཅིའི་ཕྱིར་ཞེ་ན། འདི་ལ་ཡང་གྲོང་ཁྱེར་ཡངས་པ་ཅན་ན་གནས་པའི་ལྷ་རྣམས་ལ་ཕན་གདགས་པའི་ཕྱིར་ཏེ། དེ་དག་གིས་རྒྱུ་མཚན་མཐོང ་བ་ལས་བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་དུ་ཡང་འཇུག་པར་མི་མཛད་བ་དང་། ཡོངས་མྱ་ངན་ལས་འདས་པར་བཞེད་སྙམ་པས་གལ་ཏེ་ཁོ་ཅག་བག་མེད་པར་གནས་པ་དེའི་ཚེ་བདག་ཅག་ཚོར་ཉམས་པར་འགྱུར་སྙམ་དུ་གཟིགས ་ནས། བཅོམ་ལྡན་འདས་ཀྱི་སླད་བཞིན་དུ་འབྲང་བ་དང་། དགེ་བའི་ཆོས་སྒོམ་པ་ལ་བག་ཡོད་པར་གནས་པར་འགྱུར་བ་དེ་བས་ན། དེ་དག་གི་དོན་ཆེན་པོ་འགྲུབ་པར་འགྱུར་བའི་ཕྱིར་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་པ་ནི་འདིར་དགོས ་པ་དང་བཅས་པ་ཁོ་ན་ཡིནོ་ཞེས་སྟོན་པར་མཛད་དོ།། གཞན་དུ་སྔར་མ་མཐོང་བ་ནི་ངོ་མཚར་ཡིན་ལ། སྔོན་མ་ཐོས་པ་ནི་རྨད་དུ་བྱུང་བ་ཡི་ནོ།། གང་ན་འཁོར་བརྒྱ་ཕྲག་དུ་མ་ཡོད་པ་དེ་ནི་འདིར་བརྒྱ་ཕྲག་དུ་མ་ཅན་ཡིནོ།། སྲིད་ནི་རིང་བ་ཉིད་དོ།། ་ཞེང་དུ་གྱུར་པ་ནི་ཡངས་པར་གྱུར་པའོ།། ཁ་དོག་མཛེས་པར་གྱུར་པ་ནི་ཁ་དོག་དང་གཟུགས་རྫོགས་པར་གྱུར་པའོ།། དབྱངས་སྙན་པར་གྱུར་པ་ནི་དབྱངས་མཛེས་པར་གྱུར་པའོ།། དོན་སྨྲ་བ་ནི་དོན་སྟོན་པར་བྱེད་པའི་ཚིག་བརྗོད་པར་བྱེད་པའོ ་ལྷག་པར་ཞེས་བྱ་བ་ནི་ཕྱིས་སུམ་ལྷག་པའི་དོན་ཡིནོ།། གནས་པ་ཞེས་བྱ་བ་ནི་ལྷན་ཅིག་གནས་པ་འམ་ལེགས་པར་གནས་པ་ཉིད་དོ།། སྟོན་པ་འདུལ་བྱའི་ཐབསུ་གྱུར་པ་ལ་མཁས་པ་ཡིན་པ་དེ་བས་ན་ཐོབས་འདིས་མངོན་པར་མོ་དད་པ ་དད་པ་སྐྱེད་པར་བྱེང་པའི་ཆོས་སྟོན་པར་འགྱུར་རོ།། མདོ་སྡེའི་མཐའ་རྗེས་སུ་འབྲང་བས་གནས་པར་བྱའི།། གང་ཟག་གི་རྗེ་སུ་འབྲང་བྱར་མི་བྱའོ་ཞེས་བྱ་བ་ལས། མདོ་སྡེའི་མཐའ་ཞེས་བྱ་བ་ལ། མདོ་སྡེའི་སྡེ་སྣོད་དང་འདུལ་བར་གཏོགས་པ ་ཡིནོ།། འདུལ་བའི་བདག་ཉིད་ཀྱི་མདོ་ནི་ཡང་བསླབ་པའི་བཞི་ངེས་པར་བྱེད་པས་ན་མདོ་སྡེ་སྟེ། དཔེར་ན་སོ་སོ་ཐར་པའི་མདོ་ལྟ་བུའོ།། འདུལ་བར་གཏོགས་པའི་བསླབ་པའི་གཞི་གཞོན་མ་ལུས་པ་དག་ཀྱེང་དེ་བཞི་ནོ།། མདོ་སྡེའི་མཐའ ་ནི་ངེས་པར་བྱེད་པ་སྟེ། འདིས་ངེས་པར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཆོས་མངོན་པ་ཡིན་ལ། བཀའ་ཡན་ལག་བཅུ་གཉིས་སུ་གཏོགས་པའི་མན་ངག་སྟོན་པར་བྱེད་པའི་ཆོས་མངོན་པ་ཉིད་མ་མོ་ཡིནོ།། ཆོས་མངོན་པའི་རྗེས་སུ ་འབྲང་ནས་སློབ་དཔོན་གྱིས་མཛད་པའི་བཤད་པ་ཡང་སྡེའི་མཐའ་ཡི་ནོ།། དེ་བས་ན་འདི་མདོ་སྡེའི་སྒྲས་མདོ་སྡེ་དང་། འདུལ་བའི་སྡེ་སྣོད་དང་། མཐའི་སྒྲས་ཆོས་མངོན་པའི་སྡེ་སྣོད་སློབ་དཔོན་གྱིས་མཛད་པའི་བཤད་པ་ལུང་གི་རྗེས ་འབྲེང་བ་དང་བཅས་པ་བཟུང་།། དེའི་དོན་ནི་འདི་ཡིན་ཏེ། མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པའི་སྡེ་སྣོད་དེ་བྱེད་པ་དག་དྲེ་བ་བྱེད་པ་ཁོ་ནར་རྗེ་སུ་འབྲང་བ་སྟེ། སོ་སོར་འབྲང་བར་བྱ་བ་དང་རྗེ་སུ་འགྲོ་བར་བྱ་བ་ཡིན་ལ། སྡེ་སྣོད་གསུམ་པོ་ངེས ་པ་ཉིད་དུ་ལེགས་པར་བྱས་པའི་ལྟ་བ་དེས་བསྒོམ་པ་ལ། མངོན་པར་སྦྱོར་བས་ཐར་པ་ལོགས་པར་ཐོབ་པར་འགྱུརརོ།། གང་ཟག་གི་རྗེས་སུ་འབྲང་བར་མི་བྱ་བ་ནི་གང་ང་གཅིག་པུ་འམ། ང་དང་འདྲ་བའི་རྗེ་སུ་འབྲང་བར་བྱ་བ་ཡིན་ཏེ། ང་ཡོངསུ་མྱ་ངན་ལས་འདྲ ་ནས་ངའི་བཀའི་རྗེསུ་འགྲོ་བར་བྱ་ཞིང་། གྲོལ་བའི་ཕྱིར་གང་ཟག་གཞོན་འགའ་ཞིག་གི་ནི་མ་ཡིན་ནའོ།། ཞེས་བྱ་བའི་བཤད་པ་འདིས་མདོ་དང་འདུལ་བའི་མཐའི་སྒྲ་སྡེ་སྣོད་གསུམ་པོ་དག་ལ་འཇུག་པར་རིག་པར་བྱའོ།། དེ་དག་གང་ལ་ཞེ་ན། འོག་ནས ་བཅོམ་ལྡན་འདས་ཉིད་ཀྱིས་མདོ་སྡེའི་མཐའི་རྗེསུ་འབྲང་བ་སྡེ་སྣོད་གསུམ་ལ་མཁས་པ་བཤད་པ་ལས། གང་མདོ་སྡེ་ལ་འཇུག་པར་བྱ་ཞིང་འདུལ་བ་ལ་ཡང་དག་པར་བལྟ་བར་བྱའོ།། གལ་ཏེ་མདོ་སྡེ་ལ་འཇུག་པར་གྱུར་ཅིང་འདུལ་བ་ལ་སྣང་བར ་གྱུར་ན་མེདོ་སྡེ་ལ་གནས་འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་པོ་ཡི་ནོ།། ཞེས་བཤད་པར་འགྱུ་རོ།། དེ་ལྟར་གྱུར་ན་འདིར་རབ་ཏུ་གྲོགས་པའི་སྡེ་སྣོད་གསུམ་ལ་འདུལ་བའི་མཐའི་རྗེསུ་འབྲང་བར་བརྗོད་དོ།། གང་ཟག་ནི་དེའི་དོན་དང་གཞུང་རླུང ་མར་གྱུར་པ་ལ་མཁས་པ་སྟེ། འདིར་ནག་པོ་བསྟན་པ་དང་། ཆེན་པོ་བསྟན་པ་འདིའི་རྟོགས་པ་པོ་ཡོངསུ་རྟོགས་པར་བྱེད་པའི་དོན་ཡོན་ཏན་དང་ལྡན་པ་ཡིན། བརྟག་པར་བྱ་བ་ཡང་གཞན་གྱིས་སངས་རྒྱས་ཀྱི་བཀའ་ཡིན་པར་སྨྲས་པ་འདི་ལ་ནི ་སངས་རྒྱས་ཀྱི་བཀའ་ཉིད་དུ་བརྒྱུད་པས་འོངས་པ་མ་ཡིན་ཞིང་རྟོག་པར་བྱེད་པ་ནི་མདོ་སྟེ་དང་འདུལ་བྱ་དང་། མ་མོ་ལས་འཇུག་པར་བྱེད་པ་ཡི་ནོ།། ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི་ཆར་གྱུར་པ་སྡེ་སྣོད་གསུམ་པོ་མདོ་སྡེ་དང་འདུལ ་བཔ་དང་ཆོས་མངོན་པ་ཡང་བརྟག་པའི་གཞི་ཡིན་ནོ།། འོན་ཀྱང་རྟོག་པར་བྱེད་པ་པོ་ལ་སྡེ་སྣོད་གསུམ་པོ་གང་དག་ལ་གཞུག་པར་བྱ་བ་སངས་རྒྱས་རྒྱུས་ཀྱི་བཀའ་ཉིད་དུ་མ་གྲགས་པའི་གཞུང་གཞན་གང་ལ་གྲགས་པ་ཡིན། འདི་ལ་འདྲི ་བར་བྱ་བ་ཇི་ཞིག་ཡོད་དེ་བརྒྱུད་པས་འོངས་པ་ཡི་ནོ།། གལ་ཏེ་དེ་ལྟ་ན་ནི་ཇི་ལྟར་ཁྱེད་ལ་སྟི་སྣོད་གསུམ་པོ་དང་བརྒྱུད་པས་འོངས་པ་ཡིན་པའི་ཕྱིར་རབ་ཏུ་གྲགས་པ་ཡིན་པ་དེ་བཞིན་དུ་ཕ་རོལ་པོ་ཡང་གཞན་དུ་རབ་ཏུ་གྱུཌཱ་པ་ཡི་ནོ།། བདེན་ཏེ་གང ་ཞིག་ཕ་རོལ་པོ་ལ་བརྒྱུད་པས་འོངས་པ་ཁོ་བོ་ལ་བརྒྱུད་པས་འོངས་པ་མ་ཡིན་པ་དེ་ནི་ཇི་སྲིད་ཁོ་བོ་ལ་སངས་རྒྱས་ཀྱི་བཀའ་ཉིད་དུ་བརྒྱུད་པས་འོངས་པ་མ་ཡིན་པས་དེ་ཡོངས་དོར་བར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་རང་གི་སངས་རྒྱས་ཀྱི་བཀའ་བརྒྱུད ་པས་འོངས་པ་ལ་བཅུག་ནས་དཔྱད་པར་བྱ་བ་ཡི་ནོ།། དེ་བས་ན་འདིར་ནག་པོ་བསྟན་པ་ལ་གསུམ་པོ་བརྟེན་པར་བྱ་བ་ཡིནོ།། སྡེ་སྣོད་གསུམ་པོ་བརྒྱུད་པས་རབ་ཏུ་གྲགས་པ་དེའི་དོན་དང་གཞུང་འཇལ་བར་བྱེད་པའི་མཁས་པ་ནི་རྟོགས་པར་བྱེད་པ ་བོཔོ་ཡིན་ལ། གང་ཞིག་སངས་རྒྱས་ཀྱི་བཀའ་ཉིད་དུ་དེ་ལ་མ་གྲུབ་པ་ཉིད་ནི་བརྟག་པར་བྱ་བ་ཡིནནོ།། དེ་ལྟར་ན་གང་ཞིག་སངས་རྒྱས་ཀྱི་བཀར་མ་གྲགས་པ་ཕན་ཚུན་རྗེས་སུ་ཞུགས་པའི་ཕྱིར་རམ། འགལ་བ་མེད་པའི་ཕྱིར་སངས་རྒྱས་ཀྱི་བཀའ ་རབ་ཏུ་གྲགས་པ་ཡིན་པར་ཁྱོང་དུ་ཆུད་པར་མི་བྱ་སྟེ། ཙཱ་ར་ཀ་ལ་སོགས་པ་ལ་སངས་རྒྱས་ཀྱི་བཀའ་ཉིད་དུ་ཐལ་བར་མ་གྱུར་ཅིག་པ་ཡིནོ།། འོན་ཀྱང་ཡོང་སུ་རྫོགས་པར་སངས་རྒྱས་ཀྱི་བཀའ་གྲུབ་པ་ཡོད་དང་། དེའི ་དོན་འཇལ་བར་བྱེད་པའི་མཁས་པ་ནི་གྲུབ་པ་པོ་སྟེ་གང་ཞིག་རྟོགས་པ་པོ་སྔ་ན་མེད་པ་དེ་ལས་གཞན་དང་འདི་ནི་སངས་རྒྱས་ཀྱི་བཀའ་ཉིད་དུ་སྨྲས་པ་དེ་རྟོག་པར་བྱེད་པ་པོ་དེས་གཞུག་ཅིང་དཔྱད་པར་བྱའོ།། ཞེས་བྱ་བ་ནི་ནག་པོ་བསྟན་པ ་དང་ཆེན་པོ་བསྟན་པའི་དོན་ཡིནོ།། སྡེ་པའི་ནང་ཐ་དད་པའི་ཁྱད་པར་དེ་དག་འགལ་བའི་ཕྱིར་གཞན་དུ་མི་འཇུག་པ་མ་ཡིན་ནམ། ཇི་ལྟར་ན་སངས་རྒྱས་ཀྱི་བཀའ་ཉིད་ཡིན་ཞེ་ན། ཉོན་ཅིག་བཅོམ་ལྡན་འདས་ཀྱི་བསྟོན་པ་ཐ་དད་པའི་དབྱེ་བ ་བཅོ་བརྒྱད་དུ་གསུངས་པ་གཞུང་ཐ་དེད་པ་དང་། དོན་ཐ་དད་པའི་ཁྱད་པར་སྒོ་ནས་དབྱེ་བ་བཅོ་བརྒྱད་ནི་རིགས་པ་མ་ཡི་ནོ།། དེའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ཇི་སྲིད་འགལ་བའི་སྒོ་ནས་གཞན་ངག་ལས་ཐ་དད་པ་འགྱུར་བ་དེ ་སྲིད་དུ་འགལ་བར་ལུང་བསྟན་པ་ཡིན་ལ། གལ་ཏེ་དེ་སྲིད་དུ་ཡང་འགལ་བ.རཱ་མི་འགྱུར་ན་ཐ་དད་པ་ཉིད་དུ་ཡང་མི་འགྱུརརོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཇི་སྲིད་དུ་འགལ་བ་ཐ་དད་པའི་རྒྱུ་མཚན་དུ་བསྲུངས་པས་དེ་སྲིད་དུ་དོན་དང ་གཞུང་ཕན་ཚུན་རྗེས་སུ་འཇུག་པར་མི་འགྱུརོ།། དེ་བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་བཅོམ་ལྡན་འདས་ཀྱིས་ཚཇི་སྲིད་པ་ལོ་ཕན་ཚུན་འགྲེལ་བར་བསྲུངས་དེ་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི ་གཡོས་མི་འགལ་བར་བསྲུངས་པ་ལ་འོན་ཀྱང་ཆ་དེ་ཡོངསུ་དོར་ཞིང་ཆ་གཞན་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི་སྒོ་ནས་རྗེ་སུ་འཇུག་པར་བྱ་བ་ཡིནོ།། དེ་ཡང་ཆའི་དབྱེ་བ་གཞན་ཡིན་གྱི་རྣམ་པར་གྲོལ་བའི་རས་ལ་ནི་ཐ་དད་པ་མེད་དོ།། ཞེ ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི་ནོ།། རྣམ་པར་གྲོལ་བ་ཡང་འདིར་འདུས་བྱས་དང་འདས་མ་བྱས་ཡིན་ལ། འདུས་མ་བྱས་ནི་མྱ་ངན་ལས་འདས་པོ་ཡི་ནོ།། འདུས་བྱས་ནི་ལམ་གྱི་ནང་དུ་འདུས་པ་ལྷག་པར་མོས་པ་ཡིན་ལ། དེས་ནི་འདིར་ཐར་པའི ་ལམ་གསུངས་པ་ཡིནོ།། ལམ་ལ་ཡང་ནན་ཏྲན་དུ་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡོད་པ་ཡིན་ཏེ། དེ་དག་གིས་རྒྱུ་འཁོར་བ་ལས་ཡིད་བྱུང་བ་དང་། སེམས་ཅན་ལ་སྙིང་རྗེ་བ་ཡོད་པ་ཡིནོ།། རྒྱུ་ནི་བཞི་སྟེ་བརྩོན་པའི་རྒྱུ་ཞེས་བྱ་བའི་ཐ་ཚིགོ།། ་རྣམ་པར་གྲོལ་བ་ཡང་འབྲེལ་པ་ཅན་གྱི་སྒྲ་ཉིད་ཡིན་པའི་ཕྱིར་གང་ལས་རྣམ་པར་གྲོལ་བ་དེས་འཕགས་པ་སྡུག་བསྔལ་གྱི་བདེན་པ་ཡིནོ།། ཇི་ལྟར་རྣམ་པར་གྲོལ་བ་དེས་ཀྱང་འཕངས་པ་ནི་ཀུན་འབྱུང་གི་བདྲེན་པ་ཡིན་ཏེ། ཀུན་འབྱུང་ཡོད་ན་ནི་སྡུག ་སྡུག་བསྔལ་སྐྱེ་བར་འགྱུར་ལ། དེ་ལྟར་གྱུར་དང་སྡུག་བསྔལ་ལས་རྣམ་པར་གྲོལ་བ་མེད་པ་དེའི་ཕྱིར་ཀུན་འབྱུང་ཤེས་ནས་སྤང་བར་བྱའོ།། དེ་ལྟར་ན་སྡུག་བསྔལ་ལས་ཡོངསུ་གྲོལ་བར་འགྱུར་བ་དེ་བས་ན་འདིར་རྣམ་པར་གྲོལ་བའི་སྒྲས་འཕགས་པའི ་བདེན་པ་བཞི་གཟུང་ཞིང་ལམ་ལ་ནན་ཏན་དུ་བྱིང་བ་དང་། ཚོགས་ཀྱི་རྒྱུ་ཡང་བསྡུས་པ་ཡི་ནོ།། བཅོམ་ལྡན་འདས་ཀྱིས་སྡེ་པའི་དབྱེ་བ་བཅོ་བརྒྱང་པི་འདི་ཙམ་གྱིས་ཕན་ཚུན་རྗེ་སུ་ཞུགས་པར་གསུངས་པ་ཡིན་པ་དེ་བས་ན་རྗེ་སུ་ཞུགས་པའི་ཕྱིར་ནག ་པོ་བསྟན་པ་དང་ཆེན་པོ་བསྟན་པ་འདི་ལས་ལྷག་པ་ཅི་ཞིག་ནུས་ཏེ། ཆ་འདི་ཙམ་གྱིས་ཐ་དད་པ་དག་ཀྱང་ཕན་ཚུན་རྗེ་སུ་ཞུགས་པ་བསྟན་པ་ཡིན་ལ། གང་འདི་ཙམ་དུ་ཡང་རྗེ་སུ་ཞུགས་པ་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིནོ།། ། ་དེ་ལྟར་ཡང་ཐག་པ་ཆེན་པོའི་ལམ་དང་འདྲ་བ་སྔགས་ལ་ཡོད་དེ། གང་གཟུངས་འདིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརརོ།། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་ཐད་ལས ་གཟུངས་སྨྲ་བས་ཀྱང་རིགས་པ་མནོས་ནས་ཉོན་མོངས་པ་སྤངས་ཏེ། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱསོ།། བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་གིས་ཐང་ལས་རིག་པ་བླངས་ཏེ། གཞན་ལ་ཕན་གདགས་པ་མཛད་པའི་ཕྱིར་འཇུག་པར་འགྱུར་ཞེས་འབྱུང་སྟེ། སྔགས་དང་ཡི་གེ་ལམ་གྱི་ཡན་ལག་མ་ཡིན། ཚོགས་མ་ཡིན་ཏེ། རྒྱུ་མ་ཡིན། ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པ་མ་ཡིན ་བཔ་དེ་ཇི་ལྟར་ན་དེ་དག་མི་བཟང་བའི་རྒྱུ་དང་། བསོད་ནམས་འཕེལ་བའི་རྒྱུ་དག་ཏུ་ཡང་རིགས་ཏེ། དེ་བཞིན་དུ་ཀློག་པ་ཡང་ངོ་།། དེ་ནི་འདིར་ལམ་དང་ཚུལ་མཐུན་པ་ཡིན་གྱི་དེ་ལམ་མ་ཡིན། མདོ་སྡེ་མ་ཡིན། འདུལ་བ་མ་ཡིན། ཆོས་ཉིད་ལ་འཇུག་པ ་མ་ཡིན་དེ་ནག་པོ་བསྟན་པ་དང་། ཆེན་པོ་བསྟན་པའི་སྡེ་སྣོད་གསུམ་གྱི་ཆར་གྱུར་པ་མ་ཡིན་ཏེ། དེ་ལ་ཐེག་པ་ཆེན་པོའི་ནང་དུ་འདུས་པ་ཡིནོ།། ཞེས་བྱ་བ་དེ་ནི་ངེས་པ་ཡིནོ།། ཀུན་དགའ་བོ་ཇི་ལྟར་ན་དགེ་སློང་དག་མདོ་སྡེའི་མཐའི་རྗེ་སུ་འབྲང་བ ་ཡིན་གྱི། མངོན་དུ་བྱ་བ་མངོན་སུམ་དུ་ཐོས་པ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པ་ཡི་གེའི་བདག་ཉིད་ཅན་གྱིསོ།། བསམས་པ་ལས་བྱུང་བ་དོན་གྱི་བདག་ཉིད་ཅན་གྱིས་དེ་ཤིན་ཏུ་ངེས་པ་ཞེས་བྱ་བར་དགོད་སོ།། འདི་ལྟ་སྟེ་ཞེས་བྱ་བ་དེ་ནི་ཉེ་བར ་སྟོན་པའི་ཚིག་ཡིནོ།། ཆོས་ནི་བསྟན་པའི་ཆོས་ཡིནོ།། འདུལ་བ་ནི་སྤོང་བའི་ཐབ་སུ་གྱུར་པའོ།། སྟོན་པའི་བསྟན་པ་ཞེས་བྱ་བ་ལ་ཡང་དག་རྗེསུ་སྟོན་པ་མཛད་པས་ན་སྟོན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་ཞེ ་བྱ་བའི་ཐ་ཆིའོ།། དེའི་བསྟན་པ་འདི་ཡིན་པས་ན་བསྟན་པ་སྟེ། བཀའ་འམ་ཆེད་དུ་བསྟན་པ་ཞེས་བྱ་བ་ཡིན།། དེའི་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་དང་སྤོང་བའི་ཐབ་སུ་གྱུར་པ་རིམ་པས་འདི་བསྟན་པ་ཡིན་ཏེ། རིམ་པ་འདིས ་འཇུག་པ་དག་ཆོས་ཁོང་དུ་ཆུད་པ་དང་སྤངས་པ་འགྲུབ་པར་འགྱུརརོ།། སྤྲོ་བར་མི་བྱ་ཞེས་བྱ་བ་ནི་ཁྱོད་ཀྱི་ལེགས་པར་སྨྲསོ་ཞེས་བྱ་བ་དེ་ལྟ་བུའི་གཟེངས་བསྟོད་པ་སྦྱིན་པར་མི་བྱའོ།། སྨད་པར་ཡང་མི་བྱ་ཞེས་བྱ་བ་ནི་ཚར་བཅད་པའི་སྒོ་ནས་ཁྱོད ་ཀྱིས་མཛེས་པ་མ་ཡིན་པ་སྨྲས་སོ་ཞེས་བྱའོ།། རྣ་བྱོས་ཏེ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་དེ་ལ་གཏད་བཔར་བྱས་ནསོ།། ཆོས་ཀྱི་ཚིག་འབྲུ་ཞེས་བྱ་བ་ནི་བསྟན་པའི་ཆོས་ཀྱི་དོན་གསལ་བར་བྱེད་པའི་ཚིག་གང་ཡིན་པ་དང་ཡེ་གེ་སྟེ ་བརྗོད་བྱེད་གང་ཡིན་པ་དེ་དག་གཟུང་ཞིང་སེམས་ཀྱིས་ཤིན་ཏུ་ངེས་པར་བྱས་ནསོ།། མདོ་སྡེ་ལ་འཇུག་པར་བྱ་ཞེས་བྱ་བ་ནི་མདོ་སྡེའི་སྡེ་སྣོད་ལོ་མཐར་གྱིས་རབ་ཏུ་འཇུག་པར་བྱ་བའོ།། འདུལ་བ་ལ་ཡང་དག་པར་བལྟ་བར་བྱ་ཞེས་པ ་པ་ལ། འདུལ་བའི་སྡེ་སྣོད་ལ་མཚན་ཉིད་གང་དག་གསུངས་པ་དེ་དག་ལྷན་ཅིག་སྦྱར་བར་བྱ་བ་ཡིནོ།། མདོ་སྡེ་ལ་མི་འཇུག་ཅེས་བྱ་བ་དེ་ནི་བླ་ན་མེད་པའི་སྐྱེས་བུའི་དོན་སྒྲུབ་པར་བྱེད་པ་ཉིད་དང་རྗེསུ་མཐུན་པར་འགྱུར ་པ་མ་ཡིནོ།། འདུལ་བ་ལ་མི་སྣང་ཞེས་བྱ་བ་ནི་འདུལ་བ་ལས་གསུངས་པའི་མཚན་ཉིད་བླ་ན་མེད་པའི་དོན་སྒྲུབ་པར་བྱེད་པ་ཁོ་ན་ཉིད་དང་འགལ་བར་འགྱུར་རོ།། ཆོས་ཉིད་དང་ཡང་འགལ་ན་ཞེས་བྱ་བ་དེ་ནི་འགལ་བའི་བཤད་པ་དང་ལྡན ་པ་ཉིད་ཀྱི་ཕྱིར་མི་འཐད་པ་ཡིནོ།། ཆོས་ཉིད་ཀྱང་ཆོས་མངོན་པའི་སྡེ་སྣོད་དམ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་ལས་འབྱུང་བ་དང་ལུག་ལས་བཟློག་པ་ཡིནོ།། ཉེས་པར་གཟུང་བ་ཞེས་བྱ་བ་ནི་རྣམ་པ་གཞན་དུ་གཟུང་བའི་སྒོ་ནས་སྨད ་པར་གཟུང་བའི་ཕྱིར་རོ།། དེ་ལྟར་ནི་ཞེས་བྱ་བ་ནི་གང་གི་ཕྱིརརོ།། གནས་ནི་འདིར་གཙུག་ལག་ཁང་ལ་མངོན་པར་འདོད་དེ་དེ་ནའོ།། ཆེན་པོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དག་གིས་བདག་པོ་ཆེན་པོར་གྱུར་པའོ།། གན ་བརྟན་ཞེས་བྱ་བྷ་ལ། གནས་བརྟན་ནི་འདིར་འདུལ་བ་ལ་མཁས་པ་ཡིན་པར་རིག་པར་བྱའོ།། སོ་སོར་ཐར་པ་དང་བཅས་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པའི་གནས་བརྟན་དང་བཅས་ཤིང་ལྡན་པའོ།། ཆོས་སུ་འདུ་ཤེས་པ ་ཅན་ཞེས་བྱ་བ་ནི་ཆོས་ཀྱི་འདུ་ཤེས་ནི་ཆོས་སུ་འདུ་ཤེས་པ་སྟེ། དེ་གང་ལ་ཡོད་པ་ནི་ཆོས་སུ་འདུ་ཤེས་ཅན་ཏེ། དེ་ཡིས་སོ།། འདུལ་བར་འདུ་ཤེ་པ་ཅན་ཡང་དེ་བཞིན་ནོ།། ཆོས་མ་ཡིན་པ་འདུལ་བ་མ་ཡིན་པ་ཞེས་བྱ་བ་ནི་ཆོས་དང་འདུལ ་བ་དང་འགལ་བའོ།། མདོ་སྡེ་འཛིན་པ་ནི་གཞུང་གི་སྒོ་དང་དོན་གྱི་སྒོ་འམ་གཞན་གྱི་སྒོ་ནས་མདོ་སྡེ་མ་ལུས་པར་འཛིན་པར་བྱེད་པའོ།། དེ་བཞིན་དུ་འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་ཡང་ཁོང་དུ་ཆུད་པར་བྱའོ།། མ་མོའི་སྒྲས་ཆོས ་མངོན་པ་བརྗོད་པ་ཡིན་ཏེ། མདོ་སྡེ་དང་འདུལ་བའི་སྡེ་སྣོད་དག་གིས་མ་ལྟ་བུའི་གནས་ཡིན་པའི་ཕྱིརརོ།། མང་དུ་ཤེས་པ་ནི་དགེ་འདུན་གྱི་ཚད་ལས་ཉུང་བ་སྟེ། དགེ་འདུན་གསུམ་ཞེས་བྱ་བའི་བར་དུའོ།། འདིར་དགེ་སློང་ཆོས་ཀྱིས་རྒན་པ་ནི་གནས ་བརྟན་དུ་བཞེད་ལ། གནས་བརྟན་གཞན་ནི་གནས་གཙོ་བོར་གྱུར་པའོ།། ཇི་ལྟར་དགེ་སློང་མང་པོ་དག་ལས་ཡོན་ཏན་གྱིས་འདིར་གཙོ་བོར་ཞེས་ལ། གཙོ་བོ་ལས་གཞན་ནི་དམ་པར་གྱུར་པའོ།། བཞི་པོ་འདི་ནི་ནག་པོ་བསྟན་པ་ཡིནོ།། མདོ ་སྡེ་ལ་འཇུག་བཅས་བྱ་བ་ནི་སྔ་མ་བཟློག་པ་དང་ལྷན་ཅིག་སྦྱར་བར་བྱའོ།། དོན་ཇི་ལྟ་བ་བཞིན་དུ་འཛིན་ཅིང་འཁྲུལ་པ་སྤངས་པ་ཉིད་ཀྱི་ཕྱིར་ལེགས་པར་བཟུང་བ་ཡིནོ།། གཞན་ལ་སྨད་འདོགས་པའི་སྒོ་ནས་བརྗོད་པ་ནི་བསྟན་པ་ཡིན་ཏེ། ་ནག་པོ་ཡང་དེ་ཡིན་ལོ་བསྟན་པ་ཡང་ཡིན་པས་ནག་པོ་བསྟན་པ་ཡིནོ།། ཕ་རོལ་པོ་སངས་རྒྱས་ཀྱི་བཀའ་ཉིད་དུ་འདོད་པའི་ཚིག་གང་ཡིན་པ་དེ་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་དུ་བསྒྲུབ་པའི་ཚིག་ནི་ནག་པོའི་སྒྲས་བསྟན་པ་ཡིན ་ལ། དེས་ཉེ་བར་མཚོན་པའི་སྐད་འདོགས་པ་ནི་ནག་པོ་བསྟན་པ་ཞེས་བྱའོ།། ལེགས་པར་བྱ་ཞེས་བྱ་བ་ནི་རིགས་པར་རོ།། ཤིན་ཏུ་ནི་ཁྱད་པར་དུ་ཡང་དག་པར་སྦྱར་ཏེ་ཞེས་བྱ་བ་ནི་ཡང་ནས་ཡང་དུ་བཅས་པ་དང་ཡང་དག་པར་རྗེས་སུ་སྦྱོར ་བར་བྱས་ནས་སམ། ཡི་གེའི་བདག་ཉིད་ཀྱིས་ཤིན་ཏུ་དཔྱད་པར་བྱ་བ་ཡིནོ།། ཡང་དག་པར་བརྟགས་ལ་ཞེས་བྱ་བ་ནི་མདོ་སྡེ་ལས་འཇུག་པ་ལ་སོགས་པའི་སྒོ་ནས་དོན་གྱི་བདག་ཉིད་དུ་ཤིན་ཏུ་དཔྱད་ནསོ།། དོར་བར་བྱ་ཞེས་བྱ ་བ་ནི་ཡོངསུ་སྤང་བར་བྱ་བའོ།། སངས་རྒྱས་ཀྱི་བཀའ་ཉིད་ཀྱིས་དོན་ཆེན་པོ་དང་ལྡན་པའི་ཕྱིར་ཆེན་པོ་བསྟན་པ་ཡི་ནོ།། གཟུང་བར་བྱའོ་ཞེས་བྱ་བ་ནི་འདི་ནི་སངས་རྒྱས་ཀྱི་བཀའ་ཡིནོ།། ཞེས་བྱ་བའི་སྒོ་ནས་གུས་པ་བཟུང་བར་བྱ་བ་ཡིན།། སྲོག་ཆག ་ཀའི་ནགས་ཚལྀ་ཐུག་མོ་ཞེས་བྱ་བ་ནི་སྲོག་ཆགས་ཛཾ་ལུས་ཉེ་བར་མཚན་པ་ཉིད་ཀྱི་ཕྱིར་རམ། མིང་གི་སྒྲས་ནི་སྲོག་ཆགས་ཏྲི་ལུ་ཀིའི་ནགས་ཚལ་འཐུག་མོ་ཞེས་བྱའོ།། མགར་བ་ནི་གསེར་མག་རོ།། ཀོ་ལ་སྨིན་པ་ཞེས་བྱ་བ་ལ་ཀོ་ལ ་ཞེས་བྱ་བ་ནི་འབྲུའི་བྱེ་བྲག་ཁྱད་པར་ཙོན་འགའ་ཞིག་ཡིན་ལ། སྨིན་པ་ནི་ཡང་དག་པར་གྱུར་པའོ།། ཀོ་ལ་གང་ཡིན་པ་དེ་ནི་ཀོ་ལ་ཀ་སྨིན་པ་ཡིནོ།། ཚོགས་པ་ཆེན་པོའི་བྱེ་བྲག་གིས་བཟང་པོར་བྱས་པ་ལེགས་པར་བྱས་པ་བཟང་བ་ཡིནོ།། མཚན ་ཁུང་དུ་བཞག་གོ་ཞེས་བྱ་བ་ནི་རྐུ་སེམས་ཀྱིས་མཚན་ཁུང་གི་ཕྱོགསུ་སྦས་པ་ཡིནོ།། བཅོམ་ལྡན་འདས་ཀྱིས་མཐུས་བརྡུངས་མགོར་མཁན་གྱི་བུ་སྐུལ་བྱེད་ཀྱིས་མཐོང་བ་དགེ་སློང་གི་ཡུལ་དེ་ལ་འཇུག་པར་མཛད་པ་བཅོམ་ལྡན་འདས་ཇི། ་ལ་དགོས་པ་ཡིན་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱི་དགོངས་པོ་ནི་འདི་ཡིན་ཏེ། གལ་ཏེ་བརྡུངས་མགར་མཁར་གྱི་བུ་སྐུལ་བྱེད་ཀྱིས་དགེ་སློང་དེ་སྣོད་རྐུ་བ་མཐོང་བ་དེའི་ཚེ་སྐུལ་བྱེད་འཁོར་འདི་མ་བསད་པ་མ་ཡིན་གང་གི་ཕྱིར་དགེ་སློང་འདི ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གནས་ཤིང་དགྲ་བཅོམ་པ་དུ་མའི་ནང་དུ་ཆུད་ཀྱང་འདི་ལྟ་བུའི་ལས་བྱེད་དོ།། ཞེས་འཁོར་བའི་གནས་དྲན་པ་ཡིནོ།། སྙམ་པས་བཅོམ་ལྡན་འདས་དང་དགེ་སློང་ཉེས་པ་ཟད་པ་དག་ལ་དང་བ་འཕེལ་ཞིང ་འགྱུར་བ་དང་། ཐར་པའི་དོན་གྱི་བྱ་བ་ལ་རྩོལ་བར་འགྱུར་བ་དང་། བཤད་པར་འགྱུར་བའི་འདྲ་བའི་སྐབས་བྱས་པ་ཡིན་པའི་ཕྱིར་སྐུལ་བྱེད་ཀྱིས་མཐོང་བ་དགེ་སློང་གི་ཡུལ་ལ་འཕགས་པ་ནི་ཤིན་ཏུ་དོན་ཆེན་པོ་ཡིནོ་ཞེས་སྟོན་ཏོ།། ཐུབ་པ་བློ། ་གྲོས་རབ་ཡངས་པ་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པ་ལས་གྱུར་པའི་ཚིག་ཉེ་བར་ཞི་བའི་ཕྱིར་ཐུབ་པ་སྟེ། ཐུབ་པ་བཅོམ་ལྡན་འདས་དེ་ལ་ཞུ་བར་གྱིའོ།། ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་ཐུབ་པ་ཞེ་ན། བློ་གྲོས་རབ་ཡངས་ཞེས ་བྱེ་བ་ལ་སོགས་པ་སྨོས་ཏེ། བློ་གྲོས་ཏེ་ཤེས་རབ་ཡངས་ཤིང་རྒྱ་ཆེ་བར་གྱུར་པ་གང་ལ་ཡོད་པ་དེ་ནི་བློ་གྲོས་རབ་ཏུ་ཡངས་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་ཉིད་ཀྱི་ཕྱིརརོ།། འཁོར་བའི་རྒྱ་མཚོ་ཆེན་པོ་ལ་རྒལ་བ ་ཉིད་ཀྱི་ཕྱིར་བརྒལ་བ་ཡིན་ནོ།། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཕ་རོལ་གྱི་དོགས་ཡང་དག་པར་བརྙེས་པའི་ཕྱིར་ཕ་རོལ་གཤེགས་པ་ཡིན།། ཐེ་ཚོམ་མ་ལུས་པ་སྤངས་པོའི་ཕྱིར་ཐེ་ཚོམ་ལས་བརྒལ་བ་ཡིནོ།། ཁ ་ལོ་སྒྱུར་བ་ནི་སྔོན་དུ་འགྲོ་བའོ།། ཐམས་ཅད་ཀྱི་དང་པོར་མྱ་ངོན་ལས་འདས་པའི་ལམ་སྟོན་པར་མཛད་པའི་སྒོ་ནས་ཁ་ལོ་སྒྱུར་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཉིད་ཡིན་པའི་ཁ་ལོ་སྒྱུར་བའོ་མཆོག་ཡིན་ནོ།། གནས་ཁྱད་པར ་དུ་འཕགས་པར་འདྲེན་པར་བྱེད་པའི་ཕྱིར་འདྲེན་པ་ཡིན་ལ། སྡུག་བསྔལ་ཐམས་ཅད་ཀྱི་འཇུག་པ་ཟློག་པར་བྱེད་ཅིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རབ་ཏུ་འཇུག་པར་བྱེད་པ་ཉིད་ཀྱི་སྒོ་ནས་གཙོ་བོར་གྱུར་པ་ཉིད ་ཡིན་པའི་ཕྱིར་འདྲེན་པའི་མཆོག་ཡིན་ཏེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཐུབ་པ་ལི་ཞུ་བར་བྱའོ།། ཅི་ཞིག་ཞུ་བར་བྱ་ཞེ་ན། འཇིག་རྟེན་དགེ་སྦྱོང་དུ་མཆིས་ཞེས་བྱ་བ་སྨོས་ཏེ། ཀྱེ་བཅོམ་ལྡན་འདས་ཞུས་པ་ལན་གྱི་བཀས་གསུངས་ཤིག་པ ་ཡིནོ།། དགེ་སྦྱོང་བཞི་སྟེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་དགེ་སྦྱོང་བཞི་པོ་དེ་དག་ཐེ་ཚོམ་མེད་པར་མཁྱེན་ནས་ཁྱོད་ལ་སྨྲ་བ་སྟེ། བསྒྲག་པར་བྱའོ།། ལམ་རྒྱལ་བ་ནི་ཞེས ་བྱ་བ་ནི་སྐུལ་བྱེད་དོ།། གང་གིས་ཐེ་ཚོམ་སྨྲ་བ་བཅད་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདསོ།། ཐེ་ཚོམ་ཞེས་བྱ་བ་ནི་ཡིད་གཉིས་ཀྱི་རྒྱུ་ཅན་སེམས་རྣམ་པར་ཚོལ་བ་སྟེ། ཐེ་ཚོམ་སྨྲ་བ་ཆད་པ་གང་ཡིན་པ་དེ་ནི་ཐེ་ཚོམ་སྨྲ་བ་ཆང་པ་སྟེ། ་ཡིད་གཉིས་ཀྱིས་བག་ལ་ཉལ་མ་ལུས་པ་སྤངས་པ་ཡིནོ།། འདིས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་བསྟན་ཏོ།། བསྒོམ་པས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པའི་ཟུག་རྔུ་དང་བྲལ་བ་ཉིད་ཀྱི་ཕྱིར་ཟུག་རྔུ་དང་། ་བྲལ་བ་སྟེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་པ་ཞེས་བྱ་བའི་དོན་ཏོ།། ཤིན་ཏུ་བསྟན་པ་ཉིད་ཀྱི་ཕྱིར་དང་། ཡོངསུ་མ་ཉམས་པའི་ཆོས་ཉིད་ཡིན་པའི་ཕྱིར་དང་། འཁོར་བ་མ་ལུས་པའི་ཡོན་གནས་གཅིག་ཉིད ་ཡིན་ཕྱིར་གཞན་གྱི་དྲིང་མི་འཇོག་པ་ཡི་ནོ།། མྱ་ངན་ལས་འདས་པ་དགའ་ཞེས་བྱ་བ་ནི་གདུལ་བྱ་ལ་ཕན་འདོག་པ་ལ་རག་ལས་པ་ཉིད་ཀྱི་ཕྱིར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་དགའ་བ་ཡིནོ།། དེ་ཉིད་ཀྱི་ཕྱིར་ལྷ་དང་བཅས་པའི་འཇིག ་རྟེན་གྱི་བཅོམ་ལྡན་འདས་དེ་ཉིད་སྟོན་པ་ཡིནོ།། དེ་ནི་ཞེས་བྱ་བ་ནི་བཤད་མ་ཐག་པོའི་ཡོན་ཏཱ་ནོ།། སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། སངས་རྒྱས་ཀྱི་སངས་རྒྱས་ཀྱི་ལམ་བྱི་འདི་རྒྱལ་བ་ཡིནོ་ཞེས་བྱ་བའི་དབང་དུ་བྱས་ནས་ལམ་རྒྱལ་བ་གསུངས་པ ་ཡིནོ།། གང་གིས་གསུངས་པའི་ཆོས་རྣམ་པར་ཕྱེ་བ་ནི་གཞན་དག་ལ་རབ་ཏུ་བསྟན་པ་དེ་ནི་ལམ་འཆད་པ་ཡིན་ཏེ། འཕགས་པ་ཤཱ་རིའི་བུ་ཆོས་ཀྱི་སྡེ་དཔོན་གཉིས་པ་ཉིད་ཡིན་པའི་ཕྱིར་དང་། ཆོས་ཀྱི་འཁོར་ལོ་རྗེ་སུ་སྐོར་བར་མཛད་པ་ཉིད་ཀྱི་ཕྱིར་རོ།། ། ་ཆོས་ཁྱད་པར་ཇི་ལྟ་བུ་ཅན་ཞེ་ན། སྨྲས་པ་དང་། རབ་མཆོག་ནི་ཁྱད་པར་དུ་འཕགས་པའོ།། ཤེས་པ་ནི་རིག་པ་ཉིད་དོ།། ཇི་ལྟར་ཤེས་པ་ཉིད་ཡིན་ཞེ་ན། མཆོག་ཅེས་བྱ་བ་སྨོས་ཏེ། དེ་ཉིད་བྱ་བའི་ཁྱད་པར་ཡིན་ཏེ། ངེས་ཤིན་ཏུ་ཞེས་བྱ་བའི་ཐ་ཚིག་གོ། ཐེ ་ཚེམ་གཅོད་པར་བྱེད་པས་ན་ཐེ་ཚོམ་གཅོད་པ་སྟེ། དེ་ནི་སེམས་ཅན་མ་ལུས་པའི་ཐེ་ཚོམ་གཅོད་པ་ཉིད་ཡིན་པའི་ཕྱིར་རོ།། ཉོན་མོངས་པའི་བརྗོད་པ་ཉེ་བར་ཞི་བའི་ཕྱིར་ཐུབ་པ་ཡིན་ལ། མྱ་ངན་ལས་འདས་པའི་ཆོས་མངོན་སུམ་དུ་བྱེད་པའི་ཕྱིར ་གཞན་གྱི་དྲིང་མི་འཇོགས་པ་ཡིནོ།། ལམ་འཚེ་བ་ནི་འཕགས་པའི་གང་ཟག་བདུན་ནམ་དེ་དག་ནི་ནང་ནས་གཞན་པའོ།། འཕགས་པའི་བདེན་པ་བཞི་ནི་ཆོས་ཀྱི་ཚིག་ཡིན་ཏེ་དེའོ།། ལེགས་བཤད་པ་ཞེས་བྱ་བ་ནི་མཛེས་པར་བཤད་པ་སྟེ། ་ཆོས་ཀྱི་ཚིག་དེ་ཉིད་ལམ་ཡིན་ལ་ལམ་དེ་ལ་གནས་ནས་འཚོ་བ་ནི་དགེ་བའི་ཆོས་ཀྱི་ཚོ་འཚེ་བ་བྱེད་པའི་ཕྱིརོ།། ཡང་དག་སྡོམ་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་སྡོམ་པ་དང་ལྡན་པའི་ཕྱིརརོ།། དྲན་པ་ཉེ་བར་བཞག་པ་བསྒོམ་པ ་རབ་ཏུ་གྱུར་པ་ཐོབ་པ་ཉིད་ཀྱི་ཕྱིར་དྲན་པའི་བདག་ཉིད་ཅན་ཡིན།། ཁ་ན་ཐོ་བ་མེད་པའི་ཚིག་སྡུག་བསྔལ་འཕགས་པའི་བདེན་པ་ལ་སོགས་པ་དེ་དག་གིས་བསྒོམ་པས་སྤང་བར་བྱའོ།། ཉོན་མོདྲིས་པ་སྤང་བར་བྱ་བའི་ཕྱིར་སློབ་པ་སྟེ། བསྒོམ་པ ་གོམས་པར་བྱེད་པ་ཡིནོ།། གང་ཡང་དགེ་སློང་དང་ཚུལ་འདྲ་བ་ཕམ་པར་འགྱུར་བ་ལྷག་པར་སྐྱིད་པའི་ཕྱིར་ལམ་སུན་འབྱིན་པ་ཡིན་པར་རིག་པར་བྱའོ།། ཇི་ལྟར་ན་ཚུལ་དང་མི་མཐུན་པར་སྤྱོད་པ་ཡིན་ཞེ་ན། ལེགས་དགའ་ནང་ན་ཞེས་བྱ་བ་ལ་སོགས ་པ་སྨོས་པ་ཡིན་ཏེ། གང་དག་བསླབ་པ་འདོད་པ་ཉིད་ཀྱིས་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་འདོལ་བ་དེ་དག་ནི་འདིར་ལེགས་དགའ་ཡིན་པར་རིག་པར་བྱའོ།། ལེགས་པ་ལ་དགའ་བ་དེ་དག་གི་ནང་ན་གཡོགས་པར་བྱས་པ་ཉིད་ཀྱི་ཕྱིར་གཡོགས་པ ་སྟེ། ཆ་ལུགས་ཡིན་ལ། དེ་དག་ཆ་ལུགས་ཀྱིས་རྣམ་པར་གནས་པར་འགྱུར་བ་གང་ཡིན་པའོ།། འདི་ལ་ཞེས་བྱ་བ་ནི་བསྟན་པ་ལའོ།། དེ་ཁྱད་པར་ཇི་ལྟ་བུ་ཅན་ཞེ་ན། རབ་བསྐམས་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། ཚུལ་མ་ཡིན་པས་ཕ་རོལ་ཟིལ ་གྱིས་མནོན་པའི་ངང་ཚུལ་ཅན་རབ་བསྐེམས་ཡིན་ནོ།། ལུས་དང་ངག་གི་འཇུག་པ་སྨད་པ་གང་གིས་ཁྱིམ་སུན་འབྱིན་པར་བྱེད་པ་དེ་ནི་ཁྱིམ་སུན་འབྱིན་པ་ཡིནོ།། ཐམས་ཅད་དུ་ཚིག་རབ་ཏུ་གཏོ་ངོ་བས་ན་ཚིག་ལ་བརྐམ་པ་ཡིནོ།། སྤྱོད་ལམ་ལོག་པར ་སྟོན་པའི་སྒོ་ནས་ཕ་རོལ་པོ་སླུ་བར་བྱེད་པ་ཉིད་ཀྱི་ཕྱིར་སྒྱུ་ཅན་ནོ།། འབྲེལ་པའི་ཚིག་སྨྲ་བ་ཉིད་ཀྱི་ཕྱིར་སྡོམ་མེད་རབ་སྨྲ་ཡི་ནོ།། ལམ་ནི་འཕགས་པའི་ལམ་ཡིན་ལ་སུན་འབྱིན་པར་བྱེད་པ་ནི་རང་གི་རྒྱུད་ཀྱི་འཇུག་པ་ཡིན་ཏོ།། དེའི་ཕྱིར་ལམ་སུན།། ་འབྱིན་པ་ཡིནོ།། སྐུལ་བྱེད་དགེ་སློང་གཞན་དག་ཀྱང་འདི་འདྲ་བའི་རིག་ཅན་ཁོ་ན་ཡིན་ནོ།། སྙམ་དུ་དོགས་པར་འགྱུར་བ་ལ་དེ་བཟློག་པར་བྱེད་པའི་ཕྱིར། དེ་ལྟར་བསམས་ནས་ཞེས་བྱ་བ་སྨྲས་པ་ཡིནོ།། ཐམས་ཅད་འདི་འདྲར་མི་འགྱུརརོ།། ཞེས། ་བྱ་བ་ནི་ཇི་ལྟར་དགེ་སློང་དེ་དག་ཅེས་འདི་ལྟར་བསམས་ཤིང་དཔྱད་ནས་དགེ་སློང་ཐམས་ཅད་འདི་འདྲ་བར་མི་འགྱུརརོ།། ཁྱིམ་པ་གང་ཞིག་ཅེས་བྱ་བ་ནི་ཁྱིམ་ན་གནས་པའོ།། ལུང་ཐོས་པ་དང་ལྡན་པའི་ཕྱིར་ཐོས་པ་དང་ལྡན་པའོ།། རྟོགས་པ་དང་ལྡན ་པ་ཉིད་ཀྱི་ཕྱིར་འཕགས་པ་ཉན་ཐོས་སོ།། འཕགས་པའི་བདེན་པ་བཞི་པོ་མཛེས་པར་ཤེས་པ་ཉིད་ཀྱི་ཕྱིར་ལེགས་རྟོག་སོ།། དེ་ལྟར་ཤེས་ནས་ཞེས་བྱ་བ་ནི་ཡོངསུ་བཅང་ནུསོ།། དེའི་དད་པ་ཤེས་མི་འགྱུར་ཞེས་བྱ་བ་ནི་གང་དགེ་སློང་སྡིག་པ་ཅན་དེ ་ལ་དད་པ་མོ་སྐྱེ་སྟེ། འདི་ལྟར་དགེ་སློང་འདི་ནི་སྨད་པ་ཡིནོ།། སྙམ་པ་དེས་དགེ་སློང་དད་པ་དང་ལྡན་པ་གཞན་ལ་ཡང་མི་སྲུན་པ་སྙམ་དུ་སེམས་པར་འགྱུ་རོ།། དེ་གང་ལས་ཞེ་ན། ཇི་ལྟར་མི་སྲུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མཉམ ་པོར་བྱེ་དང་མི་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ།། གང་ཞེ་ན། མི་སྦྲན་པ་མ་ཡིན་པ་ཉེས་པ་མེད་པ་དང་། མི་སྲུན་པ་དང་ལྡན་པ་གཅིག་མཚུངས་པར་བྱས་པའོ།། དག་པ་ཞེས་བྱ་བ་ནི་རྣམ་པར་དགེ་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། མ ་དག་པ་ནི་ཡོན་ཏན་མེད་པའོ།། གང་གཅིག་དང་འབྲལ་བའི་སྡིག་པའི་ལས་སུ་འགྱུར་བའི་སྡིག་པའི་ལས་དེས་སྐྱེ་བོ་སྡིག་པ་མི་བྱེད་པ་ལ་དོགས་པར་འགྱུར་བའི་དོགས་པ་བསྐྱེད་པའི་རྒྱུ་མཚན་དུ་འགྱུ་རོ།། ཇི་ལྟར་ཡོངསུ་དག ་པའི་སྐྱེ་བོ་རྟོགས་པའི་གན་སུ་འགྱུར་ཞེ་ན། ཁ་དོག་གཟུགས་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདི་ལྟར་ལེག་སྔོ་བར་མཚོན་པ་དང་ལེགས་པར་ཡོངསུ་ཆོད་པར་མི་འགྱུར་བ་དེའི་ཕྱིར་ཅིག་ཤོས་མཐོང་བས་ཡིད་མྱི་བསྟན་པ་སྟེ། ་ད་ཚོས་པར་མི་བྱའོ།། ཅིག་ཤོས་ཀྱང་དེ་ཡིན་ལ་མཐོང་བ་ཡང་དེ་ཡིན་པས་ན་ཅིག་ཤོས་མཐོང་སྟེ། དམན་པ་མཐོང་བ་ཞེས་བྱ་བའི་བར་དུའོ།། ཅིའི་ཕྱིར་ཡིད་བརྟན་པ་མ་ཡིན་ཞེ་ན། རབ་ཏུ་སྡོམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནིའི་སྒྲ་ནི་གང་གི ་ཕྱིར་གྱི་དོན་ཡིན་ཏོ།། གང་གི་ཕྱིར་འཇིག་རྟེན་འདི་ན་ལེགས་པར་མི་སྡོམ་ཞིང་སྡིག་པ་ལས་མི་ལྡོག་པ་མང་པོ་སྤྱོད་པ་ཤིན་ཏུ་སྡོམ་པས་ན་རབ་ཏུ་སྡོམ་པས།། དེ་དག་གི་རྟགས་དེ་ཆ་ལུགས་དེས་ཉོ་བར་མཚོན་པ་ཡི་ནི།། དེ་ཁྱད་པར་ཇི་ལྟ་བུ་ཞེ ་ནོ། འདྲ་བ་ཞེས་བྱ་བ་སྨོས་ཏེ། སྐྱེ་བོ་དམ་པ་དང་འདྲ་ཞིང་རྣམ་པར་མཚུངས་པར་གྱུར་པའོ།། ཅི་དང་འདྲ་བར་ཞེ་ན། གསོར་གྱིས་གཡོགས་པའི་རྣ་ཆ་ཞེས་བྱ་བ་སྨོས་ཏེ། གཡོགས་པ་ནི་གསེར་གྱིས་བསྒོས་པའི་སྒོ་ནས་གསེར་གྱི་ཁ་དོག་དུ་བསྒྱུར་བ ་ཡིན་ལ། རྣ་ཆ་ནི་རྣོ་བའི་རྒྱན་ཡིན་ནོ།། མ་ཤ་ཕྱེད་ལྕགས་གསེར་གྱིས་བསྒོས་པ་བཞིན་ཞེས་བྱ་བ་ལ། ལྕགས་ཉུང་ངུ་ནི་མ་ཤ་ཕྱེད་ལྕགས་ཏེ། དེ་གསེར་གྱི་ནང་དུ་བཅུག་ནས་རྣ་རྒྱན་དུ་འདོགས་པ་དེ་བཞིན་དུ། ཤིན་ཏུ་མི་སྲུན་པ་དེ་ཉེས་བར ་སྤྱོད་པ་མང་པོ་ལྷག་པར་སྤྱོད་པའི་སྒོ་ནས་ལུས་དང་ངག་གི་སྤྱོད་པ་བཅོས་པ་སྟོན་པའི་ཕྱིར་ཕྱི་རོལ་འཕགས་པའི་གཟུགས་སྤྱོད་པ་སྟེ། འཁོར་མང་པོ་དང་ལྡན་པར་གནས་པ་ཡི་ནོ།། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ་ཞེས་བྱ་བ་ལ ་སོགས་པ་ལ་སྦྱིན་པ་སྟེ། གང་ཟག་ལ་ཞིང་དང་ཟ་བ་ལ་སོགས་པའི་སྦྱིན་པ་དད་པས་རབ་ཏུ་སྦྱིན་ན་བསོད་ནམས་འཕེལ་ཞིང་ལ་གོས་པར་སྤྱོད་པ་རྒྱས་པར་འགྱུར་རོ།། རྟག་ཏུ་རྒྱུན་མྱི་འཆད་པོར་བསོད་ནམས་མངོན་པར་འཕེལ་བྱར་འགྱུར་བ་ཞེས ་བྱ་བ་འདིར་སྨྲས་པོ་ཡིན་ཏེ། གལ་ཏེ་ཡང་ཁྱོད་ཀྱི་བསོད་སྙོམས་ཉེ་བར་ལོངས་སྤྱད་ནས་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འདས་པ་དེ་ལྟ་ནོ་ཡང་ཁྱེད་ཀྱི་བསོད་ནམས་འཕེལ་བ་ཁོ་ནར་འགྱུར་གྱི། སྡིག་པ་ནི་མཱ་ཡིན་ནོ།། ཞེས་སྟོན་པར་བྱེད་པ ་ཡིན་ནོ།། སྡིག་པ་ཅན་གྱི་དགེ་སློང་གི་དབང་དུ་བྱས་ནས་སྨྲས་པ། ཡང་དག་སྡོམ་ལས་འཁོན་མི་འཕེལ་བ་སྟེ། འགའ་ཞིག་ཏུ་ཚུལ་ཁྲིམས་ལས་འཁོན་མོ་འཕེལ་ཏེ། གཞན་ལ་གནོད་པ་བྱེད་པ་མེད་ཅེས་བྱེ་བའི་ཐ་ཚི་གོ།། ཡང་ན་ཡང་དག་པོར་སྡོམ ་བ་ནི་བཟོད་པ་ཡིན་ཏེ། ལུང་ལས་བཟོད་པ་དཀའ་ཐུབ་དམ་པ་ཡིན་ཞེས་འབྱུང་བ་དེའི་ཕྱིར་རྒྱུ་དེས་འཁོན་ཏེ་མདུད་པར་འཛིན་པ་སྐྱེ་བར་མི་འགྱུར་རོ།། དགེ་བ་ཅན་གྱིས་སྡིག་པ་སྤོང་ཞེས་བྱ་བ་བྱིས་པ་ལ་སོགས་པའི་ཡོན་ཏན་བསྒོམས་པ ་བདག་ཉིད་ཅན་གྱི་དགེ་བ་གང་ལ་ཡོད་པ་དེ་ནི་དགེ་བ་ཅན་ཏེ། དེས་སྡིག་པ་སྟེ་ཉེས་པ་ད་པ་ཀུན་གྱི་འབྲས་བུའི་བདག་ཉིད་དོ་ཡོངསུ་སུ་ཐོ་བར་བྱེད་པ་འམ། མཐོང་བའི་ལམ་མངོན་སུམ་དུ་བྱས་པའོ།། སྲིད་པའི་འབྲས་བུ་ལེགས ་པར་སྤྱོད་པ་བསྟན་ནས་མྱ་ངན་ལས་འདས་པའི་འབྲས་བུ་ཉོན་མོངས་པ་ཟད་པ་ལས་མྱ་ངན་ལས་འདས་ཞེས་བྱ་བ་སྨོས་ཏེ། ཐར་པ་ཡང་ཉོན་མོངས་པ་སྤངས་པ་ལས་ཐོབ་པ་འམ། འདིས་སྒོམ་པའི་ལམ་བསྟན་པ་ཡི་ནོ།། ཁྱིམ ་པའི་བདག་ཉིད་ནི་འབྲས་བུ་ལ་སྦྱོར་བའི་དོན་དང་ལྡན་པ་ཡིན་ལ། རབ་ཏུ་བྱུང་བ་ནི་ཚུལ་ཁྲིམས་དང་། སོ་སོ་སྐྱེ་བོའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ནི་བཟོད་པ་དང་སློབ་པ་དང་། ཉོན་མོངས་པ་སྤོང་བར་བྱེད་པ་ཞེས་བྱ་བ་གང་ཟག་བཞིའི་ཕན་ཡོན ་སྟོན་པར་བྱེད་པ་ཡིནོ།། ན་པ་ཞེས་བྱ་བ་ནི་ནད་ཀྱིས་རྣམ་པར་དཀྲུགས་པས་འཇུག་པ་སྟེ། ན་བ་དང་འདྲ་བ་སྤྱོད་པས་ན་བའོ།། དེ་ཞེས་བྱ་བ་ནི་རྒྱབ་པོ།། ངལ་བསོ་པ་ཞེས་བྱ་བ་ནི་ས་ལ་མཉམ་པར་ཁྱབ་པའི་སྒོ་ནས་དྲང་པོར་བྱ་བའོ།། ལྟ་བ་མང་པོ་ནི་ཆོས་ཀྱི ་མཆོག་སྟེ་སྣམ་སྦྱར་རོ།། དབུ་སྔས་སུ་བཅུག་སྟེ་ཞེས་བྱ་བ་ནི་དེ་རྒྱུ་མཚན་གྱི་བདུན་པ་ཞེས་བྱ་བའི་དབང་དུ་བྱས་ནས་དབུའི་རྒྱུ་མཚན་དུ་བཞག་པ་ཡིནོ།། བསྐྱོད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། འོག་གི་ཆའི་ས་འཁྲུགས་ཤིང་བསྐྱོད་པ་ཡིན་ལ། ཆུ ་དང་འདྲེས་པར་ཡོངསུ་འཁྲུགས་པས་ན་དཀྲུགས་པ་ཡིན་ཏེ། ཀུན་ནས་འཁྲུགས་པས་ན་རྙོག་པར་བྱས་པ་ཡིན་པ་འམ།། ཡང་ན་འོག་ཏུ་འཁྲུགས་པ་ནི་བསྐྱོད་པ་ཡིན་ལ། བར་དུ་འཁྲུགས་པ་ནི་འཁྲུགས་པ་ཡིན་ཞིང་མ་ལུས་པཱ་ར~ཾ་འཁྲུགས་པའི ་ཕྱིར་རྙོག་པར་བྱས་པ་ཡིནོ།། གྱད་ཀྱི་བློན་པོ་ཞེས་བྱ་བ་ནི་གྱད་གྱི་མིང་ཅན་གྱི་རྒྱལ་རིགས་གཙོ་བོར་གྱུར་པའོ།། ལམ་དུ་ཞུགས་པ་ནི་ལམ་དུ་ཞུགས་པ་སྟེ། འགྲོ་བ་ལ་རབ་ཏུ་འཇུག་པ་ཞེས་བྱ་བའི་བར་དུའོ།། མཛེས་པ་ནི་ཁ་དོག་གི་སྒོ་ནས་རབ་ཏུ ་དང་བསྐྱེད་པ་ཉིད་ཀྱི་ཕྱིར་རོ།། དད་པར་མཛད་པ་ནི་དབྱིབས་ཀྱི་སྒོ་ནས་སོ།། མིག་ལ་སོགས་པའི་དབང་པོ་ཞི་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དབང་པོ་སྡོམ་པ་བླ་ན་མེད་པ་དང་ལྡན་པའི་ཕྱིརརོ།། ཡིད་ལ་བླུགས་པའི་རྒྱུ་བག་ཆགས་དང་བཅས་པའི ་ལ་ཉལ་བ་སྤངས་པའི་ཕྱིར་ཡིད་ཞི་བའོ།། དེ་ཉིད་ཀྱི་ཕྱིར་མཆོག་ཏུ་སེམས་དུལ་ཞིང་ཉེ་བར་ཞི་བ་དང་ལྡན་པར་འགྱུར་བ་དང་། ཁྱད་པར་དུ་འཕགས་པའི་ཡིད་ཀྱིས་སྡོམ་པ་དང་འབྱོར་པའི་ཕྱིརརོ།། དཔལ་ཏེ་འོད་འདོམ་གང་བའི་མིང་ཅན་གྱི་འོད་ཟེར་རབ་ཏུ ་འབར་བའོ།། ཅི་དང་འདྲ་བར་ཞེ་ན། གསེར་གྱི་སྡོང་པོ་བཞིན་ཞེས་བྱ་བ་སྨོས་ཏེ། དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་དེ་མཐོང་ནསོ།། ཉོན་མོངས་པའི་དྲི་མ་བསལ་བའི་ནུས་པ་དང་ལྡན་པའི་གཙང་སྦྲ་བྱེད་པའི་གཙང་སྒྲ་དག་ནི་ཚོགས་ཀྱི་ལམ་དང་བཅས ་འོ། དགའ་བ་ཅེས་བྱ་བ་ནི་བཟོད་པར་གྱུར་པའོ།། འདུ་ཤེས་པར་གྱུར་ཞེས་བྱ་བ་ནི་མི་ཉལ་བའི་འདུ་ཤེས་དང་ལྡན་པར་གྱུར་པའོ།། རྡུལ་གྱིས་གོས་པ་སྨོས་པ་ནི་སྣུམ་སྦྱར་ཤིང་རྟའི་ལམ་དང་ཐོག་ཉེ་བ་ན་གནས་པ་སྟོན་པ་ཡིན་པར་བལྟ་བར ་བྱའོ།། རབ་ཏུ་དད་པའི་གནས་སྐབས་ནི་རབ་ཏུ་དང་བ་སྟོན་དུ་སོང་བའི་མཆོད་པའོ།། སེར་བ་འབབ་པ་ནི་སེར་བ་ལྷགས་པར་གྱུར་པའོ།། ཐོག་འབབ་པ་ནི་རྡོ་རྗེའི་ཐོག་ལྕོགས་པར་གྱུར་པའོ།། འབྱུང་པོའི་ཁང་པ་ནི་གཙུག་ལག་ཁང་གི་མིང་ཡིན། ་ནི།། སྒྲ་མཐོན་པོ་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་མཐོན་པོ་ཉིད་ནི་ཐག་རིང་པོ་ཁྱབ་པར་གྱུར་པའི་སྒྲ་ཉིད་ཡིན་ལ། སྒྲ་ཆེན་པོ་ཉིད་ནི་གང་དུ་དུ་མས་ཅིག་ཅར་ཅ་ཙོའི་སྒྲ་འདོན་པ་གང་ཡིན་པ་དེ་ཡིན་པ་རིག་པར་བྱའོ།། སྐྱེ་བོ་ཆེན་པོའི་སྒྲ་ཡང་། ་དག་པར་འབྱུང་བ་རྒྱ་ཆེ་བའི་སྒྲ་ནི་ངེས་པར་སྒྲོགས་པའོ།། གསེར་བཞིན་དུ་སེར་བ་ཞེས་བྱ་བ་ནི་ཚོན་སེར་པོར་ཤིན་ཏུ་བསྒྱུར་བའོ།། རས་ཟུང་ནི་གོས་ཕྲུགསོ།། དགའ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དགའ་བའོ།། ཡིད ་མགུ་བར་བྱེད་པ་ཉིད་ཀྱི་ཕྱིར་ཡིད་དུ་འོངས་པས་ཏེ། དེ་ཉིད་ཀྱི་ཕྱིར་བཅང་བར་བྱ་བ་ཡིནོ།། ཡང་བདག་ཀྱང་བཅོམ་ལྡན་འདས་ལ་ཉེ་བར་གནསོ་ཞེས་བྱ་བ་ནི་སྐྱེས་བུ་དམ་པའི་སྙན་པའི་ཚིག་ཡིནོ།། ཆེར་གསལ་བ་ཞེས་བྱ་བ་ནི་བཅོམ་ལྡན ་འདས་ཀྱི་སྐུའི་ཁ་དོག་གི་འོད་ཀྱིས་གོས་དེ་ལྷག་པར་གསལ་པོར་བྱས་པ་བཞོན་དུ་གསལ་བར་བསྟུན་པ་ཡིན་ཏེ། གོས་ཁོ་ན་ལས་འོད་འདི་ཤེས་པར་བྱ་བ་ཡིན་པ་དེ་བས་ན་བཞིན་གྱི་སྒྲར་བྱས་པ་ཡིནོ།། ལྷག་གི་བར་དུ་ཞེས་བྱ་བ་ནི་ལོ་ཉི་ཤུའི ་འོག་ཏུ་ལོ་སུམ་ཅུ་རྫོགས་པའི་ནང་ནི་ལྷག་པའི་སྒྲ་ཡིན་པར་རིག་པར་བྱའོ།། འགྱོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་བདག་གི་བསོད་སྙོམས་བཞིས་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་ཡོངསུ་མྱ་ངན་ལས ་འདྲས་པའི་དེ་བས་ནི་བདག་ནི་སྐལ་བ་མེད་པའོ།། ཞེས་བྱ་བའི་སྔོན་དུ་སོང་བ་ཅན་གྱི་ཕྱིར་གདུང་བ་དེ་ནི་འགྱོད་པ་ཡིན་ནོ།། གཞན་གྱིས་ཞེས་བྱ་བ་ནི་ཕྱིས་གདུང་བ་དང་རྗེསུ་མཐུན་པའི་ཚིག་བརྗོད་པའོ།། མུ་རྙེད་པ་ཞེས་བྱ་བ་ནི་ཁྱོད ་འདི་ལས་ཉམས་པར་གྱུར་པ་སྟེ། མ་ཐོབ་ཅིང་འཕེལ་བར་མོ་གྱུར་པའོ།། སྡུག་བསྔལ་བསྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་ཉེས་པ་རྙེད་པའོ།། ཐ་མ་ཞེས་བྱ་བ་ནི་ཕྱི་མོ་མེད་པའོ།། ཕུང་པོ་ལ་སོགས་པ་ལྷག་མ་མེད་པའི་ཕྱིར་ལྷག་མོ་མེད་པའི་མྱ ་ངན་ལས་འདས་པའི་དབྱིངས་སོ།། སོ་སོར་གསལ་བར་བྱའོ་ཞེས་བྱ་བ་ནི་བཤད་པར་འགྱུར་བའི་ཚིག་གིས་གསལ་བར་བྱའོ།། རྣམ་པར་སྨིན་པ་མཚུངས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་མཚུངས་པ་སྟེ། བཅོམ་ལྡན་འདས་བླ ་ན་མེད་པ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་བྲི་ཚེ་ཉོན་མོངས་པ་དང་ལྷའི་བུའི་བདུད་ཕམ་པར་མཛད་པ་དང་། བླ་ནི་མེད་པའི་སེམས་ཅན་གྱི་དོན་མཛད་པར་རྩོམ་པ་དང་། ཉོན་མོངས་པའི་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར ་ཐུགས་ཤིན་ཏུ་ཞི་བར་གྱུར་པ་ཡིན་ལ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་འཇུག་པའི་ཚེ་ཡང་ཕུང་པོ་དང་འཆི་བདག་གི་བདུད་ལས་རྒྱལ་ཞིང་གདུལ་བྱའི་དགོས་པ་མ་ལུས་པ་བསྒྲུབས་པ་དང་། མཆོག་ཏུ་ཞི་བ་ལ་འཇུག་པ ་ཡིན་པ་དེ་བས་ན། བསོད་སྙོམས་དེ་གཉིས་རྣམ་པར་སྨིན་པ་མཚུངས་པར་བསྟན་པ་ཡིནོ།། ཚེ་དང་ལྡན་པ་ཞེས་བྱ་བ་ནི་ཚེ་སྐྱེད་པར་བྱེད་པའོ།། བྱས་པ་ནི་བསྒྲུབས་པའོ།། བསོམས་པ་ཞེས་བྱ་བ་ནི་བསམས་བཞིན་དུ་བྱས་པ་དང་འགྱོད་པ་ལ་སོགས། ་པའི་ཉེས་པས་བཅོམ་པར་མ་གྱུར་པ་དང་། ཡོངསུ་རྫོགས་པ་དང་ལྡན་པའོ།། གཏུམ་པ་ཞེས་བྱ་བ་ལ་སོགས་པ་ལ་དྲག་ཏུ་འཁྲུག་པ་ནི་གཏུམ་པ་ཡིན་ལི། མྱུར་དུ་ཁྲོ་བའི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་མི་འགྲུངས་པ་ཡིན་ཞིང་ལུས ་དང་ངག་གི་སྤྱོད་པ་རྩུབ་པ་ཉིད་ཀྱི་ཕྱིར་རྩུབ་པ་ཡི་ནོ།། ཡང་ན་ཡིད་ཀྱི་འགྱུར་བ་ལས་གཏུམ་པ་ཡིན་ལ། ལུས་ཀྱི་འགྱུར་བ་ལས་མི་འགྲུངས་པ་ཡིན་ཞིང་ངག་གི་འགྱུར་བ་རྩུབ་པ་ཡིན་ནོ།། ཀུན་ནས་བཤད་པ་ནི་ཕ་རོལ་གྱིས་གནོན་པའི་སྒོ་ནས ་གཤེ་བར་བྱེད་པའོ།། ཁྲོ་བར་བྱེད་པས་ན་ཁྲོ་བའོ།། མི་འདོད་པའི་ཚིག་བརྗོད་པའི་ཕྱིར་ཡོངསུ་སྨྲ་བའོ།། དགེ་འདུན་ཐམས་ཅད་ཀྱིས་མི་སྨྲ་བའི་སྡོམ་པ་བྱས་པ་ནི་ཚངས་པའི་ཆད་པ་ཡིན་ཏེ། བསོད་ནམས་སྐྱེ་བའི་རྒྱུ་མཚན་ཡོངསསུ ་གནས་པའི་སྡོམ་པ་ཡང་འདི་ལ་སྦྱིན་པར་བྱ་བ་འམ། འཐབ་ཀྲོལ་བྱེད་པ་བསྡིགས་པར་བྱའོ།། ཞེས་གསུངས་པས་སྡིག་པའི་ལས་ལ་འདིར་ཚངས་པའི་ཆད་པ་ཞེས་བྱའོ།། སྐྱོ་བར་འགྱུ་རོ་ཞེས་བྱ་བ་ནི་ཐོག་མར་སྐྱོ་བ་ཡིན་ནོ།། སྐྱོ་བར་འགྱུར་བཏང་ཞེས། ་བྱཱ་བ་ནི་ཛྙཱན་གྱི་སྒོ་ནས་སྐྱོ་བ་དང་ལྗོན་པར་འགྱུར་བའོ།། ཀཱ་དྷུ་ཡན་ལ་གདམས་པ་བཞིན་དུ་ཞེས་བྱ་བ་ནི་དྲང་སྲོང་མ་ལ་གདམས་པ་སྟེ། ཀྵཱ་དྷཱ་ལནྟ་འཇིག་རྟེན་གཉིས་ལ་བརྟན་པོ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ཤེས་པར་བྱའོ།། ཤེས་པར་བྱ། ་ཞེས་བྱ་བྱེ་ནྟི་བྱང་ཆུབ་ཀྱི་ཡན་ལག་བརྗོད་པ་ལ་སྤོབས་པ་དང་བཅས་པར་བྱ་བ་ཡི་ནོ།། དབེན་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་རྣམ་པར་བཤད་པ་ནི་སྔ་མ་བཞིན་ནོ།། སོ་སོར་དམིགས་པ་ལ་བསྒོམ་པའི་སྒོ་ནས་བསྟེན་པར་བྱས ་པའོ།། སྦྱོར་བའི་སྒོ་ནས་བསྒོམས་པའོ།། རྟག་ཏུ་སྦྱོར་བའི་སྒོ་ནས་མང་དུ་བྱོས་པའོ།། རྒྱུ་ནོམ་པ་ཉིད་ཀྱི་ཕྱིར་དང་། རོ་མོ་རེག་མངར་བ་དང་འདྲ་བར་མངོན་པར་འདོད་པ་ཉིད་ཡིན་པའི་ཕྱིར་ཆོས་མངར་བ་ཡིན་ལ། དེ་མཉན་པའི་ཕྱིར་ནི་མཉན་པའི་དོན ་དོན་དུའོ།། བྱང་ཆུབ་ཀྱི་ཡན་ལག་སྟོན་པ་ལ་རྣམ་པར་མཁས་པ་ལ་འདིར་མཁས་པ་ཡིན་པར་རིག་པར་བྱའོ།། བློ་ལྡན་ནི་མྱུར་དུ་ཡོངསུ་ཤེས་པའི་ནུས་པ་དང་ལྡན་པའོ།། དགེ་བ་ནི་ཁོང་དུ་ཆུད་པར་བྱེད་པའི་ཚིག་བརྗོད་པར་ནུས་པ་ལ་བྱང་བའོ།། ། ་ཐུབ་པ་ཞེས་བྱ་བ་དེ་ནི་འདིར་བོར་བའི་ཚིག་ཡིནོ།། རོ་ཤེས་པས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་གིས་རོ་སོ་སོར་ཉམསུ་མྱོང་བར་གྱུར་པའོ།། ཚབས་ཆེ་བ་ནི་ཤིན་ཏུ་དྲག་པར་གྱུར་པའོ།། ཆོས་མ་ལུས་པར་སྟོན་པར་མཛད་པ་པོ་ཉིད ་ཡིན་པའི་ཕྱིར་ཆོས་ཀྱི་བདག་པོ་ཡིནོ།། གང་ཡང་མཆོག་ཏུ་གསུངས་པའི་འཕགས་པ་ཤཱ་རིའི་བུ་དེ་ཡང་འཕགས་པ་ཀུན་དགའི་བོས་གསུངས་པའི་ཆོས་མཉན་པར་ཕྱིར་སོང་བ་སྟེ། ཆོས་ཀྱི་ཤུགས་ཐོབ་པར་གྱུར་པའོ།། རིགས་དང་མི་རིགས ་ཤེས་པ་ནི་ཞེས་བྱ་བ་ནི་ཆོས་ཀྱི་མཚན་ཉིད་ཀྱི་ཚུལ་ལ་མཁས་པར་གྱུར་པའོ།། བཀའ་ཤེས་པའི་སེམས་ནི་ཁོང་དུ་ཆུད་པ་དང་རྗེསུ་མཐུན་པའི་སེམས་སོ།། ཐོས་མ་ཐག་ཏུ་ཟང་ཟིང་གི་དགའ་བ་ཐོབ་པར་འགྱུར་ལ། འདིར་ནི་འདོད་པའི་ཡོན་ཏན ་ལ་བལྟོས་པ་མེད་པས་ཟང་ཟིང་མེད་པའི་དགའ་བ་ཡིནོ།། དགའ་བ་སྔོན་དུ་སོང་བ་ཅན་སེམས་ལས་སུ་རུང་བའི་མཚན་ཉིད་སེམས་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་ལ། ཤིན་ཏུ་སྦྱངས་པའི་དེ་མ་ཐག་ཏུ་བདེ་བར་འགྱུར་ཞིང་། བདེ་བ་ལ་གཞོལ ་པའི་སེམས་ཀྱིས་ཏིང་འཛིན་རྩེ་གཅིག་པ་སྐྱེ་བར་འགྱུར་བའོ།། འདུ་བྱེད་ལ་ནི་སྐྱབསུ་ཤེས་པར་བྱ་ཞེས་བྱ་བ་ལ་གང་གི་ཕྱིར་འདུས་བྱས་མ་ལུས་པ་ལ་རྣལ་འབྱོར་པ་སེམསོ་སྐྱོ་བར་འགྱུར་བ་དེ་དག་སྐྱབས་ཀྱི་ཕྱིར་རྟོག་པ་མ་ཡིན་ནོ།། ། ་ཞེས་བྱ་བར་མཁྱེན་ནས་སྡུག་བསྔལ་ལས་ཡོངསུ་བསྲུང་བའི་དོན་ལ་སྐྱབས་ཀྱི་དོན་དུ་གསུངས་པ་ཡིན་ཏོ།། འདུས་བྱས་ཀུན་སྡུག་བསྔལོ་མ་ལུས་པའི་རྒྱུ་ཉིད་ཡིན་པའི་ཕྱིརརོ།། སེམས་ཅན་ཆགས་པ་མེད་པར་གྱུར་ན་ཉོན་མོངས་པའི ་འཆིང་བ་ལས་རྣམ་པར་གྲོལ་བར་འགྱུ་རོ།། སྨྱོ་ནསུ་ཞེས་བྱ་བ་འདིས་ནི་ཕན་ཡོན་བསྟན་པ་ཡི་ནོ།། མྱ་ངན་ལས་འདའ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་བཅས་པའི་མྱ་ངན་ལས་འདས་པའི་དབྱིང་སའོ།། ཅི་ཞིག ་བྱས་ནས་ཤེ་ན། སྐྱོ་ནུས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་པར་འགྲོ་བ་སྟེ་སྲིད་པའི་རྣམ་པ་ལས་སྐྱོ་བར་གྱུར་པའོ།། སྐྱོ་བ་ལས་ལྷ་དང་མི་རྣམས་ལ་ཆགས་པ་མེད་པ་སྟེ་འཆིང་བ་མེད་པར་འགྱུར་རོ།། མེ་ལྟ་བུ་ཞེས་བྱ་བ་ལ་མེ་ལྕེ་གང་ལ་ཡོད་པ་དེ་ནི ་མེ་ལྕེ་ཅན་ཏེ་མེ་ཡིནོ།། དེའི་དོན་ནི་འདི་ཡིན་ཏེ། ཇི་ལྟར་མེ་བུད་ཤིང་ཞེས་བྱ་བའི་རྒྱུ་ཡོངསུ་ཟད་ན་ཞི་བར་འགྱུར་པ་དེ་བཞིན་དུ་ཉོན་མོངས་པ་མ་ལུས་པའི་རྒྱུ་ཡོངསུ་ཟད་པ་ན་དགྲ་བཅོམ་པ་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་རོ།། དབུ་བྱང་ཕྱོགསུ ་སྟོན་ལ་ཞེས་བྱ་བ་ལ་ཅིའི་ཕྱིར་བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་པའི་ཚེ་དབུ་བྱང་ཕྱོགསུ་སྟོན་ལ་ཁྲི་ཤོམས་ཤིག་ཅེས་བཀའ་རྩོལ་བར་མཛད་ཅེ་ན། འདི་ལ་བཅོམ་ལྡན་འདས་འདི་སྐད་དུ་འདི་ལྟ་སྟེ། ང་ཡོང་སུ་མྱ་ངན་ལས་འདས་པ་ན་བྱང ་ཕྱོགས་ཀྱི་རྒྱུད་ཉིད་དུ་རྟོགས་པ་དང་། བསམ་གཏན་དང་ཟློས་པའི་སྒོ་ནས་ངའི་བསྟན་པར་རབ་ཏུ་གསལ་བར་འགྱུ་རོ།། ཞེས་གསུངས་པར་སྟོན་ཏོ།། ཤིན་ཏུ་མྱུར་བར་ཞེས་པ་ནི་ཤིན་ཏུ་མགྱོགས་པའོ།། ཤིན་ཏུ་ཞེས་བྱ་བ་ནི་འདིར་གུས་པས་ལན་གཉིས ་བརྗོད་པའོ།། བྱ་བ་དང་བྱ་བ་མ་ཡིན་པ་རབ་ཏུ་གསལ་བར་མཛད་པའི་སྒོ་ནས་བཅོམ་ལྡན་འདས་འཇིག་རྟེན་གྱི་མིག་ཏུ་གྱུར་པ་ཡིན་པ་དེའི་ཕྱིར་མིག་ནུབ་པར་གྱུར་པ་ཞེས་སྨོས་སོ།། དེ་དང་དེ་ནས་ཞེས་བྱ་བ་ནི་མིང་མ་བརྗོད་པའི་ཕྱོགས་ནས། ཟབ་པ་དག ་ལས་ཟབ་ཅིང་ཟབ་པའོ།། ལོངས་སྤྱོད་ནི་ཤེས་པས་ཉམསུ་མྱོང་བའོ།། འབའ་ཞིག་ཅེས་བྱ་བ་ནི་ཉོན་མོངས་པ་སྤོང་བ་ལ་གྲོགས་ལ་བལྟོས་པ་མེད་པའོ།། མྱ་དྲན་མ་བྱེད་ཅེས་བྱ་བ་ནི་སྡུག་པ་དང་བྲལ་བ་ལས་སྐྱེས་པའི་གདུང་བ་མ་བསྐྱེད་ཅིག་པའོ།། དུབ་པར ་མ་བྱེད་ཅེས་བྱ་བ་ནི་དེའི་རྒྱུ་ཅན་ཁོ་ནའི་ལུས་དུབ་པར་མི་བྱེད་ཅིག་པའོ།། སྨྲེ་སྔགས་མ་འདོན་ཅིག་ཅེས་བྱ་བ་ནི་ངག་གི་རབ་ཏུ་བརྗོད་པ་ཡང་མ་བྱེད་ཅིག་པའོ།། ཉེ་བར་གནས་པར་ཞེས་བྱ་བ་ནི་བསྙེན་བཀུར་བྱས་པའོ།། གང་གིས་ཤེ་ན། བྱམས་པའི ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲོགས་པོ་ལས་བྱུང་བའི་ལུས་ཀྱི་ལས་ན་བྱམས་པ་ཡིན་ཏེ། གྲོགས་པོ་ཉིད་ཀྱི་སྒོ་ནས་ཞེས་བྱ་བའི་ཐ་ཚིགོ། ཕན་པ་ཞེས་བྱ་བ་ནི་རང་ལ་ཕན་པའི་བློ་སྟེ། དགེ་བ་ཚོལ་བའི་སྒྲ་ནས་ཡིན་གྱི། རྫས་ལ་ཆགས་པའི་སྒོ་ནས ་ནི་མ་ཡིནོ།། བདེ་བ་ཞེས་བྱ་བ་ནི་ཇི་ལྟར་ན་བཅོམ་ལྡན་འདས་བདག་གི་བསྙེན་བཀུར་གྱིས་བདེ་བར་འགྱུར་ཞེས་བྱ་བའི་བསམ་པ་འདིས་བདེ་བར་སེམས་པའོ།། གཉིས་སུ་མེད་པ་ཞེས་བྱ་བ་ནི་ཚུལ་གཅིག་པ་སྟེ། རྩོམ་པའི་དུས་སུ་ཆེན་པོ་དང་ཕྱིས། ་སྨན་པར་གྱུར་པའི་སྒོ་ནས་ཞེས་བྱ་བའི་ཐ་ཚིགོ།། ཚད་མེད་པ་ཞེས་བྱ་བ་ནི་འབྲས་བུ་ཚད་མེད་པ་ཉིད་ཀྱི་ཕྱིར་ཚད་མེད་པ་ཞེས་གསུངས་པ་འམ། ཡོན་ཏན་ཚད་མེད་པ་ཅན་གྱི་སེམས་ཅན་གྱི་ཡུལ་ཉིད་ཡིན་པའི་ཕྱིར་རོ།། གང་སྐྱེས་ཤིང་འབྱུང་བ ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་བཞི་ནོ།། མགུ་བར་བཞེད་ནས་ཞེས་བྱ་བ་ནི་དགའ་བར་བཞེད་པ་འམ། རབ་ཏུ་མགུ་བར་བཞེད་པའོ།། གུས་པ་དང་བཅས་པར་ཆོས་འཆད་ཅེས་བྱ་བ་ནི་ཆོས་དང་ཐོག་མར་སྟོན་པ་ལ་གུས་པ ་ཉེ་བར་འཇོག་པ་འམ། ཉན་པ་པོའི་སྐྱེ་བོ་ཁོང་དུ་ཆུད་པའི་ཕྱིར་འབད་པ་ལ་བརྟེན་ནས། ཇི་ལྟར་ན་བདག་གི་ངག་ཉན་པ་པོའི་སྐྱེ་བོས་ཁོང་དུ་ཆུད་པར་འགྱུར་ཞེས་དེ་ལྟར་གུས་པ་ཉེ་བར་བཞག་ནས་སྟོན་པར་བྱེད།། གྲོང་ཁྱེར་དམ་པ་ཞེས ་བྱ་བ་ལ་སོགས་པ་ལ་ཆུང་བ་ཉིད་ཀྱི་ཕྱིར་དང་། སྨད་པ་ཉིད་ཡིན་པའི་ཕྱིར་གྲོང་ཁྱེར་ངན་པའོ།། དགོན་པ་དང་འདྲ་བར་གྲོང་ཁྱེར་ཀུན་གྱི་ཐ་སྙད་དུ་བྱ་བ་མེད་པའི་ཕྱིརརོ།། སྨོད་པར་བྱ་བའི་ཡུལ་ནི་ཡུལ་ངན་པའོ།། རྫོང་དང་འདྲ་བར་སྐྱེ་བོ་ཉུང་ངུ་གནས་པའི ་གནས་ཉིད་ཡིན་པའི་ཕྱིར་མཁར་གྱི་གྲོང་ཁྱེར་རོ།། ར་བ་དང་། ཡོལ་བ་ལ་སོགས་པ་དང་། འོབས་མེད་པའི་ཕྱིར་གྲོང་ཁྱེར་ཡུ་བོ་སྟེ། ཡལ་གཙམ་དུ་གྱུར་པ་ཉིད་ཀྱི་ཕྱིར་རམ་གཙོ་བོར་གྱུར་པ་མ་ཡིན་པའི་ཕྱིརརོ།། ཕྱི་རོལ་གྱི་སྐྱེ་བོ་འཁོད་པའི་གནས་ཉམས།། ་པའི་ཕྱིར་དང་། རྩཝ་བའི་གྲོང་ཁྱེར་ལྷག་མ་ཙམ་ཉིད་ཡིན་པའི་ཕྱིར་གྲོང་ཁྱེར་གྱི་ཐོ་ཡོར་ཡིན་ཏེ། གྲོང་ཁྱེར་དང་ཚུལ་འདྲ་བ་ཅན་ཞེས་བྱ་བའི་བར་དུའོ།། ཡོངསུ་མྱ་ངན་ལས་འདའ་སྙམ་དུ་དགོངས་པ་ནི་མཁྱེན་པའོ།། འོབས་ཀྱི་ནང་གི་ལོགསུ་དགྲ་བོ ་བསྡུད་པར་བྱ་བའི་ཆེད་ཀྱི་རྀབ་མིའི་རྣམ་པ་ཅན་གྱི་ཤིང་གིས་བསྐོར་བ་ནི་ར་ཡིན་ལ། དེ་ཡང་གསོར་ལ་སོགས་པ་ལ་བྱས་པ་ཡོང་ཡོད་པ་ཡི་ནོ།། དེ་ཚད་ཇི་ཙམ་ཞེ་ན། སྨྲས་པ། སྐྱེས་བུ་བདུན་གྱི་ཚོད་ཡིན་ལ། སའི་ནང་དུ་བཞི་པའི་ཆ་སྟེ་ཕྱེད ་གང་ལ་ཡོད་པ་ཞེས་བྱ་བའི་དབང་དུ་བྱས་ནས་སྐྱེས་བུ་ཕྱེད་དང་བཞིའི་ཚད་དུ་དགོས་པ་ཡིནོ།། བསྐྱོད་པ་ཞེས་བྱ་བ་ནི་འཕངས་པར་གྱུར་པའོ།། ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་གྱི་རྣམ་པར་བཤད་པ་ནི་སྔ་མ་བཞི་ནོ།། འོག་གཞི་ནི ་ཤོག་གི་རྟེན་དུ་གྱུར་པའོ།། སྡོང་བུ་ནི་དབུས་སུ་བཅུག་པའོ།། ཆུ་ལས་སྐྱེས་པ་ནི་ཆུ་ལས་སྐྱེས་པའོ།། ཕྲང་བར་འཐད་པ་ནི་ཕྲང་བར་རུང་བ་སྟེ། མེ་ཏོག་ཨུཏྤ་ལ་ལ་སོགས་པའོ།། སུ་གནྟི་ཀ་དང་མྲི་དུ་གན་དྷི་ག་ནི་མ་ཏོག་གི་རྣམ་པ་ཡིནོ།། རང་གི་དུས་མ ་ལུས་པར་ཁྱབ་པའི་ཕྱིར་ཐམས་ཅད་པ་མ་ཡིན་ནོ།། དུས་མ་ལུས་པརོ་ཁྱབ་པའི་ཕྱིར་དུས་ཐམས་ཅད་པ་ཡིནོ།། མི་འགོག་པ་ནི་སྐྱེ་བོ་ཐམས་ཅད་ཀྱིས་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱི་ཕྱིར་རོ།། ཐང་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ཐང་ལས་སྐྱེས་པའོ།། ར་རོ་བོ་ཞེས ་བྱ་བ་ལ་སོགས་པ་ལ་ར་རོ་བ་ནི་མྱོས་བྱེད་ཀྱིས་མྱོས་པས་དཀྲུགས་པའོ།། གཡོན་ཅན་ནི་ཕ་རོལ་པོ་སླུ་བར་བྱེད་པའོ།། གཞུངས་པ་ནི་རྒྱན་དང་བུད་མེད་ལ་ཞན་པའོ།། རྩ་བར་འདོད་པ་ནི་ཕྱི་རོལ་གྱི་ཆ་བྱད་ཀྱིསོ།། སྟེགས་པར་འདོད་པ་ནི་ལུས་ཀུན་ནས ་འཁྱུད་པས་སོ།། དགའ་མགུར་སྤྱོད་པར་འདོད་པ་ནི་འཁྲིག་པས་སོ།། སྒྲའི་བཀོད་པ་ནི་རོལ་ཆ་མང་པོ་ཅིག་ཅར་དཀྲོལ་བ་ལས་སྒྲ་བྱུང་བ་འམ། ཡང་ན་སྒྲའི་བཀོད་པ་ནི་རོལ་ཆུའི་བྱེ་བྲག་གི་སྒྲ་ཆེན་པོ་ལ་བྱའོ།། མི་རྣམས་ཀྱི་འབྱོར་པ་ཞེས་བྱ་བ་ནི་མི ་རྣམས་ཁོ་ནའི་ཚེ་རིང་བ་ལ་སོགས་པ་ལ་འབྱོར་པ་ཞེས་བྱ་བ་དེའི་ཕྱིར་ལྷ་རྣམས་ལས་མི་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། ལྷ་རྣམས་ནི་རང་བཞིན་གྱིས་ཚེ་རིང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འབྱུང་བ་ཉིད་ཀྱི་ཕྱིརོ།། ཚེ་རིང་པོར་ཀུན་ནས་ཁྱབ ་པའི་ཕྱིར་ཚེ་རིང་བའོ།། ཇི་ལྟར་འཕགས་པ་བཞིན་དུ་འཚོ་བའི་ཕྱིར་ཡུན་རིང་དུ་གནས་པར་གྱུར་པ་འམ། གཞོན་ནུ་ལ་སོགས་པའི་གནས་སྐབས་ཡུན་རིང་དུ་གནས་པར་གྱུར་པའོ།། མིའི་ཁ་དོག་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་མིའི་ཁ་དོག ་དང་གཟུགས་ལས་ཁ་དོག་ཁྱད་པར་དུ་འཕགས་པ་ཐོབ་པ་ཡིན་ནོ།། གནོད་པ་ཉུང་བ་ཞེས་བྱ་བ་ལ་གནོད་པ་སྟེ། ཕྱི་རོལ་གྱི་རྣམ་པར་འཚེ་བའི་གདུང་བ་དེ་རབ་ཏུ་ཆུང་བ་གང་ལ་ཡོད་པ་དེ་ནི་གནོད་པ་ཆུང་བའོ།། རང་གི་ལུས ་ས་བྱུང་བའི་ནད་ཡོད་པ་ནད་མེད་པའི་རང་བཞིན་ཅན་དུ་གྱུར་པ་སྟེ། ནད་ཀྱི་རྣམ་པ་མེད་པ་ཡིན་ནོ།། འདྲུ་བ་ནི་འཇུ་བར་བྱེད་པའི་མ་ཡིན་ཏེ། འདྲུ་བར་བྱེད་པ་དེ་དང་ལྡན་པ་ཡིནོ།། འཇུ་བར་བྱེད་པ་དང་ལྡན་པ་ཁྱད་པར་ཇི་ལྟ་བུ་ཞེས་ན་མཉམ ་ས་བྱ་བ་སྨོས་ཏེ་མཉམ་པའི་གནས་སྐབས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་འཇུ་བའི་གནས་དང་མཉམ་པའོ།། ཟས་ཡང་དག་པར་འདྲུ་བར་བྱེད་པའི་ཕྱིར་འཇུ་བར་བྱེད་པའོ།། ཧ་ཅང་ཡང་མོ་དྲོ་ཞེས་བྱེ་བ་ནི་འགྱུར་བྱེད་ཀྱི་ནང་དང་འདྲ་བར་ཤིན ་ཏུ་བྷུ་བ་ཚོ་བ་མ་ཡིན་པའོ།། ཧ་ཅང་ཡང་མི་གྲང་ཞེས་བྱ་བ་ནི་ཤིན་ཏུ་ནུས་པ་མ་ཡིན་པའོ།། ནང་སྐྱེད་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་གནོད་པ་མེད་པའོ།། དུས་དང་དུས་སུ་བདེ་བ་བསྐྱེད་པ་ཉིད་ཀྱི་ཕྱིར་དུས་ཀྱི་འདྲོ་བའོ།། གྲོང་འདབ་ན་ཡོད་པས།། ་ན་གྲོང་འདབ་པའོ།། ལྗོངས་ན་ཡོད་པས་ན་ལྗོངས་པའོ།། དལ་གྱིས་ཞེས་བྱ་བ་ནི་བརྡེག་པ་མེད་པ་དབྱུག་གུས་དྲལ་གྱིས་རྙེད་པའོ།། བགས་ཀྱིས་ནཱི་རང་གི་འབྱད་རྩོལ་གྱིས་མྱུར་དུ་འགྲོ་བ་འགོག་པའོ།། ནོར་བུ་རིན་པོ་ཆེ་ཞེས་བྱཱ་བྲ་ནི་འོད། ་གསལ་བའི་བདག་ཉིད་ཅན་དང་། རིན་ཆེ་བ་དང་རྙེད་དཀའ་བའོ།། གླང་པོ་རིན་པོ་ཆེ་ཡང་དེ་དང་འདྲ་བའོ།། གྲོང་དཔོན་ཞེས་བྱ་བ་ནི་གཙོ་བོར་གྱུར་པའི་མིང་ལས་བོད་པའོ།། གོས་སེར་པོ་དང་རྒྱན་ལ་སོགས་པ་བཀྲ་ཤིས་པར་འདོད་པོ་ཉིད་ཡིན ་པ་དེའི་ཕྱིར་འདིའི་སྐད་དུ། འདི་ལྟར་རྒྱན་ཐམས་ཅད་སེར་པོར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། བསྟན་བཟང་པོ་ཞེས་བྱ་བ་ནི་རྒྱལ་པོ་ལ་འོས་པའི་སྤྱན་ཡི་ནོ།། མཐོང་བ་ཞེས་བྱ་བ་ནི་མཐོང་བར་གྱུར་པ་ནའོ།། ཡིད་འཕྲོག་པ་ཞེས་བྱ ་བ་ནི་འདོད་ཆགས་སྐྱེ་བ་དང་རྗེ་སུ་མཐུན་པའོ།། དབང་པོ་རྣམས་སྡུད་པ་ནི་ཡུལ་དང་བུད་མེད་ཀྱི་གཟུགས་ལ་སོགས་པ་ལས་ཕྱིར་ཟློག་པར་བྱེད་པའོ།། འདུན་པ་སྐྱེ་བར་མཛོད་ཅིག་ཅེས་བྱ་བ་ནི་འདོད་པར་མཛོད་ཅིག་པ་ཡིནོ།། བལྟོས་པར་མཛོད་ཅིག ་ཅེས་བྱ་བ་ནི་འཚོ་བ་ལ་བལྟོས་པ་དང་བཅས་པར་གྱུར་པའོ།། གྲོགས་པོ་ལྟར་ཞེས་བྱ་བ་ནི་གྲོགས་པོ་ཉིད་དུའོ།། དགྲ་བོ་ནི་ཁྱིམ་ལ་སོགས་པའི་དགྲ་བོར་གྱུར་པའོ།། ཚེ་ཕྱི་མ་ནཱི་འཇིག་རྟེན་ཕ་རོལ་ལོ།། དགེ་བ་ནི་སྦྱིན་པའི་རང་བཞིན་ཡིན་ལ། ཚངས ་བར་སྤྱོད་པ་ནི་ཚུལ་ཁྲིམས་དང་བསྒོམ་པའི་རང་བཞིན་ཡིན་པ་འམ། ཡང་ནཱ་དགེ་བ་ནི་འཁོར་བའི་འབྲས་བུ་ཡིན་ལ། ཚངས་པར་སྤྱོད་པ་ནི་ཐར་པའི་འབྲས་བུ་ཡིནོ།། སྐད་ཅིག་ཡང་ཙམ་ཐང་གཅིག་ཅེས་བྱ་བ་དེ་ནི་འཆི་བའི་ངས་ཉེ་བར་མཚོན ་པའི་ཚི་ག་ཡཱིནོ།། གལ་ཏེ་བདག་ཉིད་མ་འདི་ལ་འཆི་བར་བྱའོ།། ཞེས་འཆི་བའི་དུས་ངེས་པར་ཤེས་པ་དེ་ལྟ་ན་ཡང་མཆོག་ཏུ་བག་མེད་པས་གནས་པར་རིགས་པ་མ་ཡིན་ཏེ། དང་པོ་ཉིད་ནས་འཆི་བའི་དུས་ངེས་པ་མེད་པ་དེ་བས་ནི། རབ་ཏུ་བག་ཡོད ་པས་དགེ་བའི་ཆོས་བསྒོམ་པར་བྱའོ།། ཟླ་བར་ཡང་ཞེས་བྱ་བ་དེ་ལ་དེ་དག་འཆི་བའི་རྣམ་པར་འཚེ་བར་ཉེ་བར་གྱུར་པ་དེའི་ཚེ་འགྱོད་པར་འགྱུར་རོ།། ཞེས་བྱ་བ་དེ་ལྟར་བདག་གི་ཡུལ་ལ་རྗེ་སུ་གདམས་པ་ལས་འཇུག་པར་བྱའོ་ཞེས་ཚིག་འདིས ་དེ་སྐད་དུ་བསྟན་པར་འགྱུར་རོ།། འདུན་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ཀྱི་འདུན་པ་ལ་སོགས་པ་གནས་སྐབས་ཀྱི་རྒྱུ་ཅན་གྱི་རྣམ་གྲངས་ཡིན་ཏེ། གནས་སྐབས་ཁ་ཅིག་ཏུ་འདུན་པ་ཡིན་ལ། གནས་སྐབས་ཁ་ཅིག་ཏུ ་སྣུམ་པ་ལ་སོགས་པ་ཡིན།། ཁྱད་པར་ཡང་བརྗོད་པར་བྱ་སྟེ་ཡུལ་གྱི་ཡོན་ཏན་འཛིན་པར་འདོད་པ་ནི་འདུན་པ་ཡིན་ལ། ཡུལ་ལ་ངེས་པ་ཡོང་དུ་ཟིན་ཀྱང་གསལ་བ་ནི་འདོད་ཆགས་ཡིན་ཞིང་། སེམས་རྩུབ་པ་བསལ་བའི་ཕྱིར་སྡུག་པ་ཡིནོ།། ་ཉེས་པའི་ཆ་ཡོངསུ་བཏང་ནས་ཡང་དང་ཡང་དུ་སྐྱེ་ཞིང་རྗེས་སུ་འཛིན་པའི་འདོད་ཆགས་ནི་དགའ་བ་ཡིན་ལ། ཡུལ་གཞན་ལས་ལྷག་པར་ཆགས་པ་ནི་ཡིད་དུ་འོང་བ་ཡིན་ཞིང་ཡུལ་མང་པོ་ཡོད་པ་ལ་ཡུལ་གང་གི་རོ་ལ་དགའ་བའི་འདོད ་ཆགས་པའི་ཡུལ་དེ་ནི་སྡུག་པ་ཡི་ནོ།། ཡུལ་ཐམས་ཅད་ལས་ལྡོག་པ་ཡུལ་གང་ལ་གཅིག་ཏུ་གྱུར་པ་བཞིན་ཏུ་འདོད་ཆགས་པ་དེ་ལ་ཆགས་པ་ཞེས་བྱའོ།། བྱམས་པ་དང་ལྡན་པ་ཞེས་བྱ་བ་ནི་བྱམས་པ་དང་ཡང་དག་པར་འབྱོར་པའོ།། ་སེམས་གང་ལ་དགྲ་བོ་མེད་པ་དེ་ནི་དགྲ་བོ་མེད་པ་ཡིན་ཏེ། དགྲ་བོའི་རྒྱུ་མཚན་ཐམས་ཅད་མངོན་དུ་བྱེད་པ་མེད་པ་དེའི་ཕྱིརརོ།། སེམས་ཅན་ཐམས་ཅད་གྲོགས་པོ་རབ་ཀྱི་ཕྱོགསུ་འཕངས་པ་དེ་བས་ན་སེམས་དེ་འགྲན་ཟླ་མེད་པའོ།། སེམྦ་ཅན། ་ཐམས་ཅད་བདེ་བར་ལྷག་པར་མོས་པ་དེ་བས་ན་སེམས་དེ་གནོད་པ་མེད་པའོ།། ཡུན་རིང་པོར་གོམས་པར་བྱས་པ་དེ་བས་ན་ཡང་བའོ།། སེམ་ཅན་ཐམས་ཅད་ལ་དམིགས་པ་དེ་བས་ན་ཡུལ་ཆེ་བ་ཉིད་ཀྱི་ཕྱིར་རྒྱ་ཆེ་བའོ།། འདོད་པའི་འབྲས ་བུ་ཆང་མེད་པ་དེ་བས་ནས་ཚད་མེད་པའོ།། སེམས་དེ་གུས་པར་བསྒོམས་པས་ན་རབ་ཏུ་བསྒོམས་པ་སྟེ་སེམས་ངེས་སོ།། ལྷག་པར་མོས་ནས་ཞེས་བྱ་བ་ནི་ལྷག་པར་མོས་པས་ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་ནི་ཕྱིར་ཕྱོགས་གཅིག་ཏུ ་རྣམ་པར་གནས་པ་དག་གི་བདེ་བ་ལ་ལྷག་པར་མོས་པར་བྱས་ནས་སོ།། ཁྱབ་པར་བྱས་ནས་ཞེས་བྱ་བ་ནི་སྤྱིས་ཁྱབ་པར་བྱས་པའོ།། སྙོམས་པོར་ཞུགས་ཤིང་ཞེས་བྱ་བ་ནི་མི་ཤེས་ཀྱིས་ཤེས་ན་སོ།། འདུག་གོ་ཞེས་བྱ་བ་ནི་རྒྱུན་གྱིས ་གནས་པའོ།། ཀུན་ཏུ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྟེ། ལྷག་མ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ།། དེ་དག་ནི་རྣམ་པར་གང་ཞེ་ན་སྨྲས་པ། ཀྱེ་མའོ་སེམས་ཅན་བདེ་བར་གྱུར་ཅིག་སྦྲུམ་པའི་ཡིད་ལ་བྱེད་པས་བྱམས་པ་ལ་སྙོམས་པར་འཇུག ་པ་དང་། ཀྱེ་མའི་སེམས་ཅན་སྡུག་བསྔལ་བར་གྱུར་ཏེ་སྙམ་དུ་སྙིང་རྗེ་དང་། ཀྱེ་མའོ་སེམས་ཅན་དགའ་བར་གྱུར་ཅིག་སྙམ་དུ་དགའ་བ་དང་། སེམས་ཅན་མཉམ་པ་ཐ་མལ་པ་དེ་ལྟ་བུའི་ཡིད་ལ་བྱེད་པས་བཏང་སྙོམས་པར་འཇུག་པའོ།། ། ་ཚངས་པའི་གནས་བཞི་ནི་བྱམས་པ་ལ་སོགས་པ་སྟེ། དེ་བསྒོམས་ནས་སོ།། འདོད་པ་སྟེ། འདོད་པའི་ཡོན་ཏན་ལྔ་པོ་དགྲ་ལ་འདུན་པ་དོན་དུ་གཉེར་བའི་སྔོན་དུ་སོང་བ་ཅན་གྱི་འདོད་པའི་འདོད་ཆགས་གང་ཡིན་པ་དེ་སྤངས་ནས་ཏེའོ།། དེ་ལ ་མང་དུ་གནས་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་ཡང་དང་ཡང་དུ་མངོན་སུམ་དུ་བྱེད་པའི་ངང་ཚུལ་ཅན་ནོ།། འཆི་བའི་མཐར་ཐུག་པར་གྱུར་པས་ན་འཆི་བའི་མཐར་ཐུག་པའོ།། སྙོམས་པར་གྱུར་ཏོ།། ཞེས་བྱ་བ་ནི་བཟའ་བ་དང་ཟས་ལས ་གྱུར་པ་དབུགས་རྒྱུ་བ་ལ་སོགས་པ་ལུས་ཀྱི་གནོད་པའོ།། སྲིད་པའི་སྲེད་པ་ནི་སྲིད་པའི་མིགྣ་ཡིན་ནོ།། སྐྱེ་བ་ནི་འཁོར་བའི་སྐྱེ་བའི་རྒྱུན་ནོ།། ཡང་སྲིད་པའི་ལས་དང་ལས་ཀྱི་འབྲས་བུ་མེད་པའི་ཕྱིར་ང་ནི་ཡང་སྲིད་པ་མེད་དོ་སྨོན ་པ་ཡི་ནོ།། སྤྱན་སྔ་ན་འདུག་པར་གྱུར་པ་ཞེས་བྱ་བ་ནི་ཉེ་བ་ན་སྤྱོད་པའོ།། ལྷ་ལ་ཕན་གདགས་པར་བྱ་བ་ཁོ་ནའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕོངས་པ་ཨུ་པ་མན་ཕྱིར་བསལ་པ་ཡིན་ཏེ། གང་གི་ཕྱིར་དང་པོའི་ལྷ་སྟོང་ཕྲག་བཅོམ་ལྡན་འདས་ཀྱི ་ཐང་ལས་ཆོས་ཉན་པར་མི་འདོད་པ་དང་། ཤིན་ཏུ་མཐུ་ཆེ་བ་ཉིད་ཀྱིས་འཕགས་པ་ཨུ་པ་མ་ན་ཕྱི་རོལ་ཏུ་བྱ་བར་མི་ནུས་པ་དང་། བཅོམ་ལྡན་འདས་མ་གཏོགས་པ་འགའ་ཞིག་གིས་ཀྱང་ཕྱོགས་འདི་ལས་དེ་འདི་ལྟར་བསལ་བར་ནུས་པ་མ ་ཡིན་པ་དེ་ནི་དེའི་ཕྱིར་གཞན་ལ་ཕན་གདགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསལ་བ་མཛད་པ་ཡིན་ནོ།། སྨོན་ལམ་གྱི་དབང་གི་འཕགས་པ་ཨུ་པ་མ་ནའི་གཟི་ལྷ་རྣམས་ཀྱིས་མི་བཟོད་པ་ཡིན་གྱི་མཐུ་ཆེ་བ་ཉིད་ཀྱིས་མ ་ཡིན་ཏེ། གཞན་དུ་ནུ་བཅོམ་ལྡན་འདས་ཀྱི་གྲཝཟི་ཤིནྣ་ཏུ་མི་བཟོད་པར་འགྱུར་ཏེ། འཕགས་པ་ཨུ་པཱ་མ་ནཱ་བྱེད་བྱ་སྟོད་པས་ཀྱང་བཅོམ་ལྡན་འདས་ཤིན་ཏུ་མཐུ་ཆེ་བའི་ཕྱིརརོ།། མདུན་ན་རྣམ་པར་གནས་པ་ལ་ཕྱིརོབ་ཏུ་རྒྱས་ཤི་ཤིང་ཤཱ་ལ་རུ ་ནི་ཤིས་པ་ཆེན་པོ་གཉིས་ཀྱིས་ཉེ་བར་མཚོན་པའི་སཱ་ལའི་ནགས་སོ།། མཐུ་ཆེན་པོའི་སྒྲས་འདིར་བདག་ཉིད་ཀྱིས་དངོས་པོ་དང་ཆེན་པོའི་སྒོ་ནས་ཆེན་པོར་གཟུང་ངོ་།། གལ་ཏེ་དཔག་ཆད་བཅུ་གཉིས་ཀྱི་ནང་མ་ལུས་པར་ལྷས་ཁྱབ་པར་གྱུར ་པས་དེར་མི་དང་དུད་འགྲོ་ཇི་ལྟར་གནས་པར་འགྱུར་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱི་མཐུ་དང་། ལྷ་དེ་དག་ཉིད་ཀྱི་རྫུ་འཕྲུལ་ལམ་ལུས་འོད་དང་འདྲ་བ་དེའི་ཕྱིར་འགའ་ཞིག་སྣང་གནོད་པ་བྱེད་པར་མི་འགྱུརརོ་ཞེས་སྟོན་ཏོ།། དུས་མ ་བར་ཆར་ཞེས་བྱ་བ་ལ་དབྱར་ཆར་འབྱུང་བའི་དུས་ཡིན་ལ་ལྷག་མ་ནཱི་མ་ངེས་པ་ཡིན་པ་དེའི་ཕྱིར་དེ་སྐད་དུ་གསུངས་པ་ཡི་ནོ།། གྲང་བའི་དུས་ཞེས་བྱ་བ་ནི་དཀུན་ཟླ་ཐ་ཆུང་དང་དཔྱིད་ཟླ་ར་བའོ།། ཤིང་བལ་རྨལ་བ་ནི་ས་བོན་དང་ཐ་དད་པར ་བྱེད་པའོ།། གོས་ཕྲུགས་ནི་གོས་ཟུང་ངོ་།། དྲི་ཞེས་བྱ་བ་ལ་སོགས་པ་ལ་དྲཱི་ནི་གླགླུ་རྩི་ལ་སོགས་པ་ཡིན་ལ། ཕྲེང་བ་ནི་མེ་ཏོག་ཛཱ་ཏི་ལ་སོགས་པའོ།། བདུག་སྤོས་ནི་ཨ་ཀ་རུ་ལ་སོགས་པ་ཡིན་ལ། ཕྱེ་མ་ནི་གོས་ལ་བསྒོས་པ་ལ་སོགས་པ ་ལཱྀ་རིགས་ཡོངསུ་སྒྲོ་གུས་པ་ཞེས་བྱ་བ་ནི་ཅིག་ཅར་ཉེ་དུ་མ་ལུས་པའི་མིང་སྨོས་པ་མེད་པའི་ཕྱིར་ཚོགས་ཆུང་བའི་དོན་ཏོ།། སྨྱུང་བའི་སྡོམ་པ་ལས་བྱུང་བ་འམ། བཅོམ་ལྡན་འདས་ཀྱི་མཐུ་འོམ་སྨོན་ལམ་གྱི་དབང་ལས་ཞེས་བྱ་བ ་འདི་ནི་རྣམ་པ་གཞན་ཡི་ནོ།། ལྷ་རྣམས་ཀྱི་བརྡུང་བར་བྱ་བ་བརྡུང་བར་བྱེད་པ་ལ་འཛི་ནི་ཟར་རིག་པར་བྱ་ཞིང་དེ་དག་གི་བཟོ་ལས་མཁས་པ་ཉིད་ཀྱིས་བདག་པོ་སྟེ་རྒྱལ་པོ་ཡི་ནོ།། བརྡུང་བར་བྱ་བའི་སྒྲའི་བྱེ་བྲག་རྡུང་བར་བྱེད་པའོ་སྒོ ་ནས་སྦྱོར་བ་ནི་དབྱངས་ཡི་ནོ།། བྱ་བ་ཞེས་བྱ་བ་ལ་འབུམ་ཕྲག་བརྒྱ་ནི་བྱེ་བའོ།། བཏུལ་ནས་ཞེས་བྱ་བ་ནི་མཆོག་ཏུ་འབྱོར་པར་བྱས་ནསོ།། མུ་སྟེགས་ཅན་ཞེས་བྱ་བ་ལ་སོགས་པ་ལ་ཉན་ཐོས་དག་གིས་གདུལ་བར་བྱ་བ་ག ་ཞེས་བྱ་བ་ནི་མུ་སྟེགས་ཅན་སྐྱེད་པའི་གནས་ཡིན་ཏེ། གང་གི་ཕྱིར་གླང་པོ་ལ་སོགས་པ་དག་ལས་མུ་སྟེགས་ཅན་འབྱུང་བར་འགྱུར་བ་དེའི་ཕྱིར་གང་པོ་ལ་སོགས་པ་དང་། མུ་སྟེགས་ཅན་བསྐྱེད་པར་བྱེད་པ་ཞེས་གསུང་སོ།། ་རང་གིས་ཁས་འཆེས་པ་ནི་བདག་ཉིད་སོ་སོས་དམ་བཅས་པ་ཡིན་ཏེ། བརྟུལ་ཞུགས་འདི་ལ་བདག་ཅག་འཁོར་བ་ལས་གྲོལ་བར་འགྱུར་རོ།། ཞེས་བྱ་བ་འདི་དག་ནི་དམ་བཅས་པའོ།། ཅི་དེ་དག་གིས་བདག་ཉིད་ཀྱིས་དོམ་བཅས་པ་ཉམ་སུ་མྱོང་བའི ་སྒོ་ནས་ཤེས་པར་འགྱུར་ན་ནི་གང་གི་ཚེ་དམ་བཅས་པ་ཉམས་མྱོང་བ་གྲུབ་པ་དེའི་ཚེ་ངམ་བཅས་པ་ཡོངསུ་རྫོགས་པ་ཁོང་དུ་ཆུད་པར་འགྱུརརོ།། དེའི་དོན་ནི་ཅི་དེ་དག་གིས་ཐར་པ་བླ་ན་མེད་པ་ཐོབ་པར་འགྱུར་རམ། འོན་ཏེ་མ་ཡིན་ཞེས་བྱ་བ་འདི ་ནོ།། གཅིག་པོ་འདིས་སུམ་བཅུར་མ་ལོངས་པ་ནི་གཅིག་གིས་སུམ་ཅུ་མ་ཡིན་པ་སྟེ། ལོ་གྲངས་ཉི་ཤུ་རྩ་དགའོ།། དགེ་བ་གང་ཞིག་ཚུལ་བ་ཞེས་བྱ་བ་ནི་དགེ་བ་གང་ཞེས་བྱ་སྟེ་དེ་ལྟར་ཚོལ་བའི་ངང་ཚུལ་ཅ་ནོ།། ལོ་ལས་ལྷག་པ་ཞེས་བྱ་བ་ནི་ལོ ་གཅིགིས་ལྷག་པ་སྟེ། ལོ་ནི་ལོ་གཅིགི་རྣམ་གྲངས་ཡིན་པའི་ཕྱིརརོ།། ཚུལ་ཁྲིམས་ནི་སོ་སོར་ཐར་པ་ལ་སོགས་པའི་སྡོམ་པའོ།། ཏིང་འཛིན་ནི་ཟག་པ་དང་བཅས་པ་དང་ཐོག་པ་མེད་པའོ།། རིག་པ་ནི་གསུམ་སྟེ། སྔོན་གྱི་གནས་ཤེས་པ་དང་། ་འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའོ།། རྐང་པ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་། ལྷའི་རྣ་བ་ཤེས་པ་དང་། སེམས་ཀྱི་རྣམ་གྲངས་ཤེས་པའོ།། ཏིང་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ།། བསྒོམས་པ་ནི་ཆུང་ངུ་དང་། འབྲིང་དང ་ཆེན་པོའི་གོ་རིམས་ཀྱིསོ།། རིམ་པ་ལས་མ་གཡོས་པས་ན་རིགས་པ་སྟེ། འཕཊ་པའི་ལཾ་ཞེས་བྱ་བའི་ཆོས་ཡི་ནོ།། དེའི་ཕྱོགས་གཅིག་ནི་ཡང་ཕྱོགས་གཅིག་ཙམ་འཆད་པ་ལ་སྟོན་པ་པོ་ཞེས་བྱའོ།། འདི་ལས་ཞེས་བྱ་བ་ནི་ངའི་བསྟན ་པ་ལས་ཕྱི་རོལ་ན་ཆང་མར་གྱུར་པ་གཞན་མེད་པ་ཡིན།། ཅིའི་ཕྱིར་ཡོད་པ་མ་ཡིན་ཞེ་ན། རབོ་བཟང་གང་ལ་ཞེས་བྱ་བ་ལ་སོགས་པས་རྒྱུར་སྨོས་པ་ཡིན་ཏེ། བཀའ་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པ་དེ་ཉིད་ལ་ད ་དགེ་སྦྱོང་ལ་སོགས་པ་སྣང་སྟེ། གང་གི་ཕྱིར་ལམ་གྱི་སྒོ་ནས་དགེ་སྦྱོང་དུ་གྱུར་པ་ཡིནོ།། དགེ་སྦྱོང་ནི་རྒྱུན་དུ་ཞུགས་པར་གྱུར་པ་བཞི་ནི་བཞི་ཡིན་པར་རིག་པར་བྱའོ།། མཉམ་པོར་སྤྱོད་པས་ན་དགེ་སྦྱོང་སྟེ། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར ་འོང་བ་དང་། ཕྱིར་མི་འོང་བའི་རང་བཞི་ནོ།། སྡིག་པ་སྤངས་པས་ན་བྲམ་ཟེ་སྟེ། དགྲ་བཅོམ་པའོ།། སློབ་དཔོན་ཆེན་པོ་ནི་བཅྡོཾས་ཡིན་ཏེ། སྤྱོད་པ་ཐ~ཾང་ཁོང་དུ་ཆུད་པར་མོ་ཏྲིད་པའི་སྒོ་ནས་ཆེན་པོ་ཉིད་ཡིན་པོའི་ཕྱིར་རོ།། མང་དུ་ཐོས་པ་ནི་ཐོས་པ་བསགས ་པ་ཡིན་ཏེ། ཐོས་པ་འཛིན་པའི་མཆོག་ཏུ་སློབ་དཔོན་ཆེན་པོས་ལུང་སྟོན་པའི་དབང་བསྐུར་བས་དབང་བསྐུར་བའི། ཡང་ན་འཕགས་པའི་ལམ་ལ་སོ་སོར་དགོད་པའི་སློབ་དཔོན་ཆེན་པོས་དབང་བསྐུར་བ་ཡིཡཽ་ནོ།། ཤེས་ཏེ་ཞེས་བྱ་བ་ནི་བདགི་སྐྱེ་བ་ནི ་ཟད་ཞེས་བྱ་བ་ལ་སོགས་པ་དངོས་པོ་ཡོངསུ་ཤེས་པ་དང་ལྡན་པ་ཉིད་ཀྱི་ཕྱིརརོ།། ཉོན་མོངས་པ་ལ་སོགས་པ་བཅོམ་པའི་ཕྱིར་དགྲ་བཅོམ་པའོ།། ཉོན་མོངས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བའི་སེམས་རྣར་གྲོལ་བའོ།། སྨོན ་ལམ་གྱི་དབང་གིས་རབ་ཏུ་བཟང་པོ་སྔར་ཡོངསུ་མྱ་ངན་ལས་འདས་པའི་བློ་སྐྱེས་པ་ཡི་ནོ།། བཟོད་པ་ཞེས་བྱ་བ་ནི་རང་གི་འདོད་པས་གནས་པ་ཉིད་དུ་ནུས་པའོ།། ཅིའི་ཕྱིར་རབ་ཏུ་བཟང་པོས་གནས་ལྔ་བྱིན་གྱིས་བརླབས་པར་གྱུར་ཞེ་ན། འདིར་མུ་སྟེ ་ཅན་གྱི་ཚོགས་ཆེན་པོ་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་གཞུག་པའི་དོན་ཡིན་ཏེ། གང་གི་ཕྱིར་དེ་མ་ཐག་ཉིད་དུ་བཅྡོཾས་ཀྱིས་ཕྱི་རོལ་ན་དགེ་སྦྱོང་ངམ་བྲམ་ཟེ་འམ་ཕས་ཀྱི་རྒོལ་བས་སྟོང་པ་ཡི་ནོ།། ཞེས་བྱ་བ་ལ་སོཊ་བ་གསུངས་པ་ཡི་ནོ།། མུ་སྟེག་ཅན་གྱིས ་ཀྱང་འདི་ལྟར་རབ་ཏུ་བཟང་པོ་ཡོངས་མྱ་ངན་ལས་འདས་པར་ཐོས་པ་དེ་ལས་རབ་ཏུ་དག་བཱི་ཤུགས་ཐོབ་པར་གྱུར་ཏེ། གོས་ཀྱི་འཕན་ཤིན་ཏུ་ཆེ་བ་བསྒོངས་ནས་ཀུ་ཤའི་གྲོང་ཁྱེར་མ་ལུས་པ་བསྐོར་ནས་དགེ་སྦྱོང་གཽ་ཏ་མ་ལ་འདི་སྐད་སྨྲས་ཏེ། འདི་ལྟར་འདི་ནི་དགེ་སློང ་དང་པོ་ནས་འཁོར་རྣམས་ལ་བདག་ཅག་གི་ཚངས་པར་སྤྱོད་པ་རབ་ཏུ་བཟང་པོ་འདི་ཡོངསུ་མྱ་ངན་ལས་འང་སོ།། ཞེས་ཡང་དག་པའི་སེངྒེའི་སྒྲ་བསྒྲགས་པ་དེའི་ཕྱིར་ཇི་ལྟར་ན་དགེ་སྦྱོང་གཽ་ཏ་མ་དེ་བདེན་པ་སྨྲ་བ་ཡིན་ཞེས་སྒྲོགས་པར་བྱེད་དོ།། དེ་ཐོས་པ་ལས་མུ་སྣེ ་ཙུན་སྟོང་ཕྲག་དུ་མ་དཱི་ལ་མངོན་པར་དད་པ་ཡང་འདུས་ཤོང་འགྲོ་བར་བྱེད་ལ། བར་མ་དང་མ་དོད་པ་མང་པོ་དག་ལྟད་མོ་ལ་འགྲོ་བ་ན་གང་གི་ཚེ་མུ་སྟེགས་ཅན་དག་རབ་ཏུ་བཟང་པོའི་ཕྱོགསུ་འོངས་པ་དེའི་ཚེ་རབ་ཏུ་བཟང་པོ་མུ་སྟེགས་ཅན་གྱི་ཆ་ལུག་སུ་མཐོང་བ་དེའི ་ཕྱིར་ཤིན་ཏུ་མངོན་པའི་ང་རྒྱལ་དང་ནི་འཇིགས་པར་འགྱུར་ལ་གང་གི་ཚེ་ཁྱོགས་འདེགས་པའི་བྱ་བ་བྱེད་མི་ནུས་པ་དེའི་ཚེ་རྒྱགས་པ་དང་ང་རྒྱལ་བཅོམ་པ་དང་། ངོ་ཆེས་ཁྱབ་པ་དང་ཇི་ལྟར་བྱ་བ་ལ་རྨོངས་པར་གྱུར་པས་བཅྡོཾས་ཀྱིས་བསྟན་པ་ལ་མངོན་པར་དད་པ ་དང་། དགེ་བའི་ཆོས་སྒོམ་པ་ལ་ཕྱོགས་པར་འགྱུར་བ་དེའི་ཕྱིར་དེ་དག་གིས་དཔལ་ཆེན་པོ་ཐོབ་པར་འགྱུར་བ་ན་མ་དང་པ་མང་པོ་ཐ་མལ་པར་འགྱུར་ཞིང་། ཐ་མལ་པ་དག་ཀྱང་བཅྡོཾས་ཀྱི་བསྟན་པ་ལ་ངེས་པར་འགྱུར་བ་དེ་བས་ན་དེ་དག་གིས་ཤིན་ཏུ་དོན་ཆེན་པོ་ཐོ ་པར་འགྱུར་བའི་ཕྱིར་ཤིན་ཏུ་བཟོང་པོས་གནས་ལྔ་བྱིན་གྱིས་བརླབས་པ་དོན་དང་བཅས་པ་ཁོ་ན་ཡི་ནོ།། ཞེས་བསྟན་ཏོ།། སྨང་ནས་ཞེས་བྱ་བ་ནི་དཔྱས་པའོ།། གནང་ཆང་བ་ཞེས་བྱ་བ་ལ་སོགས་པ་ལ། བཅོས་ཀྱིས་སྐུ་ཡང་མིའི་རྒྱུད་ཀྱིས་ཡོངསུ་བཟུང་བ་ཡིན་པ་དེ ་བས་ན་གནང་ཚང་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོས་ལ་ནི་གནང་ཆད་པའི་ཚོར་བ་འབྱུང་བའི་སྐབས་མི་མངའ་བའི་ཕྱིརརོ།། ཆོས་ལ་ངེས་པར་བཀོད་པ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་ཆོས་ཚོགས་དང་བཅས་པ་ལ་ངེས་པར་སྦྱར་བའོ།། རྟོག་པ་ནི་ཆོས་ཉུང་ངུ ་ཐོས་པས་དོན་ཡོངསུ་ཤེས་པར་ནུས་པའོ།། དཔྱོད་པ་ནི་ཡོངསུ་གཅོད་པར་ནུས་པའོ།། མཁས་པ་ནི་འདིར་བྱ་བ་དང་བྱ་བ་མ་ཡིན་པ་ལ་བྱང་བའོ།། བསལ་བ་ནི་དངོས་པོ་རྣམ་པར་འབྱེད་པའི་ནུས་པ་དང་ལྡན་པའོ།། ཡིད་གཞུངས་པ་ནི་མྱུར་དུ་ཡོངསུ་གཅོད་པའི་ནུས་པ་དང་ལྡན་པ ་བསྐོར་ཏོ།། ཞེས་བྱ་བ་ནི་ཀུན་ནས་བསྐོར་བའི་སྒོ་ནས་དོར་མོར་བྱས་པར་གྱུར་པའོ།། བརྩོམ་འགྲུས་ནི་འབད་རྩོལོ།། གནད་ཅེས་བྱ་བ་ལ་སོགས་པ་ལ། གནད་ཀྱི་ཕྱོགས་མཚོན་རྣོན་པོས་བཅང་བ་འདྲ་བའི་ཚོར་བ་འབྱུང་བའི་ཕྱིར་གནང་ཆད་པར་འགྱུར་བ་ཞེས་གསུངས ་ཚིགས་བྱེ་བར་གྱུར་པ་ཡང་དེ་དང་འདྲ་བ་སྟེ། ཉི་མ་དང་དུས་འདི་ལ་བདག་ཅག་ཚོགས་ནས་དེའི་སྟེང་དུ་ལྷགས་པར་བྱའོ།། ཞེས་བྱ་བ་ནི་བརྡར་པ་ཏགས་པ་ཡིནོ།། འགྲན་ནི་ཆུས་ཡོངསུ་སྤངས་པ་བྱེ་མ་དང་བཅས་པའི་ཕྱོགས་ཡི་ནོ།། པདྨའི་འདབ་མ་དང་པདྨའི་འདབ་མ ་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གདུལ་བར་སྤྱོད་ཀྱི་གཅིག་ཏུ་སངས་རྒྱས་ཀྱི་གདུལ་བྱ་ཤཱ་རིའི་བུ་ལ་སོགས་པ་གདུལ་བ་ཉིད་དུ་ནུས་པ་མ་ཡིན་པས་གཅིག་ཏུ་རབ་ཏུ་དགའ་བ་སངས་རྒྱས་ཀྱི ་གདུལ་བྱ་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་བླ་ན་མེད་པའི་གདུལ་བྱའི་སྐྱེ་བོ་འདུལ་བ་ལ་མཁས་པའི་ཕྱིར་འབྱེད་པ་བཞག་པས་འདུལ་བར་འགྱུར་རོ།། མྱོས་པ་ནི་ཤིན་ཏུ་སྒྲ་སྙན་པར་བརྡུང་བའོ།། དགྲ་བཅོམ་པར་གྲགས་པ་ཞེས ་བྱ་བ་ནི་འདི་ལ་འཇིག་རྟེན་མ་ལུས་པ་དགྲ་བཅོམ་པར་བློ་མཐུན་པར་གྱུར་པོའོ།། ཁྱི་མ་ནི་འདུག་ནས་སོ།། ཉིན་པར་སྤྱོད་པ་ནི་ཉིན་མོ་སྤྱོད་པའི་གནསོ།། ཁ་འབུས་པ་ཞེས་བྱ་བ་ལ་སོགས་པ་ལ་དཔྱིད་ཀྱི་དུས་སུ་ཤིང་གི་དྲོད་སོ་མ་བྱུང་བའི ་ཕྱོགས་མཐོན་པོ་མཐོན་པོར་གྱུར་པ་ན་ཁ་འབུས་པ་ཞེས་བྱ་བ་ལ། དེ་སྐྱེས་པ་གང་ཡིན་པ་དེ་ནི་ཁ་འབུས་པར་འགྱུར་བ་ཞེས་བྱའོ།། དེ་ཉིད་གང་གི་ཚེ་ཤིང་བལ་གྱི་ས་བོན་གྱི་རྣམ་པ་ལྟ་བུར་ཤིན་ཏུ་མཐོན་པོར་གྱུར་པ་དེའི་ཚེ་མྱུ་གུ་སྐྱེ་ཞེས ་བྱའོ།། ཥ་མ་གྱེས་པ་ནི་མེ་ཏོགི་རྒྱུ་མཚན་ཡི་ནོ།། ཁ་མ་གྱེས་པོ་ཡོངསུ་སྨིན་པའི་གནས་སྐབས་ཐོབ་པར་གྱུར་པ་ནི་བྱ་རོག་གྲི་མཆུ་འདྲ་བ་ཡིན་པར་རིག་པར་བྱ་སྟེ། བྱ་རོག་གི་མཆུ་དང་འདྲ་བར་མེ་ཏོག་གི་འདབ་མའི་མཐའ་ངེས་པར་འབྱུང་བའི ་ཕྱིར་རོ།། རྣམ་པ་ཐམས་ཅད་དྲི་ཁ་བྱེ་བའི་ཕྱིར། ཐམས་ཅད་ཡོངསུ་རྒྱས་པའོ།། འདབ་མ་ཕལ་ཆེར་འཇམ་པ་ཉིད་ཀྱི་ཕྱིར་ལྷ་མ་མེ་ཞེས་གསངས་པ་ཡིན་ནོ།། ཤིང་ལས་འོད་འཕྲོ་བ་ལྟར་ཤེས་པ་དེའི་ཕྱིར་ལྷན་ནེ་ཞེས་གསུང་སོ།། མེ་ཏོག ་ཕུན་སུམ་ཚོགས་པས་ཤིང་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་ལྷ་དེ་ཞེས་གསུངསོ།། མེ་ཏོག་ཕུན་སུམ་ཚོགས་པས་ཤིང་ཐམས་ཅད་ནི་ཆོས་ཁོང་དུ་ཆུད་པར་འདོད་པ་ལ་འདིར་ཐེ་ཚོམ་ཞེས་བྱའོ།། བསམས་པ་ཞེས་བྱ་བ་ནི་སོ ་སོར་བསམས་པ་ཞེས་བྱའོ།། ཡུལ་གང་ལ་བསམས་པ་ཡིན་ཞེ་ན། བསལ་བར་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཉག་གཅིག་གིས་བདག་གི་ཐེ་ཚོམ་གསལ་བར་དཔྱོད་ཀྱང་། གཞན་འགའ་ཞིག་གིས ་མ་ཡིན་ནོ།། ཞེས་བྱ་བ་དེ་ལྟ་བུའི་བསམ་པ་ཡོད་པ་ཡིན་ལ། བསམ་པ་ཅུང་ཞིག་ནི་མངོན་པར་འདོད་པའི་ཆོས་ཀྱི་ཕྱོགས་ལ་ཡོད་པ་ཡིནོ།། བདག་བཅོམ་ལྡན་འདས་གལ་བ་དེར་ཉེ་བར་འགྲོ་བའི་བསམ་པ་ལ་གནོད་པ་མེད ་པས་བླ་མར་འགྱུར་བ་ཡི་ནོ།། སྐུ་མཉེལ་ཞིང་ཞེས་བྱ་བ་ནི་སྐུ་བསྣུན་གྱིས་མཱཉེལ་བར་གྱུར་པའོ།། ཚུར་ཤོག་ཅེས་བྱ་བས་རབ་ཏུ་བྱུང་བ་ཡིན་ཏེ། མངོན་སུམ་དུ་ཉན་ཐོས་སུ་འགྱུར་བར་རིག་པར་བྱའོ།། དགའ་ཞེས་བྱ་བ་ལ་སོགས་པ་ལ། ་མངོན་པར་འདོད་པའི་བཅོམ་ལྡན་འདས་ཀྱི་བསྟན་པ་རྙེད་པོའི་སྐབས་ཉིད་ཡིན་པའི་ཕྱིར་དགའ་བའོ།། མངོན་པར་འདོད་པའི་དྲིས་པའི་དོན་གྱི་ལན་བྱསམ་པ་བཞིན་རྙེད་པའི་ཕྱིར་མགུ་བའོ།། ཉོན་མོངས་པ་སྤོང་བར་བྱེད་པའི ་གཉེན་པོའི་ཕྱོགས་རྙེད་པའི་བསམ་པས་རབ་ཏུ་དགའ་བོའོ།། ཐར་པ་བླ་ན་མེད་པ་ཐོབ་པའི་བསམ་པས་ན་ལྟར་ལུས་ཀྱི་བདེ་བ་སྐྱེས་པར་གྱུར་པའོ།། དགའ་བ་ནི་འདིར་དགེ་ཟོའི་ཆོས་ལ་འདུན་པའོ།། མུ་སྟེག་ཅན་སྐྱེད་པར་བྱེད ་མཱ་ལ་རྐང་པ་བཞག་པས་ཞེས་བྱ་བ་ནི་ཇི་ལྟར་པདྨའི་འདབ་མ་ཤུགས་ཀྱིས་མནན་པ་ལས་ཀྱང་ཚུལ་མི་འབྱིང་བ་དེ་བཞིན་དུ་ལུས་ཡང་མོར་བྱས་པའོ།། འདོད་པའི་སྦྱིན་པ་ནི་ཇི་ལྟར་བསམས་པ་བཞིན་དུ་སྒྲུབ་པར་བྱེད་པའི་སྦྱིན་པའོ།། གྲོགས ་པ་ནི་གང་ཞིག་བྱ་བའི་དུས་ལ་ཉེ་བར་སྦྱོར་བའི་གྲོགས་ཡིན་ཏེ། གང་དེ་དང་རྟག་ཏུ་ལྷན་ཅིག་གནས་པར་བྱེད་པའོ།། གང་དང་ལྷན་ཅིག་བར་དུ་གནས་པར་འདོད་པ་དེ་ལ་འདིར་བརྟེན་པོའི་སྒྲས་བསྟན་པ་ཡིནོ།། གཅིག་ཏུ་ཞེས་བྱ་བ་ནི་གྲོགས་མེད་པ་ཉིད་ཀྱི་ཕྱིར ་རོ། དབེན་པ་ན་ཞེས་བྱ་བ་ནི་སོ་སོར་དབེན་པ་ཕྱོགས་ན་གནས་པའི་ཕྱིར་ཏེ། གཅིག་པུ་ལམ་གྱི་བཞི་མདོ་ན་ཡང་གནས་པ་སྲིད་པས་དེ་བསལ་བར་བྱ་བའི་ཕྱིར།། ནང་དུ་ཡང་དག་འཇོག་པའི་ཚེ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་སྡུད་པར་བྱེད་ཅིང ་ཡིད་ཙམ་འཇུག་པའི་ཕྱིར་དེའི་གནས་སྐབས་ནི་གཅིག་ཏུ་གྱུར་པ་ཡིན།། སེམས་ལ་ཞེས་བྱ་བ་ནི་བདག་མ་ཡིན་པ་སྟེ། སུ་སྟེགས་ཅན་དག་བདག་ལ་བརྟེན་པོའི་རྣར་རྟོག་པ་ཞེས་འདོད་པའི་བཞུང་དེ་དགོག་པའི་ཕྱིར་རོ།། དྀ་ལྟ་བུའི་ཞེས་བྱ་བ་ནི་བཤད་པར ་འགྱུར་བའི་རྣམ་བྱའོ།། སེམས་ཀྱི་ཡོངསུ་རྟོག་པ་ཞེས་བྱ་བ་ནི་ཆུ་དང་འོ་མ་དང་འདྲ་བར་མཚུངས་པར་ལྡན་པ་ཉིད་ཡིན་པའི་ཕྱིར་ཟངས་གཞོང་དང་འབྲས་བུ་ལྟ་བུ་མ་ཡིནོ།། ཞེས་སྟོན་པར་བྱེད་པ་ཡིན་ཏེ། ཡོང་སུ་རྟོག་པ་ནི་འདིར་དངོས་པོའི་ཡུལ་ཡོང་སུ་དག ་པ་ལ་རྟོག་པ་ཡིནོ།། སྐྱེས་པ་ནི་འབྱུང་བའོ།། ཕྱེད་ཅེས་བྱ་བ་ནི་ཆུང་ངུ་དང་བཅས་པར་ཆུང་ཞིང་དམན་པ་སྟེ་མང་པོ་མ་ཡིན་ཞེས་བྱ་བའི་ཐ་ཆི་གོ།། ཕྱེད་འདི་གང་གི་ཡིན་ཞེ་ན། ཚངས་པར་སྤྱོད་པའི་ཞེས་བྱ་བ་སྨོས་པ་ཏེ་ཚོགས་ཀྱི་ལམ་ལེགས་པར་སྤྱོད་པ་དང་། ལམ་དང ་ལམ་གྱི་འབྲས་བུ་ཞེས་བྱ་བའི་ཐ་ཚིགོ།། དེ་གང་ཞེ་ན། སྨྲས་པ་འདི་ལྟར་ཞེས་བྱ་བ་ནི་ཉེ་བར་སྟོན་པར་བྱེད་པའོ།། དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་སྐྱེ་བོ་ཡོན་ཏན་དང་ལྡན་པ་ལ་རྗེསུ་དགའ་བའོ།། དགེ་བའི་གྲོགས་པོ་ཞེས་བྱ་བ་ནི་གྲོགས་པོ་དམ་པའི་བྱ་བ་ལ་ནན ་བྱེད་པའི་ཕྱིརརོ།། དགེ་བ་བརྟེན་པ་ཞེས་བྱ་བ་ནི་གནས་གཅིག་ན་གནས་ཤིང་ཡང་དག་པའི་གཏམ་ལ་སོགས་པ་བྱེད་པའི་ཕྱིརརོ།། བྱ་བའི་སྒོ་ནས་བསྙེན་ན་སྡིག་པ་བྱས་པ་ལ་སོགས་པ་དང་། ཀུན་དགའ་བོ་ཁྱོད་ཅེས་བྱ་བ་ལ་སོགས་པས་དགག་པོའི་སྒོ་ནས ་སྟོན་པར་མཛད་དེ། ཀུན་དགའ་ཞེས་བྱ་བ་ནི་འབོད་པའོ།། དེ་སྐད་མ་སྨྲ་ཞིག་ཅེས་བྱ་བ་ནི་མ་བརྗོད་ཅིག་པའོ།། འོ་ན་ཇི་ལྟོར་བྱ་ཞེ་ནི། མ་ལུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐཾང་ཡིནོ་ཞེས་བྱ་བའི་ཐ་ཚི་གོ།། ཡོངསུ་རྫོགོས་པ་ཞེས་བྱ་བ་ནི་ཆར་གྱུར་པ་ཚོགས་པའི ་ཕྱིར་རོ།། ཡོང་སུ་དག་པ་ཞེས་བྱ་བ་ནི་ཟག་པ་མེད་པ་རང་བཞིན་གྱིས་དག་པ་ཉིད་ཀྱི་ཕྱིར།། ཡོང་སུ་བྱང་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་འདྲ་བུ་ཉིད་ཡིན་པའི་ཕྱིརའོ།། ཚིག་ཙམ་གྱིས་དད་པར་འགྱུར་བ་མ་ཡིནོ།། ཞེས་རིགས་པ་བསྟན་པར་བྱ་བའི་ཕྱིར་དེ་ཅིའི་ཕྱིར་ཞེ ་ན་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིགོ། ང་ཞེས་བྱ་བ་ནི་བཅོས་བདག་ཉིད་ཉེ་བར་སྟོན་པར་བྱེད་པའོ།། བསྟེན་ན་ཞེས་བྱ་བ་ནི་འགྲོགས་པར་གྱུར་པསོ།། སྐྱེ་བའི་ཆོས་ཅན་ཞེས་བྱ་བ་ནི་སྐྱེ་བ་ལས་སྐྱེ་ཞིང་འབྱུང་ན་དེའི་ཆོས་ཀྱི་རང་བཞིན་སེམས་ཅན་གོང ་ལ་ཡོད་པ་ངོ་ལ་དེ་སྐད་ཅེས་བྱའོ།། ཉོན་མོངས་པ་དང་ལས་གང་གིས་སྐྱེ་བའི་ཆོས་ཅན་གྱི་སེམས་ཅན་རྣམས་ལ་སྐྱེ་བོའི་ཆོས་ཉིད་ཅེས་དེ་ལ་དངོས་པོའི་རྐྱེན་བརྗོད་པ་དེས་ཡོངསུ་གྲོལ་བ་སྟེ་དབྱེ་ཞིང་རྣར་བྲལ་བར་འགྱུར་ཏེ། སངས་རྒྱས་འབྱུང་བ་དེ་ཡོད ་ན་ཁྱད་པར་དེ་ཡོད་ལ་མེད་ན་མེད་པར་འགྱུ་རོ།། སེན་མེད་པས་ཀྱང་འདི་མེད་པ་ཁོ་ན་ཡིན་ནམ། གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་བགྲང་བར་བྱ་བ་མ་ཡིན་ཏེ། ལུང་ལ་སོགས་པ་ལྟ་བུ་སྟེ། གྲོའི་མྱུ་གུ་ལ་ནི་གྲོའི་ས་བོན་ཅན་ཞེས་བྱའི། ལུང་ལ་སོགས་པ ་ལ་སྐྱེས་པ་ཞེས་བྱ་བ་ནི་འཁར་རྔའི་སྒྲ་དང་འདྲའོ།། མྱ་ངན་ནི་སྡུག་པ་དང་བྲལ་བ་ལས་སྐྱེས་པའི་ནད་ཀྱི་གདུང་བའོ།། སྨྲེ་སྔགས་འདོན་པ་ནི་དེ་རབ་ཏུ་བརྗོད་པའོ།། སྡུག་བསྔལ་ནི་ལུས་ཀྱི་སྟེ་བསྣུན་པ་དང་ནད་ལ་སོགས་པ་ལས་སྐྱེས་པའོ།། ཡིད་མི་བདེ་བ་ནི ་འདོད་པ་མ་ཡིན་པའི་དོགས་པ་ལས་སྐྱེས་པའི་ནང་གི་གདུང་བའོ།། འཁྲུག་པ་ནི་ཟིལ་གྱིས་མནན་པ་དང་འཆིང་བ་ལ་སོགས་པ་ཅ་ནོ།། དེ་བས་ན། འདིས་ནི་ཞེས་བྱ་བ་དེའི་ཕྱིར་འདིས་རིགས་པ་བསྟེན་པའོ།། རྣམ་གྲངས་ནི་ཐ་དད་པར་རྣོར་ཕྱེ་བའོ།། རིག་པར་གྱིས ་ཤིག་ཅེས་བྱ་བ་ནི་ངེས་པར་ཤེས་པར་བྱའོ།། ཤཱཀྱ་གཉེན་ཞེས་བྱ་བ་ལ་སོགས་པ་ཅ་ནོ།། དེ་བས་ན་འདིས་ནི་ཞེས་བྱ་བ་དེའི་ཕྱིར་འདིས་རིགས་པ་དེའི་ཕྱིར་དེ་སྐད་དུ་བསྟན་ཏོ།། མཁན་པོ་རྩ་བར་གྱུར་པ་གོས་དབྱུང་བའི་གནས་གང་དག་ཡིན་པ་དེ་ནི་མཁན་པོ་རྩ་བ་ཅན ་ནཏེ། མཁན་པོ་རྩ་བ་ཅན་དུ་གྱུར་པ་དེ་དག་གིསོ།། ཡོང་སུ་བཞག་པར་བྱ་ཞིང་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་ཟླ་བ་བཞིའི་བར་དུ་ཐག་ཉེ་བར་གཞག་པར་བྱ་བ་ཡིནོ།། ལས་སུ་སྨྲ་བ་ཞེས་བྱ་བ་ནི་ལས་བྱས་པར་གྱུར་པ་འཇིག་པར་མི་འགྱུར་བ ་སྨྲ་བའོ།། བྱ་བ་སྨྲ་བ་ཞེས་བྱ་བ་ནི་ཚོགས་པ་ལ་བལྟོས་པའི་ལས་འབྲས་བུ་འབྱིན་ཏོ།། ཞེས་སྨྲ་བར་བྱེད་དེ། བྱ་བའི་ཚོགས་པ་ཡིནོ།། རྒྱར་སྨྲས་པ་ཞེས་བྱ་བ་ནི་ཐང་རྒྱུ་དང་བཅས་པ་ཤེས་པའོ།། བརྩོན་འགྲུསུ་སྨྲ་བ་ཞེས་བྱ་བ་ནི་འབྲས་བུ་སྐྱེས་པ་ལ ་ད་ལྟར་གྱི་སྐྱེས་བུའི་བྱེད་པར་སྨྲ་བའི་ངང་ཚུལ་ཅན་ཡིནོ།། མཐོང་བའི་ཆོས་ལ་ཕན་པ་ཞེས་བྱ་བ་ནི་མངོན་སུམ་གྱི་སྐྱེ་བ་ལ་མངོན་པར་འདོད་པའི་འབྲས་བུ་སྐྱེ་བར་འགྱུར་བའི་ཕྱིརརོ།། བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་བཟློག་པའི་ཕྱིརརོ།། འཇིག་རྟེན ་ཕྱི་རོལ་ནི་ཚེ་ཕྱི་མའོ།། བཟུང་བར་བྱ་བ་ནི་ཡི་གེའི་སྒོ་ནསོ།། ཀུན་ཆུབ་པར་བྱ་ཞེས་བྱ་བ་ནི་དོན་གྱིས་སྐྱོ་ནསོ།། བཙོང་བར་བྱ་ཞེས་བྱ་བ་ནི་ལ་སོགས་པའི་རྣར་བཤད་པ་ནི་སྔ་མི་དང་འདྲའོ།། མདོའི་སྡེ་དང་དབྱངས་ཀྱིས་བསྟིང་བའི་སྡེ་ཞེས་བྱ་བ་ལ་སོ ་སྨོས་ཏེ། དེ་ལྷོ་མདོའི་སྡེ་ནི་ཚིག་ལྷག་པའི་སྒོ་ནས་ཀུན་རྫོབ་དང་དོན་དམོ་པའི་བདེན་པ་སྣང་ཞིང་རིགས་པའི་སྐབས་དང་ལྡན་པའི་སྙིང་པོའི་དོན་བསྡུས་པ་ཡིན་ཏེ། དཔེར་ན་གང་ཟག་གཅིག་འཇིག་རྟེན་དུ་སྐྱེས་ཏེ། འདུ་བྱེད་ཟོང་ནི་མི་རྟག་པའོ།། ཆོས ་ཐ~ཾཐིང་ནི་བདག་མེད་པའོ།། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལྟ་བུ་སྟེ། གོ་རིམ་ཇི་ལྟ་བ་བཞིན་དུ་དཔེར་བྱེད་པ་ཡིནོ།། བསྟན་མ་ཐག་པའི་མདོ་སྡེའི་དོན་ཚིགསུ་བཅད་པའི་སྦྱོར་བའི་སྒོ་ནས་རྗེ་སུ་བརྗོད་ཅིང་གསལ་བར་བརྗོད་པ་ཅན་ནི་དབྱངས་ཀྱིས ་བསྙད་པའི་སྡེ་ཡིན་ཏེ། དཔེར་ན་ནོར་བདུན་ཞེས་བྱ་བ་མདོའི་སྡེ་བསྟན་ནས། དང་པའི་ནོར་དང་། ཚུལ་ཁྲིམས་ཀྱི་ནོར་དང་། ངོ་ཚ་དང་ཁྲེལ་ཡོད་པ་ལས་སྐྱེས་པའི་ནོར་དང་། ཐོས་པའི་ནོར་དང་། བཏོང་བའི་ནོར་དང་། བདུན་པ་ཤེས་རབ་ཀྱི་ནི་ནོར་ཡིན་ཏེ། སྐྱེས་པ་འམ ་ཐད་མེད་གང་དག་ལ། ནོར་འདི་ཡོང་པར་གྱུར་པ་སྟེ། དབུལ་མིན་དེའི་སྤྲོ་བ་ནི། དོན་ཡོད་པར་ནི་ཤེས་པར་བྱ།། ཞེས་བྱ་བ་ལྟ་བུའོ།། གཞན་ཡོངསུ་འདྲི་བར་འགྱུར་བས་ལྷུག་པ་དང་ཚིགསུ་བཅད་པ་རྗེ་སུ་འཆང་བ་དང་། འདས་པ་དང་མ་བྱོན་པ་དང་ད་ལྟར་སྟོན་པའི ་ལུང་དུ་བསྟན་པའི་སྡེ་ཡིན་ཏེ། དཔེར་ན་དྲི་བ་བཞིན་དུ་ལུང་བསྟན་པ་སྟེ། ཆ་གཅིག་ལུང་བསྟན་པར་བྱ་བའི་འདྲི་བ་ནི་ཇི་སྲིད་ཚུལ་ཁྲིམས་རྒས་པ་ལེགས་ཞེས་བྱ་བ་དང་། འདས་པ་ནི་སྔོན་འདས་པའི་དུས་ན་དེ་བཞིན་གཤེ ་བ་རྣོར་གཟིགས་ཞེས་བྱ་བ་དང་། མ་འོངས་པ་ན་བྱམས་པ་འཚང་རྒྱ་བར་འགྱུར་རོ།། ཞེས་བྱ་བ་དང་། ཀུན་དགའ་བོ་སོང་ལ་དགེ་སློང་དེ་ལ་ཆེན་པོ་ལ་འོས་པའི་སྟན་བཤམ་པ་དང་། གནས་ཁང་མེ་ཏོག་དང་། སྤོས་དང་། དར་གྱི་ལྔ་ལྡིས་བརྒྱན་པར་གྱིས ་ཤིག། དེས་ཀྱང་ནུབ་མོ་འདི་ཉིད་ལ་དགྲ་བཅོམ་པོ་ཉིད་ཐོབ་པར་འགྱུརརོ་ཞེས་གོ་ཌོ་མི་བཞིན་དུ་བསྟན་ཏོ།། སྔ་མའི་དགོས་པ་ལ་བལྟོས་ནས་ཚིགསུ་བཅད་པར་སྦྱར་བ་ནི་ཚིགསུ་བཅད་པའི་སྡེ་ཞེས་བྱ་བ་ཡིན་ཏེ། དཔེར་ན་རྒྱལ་པོ་རྒྱལ་བའི་སྡེའི་ཚིག་སུ ་བཅད་པ་དང་། ཚུལ་ཁྲིམས་ཀྱི་ཚིགསུ་བཅད་པ་ལ་སོགས་པ་ལྟ་བུའོ།། ཚིག་གསུམ་མཾ་བཞི་འམ། ལྔ་འམ། དྲུགི་ཚིགསུ་བཅད་པ་བསྟན་ནས་འགའ་ཞིག་པ་ལན་པ་ལ་གནས་པའི་གང་ཟག་འོབའ་ཞིག་པོ་དགའ་བ་དང་། ངོ་མཚར་ལ་བལྟོས་པའི་སྤོབས། ་པ་སྐྱེ་བར་འགྱུར་བ་ཡང་དག་པར་འཆང་བ་ནི་ཆེད་དུ་བརྗོད་པའི་སྡེ་ཡིན་ཏེ། དཔེར་ན་དེ་དག་ཀླུ་ལ་ཀླུ་དག་གིས་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། མངོན་པར་བརྗོད་པའི་དགོས་པའི་ཚིག་ནི་གླེང་གཞིའི་སྡེ་ཡིན་ཏེ། འདིས་ངེས་པར་བྱེད་ཅིང་སྟོན་པར་བྱེད་ཅེས་བྱ་བ། ་ཐ་ཚིའོ།། དེ་ཡང་ཕལ་ཆེར་འདུལ་བ་དང་འབྲེལ་པ་དེར་འབྱུང་བར་བསམས་པ་ཉིད་ཀྱི་ཕྱི་རོ།། དོན་གཞན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། གཞན་གྱི་སྤྱོད་པ་བསྟན་པ་དང་། དཔེ་རྒྱ་ཆེར་བརྗོད་པར་བྱེད་པ་ནི་རྟོགས་པ་བརྗོད་པའི་སྡེ་ཡིན་ཏེ། དཔེར་མ་ཨུ་ཏྲ་ཡ་ནོ་དང་། ་མ་ག་དྷཱ་བཟང་མོའི་རྟོགས་པ་བརྗོད་པ་ལྟ་བུའོ།། སྐྱེས་པས་སྦྱར་བ་མ་ཡིན་པ་བརྒྱུད་པས་འོངས་པའི་གཏམ་རྒྱུད་ནི་དེ་ལྟ་བུ་བྱུང་བའི་སྡེ་ཡིན་ཏེ། དཔེར་ན་གཞོན་ནུ་མ་བདུན་གྱི་གཏམ་རྒྱུད་ལ་སོགས་པ་ལྟ་བུའོ།། བྱང་ཆུབ་སོ་དེའི་སྔོན་གྱི་སྐྱེ་བའི ་མཛད་སྤྱོད་སྐྱེས་པ་རབས་ཀྱི་སྡེ་ཡིན་ཏེ། དཔེར་ན་རི་དྭགས་ཀྱི་སྐྱེས་པའི་རབས་ལ་སོགས་པ་ལྟ་བུའོ།། ཆོས་རབ་ཏུ་འབྱེད་པའི་གཏམ་རྒྱུད་དང་ལྡན་པ་མན་ངགྲ་རྒྱ་ཆེ་བ་ཤིན་ཏུ་རྒྱས་པའི་སྡེ་ཡིན་ཏེ། དཔེར་ན་ལཱྀ་དང་གསུམ་དང་རྒྱུ་འཕྲུལ ་དང་། བརྒྱ་བྱིན་གྱི་དྲི་བ་ཁམས་དྲུག་རྣོར་དབྱེ་བ་ལ་སོགས་པ་ལྟ་བུའོ།། དཀོན་མཆོག་གི་བྱེ་བྲག་ཤིན་ཏུ་གསལ་བར་བྱེད་པ་ནི་རྨད་དུ་བྱུང་བའི་སྡེ་ཡིན་ཏེ། འཇིག་རྟེན་པ་ལ་སྔོན་རབ་ཏུ་མ་སྲེགས་པ་ཉིད་ཀྱི་ཕྱིརརོ།། དཔེར་ན་ངོ་མཚར་དུ་གྱུར་པ ་ལྷགས་པ་ལྟ་བུའོ།། མདོ་སྡེ་ལ་སོགས་པ་ནོར་འགྲེལ་ཅིང་དྲི་བ་དང་ལན་བརྗོད་པར་བྱེད་པ་ནི་གཏན་ལ་དབབ་པར་བསྟན་པའི་སྟེ་ཡིན་ཏེ། དཔེར་ན་གང་གིས་ན་འདི་ལ་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ།། དེ་ཉིད ་ཀྱི་ཕྱིར་འདི་བཀའ་མ་ལུས་པའི་གཞི་ཉིད་ཡིན་པའི་ཕྱིར་བུའི་མ་དང་འདྲ་བར་མ་མོ་ཞེས་བྱ་བ་ལ། ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་མཚན་ཉིད་ཀྱི་སྒོ་ཉིད་ཡིན་པའི་ཕྱིར་ཆོས་མངོན་པ་ཞེས་བྱའོ།། བཀར་གཏོགས་པའི་རྣམ་པ་བཅུ་གཉིས་པོ ་མདོར་བསྡུས་པ་དེ་ཉིད་ལ་སྡེ་སྣོད་གསུམ་ཞེས་བྱའོ།། སོ་སོར་འབྲང་བར་གྱིས་ཤིག་ཅེས་བྱ་བ་ནི་བཀའ་དེ་ནན་ཏན་དུ་བྱེད་པའི་སྒོ་ནས་སོ་སོར་འབྲང་བར་བྱ་ཞིང་རྗེསུ་འཇུག་པར་བྱ་བ་ཡིན་པས་ན་སོ་སོར་འབྲང་བའོ།། ཕྲ་ཞིང་ཕྲ་བ་ཞེས ་བྱ་བ་འདི་ལ་ཁ་ཅིག་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཐ~ཾད་ལ་ཕྲ་ཞིང་ཕྲ་བར་བརྗོད་ལ། ཁ་ཅིག་ནི་ཞིང་ལས་དང་དབྱུག་གུ་ལས་ཀུན་ནས་ལྡང་བའི་སྐད་ཅིག་མ་རྒྱུ་ཅན་དང་གནས་གཞན་གྱི་བར་ན་གནས་པ་དང་། ནང་དུ་འཚོད་པ་ལས ་བྱུང་བའི་ཉེས་བྱས་ཀྱུ་ཁ་ནཱ་མ་ཐོ་བ་ལ་རྗོད་ཅིང་།། ཁ་ཅིག་ནི་ཡིད་ཀྱི་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཐ~ཾད་ལས་ཕྲ་ཞིང་ཕྲ་བར་མཛད་དེ་དཔེར་ན་དོན་དེས་གཞན་འཆི་བར་འདོད་པ་ལ་སོགས་པ་ལྟ་བུའོ།། ཉེ་བའི་ཚིག་མེད་པར་མིང་སྨོས་པ་ནི་མིང་ནས་བརྗོད་པའོ།། ་ཀྱི་སྒོ་ནུས་ཐ་སྙད་དུ་བྱེད་པ་ནི་རིགས་བརྗོད་པ་ཡིནོ།། དཔེརྱ་ནཱ་གཽ་ཏ་མ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། འདི་ལྟར་གཞུང་འདི་ལ་ཡང་གལ་ཏེ་གཞོན་པས་དགེ་སློང་ཤིན་ཏུ་རྒན་པ་ལ་ཡང་ཚེ་དང་ལྡན་པའི་ཚིགིས་བརྗོད་པར་བྱེད་ན་ཉེས་པ་མེད་པ་སྣང་སྟེ། ་གང་གི་ཕྱིར་འདི་སྐད་དུ་ཚེ་དང་ལྡན་པའི་ཚིག་གི། བཙུན་པའི་ཚིགིས་བརྗོད་པར་བྱའོ།། ཞེས་གསུངས་པ་ཡིནོ།། ཕན་གདགས་པར་བྱའོ།། ཞེས་བྱ་བ་ནི་ཐག་ཉེ་བར་བཞག་པར་བྱ་བའོ།། བཞུགས་པར་བྱའོ།། ཞེས་བྱ་བ་ནི་ཉེ་བར་བཏབ་པའོ།། གང་གིས་ཞེས་ན་ལྷུང ་བཟེད་དོང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིནོ།། རྫོགས་པའི་ཏིང་འཛིན་ཉེ་བར་བསྡུ་བ་ནི་རྣལ་འབྱོར་ཡིན་ལ། མ་རྫོགས་པ་ནི་ཡིད་ལོ་བྱེད་པ་ཡིནོ།། མཆོད་རྟེན་བྱེད་ཅིང་ཞེས་བྱ་བ་ནི་རྫས་ཡོངསུ་གཏོང་བའི་སྒོ་ནས་མཆོད་རྟེན་ལ་མཆོད་པ་བྱེད་པའོ།། ། ་མཆོད་རྟེན་ལ་ཕྱོག་འཚལ་བ་ཞེས་བྱ་བ་ནི་ལུས་ཀྱི་གཡོ་འགུལ་གྱི་སྒོ་ནས་མཆོད་རྟེན་ལ་བསྙོན་བཀུར་བྱེད་པ་ལ་ཕྱོགས་པའོ།། ཟིལ་གྱིས་གནོན་ཅིང་ཟིལ་གྱོས་མནན་ནསོ་ཞེས་བྱ་བ་ནི་ཟིལ་གྱིས་གནོན་ཙང་ཚར་བཅད་པའོ།། དགེ་སློང་གོས་དགེ ་སློང་ལ་ཞེས་བྱ་བ་ནི་དགེ་སློང་སྟོན་པ་ལ་གུས་པ་འམ་འཇིགས་པས་སྟོན་པའི་མངོན་སུམ་དུ་ཞུག་པར་མི་ནུས་པ་གང་ཡིན་པ་དེ་ནི་གཞན་ནུས་པ་ལ་དྲི་བར་བྱ་ཞིང་དགེ་སློང་སྤོབས་པ་ནི་བདག་ཉིད་ཀྱིས་ཞུ་བར་བྱའོ།། ཁྱོད་ནི་དད་པས་དེ་སྐད་དུ་སྨྲའོ།། ཞེས ་བྱ་བ་ནི་སངས་རྒྱས་ལ་སོགས་པ་ལ་ཤེས་པའི་དད་པ་ཐོབ་པའི་ཕྱིརརོ།། འདིར་བཅྡོཾས་ཀྱི་ཡེས་གཟིགས་པ་ལ་འཇུག་པ་ནི་མ་ཡིན་ཏེ། མི་སློབ་པའི་ལམ་མ་སྐྱེས་པ་དང་། རྒྱུན་ཏུ་ཞུགས་པ་ལ་གཞན་གྱི་སེམས་ཤེས་མེད་པའི་ཕྱིར།། ཞི་བ་མི་གཡོ་བ་ཞེས་བྱ་བ་ནི་བསམ ་གཏན་བཞི་པ་རྙོག་པས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་དང་། ཤིན་ཏུ་ཞི་བོ་ཉིད་ཀྱི་ཕྱིརརོ།། སངྱས་བཅྡོཾས་ཐུགས་གང་ལ་བརྟེན་ནས་ཡོངསུ་མྱ་ངན་ལས་འདས་ཤེ་ན། འདིར་འདོད་པ་ན་སྤྱོད་པའི་སེམས་ལྡོག་པ་མེད་པ་ལུང་དུ་མ་བསྟན་པ་བསོམ་པའི་རང་བཞིན་ཅན་བསམ་གཏན ་བཞི་པ་དང་འདྲ་བ་གཡོ་བ་མེད་པ་ཞེས་བྱ་བ་ཡོད།། དེ་ལ་བརྟེན་ནས་ཞེས་སྟོན་ཏོ།། ཇི་ལྟར་ན་བཅྡོཾས་བསམ་གཏན་བཞི་པ་ལས་དེར་གཤེགས་ཤེ་ན། འདི་ལ་ཡུང་བས་གཏན་བཞི་པའི་དེ་མ་ཐེག་ཏུ་བཅྡོཾས་བསམ་གཏན་གསུམ་པ་མངོན་སུམ་དུ་མཛད་ལ། བསམ་གཏན ་གསུམ་པའི་དེ་མ་ཐག་ཏུ་བསམ་གཏན་གཉིས་པ་མངོན་སུམ་དུ་མཛད་ཅིང་། བསམྱ་གཏན་གཉིས་པའི་དེ་མ་ཐག་ཏུ་བསམ་གཏན་དང་པོ་མངོན་སུམ་དུ་མཛད།། བསམ་གཏན་དང་པོའི་དེ་མ་ཐག་ཏུ་འདོད་པ་ན་སྤྱོད་པའི་སེམས་དང་། སེམས་དེ་མ་ཐག་ཏུ་ཡོངསུ་མྱ་ངན་ལས ་འདས་པ་སྟོན་ཏོ།། ཁ་ཅིག་འདི་སྐད་དུ་སྨྲ་ཏེ། བསམ་གཏན་བཞི་པའི་དེ་མ་ཐག་ཏུ་བཅྡོཾལྡས་ཀྱིས་སེམས་དེ་མངོན་སུམ་དུ་མཛད་པར་སྤྱོད་ལ། བསམ་གཏན་བཞི་པའི་དེ་མ་ཐག་ཏུ་འདོད་པ་ན་སྤྱོད་པའི་སེམས་དེ་མངོན་སུམ་དུ་མཛད་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས ་ལས་གཞན་གྱིས་མ་ཡིན་ཞིང་བསམ་གཏན་བཞི་པའི་ས་པའི་སེམས་ཀྱང་རིས་མི་མཐུན་པ་དང་། མཉམ་པར་བཞུག་པ་དང་། དགེ་བ་ཡིན་ཏེ། སེམས་དེ་ལྟ་བུ་ལ་ནཱར་གནས་བྱ་དག་མྱ་ངན་ལས་འདའ་བྱར་མི་འགྱུརརོ།། ཞེས་བྱ་བ་ནི ་གྲུབ་པའི་མཐའ་ཡི་ནོ།། དུས་ཇི་འདྲ་བ་ལ་བཅྡོཾས་ཡོངསུ་མྱ་ངན་ལས་འདས་ཤེ་ན། འདིར་སྟོན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བརྒྱད་ཀྱི་མཚན་གྱི་ཐུན་པར་མ་ལ་ཟླ་བ་ནུབ་ཀྱི་རིའི་རྩེ་མོར་ཞུགས་པ་དང་། བཅྡོཾས་ཀྱང་བསམ་གཏན་གྱི་རིའི་རྩེ་མོ་ལས་བསྐྱོད་པར ་གྱུར་པ་དང་། ཟླ་བ་ནུབ་པར་གྱུར་ཅིང་བཅོས་ཀྱང་མྱ་ངན་ལས་འདས་པར་གྱུར་ཏེ། འཇིག་རྟེན་དུ་མུན་པ་གཉིས་འབྱུང་བར་འགྱུར་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་དག་ཤིན་ཏུ་སྐྱོ་བ་བསྐྱེད་པའི་དོན་ཡིནོ་ཞེས་སྟོན་ཏོ།། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར ་ཞུགས་པར་བྱ་བ་ནི་དེ་དག་གི་ཆོས་ཉིད་ཡིན་ཏེ། འདི་ལྟར་ཡོངསུ་མྱ་ངན་ལས་འདའ་བའི་ཚེ་ཉན་ཐོས་ཆེན་པོ་ཡང་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པའི་བསམ་གཏོན་བསྐྱེད་ནས་ཡོངསུ་མྱ་ངན་ལས་འདའ་བ་དེ་བས་ནི་བཅྡོཾས་ཀྱང་དེ་ལྟར་མཛད། ་པ་ཡི་ནོ།། བདེན་པོ་མཐོང་བའི་རྩ་བ་དང་བྲལ་ཞིང་རྩ་བ་མེད་པའི་དད་པ་དང་ལྡན་ཡང་མཚམས་མེད་པ་བྱེད་པ་ཡིན་པའི་ཕྱིར་དང་། མཚམས་མེད་པ་བྱེད་པ་དག་ནི་གདོན་མི་ཟ་བར་དམྱལ་བའི་འབྲས་བུ་ཅན་ཡིན་པ་དེ་ཉིད་ཀྱི་ཕྱིར་འབྲས་བུ་ཉམསུ་མ་མྱོང་བར ་བདེན་པ་མཐོང་བར་ནུས་པ་མ་ཡིན་པ་དེ་བས་ན་མ་སྐྱེས་དགྲས་བདེན་པ་མཐོང་བར་མ་གྱུར་པ་ཡི་ནོ།། མཛེས་པོ་ཞེས་བྱ་བ་ནི་སྡུག་པའོ།། གཏོར་བ་ཞེས་བྱ་བ་ནི་མེ་ཏོག་རྣམ་ཕྲ་གཏོར་བར་གྱུར་པའོ།། ཀྱེ་མ་འདུ་བྱེད་མི་རྟག་སྟེ་ཞེས་བྱ་བ་ལ་སོགས་པ་དེ་ལོས་ཀྱེ་མ ་འདུ་བྱེད་མི་རྟག་ཅེས་བྱ་བའི་འདུ་བྱེད་ནི་རྣམ་པར་གསུམ་སྟེ། འདས་པ་དང་མ་འོངས་པ་དང་། ད་ལྟར་ཐ་དད་པའི་ཕྱིརརོ།། དེ་ལ་འདས་པ་ནི་སྐྱེས་ཤིང་འགགས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ལ། ཡང་སྐྱེ་བར་མི་འགྱུར་བ་དེ་བས་ན་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡི་ནོ།། མ་འོང ་པ་ནི་སྐྱེ་བའི་ཆོས་ཅན་ཡིན་ཏེ། སྦྱོར་རུང་བ་ཉིད་ཀྱི་ཕྱིར་དང་། སྐྱེ་ཞིང་འཇིག་པའི་ཆོས་ཅན་ནི་འཇིག་པར་རུང་བ་ཉིད་ཀྱི་ཕྱིར་ཡང་སྐྱེ་བར་མི་འགྱུར་བས་ན་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ཏོ།། ཡང་མོ་འོངས་པ་གང་ཡིན་པ་དེ་དག་སྐྱེ་བའི་ཆོས་ཅན་དུ་བསྟན་ན། དེ་དག་གཅིག ་ཏུ་སྐྱེ་བོར་འགྱུར་གྱི་འགག་པར་མི་འགྱུར་རམ་ཞེ་ནོ། སྐྱེས་གྱུར་ནས་ནི་འགག་པར་འགྱུར་ཞེས་བྱ་བ་སྨོས་ཏེ། གང་སྐྱེས་པར་གྱུར་པ་དེ་ཉིད་འགག་པར་འགྱུར་གྱི། གང་དག་མ་སྐྱེས་པ་དེ་དག་ནི་འགག་པར་ཡང་མི་འགྱུརརོ།། གལ་ཏེ་དེ་དག་ཐ~ཾད་སྡུག་བསྔལ་ཁོ་ན ་མ་ཡིན་ནམ། ཇི་ད་ལྟར་བདེ་བ་ཡིན་ཞེ་ན། དེ་དག་ཅེས་བྱ་བ་སྨོས་ཏེ། མ་འོངས་པའི་འདུ་བྱེད་དེ་དག་གི་རྒྱུ་ཟད་པའི་ཕྱིར་དང་། གཞན་མ་སྐྱེས་པའི་ཕྱིར་ཉེར་ཞི་བདེ་བ་ཡིན་ཞེས་བྱ་བ་ནི་ཚིག་སུ་བཅད་པའི་བསྡུས་པའི་དོན་ཡིནོ།། ཡན་ལག་གི་དོན་ནི་ཀྱེ་མ་ནི་སྐྱོ ་བ་ཡིན་ཏེ། འདི་ནི་སྡུག་བསྔལོ།། ཞེས་སྐྱོ་བ་བསྐྱེད་པའི་དོན་ཏེ། གང་མི་རྟག་པ་དེ་ནི་སྡུག་བསྔལོ་ཞེས་མདོ་སྡེ་ལས་འབྱུང་བ་ཡིནོ།། བྱ་བ་ངེས་པར་བྱེད་པའི་དངོས་པོ་འདོར་བ་ནི་རྟག་པ་ཡིན་ལ། དེ་ལས་གཞན་པོ་ནི་མི་རྟག་པ་སྟེ། སྐད་ཅིག་མ་དང་། ཡུན་ཐུང་ངུར་གནྡ ་པ་དང་། སྐྱེས་མ་ཐག་ཏུ་འཇིག་པ་ཞེས་བྱ་བའི་བར་དུའོ།། མི་རྟག་པ་ཉིད་ཐུགས་རྗེ་ཆེན་པོའི་ཡུལ་ཡིན་གྱི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་གདུངས་པོའི་དོན་ཉིད་ནི་མ་ཡིནོ།། ཞེས་སྟོན་པ་འམ། བཅྡོཾས་སེཾན་དུ་བགྲང་བའི་འདུ་བྱེད་ཀྱི་ཡུལ་གྱི་རྣོ་བ་དེ་ལ་ཐུགས་བརྩེ་བར ་མཛད་པ་ཡིན་ཏེ། ཕན་འདོགས་པའི་གཞིར་གྱུར་པའི་ཐུགས་རྗེ་བསྐྱེད་པར་མཛད་ཅེས་བྱ་བའི་ཐ་ཚི་གོ།། ཚོགས་པ་ལས་སྐྱེས་པའི་དངོས་པོ་ནི་འདུ་བྱེད་ཡིན་ཏེ། ཕུང་པོ་ལྔ་ཞེས་བྱ་བའི་ཐ་ཚིགོ།། སྐྱེ་བ་ནི་འབྱུང་བ་ཡིན་ལ་འཇིག་པ་ནི་ཉམས་པར་གྱུར་པའོ།། ། ་གདོན་མི་ཟ་བར་འགྱུར་བའི་རང་བཞིན་ཅན་གྱི་ཆོས་དེ་གཉིས་གང་ལ་ཡོད་པ་དེ་ནི་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ཏེ། སྐྱེ་ཞིང་འཇིག་པའི་གནས་སྐབས་ཉམསུ་མྱོང་བར་གྱུར་ཅེས་བྱ་བའི་ཐ་ཚིག་སྟེ། རྒ་བའི་ཚེ་ལ་སོ་ཊ་པ་ལྟ་བུའོ།། དཔེར་ན་གདོན་མི་ཟ་བར་རྒས་པར་འགྱུར་བ ་གང་ཡིན་པ་དེ་ནི་རྒ་བའི་ཆོས་ཅན་ཞེས་བྱ་བ་སྟེ་དེ་དང་འདྲའོ།། མི་སྐྱེ་བའི་ཆོས་ཅན་དག་ནི་དེ་དང་འདྲ་བའི་ཕྱིར་འདུས་བྱ་སུ་བརྗོད་པ་ཡིན་ཏེ། སྟོན་ཀའི་སྤྲིན་ལ་ཆུ་འཛིན་ཅེས་བསྟན་པ་ལྟ་བུའོ།། སྐྱེས་གྱུར་ནས་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ཐོབ་པར་གྱུར་ཅེས་བྱ་བའི་ཐ་ཚི་གོ།། གིའི་སྒྲ་ནི ་སྐྱེས་པར་གྱུར་ནས་དེ་དག་གདོན་མི་ཟ་བར་འགག་པར་འགྱུར་རོ།། ཞེས་བསྟན་པར་བྱ་བའི་དོན་ཏོ།། གང་གི་ཕྱིར་སྐྱེས་པར་གྱུར་ནས་འགག་པར་འགྱུར་ཞེས་བསྟན་ཏོ།། འགག་པར་འགྱུར་བ་ནི་ནུབ་ཅིང་འདས་པར་འགྱུར་བའོ།། ཡང་ན་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཇི་ལྟར་ན ་མི་རྟག་པ་ཡིན་ཞིང་གང་གི་ཕྱིར་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ཞེ་ན། སྐྱེས་པ་ནི་གདོན་མི་ཟ་བར་འཇིག་པ་ཉིད་ཀྱི་ཕྱིར་བུམ་པ་ལ་སོཊ་པ་ལྟ་བུ་ཡིན་ལ། མི་མཐུན་པ་ནི་ན་མཁའོ།། འདི་གཉིས་ཅིག་ཅར་འགྱུར་ན་ནི་སྐྱེ་བའི་དུས་ཁོ་ན་འཇིག་པོའི་དུས་སུ་འབྱུང་བ་དེའི་ཕྱིར་འདས ་པ་དང་ད་ལྟར་ཉེས་པ་གཅིག་ཏུ་འགྱུརརོ་ཞེ་ན། སྨྲས་པ། སྐྱེས་གྱུར་ནས་ནི་འཇིག་པར་འགྱུར་བ་སྟེ། ད་ལྟར་དུ་གྱུར་ནས་འོངས་པར་འགྱུར་རོ།། ཞེས་བྱ་བའི་ཐ་ཚི་གོ།། འདི་ཀུན་ཁོ་ན་སྡུག་བསྔལ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་དང་། གཞན་ལ་རག་ལས་པ་ཉིད་ལ་བདེ་བ་མི་སྲིད ་བའི་ཕྱིརརོ།། དེ་ལྟར་ན་ནི་ལམ་ཡང་སྡུག་བསྔལ་ཡིན་པར་ཐོབ་པར་འགྱུརརོ་ཞེ་ན། བདེན་པའི་གནས་སྐབས་ཀྱི་ལམ་སྡུག་བསྔལ་མ་ཡིན་ཏེ། འཕགས་པ་དག་དང་མི་མཐུན་པ་མ་ཡིན་པ་ཉིད་ཀྱི་ཕྱིརོ།། གཞན་དག་དུ་ནི་སྡུག་བསྔལ་ཡིན་ཏེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་ཡིན།། ། ་ཞེས་གསུངས་པའི་ཕྱིརརོ།། དཔེར་ན་ཏིག་ཏེ་ལ་སོགས་པའི་བཏུང་བ་སྡུག་བསྔལ་ཡིན་ཏེ། ནང་ཉེ་བར་ཞི་བའི་རྒྱུ་ཉིད་ཡིན་པའི་ཕྱིར་སྨན་དུ་བསྟེན་པ་དང་བདེ་བར་བརྗོད་པ་དེ་བཞིན་དུ་ལམ་ལོ་སོགས་པ་ལ་ཡིང་བརྗོད་པར་བྱའོ།། འདུ་བྱེད་ཀྱི་སྡུག་བསྔལི་དེ་དག་ཉེ་བར ་ཞི་བ་སྟེ། རིགས་པ་ཁྱད་པར་དུ་འཕགས་པ་ཡིས་གྲུབ་པས་ཐོབ་པའི་ཞི་བ་ནི་ཉེ་བར་ཞི་བ་སྟེ། སོ་སོར་བརྟགས་པའི་འགོག་པ་གང་ཡིན་པ་དེ་ནི་བདེ་བ་ཡིན་ཏེ། ཕུང་པོ་མེད་པར་བདེའི་མཆོག་ཅེས་གསུངས་པའི་ཕྱིརརོ།། ལུས་ནི་སྐུ་ཡི་ནོ།། གང་ཟག་ཟླ་མེད་ནི་གྲོགས་མེད་ཅིང ་གཉིས་པ་མེད་པ་ཞེས་བྱ་བའི་ཐ་ཆིའོ།། བསྟན་ཞིང་མི་གཡོ་བའི་ཐུགས་གང་ལ་མངའ་བ་དེ་ནི་བསྟན་པའི་ཐུགས་ཅན་ཏེ། བདྲིས་ཡི་ནོ།། བརྟན་པའི་ཐུགས་ཅན་སྨོས་པས་དབུགས་འབྱུང་བ་དང་རྔུབ་པ་ཡང་མི་སྐྱེ་བ་བསྟན་པ་ཡིན་ཏེ། ཇི་ལྟར་འགོག་པའི་སྙོམས་པར ་འཇུག་པ་ལ་ཡང་དབུགས་འབྱུང་བ་དང་། རྔུབ་པ་སྐྱེ་བར་མི་འགྱུར་བ་དེ་བཞིན་དུའོ།། སྐྱོབ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲའི་རྣར་འཚེ་བ་ལས་ཡོངསུ་བསྲུང་བར་མཛད་པའོ།། ལམ་མཁྱེན་པའི་སྤྱན་དང་ལྡན་པོ་ཉིད་ཀྱི་ཕྱིར་སྤྱན་ལྔ་ནོ།། འཁོར་བའི་འཇིག་པ་སྐྲུན་པ ་མཛད་པའི་ཕྱིར་འཇིགས་པར་མཛད་པར་འགྱུར་བའོ།། བ་སྤུ་ལྡང་བ་ཅན་སྐྲག་པོའི་སྒོ་ནས་བ་སྤུ་རབ་ཏུ་གཡོས་པའོ།། སྟོབས་བཅུ་དང་ལྡན་པ་ཉིད་ཀྱི་ཕྱིར་རྣམ་ཀུན་སྟོབས་དང་ལྡན་གྱུར་པའོ།། དུས་ཀྱང་མཛད་ཅེས་བྱ་ནི་ཐ་མིའོ་དུས་སུ་མཛད་པ་ཡི་ནོ།། ཞུམ་པ་མེད་པ ་སེམས་ཀྱིས་ཞེས་བྱ་བ་ནི་ཡིད་ཞུམ་པ་མེད་པའོ།། ཚོར་བ་བཟོད་པར་མཛད་ནས་ནི། ཞེས་བྱ་བ་ནི་ཐ་མའི་དུས་ཀྱི་ཚོར་བ་བགྲང་བ་མེད་པར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་གཤེགས་པའི་ཕྱིར་མེ་ཞི་བའི་དཔེས་བསྟན་པ་ཡིན་ཏེ ་དཔེར་ན་མེ་ལ་རྒྱུ་མེད་པས་ཞི་བར་འགྱུར་བ་དེ་བཞིན་དུ། བཅོས་སེམས་རྣར་གྲོལ་བ་ལ་རྒྱུ་མེད་པས་མྱ་ངན་ལས་འདས་པར་གྱུར་པ་ཡིནོ།། འདུས་བྱས་མི་རྟག་པ་ཉིད་དུ་བསྒོམ་པ་ལ་འདིར་འཕགས་པའི་མི་སྨྲ་བོའི་དངོས་པོ་ཡིན་པར་རིག་པར་བྱའོ།། གནས་འཇོག་གི ་རིགསུ་བརྒྱུད་པས་འོངས་པ་ཉིད་ཡིན་པའི་ཕྱིར་གནས་འཇོག་གི་སྒྲས་འབོད་པ་ཡི་ནོ།། འགྲོ་ལྡོག་པ་ནི་ས་ལ་ལན་ཅིག་འགྲོ་བ་ཡིན་ལ། རབ་ཏུ་འགྲི་ལྡོག་པ་ནི་ཡང་དང་ཡང་དུ་ཀུན་ནས་འགྲེ་བ་ཡི་ནོ།། གཡས་དང་གཡོན་གྱི་དཔུང་པའི་རྩ་ནས་ལག་པས་བཟུང་ཞིང་དུ་བར ་བྱེད་པ་ནི་དཔུང་པ་ལས་བཟུང་སྟེ་སྐད་འབྱིན་ཅིང་ངུ་བར་ཡི་ནོ།། སེམས་ཀྱིས་སྡུག་བསྔལ་དང་ཡིད་མི་བདེ་བ་དེ་དང་ལྡན་པ་ནི་འབྱོར་པ་ཡི་ནོ།། དངོས་པོ་རྣམས་འཇིག་པ་གདོན་མི་ཟ་བར་འགྱུར་བ་ནི་འདིར་ཆོས་ཉིད་ཡིན་ཏེ། དེ་ལ་བརྟེན་པ་འམ། སོ་སོར་འབྲང་བ་འམ། ་རྗེསུ་འབྲེལ་བར་བྱེད་པའོ།། དམ་པ་དམ་པར་གྱུར་པ་ནི་གཙོ་བོ་དག་ལས་གཙོ་བོར་གྱུར་པའོ།། འགྱོད་པ་ནི་བྱས་པ་གཟོ་བ་དག་བསླབ་པའི་ཚིག་འཆིང་བས་བཅིངས་པར་གྱུར་པ་གང་ཡིན་པ་དེ་ལ་འདིར་འགྱོད་པ་ཡིན་པར་རིག་པར་བྱའོ།། རྒན་ཞུགས་ནི་ཤིན་ཏུ་རྒས ་པར་གྱུར་པའོ།། འདུས་བྱས་ཐ~ཾད་ནི་མི་རྟག་ཅེས་བྱ་བ་ལ་སོགས་པའི་རྣར་བཤད་པ་ན་སྔ་མ་བཞིན་དུ་རིག་པར་བྱའོ།། སླད་བཞིན་སླད་བཞིན་ཞེས་བྱ་བའི་སླད་མ་ལས་ཤིན་ཏུ་སླད་བཞིན་དུ་སྟེ། ཐཾད་ཀྱི་ཐོག་མར་འཕགས་པ་འོད་སྲུངས་བཞུད་ཅིང་དེ་ནས་དགེ་སློང་གཞན ་དང་ངའི་འོག་ཏུ་ཡང་དེ་དག་རྗེ་སུ་འབྲེལ་བས་ཞེས་བྱ་བའི་འཆིའོ།། སངས་རྒྱས་ཀྱི་མཐུ་ཞེས་བྱ་བ་ནི་འངར་བྱིན་གྱིས་བརླབས་པ་ལ་མཐུར་རིག་པར་བྱ་སྟེ། རྗེས་ཡོངས་མྱ་ངན་ལས་འདས་པ་ཉིད་ཀྱི་ཕྱིར་མངོན་སུམ་དུ་གྱུར་པའི་མཐུར་མི་ཁད་པ་ཡིནོ།། མྱ་ངན་ལས་འདུས ་པའི་གྲོང་ཁྱེར་དུ་འཇིག་རྟེན་འདྲེན་པར་མཛད་པས་ན་འདྲེན་པའོ།། རྙེད་བཀའ་བ་ཉིད་ཀྱི་ཕྱིར་དང་། མངོན་པར་འདོད་པའི་འབྲས་བུ་སྐྱེད་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་བཅྡོཾས་ཀྱི་སྐུ་རིན་པོ་ཆེ་དང་འདྲ་བས་ན་རིན་པོ་ཆེའི་སྐུ་ཡི་ནོ།། རྫུ་འཕྲུལ་ཆེན་པོ་གང་ལ་མངའ་བ་དེ་ནི ་རྫུ་འཕྲུལ་ཆེན་པོ་ཅནོ།། ཉིད་ཀྱི་སྐུ་སྐྱེས་ཞེས་བྱ་བ་ནི་ཉིད་ཀྱི་སྐུ་ལས་སྐྱེས་པའོ།། ནང་རིམ་སྟེ་ནང་དུ་བགོ་བ་ནི་ཤྲམ་ཐབས་ཤེས་བྱ་ཞིང་ཕྱི་རིམ་ཆོས་གོས་ཡི་ནོ།། བཅྡོཾས་ཡོངསུ་མྱ་ངན་འདས་ཀྱང་སྐུའི་རིང་བསྲེལ་སྒྲེན་མོ་མ་གྱུར་པ་དང་། གོས་ཚིག་པའི་དྲི་མ ་གོས་པར་མ་གྱུར་ཅིག་སྙམ་པ་དེ་བས་ན་ཆོས་གོས་གཉིས་པོ་བཅོས་ཀྱི་བྱིན་གྱིས་བརླབས་ཁོ་ནས་མ་ཚིག་པ་ཡིན་ཏེ། ཆོས་གོས་གཉིས་པོ་མ་ཆོག་པས་ན་བཅྡོཾས་ལྷག་པར་ངོ་ཆེ་དང་ཁྲེལ་ཡོད་པ་དང་ལྡན་པར་བསྟེན་པའི་ཕྱིར་དང་། ངོ་མཚར་བསྟན་པའི་སྒོ ་ནུས་ཀྱང་སངྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པ་དག་དང་པ་བསྐྱེད་པའི་ཕྱིར་དང་། དད་པ་དག་བོགས་དབྱུང་བར་བྱ་བའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཕན་ཡོན་ཡིན་པར་རིག་པར་བྱའོ།། འོ་མ་ཅན་གྱི་ཤིང་བཞི་བྱ་བ་ལ་བཅྡོཾས་ཀྱི་སྐུ་སྦྱོང་བའི་ས་ཕྱོགས ་ཉིད་དུ་སྐྱེས་པ་དེ་ནི་ངོ་མཚར་བསྟན་པ་ལས་འཇིག་རྟེན་པ་དང་པར་འགྱུར་བའི་དོན་ཉིད་དུ་བརྔོས་ཀྱི་བྱིན་གྱིས་བརླབས་ཁོ་ན་ལས་དེ་དག་སྐྱེས་པ་ཡི་ནོ།། བུ་ལུ་ཀ་ལ་སོགས་པ་ཐ~ཾད་རྒྱལ་རིགས་ཡིན་ལ།། ཁྱབ་འཇུག་གླིང་པོ་ནི་བྲམ་ཟེ་ཉིད་ཡིན།། མདའ་དང་མཚོན ་བྱ་རིག་པ་ནི་མཚོན་ཆ་རིག་པའོ།། གཞན་གྱི་སྡེ་ནི་ཕ་རོལ་པོའི་དཔུང་གི་ཚོགས་ཡི་ནོ།། བླ་ན་མེད་པའི་བཟོད་པ་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་བཅྡོཾས་བཟོད་པ་ལ་བཞུགས་པའོ།། བཟོད་པའི་ཡོན་ཏན་གསུངས་པའི་སྒོ་ནས་ཕ་རོལ་པོ། ་ཡང་བཟོད་པ་ལ་ངེས་པར་སྦྱོར་བར་མཛད་པ་དེ་བས་ན་བཟོད་པའི་བསྔགས་པ་གསུང་ཞིང་བཞུགས་པའོ།། ཆ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ་ཆའི་སྒྲ་ནི་ཚད་མཚོན་པར་བྱེད་པ་འམ། ཆ་ཉིད་མཚོན་པར་བྱེད་པའོ།། ཀླུའི་རྒྱལ་པོས་མཆོད་པ་ཞེས་བྱ་བ་ནི་ཀློ་རྒྱུ ་ངག་གིས་ཆ་གང་ཡིན་པ་ཀླུའི་རྒྱལ་པོས་ཕྲོགས་ན་མཆོད་པ་ཡིནོ།། སུམ་ཅུ་རྩ་གསུམ་པའི་འཇིག་རྟེན་ན་ཞེས་བྱ་བ་ལ་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་ན་མཆོད་ཅིང་གསོལ་བ་ཡི་ནོ།། མཆོད་རྟེན་རྒྱ་ཆེན་བདུན་བརྩིགས་ཏེ་ཞེས་བྱ་བ་ནི་རྒྱལ་པོ་མྱོ་ངན་མེད ་ཀྱིས་རིང་སྲེལ་ཡོད་པའི་མཆོད་རྟེན་བདུན་པོ་གང་ཡིན་པ་དེ་དག་ཐ~ཾང་བླངས་ནས་ཆོས་ཀྱི་རྒྱལ་པོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བྱས་པའི་སྒོ་ནས་འཛམ་བུའི་གླིང་མ་ལུས་པ་རྒྱ་ཆེར་ཁྱབ་པར་བྱས་པ་དེའི་ཕྱིར་དེ་སྐད་ཅེས་བྱའོ།། མཆོད་པ་བྱེད་པ་སྔོན ་དུ་སོང་བ་ཅན་གྱི་འདོད་པའི་འབྲས་བུ་ལ་སོ་ཌ་པ་དོན་དུ་གཉེར་བ་བྱེད་པས་ན་དོན་དུ་གཉེར་བ་སྟེ། དོན་དུ་གཉེར་བ་ནི་དངོས་པོ་ལ་གནས་པ་ཡིན་ལ། དོན་དུ་གཉེར་བའི་དངོས་པོ་བཙོས་ཀྱི་སྐུ་གདུང་གི་མཆོད་རྟེན་ཡིན་པ་དེ་བས་ན་ས་གཞི་སྟེ་ས་ཕྱོག ་བརྒྱན་པ་ཡིནོ།། རབ་ཏུ་རི་མོར་བྱས་པ་ཞེས་བྱ་བ་ལེགས་པར་མཆོད་པའོ།། མཆོད་ཅེས་བྱ་བ་ནི་བཅྡོཾས་ཀྱི་མཆོད་རྟེན་ལྷའི་དབང་པོ་ལ་སོགས་པས་མཆོད་པའོ།། གནོད་སྦྱིན་ཞེས་བྱ་བ་ནི་གསང་བའི་མིང་གི་རྣམ་གྲངས་ཡི་ནོ།། ཊ་ཊ་རྗེས་སྤྱོད་ཅིང་ཐ ་སྙད་དུ་མཛད་ནས་ཐུགས་རྗེར་ལྡན་པའོ།། ཤེས་རབ་མཆོག་ཅེས་བྱ་བ་ནི་ཐུགས་མཆོག་ཏུ་གྱུར་པའོ།། མྱ་ངན་འདས་ཞེས་བྱ་བ་ནི་ཞི་བར་གྱུར་པའོ།། བཅྡོཾས་ཀྱིས་དགོངས་པ་དང་རྗེ་སུ་མཐུན་པར་མིང་དང་ཚིག་དང་ཡི་གེའི་ཚོགས་དག་མཐར་གྱིས་རྣམ་པ ་བཀོད་ཅིང་བརྗོད་པ་ནི་བསྡུ་བ་ཡི་ནོ།། དུ་བའི་མཐའ་ཅན་དུ་འགྱུར་རོ།། ཞེས་བྱ་བ་ལ་དུ་བའི་མཐའ་ནི་དུ་བའི་མཐའ་ཡིན་ལ་དུ་བིའི་མཐའ་གང་ལ་ཡོད་པ་དེ་ནི་དུ་བའི་མཐའ་ཅན་དུ་གྱུར་པ་སྟེ་བཀའ་ཡི་ནོ།། དེའི་དོན་ཇི་སྲིད་དུ་དུ་བ་རྒྱུན་མི་འཆད་པར་འབྱུང་བ ་དེ་སྲིད་དུ་མེ་མི་ཉམས་པར་རྗེ་སུ་དཔག་པར་བྱ་ཞིང་དུ་བཟློག་པ་ན་མེ་ཡུན་རིང་པོར་གནས་པར་མི་འགྱུར་བ། དེ་བཞིན་དུ་བཅོས་ཡོངསུ་མྱ་ངན་ལས་འདས་པའི་བཀའ་ཡང་བསྡུ་བ་མ་བྱས་པ་དེའི་ཕྱིར་བཅྡོཾས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར ་མི་འགྱུར་ཏེ། བསྟན་པ་བཀྲིའི་བདག་ཉིད་ཡིན་པའི་ཕྱིར་དང་། ཁོང་དུ་ཆུད་པ་ནི་བཀའི་རྒྱུ་ཅན་ཞེས་བྱ་བ་འང་ཡིནོ།། ཤིན་ཏུ་མཐར་གྱུར་ཅི་ཁྱད་ཅན་དུ་ཕྱིན་པའི་སྒོ་ནས་མཐར་ཐུག་པའི་རྣམ་པ་འདི་ལ་ཡོད་པའི་ཕྱིར་མུར་ཕུག་པའི་མཐའ་ཅན་ཏེ་བསམ ་གཏན་བཞི་པའི་ཆེན་པོའི་ཆེན་པོའོ།། གདུལ་བྱ་ལོ་བལྟོས་པ་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོ་ལ་ཐུགས་བརྩེ་བའོ།། འཐབ་མོ་ནི་གཟུགས་དང་སེམས་ཀྱི་སྒོ་ནས་སྨྲ་བ་དང་ཕྱིར་སྨྲ་བའོ།། མཚང་འབྲུ་བ་ནི་སྔོ་བར་བྱ་བོའི་དངོས་པོ་བརྗོད་པའི་སྒོ་ནས ་ཕན་ཚུན་ངོ་ཚ་བསྐྱེད་པར་བྱེད་པའོ།། ཚར་གཅོད་པ་ནི་ལན་དུ་བྱེད་པའི་དངོས་པོ་ཡིད་ཀྱིས་གཟུང་བའོ།། ཤགས་འགྱེད་པ་ནི་འོག་གཟུ་ལ་སོགས་པ་ལ་རིགས་པའི་ཐ་སྙད་དུ་བྱེད་པའོ།། ལོག་པར་བྱས་པ་ནི་རྣམ་པ་གཞན་དུ་བསྟན་པའི་སྒོ་ནས ་ལོག་པར་བྱེད་པའོ།། གཙེས་པ་ནི་འདིར་རྣར་འཚེ་བའི་རྣམ་གྲངས་ཡི་ནོ།། བརྙས་པ་ནི་ཚར་གཅོད་པའོ།། མི་ཤེས་པ་ཁོ་ན་མུན་པ་ཡིན་པས་ན་མི་ཤེས་པའི་མུན་པ་སྟེ། མི་ཤེས་པའི་མུན་པ་དེས་གཡོགས་ཤིང་བཀབ་པར་གྱུར་པ་གང་ཡིན་པ་དེ་སྐད་ཅེ ་བྱའོ།། ཆོས་དང་འདྲ་བ་ཞེས་བྱ་བ་ནི་ཆོས་དང་ཚུལ་འདྲ་བའི་ཆོས་མ་ཡིན་པའོ།། བྲེ་མོའི་གཏམ་ནི་རྒྱལ་པོ་ལ་སོགས་དོན་དུ་མི་འགྱུར་བའི་གཏ་མོ།། ཐེ་ཚོམ་གྱིས་ལམ་གཉིས་པ་དེ་ལ་འཇུག་པའི་བློ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། སེར་སྣ་ཁོ་ན་དྲི་མ་ཡིན་ཏེ། དེས་ཟིག ་གྱིས་མནན་པ་དེའི་ཕྱིར་དྲུག་གི་མགུ་བར་བྱ་བའི་ཆོས་ལས་ལྡོག་པ་ཡིནོ།། སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་ནི་བསོད་སྙོམས་དང་དགོན་པ་པ་ལ་སོགས་པ་དྲི་མ་མེད་པའི་ཡོན་ཡང་དག་པར་བླངས་པའོ།། བས་མཐའི་གནས་མལ་ནི་སྐྱེ་བོ་ལྷགས་པ་མེད་ཅིང་ཤིན་ཏུ ་དབེན་པར་གྱུར་པོའོ།། སྙིང་རྗེ་ཆེན་པོ་ལ་གོམས་པ་ནི་སྙིང་རྗེ་ཆེན་པོ་ལྷ་གོམས་པ་སྟེ། དེས་འཇུག་ཅིང་རྒྱུ་བའི་ཀུན་ཏུ་སྤྱོད་པའི་ལུས་དང་ངག་དང་ཡིད་ཀྱི་འཇུག་པ་གང་ལ་ཡོད་པ་དེ་ནི་སྙིང་རྗེ་ཆེན་པོ་ལ་གོམས་པས་འཇུག་པའི་ཀུན་ཏུ་སྤྱོད་པ་ཅན་ནོ།། འགྲོ་བ་མ་ལུས་པ ་དྲོད་འཛིན་པ་སྟེ། བཅྡོཾས་བླ་ན་མེད་པའི་མྱ་དྲན་ལས་འདས་པ་དགེ་བའི་ཕྱོགས་ཉིད་དུ་མངོན་དུ་གཤེགས་པ་ཉིད་ཡིན་པའི་ཕྱིར། སྟོབས་བཅུ་དང་ལྡན་པ་བཅྡོཾས་ཀྱི་སྐུ་མི་རྟག་པ་ཉིད་ཀྱིས་གནོན་ཅིང་ཁྱབ་པ་དང་ཟིལ་གྱིས་གནོན་པའོ།། མི་ཤེས་པ་ཉིད་སེལ་བར་མཛད ་པ་དེའི་ཕྱིར་སོནི་ཐཾད་བསད་པར་མཛད་པ་ཞེས་བསྟན་ཏོ།། མགོན་པོ་ནི་གཙོ་བོར་གྱུར་པའོ།། ལྷའི་དགྲ་ནི་ལྷ་མ་ཡིན་གྱི་དབང་པོའོ།། སུམ་ཅུའི་དབང་ཕྱུག་ནི་བརྒྱ་བྱིན།། དཔག་བསམ་གྱི་ཤིང་ལྟ་བུ་ནི་བཅྡོཾས་ཏེ་དེ་ལ་མངོན་པར་དད་པ་ལ་མངོན་པར་འདོད་པའི་འབྲས་བུ ་སྩོལ་བར་མཛད་པ་ཉིད་ཀྱི་ཕྱིརོ།། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་ནི་མེ་ཏོག་དང་འདྲ་བ་ཡི་ནོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོཊ་པ་དག་ནི་འབྲས་བུ་བཟང་པོའོ།། བསྐྱོད་པ་ནི་འཕངས་པའམ་གཡོགས་པར་གྱུར་པའོ།། བློ་ལྡན་ཞེས་བྱ་བ་ནི། ་སྟོན་པ་ཐཾད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཉན་ཐོས་ཀྱི་དགེ་འདུན་ནོ།། བསྟན་མཆོག་ཅེས་བྱ་བ་ལ་འཕགས་པ་ཤཱ་རིའི་བུ་དང་། མཽ་ངྒ་ལ་གྱི་བུ་དང་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་འགའ་ཞིག་རབ་ཏུ་ཞི་བར་གྱུར་ཅིང་ཁ་ཅག་འགྲོ་བར་གྱུར་པའོ།། གན ་གནས་པས་ཞེས་བྱ་བ་ནི་དམ་པའི་ཆོས་བསྡུས་ནས་མཛེས་པའི་རྣར་གནས་པས་བཞག་པར་བྱ་བ་ཡིནོ།། བཅྡོཾས་བླ་ན་མེད་པའི་ཡེ་ཤེས་སྒྲོན་མ་མཛད་པ་ཉིད་ཀྱི་ཕྱིར་འགྲོ་བ་མ་ལུས་པའི་སྒྲོན་མ་ལྟ་བུ་ཡིན་པར་རིག་པར་བྱའོ།། མཆོག་ཏུ་ཞེས་བྱ་བ་ནི་ཡོན ་གཙོ་བོར་གྱུར་པའི་ཕྱིརརོ།། ཆོས་གོས་རྣམ་གསུམ་ནི་དངོས་པོ་རྣམ་པ་གསུམ།། བསམ་པ་ཀུན་གྱིས་ཞེས་བྱ་བ་ནི་རྣམ་པ་ཀུན་ནས་ཉེས་པའི་རྣམ་པ་ཀུན་གྱིསོ།། ཆུ་བོའི་རྒྱུན་བཞི་འབབ་པ་ཞེས་བྱ་བ་ནི་འཇིག་རྟེན་སྐྱོ་བ་བསྐྱེད་པར་བྱ་བའི་དོན་དུ་འཕགས་པ་བ་ལང ་བདག་གི་བྱིན་གྱིས་བརླབས་ཁོ་ན་ལས་ཆུའི་རྒྱུན་གྱི་ཚོགསུ་བཅད་པ་ཐ་དད་པ་བརྗོད་པ་ཡིན།། དུས་ངན་ཞེས་བྱ་བ་ལ་སོགས་པ་ལ་དུས་རྩོད་པའི་དུས་ཀྱི་ཉེས་པ་ཉམས་པ་ཉིད་དང་། ཚུལ་མ་ཡིན་པ་ཉིད་དུ་གྱུར་པའི་ཕྱི་རོ།། ལས་ནོས་ནི་བདག་གིར་བྱེད་དང་ལྡན་ཏེ། ་བྱ་བ་ལ་སྐྱེ་བོ་ལ་རག་ལས་པར་གྱུར་པའོ།། འགྲོ་བའི་མར་མེ་ནི་བཅྡོཾས་ཡིན་ལ། ནུབ་པར་གྱུར་པ་ནི་ཞི་བར་གྱུར་པ་ཡིནོ།། ཇི་ཞིག་བྱས་ནས་ཤེ་ན། འགྲོ་བ་ཀུན་འཇུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་སྟེ་སྲོག་ཆཊ་ཀྱི་ཚོགས་འཇུག་ཅིང་འབྱུང་བ་འམ། རྣཾ ་པ་མཁྱེན་ནསོ།། འདུས་བྱས་ཕུང་པོ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཚོག་སོ།། སྐད་ཅིག་མར་ཡང་འཇིག་ཅེས་བྱ་བ་ནི་མྱུར་དུ་འཇིག་པ་ཅ་ནོ།། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཁོ་ན་ཕོངས་པ་ཡིན་ཏེ། དེ་དང་ལྡན་པར་གྱུར་པའོ།། བྱེ་དོ་ཞེས་བྱ་བ་ནི་རྟག་པ་སྟེ། རང ་དབང་ཅན་ནང་ན་བྱེད་པའི་སྐྱེས་བུ་བདག་ཏུ་མངོན་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ། བདག་ཅེས་བྱ་བ་ནི་ང་རྒྱལ་དེ་ལྟ་བུ་གོང་ལ་ཡོད་པའི་སོ་སོ་སྐྱེ་བོ་དེ་ནི་དོན་མེད་པ་ཅན་ཡིནོ།། བག་ཡོད་བྱ་ཞེས་བྱ་བ་ནི་དགེ་བའི་ཆོས་བསྒོམས་པ་ལ་གཞོལ་བའི་ཤེས་ཀྱིས་གནས ་པར་བྱའོ།། བསོད་ནམས་རབ་ཏུ་བྱུང་བ་ནི་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་ནམ་ལུས་ལ་སོགས་པའི་ལེགས་པར་སྤྱད་པའོ།། ཅིའི་ཕྱིར་དགེ་བའི་ཆོས་བསྒོམ་པ་ལ་གཞོལ་བར་བྱ་ཞེ་ན། འབྱུང་པོ་མང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་པོ ་མང་པོ་སྲོག་ཆགས་ཀྱི་ཚོགས་སོང་བ་སྟེ། འགའ་ཞིག་འདས་པའི་གནས་སྐབས་ཐོབ་པར་གྱུར་པ་ན་འགའ་ཞིག་ཕྱིར་སོང་བར་གྱུར་པའོ།། གཡོ་ཞེས་བྱ་བ་ནི་དཔལ་གྱི་འབྱོར་པ་གཡོ་བར་གྱུར་པའོ།། བ་ལང་གི་བདག་པོ་ཊཱི་ཡང་བདོག་ཡིན་ལ། དེའི་ཕྱི་ནས་ཞེས་བྱ་བ ་ནི་བཅྡོཾས་ཀྱི་སླད་བཞིན་མཆི་བའོ།། དྲི་ཞིག་བྱས་ནས་ཤེ་ན། ཐུབ་པ་འདི་ལ་སློབ་མཆོག་ཅེས་བྱ་བ་ལ་སོགས་པ་སྟེ། སློབ་མཆོག་ནི་བཅྡོཾས་ཀྱི་སློབ་མ་ནི་འཕགས་པ་འོད་སྲུངས་ལ་སོགས་པའོ།། རང་གི་དགོས་པ་ཞེས་བྱ་བ་ནི་ཉོན་མོངས་པོ་མ་ལུས་སྤངས ་པའོ།། རབ་ཏུ་མོས་པ་ནི་སློབ་མ་གཞན་དག་པོས་ལྷག་པར་མོས་པའོ།། ངའི་མོས་པ་གང་གིས་ལྷོག་པ་ཡིན་ཞེ་ན། བླ་མ་ལ་དད་ཅེས་བྱ་བ་སྨོས་ཏེ། བླ་མ་སྟེ་བཅོམ་ལྡན་འདས་དེའི་ཡུལ་ལ་དད་པ་དེསོ།། ཉེར་ཞི་ཞེས་བྱ་བ་ནི་ཉེ་བར་ཞི་བར་གྱུར་པའོ།། འཕཊ་བིའི ་ཚུལ་གྱིས་ཞེས་བྱ་བ་ནི་ལེགས་པར་སྤྱོད་པའོ།། ཆོས་ཀྱི་མིག་ཅན་ནི་བཅོས་ཀྱིས་ཉིད་ཀྱི་མགུར་ནས་གསུངས་པའི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་དང་འདྲ་བ.རོ།། བཅོས་ཀྱིས་མ་གཱ་དྷ་ར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཕྱིར་དེ་ལ་ཆོས་ཀྱི་སྐུ་མངོན་པར་བསྒྲུབས ་ནས་ཞེས་བྱ་བ་སྨོའོ།། འཚོ་བའི་ཡོ་བྱད་ནི་དགེ་སློང་དང་མཐུན་པའི་བཟའ་བ་དང་བཏུང་བ་ལ་སོགས་པའོ།། རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཁྱད་པར་དུ་ཤེས་པས་ན་རྣར་ཤེས་པ་སྟེ། དཔེར་ན་མངོན་པར་འདོད་པའི་བྱ་བོ་བྱེད་པའི་ཆོ་ག་ལ་མཁས་པ་ལྟ་བུ་སྟེ། ་གསོལ་བ་དང་གཉིས་ཀྱིས་བློ་མཐུན་པ་སྦྱིན་པར་བྱའོ།། ཇི་ལྷོར་འདོད་པར་རྒྱལ་པོའི་ཁབ་ཏུ་འགྲོའོ་ཞེས་བྱ་བ་འདིས་ནི་འགོང་བ་དང་བཅ་སོ་པའི་འགྲོ་བ་བསྟན་ཏོ།། རྟག་ཏུ་མཉམ་པར་བཞག་པ་ཞེས་བྱ་བ་ནི་མི་བརྗེད་པའི་ཆོས་ཅན་ཡིན་པ་དེ་བས་ན ་བཔ་ལ་རྨོངས་པ་མེད་པ་ཡི་ནོ།། རལ་པ་ནི་ཀྱི་ཕྱོཊ་གཅིག་རལ་བའི་ཕྱིརརོ།། གས་པ་ནི་རྣིར་རིང་པོར་སྦྱོར་བའི་ཕྱིར་གས་པ་སྟེ། རྩིག་པ་ལ་སོགས་པའི་དངོས་པོ་ཡིནོ།། ཚེ་དང་ལྡན་པ་མ་འགགས་པ་དགོངས་ཤཽ་གི་ཅེས་པ་ལྡེ་སོགས་པ་ལ། འཕགས་པ་འོད ་སྲུངས་ཆེན་པོ་བདག་ཉིད་ཀྱིས་མཁྱེན་བཞིན་དུ་འཕཊ་པ་མ་འགགས་པ་ལ་བསྐུལ་བ་ནི་དབང་པོར་བསྟན་པའི་དོན་ཏུ་བྱས་པ་ཡིནོ།། སྙིང་པོ་མེད་པ་ནི་མཆོག་མ་ཡིན་པའོ།། འཚལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་བསྔལ་བའི་ཕྱིར་དག་པའོ།། ཚུལ་ཁྲིམས་ཁ་ན་མ། ་ཐོ་བ་མེད་པ་དང་ལྡན་པ་ཉིད་ཀྱི་ཕྱིར་གཙང་བའོ།། མི་སློབ་པའི་ལམ་དང་ལྡན་པའི་ཕྱིར་སྙིང་པོ་དང་ལྡན་པའོ།། དེ་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་སྟེ། འཇིག་རྟེན་གྱི་སྦྱིན་གནས་སུ་གྱུར་པ་ཡིནོ།། སྤྱོ་བ་ནི་ཚོར་གཅོད་པའོ།། གནད་ལ་བསྣན་པ ་བཞིན་དུ་ཞེས་བྱ་བ་ནི་གནད་ལ་བསྣུན་པ་དང་འདྲ་བར་སེམས་སྡུག་བསྔལ་དང་ལྡན་པར་གྱུར་པའོ།། ཚུལ་ཁྲིམས་ཀྱི་རྒུད་པ་ལ་སོགས་པའི་རྣར་བཤད་པ་ནི་སྔ་མ་བཞི་ནོ།། བདག་གིས་ཉེས་པར་བྱས་པ་མེད་དོ།། ཞེས་བྱ་བ་ནི་བདག་གི ་ཉེས་པར་བྱས་པ་ཅུང་ཟད་ཙམ་ཡང་མེད་པའི་ཕྱིརརོ།། ཚུལ་ཤིང་ལོང་ཞིག་ཅེས་བྱ་བ་ལ་གལ་ཏེ་ཁྱོད་ཉེས་པ་མེད་པ་ཡིན་ན་ཚུལ་ཤིང་དེ་ལོང་ཞིག་པའོ།། བདེན་པར་སྨྲ་བ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་སྨྲ་བའི་ངང་ཚུལ་ཅ་ནོ།། ཕན་པའི་བདེ་བའོ།། བལྟོས་པ་མེད་པ། ་སྨྲ་བ་བ་ཞེས་བྱ་བ་ནི་ཞུམ་པ་མེད་པར་སྨྲ་བའི་ངང་ཚུལ་ཅ་ནོ།། ངོ་ཚ་མེད་པས་ནི་མ་ཡིན་ཞིང་ཞེས་བྱ་བ་ནི་ཁ་ནཱ་མ་ཐོ་བ་ཀུན་ཏུ་སྤྱོད་པའི་ངོ་ཚ་དང་བྲལ་བས་ནི་མ་ཡིནོ།། རྣམ་པར་རྒོལ་བས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་བསླབ་པ་ལ་གཡེལ་བའི་བས་ནི་མ་ཡིནོ།། ་ཆོས་ཀྱི་སྐུ་ལ་གནོད་པར་བྱེད་ཅིང་ཞེས་བྱ་བ་ལ་ཆོས་ཀྱི་སྐུ་ནི་བཅྡོཾས་ཏེ། འཕགས་པའི་ལམ་གྱི་རང་བཞིན་ཡིན་ཏེ། བུད་མེད་ཀྱི་ཡུལ་རབ་ཏུ་བྱུང་བ་ལས་ཀྱང་ཚུལ་ཁྲིམས་འཆལ་པའི་རྒྱུ་འམ། ཡང་དང་ཡང་དུ་གོམས་པར་བྱེད་པས་ན་འཕགས་པའི་ལམ་དེ་ལ། ་གནོད་པ་ཉིད་དུ་འགྱུར་ཞིང་། བུད་མེད་ཀྱི་ཡུལ་ཡོན་ཏན་གྱི་ཞིང་ཉམས་པར་བྱེད་པའི་སེར་བ་ལྟ་བུ་ཡིནོ།། ལོ་སྟོང་ཚང་བར་གནས་པའི་ཚིག་ནི་དྲི་མ་ཐ~ཾང་དང་བྲལ་བའི་གནས་སྐབས་སྟོན་པར་བྱེད་པ་དང་། འཕཊ་པའི་གང་ཟག་བརྒྱད་པོ་ཤིན་ཏུ་རྒྱས་པར་འགྱུར ་བ་སྟོན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། ལྷག་མ་ཅུང་ཟད་ཙམ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཁྱད་པར་ཉུང་ངུ་དང་ལྡན་པ་ཡིནོ།། ཉེས་པ་ཆུང་བ་ཞེས་བྱ་བ་ནི་ཉོན་མོངས་པས་བྱས་པའི་ཉེས་པ་ཆུང་བའོ།། འདོད་ཆཊ་ཆུང་བ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ཏུ ་སྤྱོད་པ་ཆུང་བ་ལས་འདིར་འདོད་ཆགས་ལ་སོགས་པ་དག་ཆུང་བ་ཡིན་པར་རིག་པར་བྱའི་སྤངས་པ་ཆུང་བ་ཉིད་ནི་མ་ཡིནོ།། ཚུལ་ཤིང་ཞོག་ཅིག་ཞེས་བྱ་བ་ལ་བདག་ལ་ཉེས་པ་མེད་པའི་ཕྱིར་བདག་ཉིད་ཀྱིས་ཚུལ་ཤིང་བླངས་པ་ཡིན་ན། ད་ལྟར་ཁྱོད་ཉེས་པ ་པཔོ་དང་བཅས་པ་དེའི་ཕྱིར་ཚུལ་ཤིང་ཞོག་ཅིག། གང་ཁྱོད་ལ་བཅོས་ཀྱིས་སྤྱོས་ཏེ་ཞེས་བྱ་བ་འདི་ནི་འཆར་ཀའི་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་བོས་ཏེ། ཚེ་དང་ལྡན་པོ་དག་དགེ་སློང་འདི་ནི་ཚུལ་ཁྲིམས་དང་ལྡན་ཞིང་ཤེས་རབ་དང་ལྡན ་པ་སྟེ། དེ་ནི་ཡང་དང་ཡང་དུ་འདུ་ཤེས་རིག་པས་འགོག་པ་ལ་སྙོམས་པོར་ཞུགས་པ་དང་ལྡང་བ་ནས་ཁམ་གྱི་རྣམ་པ་ཟ་བའི་ལྷ་ལས་ཤིན་ཏུ་འདས་ནས་ཡིད་ཀྱིས་རང་བཞིན་གྱི་ལུས་ཅན་ལྷ་གཞན་དུ་སྐྱེ་བར་འགྱུརརོ།། དེ་དེར་ཡང་དང་ཡང་དུ་འདུ་ཤེས་རིག ་པས་འགོག་པ་ལྔ་སྙོམས་པར་ཞུགས་པ་དང་ལྡང་བ་ནས་འཕགས་པ་འཆར་ཀས་འཕགས་པ་ཤཱ་རིའི་བུའི་ཚིག་ལན་གསུམ་གྱི་བར་དུ་ཁྱད་དུ་བསད་པའི་བར་དང་། དེ་ནས་བཅྡོཾས་ཀྱི་ཐད་དུ་ཕྱིན་ནས་འཕགས་པ་ཤཱ་རིའི་བུས་ཡང་དེ་ཉིད་གསོལ་བ་དང ་འཆར་ཀས་དེ་བཞིན་དུ་ཁྱད་དུ་བསད་དོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅང་མི་སྨྲ་བར་འདུག་པ་ནས་བཅྡོཾས་ཀྱིས་འཕགས་པ་ཀུན་དགའ་བོ་སྐྱེས་བུ་རྨོངས་པ་ཁྱོད་སྙིང་རྗེ་དང་ལྡན་དུ་ཟིན་ཀྱང་དགེ་སློང་གནས་བརྟན་ལ་རྩོད་པ་སྐྱེད་ཅེས་བྱ་བའི ་སྐབས་དེ་ལ་འཕགས་པ་ཀུན་དགའ་བོས་འཕགས་པ་དཔེ་ཅན་ལ་འདི་སྐད་ཅེས་སྨྲསོ།། ཚེ་དང་ལྡན་པ་དཔེ་ཅན་འདིར་སྨྲས་པ། དེ་ནི་གཞན་གྱིས་བྱོས་པ་གང་ཡིན་པ་དེ་ལ་གཞན་དུ་སྨྲས་པ་དེ་བས་ན་ཞེས་བྱ་བའི་བར་དུ་འབྱུང་པོ་ཡི་ནོ།། རྐང་པ ་རྫིས་སོ་ཞེས་བྱ་བ་ནི་ཐ་ག་པས་ཕུལ་བའི་གོས་ཟུང་ལའོ།། བུད་མེད་ཀྱི་ཡུལ་ལ་གསང་བའི་མཛོད་ཀྱི་སྦུབསུ་ནུབ་པ་བསྟན་ཏོ།། ཞེས་བྱ་བ་ནི་ཡོངས་མྱ་ངན་ལས་འདས་པའི་གནས་སྐབས་གྱད་གྱི་བུ་མོ་དག་ལ་བསྟན་ཏོ་ཞེས ་བརྗོད་དོ།། བཅྡོཾས་ཀྱི་སྐུ་བུད་མེད་ཀྱི་ཡུལ་ལ་བསྟན་ནས་ཞེས་བྱ་བ་ནི་འོད་ལ་ཡང་ཡོངསུ་མྱ་ངན་ལས་འདས་པའི་སྐབས་དེ་ཉིད་གྱང་གྱི་བུ་མོ་དག་ལ་བསྟན་ཏོ་ཞེས་བརྗོད་དོ།། སྐྱབས་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་སྡུག་བསྔལ་ཡོངསུ་སྐྱོབས ་མེད་པའི་ཕྱིར་སྐྱབས་མེད་པའོ།། ཆོས་དང་ལྡན་པའི་གནས་པའི་གནས་མེད་པའི་ཕྱིར་གནས་མེད་པའོ།། ཐེ་ཚོམ་གཅོད་པར་བྱེད་པ་བླ་ན་མེད་པའི་ཕྱིར་སྣང་བ་མེད་པའོ།། ཆད་པོས་བཅད་པ་ཞེས་བྱ་བ་ནི་ཆད་པས་བཅད་པའམ། ཚར་བཅད་པར་བྱ་བ་ལ ་ག་ཅག་གི་བསྟན་པའི་ལསུ་བྱ་བ་ལ་འཇུག་པར་བྱའོ།། རབ་ཏུ་སྦྱོར་ཞེས་བྱ་བ་ནི་ལམ་བསྒོམ་པའི་བྱ་བ་བྱེད་པའོ།། ཤིང་དྲུང་ཞེས་བྱ་བ་ལ་སོགས་པ་ལ་ཤིང་དྲུང་ངམ་ཐིབས་པོ་དང་བཅས་པའི་ས་ཕྱོགསུ་ཡང་དག་པར་གནས་པསོ།། མྱ་ངན་ལས ་འདས་པའི་སེམས་ལས་བསྐྱེད་པ་ནི་རང་ཉིད་ཀྱིས་ཉམསུ་མྱང་བའོ་སྒོ་ནས་ཉོན་མོངས་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་སེམས་བསྐྱེད་པ་འོ་མ་མངོན་དམ་དུ་བྱའོ།། ཁག་མེད་མ་མཛད ་ཅེས་བྱ་བ་ནི་མཆོག་ཏུ་བག་མེད་པར་མ་གྱུར་ཅིག་པའོ།། གཽ་ཏ་མ་ཞེས་བྱ་བ་ནི་རིགས་ཀྱི་མིང་ལས་འབོད་པའོ།། བསྒོམས་ཞེས་བྱ་བ་ནི་ཉོན་མོངས་པའི་ལྷག་མ་སྤང་བར་བྱ་བའི་ཕྱིར་བརྩོན་པར་བྱེད་པའོ།། ཞི་བའི་གོ་འཕངས་ལ་རེག་འགྱུར་ཞེས་བྱ་བ ་ནི་མི་སློབ་པའི་ཡེ་ཤེས་ཀྱིས་བདེན་པ་བཞིའི་གོ་འཕང་མཐོང་བར་འགྱུར་བའོ།། འདོད་པའི་རྣར་རྟོག་པ་ལ་སོགས་པས་སེམས་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་རང་གི་བྱ་བ་བྱེད་པའི་ངང་ཚུལ་ཅན་གྱི་དྲན་པ་ཉུང་ཟད་ཀྱང་མེད་པ་དེའི་ཕྱིར་དྲན་པ་ཉམས་པ་ཞེས་བྱའོ།། སྔ་ཕྱི ་དྲན་པའི་ནུས་པ་དང་བྲལ་བས་རིད་པའི་རྒྱུད་དེ། སེམས་ཀྱི་རྒྱུད་གང་ལ་ཡོད་པ་དེ་ནི་རིད་པའི་རྒྱུ་ཅན་གྱི་ཞེས་བྱའོ།། སེང་གེའི་ཁྲིའི་སྟེང་དུ་སྣམ་སྦྱར་བཏིང་བ་ནི་བཅྡོཾས་དང་མདོ་སྡེའི་སྡེ་སྣོད་སྨྲ་བ་པོ་དེ་ལ་མཆོད་པར་བྱ་བའི་ཕྱིརརོ།། མི་གཡོ་བ་ནི་མི་ལྡེག་པ་སྟེ།། ་རྒྱ་མཚོ་ཟབ་མོ་ཡང་ཡིན་ལ་མི་གཡོས་དེ་ཡིན་པས་ན་རྒྱ་མཚོ་ཟབ་མོ་མི་གཡོ་བ་ལྟ་བུའི་འཁོར་རྣམས་ཡིན་ལ། འདིར་ཡོན་ཏན་གྱི་སྒོ་ནས་ཟབ་པ་ཉིད་ཡིན་པར་རིག་པར་བྱའོ།། ཆོས་འཇིག་རྟེན་གསུམ་གྱིས་མཆོད་ཅིང་རྗེད་ཅེས་པ་ལས་འཇིག ་རྟེན་གསུམ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་འཇིག་རྟེན་ནམ་མི་དང་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་ཉིད་དམ། མི་དང་ཀླུ་དང་ལྷའི་འཇིག་རྟེན་དག་ཡིན།། ཁྱེད་རྣམས་ཞེས་བྱ་བ་ནི་ཁྱེད་རྣམས་ཀྱི་ནང་ནས་གང་གུས་པར ་ཉན་པ་དེ་དག་བསྡམས་ཤིང་མངོན་པར་འདོད་པའི་བདེ་བར་འགྱུར་རོ།། ཤིན་ཏུ་བདེ་བ་ཉིད་ཀྱི་ཕྱིར་འཁོར་བ་ལས་སྙིང་པོའི་མཆོག་ཅེས་བསྟན་ཏོ།། རྟག་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པོའི་བདེ་བ་ཉིད་ཡིན་པར་ཕྱིར་བསྟན་པ་སྟེ། གཅིག་ཏུ་བསྟེན་ཅིང ་གསལ་བའོ།། བཅྡོཾས་ཀྱི་ཡུལ་ལ་དྲན་པ་ནི་སངས་རྒྱས་རྗེ་སུ་དྲན་པ་སྟེ། ངེས་སྒྲིབ་པ་དང་བྲལ་བའི་ཡིད་རབ་ཏུ་བསད་པ་གང་ལ་ཡོད་པ་དེ་ནི་ཡིད་བསད་པར་བྱེད་པ་ཅནོ།། ཁྱབ་པ་ནི་ཕྱོགས་རྣར་ཁྱབ་པར་བྱེད་པའི་ངང་ཚུལ་ཅ་ནོ།། འདི་སྐད་བདག་གིས ་ཐོས་པ་ཞེས་བྱ་བ་ལ་སོགས་པ་འདི་སྐད་ཅེས་བྱ་བ་ནི་འཕགས་པ་ཀུན་དགའ་བོ་སྔ་མདོ་སྡེ་དེ་ནི་འདི་སྐད་དུ་ཡིན་གྱི་རྣམ་པ་གཞན་དུ་མ་ཡིནོ།། ཞེས་ངེས་པར་གཟུང་བ་ཡིན་ཏེ། བཅྡོཾས་ཀྱི་བསྟན་པའི་གོ་རིམ་དང་བདག་གིས་ཐོས ་པའི་གོ་རིམ་གང་ཡིན་པ་དེ་ཉིད་ཀྱིས་ད་ལྟར་སྟོན་པའི་བྱེད་ཀྱི་རྣམ་པ་གཞན་དུ་ནི་མ་ཡིནོ།། བདག་གིས་ཞེས་བྱ་བ་ནི་མངོན་སུམ་དུ་བཟུང་བ་སྟོན་པར་བྱེད་པ་ཡིན་ཏེ། དེ་ཡང་བཅྡོཾས་ཀྱི་ཐད་དང་། བདེ་བར་གཤེན་བའི་ཞལ་ནས་མངོན་སུམ་དུ་ཐོས་པ་དང ་པའི་དགེ་སློང་དག་ལས་མངོན་སུམ་དུ་བཟུང་བ་ཡིནོ།། ཇི་སྐད་དུ་འཕགས་པ་ཀུན་དགའ་བོས་ཚེ་དང་ལྡན་པ་དག་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་ཆ་ཤས་དང་བཅས་པ་བཅྡོཾས་ཀྱི་ཐད་ལས་མངོན་དུ་བཟུང་བ་དང་། གཉིས་པ་དགེ་སློང་དག ་ལས་ཞེས་བསྟན་པ་ཡིནོ།། ཐོས་པ་ཞེས་བྱ་བ་ནི་རྣ་བའི་བྱ་བ་ཙམ་གྱི་སྒོ་ནས་མདོ་སྡེ་འཛིན་པར་ནུབ་པ་སྟོན་པའོ།། དུས་གཅིག་ན་ཞེས་བྱ་བ་ནི་གྲངས་གཅིག་དུ་ཆད་པའི་དུས་སྟོན་པར་བྱེད་པ་སྟེ། གཅིག་ཏུ་ཞེས་བྱ་བའི་བར་དུའོ།། བཅྡོཾས་ཞེས ་བྱ་བ་ལ་སོགས་པའི་རྣམ་པ་བཤད་པ་ནི་སྔ་མ་བཞི་ནོ།། གཟིར་བ་ནི་སྡུག་བསྔལ་སྐྱེད་པར་བྱེད་པ་མཚོན་ཆ་ལ་སོགས་པས་ལུས་ལ་བསྣུན་པར་གྱུར་པའོ།། རྨ་བྱུང་བ་ནི་རྣམ་པར་བསྣུན་པའོ།། ངན་དུ་བརྗོད་པའི་སྦྱོར་བ་ཞེས་བྱ་བ་ནི་འཁོར་བ་ངན་པ་ཞེས་བྱ་བ ་དེ་སྐད་དུ་སྟོན་པར་བྱེད་པའི་ཚིག་བརྗོད་པའི་ཕྱིར་འཇུག་པའི་ཚིག་དེ་ཉིད་ནི་བརྗོད་པ་ཡིན་པ་དེའི་ཕྱིར་དུ་བའི་སྒྲ་མི་སྙན་པ་མཐོན་པོ་འབྱིན་པར་བྱེད་པའོ།། ཁྱད་པར་མེད་ཅེས་བྱ་བ་ནི་བདག་གིས་ཡོན་ཏན་ཁྱད་པར་དུ་འཕགས་པ་འདི་ལ་དེ་དག་སྔར་བར་མི ་བྱའོ།། སྙན་པའི་བལྟོས་པ་དང་བྲལ་བའོ།། བླ་ན་མེད་པའི་སྟོབས་བཅུ་ལ་སོ་ཊ་པའི་ཡོན་ཏན་རིན་པོ་ཆེའི་གཞི་ཉིད་ཡིན་པའི་ཕྱིར་བཅྡོཾས་ནི་རིན་ཆེན་གཏེར་ཡི་ནོ།། ལྟོན་རྒྱ་མཚོ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་ཡོན་ཏན་གྱི་རྒྱ་མཚོའོ།། སྡུག་བསྔལ ་འཕཊ་པིའི་བདེན་པ་འདི་ནི་ཞེས་བྱ་བ་ལ་སོགས་པའི་རྣར་འགྲེལ་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། མི་ལྷ་ལྷ་མིན་ཀླུའི་རྒྱལ་པོ་ཞེས་བྱ་བ་ནི་ཆོས་དང་བླ་ན་མེད་པའི་ཕན་གདགས་པས་འཇིག་རྟེན་དགའ་བར་མཛད་པའི་ཕྱིར་བཅོས་མི་ལ་སོགས་པའི་རྒྱལ་པོ་ཡིན་ཏེ། ་དེའོ།། ཞི་བར་གཤེགས་ཞེས་བྱ་བ་ལ་སོགས་པ་ལ་ཅི་འཚོ་བར་འགྱུར་བ་འམ། འོན་ཏེ་འཚོ་བ་མེད་པར་དགོས་པ་བསྒྲུབས་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་བཅྡོཾས་རབ་ཏུ་ཞུགས་པ་ཡི་ནོ།། ཞི་བ་ནི་ཞི་བ་སྟེ། ཕུང་པོ་ལྷག་མ་དང་བཅས ་པའི་མྱ་ངན་ལས་འདས་པའི་དབྱིངསུ་རབ་ཏུ་ཞུགས་པའོ།། ཐཾད་མཁྱེན་པས་སྟོང་པ་ཞེས་བྱ་བ་ནི་སྐྱེ་བོ་མ་ལུས་པ་མཁྱེན་པའི་སྟོན་པས་སྟོང་པ་མཐོང་ནས་རྨོངས་པ་འཚོ་བ་ལ་བསྟན་པར་བྱེད་པ་འགའ་ཞིག་སྙིང་པོའི་འདུ་ཤེས་ཉེ་བར་འཇོག་པར་འགྱུརརོ།། འདི་ལྟར ་དངོས་པོ་ཆེ་གེ་མོ་ཞིག་བདག་གིས་ཤེས་པར་བྱའོ་སྙམ་པའི་སྨོན་པོའི་སེམས་བཞག་ནཱ་དོན་དེ་ཤེས་པ་ནི་སྨོན་ལམ་གྱི་ཡོས་ཡིནོ།། དགག་པ་ནི་མངོན་སུམ་དུ་ཟློག་པའོ།། ཕྱིར་གཤེ་བ་ནི་ལྐོག་ཏུ་གྱུར་པའི་སྐྱོ་ནོ།། མི་མཐུན་པར་སྨྲ་བ་ནི་བཟློག་པ་མེད་པའམ། བཟློག་པའི་དོན་དུ ་སྟོན་པའོ།། འདི་ནི་ཆོས་སོ་ཞེས་བྱ་བ་ནི་བསྟན་པའི་ཆོས་སོ།། འདུལ་བ་ནི་ཉོན་མོངས་པ་སྤང་བའི་ཐབསུ་གྱུར་པའོ།། སྟོན་པའི་བསྟན་པ་ཞེས་བྱ་བ་ནི་བཅྡོཾས་ཀྱི་བཀའ་སྟེ། སྤོང་བར་བྱེད་པ་རིགས་ཀྱི་མན་ངག་སྟོན་པའོ།། རབ་ཏུ་གསལ་བ་ཞེས་བྱ་བ་ནི་འཇིག་པ་མེད་པ་ཉིད་ཀྱི་ཕྱིར་དབྱངས ་ཞུམ་པ་མེད་པའོ།། སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་ལ་སོགས་པ་ལ་འབྲས་བུར་གྱུར་པའི་ཕུང་པོ་ལྔ་ལ་སྡུག་བསྔལ་གྱི་སྒྲས་བསྟན་པ་ཡིནོ།། འཕགས་པ་རྣམས་ལ་བདེན་པ་ནི་འཕགས་པའི་བདེན་པ་སྟེ། འཕན་པ་རྣམས་ཀྱི་ཇི་ལྟ་བ ་བཞིན་དུ་གཟིགས་པའི་ཕྱིརརོ།། རྒྱུར་གྱུར་པའི་ཕུང་པོ་ལྔ་ནི་ཀུན་འབྱུང་ཡིན་ཏེ། འདི་ལ་སྡུག་བསྔལ་འབྱུང་བས་ན་ཞེས་བྱ་བའི་དབང་དུ་བྱིས་པའི་ཕྱིརརོ།། ཕུང་པོ་ལྔའི་བདག་ཉིད་ཅན་གྱི་སྡུག་བསྔལ་འགོག་པས་ན་འགོག་པའི་བདེན་པའོ།། འགོག་པར་འགྲོ་བར་བྱེད་ཅིང ་ཐོབ་པར་བྱེད་པའི་ཕྱིར་འགོག་པར་འགྲོ་བའི་ལམ་སྟེ། ལམ་གྱི་བདེན་པ་ཡིནོ།། སྐྱེ་བ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཉིད་དུ་བསྟན་ཏོ།། སྲེད་པ་ནི་ཆགས་པའི་མཚན་ཉིད་ཡིན་ལ། ཡང་སྲིད་དང་རྗེ་སུ་མཐུན་པ་ནི་ཡང་སྲིད་པ་ཅནོ།། དེ་མ ་ཟག་པའི་སྐྱེ་བོ་ལོ་མངོན་པར་དགའ་ཞིང་མངོན་པར་འདོད་པའི་ཕྱིར་དགའ་བའི་འདོད་ཆགས་དང་ལྡན་པའོ།། ཡུལ་ཐཾད་ལ་མངོན་པར་དགའ་བའི་ངང་ཚུལ་ཅན་ནི་དེ་དང་དེར་མངོན་པར་དགའ་བ་ཅ་ནོ།། མ་ལུས་པར་སྤངས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་རྒྱུན་ཏུ ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ལ་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔ་ལ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་མ་ལུས་པར་སྤངས་པ་ཞེས་བྱ་བར་བསྟན་ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་ལན་ཅིག་སྤངསྡེ་པའི ་ཕྱིརརོ།། རྒྱུན་ཏུ་ཞུགས་པའི་མྱ་ངན་ལས་འདས་པོ་གང་ཡིན་པ་དེ་ནི་རྣར་བཏང་བ་ཞེས་བྱ་སྟེ། དེ་ཡང་སྤང་བར་བྱ་བ་མི་སྲིད་པས་ངེས་པ་ཉིད་ཡིན་པའི་ཕྱིརརོ།། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའི་འབྲས་བུ་གང་ཡིན་པ་དེ་ནི་སྤངས་པའི་དངོས ་པོ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྒྱ་ཆེ་བ་ཤིན་ཏུ་སྨད་པར་བྱ་བ་སློབ་པར་བྱས་པ་ཉིད་ཀྱི་ཕྱིརརོ།། ལན་ཅིག་ཕྱིར་འོང་བའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་ཟད་པ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐཾད་སྤངས་པའི་ཕྱིརརོ།། ཕྱིར་མི་ལྡོག་པའི་འབྲས ་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བ་སྟེ། དེ་ཐོབ་པར་གྱུར་ན་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིརརོ།། ཕྱིར་མི་འོང་བའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་འགོག་པ་ཡིན་ཏེ། ཡང་འདོད ་པའི་ཁམས་སུ་འོང་བའི་འཆིང་བའི་རྒྱུ་མེད་པའི་ཕྱིར་རླུང་གི་ཆུ་འགོག་པ་ལྟ་བུའོ།། དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གང་ཡིན་པ་དེ་ནི་རྣར་ཞི་བ་སྟེ། ཉེས་པ་མ་ལུས་པ་སྤངས་པ་གཅིག་ཏུ་ཞི་བར་དང་ཐག་ཉེ་བར་གནས་པ་ཉིད་པའི ་ཕྱིརརོ།། དགྲ་བཅོམ་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་ནུབ་པ་ཡིན་ཏེ། དེ་ཐོབ་པ་ནི་ཀུན་ཏུ་སྦྱོར་བ་དང་འཆིང་བ་དང་། ཉེ་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་ཐཾད་ནུབ་པའི་ཕྱིརརོ།། ཡང་དག་པའི་ལྟ་བ་ལ་སོཊ་པ་ཡང་ལམ་གྱི་ཡན་ལག ་ཟག་པ་མེད་པ་ཉིད་ཀྱི་ཕྱིར་ཡང་དག་པ་ཉིད་ཡིནོ།། ཐབས་མ་ཡིན་པ་ཞེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་གཅིག་ཀྱང་ལྷག་མར་མ་བྱས་པ་ཉིད་ཀྱི་ཕྱིར་འདས་ལྷག་མ་མེད་པར་སྤངས་པ་བརྗོད་པ་ཡི་ནོ།། དགེ་སློང་དག་གཟུགས་བདག་མ་ཡིན།། ཞེས་བྱ་བ་ལ་སོགས ་པ་ལ་བདག་མ་ཡིན་ཞེས་བྱ་བ་ནི་རང་དབང་མ་ཡིན་ཞིང་གཙོ་བོ་མ་ཡིན་ཞེས་བྱ་བའི་དོན་ཡིན་ཏེ། གལ་ཏེ་དེ་རང་དབང་དུ་གྱུར་པ་ཡིན་ན་ནི་གནོད་པ་འམོ་གདུང་བའི་དོན་དང་གདུང་བའི་རྒྱུ་མཚན་དུ་མི་འགྱུར་ལ། གང་གི་ཕྱིར་འགའ་ཞིག་རང་དབང་གི་བློ་དང་ལྡན་པ་བདག ་ཉིད་ལ་གནོད་པའི་ཕྱིར་བརྩོན་པར་མི་བྱེདདོ།། སྡུག་བསྔལ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་མཚན་ཏེ། ཕྱི་རོལ་གྱི་སྡུག་བསྔལ་མངོན་སུམ་དུ་བསྐྱེད་པའི་ཕྱིར།། ཐོབ་པ་ཞེས་བྱ་བ་ནི་དེ་ལྟར་ཐོབ་པར་བྱེད་ནུས་པར་འགྱུར་བའོ།། གཟུགས་ལ་ཞེས་བྱ་བ་ནི། ་གཟུགས་དང་འབྲེལ་པ་འདི་ཐོབ་པའོ།། འདི་ལྟ་བུར་ཞེས་བྱ་བ་ནི་མཛེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་འམ། བོད་པ་སྐྱེད་པར་བྱེད་པའོ།། འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བ་ནི་ཡིད་དུ་མི་འོང་བའི་ཉེས་པ་མི་བཟད་པའམ་སྡུག་བསྔལ་སྐྱེད་པར་བྱེད་པའོ།། བདག་རང ་རྒྱུད་ཉིད་ཡིན་པའི་ཕྱིར་རང་རྒྱུད་དུ་ཤེས་པ་ཡིན་ན་བདག་ཉིད་ཀྱིས་ཉེས་པ་བཟོད་པར་མི་འགྱུར་ཏེ། གང་གི་ཕྱིར་གཟུགས་བདག་མ་ཡིན་པ་དེའི་ཕྱིར་རྣམ་པ་ཇི་སྲིད་དུ་ལས་ཀྱིས་འཕགས་པར་གྱུར་པའི་རྣམ་པ་དེ་སྲིད་དུ་རྗེ་སུ་འཇུག་པར་འགྱུར་རོ།། དགེ་སློང་དག་ཇི་སྙམ་དུ་སེམས་ཞྭ། ་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་མངལ་དུ་འཇུག་པའི་མདོའི་རྣར་བཤད་པ་ལས་ལེགས་པར་རྣར་ཕྱེ་བའི་ཕྱིར་ཡང་འདིར་རྣམ་པར་དབྱེ་བར་མི་བྱའོ།། འཇིག་རྟེན་ཅུང་ཟད་ཀྱང་ཉེ་བར་ལེན་པ་མེད་ཅེས་བྱ་བ་ནི་འཇིག་རྟེན་པ་དངོས་པོ་ཅུང་ཟད་ཁས་མི་ལེན་ཅིང་བདག་གི་ནི ་དུ་འཛིན་པ་མེད་དོ།། ཡོངསུ་གདུང་བ་མེད་ཅེས་བྱ་བ་ནི་ཡོངསུ་གདུང་བར་མི་བྱེད་པ་སྟེ། མངོན་པར་འདོད་པའི་དོན་གྲུབ་པར་མ་གྱུར་པ་ལས་ཡིད་མི་བདེ་བ་སྐྱེས་པར་གྱུར་པ་གང་ཡིན་པ་དེ་ནི་འདིར་ཡོངསུ་གདུང་པོ་ཡིན་ལ། དེ་ཡང་དངོས་པོ་ཐ~ཾད་བདག་མེད་པ་ཉིད་དུ་བཟུང་བའི་ཕྱིར ་དངོས་པོ་འགའ་ཞིག་ལ་ཡང་ཆགས་པ་མི་སྐྱེ་ལ། ཆགས་པ་མེད་པའི་ཕྱིར་ཡོང་སུ་གདུང་བར་ཡང་མི་འགྱུར་རོ།། དེ་བས་བདག་ཉིད་ཡོང་སུ་མྱ་ངན་ལས་འདས་པར་འགྱུར་རོ།། ཞེས་བྱ་བ་ནི་རང་རིག་པས་མངོན་སུམ་དུ་མཐོང་བར་གྱུར་པའོ།། རྣམ་པ་གང་ཞིག་ཅེ་ན། བདག་གི་སྐྱེ་བ་ནི ་ཟད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་རྣམ་པར་བཤད་པ་ཡང་སྔ་མ་བཞི་ནོ།། འདུལ་བའི་གླེང་གཞི་ཞེས་བྱ་བའི་ལ་སོགས་པ་ལ་གླེང་གཞི་ནི་ཡུལ་འགའ་ཞིག་ཏུ་བསླབ་པའི་གཞི་དི་འབྱུང་བའོ།། འབྱུང་ནི་ཉོན་མོངས་པ་ལ་སོགས་པ་ངེས་པའི་སྐབསོ།། ཤམ་ཐབས ་ནི་འོག་ཏུ་བགོ་བ་ཡིན་ལ་མཐོ་བ་དང་དམའ་བ་ཀུན་ནས་སྤངས་པ་ཉིད་ཀྱི་ཕྱིར་བཟླུམ་པ་ནི་ཡོངསུ་ཟླུམ་པའོ།། ཆོས་གོས་ནི་སྟོང་དུ་བགོ་བའོ།། འདི་ནི་བཅས་པའོ་ཞེས་བྱ་བ་ལ་སོགས་པ་ལ་བསླབ་པའི་གཞི་རྣམ་པར་བཞག་པ་ནི་བཅས་པ་ཡིནོ།། བཅས་པ་སྨོས་པས་དགེ ་སློང་འདི་ཙམ་གྱི་མདུན་དུ་ཉེས་པ་སྦོམ་པོ་བཤགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ཡང་བསྡུས་པ་ཡིནོ།། སྔོན་རྗེསུ་གནང་བའི་དངོས་པོ་གང་ཡིན་པ་བཀག་པ་དང་། གང་སྔོན་བཀག་པ་ཡང་རྗེསུ་གནང་བ་ཡང་རྗེསུ་བཅས་པ་ཡིན་ཏེ། དཔེར་ན་མཆིལ་ལྷམ་རྗེ་སུ་གནས ་བ་མཛད་ནས་དེ་ཉིད་ཀྱི་བྱེ་བྲག་བཀག་པ་མཛད། ཐུག་ཐུག་ཟེར་བ་དང་། ཀྲིག་ཀྲིག་ཟེར་བ་བཅང་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་རྗེསུ་གནང་བ་དེ་དག་ཡང་བཀག་པ་ཡིན་ལ། བཀག་པ་ཡང་རྗེསུ་གནང་བ་ནི་དཔེར་ན་དུས་མ་ཡིན་པའི་ཟས་སྔར་བཀག་པ་ལས་ནད་པ ་ལ་ཡང་རྗེསུ་གནང་བ་མཛད་པ་འདི་ཡང་རྗེསུ་གནང་བ་ཡིན་པ་ལྟ་བུའོ།། རྣམ་པ་ཐ~ཾད་དུ་དངོས་པོ་ནི་སྲོག་ལ་ཐུག་ཀྱང་མི་བྱའོ་ཞེས་བྱ་བ་ནི་དགག་པ་ཡིན་ཏེ། དཔེར་ན་ང་ལ་སྟོན་པར་འཛིན་པ་དག་གིས་ཐ་ན་ཆང་རྩའི་མཆོག་མས་ཀྱང་བཏང་བར་མི་བྱ་ཞིང་སྦྱིན་པར་མི་བྱཱ ་ཞིང་སྦྱིན་པར་མི་བྱ་བ་དང་། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་གཅིག་ཏུ་བྱ་བ་མ་ཡིན་པ་ཉིད་དུ་གསུངས་པ་ལྟ་བུའོ།། གང་བྱ་བ་འགའ་ཞིག་ལ་འདོད་པས་འཇུག་པའི་ཡུལ་རྗེསུ་གནང་བ་ཡང་བྱ་བ་མ་ཡིན་པ་འམ། བྱ་བའི་ཉེས་བྱས་ཞྭ ་བྱ་བའི་ཉེས་པ་འབྱུང་བ་མ་ཡིན་ཏེ། དཔེར་ན་ཕྱིར་རྒོལ་བ་ཚར་བཅད་པར་བྱ་བའི་ཕྱིར་ཕྱི་རོལ་གྱི་བསྟན་བཅོས་བཀླག་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། ཟད་མོའི་དོན་ཁོང་དུ་ཆུད་པའི་ནུས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཤེས་རབ་ཞན་པ་སྟེ། ཤྲེ ་བྱའི་དངོས་པོའི་ཕྱི་རོལ་ན་ཡོད་པའི་ཤེས་རབ་གང་ལ་ཡོད་པ་དེ་དགོ་ནི་ཤེས་རབ་ཞན་པ་ཅན་ཞེས་བྱ་བའོ་དབོང་དུ་བྱས་པའི་ཕྱིརརོ།། དོན་ལ་བལྟོས་པ་མེད་པ་ཉིད་ཀྱི་ཕྱིར་ཡི་གེ་ཙམ་གྱི་རྗེ་སུ་འབྲེང་བ་ཞེས་སྨོས་སོ།། དོན་ཟང་མོ་ལ་མོས་པ་ཞེས་བྱ་བ་ནི་དོན་ཟབ་མོ་ཁོང་དུ་ཆུད ་པར་འདོད་པ་དང་བཅས་པའོ།། མ་ལྟ་བུ་ནི་ཆོས་མངོན་པ་སྟེ། མདོ་སྡེ་དང་འདུལ་བའི་སྡེ་སྣོད་དག་གི་དོན་འཆད་པའི་སྒོ་ནས་མ་ལྟ་བུ་ཉིད་ཡིན་པའི་ཕྱིརརོ།། དེའི་ཕྱིར་མདོ་སྡེ་དང་འདུལ་བའི་དོན་ཡང་དག་པར་བསྲུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། མདོ་སྡེ་དང་འདུལ་བ་ནི་དོན་གྱི་སྒོ ་ནས་ཆོས་མངོན་པར་ཡང་དག་པར་འདུས་པ་དེ་ཉིད་ཀྱི་ཕྱིར་དེ་བསྡུས་པས་མདོ་སྡེ་དང་འདུལ་བའི་དོན་ཡང་དག་པར་བསྡུས་པར་འགྱུརརོ།། དེའི་ཕྱིར་མཚན་ཉིད་ཅེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་པས་ན་ཤེས་བྱ་ཡིན་ལ། དེ་ཉིད་མཚོན་ཉིད་ཡིན་པ་དེ་བས་ན་ཆོས་མངོན་པར་རབ ་ཏུ་བསྒྲགས་པ་སྟེ། རབ་ཏུ་གསལ་བར་བྱས་ཞེས་བྱ་བའི་ཐ་ཚིག།། མདོ་སྡེ་ནི་དགོངས་པ་སྟོན་པ་ཡིན་ལ། འདུལ་བ་ནི་འབྱུང་བ་སྟོན་པ་ཡིན་ཏེ། དགོངས་པ་ནི་བསམ་པ་ཡིནོ།། དྲན་པ་ཉེ་བར་བཞག་པ་བཞི་ནི་ལུས་དང་ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ ་ཡང་དག་པར་སྤོང་བ་བཞི་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད། རྩོན་འགྲུས་རྩོམ་པར་བྱེད། སེམས་རབ་ཏུ་འཛིན་པར་བྱེད་དོ།། སྐྱེས་པ་རྣམས་ཕྱིར་དབྱུང་བར་བྱ་བའི་ཕྱིར་དང་། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར ་དང་། བསྐྱེད་པ་རྣམས་སྤང་བར་བྱ་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། སེམས་རབ་ཏུ་འཛིན་པར་བྱེའོ།། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་འཛིན་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་བརྩོན་འགྲུས ་ཀྱི་ཏིངངེ་འཛིན་དང་། སེམས་ཀྱི་ཏིང་འཛིན་དང་། དཔྱོད་པའི་ཏིང་འཛིན་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ།། དབང་པོ་ལྷ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་ཅེས་བྱ་བའོ།། དེ་དག་ཁོ་ན་གནས་སྐབས་གཞན ་ཐོབ་པར་གྱུར་པ་ལ་སྟོབས་ཞེས་བྱའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལའོ།། ལ་ད ་པའི་ལམ་ཡན་ལག་བརྒྱད་པ་ནི་ཡང་དོག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏོ།། སོ་སོ་ཡང་དག་པར་རིག་པོ་བཞི་ནི་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་ཞེས་བྱའོ།། དགེ་སྦྱོང ་གི་འབྲས་བུ་བཞི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པའོ།། ཆོས་ཀྱི་གནས་བཞི་ནི་བརྣབ་སེམས་མེད་པའི་ཆོས་ཀྱི་གནས་དང་། གནོད་སེམས་མེད་པ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་འཛིན་ཆོས་ཀྱི་གནསོ།། ལྗོངས་པ་མེད་པ་ཞེས་བྱ་བ ་ནི་དགྲ་བཅོ་མ་འགའ་ཞིག་གིས་སོན་འོངས་པ་ལས་བྱུང་བ་སྡུག་བསྔལ་བ་དང་བདག་ཉིད་མཆོད་པར་བྱ་བའི་བྱེ་བྲག་ཏུ་ཤེས་ནས་གཞན་དག་གི་དེ་ལ་དམིགས་པའི་ཉོན་མོངས་པ་སྐྱེས་པ་ཡོངསུ་སྤང་བར་འདོད་པས་དེ་དང་འདྲ་བའི་ཡེ་ཤེས་བསྐྱེད་པ་གང་གི ་རྣམ་པ་ཐ~ཾད་དུ་ཕ་རོལ་པོ་དག་ལ་ཉོན་མོངས་པ་སྐྱེས་པར་མི་བྱེདདོ།། ཉོན་མོངས་པ་ཡང་ཀུན་ནས་ཉོན་མོངས་པ་ཡིན་ཏེ། རང་དང་གཞན་གྱི་རྒྱུད་ཟད་པར་བྱེད་པའི་ཕྱིརརོ།། སྨོན་ལམ་ཡེ་ཤེས་ལ་སོགས་པ་ནས་ལྷག་མཐོང་གི་མཐར་ཐུག་པ་ནི་གོ། ་ཏན་གྱི་ཁྱད་པར་ཡིནོ།། ཡང་དག་པར་བསྡུས་པའི་རྣམ་གྲངསུ་དང་ཆོས་ཀྱི་ཕུང་པོ་དང་། བཏགས་པ་ནི་བསྟན་བཅོས་ཀྱི་རང་བཞིན་ནོ།། སྡེ་སྣོད་ནི་ཕུང་པོ་ཡིན།། ཀྱེ་ཞེས་བྱ་བ་ནི་སྤྱིར་འབོད་པ་སྟེ། འདི་ལྟར་ཀྱེ་འཇིག་རྟེན་སྐྱོང་བ། ཀྱེ་ལྷ་ཞེས་བྱ་བ་ལ་སོགས་པ་ལྷ ་བུའོ།། ཆོས་ཀྱི་བསྟན་བཅོས་བསྡུས་ཤིང་རྗེསུ་མཐུན་པའི་ཚིག་དང་། ཡི་གེའི་སྒོ་ནས་བཞག་པ་ཅིའི་ཕྱིར་ཞེ་ན། འགྲོ་ལ་ཕན་ཕྱིར་ཞེས་སྨོས་པ་ཡི་ནོ།། དེ་དག་གང་གིས་གསུངས་པ་ཡིན་ཞེ་ན། སྨྲས་པ། སྟོབས་བཅུའི་བཀའ་སྟེ། བཅྡོཾས་སྟོབས་བཅུས་གསུངས ་པ་ཡི་ནོ།། སེ་ནི་དཔག་ཏུ་མེད་པ་ལ་ཕན་འདོགས་པར་མཛད་པའི་ཕྱིར་དང་། དུབ་པ་དཔག་ཏུ་མེད་པས་ཐུག་སུ་ཆུད་པ་ཉིད་ཀྱི་ཕྱིར་དང་། དོན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་ཚད་མེད་པ་ཞེས་བསྟན་ཏོ།། གང་གིས་འཇིག་རྟེན་ཞེས་བྱ་བ་ལ་སོཊ་པ་ལ། བཀའ་གང་གུས ་འཇིག་རྟེན་ཡང་དག་པར་སྦྱོང་ཞིང་རྒྱུན་གྱིས་འཇོག་པས་ན་སྒྲོན་མའོ།། སྒྲོན་མ་ཁྱད་པར་ཇི་ལྟ་བུ་ཞེ་ན། སྨྲས་པ། བློའི་རབ་རིབ་སེལ་བ་སྟེ། བློ་ནི་ཤེས་རབ་ཡིན་ལ། དེའི་རབ་རིབ་ནི་མི་ཤེས་པ་ཡིན་ཏེ། དེ་འཇོམས་པར་བྱེད་ཅིང་འཇིག་པར་བྱེད་པའི་ཕྱིར ་རབ་རིབ་སེལ་བའོ།། འཇིག་རྟེན་ཁྱད་པར་ཇི་ལྟ་བུ་ཞེ་ན། བློ་ངན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨད་པིར་བློ་ནི་ངན་ནམ་ལོག་པའི་ཤེས་པ་འམ། མི་ཤེས་པ་ཁོ་ན་བློ་ངན་ཡི་ནོ།། བློ་ངན་ཁོ་ནའི་མུན་པ་ཆེན་པོ་ནི། བློ་ངན་མུན་པ་ཆེན་པོ་སྟེ། མུན་པ་ཆེན་པོ་དེ།། ་འཇིག་རྟེན་ཉམས་ཤིང་འཁོར་བའི་འཇིག་རྟེན་དེའོ།། ཇི་སྲིད་དུ་འཕངས་པ་ཞེས་བྱ་བ་ནི་ཇི་སྲིད་དུ་བཅོས་ཀྱི་འཕྲིན་ལས་ཀྱིས་འཕངས་པ་དེའི་སྟོབས་ཀྱིས་དུས་དེ་སྲིད་ཁོ་ནརརྭ་གནས་པ་འགྱུར་བའོ།། ཇི་སྐད་དུ་བཀའ་སྩལ་པ་ཞེས་བྱ་བ་ནི་དེའི་བསྟན་པ་ལོ་སྟོང་རྨ་མེད་པ ་གནས་པར་འགྱུར་བའི་ཕྱིར་བཅྡོཾས་ཀྱིས་དུས་དེ་སྲིད་ཁོ་ནར་གནས་པར་འགྱུར་རོ།། ཞེས་བཀའ་སྩལ་པའོ།། བཀའ་ལུང་བསྟན་པ་ཞེས་བྱ་བ་ལ་ཏཱཾ་ཀའ་ལུང་ནརྀ་ལུང་སྩལ་བ་ཡིན་ལ། བཀའི་ལུང་བསྟན་པ་ནི་བཀའ་ལུང་བསྟན་པའོ།། ང་ཡོངསུ་མྱ་ངན་ལས་འདས་ནས་ཁྱོད ་ཀྱིས་བསྟན་པ་བསྡུ་བ་གྱིས་ཤིག་ཅེས་བྱ་བ་དེ་ནི་བདག་གིས་ཅི་ནུས་སུ་བྱས་པ་ཡིནོ།། མཛའ་བོ་བཞིན་དུ་ཡོངསུ་སྤྱོད་པ་ཞེས་བྱ་བ་ནི་བཅྡོཾས་ལ་བསྙེན་བཀུར་བྱས་པའོ།། ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་ཆོས་ཀྱིསོ།། ཀུན་ཏུ་སྤྱོད་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པའི ་ཀུན་ཏུ་སྤྱོད་པསོ།། སྲོག་ཚངས་པ་མཚུངས་པར་སྤྱོད་པ་ནི་ལྷན་ཅིག་ཏུ་ཞུགས་པའི་དགེ་སློང་དག་གོ།། བླ་མའི་བཀའ་ཞེས་བྱ་བ་ནི་བཅྡོཾས་ཀྱི་བཀའོ།། ཆོས་ཀྱི་ལམ་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་གྱི་ལམ་འམ་གོ་རིམ་ཡི་ནོ།། གཅིག་ནས་གཅིག་ཏུ་ཞེས་བྱ་བ་ནི ་ཕན་ཚུནི་བརྗོད་པའི་སྒོ་ན་སོ།། ངོ་ཚ་མེད་པ་ནི་ཚུལ་ཁྲིམས་འཆལ་པ་ཡིན་པར་རིག་པར་བྱའོ།། ངོ་ཚ་ཅན་ནི་བསླབ་པ་འདོད་པའོ།། ཕན་གདགས་པ་ནི་རྗེསུ་བཟུང་བ་འོམ་བསྡུས་པའོ།། བདག་ལ་ཕན་འདོགས་པའི་ཉོན་མོངས་པ་སྤངས་པའོ།། དཔལ་ནི་མྱ་ངན ་ལས་འདས་པར་འགྲོ་བ་སྟེ། ཕུང་པོ་ལྷག་མ་མེད་པ་ཉིད་ཀྱིས་དཔལ་སྐྱེ་བར་བྱེད་པ་ཉིད་ཀྱི་ཕྱིར།། གྱོན་པ་ཞེས་བྱ་བ་ནི་ཡོངསུ་བགོས་པའོ།། མཆོད་རྟེན་ཆེན་པོ་བཞི་ནི་བལྟམས་པ་དང་། བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་དང་། ཡོངསུ་མྱ་ངན་ལས་འདས ་པ་ཞེས་བྱའོ།། མངོན་པར་དགའ་ཞེས་བྱ་བ་ནི་ལུས་ཀྱི་འགྱུར་བའི་སེམས་ཀྱི་དགའ་བའི་བྱེ་བྲག་སྐྱེས་པའོ།། མཆོད་པ་ནི་དེ་འོངས་པ་ལས་དགའ་བར་རིག་ནས་ཕྱག་ལ་སོ་ཌ་པས་མཆོད་པའོ།། ཚེམས་ཀྱི་མཆེ་བ་ལ་སོགས་པའི་མཚན ་མ་ཞེས་བྱ་བ་ལ་སོཊ་པའི་སྒྲས་ནི་བཅོས་བྱང་ཆུབ་སེ་དེའི་གནས་སྐབསུ་གྱུར་པའི་དབུ་སྐྲ་དང་། ན་བཟའ་ལ་སོགས་པ་བཟུང་བ་ཡིནོ།། བག་ཡོད་པར་གྱིས་ཤིག་ཅེས་བྱ་བ་ནི་དགེ་བའི་ཆོས་ཐཾད་སྒྲུབ་པ་བྱག་ཡོད་པའི་རྩ་བ་ཅན་ཡིན་པ་དེའི་ཕྱིར་དེ་སྐད ་དུ་བསྟན་ཏོ།། ཆད་པས་བཅད་པར་མཆིའོ་ཞེས་བྱ་བ་ནི་ཐོབ་པར་གྱུར་པ་འམ། ཆད་པ་དྲག་པོས་ཚར་བཅད་པར་བྱས་པར་གྱུར་པའོ།། སེན་གྱི་མཆོག་ཅེས་བྱ་བ་ནི་སེཾན་ཀུན་གྱི་གཙོ་བོར་གྱུར་པའི་ཕྱིརརོ།། སྐྱོ་བར་བྱའོ།། ཞེས་བྱ་བ་ནི་བདག་གི་ལུས་བསྟན་པོའི་སྒོ་ནས ་དེ་དག་སྐྱོ་བ་བསྐྱེད་པར་བྱ་བའོ།། གདུང་བ་སྐྱེས་ཏེ་ཞེས་བྱ་བ་ལ། གདུང་བ་སྐྱེས་ཤིང་འབྱུང་བ་གང་ཡིན་པ་དེ་དག་གི་གདུང་བ་སྐྱེས་པར་གྱུར་པའོ།། འབར་བ་ནི་རབ་ཏུ་འབར་བའོ།། སྐྱེ་བ་ནི་འདུས་བྱས་ཀྱི་དངོས་པོ་སྐྱེས་ཤིང་འབྱུང་བར་འགྱུར་བའོ།། འཇིག་པ་ནི་དེ་དག་ཁོ་ན་ཉམས ་པར་གྱུར་པ་སྟེ། ཐོག་པ་མེད་པའི་ཡིས་ཀྱིས་དེ་དག་མཐོང་བར་གྱུར་པ་ན་བླ་ན་མེད་པའི་དཔལ་བསྐྱེད་པ་དེའི་ཕྱིར་དེ་སྐད་བསྟན་ཏོ།། མ་དད་པ་ཞེས་བྱ་བ་ནི་དེ་བཞིན་གཤི་ཊ་པས་བསྔགས་པའི་དད་པ་གང་ལ་མེད་པ་དེ་ནི་དད་པ་མེད་པའོ།། ཞེ་སྡང་དང་བཅས་པ་དང་ལྡན་པའི་སེམས ་ཀྱིས་ཚིགསུ་བཅད་པ་མ་ཡིན་བརྫུན་གྱི་ཚིག་གིས་ཉེས་པ་བརྗོད་པར་བྱེད་པའོ།། དད་པ་ལོག་པར་འཛིན་པ་ཡིས་འབྱིང་བ་ནི་འབྱིང་བ་སྟེ། སྡིག་པའི་འདམ་དུ་འབྱིང་བར་འགྱུར་བ་སྟེ། དཔེར་ན་བ་ཡང་འདམ་དུ་འབྱིང་བ་ལྟ་བུའོ།། ཉམས་པར་ཉེ་བར་སོང་ཞེས་བྱ་བ་ནི་སྡིག་ཆོས་ཀྱིས ་འཇིག་པར་གྱུར་པའོ།། བདེ་ལེགས་འཆི་ལྟས་ལ་སོགས་པ་ནི་སྡིག་པའི་ལྟ་བ་དང་ལྡན་པའོ།། གོ་མིན་ཏེ་ནི་ཤེས་རབ་མེད་པའོ།། ཐོས་ལ་འབྲས་བུ་མེད་ཅེས་བྱ་བ་ནི་འབྲས་བུ་དང་བྲལ་བ་ཡིན་ཏེ། ཆོས་ཐོས་པའི་འབྲས་བུ་ནི་ཁོང་དུ་ཆུད་པ་ཡིན་ལ། ཆོས་ཁོང་དུ་ཆུད་པའི་འཤྲ ་བུ་ནི་སྒྲུབ་པ་ཡིན་ན། འབྲས་བུ་ཁོང་དུ་ཆུད་པ་དང་བྲལ་བ་དེ་ཉིད་ཀྱི་ཕྱིར་འབྲས་བུ་མེད་ཅེས་བསྟན་ཏོ།། སྒྲུབ་པ་དང་བྲལ་བ་ཉིད་ཕྱིར་དུག་དང་འདྲ་ཞེས་བསྟན་ཏོ།། གང་ཡང་ཐོས་པ་ཡང་དག་པར་ཤེས་པར་འགྱུར་བའི་ཐོས་པ་དེ་ནི་མཁས་པས་གསུངས་པ་ཡིན་ཏེ། དེ་ཉིད་དུལ ་བའི་འབྲས་བུ་ཡི་ནོ།། རྒས་པར་གྱུར་ཅེས་བྱ་བ་ནི་འཆི་བ་དང་ཐག་ཉོ་བར་གྱུར་པའོ།། ཉམས་པར་གྱུར་ཅེས་བྱ་བ་ནི་རང་གི་ནུས་པ་དང་བྲལ་བ་ཡིན་པ་དེའི་ཕྱིར་འདི་ལ་ཡང་དག་པའི་དྲན་པ་མེད་པ་ཡིནོ།། རྒས་པ་ཞེས་བྱ་བ་ནི་རྙིངས་ཤིང་རྒས་པའི་གནས་སྐབས་ཐོབ་པའི་སྒོན ་དྲན་པའི་ནུས་པ་ཟིལ་གྱིས་གནོན་པའི་ནུས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། གསར་བུ་དང་ནི་བདག་མི་མཚུངས་ཞེས་བྱ་བ་ནི་བདག་དགེ་སློང་གསར་བུ་དག་དང་ལྷན་ཅིག་སེམས་འདྲ་བའི་སྒོ་ནས་མཉམ་པོར་གྱུར་པ་མ་ཡིན་པའོ།། སྒོང་སྐྱེས་ནི་བྱ་ཡི་ནོ།། གནཱི ་དང་ལྡན་པ་ཞེས་བྱ་བ་ནི་གཅིག་པུ་གནས་དང་ལྡན་པའོ།། གྲོགས་པོ་མངོན་པར་འདས་གྱུར་ཅིང་ཞེས་བྱ་བ་ལ་སོགས་པ་ལ། གྲོགས་པོ་ནི་འདིར་ཤཱ་རི་རཱི་བུ་དང་མོདྒལ་གྱི་བུ་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་ནའོ་ཡིན་པར་རིག་པར་བྱ་སྟེ། ཉན་ཐོས་ཆེན་པོར ་ལུང་བསྟན་པ་ཉིད་དུ་མཚུངས་པ་ཉིད་ཀྱི་ཕྱིརརོ།། གཞན་མཛའ་བོ་ཡང་ཉེན་ཞིང་གཉེན་པོའི་དགྲ་བཅོམ་པོ་དག་ཡིན་པར་རིག་པར་བྱའོ།། དེ་འདྲའི་གྲོགས་ནི་ཡོད་པ་མིན་ཞེས་བྱ་བ་ནི་ཇི་ལྟར་དེ་དག་ཡོད་པ་དེ་འདྲ་བ་གཅིག་ཀྱང་ཡོད་པ་མ་ཡིནོ།། ཇི་ལྟར་བསམ ་གཏན་ཐོབ་པའི་དྲན་པ་ཡིས་ཞེས་བྱ་བ་ལ་བསམ་གཏན་ཐོབ་པ་ནི་བསམ་གཏན་ཐོབ་པ་སྟེ། ཉམསུ་མྱོང་བའི་ཡུལ་དྲན་པར་གྱུར་པ་ལ་རྩེ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་བར་དུའོ།། དྲན་པ་དེ་གཙོ་བོའི་འཇུག་པས་ཚོགས་དེ་ལ་དེའི་ཚེ་གཅིག་པུ་བྱ་བ་བྱེད ་བ་དེ་བཞིན་དུ་འཕགས་པ་ཀུན་དགའ་བོ་གཅིག་པུ་ལྷོག་པར་གྱུར་པ་ཡིནོ།། དྲི་མ་བྲལ་ཞེས་བྱ་བ་ལ་སོཊ་པ་ལ། དེ་དག་མ་གཏོགས་པ་བདག་གཅིག་པུ་ལྷག་མར་གྱུར་པའོ།། དེ་དག་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། དྲི་མ་བྲལ་ནས་ཞེས་བྱ་བ་ནི་ཉོན་མོངས་པའི་དྲི་མ་མ ་ལུས་པར་སྤངས་པའོ།། ཞི་བར་འགྲོ་བ་ནི་ཉེ་བར་ཞི་བ་ཐོབ་པར་གྱུར་པའོ།། འགྲོ་བ་དག་ལ་ཤེས་རབ་ཀྱི་སྣང་བ་རྩོལ་བར་མཛད་པ་དེ་ཉིད་ཀྱི་ཕྱིར་འགྲོ་བའི་སྒྲོན་མ་སྟེ་མ་གཏོགས་པའོ།། གཏི་མུག་ཁོ་ན་མུན་པ་ཡིན་པས་ན་གཏི་མུག་པ་སྟེ། ཡང་དག་པའི་དངོས་པོ་མཐོང ་བ་ལ་སྒྲིབ་པར་བྱེད་པ་ཉིད་ཀྱི་ཕྱིརརོ།། གཏི་མུག་གི་མུན་པ་ཁོ་ན་རབ་རིབ་ཡིན་ཏེ། དེ་བསལ་བ་གང་ཡིན་པ་དེ་དག་ནི་གཏི་མུག་རབ་རིབ་བསལ་པོ་སྟེ། དེ་མ་གཏོགས་པའོ།། ཡོན་ཏན་ཆེན་པོ་ཉིད་དང་ལྡན་པའི་ཕྱིར་ཆེན་པོ་སྟེ། དེ་མ་གཏོགས་པའོ།། ཚད་མེད་པའི་འདུལ་བ་ག། ་དག་ཡིན་པ་དེ་དག་ནི་ཚད་མྱེད་འདུལ་བ་སྟེ། འདུལ་བའི་སྒྲས་ནི་འདིར་འདུལ་བའི་སྐྱེ་བོ་ལ་ཕན་གདགས་པ་ཡོངསུ་བཟུང་བ་ཡིནོ།། ཅི་དེ་འདྲ་བར་ཞེ་ན། དགོན་པའི་མཆོད་རྟེན་ནགས་ཀྱི་ཤིང་འདྲ་བར་ཞེས་བྱ་བར་སྨྲས་ཏེ། ཇི་ལྟར་དགོན་པའི་མཆོད་རྟེན་གྱི་ཤིང་ནགས ་ཀྱི་ཤིང་དེ་དང་འདྲ་བར་གྲ་བཅོ་པ་དག་མ་གཏོགས་པར་གཅིག་པུ་ལྷག་མར་གྱུར་པའོ།། གོང་བུའི་ཚུལ་དུ་ཤིང་གི་རྩ་བའི་ཕྱོགསུ་སོ་ཕག་གིས་བརྩིགས་ཤིང་དབྱིབསུ་བྱས་པ་ནི་མཆོད་རྟེན་གྱི་ཤིང་ཞེས་བྱ་ཞིང་། ནགས་ཀྱི་ཤིང་ནི་སོ་ཕག་གི་བྱ་བས་སྟོང་པའོ།། ་མཚན་དང་མི་ལྡན་པ་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོ་མཚན་སུམ་ཅུ་རྩ་གཉིས་དང་བྲལ་བྱའོ།། སངས་རྒྱས་དང་འདྲ་བར་སྐྱེ་བོ་མཐའ་མེད་པར་འདུལ་བར་བྱེད་པའི་ཕྱིར་དང་སངས་རྒྱས་དང་འདྲ་བས་ན་སངས་རྒྱསོ།། བཅྡོཾས་ཀྱི་སྐྱེས་པོ་འདི་ཞེས་བྱ་བ་ལ་སོ ་པཔཱ་ལ། བཅྡོཾས་དེ་སངས་རྒྱས་ཀྱི་སྲས་ཡིན་པས་ན་སྲསོ།། རྗེ་སུ་སྐྱེས་པ་ཞེས་བྱ་བ་ནི་བཅྡོཾས་ཀྱིས་དུས་སུ་འབྱུང་བ་ཉིད་ཀྱི་ཕྱིར་རྗེ་སུ་སྐྱེས་པ་ཞེས་བསྟན་ཏོ།། མངོན་པར་སྐྱེས་པ་ནི་ཡོན་ཏན་དག་གི་སྒོ་ནས་བསྔགས་པ་ཉིད་ཀྱི་ཕྱིརོ།། དམ་པའི་ཆོས་ཁོ་ན་མཛོད ་ཡིན་ཏོ།། དེ་ཡོངསུ་བསྲུང་བ་དེ་ལ་བདག་གི་བློ་ངེས་པ་སྟེ། ངེས་པོ་དང་ལྡན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། སྲིད་པ་འགྲོག་པར་བྱེད་ཅེས་བྱ་བ་ནི་ཉེ་བར་ལེན་པོའི་ཕུང་པོ་ལྔ་འཇིག་པར་བྱེད་པའོ།། ཉོན་མོངས་པའི་དྲི་མ་དང་བྲལ་བ་ཉིད་ཀྱི་ཕྱིར་དེའི ་བློ་རྣམ་པར་དག་པའོ།། མངོན་དུ་ཞེས་བྱ་བ་ནི་མངོན་དུ་ཕྱོགས་པའོ།། ཐུབ་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པའི་བརྗོད་པ་མ་ལུས་པ་ལས་ཉེ་བར་ལོག་པའི་ཕྱིར་ཐུབ་པའོ།། མྱ་ངན་ནི་སྐྱེ་བོ་མཛད་པ་དང་བྲལ་བ་ལས་སྐྱེས་ཤིང་ཉོན་མོང ་པ་ལས་གྱུར་པའི་ཡིད་ཀྱི་གདུང་བའོ།། མྱ་ངན་ཁོ་ན་མུན་པཱ་ཡི་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་ཉོན་མོངས་པ་ཉེ་བར་ཞི་བའི་ཐབས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་མྱ་ངན་མུན་པ་བསལ་བའོ།། ཡང་ན་མུན་པ་ནི་མི་ཤེས་པ་ཡིན།། སྐྱེ་བོ་མང་པོ་ནི་སྐྱེ་བོ་ཆེན་པོ ་གོ་རྗེསུ་བརྩེ་བའི་སྒྲས་ནི་འདིར་ཕན་འདོགས་པ་བརྗིད་པ་མི་ནོ།། སྲིང་པོ་གསུམ་ན་གནས་པ་དག་ལ་བླ་ན་མེད་པའི་ཡིས་ཀྱི་སྣང་བ་མཛད་པ་དེ་ཉིད་ཀྱི་ཕྱིར་སྒྲོན་མ་བ་ཅྡོཾས་དེ་བཅྡོཾས་དེའོ།། འདབ་མ་བརྒྱ་པ་ནི་པདྨ་ཡིན་ལ་ཁ་བྱེ་བ་ནི་རྒྱས་པ་ཡིན་ཏེ། པདྨ ་འདབ་མ་དང་རྨྨ་བཱཪྵ་ཡངས་ཤིང་རྒྱ་ཆེ་བའི་སྤྱན་གང་ལ་མངའ་བ་དེ་ནི་སྠཱ་ཡངས་འདབ་མ་རྒྱས་པ་ཁ་བྱེས་ནོ།། ཁྱེ་ལ་བདག་ཅག་སྐྱབསུ་མཆི་བ་ནི་ཁྱོང་ཁོ་ན་སྐྱབསུ་གྱུར་པའོ།། བར་གཤེན་པ་སྟེ། གལ་ཏེ་རབ་ཏུ་ཞི་བར་གཤེགས་ན་དེ་ནི་བདག་། ་དོན་ཏེ་བདག་གི་དཔལ་དུ་གྱུར་པའི་ཕྱི་རོ།། སྐུ་ནི་ལུས་ཏེ་བདག་གི་ཡུལ་འདིར་དོང་ཞིག་པ་ཡིནོ།། གནས་བརྟན་ཀུན་དགའ་བོས་སེམས་བསྐྱེད་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་སེམས་ཏེ། ཉན་ཐོས་ཆེན་པོ་དག་ནི་བདེ་བར་གཤེགས་པ་དང་འདྲ་བར་འཇིག་རྟེན་པའི་སེམས།། ་བསྐྱེད་པ་ཡིནོ།། ལམ་མེད་པ་ཞེས་བྱ་བ་དྷི་ཕྱི་རོལ་ཏུ་འཇུག་པ་དང་བྲལ་བསྡུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་ལས་བྱེད་དུ་རུང་བའོ།། དྲང་སྐྱོང་དང་འཁོར་ལྔ་བརྒྱ་བློ་དེ་དག་རབ་ཏུ་བྱུང་བ་ཞེས་བྱ་བའི་ཚིག་འདི་ལས་ཆུའི་དབུས་སུ་ཉི་མ་དུ་མམཱའི་གཟུསྐ་བས་ཡོད་པར ་ཤེས་པར་བྱ་སྟེ། གང་གི་ཕྱིར་ཉི་མ་གཅིག་ལ་ལྔ་བརྒྱ་པོ་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱ་བར་ནུས་པ་མ་ཡིན་ཏེ། དེ་དག་གསོལྔ་པ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་ཉིད་ཀྱི་ཕྱི་རོ།། བསུམ་པོ་དག་ལས་ཀྱི་ཚིག་གཅིག་གིས་བསྙེན་པར ་རྫོགས་པ་ནི་ཡང་རེ་ལྡེ་ལ་སོགས་པས་མཚམས་བཞི་མནན་ཏེ། བསྙེན་པར་རྫོགས་པར་བྱེད་ན་ཡང་ཉི་མ་གཅིག་གིས་ལྔ་བརྒྱ་པོ་དག་གི་བསྙེན་པར་རྫོགས་པར་བྱ་བར་ནུས་པ་མ་ཡིན།། ཚུར་སྤྱོན་ཚུར་སྦྱིན་ཞེས་བྱ་བ་ནི་ཐག་ཉེ་བ་འདིར་ཤོག་ཅིག་ཤོག ་ཅིག་པའོ།། ཆུ་ངོགས་གཉིས་ནས་སྐྱེ་བོའི་འཇུག་པ་དེ་ལྟ་བུ་ཐོས་ནས་འཕགས་པ་ཀུན་དགའ་བོའི་ལུས་ཐ་དད་པ་བློ་སྟེ་སེམསུ་བྱེད་པ་སྔོན་གྱི་ལས་ཀྱི་རྣར་སྨིན་པ་ལས་གྲུབ་པའི་ཕྱིར་སྔོན་གྱི་ལུས་ཞེས་བསྟན་ཏོ།། དེ་དུམ་བུར་ཆད་པ་ནི་རྣམ་པ་གཉིས་བྱས ་པའོ།། ཡིས་ཁོ་ན་རྡོ་ཡིན་ལ་དེ་ཉིད་མི་ཤེས་པ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རྣོན་པ་ཡིནོ།། ཤིན་ཏུ་འཇིགས་པ་སྐྱེ་བ་ཉིད་ཀྱིས་རྣོར་འཁྲུགས་པ་ནི་གདུག་པ་ཡ་ནོ།། དེ་ནས་ཀླུ་ཞེས་བྱ་བ་ལ་སོགས་ལ་ཀླུ་དག་གིས་རྡུལ་གྱི་ཆར་ཕབ་པར་གྱུར་པ་གང་ཡིན་པའི།། ་ཚེ། འཕགས་པ་བྱམས་པ་ལ་སྙོམས་པར་ཞུགས་པའི་མཐུས་ལུས་ལ་མེ་ཏོག་རྣམ་པ་སྣ་ཚོགས་པའི་ཆར་འབབ་བྱ་ཡི་ནོ།། མདའི་ཆར་ཕབ་པ་ཡང་གནས་ཏེ། མལ་ལ་མེ་ཏོག་གཱི་དྲ་བ་རྣར་གནས་པ་ཡི་ནོ།། རིའི་རྩེ་མོ་ཀླུས་འཕངས་པ་དག་ཀྱང་ན་མཁའ་ལ་གནས་པ ་ཉིད་དུ་འཇིག་པར་འགྱུར་བ་དེའི་ཕྱིར་འདི་སྐད་དུ་རིའི་རྩེ་མོ་དེ་ཡང་ནི་ཞིག་པར་ཞེས་བྱ་བ་གསུང་སོ།། དཔེ་ནི་གངས་རིའི་རྩེ་མོ་མཐོན་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིནོ།། མེས་མི་ཚིག་ཅེས་བྱ་བ་ནི་གནས་པ་རྙེད་པའམ་འཇུག་པ་འབྱུང་བར་མི་འགྱུར་རོ།། ལུང་བ་དགུའི། ་ནང་ཞེས་བྱ་བ་ནི་རྩ་བའི་ཡུལྀ་ལ་འཕགས་པ་དེས་སྐྱིལ་མོ་ཀྲུང་བཅས་པ་དང་། ལོགས་གཉིས་ཀྱིས་ལུང་པ་དགུའི་ནང་ནོན་པ་ཡིན་ཏེ། དགུ་ཕྲག་གཉིས་ལ་བཅོ་བརྒྱད་དུ་འགྱུར་བས་དགུ་པོ་སྤྱི་ལ་ལུང་པ་དགུའི་ནང་ཞེས་བསྟན་པ་ཡིན་ཏེ། རི་བོའི་ཡུལ ་བརྒྱད་ཀྱི་སྒོ་ཁྱབ་པར་བྱས་ཞེས་བྱ་བའི་བར་དུའོ།། ལོ་སྟོང་གི་བར་དུ་ཞེས་བྱ་བ་ནི་གནས་བརྟན་གྱིས་ལོ་སྟོང་གི་བར་དུ་བསྟན་པ་ཉམས་པ་མེད་ཅིག་རལ་པར་གནས་པར་འགྱུརརོ་ཞེས་མངོན་པར་དགྱེས་པས་བསྟན་པ་ཡིན་ལ། ཀླུས་ཀྵདྨ་ཇི་སྲིད་བསྟན། ་པ་གནས་པར་འགྱུར་བ་དེ་སྲིད་དུ་ཁས་བླངས་པ་དེའི་ཕྱིར་ཀླུ་དག་གིས་ཁས་བླངས་པ་ཡིནོ།། རུང་བ་མ་ཡིན་པའི་ཞེས་བྱ་བ་ནི་དགེ་སློང་དང་ཚུལ་འདྲ་བ་མ་ཡིན་པ་དང་། འདུལ་བ་དང་འགལ་བའོ།། མདོ་སྡེའི་མཚན་ཉིད་དང་འགལ་བ་ཉིད་ཀྱི་ཕྱིར་མདོ་སྡེ་དང་།། ་འགལ་བའོ།། དེ་དང་འདྲ་བར་འདུལ་བ་དང་འགལ་བའོ།། སྟོན་པའི་བསྟན་པ་ལ་ཡང་མེད་ཅེས་བྱ་བ་ནི་བཅྡོཾས་ཀྱིས་གསུངས་པའི་སྤོང་བའི་རིམ་པ་དང་བྲལ་བའོ།། མདོ་སྡེ་ལ་མི་འཇུག་ཅེས་བྱ་བ་ནི་མདོ་སྡེར་གསུངས་པའི་མཚན་ཉིད་དང་འདྲ་བ ་བ་མེད་པའོ།། འདུལ་བ་ལ་མི་སྣང་ཞེས་བྱ་བ་ནི་འདུལ་བ་དེ་དང་འགལ་བའི་མཚན་ཉིད་སྲིད་པའི་ཕྱིརརོ།། ཆོས་ཉིད་དང་ཡང་འགལ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཆོས་ཉིད་དམ་ཆོས་མངོན་པ་དང་འགལ་བའོ།། ཀུན་ཏུ་སྤྱོད་པ་ནི་སྦྱོར་བའི་གནས་སྐབས་ཡིན ་ལ་ལྷག་པར་སྤྱོད་པ་ནི་དངོས་གཞིའི་གནས་སྐབས་ཡི་ནོ།། ཇི་སྲིད་དུ་དགེ་སློང་དག་གིས་ཇི་ལྟར་ལས་སུ་བྱ་བ་དེ་ཕྱིན་ཅི་ལོག་ཏུ་བྱས་པའི་ཕྱིར་ཆོས་མ་ཡིན་པའོ།། ཐ~ཾང་མཚམསུ་མ་ལྷགས་ཤིང་མ་འདུས་པར་ལས་བྱས་པའི་ཕྱིར་ལས་ཉམས་པ་ཡིན།། ལས་ཀྱི་རྩེ ་པརྫོགས་ནས་ཧུ་ལུ་ཧུ་ལུའི་སྒྲ་བརྗོད་པ་དེའི་ཕྱིར་ཧུ་ལུ་ཧུ་ལུའི་རུང་བ་ཡིནོ།། ཞེས་བསྟན་ཏོ།། སྒྲ་འདི་བརྗོད་པ་ནི་བདག་ཉེས་པར་འགྱུར་བ་མ་ཡིནོ་ཞེས་དགོངསོ།། ཡི་རང་བའི་རུང་བ་ཞེས་བྱ། བ་ལ་ཡི་རང་བ་ནི་ཀུན་ཏུ་སྤྱོད་པར་རབ་ཏུ་གྲགས་པ་ཡིནོ།། ས་རྐོ་བ་དེ་ནི ་རབ་ཏུ་གྲགས་པ་ཡིན་ཏེ། འདི་བྱས་ན་སྲོག་གཅོད་པར་མི་འགྱུར་ཏེ། འབྱུང་བའི་གྲོང་འཇིག་པར་འགྱུར་བ་ཡང་མེད་དོ་སྙམ་པའི་རུང་བ་འདིས་རྒོལ་བར་བྱེདོ།། དུས་སུ་རུང་བ་དང་ལྷན་ཅིག་བསྲེས་ནས་དུས་མ་ཡིན་པར་ལོང་སྤྱོད་པ་ནི་ལན་ཚྭ་རུང་བའོ།། སྦུབས་ཁར ་བཅུག་ནས་བཞིབས་པའི་ཚུལ་གྱིས་ཆང་འཐུང་བ་ནི་ལྕེ་འུས་བཞིབས་ཏེ་ཆང་འཐུང་བའོ།། འབྲས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། འཚོ་བའི་འབྲས་བུ་ཆེར་འབྱིན་པའི་ཕྱིར་འབྲས་བུ་ཆེན་པོ་ཡིན་ལ། ནང་མེད་པོའི་འབྲས་བུ་གྲུབ་པ་ཉིད་ཀྱི་ཕྱིར་ཕན ་ཡོན་ཆེ་བ་ཡིན་ཞིང་། འདོད་པའི་དངོས་པོ་དང་ཕྲད་པའི་འབྲས་བུ་འབྱིན་པའི་ཕྱིར་གཟི་ཆེ་བ་ཡི་ནོ།། ཕུན་སུམ་ཚོགས་པ་འབྱིན་པར་བྱེད་པའི་ཕྱིར་རྒྱ་ཆེན་པོར་གྱུར་པ་ཡི་ནོ།། རྣམ་པར་ཐར་པ་བརྒྱད་བསྒོམ་ཞིང་ཞེས་བྱ་བ་ནི་རྣམ་པར་ཐར་པ་བརྒྱད་བསྒོམ་པའོ།། ་རང་བཞིན་ཅན་ཡིན་ཏེ། དགྲ་བཅོམ་པ་ཀུན་ནི་རྣམ་པར་ཐར་པ་བརྒྱད་པོ་ཐ~ཾད་བསྒོམ་པའི་ངང་ཚུལ་ཅན་མ་ཡིན་པ་དེའི་ཕྱིར་དེ་སྐད་དུ་བསྟན་ཏོ།། ཐག་ཉེ་བར་བྱས་པ་ཡོངསུ་སྤངས་པའི་ཕྱིར་བྱ་བ་ཉུང་བ་ལའོ།། མ་ཐོབ་པའི་བྱ་བའི་ཡོངསུ་བསྩགས་པའི་ཕྱིར ་བྱ་བ་ཉུང་བ་ལ་གནས་པའོ།། རྒྱས་པར་སྨྲས་པ་ཞེས་བྱ་བ་ནི་ཇི་ལྟར་དེའི་རྙེད་པ་སྐྱེས་པར་གྱུར་པ་དེ་ལྟའོ།། བསླབ་པའི་ཡུལ་ལོ་ལྷོད་པ་སྟེ་འཇུག་པ་ལྷོང་པ་དེས་ལུས་ལ་སོགས་པའི་ཀུན་ཏུ་སྤྱོད་པ་འཕེལ་ཞིང་རྒྱས་པར་གྱུར་པ་གང་ཡིན་པ་དི་ནི་བསླབ་པོ་ལ ་ལྷོང་པ་རབ་ཏུ་འཕེལ་བའི་ཀུན་ཏུ་སྤྱོད་འ་དྲེསོ།། རུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དགེ་སྦྱོང་མ་ཡིན་པའོ།། འཕགས་པའི་ལམ་དང་རྗེསུ་མཐུན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མི་མཐུན་པའོའོ།། རབ་ཏུ་བྱུང་བ་དང་རྗེས་མི་མཐུན་པ་ཉིད་ཀྱི་ཕྱིར་མི་མཛེས ་བའོ།། མ་འོངས་པ་ཁོ་ན་ཞེས་བྱ་བ་ནི་སྔ་མ་ཐོབ་པར་ནུབ་པར་བྱས་པའོ།། གློནས་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་དགེ་སློང་གི་བྱ་བ་ལ་གསོལ་བ་ལ་སོགས་པའི་ལས་ལས་ཕྱི་རོལ་ཏུ་གྱུར་པའོ།། ཆད་པས་བཅད་པ་ཞེས་བྱ་བ་ནི ་ཕྱོགས་བཙལ་བའི་སྒོ་ནས་རྩོང་པོ་བྱང་བའོ།། ཇི་ལྟར་རྩོད་པ་སྨྲ་བ་དགོ་ཅེས་བྱ་བ་ནི་ཚིག་གི་སྒོ་ནས་ཐག་ཉེ་བར་དམོ་བཅའ་བ་འཇོག་པ་དོག་གོ།། བགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བགས་ཀྱིས་བྱ་བ་ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་གང ་མིན་པའི་གས་པར་བྱང་ཅད་ད་ལ་ཚུལ་བར་འགྱུར། ས་པར་བྱ་བ་ལུས་ལ་སོགས་པའི་ལེགས་པར་སྣང་བ་བགས་ཀྱིས་བྱེང་ཅང་རྒོལ་བར་མི་བྱེད་དོ།། ཚུལ་བཞིན་བྱེད་པ་ནྡྷར་སྤངས་ཞེས་བྱ་བ་ནི་འཕམས་པའི་ལམཆོག་ས། ་དང་བཅས་པ་ཡོངསུ་སྤངས་ན་སོ།། བྱིས་པོས་སྡུག་བསྔལ་ལྷག་པར་རྙེད་ཅེས་བྱ་བ་ནི་བསམ་པ་ངན་པས་སེམས་ལ་ཉེས་པོར་སྨྲ་བ་སྨྲ་ཞིང་ཉེས་བྱས་ཀྱི་ལས་བྱེད་པས་ན། བྱིས་པ་ཞེས་བྱ་བའི་དབང་དུ་བྱས་ནས་ཐོས་པར་གྱུར་པའོ།། གྲགས་མིན་ནོས། ་བྱ་བ་ལ་སོགས་པ་ནི་གོ་སླའོ།། ལུསཽ་ལ་སོགས་པའི་ལེགས་པར་སྤྱད་པ་འམ། ལམ་བསྒོམ་པའི་ལས་ལ་མྱུར་བ་དང་། བྱ་བ་མ་ཡིན་པའི་བསམ་པས་ལུས་མ་ཡིན་པ་ལ་འགོར་བ་དེ་ཉིད་བློ་དང་ལྡན་པའོ།། ཚུལ་བཞིན་མ་ཡིན་པ་འཁོར་བར་འཇུག་པའི ་ལོམ་དེ་རབ་ཏུ་སྤངས་པས་མྱ་ངན་ལས་འདས་པའི་བདེ་བ་རྙེད་པར་འགྱུར་རོ།། མིང་ཐ་དད་པར་གཟུང་བ་ནི་མིང་ནས་ཕྱུང་བ་སྟེ། དགྲ་བཅོམ་པ་བདུན་བརྒྱའི་མིང་རེ་རེ་ནས་གཟུང་བ་ཞེས་བྱ་བའི་བར་དུའོ།། ཆེར་འཁྲུགས་པར་འགྱུར་ཞེས་བྱ་བ་ནི་མིང་མང་པོ་སྨོས་པ ་ལས་རྣར་འཁྲུགས་པར་འགྱུ་རོ།། འདུལ་བ་འཛིན་པ་ནི་གཞུང་དང་དོན་གྱི་སྒོ་ནས་འདུལ་བ་འཛིན་པའོ།། མང་དུ་ཐོས་པ་ནི་བསྟན་བཅོས་གཞན་ལ་མཁས་པའོ།། གཞན་ཞིག་ནི་གཙོ་བོའི་སྒོ་ནས་ཁྱད་པར་དུ་འཕགས་པའོ།། དབང་པོ་དུལ་བ་ནི་མིག་ལ་སོགས ་པའི་དབང་པོ་དུལ་བའོ།། ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་ཐེ་ཚོམ་ཆོད་པའོ།། ཉེས་པར་བྱེད་པའི་རྒྱུ་ཉོན་མོངས་པ་མེད་པའི་ཕྱིར་འགྱོད་པ་བཅད་པའོ།། འདུན་ཁང་ནས་བྱུང་བྱ་བ་ནི་དགེ་འདུན་གྱི་ཚད་ཀྱི་དགེ་སློང་མཚམས་ཀྱི་ཕྱི་རོལ་ཏུ་བྱུང་ནས་ལས་དེ ་ལ་ཚེ་དང་ལྡན་པ་ཀུབ་ཚེ་སོ་མ་ལ་རྣམ་པར་གསལ་བར་བསམ་པ་ཡིན་ཏེ། དགེ་སློང་མང་པོ་དག་ཕྱག་བྱེད་པར་གྱུར་པ་ན་དུས་རིང་པོ་འདས་པར་གྱུར་པ་དེའི་ཕྱིར་ཕྱི་རོལ་གྱི་མཚམ་སུ་དགེ་སློང་དག་འགྲོ་བ་ཡིནནོ།། ཡངས་པ་ཅན་པས་ཀུན་ཏུ་བརྟགས ་པའི་གཞི་བཅུ་བཀག་ནས་འདུལ་བའི་སྡེ་སྣོད་དང་མདོ་སྡེ་དང་། ཆོས་མངོན་པའི་སྡེ་སྣོད་ཡང་བསྡུས་པ་དེ་བས་ན་དགྲ་བཅོམ་པ་བདུན་བརྒྱས་ཡང་དག་པར་བསྡུས་པ་ཞེས་བྱ་བའི་མིང་དུ་བཏགས་པ་ཡིན་ཏེ། དགྲ་བཅོམ་པ་བདུན་བརྒྱས་བསྡུས་པ ་ཉིད་ཀྱི་ཕྱིར་རོ།། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་སྒོ་བརྒྱད་པའོ།། དེ་ཉིད་རྣམ་པར་འབྱེད་པར་ནུས་པའི་བློ་ལྡན་མཁས་པ་བསྟན་སྣ་ཚོགས་དོན་འབྲེལ་པའི། ཁ་ན་མ་ཐོ་མེད་པའི ་བཤད་པ་བྱེད་པར་མཁོ་བའི་ནུས་པ་གང་དེ་དག། དགེ་སློང་ཚོགས་ནི་བསྟན་བཅོས་མཉན་ཕྱིར་མངོན་པར་སྦྱོར་བ་དང་བྲལ་ཕྱིན་ཅི་ལོག་པ་ལ།། མངོན་པར་སྦྱོར་ལ་དགའ་བར་ཤེས་ནས་དེ་ཉིད་བརྗོད་པར་གྱུར་ལ་ང་ལྟ་གུས་མ་སྐྱེས། དེ་ཕྱིར་བདག་ནི་དེ ་ཉིད་ཁ་ན་མ་ཐོ་མེད་པ་བརྗོད་ལ་གོམས་ཆུང་ནུས་མེད་ཀྱང་། རྒྱལ་བའི་ཐུགས་ལ་བལྟོས་ནས་མཉམ་པ་མ་ཡོན་ཁ་བཟོ་བྱེད་པར་ཡང་དག་བརྩོན་གྱུར་ཏེ།། ཤིན་ཏུ་བློ་དམན་བདག་གིས་འདིར་ནི་དོན་གང་གོ་རིམ་བཞིན་དུ་ཡང་དག་སྦྱར་བ་མིན།། གང ་ཞིག་ཕལ་མཛེས་པ་ཡི་སྒྲ་ཡིས་སྟོང་པར་གྱུར་པ་ང་ཡི་རྒྱུན་ནི་བཀོད་པ་ཡིན།། དྲན་པ་དམན་པ་ཅན་དང་བསྟན་བཅོས་ཡུལ་གྱི་བྱ་བ་དག་གིས་སྟོང་པར་གྱུར་པ་དང་།། སྒྲ་དང་ལུང་ལ་ལུས་པ་མེད་པའི་བདག་གི་ཚུལ་མིན་འདི་ལ་བླ་མས་བཟོད་པ་མཛོད།། འདི ་ནི་ལེགས་པའི་དོན་ཅན་དག་གང་མཛེས་པར་གྱུར་དང་མཛེས་པའི་སྒྲ་ལྡན་གང་དེ་དག། ཀུན་ཀྱང་བླ་མའི་ནུས་པ་ཡིན་ཕྱིར་ངན་པ་གང་ཡིན་དེ་ནི་བདག་བློ་རྨོངས་པའི་ཡིན།། བསྟན་བཅོས་ཀུན་དོན་ལ་མཁས་པའི།། བླ་མ་ཆོས ་མཆོག་ལས་ཐོས་ནས།། ཕྲ་མོ་ཡི་ནི་འགྲེལ་པ་འདི།། ཚུལ་ཁྲིམས་བསྐྱངས་ཀྱིས་བྱས་པ་ཡིན།། དེ་ལྟར་རྫོགས་སངས་རྒྱས་གསུངས་པ།། ཕྲ་མོའི་དོན་འདི་རབ་བཤད་ལས།། བསོད་ནམས་བྱུང་བ་གང་ཡིན་དེས།། འགྲོ་བས་ཚུལ་ཁྲིམས་བསྐྱངས་ཐོབ་ཤོག ་བདག་ནི་འདི་ནས་འཕོས་པར་གྱུར་ནས་འདིས།། བྱམས་པི་ཞབས་དྲུང་ཉིད་དུ་སྐྱེ་གྱུར་ཅིག། དེ་ཉིད་དུ་ནི་མི་ལུས་ཐོབ་གྱུར་ཕྱིས།། བྱང་ཆུབ་མཆོག་དེར་ལུང་བསྟན་བདག་གོམས་ཤོག། སྦྱིན་སོགས་ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས།། རྡོ་རྗེའི་གདོན་ཐོབ་བདུད ་ལས་རྒྱལ་གྱུར་ཅིག། འགྲོ་བའི་མཆོག་གྱུར་སྤངས་རྒྱས་ཉིད་ཐོབ་ནས།། བདག་གིས་འཇིག་རྟེན་ཕན་བྱ་དོན་བྱེད་ཤོག། ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ། རྫོགསོ།། ་རྒྱ་གར་གྱི་མཁན་པོ་ཤྲཱི་བུད་དྷ་ཤཱིནྟ་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། ། ་