| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བི་ན་ཡ་སཾ་གྲ་ཧ། བོད་སྐད་དུ། འདུལ་བ་བསྡུས་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ།། གང་གིས་མཆོག་ཏུ་འདུལ་བ་མེད ་རྒྱུ་སེམས་ཅན་འདུས་པ་སྨད་པ་ཡི།། སེམས་ཀྱི་ཐིབས་པོའི་ནང་དུ་རྣམ་པར་རྒྱུ་བ་ནུབ་པར་གྱུར་པ་ཡི།། མུན་པ་དེ་ཡི་སྟོབས་ཀྱིས་མ་ལུས་པ་ལ་ཁྱབ་པར་འཇུག་པ་དག། འདུལ་བ་ཉི་མའི་འོད་ཟེར་ལག་པས་རྣམ་བསལ་བདེ་ལ་ཕྱག་འཚལ།། ་དོན་གང་གཞི་དང་ཕྲན་ཚེགས་གླེང་གཞི་སིལ་བུ་ལ་ཡོན་རྣམས་པར་འབྱེད་ལས་གང་གསུངས་དང་།། གང་དག་ལྔ་པ་དང་ནི་བཅུ་དྲུག་པ་དང་ཉེ་བར་འཁོར་གྱིས་ཞུས་ལས་བཤད་པ་དང་།། གང་དག་བྲམ་ཟེའི་བུ་མོ་དང་ནི་འདུལ་བྱེད་དེ་བཞིན ་ང་ག་མ་མོ་ལས་བཤང་བ།། རིན་ཆེན་ཡོན་ཏན་འོད་འབར་བཞིན་དུ་ཡོན་ཏན་འབར་བ་དེ་དག་འདིར་ནི་རིམ་བཞིན་བཞག། སོ་སོར་ཐར་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཡོངསུ་མ་ཉམས་པ་ཆུང་ངུའི་ཡང་ཆུང་ངུ་ལ་སོགས་པའི་རྣམ་པ་ལས ་ཤིན་ཏུ་ཐར་བར་བྱེད་པས་སོ་སོར་ཐར་པའོ།། ཐོས་པ་ཞེས་བྱ་བ་ནི་ཚིག་དང་དོན་རྣ་བའི་རྣམ་པར་ཤེས་པ་དང་། དེའི་རྗེས་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པས་ཡོངསུ་བཅད་པའོ།། རྙེད་པར་དཀའ་ཞེས་བྱ་བ་ནི་སངས་རྒྱས་བརྒྱ་ལམ་བརྒྱ ་ལམ་ན་འབྱུང་བ་དང་བདེ་འགྲོ་ལ་སོགས་པ་རྙེད་པར་དཀའ་བའི་ཕྱིརརོ།། བསྐལ་པ་བྱེ་བ་རྣམསུ་ཞེས་བྱ་བ་ནི་བསྐལ་པ་ཆེན་པོ་བྱེ་བར་ཡང་མི་རྙེད་ལ་བརྒྱ་ལམ་ན་ལྷག་པར་ཡང་མི་རྙེད་པས་མང་དུ་བསྟན་པའི་ཕྱིར་འདི་གསུངས་སོ།། ། ་གཟུང་བ་ཞེས་བྱ་བ་ནི་ཚིག་དང་དོན་ཤེས་རབ་ཀྱིས་རྟོགས་པའོ།། འཛིན་པའང་ཞེས་བྱ་བ་ནི་དྲན་པས་དེ་ཉིད་ཁ་ཏོན་བྱ་བ་ལ་སོགས་པའི་ཚུལ་གྱིས་ཡུན་རིང་དུ་མི་རྗེད་པར་བྱེད་པའོ།། བསྒྲུབ་པ་ཞེས་བྱ་བ་ནི་དེའི ་དོན་ལུས་དང་ངག་དང་ཡིད་ཀྱི་ནན་ཏན་དུ་བྱེད་པའོ།། ཤིན་ཏུ་རྙེད་པར་དཀའ་ཞེས་བྱ་བ་ནི་ནན་ཏན་ཅན་གྱིས་ཀྱང་ཚེགས་ཆེན་པོས་རྙེད་པའི་ཕྱིརརོ།། དེའི་ཕྱིར་ཚིགསུ་བཅད་པ་འདིས་ལུང་དང་རྟོགས་པ་ལ་སོ་སོར་ཐར་པའི་རྙེད་པར་དཀའ ་བར་བསྟན་ཏེ། ཐོས་པ་དང་གཟུང་བ་དང་འཛིན་པ་ནི་ལུང་ལསོ།། སྒྲུབ་པ་ནི་རྟོགས་པ་ལསོ།། སངས་རྒྱས་རྣམས་ནི་འབྱུང་བ་བདེ་ཞེས་བྱ་བ་ནི་ལྷུམསུ་ཞུགས་པའི་དུས་སམ་བལྟམ་པའི་དུས་ནི་སངས་རྒྱས་འབྱུང་བའོ།། ཕྱིས་འབྱུང་བའི ་ཚུལ་གྱིས་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཤེས་བྱའོ།། ཡང་ན་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ན་སངས་རྒྱས་འབྱུང་བ་སྟེ། དེའི་ཚེ་སངས་རྒྱས་ཤེས་བྱ་བའི་རྒྱུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཕྱིརརོ།། རྣམ་པར་གྲོལ ་བ་དགའ་བ་དང་བདེ་བའི་རྒྱུར་འགྱུར་བའི་ཕྱིར་གཙོར་ནི་དེ་བདེ་བ་སྟེ། མི་བདེའོ་ཞེས་བྱ་བ་བཞི་ནོ།། ཆོས་བསྟན་པ་ཞེས་བྱ་བ་ནི་མདོ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་བཤད་པའོ།། དགེ་འདུན་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོ ་གང་ཟག་བརྒྱད་དོ།། མཐུན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་། ལྟ་བ་དང་། ཆོ་ག་དང་། འཚོ་བ་མཚུངས་པ་སྟེ། བྱ་བ་གཅིག་པ་དང་། ཐ་མི་དད་པ་ཞེས་བྱ་བའི་བར་དུའོ།། མཐུན་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཡོངསུ་སྦྱོང་བའི ་ཕྱིར་རོ།། དཀའ་ཐུབ་ཅེས་བྱ་བ་ནི་བསླབ་པ་གསུམ་བསྒྲུབ་པ་སྟེ། ཉོན་མོངས་པ་གདུང་བར་བྱེད་པས་དཀའ་ཐུབ་པོ་དེ་བས་ན་ཚིགསུ་བཅད་པ་འདིས་དཀོན་མཆོག་གསུམ་འབྱུང་བ་དེ་ནི་བདེ་བའི་རྒྱུར་བསྟན་ཏོ།། ཚོགསུ་བཅད་བ་གསུམ ་བས་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། མི་དགེ་བའི་གྲོགས་པོ་སྤོང་བ་བདེ་བའི་རྒྱུར་སྟོན་ཏོ།། ཕྱེད་གོང་མ་དང་ཕྱེད་འོག་མ་དང་གོ་རིམ་བཞི་ནོ།། སྡིག་པ་རྣམས་ལས་རིང་དུ་སོང་བས་འཕགས་པ་ཞེས་བྱ་བའོ།། དམ་པ་དག་ཅེས ་བྱ་བ་ནི་འཕགས་པ་དེ་ཉིད་དེ་ལེགསོ་ཞེས་སྟོན་པའོ།། བྱིས་པ་རྣམས་ཞེས་བྱ་བ་ནི་འཕགས་པ་མ་ཡིན་པ་སྟེ་སྡིག་པ་བྱེད་པ་རྣམསོ།། ཚིགསུ་བཅད་པ་བཞི་པས་ནི་དགེ་བའི་བཤེས་གཉེན་གྱི་རབ་ཏུ་དབྱེ་བ་སྟོན་ཏོ།། འཕགས་པ་ནི་རྣམ་པ ་གཉིས་ཏེ་བརྡར་བཏགས་པ་དང་དོན་དམ་པའོ།། ཀུན་རྫོབ་ཀྱི་ཡང་རྣམ་པ་གཉིས་ཏེ་ཞི་གནས་ཀྱི་ཡན་ལག་ལ་གནས་པ་དང་། ལྷག་མཐོང་གི་ཡན་ལག་ལ་གནས་པའོ།། དེ་ལ་ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ་ཞེས་བྱ་བ་ནི་ཞེས་བྱ་བ་ནི་ཞི ་གནས་ཀྱི་ཡན་ལག་ལ་གནས་པ་སྟེ། ཀུན་འབྱུང་བ་སྦྱངས་པས་སྡིག་པ་རྣམས་ལས་རིང་དུ་སོང་བའི་ཕྱིར་ཀུན་རྫོབ་ཀྱི་འཕགས་པའོ།། མང་དུ་ཐོས་པ་མཐོང་བ་བདེ་ཞེས་བྱ་བ་ནི་ལྕུག་མཐོང་གི་ཡན་ལག་ལ་གནས་པའོ།། ཕྱེད་འོག་མས་ནི ་ཞི་གནས་དང་ལྷག་མཐོང་གི་མཐའ་ལ་གནས་པ་དོན་དམ་པའི་འཕགས་པ་སྟེ་དགེ་བའི་བཤེས་གཉེན་དུ་སྟོན་ཏོ།། དགྲ་བཅོམ་པ་ནི་འཁོར་བར་མི་འབྱུང་བའི་ཆོས་ཀྱི་མཚན་ཉིད་དེ་ཡང་སྲིད་པ་ལས་རྣམ་པར་གྲོལ་བར་སྟོན་ཏོ།། གཞན ་ལས་རྣམ་པར་གྲོལ་བ་ནི་ཕུང་པོའི་ལྷག་མ་མེད་པའོ་ཞེས་བྱུང་བ་ནི་སྡུག་བསྔལ་གྱི་བདེན་པའི་རང་བཞིན་ཕུང་པོ་དང་བཅས་པས་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལོ་ཞེས་བྱ་བའི་བར་དུའོ།། འཇུག་ངོགས ་བདེ་བའི་ཆུ་ཀླུང་བདེ་ཞེས་བྱ་བ་ལ་རྣམ་པར་གྲོལ་བ་ནི།། ཆུ་ཀླུང་སྟེ་དེ་མཐའ་གཉིས་རྣམ་པར་སྤངས་པའི་ལམ་གྱིས་ཐོབ་པའི་ཕྱིར།། འཇུག་ངོགས་བདེ་ཞེས་བྱ་བ་དཔེ་ཉེ་བར་བསྟན་པའི་ཚིག་འདི་བསྟན་ཏོ། ཇི་ལྟར་ཆུ་ཀླུང་བདེ་བའི་རྒྱུ ་ཡིན་པས་བདེ་བ་དེ་བཞིན་དུ་སངས་རྒྱས་འབྱུང་བ་ལ་སོགས་པའོ།། བདེ་བས་ན་འདིས་གོང་དུ་བཤད་པའི་དབང་གིས་ཐོབ་པར་བྱ་བ་ནི་བདེ་བའི་རྒྱུར་བསྟན་ཏོ།། ཆོས་ཀྱིས་རྒྱལ་བའི་སྐྱེ་བོ་བདེ་ཞེས་བྱ་བ་ནི་བསྒྲུབ་པ་དང་ལྡན་པ་དེ་དེ ་བའི་རྒྱུར་བཤད་དེ་བསྒྲུབ་པའི་ཆོས་འདིས་མི་མཐུན་པའི་ཕྱོགས་ཕམ་པར་བྱས་པས་ཆོས་ཀྱི་རྒྱལ་བ་ཞེས་བྱའོ།། དོན་འདི་ཉིད་ཕྲེང་འོག་མ་ལ་སྟོན་ཏེ། ཤེས་རབ་ཀྱི་རལ་གྲིས་ང་རྒྱལ་གྱི་རྒྱལ་མཚན་བཅད་པའི་ཕྱིརརོ།། ཚིགསུ་བཅད ་པ་དྲུག་པ་ལས་ནི་སྒྲུབ་པ་དང་ལྡན་པ་དེ་ཉིད་སྦྱངས་པའི་ཡོན་ཏན་ཕུན་སུམ་ཚིགས་པ་དང་ལྡན་པས་བདེ་བའི་རྒྱུར་བསྟན་ཏོ།། ངེས་པར་བྱས་ཞེས་བྱ་བ་ནི་བསམ་པ་ངེས་པར་འཛིན་པའི་ཕྱིར་སྦྱངས་པའི་ཡོན་ཏན་གྱི་ཐོག་མའི་དག་པ ་སྟོན་ཏོ།། མང་དུ་ཐོས་པ་ཞེས་བྱ་བ་འདིས་ནི་འབྲས་བུ་དང་བཅས་པ་སྟོན་ཏེ། མང་དུ་ཐོས་པ་ནི་དེའི་འབྲས་བུ་དང་ལྡན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ།། དབང་པོ་དུལ་བ་དག་ཅེས་བྱ་བ་ནི་ཡོངསུ་སྤྱོད་པ་གཙང་བ་སྟེ། དབང་པོའི་སྡོམ་པ་དང ་ལྡན་པའི་ཕྱིར་རོ།། ཞི་བ་རྣམསུ་ཞེས་བྱ་བ་ནི་གནས་ཕུན་སུམ་ཚོགས་པ་རྣམསོ།། དགོན་པ་རྣམསུ་ཞེས་བྱ་བ་ནི་གན་བ་དེ་ཞེས་བྱ་བ་ནི་གནས་པ་བདེ་ཞེས་བྱ་བ་དེ་དང་འབྲེལ་ཏོ།། རྒྱས་གྱུར་རྣམས་ཀྱི་ཞེས་བྱ་བ་ནི་གང་དུ་ཞེ་ན་ནགས་རྣམསུ་ཞེས་བྱ་བ་འདི་དང ་འབྲེལ་ཏོ།། དེ་བས་ན་འདིས་ནི་ཡོངསུ་མ་ཉམས་པའི་དངོས་པོར་བསྟན་ཏོ།། རྒས་གྱུར་རྣམས་ཀྱི་ཞེས་བྱ་བའི་དོན་ནི། དར་ལ་བབ་པ་ཡོལ་བ་རྣམས་ཀྱི་ཞེས་བྱ་བར་བསྟན་ཏོ།། གླེང་གཞིའི་བསྡུས་པའི་དོན་ནི་ལུང་དབོག་པ་དང་མི་འདུ ་བ་དགག་པ་དང་། མི་འདུར་གནང་བ་དང་། མཆོད་པའི་ཆོ་ག་དང་། ཡང་དག་པར་འཛིན་ཏུ་གཞུག་པ་དང་། ཡང་དག་པར་འཛིན་པའི་ཕན་ཡོན་དང་། ཡང་དག་པར་མི་འཛིན་པའི་ཉེས་དམིགས་དང་། ཡང་དག་པར་བསྒོ་བ་དང་། འཁོ ་རྣམ་པར་དག་པའོ།། དེ་ལ་ལུང་དབོག་པའི་དབང་དུ་མཛད་ནས། འདས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐ་བ་ཞེས་པའི་ཐ་ཚིག་གོ།། སོ་ག་རྣམས་ཀྱི་ཞེས་བྱ་བ་ནི་དུས་གསུམ་ལས་གང་ཡང་རུང་སྟེ། གཅིག་གཅིག་སོ ་སོར་ཐར་པ་འདོན་པའི་ཚེ་བརྗོད་དོ།། གྲང་བ་དང་། དྲོ་བ་དང་། གྲང་བ་ཡང་མ་ཡིན། དྲོ་བ་ཡང་མ་ཡིན་པ་ལས་དུས་གསུམ་དུ་རྣམ་པར་བཞག་གོ།། ཅི་ཙམ་གྱི་སྒྲ་ནི་ཚད་ཙམ་སྟོན་ཏེ། དུས་དེ་དང་མཐུན་པར་བརྗོད་པའོ།། ལྷག་མ ་ཞེས་བྱ་བ་ནི་དུས་དེའི་ལྷག་མ་ཇི་ཙམ་ལུས་པ་དེའི་ཚད་བརྗོད་པར་བྱ་བ་སྟེ། ཐམས་ཅད་ཀྱི་མིང་སྤྱིའི་སྒྲས་ཚད་ཀྱི་སྤྱི་བརྗོད་དོ།། མངོན་པར་འོང་ཞེས་བྱ་བ་ནི་འོང་བའོ།། རྒ་བ་དང་འཚོ་བ་ནི་རྒ་ཤིའོ།། ཅིའི་ཕྱིར་སྲིད་པའི་ཡན་ལག ་གཅིག་པུ་གསུངས་ཀྱི་སྲེད་པའི་ཡན་ལག་མྱ་ངན་ལ་སོགས་པ་ཉེས་དམིགས་གཞན་རྣམས་ནི་མ་ཡིན་ཞེ་ན། ཚངས་པར་སྤྱོད་པ་ཕུན་སུམ་ཆགས་པར་འགྱུར་བའི་རྒྱུའི་གརྩ་བ་ཡང་སུ་ཉམས་པ་བརྡུང་པ། ་དབང་དུ་མཛད་པ་ཡིན་པའི་ཕྱིར་རོ།། གཉིས་ཀྱིས་ན་ཚངས་པར་སྤྱོད་པ་ཕུན་སུམ་ཚོགས་པར་འགྱུར་ཏེ། ལུས་དང་སྐྱེ་བའི་གནསོ།། དེ་ལ་རྒ་བ་དང་འཆི་བ་གཉིས་ཀྱིས་ནི་ལུས་ཡོངསུ་ཉམས་པ་སྟོན་ཏེ། སྦྱོར་བ་མི་བཟོད་པ་དང་། ་རྒྱུན་ཆད་པ་གོ་རིམ་བཞིན་ནོ།། སྐྱེ་བའི་གནས་ཡོངསུ་ཉམས་པ་ནི་སྟོན་པའི་བསྟན་པ་འཇིག་པར་བསྟན་པའོ།། བསྟན་པ་འཇིག་པ་ཅི་ལྟ་བུ་ཞེ་ན། སྒྲུབ་པ་ལ་ཡོངསུ་ཉམས་པའོ།། དོན་ཕྱིན་ཅི་མ་ལོག་པར་སྟོན་པས་སྟེ། དེ་བཞིན ་གཤེགས་པའོ།། བསྟན་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ། དེས་བཅོམ་ལྡན་འདས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་སྟོན་ཏོ།། གང་གི་ཕྱིར་དེ་ལྟར་གཉི་ག་ཡོངསུ་ཉམས་པ་དེའི་ཕྱིར་བག་ཡོད ་པ་ལ་གཟུང་པར་བཞེད་པས་ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ།། ཞེས་གསུངསོ།། བག་ཡོད་པས་ཞེས་གསུངས་པའི་དོན་ནི་དགེ་བའི་ཆོས་ཐམས་ཅད་བསྒོམ་པ་བསྡུ་བའི་དོན་ཏོ།། རྣལ་འབྱོར་ཅེས ་གསུངས་པ་ནི་འཇིག་རྟེན་ལས་འདས་པའི་ལམ་ལ་སྦྱོར་བར་བཟུང་བའི་དོན་ཏེ། ཞི་གནས་དང་། ལྷག་མཐོང་ཟུང་དུ་འབྲེལ་པར་འགྲོ་བའི་ལམ་ནི་རྣལ་འབྱོར་ཅེས་བྱའོ།། བག་ཡོད་པས་འཐོབ་བོ་ཞེས་བྱ་བ་ནི་བཅོམ་ལྡན་འདས ་ཀྱི་ཐུགསུ་ཆུད་ནས་བསླབ་པའི་ཚོགས་བཅས་ཏེ་ཤེས་བྱ་བ་གཞན་ཡང་ཐུགས་ཆུད་ནས་བསྟན་ཏོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཅི་ལྟར་འགྲོ་བར་བྱ་བ་དེ་བཞིན་དུ་གཤེགས་པས་དེ་བཞིན་གཤེགས་པའོ།། ་གང་ཟག་ཐམས་ཅད་ཀྱིས་མཆོད་པར་འོས་པས་དགྲ་བཅོམ་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལྡོག་པར་ཀུན་ནས་ཐུགས་ཆུད་པའི་ཕྱི་རོ།། བྱང་ཆུབ་ཀྱི་ཕྱོགས་རྣམས ་ཞེས་བྱ་བ་ནི་དེ་དག་ཀྱང་བྲག་ཡོད་པས་འཐོབ་བོ་ཞེས་བྱ་བ་དང་འབྲེལ་ཏོ།། བྱང་ཆུབ་སྐྱེད་པར་བྱེད་པའི་དགེ་བའི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་ནི་འདིར་བྱང་ཆུབ་ཀྱི་ཕྱོགས་རྣམསུ་འདོད་དོ།། །། མི་འདུ་བ་དགག ་པའི་དབང་དུ་མཛད་ནས། དགེ་འདུན་གྱི་ཇི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ།། སྔར་ཅི་ཞིག་བྱ་ཞེ་ན། གང་མ་བྱས་པ་དེས་མི་མཐུན་པས་མི་འདུའོ།། དེ་བས་ན་དོན་ཉུང་བ་ཞེས་བྱ་བ་གསུངསོ།། གཞན ་དག་ན་རེ་གསོ་སྦྱིན་བྱེད་པས་ཐོག་མར་བྱ་དགོས་པའི་ཕྱིར་གསོ་སྤྱན་བྱང་བས་ཐག་མར་བྱ་དགས་པའི་ཕྱར་གས་སྦྱིན་བྱ་བའི་གནསུ་སྦྱང་ནུལ་དང་ཕྱག་དར་བྱ་བ་ལ་སོགས་པ་ནི་ཐོག་མར་བྱ་བའོ།། ཞེའོ།། དོན་ཉུང་བ་བྱ་བ་ཉུང་བ ་ཞེས་བྱ་བ་ལས་འདོད་པ་ཆུང་བའི་རྒྱུ་མཐུན་པ་ནི་དོན་ཉུང་བའོ།། དེ་ལ་ཡིད་ནི་དོན་ཉུང་བའོ།། ལུས་དང་ངག་ནི་བྱ་བ་ཉུང་བའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ།། གཞན་གྱི་སྒྲའི ་རྗེསུ་འགྲོ་བས་གཞན་ལས་ཐོས་པ་ནི་ཉན་ཐོས།། དེ་དག་འདུས་པ་མི་ཕྱེད་པས་ཉན་ཐོས་ཀྱི་དགེ་འདུན་ནོ།། མི་འདུར་གནང་བའི་དབང་དུ་མཛད་ནས། མ་ལྷག་པ་རྣམས་ཞེས་བྱ་བ་ལ་སོ་གས་པ་གསུངས་ཏེ། གསོ་སྦྱིན་བྱ ་བའི་གནསུ་མ་ཕྱིན་པ་རྣམ་སོ།། ཚེ་དང་ལྡན་པ་དག་ཅེས་བྱ་བ་ནི་ཡང་ན་གཞོན་པ་ཡང་ན་རྒན་པའོ།། བཅོམ་ལྡན་འདས་ཀྱིས་ནི་གཞོན་ནུས་དགེ་སློང་རྒན་པ་ལ་མིང་ངམ་རུས་ནས་དབྱུང་བར་མི་བྱའོ།། ཚེ་དང་ལྡན་པ་ཞེ་འམ། བཙུན་པ་ཞེས་བརྗོད ་པར་བྱའོ་ཞེས་གསུངསོ།། དེ་བཞིན་གཤེགས་པ་ནི་ཡོན་ཏན་གྱི་ཚིག་ཏུ་བརྗོད་པར་བྱའོ།། འདུན་པ་ཞེས་བྱ་བ་ནི་དགེ་སློང་གང་ན་བར་གྱུར་པ་འམ། དགེ་བའི་ཕྱོགས་ཁྱད་པར་ཅན་ལ་སྦྱོར་བ་དེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། མཆིལ ་ལྷམ་གཉིས་ཕུང་ལ་ཅི་རིགསུ་བྱས་ནས་ཅོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་བ་བཏུང་ནས་འདི་སྐད་དུ། ཚེ་དང་ལྡན་པ་དགོངསུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནང་ཚབས་ཆེ་བ་འམ། དགེ་བའི་ཕྱོགས་ལ་སྦྱོར་ཏེ། དགེ་འདུན་ཆོས ་བཞིན་དུ་མཛད་པ་ལ་འདུན་པ་དབུའོ།། འདུན་པ་ཡང་བརྗོད་དོ།། བརྗོད་པ་ཡང་རིག་པར་བགྱིད་དོ།། ཞེས་བརྗོད་པར་བྱ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ལུས་ཀྱིས་གོ་བར་བྱེད་པའམ། ངག་གིས་གོ་བར་བྱེད་པ་བྱིན་ན་འདུན་པ ་ཕུལ་བ་ཡིན་ནོ།། ཇི་སྟེ་འདུན་པ་མ་ཕུལ་ན་དགེ་འདུན་དེར་འདོང་བར་བྱའོ།། ཡང་ན་དགེ་སློང་གི་དགེ་འདུན་གྱི་ནང་དུ་དགུག་པར་བྱའོ།། རྣམ་པ་གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ།། ཡོངསུ་དག་པ་ཞེས་བྱ་བ་ནི་འདུན་པ་བཞིན་དུ་བརྗོད་པར་བྱ ་སྟེ། དེ་ལ་བྱེ་བྲག་ནི་དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངསུ་དག་གོ་ཞེས་བདག ་ཉིད་མཆིའོ།། བདག་གི་གསོ་སྦྱིན་དང་ཡོངསུ་དག་པ་ཡང་བརྗོད་དོ།། བརྗོད་པ་ཡང་རིག་པར་བགྱི་།། ཞེས་ལན་གསུམ་དུ་བཟླ་བར་བྱའོ།། འདུན་པ་ཕུལ་བས་ནི་དགེ་འདུན་དང་མཐུན་པར་འགྱུར་རོ།། ཡོངསུ་དག་པ་ཕུལ་བས་ནི་གསོ་སྦྱིན་བྱ་བའི ་བདག་ཉིད་སྣོད་དུ་གྱུར་པར་བསྟན་པ་ཡིན་ཏེ། གཉི་ག་དབུལ་བར་བྱའོ།། དྲིས་ཤིག་ཅེས་བྱ་བ་ནི་གང་གིས་འདུན་པ་དང་ཡོང་སུ་དག་པ་དབུལ་བར་བྱ་བ་དེ་དབུལ་དུ་གཞུག་པ་སྟེ་དེ་སྦྱིན་པར་བྱ་བའི་ཕྱི་རོ་ཞེས་བྱ་བའི་ཐ་ཚིག་གོ།། བརྗོད་པར་བྱའོ ་ཞེས་བྱ་བ་ནི་གང་གི་འདུན་པ་དང་ཡོངསུ་དག་པ་བླངས་པ་དེ་ཟློསུ་གཞུག་པ་སྟེ། དེ་ཤེས་པར་བྱ་བའི་ཕྱིརོ།། འདུན་པ་དང་ཡོངསུ་དག་པ་ལེན་པའི་དགེ་སློང་གིས་དགེ་སློང་དྲུང་དུ་འདུག་པ་ལ། ཚེ་དང་ལྡན་པ་དགོངསུ་གསོལ། དེང་དགེ་འདུན་གྱི ་གསོ་སྦྱིན་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱིན་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངསུ ་དག་གོ།། ཞེས་བདག་ཉིད་མཆིའོ།། གསོ་སྦྱིན་དང་ཡོངསུ་དག་པ་ཡང་བརྗོད་དོ།། བརྗོད་པ་ཡང་རིག་པར་བགྱིད་དོ།། ཞེས་བརྗོད་པར་བྱའོ།། བདུན་པ་དང་ཡོངསུ་དག་པ་ཅིའི་ཕྱིར་གང་ཟག་ལ་བཟླས་ཀྱི་དགེ་འདུན་ལ་མ་ཡིན་ཞེ་ན། རིང་དུ་ཐོགས ་བ་ལ་སོགས་པའི་ཉེས་པ་སྤངས་པའི་ཕྱིརརོ།། ལེ་ལོའི་ཕྱིར་རམ་ལས་ངན་པས་བྲེལ་ཏེ་འདུན་པ་ཕུལ་ན་ཉེས་བྱས།། གནས་པར་གྱུར་ཏམ། ན་འམ། ནར་དོགས་སམ། ནད་སོས་ནས་རི་བོ་མ་ལོན་ནམ། ནང་གཡོག་བྱེད ་དམ། ངལ་ལམ། ཞིགས་སམ། བཀྲེས་སམ། སྐོམ་མམ། རླུང་དང་ཉི་མས་ཉེན་ཏམ། རྨུགས་པ་ཆེན་པོ་དང་། གཉིད་སྟུག་པོས་ཀུན་ནས་དཀྲིས་པ་སེལ་ཅིང་དགེ་བའི་ཕྱོགས་བྱེད་ན་ལྟུང་བ་མེ་།། སོ་སོར་ཐར་པའི་མདོ་གདོན་པ་ལ་ཞུགས ་པར་གྱུར་ཏམ། དེ་ཉིད་ཀྱི་དོན་ཉན་ན་ལྟུང་བ་མེད་དོ།། དེ་མི་བརྗེད་པར་བྱ་བའི་ཕྱིར་ཚིག་གཙོར་བྱེད་པ་དང་། དེའི་དོན་མི་བརྗོད་པར་བྱ་བའི་ཕྱིར་ཚུལ་བཞིན་སེམས་ན་ལྟུང་བ་མེད་དོ།། ཡིད་ལ་བྱེད་པ་གོམས་པ་ཐོབ་ནས་རིང་པོར་མ་ལོན་ཏེ། དེའི་རྗེ་སུ ་བསྲུང་ན་ལྟུང་བ་མེད་དོ།། བྱང་ཆུབ་ཀྱི་ཕྱོག་ཀྱི་ཆོས་རྣམས་ལ་རྒྱུན་ཏུ་བརྩོན་འགྲུས་བརྩོམ་པ་ལ་བརྩོན་པར་གྱུར་ན་ལྟུང་བ་མེད་དོ།། བདེན་པ་མཐོང་བར་གྱུར་ན་ལྟུང་བ་མེད་དོ།། གལ་ཏེ་འདུན་པ་དབུལ་བ་ནི་མང་། འདུ་བ་ནི་ཉུང་ན་དེའི་ཚེ་དགེ་སློང ་རྒན་པ་རྣམས་ཀྱིས་ཀྱང་། དགེ་བའི་ཕྱོགས་བཞག་སྟེ་འདུ་བར་བྱའོ།། འདུན་པ་དང་ཡོངསུ་དག་པ་ལེན་པས་དེ་དག་བླངས་ནས་བརྒྱུག་པར་མི་བྱ། ངམ་གྲོག་དང་། བང་རིམ་ལ་མཆོང་བར་མི་བྱ། ནམཁའ་ལ་གནས་པར་མི་བྱ། མཚམས ་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། གོམ་པ་གཅིག་གིས་སྐས་ཀྱི་རྡང་བུ་གཉིས་དང་ཐེམ་སྐས་ཀྱི་ཐེམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ། གཉིད་ལོག་པོར་མི་བྱ། སྙོམས་པར་འཇུག་པར་མི་བྱའོ།། འདུན་པ་དང་ཡོངསུ་དག་པ་བླངས་ནས ་གལ་ཏེ་ལམ་གྱི་དབུསུ་ཕྱིན་པ་འམ། དགེ་འདུན་གྱི་ནང་དུ་མ་ཕྱིན་པར་དུས་ལ་བབ་བམ། འཁྲུལ་ལམ། དགེ་ཚུལ་ལ་སོགས་པར་དམ་བཅས་ན་འདུན་པ་དང་ཡོངསུ་དག་པ་བླངས་པ་མ་ཡིནོ།། བརྗོད་པ་དག་ནུས་ན་གཅིག་གིས་ཀྱང་དུ ་མ་དག་གི་འདུན་པ་དང་ཡོང་སུ་དག་པ་བླང་བར་བྱའོ།། ས་ལ་འདུག་པས་ན་མཁའ་ལ་འདུག་པའམ། བཟློག་པས་ཀྱང་སྦྱིན་པ་འམ་བླང་བར་མི་བྱའོ།། འདུན་པ་དང་ཡོངསུ་དག་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཕུལ་ན་ཕུལ་བ་མ་ཡིན། ་པར་བརྗོད་པར་བྱའོ།། བསླབ་པ་བྱིན་པས་འདུན་པ་བླང་བར་མི་བྱའོ།། དགེ་སློང་མ་ཡིན་པས་དབུལ་བར་མི་བྱའོ།། མཚམས་ཀྱི་ནང་ན་གནས་པས་མཚམས་ཀྱི་ནང་ན་གནས་པ་ལ་འདུན་པ་དབུལ་བར་བྱའོ།། དེ་ལ་མཚམས་རྣམ་པ་གཉིས ་ཏེཆེན་པོ་དང་། ཆུང་ངུའོ།། དེ་ལ་ཆེན་པོ་ནི་གལ་ཏེ་ཆུ་མེད་པ་ཞིག་ན་ནི་སྟེང་ལོགསུ་དཔག་ཆད་ཕྱེད་དང་གསུམ་མོ།། འོག་ལོགསུའང་དེ་ཙམ་ཁོ་ནའོ།། ཆུ་འཁྱིལ་པ་ཡོད་ཀྱང་སྟེང་ལོག་སུའང་དེ་ཙམ་ཁོ་ནའོ།། གལ་ཏེ་དེའི་ཚད་ཙམ་གྱི་ཤིང་དང་། ་རེ་ཞིག་ཡོད་པར་གྱུར་ན་ཡང་ངོ་།། གལ་ཏེ་མེད་ན་ཤིང་དང་རིའི་རྩེ་མོའི་བར་དུའོ།། མཚམས་བུ་ཆུང་ནི་དེ་ཚུན་ཆད་ནས་དཀྱིལ་འཁོར་བའི་བར་དུའོ།། དེ་ལ་མཚམས་ཆེན་པོ་གཅད་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་གཉུག་མར་གནས་པ་རྣམས་ཀྱིས ་སྔར་ཕྱོགས་བཞིའི་མཚན་མ་བཙུགས་ལ་དགེ་འདུན་ཐམས་ཅད་ལ་བརྗོད་པར་བྱའོ།། མཚམས་ཀྱི་ལས་ཀྱི་ཚེ་ནི་འདུན་པ་དབུལ་བ་མེད་དོ།། དེ་ནས་གསོལ་བ་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ནི། ་དགེ་སློང་རྣམས་གནས་པ་དང་། གཉུག་མར་གནས་པ་རྣམས་ཀྱི་མཚམས་ཆེན་པོ་ཕྱོགས་བཞིའི་མཚན་མ་བརྟན་པོ་ཡོངས་བརྗོད་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནས། ་བར་མཛོད་ཅིག་དང་། དགེ་འདུན་གྱིས་མཚན་མ་བརྟན་པོ་འདི་རྣམས་ཀྱི་ནང་དུ་གསོ་སྦྱིན་གཅིག་པའི་གནོས་ཀྱི་སྡོམ་པས་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པ་དགོན་པ་ལ་ཤུག་པ་ན་གནས་མལ་ལ་ཐུག་པའི་བར་དུ་དགེ་འདུན ་གྱིས་མཚམས་ཆེན་པོ་བཅད་དོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདི་ན་ཞེས་བྱ་བ་ནས། གྲོང་དང་གྲོང་གི་ཉེན་འཁོར་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། ཚེ་དང་ལྡན ་པ་གང་དག་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱིན་གཅིག་པའི་གནས་ཀྱི་སྡོམ་པས་གྲོང་དང་གྲོང་གི་ཉེན་འཁོར་མ་གཏོགས་པ་དགོན་པ་ལ་ཐུག་པ་ནས་གནས་མལ་ལ་ཐུག་པའི་བར་དུ་དགེ་འདུན་གྱིས་མཚམས་ཆེན་པོར་བཅད ་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཅིག། གང་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་གྲོང་དང་གྲོང་གི་ཉེན ་འཁོར་མ་གཏོགས་པ། དགོན་པ་ལ་ཐུག་པ་ནས་གནས་མལ་ལ་ཐུག་པའི་བར་དུ་དགེ་འདུན་གྱི་མཚམས་ཆེན་པོ་བཅད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེའི་འོག་ཏུ་འདོད་ན་ཆོས་གོས་དང་འབྲལ་བར ་མི་འགྱུར་བའི་གནང་བའ་ཡང་སྦྱིན་པར་བྱ་སྟེ། དགེ་འདུན་ཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱིན་གཅིག་པའི་གནས་ཀྱི་སྡོམ་པས་དགེ་འདུན་གྱི་མཚམས་ཆེན་པོ་བཅད་ལགས་ན། གལ་དེ་དགེ ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མཚམས་ཆེན་པོ་བཅད་པའི་ནང་དུ་དགེ་སློང་དག་གིས་ཆོས་གོས་རྣམས་དང་བྲལ་བར་མི་འགྱུར་བའི་སྡོམ་པ་རྩོལ་ཏོ།། འདི་ནི་གསོལ་བའོ།། ། ་ལས་ནི་འདི་ལྟར་བྱ་སྟེ། དགེ་འདུ་ན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས། གསོ་སྦྱིན་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་མཚམས་ཆེན་པོའི ་ནང་དུ་དགེ་སློང་དག་གི་ཆོས་གོས་རྣམས་དང་འབྲལ་བར་མི་འགྱུར་བའི་སྡོམ་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་མཚམས་ཆེན་པོའི་ནང་དུ་དགེ་སློང་དག་གིས་ཆོས་གོས་རྣམས་དང་འབྲལ་བར་མི་འགྱུར་བའི་སྡོམ་པ་སྩལ་བར་བཟོད ་པ་དེ་དག་ནི་ཅང་མ་གསུང་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་མཚམས་ཆེན་པོའི་ནང་དུ་དགེ་སློང་དག་གིས་ཆོས་གོས་རྣམས་དང་འབྲལ་བར་མི་འགྱུར་བའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས ་དེ་བཞིན་དུ་འཛིན་ཏོ།། མཚམས་བུ་ཆུང་ཇི་ལྟར་བཅད་པར་བྱ་ཞེ་ན། མཚམས་ཆེན་པོ་གཞིག་གོ།། དེ་ཡང་འདི་ལྟར་གཞིག་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱིན་གཅིག་པའི ་གནས་ཀྱི་སྡོམ་པས་དགེ་འདུན་གྱིས་མཚམས་ཆེན་པོ་བཅད་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་མཚམས་ཆེན་པོ་གཞིག་གོ།། འདི་ནི ་གསོལ་བའོ།། ལ་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱིན་གཅིག་པའི་གནས་ཀྱི་སྡོམ་པས་དགེ་འདུན་གྱི་མཚམས་ཆེན་པོ་བཅད་པ་དེའི་སླད་དུ་དགེ་འདུན་གྱི ་མཚམས་ཆེན་པོ་གཞིག་པར་མཛད་ན། ཚེ་དང་ལྡན་པ་གང་དག་མཚམས་ཆེན་པོ་གཞིག་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོའོ།། དེ་བཞིན་དུ་ལན ་གཉིས་ལན་གསུམ་མོ།། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚམས་ཆེན་པོ་བཤིག་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེའི་འོག་ཏུ་མཚམས་བུ་ཆུང་གཅང་བར་བྱ། ཡང་ན་དཀྱིལ་འཁོར ་གཅཙང་བར་བྱ་སྟེ། གཞན་ནི་སྔ་མ་བཞིན་ནོ།། བྱེ་བྲག་ཏུ་ནི་མཚམས་བུ་ཆུང་དང་དཀྱིལ་འཁོར་བ་བཅང་ངོ་ཞེས་འབའ་ཞིག་བརྗོད་པར་བྱའོ།། དེའི་འོག་ཏུ་ཡང་སྔ་མ་བཞིན་དུ་གསོ་སྦྱིན་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད ་ནས་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ།། མཚམས་བུ་ཆུང་དང་མཚམས་ཆེན་པོ་གཉི་གར་ཡང་མཚམས་གཉི་གར་ཚོགས་ཁ་གཉིསུ་བཞག་ནས་ལས་བྱེད་པ་གཅིག་གིས་གསོལ་བ་གཅིག་དང་ལས་གཅིག་གིས་གཅང ་ཅིང་དགྲོལ་ཏེ། མཚམས་གཉིས་ཀྱི་ཚིག་སུ་རེ་ལྡེ་ལ་སོགས་པ་བཏིང་ལ་དེའི་སྟེང་དུ་ལས་བྱེད་པ་འདུག་སྟེ། གསོལ་བ་ལ་སོགས་པ་བརྗོད་པར་བྱའོ།། མཚམས་སྔ་མ་མ་བཤིག་པར་མཚམས་ཕྱི་མ་གཅོད་ན་ཉེས་བྱསོ།། སྔ་མའི་གནས་ཉིད ་མཚམས་ཡིན་ཏེ། མཚམསུ་མཚམས་ཀྱིས་བསྐོར་བར་མི་བྱའོ།། ཁྲོན་པའི་ཆུ་དང་། དཀྱིལ་འཁོར་བ་དང་། དགེ་སློང་མའི་དབྱར་ཁང་རྣམས་མ་གཏོགས་པར་མཚམསུ་མཚམས་ཀྱིས་གཞན་བསྐོར་བར་མི་བྱའོ།། ཤིང་གི་མཚན་མ་བཟང་པོ ་གཅིག་གིས་ཀྱང་གནས་མང་པོའི་མཚམས་གཙང་བར་བྱའོ།། མཚན་མ་རྣམས་བརྗོད་ནས་ལས་ཕལ་ཆེར་བྱས་པའི་འོག་ཏུ་གལ་ཏེ་ལས་བྱེད་པ་ཤི་ན་ཡང་མཚམས་བཅད་པ་ཉིད་ཡིན་པར་བརྗོད་པར་བྱའོ།། ཟླ་བ་དང་ཉི་མས་མཚམས་གས ་པར་མི་བྱའོ།། སྒྱུ་མས་མཚམས་གཅད་པར་མི་བྱའོ།། རྫུ་འཕྲུལ་གྱིས་མ་ཡིན། སྐར་མ་རྣམས་མ་ཡིན། ཆུ་རླབས་རྣམས་ཀྱིས་མ་ཡིན་ནོ།། གནས་སྟོང་པར་དགེ་སློང་གློ་བུར་དུ་ལྷགས་པ་དག་གིས་ཉི་མ་བདུན་ནམ་བརྒྱད་གཉུག་མར་གནས་པ ་ལ་མ་བསྡམས་པར་མཚམས་གཅོང་ན་ཉེས་བྱསོ།། དེ་ལ་སྔ་མ་ཉིང་མཚམས་ཡིན་ཏེ། ཕྱི་མ་ནི་མ་ཡིནོ།། ཀླུང་དང་ཡུར་བ་ཟམ་པ་དང་། བཅས་པ་མ་གཏོགས་པར་ཀྲུང་དང་ཡུར་བ་གཞན་གྱི་ཕ་རོལ་ནི་གཅད་པའི་མི་རིག་སོ།། ཕམ་པ་ཆད་ན ་ཟམ་པ་སླར་ཡང་གདགས་པར་འདོད་ན་ཞག་བདུན་གྱི་བར་དུ་མཚམས་གཅད་པ་བཞིན་དུ་གནས་སོ།། ཉི་མ་བརྒྱད་པ་ལ་ནི་ཞིག་པར་འགྱུརརོ།། ཟམ་པ་གདགས་པར་མི་འདོད་ན་ནི་ཆང་མ་ཐག་ཏུ་ཞིག་པར་འགྱུར་རོ།། ལྔས་ནི་མཚམས་ཞིག་པ ་འགྱུར་ཏེ། དགེ་འདུན་ཐམས་ཅད་མཚན་གྱུར་པ་དང་། དགེ་འདུན་ཐམས་ཅད་དོང་བ་དང་། རབ་ཏུ་བྱུང་བ་ལས་བབས་པ་དང་། ཤི་བ་དང་། གསོལ་བའི་ལས་ཉིད་ནི་ལྔ་པའོ།། མཚམས་ལས་མི་འདའ་བར་བྱ་བའི་གནས་ལྟ་སྟེ། དགེ ་སློང་གི་མཚམས་དང་དཀྱིལ་འཁོར་བ་དང་། ཆུའི་ལྟེང་ཀ་དང་། མཚམས་གཞན་དང་། དགེ་སློང་མའི་དབྱར་ཁང་ངོ་།། དགོན་པའི་གནས་མཚམས་མ་བཅད་པ་ཞིག་ཡིན་ན་རྒྱང་གྲགས་གཅིག་མཚུན་ཆད་མཚམས་ཡིན་ནོ།། གྲོང་ལ་ནི་རྩིག་པ ་ནང་ཚུན་ཆད་མཚམས་ཡིནོ།། དེ་ལ་ལྟར་སྣང་བའི་གནས་ན་འཁོད་པ་རྣམས་གཅིག་ཏུ་འདུས་ལ་ལས་རྣམས་བྱའོ།། ཇི་ལྟར་གོང་དུ་རྒྱས་པར་བཤད་པ་དེ་ལ་ཐམས་ཅད་དུ་ཇི་སྐད་བརྗོད་པ་བཞིན་དུ་མ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ།། ་མཆོད་པའི་ཆོ་གའི་དབང་དུ་མཛད་ནས། སེན་མོ་བཅུ་ཡི་ཐལ་སྦྱར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེ་ལ་སྟོན་པ་ལ་བཀུར་སྟི་བྱ་བར་སྦྱོར་བ་དང་། ཕྱག་འཚལ་བ་དང་། བསྟོད་པའོ།། དེ་ལ་ཐལ་མོ་གཉི་ག་སྦྱར་བ་ནི་ཕྱག་འཚལ་བའོ།། ཤཱཀྱ་སེལ ་གེ་ཞེས་བྱ་བ་ནི་བསྟོད་པའོ།། ཤཱཀྱ་ཞེས་བྱ་བས་ནི་ཁྱིམ་པའི་ཕྱོགསུ་རིགས་ཡོངསུ་དག་པར་བརྗོད་པ་ཡིནོ།། སེང་གེ་ཞེས་བྱ་བས་ནི་རབ་ཏུ་བྱུང་བའི་ཕྱོགས་མི་འཇིགས་པ་རྣམས་ཀྱིས་མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་མཛད་པའོ།། ་སོ་སོར་ཐར་པ་ཞེས་བྱ་བ་ལ་སོགས་པ་ནི་སྟོན་པ་ལ་བཀུར་སྟི་བྱ་བར་སྦྱོར་བའོ།། སོ་སོར་ཐར་པ་ཞེས་བྱ་བའི་སྒྲས་ཉོན་མོངས་པ་ལས་ཐར་པ་ཐོབ་པར་བྱེད་པའི་ཡོན་ཏན་བརྗོད་པ་ཡི་ནོ།། འཕྲལ་དུ་འདོད་ཆགས་ལ་སོགས་པ་ཀུན་ནས་དཀྲིས་པ་འདུལ ་བའི་ཕྱིར་འདུལ་བའོ།། ཡང་དག་པར་འཛིན་དུ་གཞུག་པའི་དབང་དུ་མཛད་ནས། དེ་ནི་ཉོན་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་པ་དང་། ཕྱིན་ཅི་མ་ལོག་པར་བསྒྲུབ་པ་དང་མི་གཡེལ་བར་སྦྱོར་བ་དང་། ལྟ་བ་ལ་ཆགསུ་མི་གཞུག་པར་སྦྱོར་བའོ།། ་ཉོན་ཞེས་བྱ་བ་ནི་འདིས་ཉན་དུ་གཞུག་པའོ།། ཐོས་ནས་ཀྱང་བསྒྲུབ་པར་བྱ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལས་ཏེ། དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་བཞིན་དུ་བསྒྲུབ་པའི་ཕྱིརརོ།། དྲང་སྲོང་ཆེན་པོ་ནི་བཅོམ་ལྡན་འདས་ཏེ། ་ཚུལ་ཁྲིམས་ཀྱི་ངང་ཚུལ་ཅན་ཡིན་པའི་ཕྱིརརོ།། འཇིག་རྟེན་པ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་དྲང་སྲོང་རྣམས་ལས་ཁྱད་པར་འཕགས་པས་ཆེན་པོའོ།། ཕྲ་རྣམས་ལ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་རྣམས་ལ་སྟེ། དེ་དག་ལ ་བརྟུན་ཅིང་བྱེད་བྱེད་པ་ཉིད་དུ་གྱིས་ཤིག་བྱ་བ་བསྟན་པས་ཁ་ན་མ་ཐོ་བ་རྣམས་ལ་ཡང་བསྟན་པ་ཡིནོ།། ཡང་ཞེས་བྱ་བའི་སྒྲ་མི་མངོན་པར་བསྟན་པར་བལྟ་བར་བྱའོ།། དམ་པ་རྣམས་ཀྱིས་སླང་བའི་ཕྱིར་ཁ་ན་མ་ཐོ་བ་ནི་སྡིག་པའོ།། བརྟུན་ཅིང ་ཞེས་བྱ་བ་ནི་གུས་པར་བྱེད་པའོ།། གྱིས་ཞེས་བྱ་བ་ནི་ཡང་དག་པར་འཛིན་དུ་གཞུག་པའོ།། འདིས་ནི་མི་གཡེལ་བར་སྦྱོར་བ་ལ་གཟུང་བ་བསྟན་ཏོ།། འབད་པ་ཞེས་བྱ་བ་ནི་དེས་དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པ་གང་ཡིན། ་པའོ།། དེ་ལྟ་བས་ན་བདའ་བ་ཞེས་བྱ་བ་ནི་འཇིགས་པའོ།། རྟག་ཏུ་ཞེས་བྱ་བ་ནི་ཁ་གླན་དཀའ་བ་ཞེས་བྱ་བ་འདི་དང་འབྲེལ་ཏེ། དུས་ཐམས་ཅད་དུ་ཡུལ་ལས་རབ་ཏུ་ཆགས་པ་ལས་སྡུག་བསྔལ་གྱིས་བཟློག་དགོས་ཞེས་བྱ་བའི་བར་དུའོ།། འདིས ་ནི་སེམས་གདུལ་དཀའ་བར་བསྟན་ཏོ།། སེམས་སྨོས་པས་ནི་སེམས་འབའ་ཞིག་གདུལ་བའི་དོན་ཏོ།། དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱིར་རྣམ་པར་སྦྱང་གི། བདག་ནི་མ་ཡིན་གྱི་དེ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ ་པར་དག་པ་དང་མི་ལྡན་པའི་ཕྱིར་ན་མཁའ་བཞིན་དུ་འགྱུར་བ་མེད་པའོ།། སྲབ་ཅེས་བྱ་བ་ནི་ཚུལ་ཁྲིམས་འཆལ་བ་འདུལ་བ་མ་ཡིན་པ་ལ་ཞུགས་པས། ཁ་དེ་གླན་པར་བྱ་བའི་དོན་ཏོ།། མཐུན་པ་ཞེས་བྱ་བ་ནི་རིགས་པའི་རྣམ་པ་སྟེ། ཧ་ཅང ་དོག་པ་དང་། ཧ་ཅང་ཡེངས་པ་མ་ཡིན་པའོ།། བདག་དུབ་པ་ལ་སྦྱོར་བའི་མཐའ་ཡོངསུ་སྤང་བའི་ཕྱིར་ཧ་ཅང་དོག་པ་ཡང་མ་ཡིནོ།། འདོད་པ་བསོད་ཉམས་ལ་སྦྱོར་བའི་མཐའ་ཡོངསུ་སྤང་བའི་ཕྱིར་ཧི་ཅང་ཡངས་པ་ཡང་མ་ཡིན་ནོ།། ཡང ་ན་གང་ཟག་བླུན་པོའི་འཇུག་པ་ལ་སོགས་པ་དང་མཐུན་པར་བསྟན་པས་མཐུན་པའོ།། གཟེར་བུ་བརྒྱ་པ་ཞེས་བྱ་བ་ནི་དེ་ལས་འདའ་བ་རྣམས་མཐོང་བའི་ཆོས་འདི་ཉིད་ལ་སྒོ་མང་པོ་ནས་འགྱོད་ཅིང་མི་བདེ་བའི་ཕྱི་རོ།། རྣོན་པོ་ཞེས་བྱ། ་བ་ནི། ཚེ་གཞན་ཁ་ན་མ་ཐོ་བ་འབྱུང་བ་གཅོད་པའི་དོན་ཏེ། རྣམ་པ་འདི་གཉིས་ཀྱིས་དེ་ཉིད་སྲབ་ཏུ་བསྟན་ཏོ།། འདིས་ནི་ལྟ་བ་ལ་ཆགསུ་མི་གཞུག་པ་ཡང་བསྟན་ཏོ།། ཡང་དག་པར་འཛིན་པའི་ཕན་ཡོན་གྱི་དབང་དུ་མཛད་ནས། གང་དག་མི ་འདའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདའ་བར་མི་བྱེད་པའོ།། མཚམས་ཞེས་བྱ་བ་ནི་བསླབ་པའོ།། ངག་ཙམ་གྱིས་ལྡོག་ཅེས་བྱ་བ་ནི་དབྱིག་པ་དང་མཚོན་ཆས་མ་ཡིན་པའོ།། ཆེ་བ་ཞེས་བྱ་བ་ནི་བསླབ་པ་འདོད་པ་རྣམསོ།། དེ ་དག་མི་རྟ་བཟང་པོ་ཞེས་བྱ་བ་ནི་སྐྱེས་བུ་ཅང་ཤེས་པ་རྣམས་སོ།། ཉོན་མོངས་པའི་གཡུལ་ཞེས་བྱ་བ་ནི་ཉོན་མོངས་པ་དང་འཐབ་པའོ།། དེས་རྒྱལ་འགྱུར་ཞེས་བྱ་བ་ནི་དགྲ་བཅོམ་པའི་དུས་ནའོ།། ཡང་དག་པར་མི་འཛིན་པའི་ཉེས་དམིགས་ཀྱི ་དབང་དུ་མཛད་ནས། སུ་དག་ལ་འདི་མེད་དང་ཞེས་བྱ་བ་གསུངས་ཏེ། མུ་སྟེགས་ཅན་རྣམས་དང་། འདོད་པ་ལ་ལོངས་སྤྱོད་པ་རྣམསོ།། མི་འདོད་པའང་ཞེས་བྱ་བ་ནི་ཡོངསུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམསོ།། ཉོན་མོངས་གཡུལ་གྱིས ་དཀྲུགས་ཞེས་བྱ་བ་ནི། ཉོན་མོངས་པའི་གཡུལ་ལས་ཕམ་པར་གྱུར་པའོ།། འཇོག་བྲལ་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྲབ་རྣམ་པར་སྤངས་པའི་ཕྱི་རོ།། རྣམ་པར་འཁྱམ་པར་འགྱུར་ཞེས་བྱ་བ་ནི་འགྲོ་བ་ལྔའི་འཁོར་བར་སྣ་ཚོགསུ་འཁྱམ ་པའོ།། ཡང་དག་པར་བསྒོ་བའི་དབང་དུ་མཛད་ནས། གསན་དུ་གསོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་གཞན་ལས་ཉན་པ་མངོན་དུ་བྱེད་དུ་གཞུག་པའི་ཐ་ཚིག་གོ།། གསན་དུ་གསོལ་ཞེས་བྱ་བ་ནི། གུས་པར་བྱེད་དུ་གཞུག ་པའོ།། དགེ་འདུན་ཞེས་བྱ་བ་ནི་དགེ་འདུན་རྣམ་པ་ལྔ་སྟེ། བཞི་འདུས་པ་དང་། ལྔ་འདུས་པ་དང་། བཅུ་འདུས་པ་དང་། ཉི་ཤུ་འདུས་པ་དང་། ཉི་ཤུ་ལས་ལྷག་པར་འདུས་པའོ།། དེ་ལ་བཞི་འདུས་པས་ནི་དགག་དབྱེ་དང་། བསྙེན་བར ་རྫོགས་པར་བྱ་བ་དང་། དབྱུང་བ་མ་གཏོགས་པའི་ལས་ཐམས་ཅད་བྱའོ།། ལྔ་འདུས་པ་ནི་བསྙེན་པར་རྫོགས་པར་བྱ་བ་དང་། དབྱུང་བ་མ་གཏོགས་པའོ།། མཐའ་འཁོབ་དུ་ནི་བསྙེན་པར་རྫོགས་པ་ཡང་བྱའོ།། བཅུ་འདུས་པས་ནི་དབྱུང་བ ་མ་གཏོགས་པའོ།། ཉི་ཤུ་འདུས་པ་དང་ཉི་ཤུ་ལས་ལྷག་པར་འདུས་པས་ནི་ལས་ཐམས་ཅད་བྱའོ།། བཅུ་བཞི་པ་ཞེས་བྱ་བ་ནི། གསོ་སྦྱིན་གྱིས་དུས་ཤེས་པར་བྱེད་པའོ།། དེ་ལ་དགུན་དང་དཔྱིང་དང་། དབྱར་རྣམས་ཀྱི་ཟླ་བ ་ཕྱེད་པ་གསུམ་པ་དང་། བདུན་པ་ནི་གསོ་སྦྱིན་བཅུ་བཞི་པའོ།། དེ་ལས་གཞན་པ་ནི་བཅོ་ལྔ་པའོ།། ལོ་གཅིག་ལ་གསོ་སྦྱིན་བཅུ་བཞི་པ་ནི་དྲུག་གོ།། བཅོ་ལྔ་པ་ནི་བཅོ་བརྒྱད་ངོ་།། གསོ་སྦྱིན་གྱི་ཉི་མ་ཡོངསུ་ཤེས་པར་བྱ་བ་དང་། འཇིག་རྟེན་ལས ་བསྐུད་པའི་ཕྱིར་དེང་ནི་ཟླ་བ་ཕྱེད་ཀྱི་ཚེས་འདི་ཡིན་ནོ།། ཞེས་དགེ་འདུན་ལ་ཚེས་གྲངས་བརྗོད་ཅིང་གཙུག་ལག་ཁང་གི་བདག་པོ་དང་། གཙུག་ལག་ཁང་གི་ལྷ་རྣམས་ཀྱི་ཕྱིར་ཚིགསུ་བཅད་པ་རེ་རེ་བརྗོད་ཅིག་ཅེས་བྱའོ།། ཉི་མ་དང་ཟླ་བ་དང་སྐར ་མ་ནི་རྒྱལ་པོ་དང་མཐུན་པར་བྱའོ།། དུས་ལ་བབ་ཅེས་བྱ་བ་ནི་གསོ་སྦྱིན་གྱི་དུསོ།། བཟོད་ཅེས་བྱ་བ་ནི་འཁོར་དེར་གསོ་སྦྱིན་བྱ་བ་འདོན་པའོ།། གནང་བར་མཛོད་ཅིག་ཅེས་བྱ་བ་ནི་དགེ་འདུན་གྱིས་བདག་འདོན་དུ་གནང་བར་མཛོད་ཅིག་ཅེས ་བྱའོ།། འདི་ནི་གསོལ་བའོ་ཞེས་བྱ་བ་ནི་དགེ་འདུན་ཐམས་ཅད་ཤེས་པར་བྱ་བའི་མཐའ་སྟོན་ཏོ།། ཅིའི་ཕྱིར་ཐམས་ཅད་ཀྱིས་མི་འདོན་ཅེ་ན། ཐམས་ཅད་ཀྱིས་གདོན་པར་མི་བྱ་སྟེ། ཐམས་ཅད་མཐུན་པར་ཐོན་པ་མ་ཡིན་ལ་ཆོས་ཉན་པའི ་ཚུལ་དུ་ཡང་མི་རུང་ངོ་།། རང་རང་གི་གནས་སོ་སོ་ནས་འདོན་ན་ནི། དེ་ལྟ་ན་ཡང་གསོ་སྦྱིན་བྱས་པ་མ་ཡིན་པའི་ཉེས་པ་དང་། དམ་པའི་ཆོས་མཉན་པའི་བྱ་བ་མ་ཡིན་པའི་ཉེས་པར་འགྱུར་རོ།། མ་ཞི་བ་དང་དུས་རིང་དུ་ཐོགས་པའི་ཉེས་པ ་དག་ཏུ་ཡང་འགྱུར་རོ།། དགེ་སློང་ཡོད་པའི་གནས་ན་བསླབ་པ་བྱིན་པས། སོ་སོར་ཐར་པ་གདོན་པར་མི་བྱའོ།། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱིན་བྱས་ཏེ་ཞེས་བྱ་བ་ལ། ཅིའི་ཕྱིར་གསོ་སྦྱིན་ཞེས་བྱ། དེ་བྱ་བ་ནི་ཅི་ལྟ་བུ་ཞེ་ན། སེམས ་ལ་དགེ་བ་གསོ་བ་སྦྱིན་པས་གསོ་སྦྱིན།། གང་དུ་ཐ་ན་བཞི་ཚོགས་པ་དེར་མཐུན་པ་རྣམས་ཀྱིས་སོ་སོར་ཐར་པའི་མདོ་འདོན་པར་བྱ་བ་ནི་གསོ་སྦྱོན་བྱ་བའོ།། གང་ན་དགེ་སློང་བཞི་གནས་པ་དེར་ནི་འདུན་པ་མི་བླང་ངོ་།། ཕྱོགས་གང ་ན་མཆོད་རྟེན་བསྲུང་བ་མ་ཡིན་པ་དང་། འཇིག་རྟེན་དང་ཧ་ཅང་སྣང་ཡལ་ཆེ་བ་དང་། མི་གཙང་བའི་གནས་དང་། དོག་པ་དེར་གསོ་སྦྱིན་བྱེད་ན་ཉེས་བྱསོ།། བཞི་པོ་དེ་དག་ལས་ཕྱོགས་གཞན་མེད་ན་ལྟུང་བ་མེདདོ།། ཉལ་བ་དང་ནང་དུ ་ཡང་དག་འཇོག་པ་དང་། བསོད་སྙོམས་ལེན་པ་དང་། ཟས་ཟོས་ནས་སྙོམས་པ་སེལ་བ་དང་། དེ་ལྟ་བུ་བྱེད་པ་དང་། བླ་མ་ལ་བསྙེན་བཀུར་བྱེད་པའི་དུས་ན་གསོ་སྦྱིན་བྱེད་ན་ཉེས་བྱསོ།། གལ་ཏེ་དུས་གཞན་ན་བར་ཆད་བྱུང་བ་ལྟ་ན་ཉེས ་པ་མེ་དོ།། རྒྱལ་པོ་ལ་སོགས་པས་གཟུང་སྟེ། མཚམས་ཀྱི་ནང་ན་གནས་ན་མི་མཐུན་པས་གསོ་སྦྱིན་མི་བྱའོ།། དེ་ཐར་བར་བྱ་བའི་ཕྱིར་མི་སྦྱོར་ན་ཉེས་བྱསོ།། མི་མཐུན་པའི་ཉེས་ཡོངསུ་སྤང་བའི་ཕྱིར་སྨོས་པ་ལ་སྨྱོས་པའི་སྡོམ ་པབ་སྦྱིན་ནོ།། གསོ་སྦྱིན་བྱེད་པའི་ཉིན་མོ་བདག་ལ་ཟླ་བ་ཕྱེད་ཚུན་ཆད་ལྟུང་བ་བྱུང་ངམ་མ་བྱུང་སྙམ་དུ་སེམས་ལ་བརྟག་པར་བྱའོ།། གང་ཟླ་བ་ཕྱེད་ཀྱི་ནང་དུ་སུ་ཉེས་པ་བྱུང་བར་དྲན་པ་དེས་ཆོས་བཞིན་དུ་བྱ་སྟེ། སྟན་ལས་འདས ་ཏེ་འཆི་ལྷམ་དག་ཕུད་དེ། བླ་གོས་འཕྲག་པ་གཅིག་ཏུ་གཟར་ཏེ། ཕྱག་འཚལ་ནས་ཅོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་བ་བཏུང་ནས་བདག་དང་ལྟུང་བའི་མྱིང་ནས་སྨོས་ཏེ། ལྟུང་བ་བཤགས་པར་བྱའོ།། ཚེ་དང་ལྡན ་པ་དགོངསུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་དང་འདི་ལྟ་བུ་བྱུང་སྟེ། དེ་བདག་གིས་ཚེ་དང་ལྡན་པའི་མདུན་དུ་དག་པའི་མཐའ་ནས་གཟུང་སྟེ་མཐོལ་ལོ།། འཆག་སོ།། མི་འཆབ་བོ།། མཐོལ་ཞིང་བཤགས་ནས ་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ།། དེས་འདི་སྐད་དུ་ལྟུང་བར་མཐོང་ངམ། མཐོང་ངོ་།། ཕྱིན་ཆད་སྡོམ་མམ། མི་བགྱིད་དོ།། ཞེས་ལན་གཉིས་ལན་གསུམ་དུ་བཟླས་པར་བྱའོ།། ཡིད ་གཉིས་ཟ་བས་ནི་འདུལ་བ་འཛིན་པ་ལ་སོགས་པ་རྣམས་ཡིད་གཉིས་བསལ་ཏེ་ཕྱིས་བཤད་བར་བྱའོ།། དགེ་སློང་གི་མདུན་དུ་ལྟུང་བ་བཤགས་པར་བྱའི། དགེ་སློང་མ་ལ་སོགས་པ་ལ་ནི་མ་ཡིན་ཏོ།། འཆགས་ན་འགོལ་ཚབས ་ཅན་དུ་འགྱུར་རོ།། ལྟུང་བ་འདྲ་བའི་མདུན་དུ་བཤགས་པར་མི་བྱའོ།། ཕབ་པར་འགྱུར་བ་དང་། ཕམ་པར་འགྱུར་བ་ནི་འདྲ་སྟེ་ཞེས་བྱ་བ་ནས་ཉེས་བྱས་དང་ཉེས་བྱས་ཞེས་བྱ་བའི་བར་དུའོ།། གལ་ཏེ་དགེ་འདུན་གྱི་ནང་དུ་དྲན་ན་དེས་བྱིན་གྱིས ་བརླབ་པར་བྱ་སྟེ། དེང་དགེ་འདུན་གྱི་གསོ་སྦྱིན་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན་བདག་མིང་འདི་ཞེས་བྱ་བས་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་རང་གི་སེམས་ཀྱིས་བྱིན་གྱིས ་བརླབྲལ་དེང་གསོ་སྦྱིན་བྱའོ།། ཕྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་བྱའོ།། ཞེས་བྱས་ལ། དེའི་འོག་ཏུ་གསོ་སྦྱིན་བྱའོ།། དེ་བཞིན་དུ་སོ་སོར་ཐར་པའི་མདོ་འདོན་པས་ཀྱང་བྱིན་ཀྱི་བརླབ་པར་བྱའོ།། ཐེ་ཚོམ་ཟ་བས་ཀྱང་བྱིན་གྱིས ་བརླབ་པར་བྱའོ།། ཐེ་ཚོམ་ཟ་བས་ཀྱང་བྱིན་གྱིས་བརླབ་པར་བྱའོ།། དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན། གང་གནས་གཞན་དུ་ཕྱིར་བཅོས་པ་བྱས་ནས་འོང་བར་དགེ་སློང་གཅིག་སྤྲོ་བར་བྱའོ།། ཅི་སྟེ་མ་གྲུབ་ན་དགྲོལ་བའི་ག ་བ་འབའ་ཞིག་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱིན་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བུ་དང་བཅས་པར་གྱུར་ན་གང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི ་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིསོ།། འདི་ནི་གསོལ་བའོ།། དེའི་འོག་ཏུ་གསོ་སྦྱིན་བྱའོ།། དེ་བཞིན་དུ་ལྟུང་བ་ལ་ཡིད་གཉིས་ཟ་བས་ཀྱང ་བྱའོ།། དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་མྱི་དྲན་ལ་གལ་ཏེ་དགེ་སློང་གཅིག་ཅིག་ལྟུང་བ་མེད་པར་གྱུར་ན། དེས་དགེ་སློང་བ་ཤེས་པ་བསྐུལ་ཏེ་ཅི་ནས་ཀྱང་དེ་དག་ཐོས་ན་འཆགས་པར་འགྱུར་བ་དེ་ལྟ་བུར་དགེ་སློང་རྣམས ་ཀྱི་མདུན་དུ་ལྟུང་བ་འཆགསུ་གཞུགོ།། བཤེས་པ་མེད་ན་མི་སྨྲ་བར་འདུག་པར་བྱའོ།། དགེ་སློང་མི་འདོད་བཞིན་དུ་གླེང་གཞིང་དྲན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུ་རོ།། བརྟགས་པ་ཙམ་གྱིས་འདུ་ཤེས་སམ། མི་མཐུན་པའི་འདུ་ཤེས་སམ། ་ཡིད་གཉིས་ཟ་བཞིན་གསོ་སྦྱིན་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། ཐ་དད་དུ་བྱེད་འདོད་པས་བྱེད་ན་དགེ་འདུན་གྱི་དབྱེན་དུ་གཏོགས་པའི་ལྟུང་བ་སྦོམ་པོར་འགྱུར་རོ།། མ་ལྷགས་པ་རྣམས་དང་ཡང་ཡང་གསོལ་བ། ་བྱས་ལ་གསོ་སྦྱིན་བྱའོ།། མཐུན་པའི་འདུ་ཤེས་ཀྱིས་ན་ཉེས་པ་མེད་དོ།། གསོ་སྦྱིན་བྱེད་པའི་ཚེ་གལ་ཏེ་གང་དག་མ་འདུས་པ་དེ་དག་ནི་ཉུང་ན་དེ་དག་དོང་ལ་གལ་ཏེ་དགེ་འདུན་ཚོགས་པར་གྱུར་ན་དེ་ཉིད་དུ་གསོ་སྦྱིན་བྱའོ།། གལ་ཏེ་དེ་ལྟར ་མ་གྱུར་ན། དཀྱིལ་འཁོར་བར་འདོད་པར་བྱའོ།། ཇི་སྟེ་མང་བར་གྱུར་ན་དེ་དག་གིས་ཀྱང་གསོལ་བ་བྱས་ལ་ཡང་གསོ་སྦྱིན་བྱའོ།། དགག་དབྱེའི་ཚེ་ནི་གསོ་སྦྱིན་བྱས་པར་འགྱུརརོ།། དགེ་སློང་རྣམས་ཀྱང་ལོགས་ཤིག། དགེ་སློང་མ་རྣམས ་ཀྱང་ལོགས་ཤིག་ཏུ་གསོ་སྦྱིན་བྱའོ།། དགེ་སློང་མ་རྣམས་སྟོན་པ་ལ་གསོལ་བ་འདེབས་ན་ལན་གདབ་ཀྱི་འབྲོས་པར་མི་བྱའོ།། གསོ་སྦྱིན་བྱཔའི་ཉིན་པར་དགེ་སློང་མ་ལ་སྟོན་པ་སྒོ་གང་དུ་འདུག་པར་བྱའོ།། གློ་བུར་དུ་ལྷགས་པ་རྣམས་ཀྱིས ་གཉུག་མར་གནས་པ་རྣམས་དང་གྲངས་མཉམ་པ་དང་། གློ་བུར་དུ་ལྷགས་པ་མང་བ་རྣམས་དང་ཉི་མ་མཐུན་པར་བྱའོ།། ཉུང་ངུ་རྣམས་ཀྱིས་ནི་མ་ཡིན་ནོ།། གང་ན་ལས་ཐམས་ཅད་བྱ་བར་ཤེས་པ་ནི་གནས་ཡིནོ།། གང་ན་མི་ཤེས་པ་ནི ་གནས་མ་ཡིན།། གང་ན་ཁ་ཅིག་ནི་ཤེས་ལ་ཁ་ཅིག་ནི་མི་ཤེས་པ་ནི་གནས་ཀྱང་ཡིན་ལ་གནས་ཀྱང་མ་ཡིན་པའོ།། དགེ་སློང་ཡོད་པ་དེ་ལྟ་བུ་ལས་དགེ་སློང་མཐུན་པར་གནས་པ་ཡོད་པ་དེར་གསོ་སྦྱིན་བྱ་བའི་ཉིན་པར་སོང་ཡང་ལྟུང ་བ་མེད་དོ།། དགེ་སློང་རྩོད་པ་ཡོད་པར་སོང་ན་ཉེས་བྱསོ།། གལ་ཏེ་དེར་སོང་ན་བདེ་བ་ལ་རེག་པར་འགྱུར་བ་ལྟ་ན་དགེ་སློང་མེད་པར་སོང་ཡང་ལྟུང་བ་མེད་དོ།། ཇི་སྟེ་བདེ་བ་ལ་རེག་པར་མི་འགྱུར་ན་འགྲོ་བར་མི་བྱའོ།། དགེ་འདུན་ཐམས་ཅད ་སོང་ངམ་པར་ཆད་ཉེ་བར་གནས་པར་འགྱུར་ན་ལྟུང་བ་མེད་དོ།། གནས་པར་བྱེད་པ་གསོ་སྦྱིན་གྱི་ཉིན་མོ་ཡུལ་གཞན་དུ་འགྲོ་ན་མི་གཏང་ངོ་།། ཡང་ན་གསོ་སྦྱིན་བྱེད་པ་དང་བཅས་པའི་གནསུ་སོང་ཞིག་ཅེས་བསྒོ་བར་བྱའོ།། དེར་མ་སོ ་ན་འགལ་ཚབས་ཅན་དུ་འགྱུར་རོ།། དགེ་སློང་གི་གསོ་སྦྱིན་བྱ་བའི་ཉིན་མོ་མདོ་འདོན་པ་མེད་པོའི་གནསུ་བསྡད་ཅིང་འདུག་པར་མི་བྱའོ།། དབྱར་སྔ་མར་འཇུག་པར་མི་བྱའོ།། ཉེ་བར་ཞུགས་ན་ཡང་གཉིས་པར་ཉེ་བར་འཇུག་པར་མི་བྱའོ།། ། ་ཁྱིམ་པ་ལ་སོགས་པ་གནས་དང་གསོ་སྦྱིན་མི་བྱའོ།། མཐུན་པར་གནས་པ་ཡོངསུ་དག་པ་ལྟ་བ་མཚུངས་པ་རྣམས་དང་གསོ་སྦྱིན་བྱའོ།། འོན་པ་དང་མཐའ་འཁོབ་པ་གྲངས་ཚང་ཡང་གསོ་སྦྱིན་མི་བྱའོ།། གང་གཅིག་པུར་གྱུར་པ་དེས ་སྐྱསྦྱང་ནུལ་དང་། ཕྱག་དར་བྱ་བ་དང་སྟན་བཤམ་པ་ལ་སོགས་པ་བྱས་ཏེ། ཆོས་མཉན་པ་བྱིན་ལ། གློ་བུར་དུ་འོངས་པའི་དགེ་སློང་བལྟ་བར་བྱའོ།། གལ་ཏེ་མེད་ན་དེས་བདག་ཉིད་སྟན་ལ་འདུག་སྟེ། འདི་ལྟར་སེམས་བསྐྱེད་པར་བྱ ་ཞོང་ཚིག་དུ་ཡང་བརྗོད་པར་བྱ་སྟེ། དེང་དགེ་འདུན་གྱི་གསོ་སྦྱིན་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་གསོ་སྦྱིན་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བ་བར་ཆད་ཀྱི་ཆོས་རྣམས་ཡོངསུ ་ངག་གོ་ཞེས་ཀྱང་བདག་ཉིད་སྨྲ་སྟེ། བདག་དགེ་སློང་མིང་འདི་ཞེས་བྱ་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་དེང་གསོ་སྦྱིན་གྱིས་བྱིན་གྱིས་བརླབ་པོ།། གང་གི་ཚེ་དགེ་འདུན་ཚོགས ་པ་རྙེད་པ་དེའི་ཚེ། དགེ་འདུན་མཐུན་པ་དང་གསོ་སྦྱིན་བྱའོ་ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་བཞིན་དུ་གང་ན་གཉིས་སམ་གསུམ་འཁོད་པ་དེར་ཡང་ཚུལ་འདི་ལྟ་བུས་གཅིག་ལ་གཅིག་བརྗོད་པར ་བྱའོ།། ལམ་དུ་ཞུགས་པ་ལས་ཁ་ཅིག་གྲོང་དུ་དོང་། ཁ་ཅིག་ཕྱི་རོལ་ན་འཁོད་ལ་གསོ་སྦྱིན་བྱ་བའི་དུས་ལ་འདས་ན་དེ་དག་གིས་སོ་སོར་གསོ་སྦྱིན་བྱའོ།། ཕྱི་རོལ་ན་གནས་པ་རྣམས་ཀྱིས་ནི་གྲོང་དང་ཉེ་བའི་གནས་སྤང་བར ་བྱའོ།། གལ་ཏེ་འགྲོན་པོ་ཕལ་པོ་ཆེ་མི་སྡོད་པ་ལྟ་ན་འགྲོ་བཞིན་དུ་གསོ་སྦྱིན་བྱའོ།། ཅི་སྟེ་སྨོད་ན་ཡིད་ཀྱི་བྱིན་གྱིས་བརླབ་པར་བྱའོ།། སེམས་བསྐྱེད་པ་ཙམ་གྱིས་གྲུབ་པ་ནཱི་དྲུག་སྟེ། ཆོས་གོས་བྱིན་གྱིས་བརླབ་པ་དང་། ་ཆོས་གོས་དབྱུང་བ་དང་། ཆོས་གོས་བརྟགས་པ་དང་། གང་ཟག་གི་འོགྱོན་དུ་བོས་པ་དང་། གསོ་སྦྱིན་དང་། དགག་དབྱེ་བྱ་བའོ།། གསོ་སྦྱིན་བྱ་བའི་དུས་གསོ་སྦྱིན་མི་བྱེང་ན་འགལ་ཚབས་ཅན་དུ་འགྱུར་རོ།། གསོ་སྦྱིན ་བྱ་བའི་དུས་མ་ཡིན་པར་གསོ་སྦྱིན་བྱེད་ན་ཡང་འགལ་ཚབས་ཅན་དུ་འགྱུ་རོ།། བཀྲ་ཤིས་ཀྱི་གསོ་སྦྱིན་ནི་མ་གཏོགས་ཏེ། དགེ་འདུན་དབྱེ་བའི་སྡུམས་བྱ་བའི་དོན་ཏོ།། མཐུན་པར་བགྱི་བའི་གསོ་སྦྱིན་ཏེ། གནས་ནས་ཕྱུང་བའི ་ལས་བྱས་པ་ལ་ང་ག་པར་བྱ་ཞིང་མཐུན་པར་བྱ་བའི་གསོ་སྦྱིན་བྱ་བར་གསོལ་བ་འདེབས་པའོ།། སོ་སོར་ཐར་པའི་མདོ་གདོན་པ་ཞེས་བྱ་བ་ལ། སོ་སོར་ཐར་པའི་མདོ་གདོན་པ་ནི་རྣམ་པ་ལྔ་སྟེ། གླེང་གཞི་བརྗོད་ནས་ལྷག་མ་གསན ་པ་ལགསོ་ཞེས་གོ་བར་བྱེད་པ་དང་། ཇི་ལྟར་གླེང་གཞི་དང་། ཕམ་པར་འགྱུར་བ་བརྗོད་པ་དང་། དེ་བཞིན་དུ་དགེ་འདུན་ལྷག་མའི་བར་དང་། དེ་བཞིན་དུ་མ་ངེས་པའི་བར་དུ་བརྗོད་ལ། ལྷག་མ་ནི་གསན་པ་ལགསོ་ཞེས་གོ་བར་བྱེད་པ་དང་། ་བཞི་པོ་འདི་དག་དང་ཐམས་ཅད་གདོན་པ་ནི་ལྔ་པའོ།། སུས་གདོན་ཞེ་ན། དགེ་འདུན་གྱི་གནས་བརྟན་གྱི་སོ།། དེས་མི་ནུས་ན་གནས་བརྟན་གཉིས་པ་ལ་སོགས་པ་སྟེ། རེས་ཀྱིས་གདོན་པར་བྱའོ།། ཡང་ན་གསོལ་བ་བཏབ་པསོ།། གལ་ཏེ ་དགེ་འདུན་གྱིས་གནས་བརྟན་གྱིས་གླེང་གཞི་ནི་ཐོན་ལ་ལྷག་མ་ནི་མ་ཐོན་ན་དེ་མ་ཡིན་པ་དག་གིས་ཕམ་པར་གྱུར་པ་ལ་སོགས་པ་བརྗོད་པར་བྱའོ།། སྨྱོན་པས་བཏོན་པ་ཡང་སོ་སོར་ཐར་པ་བཏོན་པ་ཡིན་ནོ།། འཁོར་རྣམ་པར་དག ་པའི་དབང་དུ་མཛད་ནས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟུང་བ་བྱུང་བ་གང་ཡིན་པ་དེ་ཕྱིར་བཅོས་པ་མ་བྱས་པ་ནི་ཡོད་པ་ཞེས་བྱའོ།། དགེ་སློང་གི་འཁོར་འདི་ལྟ་བུར་ཞེས་བྱ་བ་འདི་ནི་བསྟོད་པ ་བརྗོད་པའོ།། དྲན་ཞེས་བྱ་བ་ནི་ལྟུང་བ་ཡོད་ཀྱང་མི་དྲན་ན་བརྫུན་དུ་མི་འགྱུར་རོ།། ཚིག་གིས་གོ་བར་བྱ་བའི་དོན་མཚན་མས་གོ་བའི་ཕྱིར་ཅང་མི་སྨྲ་བས་ཀྱང་བརྫུན་དུ་འགྱུར་རོ།། བར་དུ་གཅོད་པ་ཞེས་བྱ་བ་ནི་དུས་གཉིསུ་ཏེ། མཐོང་བའི་ཆོས ་འདི་ཉིད་ལ་དགེ་བའི་ཆོས་རྣམས་དང་། ཚེ་རབས་གཞན་ན་བདེ་འགྲོར་འགྲོ་བ་ལའོ།། རྣམ་པར་དག་པར་འདོད་པས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པས་འདོད་པ་སོ།། བསྐུལ་བ་དང་། སྐྲ་དབབ་པ་དང་། སྐུད་པ ་འདོད་པས་ནི་མ་ཡིན་ནོ།། ལན་གསུམ་ཞེས་བྱ་བ་ནི་ཧ་ཅང་ཉུང་བ་ཡང་མ་ཡིན། ཧ་ཅང་མང་བ་ཡང་མ་ཡིན་ནོ།། ཧ་ཅང་ཉུང་ཆེས་ན་ནི་གཡེངས་པ་ཁ་ཅིག་གིས་ཉེ་བར་མཚོན་པར་མི་འགྱུར་རོ།། མངས་ན་ནི་དུས་ཡུན་རིང་དུ་ཐོགས ་པར་འགྱུ་རོ།། མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུ་རོ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། ལེ་ལོའི་གཉེན་པོར་བརྩོན་འགྲུས་རྩོམ་པ་དང་། ཁ་ན་མ་ཐོ་བ་བྱུང་བའི་གཉེན་པོར་ཁ་ན་མ་ཐོ་བ་མེད་པ་སྐྱེད་པ་དང་། བསླབ་པ་ཁྱད་དུ ་གསོང་བའི་གཉེན་པོར་གུས་པ་དང་། འགྱོད་པའི་གཉེན་པོར་འགྱོད་པ་མེད་པ་དང་། རྣམ་པར་མ་དག་པའི་གཉེན་པོར་ཏིང་ངེ་འཛིན་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམས་ཀྱིས་རྣམ་པར་དག་པའོ།། གླེང་གཞི་ཞེས ་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པར་གྱུར་པའི་ཕྱིར་ཏེ། དེའི་འོག་ཏུ་དེའི་འདོན་པ་འབྱུང་ངོ་།། སོ་སོར་ཐར་པའི་མདོ་འདོན་པ་དང་པོ་རྫོགསོ།། །། དེའི་འོག་ཏུ་བསླབ་པའི་གཞི་རེ་རེ་ལའང་རྣམ་པ་ཉི་ཤུ་རྩ་གཅིག་གིས ་བཤད་པར་བྱའོ།། རྣམ་པ་ཉི་ཤུ་རྩ་གཅིག་ནི་འདི་ལྟ་སྟེ། གླེང་གཞི་དང་། གང་ཟག་དང་། ཉེས་པ་དང་། གཞི་དང་། ཉོན་མོངས་པ་དང་། ཚིག་གི་དོན་དང་། ལྟུང་བར་འགྱུར་བ་དང་། ལྟུང་བར་མི་འགྱུར་བ་དང་། ཡན་ལག་རྣམས་དང་། ་ཀུན་ནས་སློང་བ་དང་། བརྡ་དང་། རྒྱུན་ཆད་པ་དང་། རྒྱུན་མ་ཆད་པ་དང་། ཁ་ན་མ་ཐོ་བ་དང་། བྱ་བ་དང་། མི་བྱ་བ་དང་། སྤྱད་པ་དང་། མ་སྤྱད་པ་དང་། ལྕི་བ་དང་། ཡང་བ་ཉིད་དང་། སྤྱིའི་མཚན་ཉིད་དང་། ལྡང་བར་བྱེད་པ་དང་། ཉོན་མོངས ་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་དང་། ལྟུང་བ་འབྱུང་བའི་རྒྱུའོ།། གྲོང་ཁྱེར་གང་དུ་བཅས་པ་དེ་ནི་གླེང་གཞིའོ།། གང་ལས་བརྟེན་ཏེ་བསླབ་པ་བཅས་པ་དེ་ནི་གང་ཟག་གོ།། ཉེས་པ་ནི་གང་ཟག་གི་ལུས་དང་དང་ངག་གི་གང ་ཡིན་པ་དེ་ནི་ཉེས་པའོ།། གཞི་ནི་རྣམ་པ་གཉིས་ཏེ། སེམས་ཅན་དང་སེམས་ཅན་མ་ཡིན་པར་བརྗོད་པའོ།། རྒྱས་པར་བྱས་ན་རྣམ་པ་དྲུག་ཅུ་རྩ་ལྔའོ།། འདི་ལྟ་སྟེ། འཁྲིག་པའི་གཞི་དང་། ཡོངསུ་ལེན་པའི་གཞི་དང་། མི་བཟོད་པའི ་གཞི་དང་། ཡིད་ཆེས་ཤིང་རྙེད་པ་དང་བཀུར་སྟིའི་གཞི་དང་། གནས་ཀྱི་གཞི་དང་། ཚངས་པ་མཚུངས་པར་སྤོད་པའི་གཞི་དང་། དགེ་འདུན་གྱི་གཞི་དང་། ཟང་ཟིང་ལ་ལོངས་སྤྱོད་པའི་གཞི་དང་། ཆོས་ལ་ལོངས་སྤྱོད་པའི་གཞི་དང་། ་དགེ་བསྙེན་མའི་གཞི་དང་། ཀུན་ཏུ་དགབ་པའི་གཞི་དང་། ཉེ་བར་དགབ་པའི་གཞི་དང་། བསྐང་བའི་གཞི་དང་། མཚན་མའི་གཞི་དང་། ལྷུང་བཟེད་ཀྱི་གཞི་དང་། ཆོས་གོས་ཀྱི་གཞི་དང་། ལྡང་བར་བྱེད་པའི་གཞི་དང་། སྦྱིན་པ་དང་མི ་སྦྱིན་པའི་གཞི་དང་། དུས་མ་ཡིན་པར་ལེན་པའི་གཞི་དང་། ཉེས་པར་བཞག་པའི་གཞི་དང་། བསྔོས་པ་བསྒྱུར་བའི་གཞི་དང་། ན་བའི་སྨན་གྱི་གཞི་དང་། ལྟུང་བའི་གཞི་དང་། རབ་ཏུ་བྱུང་བའི་གཞི་དང་། འཁོར་གྱི་གཞི་དང་། རྩོད་པའི ་གྷཞི་དང་། སྣུན་པ་འགླན་དང་། གང་ཟག་བསྐྲུན་པར་རྫོགས་པའི་གན་དང་། ས་སོར་ཐར་པའི་གནྡྷེ་དང་། སྣུམ་པའི་གངྒཱ་དང་། ས་བོན་དང་འཐུང་བའི་གནས་ན་གཞི་དང་། ལྗང་གཞི་དང་། མཾ་གུས་པ་ཀུན་དང་། ་གནས་མལ་གྱི་གཞི་དང་། དགེ་སློང་མའི་གཞི་དང་། བསོད་སྙོམས་ཡོངསུ་ལོངས་སྤྱོད་པའི་གཞི་དང་། ཆུ་ཡོངསུ་འཛིན་པའི་གཞི་དང་། ཁྱིམ་དུ་ཉེ་བར་འགྲོ་བའི་གཞི་དང་། མུ་སྟེགས་ཅན་གྱི་གཞི་དང་། དམག་གི་གཞི་དང་། ཕྱོགས ་པོའི་གཞི་དང་། མེའི་གཞི་དང་། འདུན་པའི་གཞི་དང་། ཉལ་བའི་གཞི་དང་། ཚུལ་བཞིན་མ་ཡིན་པ་ལ་ཉེ་བར་རྟོགས་པའི་གཞི་དང་། ཚོན་གྱི་གཞི་དང་། རུང་བ་མ་ཡིན་པ་ལེན་པའི་གཞི་དང་། རང་དབང་མེད་པའི་གཞི་དང་། དུད་འགྲོའི་སྐྱེ ་གནས་ཀྱི་གཞི་དང་། རྩེ་བའི་གཞི་དང་། བུད་མེད་ཀྱི་ཡུལ་གྱི་གཞི་དང་། ལམ་དུ་འཇུག་པའི་གཞི་དང་། བསྙེན་པར་རྫོགས་པར་བྱེད་པའི་གཞི་དང་། ས་ལེན་པའི་གཞི་དང་། སྟོབས་པའི་གཞི་དང་། བསླབ་པའི་གཞི་ལ་སྨོད་པའི་གཞི ་དང་། འཐབ་པའི་གཞི་དང་། འབེལ་བའི་གཏམ་རྣམ་པར་ངེས་པའི་གཞི་དང་། མགྲོན་དུ་བོས་པའི་གཞི་དང་། གྲོང་དུ་འཇུག་པའི་གཞི་དང་། ཁབ་རལ་གྱི་གཞི་དང་། གནས་མལ་གྱི་ཚད་ཀྱི་གཞི་དང་། ཆོས་གོས་ཀྱི་ཚད་ཀྱི་གཞི་དང་། ་ཆོ་གའི་གཞི་དང་། གླེང་བའི་གཞིའོ།། ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའོ།། རྒྱས་པར་བྱ་ན་རྣམ་པ་ཉི་ཤུ་རྩ་ལྔའོ།། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཁྲིག་པའི ་ཉོན་མོངས་པ་དང་། ཡོངསུ་ལེན་པའི་ཉོན་མོངས་པ་དང་། མི་བཟོད་པའི་ཉོན་མོངས་པ་དང་། ཡིད་ཆེས་ཤིང་རྙེད་པ་དང་། བཀུར་སྟིའི་ཉོན་མོངས་པ་དང་། རྩོད་པ་ལས་བྱུང་བའི་ཉོན་མོངས་པ་དང་། ལུས་ངན་པ་ལ་དགའ་བའི་ཉོན་མོངས ་པ་དང་། ཤེས་བྱ་ལ་རྟོག་པའི་ཉོན་མོངས་པ་དང་། ཁྱིམ་ལ་སེར་སྣ་བྱེད་པའི་ཉོན་མོངས་པ་དང་། རང་དབང་མེད་པ་མི་བཟོད་པའི་ཉོན་མོངས་པ་དང་། འགལ་ཚབས་ཅན་གྱི་ཉོན་མོངས་པ་དང་། ཕོངས་པའི་ཉོན་མོངས་པ་དང་། རྐྱེན་ལ་བལྟོས ་པའི་ཉོན་མོང་བ་དང་། མདད་ངའ་ཉོན་མོངས་པ་དང་། ན་ན་ཡོ་པ་དག་འཁོར་འཛིན་པའི་ཉོན་མོངས་པ་དང་། ལྗིད་ཀྱི་ཉོན་མོངས་པ་དང་། མི་གུས་པའི་ཉོན་མོངས་པ་དང་། སློང་བའི་ཉོན་མོངས་པ་དང་། སྙིང་རྗེ་མེད་པའི་ཉོན་མོངས་པ་དང་། ལེ་ལོའི་ཉོན་མོངས ་པ་དང་། ཉེ་བར་མ་ཞི་བའི་ཉོན་མོངས་པ་དང་། ཚོར་བ་མི་བཟོད་པའི་ཉོན་མོངས་པ་དང་། ཚིག་གི་དོན་ནི་བསླབ་པའི་དངོས་པོ་རྣམས་ཀྱི་མཚན་ཉིད་བསྟན་པ་སྟེ། ཡང་ཞེས་བྱ་བའི་སྒྲ་ནི་ལས་དང་པོ་ལ་ལྟུང་བ་མེད་པར་སྟོན་ཏེ་ཞེས་བཤད་པ ་བུའོ།། ལྟུང་བར་འགྱུར་བ་ནི་འདི་ལྟར་བྱས་ན་ལྟུང་བར་འགྱུར་རོ།། ཞེས་བསྟན་པའོ།། ལྟུང་བར་མི་འགྱུར་བ་ནི་འདི་ལྟར་བྱས་ན་ལྟུང་བར་མི་འགྱུར་རོ་ཞེས་བསྟན་པ་རྣམསོ།། ཡན་ལག་ནི་ཡན་ལག་འདི་རྣམས་དང་ལྡན་ན་ལྟུང་བར་འགྱུར་འདི ་རྣམས་དང་མི་ལྡན་ན་ལྟུང་བར་མི་འགྱུར་རོ་ཞེས་བསྟན་པ་རྣམས་སོ།། ཀུན་ནས་སློང་བ་ནི་རྣམ་པ་དྲུག་སྟེ། ལུས་དང་ངག་དང་། ལུས་དང་སེམས་དང་། ངག་དང་། ངག་དང་སེམས་དང་། ལུས་དང་ངག་དང་སེམསོ།། བརྡ་ནི་ཕམ་པར་འགྱུར་བ་ལ་སོགས ་པ་རྣམསོ།། རྒྱུན་ཆད་པ་དང་། རྒྱུན་མ་ཆད་པ་ལ་གཉེན་པོ་ལ་བརྟེན་པ་ནི་ཉེས་པའི་རྒྱུན་ཆད་པའི་ཕྱིར་རྒྱུན་ཆད་པ་ཞེས་བྱའོ།། དེ་ལས་བཟློག་པ་ནི་རྒྱུན་མ་ཆད་པའོ།། ཁ་ན་མ་ཐོ་བ་ནི་འདིར་རང་བཞིན་གྱི་ཁ་ན་མ་ཐོ་བའམ། བཅས ་པའི་ཁ་ན་མ་ཐོ་བ་འམ། ཅི་ཞིག་སྟེ། ཉོན་མོངས་པས་ལྷག་པར་སྤྱད་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བའོ།། ཉོན་མོངས་པ་མ་ཡིན་པས་གང་ཡིན་པ་དེ་ནི་བཅས་པའི་ཁ་ན་མ་ཐོ་བའོ།། བྱ་བ་དང་མི་བྱ་བ་ནི་གང་ཅི་བྱས་ན་ལྟུང ་བ་འབྱུང་བ་དང་། སྦྱོར་བ་མ་བྱས་ཀྱང་འཐུང་བའོ།། སྤྱད་པ་ནི་ཉེས་པར་གྱུར་ནས་བཅས་པ་གང་ཡིན་པའོ།། མ་སྤྱད་པ་ནི་ཉེས་པར་མ་གྱུར་ཀྱང་བཅས་པ་གང་ཡིན་པའོ།། ལྕི་བ་དང་ཡང་བ་ཉིད་ནི་རྣམ་པ་དྲུག་སྟེ། བཅས་པ་དང་། གཞི་དང ་ཉོན་མོངས་པ་དང་། བསྒྲུབ་པ་དང་། གང་ཟག་དང་། དུསོ་དེ་ལ་བཅས་པ་ནི་བསླབ་པ་བཅས་ནས། རང་བཞིན་དང་སྤངས་པའི་ཁ་ན་མ་ཐོ་བ་བྱུང་བའོ།། གཞི་ནི་འདི་ལྟ་སྟེ། དཔེར་ན་དུད་འགྲོའི་སྲོག་པའི་ལྟུང་བ་ནི་ལྕིའི། དགེ་འདུན་ལྷག་མ་ནི། ་དེ་ལྟ་མ་ཡིན་ནོ།། ཉོན་མོངས་པ་ནི་རྟགས་པ་མ་ཡིན་པའི་ཉོན་མོངས་པ་ལས་བྱུང་བའི་ལྕི་བའོ།། བསྒྲུབས་པ་ནི་རྒྱུན་དུ་བྱུང་བ་གང་ཡིན་པའོ།། གང་ཟག་ནི་དགེ་བའི་རྩ་བས་མ་བརྟན་པ་བླུན་པོའི་རྒྱུད་དེ་ལྕི་བའོ།། དེ་ཉིད་ལས་གཞན་པ་ནི། ་ཡང་བའོ།། འདི་ལྟ་སྟེ་དཔེར་ན་ཆུའི་རྒྱུན་ཆུང་ངུ་ནི་རྫས་ཀྱང་ཟློགོ།། ཆེན་པོ་ནི་ཤིང་གི་ཕུང་པོ་ཆེན་པོ་ཡང་ཁྱེརོ།། དུས་ནི་ཡུན་རིང་པོར་བཅས་པ་ནི་ལྕི་བའོ།། དེ་ལས་ལྡོག་པ་ནི་རྣམ་པ་དྲུག་སྟེ་ཡང་བའོ།། སྤྱིའི་མཚན་ཉིད་ནི་ཐམས་ཅད་ཀྱང ་གང་ལུས་དང་ངག་གི་ལུས་ཀྱི་མཚན་ཉིད།། ལྡང་བ་ནི་རྣམ་པ་བཞི་སྟེ། ཆད་པའི་ལས་ཆེན་པོ་ཡིས་ལྡང་བ་ནི་ཕམ་པར་འགྱུར་བའོ།། ཆད་པའི་ལས་འབྲིང་གིས་ལྡང་བ་ནི་དགེ་འདུན་ལྷག་མའོ།། ཆད་པའི་ལས་ཆུང་ངུས་ལྡང་བ་ནི་སྤང་བའོ།། ཆང ་བའི་ལས་མེད་པས་ལྡང་བ་ནི་དེ་མ་ཡིན་པ་གཞན་དག་གོ།། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཅན་གྱི་ཀུན་ནས་བླང་བ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་ཡིནོ།། དེ་མ་ཡིན་པ་གཞན་དག་ནི་ཉོན་མོངས་པ་ཅན་མ ་ཡིན་པའོ།། རྣམ་པ་ལྔས་ལྟུང་བ་འབྱུང་སྟེ། ངོ་ཚ་མི་ཤེས་པ་ཉིད་དང་། མི་གུས་པ་དང་། བག་མེད་པ་དང་། གཏི་མུག་མི་ཆུང་བ་དང་། དྲན་པ་ཉམས་པའོ།། དེ་ལ་ལོ་བཅུ་གཉིས་ཀྱི་བར་དུ་དགེ་སློང་གི་དགེ་འདུན་སྐྱོན་མེད་པར་གྱུར་ཏོ།། ལོ་བཅུ ་གསུམ་པ་ལ་བབ་པ་ན་བཅོམ་ལྡན་འདས་ཡུལ་སྤོང་བྱེད་དག་ན་ཀ་ལནྡ་ཀའི་གྲོང་ན་བཞུགསོ།། ཀ་ལནྡ་ཀའི་བུ་བཟང་སྦྱིན་མས་ས་བོན་གྱི་ཕྱིར་ཉེས་པ་ཙ་ཡང་མེ་དོ་ཞེས་བསླུས་ཏེ་འཁྲིག་པ་བསྟེན་ཏོ།། འཁྲིག་པའི་གཞིའི་དབང་དུ་མཛད། ་དེ། ཕན་ཡོན་བཅུ་ཡང་དག་པར་གཟིགས་ནས། འཁྲིག་པའི་ཉོན་མོངས་པས་ཕམ་པར་འགྱུར་པ་དང་པོ་བཅསོ།། འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རྒྱལ་རིགས་ནས་དམངས་རིགས་ཀྱི་བར་གྱི་རིགས་ཀྱི་བུ་དང་རིག ་ཀྱི་བུ་མོ་དག་ཀྱང་གཟུང་བཔའོ།། དགེ་འདུན་ལེགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཞུགས་པ་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་བརྟེན་ནས། དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་བྱ་བའོ།། དགེ་འདུན ་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དགེ་བའི་ཆོས་རྣམས་ལ་བརྟེན་ནས་དད་པས་བྱིན་པ་ཡོངསུ་སྤྱད་པར་བྱེད་པའོ།། མ་དད་པ་རྣམས་དང་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཁྱིམ་པ་དང་པ་མ་རྙེད་པ་རྣམས་དང་པ ་རྙེད་པར་བྱ་བའོ།། ངད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དང་པ་རྙེད་པ་རྣམས་ཀྱི་སེམས་བསྲུང་བར་བྱའོ།། གནོད་མི་བཀུར་བའི་གང་ཟག་རྣམས་ཚར་བཅད་པའི་ཕྱིར་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་རྣམས་བསླབ་པ ་ལ་རྗེསུ་མི་སློབ་པའི་གང་ཟག་རྣམས་ནན་ཏུར་གྱི་ལས་ཀྱིས་ཕྱིར་བསྐྲད་པར་བྱ་བའོ།། ངོ་ཚ་ཤེས་པ་རྣམས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ངོ་ཚ་ཤེས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་དགེ་བ་རྣམས་ཏེ། དེ་དག་མི་འཐབ ་པ་དང་། མཚང་མི་འདྲུ་བ་དང་། མི་རྩོད་པ་དང་། མི་འགྱེད་པར་བྱ་བའོ།། མཐོང་བའི་ཆོས་ཀྱི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། མཐོང་བའི་ཆོས་ཀྱི་ཟག་པ་རྣམས་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པ་སྟེ་དེ་སྤང་བར་བྱ་བའོ།། ཚེ་རབ ་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་ཚེ་རབས་ཕྱི་མའི་ཟག་པ་རྣམས་ཞེས་བྱ་བ་ནི་བག་ལ་ཉལ་ཏེ་དེ་སྤང་བར་བྱ་བའོ།། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ། ལྷ་དང་མིའི་བར་དག་ལ ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་གྱུར་པ་ཞེས་བྱ་བ་ནི། སྡེ་སྣོད་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་ཁྲིམས་ཀྱིས་བསྟན་པ་ཡུན་རིང་དུ་གནས་པོ་གོ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དགེ་སློང་རྣམ་པ་ལྔ་སྟེ། མིང ་གི་དགེ་སློང་ནི་གང་ཐ་སྙད་དུ་དགེ་སློང་ཞེས་མིང་བཏགས་པའོ།། ཁས་འཆེ་བའི་དགེ་སློང་ནི་གང་དགེ་སློང་མ་ཡིན་པར་དགེ་སློང་ཞེས་ཁས་འཆེས་པའོ།། སློང་བའི་ཕྱིར་དགེ་སློང་ནི་གང་ཆོས་ཀྱིས་སློངས་མོ་བྱེད་ཅིང་འཚོ་བའོ།། ཉོན་མོངས ་བ་བཅོམ་པའི་ཕྱིར་དགེ་སློང་དང་། གསོལ་བ་དང་བཞིའི་ལས་ཀྱི་བསྙེན་པར་རྫོགས་པའི་དགེ་སློང་ནི་ལྔ་པའོ།། འདིར་ནི་ལྔ་པར་འདོད་དེ། དགེ་སློང་དུ་འགྱུར་བའི་རྒྱུ་རྣམས་རྒྱས་པར་འཆད་དོ།། དེ་ནི་དགེ་སློང་དང་ལྡན་པ་ཐམས་ཅད ་ལ་བརྗོད་པར་བྱ་སྟེ། ཡང་བརྗོད་པར་མི་བྱའོ།། བསླབ་པ་མཚུངས་པར་གྱུར་པ་ཞེས་བྱ་བ་ནི་བསླབ་པ་མཉམ་པ་ཐོབ་པ་སྟེ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་གང་ལ་བསླབ་པར་བྱ་བ་དེ་ལ་དེའི་ཉིན་མོ་བསྙེན་པར་རྫོགས་པས ་ཀྱང་བསླབ་པའོ།། བསླབ་པ་མ་ཕུལ་བ་ཞེས་བྱ་བ་ནི་སྐད་བརྡ་མི་ཕྲད་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་དང་། གླེན་པ་དང་ལྐུགས་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པ་དང་། ་མི་མ་ཡིན་པ་དང་། ལྷ་དང་སྤྲུལ་པ་དང་། དུད་འགྲོར་གཏོགས་པ་དང་། གཟུགས་བརྙན་ལ་སོགས་པའི་མདུན་དུ་ཕུལ་ན་བསླབ་པ་ཕུལ་བ་མ་ཡིན་ནོ།། ཁྲོས་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉེན་པ་དང་། མི ་དབེན་པ་ལ་དབེན་པར་འདུ་ཤེས་པ་དང་། དབེན་པ་ལ་མི་དབེན་པར་འདུ་ཤེས་པ་དང་། ཅ་ཅོ་འདོན་པའི་ཁྲོང་དང་། རང་བཞིན་དུ་གནས་པ་གང་ལ་ཡང་གོ་བར་མ་བྱས་པ་ནི། ཕུལ་བ་མ་ཡིན་ནོ།། དགེ་སློང་དགེ་སློང་རྣམས་དང་ལྷན ་ཅིག་དུ་བསྒྲུབ་པ་མཚུངས་པར་གྱུར་པ་ལས་བསྒྲུབ་བྱས་ཕུལ་བྱར་ཞེས་བྱ་བ་ལ་མུ་བ་ན་ཡོད་དེ། མུ་དང་ཟ་ན་མངོན་པར་དགའ་བའི་དགེ་སློང་ངོ་།། གཉིས་པ་ནགས་སྟན་དང་མུ་སྔགས་ཅན་དང་རོག་དྲུག ་ལ་མངོན་པར་མི་དགའ་བའོ།། གསུམ་པ་ནི་མངོན་པར་མི་དགའ་བའི་དགེ་སློང་ངོ་།། བཞི་པ་ནི་རྣམ་པ་འདི་དག་མ་གཏོགས་པའོ།། བསླབ་པ་ཉམས་པར་མ་བྱས་ཞེས་བྱ་བ་ལ་བསླབ་པ་ཕུལ་ཡང་བསླབ་པ་ཉམས་པར་མ་བྱས ་པ་ཡོད་དེ། མུ་བཞིའོ།། མུ་དང་པོ་ནི་གང་དབུལ་བར་འདོད་པས་སྐྱེས་བུ་བརྡ་ཕྲད་པའི་མདུན་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དགོངསུ་གསོལ། བདག་མིང་འདི་ཞེས་བགྱི་བ་བསླབ་པ་འབུལ་ཏེ། དེ་བཞིན་དུ་དཀོན་མཆོག་རྣམས་དང་། ་སྡེ་སྣོད་གསུམ་དང་། སློབ་དཔོན་དང་། མཁན་པོ་ཡང་ངོ་ཞེས་ཟེར་ན། གཅིག་གམ་ཐམས་ཅད་ཀྱང་རུང་སྟེ་བསླབ་པ་ཕུལ་བ་ཞེས་བྱའོ།། དེ་བཞིན་དུ་བདག་ཁྱིམ་པ་དང་། དགེ་ཚུལ་ལམ། ཟ་མ་འམ། མ་ནིང་ངམ། དགེ་སློང་མ་སུན ་ཆུང་བ་འམ། མཚམས་མེད་པ་ལྔ་བྱེད་པ་འམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པ་འམ། རྐུ་ཐབསུ་གནས་པ་འམ། ཐ་དད་དུ་གནས་པ་འམ། གནས་པར་མི་བྱ་བར་གཟུང་དུ་གསོལ་ཞེ་འམ། ཐ་ན་འདི་སྐད་ཅེས་ཆོས ་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་ལྟ་བུ་མི་དགོས་སོ་ཞེས་ཟེར་ན་ཕུལ་བ་ཡིན་ནོ།། གང་ཁྲོས་སམ། གློ་བུར་དུ་གཟུགས་ལ་ཆགས་པའི་སེམས་ཀྱིས་བསླབ་པ་ཕུལ་བས། དེས་གལ་ཏེ་མི་ཚངས་པར་སྤྱོད་པ་མ་བསྟེན ་གྲིས་རྣས་པར་གྱུར་ནཱ་དགེ་སློང་ཉིད་དོ།། བསྟེནྡ་ན་ནི་དགེ་སྦྱོང་ཡང་མ་ཡིན་ལ་ཕམ་པར་འགྱུར་བ་ཡང་མ་ཡིན་ནོ།། དབུལ་བའི་བསམ་པས་མ་ཚངས་པར་སྤྱོད་པར་བྱེད་པ་དང་། མི་འཇིགས་པ་དང་རྐུ་བའི་སེམས་མེད་པའི་ཕྱིར་ག ་བཞིན་ཏེ་བསླབ་པ་བྱིན་པ་བཞིན་ནོ།། མུ་གཉིས་པ་ནི་བབས་པ་འདོད་ནས་རྟགས་རྣམས་སྨྲ་ཞིང་དགེ་སློང་གི་བྱ་བ་ནི་བྱ་དཀའ་བའོ་ཞེས་ཟེར་ལ་བསླབ་པ་འབུལོ་ཞེས་ནི་མི་ཟེར་བའོ།། ལ་ལ་ན་རེས་སུ་བདག་བསླབ་པ་རྣམས་ཁོང ་དུ་ཆུད་པར་བྱེད་མི་ནུས་ཏེ། དབུལ་བར་ཡང་འདོད་ལ་དེ་གལ་ཏེ་བསླབ་པ་མ་ཕུལ་བས་བག་མེད་པས་མི་ཚངས་པར་སྤྱོད་པ་བསྟེན་ན། བསླབ་པ་མ་ཕུལ་ཡང་ཕམ་པར་འགྱུར་བ་མ་ཡིན་ཏེ། ཇི་ལྟར་བསླབ་པ་ཕུལ་བ་བཞིན་དུ་དེ་ཡང ་རབ་ཏུ་དབྱུང་དུ་རུང་ངོ་།། ཅིའི་ཕྱིར་ཞེ་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བསླབ་པ་དང་། བསླབ་པར་བཅས་པ་ལ་ཀླན་ཀས་ཐ་སྙད་མ་བཏགས་པའི་ཕྱི་རོ་ཞེའོ།། གསུམ་པ་ནི་གལ་ཏེ་གཉིས་ག་བྱེད་པའོ།། བཞི་པ་ནི་དགེ ་སློང་མངོན་པར་དགའ་བའོ།། བསྟེན་ནཱ་ཞེས་བྱ་བ་ནི་བསླབ་པ་ཡང་ཕུལ་ལ་ཉམས་པར་ཡང་བྱས་ལ་མི་ཚུངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེནྡ་ནཱ་ཞེས་བྱ་བ་མུ་བཞི་སྟེ། དང་པོ་ནི་སློངས་མོ་སྦྱོང་བ་དང་། ངན་ངོན་ལ་སྦྱོད་བ་དང་། རང་དབང ་མེད་པར་སྤྱོད་པ་དང་། མི་བཟོད་ཅིང་བསློབ་པའི་གནས་ལྔ་པ་ཚངས་པར་སྤྱོད་པ་ཡང་དོག་པར་འཛིན་འདོད་པས། མི་ཚངས་པར་སྤྱོད་པ་ནི་མི་བསྟེན་ལ་བསླབ་པ་ཕུལ་བའོ།། མུ་གཉིས་པ་ནི་འཇིགས་པ་མེད་པའི་སེམས་སམ། ་རྐུ་བའི་སེམས་ཀྱིས་མི་ཚངས་པར་སྤྱོད་པ་བྱེད་པའོ།། གསུམ་པ་ནི་ཚུལ་བཞིན་དུ་བསླབ་པ་ཕུལ་ནས་མི་ཚངས་པར་སྤྱོད་པ་བྱེད་པའོ།། བཞི་པ་ནི་དགེ་སློང་མངོན་པར་དགའ་བའོ།། ཐ་ན་དུང་འགྲོའི་སྐྱེ་གནསུ་སྐྱེས་པ་ཞེས ་བྱ་བ་ནི་སྤྲ་མོ་དང་། སྤྲ་མོ་དང་འདྲ་བར་གྱུར་པའོ།། ཕམ་པར་གྱུར་པ་ཞེས་བྱ་བ་ནི་གྲུབ་པར་བྱས་མ་ཐག་ཏུ་ལྟུང་བ་དང་སྨད་པ་སྟེ། དགེ་སློང་གི་དངོས་པོ་ཕམ་པར་འགྱུར་བའི་ཕྱིར་ཡང་ངོ་།། གནས་པར་མི་བྱའོ་ཞེས་བྱ་བ་ནི་དེ་དགེ ་སློང་དག་གསོ་སྦྱིན་ལ་སོགས་པའི་ནང་དུ་མི་གནས་པའོ།། ཕམ་པར་གྱུར་ཡང་གནས་པར་མི་བྱ་བ་མ་ཡིན་པ་ཡང་ཡོད་དེ། མུ་བཞིའོ།། མུ་དང་པོ་ནི་ཕྱིར་མི་འོང་བ་དེ་ཕམ་པར་གྱུར་པ་ཡིན་ཏེ། གཞི་ཉོན་མོངས་པ་ཕམ་པར ་བྱས་བྱས་ཕམ་པར་གྱུར་པའོ།། གཉིས་པ་ནི་གང་གནས་ནས་ཕྱུང་བའི་ལས་བྱས་པའོ།། གསུམ་པ་ནི་ལྟུང་བར་གྱུར་པའོ།། བཞི་པ་ནི་དགེ་སློང་རང་བཞིན་དུ་གནས་པའོ།། རྣམ་གྲངས་གཞན་དུ་ན་གང་ཞེས་བྱ་བ་སྤྱིའི་སྒྲས་ནི ་དགེ་སློང་ལས་གཞན་པ་རྣམས་ལ་ཡང་རྗེསུ་འབྲེལ་པར་འཇུག་པ་ཡིན་མོད་ཀྱིས་ཕམ་པར་འགྱུར་བ་ཉིད་སྟོན་ཏོ།། དགེ་སློང་ཞེས་བྱ་བའི་སྒྲས་ནི་གཞི་མཐུན་པའི་དབང་དུ་མ་བྱས་པའི་ཕྱིརརོ།། ཡང་ཞེས་བྱ་བ་ནི་དེ་ལས་གཞན་པ་སྟེ། ་འདིས་ནི་ལས་དང་པོ་པ་ལ་ལྟུང་བ་མེད་པར་སྟོན་ཏོ།། དགེ་སློང་ཞེས་བྱ་བ་ནི་དགེ་སློང་གི་སོ་སོར་ཐར་པའི་དབང་དུ་བྱས་པ་ཡིན་པས་དགེ་སློང་མ་ལ་སོགས་པ་ནི་མ་གཏོགསོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡང་གང་དགེ་འདུན་དང་། ་མཚམས་དང་། ལས་དང་། གང་ཟག་གིས་ཉེས་པ་མེད་པར་དགེ་སློང་གི་ལས་སམ། དགེ་སློང་མའི་ལས་ཀྱིས་བསྙེན་པར་རྫོགས་པའོ།། རང་བྱུང་ལ་སོགས་པའི་རྒྱུ་དང་ལྡན་པས་བསྙེན་པར་རྫོགས་པ་རྣམས་ནི་བསླབ ་བ་བཅས་པའི་དབང་དུ་མ་བྱས་པའི་ཕྱིརརོ།། འདུལ་བའི་རིགས་ཉོན་མོངས་པའི་དབང་དུ་སོང་བ་ལས་བརྩམས་ཏེ་བཅསོ།། དགེ་སློང་ཞེས་བྱ་བའི་སྒྲས་ནི་སྔོན་ལྟུང་བ་བྱུང་བ་ལ་སོགས་པ་ལ་ཡང་གྲགས་པས་དེ་རྣམ་པར་བཅད ་པའི་ཕྱིར། དགེ་སློང་རྣམས་དང་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདི་ལྟ་སྟེ་དགེ་སློང་མི་ཚངས་པར་སྤྱོད་པ་བགྱིས་ཀྱང་ཕམ་པར་འགྱུར་བའི་ལྟུང་བར་མི་འགྱུར་བ་མཆིས་སམ་ཞེས་གསོལ་བ་དང་། ཡོད་དེ། སྔོན་ལྟུང་བ ་བྱུང་བའོ་ཞེས་གསུང་སོ།། དགེ་སློང་རྣམས་དང་ཞེས་བྱ་བ་ནི། དགེ་སློང་མ་ལ་སོགས་པ་གཞན་ནི་མ་ཡིན་ཏེ། དེ་དག་དང་བསླབ་པ་མང་ཉུང་ཡོད་པའི་ཕྱི་རོ།། དགེ་སློང་མ་མཚན་གྱུར་ཏེ། དགེ་སློང་དུ་གྱུར་པ་དེ་ཅི་ལྟར་དེ་དག་དང་བསླབ ་པ་མཚུངས་པ་མ་ཡིན་ཞེ་ན། གྱུར་ནས་ནི་བསླབ་པ་ཐུན་མོང་མ་ཡིན་པ་རྒྱུན་ཆད་པའི་ཕྱིརརོ།། ལྷན་ཅིག་ཅེས་བྱ་བ་ནི་དེ་ལས་གཞན་པའི་དོན་རྣམས་ལས་བཟློག་ནས་ལྷན་ཅིག་པའི་དོན་ནི་གསུམ་པའི་དོན་དུ་བསྟན་ཏོ།། བསླབ་པ ་ཞེས་བྱ་བ་ནི་བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་བོ།། འདིར་ནི་ལྷག་པའི་ཚུལ་ཁྲིམས་ལ་བསླབ་པ་ཞེས་གཟུང་།། གྱུར་ཅེས་བྱ་བ་ནི་སུ་ལྟུང་བ་བྱེད་པ་ནི་གསོལ་བའི་ལས ་མ་རྫོགས་པ་དེ་ཕམ་པར་གྱུར་པ་ཞེས་མི་བརྗོད་དེ། གང་དགེ་ཚུལ་གྱི་དངོས་པོར་ཡང་མ་བྱས་པར་བསྙེན་པར་རྫོགས་པར་བྱེད་པའོ།། བསླབ་པ་མ་ཕུལ་ཞེས་བྱ་བ་ནི། སྡོམ་པ་གཏོང་བར་གྱུར་པའི་རྒྱུ་རྣམས་ཀྱིས་སྡོམས ་པ་མ་བཏང་བ་ཞེས་བྱ་བའི་ཐ་ཚིག་གོ།། དེའི་རྒྱུ་ནི་བཞི་སྟེ། བསླབ་པ་ཕུལ་བ་དང་། མཚན་གཉིས་བྱུང་བ་དང་། དགེ་བའི་རྩ་བ་ཆད་པ་དང་། ཤི་འཕོས་པའོ།། སྡོམ་པ་རྒྱུན་བཅད་པ་ནི་བསླབ་པ་མཚུངས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ནི་སྔར ་ཡང་མ་བསྟན་ཏམ་ཞེ་ན། གྱུར་ཅེས་གསུངས་པས་གང་གིས་གྱུར་ནས་ཕུལ་བ་དེ་ནི་གྱུར་པ་ཉིད་དོ་ཞེས་བརྗོད་ནུས་ཏེ། འདི་ལ་ཉེས་པ་མེདོ།། བསླབ་པ་ཉམས་པར་མ་བྱས་ཞེས་བྱ་བ་ནི་བསླབ་པ་རྣམས་ལ་མི་ནུས་པར་ངེས་པར་མ ་བྱས་པའོ།། འདི་ཡང་ཅིའི་ཕྱིར་ཞེ་ན། གཞན་དག་ལ་ནི་བསླབ་པ་འབུལ་བའི་རྒྱུ་རབ་ཏུ་བསྟན་པའི་ཕྱིརརོ།། གང་བསླབ་པ་མ་ཕུལ་ཡང་བསླབ་པ་རྣམས་ལ་མི་ནུས་པར་ངེས་པར་བྱས་ལ་བསམ་པས་ཀྱང་གཏོང་འདོད་པས་བྱས་ན་དེ་ཕམ ་པར་འགྱུར་བ་མ་ཡིན་པར་བསྟན་པའི་ཕྱིརརོ་ཞེས་འཆང་དོ།། མི་ཚངས་པར་སྤྱོད་ཅེས་བྱ་ལ་ཚངས་པར་སྤྱོད་པ་ནི་འཕགས་པའི་ལམ་མོ།། མྱ་ངན་ལས་འདས་པའི་མཚན་ཉིད་ནི་ཚངས་པ་སྟེ། དེས་ཐོབ་པར་བྱེད་པའི་ཕྱིར།། དེའི་མི་མཐུན ་བའི་ཕྱོགསུ་གྱུར་པས་མི་ཚངས་པར་སྤྱོད་པ་སྟེ། བསོད་ནམས་མ་ཡིན་པ་དང་། མི་སྙན་པ་བཞིན་ནོ།། འཁྲིག་པ་ཞེས་བྱ་བ་བུད་མེད་དང་སྐྱེས་པ་སྦྱོར་བ་སྟེ། དེ་ལས་ལ་སུ་གྱུར་པ་དེ་ནི་འཁྲིག་པའོ་ཞེས་ཕལ་ཆེར་སྨྲ་སྟེ། རང་གི་ཁ་ལ ་སོགས་པར་ཡང་ཕམ་པར་འགྱུ་རོ།། ཚིག་འདི་གཉིས་ཀྱིས་ནི་གཉིས་ཀྱིས་ཕྲད་པ་ཉེས་དམིགས་དང་བཅས་པར་གྱུར་ཏོ།། ཡང་ན་བསླབ་པ་མ་གཟུང་བས་འཁྲིག་པ་བྱས་པ་ལས་བྱེ་བྲག་དུ་བསྟན་པའི་ཕྱིར་མི་ཚངས་པར་སྤྱོད་པའི་ཚིག ་གཟུང་ངོ་།། རྣམ་གྲངས་གཞན་དུ་རང་གི་ཁ་དང་བཤང་བའི་ལམ་དུ་བྱེད་པ་ནི་མི་ཚངས་པར་སྤྱོད་པའོ།། གཞན་ལ་བྱེད་པ་ནི་འཁྲིག་པའོ།། ཆོས་ཞེས་བྱ་བ་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཏེ། འདིས་ནི་དངོས་པོ་མེད་པ་རྨི་ལམ་གྱི ་འཁྲིག་པ་རྣམ་པར་སྤྱོད་དོ།། བསྟེན་ན་ཞེས་བྱ་བ་ནི་མྱོང་བ་དང་བཅས་པར་བྱས་པའོ།། ཐ་ན་ཞེས་ཐ་བྱ་བ་ནི་དུད་འགྲོའི་སྐྱེ་གནསུ་སོང་བ་དམན་པའི་ཕྱིརརོ།། ཤ་ཟ་མོ་དང་སེམས་ཅན་དམྱལ་བའི་བུད་མེད་ནི་འབྲིང་།། ལྷ་དང་མིའི་བུད་མེད་ནི ་མཆོག་གོ།། དུད་འགྲོའི་སྐྱེ་གནསུ་གཏོགས་པ་ཞེས་བྱ་བ་ནི་ཕལ་ཆེར་དུད་དེ་འགྲོ་བས་དུད་འགྲོའི་སྐྱེ་གནས་ཏེ་དེར་གཏོགས་པ་ལའོ།། མོ་རྟགས་ནི་འདིར་མངོན་པར་རྗོད་པ་སྟེ། སྐྱེས་པ་ལ་ཡང་ཕམ་པར་འགྱུར་བའི་ཕྱིརརོ།། ཀྱང་ཞེས་བྱ ་བ་ནི་འབྲིང་དང་མཆོག་ཀྱང་ངོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཞེས་བྱ་བ་ན་ནི་མཚན་ཉིད་ཀྱིས་མངོན་སུམ་དུ་གྱུར་པའི་ཕྱིརརོ།། དགེ་སློང་ཞེས་བྱ་བ་ནི་སྔོན་གྱུར་པར་ཤེས་པའམ་གྲགས་པའོ།། ཕམ་པར་གྱུར་པ་ཞེས་བྱ་བ་ནི་བདུད་ཀྱི་སྡེས་དམ་པའི ་ཆོས་ཀྱི་རྒྱལ་པོའི་སྲས་ལས་ཉམས་པར་བྱས་པའི་ཕྱིར་ཏེ། ཇི་ལྟར་དགེ་སྦྱོང་དུ་མི་རུང་བར་འགྱུར། ཤཱཀྱའི་སྲས་ཀྱིར་མི་རུང་ཞེས་གསུངསོ།། གནས་པར་མི་བྱའོ་ཞེས་བྱ་བ་ནི་ཚངས་པ་མཚུངས་པར་སྦྱོང་པ་རྣམས་ཀྱིས་བསྐྲང་བའི་ཕྱིར་འདི་ནི ་མཐོང་བའི་ཆོས་ཀྱིས་ཉེས་དམིགས་སྟོན་ཏོ།། ཕྱོགས་འདས་བསླབ་པའི་གཞི་ཐམས་ཅད་ཀྱི་ཚིག་གི་ནུས་པ་བརྗོད་པར་བྱའོ།། མངས་ཀྱིས་ངོགས་ནས་ཐམས་ཅད་ལ་ནི་མ་བརྗོད་དོ།། དེ་ལ་ལྟུང་བ་ཅིར་འགྱུར ་ཞེན། དགེ་སློང་གིས་བུད་མེད་དང་སྐྱེས་པ་དང་། མ་ནིང་རྣམས་ཀྱི་ཟག་བྱེད་དང་། ཁ་དང་བཤང་བའི་ལམ་རྣམསུ་ཟག་བྱེད་བཅུག་ལ། བཅུག་ནས་ཉམས་མྱོང་ནས་དངོས་གཞིའི་ལྟུང་བའོ།། ཟག་བྱེད་དུ་པགས་པ་ལས་ནོར་བུ་འདས་ན ་བཅུག་པ་ཞེས་བྱའོ།། ཁར་ནི་ནོར་བུ་སོ་ལས་འདས་ནའོ།། བཤང་པའི་ལམ་དུ་ནི་འཛུམས་པ་ལས་འདས་ནའོ།། ཉམསུ་མྱོང་བ་ནི་འདོད་ཆགས་སྐྱེས་ནས་ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པསོ།། མིའི་བུད་མེད་དང་། ་སྐྱེས་པ་དང་། མ་ནིང་གསོན་པོའམ། ཤི་བའམ། གཉིད་ཀྱིས་ལོག་པའམ། གཉིད་ཀྱིས་མ་ལོག་པའམ། སྙོམས་པར་ཞུགས་པའམ། སྨྱོས་པའམ། སེམས་འཁྲུགས་པ་འམ། ཚོར་བས་ཉེན་པ་འམ། རང་བཞིན་དུ་གནས་པ་རྣམས ་ལེ་བར་དང་བཅས་པས་བར་ཆད་དང་བཅས་པ་དང་། བར་དང་བཅས་པས་བར་ཆད་མེད་པ་དང་། བར་མེད་པས་བར་ཆད་དང་བཅས་པ་དང་། བར་མེད་པས་བར་ཆད་མེད་པ་དང་། རྨ་གསུམ་དང་། རྨ་གཉིས་ཀྱང་རུང་སྟེ། རྣམ་པར ་མ་ཉམས་པ་ལ་བཅུག་མ་ཐག་ཏུ་བསྟེན་པར་གཞོལ་བ་ལ་དངོས་གཞིར་འགྱུར་རོ།། རྣམ་པར་ཉམས་པ་ལ་ནི་ཉེས་པ་སྦོམ་པོའོ།། དེ་བཞིན་དུ་མི་མ་ཡིན་པའི་བུད་མེད་དང་། སྐྱེས་པ་དང་། མ་ནིང་རྣམས་དང་། དེ་བཞིན་དུ་དུད་འགྲོའི་སྐྱེ ་གནས་གཏོགས་པ་རྣམས་ལའོ།། བུད་མེད་ཀྱི་དབང་པོ་གང་གཉིས་ག་གཟུང་དུ་མཐུན་པ་དེ་རྣམ་པར་མ་ཉམས་པའོ།། ཕྱི་འམ་ནང་རུལ་བ་འམ། སྲིན་བུས་ཟོས་པ་གང་ཡིན་པ་དེ་ནི་རྣམ་པར་ཉམས་པའོ།། ཁ་དང་འོག་མ་ནི་ཀུན ་ཏུ་ཞིགས་ན་རྣམ་པར་ཉམསོ།། བཟློག་པ་ནི་རྣམ་པར་མ་ཉམས་པའོ།། དགེ་སློང་ལ་སོགས་པ་དང་། དགེ་སློང་མ་ལ་སོགས་པ་ཉལ་བའམ། ཆང་གིས་མྱོས་པ་ལ་རྩོལ་བར་བྱེད་ན་བསྙིལ་བར་བྱའོ།། གལ་ཏེ་དང་པོ་དང་། བར་མ་དང་། ་ཐ་མར་མི་ཤེས་སམ། ཉམ་སུ་མ་མྱོང་ན་བསྙིལ་བར་མི་བྱའོ།། ཉམ་སུ་མྱོང་ན་བསྙིལ་བར་བྱའོ།། གྱ་ཙོམ་དུ་གཟུང་སྟེ་རྩོལ་བར་བྱེད་ན་ཡང་བསྙིལ་བར་བྱའོ།། རྩོལ་བར་བྱེད་ཅིང་གལ་ཏེ་འཇུག་པ་ན་བདག་གིས་བྱེད་དམ། འབྱིན ་པ་ན་ཉམསུ་མྱོང་ན་བསྙིལ་བར་བྱའོ།། རིག་སྔགས་དང་གསང་སྔགས་ཀྱིས་བདག་དུང་འགྲོའི་སྐྱེ་གནསུ་བསྒྱུར་ཡང་རུང་མ་བསྒྱུར་ཡང་རུང་ལོག་པར་ཞུགས་པའོ།། གལ་ཏེ་དགེ་སློང་གི་འདུ་ཤེས་ཀྱིས་མི་བྱ་བ་བྱེད་དོ་སྙམ་ན་ཕམ ་པར་འགྱུརརོ།། ཟློག་པ་ནི་ཉེས་པ་སྦོམ་པོའོ།། རྐེད་དུ་བཅད་པ་འམ། མགོ་བཅད་པའི་བཤང་བའི་ལམ་དང་། ཟག་བྱེད་ཀྱི་ལམ་དུ་ཡང་ཕམ་པར་འགྱུར་རོ།། ཁར་ནི་སྦོམ་པོའོ།། ལུས་ཀྱི་རྨའམ། སོའི་ཕྱི་རོལ་ལམ། མཆུའི་བར་རམ། ་སྒྱེའུ་འམ་མ་རེག་པ་འམ། གོས་སྟུག་པོ་འམ། གྲོ་བ་འམ། པགས་པས་གཡོགས་པ་འམ། འདབ་མ་འམ། འོད་མའི་སྦུ་གུར་བཅུག་པ་འམ། ཉིས་བལྟབ་དུ་བྱས་པ་འམ། ནོར་བུའི་པགས་པ་བཅུག་ན་ཉེས་པ་སྦོམ་པོའོ།། བཀས ་པའི་མཚམས་སྦྱར་ཏེ་བྱས་ན། གལ་ཏེ་མཚམས་མངོན་པ་ན་སྦོམ་པོའོ།། མཚམས་མི་མངོན་ན་ནི་ཕམ་པར་འགྱུར་བའོ།། གཉིད་ཀྱིས་ལོག་པ་ལ་ཕན་ཚུན་ལོག་པར་འཇུག་ལ་དགེ་སློང་གི་འདུ་ཤེས་ཐོབ་ན་ཕམ ་པར་འགྱུར་རོ།། གཞན་དུ་ན་ཉེས་པ་སྦོམ་པོའོ།། གླང་པོ་ཆེའི་ཕྲུ་གུ་མོ་འབྲངས་མ་ཐག་པ་ལ་མ་ཆུང་པ་ན་སྦོམ་པོའོ།། གླང་པོ་ཆེ་མོ་དང་། ཝ་མོ་དང་རོ་དང་ཀླུའི་བུ་མོ་དང་། གནང་སྦྱིན་གྱི་བུ་མོ་ལ་བྱེད་པ་ན། འཇིགས་པ་སྐྱེས་པ་ན་སྒྲོམ ་པོ་སྟེ། འཇིགས་ན་ཆགས་པ་མེད་དོ།། དེ་བཞིན་དུ་མ་ལ་ངོ་ཚ་བར་གྱུར་ན་སྦོམ་པོ་སྟེ། ངོ་ཚ་ན་ཆགས་པ་མེད་དོ།། ཤིང་ལ་སོགས་པ་ལས་བྱས་པའི་གཟུགས་བརྙན་གལ་ཏེ་མི་མ་ཡིན་པས་གཟུང་བ་ལ་ཡན་ལག་ཐམས་ཅད་ཀྱིས ་རེག་པར་གྱུར་ནའོ།། ཅི་སྟེ་དབང་པོ་ཉི་ཚེ་སྤོང་ན་སྦོམ་པོའོ།། ལྷ་མ་ཡིན་གྱི་བུ་མོའི་ལམ་དུ་རྐང་པ་བཅུག་པ་དང་། དེ་བཞིན་ན་གཞན་དུ་ན་གཞན་གྱི་ཡན་ལག་གི་རྣམ་པ་བཅུག་པ་དང་། དགེ་སློང་མི་ཚངས་པར་སྤྱོད་པ་སྦྱོར་བ་ན ་ལ་སུ་མ་རུང་ནས་ཡན་ལག་གི་རྣམ་པ་བཅུག་པ་དང་། ཡན་ལག་གི་རྣམ་པས་ཡན་ལག་གི་རྣམ་པ་ལ་རེག་པར་བྱས་པ་དང་རོའི་མཚན་བཅད་པ་དང་། མཚན་སྲིན་བུས་གང་བར་ལོག་པར་འཛུད་ན་སྦོམ་པོའོ།། ཁ་གདོངས་ཏེ ་གླལ་བའི་ཁར་གཞན་གྱི་ཡན་ལག་གི་རྣམ་པ་བཅུག་པ་དང་། ན་མཁའི་གསལ་བ་ལ་སྒྲེན་མོར་ཡོངསུ་ལས་བྱེད་པ་ལས་གཞན་གྱི་རང་གི་ཁར་བཅུག་པའི་ཕྱིར་དགའ་བར་ཉམ་སུ་མ་མྱོང་ན་ལྟུང་བ་མེད་དོ་ཞེས་གསུངས་སོ།། ། ་གླལ་ན་དེ་ལྟར་མི་བྱའི་ཆོས་གོས་ཀྱི་ཐ་མ་འམ། ལག་པས་དགབ་པར་བྱའོ།། ནམ་མཁའ་གསལ་བ་ལ་སྒྲེན་མོར་ལས་མི་བྱའོ།། རྒྱབ་མཉེན་དང་མཚན་རིངས་ཀྱི་རང་གི་ཁ་འམ་བཤང་བའི་ལམ་ལ་ཡང་ངོ་།། མཛེས་དགའི་ཕྱིར་ནང་དུ་བསྒྲགས ་ཕྱིར་ལ་དུ་བསྩགས་ཏེ་ཕྱིམས་དུ་མོས་། ཕྱི་རོལ་ཏུ་བསྙུགས་ཏེ་ནང་དུ་ཕོ་ན་ཡན་ལག་གི་རྣམ་པས་ཡན་ལག་གི་རྣམ་པ་ལ་བཅུག་མ་ཐག་ཏུ་ཕམ་པར་འགྱུར་པའོ།། མདུན་ལོགསུ་ལས་བྱས་ལ་རྒྱབ་ལོགསུ་པོ་བ་ཡང་དེ་བཞིན་ནོ།། ཕོའི་ནད་ཀྱིས ་བཏབ་ཏེ། བུད་མེད་ཀྱི་ཁར་བཅུག་ན་ཕན་ནོ་ཞེས་བུད་མེད་ཀྱི་ཁར་བཅུག་ན་ཡང་ཕམ་པར་འགྱུར་བ་འོ།། དེ་བཞིན་དུ་ཕམ་པར་འགྱུར་བ་མ་ཡིན་པ་ལ་ཕམ་པར་འགྱུར་བར་འདུ་ཤེས་ནའོ།། སྒྲེན་མོར་ཉལ་བ་ལ་ཚོགས་ཅན་མོ ་རྒན་མོས་མནན་པ་ལས་དེ་གཉིད་ཀྱིས་ནོན་པས་རེག་པས་ཉམསུ་མ་མྱོང་བས་ལྟུང་བ་མེད་དོ།། གལ་ཏེ་ཉམས་པར་གྱུར་ན་སྦོམ་པའོ།། གྲོང་གི་མཐའ་ན་གནས་པ་གློས་ཕབ་སྟེ་ཉལ་ན་སྒོ་གཏན་གཞུག་པར་བྱའོ།། ཡང་ན་དགེ ་སློང་བཞག་གོ།། ཡང་ན་མདུད་པ་བོར་བར་བྱའོ།། དགོན་པ་བས་བསམ་གཏན་ཐོབ་པ་དབང་པོ་ལ་སུ་རུང་བ་ལ་ལྕི་ཐུན་མས་མནན་པའི་ཕྱིར་འདོད་ཆགས་དང་བྲལ་བ་ལ་ལྟུང་བ་མེ་དོ་ཞེས་གསུངསོ།། དགོན་པ་པ་སྒོ་མེད་ན་ཡལ ་ག་ལ་སོགས་པས་ས་ཕྱོགས་དེ་དེའི་རིམ་པས་བསྐོར་བར་བྱའོ།། འདོད་ཆགས་དང་མ་བྲལ་བ་ནི་ལྔས་དབང་པོ་ལ་སུ་རུང་བར་འགྱུར་ཏེ། བཤང་བ་དང་། གཅི་བ་དང་། རླུང་གིས་ཉེ་བར་ནོན་པ་དང་། སྲོག་ཆགས་ཨུ་ཙ་ཏིང་གས་ཟིན ་པ་དང་། འདོད་པའི་འདོད་ཆག་སོ།། འདོད་ཆགས་དང་བྲལ་བས་ནི་རྣམ་པ་བཞི་སོ།། དགེ་སློང་གིས་དགེ་སློང་མ་ལ་སོགས་པ་ལ་བཏུས་པ་ལ་ཁས་བླངས་ཀྱི་འོག་ཏུ་འགྱོད་དེ་མི་འདོད་བཞིན་དུ་ཁུ་བ་ཕྱུང ་བ་དང་། ཉམསུ་མ་མྱོང་ན་ཉེས་བྱསོ།། དགེ་སློང་གིས་ཁས་བླངས་པ་ལས་ཕྱིས་མི་འདོད་བཞིན་དུ་བྱས་ན་སྦོམ་པོའོ།། མི་འམ་ཅི་མོས་རང་གི་གནསུ་ཉེ་བར་ཁྲིད་དེ་མནན་པ་དང་། འདུ་ཤེས་དང་བྲལ་བར་གྱུར་ན་ལྟུང་བ་མེད་དོ།། དེ ་འདྲ་བའི་ཕྱོགསུ་གནས་པར་མི་བྱའོ།། གཅིན་གཅི་བའི་ཚེ་ཁྱིས་ཟིན་ན་སྐྲག་པས་ལྟུང་བ་མེདདོ།། དེའི་འདུན་དུ་གཅི་བར་མི་བྱའོ།། ཆུ་འབོག་པའི་ཚེ་ཉས་ཟིན་པ་ཡང་དེ་བཞིན་ནོ།། གང་ན་དེ་ལྟ་བུའི་འཇིགས་པ་ཡོད་པ་དེར་སྒྲེན་མོར་ཆུ ་འབོག་པར་མི་བྱའོ།། ལམ་ལ་ལམ་མ་ཡིན་པར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་དང་། ལམ་ཡིན་པ་ལ་ལམ་དུ་འདུ་ཤེས་པར་བྱས་ན་ཕམ་པར་འགྱུར་བའོ།། ལམ་མ་ཡིན་པ་ལ་ལམ་དང་ཡིད་གཉིས་ཟ་ན་སྦོམ་པོའོ།། མི་ཚངས ་པར་སྤྱོད་པར་སེམས་བསྐྱེད་ན་བསྡམ་པར་བྱ་བའི་ཉེས་བྱསོ།། ཤཱམ་ཐབས་གྱོན་ཏེ་འགྲོ་བ་ནས་ལུས་ཀྱི་གནས་ངན་ལེན་རྣམ་པར་གྱུར་པའི་བར་དག་ལ་སོགས་པ་བྱེད་ན་བཤགས་པར་བྱ་བའོ།། བྱ་བར་བརྩམས་ཏེ་ནོར་བུས ་ནོར་བུ་ལ་མ་རེག་པའི་བར་དུ་སྦོམ་པོའོ།། སྤུ་འམ་ཡོ་བྱད་འགའ་ཞིག་གམ་ཡན་ལག་རྣམ་པ་འམ་ཡན་ལག་གམ་ཉིང་ལག་ལ་བྱུགས་པ་ལས་བགས་ཀྱི་དགའ་བ་ཉམ་སུ་མྱོང་ན་ཡང་དེ་བཞི་ནོ།། གལ་ཏེ་རེག་པའི་བདེ་བར་ནི་མ ་བསམས་ཀྱི་མི་ཚངས་པར་སྤྱོད་པའི་བསམ་པས་རེག་ན་ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོའོ།། གལ་ཏེ་རེག་པའི་བདེ་བར་བསམས་ན་དགེ་འདུན་ལྷག་མའོ།། ལུས་ཀྱི་བུ་ག་འམ་དེ་ལས་གཞན་པར་མི་ཚངས་པར་སྤྱོང ་བར་བསམས་ཏེ་གལ་ཏེ་ཁུ་བ་ཕྱུང་ན་ཡང་དགེ་འདུན་ལྷག་མ་འམ་སྒོམ་པ་ཉིད།། ནོར་བུས་ནོར་བུ་ལས་འདས་ན་ཕམ་པར་འགྱུར་རོ།། བསམས་ཏེ་གཉིད་ཀྱིས་ལོག་ནས་བུད་མེད་མེད་པར་མི་ཚངས་པར་སྤྱོད་པ་བསྟེན་ན་བསྡམ ་པར་བྱ་བའི་ཉེས་བྱས་སོ།། གསང་སྔགས་དང་། སྨན་དང་། སྒྱུ་མས་སེམས་ཅན་གྱི་གཟུགས་བྱས་པ་རྣམས་ལ་ནི་སྦོམ་པོའོ།། གང་བསླབ་པ་རྣམས་དང་འགལ་བ་ལ་འཇིགས་པ་མེད་པ་དང་། དད་པས་བྱིན་པ་ལ་རྐུ་བའི་སེམས ་ཡོད་དོ།། སེམས་རྣམས་པ་གཉིས་མ་རྙེད་ལ་དེ་ནི་གསོལ་བ་དང་བཞིའི་ལས་ཀྱི་བསླབ་པ་སྦྱིན་པར་བྱའོ།། ཁ་ཅིག་ན་རེ་དེ་བཞིན་དུ་བུད་མེད་ག་གེ་མོ་ཞེས་བྱ་བ་ལ་ལོག་པར་འཇུག་གོ་སྙམ་པ་ལས་གལ་ཏེ་སྐྱེས་པ་འམ། མ་ནིང ་ངམ་བུད་མེད་གཞན་ཞིག་ལ་ལོག་པར་ཞུགས་ན་དེ་ལ་ཡང་བསླབ་པ་སྦྱིན་པར་བྱ་སྟེ། གལ་ཏེ་གཞན་མ་ཡིན་པ་ལ་ལོག་པར་འཇུག་གོ་སྙམ་དུ་བསམས་པའི་ཕྱིར་ན་ཕམ་པར་འགྱུར་བའི་ལྟུང་བ་སྦོམ་པོ་ལ་བསླབ་པ་བྱིན ་པ་ཡིན་ནོ།། ཞེས་འཆང་ངོ་།། དེའི་ཆང་པའི་ལས་ནི་འདི་ཡིན་ཏེ། ཆད་པ་བྱེད་པས་བྱ་བ་ཐམས་ཅད་བྱ་སྟེ། ཇི་སྲིད་འཚོའི་བར་བྱིན་ལེན་སྦྱིན་པར་བྱ་བ་དང་། དེས་ཀྱང་བྱིན་ལེན་བྱིན་ནས་བཟའ་བར་བྱ་སྟེ། དེ་ནི་བྱེ་བྲག་གོ།། དགྲ་བཅོམ ་ཐོབ་ན་གྲལ་རིམ་གང་དུ་བབ་པར་འཇུག་པར་བྱའོ།། གཞན་དག་ན་རེ་ཟླ་བ་དྲུག་གི་བར་དུ་གདོན་མི་ཟ་བར་དགེ་འདུན་ལ་བསྙེན་བཀུར་བྱའོ།། གནས་བརྟན་ལ་བསྙེན་བཀུར་བྱའོ།། ལྷུང་བཟེད་དང་ཆོས་གོས་ཀྱི་ལས ་པའི་གྲོགས་བྱའོ།། དེའི་འོག་ཏུ་གང་གི་ཚེ་དགེ་འདུན་མཉེས་པར་གྱུར་པ་ན་བསམ་པ་ཕུན་སུམ་ཚོགས་པར་རྟོགས་ནས་རྗེསུ་གཟུང་བར་བྱ་སྟེ། དེ་ལྟར་དེ་གསོ་བ་ཡིན་ནོ་ཞེས་འཆང་དོ།། སྔོན་ལྟུང་བ་བྱུང་བ་དང་། རྐུ་ཐབསུ་གནས ་པ་དང་། དང་པོར་འཁྲུགས་པ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བས་ཉམས་པར་བྱེད་ན་ཉེས་བྱསོ།། བསྙེན་པར་མ་རྫོགས་པས་ན་ཡང་ཕམ་པར་འགྱུར་ཏེ། འདི་ལྟ་སྟེ། བསླབ་པ་བྱིན་པའོ།། སྨན་པས་ལུང ་ཕོག་པས་སྨན་མས་གཏོང་བ་ན་ཉམ་སུ་མྱོང་ན་ལྟུང་བ་མེད་དོ།། ལས་དང་པོ་པ་ལ་ལྟུང་བ་མེད་དོ།། དེ་ལ་བསྡམ་པར་བྱ་བའི་ཉེས་བྱས་ཡོད་དོ།། སྨྱོས་པ་ལ་ལྟུང་བ་མེད་དོ།། ཉེ་དུ་ལ་སོགས་པ་ཟད་པ་ལྔས་སྨྱོས་པའོ།། སེམས ་འཁྲུག་པ་ནི་མ་ཡིན་པ་རྣམས་ཀྱིས་གང་གིས་སེམས་དཀྲུགས་པའོ།། ཚོར་བས་ཉེན་པ་ནི་གལ་ཏེ་དགེ་སློང་གི་འདུ་ཤེས་མེད་པའོ།། དེ་དག་ལས་གླེང་གཞི་ལ་སོགས་པ་རྣམས་ལ་བརྒྱད་ནི་བཤད་ཟིན་ཏོ།། ལྷག་མ་རྣམས་བརྗོད ་པར་བྱའོ།། བསླབ་པ་བླངས་པ་དང་། དེ་མ་བཏང་བ་དང་། ལམ་མ་ཉམས་པ་དང་། དབང་པོ་འཇུག་པ་དང་། ཉམ་སུ་མྱོང་བ་དང་། སེམས་ཐ་མལ་པ་དང་། སེམས་གཉིས་ཉེ་བར་མི་གནས་པ་སྟེ། ཡན་ལག་བདུན་ནོ།། ཀུན་ནས་སློང་བ ་ནི་གཉིས་ཏེ། ལུས་དང་སེམས་དང་། ལུས་དང་ངག་དང་སེམསོ།། གལ་ཏེ་ཚིག་བཞམས་ཏེ་བྱེད་ན་ཡང་ངོ་།། དགེ་བའི་ཆོས་ཀྱི་ནུས་པ་ཕོངས་པར་བྱེད་པ་དང་། ངན་སོང་བའི་ཁ་ན་མ་ཐོ་བ་བསྐྱེད་པའི་ཕྱིར་ཕམ་པར་འགྱུར་བ་ཡིན་ནོ།། དགེ ་འདུན་གྱིས་བསྐྲད་པའི་ཕྱིར་དགེ་འདུན་ལྷག་མ་ཡང་ཡིན་ཏེ། དེ་ལྟར་ཉེས་པ་དེ་བྱུང་ན་དགེ་འདུན་གྱིས་སྙིགས་ཏེ་བསྒོ་བའི་ཕྱིར་རོ།། ངན་སོང་རྣམས་སྲེག་པ་དང་། འཚེད་པ་དང་། ལྟུང་བར་བྱེད་པའི་ཕྱིར་ལྟུང་བྱེད་ཀྱང་ཡིན་ནོ།། མ ་བཤགས་ན་ཁ་ན་མ་ཐོ་བ་ཤིན་ཏུ་མང་དུ་བསྐྱེད་དེ། བཤགས་པར་བྱ་བའི་ཕྱིར་སོ་སོར་བཤགས་པ་ཡང་ཡིན་ནོ།། ངན་པར་བྱས་པས་སྨད་པའི་ཕྱིར་ཉེས་བྱས་ཀྱང་ཡིན་ནོ།། རྒྱུན་མ་ཆད་པ་ཡང་ཡིན་ནོ།། བསླབ་པ་བྱིན་པའི་ལྟུང ་བ་གྱུར་པ་གང་ཡིན་པ་ནི་རྒྱུན་ཆང་པའོ།། རང་བཞིན་གྱི་ཁ་ན་མ་ཐོ་བའོ།། གལ་ཏེ་ཆེད་དུ་བྱེད་པ་ནི་བྱ་བར་སྦྱོར་བའོ།། གལ་ཏེ་བརྩལ་བ་ན་བཏང་སྙོམ་སུ་འཇོག་པ་ནི་མི་བྱ་བར་སྦྱོར་བའོ།། སྤྱད་པ་དང་མ་སྤྱད་པ་དང་། ལྕི་བ་དང་ཡང ་བ་ནི་སྔ་མ་བཞིན་ནོ།། དངོས་ན་མ་ལ་སོགས་པ་ལ་བྱེད་པ་ནི་ལྕི་བའོ།། ལུས་ཀྱི་ལསོ།། ལྡང་བ་ནི་བསླབ་པ་བྱིན་པ་ཇི་སྐད་བསྟན་པ་བཞི་ནོ།། ཉེས་པ་སྦོམ་པོའི་ལྕི་བ་ནི་གང་དགེ་འདུན་ཐམས་ཅད་ཀྱི་འདུན་དུ་བཤགས་པར་བྱ་བའོ།། ་ཡང་བ་གང་ཡིན་པ་ནི་ཐ་ན་བཞི་འདུས་པ་ལའོ།། དེ་བཞིན་དུ་དེ་ལས་གཞན་པའི་ཕམ་པར་འགྱུར་བ་དག་གི་ཉེས་པ་སྦོམ་པོ་ཡང་བརྗོད་པར་བྱའོ།། དགེ་འདུན་ལྷག་མའི་ཉེས་པ་སྦོམ་པོ་ལྕི་བ་ནི་ཐ་ན་བཞི་འདུས་པ་ལའོ།། ་ཡང་བ་ནི་གང་ཟག་གཅིག་ལའོ།། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་པས་ཉོན་མོངས་པ་ཅན་ཉིད་དོ།། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ནི་རྣམ་པ་གཉི་སུ་འགྱུར་རོ།། རྣམ་པ་ལྔས་ལྟུང་བ ་འབྱུང་སྟེ། འདིར་ཕྱོགས་བསྟན་པའི་ཕྱིར་རྣམ་པ་ཐམས་ཅད་སྦྱོར་རོ།། དེ་ལས་གཞན་པའི་གཞི་རེ་རེ་ལ་ཡང་དང་པོའི་རྣམ་པ་བརྒྱད་བརྗོད་པར་བྱའོ།། ལྷག་མ་རྣམས་ཀྱང་སྦྱར་བར་བྱའོ།། གླེང་གཞི་གང་ཟག་ཉེས་པ་དང་།། གཞི ་དང་ཉོན་མོངས་དོན་ཉིད་དང་།། ལྟུང་བར་འགྱུར་དང་ལྟུང་མིན་དང་།། ཡན་ལག་རྣམ་གཞན་ཀུན་སློང་དང་།། དེ་བཞིན་བརྡ་དང་རྒྱུན་ཆད་དང་།། ཁ་ན་མ་ཐོ་མི་བྱ་དང་།། སྤྱད་དང་སྤྱད་མིན་གྱི་ཡང་དང་།། མཚན་ཉིད་དང་ནི་ལྡང་བ་དང་། ་ཉོན་མོངས་འགྱུར་དང་ཉོན་མོངས་མིན།། རྒྱུ་དང་རྣམ་པ་ཉི་ཤུ་གཅིག། བསླབ་པ་ཀུན་ལ་བརྗོད་པར་བྱ།། མཚན་ཉིད་བློ་ལྡན་རྣམ་པར་དབྱེ།། ཕམ་པར་འགྱུར་བ་དང་པོའོ།། འདུལ་བ་བསྡུས་པ་བམ་པོ་གཉིས་པ།། ། ་རྒྱལ་པོའི་ཁབ་ན་ནོར་ཅན་གྱིས་མ་སྐྱེས་དགྲའི་ཤིང་ཁྱེར་བ་དང་། དེས་དེ་ལ་གསད་པའི་རིགསོ་ཞེས་འགྱོད་དུ་སྨྲསོ།། དེ་ནས་ཇི་ཙམ་གྱིས་རྒྱལ་པོས་རྐུན་པོ་ཆད་པས་གཅོད་ཅེས་འཕགས་པ་ཀུན་དགའ་བོས་སྨྲས་ཏེ། ཡོངསུ་ལེན་པའི ་གཞིའི་དབང་དུ་མཛད་ནས་ཡོངསུ་ལོན་པའི་ཉོན་མོངས་པས་གཉིས་པ་བཅསོ།། གྲོང་ན་འདུག་པའམ་ཞེས་བྱ་བ་ནི། མཐའ་ར་བས་བསྐོར་བའོ།། དགོན་པ་ན་འདུག་པ་ཞེས་བྱ་བ་ནི་ར་བའི་ཕྱི་རོལོ།། གཞན་དག་གི་ཞེས་བྱ་བ་ནི། མི་ཡིད ་བཙུགས་པ་མ་ཡིན་པ་རྣམས་ཀྱིའོ།། མ་བྱིན་པ་ཞེས་བྱ་བ་ནི་གང་ངེས་གཞན་ལ་མ་ཡིན་པ་དང་། གཞན་གྱིས་ཀྱང་དེ་ལ་མ་བྱིན་པའོ།། རྐུ་བའི་གྲངསུ་གཏོགས་པ་ཞེས་བྱ་བ་ནི་རྐུ་བའི་སེམས་སམ། ཡིད་བཙུགས་པ་མ་ཡིན་པའི ་སེམས་སམ། ཕྱིར་སྦྱིན་པར་མི་འདོད་པའོ།། བླངས་ན་ཞེས་བྱ་བ་ནི་བདག་གམ་གཞན་གྱིས་བདག་གིར་བྱས་པའོ།། ཇི་ཙམ་ཞེས་བྱ་བ་ནི་མ་ཤ་ཀ་ལྔ་འམ་དེ་ལས་ལྷག་པའོ།། ན་ནཱ་ཀ་ཅི་འདྲ་བས་ཤེ་ན། ཚིག་ཉི་ཤུ་ཡོད་པའོ།། མ ་ཤ་ཀ་ཅི་འདྲ་བས་ཤེ་ན། འགྲོན་བུ་ཉི་ཤུ་ཕྲག་བཞིའོ།། དེ་ལྟར་ན་ཀར་ཤ་པ་ནའི་བཞི་ཆ་གཅིག་ལ་ནི་མ་ཤ་ཀ་ལྔའོ།། ཡུལ་དང་དུས་གང་ན་ཀར་ཤ་པ་ནར་འགྱུར་བ་གང་ཡིན་པ་དེའི་བཞི་བཅས་ལྟུང་བར་འགྱུརརོ།། གལ་ཏེ་ན་ན་ཀ ་ཚིགས་བཅུ་གཉིསུ་གྱུར་ན་མ་ཤ་ཀ་གསུམ་གྱིས་ལྟུང་བར་འགྱུར་རོ།། གལ་ཏེ་ཚིགས་བཞི་བཅུར་གྱུར་ན་མ་ཤ་ཀེ་ལྔ་ལས་ལྷག་ཀྱང་དངོས་གཞིར་མི་འགྱུར་རོ།། རྒྱལ་པོ་འམ་ཞེས་བྱ་བ་ནི་འདི་ལྟ་སྟེ། བུད་མེད་རྒྱལ་སྲིད་ལ་དབང ་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡིན་ནོ།། བློན་པོ་ཞེས་བྱ་བ་ནི་རྒྱལ་པོ་དང་། ལྷན་ཅིག་བློ་གྲོས་ཀྱིས་འཚེ་བའོ།། གསོད་དམ་ཞེས་བྱ་བ་ནི་མ་དད་པ་འམ་གཏུམ་པས ་གསོད་པའོ།། འཆིང་ངམ་སྤྲུགས་ཀྱང་རུང་ཞེས་བྱ་བ་ནི་མ་དད་པ་དང་གཏུམ་པ་ཉིད་ཀྱིསོ།། དེ་ལ་འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་དད་པསོ།། ཀྱེ་མི་ཁྱོད་ཅེས་བྱ་བ་ནི་བརྙས་པའི་ཚིག་གོ།། རྐུན་མའོ་ཞེས་བྱ་བ་ནི་བསྟན་པའོ།། དེ ་ལས་གཞན་པ་རྣམས་ནི་དེའི་རྣམ་གྲངས་ཏེ། གླེང་གཞི་དང་བཅས་པའི་ལས་ཀྱིས་རྐུན་པོར་བསྟན་པའི་ཕྱིར་བཤད་པའོ།། གླེང་གཞི་ནི་མཐོང་བའི་ཆོས་ཀྱི་འཇིགས་པ་མ་མཐོང་བ་དང་། ཚེ་ཕྱི་མའི་འཇིགས ་པ་མ་མཐོང་བ་སྟེ། དེ་ནི་བྱིས་པ་ཞེས་བྱ་བ་དང་། བླུན་པ་ཞེས་བྱ་བ་གོ་རིམས་བཞིན་དུ་སྟོན་ཏོ།། རྐུ་བ་ནི་ལས་དེ་གང་གི་ཕྱིར་རྐུ་བའོ་ཞེས་ཟེར་ཞིང་ཞེས་བྱ་བའོ།། དེ་ཡང་ཞེས་བྱ་བ་ལ་ཡང་གི་སྒྲ་ནི་བསྡུ་བའི་དོན་ཏོ།། བསླབ་པ ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་ཤེས་བྱ་བ་ནི་དེ་ཐམས་ཅད་བསླབ་པའི་གནས་རྣམསུ་རྗེསུ་འཇུག་པར་རིག་པར་བྱ་སྟེ། སྐབས་ཡིན་པས་བཅོམ་ལྡན་འདས་ཀྱིས་ཡང་མ་གསུང་སོ།། དེ་ལ་ལྟུང་བ་ཅིར་འགྱུར་ཞེ་ན། ་བདག་གམ་ཕོ་ཉ་གཏོང་བ་འམ། བྱིན་གྱིས་བརླབས་དེ་དང་། རྐུ་སེམས་དང་དེར་སྦྱོར་བ་དང་། གཞན་གྱིས་ཡོངསུ་གཟུང་བ་དང་། དེར་འདུ་ཤེས་པ་དང་། རིན་ཐང་ཚང་བ་དང་། གནས་ནས་སྤོས་ན་ཕམ་པར་འགྱུ་རོ།། སེམས ་བསྐྱེད་པ་ནི་བསྡམ་པར་བྱ་བའི་ཉེས་བྱསོ།། སོང་ནས་མ་རེག་གི་བར་དུ་ནི་བཤགས་པར་བྱས་པའི་ཉེས་བྱས་སོ།། རེག་ལ་གནས་ནས་མ་སྤགས་ན་ཉེས་པ་སྦོམ་པོའོ།། སྤྲུགས་ན་ཕམ་པར་འགྱུར་བའོ།། མ་ཚང་བ་ནི་སྦོམ་པོའོ།། ་དེར་སྦྱོར་བ་ནི་ཉེས་བྱས་ཏེ། ཉེས་པ་སྦོམ་པོ་མ་ཡིན་ནོ།། གནས་གང་ནས་བླངས་པའི་ས་དེའི་རིན་ཐང་གིསོ།། སྦྱོར་བའི་དབང་གིས་ཀྱང་འགྱུར་ཏེ། གལ་ཏེ་སྦྱོར་བ་གཅིག་གིས་ཚང་ནའོ།། ཅི་སྟེ་མང་པོ་ཞིག་གི་ཚང་བ་ནི་སྦྱོར ་བའི་གྲངས་རྙེད་ཀྱི་སྦོམ་པོའོ།། དངོས་པོ་དེ་ཡང་སྣོད་དུ་བཅུག་པ་ལ་སོགས་པ་ཐ་དད་པས་རྣམ་པ་དུ་མའོ།། དེ་ལ་ས་དང་སྣོད་དང་རྡོ་དང་། སྤྱང་ལེབ་དང་རྩིག་རྨང་དང་རྩིག་པ་དང་། སྟེང་དང་གཡོགས་མ་དང་། རིམ་པ་དང་ཆོས ་གོས་དང་། གདང་དང་ཆོས་གོས་ཀྱི་གདང་ཁུང་དང་། ཟུང་དང་། ཁྲི་དང་ཁྲིའུ་དང་། ཨན་ཁྲིའུ་དང་། སྒོ་སྐྱེས་ལ་གཞག་པའོ།། གལ་ཏེ་ས་ལ་སོགས་པ་དེ་དག་འཇམ་ལ་མུ་གཅིག་པ་ཡིན་ན་གནས་གཅིག་པའོ།། གལ་ཏེ་གྱོང ་གྲུགས་སམ། གས་པ་འམ། མཚམས་ཅན་ནམ། ཡི་གེ་བྲིས་པ་ཞིག་ན་གནས་ཐ་དད་པའོ།། གཡུལ་ན་ཡོད་པའི་འབྲས་བུ་ནི་ཁ་དོག་ཐ་དད་པས་གནས་ཐ་དད་པའོ།། དོང་དུ་བཅུག་པའི་ནི་གལ་ཏེ་ཁ་ང་ཆད་དུ་གང་ན་ཐམས ་ཅད་ཀྱང་གནས་གཅིག་པའོ།། གལ་ཏེ་གང་ན་ཤིང་ངམ་རེ་ལྡེ་འམ། སེག་ལ་སོགས་པ་བར་ཆད་བྱས་པ་ཞིག་ན་གནས་ཐ་དད་པའོ།། བཀྲམ་པའི་ས་ལ་ཡོད་པའི་ནི་རྩའི་ཁ་དོག་ཐ་དད་ནའོ།། བཞོན་པ་ལ་ཡོད་པ་ནི་གོས་ཀྱི་ཁ་དོག ་ཐ་དད་ནའོ།། སྲང་གི་ཁང་བཟངས་ཀྱང་དེ་བཞི་ནོ།། གླང་པོ་ཆེ་ལ་ཡོད་པ་ནི་གལ་ཏེ་གླང་པོ་ཆེས་མཚོན་པོ་ཞིག་ན་ནི་ཐམས་ཅད་ཀྱང་གནས་གཅིག་པའོ།། ཅི་སྟེ་རིང་བ་ཞིག་ན་ཕྱོགས་ཀྱི་དབང་གིས་གནས་ཐ་དད་པའོ།། དེ་ལ་གནས་པའི ་ཁང་པ་བརྩེགས་པ་དང་། རྟའི་བཞོན་པ་དང་། ཤིང་རྟའི་བཞོན་པ་དང་། རྐང་གིས་འགྲོ་བ་དང་། ཟུང་ཁྱོགས་དང་ཤིང་རྟ་ཆུང་ངུ་དང་། ཁྱོགས་སྤྱིལ་དང་། བྱིས་པའི་བཞོན་པ་ལ་ཡོད་པ་རྣམས་ཀྱང་དེ་བཞིན་ཏེ། ཇི་སྐད་བསྟན་པ་བཞིན་དུ ་མཐུན་མཐུན་དུ་བརྗོད་པར་བྱའོ།། གྲུ་ཕུར་པ་ལ་བརྗོད་པ་བསྐྱོད་ན་ཉེས་བྱསོ།། རྒྱུན་བཞིན་དུ་ཁྲིད་དམ་ཐང་ལ་ཡང་རུང་སྟེ་མི་སྣང་བར་གྱུར་ན་ལྟུང་བའོ།། རྒྱུན་ལས་བཟློག་ན་གྲུ་ཚུབས་འདས་ནའོ།། སློབ་དཔོན་དང་མཁན ་པོས་ཆོས་གོས་གཏད་པ་རྣམས་རྐུ་སེམས་ཀྱིས་གཙུག་ལག་ཁང་ནས་གནས་ཁང་དུ་ཞུགས་སམ། གནས་ཁང་ནས་ཁྱམ་སུ་འམ། ཁྱམས་ནས་སྒོ་གང་དུ་འམ། དེ་ནས་ཕྱི་རོལ་གྱི་བང་རིམ་དུ་འམ། དེ་ནས་གཤོང་དུ་འམ། གཤོང ་ནས་ཐང་ལ་འམ། ཐང་ནས་ཐིབས་པར་རམ། དེ་ནས་བླ་གབ་མེད་པར་རམ། ལམ་དུ་འགྲོ་ན་གོམ་པ་བསྲི་ཞིང་འགྲོ་འམ། གཏོད་དེ་འགྲོ་ཡང་རུང་སྟེ་མི་སྣང་བར་གྱུར་ན་ལྟུང་བའོ།། ཁང་སྟེང་ན་ཡོད་པ་འམ། བཙོ་བླག་མཁན་གྱི་གོས་རླུང ་གིས་འདས་པ་ཁྱེར་ན་ལྟུང་བའོ།། ཁང་པ་རྩེགས་པ་འམ། དེའི་བ་གམ་ལ་ཡོད་པ་ཡང་ངོ་།། གླ་སྒང་ལ་སོགས་པ་འམ། ཤིང་ལྗོན་པ་ཕྱུང་ན་ཡང་ངོ་།། གླེགས་བམ་ཡང་།། དཔེ་བྲི་བའི་ཕྱིར་ནི་ལྟུང་བ་མེད།། སྐུ་གདུང་ཡོངསུ་གཟུང་བ་དང་བཅས ་པ་ཞིག་འཚོ་བའི་ཕྱིར་བརྐུས་ན་མཐར་འགྱུརརོ།། ཞེ་སྡང་གི་ཕྱིར་ན་ཉེས་པ་སྦོམ་པོའོ།། མཆོད་པའི་དོན་དུ་འདི་ནི་བདག་གི་སྟོན་པ་ཡིན་ཏེ་མཆོདོ་སྙམ་པའི་འདུ་ཤེས་ཉིད་ཀྱིས་མཆོད་པར་བྱས་པའི་ཕྱིར་ན་ཉེས་བྱས།། ལྷ་ཁང་དང་མཆོད ་རྟེན་དང་། དྲི་གཙང་ཁང་རྣམས་ཀྱི་རྒྱན་མིས་བསྲུངས་པ་ཞིག་རྐུན་ལྟུང་བའོ།། མི་མ་ཡིན་པས་བསྲུངས་ན་སྦོམ་པོའོ།། དེ་དག་གིས་གསུངས་པ་མ་ཡིན་པ་ཞིག་ལ་ལྷ་འམ་གནོད་སྦྱིན་ལ་སོགས་པ་མེདོ་སྙམ་པའི་འདུ་ཤེས ་ཀྱིས་ན་ཉེས་པ་མེད་དོ།། དུད་འགྲོའི་སྐྱེ་གནས་པས་ཡོངསུ་གཟུང་བ་ཞིག་ན་སྦོམ་པོའོ།། མིའི་རྫས་ཤིག་དེས་ཁྱེར་ཏེ་འོངས་ལ། གལ་ཏེ་མིའི་ཡིན་པའི་འདུ་ཤེས་ཀྱིས་བརྐུས་ན་དངོས་གཞིའོ།། གལ་ཏེ་བྱའི་ཡིན་པའི་འདུ་ཤེས ་ཀྱིས་ན་སྦོམ་པོའོ།། རྐང་པ་མེད་པ་དང་། རྐང་གཉིས་པ་དང་རྐང་བཞི་པ་དང་། རྐང་མངསོ།། རྐང་པ་མེད་པ་ནི་སྦྲུལ་དང་པདྨ་ལ་སོགས་པའོ།། རྐང་གཉིས་པ་ནི་མི་དང་བྱའོ།། དེ་ལ་མི་ནི་ཡུལ་ཕྱོགས་དང་བརྡ་དང་མཚན་མས ་རྐུ་བའོ།། བྱ་ནུ་བ་ལ་ནི་རྣམ་པ་གཉིས་ཏེ། བདག་དང་སྦྱར་བ་སྟེ། དེ་དག་ཉིད་ཀྱང་འཆགས་ས་ལ་སོགས་པར་འོངས་ཏེ་བབས་པའོ།། ཆོམ་རྐུན་པ་རྣམས་ཀྱིས་ལྷན་ཅིག་གནས་པ་དབང་དུ་བྱས་པོ་བརྐུས་ན་དངོས་པོ་ཅི་ལྟ་བ ་བཞིན་དུ་ལྟུང་བར་འགྱུར་རོ།། བདག་ལ་ནི་རྐུ་བ་མེད་དོ།། རྐང་བཞི་པ་ནི་གླང་པོ་ཆེ་ལ་སོགས་པ་སྟེ། དེ་དག་ཁྱུ་ལས་བཀར་ཏུམ། བརྟོད་པ་ལས་རྐུ་བ་སྟེ་དེ་ལྟར་སྣང་གི་བར་དུ་ཉེན་འཁོར་རོ།། རྐང་མངས་ནི་སྡིག་པ་ལ་སོགས་པ་སྟེ། ་དེ་དག་ཀྱང་གནོད་པ་བྱེད་པ་དག་དང་། གྲོང་ཁྱེར་སྲུང་བའི་གནའ་ཆེན་པོ་ལ་གཏོགས་པ་དག་དང་། རྒྱ་མཚོར་འཇུག་པའི་ཚོང་པ་དག་གིས་ཡོངསུ་བཟུང་བ་རྣམསོ།། བདག་པོ་དང་བཅས་པའི་གཏེར་ཞིག་གསང་སྔགས་ཀྱིས་བཀུག ་ལ། གལ་ཏེ་དེ་ཉིད་ཐོབ་ལ་དངོས་གཞིའོ།། རྣམ་པ་གཞན་དུ་ན་སྦོམ་པོའོ།། བདག་པོ་མེད་པའི་ནོར་ཞིག་ལ་སྦྱོར་ལ་གཉིས་ཀ་ཐོབ་ན་ཡང་སྦོམ་པོའོ།། ལྟར་སྣང་བར་གྱུར་ན་བརྐུས་པ་ཞེས་བྱའོ།། ཆར་མི་འབབ་པའི་ཚེ་བདག ་གཱི་ཞིང་དུ་ཆུ་བཏང་སྟེ། གཞན་གྱི་བཅས་ལ་ལྷོ་ལེགས་པར་གྱུར་ན་རིན་ཐང་བརྩི་བར་བྱའོ།། ཆར་ཆེན་པོའི་ཚེ་བསྣོར་ཏེ་བྱས་ན་ཡང་དེ་བཞིན་དུ་བརྗོད།། གང་ན་ཆུ་བསྔོས་ཏེ་སྦྱིན་པ་དེར་གལ་ཏེ་མིའི་སྐལ་པ་བརྐུས་ན ་དེ་ཉིད་ཀྱི་རིན་ཐང་གིས་དངོས་གཞིར་འགྱུར་རོ།། ཅི་སྟེ་མི་མ་ཡིན་པ་ཞིག་ནཱ་སྦོམ་པོའོ།། ཆུ་བཅད་དེ་བརྐུས་ན་ཆུའི་ཕུང་པོ་དང་པོ་ཕན་པ་ནས་གཟུང་སྟེ། ཐ་མའི་བར་དུ་རིན་ཐང་བརྩི་བར་བྱའོ།། དེ་བཞིན་དུ་མེ་ཏོག་ཆུ་ལས་སྐྱེས་པ་ད ་ཐ་ལས་སྐྱེས་པ་ཡངངོ་།། ཀོག་ཙེ་དང་ཞགས་པ་དང་། རྒྱ་དང་སྙིས་གཟུང་བའི་སྲོག་ཆགས་དང་། ཆོམ་རྐུན་གྱིས་བཏགས་པའི་བ་ལང་ལ་སོགས་པ་བཀྲོལ་ན་དངོས་གཞིའོ།། གཉི་ག་ལ་མ་ཕན་ན་ཡང་བླ་སྙམ་ན་སྦོམ་པོའོ།། སྙིང་རྗེས ་ནཉེས་བྱས་སོ།། རྔོན་པས་བདས་པའི་རི་དྭགས་སྨྲས་ཀྱང་རུང་མ་སྨྲས་ཀྱང་རུང་། གལ་ཏེ་གཙུག་ལག་ཁང་དུ་འོངས་ན་མ་བྱིན་ཡང་ཉེས་པ་མེད་དོ།། གལ་ཏེ་སྨྲས་པ་ཞིག་འོངས་ཏེ་ཤྩི་ན་དེ་དག་ལ་སྦྱིན་པར་བྱའོ།། ཀླུང་ལ་སོགས་པའི ་ནང་དུ་བྱེང་བ་འམ་སྟེང་ན་འདུག་པ་འམ་གནས་ནས་སྤྱོད་པ་དང་། འདམ་བརྐོས་ན་བརྐུས་པ་ཞེས་བྱའོ།། གཞན་གྱིས་ཞིང་གཅིག་གཙུག་ལག་ཁང་དང་བདག་གི་ཕྱིར་བསྐོས་པ་འདུ་བའི་སར་ཤགས་བཀྱེ་སྟེ། གལ་ཏེ་ཁྱིམ་པ ་རྒྱལ་ན་སྦོམ་པོའོ།། གལ་ཏེ་དགེ་སློང་རྒྱལ་ན་ཁྱིམ་པས་སྦྱོར་བའི་རྒྱུན་མ་བཅད་ན་སྦོམ་པོའོ།། སྦྱོར་བའི་རྒྱན་བཅང་ན་དངོས་གཞིའོ།། རྒྱལ་བའི་ཕོ་བྲང་དུ་ཤགས་བཀྱེ་ན་རྒྱལ་ན་ཐག་ཏུ་ཕམ་པར་འགྱུར་བའི་ལྟུང་བར་འགྱུར་ཏེ། ་རྒྱལ་པོ་ནི་རྩོད་པ་ཐམས་ཅད་ལ་དབང་བའི་ཕྱིར་རོ།། ཡལ་ག་ལ་སོགས་པས་རིབ་མས་བསྐོར་བ་འམ། ཕུར་བུ་བསྡུར་ན་མཚམས་ཀྱི་སྒོ་དང་སྒོར་མ་ཕྲད་ཀྱི་བར་དུ་སྦོམ་པོའོ།། སྣ་ཕྲད་ན་ཕམ་པར་འགྱུར་བའོ།། ཆོམ་རྐུན་པ ་རྣམས་ལ་ཁྱིམ་བསྟན་ལ་བགོ་སྐལ་ལ་རེ་བས་ཀྱང་བགོ་སྐལ་བདག་གིར་བྱེད་ན་སོ་སོའི་སྐལ་བའི་ཚད་ཀྱིས་ལྟུང་བའོ།། གལ་ཏེ་འགྱོད་དེ་ཁྱིམ་དེར་སོང་ནས་བག་ཡོད་པར་བསྒྲུབས་ཤིག་ཅེས་བསྒོ་འམ། དེ་དག་ཀྱང་བཟློག་ན ་བརྐུས་ཀྱང་སྦོམ་པོའོ།། བགོ་སྐལ་བདག་གིར་མ་བྱས་ན་ཡང་དེ་བཞིན་ནོ།། རྐུན་པོ་ལ་ཆས་པ་ལས་ལམ་ནས་ཕྱིར་ལོག་ན་ཉེས་བྱསོ།། དོན་གཅིག་ལ་ལམ་བསྲུངས་ཏེ་དེ་དག་གིས་བརྐུས་ན་ཡང་ལྟུང་བའོ།། གལ་ཏེ་ལམ་དུ་འཇིགས ་ཤིང་འགྲོ་ལ། བདག་གསོད་དུ་འོང་ངོ་།། སྙམ་ནས་རྐུ་སེམས་ཀྱང་མེད། བདག་གིར་བྱ་བའི་བསམ་པ་ཡང་མེད་ན་ལྟུང་བ་མེད་དོ།། གང་གིས་ཅི་སྙེད་པ་དེ་དབང་བར་བྱས་ཏེ་བརྐུས་ན་བདག་གིས་བླངས་པའི་དངོས་པོའི་ཚད་ཀྱིས ་ལྟུང་བའོ།། རྣམ་པ་གཞན་དུ་ན་རྐུ་བའི་ཚེ་དེས་གྲོགས་པོ་རྣམས་ལས་དེ་ཙམ་མམོ་ཆུང་བ་འམ་མ་ཐོབ་ཀྱང་རུང་སྟེ། བགོ་སྐལ་གྱི་དངོས་པོའི་དབང་གིས་ལྟུང་བའོ།། དགེ་སློང་རྣམས་ཀྱིས་བདག་གིས་གཞན་ལ་བཅོལ་ཏམ། ་གཞན་གྱི་སྣོད་ཤོ་གམ་གཞལ་དགོས་པ་ཤོ་གམ་གྱི་གནས་ལས་བཟླས་ན་དེ་དག་ལ་ལྟུང་བ་མེད།། དེ་ལྟར་མི་བྱའོ།། གང་གིས་བྱས་པ་དེ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུང་སོ།། ཤོ་གམ་ལས་བྱོལ་བ་རྣམས་ལ་ཚེ་དང ་ལྡན་པ་དག། ཚུར་ཤོག་འདོང་ཞེས་སྨྲས་ན་སྦོམ་པོའོ།། ཐབས་ཀྱིས་སྨྲས་ན་ཉེས་པར་སྨྲས་པའི་ཉེས་བྱསོ།། གང་གིས་ཤོ་གམ་གཞལ་དགོས་པ་ཤོ་གམ་གྱི་སར། མ་ཕྱིན་པར་དེ་དག་གི་ཤོ་གམ་དེ་ལ་བྱོལ་བར ་བྱའི་ཕྱིར་ལམ་གཞན་བསྟན་ན་སྦོམ་པོའོ།། དེ་དག་གིས་བདག་གིས་སྐལ་བའམ་བླངས་པར་བཟླས་ན་སྦོམ་པོའོ།། སར་མ་ཕྱིན་ན་སྐལ་བའམ། སྐལ་བ་ཕྱེད་དམ་སྐལ་བ་ཚང་བར་བླངས་ཏེ་བཟླས་ན་སྦོམ་པོའོ།། སར་ཕྱིན ་ན་ཤོ་གམ་ཕྱེད་དམ། ཤོ་གམ་ཐམས་ཅད་ཀྱང་རུང་སྟེ། གལ་ཏེ་དེ་སྐལ་བ་ཚང་བར་གྱུར་ན་ཕམ་པར་འགྱུར་བའོ།། བདག་གི་སྣོད་ཤོ་གམ་གཞལ་དགོས་པ་ཁྱེར་རམ་ཁྱེར་དུ་བཅུག་ན་དངོས་པོ་ཇི་ལྟ་བ་བཞིན་ནོ།། བདག་གི ་འདི་ནི་མ་ལ་སོགས་པའི་ཡིན་སྙམ་དུ་བསྔོས་ལ་མ་སྨྲས་པར་ན་མཁའ་འམ། ཁའི་ནང་ངམ། ཚེམ་བུའི་ཕྲག་པའམ། ལམ་གོལ་བ་ན་བཟླས་ན་སྦོམ་པོའོ།། དེ་བཞིན་དུ་གང་ཆུང་བ་ཉིད་ཀྱིས་རིན་ཐང་གདབ་པར་བྱ་བ་མི ་ནུས་པའོ།། གང་ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་བྱ་བར་མི་ནུས་ཏེ། གཞལ་དུ་མེད་པ་ནི་དངོས་གཞིའོ།། སྣོད་ཤོ་གམ་གཞལ་དགོས་པ་ཚོང་པ་རྣམས་ཀྱིས་ལྐོག་ཏུ་གཏུར་བུ་ལ་སོགས་པའི་ནང་དུ་བཅུག་པ་ལ་ནི་ལྟུང ་བ་མེད་དོ།། རྫས་ཀྱི་སྣོད་རྣམས་ཡལ་བར་གཞག་པར་མི་བྱའི་དགེ་སློང་གཉིས་གཞག་ཏེ་དེ་གཉིས་ལ་བསོད་སྙོམས་སྦྱི་ནོ།། གལ་ཏེ་བཟློག་ཀྱང་བཅུག་ན་བསྙོན་པ་མ་རྫོགས་པ་མེད་ན་བདག་ཉིད་ཀྱིས་ཕྱུང་སྟེ་གཞིག ་པར་བྱའོ།། ཁྱེད་རང་གི་ནོར་ཤེས་པར་གྱིས་ཤིག་ཅེས་བྱའོ།། གཅིག་པུ་འགྲོ་ལ་བསོད་སྙོམས་ལ་སོགས་པའི་ཕྱིར་འགྲོ་དགོས་ན་མཚན་མ་གདབ་པར་བྱའོ།། སླར་འོངས་ནས་ཀྱང་དེ་བརྟག་པར་བྱའོ།། མ་དང་ཕ་དང་། ་དཀོན་མཆོག་གསུམ་གྱི་ཕྱིར་ཁྱེར་ན་དེ་དག་གི་བསྔགས་པ་བརྗོད་པར་བྱའོ།། མི་འདོད་ན་བྱིན་ཏེ་འགྲོ་བར་བྱའོ།། གནོད་པ་འབྱུང་དུ་དོགས་ན་དཀོན་མཆོག་གསུམ་གྱི་སྐུ་སྐལ་ལས་གཅིག་ལས་སྦྱིན་པར་བྱ་སྟེ། ཕྱིས་མཉམ ་བཔར་བགྲོའོ།། ལམ་དུ་ཞུགས་པ་ན་དགེ་སློང་གཞན་ལ་སྣོད་ཤོ་གམ་གཞལ་དགོས་པ་མེད་གྲང་ཞེས་དྲིས་ཏེ་བླང་བར་བྱའོ།། རྣམ་པ་གཞན་དུ་ན་ཉེས་བྱསོ།། སྣོད་ཤོ་གམ་གཞལ་དགོས་པ་ལམ་དུ་བཀུར་བར་མི་བྱའོ།། རས་སར་པ ་ཞིག་ན་ནི་ཐ་ན་ཁ་ཚར་དང་ཕུན་ཚར་བཅད་བ་ལང་གི་ལྕི་བ་བརྩིར་བས་ཁ་བསྒྱུར་ལ་བཀུར་བར་བྱའོ།། ཡོ་བྱད་ཀྱི་གོས་ནི་ལྟུང་བ་མེད་དོ།། དེ་ནི་ཁ་ཚར་དང་བཅས་སམ་ཁ་མ་བསྒྱུར་ཡང་ནད་པའི་སྨན་ཟོང་དུ་བཀུར་བར་བྱ། བཙོང ་བར་བྱའོ་ཞེས་གནང་ངོ་།། གལ་ཏེ་གཞན་ལ་རུང་བར་བྱེད་དུ་བཅོལ་ན་བྱས་སམ་མ་བྱས་ཤེས་དྲི་བར་བྱའོ།། རྣམ་པ་གཞན་དུ་ན་ཉེས་བྱས།། ཤོ་གམ་ལ་བྱོལ་བ་ཤོ་གམ་པ་ལ་གཏང་ན་འགལ་ཚབས་ཅན་དུ་འགྱུ་རོ།། ཁྱིམ ་བས་མ་བསྒོ་བར་དེའི་ཚིག་གིས་དེའི་ཆུང་མ་ལ་བསླངས་ན། དངོས་པོ་ཅི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་རོ།། མང་པོ་ཞིག་གིས་ཆོས་གཅིག་བརྐུས་ན་རང་གི་སྐལ་བའི་ཚད་ཀྱིས་ལྟུང་བའོ།། ཆོས་གོས་ཀྱིས་གཏུར་བུ་ལས ་རྐུ་བར་འདོད་ན་འདམ་པའི་ཚེ་སྦོམ་པོའོ།། གང་འདོད་པ་དེ་ཕྱུང་བའི་ཚེ་དངོས་པོ་ཅི་ལྟ་བ་བཞིན་ནོ།། ཟུང་དང་བཅས་ཏེ་བརྐུས་ནུ་སྦོམ་པོའོ།། གང་གི་ཚེ་ཟུང་དང་བྲལ་བར་གྱུར་པ་དེའི་ཚེ་དངོས་གཞིའོ།། ཆོས་གོས ་ཀྱི་གདང་ལ་སོགས་པ་ལ་ཡང་དེ་ལྟར་བརྗོད་པར་བྱའོ།། གཞན་གྱི་བསྒོ་བ་ལ་ཡང་རྐུ་སེམས་ཀྱིས་བླངས་ན་དངོས་པོ་ཇི་ལྟ་བ་བཞིན་ནོ།། འདི་ནི་དེའི་ཡིན་གྱིས་བདག་གིས་མ་ཡིན་ནོ།། སྙམ་ན་ལྟུང་བ་མེད་དོ།། མ་བསྒོ་བར་གཞན ་གྱིས་ཕྱིར་བརྐུས་ན་སྦོམ་པོའོ།། འདི་ནི་དེའི་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བཞིན་དུ་བརྐུས་ན་སྦོམ་པོའོ།། བསྙེན་པར་རྫོགས་པའི་ཕྱིར་སྦྱོར་བ་བྱེད་ལ་བསྙེན་པར་རྫོགས་པ་ན་རྐུ་ན་སྦོམ་པོའོ།། བཟློག་པ་ན་ཡང་སྦོམ་པོའོ།། ་གསུམ་པ་ནི་ཉེས་བྱསོ།། བཞི་པ་ནི་དངོས་གཞིའོ།། དེ་བཞིན་དུ་བསྙེན་པར་རྫོགས་པར་བྱེད་པའི་ཚེ་ཡང་མུ་བཞི་སྟེ། བསྙེན་པར་རྫོགས་པའི་ཕྱིར་བཟུང་ལ། བསྙེན་པར་རྫོགས་པ་ན་གནས་ནས་སྤགས་ན་སྦོམ་པོའོ།། དེ་བཞིན་དུ་བཟློག ་བ་ནཱ་ཡང་ངོ་།། གསུམ་པ་ནི་ཉེས་བྱས་སོ།། བཞི་པ་ནི་དངོས་གཞིའོ།། རྐུ་བ་ལྔས་ལྟུང་བར་འགྱུར་ཏེ། འདི་ལྟ་སྟེ། མཐུས་རྐུ་བ་དང་། དོར་བྱས་ཏེ་རྐུ་བ་དང་། སྒྱུས་རྐུ་བ་དང་། གཏམས་པ་རྐུ་བ་དང་། ཕྱིར་སྦྱིན་པ་རྐུ་བའོ།། དྲུག་པ་ཆོས་ཀུ་བ ་ནི་ལྟུང་བ་མེད་དོ།། ཤིང་ཏོག་གློག་ཅིང་རྐུ་ན་སྦྱོར་བ་གཅིག་གི་ཚད་དུ་གྱུར་ན་ལྟུང་བའོ།། ཤར་གྱི་ལུས་འཕགས་དང་། ནུབ་བ་ལང་སྤྱོད་ཀྱང་ས་དེ་ཉིད་ཀྱིས་ཀར་ཤ་པ་ནས་ལྟུང་བར་འགྱུར་རོ།། བྱང་གི་སྒྲ་མི་སྙན་ན་ནི་ཡོངསུ་འཛིན ་བ་མེད་པས་མ་བྱིན་པར་ལེན་པ་མེདདོ།། སྦྱོར་བ་ན་རྐུ་བའི་འདུ་ཤེས་ཡོད་ན་སྦོམ་པོའོ།། རང་གི་འདུ་ཤེས་ཀྱིས་ལྟུང་བ་མེད་དོ།། རྐུ་སེམས་ཀྱིས་ན་དངོས་གཞིའོ།། བཟློག་པ་ན་སྦོམ་པོའོ།། འབྲས་ཀྱི་ཕུང་པོ་ལ་འབྲུ་ཞིང་རྐུན་སྦྱོར་བ་གཅིག ་གིསས་དངོས་གཞིའི་ཚད་དུ་གྱུར་ན་ལྟུང་བའོ།། སྐྱེ་བོ་མང་པོའི་ནོར་རྐུ་ན་གཅིག་གི་སྐལ་བ་གང་ཡིན་པ་དེའི་ཚད་ཀྱི་སོ།། ཀར་ཤ་པ་ན་ལྕགས་ལས་བྱས་ཀྱང་གལ་ཏེ་རིན་ཆེན་དངོས་གཞིའོ།། མ་ཤ་ཀ་བཞིའི་སྦྱོར་བས་བརྐུས་ན། ཀ་ཤ་ཥ ་ན་སྟོང་ཡང་དངོས་གཞིར་མི་འགྱུར་ཏེ། ཉེས་པ་སྦོམ་པོ་ནི་མང་ངོ་།། རྐུ་སེམས་ཀྱིས་གཟུང་ལ་བདག་གི་འདུ་ཤེས་ཀྱིས་སྤྱད་ན་སྦོམ་པོའོ།། བཟློག་པ་ནི་དངོས་གཞིའོ།། རིན་པོ་ཆེ་ལ་སོགས་པ་སའི་འོག་ཏུ་བཅུག་པ་ཆུང་ཟོན་ན་སྦོམ་པོའོ།། ་འདི་ནི་ཐམས་ཅད་བརྗོད་པར་བྱའོ།། གློ་བུར་གྱི་ཐོབ་པ་མི་དབང་བར། དབང་ངོ་ཞེས་སྨྲས་ན་སྦོམ་པོའོ།། ཐོབ་ནས་ནི་དངོས་པོ་ཅི་ལྟ་བ་བཞིན་དུ་ལྟུང་བར་འགྱུ་རོ།། གཞི་མེད་པའི་བསོད་སྙོམས་ལེན་ན་སྦོམ་པོའོ།། མགྲོན་དུ་མ་བོས་པར ་ཟ་ན་ཉེས་བྱསོ།། མཁན་པོ་གྲོང་གཞན་དུ་སོང་བའི་ཐོབ་པ་ལེན་ཀྱང་ལེན་པའི་ཚེ་གཞན་ལ་ཤེས་པར་བྱས་ན་ལྟུང་བ་མེདདོ།། དེ་བཞིན་དུ་མཛའ་བོའི་ཡང་ངོ་།། མ་བཅོལ་བར་མི་བླང་ངོ་།། ཞེས་གསུང་སོ།། འདི་ནི་ངེས་པའོ།། ནངདྲ་བའི་ཕྱིར ་བླངས་ལ་གལ་ཏེ་ནད་པ་ཤི་བའི་གནས་སྐབས་ན་ནི་སྦྱིན་བདག་ཉིད་ལ་སྦྱིན་པར་བྱའོ།། ཅི་སྟེ་འཚོ་བའི་གནས་སྐབས་ཀྱི་ནི་ཤི་བའི་ཡོ་བྱད་དོ།། ཆོམ་རྐུན་པའམ་བང་མཛོད་ལ་སོགས་པའི་སྲུང་མས་གལ་ཏེ་བྱིན་ན། དེ་ལ་སྦྱིན་བདོག ་གི་སེམས་ཉེ་བར་བཞག་པར་བྱའོ།། ཆོམ་རྐུན་པ་དག་གནོད་པས་འཇིགས་ཏེ་ཐོས་པའི་ཚེ་བྱིན་ན་མི་བླང་ངོ་།། བླངས་ཀྱང་བརྐུས་པའི་རྐྱེན་གྱི་ལྟུང་བ་མེདདོ།། ཆོམ་རྐུན་གྱི་རྒྱལ་མཚན་ཅན་གྱི་ཡང་ལྟུང་བ་མེད་དོ།། ། ་མཚོན་གྱིས་དྲས་པ་ཁ་དོག་ངན་པར་བྱས་ཏེ་བཅང་བར་བྱའོ།། གལ་ཏེ་ནོར་བདག་ཉིད་སློང་ན་སྦྱིན་པར་བྱའོ།། སྤྲིང་ཡིག་དང་ལག་ཡིག་དང་ལག་པའི་ཕྱག་རྒྱ་ལ་སོགས་པའི་མཐའ་སྙད་རྣམས་ཀྱིས་ཀྱང་དངོས་པོ་ཅི་ལྟ་བ ་བཞིན་ནོ།། ཀཪྵ་པ་ཎའི་ཐ་སྙད་དུ་མི་བྱེད་པ་ཞིག་བརྐུས་ན་རང་གི་དངོས་པོའི་རིན་ཐང་བཞིན་དུ་བྱའོ།། དེ་བཞིན་དུ་ཀཪྵཱ་པ་ཎ་རྔ་རྡོ་དང་། ཐ་སྙད་མི་བྱེད་པ་དང་། ལྕགས་ལས་བྱས་པ་བརྐུས་ན་ཡང་རིན་ཐང་གི་དབང་གིས་ལྟུང་བའོ།། ། ་དེ་བཞིན་དུ་ཀཪྵ་པ་ཎ་བཟང་པོ་དང་། མཐུན་པ་ཞིག་རྐུ་བར་སྦྱོར་བ་བྱེད་པ་ན་གལ་ཏེ་བདག་པོས་འདི་ནི་ངས་ཁྱོད་ལ་སྦྱིན་ནོ་ཞེས་སྨྲས་ལ། བཏང་བའི་འདུ་ཤེས་གྱུར་ན་སྦོམ་པོའོ།། གསེར་རམ་དངུལ་ལ་ལྕགསུ་བསྒྱུར་ཏེ་གྲཱམ ་གྱི་གནས་ནས་འདས་ན་སྦོམ་པོའོ།། རིན་པོ་ཆེ་འམ་རིན་པོ་ཆེར་སྨོས་པ་ཆུང་གཟན་ཏེ་བརྐུས་ན་རིན་ཐང་བརྩིས་ལ་དངོས་པོ་ཅི་ལྕི་བ་བཞིན་དུ་ལྟུང་བའོ།། གཏམས་པ་བསྡོགས་ཏེ་ངེས་པར་བྱས་པའི་དུས་གལ་ཏེ་དངོས་པོ་མེད ་པ་གཞན་དག་གི་མཉམ་པ་མེད་ན་ངེས་པ་སྟེ་དངོས་གཞིའོ།། གཏམས་པ་སྔར་ངེས་པ་བྱས་ལ་ཕྱིས་གནས་ནས་མ་སྤ། ས་ན་སྦོམ་པོའོ།། གལ་ཏེ་ཐོག་མ་ནས་སྦགས་ནི་དངོས་གཞིའོ།། འཚོ་བའི་ཕྱིར་གླང་པོ་ཆེ་ལ་སོགས ་པ་བསད་ན་དངོས་གཞིའོ།། གཉིས་ཀ་ལ་མ་ཕན་ཡང་བླའོ་སྙམ་ན་སྦོམ་པོའོ།། རྒྱན་པོ་འགྱེད་པའི་ཚེ་གྲངས་བཏབ་ནས་སྦེད་པ་ལ་སོགས་པས་རྐུས་ན་དངོས་པོ་ཅི་ལྟ་བ་བཞིན་དུ་ལྟུང་བའོ།། གཞན་རྐུའོ་སྙམ་པ་ལས་གཞན་དང་། ་གཞན་གྱི་ན་སྦོམ་པོའོ།། སྦྱར་མའི་ནང་ནུས་དར་རིན་ཐང་ཆེན་པོ་བྱུང་སྟེ། ཕྱིས་མཐོང་ན་སྦྱར་མའི་དངོས་པོ་ཁོ་ནས་ལྟུང་བའོ།། ཡན་ལག་གི་ཁྲུས་བྱེད་པ་ནི་རིན་པོ་ཆེའི་ཟ་མེ་ཏོག་མཐོང་བ་ལ་ལྟུང་བ་མེད་དོ།། དེའི་བདག་པོ ་འདོད་ན་སྦྱིན་པར་བྱའོ།། རྐུ་སེམས་ཀྱི་ཕྱོགས་བཞིའི་དགེ་འདུན་གྱི་གནས་ནས་གནས་གཞན་དུ་སྦེད་ན་ཉེས་བྱསོ།། བྱ་ཚང་བཅས་ཏེ་ཡོངསུ་གཟུང་བ་སྲེག་གམ། བཙོ་བླག་ལ་སོགས་པའི་ཕྱིར་བླངས་ན་ཉེས་བྱས་སོ།། བྱི་བས་ཁྱེར ་བ་བདག་གི་གང་ཡིན་པ་དེ་བླངས་གི་དེའི་མ་ཡིནོ།། བྱི་བས་ཁྱེར་ཏེ་འོངས་ན་དེས་བྱིན་པའི་དང་གིས་སྤྱད་པར་བྱའོ།། ཅི་ཡང་རུང་བ་ཞིག་ལ་འདི་ནི་འདི་ལྟར་བརྐུའོ་སྙམ་སྟེ་ལུས་བསྒྱུར་ན་སྦོམ་པོའོ།། ནད་པས་ཀཪྵཱ་པ་ཎ་གཏད་དེ ་འདི་དང་འདི་ལྟ་བུ་གྱིས་ལ་དགེ་འདུན་ལ་ཕུལ་ཅིག་ཅེས་བསྒོ་བ་ལས་དེ་ལྟར་མ་བྱས་པར་རང་དགར་བགོས་ན་སྦོམ་པོའོ།། ཤ~ཾ་བའི་རྙེད་པ་མ་བགོས་པས་སངས་རྒྱས་ཀྱི་སློབ་མ་རྣམས་མཚམས་ཀྱི་ནང་དུ་ལྷགས་པ་ཐམས་ཅད ་དབང་བ་བརྐུས་ཏེ་ཡོངསུ་ཚང་ན་ཕམ་པར་འགྱུར་རོ།། དེའི་འདི་བགོ་བར་བྱ་བ་ནི་དུས་ལྔའི་ཚེས་མཚམས་ཀྱི་ནང་དུ་ལྷགས་ན་ཤི་བ་དེའི་རྙེད་པ་དང་བར་འགྱུར་ཏེ། ཤི་བའི་གཎྜཱི་བརྡུང་བ་དང་། རྒྱུན་ཆགས་གསུམ་པ་འདོན་པ་དང་། ་མཆོད་རྟེན་ལ་ཕྱག་འཚལ་བ་དང་། ཚུལ་བཞིན་འདྲིམ་པ་དང་། གསོལ་བ་བྱེད་པའི་ཚེའོ།། དེ་ཡང་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།། གནས་འདི་ན་དགེ་སློང་མིང་འདི་ཞེས་བགྱི་བ་དུས་ལས ་འདས་ཏེ་གུམ་པ་འདིའི་ཡོ་བྱད་སྣང་བ་དང་མི་སྣང་བ་ཡོད་པ་འདི་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་གུམ་པ་མིང་འདི་ཞེས་བྱ་བ་གུམ་པའི ་ཡོ་བྱད་སྣང་བ་དང་མི་སྣང་བ་བྱིན་གྱིས་བརླའོ།། འདི་ནི་གསོལ་བའོ།། གང་ན་དགེ་འདུན་བྲེལ་ཏམ་ལས་བྱེད་པ་མེད་པ་དེར་དང་པོ་དང་ཐ་མ་བྱ་སྟེ། དགེ་འདུན་ལ་རྒན་པ་ཅིག་དང་གཞོན་པ་ཅིག་ལ་ཅུང་ཟད་ཅིག་བྱིན་ལ ་ལྷག་མ་ནི་ནམ་བདེ་བ་ནི་བགོའོ།། དང་པོ་དང་ཐ་མ་འདས་ཟིན་པའི་འོག་ཏུ་འོངས་པ་ལ་ནི་མི་སྦྱིན་ནོ།། ཤཽ་བའི་རྙེད་པ་ཁྱིམ་གཞན་ན་ཡོད་པ་ནི་གང་སྔར་འོངས་པ་དེ་དབང་ངོ་།། མཉམ་དུ་འོངས་ན་གང་དང་པོར་སློང་བ་དབང་ངོ་། ་དེ་ལ་མཉམ་ན་ཁྱིམ་པས་གང་ལ་བྱིན་པ་དེ་དབང་སྟེ། གང་ལ་དད་པས་བྱིན་པའི་དབང་དུ་བྱས་པའི་ཕྱི་རོ་ཞེས་བྱ་བའོ།། དགེ་སློང་གི་རྫས་དགེ་སློང་ཡོད་ན་དགེ་སློང་མ་དང་མི་བགོའོ།། དགེ་སློང་མའི་རྫས་ཀྱང་དེ་དག་ཡོད་ན ་དགེ་སློང་རྣམས་དང་མི་བགོའོ།། མཚམས་ཀྱི་བར་དུ་ཤི་ན་མགོ་གང་དུ་བལྟས་པའི་མཚམས་ན་གནས་པ་རྣམས་དབང་ངོ་།། གཉི་གར་བལྟས་ན་གཉི་ག་དབང་ངོ་།། གང་ན་བཅུ་ལ་སོགས་པའི་སྤྱིར་རྙེད་པ་སྦྱིན་པར་བྱས ་ལ་དེར་གལ་ཏེ་མ་བགོས་པར་དགེ་སློང་ཤི་ན་སྡེ་ཚན་དེ་དག་ཉིད།། གལ་ཏེ་བགོས་ན་དགེ་འདུན་ཐམས་ཅད་དབང་ངོ་།། གནས་ནས་ཕྱུང་བ་འམ་རང་བཞིན་དུ་གནས་པ་རྣམས་ཀྱི་ཤི་བའི་རྫས་ནི་རང་བཞིན་དུ་གནས་པ་རྣམ ་དབང་ངོ་།། དེ་མེད་ན་གནས་ནས་ཕྱུང་བ་རྣམས་དབང་ངོ་།། དེ་ན་ནི་སུས་སྔར་ལྟ་བ་བཏང་བ་དབང་ངོ་།། ཁས་བླངས་པའི་གནསུ་དགེ་སློང་ཁས་མ་བླངས་པ་འམ། དགེ་ཚུལ་ལམ། སྐྲ་བྲེགས་པའི་ཤི་བའི་རྙེད་པ་ཁས་བླངས་པས ་བགོས་ན་བགོས་པར་མི་ཆུད་དོ།། ཕྱོགས་བཞིའི་དགེ་འདུན་ལ་བསྔོས་ན་ནི་ལེགས་པར་བསྔོས་པ་ཡིནོ།། ཁས་མ་བླངས་པའི་གནསུ་ཁས་བླངས་པའི་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། ལྷས་སྦྱིན་གྱི་གཞི་ལྔ་པོ་བཅས་པ་ཁྭས ་བླངས་པ་ཞེས་བྱའོ།། ནད་གཡོག་བྱེད་པ་དགེ་སློང་ངམ་ཁྱིམ་པའི་བར་དུ་ཡང་རུང་སྟེ་གཞན་དུ་གཡར་གནས་པ་དེའི་ཆེང་ལ་མཚམས་ཀྱི་ཕྱི་རོལ་ཏུ་སོང་ན་ནི་འདི་ལྟ་སྟེ། ཡོ་བྱད་དྲུག་པོ་ཆོས་གོས་གསུམ་དང་། ལྷུང་བཟེད ་དང་། ཆུ་ཚགས་དང་། གདིང་བ་སྟེ་འབྲིང་ལས་སྦྱིན་པར་བྱའོ།། དགེ་སློང་གིས་ང་ཤི་ན་འདི་ནི་འདི་དབང་ཞེས་བྱིན་པ་དེ་ནི་བྱིན་པ་མ་ཡིན་ཏེ། ཤི་བའི་རྙེད་པ་ཡིན་གྱིས་བཀོ་བར་བྱའོ།། ཁྱིམ་པས་དེ་ནི་བྱིན་པར་ཆུད་དེ། ཁྱིམ་པ་དེ ་ནི་བལྟོས་པ་དང་བཅས་ཏེ་འཆིའོ།། རབ་ཏུ་བྱུང་བ་ནི་བལྟོས་པ་མེད་པའོ།། ཤི་བའི་རོ་ཕྱུང་སྟེ་མཆོད་ལ་ཆོས་བཤད་ནས་ཤི་བའི་རྙེད་པ་བགོ་བར་བྱའོ།། རྣམ་པ་གཞན་དུ་ན་ཉེས་བྱསོ།། དངོས་པོ་དང་འདྲ་བའི་དབང་གིས་བྱིན ་གྱིས་བརླབ་བོ།། གང་ཟག་གང་རྫས་བཞག་པ་ནི་དངོས་པོ་དང་འདྲ་བ་ཞེས་བྱའོ།། ལག་གི་བླ་ཤི་བའི་རྫས་འཚོལ་བར་བྱས་པ་ཞིག་ན། དཀོན་མཆོག་གསུམ་བགོའོ།། མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ ་འདུ་ཤེས་སམ། ཡིད་གཉིས་ཟ་བཞིན་དུ་བགྲོས་ན་འགལ་ཚབས་ཅན་དུ་འགྱུར་རོ།། ཕྱིས་ཡང་མཚམས་ཀྱི་ནང་དུ་ལྷགས་པ་རྣམས་དང་ལྷན་ཅིག་བགོ་བར་བྱའོ།། སྐྱེས་བསྐུར་བ་གཉི་གས་མ་བསྐུར་བར་གཉི་ག་ཤི་བའི་དུས་བྱས ་ནགང་ལ་བསྐུར་བའི་ཤི་བའི་རྙེད་པར་བྱིན་གྱིས་བརླབ་པོ།། གཞན་གྱིས་ཡོངསུ་བཏང་ན་གང་གིས་ཡོངསུ་མ་བཏང་བ་དེའི་ཡིན་པར་བྱིན་གྱིས་བརླབ་བོ།། གཉི་ག་དག་གིས་ཡོངསུ་བཏང་ན་སྦྱིན་བདག་གི་ཡིན།། སྦྱིན་བདག་ཤི་ཡང ་དེའི་འཕྲིན་གྱིས་དབང་གིས་ནོར་བླང་བར་བྱའོ།། དེང་ནོར་བདག་སློང་ན་ཡང་དེའི་ནང་ནས་དེ་ཉིད་སྦྱིན་པར་བྱའོ།། ཉུང་ན་ཡང་དགེ་འདུན་ལ་སོགས་པ་ལ་མངའ་བ་ལས་ནི་མི་སྦྱིན་ནོ།། དེའི་བདག་པོ་ཤི་ན་ཕ་རོལ་གྱིས་རས་ཅི་འདྲ ་བ་བྱིན་ཀྱང་བླངོ་།། ལག་གི་བླས་དགེ་འདུན་གྱི་ཕྱིར་སྦྱིན་པོ་བྱས་པ་ལས་དེ་ཤི་ན་དགེ་འདུན་གྱིས་གཞལ་བར་བྱའོ།། རྒན་རིམས་རྒན་རིམ་སུ་དྲིལ་ལ་དེ་བླང་བར་བྱ་སྟེ་མདབ་མ་ལ་ཡི་གེ་བྲི་བར་བྱའོ།། ཆོམ་རྐུན་པས་ཕྲོགས་པ ་ཁུགས་ཀྱི་འགུགས་པར་བྱེད་ན་གཞི་ཇི་ལྟ་བ་བཞིན་དུ་ལྟུང་བའོ།། འདི་ལྟ་སྟེ། དེ་ནི་གང་གིས་ཕྲོགས་པ་དེའི་ཡིན་ནོ།། འཕྲལ་དུ་ནན་ཁུགས་ཀྱིས་དགུགས་པར་མི་བྱ་མོད་ཀྱི། འོན་ཀྱང་ཚིག་གིས་བསྡིགས་པར་བྱའོ།། ་ཆོམ་རྐུན་རྒྱལ་པོའི་ཕོ་བྲང་འཁོར་རྣམསུ་མི་དབུལ་ལོ།། སྔར་ཆོས་བཤད་པས་བསླང་བར་བྱའོ།། གལ་ཏེ་མི་སྟེར་ན་རིན་ཕྱེད་ཀྱིསོ།། ལྷུང་བཟེད་དང་ཆོས་གོས་བྱས་ཟིན་པ་ནི་རྙེད་པར་དཀའ་བའི་ཕྱིར་ཐ་ན་རི་བའི་རིན་གྱིསོ།། རྨ་མ་ཕྱུང ་བར་བདག་གིས་རྨ་ཕྱུང་ངམ། གཞན་རྨ་འབྱིན་དུ་བཅུག་སྟེ་ཕྱག་དར་ཁྲོད་བླང་བར་མི་བྱ་མོད་ཀྱི་འོན་ཀྱང་གང་ཐ་ན་གྲོགས་མས་རྨ་ཕྱུང་བ་ཡིནནོ།། ཡོངསུ་གཟུང་བ་དང་བཅས་པའི་དུར་ཁྲོད་ནས་ཕྱག་དར་ཁྲོད་བླངས་ན་སྦོམ་པོའོ།། ་ཆོམ་རྐུན་པས་ཁྱེར་བ་མཐེག་ནས་ལམ་པར་དུ་བོར་བ་མི་བླ་ངོ་།། གལ་ཏེ་ཅི་བདེར་བྱས་པ་ཡིན་ན་ནི་ལྟུང་བ་མེ་དོ།། ཕག་ཤ་དང་བུ་རམ་ཤིང་དང་། ཏཱ་ལའི་འབྲས་བུ་ལ་སོགས་པ་ཆོམ་རྐུན་པས་ཁྱེར་བ་སྙིགས་ཏེ་བོར་བ་ཞིག་ན་སྐྱེ་བོའི་མངོན ་སུམ་དུ་བླང་ངོ་།། མདོར་ན་ཕྱག་དར་ཁྲོད་ཐམས་ཅད་ནི་ཤིན་ཏུ་བརྟགས་ཏེ་བླང་ངོ་།། ཕྱག་དར་ཁྲོད་ཀྱི་འདུ་ཤེས་ཡོད་པའི་ཕྱིར་རྐུ་བའི་རྐྱེན་གྱིས་ལྟུང་བ་མེད་དོ།། ཕྱག་དར་ཁྲོད་ཀྱི་གོས་མི་གཙང་བས་རེག་པ་མི་བསྲེལ་གྱི་ལེགས ་བཔར་བཀྲུ་བ་དང་། ལེགས་པར་འཚེ་བ་དང་། ལེགས་པར་ཁ་དོག་བསྒྱུར་བར་བྱའོ།། རྀའི་གོས་ནི་ཉི་མ་བདུན་ནམ་བརྒྱད་ཚང་ཚིང་ལ་སོགས་པའི་ནང་དུ་བཞག་ལ་དེའི་འོག་ཏུ་ཉི་མས་གདུངས་པ་བཀྲུས་ཏེ་བགོ་བར་བྱའོ།། སོང་བ་སླར ་འོངས་པ་རྙེད་པ་ལ་སླར་ཡང་སློང་བ་ལ་མ་བྱིན་ན་འགལ་ཚབས་ཅན་དུ་འགྱུ་རོ།། གལ་ཏེ་ཡང་བྱིན་ན་བླང་ངོ་།། བློ་བུར་དུ་ལྷགས་པ་དང་། གཉུག་མར་གནས་པ་དག་གིས་འགའ་ཞིག་འོངས་ན་སྦྱིན་པར་བྱའམ་ཞེས་དྲི་བར་བྱའོ།། ་བྱིན་ཅིག་ཟེར་བ་ལས་གལ་ཏེ་བྱིན་ནམ་ཁྱེར་ན་ལེགས་པར་ཁྱེར་བ་ཡིན་ནོ།། རྣམ་པ་གཞན་དུ་ཚངས་པར་སྦྱིན་པར་བྱའོ།། དགེ་སློང་རྒྱུས་མི་ཤེས་པ་ངལ་སོར་གཞུག་པར་མི་བྱའོ།། ཆུ་རྒལ་བ་ལ་སོགས ་པའི་ཚེ་ལེགས་པར་གཟུང་ངམ་ཞེས་སྨྲས་ན། བྱིན་པ་ལ་ཤོར་བ་ན་འགལ་ཚབས་ཅན་དུ་འགྱུར་རོ།། བཟློག་པ་ནི་ལྟུང་བ་མེད་དོ།། ཅི་སྲིད་གནམ་གཟེར་དང་། སྒོ་ལྕགས་དང་། སྒོ་ལྕགས་སྒྲིལ་མ་དང་འཕྲོད་གཏན་དང་། འཁོར་གཏན ་ཡོད་ལ། གཙུག་ལག་ཁང་སྐྱོང་གིས་སྒོ་གཏན་མ་བཅུག་སྟེ། སྟོར་ནུ་ནི་ཅི་རྙེད་པ་དེ་རྙེད་ཀྱི་སྦྱིན་པ་གཞལ་བར་བྱའོ།། སུ་འདི་ན་གནས་པ་དེ་ལ་ངས་སྦྱིན་ཞེས་ངེས་པར་བྱས་པ་ལས་གཞན་བུ་ཁྱེར་ཏེ་ཟས་ལ་སོགས་པ་ལོངས ་སྤྱོད་ན་རིན་ཐང་ཚང་བར་བྱས་ཏེ་སྦྱིན་པར་བྱའོ།། བདག་གི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་རྐུ་སེམས་ཀྱིས་བླངས་ན་སྦོམ་པོའོ།། དགེ་སློང་ལ་སོགས་པའི་ཆོས་གོས་ལྟུང་བ་སུའི་ཡིན་པ་དེ་ལེན་གྲང་ཞེས་ཀ་བའི་བར ་དུ་བཀལ་ཏེ་བཞག་གོ།། ནད་པ་ལ་མ་དྲིས་པར་དེའི་ཚིག་གིས་འགའ་ཞིག་ནས་སྨན་བླང་བར་མི་བྱའོ།། མཚན་བཟང་གིས་ནོར་གྱིས་བྱིན་ལ་ལྷུང་བཟེད་ཆུང་ངུ་གླར་སྦྱིན་པར་བྱས་པ་དེའི་ཚེ་ན་དེའི་བྱ་བ་བྱ་བར་ཁས་མ་བླངས ་ཀྱི་བདག་གི་དགོས་པའི་ཕྱིར་སོང་སྟེ། དེ་ཡང་བྱས་ནས་དེའི་ལྷུང་བཟེད་ཆུང་ངུ་བདག་གི་ཡིན་པའི་འདུ་ཤེས་ཀྱིས་བླངས་པས། བདག་གི་ཡིན་པའི་འདུ་ཤེས་ཀྱིས་ན་དེ་ལ་ལྟུང་བ་མེད་དོ་ཞེས་གསུངས་ཏེ། གླ་རྔན་གྱི་ཕྱིར་ལས ་མི་བྱ་མོད་ཀྱི། འོན་ཀྱང་ལག་བོད་ཀྱི་ལས་བྱ་བ་འམ་ཡང་ན་བསོད་ནམས་ཀྱི་བློས་ཀྱང་ངོ་།། མགོན་མེད་ཟས་སྦྱིན་གྱི་བུ་ཆོམ་རྐུན་གྱིས་ཁྱེར་བ་འཕགས་པ་མོ་འགལ་གྱིས་བུས་བཏང་བ་དང་། འཕགས་པ་པི་ལིན་དུ་བང་སའི་བུས། ་སྲིང་མོའི་བུ་དང་ལྷ་འབངས་བཏང་བ་ལྟ་བུའི་སྙིང་རྗེའི་བསམ་པས་རྫུ་འཕྲུལ་བསྟན་པ་ལ་ལྟུང་བ་མེད་དོ།། སྔགས་སདོ་སྙམ་པའི་བསམ་པས་ཀྱང་དེ་བཞིན་ནོ།། གཞན་གྱིས་ཡོངསུ་ཟིན་པ་ལ་གཞན་གྱིས་ཡོངསུ་འདུ་ཤེས ་སམ་ཡིད་གཉིས་ཟ་ན་ཡང་ཕམ་པར་འགྱུར། གཞན་གྱིས་ཡོངསུ་མ་བཟུང་བ་ལ་གཞན་གྱིས་ཡོངསུ་གཟུང་བར་འདུ་ཤེས་སམ་ཡིད་གཉིས་ཟ་བ་ཡང་སྦོམ་པོའོ།། གཞན་གྱིས་ཡོངསུ་མ་གཟུང་བ་ལ་གཞན་གྱིས་ཡོངསུ ་མ་གཟུང་བར་འདུ་ཤེས་པ་ལ་ལྟུང་བ་མེདདོ།། བདག་གིས་ཡིན་པའི་འདུ་ཤེས་དང་རེ་ཤིག་པའི་འདུ་ཤེས་དང་། ཡིད་བཙུགས་པའི་འདུ་ཤེས་དང་། ལེན་པ་ན་གཞན་ལ་ཤེས་པར་བྱེད་པ་དང་། རྐུ་སེམས་མེད་པ་ལ་ནི་ལྟུང་བ ་མེད་དོ།། ཡིད་བཙུགས་པ་ལྔའི་ཐང་བར་བྱ་སྟེ། སྡུག་པ་དང་ཡིད་དུ་འཐད་པ་དང་། མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། སྒྱུ་མའི་དང་། བསྒྲུབ་པར་འོས་པ་དང་། དྲན་པར་བྱ་བ་དང་། ཐོས་ན་ཡང་དགའ་བར་འགྱུར་བའོ།། ། ་གྲོགས་པོ་ནི་གསུམ་ཏེ། ཐ་མ་དང་། འབྲིང་དང་། རབ་བོ།། དེ་ལ་གོ་རིམ་བཞིན་དུ་ཐ་མ་དང་། འབྲིང་དང་རབ་བཞིན་དུ་ཡིད་བརྟན་པར་བྱའོ།། རྣམ་པ་གཞན་དུ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ།། ལས་དང་པོ་པ་ལ་སོགས་པ ་ལ་ལྟུང་བ་མེདདོ།། དེ་ནི་ཐམས་ཅད་ལ་ཡང་བརྗོད་པར་བྱ་སྟེ། ཡང་མི་འཆང་ངོ་།། སུ་བློ་བུར་དུ་འོངས་ཏེ་ང་ལ་སོར་བཅུག་པ་ལ་ངེས་པ་གླང་གི་ལྕི་བ་དང་། འདག་རྫས་དང་། ཆུ་དང་སོ་ཤིང་དང་ས་ཅི་བདེར་བྱས ་པ་ཡིན་པས་ངེས་དེ་བླང་བ་ལ་ལྟུང་བ་མེད་དོ།། མི་གཞན་གྱི་ཡིན་པ་དང་། རྐུ་བའི་བློ་དང་། ཚང་བ་དང་། སྦྱོར་བ་གཅིག་པ་དང་། སྤགས་པ་དང་། བདག་གི་མ་ཡིན་པ་དང་། བསླབ་པ་བླངས་པ་ནི་ཕམ་པར་འགྱུར་བའི་རྒྱུ་ཡི་ནོ།། ། ་ཕམ་པར་འགྱུར་བ་གཉིས་པའོ།། ཡུལ་སྤོང་བྱེད་དག་ན་དགེ་སློང་དག་གིས་མི་སྡུག་པ་བཤད་པ་ཐོས་ནས། ལུས་རུལ་བྱས་ཤིན་ཏུ་ངོ་ཚ་སྟེ། རི་དྭགས་ཟློག་དགེ་སློང་སྐྱེད་ཀྱིས་བདག་དང་གཞན་གཅིག་གིས་གཅིག་བསད ་པས་མི་བཟོད་པའི་གཞིའི་དབང་དུ་མཛད་ནས་མི་བཟོད་པའི་ཉོན་མོངས་པས་གསུམ་པ་བཅས་སོ།། གཞི་དང་སེམས་དང་། སྦྱོར་བ་དང་། མཐའ་དང་འདི་དག་ནི་ལྟུང་བ་ཞེས་བརྗོད་དོ།། དེ་ལ་གཞི་ནི་མི་འམ་མིར་ཆགས་པ་ཞེས ་གསུངས་པ་སྟེ། མི་ནི་གང་སྐྱེ་མཆོད་དྲུག་ཡོངསུ་རྫོགས་པའོ།། མིར་ཆགས་པ་ནི་མའི་མངལ་ན་ལུས་དང་སྲོག་དང་ཡིད་ཀྱི་དབང་པོ་ཐོབ་པ་རྣམསོ།། འདི་ལྟ་སྟེ་མིའི་རིགསུ་བསྡུས་པ་བུད་མེད་དང་། སྐྱེས་པ་དང་། མ་ནིང ་དབང་པོ་ཚང་བ་དང་། མ་ཚང་བ་ཡང་རུང་སྟེ་འདི་དག་ནི་གཞིའོ།། སེམས་ནི་བསམས་བཞིན་དུ་ཞེས་བྱ་བ་གསུངས་པ་སྟེ་བསད་པའི་སེམས།། སྦྱོར་བ་ནི་རྣམ་པ་གཉིས་ཏེ་ལུས་དང་ངག་གོ།། དེ་ལ་ལུས་ནི་རང་གི་ལག་དར ་ཏེཞེས་གསུངས་པ་ལ་སོགས་པའོ།། དེ་ལང་གི་ལག་དར་བ་ནི་བདག་གིས་གསང་པའོ།། དེ་ལ་མཚོན་བྱིན་ནམ་ཞེས་བྱ་བ་ནི་སུ་བདག་གིས་བདག་གསད་པར་འདོད་པ་ལ་མཚོན་སྦྱིན་པར་བྱེད་པ་དང་། བདག་ཉིད་མཚོན་འདེབ ་མི་ནུས་ནས་མཚོན་ཡོད་པ་དེའི་ལག་པ་ནས་གཟུང་སྟེ་འདེབས་པའོ།། དེ་ལ་མཚོན་ཐོགས་པ་གཉེར་དམ་ཞེས་བྱ་བ་ནི། གཞན་དེ་ལ་མཚོན་སྦྱིན་དུ་བཅུག་པའོ།། དེ་ལ་ངག་གི་སྦྱོར་བ་ནི་དེར་འཚེར་བཅུག་གམ་ཞེས་གསུངས་པ ་ལ་སོགས་པ་སྟེ། དེ་ལ་མི་འདོད་བཞིན་དུ་འཆིར་བཅུག་པ་དང་། འདོད་པ་ལ་བསྒྲགས་པ་བརྗོད་པའོ།། རྣམ་གྲངས་གང་གིས་ཤེས་ན། ཁྱོད་འདིས་ཅི་ཞིག་བྱ་ཞེས་བྱ་བ་གསུངས་པ་ལ་སོགས་པ་སྟེ། འཚེ་བའི་ཉེས་དམིགས ་བསྟན་པ་དང་། ཤི་བའི་ལེགས་པ་བསྟན་པའོ།། མི་གཙང་བ་ཞེས་བྱ་བ་ནི་ལྷས་མི་གཙང་བ་དང་ལྡན་པའི་ཕྱིརརོ།། རྣམ་གྲངས་དུ་མས་ཤེས་བྱ་བ་ནི། རྣམ་གྲངས་འདིས་སམ་རྣམ་གྲངས་གཞན་གྱིས་ཀྱང་ཞེས་བྱ་བའི་ཐ་ཚིགོ།། ་སེམས་ཀྱི་འདོད་པ་ཞེས་བྱ་བ་ནི་ཤྲཱི་ཡང་བླ་སྙམ་དུ་དེ་ལྟར་མངོན་པར་འདུ་བྱེད་པའོ།། སེམས་ཀྱི་ཀུན་ཏུ་རྟོག་པ་ཞེས་བྱ་བ་ནི། འོད་ཤི་ན་བདག་གི་ཡོན་ཏན་འདིར་འགྱུར་སྙམ་དུ་མངོན་པར་འདུ་བྱེད་པའོ།། འདིས་ནི་གསོད་སེམས ་གཞི་དང་བཅས་པ་སྟོན་ཏོ།། དེ་ལ་དགེ་སློང་གིས་ཡོ་བྱད་ཀྱི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་འམ། ཚུལ་ཁྲིམས་འཆལ་པ་འམ་ནང་པ་བསད་པའི་ཕྱིར་ཇི་ལྟར་མཐུན་ཏམ། འཆིར་བཅུག་གམ། བསྔགས་པ་བརྗོད་ཀྱང་རུང་སྟེ། ཤི ་ན་ཕམ་པར་འགྱུར་བའོ།། གལ་ཏེ་མ་ཤི་ན་སྦོམ་པོའོ།། གལ་ཏེ་འགྱོད་དེ་བཟློག་པ་ལས་ཤི་ན་ཡང་སྔར་སྦྱོར་བས་སྦོམ་པོའོ།། དེ་ལ་མཐའ་ནི་དེ་ཡང་རྩོམ་པ་དེས་དུས་བྱས་ན་ཞེས་གསུངས་པའོ།། དེ་ལ་ལྟུང ་བ་ཅི་ལྷུར་འགྱུར་ཞེ་ན། དགེ་སློང་གི་ཟིན་པ་ཡན་ལག་དང་། ཉིང་ལག་དང་། མ་ཟིན་པ་འཕངས་པ་མདའ་ལ་སོགས་པ་དོང་། དེ་གཉི་ག་དང་ལྡན་པ་རལ་གྲི་ལ་སོགས་པ་དང་དུག་སྦྱོར་བ་དང་། ས་ལ་འཆིང་བ་དང་། ཤིང ་ལ་འཆིང་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆུང་མྱོས་པར་འགྱུར་བ་དང་། སྨན་དང་སེམས་འཁྲུགས་པ་དང་། ས་མདའ་དང་། འཁྲུལ་འཁོར་གྱི་ཕུང་པོ་དང་། གསང་སྔགས་དང་། སྦྱར་དུག་དང་གཡང་ས་དང་།། ཁང་ཏོག ་ལ་སོགས་པ་ནས་ལྟུང་བར་བྱེད་པ་དང་། ཆུ་དང་མེ་དང་འཇིགས་པ་དང་བཅས་པའི་ས་ཕྱོགསུ་གཏོང་བ་དང་། གྲང་བ་དང་། ཚ་བའི་དུས་ནཱ་མཚན་མོ་བླ་གབ་མེད་པ་དང་། གཡོགས་པར་གཞག་པ་དང་། མིའི་བུད་མེད ་དང་། སྐྱེས་པ་དང་། མ་ནིང་ལས་སྲོག་ཆགསུ་འདུ་ཤེས་སམ། ཡིད་གཉིས་ཟ་འམ། ངེས་ཀྱང་རུང་སྟེ་བསད་པའི་སེམས་ཀྱིས་དེ་གསད་པའི་ཕྱིར་བརྩམས་པ་ལས་གལ་ཏེ་རྩོམ་པ་དེས་དེའི་ཚེ་འམ། གཞན་གྱི་ཚེ་ཡང་རུང ་སྟེ། ཤི་ན་ཕམ་པར་འགྱུར་བའོ།། གལ་ཏེ་མ་ཤི་ན་སྦོམ་པོའོ།། དེ་བཞིན་དུ་རོ་ལངས་དང་། རོ་ལངས་ཕྱེད་པ་ཡང་བརྗོད་པར་བྱའོ།། འདི་ནི་བྱེ་བྲག་སྟེ་དེ་གལ་ཏེ་དེ་གཉིས་དགེ་སློང་བསད་ན་ཡང་སྔར་སྦྱོར་བས་སྦོམ་པོའོ།། ། ་ཅི་སྟེ་དགེ་སློང་གིས་རོ་ལངས་བསད་ན་སྤྲུལ་པ་བསད་པ་དང་། སྔར་སྦྱོར་བས་སྦོམ་པོ་གཉིསོ།། མངལ་ན་འདུག་པ་བསད་ཀྱི་བུད་མེད་ནི་མ་ཡིནོ་སྙམ་པའི་སེམས་ཀྱིས་བུད་མེད་ཀྱི་ལྟོ་མཉེས་ན་གལ་ཏེ་མངལ་ན་འདུག ་བ་ཤི་ལཱ་བུད་མེད་མ་ཤིན་དངོས་གཞིའོ།། བུད་མེད་ཤི་ལ་མངལ་ན་འདུག་པ་མ་ཤི་ན་སྦོམ་པོའོ།། གཉིས་ཀ་ཤི་ན་དངོས་གཞིའོ།། གཉིས་ཀ་མ་ཤི་ན་སྦོམ་པོའོ།། དེ་བཞིན་དུ་བུད་མེད་གསད་པའི་སེམས་ཀྱིས་མངལ་ན་འདུག ་པ་མ་ཡིན་པ་ཡང་བརྗོད་པར་བྱའོ།། མིའི་བུད་མེད་དང་དུད་འགྲོའི་སྐྱེ་གནས་མོའི་མངལ་ནི་མི་མ་ཡིན་པ་ཡོད་པ་རླུགས་པར་བྱས་ན་སྦོམ་པོའོ།། དུད་འགྲོའི་སྐྱེ་གནས་མོའི་མངལ་ན་ནི་ཡོད་པ་ནི་དངོས་གཞིའོ།། དུད ་གྲོའི་སྐྱེ་གན་སུ་གཏོགས་པ་བསྒྱུར་བསད་ན་དངོས་གཞིའོ།། བདག་དུད་འགྲོའི་སྐྱེ་གན་སུ་གཏོགས་པར་བསྒྱུར་ན་གལ་ཏེ་དགེ་སློང་གི་འདུ་ཤེས་ཡོད་ན་ཡང་ངོ་།། མང་ཞིག་ལ་གཞན་ཞིག་བསད་དོ་སྙམས་པ་ལས་གཞན ་ཤི་ན་སྦོམ་པོའོ།། གཞན་བསད་པའི་སེམས་མ་དང་ཕ་དང་དགྲ་བཅོམ་པ་གསད་པ་དང་། མ་ལ་སོགས་པ་གསོད་པར་སྦྱོར་བ་ལས་གཞན་དང་། དགྲ་བཅོམ་པ་མ་ཡིན་པ་ལ་དགྲ་བཅོམ་པར་འདུ་ཤེས་པ་དང་། དགྲ་བཅོ ་པ་ལ་དགྲ་བཅོམ་པ་མ་ཡིན་པར་འདུ་ཤེས་པ་དང་། མ་ལ་སོགས་པ་གསོད་དུ་བཅུག་པ་ལས་སྔར་ཤི་བ་དང་། མ་ཡིན་ནམ་མ་ཡིན་སྙམ་པ་ནས། དགྲ་བཅོམ་པ་ཡིན་ནམ་མ་ཡིན་སྙམ་པའི་བར་དུ་ཐེ་ཚོམ་ཟ་བ་ཉིད་ཀྱིས་མ ་ལ་སོགས་པ་གསད་པ་དང་། མ་ལ་མ་མ་ཡིན་པར་འདུ་ཤེས་པ་དང་། མ་མ་ཡིན་པ་ལ་མར་འདུ་ཤེས་པ་ལ་སྦོམ་པོ་སྟེ། མཚམས་མེད་པར་མི་འགྱུར་རོ།། རྩིག་པ་ལ་སོགས་པ་ལ་གདབ་པར་འདོད་པ་ལས་མ ་ལ་སོགས་པ་ལ་ཕོག་པ་དང་། ནད་པ་སྐྱོང་བ་ལས་འཁྲུལ་ཏེ་འགྱེལ་བ་དང་། ནད་པ་དེ་དག་གི་སྟེང་དུ་འདྲེས་ཏེ་དེ་དྲུག་ཀྱང་རྐྱེན་དེས་ཤི་བ་ནི་ལྟུང་བ་མེད་དོ།། བུད་མེད་གཞན་གྱི་མངལ་ནས་རླུགས་པ་གཞན་གྱི་བཅུག་པ་ནི ་གཞན་གྱི་མངལ་ན་རླུགས་པ་དེའི་མཚམས་མེད་པའོ།། གང་གིས་བཅུག་པ་དེ་གསད་ན་མཚམས་མེད་པ་མ་ཡིནོ།། རབ་ཏུ་བྱུང་བའི་ཚེ་ནི་དེ་ཉིད་ལ་དྲིའོ།། མི་ཡིན་ནམ་མ་ཡིན་སྙམ་པ་དང་དེ་ཡིན་ནམ་མ་ཡིན་སྙམ་དུ་ཡིད ་གཉིས་ཟ་བས་མི་བསད་ན་སྦོམ་པོའོ།། ཇི་སྟེ་སུ་ཡང་རུང་སྙམ་ན་དངོས་གཞིའོ།། འདི་ལྟ་སྟེ་མི་ལ་མིར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་དངོས་གཞིའོ།། མི་མ་ཡིན་པ་ལ་མིར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་སྦོམ་པ ་མི་ལ་དུད་འགྲོའི་སྐྱེ་གནསུ་འདུ་ཤེས་པ་ལ་ཉེས་བྱསོ།། མི་མ་ཡིན་པར་འདུ་ཤེས་པ་ལ་སྦོམ་པོའོ།། ཞེས་གསུངས་པ་ཡིན་ནོ།། གསང་བ་བྲོས་པ་ལ་གཤེད་མས་དྲིས་པ་ན་གསོད་པའི་སེམས་ཀྱིས་བསྟན་ན་གཞི་ཇི་ལྟ་བ་བཞི་ནོ།། ། ་མང་པོའི་ནང་ནས་གལ་ཏེ་གཅིག་གསད་པའི་སེམས་ཀྱིས་གཞན་སྟོན་ན་སྦོམ་པོའོ།། ལུང་དུ་མ་བསྟན་པའི་སེམས་ལ་ཉེས་བྱསོ།། བཞད་གང་བྱ་བར་བསམས་ཏེ་བསྣུན་པ་ལས་དེ་ཤི་ན་ཉེས་བྱསོ།། བསྙེན་པར་མ་རྫོགས་པ་སྦྱོར་ལ ་བསྙེན་པར་རྫོགས་ནས་ཤི་ནཱ་མུ་བཞི་པ་གཉིས་ཏེ། སྔ་མ་བཞི་ནོ།། མི་མཁས་པ་ལས་དང་པོ་པ་མ་ཡིན་པ་ཞིག་གལ་ཏེ་ཁ་ན་མ་ཐོ་བ་ལ་མི་འཇིགས་པའི་སེམས་དང་། དད་པས་བྱིན་པ་ལ་རྐུ་བའི་སེམས་དང་སེམས་རྣམ་པ ་གཉིས་མ་བྱུང་ན་བསླབ་པ་སྦྱིན་པར་བྱའོ།། ཆུས་ཁྱེར་བ་འམ། མེས་ཚིག་པའམ། ཤིན་ཏུ་སྐོམ་པ་ལ་གལ་ཏེ་ལག་གིས་མ་བརྙབས་སམ། ཤི་བར་དགའ་བས་ཤི་ལ་ཐུག་པ་བསྐྱབ་པའི་ཕྱིར་ཆུའམ། གཞན་ཡང་རུང་སྟེ ་སྦྱོར་ནུས་བཞིན་དུ་མི་བྱེད་དམོ། ཡལ་བར་འདོར་ལ་ལྟུང་བའོ།། གཞན་གྱིས་གསད་པར་བྱ་བ་གདོན་མི་ཟ་བར་འཆི་བར་བྱས་པ་གསད་ན་སྦོམ་པོའོ།། གདོན་མི་ཟ་བར་བྱས་པ་མ་ཡིན་ན་ནི་ཕམ་པར་འགྱུར་བའོ།། གནོད་པ་སྤང ་བའི་ཕྱིར་གལ་ཏེ་བྱེ་བྲག་མེད་པར་བསྣུན་ཏེ། གསད་པའི་བསམ་པ་ནི་མེད་ལ་དེ་ཤི་ན་ནི་སྦོམ་པོའོ།། མ་ཤི་ན་ཉེས་བྱསོ།། གསད་པར་བསམས་པ་ལ་དངོས་གཞིའོ།། དགེ་སློང་བསད་པའི་སེམས་ནི་མེད་ལ་གང་གི་ཕྱིར་ནད་པ ་འཆི་བར་སེམས་པ་ལ་དེ་དང་མཐུན་པའི་གཏམ་བྱེད་པ་དང་མ་བརྟགས་པར་གྲིའམ་ཐག་པ་བྱིན་ན་ཉེས་བྱས་སོ།། དུག་ཉེ་བར་གཞག་ན་ཉེས་བྱས་སོ།། མི་མཁས་པ་ནད་པའི་རིམ་གྲོ་བར་མི་གཞགོ།། དེ་ལྟ་བུའི་རྐྱེན་ཞིག་བྱུང ་ན་ཁོང་དུ་ཆུད་པར་བསྒོའོ།། ནད་པ་སློང་བ་ན་དེས་མོ་བསླང་ཞིག་ཤིར་འོང་ངོ་ཞེས་སྨྲས་པ་ལ། དེས་ཀྱང་ལོངས་ཤིག་ཅེས་སྨྲས་ཏེ་དུས་བྱས་ན་སྦོམ་པོའོ།། དེ་བཞིན་དུ་སྤྱོད་ལམ་གཞན་ལ་ཡང་བརྗོད་པར་བྱའོ།། ནད་པ་ལ་ཁྲུས ་བྱོས་ཤིག་ཅེས་སམ། ལོངས་ཤིག་ཅེས་དེ་ལ་སོགས་པ་བསྒོ་བ་ལས་དེས་ངལ་ཏེ་ཤི་ན་ལྟུང་བ་མེད་དོ།། སྤོང་བ་པ་ཡུར་བའི་ཚེ་དབྱི་གུས་རེག་པར་བྱས་པ་ལས་ཤི་བ་ཡང་དེ་བཞིན་ནོ།། ནད་ཚབས་ཆེ་བའི ་ནད་གཡོག་ཤི་ན་ཡང་བླ་སྙམ་ནས་གྲོང་དུ་སོང་བ་དང་། ནད་གཡོག་སྐྱོ་འམ། དེའི་ཡོ་བྱད་འདོད་པའི་ཕྱིར་ནད་གཡོག་མ་བྱས་ན་མྱུར་དུ་འཆིའོ་སྙམ་ནས་ནད་གཡོག་མ་བྱས་ཏེ་དེ་ཡང་ཤི་ན་སྦོམ་པོའོ།། ཁ་ཟས་ཕན་པ་ཡོད ་བཞིན་དུ་མི་ཕན་པ་སྦྱིན་ན་སྦོམ་པོའོ།། མེད་དམ་ཕན་པས་ཀྱང་ཤི་ན་ལྟུང་བ་མེད་དོ།། འབྲུམ་བུ་མ་སྨིན་པ་བརྟོལ་ཏེ་ཤི་ན་སྦོམ་པོའོ།། སྨིན་པ་ལ་ལྟུང་བ་མེདདོ།། གཏར་ཁ་བཏབ་པ་ལས་མཚོན་ཁ་ཟབས་པ་ལ་ལྟུང་བ་མེད་དོ།། མ་བསླབས ་བཔར་གཏར་ཁ་གདབ་པར་མི་བྱའོ།། དགེ་སློང་ཆེ་གེ་མོ་ཞེས་བྱ་བ་ཤི་ན་དེའི་ལྷུང་བཟེད་དམ་ཆོས་གོས་བདག་གིར་འགྱུརརོ་ཞེས་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་མི་བྱེད་པའི་ཕྱིར་གདོལ་བ་ལྟ་བུའི་སེམས་བསྐྱེད་ན་འགལ་ཚབས་ཅན་དུ ་འགྱུར་རོ།། འོན་ཀྱང་དགེ་སློང་གིས་ལྷུང་བཟེད་མིག་བཞིན་དུ་བསྐྱང་བར་བྱའོ།། བསྲེག་པར་འོས་པ་མི་སྲེག་གམ། གླན་པར་འོས་པ་མི་གློན་ན་འགལ་ཚབས་ཅན་དུ་འགྱུར་རོ།། དེ་བཞིན་དུ་ཆོས་གོས་ཀྱང་ལྤགས་པ་བཞིན་དུ་བསྐྱང་བར ་བྱའོ།། བཀྲུ་བ་དང་བཙེམ་པ་དང་། ཁ་བསྒྱུར་བར་འོས་པ་དེ་ལྟར་མི་བྱེད་ན་ཉེས་བྱསོ།། གཞན་གྱི་མངལ་ནས་རླུགས་པར་འགྱུར་བ་ལ་བྱིན་པ་ལ་རྗེསུ་ཡི་རང་ན་འགལ་ཚབས་ཅན་དུ་འགྱུར་རོ།། རྩིག་པ་རྩིག་པའི་ཚེ་སོ་ཕག་ལག་ནས ་ལག་དུ་འཕངས་པ་ལས་དགེ་སློང་གིས་སོ་ཕག་བོར་བ་དགེ་སློང་གི་གླད་པར་ཕོག་ནས་དུས་འདས་པ་ལ་ལྟུང་བ་མེད་མོད་ཀྱི་འོན་ཀྱང་སོ་ཕག་ལག་ནས་ལག་ཏུ་སྦྱིན་པར་བྱ་སྟེ། དོར་བར་ནི་མི་བྱའོ།། གལ་ཏེ་གས་པ་ཞིག་ཡོད་ན ་བསྒོ་བར་བྱའོ།། སྐས་ལ་འཛེག་ན་མདུད་པ་དོར་བར་བྱའོ།། སྟེང་ན་ལས་བྱེད་ན་ཡང་ངོ་།། འོག་ཏུ་ནི་མི་དགོསོ།། རྩིག་པའི་གྲོགས་བྱེད་ན་དུས་གཅིག་ཅིག་བྱའི། ཉི་མ་རངས་པར་ནི་མི་བྱའོ།། དགུན་ནི་ཕྱི་དྲོའོ།། དཔྱིད་ནི་སྔ་དྲོའོ།། དུས ་ཀྱང་ཤེས་པར་བྱ་སྟེ་བཏང་ངོ་།། འདི་ལྟ་སྟེ་ལག་པ་དང་རྐང་པ་དག་བཀྲུས་ལ་བསོད་སྙོམས་པ་ནི་བསོད་སྙོམས་ལ་འགྲོའོ།། དགེ་འདུན་ལས་ཐོབ་པ་ནི་དགེ་འདུན་གྱི་ནང་དུའོ།། རྩིག་པའི་གྲོགས་བྱེད་པའི་ཀུན་ཏུ་སྤྱོད་པ་ནི་དགེ ་འདུན་ལ་སྣུམ་བག་གི་རྙེད་པ་དང་། ཞལ་སུས་དང་། བཏུང་བ་དང་། ལག་པ་དག་གི་སྐུད་དང་། རྐང་པ་དག་གི་སྲུང་སྦྱིན་དུ་གཞུག་གོ།། རྣམ་པ་གཞན་དུ་ན་ཉེས་བྱསོ།། དགེ་སློང་གིས་གདུང་མ་ལྕི་ཆེས་པས་ཤོར་ཏེ་ཤིང་མཁན་ཤི ་བ་ལ་ལྟུང་བ་མེད་དོ།། ཁུར་ལྕི་བ་མི་གདེག་གོ།། དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་བར་བར་དུ་ཁྱིམ་པ་བཞག་སྟེ། དེ་ནས་མཉམ་དུ་གདེག་ཅིང་མཉམ་དུ་གཞག་ཅིང་། ཁུར་མི་ཐེག་པ་བཏེག་ན་འགལ་ཚབས་ཅན་དུ་འགྱུར་རོ།། མི་ཐ་མལ་པའི ་ཁུར་གཅིག་ལ་དགེ་སློང་གི་ཁུར་གཉིས་ཏེ། དེ་ལས་ལྷག་པ་མི་གདེག་པའོ།། དགེ་སློང་གིས་མགོ་དང་ཕྲག་པ་དང་། རྐེད་པ་ལ་ཁུར་མི་བཀུ་རོ་དེ་བཞིན་དུ་དགེ་སློང་མ་ལ་ཡང་།། ཁྱེའུ་སྟན་ལ་འདུག་པའི་སྟེང་དུ་གནས་བརྟན ་འཆར་ཀས་འདུག་སྟེ་ཤི་བ་ནི་མཚོར་བས་ལྟུང་བ་མེད་དོ།། མ་བརྟགས་པར་སྟན་ལ་འདུག་ན་ཉེས་བྱསོ།། སྨན་པ་ལ་མ་དྲིས་པར་ནད་པ་ལ་སྨན་བྱིན་ན་ཉེས་བྱས་སོ།། སྨན་པ་ལ་དྲིའོ།། དེ་མེད་ན་སྨན་པ་ལས་རབ ་ཏུ་བྱུང་བ་ལའོ།། དེ་མེད་ན་སྨན་པས་བཀོལ་བ་ལའོ།། དེ་ཡང་མེད་ན་ནཱད་ཀྱིས་བཀོལ་བ་ལའོ།། དེ་ཡང་མེད་ན་གནས་བརྟན་གནས་བརྟན་ལ་དྲིའོ།། བཀྲུ་སྤྱན་བྱུང་ནས་གཞན་དུ་འགྲོ་བར་མི་བྱའོ།། གཉེན་པོ་བརྟེན་ན་ལྟུང་བ ་མེད་དོ།། བསད་པའི་བསམ་པས་ནད་པ་ལ་སྨན་གང་ཡང་སྦྱིན་པར་མི་བྱ་མོད་ཀྱི་འོན་ཀྱང་ཅི་ནས་ཀྱང་ནད་པ་ནད་སོས་པར་བྱ་བར་བས་མོ།། བསྡིགས་པ་ནི་མི་ཕོག་པར་བྱ་བའི་བསམ་པས་གཽཎྜི་ལ་སོགས་པ་འཕང་བར་བྱའོ།། ་ལོགས་དང་སྟེང་ནས་འདིར་འཕོངས་ཤིག་ཅེས་བསྒོ་བ་ལས་གལ་ཏེ་འགའ་ཞིག་ཕོག་ན་ལྟུང་བ་མེ་དོ།། བསྒོ་བ་ནི་ཉེས་བྱསོ།། དགེ་སློང་ལམ་དུ་ངལ་བ་ཕུལ་བར་མི་བྱ་མོད་ཀྱི་འོན་ཀྱང་ངལ་སོར་གཞུག་གོ།། སྣོད་སྤྱད་ཀྱང་བླང་ངོ་།། ་འདུ་ཤེས་ནས་གལ་ཏེ་ནུས་ན་ནི་འགྲོགས་ཏེ་འགྲོ་བར་བྱའོ།། ཅི་སྟེ་མི་ནུས་ན་སྔོན་དུ་སྟེ་ལྷུང་བཟེད་བཀྲུས་ལ་བྱུག་རིས་གཞག་པར་བྱའོ།། ཡང་ན་ཟས་མནོས་ཏེ་བསུ་བར་བྱའོ།། ཅི་སྟེ་རྣམ་པ་གཞན་དུ་ན་ཉེས་བྱས་སོ།། དགེ་འདུན ་ལ་སྨན་རྩབས་ལན་ཚྭ་ཅན་བྲིམས་པ་དང་། དེ་བཞིན་དུ་ནད་པ་དང་། གསལ་ཤིང་བཙུགས་པ་ལ་ཡང་ལྟུང་བ་མེད་དོ།། བ་ལང་གིས་འཇིགས་ནས་ཁྱེའུ་ཞིག་གི་སྟེང་དུ་རྟག་ཆོས་ཏེ་དེ་ཡང་ཤི་བ་ལས་ལྟུང་བ་མེདདོ།། བ་ལང་གི་ནང ་དུ་ཤོས་བཞིན་དུ་འགྲོ་བར་བྱའོ།། དེ་བཞིན་དུ་སྟོབས་དང་ལྡན་པ་དབྱུག་པ་ཐོགས་པ་ལངས་པ་ན་བྱ་བ་དེས་ཤི་བ་དང་། ཆོས་གོས་ཀྱི་གྲས་གཏུན་ཤིང་འཕངས་ཏེ་མི་ཤྲཱི་བ་དང་། དེ་བཞིན་དུ་ཐལ་མོ་དང་། བརྣངས་པ་བསྣུན ་པ་ཡང་ངོ་།། ཤེས་བཞིན་དུ་བསྣུན་པར་བྱའོ།། སྟག་གི་འཇིགས་པ་དང་བཅས་པའི་ས་ཕྱོགསུ་འདུག་ཤིག་ཅེས་བློ་གྲོས་བྱིན་པ་ལས་ཟོས་པ་ལ་ལྟུང་བ་མེད་དོ།། ཤི་རི་ཀ་དེས་ལག་འགྲོས་བྱ་སྟེ་འགྲོ་བ་ན་ཤྲཱི་བ་ལ་ལྟུང ་བ་མེད་དོ།། དེ་ལྟ་བུར་འགྲོ་བར་མི་བྱའོ།། དེ་བཞིན་དུ་ནང་སོས་ནས་རིང་པོ་མ་ལོན་པ་གྲོགསུ་ཁྲིད་ནས་ངལ་ཏེ་ཤི་བ་ཡང་ངོ་།། དེ་ལྟ་བུ་བཀྲི་བར་མི་བྱའོ།། གནོད་པར་བྱ་བའི་བསམ་པས་མནན་ཏེ་ཤི་ན་ཉེས་པ་སྦོམ་པོ་སྟེ། དངོས ་གཞི་ནི་མ་ཡིན་ནོ།། བདག་གསོད་པར་སེམས་ན་སྦོམ་པོའོ།། ཁྲོས་ནས་ཐག་པས་བཅིངས་པ་ལ་སོགས་པ་དང་། གཞན་གྱི་ཡན་ལག་དང་ཉིང་ལག་བཅད་ན་སྦོམ་པོའོ།། སྨན་པ་མི་མཁས་པ་གདོང་དུ་མཚོན་གྱི་ལས་བྱེདདུ་བཅུག ་ན་སྦོམ་པོའོ།། སྨན་པ་ཆེན་པོ་མེད་ན་རྩར་བཏབ་པ་ལ་ལྟུང་བ་མེད་དོ།། བརྡེག་པར་བྱ་བ་གཞན་ཡིན་ལ་གཞན་རྡེག་ན་འགལ་ཚབས་ཅན་དུ་འགྱུ་རོ།། དེ་བཞིན་དུ་གཞང་འབྲུ་མི་བཅད་པ་ཡང་ངོ་།། འོན་ཀྱང་སྨན་དང་སྔགས་ཀྱིས་དེ ་གསོ་བར་བྱའོ།། གསད་པར་སྦྱོར་བར་བྱས་ནས་བུད་མེད་བུ་མཚན་གྱུར་ཀྱང་ཕམ་པར་འགྱུར་རོ།། མཚན་གཉིས་པར་གྱུར་པ་དང་། དགེ་ཚུལ་གྱི་སར་བབས་པ་ལ་ནི་སྦོམ་པོའོ།། ཕམ་པར་འགྱུར་བ་གསུམ་པའོ།། གྲོང་ཁྱེར་ཡངས ་པ་ཅན་ན་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་གྱི་དགེ་སློང་དག་གིས་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཉེ་དུ་རྣམས་ཀྱི་མདུན་དུ་མིའི་ཆོས་ལས་བླ་མར་གྱུར་པ་མེད་བཞིན་དུ་བརྗོད་དེ། ལྡན་པ་དང་རྙེད་པ་དང་བཀུར་སྟིའི ་གཞིའི་དབང་དུ་མཛད་ནས་ཉོན་མོངས་པ་དེ་དག་གིས་བཞི་པ་བཅས་སོ།། མངོན་པར་མི་ཤེས་ཞེས་བྱ་བ་ནི་ཤེས་བྱ་དེ་ཇི་ལྟར་རྟག་པ་ལ་སོགས་པར་མེད་ན། དེ་དང་བྲལ་བར་ཡོངསུ་མི་སྤྱོད་པའི་ཕྱིརརོ།། ཡོང་སུ་མི་ཤེས་ཞེས ་བྱ་བ་ནི་ཤེས་བྱ་དེ་ཇི་ལྟར་མི་རྟག་པ་ལ་སོགས་པ་ཡོད་པ་དེ་ལྟར་ཡོངསུ་མི་གཅོད་པའི་ཕྱིར་ཏེ། ཡོད་པ་ལ་ཡོད་པར་ཡང་དག་པར་ཅི་ལྟ་བ་བཞིན་དུ་མི་ཤེས་པ་དང་། མང་པ་ལ་མེད་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ ་མོ་ཤེས་པ་དང་། མེད་པ་ལ་མེད་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ལས་བཟློག་པར་བརྗོད་པ་ཡིནོ།། མེད་ལ་ཞེས་བྱ་བ་མིའི་ཆོས་ལས་བླ་མར་གྱུར་པ་དེ་ཉིད་རང་གི་མཚན་ཉིད་ཀྱིས་མེད་པའོ།། མེད་བཞིན ་དུ་ཞེས་བྱ་བ་ནི་མིའི་ཆོས་ལས་བླ་མར་གྱུར་པ་དེ་ཉིད་བདག་ལ་མེད་པའོ།། མིའི་ཆོས་ལས་བླ་མར་གྱུར་པ་ཞེས་བྱ་བ་ནི་མི་སྤྱིའི་སྒྲིབ་པ་ལྔ་པོ་དག་ལས་ཁྱད་པར་དུ་འཕགས་པའོ།། ཚིག་གི་ལྷག་མ་ནི་དེ་ཉིད་ཀྱིས་སྤྲོས་པའོ།། ་མཐའ་ཞེས་བྱ་བ་ནི་མཆོག།། འཕགས་པ་ཞེས་བྱ་བ་ནི་བདག་ཉིད་སྡིག་པ་རྣམས་ལས་རིང་དུ་གྱུར་པའི་ཕྱིརརོ།། ཡང་ན་འཕགས་པ་རྣམས་ཀྱི་ནི་འཕགས་པའོ།། འཕགས་པའི་བྱེ་བྲག་ཐོབ་པ་ཞེས་བྱ་བ་ནི། སྟོབས་དང་ཡིད་གཞུ ་བ་ལ་སོགས་པ་ལ་ནི་མ་ཡིནོ།། རྣམ་གྲངས་གཞན་དུ་མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པས་ཏེ། དེ་ལ་སྲེད་པ་ཐམས་ཅད་ཟད་པའི་ཕྱིར་རོ།། བྱེ་བྲག་ཐོབ་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་འབྲས་བུ་བཞིའོ།། ཤེས་པ་དང་མཐོང་བ་ཞེ ་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་སོགས་པ་ལ་ཆོས་ཤེས་པའི་བཟོད་པ་སྟེ་གོ་རིམས་བཞིན་ནོ།། རྣམ་གྲངས་གཞན་དུ་ཤེས་པ་ནི་སྡུག་བསྔལ་ལ་སོགས་པ་ཤེས་པ་དང་། མི་རྟག་པ་ལ ་སོགས་པའི་འདུ་ཤེསོ།། མཐོང་བ་ཞེས་བྱ་བ་ནི་ལྷ་ལ་སོགས་པ་མཐོང་བ་ལ་སོགས་པའོ།། རེག་པར་སྤྱོད་པ་ཞེས་བྱ་བ་ནི་བསམ་གཏན་ནས་གཟུང་སྟེ་མཉམ་པར་གཞག་པའི་སོ་སོའི་ཡོན་ཏན་ཐམས་ཅད་དོ།། འདི་ཤེསོ་ཞེས་བྱ ་བ་ནི་བདེན་པ་ལ་སོགས་པའོ།། འདི་མཐོང་ཞེས་བྱ་བ་ནི་ལྷ་ལ་སོགས་པའོ།། བདག་ཉིད་ཀྱིས་བརྫུན་དུ་སྨྲསོ་ཞེས་བྱ་བ་ལ་སོགས་པ་ལ་མ་སྨྲས་ན་ཕམ་པར་མི་འགྱུར་རམ་ཅི་ན། གང་གི་ཕྱིར་དེ་དུས་གཞན་ཞེས་བྱ་བ་ལ་སོགས་པ ་སྨོས་ཤེ་ན། བདེན་ཏེ་མ་སྨྲས་ཀྱང་ཕམ་པར་འགྱུར་བ་ཡིན་མོད་ཀྱིས། དོགས་པ་ཙམ་གྱིས་གནས་པར་མི་བྱ་བར་མི་ནུས་ཏེ། དེའི་ཕྱིར་འདི་སྨོས་དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིསོ།། མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་དེ་བདག ་ཉིད་འགྱོད་པ་སྐྱེས་པར་གྱུར་པའོ།། སྨྲས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་བཀྱིལ་བའི་ཚིག་ཉིད་དོ།། མངོན་པའི་ང་རྒྱལ་མ་གཏོགས་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་གཞག་སྟེའོ།། དེ་ཡང་ཞེས་བྱ་བ་ནི་སྔ་མ་བཞི་ནོ།། གསོབ་ཅེས་བྱ་བ་ནི ་དེའི་ཚིག་བརྗོད་པར་བྱ་བའི་དོན་གྱིས་སྟོང་པའི་ཕྱིརརོ།། གསོག་ཅེས་བྱ་བ་ནི་དེའི་ཟང་ཟིང་ཙམ་གྱིས་ཕྱིར་དགོས་པའི་སྙིང་པོ་མེད་པའོ།། བརྫུན་ཞེས་བྱ་བ་ནི་འདུ་ཤེས་བསྒྱུར་ཏེ་སྨྲས་པའོ།། བྱུང་བ་ཞེས་བྱ་བ་ནི་དེའི ་དངོས་པོའོ།། རྣམ་པར་དག་པར་འདོད་ནས་ཤེས་བྱ་བ་ནི་ལྡང་བར་འདོད་པའོ།། འདི་སྐད་ཅེས་ཤེས་བྱ་བ་ནི་བརྗོད་པའོ།། ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ།། མ ་མཐོང་བས་མཐོང་ངོ་ཞེས་སྨྲས་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པསོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ལྷ་དང་ཀླུ་དང་། གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ལུས ་སྲུལ་པོ་དང་། གྲུལ་བུམ་དང་། ཡི་དྭགས་དང་། ཤ་ཟ་མཐོང་ངོ་།། བལྟ་བའི་ཕྱིར་འགྲོའོ།། དེ་དག་གི་སྒྲ་ཡང་ཐོ་སོ།། དེ་དག་ཀྱང་བདག་བལྟ་བའི་ཕྱིར་འོང་།། གཏམ་འདྲེའོ།། བདག་ཀྱང་དེ་དག་གཏམ་འདྲེའོ།། ཞེས་མི་དེ་འམ་གཞན ་ངག་ལ་གང་ལུང་བསྟན་པར་འདོད་དེ། འདུ་ཤེས་བསྒྱུར་ནས་ཕ་རོལ་ལ་གོ་བར་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ།། རྡུལ་ཁྲོད་ཀྱི་ཤ་ཟ་དང་། རྣམ་པོ་དེ་དང་དེ་ལྟ་བུའོ་ཞེ་ན་སྦོམ་པོའོ།། དེ་བཞིན་དུ་བདག་གིས་མི་རྟག་པ་ལ་སོགས་པའི ་འདུ་ཤེས་ཉི་ཤུ་སྟེ། མི་རྟག་པའི་འདུ་ཤེས་དང་། མི་རྟོག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི ་དགའ་བའི་འདུ་ཤེས་དང་། ཉེས་དམིགས་དང་། སྤོང་བ་དང་འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། འཆི་བ་དང་། མི་སྡུག་པ་དང་། རྣམ་པར་སྤྲོས་པ་དང་། རྣམ་པར་རྣགས་པ་དང་། རྣམ་པར་བམ་པ་དང་། རྣམ་པར་འབུས་གཞིག ་པཔ་དང་། རྣམ་པར་ཟོས་པ་དང་། རྣམ་པར་དམར་བ་དང་། རྣམ་པར་འཐོར་བ་དང་། རུས་གོང་དང་། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་པོ་ཞེས་རེ་རེ་ལ་ཡང་བརྗོད་པར་བྱའོ།། བསམ་གཏན་བཞི་དང་། ཚད་མེད་པ་རྣམས་དང་། ་གཟུགས་མེད་པ་རྣམས་དང་། འབྲས་བུ་རྣམས་དང་། མངོན་པར་ཤེས་པ་དྲུག་པོ་རྣམས་བདག་གི་ཐོབ་པོ་ཞེ་འམ། དགོན་པའི་གནས་ན་མི་མ་ཡིན་པ་རྣམས་ཀྱིས་དགེ་སློང་དག་གཙེས་ན། དེ་ན་འཕགས་པ་གང་ཡིན་པ་དེ ་ལ་ནི་མི་འཚེ་སྟེ། དེར་བདག་ལ་ཡང་མི་འཚོའོ་ཞེའམ། དེ་བཞིན་དུ་འཕགས་པ་གང་ཡིན་པ་དེས་ནི་སྟན་ཁྲ་བོ་ཐོབ་སྟེ། བདག་གིས་ཀྱང་ཐོབ་བོ་ཞེས་སྨྲས་པ་ན་ཐམས་ཅད་ཀྱང་ཕམ་པར་འགྱུར་བའོ།། རང་གི་མཚན་ཉིད་འཛིན ་པའི་ཡིད་ལ་བྱེད་པས། བདག་གིས་ཉོན་མོངས་པ་བསྲབ་སོ་ཞེས་སྨྲས་ན་སྦོམ་པོའོ།། མ་ཐོབ་པའི་ཡོང་སུ་ཉམས་པ་ལས་བསམས་ཏེ། ལན་ཅིག་ཕྱིར་འོང་བ་ལ་སོགས་པའི་འབྲས་བུ་གསུམ་ལས་བདག་ཡོངསུ་ཉམ་སོ་ཞེས ་སྨྲས་སམ། དེ་བཞིན་དུ་སོ་སོར་ཐར་པའི་སྡོམ་པ་ལ་སློབ་པའོ།། འདུལ་བ་ལ་སོགས་པ་བསླབས་པས་མི་སློབ་པའོ།། ལྷུང་བཟེད་ལྷག་མ་ལ་སོགས་པ་ཅུང་ཟད་ལ་ཅུང་ཟད་མེད་པའོ།། འདས་པ་ལས་ལྟོས་ཏེ་སྐྱེ་བ་ཐ་མ་ལ་འདི ་ནི་བདག་གི་ཐ་མའོ།། ཀླག་པ་དང་ཁ་དོན་བྱ་བ་ལ་སོགས་པའི་འབྲས་བུ་དང་། ཤིང་ཨ་མྲ་ལ་སོགས་པའི་འབྲས་བུ་རྙེད་པ་ལས་རིམ་གྲོ་ལ་སོགས་པར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའོ།། དེ་བཞིན ་དུ་འདས་པ་རྣམས་ལས་བདག་འཇིགས་པ་མེད་དོ།། འཇིགས་པ་ལྔ་སྦྱངས་པའོ།། དེ་བཞིན་དུ་འདས་པ་རྣམས་སྤངས་པ་ལས། བདག་ཀུན་ཏུ་སྦྱོར་བ་ལ་སོགས་པ་ལས་གྲོལ་བའོ།། ལུང་ཀུན་ཆུབ་པ་དང་། དེ་བཞིན་དུ་དབང་པོའི ་སྒོ་སྡོམ་པ་ལས་ཉན་ཐོས་ཀྱིས་ཐོབ་པར་བྱ་བ་གང་ཡིན་པ་དེ་ཐོབ་པའོ།། ཆོས་འཆང་པ་ལས་བདག་ནི་སྟོན་པའོ།། སྡིག་པའི་ཆོས་ཁོང་དུ་ཆུད་པོ་ལས་བདག་ནི་སངས་རྒྱསོ།། སངས་རྒྱས་ཐམས་ཅད་ལས་སྐྱབསུ་སོང་བ་ལས ་བསམས་ཏེ། བདག་ནི་རྣམ་པར་གཟིགས་ཀྱི་ཉན་ཐོསོ་ཞེས་སྨྲ་ན་ཐམས་ཅད་དུ་སྦོམ་པོའོ།། གལ་ཏེ་སྒྲ་ཇི་བཞིན་དུ་མིའི་ཆོས་ལས་བླ་མར་གྱུར་པ་ལས་བསམས་ན་ཐམས་ཅད་དུ་དངོས་གཞིའོ།། བདག་ནི་དགེ་སྦྱོང་གི་འབྲས་བུ ་བཞི་ལས་ཡོངསུ་ཉམསོ་ཞེ་འམ། དེ་བཞིན་དུ་གཞན་དག་གིས་འདུན་ན་ང་རྒྱུན་དུ་ཞུགས་པ་ཡིན་ནོ་ཞེས་ཟེར་ཞེའོ།། འབྲས་བུ་གཞན་ལུང་བསྟན་སྙམ་པ་ལས་གཞན་ལུང་སྟོན་པ་དང་། འཕགས་པ་རྣམས་ཀྱི་ཁྱིམ་ཆེ་གེ་མོ་ཞེས ་བྱ་བ་དེ་ནི་བདག་གི་ཁྱིམ་ཡང་ཡིན་ཏེ། བདག་ནི་འཕགས་པ་མ་ཡིན་ནོ་ཞེ་འམ། དེ་བཞིན་དུ་རྣམ་གྲངས་གཞན་དུ་རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་ཕྱིར་ཕུལ་བའི་ཆོས་གོས་ལ་སོགས་པ་བདག་ལེན་ཏེ། བདག་ནི་དེ་ལྟ་མ་ཡིན་ན ་ཞེ་འམ། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུར་ལུང་སྟོན་པར་འགྱུར་མོད་ཀྱི། བདག་ནི་རྒྱུན་དུ་ཞུགས་པ་མ་ཡིནོ་ཞེ་འམ། འབྲས་བུ་ཐམས་ཅད་ལ་ཡང་ངོ་།། བདག་དེང་འཇིག་རྟེན་པའི་བསམ་གཏན་ལ་སྙོམས་པར་ཞུགས་ཞེ་ཉམ ་ཕྱིན་ཆད་ཀྱང་ནམ་ཡང་སྙོམས་པར་མི་འཇུག་གོ་ཞེ་འམ། བདག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུས་བདེ་སྟེ། བདག་རྒྱུན་ཏུ་ཞུགས་པ་མ་ཡིན་ནོ་ཞེ་འམ། གནས་མལ་ཆེ་གེ་མོ་ཞེས་བྱ་བར་བསམ་གཏན་དང་པོ་སྐྱེད་བྱང་ཆུབ་ཀྱི ་ཡན་ལག་དང་ལྡན་པ་ནི་མ་ཡིནོ།། བདག་གིས་ཡི་གེ་བྲིས་ནས་ཡི་གཱར་བྲིས་པ་འདི་ལས་བདག་ལ་ཁྱོད་ནི་རྒྱུན་ཏུ་ཞུགས་པའོ་ཞེས་འབྱུང་ཞེས་ཟེར་ན་ཐམས་ཅད་དུ་སྦོམ་པོའོ།། ཇི་སྐད་དུ་སྨྲས་པ་བཞིན་ནི་ཕམ་པར་འགྱུར་བའོ།། ་དངོས་པོ་དག་ལ་བདག་བསྟན་པའི་ཕྱིར་བདག་འདི་དང་འདི་འདྲ་བའི་དགེ་སློང་ཡོདདོ་ཞེས་སྨྲས་ལ། བདག་ནི་མ་ཡིནོ་ཞེས་སྨྲས་ན་སྦོམ་པོའོ།། ཉེས་པ་སྦོམ་པོའི་དངོས་པོ་ནི་ཉེས་བྱསོ།། དེ་བཞིན་དུ་ཕ་རོལ་གོ་བར་མི་བྱེད་པ་ཡང ་རྣམ་པ་གཉིསུ་དབྱེ་བར་བྱའོ།། ཁྱོད་ནི་དགྲ་བཅོམ་པ་སྟེ་མཆོག་རྣམས་འོ་སོ་ཞེས་སྨྲས་ན། མི་སྨྲ་བས་ཁས་ལེན་ན་སྦོམ་པའོ།། དེ་བཞིན་དུ་ཁྱོད་ནི་ཚངས་པ་སྟེ། སྡིག་པ་བསལ་བའོ་ཞེ་འམ། ཁྱོད་ནི་དབང་པོ་དྲུག་པོ་སྦས་པ ་ཡིནོ་ཞེའམ། གལ་ཏེ་ཁྱོད་དགྲ་བཅོམ་པ་ཡིནོ་བསོད་སྙོམས་ལོང་ཤིག་ཅེས་བྱས་ན། ཅང་མི་སྨྲ་བར་གྱུར་ཏེ་ལེན་ན་སྦོམ་པོའོ།། དེ་བཞིན་དུ་གནས་མལ་ལ་སོགས་པ་ཐམས་ཅད་ལ་ཡང་བརྗོད་པར་བྱའོ།། ཁ་ཅིག་ན་རེ་ཚིག ་གིས་གོ་བར་བྱེད་པའི་དོན་ལུས་ཀྱིས་གོ་བར་བྱེད་དམ། དྲིས་ན་ཅང་མི་སྨྲ་ན་ཕམ་པར་འགྱུར་བའོ་ཞེའོ།། མི་ལ་མིར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཡང་དངོས་གཞིའོ།། མི་མ་ཡིན་པ་ལས་མིར་འདུ་ཤེས ་པའམ། མིར་ཡིད་གཉིས་ཟ་བ་ལ་སྦོམ་པོའོ།། ཉན་པ་མེད་པ་ལ་ཡོད་པར་འདུ་ཤེས་པ་འམ། ཉལ་བ་འམ། མི་མཁས་པའམ། མ་བརྟགས་པའི་སེམས་ཀྱིས་བློ་བུར་དུ་སྨྲས་ན་སྦོམ་པོའོ།། མི་མཁས་པ་ལས་དང་པོ་པ་ཡིན ་ན་ནི་སྔ་མ་བཞིན་དུ་བསླབ་པ་སྦྱིན་པར་བྱའོ།། འཕགས་པ་མོ་འགལ་གྱི་བུས་འདི་ལྟ་བུས་འདི་ཤེས་ཀྱིས་གྲོང་ཁྱེར་ཡངས་པ་ཅན་པ་རྣམས་རྒྱལོ་ཞེས་ལུང་བསྟན་པ་དང་། ཆར་མི་འབབ་པར་འབབ་པ་དང་། གཅེར་བུ་པའི ་ཉན་ཐོས་ཀྱི་ཆུང་མ་ལས་བུ་བྱུང་བ་དང་། དེ་བཞིན་དུ་རྒྱལ་པོའི་ཁབ་ཀྱི་ཆུ་དྲོན་མཚེ་མ་དྲོས་པ་ལས་འོང་སོ་ཞེས་བྱ་བ་དང་། བདག་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ནས་རྫིང་བུ་དལ་གྱིས་འབབ་པའི་འགྲམ་ན ་གླང་པོ་ཆེའི་སྒྲ་སྐད་ཐོསོ་ཞེས་ལུང་བསྟན་པ་ལ་དེ་ལྟ་བུའི་འདུ་ཤེས་ཀྱིས་ལུང་སྟོན་པ་ལ་ལྟུང་བ་མེད་དོ།། ཞེས་གསུང་སོ།། མིའི་ཆོས་ལས་བླ་མར་གྱུར་པ་དང་། དེར་འདུ་ཤེས་པ་དང་། སྨྲས་པ་དང་། མི་དེར་འདུ་ཤེས་པ་དང་། ་དེ་ཁོང་དུ་ཆུད་པ་དང་། དེ་དང་གཞན་ཡང་རུང་སྟེ་ཡན་ལག་བདུན་ནོ།། ཕམ་པར་འགྱུར་བ་བཞི་པའོ།། །། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་འདི་ནི་གོ་རིམས་ཡིན་ནོ ་ཅིའི་ཕྱིར་ན་ཕམ་པར་འགྱུར་བ་དང་པོ་གསུམ་མི་མཐུན་པར་བསྟན་ཏེ། དེ་བཞིན་དུ་བྱུང་བས་གོ་རིམ་སོ།། ཅིའི་ཕྱིར་དེ་བཞིན་དུ་བྱུང་ཞེ་ན། རབ་ཏུ་གནོད་པའི་ཉོན་མོངས་པ་གང་ཡིན་དེ་ཐོག་མ་ཉིད་དུ་ཆུ་བུར་དུ་བྱུང་བས་ཀྱང་གནོད་པའོ། ་སྦསྲ་མས་ཕྱི་མ་བསྐྱེད་པའི་ཕྱིར་ཡང་གོ་རིམས་ཏེ། དེ་ལྟར་མི་ཚངས་པར་སྦྱོད་པའི་ཕྱིར་མ་བྱིན་པར་རྐུའོ།། རྐུ་བས་དེ་དང་མི་མཐུན་པ་གསོང་ངོ་།། གསོད་པས་རྫུན་དུ་སྨྲའོ།། ལྡོག་པ་དང་། མི་བཟོད་པ་དང་། ཁོང་དུ་མི་ཆུད་པ་ནི་ཕམ ་པར་འགྱུར་བ་རྣམས་ཀྱི་ལུས་ཡིནོ།། ལྡོག་པ་དེ་ཡང་འཁྲིགས་པ་གཙོ་བོ་དང་། ཡོངསུ་ལེན་པ་ལསོ།། སོ་སོར་ཐར་པའི་མདོ་གདོན་པ་གཉིས་པ་རྫོགསོ།། །། འདུལ་བ་བསྡུས་པ། བམ་པོ་གསུམ་པ། མཉན་ཡོད་ན ་འཆར་ཀས་འདོད་ཆགས་ཀྱི་དབང་གིས་རང་གི་ཡན་ལག་གི་རྣམ་པ་ལ་སུ་རུང་བར་བྱས་ཏེ། ཁུ་བ་ཆུང་བས་འཁྲིགས་པའི་གཞིའི་དབང་དུ་མཛདདེ། ཉོན་མོངས་པ་དེས་དགེ་འདུན་ལྷག་མ་དང་པོའོ།། གཞི་དང་ཉོན་མོངས་པ་དག ་སྟེ། དེ་དག་ཉིད་ནི་དེ་མ་ཐག་པ་བཞི་པོ་རྣམས་ཀྱི་ནང་དུ་ཡང་འཆ་།། འཁྲིག་པའི་ཉོན་མོངས་པ་ནི་རྣམ་པ་བཞི་ལས་ཏེ། འདི་ལྟ་སྟེ་དཔེར་ན་གཞི་མེད་པར་ཁུ་བ་འབྱིན་པ་ཡོངསུ་ལོངས་སྤྱོད་པའི་ཉོན་མོངས་པ་ནི་བུད་མེད་ཀྱི་གཞི་ལས ་མི་ལྟོས་པས་དང་པོ་ཁོ་ན་ཡིན་ནོ།། ཁུ་བ་འབྱིན་པའི་གཞི་ལས་ཡོངསུ་ལོངས་སྤྱོད་པའི་ཉོན་མོངས་པ་གཉིས་པོ་ནི་བུད་མེད་དེ་དེའི་གཞི་དེ་ལ་ལུས་དང་ངག་གིས་ཡོངསསུ་ལོངས་སྤྱོད་པ་ཞེས་བྱ་བའོ།། དེའི་གཞི་ལ་ཡོངསུ ་ལོངས་སྤྱོད་པ་གླེང་གཞིའི་སྦྱོར་བའི་ཉོན་མོངས་པ་ནི་བཞི་པ་སྟེ། དེ་ནི་ཁུ་བ་འབྱིན་པའི་གཞི་ཚོལ་བའོ།། ལྔ་པ་དེ་ནི་གཞན་གྱི་ཕྱིར་སྦྱོར་བའི་ཉོན་མོངས་པ་སྟེ། དེ་ནི་གཞན་འཁྲིག་པ་ཡོངསུ་ལོངས ་སྤྱོད་པའི་ཕྱིར་སྦྱོར་བའོ།། ཁུ་བ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། འཁོར་ལོས་སྒྱུར་བ་དང་དེའི་བུ་དབང་བསྐུར་བ་ནི་སྔོན་པོའོ།། དེའི་བུ་དེ་ལས་གཞན་པ་རྣམས་ཀྱི་ནཱི་སེར་པོའོ།། སྣ་ཆེན་པོ་ལ་རྟོགས་པའི་འཁོར་ལོའི་མཐའ་པ་རྣམ ་ཀྱི་ནི་དམར་པོའོ།། དབང་པོ་ཡོངསུ་སྨིན་པ་རྣམས་ཀྱི་ནི་བསྐ་བའོ།། དབང་པོ་ཡོངསུ་མ་སྨིན་པ་རྣམས་ནི་སླ་བ་སྟེ། སྤྱིར་ཐ་མལ་པའི་དབང་དུ་བྱས་ནས་འདི་བརྗོད་དོ།། བུད་མེད་ཀྱིས་དུམ་པ་ལ་སོགས་པ་ལ་ཡང་ཁུ་བ་རྣམ་པ་ལྔ ་ཡོད་དོ།། རྨི་ལམ་གྱི་མ་གཏོགས་ཤེས་བྱ་བ་ནི། རྨི་ལམ་ལས་གཞན་པ་འདི་ནི་ཆོ་གའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ན་སེམས་པ་ཡོད་མོད་ཀྱི། ཐ་སྙད་མ་ཡིན་ཏེ། འདིས་ནི་འབྱིན་པའི་བསམ་པས། གཉིད་ཀྱིས་ལོག་ནས་བྱུང་བ ་དེ་ལ་དངོས་གཞིའི་ཉེས་པ་མེད་པར་སྟོན་ཏོ།། དགེ་འདུན་ལྷག་མ་ཞེས་བྱ་བ་ནི་དགེ་འདུན་ལ་རག་ལས་པ་དང་། ལྷག་མ་དང་བཅས་པའི་ཕྱིར་རོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་བདེ་བར་བྱ་བའི་ཕྱིར་དང་། ་ས་བོན་གྱི་ཕྱིར་དང་། རིག་སྔགས་ཀྱི་ཕྱིར་དང་། སྨན་གྱི་ཕྱིར་དང་། བརྟག་པའི་ཕྱིར་ནང་གི་གཟུགས་ཉེ་བར་ལེན་ཅིང་། ཕྱི་རོལ་སེམས་ཅན་དུ་བགྲང་བས་སོ།། ཁ་ཅིག་ན་རེ་ནི་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཡང་ཞེའོ།། སེམས ་པར་བྱེད། རྩོལ་བར་བྱེད། རིལ་གྱིས་འཆང་བར་བྱེད། དམ་དུ་འཆང་བར་བྱེད། འབྱུང་ལ་ཐུག་པའི་བདེ་བ་འམ། བྱེ་བྲག་ངེས་པར་མྱོང་བའི་བདེ་བ་མྱོང་བར་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མའོ།། མ་ཕྱུང་ན་སྦོམ་པོའོ།། གཉིད་ཀྱིས་མ ་ལོག་པ་ན་བརྩལ་ལ་གཉིད་ཀྱིས་ལོག་ནས་བྱུང་བ་དང་། བཟློག་པ་ཡང་རུང་སྟེ། གལ་ཏེ་འགྱུར་བ་བསྟེན་པ་དང་། བརྩལ་མ་ཐག་ཏུ་བཏང་བ་དང་། གནས་ནས་འཕགས་ནས་བཏང་བ་སྟེ། གནས་ནས་ཕགས་མ་ཐག་ཏུ་རྒྱུ་བ་དང་། ་སྲུབ་སུ་ཞུགས་པ་འབྱིན་པ་དང་། གར་བྱེད་པ་དང་རབ་ཏུ་གར་བྱེད་པ་དང་། ན་མཁའ་ལ་རྐེད་པ་བསྐྱོད་པ་དང་། ཤུགས་བཏང་བ་དང་། ཀུན་དུ་ཉེད་པ་དང་། བྱེ་བྲག་ངེས་པར་མྱོང་བ་དང་། སྨན་དང་གཡན་པ་ཕྲུགས་པ་དང་། ཕྱིས ་པ་དང་མཚན་བཟུང་བ་དང་། རྒྱན་ལས་བཟློག་སྟེ་རྩོལ་བ་དང་། ལ་བ་དང་ཕྱིང་བ་ལ་སོགས་པ་དང་། རྡོ་བ་ལ་སོགས་པ་དང་། བུམ་པའི་ཁ་ལ་སོགས་པ་དང་། ཤའི་དུམ་བུས་འབྱུང་ན་ཐམས་ཅད་དུ་སྦོམ་པོའོ།། མ་བྱུང་ན་ཉེས་བྱས ་སོ།། གཉིད་ཀྱིས་ལྡོག་པ་ན་བརྩལ་ལ་སད་པ་ནཱ་ཕྱུང་སྟེ་འགྱུར་བ་མི་བསྟེན་ན་ལྟུང་བ་མེདོ།། བསྙེན་པར་མ་རྫོགས་པ་ན་སྦྱོར་ལ་བསྙེན་པར་རྫོགས་པ་ན་བྱུང་བ་ཡང་མུ་བཞི་སྟེ། གཅིག་ནི་དགེ་འདུན་ལྷག་མའོ།། གཉིས་ནི་སྦོམ་པོའོ།། ་ནི་ཉེས་བྱསོ།། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ཡང་དེ་བཞིན་དུ་མུ་བཞིར་བརྗོད་པར་བྱའོ།། མགོ་བོ་དང་ཕྲག་པ་དང་། རྣ་བ་དང་སྣ་ལ་སོགས་པ་ཡན་ལག་དང་། ཉིང་ལག་ཐམས་ཅད་ཀྱིས་ན་དངོས་གཞིའོ།། རྣམ་པར་སྔོས ་པ་དང་རྣམ་པར་རྣགས་པ་ཡང་དེ་བཞིན་ནོ།། ཇི་ཙམ་གྱི་ཁུ་བ་ཕྱུང་བ་ཞེས་བྱ་ཞེ་ན། གང་གི་ཕྱིར་སྟབས་འོངས་པའོ།། གཞན་གྱི་ཡན་ལག་གི་རྣམ་པ་ལས་འབྱིན་པ་དང་། རང་གི་ཡན་ལག་གི་རྣམ་པ་ལས་འཇལ་བ་དང་། ་བཅངས་པས་མ་མཉེས་སམ་བྱེ་བྲག་ངེས་པར་མྱོང་ངམ། ཡན་ལག་གི་རྣམ་པ་ལ་སུ་རུང་བ་ལ་ལག་པས་མནམས་ན་སྦོམ་པོའོ།། ཆགས་པའི་སེམས་ཀྱི་ཡན་ལག་གི་རྣམ་པ་ལ་ལྟ་ན་ཉེས་བྱསོ།། གཡམ་པ་ལ་སོགས་པ་ཕྲུགས་པ ་དང་། འོབས་ལ་མཆོང་བ་དང་། བརྒྱུག་པ་ན་བརླ་དང་། གོས་ལ་རེག་པ་དང་། ཆགས་པར་འགྱུར་བའི་གཟུགས་རྣམས་མཐོང་བ་དང་སྔོན་སྤྱད་པའི་ཡུལ་རྗེ་སུ་དྲན་པ་དང་། ཉེད་པའི་ལས་བདག་གིར་བྱེད་པ་དང་། བློ་བུར་དུ་བུད་མེད ་ལ་རེག་པས་བྱུང་བ་དགའ་བ་ལྟ་བུ་ལ་ལྟུང་བ་མེའོ།། ཉོན་མོངས་པ་དྲག་པ་དག་གིས་ར་དང་རི་དྭགས་དང་ཕག་རྣམས་ཀྱི་རྒྱལ་བུ་བཅད་པར་བྱའོ།། མཉེས་པ་སྐབས་ཞེན་པ་ལ་ཐལ་བའམ། བྱེ་མས་བླུགས་པར་བྱའོ།། དེ་ཐོགས ་པའི་ཚེ་དགེ་འདུན་གྱི་ནང་དུ་འཇུག་པར་མི་བྱའོ།། མཆོད་རྟེན་ལ་ཡང་ཕྱག་མི་བྱ་མོད་ཀྱི་འོན་ཀྱང་ཆུས་བཀྲུ་བའི་བྱེ་བ་ཉིད་ཀྱིསོ།། གཉིས་པ་བཅངས་ཏེ་དུས་དུས་སུ་བཀྲུ་བར་བྱ་བསྐམ་པར་བྱའོ།། གཉིད་ཀྱིས་ལོག་པ་ལ་རྩོལ་བ་དང ་གཉིད་ཀྱི་ལོག་པ་ན་ཕྱུང་བ་དང་། མ་ལ་སོགས་པས་ཁྱད་པ་དང་། བློ་བུར་དུ་བྱུང་བ་ལ་ལྟུང་བ་མེདོ།། སྔོན་ལྟུང་བ་བྱུང་བ་ལ་སོགས་པའི་བསླབ་པའི་གནས་ཐམས་ཅད་ལ་ནི་ཉེས་བྱསུ་བརྗོད་པར་བྱའོ།། བསླབ་པ་བྱིན་པ་ནི་དགེ་སློང ་དང་འདྲའོ།། དགེ་འདུན་ལྷག་མ་དང་པོའོ།། མཉན་ཡོད་ན་འཆར་ཀས་གཙུག་ལག་ཁང་བལྟར་ཡོངས་པའི་བུད་མེད་ཀྱི་ཡུལ་ལ་ཆོས་བཤད་པ་དང་། ཀུན་ཏུ་ཆགས་པའི་སེམས་ཀྱི་ཡན་ལག་དང་ཉིང་ལག་ནས་མནམས་པས་གཉིས། ་པ་བཅས་སོ།། དྲལ་ཅིང་གྱུར་པས་ཤེས་བྱ་བ་ནི་དྲལ་ཅིང་གྱུར་པ་མ་ཡིན་པ་ཡང་ཡོད་དེ་མུ་བཞིའོ།། མུ་དང་པོ་ནི་ཀུན་ནས་དཀྲུས་པའི་སེམས་གང་ཡིན་པའོ།། གཉིས་པ་ནི་སེམས་ལྟོས་པ་དང་བཅས་པའོ།། གསུམ་པ་ནི་གཉི་ག ་དང་ལྡན་པའོ།། བཞི་པ་ནི་དེ་དག་མ་གཏོགས་པའོ།། རྣམ་གྲངས་གཞན་དུ་ན་དྲལ་བ་ནི་ཚོལ་བར་བྱས་པའོ།། གྱུར་པ་ནི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའོ།། བུད་མེད་ཀྱི་ཡུལ་ཞེས་བྱ་བ་ནི་མིའི་བུད་མེད་འཁྲིག་པ་བསྟེན་པར ་བཟོད་པ། ལུས་མ་ཉམས་པའོ།། ལག་པ་ནས་བཟུང་ཞེས་བྱ་བ་ནི་འཁྲིག་པ་མན་ཅ་།། དཔུང་པ་ནས་གཟུང་ཞེས་བྱ་བ་ནི་འཁྲིག་མ་ཡན་ཆད་དོ།། ལན་བུ་ནས་གཟུང་ཞེས་བྱ་བ་ནཱི་ལན་བུ་ནི་སྒྲ་དང་དེ་དང་འབྲེལ་པའི་གོས་སོ།། ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གཞི་དགུས་ལྟུང་བར་འགྱུར་ཏེ། ཆགས་པའི་སེམས་ཀྱིས་མིའི་བུད་མེད་བསྟེན་བཟོད་པ་གང་ཡང་རུང་བའི་ཡན་ལག་དང་། ཉིང་ལག་གོས་ཀྱི་བར་དུ་མ་ཆོད་པ་ལ་ནོན་པ་དང་། རབ་ཏུ་ནོན ་པ་དང་། སྤྲོད་པར་བྱེད་པ་དང་། འཛིན་པར་བྱེད་པ་དང་། འདྲེན་པར་བྱེད་པ་དང་། ཀུན་ཏུ་འདྲེན་པར་བྱེད་པ་དང་། འོག་ནས་འཁྱུད་པར་བྱེད་པ་དང་། སྟེང་ནས་ཁྱད་པར་བྱེད་པ་དང་། དམ་དུ་སྦྱོར་བར་བྱེད་པསོ།། ནོན་པ་ནི་ཐོག་མ ་ལན་ཅིག་ལུས་ཀྱི་ཉོན་མོངས་པསོ།། རབ་ཏུ་ནོན་པ་ནི་ཡང་དང་ཡང་ལུས་ཀྱིས་ཉོན་མོངས་པསོ།། སྤྱོད་པ་ནི་འཁྱུད་པའི་བསམ་པས་བར་དུ་མཆོད་པར་སྤྱོད་པའོ།། འཛིན་པ་ནི་འཁྱུད་ཅིང་ལག་པ་ནས་འཛིན་པར ་འདྲེན་པ་ནི་ཐག་རིང་པོ་ནས་འདྲེན་པ་སྟེ། བསྐལ་པའི་ཕྱོགས་ནས་འདྲེན་པའོ།། ཡོངསུ་འདྲེན་པ་ནི་ཉེ་བའི་ཕྱོགས་ནས་ཡོངསུ་འདྲེན་པའོ།། འོག་ནུས་འཁྱུད་པར་བྱེད་པ་ནི་འོག་ནས་འདུག་པ་ལས་སྟེང་ལོགསུ་འདུག་པའོ།། ་ནས་འཁྱུད་པར་བྱེད་པ་ནི་གོང་ནས་འོག་ཏུ་འབེབས་པའོ།། དམ་དུ་སྦྱོར་བར་བྱེད་པ་ནི་དམ་དུ་འཁྱུད་པ་ལ་སོགས་པ་བྱེད་པའོ།། བུད་མེད་ཀྱིས་དགེ་སློང་ལ་གཞི་དགུ་པོ་འདི་དག་བྱེད་པ་ལ། དེ་ཡང་ཉམ་སུ་མྱོང་ཞིང་ལུས་བཏུད ་ན་དགེ་འདུན་ལྷག་མའོ།། གོས་ཀྱིས་ཆོད་ན་སྦོམ་པོའོ།། མི་ཚངས་པར་སྤྱོད་པར་བསམས་པ་ལ་ཕམ་པར་འགྱུར་བའི་སྦོམ་པོའོ།། གཉིས་ཀ་འམ་གང་ཡང་རུང་བའི་ལུས་ཀྱིས་དབང་ཉམས་པ་ཡིན་ཏེ། ཤུ་བ་དོང་གཡམ་པ་དང ་ཁྱི་རྡོས་སོ།། གཞན་ལ་ཆགས་ལ་གཞན་ལ་རེག་པ་དང་སེན་མོ་དང་། སོ་དང་སྤུ་རྣམས་ཀྱིས་སེན་མོ་དང་སོ་དང་། སྤུ་དང་རུས་པ་སྐམ་པོ་རྣམས་དང་། གང་ལ་ཆགས་པ་དེ་འདི་ཡིན་ནམ། མ་ཡིན་ཞེས་ཡིད་གཉིས་ཟ་བ་དང་། དེ ་བཞིན་གཉིས་ལ་ཆགས་ལ་གཞན་ལ་རེག་པར་བྱའོ་སྙམ་པ་ལས་གཞན་ལ་རིག་པ་དང་། དགེ་སློང་མ་འགོག་པའི་སྙོམས་པར་ཞུགས་པ་དང་། རྣམ་པར་སྔོས་པ་ནས་ཀེང་རུས་ཀྱི་བར་དག་ལ་རེག་པ་དང་། རེག་པར་བྱེད་པའི་ཚེ ་བུད་མེད་དམ་དགེ་སློང་ངམ། གཉི་ག་ཡང་རུང་སྟེ་མཚན་གྱུར་ནས། སྐྱེས་པར་གྱུར་པ་དེ་ལ་རེག་པ་དང་། བདག་བུད་མེད་དུ་གྱུར་ཀྱང་རུང་སྟེ། ཐམས་ཅད་དུ་སྦོམ་པོའོ།། དེ་བཞིན་བསྟེན་པར་མི་ནུས་པ་ལ་བར་དུ་མ་ཆོད་པ་དང་། སྐྱེས ་པ་དང་མ་ནིང་བསྟེན་པར་ནུས་པ་ལ་བར་དུ་ཆོད་པ་རྣམས་ལ་སྦོམ་པོའོ།། བར་དུ་ཆོད་པ་རྣམས་ལ་ནི་ཉེས་བྱསོ།། སྐྱེས་པ་དང་མ་ནིང་བསྟེན་པར་མི་ནུས་པ་ལ་ཡང་བར་དུ་ཆོད་པ་དང་བར་དུ་མ་ཆོད་པ་དང་། དུད་འགྲོའི་སྐྱེ་གནས་སུ ་སོང་བ་ཐམས་ཅད་ལ་ཉེས་བྱས་ཉིད་།། སྐྱེས་པ་དང་རེག་པ་ལས་དེ་མཚན་གྱུར་ཏེ། བུད་མེད་དུ་གྱུར་པ་ལ་རེག་ན་དགེ་འདུན་ལྷག་མའོ།། བདག་མཚན་གྱུར་ན་ཕམ་པར་འགྱུར་བའོ།། དགེ་སློང་མ་དེ་གཞན་དང་ལྷན་ཅིག་པ་ལ་ཡང་རྒྱ་ཆེར ་བརྗོད་པར་བྱའོ།། མི་ལ་དེར་འདུ་ཤེས་པ་འམ་ཡིད་གཉིས་ཟ་ཡང་རུང་སྟེ་རེག་ན་དགེ་འདུན་ལྷག་མའོ།། མི་མ་ཡིན་པ་ལ་མིར་འདུ་ཤེས་སམ་ཡིད་གཉིས་ཟ་འམ་མི་ཡིན་པར་འདུ་ཤེས་པ་ལ་ཡང་སྦོམ་པོའོ།། མཚན་གཉིས་ཡོད་ལ ་བུད་མེད་ཀྱི་ཤས་ཆེ་བ་ལ་དགེ་འདུན་ལྷག་མའོ།། དེ་ལས་གཞན་དུ་ན་སྦོམ་པོའོ།། མ་དང་སྲིང་མོ་ལ་རེག་པའི་བདེ་བ་འདོད་དེ་རེག་ན་སྦོམ་པོའོ།། ཁ་ཅིག་ན་རེ་ལས་དང་པོ་པ་མ་ཡིན་པ་ལ་མི་ཤེས་པས་རེག་ན་ཉེས་པ་སྦོམ་པོའོ་ཞེའོ། ་དེ་ཅིའི་ཕྱིར་ཞེ་ན། གང་བསླབ་པ་བཅས་པ་མི་ཚོལ་བ་དེ་ལ་ཉེས་པར་ག་ལ་འགྱུར། བསླབ་པ་ལ་གུས་པར་མི་བྱེད་པས་ཉེས་པ་ཆེན་པོ་མ་ཡིན་ནམ། དེ་ཤེས་པར་མ་བྱས་པས་དེའི་སློབ་དཔོན་དང་མཁན་པོ་ལ་བསྡམ་པར་བྱ། ་པའི་ཉེས་བྱསོ།། ལས་དང་པོ་པའི་ཡང་དེ་བཞིན་ནོ།། མུན་པའི་ནང་དུ་བུད་མེད་འདུག་པ་ལ་མེད་པར་འདུ་ཤེས་ཏེ་རེག་ན་སྦོམ་པོའོ།། ཆགས་པ་མེད་པའི་སེམས་ཀྱི་མུན་པའི་ནང་དུ་རེག་པར་བྱའོ།། སྙམ་པ་ལས ་མ་རེག་ན་ཉེས་བྱསོ།། ཡིད་གཉིད་ཟ་བ་ལ་ཉེས་བྱསོ།། བུད་མེད་ལ་རྐང་པ་འམ་ཕྲག་པས་བསྐུལ་ལམ་སོར་མོས་སམ། འགྱེལ་པ་སློང་ངམ། དེའི་སྟན་ཡན་ལག་གིས་ཕུལ་ལ་ཆགས་པའི་སེམས་མེད་ནུ་ཉེས་བྱསོ།། བུད ་མེད་ཀྱིས་དགེ་སློང་ལ་དེ་བྱེད་པ་ལ་ནི་ལྟུང་བ་མེདོ།། བུད་མེད་ཀྱི་ཡན་ལག་གི་རྣམ་པར་བོང་དུམ་མམ་མཐེ་བོ་བཅུག་ན་སྦོམ་པོའོ།། བུད་མེད་ཀྱི་རི་མོ་འདྲི་ན་ཉེས་བྱསོ།། སེམས་ཅན་གྱི་ཚུལ་གཞན་ཡང་དེ་བཞི་ནོ།། རོའི་གཟུགས ་སམ་མགོའི་ཐོད་པ་འདྲི་བ་དང་། སྤོས་ལ་སོགས་པ་ཉུག་ན་ལྟུང་བ་མེད།། མ་དང་སྲིང་མོ་དང་བུ་མོ་རྣམས་ལ་དེ་དག་ཏུ་འདུ་ཤེས་པ་དང་། ས་ལྟ་བུའི་སེམས་ཀྱིས་དྲོ་བ་འམ་འཇམ་པ་འམ་མཉེན་སྒྱུམ་སེམས་པ་དང་། མིར ་སྦྱང་བ་དང་དྲག་བོས་པ་དང་། མཚོན་གྱིས་འདེབས་པ་དང་། ག་ཡང་དུ་ལྟུང་བ་དང་། ཆུས་ཁྱེར་བ་འཛིན་པ་ལ་ལྟུང་བ་མེད།། ཀུན་ཏུ་སྤྱད་པར་བྱ་བ་ནི་འདི་སྐད་དུ་ཐོང་ཞིག་བྱེར་ན། གལ་ཏེ་མཐུ་ཡོད་པ་ཡིན་ན་བཏང་བར་བྱས ་ཚོགས་པ་མེ་བསྐྱོད་དོ།། མ་ལ་སོགས་པའི་འདུ་ཤེས་བསྐྱེད་དེ་དབྱུང་བར་བྱའོ།། གལ་ཏེ་གཡོ་བ་མེད་པར་གྱུར་ན་བྱེ་མ་ལ་ཁཾ་སྲུབ་དུ་བཞགོ།། བསྲུང་བར་ཡང་བྱའོ།། བོར་ཏེ་འགྲོ་བར་མི་བྱའོ།། ཧ་ཅང་ཉེ་བར་ཡང་འདུག ་བར་མི་བྱའོ།། ཁ་ཏོན་བྱེད་པ་དག་གིས་ནི་ཁ་ཏོན་བྱའོ།། བསྣམ་གཏན་པ་དག་གིས་ནི་ཡིད་ལ་བྱ་ཞིང་འདུག་པར་བྱའོ།། བ་ལང་རྫི་ལ་སོགས་པ་ལ་བཙལ་ཏེ་བསོད་སྙོམས་ལ་འགྲོ་བར་བྱའོ།། ཡང་འཆི་འམ་འམ ་ཞེས་བལྟ་བར་བྱའོ།། བའི་མཇུག་མ་ལ་འཇུ་ཏེ་རྒལ་བར་མི་བྱའོ།། གླང་པོ་ཆེ་དང་། རྟ་དང་ཁྱུ་མཆོག་དང་མ་ཧེ་དང་། གཡག་དང་ལྔའི་མཇུག་མ་ལ་འཇུས་ཏེ་བརྒལ་བར་བྱའོ།། ཡང་ན་བ་མ་གཏོགས་པ་སྲོག་ཆགས་ཐམ ་ཅད་ཀྱིའོ།། རྒྱལ་པ་ཁ་དོག་ངུར་དམིག་གམ་མོན་སྲན་སྡེའུའི་ཁ་དོག་ལྟ་བུ་བཅང་བར་བྱ་སྟེ། ཁྲ་ཁྲ་བོར་ནི་མ་ཡི་ནོ།། དེ་བཞིན་དུ་སྲོག་གི་བར་ཆད་དུ་འགྱུར་བ་ཐམས་ཅད་ལས་ཕུང་བ་ལ་ལྟུང་བ་མེད་དོ།། དེ་བཞིན་དུ་མས ་འཁྱུད་པ་དང་། མ་བུ་མོ་པང་ན་བཞག་པ་དང་། འཁྲུལ་ཏེ་བུད་མེད་ཀྱི་སྟེང་དུ་འགྱེལ་བ་དང་། ལམ་དུ་འདོམ་སྟེ་མཆུ་དང་མཆུར་ཕྲད་པ་ཡང་།། ཤེས་བཞིན་མེད་པར་བསོད་སྙོམས་ལ་འདུག་པར་མི་བྱའོ།། བུད་མེད་ཆགས ་པ་ལ་རང་གི་ལག་ནས་ཆུ་བླུད་ན་རྒྱུན་ཡ་ང་ཡང་ཟུང་ངོ་།། སྦྱིམ་པ་ཁོང་ལ་འཐུང་ཞིག་ཅེས་བསྒོ་བར་བྱའོ།། རྣམ་པ་གཞན་དུ་ན་ཉེས་བྱ་སོ།། ཆགས་པའི་སེམས་མེད་པ་ནི་ལྟུང་བ་མེདདོ་དགེ་འདུན་ལྷག་མ་གཉིས་པའོ།། ་མཉན་ཡོད་ན་འཆར་ཀས་བུད་མེད་གཙུག་ལག་ཁང་དུ་འོངས་པ་ལ་ཆགས་པའི་སེམས་ཀྱིས་གནས་ངན་ལེན་དང་ལྡན་པའི་ཚིག་སྨྲས་པས་གསུམ་པ་བཅསོ།། བུད་མེད་ཀྱི་ཡུལ་ཞེས་བྱ་བ་ནི། མིའི་བུད་མེད་ལེག ་པར་སྨྲས་པ་དང་། ཞེས་པར་སྨྲས་པའི་དོན་ཀུན་ཤེས་པར་ནུས་པ་ལ་ཉེས་པ་དང་། སྒྲའི་མཚན་ཉིད་དང་རང་གི་མཚན་ཉིད་དང་དཔེའི་ཚིག་ཡོངསུ་བརྗོད་པའོ།། དེ་ལ་ཉེས་པ་ནཱི་གནས་ངན་ལྡན་གྱི་ཆོག་སྡུག་པ ་ཅནྡ་ཞེས་གསུངས་པ་སྟེ། ངོ་བོ་ཉིད་ལས་དང་། ཀུན་ནས་སློང་བ་ལས་ཉོན་མོངས་པའི་ཕྱིར་གནས་ངན་ལེན་ཏོ།། ངན་འགྲོར་ལྟུང་བའི་ཕྱིར་སྡིག་པ་ཅན་ནོ།། དེ་ལྟར་ན་མཐོང་བའི་ཆོས་ཀྱི་དང་། ཚེ་ཕྱི་མའི་ཉེས་དམིགས་ཡོངསུ་བརྗོད ་པ་ཡིན་ནོ།། སྤྱིའི་མཚན་ཉིད་ནི་ཚོགས་པར་མི་འབྱུང་བ་ཞེས་གསུངས་པ་སྟེ། ཚུལ་དང་མོ་མཐུན་པའི་ཚིག་ཐམས་ཅད་ནི་ཚོགས་པའི་མོ་འབྱུང་བ་ཞེས་བྱའོ།། རང་གི་མཚན་ཉིད་ནི་འཁྲིག་པ་དང་ལྡན་པ་ཞེས་གསུངས།། དཔེ་ནི་སྐྱེས ་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བར་གསུངས་པའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། གཞི་དགུས་ལྟུང་བར་འགྱུར་ཏེ། དགེ་སློང་ཆགས་པའི་སེམས་ཀྱི་སྔ་མོའི་བུད་མེད་དོན་ཀུན་ཤེས་བྱར་ནུས་པ་ལ། བསྔགས་པ་དང ་པ་མ་ཡིན་པ་དང་། གསོལ་བ་དང་། ཉེ་བར་གསོལ་བ་དང་། འདྲི་བ་དང་ཡོངསུ་འདྲི་བ་དང་། བརྗོད་པ་དང་། སྨོན་པ་དང་། གཤེ་བའོ།། གནི་དགུ་པོ་འདི་དག་ལས་གཞི་རེ་རེ་དང་། རྟ་རྣ་རུ་ཞེས་བྱ་བ་སྨོས་ན་དགེ་འདུན་ལྷག་མའོ།། དེ་མ་སྨྲ ་ན་སྦོམ་པོའོ།། ཆེན་མོ་ཡིན་ཡང་དོན་ཀུན་ཤེས་པར་མི་ནུས་པ་དང་། མི་ཉན་པ་ལ་སྦོམ་པོའོ།། དེ་བཞིན་དུ་བུད་མེད་ཀྱིས་དགེ་སློང་ལ་གཞི་དགུ་པོ་འདི་དག་གི་ལྷག་པར་སྤྱད་ལ་དེ་ཡང་ཆགས་པའི་སེམས་ཀྱི་དེ་ལྟ་དེ་ལྟ་བུར་ལན་འདེང ་ན་དགེ་འདུན་ལྷག་མའོ།། དེ་ལ་བསྔགས་པ་ཞེས་བྱ་བ་ནི་ཁྱོད་ཀྱིས་རྨའི་སྒྲོ་གསུམ་པོ་ནི་ལེགས་པར་དོང་པའོ་ཞེས་ཟེར་བའོ།། བསྔགས་པ་མ་ཡིན་པ་ཞེས་བྱ་བ་ནི་ཁྱོད་ཀྱི་རྨའི་སྒོ་གསུམ་པོ་ནི་ལེགས་པར་དོད་པ་མ་ཡིན་ཞེས་ཟེར་བའོ།། ་གསོལ་བ་ཞེས་བྱ་བ་ནི་ཚུར་ཤོག་དང་། ལྷ་ཅིག་དེ་དང་དེ་བྱའོ་ཞེས་ཟེར་བའོ།། ཉེ་བར་གསོལ་བ་ཞེས་བྱ་བ་ནི། བདག་གི་དགེའ་བ་དང་ཡིད་དུ་འོང་ངམ་ཞེས་དགའ་བ་བསྟོན་པ་སྟེ། བསྙེན་པར་ཉེ་བར་སྟོན་པའི་ཐ་ཚིག་གོ།། འདྲི ་བ་ནི་བུད་མེད་ལ་གང་འདི་བྱེད་པ་དེ་ལ་དེ་དགའ་སྟེ་བདག་ཀྱང་བྱས་ན་དགའ་བར་འགྱུར་བ་སྙམ་ཞེས་ཟེར་བའོ།། ཡོངསུ་འདྲི་བ་ཞེས་བྱ་བ་ནི་བུད་མེད་ལ་གང་འདི་བྱེད་པ་དེ་དགའ་བར་འགྱུར་ཏེ། བདག་གིས་ཀྱང་བྱས་ན་དགའ ་བར་འགྱུར་རམ་མི་འགྱུར་ཞིག་གུ། འདི་ལ་ཁྱོད་ཅི་སྙམ་དུ་སེམས་ཞེས་ཟེར་བའོ།། ཡོངསུ་འདྲི་བ་ནི་ཡོངསུ་ཤེས་པར་བྱ་བའི་ཕྱིར་འདྲི་བའོ།། འདྲི་བ་སྔ་མ་ནི་ངེས་པའོ།། བརྗོད་པ་ནི་ག་གེ་མོ་ཞེས་བྱ་བ་ཞིག་བདག་དང་འདི་ལྟ་བུ ་བྱསོ།། དེར་གལ་ཏེ་ཁྱོད་ཀྱང་འོང་བ་ལྟ་ན་ཁྱོད་དང་ཡང་བྱའོ་ཞེས་ཟེར་བའོ།། སྨོན་པ་ནི་སྲིང་མོ་དང་ལྷན་ཅིག་གལ་ཏེ་འདི་བྱས་ན་བདེ་བར་འགྱུར་ཞིང་མཐོ་རིས་ཐོབ་པར་འགྱུར་ཞེས་ཟེར་བའོ།། གཤེ་བ་ཞེས་བྱ་བ་ནི་མགལ་དུམ་དང ་བོང་བུ་དང་རྟོལ་མོ་ཞེས་བྱ་བ་ལ་སོགས་པ་ནི་གཤེ་བའོ།། རྣམ་པ་འདི་དགུས་ཉེ་བར་བསྟན་པའི་ཕྱིར་རྣམ་པ་དགུས་སྨོསོ།། ཁྲིག་པ་དང་ལྡན་པའི་རྣམ་པ་གཞན་དག་གིས་ཀྱང་ལྡན་པར་འགྱུར་རོ།། གཞན་གྱི་ཕྱིར་ཀུན་ཏུ་སྨྲ ་བ་དང་། ཕོ་ཉས་དང་། གཅིག་ནས་གཅིག་ཏུ་བརྒྱུད་པས་དང་། གཞན་གྱིས་ཉེ་བར་སྟོན་པ་དང་། སྤྲིང་ཡིག་གིས་དང་། ལག་ཡིག་གིས་དང་། ལག་རྩིས་ཀྱིས་དང་། ཁྱོད་ཀྱི་རྨའི་སྒོ་བཅད་པ་ཞེའམ། སྡིག་པ་ཅན་ནོ་ཞེ ་འམ་ང་དང་ཕྲད་པར་གྱིས་ཤིག་ཅེའམ། ཉ་ལོ་ཞེའམ། ང་ལ་རྟེན་ཅིག་ཅེའམ། ནས་ཞེས་བྱ་བ་ལ་སྨོས་པ་དང་། དགེ་སློང་མ་འགོག་པའི་སྙོམས་པར་འཇུག་པ་དང་། དེ་བཞིན་དུ་སྲིང་མོ་ནས་བྱིན་ཅིག་ཅེས་བྱས་ལ་དེས་ཀྱང་བརྡ་ཕྲད ་པ་དང་དགེ་སློང་མ་ལ་འདོད་པ་དང་རྗེསུ་མཐུན་པའི་ཆ་བྱང་ཅན་ཞིག་མཐོང་ནས་སྲིང་མོ་སྐྱེས་པ་རྣམས་ལ་བརྟེན་པའི་ཚུལ་དུ་སྦྱང་པ་སྤྱོད་དུ་སོང་ཞེས་ཟེར་བ་དང་། བུ་མོ་ལོག་པར་སྤྱོད་པ་གལ་ཏེ་བསྲུང་མི་ནུས་ན་མགལ་དུམ་གྱིས ་བསྣུན་ན་ཅི་ཉེས་ཞེས་ཟེར་བར་དང་། གསོལ་བ་འདེབས་པ་ན་ཁྱོད་བུང་བུ་དང་། དེ་ལྟ་བུ་གྱིས་ཤིག་ཅེས་ཟེར་བ་དང་། སྲིང་མོ་ཁྱོད་ཀྱི་མདུན་ན་མོ་གང་ཡིན་པ་དེ་བྱིན་ཅིག་ཅེས་ཟེར་བ་དང་། ཁྱོད་ཀྱི་ཡི་དུ་འོང་བ་གང་ཡིན་པ་དེ་བྱིན་ཅིག ་ཅེས་ཟེར་བ་དང་། སྲིང་མོ་བྱིན་ཅེས་བྱས་པ་དང་། དེས་ཀྱང་བརྡ་ཕྲད་དེ་སྟ་གོན་འཚལ་ལོ་ཞེས་ཟེར་བ་དང་། བདག་ལ་ཆུ་བྱིན་ཅིག་ཁྱོད་ཉིད་བདག་གི་ཆུ་བྱོ་ཞེས་བྱ་བ་ནས་བཅའ་བའོ་ཞེས་བྱ་བའི་བར་དུ་དེ་བཞིན་ཏེ། དེས་ཀྱང་བརྡ ་ཕྲད་པ་དང་བུད་མེད་ཀྱིས་ཁྱོད་ཀྱི་ཡིད་དུ་འོང་བ་ཅི་ཡིན་ཞེས་དྲིས་ན་ཁྱོད་ཉིད་ང་ལ་སྡུག་གོ་ཞེས་ཟེར་བ་དང་། རང་བཞིན་གྱིས་གནས་ངན་ལེན་གྱི་ཚིག་སྨྲ་བ་དང་། སྐྱེས་པ་དང་། མ་ནིང་བསྟེན་པར་ནུས་པ་དང་། བུད་མེད་མེད ་པར་བུད་མེད་དུ་འདུ་ཤེས་སྟེ། སྨྲ་བ་ནི་ཐམས་ཅད་དུ་སྦྲུམ་པའོ།། སྐྱེས་པ་དང་མ་ནིང་བསྟེན་པར་མི་ནུས་པ་དང་། དུད་འགྲོར་གྱུར་པ་ཐམས་ཅད་ལ་ནི་ཉེས་བྱ་སོ།། བུད་མེད་ཡོད་པ་ལ་མེད་པར་འདུ་ཤེས་པ་ལ་ཡང་ཉེས་བྱས།། འདལ ་སྨྲའོ་ཞེས་ངེས་པར་མ་བྱས་པར་གཞན་ལ་སྨྲ་ན་དངོས་གཞིའོ།། གཞན་ལ་སྨྲ་བར་བསམས་པ་ལས་གཞན་ལ་ན་སྦོམ་པའོ།། གནས་ངན་ལེན་པ་གནས་ངན་ལེན་མ་ཡིན་པར་འདུ་ཤེས་པ་ལ་ལྟུང་བ་མེདདོ།། གནས་དོན་ལེན་ལ ་གནས་ངན་ལེན་དུ་འདུ་ཤེས་པ་ལ་དངོས་གཞིའོ།། གལ་ཏེ་དངོས་པོ་ཡོད་པ་ལ་རྟོགས་པ་དང་། གནས་ངན་ལེན་ལ་གནས་ངན་ལེན་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་ཟ་བའི་འདུ་ཤེས་པ་ལ་ཡང་དངོས་གཞིའོ།། མེད་ན་སྒོམ ་པོའོ།། མི་མོ་ལ་དེར་འདུ་ཤེས་སམ་ཡིད་གཉིས་ཟ་བ་ལ་ཡང་དངོས་གཞིའོ།། མི་མ་ཡིན་པ་ལ་མིར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་དང་། དེར་འདུ་ཤེས་པ་སྦོམ་པོའོ།། ལ་ལ་ན་རེ་མི་བྱེད་པ་ལ་སྦྱོར་བ་ཡང་དངོས་གཞིའོ་ཞེའོ།། ། ་གལ་ཏེ་གཞན་ཟེར་དུ་བཅུག་ལ་ལན་འདེབས་པ་ན་ཉམ་སུ་མྱོང་ནའོ།། ནས་དང་རྩཝའི་མིང་འཛིན་པ་དང་། ལྗོངས་ཀྱི་ངེས་པའི་ཚིག་ལ་ནི་ལྟུང་བ་མེད་དོ།། དགེ་འདུན་ལྷག་མ་གསུམ་པའོ།། མཉན་ཡོད་ན་དེ་བཞིན་དུ་ཆར་ཀ་ལས་དུ ་བཞན་ང་འཆར་ཀ་ལས་བརྩམས་ཏེ། དགེ་འདུན་ལྷག་མ་བཞི་པ་བཅ་སོ།། ལུས་ཀྱིས་བསྙེན་བཀུར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལུས་ཀྱིས་རིམ་གྲོ་བྱ་བའོ།། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པའོ།། ་དགེ་བའི་ཆོས་ཅན་ཞེས་བྱ་བ་ནི་ཏི་འཛིན་གྱི་ཕུང་པོ་དང་ལྡན་པ་སྟེ། དེ་ཡོངསུ་དག་པའི་ཕྱིར་ཡོན་ཏན་ཐམས་ཅད་བསྒྱུར་བར་བྱེད་པ་སྟེ། གསེར་བཟང་པོ་བཞིན་དུ་དགེ་བའི་ཆོས་དང་ལྡན་པའོ།། ཚངས་པར ་སྤྱོད་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པའོ།། དེས་ན་མྱ་ངན་ལས་འདས་པའི་འདུ་ཤེས་ཀྱི་ཚངས་པར་སྤྱོད་པ་སྟེ་འགྲོ་བའོ།། ཁ་ཅིག་ན་རི་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་དགེ་བའི་ཆོས ་ཅན་ནོ་ཞེའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། གཞི་རྣམ་པ་བཅོ་བརྒྱད་ཀྱིས་ལྟུང་བར་འགྱུར་ཏེ། མཆོག་དང་ཕུལ་དང་། ཁྱད་པར་དུ་འཕགས་པ་དང་། བཟང་བ་དང་། མཛེས་པ་དང་། དགེ་བ་དང་། མཆོད་པར་འོས་པ་དང་། བསྟོད ་པར་འོས་པ་དང་། རྒྱ་ཆེ་བ་དང་ཆེས་མཆོག་དང་། ཆེས་ཕུལ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་བཟང་བ་དང་། ཆེས་མཛེས་པ་དང་། ཆེས་དགེ་བ་དང་། ཆེས་མཆོད་པར་འོས་པ་དང་། ཆེས་རྒྱ་ཆེ་བ་སྟེ། དེ་ལ་རང་བཞིན ་གྱིས་ཕུན་སུམ་ཚོགས་པའི་ཕྱིར་ཀུན་ཏུ་སྤྱད་པ་གཞན་དག་ལས་མཆོག་དུ་གྱུར་པ་དང་། དེ་བཞིན་གཤེགས་པ་ལ་སོགས་པས་ཡོན་ཏན་ཀུན་ཏུ་བསྒྲགས་པ་དང་། དེ་མ་གཏོགས་པ་དགེ་སློང་གི་ཀུན་ཏུ་སྤྱོད་པ་ཐམས་ཅད་ལས ་ཁྱད་ཞུགས་པ་དང་། བསམ་པ་དྲག་པོས་བསྐྱེད་པ་དང་། བསམ་པ་གསལ་བས་བསྐྱེད་པ་དང་། ཆོས་འདོད་པས་ཀུན་ནས་བསླང་བ་དང་། དེ་དང་ལྡན་པ་ནི་རྒྱལ་པོ་ལ་སོགས་པ་ལས་མཆོད་པ་ཐོབ་པ་དང་། ཕྱོགསུ་གྲགས་པ ་འབྱུང་བ་དང་། ཡོན་ཏན་དང་། ལྡན་པ་ནི་དངོས་པོ་གྱ་ནོམ་པའི་གནས་ཡིན་པའི་ཕྱིར་ཏེ། རྣམ་གྲངས་དགུ་དང་གོ་རིམ་བཞི་ནོ།། དོན་དགུ་པོ་འདི་དག་ཉིད་ཤེས་ཆེ་བའི་ཕྱིར། རྣམ་གྲངས་དགུར་རིག་པར་བྱའོ།། གཞི་རྣམ་པ་བཅོ་བརྒྱ། ་པོ་འདི་དག་ལས་རེ་རེ་དང་། མདོ་ལས་གསུངས་པའི་སྐུ་དང་ལྷན་ཅིག་སྨྲས་ན་དགེ་འདུན་ལྷག་མའོ།། ཚུལ་ཁྲིམས་དང་ལྡན་པའོ།། ཞེས་བྱ་བ་ལ་སོགས་པ་གསུམ་ལས་གང་ཡང་རུང་བ་དང་ཇི་སྐད་གསུངས་པའི་སྒྲ་དང་ལྷན ་ཅིག་ཏུ་སྨྲས་ན་དངོས་གཞིའོ།། འཁྲིག་པ་དང་ལྡན་པ་ཞེས་བྱ་བའི་ཚིག་དེས་སྟོང་ན་ཐམས་ཅད་ཀྱང་སྦོམ་པོའོ།། ང་ལྟ་བུ་ཞེས་བྱ་བའི་ཚིག་གིས་སྟོང་ན་ཡང་སྦོམ་པོའོ།། འཁྲིག་པ་དང་ལྡན་པ་དང་ང་ལྟ་བུ་ཞེས་བྱ་བའི་ཚིག་དེ་གཉིས ་གས་སྟོང་ན་ཉེས་བྱསོ།། བསྟེན་པར་ནུས་པ་ལས་དངོས་གཞིར་འགྱུར་བ་གང་ཡིན་པ་དེ་ནི་བསྟེན་པར་མི་ནུས་པ་དང་། སྐྱེས་པ་དང་མ་ནིང་བསྟེན་པར་ནུས་པ་ལ་སྦོམ་པོའོ།། སྐྱེས་པ་དང་མ་ནིང་བསྟེན་པར་མི་ནུས་པ་དང་། དུད ་འགྲོའི་སྐྱེ་གནསུ་སོང་བ་ཐམས་ཅད་ལ་ཡང་ཉེས་བྱསོ།། བསྟེན་པར་ནུས་པ་ལ་སྦོམ་པོར་འགྱུར་བ་གང་ཡིན་པ་དེ་མ་ཡིན་པ་གཞན་ཐམས་ཅད་ལ་ཉེས་བྱས་སོ།། བསྟེན་པར་ནུས་པ་ལ་ཉེས་བྱ་སུ་འགྱུར་བ་གང་ཡིན ་བ་དེ་ཐམས་ཅད་དུ་ཉེས་བྱས་ཉིད་དོ།། ལྷག་མ་ནི་གསུམ་པ་དང་འདྲའོ།། དགེ་འདུན་ལྷག་མ་བཞི་པའོ།། །། མཉན་ཡོད་ན་རི་དྭགས་འཛིན་གྱི་བུ་ནག་པོ་སྔོན་འདྲིས་པས་སྨྱན་བྱེད། དེའི་ཚེ་ལ་སྙན་པ་དང་མི་སྙན ་པ་ཅིག་ཅར་གྲགས་པས་མུ་སྟེགས་ཅན་རྣམས་འཕྱ་སྟེ། རྩོད་པ་བྱུང་བའི་ཉོན་མོངས་པ་ལྔ་པའོ།། བདག་པོ་ངེས་པ་དང་། དངོས་པོ་ངེས་པ་དང་། དུས་ངེས་པས་སྤྱན་དུ་གྱུར་པ་བརྗོད་ནའོ།། དེ་ལ་བུད་མེད་པ་སྐྱེས ་པའི་ཚིག་དང་སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཞེས་བྱ་བ་ནི། སྐྱེས་པོ་དང་བུད་མེད། ཕྲིན་སྐྱེལ་བའི་བདག་པོར་གྱུར་པས་བདག་པོ་ངེས་པའོ།། ཆུང་མ་མཛའ་ན་མོ་ཞེས་བྱ་བ་ནི་དངོས་པོ་ངེས་པའོ།། ཐང་འགའ་ཕྲད་པ་ལ་ཡང ་ཞེས་པ་ནི་དུས་ངེས་པའོ།། སྨྱན་བྱེད་ཅེས་བྱ་བ་ནི་འཕྲིན་སྐྱེལ་བའོ།། ཆུང་མ་ནི་བདུནོ།། མཛའ་ནག་མོ་ནི་བཅུའོ།། ཆུང་མ་བདུན་གང་ཞེ་ན། ཆུ་ཚིགས་ཀྱིས་བྱིན་པ་སྟེ། གང་ཕ་མས་ཆུ་ཚིགས་ཀྱིས་བཏང་བ་དང་། རིན་ཆས་ཉོས་པ་སྟེ།། ་གང་ཕ་མས་རིན་ཆས་བཏང་བ་དང་། རྒྱལ་མཚན་གྱིས་ཕྲོགས་པ་སྟེ། རྒྱལ་པོ་རྒྱལ་མཚན་དུ་བྱས་ནས་གཞན་གྱི་ཡུལ་འཁོར་བཅོམ་སྟེ་ཁྱེར་བ་དང་། ཆོམ་རྐུན་པ་དག་གིས་རང་གི་མགོ་རྒྱལ་མཚན་དུ་བྱས་ཏེ་གྲོང་བཅོམ་པ ་ནས་ཕྲོགས་པ་དང་། དང་སམ་འདུས་པ་སྟེ། གང་དག་ཉིད་དགའ་ནས་གཞན་ལ་བཏུས་པ་དང་གོས་ཟས་ཀྱིས་འཚོ་བ་སྟེ། གང་བཟའ་བ་དང་བགོ་བས་ཆུང་མར་ཁས་ལེན་པ་དང་། ཁ་དུམ་པ་སྟེ། གང་བདག་ཅག་གཉིས་ཀྱིས ་ནོར་གང་ཡིན་པ་དེས་ལྷན་ཅིག་འཚེའོ་ཞེས་ཁྱོར་ཁས་ལེན་པའོ།། ཐང་འགའ་ཕྲད་པ་ནི་གང་ཡུད་ཙམ་པའོ།། མཛའ་ན་མོ་བཅུ་གང་ཞེ་ན། མ་དང་ཕ་དང་མང་པོ་དང་། ཕུ་ནུ་མོ་དང་། སྒྱུག་མོ་དང་། གྱོས་པོས་བསྲུངས་པས་ཏེ ་དྲུག་དང་། དེ་མ་ཡིན་པ་མེད་དེ། རེ་རེས་བསྲུངས་པའོ།། ཉེ་དུས་བསྲུངས་པ་ནི་གང་མ་ལ་སོགས་པ་མེད། ཉེ་དུ་ལྷག་མ་རྣམས་ཀྱིས་བསྲུངས་པའོ།། རིགས་ཀྱིས་བསྲུངས་པ་ནི་གང་རང་རང་གི་རིགས་གཅིག་པ་བྲམ་ཟེ་ལ ་སོགས་པའོ།། རུས་ཀྱི་བསྲུངས་པ་ནི་བྷཱ་ར་དྷྭ་ཛ་ལ་སོགས་པའི་རུས་རྣམསོ།། རྣམ་པར་འཁྲུག་པ་མེད་པ་ནི་དགེ་སློང་མ་དང་། སྤྱོད་པ་ཅན་མོ་དང་། ཀུན་ཏུ་རྒྱུ་མོ་དང་། ཆོས་དང་མཐུན་པར་སྤྱོད་པ་སྟེ། སྡོམ་པས་བསྡམས་པའི་ཕྱིར། ་དེ་ལ་ལྟུང་བ་ཅིར་འགྱུར་ཞེ་ན། དགེ་སློང་གིས་བུད་མེད་དང་སྐྱེས་པའི་ཕྲིན་ནོད་པ་དང་། སྐྱེལ་བ་དང་། ཕྱིར་སྐྱེལ་བ་དང་གསུམ་གལ་ཏེ་བདག་ཉིད་བྱེད་དམ། ཕོ་ཉ་དང་། ཕོ་ཉས་ཡང་ཕོ་ཉ་ཡང་རུང་སྟེ། གཅིག་བདག་གིས་བྱས་ལ། ་གཉིས་གཞན་གྱིས་བྱས་སམ། གཉིས་བདག་གིས་བྱས་ལ། གཅིག་གཞན་དུ་བྱེད་ཀྱང་རུང་། ཐམས་ཅད་དུ་གསུམ་ཅར་བདག་གིས་བྱས་ན་དགེ་འདུན་ལྷག་མའོ།། གཅིག་བདག་གིས་བྱས་ཀྱང་རུང་།། གཞན་བྱེད་དུ་བཅུག ་ཀྱང་རུང་སྟེ་སྦོམ་པོ་གཅིག་གོ།། གཉིས་བྱེད་ཀྱང་རུང་། བྱེད་དུ་བཅུག་ཀྱང་རུང་། སྦོམ་པོ་གཉིས།། གལ་ཏེ་ཕོ་ཉ་དང་ཕོ་ཉས་ཡང་ཕོ་ཉ་བྱེད་པ་དགེ་སློང་ཡིན་ན་གཉིས་ཀ་ལ་ལྟུང་བའོ།། དབང་ཕྱུག་ནི་བུ་མོ་གང་བཏོང་བ་དང་། མི ་བཏང་བའི་དབང་ཡོད་པ་ཕོ་བྲང་འཁོར་ལ་སོགས་པ་ན་ཡང་ཚིག་མ་ཉན་པ་དང་། དབང་པོ་མ་ཡིན་པ་ནི་བཟློག་པའོ།། གལ་ཏེ་གསུམ་ཅེར་བདག་པོ་ལ་བྱེད་ན་དངོས་གཞིའོ།། ཅི་སྟེ་གཅིག་བདག་པོ་ལ་གཉིས་བདག་པོ་མ ་ཡིན་པ་ལ་འམ། གཉིས་བདག་པོ་ལ་གཅིག་བདག་པོ་མ་ཡིན་པ་འམ། ཐམས་ཅད་ཀྱང་རུང་སྟེ། བདག་པོ་ལ་ཇི་སྙེད་བྱས་པ་སྦོམ་པོ་ཡང་དེ་སྐྱེད་དོ།། བདག་པོ་མ་ཡིན་པ་ལ་ཅི་སྙེད་བྱས་པ་ཉེས་བྱས་ཀྱང ་དེ་སྐྱེད་དོ།། བདག་པོ་མ་ཡིན་པ་ལས་མ་ཐོབ་སྟེ། བདག་པོ་ལ་རྟོན་ན་སྦོམ་པོའོ།། འདི་ལྟ་སྟེ། དགེ་སློང་དང་ཁྱིམ་པ་དང་། བུད་མེད་འགྲོགས་པ་ལས་དེ་གཉིས་ཀྱི་ཚིག་སྐྱེལ་ཏམ། ཕྱིར་སྐྱེལ་ན་དངོས་གཞིའོ།། གསུམ་གྱིས ་ན་ཕྱིར་སྐྱེལ་བ་ཡིན་གྱི། སྐྱེལ་བ་མ་ཡིན་ཏེ། ཡུལ་ཕྱོགས་དང་། བརྡ་དང་། མཚན་མའོ།། གང་གི་ཚེ་བདག་ཡུལ་ཕྱོགས་དེ་ལྟ་བུ་ཞིག་ན་འདུག་པ་མཐོང་བ་དང་། བྱ་བ་བྱས་པར་ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་ཡུལ་ཕྱོན ་སོ།། དུས་ཇི་ཙམ་ན་ཞེས་བྱ་བ་ནི་བརྡའོ།། གང་གི་ཚེ་བདག་སྐྲ་བྲེགས་ཏེ་ལག་ན་ལྷུང་བཟེད་ཐོགས་པ་མཐོང་ན་ཞེས་བྱ་བ་ནི་མཚན་མའོ།། ཚིག་དང་སྤྲིང་ཡིག་དང་། ལག་རྩིས་རྣམས་ཀྱིས་ནོད་པ་དང་། སྐྱེལ་བ་དང་ཕྱིར ་སྐྱེལ་བ་སྟེ། གལ་ཏེ་རེ་རེས་གསུམ་ཅར་བྱེད་དམ་འདྲེན་མར་ཡང་རུང་སྟེ་ཐམས་ཅད་དུ་དངོས་གཞིའོ།། ཆུང་མ་དང་པོ་གསུམ་འཐབས་མ་ཐག་རྡེའུ་གསུམ་མ་གཏོར་བ་དང་། ཆོ་ག་མ་བཏང་བ་དང་། དུམ་པ་མ་བཅད་པ་དང་། ་ཆུང་མ་མ་ཡིན་པར་མ་བསྒྲགས་པ་དང་། དྲིལ་མ་བསྒྲགས་པ་དེ་དག་གི་བསྡུམས་བྱས་ན་ཉེས་བྱསོ།། དོར་བའི་རྒྱུ་དང་པོ་བྱས་པ་ལ་བྱས་ན་སྦོམ་པོ་གཅིག་གོ།། གཉིས་པོ་དག་ལ་གཉིས་སོ།། གསུམ་པ་རྣམས་དང་བཞི་པ ་རྣམས་ལ་དགེ་འདུན་ལྷག་མའོ།། དེ་ལས་གཞན་བཅུ་བཞི་ནི་འཐབས་མ་ཐག་ཏུ་བསྡུམས་བྱས་ན་དངོས་གཞིའོ།། མངལ་ན་འདུག་པའི་ཁྱེའུ་དང་བུ་མོའི་ཆེད་དང་། གཉི་ག་བུད་མེད་དང་། མ་ནིང་གཉིས་དང་། མ་ནིང་གང་ཡང ་རུང་བ་དང་། གཉི་ག་མི་མ་ཡིན་པ་དང་། གཅིག་ཀྱང་རུང་བ་དང་། དུང་འགྲོའི་སྐྱེ་གནས་དང་། མིར་རུང་བ་དང་། དགེ་སློང་མ་དང་། དེ་ལས་གཞན་པ་ཚངས་པར་སྤྱོད་པ་ཐམས་ཅད་དང་། བདག་གི་ཕྱིར་སྨྱན་བྱེད་པ་དང་། གཞོན ་ནུ་མ་དང་། གཉི་ག་ལ་བྱེད་པ་ན་དེ་གཉི་ག་འམ། གང་ཡང་རུང་བ་ཞིག་མཚན་གྱུར་པ་དང་། ཕྲིན་ནོད་པ་ལ་སོགས་པ་གཅིག་གམ། གཉིས་བྱས་ནས་དགེ་སློང་མཚོན་གྱུར་པ་དང་། གཅིག་གི་ཚེ་རང་བཞིན་དུ་གནས་པ་དང་། ་གཉིས་ཀྱི་ཚེ་སེམས་འཁྲུག་པ་དང་། གསུམ་ཅར་གྱི་ཚེ་རང་བཞིན་དུ་གནས་པ་མ་གཏོགས་པ་རྣམ་པ་ཐམས་ཅད་དུ་སྦོམ་པོའོ།། ཁྱིམ་པས་དགེ་འདུན་ཐམས་ཅད་ལ་གསོལ་བ་དང་། དེ་རྣམས་ཀྱིས་ཀྱང་རང་ངམ་བསྐོས་པས ་བསྒྲུབས་ཀྱང་རུང་སྟེ། དགེ་འདུན་ཐམས་ཅད་ལ་དངོས་གཞིའོ།། གལ་ཏེ་གཅིག་གཅིག་འདོད་དེ་བྱེད་ན་དེ་ཉིད་ལའོ།། བསྙེན་པར་རྫོགས་པ་དང་། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ཕྲིན་ནོད་པ་ལ་སོགས་པ་མུ་བཞིའོ།། ་གལ་ཏེ་གསུམ་ཅར་བསྙེན་པར་རྫོགས་པས་བྱེད་ན་དངོས་གཞིའོ།། གཞན་དག་ནི་གང་བསྙེན་པོར་རྫོགས་པ་ན་བྱས་པ་དེ་ལ་སྦོམ་པོའོ།། གང་དེ་ལས་གཞན་པ་ལ་ཉེས་བྱསོ།། བུད་མེད་ཉོས་ཤེས་སྨྲ་ན་ཉེས་བྱསོ།། ་མིང་ནས་ཕུང་སྟེ་ཉོས་ཤེས་སམ། ཉོས་ཟིན་པའི་སྨྱན་བྱེད་ན་སྦོམ་པོའོ།། ཁ་ཅིག་ན་རེ་ལས་དང་པོ་པ་མ་ཡིན་ལ་མི་ཤེས་པ་ལ་ཉེས་པ་སྦོམ་པོའོ་ཞེའོ།། བུད་མེད་གསོལ་བ་བཏབ་པ་ལས་མ་གྲུབ་པ་དང་། གཟུགས ་འཚེ་མ་ལ་གསོལ་བ་བཏ་བྱཱ་ལ་གཡོ་འགའ་ཞིག་བྱས་ཏེ་མ་འོངས་པོ་དང་། ཕ་མས་མདུལ་དུ་འདུག་པའི་ཚེ་བྱིན་ལ་ཕྱིས་མི་སྦྱར་བ་ལ་སྦྱོར་བ་དང་། ཕྲིན་དང་ཕྲིན་ལན་བསྐུལ་བའི་འོག་ཏུ་གཅིག་གམ་གཉི་ག་ཤི་བ་ལ་སོགས་པས ་བག་མ་མ་བླངས་པ་ལ་སོགས་པ་དང་། གནོད་པ་བྱས་པ་དང་། དགེ་སློང་ལ་བཞུད་པ་འདི་ནི་ཁྱོད་ཀྱི་ཁྱིམོ།། འདི་ནི་ཁྱོད་ཀྱི་མིའོ།། ཞེས་གསུངས་ཤིག་ཅེས་བྱས་པ་དང་། དེས་ཀྱང་དགེ་འདུན་ལ་ཆོས་སྟོན་གསོལ་བའི་ཕྱིར་སྨྲས་པ ་དང་། སྐྱེས་པས་དུས་བཏབ་པ་ཞིག་གིས་དྲིས་པ་དང་། རྩིག་དྲུང་ཞིག་ན་འདུག་པ་མཐོང་ངོ་ཞེས་སྨྲས་ན་ཐམས་ཅད་དུ་སྦོམ་པོའོ།། སྔར་དུས་བཏབ་ཟིན་པ་ལས་བཅོལ་བ་ཞིག་གིས་ཕྱིར་སྐྱེས་པ་ལ་ཁུ་ཚུར་བསྣུན་ན་ཉེས་བྱས་སོ།། ། ་ལས་དང་པོ་པ་ལ་བསྡམ་པར་བྱས་པའི་ཉེས་བྱས།། དེ་བཞིན་དུ་སློབ་དཔོན་དང་མཁན་པོ་ལ་ཡང་ངོ་།། བུ་མོ་འདི་ཅིའི་ཕྱིར་བག་མི་བཏང་ཁྱེའུ་འདི་ཅིའི་ཕྱིར་ཁྱིམ་མི་དབུབ་ཅེས་ཟེར་ན་ཉེས་བྱསོ།། བུ་མོ་དང་ཁྱེའུ་འདི་ཅིའི་ཕྱིར་གྱོས ་པོའི་ཁྱིམ་དུ་མི་བཀྲི་ཞེས་བྱ་བ་ནས་ཅུང་ཟད་དེ་དང་རྗེ་སུ་མཐུན་པའི་བར་གྱིས་ཚིག་ངེས་པར་སྤྱོད་དུ་འཇུག་པ་ཅི་སྨྲས་ན་ཐམས་ཅད་དུ་ཉེས་བྱསོ།། མི་བྱེད་པ་ལ་སྦྱོར་བ་འདི་ཡང་ལྟུང་བ་སྟེ། དེ་བོས་ནས་སློབ་མ་ལ་ཅང་མ་བྱས་པར ་གཞག་པ་དང་། མཁན་པོ་བཞུགས་ཤིག་བདག་མཆིས་ཏེ་བགྱིའོ་ཞེས་ཟེར་བ་ཡང་དེ་བཞིན་ནོ།། སྐྱེས་པ་དང་མ་ནིང་ལ་སོགས་པ་ལ་ནི་སྔ་མ་བཞིན་དུ་ལྟུང་བ་རྣམ་པར་དབྱེ་བར་བྱའོ།། བརྡ་བྱས་པར་མ་ཤེས་པ་ལ་ལྟུང་བ་མེདདོ།། ་བུད་མེད་ཆེ་གེ་མོ་ཞེས་བྱ་བ་འབྲས་ཅན་འཚེང་དུ་ཁུག་ཅིག་ཅེས་ཟེར་བ་དང་། དེ་བཞིན་དུ་དགེ་འདུན་ལ་སྔ་མ་བཞིན་དུ་བསྙེན་བཀུར་བྱེད་ན་བྱའོ།། ཞེས་སྨྲས་ཏེ། ཕྲད་པར་གྱུར་ཀྱང་ལྟུང་བ་མེ་།། བུད་མེད་ཀྱིས་ལས་བྱེད་པ ་འགུགསུ་བཅོལ་བ་ཡང་དེ་བཞིན་ནོ།། བཞི་པོ་དག་གོ་རིམས་བཞིན་ཏེ་རེ་ཞིག་དང་པོ་ནི་གལ་ཏེ་བུད་མེད་སྐྱེས་པ་འདོད་པར་རྟོགས་ནས་ལག་པ་ནས་གཟུང་བ་དང་། གལ་ཏེ་བཟོད་ནས་དཔུང་པ་ནས་འཛིན་པ་དང་། དེ་ནས་ལག ་པ་མགུལ་ནས་འཁྱུད་པ་དང་། ལན་བྱ་ནས་འཛིན་པ་དང་། དེ་ནས་མཆུ་དང་ནུ་མུ་དང་། རྐེད་པ་ལ་སོགས་པའི་ཡན་ལག་རྣམས་ལ་ནོམ་པ་དང་། གལ་ཏེ་མི་བཟོད་ན་འཁྲིག་པ་དང་ལྡན་པའི་ཚིག་གིས་བཞང་གང་བྱེད་པའོ།། བུད ་མེད་ཀྱི་ཡུལ་མཱ་དང་པ་ལ་ཞེས་བྱ་བའི་བར་དུ་ཡང་དེ་བཞི་ནོ།། དད་པ་ལ་ནི་བསོད་ནམས་འདོད་པར་རིག་ནས་ཀུན་དུ་སྤྱད་པའི་བསྔགས་པ་བརྗོད་པ་བདག་གི་དོན་དུ་ཞེས་བྱ་བའི་བར་དུ་ཡང་དེ་བཞིན་ནོ།། གཞན་གྱི་ཟང་ཟིང ་ཅུང་ཟད་ཙམ་གྱི་ཕྱིར་གཞན་གྱི་དོན་དུ་འདུན་པར་བྱེད་པ་ཡང་དེ་བཞིན་ནོ།། དགེ་འདུན་ལྷག་མ་ལྔ་པའོ།། ། མཉན་ཡོད་ན་དགེ་སློང་དག་ཁང་པའི་ལས་ངན་པས་གཡེངས་ཏེ་དགེ་བའི་ཕྱོགས་བཏང་ནས་ཁྱིམ་པ ་རྣམས་ཕྱིར་ཞིང་འཕྱ་བར་གྱུར་ནས་གནས་ཀྱི་གཞིའི་དབང་དུ་མཛད་དེ། ལས་ངན་པ་ལ་དགའ་བ་དང་། རྩོད་པ་བྱུང་བའི་ཉོན་མོངས་པ་དག་གིས་དྲུག་པའོ།། བདག་གིས་བླངས་པ་ཞེས་བྱ་བ་ནི་འདོད་པས་ལ་ལ ་ལས་ནི་ཤིང་། ལ་ལ་ལས་ནི་རྩཝ་ལ་སོགས་པའོ།། དེས་ན་སྦྱིན་བདག་ལས་བླངས་པ་ཡིན་ནོ།། ཁ་ཅིག་ནཱ་རེ་སྦྱིན་བདག་མ་ཡིན་ནོ་ཞེའོ།། གང་གི་ཕྱིར་རྒྱུ་དང་གཞི་རྙེད་པ་དེ་ཙམ་གྱིས་ན་བདག་གིས་བླངས་པ་ཡིན་ནོ་ཞེའོ།། རྩིག ་ན་ཞེས་བྱ་བ་ནི་བདག་གམ་གཞན་གྱིསོ།། བདག་པོ་མེད་པ་ཞེས་བྱ་བ་ནི་གང་གི་བདག་པོ་མེད་པའོ།། ཁ་ཅིག་ན་རེ་བདག་པོ་གཞན་མེད་པ་ཞེའོ།། བདག་གི་ཕྱིར་ཞེས་བྱ་བ་ནི་དགེ་འདུན་གྱི་ཕྱིར་མ་ཡིན་པའོ།། ཚང་བཞིན་དུ་ཞེས་བྱ ་བ་ནི་ལས་ངན་པ་ལ་དགའ་བ་སྤང་བའི་ཕྱིར་ལྷག་མ་ཡང་མ་ཡིནོ།། ཉམ་ང་བ་སྤངས་པའི་ཕྱིར་གང་གི་ཧ་ཅང་ཆུང་བ་ཡང་མ་ཡིན་ནོ།། བདེ་བར་གཤེགས་པའི་མཐོ་ཞེས་བྱ་བ་ནི་སུམ་འགྱུར་ཡིན་པས་ཁྲུ་ཚད་མ་བཅོ་བརྒྱད་དེ ་ནི་ཚད་དོ།། ཞེང་དུ་མཐོ་བདུན་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་མཐོ་ཉིད་དེ། དེ་དག་ཀྱང་ཁྲུ་ཚད་མ་ཕྱེད་དང་བཅུ་གཅིག་གོ།། དགེ་སློང་དག་བགྱི་བར་བྱའོ་ཞེས་བྱ་བ་ནི་རྩོད་པ་འབྱུང་བ་སྤང་བའི་ཕྱིར་རོ།། ཁ་ཅིག་ན་རེ་དགེ་འདུན ་ཡིནོ་ཞེས་རྩོད་པ་གང་ཡང་མི་འབྱུང་བར་བྱ་བའི་ཕྱིར་རོ།། ཞེའོ།། ཇི་སྲིད་དུ་དངོས་པོ་དེ་དག་གི་མིག་གིས་མ་བརྟགས་པ་དེ་སྲིད་དུ་བཀྲི་བར་མི་བྱའོ།། གལ་ཏེ་ཡང་སྦྲུལ་དང་། སྡིག་པ་དང་། རྩངས་པ་དང་། གྲོག་མོའི་ཚང་ཡོད་ན་རུང ་བ་མ་ཡིན་པས་བསྟན་པར་མི་བྱའོ།། ཡང་བརྟགས་པར་བྱ་སྟེ། གལ་ཏེ་རྒྱལ་པོ་དང་། ཁྱིམ་བདག་དང་། མུ་སྟེགས་ཅན་གྱི་གཞི་དང་། དགེ་སློང་མའི་དབྱར་ཁང་ཡོད་དམ། དེར་ཤིང་ལྗོན་པ་བཅད་དུ་མི་རུང་བ་ཞིག་ན། རྩོད་པ་དང་བཅས ་པ་ཡིན་པས་བསྟན་པར་མི་བྱའོ།། ཡང་བརྟག་པར་བྱ་སྟེ། གལ་ཏེ་འདོམ་གུང་ཚུན་ཆད་ན་ཁྲོན་པ་ཡོད་དམ། ལམ་འམ་ངམ་གྲོག་ཡོད་ན་བརྩམ་དུ་རུང་བ་མ་ཡིན་པས་བསྟན་པར་མི་བྱའོ།། དེ་ནས་གཙུག་ལག་ཁང་དུ་སོང་སྟེ ་གསོལ་བ་བྱའོ།། ཡང་ན་དགེ་འདུན་ཐམས་ཅད་འདོད་པར་བྱའོ།། ཡང་ན་བསྐོས་པ་རྣམསོ།། དེ་ལ་དང་བས་འགྲོ་བར་མི་བྱའོ།། དེ་ནས་མཐོང་ནས་གལ་ཏེ་དག་པ་ཡིན་ན་རྒུན་རབས་ཀྱི་མདུན་ན་འདུག་སྟེ། གནས་བརྟན་དག་གཞི ་དེ་ནི་རུང་བ་ལེགས་ཀྱིས། ད་དེའི་དུས་ལ་བབ་པར་མཁྱེན་པ་མཛོད་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་གསོལ་བ་བྱས་ཏེ་ལས་བྱའོ།། རྩོད་པ་མེད་པ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་བརྩམས་པ་མ་བྱས་པའོ།། དེ་ཉིད་རྣམ་པར་སྤྲོས་པ་སྟེ། ་བརྩམ་དུ་རུང་བ་ཞེས་བྱ་བ་ནི་རྩིག་པ་མ་བརྩིགས་པའོ།། རྩིག་པ་བརྩིགས་པ་ན་ཕ་རོལ་ཏུ་འགྲོ་མི་རུང་བས་བརྩམ་དུ་མི་རུང་བ་ཡིན་ནོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། ཐམས་ཅད་ལས་འདས་པར་བྱས་སམ། གང་གི་ཚེ་གནས ་ཀྱི་འོས་པ་མ་ཡིན་པ་དེའི་ཚེ་དགེ་འདུན་ལྷག་མའོ།། རྩོད་པ་དང་བཅས་པ་དང་། བརྩམ་དུ་མི་རུང་བ་དང་། མ་བསྟན་པ་དང་། ཚང་ལས་འདས་པར་བྱས་པ་ཉེས་པ་རྣམས་པ་བཞི་ལས་གང་ཡང་རུང་བ་ཅིག་ལས་འདས་པར ་བྱེད་ན་སྦོམ་པོའོ།། གཞི་བསླངས་ལ་མི་བྱེད་པ་དང་། བསྣུན་པ་དང་། བརྩམས་ནས་འཕྲོ་བོར་བ་དང་། གཞན་ལ་ཕྲོགས་ཏེ་འགྲོ་ནས་བྱེད་པ་དང་། ཐོག་མྱ་ཕུབ་བ་དང་། བརྩམས་ནས་བདག་ཤི་བ་དང་། འཁྲུལ ་པ་དང་། དགེ་ཚུལ་ལ་སོགས་པར་དམ་བཅས་པ་དང་། གཉིས་ཀྱིས་གཅིག་བྱེད་པ་དང་། བར་མ་གཟུང་སྟེ་བྱེད་པ་དང་། གཞི་གང་ཟག་གི་ཡིན་པ་སྟེ། ཐམས་ཅད་དུ་སྦོམ་པོའོ།། དགེ་སློང་གིས་དགེ་སློང་བ་བདག་ནི་སྐྱོན་བཞི ་སྤངས་པའི་ཁང་པ་རྩིག་གོ་ཞེས་སྨྲས་ལ། སྐྱོན་དང་བཅས་པ་བྱེད་པ་ལ་ལྟུང་བར་འགྱུར་གྱི། བྱེད་དུ་བཅུག་པ་ལ་ནི་མ་ཡིན་ནོ།། གལ་ཏེ་བྱེད་དུ་བཅུག་པས་འདི་སྐད་དུ་ངས་བསྒོས་པ་བཞིན་དུ་ཁྱོད་ཀྱིས་ལེགས་པར་བྱས།། ་ཞེས་སྨྲས་པ་དང་། དེར་ཤིང་ལ་སོགས་བྱིན་ན་གཉི་ག་ལ་ལྟུང་བར་འགྱུ་རོ།། སྦྱོར་བ་གཅིག་པུས་བཅུ་བྱེད་ན་ལྟུང་བ་བཅུའོ།། བྱེད་དུ་གཞུག་གམ་མི་གཞུག་སྙམ་དུ་སོམ་ཉི་ཟ་བཞིན་དུ་བསྐོས་པ་ལས་གཞན་གྱིས་བྱས་ན་སྦོམ ་པོའོ།། བྱས་ཟིན་པ་རྙེད་པ་དང་། ལོངས་སྤྱོད་པ་དང་། སྦྲང་བུ་མཆུ་རིང་གི་ཕྱིར་ཁང་པ་རྩིག་པ་ལ་ལྟུང་བ་མེདོ།། དགེ་འདུན་ལྷག་མ་དྲུག་པའོ།། །། གྲོང་ཁྱེར་ཀཽ་ཤཾ་བི་ན་དྲུག་སྡེ་རྣམས་ཀྱིས་འདུག་པའི་ཤིང་ལྗོན་པ་གཅོད ་དུ་གཙུག་སྟེ། དེར་གཙུག་ལག་ཁང་རྩིག་ཏུ་བཅུག་པས་གནས་ཀྱི་གཞིའི་དབང་དུ་མཛད་དེ། རྩོད་པ་བྱུང་བའི་ཉོན་མོངས་པས་བདུན་པའོ།། ཆེན་པོ་ཞེས་བྱ་བ་ནི་ཆེན་པོ་ནི་གཉིས་ཏེ། སྦྱིན་པར་བྱ་བ་དང་། ཆད་ཀྱིསོ།། ལ་ལ་ན་རེ་འདིར ་ནི་སྦྱིན་པར་བྱ་བས་ཆེ་བ་ལ་བྱའི། ཚད་ཀྱིས་ནི་མ་ཡིན་ཞེའོ།། ཅིའི་ཕྱིར་འདི་ཆེན་པོར་གནང་ཞེ་ན། འདི་ལ་ནི་ལས་ངན་པ་ལ་དགའ་བའི་ཉེས་པ་མེད།། དེ་ཉིད་དེའི་དགེ་བའི་ཕྱོགས་ཡིན།། གཙུག་ལག་ཁང་ཞེས་བྱ་བ་ནི་སྔོན་གྱིས ་རྒྱས་རྣམས་ཀྱིས་ཉན་ཐོས་རྣམས་ཀྱང་གཙུག་ལག་ཁང་རྣམསུ་གནས་པར་གྱུར་པས་སངས་རྒྱས་ཀྱི་རྗེསུ་གནང་སྟེ། དགེ་བ་བཟང་པོས་ཐོག་མར་གཙུག་ལག་ཁང་བྱསོ།། དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་ནི་སུམ ་རྗེག་གོ།། དྲི་གཙང་ཁང་དང་སྒོ་ཁང་ནི་ལྔ་རྩེ་གོ།། དགེ་སློང་མའི་གཙུག་ལག་ཁང་ནི་ཉིས་རྩེག་གོ།། དེ་ལས་གཞན་པ་ནི་སུམ་རྩེ་གོ་ཞེས་དེ་སྐད་བཀའ་སྩལ་ཏོ།། དེ་ནས་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བུ་རྒྱལ་བྱེད་ལས་རྒྱལ ་བྱེད་ཀྱི་ཚལ་བྱེ་བ་བཀྲ་བ་ཉོས་ཏེ། དགེ་འདུན་ལ་ཕུལོ།། སྦྱིན་བདག་གཞན་གྱིས་དགེ་འདུན་གྱི་ཕྱིར་བྱེད་དུ་བཅུག་ན་ཁང་པ་ལ་སོགས་པའི་ས་སྦྱིན་ནོ།། གང་ཟག་གི་དོན་དུ་ནི་སྦྱིན་བདག་ལ་དྲིའོ།། མ་དྲིས་པ་གློ་བུར་དུ་འོངས ་པ་ཕོངས་པའི་ཕྱིར་གཙུག་ལག་ཁང་གི་ནང་དུ་གནས་ཤིག་མི་བགོ་བར་བཞག་གོ།། གནས་བགོས་ཟིན་པའི་འོག་ཏུ་འོངས་ན་དབྱར་ཕྱི་མར་དབྱར་ཉེ་བར་གནས་པར་བྱའོ།། གསུམ་པར་ནི་མ་ཡིནོ།། གང་དག་གཉིས་པར ་ཞུགས་པའི་འོག་ཏུ་ལྷགས་པ་དེ་དག་ནི་འདྲེས་པ་རྣམས་ཀྱིས་ང་ལ་སོར་གཞུག་པར་བྱའོ།། དེ་དག་ལ་ཁ་ཟས་ཀྱི་རྙེད་པ་སྦྱིན་གྱི་ནོར་གྱི་རྙེད་པ་ནི་མ་ཡིནོ།། དེ་དག་ལ་སུ་བསྐོ་བར་མི་བྱའོ།། གཞན་ཡང་ལ་སུ་བསྐོ་བར་མི ་བྱ་བ་ལྔ་སྟེ། མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པ་དང་། དགེ་འདུན་གྱི་གནས་བརྟན་དང་། འདུས་ཤིང་ཀློག་པའོ།། གུང་ན་གནས་ཁང་མང་བ་དེར་གྲངས་ཀྱིས་བཅད་དེ། རེ་རེ་ལས་ཡང་ཚད་ཇི་ལྟ ་བ་བཞིན་དུ་གཉིས་གཉིས་སམ་གསུམ་གསུམ་བགོས་པ་ཐམས་ཅད་སྤྱད་པར་བྱ་སྟེ། ཁ་ཅིག་ཏུ་སྔ་དྲོ་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ།། བྱེད་དུ་བཅུག་གམ། དགེ་འདུན་གྱི་ཡང་རུང་སྟེ། ཅི་ནུས་ཀྱི་བཅོས ་པར་བྱའོ་ཡལ་བར་མི་དོར་རོ།། གང་ན་གནས་ཉུང་བ་དེར་ནི་ཆུ་སྣོད་བུམ་པ་དང་། བ་ལང་གི་ལྕི་བ་དང་། སྨན་དང་ལྷུང་བཟེད་དང་། སོ་ཤིང་བཞག་པའི་གནས་མ་གཏོགས་པར་གདིང་བའི་ཚད་ཀྱིས་བགོ་བར་བྱའོ།། འདུ་བའི ་གནསུ་ནི་བགོ་བར་མི་བྱའོ།། དགོན་པ་པ་རྣམས་ཀྱི་སྣོད་སྤྱད་བཞག་པ་གསལ་བའི་ཕྱོགསུ་གནས་དབོག་གོ།། གང་ཟག་གི་གཙུག་ལག་ཁང་གི་རྙེད་པ་གང་གིས་བླངས་པ་དེ་ཉིད་ཀྱིས་བཅོས་པར་བྱའོ།། དགེ་འདུན་ནམ ་མཆོད་རྟེན་གྱི་བྱ་བ་ལ་སོང་བ་ལ་ནི་གནས་རྒན་རིམ་བཞིན་དུ་སྦྱིན་ནོ།། གཞན་ནི་གང་ཇི་ལྟར་འོངས་པའི་གྲལ་རིམ་བཞི་ནོ།། སྦྱིན་བདག་གིས་རྙེད་པ་ངེས་པར་བྱས་པ་གཙུག་ལག་ཁང་གི་དབྱར་གྱི་རྙེད་པ་ནི་གང་གི་གནསུ ་བསྐོས་པ་དེ་དབང་ངོ་།། དེ་ན་གནས་པ་དེ་ལ་སྦྱིན་བདག་དང་དེ་བྱིན་པ་གང་ཡིན་པ་དེ་ཡང་དེ་དབང་ངོ་།། གང་ཟག་གི་ཕྱིར་ཁང་པ་བྱས་པའི་རྙེད་པ་ཡང་དེ་ཉིད་དབང་ངོ་།། དགེ་འདུན་གྱི་རྙེད་པ་ཡང་སྦྱིན་པར་བྱའོ།། དེ་བཞིན་དུ ་སྦྱིན་བདག་གིས་བྱས་པའི་གནས་ཁང་གི་རྙེད་པ་ནི་དེ་ན་གནས་པ་དག་དབངངོ་།། རྒན་རིམ་བཞིན་དུ་ཐམས་ཅད་ཀྱིས་གནས་ཁང་བགོ་བར་བྱའོ།། དགོན་པ་པ་རྣམས་ཀྱིས་ནི་གཙུག་ལག་ཁང་སྲུང་བའི་དགེ་སློང་བཞག་ལ ་སོད་སྙོམས་ལ་འཇུག་པར་བྱའོ།། དེ་ལ་ཡང་བསོད་སྙོམས་སྦྱིནོ།། བརྡས་སྒོ་དབྱེ་བར་བྱའོ།། ཁྱི་ཡང་གསོ་བར་བྱའོ།། ཁྱི་གསོ་བའི་ཀུན་ཏུ་སྤྱད་པ་ནི་མཆོད་རྟེན་གྱི་འཁོར་ས་དང་། གཙུག་ལག་ཁང་ལ་སེན་མོའི་རྗེས་ཕྱུང་བ ་ས་མཉམ་པར་བྱའོ།། གཅིན་དང་རྟུག་པ་ཡང་ཕྱག་པར་བྱའོ།། རྣམ་པ་གཞན་དུ་ན་ཉེས་བྱསོ།། གཅན་ཟན་ཁྲོ་བོ་དང་གནོད་སྦྱིན་མང་བའི་གནསུ་གནས་པར་མི་བྱའོ།། གཙུག་ལག་ཁང་གཉིསུ་ཉེ་བར་གནས་པར་མི་བྱའོ།། གལ ་ཏེ་དབྱར་ཉེ་བར་གནས་ན་གཉི་ག་བསྡོམས་ཏེ། དེ་ལས་གཞན་པའི་དགེ་སློང་དང་རྙེད་པ་མཉམ་པར་སྦྱིན་ནོ།། རྙེད་པ་ལ་ལྷག་པར་ཆགས་པར་མི་བྱའོ།། འཐབ་ཀྲོལ་བྱེད་པ་འོང་བར་རིག་ན་གནས་མལ་བསྐོ་བར་བྱ་བ་ནི་གསུམ ་སྟེ། དགུན་གྱི་དང་། དཔྱིད་ཀྱི་དང་། དབྱེར་གྱིའོ།། གནས་མ་ལ་གཟུང་བ་ནི་དྲུག་སྟེ། གཙུག་ལག་ཁང་ཐམས་ཅད་དང་། དེའི་ཉེ་འཁོར་དང་། ཁང་ཕྲན་དང་། དེའི་ཉེན་འཁོར་དང་། ཀུན་དགའ་ར་བ་དང་། དེའི་ཉེན་འཁོར་རོ།། གལ་ཏེ ་ཐབ་ཀྲོལ་བྱེད་པ་ན་རེ་གཙུག་ལག་ཁང་བསྐོས་ཤིང་ཞེས་ཟེར་ན། ཐམས་ཅད་བགོས་ཟིན་ཏོ་ཞེསོ།། དེ་སླར་སོང་བ་དང་། དེ་དག་རྒན་རིམ་བཞིན་དུ་བགོ་བར་བྱའོ།། ཐབ་ཀྲོལ་བྱེད་པ་མ་ཡིན་པ་ལ་དེ་ལྟར་བྱེད་ན་ཉེས་བྱས་སོ།། ་དེ་བཞིན་དུ་གནས་བསྔོས་ཏེ། འདི་ནི་དེང་གི་འདི་ནི་སང་གི་ཞེས་བྱ་བ་ནས། འདི་ནི་སྔ་དྲོ་བ་ཞེས་བྱ་བ་ལ་སོགས་པ་སྐད་ཅིག་པ་དང་། འདུ་བའི་འདུས་ཀྱི་འདི་ནི་སློབ་དཔོན་གྱིའོ་ཞེས་བགོས་ན་ཉེས་བྱས་སོ།། ། ་གཙུག་ལག་ཁང་དུ་དགེ་སློང་ནང་པའི་གནས་མི་དབྲོག་པར་སྦྱིན་ནོ།། རྒྱུ་བྱེད་པ་ལ་ནི་མ་ཡིན་ནོ།། རྒན་རིམ་གྱིས་དེའི་གནས་མི་དབྲོག་གོ་ཞེས་བྱ་བའི་ཐ་ཚིག་གོ།། གཙུག་ལག་ཁང་དུ་མཚན་མོ་གནས་མཱལ་བགོ་བར་མི ་བྱའོ།། གང་གི་ཕྱིར་བགོ་བ་དང་། གང་དག་འགོད་པ་གཉིས་ཀ་ལ་ཡང་ཉེས་བྱས་སོ།། གལ་ཏེ་མཚན་མོ་ལྷགས་ན་འདྲིས་པ་འདྲིས་པ་དག་གིས་ང་ལ་གསོ་བར་བྱའོ།། དེ་བཞིན་དུ་ནུབ་ཅིག་གནས་པའི་ཕྱིར་ན་ག་ལ་ཉེས ་པའོ།། མགོན་མེད་ཟས་སྦྱིན་གྱིས་ངལ་བསོ་བའི་གནས་བྱས་པ་རྣམསུ་བསོད་སྙོམས་པའི་ཕྱིར་བྱིན་པ་རྙེད་པའི་ནང་དུ་དྲུག་སྡེ་ཞུགས་པས་གཞན་གྱིས་རྙེད་ནང་དུ་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ།། དོན་གཞན་ཞིག་གི ་ཕྱིར་གཙུག་ལག་ཁང་གཞོན་དུ་སོང་བ་ལས་གལ་ཏེ་དུས་ལ་བབ་ན་ཟས་བཟའ་བར་བྱའོ།། ཟོས་ཏེ་འོངས་ན་གལ་ཏེ་ཡང་འདོད་ལ། གལ་ཏེ་ཚད་ལས་ལྷག་པར་འདྲིམ་ན་སྔར་མ་བླངས་པ་གང་ཡིན་པ་དེ་བཟའ་བར་བྱའོ།། ་སྟེ་དགེ་སློང་དག་གི་ཚད་ཀྱིས་བྱས་པ་ཡིན་པ་དེ་བཟའ་བར་མི་བྱའོ།། ཇི་ལྟར་གཙུག་ལག་ཁང་རྒན་རིམས་དུ་བསྐོས་བཞིན་དུ་འགྱེད་པས་ཤིང་ལྗོན་པ་དང་། སྒང་བུ་དང་། གསྲིང་མ་ཡོད་པའི་ཕྱོགས་ཀྱང་དེ་བཞིན་ནོ།། ། ་དེ་ཡང་ཆོས་ལྔ་དང་ལྡན་པ་གསོལ་དང་ལྡན་པ་གཉིས་ཀྱིས་བསྐོ་བར་བྱའོ།། གནས་ཁང་བསྐོ་བ་དང་། དེ་བཞིན་ཟས་ལ་བསྐོ་བ་དང་། ནས་ཐུག་འདྲིམ་པ་དང་། བཅའ་བ་འདྲིམ་པ་དང་། ཕྲན་ཚིགས་འདྲིན་པ་དང་། སྣོད་སྤྱད ་སྦེད་པ་དང་། གོས་སྦེད་པ་དང་། གོས་འགེད་པ་དང་། དབྱར་གྱི་གོས་རས་ཆེན་སྐྱེད་པ་དང་། དབྱར་གྱི་གོས་རས་ཆེན་འགེད་པ་དང་། མངག་གཞུག་པ་དང་། མཛེས་ཆོས་པ་དང་། གང་ཟག་བཅུ་གཉིས་པོ་འདི་དག་ཀྱང་ངོ་།། ཟས་མེད ་པའི་ཕྱིར་ཙུག་ལག་ཁང་སྟོང་པར་བོར་ཏེ་ཐམས་ཅད་འདོད་པར་མི་བྱའོ།། བསོད་སྙོམས་ལ་སོགས་པས་ལོ་ལྔའི་བར་དུ་འདུག་པར་བྱའོ།། གལ་ཏེ་ཡང་མ་འོངས་ན་མཚམས་ཐ་དད་པའི་གཙུག་ལག་ཁང་རྣམས་དང་རྙེད་པ ་གཅིག་ཏུ་བྱའོ།། གསོ་སྦྱོང་ནི་ཐ་དད་པར་རོ།། འོངས་ན་ནི་སྦྱིན་བདག་ཅི་དགར་བྱའོ།། གཙུག་ལག་ཁང་གཤིག་ནས་སྔ་མ་ཁོ་ཙམ་མམོ་ཆེ་བར་བྱ་བའི་ཆུང་བ་ནི་མ་ཡིནོ།། སྦྱིན་བདག་ནུས་པ་མེད་ན་ཆུང་ངུ་བྱའོ།། མཆོད་རྟེན་དང་། ་དྲི་གཙང་ཁང་ལ་སོགས་པ་ནི་མཉམ་པའམ་ཆེ་བར་བྱའི་ཆུང་བར་ནི་མ་ཡིན་ནོ།། རི་མོ་བྱེད་པར་འདུས་བྱས་པར་འདོད་པས་སྐྱེད་པའི་རབས་དེ་ཉིད་ལ་སོགས་པ་བྲི་བར་བྱའོ།། དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་གླེགས ་བམ་བྲི་བ་ཡང་ངོ་།། དུས་དེ་སྲིད་ཁང་པ་བྱས་པ་འགྲོ་ཁར་མི་གཞིག་གོ།། གཙུག་ལག་ཁང་དུ་ནི་རུང་བའི་ཁང་པ་བསྐོ་བར་བྱའོ།། དེ་ཡང་ལྔ་སྟེ་བཏེག་པའི་ལས་བྱུང་བ་དང་། སེམས་བསྡུས་པའི་མཐའ་ལས་བྱུང་བ་དང་། ་བ་ལང་གི་ལྷས་ལྟ་བུ་དང་། འཕྲལ་ལ་བྱུང་བ་དང་། བསྐོས་པ་སྟེ་ལྔ་པའོ།། བཏེག་པའི་མཐའ་ལས་བྱུང་བ་ཞེས་བྱ་བ་ནི། གང་དུ་དགེ་སློང་ལག་གི་བླ་འམ་ཁྱིམ་བདག་ཀྱང་རུང་སྟེ། ཐོག་མར་སོ་ཕག་བཏེག ་པ་ན། སེམས་བསྐྱེད་པ་ན་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ།། ཞེས་བྱ་བས་སོ།། སེམས་བསྡུས་པའི་མཐའ་ལས་བྱུང་བ་ནི་གང་དུ་དེ་ཉིད་ཀྱིས་གཞན་ལ་སེམས་བསྡུས ་ཤིག་ཅེས་བྱ་བར་བྱིན་གྱིས་བརླབ་པར་བྱའོ།། བ་ལང་གི་གནས་ལྟ་བུ་ནི་གང་སྒོ་ཐ་དད་དུ་གནས་པའོ།། འཕྲལ་ལ་བྱུང་བ་ནི་གནས་གང་སྤངས་པའོ།། བསྒོས་པ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་པ་སྟེ། གནས ་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་བཅས་པ་འདི་ཞེས་དེ་སྐད་བརྗོད་པས་ལས་བྱས་པའོ།། གང་འོག་མ་བསྐོས་པ་དེའི་སྟེང་མ་དང་ངོས་ཀྱང་ངོ་།། གང་ལག་གི་བླ་འམ་དགེ་འདུན་གྱིས་བྱིན་གྱིས ་མ་བརླབས་པར་དེ་དང་པོར་གནས་པ་རྣམས་ཀྱིས་བརྗོད་པར་བྱའོ།། དེ་དག་གིས་མ་བརྗོད་ན་གཉུག་མར་གནས་པ་རྣམས་ཀྱིས་སོ།། དེ་རྣམས་ཀྱིས་མ་བརྗོད་ན་གློ་བུར་ན་ལྷགས་པ་རྣམས་ཀྱིསོ།། དགེ་འདུན་མེད་ན་གང་ཟག ་གིས་ཤེས་པ་ཆུང་ངུས་རུང་བར་བྱ་བ་དང་། འཇུག་པ་མི་ཞན་པས་རུང་བར་བྱ་བ་ཉེ་བར་གཟུང་སྟེ་སྤྱད་པར་བྱའོ།། དེ་ལ་ཤེས་པ་ཉུང་ངུས་རུང་བར་བྱ་བ་ནི་འདི་ཡིན་ཏེ། སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། བདག ་ནི་བསླབ་པ་རྣམས་ལ་མི་གུས་པ་མ་ཡིན་ནོ།། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ་དག་གིས་རུང་བའི་ཁང་པ་དང་། ཟས་ཀྱི་ཁང་པ་ཡོངསུ་སྤྱོད་པ་ན་མཁྱེན་ཅིང་གཟིགས་པ་དེ་ལྟར ་འདི་བདག་གི་ཕྱིར་དྲན་པ་ཉེ་བར་འཇོག་གོ།། དེ་བདག་གི་ཚངས་པར་སྤྱོད་པ་རྗེསུ་འཛིན་པར་གྱུར་ཅིག། ཅེས་བྱ་བས་སོ།། དེ་ལ་འཇུག་པ་མི་ཞན་པས་རུང་བར་བྱ་བ་ནི་འདི་ཡིན་ཏེ། བདག་ནི་བསླབ་པ་རྣམས་ལ་མི་གུས་པ་མ་ཡིན་ནོ་ཞེས ་བྱ་བའི་བར་དུ་སྔ་མ་བཞི་ནོ།། འཇུག་པ་མི་ཞན་པ་རང་དབང་མེད་པ་རྣམས་ཀྱིས་རྗེསུ་མཐུན་པ་དང་བསླབ་པ་རྗེསུ་བསྲུང་བར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ཙམ་དུ་བསླབ་པ་རུང་བ་གང་ཅུང་ཟད་བཅས་སོ།། ་བདག་ནི་རང་བང་མེད་པ་སྟེ། ཅི་ལྟར་སངས་རྒྱས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། རུང་བའི་གནས་ཀྱི་ནང་དུ་བཅོས་པ་དང་། ཞག་ལོན་པ་ཡང་ཅི་བདེར་སྤྱད་པར་བྱ་སྟེ། རུང་བ་མ་ཡིན་པའི་དངོས་པོ་བསྒྲུབས་པའི་ཉེས་པར ་མི་འགྱུར་རོ།། རུང་བ་མ་ཡིན་པའི་བཞི་བཅུ་སྟེ། བླ་གབ་མེད་པ་དང་། སྒོ་ཁང་དང་། ཁྱམས་དང་། སྲོ་གང་དང་ཁྲུས་ཁང་དང་། རྒྱལ་པོའི་གཞི་དང་། མཆོད་རྟེན་གྱི་གཞི་དང་། མུ་སྟེགས་ཅན་གྱི་གཞི་དང་། ཁྱིམ་བདག་གི ་གཞི་དང་། དགེ་སློང་མའི་དབྱར་ཁང་དང་། འདི་རྣམསུ་ཟས་བཅོས་ན་ཉེས་བྱས་སོ།། གཙུག་ལག་ཁང་གི་སྐབས་རྒྱ་ཆེར་བརྗོད་པ་དག་ཇི་སྐད་བརྗོད་པ་བཞིན་དུ་མ་བྱས་ན་ཐམས་ཅད་དུ་ཉེས་བྱསོ།། ཞར་ལ་བརྗོད་པ་རྣམས་ནི ་རྫོགས་ཏེ། དགུས་མ་བརྗོད་པར་བྱའོ།། དགེ་སློང་དག་བཀྲི་བར་བྱའོ་ཞེས་བྱ་བ་ནི་འདི་གང་ཟག་གི་ཡིན་གྱི་དགེ་འདུན་གྱི་ནི་མ་ཡིན་ཞེས་དུས་གཞན་ན་རྩོད་པའི་ཉོན་མོངས་འབྱུང་བ་སྤང་བའི་ཕྱིརརོ།། དེ་ལ ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། ཚང་མ་གཏོགས་པར་ལྟུང་བ་གཞན་ནི་སྔ་མ་བཞིན་དུ་ནི་རྣམ་པར་དབྱེའོ།། སོ་སོར་ངེས་པའི་དགེ་འདུན་གྱིས་ཕྱིར་གཙུག་ལག་ཁང་རྩིག་པའི་ཡོ་བྱད་སྦྱར་བ་དང་དགེ་སློང་དག་བཀྲི་བར་བྱའོ།། ། ་མེ་ཁྲིད་ན་སྦོམ་པོའོ།། སྦྱིན་བདག་གིས་དགེ་སློང་ཐབ་ཀྲོལ་ཅན་དང་། ཁྱིམ་སུན་ཕྱུང་བ་དང་། བྱ་བ་དང་མི་ལྡན་པའི་དགེ་སློང་རྣམས་རང་གི་གཙུག་ལག་ཁང་ནས་བསྐྲང་པར་བྱའོ།། བྱ་བ་དང་ལྡན་པ་གཞན་དགུག་པར ་བྱའོ།། གལ་ཏེ་མི་འོང་ན་ག་གནས་པ་དེ་ཉིད་དུ་དེ་དག་གིས་ཡོ་བྱད་སྦྱར་བར་བྱའོ།། གལ་ཏེ་དགེ་བ་དག་བཀྲིར་མེད་ན་དེར་མི་སྲིད་པར་བརྟག་པའི་རྣམ་གྲངས་ཀྱིས་མ་བསྟན་པར་བྱས་ན་ལྟུང་བ་མེད་དེ། ཤེས་པ་ཆུང་བ ་དང་། ཐུན་པོའི་རྒྱུད་ཀྱིས་རུང་བར་བྱ་བ་ནི་དགེ་འདུན་ལ་བསྟན་པ་མ་བྱས་ཀྱང་ལྟུང་བ་མེ་དོ།། ཁ་ཅིག་ནཱ་རེ་དགེ་སློང་དག་བཀྲི་བར་འདོད་ལ། གལ་ཏེ་བག་མེད་པ་དང་། བརྗོད་དེ་མ་ཁྲིད་ན་བསྡམ་པར་བྱ་བའི་ཉེས་བྱསོ་ཞེའོ།། ། ་དགེ་འདུན་ལྷག་མ་བདུན་པའོ།། ། རྒྱལ་པོའི་ཁབ་ན་མཛའ་བོ་དང་ས་ལ་སྐྱེས་དག་གྱང་བུ་ནོར་དང་ཚེ་མ་ས་ཀྱི་ཁོ་ན་ཡོད་པས་དགེ་སློང་མ་མཛའ་མོས་དགེ་སློང་གྱང་བུ་ནོར་ལ་ཕམ་པར་འགྱུར་བས་གླེངས་ཏེ། ་རང་གི་ཚེ་བཞི་ཕུལ་ནས་ཚངས་པ་མཚུངས་པར་སྤྱོད་པའི་གཞིའི་དབང་དུ་མཛད་དེ། མི་བཟོད་པའི་ཉོན་མོངས་པས་བརྒྱད་པའོ།། ཞེ་སྡང་བར་ཞེས་བྱ་བ་ནི་ཞེ་སྡང་མ་སྤངས་པའོ།། ཁྲོས་ཤིང་ཞེས་བྱ་བ་ནི་ཞེ་སྡང་གིས་ཀུན ་ནས་དཀྲིས་པའོ།། གྱུར་ནས་ཞེས་བྱ་བ་ནི་དེ་གཞན་ལ་གནོད་པར་བྱ་བར་བསམས་པའོ།། གཞི་མེད་པ་ཞེས་བྱ་བ་ལ་གཞི་ནི་རྣམ་པ་གསུམ་སྟེ། མཐོང་བ་དང་ཐོས་པ་དང་། དོགས་པའོ།། དེ་མེད་པ་ནི་གཞི་མེད་པའོ།། ་སྐུར་ཅེས་བྱ་བ་ནི་བསྐུར་པ་བཏབ་པའོ།། རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ་ཞེས་བྱ་བ་ནི། གལ་ཏེ་གཞི་དང་བཅས་པར་གྱུར་ན་ནི་དགེ་འདུན་ལྷག་མར་མི་འགྱུར་རོ།། རྩོད་པ་ཞེས་བྱ་བ་ནི་འདིར་ལྟུང་བའི་རྩོད་པར་བཟུང་ངོ་།། ། ་དགེ་སློང་ཡང་ཞེ་སྡང་ལ་གནས་པ་ཞེས་བྱ་བ་ནི་འདུ་ཤེས་དེ་བཞིན་དུ་མ་ཡིན་པའོ།། འདུ་ཤེས་དེ་བཞིན་དུ་གྱུར་པ་ལ་ནི་ཁྲོས་ཏེ་སྨྲ་སོ་ཞེས་བྱ་བར་མི་འགྱུར་རོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གང་ཟག་རྣམ་པ་བཞི་སྟེ། ་དག་པ་དང་། དག་པོ་ལ་མ་དག་པ་ལྟ་བུའི་གཞི་དང་། མ་དག་པ་དང་མ་དག་པ་ལས་དག་པ་ལྟ་བུའི་གཞིའོ།། དེ་ལ་དང་པོ་གཉིས་ལ་སྐུར་པ་བཏབ་ན་གཞི་བཅུས་ལྟུང་བར་འགྱུར་ཏེ། མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས ་པ་ལ་མ་མཐོང་བ་ལ་སོགས་པར་འདུ་ཤེས་ཀྱང་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་སྨྲས་ན་ཚིག་དང་ཚིག་གིས་དགེ་འདུན་ལྷག་མའོ།། འདི་དག་ནི་གཞི་གསུམ་མོ།། ཐོས་ཀྱང་བརྗེད་པ་དང་། དོགས་ཀྱང་བརྗེད་ལ། བརྗེད་པར ་འདུ་ཤེས་བཞིན་དུ་མ་བརྗེད་དོ་ཞེས་ཟེར་བ་དེ་དག་ནི་གཉིས།། ཐོས་པ་ལ་ཡིད་ཆེས་པ་དང་ཐོས་པ་ལ་ཡིད་མ་ཆེས་ཀྱང་མཐོང་ངོ་ཞེས་ཟེར་བ་དག་ནི་གཞི་གཉིས།། ཐོས་པ་ལ་དོགས་པ་དང་ཐོས་པ་ལ་མི་དོགས ་པ་དང་། དེ་བཞིན་དུ་དོགས་པ་ལ་མཐོང་ངོ་ཞེས་ཟེར་ན། ཚིག་དང་ཚིག་གི་དངོས་གཞི་སྟེ། དེ་དག་ནི་གཞི་གསུམ་མོ།། གཞི་ལྔས་ལྟུང་བ་མེད་དེ། མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་མ་མཐོང་བ་ལ་སོགས་པར་འདུ ་ཤེས་པས་གོ་རིམ་བཞིན་དུ་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་ན་ལྟུང་བ་མེད་དོ།། དེ་དག་ནི་གཞི་གསུམ་མོ།། ཐོས་ལ་རྗེད་པ་དང་། དོགས་ལ་རྗེད་པ་ལས་མ་བརྗེད་པར་འདུ་ཤེས་ཏེ། མ་བརྗེད་དོ་ཞེས་ཟེར་བ་འདི་དག་ནི ་གཞི་གཉིས།། གཞན་ཡང་གང་ཟག་གཉིས་སྐུར་བ་བཏབ་ན། གཞི་བཅུ་གཅིག་གིས་ལྟུང་བར་འགྱུརརོ།། ལྟུང་བར་མི་འགྱུར་བ་ནི་གཞི་དྲུག་གོ།། མཐོང་བ་ལ་བརྗེད་པ་ཞེས་བྱ་བ་འདི་ནི་གཞི་པའི་འོག་དུ་བརྗོད་པར་བྱའོ།། གཞན ་ནི་དེ་དག་ཉིད།། གང་ཟག་དང་པོ་གཉིས་ལ་ནི་ལྟུང་བ་མེད་པས་མཐོང་བ་མེད་དོ།། ཁ་ཅིག་ན་རེ་མ་སྨྲས་ཀྱང་འདི་ལྟུང་བར་འགྱུར་ཏེ། འདི་ལྟ་སྟེ། ཆེ་བཞི་ལ་སྨྲས་པར་ཞེ་སྡང་གིས་ཅང་མི་སྨྲ་བར་དོན་དེ་སྟོན་པ་ལྟ་བུའོ་ཞེའོ།། ་སྤྲིང་ཡིག་གིས་དང་ལག་ཡིག་རྣམས་ཀྱིས་དང་། ལག་རྩིས་ཀྱིས་དང་། ཕོ་ཉ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། གཞན་གྱི་ཉེ་བར་སྟོན་པ་དང་། ཡི་གེར་བྲིས་པ་ལ་ཡི་གེར་བྲིས་པ་འདི་ལས་འདི་སྐད་འབྱུང་ངོ་ཞེས ་ཟེར་བ་དང་། སྨྱོན་པ་ལ་སོགས་པ་དང་། གླེན་པ་ལ་སོགས་པ་དང་། གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པ་རྣམས་དང་། སྔོན་དུ་ལྟུང་བ་འབྱུང་བ་ལ་སོགས་པ་དང་། བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་སྐུར་བ ་བཏབ་པ་དང་། དགེ་འདུན་གྱི་དབུ་སུ་ཕམ་པའི་ཆོ་སུ་འགྱུར་ཏོ་ཞེས་སྨྲས་ལ། གང་ཟག་གི་མིང་མ་ཕྱུང་བ་དང་། སྐུར་པ་བཏབ་ལ་སྐུར་པ་མེ་བཏབ་པར་འདུ་ཤེས་སམ། ཐེ་ཚོམ་ཟ་བ་དང་། འདི་ལྟ་སྟེ། ཁྲོས་ནས་འདི་སྐད་ཙོས་ཁྱོད ་ཕྱོགས་འདི་ལྟ་བུ་ཞིག་ན་འདི་ཞེས་བྱ་བ་ཞིག་དང་ལོག་པར་ཞུགས་ཏེ་མི་ཚངས་པར་སྨྲ་དོ་ཞེས་ཇི་ང་སྨྲ་འམ་ཞེས་ཟེར་བ་ལྟ་བུ་དང་། སྐུར་པ་མ་བཏབ་པར་སྐུར་པའི་འདུ་ཤེས་སམ། ཐེ་ཚོམ་ཟ་བ་འམ། འདི་ལྟ་སྟེ་ཁྲོས་ནས་ཁྱོད་ཚད ་པར་སྤྱོད་པའོ།། ཁྱོད་དགེ་སློང་ལས་ཡོངསུ་མ་ཉམ་སོ་ཞེས་བྱ་བ་ལྟ་བུ་དང་། མ་ནིང་གིས་སམ། མ་ནོང་ལ་འམ། མ་ནིང་མོས་སོ་ཞེས་ལྷན་ཅིག་སྐུར་པ་བཏབ་ན་ཐམས་ཅད་དུ་སྦོམ་པོའོ།། དགེ་སློང་མ་ལ་སོགས་པ་ནི་ཉེས་བྱས་སོ།། ་དགེ་སློང་ལ་དངོས་གཞིའོ།། ཁ་ཅིག་ན་རེ་དགེ་སློང་མ་ལ་སོགས་པ་ལ་ནི་ཉེས་པ་སྦོམ་པོའོ་ཞེའོ།། དགེ་སློང་གི་མཚམས་མེད་པ་ལྔས་སྐུར་པ་བཏབ་ན་དེ་དག་ཐམས་ཅད་དགེ་སློང་མ་ཡིན་པར་འགྱུར་བས་དངོས་གཞིའོ།། དེ་བཞིན ་དུ་ཉེས་པ་སྦོམ་པོའོ།། ལྟུང་བས་ན་ཡང་དགེ་སློང་མ་ཡིན་པས་གླེངས་ན་དགེ་འདུན་ལྷག་མའོ།། དགེ་སློང་མ་ལ་ཡང་དགེ་སློང་བཞིན་དུ་ལྟུང་བར་འགྱུར་རོ།། དགེ་སློང་མ་ལ་སོགས་པ་ལ་ནི་ཐམས་ཅད་དུ་ཉེས་བྱསོ།། དགེ་བསྙེན་གྱིས ་སྐུར་པ་བཏབ་ན་གསོལ་བའི་ལས་ཀྱིས་ལྷུང་བཟེད་ཁམ་དབུབ་པར་བྱའོ།། དེ་བཞིན་དུ་གཤེ་ཞིང་སྤྲོ་བ་ལ་ཡང་ངོ་།། དེ་དག་གི་ཁྱིམ་དུ་འགྲོ་བར་མི་བྱའོ།། སྟན་ལ་ལོངས་སྤྱད་པར་མི་བྱའོ།། བསོད་སྙོམས་ལ ་ལོངས་སྤྱད་པར་མི་བྱའོ།། ཆོས་བཤད་པར་མི་བྱའོ།། གསོལ་བཏབ་སྟེ་སེམས་མགུ་བར་བྱས་ན། གསོལ་བའི་ལས་ཀྱི་ལྷུང་བཟེད་སྒྲར་བཟློག་པར་བྱའོ།། ཁས་བླངས་པས་ཁས་མ་བླངས་པའི་ཁྱིམ་དུ་ལྷུང་བཟེད་ཁས་ཕུབ ་པ་ནི་ཁས་ཕུབ་པར་མི་ཆུད་དེ། དེ་བཞིན་དུ་བཟློག་པ་ལ་ཡང་ངོ་།། དེ་བཞིན་དུ་གནས་ནས་ཕྱུང་བ་ལ་སོགས་པ་ཐ་དད་པར་གནས་པའི་ཁྱིམ་རྣམསུ་ཁས་ཕུབ་པ་ཡང་ངོ་།། མཚམ་སུ་ཁྲི་ལ་སོགས་པ་བཞག་སྟེ། གསོལ་བ་གཅིག ་གིས་ཀྱང་ཁས་ཕུབ་པ་མང་དུ་བྱའོ།། དགེ་འདུན་ལྷག་མ་བརྒྱད་པའོ།། །། རྒྱལ་པོའི་ཁབ་དུ་མཛའ་བོ་དང་ས་ལས་སྐྱེས་དག་གི་རི་དྭགས་གཉིས་འཁྲིག་པ་བྱེད་པ་མཐོང་ནས་བག་ཙམ་གྱིས་དགེ་སློང་གྱང་བུ་ནོར ་ལ་སྐུར་པ་བཏབ་ཏེ། ཚངས་པ་མཚུངས་པར་སྤྱོད་པའི་གཞིའི་དབང་དུ་མཛད་ནས་མི་བཟོད་པའི་ཉོན་མོངས་པས་དགུ་པའོ།། གཞན་གྱི་ཆ་མ་ཡིན་པ་ཞེས་བྱ་བ་ལ་གཞན་ཞེས་བྱ་བ་ལ་མྱ་ངན་ལས་འདས་པའོ།། དེའི་ཆ་མ་ཡིན་པ ་ནི་ཕམ་པར་འགྱུར་བཞིའོ།། འདིས་ནི་གང་གི་ཕྱིར་རྣམ་པ་གཞན་གྱི་རྩོད་པ་དེ་སྟོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། རྣམ་པ་གཞན་དུ་འགྱུར་བའི་ཕྱིར་རོ།། དགེ་སློང་གིས་དགེ་སློང་ཕམ་པའི་ལྟུང་བ་བྱུང་བ་མཐོང་ལ་དེས་དེ་ལ་ལྟུང་བ་མེད ་པབར་མཐོང་བ་དང་། དེ་ལས་གཞན་པའི་ལྟུང་བ་མཐོང་བ་དང་། དེ་བཞིན་དུ་དགེ་འདུན་ལྷག་མ་ལ་དེས་དེ་ལ་ལྟུང་བ་མེད་པར་མཐོང་བ་དང་། ལྟུང་བ་དེར་མཐོང་བ་དང་། ལྟུང་བ་དེ་མ་ཡིན་པར་མཐོང་བ་དང་། དེ་བཞིན་དུ་ལྟུང་བ་དང ་སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་རྣམས་དང་། ཐམས་ཅད་ལ་འདུ་ཤེས་བསྒྱུར་ཏེ། བདག་གིས་དགེ་སློང་ཕམ་པའི་ལྟུང་བ་མཐོང་ངོ་ཞེས་སྨྲས་ན་ཐམས་ཅད་དུ་དགེ་འདུན་ལྷག་མའོ།། ཕམ་པ་བྱུང་བ་བདེན་པ ་ལ་ནི་ལྟུང་བ་མེད་དོ།། དགེ་འདུན་ལྷག་མ་དགུ་པའོ།། །། རྒྱལ་པོའི་ཁབ་དུ་ལྷས་སྦྱིན་གྱིས་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་རྫུ་འཕྲུལ་མངོན་པར་བསྒྲུབས་ནས་མ་སྐྱེས་དགྲ་མགུ་བར་བྱས་ཏེ། དེ་བཞིན་གཤེགས་པའི ་ཉན་ཐོས་ཀྱི་དགེ་འདུན་གསོལ་བ་དང་། མ་ཐོབ་བོ།། གྲོགས་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བ་བྱ་དང་། ཀ་ཏ་མོ་ཀ་ཏི་ཤ་དང་། རྒྱ་མཚོས་བྱིན་དང་། བསྡོངས་ནས་བཟློག་ཀྱང་དགེ་འདུན་གྱི་དབྱེན་བྱེད་པར་བརྩམས་པས་དགེ་འདུན་གྱི ་གཞིའི་དབང་དུ་མཛད་དེ། ཞེས་བྱ་བ་ལོག་པར་རྟོགས་པའི་ཉོན་མོངས་པ་བཅུ་དང་བཅུ་གཅིག་པ་བཅསོ།། མཐུན་པ་ཞེས་བྱ་བ་ནི་རྟགས་དང་། ལེས་དང་ཚུལ་ཁྲིམས་དང་། ལྦུ་བ་དང་ཆོ་ག་དང་། འཚོ་བ་དང་། རྣམ་པ་དྲུག་མཐུན ་པས་རོ་གཅིག་དུ་གྱུར་པའོ།། དགེ་འདུན་ཞེས་བྱ་བ་ནི་དགེ་འདུན་དགུ་སྟེ། ངོ་ཚ་མེད་པའི་དགེ་འདུན་དང་། ངོ་ཚ་ཤེས་པའི་དགེ་འདུན་དང་། ངོ་ཚ་མེད་པ་དང་། ངོ་ཚ་ཤེས་པའི་དགེ་འདུན་དང་། རིགས་པའི་དགེ་འདུན་དང་། མི་རིག ་པའི་དགེ་འདུན་དང་། རིགས་པ་དང་མི་རིགས་པའི་དགེ་འདུན་དང་། མ་གྲོལ་བའི་དགེ་འདུན་དང་། གྲོལ་བའི་དགེ་འདུན་དང་། གྲོལ་བ་དང་མ་གྲོལ་བའི་དགེ་འདུན་ནོ།། གང་དབྱེ་བའི་ཕྱིར་ཞེ་ན། དང་པོ་དང ་ཐ་མ་གཉིས་མ་གཏོགས་ཏེ། ལྷག་མ་རྣམསོ།། དང་པོ་པ་ནི་བྱེ་ཟིན་པ་ཉིད་དོ།། ཐ་མ་གཉིས་ནི་མི་ཕྱེད་དོ།། དབྱེ་བའི་ཕྱིར་ཞེས་བྱ་བ་ནི་རྟགས་དང་འཚོ་བའི་བར་དུ་ཐ་དད་དུ་བྱ་བའི་ཕྱིར་རོ།། འདི་ལྟར་ངེས་འབྱེད་པར་བྱེད་པའི་བསླབ ་པའི་གཞི་ལྔ་བཅས་ཏེ། ཞོ་དང་འོ་མ་མི་བཏུང་སྟེ། བེའུ་ལ་གནོད་པའི་ཕྱི་རོ་ཞེས་བྱ་བ་དང་། ཤ་མི་བཟའ་སྟེ། དེའི་གཞི་ལས་སྲོག་ཆགས་གསད་དགོས་པའི་ཕྱིར་རོ།། ལན་ཚ་མི་བཟའ་སྟེ། ཁུ་བ་ལས་གྱུར་པའི་ཕྱིརརོ།། རས་ཁ་ཚར ་བཅད་པ་མི་བགོ་སྟེ། སྐྱེས་བུའི་རྩ་ལ་བཅོམ་པའི་ཕྱིར་རོ།། དགོན་པར་གནས་པར་མི་བྱ་སྟེ། དེ་ལྟར་བྱས་ན་སྦྱིན་པའི་ཆོས་ལ་ལོངས་སྤྱོད་པ་མ་ཡིན་པའི་ཕྱིརརོ་ཞེས་བྱའོ།། བརྟུལ་བ་ཞེས་བྱ་བ་ནི་དབྱེ་བར་བྱ་བའི་ཕྱིར་བརྩོན་པའོ།། ་འབྱེད་པར་གྱུར་པའི་རྩོད་པ་ཞེས་བྱ་བ་ནི་གང་གི་ཚེ་དབྱེ་བར་གྲོས་བྱེད་པ་དང་། གྲོགས་ཀྱང་སྡུད་པའོ།། དེས་ནི་དགེ་འདུན་ཅི་འདྲ་བ་བྱེ་བ་དང་། ཇི་ལྟར་བྱེ་བའི་ལྟུང་བ་དེ་ཡོངསུ་བསྟན་ཏོ།། ཅི་འདྲ་བ་ཞེས་བྱ་བ་ནི་མཐུན་པའོ།། ཇི ་ལྟར་ཞེས་བྱ་བ་ནི་དབྱེ་བར་བྱ་བའི་ཕྱིར་རྩོད་པ་ལ་ཞུགས་པ་རྣམསོ།། འདི་སྐད་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བར་བྱ་བ་སྟེ། དགེ་འདུན་ནམ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་ཐམས་ཅད་ཀྱིས་གསོལ་བའི ་ལས་མི་དགོས་པར་གཅིག་གིས་གཅིག་བསྟན་པའི་ཚིག་གིས་བཟློག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དགེ་འདུན་མཐུན་པ་ཞེས་བྱ་བ་ནི་མཐུན་པ་རྣམ་པ་དྲུག་གིསོ།། མི་ཕྱེད་ཅེས་བྱ་བ་ནི་ཟང་ཟིང་ལ་ལོངས་སྤྱོད་མཐུན་པའོ།། ་ཀུན་ཏུ་དགའ་ཞེས་བྱ་བ་ནི་དགེ་བའི་ཕྱོགས་མངོན་པར་འཕེལ་བ་ལ་དགའ་བའོ།། མི་རྩོད་ཅེས་བྱ་བ་ནི་ཕན་ཚུན་ལྟ་བ་དང་། འདོད་པ་མི་མཐུན་པའི་རྩོད་པ་ཡོངསུ་སྤངས་པའོ།། མཆོག་གཅིག་ཅེས་བྱ་བ་ནི་སེམས་མཉམ ་པར་མ་བཞག་པ་མཉམ་པར་བཞག་པར་བྱ་བ་དང་། མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱ་བར་སྦྱོར་བའོ།། འདོན་པ་གཅིག་ཅེས་བྱ་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པ་ཡན་ལག་བཅུ་གཉིས་འདོན ་པ་མཐུན་པ་དང་། གཅིག་ལ་གཅིག་འདོམས་པའོ།། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ཞེས་བྱ་བ་ནི་གཞན་དུ་བཀྲིར་མི་བཏབ་པའོ།། སྟོན་པའི་བསྟན་པ་གསལ་བར་བྱེད་པ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་གཏི ་མུག་འདུལ་བ་རབ་ཏུ་སྟོན་པའོ།། བདེ་བ་ལ་རེག་པར་གནས་པར་འགྱུར་ཞེས་བྱ་བ་ལ། དེ་ལ་བདེ་བ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་བདྲི་བར་གནས་པ་རྣམ་པ་བཞི་སོ།། རེག་པ་ཞེས་བྱ་བ་ནི་དེ་ལ་བརྟེན་པའི་ཡོན་ཏན་འབྲས་བུ། ་ལ་སོགས་པའོ།། ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལསོ།། དུས་གཞན་གྱི་ཚེ་བྱའི་དུས་དེ་ཉིད་ཀྱི་ཚེ་ནི་མ་ཡིན་ནོ།། ཧ་ཅང་བསྡུས་པ་དང་རྒྱས་པ་མ་ཡིན་པའི་ཕྱིར་ལན་གཉིས་ལན་གསུམ་མོ།། ་ཡང་དག་པར་བསྒོ་བར་བྱ་ཞེས་བྱ་བ་ནི་ཀུན་འདྲི་བའོ།། ཡང་དག་པར་བསྟན་པར་བྱ་ཞེས་བྱ་བ་ནི་བཟློག་པར་བྱ་བའོ།། དགེ་འདུན་ལྷག་མ་བཅུ་པའོ།། ། གཉིས་པ་ལ་ནི་ཡི་གེའི་དོན་ཉེ་ཅེའོ།། ་དགེ་ཡང་རུང་ཞེས་བྱ་བ་ནི་འདི་ཕན་པའོ།། སྡིག་ཀྱང་རུང་ཞེས་བྱ་བ་ནི་འདི་མི་ཕན་པའོ།། ཆོས་སྨྲ་བ་ཞེས་བྱ་བ་ནི་ཡི་གེ་ཕུན་སུམ་ཚོགས་པ་སྨྲ་བའོ།། འདུལ་བ་སྨྲ་བ་ཞེས་བྱ་བ་ནི་དོན་ཕུན་སུམ་ཚོགས་པར་སྨྲ་བའོ།། རྣམ ་གྲངས་གཞན་དུ་ན་ཡང་དག་པའི་དོན་དང་ལྡན་པར་སྒྲུ་བས་ན་ཆོས་སྨྲ་བའོ།། འཇམ་ཞིང་འཇའ་བ་ལྟར་སྨྲ་བའི་ཕྱིར་འདུལ་བ་སྨྲ་བའོ།། འདི་ནི་ཤེས་བཞིན་སྨྲའི་ཞེས་བྱ་བ་ནི་རྟོགས་ན་ཡིན་གྱི་མ་རྟོགས་པར་མ་ཡིན་པའི།། ་ལ་བདག་ཅག་ཀྱང་འདོད་སྟོད་ཞེས་བྱ་བའི་བར་གྱིས་ནི་དགུག་པ་དང་། བཞག་པ་དང་། བློ་གཅིག་པ་ཡིད་བསྒྱུན་ཏོ།། ཚེ་དང་ལྡན་པ་དག་ཁྱེད་ཅག་མུ་སྨྱེ་ཅྀག་ཅེས་བྷྱོ་བ་ནི་དགག་པའོ།། ཆོས་སྐྱེ་བ་ཞེས་བྱ་བ་ནི་བཞག ་བདག་ཅག་ཀྱང་རྗེས་བྱ་བ་ནི་བློ་གཅིག་པའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་ཅུང་ཟད་བརྟུལ་བ་ཐམས་ཅད་དུ་ཉེས་བྱས་སོ།། བཞམས་ཏེ་བསྒོ་བའི་ཚེ་མི་གཏོང་ན་ཉེས་བྱས་སོ།། གསོལ་བ་བྱེད་པ་དང་། ལུས་བརྗོད ་པ་དང་པོ་དང་གཉིས་པོའི་ཚིག་རྫོགས་ན་སྒྲམ་ཐོ་སྦྱོ་རེ་རེའོ།། གསུམ་པ་རྣམས་རྫོགས་ཏེ་ཆོས་དྲི་རྩ་བ་དང་འཇུལ་བ་ཇི་ལྟ་བ་བཞིན་དུ་བསྒོན་དངོས་གནའོ།། གལ་ཏེ་མཐུན་པ་རྣམས་དང་ཆོས་མ་ཡིན་པས་བསྒོ་བར་བྱེ་། ་ལྟུང་བ་མེད་དོ།། མི་མཐུན་པ་རྣམས་དང་ཆོས་ཀྱིས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ།། ཆོས་མ་ཡིན་པས་མི་མཐུན་པ་རྣམས་དང་། ཆོས་མ་ཡིན་པ་ལྟར་བཅོས་པས་མཐུན་པ་རྣམས་དང་། ཆོས་ལྟར་བཅོས་པས་མི་མཐུན་པ ་རྣམས་དང་། བཞམས་ཏེ་བསྒོ་བས་བསྒོ་བར་མི་བྱེད་ན་ལྟུང་བ་མེད་དོ།། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བར་མི་བྱེད་ན་ལྟུང་བ་མེད་དོ།། དེས་དེ་ཉིད་དུ་ལྟུང་བ་དེ་མཐོལ་བར ་བྱའོ།། རྣམ་པ་གཞན་ན་དེའི་འོག་ཏུ་གསོལ་བ་ལ་སོགས་པའི་ལས་ཉམསུ་མྱོང་ན་ཐམས་ཅད་དུ་ཉེས་བྱསོ།། ཚིག་ཏུ་མི་སྨྲ་ན་ཡང་འདི་ལྟུང་བ་སྟེ། གལ་ཏེ་ཐམས་ཅད་འདོད་དོ་ཞེས་སྨྲས་ན་ཁས་ལེན་པའོ།། དབྱེ་བར་མ་ཞུགས ་བ་ལས་དབྱེ་བར་འདུ་ཤེས་པ་ལ་སྦོམ་པོའོ།། འདི་ལྟ་སྟེ་དཔེར་ན་དབྱེ་བར་འདོད་ལ་དབྱེ་བ་དང་རྗེསུ་མཐུན་པར་སྨྲས་པ་ལྟ་བུའོ།། དབྱེ་བར་ཞུགས་པ་ལ་དབྱེ་བར་ཞུགས་པར་འཇོ་ཤེས་པ་ལ་དངོས་གཞིའོ།། དབྱེ་བར་ཞུགས ་པ་ལ་དབྱེ་བར་མ་ཞུགས་པར་འདུ་ཤེས་པ་ལ་ལྟུང་བ་མེད་དོ།། འདི་ལྟ་སྟེ་དཔེར་ན་དབྱེ་བར་མི་འདོད་ལ། དབྱེ་བ་དང་རྗེ་སུ་མཐུན་པར་སྨྲས་པ་ལྟ་བུའོ།། དབྱེ་བར་མ་ཞུགས་པ་ལ་དབྱེ་བར་མ་ཞུགས་པར་འདུ་ཤེས་པ་ལ་ལྟུང ་བ་མེད།། ཐེ་ཚོམ་ཟ་བ་སྦོམ་པོའོ།། ཅིའི་ཕྱིར་སྦྱོར་བ་མ་བཏང་བར་ལྟུང་བར་བཞག་ལ། དགེ་འདུན་དབྱེ་ཟིན་ནས་མ་ཡིན། དགེ་འདུན་དབྱེ་ཟིན་ནས་ནི་གང་ཟག་དེ་མཚམས་མེད་པ་བྱེད་པ་ཡིན་པས་བསྙིལ་བར་འོས་པ ་ཡི་ནོ་ཞེས་གསུང་སོ།། དེ་བས་ན་དུས་དེ་ལ་དགེ་འདུན་ལྕུག་མར་མི་གཞག་གོ།། ལྟུང་བ་བྱུང་གི་འོག་ཏུ་གཟུགས་ཅན་སྙིང་པོ་གསོད་དུ་བཅུག་ཅེས་གླུག་གོ།། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པ་མ་ཡིན ་པ་ཡང་ཡོད་དེ་མུ་བཞིའོ།། དབྱེ་བར་བྱེད་པའི་གཞི་ཉེ་བར་བཞག་པ་ནི་ཐ་དད་པའོ།། དགེ་འདུན་བྱེ་བ་ལ་དགེ་འདུན་རྣམ་པར་གནས་པ་མ་ཡིན་པ་ཡང་ཡོད་དེ་མུ་བཞིའོ།། མཚམས་ཐ་དད་དུ་གནས་པའི་ཕྱིར་དགེ་འདུན ་རྣམ་པར་གནས་པའོ།། དགེ་འདུན་བྱེ་བ་ལ་དགེ་འདུན་གནས་ཐ་དད་པ་ཡང་མ་ཡིན་པ་ཡང་ཡོད་དེ་མུ་བཞིའོ།། གནས་ཐ་དད་པ་ནི་ཐ་དད་པའོ།། གང་ན་རང་བཞིན་དུ་གནས་པའི་དགེ་སློང་དགུ་ཡོད་པ་དེར་དགེ་འདུན ་གྱི་དབྱེན་འབྱུང་ངོ་།། གང་ན་གཅིག་ཡོད་པ་ནས་བརྒྱད་ཀྱི་བར་དུ་འཁོད་པ་དེ་ལྟར་ནི་མི་འབྱུང་ངོ་།། ཇི་ཙམ་གྱི་དགེ་འདུན་བྱེ་བར་འགྱུར་ཞེ་ན། གང་གི་ཕྱིར་དགེ་སློང་བཞི་དགེ་འདུན་གྱིས་དབྱེན་བྱེད་པའི་རྗེས་ཕྱོགས་པའོ།། ། ་བསླབ་པ་བྱིན་པ་ལ་སོགས་པས་ཚུལ་ཤིང་བྲིམས་པ་དང་། དང་པོ་འཁྲུགས་པ་ལ་ནི་དགེ་འདུན་གྱི་དབྱེན་དུ་མི་འགྱུར་རོ།། བཞད་གང་དབྱེ་བའི་ཕྱིར་ཚུལ་ཤིང་ལེན་དུ་བཅུག་གམ་གསོལ་བ་བྱེད་ན་སྦོམ་པོའོ།། ། ་གལ་ཏེ་དགེ་འདུན་ཐམས་ཅད་ཀྱི་ལས་བྱེད་པ་ལ་གནང་བ་བྱིན་ན་ཐམས་ཅད་དུ་སྦོམ་པོ་སྟེ། དགེ་འདུན་བྱེ་བ་ནི་མ་ཡིནོ།། དགེ་འདུན་བྱེ་བ་གཞན་གྱི་ཕྱོགས་རྣམས་མཚམས་ན་གནས་ཀྱང་མི་མཐུན་པ་མེད།། ། ་གསོ་སྦྱོང་བྱ་བ་ལ་སོགས་པ་གཞན་དང་ཐ་དད་དུ་གནས་པའི་ཕྱིར་ཆོས་སྨྲ་བས་མཚམས་བཤིག་ན་བཤིག་པ་ཡིན་ནོ།། སྐམ་ལ་གནས་པ་རྣམས་ནི་བདག་ཉིད་ཆོས་ཀྱི་ཕྱོགསུ་ཡང་འགྲོ་བར་མི་བྱ། ཆོས་མ་ཡིན་པའི་ཕྱོགས ་སུ་ཡང་མ་ཡིན་ཏེ། མཚམས་ཀྱི་ཕྱི་རོལ་ཏུ་དོང་སྟེ་གསོ་སྦྱོང་ལ་སོགས་པ་བྱའོ།། ཆོས་སླུ་བ་རྣམས་ཀྱིས་དགེ་སློང་མ་རྣམས་ལ་གདམ་པར་བྱའོ།། དེ་མེད་ན་གཟུ་བོ་སྐམ་ལ་གནས་པ་རྣམས་ཀྱི་མཚམས་ཀྱི་ཕྱི་རོལ་དུ་དོང་སྟེའོ།། ་གཟུ་བོ་སྟེ་ཕྱོགས་གཉི་གར་མ་ལྷུང་བ་ནི་སྐམ་ལ་གནས་པ་ཞེས་བྱའོ།། དགེ་སློང་མའི་དགེ་འདུན་བྱེ་ན་རྗེསུ་བསྟན་པར་མི་བྱ་སྟེ། སྲིང་མོ་དག་རེ་ཞིག་མཐུན་པར་གྱིས་ཞེས་བསྒོ་བར་བྱའོ།། དགེ་སློང་མ་རྣམས་ལོགས་ཤིག་ཏུ ་འཁོར་ལོ་འཛུགས་ན་སྦོམ་པོའོ།། དགེ་ཚུལ་ལ་སོགས་པ་སྨ་ཕབ་པ་ལ་ཕན་འདོགས་སམ་སྡུད་ན་འཁོར་འབྱེད་པས་སྦོམ་པོའོ།། གྲོང་ཁྱེར་ཀཽ་ཤཾ་བི་པ་རྣམས་ཕྱོགས་གཉིསུ་གནས་ཀྱང་དེ་ལ་མི་གནས་པས་དགེ་འདུན་བྱེ ་བ་མ་ཡིན་ནོ།། དགེ་འདུན་ལྷག་མ་བཅུ་གཅིག་པའོ།། འདུལ་བ་བསྡུས་པ། བམ་པོ་བཞི་པ།། །། གླེང་གཞི་ནི་མཉན་ཡོད་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དང་དགེ་སློང་མ་ཁྱིམ་སུན་ཕྱུང་བ་རྣམས་ལ་གསོལ་བ་དང ་བཞིའི་ལས་ཀྱིས་བསྐྲད་པའི་ལས་བྱའོ་ཞེས་གསུངསོ།། མི་གནས་པ་ནི་བསྐྲད་པའོ།། དགེ་སློང་དང་དགེ་སློང་མ་འཐབ་ཀྲོལ་བྱེད་པ་འདིས་བསྡིགས་པས་གལ་ཏེ་ཕྱིར་མི་ལྡོག་ན་ཁྱོད་དེ་དགེ་འདུན་གྱིས་རྟོག་ཏུ་གཞུག་སྟེ། ་དེ་ལྟར་བསྡིགས་པར་བྱའོ།། གང་ལྟུང་བ་བྱེད་པ་དེ་ལ་ཁྱོད་ནི་དགེ་འདུན་གྱིས་ཆོས་ཇི་ལྟ་བ་བཞིན་དུ་བྱེད་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ།། རྣམ་པར་གཏན་ལ་འབེབས་པར་བྱེད་བྱས་བྱུང་བའི་རྩོད་པ་རྣམས་ལ་ནི ་མི་བྱ་སྟེ། སློབ་དཔོན་ལ་སོགས་པས་བཟློག་པར་བྱའོ།། ཡང་ན་རྩོད་པ་ཞི་བར་བྱ་བས་ཞི་བར་བྱའོ།། དགེ་སློང་ལྟུང་བ་རྒྱུན་ཏུ་འབྱུང་བ་དང་། དེ་ལས་གཞན་པ་དག་ལ་ཡང་འདིས་སྨད་པའི་ཕྱིར་ཇི་སྲིད་དུ་མི་ལྡོག་པ་དེ་སྲིད་དུ ་གནས་བཅའ་བར་བྱའོ་ཞེས་སྨང་བར་བྱའོ།། དགེ་སློང་ཁྱིམ་བདག་ལ་བརྙས་ཐབས་བྱེད་པ་དང་། དགེ་སློང་དང་། དེ་ལས་གཞན་པ་དག་ལ་བརྙས་ཐབས་བྱེད་པ་ལ་ནི་ཕྱིར་འགྱེད་པར་བྱའོ།། དེས་ཁྱིམ་བདག་གམ་གཞན ་ཡང་རུང་བཟོད་པ་གསོལ་བར་བྱའོ།། དེ་ཉིད་ཕྱིར་འགྱོད་པ་བྱས་ནས་དེ་ཉིད་ཀྱི་ཚེའོ།། ལྟུང་བ་མ་མཐོང་བ་དང་། ཕྱིར་བཅོས་པའི་ལས་མི་བྱེད་པ་དང་། ལྟ་བ་མི་སྟོང་པ་ནི་དགེ་འདུན་གྱི་ནང་ནས་ཐ་དད་དུ་བྱ་བའི་ཕྱིར་གནས ་ནས་དབྱུང་བར་བྱའོ།། གནས་ནས་ཕྱུང་བས་གནས་ནས་འབྱིན་པར་བྱེད་པའི་མཐུ་དང་གྲོགས་ཀྱི་མཐུ་ཤེས་ནས་དགེ་འདུན་དང་འཐབས་པར་གྱུར་པ་སྤང་བའི་ཕྱིར་ལྟུང་བ་ཆོས་བཞིན་དུ་ཕྱིར་བཅོས་པར་བྱའོ།། གནས ་ནས་འབྱིན་པར་བྱེད་པས་གནས་ནས་ཕྱུང་བའི་རྣམ་པ་དེ་ལྟ་བུ་རིག་ནས་མི་འདོད་ན་གླེང་བར་མི་བྱ། དྲན་པར་མི་བྱའོ།། དེ་ལྟ་བུ་གནས་ནས་འབྱིན་པར་བྱེད་ན་སྦོམ་པོའོ།། དེ་དག་ཀྱང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ ་དང་། མ་མོ་འཛིན་པ་དང་། མང་དུ་ཐོས་པ་དང་། ཕྱོགས་མང་བ་དང་། གཡོག་འཁོར་མང་བྱཱ་དདྱ། ཤེས་པ་དང་། བསོད་ནམས་ཆེ་བའོ།། རྒོལ་བ་དང་། ཕྱིར་རྒོལ་བ་ཁྱིམ་གྱི་ནང་དུ་སྟཱཥཱ་བྱཱནྟ་མྱཱ་སྭཱ་བྱཱཞྭག་པ་ལ་འདུག་པར་བྱའོ།། ་བར་མ་ལ་གཟུ་བོ་བཞག་པར་བྱའོ།། དེའི་ཚེ་གཟུ་བོས་མཚམས་ཀྱི་ཕྱི་རོལ་ཏུགསོ་སྦྱོང་བྱའོ།། ཕྱོགས་གཞན་དང་གལ་ཏེ་གསོ་སྦྱོང་བྱས་ན་བྱས་པ་ཉིད་དེ། དེ་ལ་ཉེས་བྱས་ཀྱི་ལྟུང་བ་ཡོད་དོ།། ཕྱོགས་གཞན་གྱིས་ཕྱོགས་གཞན ་ལ་བྱས་ན་བྱས་པ་མ་ཡིན་ནོ།། ལས་འདི་དག་ནི་གླེང་བ་མ་བྱས་པ་དང་། དྲན་པར་མ་བྱས་པ་དང་། གཞི་མེད་པ་དང་། ལྟུང་བ་མོ་བྱུང་བ་དང་། ཁས་མི་ལེན་པ་དང་། དགེ་འདུན་གྱི་ནང་དུ་ཁས་མི་ལེན་པ་དང་། མངོན་སུམ་དུ་མ་གྱུར། ་པར་བྱས་ན་ཆོས་མ་ཡིན་པ་སྟེ། དགེ་འདུན་ལ་ཉེས་བྱསོ།། བཟློག་པ་ནི་ཆོས་དང་ལྡན་པའོ།། དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་ཁས་ལེན་ན་ཁས་བླངས་པར་ལྟ་བར་བྱའོ།། ཇི་སྐད་བསྟན་པའི་ལས་བྱས་པ་རྣམས་ཀྱིས ་ཀུན་ཏུ་སྤྱོད་པ་ནི་རབ་ཏུ་དབྱུང་བར་མི་བྱའོ།། བསྙེན་པར་རྫོགས་པར་མི་བྱའོ།། གནས་སྦྱིན་པ་དང་། དགེ་ཚུལ་ཉེ་བར་བཞག་པར་མི་བྱའོ།། དགེ་སློང་མ་ལ་གདམས་ངག་དབོག་པར་མི་བྱའོ།། དེ་ས་གདམས་ངག་དབོག་པ ་བསྒོ་བར་མི་བྱའོ།། དགེ་སློང་མ་ལ་གླེང་བར་མི་བྱའོ།། གདམས་ངག་ལ་སོགས་པ་བཞག་པར་མི་བྱའོ།། དེ་ཆོས་ཉི་ཤུ་དང་ལྡན་ན་མི་གཏོང་སྟེ། ང་རྒྱལ་མི་གཏོང་བས་དགེ་འདུན་ལ་སྤུ་མི་རྙོལ་བ་དང་། ཆད་པའི་ལས་ཇི་སྐད་བསྟན ་པ་རྣམས་མི་གཏོང་བས་འབྱུང་བར་མི་སྐྱོད་པ་དང་། ཅི་ལྟར་འོས་པ་བཞིན་དུ་མཆོད་པའི་ཆོ་གས་གདུང་བར་མི་སྟོན་པ་དང་། མཚམས་ཀྱི་ནང་དུ་གནས་ལ་དབྱུང་བར་གསོལ་བ་མི་འདེབས་པ་དང་། ཇི་ལྟར་བྱས ་པའི་ཉེས་པ་ལས་མི་ལྡོག་པ་དང་། རྒྱལ་པོ་དང་བསྐོས་པ་འདུལ་བའི་ས་དང་། མུ་སྟེགས་ཅན་དང་། གང་ཟག་ལ་སྟོན་པ་དང་། དགེ་འདུན་ལ་མི་སྟོན་པ་དང་། ཁྱིམ་པ་དང་ཀླུ་སྟེགས་ཅན་གྱི་རྒྱལ་མཚན་ཐོགས་པ་དང་། མུ ་སྟེགས་ཅན་ལ་བརྟེན་པ་དང་། ལྟུང་བ་ཀུན་ཏུ་སྤྱོད་པ་དང་། དགེ་སློང་གི་བསླབ་པ་ལ་མི་སྐྱོབ་པ་དང་། དགེ་སློང་རྣམས་ལ་གཤེ་བ་དང་། ཁྲོ་བ་དང་། འཚང་འབྲུ་བ་དང་། དགེ་བསྙེན་གྱི་རྙེད་པ་མེད་པར་བྱེད་པ་དང་། གནས ་མེད་པར་བྱེད་པ་སེམས་པ་སྟེ། འདི་དག་ལས་བཟློག་པ་ཉི་ཤུ་དང་ལྡན་ན་བཟོད་པ་གསོལ་བར་བྱ་སྟེ། འདི་ལྟར་རྣམ་པར་གནས་སོ།། དེ་བཞིན་གཤེགས་པའི་བཀས་འཕགས་པ་ཀུན་དགའ་བོ་དང་། གྲོགས་དགེ་སློང ་གནས་བརྟན་གྱིས་ལམ་གྱི་བར་དུ་གླེང་བ་པོ་ཆོས་ལྔ་དང་ལྡན་པ་བསྐོས་ཏེ། རེ་ལྡེ་རི་ལ་འགྲོ་མགྱོགས་དང་ནབ་སོ་ཁྱིམ་སུན་ཕྱུང་བ་བསྐྲད་པའི་ལས་བྱས་པ་དང་། དེ་དག་དང་མཉམ་དུ་སྤྱོད་པ་དམར་སེར་ཅན་དག་གིས ་ལམ་དུ་ཐོས་ནས་མཉན་ཡོད་དུ་དོང་སྟེ་ལྟུང་བ་ཆོས་བཞིན་དུ་བྱསོ།། དེ་དག་གིས་དེ་དག་མཐོང་ནས་ཚེ་དང་ལྡན་པ་ལས་བྱེད་པ་ནི་འདུན་པས་འགྲོ་བ་སྟེ། ལྟུང་བ་འདྲ་བ་ལས་ངང་ལ་ནི་བྱས། འདི་དག་ལ་ནི་མ་བྱས་སོ།། ཞེས ་ཟེར་རོ།། དེ་དག་ལ་དགེ་སློང་རྣམས་ཀྱིས་བཟློག་པའི་ཕྱིར་བཞུམས་ཏེ་བསྒོ་བ་དང་། གསོལ་བ་དང་བཞིའི་ལས་ཀྱིས་ནི་མ་བཟློག་པས་ཟང་ཟིང་ལ་ལོངས་སྤྱོད་པའི་གཞིའི་དབང་དུ་མཛད་ནས་ཁྱིམ་ལ་སེར་སྣ་བྱེད་པའི་ཉོན ་མོངས་པས་བཅུ་གཉིས་པ་བཅསོ།། གྲོང་ཞེས་བྱ་བ་ནི་གང་ན་ཚོད་ཁང་དང་ར་བས་བསྐོར་བ་ལ་སོགས་པ་མེད་པའོ།། གང་ནཱ་ར་བ་ལ་སོགས་པ་མེད་པ་དེ་ནི་གྲོང་རྡ་ལོ།། རྣམ་པའི་དོན་གྱིས་སམ?་ཞེས་བྱ་བའི་སྒྲས་ནི་གློང ་ཁྱེར་ཡང་བཟུང་སྟེ། གང་ན་ར་བ་ལ་སོགས་པ་ཡོད་པའོ།། ཁྱིམ་སུན་འབྱིན་པ་ཞེས་བྱ་བ་ནི་གཉིས་ཀྱི་ཕྱིར་ཁྱིམ་རྣམ་སུན་འབྱིན་ཏེ། བདག་ཀྱང་སྡིག་པ་ལ་སྤྱོད་པ་དང་། གཞན་དག་ལ་ཡང་མི་སྙན་པོར་བརྗོད་པའི་ཕྱིར་རོ།། ། ་སྡིག་པ་ཀུན་ཏུ་སྤྱོད་པ་ཇི་ལྟ་བུ་ཞེ་ན། བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ལ་སོགས་པ་ལ་བརྟེན་པ་སྟེ་འདྲེ་བ་དང་། མེ་ཏོག་དང་འབྲས་བུ་ལ་སོགས་པ་སྦྱིན་པ་སྟེ་ལོངས་སྤྱོད་པས་སོ།། མི་སྙན་པ་སྒྲོགས་པ་ཅི་ལྟ་བུ་ཞེ་ན་དགེ་སློང ་རྣམས་ཀྱི་ཚུལ་ཁྲིམས་ལ་སོགས་པ་ལོག་པར་ཞུགས་པ་རྣམ་པ་བཞི་པོ་ཐམས་ཅད་ཀྱི་སྟེ། མི་སྙན་པར་སྒྲོགས་པའོ།། སྡིག་པའི་ཆོས་ཀུན་ཏུ་སྤྱོད་ཅེས་བྱ་བ་ནི་ཁྱིམསུ་ནུ་འབྱིན་པས་ཁ་ན་མ་ཐོ་བ་འཕེལ་བའོ།། མཐོང་ཞེས་བྱ ་བ་ནི་མིག་གི་རྣམ་པར་ཤེས་པསོ།། ཐོས་ཤེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པསོ།། རབ་ཏུ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་དེ་ལས་གཞན་པ་རྣམས་ཀྱི་སོ།། དེ་རྣམས་ཀྱིས་ནི་མཐོང་བ་དང་ཐོས་པ་དང་། དོགས ་པ་བསྟན་ཏོ།། དེངས་ཤིག་ཅེས་བྱ་བ་ནི་བསྐྲད་པར་བྱ་བའི་ལས་སྟོན་ཏོ།། འདུན་པས་འགྲོ་ཞེས་བྱ་བ་ནི་གང་དག་མ་སྐྲད་པ་དེ་དག་ལ་ཆགས་པས་འགྲོ་བའི་ཕྱིར་རོ།། ཞེ་སྡང་གིས་འགྲོ་བ་ཞེས་བྱ་བ་ནི་གང ་དག་བསྐྲད་པ་དེ་དག་ལ་ཞེ་སྡང་གི་ཀུན་ནས་དཀྲིས་པའི་ཕྱིརརོ།། གཏི་མུག་གིས་འགྲོ་ཞེས་བྱ་བ་ནི་གང་དགྲ་མ་སྨད་པ་དེ་དག་ལ་ཁྱིམ་སུན་ཕྱུང་བར་མི་ཤེས་པ་སྟེ་སློངས་པའི་ཕྱིརརོ།། འཇིགས་པས་འགྲོ་བ་ཞེས་བྱ་བ་ནི་མ་དོང ་པབཔ་དེ་དག་ཉིད་ལ་འཇིགས་པས་ལན་མི་བྱེད་པའི་ཕྱིརརོ།། ཁ་ཅིག་ནི་སྐྲོད་པར་མི་བྱེད་ཅེས་བྱ་བ་ནི་དམར་སེར་ཅན་ལ་སོགས་པའོ།། བསྒོ་བར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བར་བྱའོ།། ལན་གཉིས་ལན་གསུམ་ཞེས་བྱ་བ ་ནི་གསོལ་བ་དང་བཞིའི་ལས་ཀྱི་སོ།། ས་ལ་འདུག་པས་ན་མཁའ་ལ་འདུག་པ་འམ། བཟློག་པ་འམ་མཚམས་ཀྱི་ཕྱི་རོལ་ན་འདུག་སྟེ། བསྒོ་ན་བསྒོ་བ་མ་ཡིན་པའོ་ཞེས་བརྗོད་པར་བྱའོ།། གསོལ་བ་མ་བྱས་པར་ལས་བྱེད་ན་བསྒོ ་བ་མ་ཡིན་ནོ།། ཐོག་མ་ཉིད་དུ་འདུན་པས་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ན་ཉེས་བྱསོ།། བཞམས་ཏེ་བསྒོ་བའི་ཚེ་མ་བཏང་ན་ཡང་ཉེས་བྱས་ཉིད།། གསོལ་བའི་ཚེ་སྦོམ་པོའོ།། དེ་བཞིན་དུ་ལས་བརྗོད་པ་དང་པོ་རྫོགས ་པ་དང་། གཉིས་པ་དག་དང་། གསུམ་པ་རྣམས་རྫོགས་ལ་གལ་ཏེ་ཆོས་བཞིན་དུ་བསྒོ་ན་དགེ་འདུན་ལྷག་མའོ།། རྣམ་པ་གཞན་དུ་དགེ་འདུན་ལྷག་མའི་ལྟུང་བར་མི་འགྱུར་རོ།། འདུན་པས་འགྲོ་བ་རྣམས་ལ་འདུན་པས་འགྲོ། ་བ་མ་ཡིན་པར་འདུ་ཤེས་སམ། ཡིད་གཉིས་ཟ་བའི་འདུ་ཤེས་ན་ཡང་སྦོམ་པོའོ།། འདུན་པས་འགྲོ་བར་འདུ་ཤེས་པ་ལ་ལྟུང་བ་མེད་དོ།། འདུན་པས་འགྲོ་བ་མ་ཡིན་པ་རྣམས་ལ་དེར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང ་དགེ་འདུན་ལྷག་མའོ།། འདུན་པས་འགྲོ་བར་འདུ་ཤེས་པ་ལ་ཉེས་བྱས་སོ།། བསྐྲད་པས་ལས་མ་བྱས་པར་འདུན་པས་འགྲོ་བ་ཞེས་སྨྲས་ན་ཉེས་བྱསོ།། དགེ་འདུན་སུན་འབྱིན་པ་ལ་ལྟུང་བ་འདི་རྣམ་པར་བཞག་གི། རིགས་སུན ་འབྱིན་པ་ལས་མི་ལྡོག་པ་ལས་ནི་མ་ཡིན་ནོ།། ཁྱིམ་སུན་ཕྱུང་བ་ཞེས་བྱ་བ་ནི་འདིར་རྣམ་པ་གཅིག་ལ་ཡང་ལྟུང་བ་གཞི་ཇི་ལྟ་བ་བཞི་ནོ།། གཉིས་པ་ལ་ནི་ཡང་དག་པར་འདུ་ཤེས་ནའོ།། ཉོན་མོངས་པའི་སེམས་ཀྱིས་དགེ ་སློང་ཕྲ་མ་བྱེད་ན་ལྟུང་བའོ།། ཡང་དག་པ་མ་ཡིན་པར་འདུ་ཤེས་པ་ལ་ནི་བརྫུན་དང་ཕྲ་མའོ།། དགེ་འདུན་ལྷག་མ་བཅུ་གཉིས་པའོ།། །། གྲོང་ཁྱེར་ཀཽ་ཤཾ་བིར་འདུན་པའི་ཕྱིར་ཆོས་ལ་ལོངས་སྤྱོད་པར་གཞིའི་དབང ་དུ་མཛད་ནས། རང་དབང་མེད་པ་མི་བཟོད་པའི་ཉོན་མོངས་པས་བཅུ་གསུམ་པ་བཅསོ།། བཀའ་བློ་མི་བདེ་བའི་རང་བཞིན་ཅན་ཞེས་བྱ་བ་ནི་ཚིག་མི་བཟོད་པའོ།། གདོན་པར་གཏོགས་པ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་བརྗོད ་པའོ།། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་བཅས་པ་རྣམས་ཀྱིསོ།། ཆོས་དང་མཐུན་པ་ཞེས་བྱ་བ་ནི་མཐོང་བ་དང་། ཐོས་པ་དང་། དོགས་པའི་ཚིག་གི་ལམ་གསུམ་གྱིས།། ། ་འདུལ་བ་དང་མཐུན་པ་ཞེས་བྱ་བ་ནི་དུས་དང་། ཡང་དག་པཱ་དང་། དོན་དང་ལྡན་པ་དང་། འཛུམ་པོ་དང་མཛའ་བ་ལྟ་བུསོ།། དགེ་ཡང་རུང་། སྡིག་ཀྱང་རུང་ཞེས་བྱ་བ་ནི་འདི་ཕན་པ་དང་མི་ཕན་པ་སྟེ་གོ ་རིམ་བཞིན་ནོ།། ཁྱེད་ལ་ཡང་དག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བྱ་བ་ནི་ཚིག་གི་ལམ་བྱུང་བ་བཟློག་པའོ།། ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གིས་ལམ་ཐོང་ཤིག་ཅེས་བྱ་བ་ནི་མ་འོངས་པའི་དུས་ཀྱིས་ཚིག ་འགོག་པར་བྱེད་པའོ།། བདག་ལ་མ་སྨྲ་ཤིག་ཅེས་བྱ་བ་ནི་སྨྲས་པ་ཙམ་གང་ཡིན་པ་དེ་བཟོད་དོ་ཞེས་བྱ་བར་སྟོན་ཏོ།། གཅིག་ལ་གཅིག་བརྗོད་པར་བྱ་བ་ཞེས་བྱ་བ་ནི་སྐབས་དབྱེ་བའི་ཕྱིར་ཏེ། དེ་ལྟར་ན་སྨྲ་བར་འོས་པ ་ཡིན་ནོ།། གཅིག་ལ་གཅིག་འདོམས་ཤིང་རྗེ་སུ་སྟོན་ཅེས་བྱ་བ་ནི་ལྟུང་བ་ལས་གླེང་བའོ།། དེ་ཡང་ལྷའི་མིག་དང་རྣ་བས་མཐོང་ངམ་ཐོས་ནས་གླེང་བར་བྱ་བ་ནི་མ་ཡིན་ནོ།། མ་བསྐྱོས་པར་མ་ཡིན་ནོ།། དགེ་འདུན་གྱིས ་དབུས་མ་ཡིན་ནོ།། དགེ་འདུན་གྱི་དབུ་སུ་ལྟུང་བ་བྱེད་པ་ལ་གླེང་བ་ནི་ལྟུང་བ་མེདོ།། སུ་ལ་དབེན་པར་གླེངས་པ་ནི་མི་དྲན་ན་དེ་དྲན་པར་བྱའོ།། དྲན་ན་འཁྲུགས་པ་ལྟ་ན་སྐབས་བྱེ་ཞིག་ཅེས་བྱའོ།། གལ་ཏེ་མི་བྱེད་ན་མི་སྨྲ་བར ་བྱའོ།། དེ་བཞིན་དུ་ཡང་གཞན་ནས་གཞན་དུ་བྱེད་ན་གདམས་ངག་བཞག་པར་བྱའོ།། གསོ་སྦྱོང་དང་དགག་དབྱེ་བྱ་བ་ཡང་ངོ་།། དེང་གི་ཉི་མ་ལ་བདག་གིས་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་དགག་པར་བགྱི་སྟེ། མིང་འདི ་ཞེས་བྱ་བ་མཆིས་ན་དགེ་འདུན་གསོ་སྦྱོང་མི་མཛད་དོ་ཞེས་བྱ་བའོ།། དེ་བཞིན་དགག་དབྱེ་བྱ་བ་ལ་ཡང་ངོ་།། གལ་ཏེ་གཞི་མེད་པའི་ལྟུང་བའི་གནས་བྱས་ཀྱང་རུང་མ་བྱས་ཀྱང་རུང་། གཉི་ག་ཡང་རུང་། ལྷག་མ་དང་། བཅས་པ ་ཡང་རུང་། ལྷག་མ་མེད་པ་ཡང་རུང་སྟེ། གཞན་ན་ཆོས་མ་ཡིན་པས་བཞག་པ་ཡིན་ནོ།། ལྷའི་མིག་གིས་སམ། རྣ་བས་སམ་འོན་པ་ལ་འམ། མཐའ་འཁོབ་པ་ལ་འམ། ཁས་བླངས་པས་ཁས་མ་བླངས་པ་ལ་འམ། ་བཟློག་པའམ། ས་ལ་འདུག་པས་ན་མཁའ་ལ་འདུག་པ་ལའམ། བཟློག་པ་ལ་བཞག་ན་བཞག་པ་མ་ཡིན་པའོ།། ལྷག་མ་མེད་པའི་བར་དུ་གཞི་དང་བཅས་པས་ན་ཆོས་བཞི་ནོ།། ལེགས་པར་མ་མཐོང་བ་དང་། མ་ཐོས ་བཔ་དང་། མི་དོགས་པར་བཞག་ན་ཉེས་བྱསོ།། མཚམས་མནན་ཏེ་གནས་མང་པོ་ཞིག་ཏུ་གཅིག་གིས་མང་པོ་བཞག་ནའོ།། དགེ་འདུན་གྱིས་བསྐོས་པའི་གླེང་པ་པོའི་ཆོ་ག་ནི་ངེས་གནས་ལྔ་ལ་གནས་པར་བྱ་སྟེ། སྟན ་ལས་ལངས་ལ་མཆིལ་ལྷམ་དག་ཕུང་ངོ་།། བླ་གོས་ཕྲག་པ་གཅིག་ཏུ་བྱས་ལ། རྒན་རིམ་བཞིན་དུ་ཕྱག་འཚལ་ཏེ། དགེ་འདུན་ལ་ཐལ་མོ་སྦྱར་བ་བཏུད་ནས་རྣམ་པ་ལྔས་བརྟག་པར་བྱ་སྟེ། ཅི་བདག་ཚུལ་ཁྲིམས་དང ་ལྡན་ནམ། ངོ་ཚ་ཤེས་སམ། འགྱོད་པ་དང་ལྡན་ནམ། བསྡམས་སམ་བསླབ་པ་འདོད་དམ་སྙམ་དུ་རྣམ་པ་ལྔསོ།། ཡང་དག་པ་ཡིན་ནམ་ཡང་དག་པ་མ་ཡིན་སྙམ་པ་ལ་སོགས་པ་རྣམ་པ་ལྔ་དྲན་པར་བྱའོ།། དེ་ནས ་ཁྱོད་ལ་འདི་ལྟ་བུ་གླེང་ན་སྐབས་ཕྱི་ཞིག་ཅེས་བརྗོད་པར་བྱའོ།། དེས་ཀྱང་བདག་ལ་གང་གིས་གླེངས་ཞེས་ལྟུང་བའི་དབྱེ་བ་རྒྱ་ཆེར་བརྗོད་པར་བྱའོ།། གླེང་བར་བྱ་བས་ཀྱང་གནས་ལྔ་ལ་གནས་ནས་ཚུལ ་ས་ལ་སོགས་པ་ལ་བརྟགས་ཏེ་སྐབས་དབྱེ་བར་བྱའོ།། གཞན་ལས་ཡང་དག་པས་གླེངས་པ་ལ་སོགས་པ་འདི་དག་ག་ལ་རྙེད་སྙམ་དུ་དེ་ལྟར་དྲན་པར་བྱའོ།། དེ་ནས་བདག་ལ་གང་གིས་གླེངས། རྣམ་པ་ཅི ་ལྟ་བུ་ཞེས་དབྱེ་བ་དུ་མ་སྨྲས་ལ་ཁྱོད་ལ་སྐབས་དབྱེའོ་ཞེས་བྱའོ།། དེ་ནས་གླེང་བ་པོས་ཁྱོད་ཀྱི་འཁྲུལ་པ་འམ། ལྐོག་ནས་སྨྲས་པ་འམ། གློ་བུར་དུ་སྨྲ་བ་འམ། བརྟོབས་ཏེ་སྨྲ་བ་མི་གཟུང་གི། ཁྱོད་ཀྱིས་སྨྲས་པ་གང་ཡིན ་པ་དེ་དག་གིས་ཁྱོད་ལ་ལན་གསུམ་བཟླསོ།། ཞེས་དེའི་བག་ཕབ་སྟེ། དེའི་འོག་ཏུ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག་བདག་ནི་དགེ་འདུན་གྱིས་ཁྱོད་ལ་བསྒོ་བར་བསྐོས་ཏེ། ལས་གང་བྱ་བར་འོས་པའི་ལས་དེ་བྱེད ་དུ་གཞུག་གོ།། ཇི་ལྟར་བདག་ལ་གནོད་པར་མི་འགྱུར་བ་དང་། གཞན་ལ་གནོད་པར་མི་འགྱུར་བ་དང་། དག་པ་རྣམས་ལ་སྐུར་པ་མི་གདབ་པ་དང་། སོ་སོ་ཐར་པ་ལ་གནས་པའི་དགེ་སློང་རྣམས་མི་སྤང་བ་དང་། གནས ་བརྟན་རྣམས་ལ་བརྙས་ཐབས་མི་བྱ་བ་དེ་ལྟར་གྱིས་ཤིག་ཅེས་བསྒོ་བར་བྱའོ།། ཆོ་ག་བཞིན་དུ་མ་བྱས་ན་ཐམས་ཅད་དུ་ཉེས་བྱསོ།། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཞེས་བྱ་བ་ནི་ལྟུང་བ་རྟོགས་ནས་བྱིན ་པར་འདོད་པ་རྣམསོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཅི་ཙམ་དུ་བདག་གིས་མི་སྨྲ་བར་ཅུང་ཟད་བྱས་ན་ཉེས་བྱསོ།། དེ་བཞིན་དུ་བཞམས་ཏེ་བསྒོ་བའི་ཚེ་མི་གཏོང་ན་ཡང་ངོ་།། གསོལ་བ་འམ་ལས་བརྗོད་པ་དང་པོ་འམ ་གཉིས་པ་དགེ་རྫོགས་ན་སྦོམ་པོའོ།། གསུམ་པ་རྣམས་རྫོགས་ན་དགེ་འདུན་ལྷག་མའོ།། མ་གླེངས་པར་བཀའ་བློ་མི་བདེ་བས་བདག་གིས་འཇོག་ན་ཉེས་བྱསོ།། ལྷག་མུ་ནི་སྔ་མ་བཞིན་ནོ།། གཏོང་ཟིན་ཏོ་ཞེས་བྱ་བ་ནི ་ཉན་པ་རྣམས་དབུགས་དབྱུང་བའི་ཕྱིར་ཡོངསུ་རྫོགས་པར་བཏོན་ཏོ།། དགུ་ནི་ལྟུང་བ་དང་པོ་དག་ཉིད་ཀྱིསོ་ཞེས་བྱ་བ་ནི་བཟློག་ཀྱང་རུང་། མ་བཟློག་ཀྱང་རུང་བྱས་པ་ཙམ་ཉིད་ཀྱི་ལྟུང་བ་རྣམ་པར་གནས་པའོ།། གཞི་ནི ་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱིན་ནས་བརྩམས་ཏེའོ།། ལན་གསུམ་གྱི་བར་དུ་ཞེས་བྱ་བ་ནི་བཟློག་ཏེ་མི་བཟློག་ན་ལས་བརྗོད་པ་གསུམ་རྫོགས་ན་ལྟུང་བ་རྣམ་པར་གནསོ།། དེ་དག་ལས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ལྔས ་ལྟུང་བ་ལས་ལྡང་བར་ཡོངསུ་སྟོན་ཏེ་ཉེས་པ་སྟེ། ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ་ཞེས་བཀའ་སྩལ་པ་གང་ཡིན་པའོ།། བསམ་པ་སྟེ་ཅི་སྲིད་དུ་ཤེས་བཞིན་དུ་འཆབ་པ་ཞེས་བཀའ་སྩལ་པ་གང་ཡིན་པའོ།། ཉེས་པའི་ཆད ་པའི་ལས་ནི་ཞག་དྲུག་གི་བར་དུ་ཞེས་བཀའ་སྩལ་པ་གང་ཡིན་པའོ།། སྤྱད་པ་སྟེ་དགེ་འདུན་གྱི་སེམས་མགུ་བར་བྱས་ཞེས་བཀའ་སྩལ་པ་གང་ཡིན་པའོ།། གང་ཟག་སྟེ། གང་ན་ཉི་ཤུའི་ཚོགས་ཡོད་པ་ཞེས་བཀའ་སྩལ་པ ་གང་ཡིན་པ་སྟེ། ཚུན་ཆད་ཀྱི་གྲངས་བཅས་པའི་ཕྱིར་གྲངས་ཉི་ཤུ་གཟུང་ངོ་།། དེ་ལ་ཡོངསུ་སྤོང་བ་ནི་བཅབས་པའི་ལྟུང་བ་ལས་མཚན་མོའི་མཐའ་དང་སེམས་ཀྱིས་བཅབས་པ་སྟེ། བཅབས་པར་སེམས ་བསྐྱེད་ནས་སྐྱ་རེངས་ཤར་ན་མཚན་མོ་གཅིག་བཅབས་པར་འགྱུར་རོ།། གང་འདི་ལྟུང་བར་མི་ཤེས་སམ་བརྗེད་པར་ཡང་རུང་སྟེ། བཅབས་པའི་སེམས་མེད་པས་དེ་ལ་མཚན་མོ་འདས་པའི་བཅབས་པའི་ལྟུང་བ་མེད་དོ།། འཆག ་པར་འདོད་པ་ལས་བརྗོད་མ་བཤགས་ན་ཉེས་བྱས་མང་པོ་བཤགས་པར་བྱའོ།། འོན་པ་དང་སྐད་བརྡ་མི་ཕྲད་པ་དང་། རང་བཞིན་དུ་གནས་པ་མ་ཡིན་པ་ལ་ནི་རྗོད་པ་མ་ཡིན་ཏེ་ཉེས་བྱས་ཀྱང་ངོ་།། ན་མཁའ་ལ་གནས་པས་ས ་ལ་འདུག་པ་ལ་བརྗོད་ན་བརྗོད་པ་མ་ཡིན་ཏེ་ཉེས་བྱས་ཀྱང་ངོ་།། རང་བཞིན་དུ་གནས་པ་མཚམས་ཀྱི་ནང་ན་འདུག་པ་ལས་བཅབས་པ་འབྱུང་ངོ་།། འོན་པ་ལ་སོགས་པ་དང་སྐད་མི་ཤེས་པ་དང་། མཚམས་ཀྱི་ཕྱི་རོལ་ན་གནས་པ ་དང་། འཁྲུགས་པ་དང་། གནས་པར་མི་བྱ་བ་ལ་སོགས་པ་དང་། ཁྱིམ་པ་རྣམས་ལ་ནི་མ་ཡིན་ནོ།། གང་ཉིན་མོ་དགེ་སློང་དང་ལྷན་ཅིག་གནས་ལ། མཚན་མོ་དགེ་སློང་མེད་པའི་གནསུ་གནས་པ་དེ་ཇི་སྲིད་འཚོའི་བར་དུ་གནས ་ཀྱང་བཅབས་པར་མི་འགྱུར་རོ།། ལྟུང་བ་གཉིས་བྱུང་བ་ལ་ཟླ་བ་གཉིས་བཅབས་ཏེ་གཅིག་སྤོ་བ་བྱེད་པ་ན་གཉིས་པ་བཅབས་པ་ཡང་ཁས་ལེན་ན་ནི་ཟླ་བ་དེ་གཉིས་ཀྱིས་སྤོ་བ་སྦྱིན་པར་བྱའོ།། བཅབས་པ་ལ་བཅབས་པར ་ཁས་ལེན་ན་དེ་ལྷག་པར་ཟླ་བ་གཉིས།། བཅབས་པ་འཆགས་པར་འདོད་པ་དྲན་པ་ཉམས་ནས་དུས་གཞན་གྱིས་ཆོས་དེ་དྲན་པ་ལས་ཡང་བཅབས་ན་དྲན་པ་ཉམས་པ་མ་གཏོགས་པ་རྒྱུན་གཉི་གའི་སྤོ་བ་བྱེད་དུ་གཞུག་གོ།། མ ་བཅབས་པ་ལ་བཅབས་པ་ནི་རྒྱུད་ཕྱི་མའོ་བཅབས་པ་ལ་མི་འཆབ་པ་ནི་རྒྱུད་སྔ་མའོ།། མ་བཅབས་པ་ལ་མི་འཆབ་པ་ནི་མགུ་བར་བྱ་བར་ཟད་དེ། སྤྲོ་བ་མེད་དོ།། དེ་ལྟར་དཔག་ཏུ་ཡོད་པ་དང་ལྡན་ནམ། དཔག་ཏུ་མེད་པ་དང་ལྡན་པ ་སྟེ། ལྟུང་བ་གཅིག་གམ། གཉིས་སམ། མང་པོ་ཡང་རུང་བཅབས་སམ་མ་བཅབས་ཀྱང་རུང་སྟེ། བབས་སམ་དགེ་ཚུལ་ལ་སོགས་པའི་དངོས་པོར་ཁས་བླངས་ནས་ཡང་བསྙེན་པར་རྫོགས་པ་དང་། བཟོད་པ་གསོལ་བ་ཡང ་རུང་སྟེ། བཅབས་པ་དང་མ་བཅབས་པ་བརྗོད་ཅེས་བྱ་བ་ནི་མུ་བཞིར་བརྗོད་པར་བྱའོ།། གང་མཚན་མོའི་མཐའ་དང་ལྟུང་བའི་མཐའ་མི་ཤེས་པ་དེ་མི་དཔག་ཏུ་མེད་པ་དང་ལྡན་པའོ།། གང་སྤོ་བ་སྤྱོད་པ་དང་། མགུ་བར་བྱ་བར་སྤྱོད ་པ་དང་། མགུ་བ་བྱས་ཟིན་ནས་དགེ་འདུན་ལྷག་མ་ལས་དབྱུང་བ་དང་བབས་པ་དང་དགེ་ཚུལ་ལ་སོགས་པའི་དངོས་པོར་ཁས་བླང་བ་ནི་མ་བྱས་པ་བྱེད་དུ་གཞུག་གོ།། གང་མཚན་མོའི་མཐའ་མ་ཤེས་པ་དེ་ནི་དག་པའི་མཐའ་ནས ་ཉེ་བར་བཟུང་སྟེ་སྤོ་བ་བྱེད་དུ་གཞུག་སྟེ། གཞི་ནས་བརྩམ་ཞེས་བྱ་བའི་ཐ་ཚིག་གོ་གཞན་ནི་ཇི་ལྟར་བཅབས་པ་བཞི་ནོ།། གང་སྤོ་བ་བྱེད་པ་ལས་ལྟུང་བ་སྔ་མ་དང་འདྲ་བ་གཉིས་པ་བྱུང་བ་དེ་ཚར་བཅད་པའི་ཕྱིར་གསོལ་བ ་དང་བཞིའི་ལས་ཀྱིས་གཞི་ནས་བསླང་སྟེ་སྤོ་བ་བྱེད་དུ་གཞུག་གོ།། གཞི་ནས་བརྩམས་ཏེ་ཡང་གནས་པར་བྱ་བ་ནི་གཞི་ནས་བསླང་སྟེ་སྤོ་བ་ཞེས་བྱའོ།། ལན་གཉིས་གསུམ་དུ་བཟླས་པ་དེ་ཡང་གཞི་ནས ་བསླང་སྟེ་སྤྲོ་བ་སྟེ། གཞི་ནས་བྱེད་པ་ལས་ཡང་གཞི་ནས་བསླངས་ཏེ་བྱེད་པའོ།། གང་ཟག་སྤོ་བ་པ་དྲུག་སྟེ། ཐམས་ཅད་གནག་པ་ནི་གང་ཐམས་ཅད་ཆོས་མ་ཡིན་པ་བྱས་པའོ།། ཕལ་ཆེར་གནག་པ་ནི་གང་སྤྲོ་བ་ནི་ཆོས ་བཞིན་ལ། གཞན་ཐམས་ཅད་ནི་ཆོས་མ་ཡིན་པའོ།། ཕྱེད་གནག་པ་ནི་གང་གཞི་ནས་བསླང་བའི་སྤྲོ་བ་ནི་ཆོས་བཞིན་ལ་གཞན་ཐམས་ཅད་ནི་ཆོས་མ་ཡིན་པའོ།། ཕྱོགས་གཅིག་གནག་པ་ནི་གང་ཡང་གཞི་ནས་བསླང་བ ་ཡང་ཆོས་བཞིན་ལ། གཞན་ཆོས་མ་ཡིན་པའོ།། ཕྱོགས་གནག་པ་ནི་མགུ་བར་བྱ་བ་ཡང་ཆོས་བཞིན་ལ། ཕྱོགས་གཅིག་ཆོས་མ་ཡིན་པའོ།། ནག་པོ་མེད་པ་ནི་དབྱུང་བ་ཡང་ཆོས་བཞིན་པ་སྟེ། འདི་ནི་ལྟུང་བ་ལས་བྱུང་བ ་ཡིན་གྱི་སྔ་མ་མ་ཡིན་ནོ།། སྤོ་བ་སྤྱང་ཟིན་པ་ནི་མགུ་བར་བྱ་བ་བྱེད་དུ་གཞུག་པར་བྱའོ།། གང་མ་བཅབས་པ་དེ་ནི་ཐོགས་མ་ཉིད་ནས་མགུ་བར་བྱ་བ་བྱེད་དུ་གཞུག་སྟེ། དེས་དགེ་སློང་རྣམས་ཀྱིས་ཡིད་དགའ་བར་བྱེད་པས ་མགུ་བར་བྱའོ།། གང་དེ་ནི་གནས་པ་ལས་གཉིས་པ་དེ་དང་རིགས་མཐུན་པ་ཡང་བྱུང་ན་དེ་བཞི་ནས་མགུ་བར་བྱ་བ་བྱེད་དུ་གཞུག་གོ།། གང་ལན་གསུམ་བྱུང་བ་དེ་ནི་ཡང་གཞི་ནས་བསླང་སྟེ། མགུ་བར་བྱ་བ་བྱེད་དུ ་གཞུགོ།། སྐྱོ་བ་དང་མགུ་བར་བྱ་བ་སྤྱད་པ་གལ་ཏེ་དགེ་འདུན་ལྷག་མ་བྱུང་ཡང་། མི་འདྲ་བ་ཡིན་ན་ནི་དངོས་པོ་སྦྱངས་ལ་ཉེས་བྱས་བཤགས་པར་བྱ་སྟེ། དེ་དག་ནི་སྤོ་བ་བྱེད་པ་དང་མགུ་བ་བྱེད་པ་ཉིདདོ།། དགེ་འདུན་ལྷག ་མ་དང་པོ་གལ་ཏེ་ཞག་གཅིག་བཅབས་པ་ལས་ཞག་བཅུ་གསུམ་པ་བཅབས་པའི་བར་དུ་གྱུར་ན་དེ་ལ་གང་མ་རུངས་པ་དང་། ལྕི་བ་དང་། དྲག་པོ་དང་། མི་བཟད་པས་བྱས་པ་དེའི་དབང་གིས་སྤྲོ་བའོ།། སྤོ་བ་སྤྱོད་པ་དང ་མགུ་བར་བྱ་བ་སྤྱོད་པའི་ཀུན་ཏུ་སྤྱད་པ་ནི། རང་བཞིན་དུ་གནས་པ་ལས་ཕྱུག་བྱ་བ་བདག་གར་མི་བྱའོ།། སྟན་གཅིག་ལ་འདུག་བྱར་མི་བྱའོ།། སྟན་མཐོ་བ་འམ་མ་ཉམས་པ་ལ་མ་ཡིན་ནོ།། ལྷན་ཅིག་གམ་མདུན་དུ་འཆག ་པར་མི་བྱའོ།། ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་ཚུལ་གྱིས་འགྲོ་བར་བྱའོ།། གཡོགས་པ་གཅིག་གི་ནང་དུ་གནས་པར་མི་བྱའོ།། རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པར་བྱ་བ་དང་། གནས་བཅའ་བ་སྦྱིན་པ་དང་། དགེ ་ཚུལ་ཉེ་བར་བསྡུ་བའི་ལས་རྣམས་མི་བྱའོ།། ལས་བྱེད་པར་བསྐོ་བར་མི་བྱའོ།། བསྐོས་ཀྱང་དགེ་སློང་མ་ལ་གདམས་ངག་དབོག་པར་མི་བྱའོ།། དེ་གདམས་ངག་དབོག་པར་བསྐོ་བར་མི་བྱའོ།། དགེ་སློང་ལ་གློང་བར་མི་བྱའོ།། ་གདམས་ངག་ལ་སོགས་པ་གཞག་པར་མི་བྱའོ།། སྒོ་དབྱེ་བ་དང་། མར་མེ་དབྱུང་བ་དང་། གཙུག་ལག་ཁང་སྐྱང་ནུལ་བྱ་བ་དང་། ཕྱག་དར་བྱ་བ་དང་། བཤང་གཅི་སའི་ཁ་བཀྲུ་བ་དང་། ས་དང་ལོ་མ་དང་། གྲང་བ་དང་། དྲོ་བ ་བསལ་བ་དང་། འདུག་པ་དབུལ་བ་དང་། བརྟོད་པ་དང་། གཱཎྜཱི་བརྡུང་བ་དང་། རླུང་གཡབ་ཀྱིས་གཡབ་པ་ལ་སོགས་པ་བྱའོ།། བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་འོག། བསྙེན་པར་མ་རྫོགས་པ་རྣམས ་ནི་གོང་དུ་བཟའ་བར་བྱའོ།། མལ་ཆ་དང་སྟན་ཐ་གབ་ཡོད་པར་སྤོ་བར་བྱའོ།། ལྷུང་བཟེད་ཀྱི་གཞི་བསལ་བར་བྱའོ།། མཆོད་རྟེན་དང་དྲི་གཙང་ཁང་གི་ཕྱག་དར་ཕྱག་པ་ལ་སོགས་པ་ཚོགས་པར་བྱའོ།། ཉི་མ་བརྗོད་པར་བྱའོ།། ་དེ་ནས་ཇི་ལྟར་འདུས་པ་རྣམས་ཀྱི་ནང་དུ་སྤོ་བ་དང་། མགུ་བར་བྱ་བ་བྱས་པ་བརྗོད་པར་བྱའོ།། རེ་རེའི་དྲུང་ངུ་ནི་མ་ཡིན་ནོ།། གློ་བུར་དུ་ལྷགས་པ་ལྷུང་བཟེད་དང་ཆོས་གོས་མཁོས་སུ་མ་ཕབ་པ་ལ་ནི་མ་ཡིན་ནོ།། དགེ་སློང་མེད ་པའི་གཙུག་ལག་ཁང་དུ་འགྲོ་བར་མི་བྱའོ།། འགྲོ་ན་ཡང་གནས་པར་མི་བྱའོ།། དུས་ཤེས་ནས་ཆུ་གྲང་མོ་འམ། དྲོན་མོས་དགེ་སློང་རྣམས་ཀྱི་རྐང་པ་རྣམས་བཀྲུ་བར་བྱའོ།། འདོད་ན་འབྲུ་མར་ཡང་སྦྱིན་པར་བྱའོ།། གཙུག ་ལག་ཁང་དང་རྙེད་པ་ཐ་མར་བསྐོ་བར་བྱའོ།། སྒོ་བ་སྤྱོད་པའམ། མགུ་བར་བྱ་བ་སྤྱོད་པ་འམ། སྤོ་བ་བྱས་ཟིན་པ་འམ། ཡིད་མགུ་བར་བྱ་བ་བྱས་ཟིན་པ་འམ། བསྒྲུབ་པ་བྱིན་པ་ལ་སོགས་པའི་ཚོགས་སམ། དེས་ཚངས་པར་མི་འགྱུར ་བའི་ཚོགས་ཀྱི་ནང་དུ་གནས་པར་མི་བྱའོ།། མགུ་བར་བྱ་བ་སྤྱད་པར་མི་བྱའོ།། གཙུག་ལག་ཁང་སྟོང་པ་དང་། གཅིག་དང་གཉིས་དང་། གསུམ་ལ་མ་ཡིན་གྱི། ཡོངསུ་དག་པ་བཞིའི་མདུན་དུ་ནི་ཇི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན ་ཉེས་བྱསོ།། གང་ན་ལས་མ་བྱས་ཀྱང་འཐབ་ཀྲོལ་བྱེད་པ་འོང་བ་ཐོས་ན་དགེ་སློང་གི་མདུན་དུ་བཏང་བར་བྱའོ།། རང་བཞིན་དུ་གནས་པ་ཉིད་དུ་གནས་པར་བྱའོ།། སོང་བའི་འོག་ཏུ་དགེ་སློང་གི་མདུན་དུ་བླང་བར་བྱའོ།། མགུ་བར་བྱ་བ་བྱས ་པས་ནི་སྤོ་བ་ལ་སོགས་པ་བྱེད་དུ་མི་གཞུག་སྟེ། མགུ་བར་བྱ་བ་བྱས་པའི་འོག་ཏུ་དབྱུང་བར་བྱའོ།། དེ་ཉིད་སྤོ་བ་སྤྱོད་པ་དང་། སྤོ་བ་སྤྱད་ལགས་པ་དང་། མགུ་བར་བགྱི་བ་སྤྱད་ལགས་པ་མཆིས་སམ། ཡོད་དེ་དཔེར་ན་མགུ་བར་བྱ ་བ་སྤྱད་ལ་ལྟུང་བ་མ་བཅབས་པའི་མགུ་བར་བྱ་བ་སྦྱོང་པ་དང་། མགུ་བར་བྱ་བ་སྤྱོད་པ་ཕལ་ཆེར་སྤྱང་ལ། ལྟུང་བ་བྱུང་བ་གཅིག་ཞག་གཅིག་བཅབས་པ་དང་། གཉིས་པ་ཞག་གཉིས་བཅབས་པ་དེ་གཉིས་ཀའི་སྤོ་བ་མནོས་ནས ་ཞཞོགོ་གཅིག་འདས་པ་ལྔ་བཞི་བཅར་རྣམ་པར་གཞགོ།། གང་ཟག་རྣམ་པ་དྲུག་གོས་ནི་དགེ་སློང་གཅིག་གོས་མདུན་དུ་བཤགས་པར་བྱ་སྟེ། མདོ་སྡེ་ཟད་པར་འཛིན་པ་དང་། འདུལ་བ་ཟད་པར་འཛིན་པ་དང་། མ་མོ་ཟད་པར་འཛིན་པ་དང་། ་ཤིན་ཏུ་ངོ་ཚ་བ་ཡོད་པ་སྟེ། གང་རྐྱེན་དེས་འཆི་བར་འགྱུར་བ་དང་། དགེ་འདུན་གྱི་གནས་བརྟན་དང་། ཤེས་པ་དང་། བསོད་ནམས་ཆེ་བའོ།། བསམ་པས་ལྟུང་བ་ལ་ལྗང་གི་ཆད་པའི་ལས་ཀྱིས་ནི་མ་ཡིནོ།། དགེ་འདུན་ལྷག་མཐུན ་མོང་མ་ཡིན་པ་ནི་མཚན་གྱུར་པས་ཀྱང་ལྡ་ངོ་།། སོ་སོར་ཐར་པའི་མདོ་གདོན་པ་གསུམ་པ་རྫོགསསོ།། །། མཉན་ཡོད་ན་འཆར་ཀས་སྦེད་མ་དང་། སྐྱབས་ཡོད་པར་བརླ་དང་བརླ་དག་སྤང་དེ་འདུག་ནས་ཆོས་སྟོན་པ་ས་གས ་མཐོང་སྟེ། སྨྲས་ནས་དགེ་བསྙེན་མའི་དབང་དུ་མཛད་དེ། འཁྲིག་པའི་ཉོན་མོངས་པས་མ་ངེས་པ་དང་པོ་བཅསོ།། དངོས་པོ་དང་ཕྱོགས་དང་། བསམ་པ་དང་། ཆེ་བཞིས་ཕྱེ་བ་ལས་ལུས་རྣམ་པར་བཞག་གོ།། ཡང་དགེ་སློང ་གང་བུད་མེད་ཀྱི་ཡུལ་དང་། ལྷན་ཅིག་འདུག་ཅེས་བྱ་བ་ནི་དངོས་པོའོ།། གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་ཕྱོགསོ།། འདོད་པ་བྱར་རུང་བ་ཞེས་བྱ་བ་ནི་བསམ་པའོ།། དེ་ལ་གལ་ཏེ་ཡིད་ཆེས་པའི་ཚིག་གིས་ཞེས ་བྱ་བ་ནི་ཆེ་བཞི་བསྟན་པའོ།། དགེ་སློང་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའོ།། བུད་མེད་ཀྱི་ཡུལ་ཞེས་བྱ་བ་ནི་མིའི་བུད་མོང་འཁྲིག་པ་བསྟེན་པར་ནུས་པའོ།། གཅིག་པུ་ཞེས་བྱ་བ་ནི་དགེ་སློང་མ་འམ། སྐྱེས་པ་འམ་ཁྱེའུ་མེད ་པའོ།། གཅིག་དང་ཞེས་བྱ་བ་ནི་བུད་མེད་གཞན་ནམ་བུ་མོ་མེད་པའོ།། དབེན་པ་ཞེས་བྱ་བ་ནི་སྐྱེ་བོའི་རྒྱུན་ལུགས་མེད་པའི་ཕྱོགསོ།། སྐྱབས་ཡོད་པ་ཞེས་བྱ་བ་ནི་བསྐོར་བ་དང་བཅས་པའོ།། དེ་ཡང་རྣམ་པ་གསུམ་སྟེ། རྩིག་པ་དང་། སབ་མོ ་དང་ཡོལ་བས་སྐྱབས་པའོ།། དེ་བཞིན་དུ་བསྒྲིབས་པ་བསྟན་པ་ཐམས་ཅད་ལ་ཡང་བརྗོད་པོར་བྱའོ།། དེ་ཡང་དེ་དང་ཉེ་བར་འགྲོ་ལ་དེ་ཡང་དེའི་མདུན་དུ་འོངས་པ་ཡི་ནོ།། སྟན་ལ་འདུག་པ་ལས་ཞེས་བྱ་བ་ནི་འདོམ་གང་གི་ནང་ལོགས་རྐུ་བ ་བཙོས་བཞག་པའོ།། ཁ་ཅིག་ན་རེ་དོན་ཡོད་པ་དང་། དོན་མེད་པ་དང་། དོན་མེད་པ་མི་འདོད་བཞིན་དུ་སྟན་གཅིག་ལ་ལྷན་ཅིག་འདུག་པའོ་ཞེའོ།། ཡིད་ཆེས་པའི་ཚིག་ཅེས་བྱ་བ་ནི་བདེན་པ་མཐོང་བའོ།། སོ་སོ་སྐྱེ་བོར་རྒྱུར་ཀྱང་དགེ་ཞིང ་སྤྱོད་པ་ལས་མ་ཉམས་པ་གང་ཡིན་པ་དེས་ཀྱང་མཐོང་ནས་སྨྲས་པའོ།། གང་དེ་དང་ལྷན་ཅིག་འདུག་པར་བྱེད་པ་དེ་ཉིད་ཁ་ཅིག་ན་རེ་དེ་ནི་ལྷན་ཅིག་མི་བཟོད་པས་མ་དྲིས་ཀྱང་བདག་ཉིད་སྨྲ་བའི་ཕྱིརརོ་ཞེའོ།། ལ་ལ་ནི་དགེ་སློང་ལ་རྗེསུ་བསྲུང ་བོས་མ་དྲིས་ན་བདག་ཉིད་མི་སྒྲ་ཡང་ཆེ་བཞི་ལ་དྲིས་ན་སྨྲའོ།། ཕམ་པར་འགྱུར་བ་ཞེས་བྱ་བ་ནི་བཞི་པོ་རྣམས་ལས་གང་ཡང་རུང་བ་སྟེ། གལ་ཏེ་གཉིས་ངག་གམ། གསུམ་རྣམས་སམ། བཞི་པོ་རྣམས་ཀྱིས་ཀྱང་རུང་སྨྲ་ན་བྱེད་དུ་གཞུག་པར་མི་བྱའོ།། ་ཁ་ཅིག་ན་རེ་གལ་ཏེ་ནན་གྱིས་སུན་ཕྱུང་བ་ཡིནོ་ཞེའོ།། དགེ་འདུན་ལྷག་མ་འམ་ཞེས་བྱ་བ་ནི་གལ་ཏེ་ཀུན་ཏུ་ནོམ་པ་དང་། མི་ཚངས་པར་སྤྱོད་པ་བྱ་བར་བསམས་པ་དང་བཅུ་གསུམ་ལས་གང་ཡང་རུང་བ་སྟེ། གལ་ཏེ་གཉིས་ནས་བཅུ་གསུམ ་གྱི་བར་དུ་སྨྲ་ན་བྱེད་དུ་གཞུག་གོ།། ལྟུང་བྱེད་དམ་ཞེས་བྱ་བ་ནི་སྤང་བ་དང་། ལྟུང་བ་འབའ་ཞིག་ལས་གང་ཡང་རུང་བའོ།། ཁ་ཅིག་ན་རོ་གཅིག་པུ་གཅིག་དང་གནས་དབེན་པ་ན་གལ་ཏེ་སྟན་གཅིག་ལ་དེ་ནི་འདུག་ལ་དེ་ནི་ལངསོ་ཞེའོ།། ་འདུག་པར་ཁས་བླངས་ན་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པའི་བསམ་པསོ།། གང་ཡང་རུང་ཞེས་བྱ་བ་ནི་ལྷག་པར་ཉེས་པ་སྦོམ་པོའི་ཆོས་ཀྱིས་སམ། སོ་སོར་བཤགས་པར་བྱ་བའི་ཆོས་ཀྱིས་སམ། ཉེས་བྱས་ཀྱི་ཆོས་ཀྱིསོ།། འམ་ཞེས ་བྱ་བའི་སྒྲ་ནི་རྣམ་པར་བརྟག་པའི་དོན་ཏོ།། གལ་ཏེ་རིས་འོག་མ་བཞི་པོ་རྣམས་སྨྲ་ན་བྱེད་དུ་གཞུག་གོ།། མི་ཚངས་པར་སྦྱོང་བར་བྱ་བར་སྦྱོར་བ་དང་ལྷན་ཅིག་འདུག་པར་ཡང་སྦྱོར་བ་ནི་སྦོམ་པོའོ།། ལྷན་ཅིག་དུ་འདུག་པ་ཙམ་དུ་སྦྱོར་བ་ནི་ཉེས ་བྱས་སོ།། ཆགས་པ་མེད་པའི་སེམས་ཀྱིས་བསྙེན་པར་མ་རྫོགས་པ་དང་སྟན་གཅིག་པ་ལ་ལྷན་ཅིག་ན་ཉེས་བྱས་ཉིད་དོ།། ཡང་ན་ཆོས་གང་ཡང་རུང་བ་ཞེས་བྱ་བ་ནི་གལ་ཏེ་དགེ་བསྙེན་མ་ལྟུང་བའི་ངོ་བོ་ཉིད་དང་། གླེང་གཞི་ལ ་མཁས་པ་མ་ཡིན་ན་ཡང་དེས་དགེ་སློང་སྟན་ཅིག་ལ་འདུག་པ་དང་། སྣོད་གཅིག་གི་ནང་དུ་ཟ་བ་དང་། ཕོར་བུ་གཅིག་གི་ནང་དུ་ཆང་འཐུང་བ་ལ་སོགས་པ་མཐོང་བ་སྟེ། དེ་དང་ངེས་བྱེད་དུ་གཞུག་གོ། དེ་ནི་མ་ངེས་པའི་ཆོསོ།། ཞེས་བྱ་བ་ནི ་གནས་སྐབས་ཏེ། འདིར་ལྟུང་བ་འདི་ཉིད་དོ་ཞེས་བྱ་བར་ངེས་པ་མེད་པའི་ཕྱིར་རོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འགྲོ་བ་དང་འགྲེང་བ་དང་། འདུག་པ་གང་ཁས་ལེན་པ་དེ་བྱེད་དུ་གཞུག་གོ།། གསུམ་ཅར་ཁས་མི་ལེན་ན་གསོལ་པ ་དང་བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་བྱའོ།། དེས་རབ་ཏུ་དབྱུང་བར་མི་བྱ་བ་ནས་གདམས་ངག་ལ་སོགས་པར་བཞག་པའི་བར་དུ་མི་བྱའོ།། འདུལ་བ་འཛིན་པ་ཡོད་པའི་དགེ་འདུན་གྱི་དབུས་སུ་འདུལ་བ་བསྟན་པར ་མི་བྱའོ།། ཇི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན་ཐམས་ཅད་དུ་ཉེས་བྱསོ།། ཁ་དོག་དང་དབྱིབས་དང་། སྤྱོད་ལམ་དང་། ལམ་ཐ་དད་པས་སྨྲ་ན་དེ་ན་གཉིས་པ་ཡོད་དམ་ཞེས་དྲི་བར་བྱའོ།། གལ་ཏེ་གཉི་ག་མཐུན་ན་དེའི་ཚིག་གིས་བྱེད་དུ་གཞུག། ་གོ། རྣམ་པ་གཞན་དུ་ཁས་ལེན་ན་ཁས་ལེན་པ་བྱེད་དུ་གཞུག་གོ།། ལྟུང་བ་གཞན་ནམ་ལྟུང་བ་མེད་པ་ལ་ལྟུང་བ་གཞན་དུ་འདུ་ཤེས་ན་རང་གི་ཁས་བླངས་པ་བྱེད་དུ་གཞུག་གོ། མ་ངེས་པ་དང་པོའོ།། མ་ངེས་པ་གཉིས་པའི་བྱེ་བྲག་ནི ་རྒྱལ་པོའི་ཁབ་ཏུ་དགེ་སློང་ཤི་རི་ཀ་གསོ་སྦྱོང་འཕགས་དང་ལྷན་ཅིག་དུ་འདུག་པ་ལེགས་སྐྱེས་མས་མཐོང་སྟེ། ཕྱོགས་དེར་འདོངད་པ་བྱར་རུང་བ་མ་ཡིན་པས་ཕམ་པར་འགྱུར་བ་མི་སྲིད་པའི་ཕྱི་རོ།། མ་ངེས་པ་གཉིས་པའོ།། སོ་སོར་ཐར་པའི ་མདོ་གདོན་པ་བཞི་པ་རྫོགསོ།། །། མཉན་ཡོད་ན་དགེ་སློང་མང་པོ་ལ་བརྟེན་ཏེ་ཆོས་གོས་མང་པོས་དགེ་བའི་ཕྱོགས་གཏོང་བས་དགབ་པའི་གཞིའི་དབང་དུ་མཛད་དེ། འགུལ་ཚབས་ཅན་དང་། ཕོངས་པའི་ཉོན་མོངས་པ་དག ་གིས་ཆོས་གོས་ཀྱི་ཚོགས་ཀྱི་སྤང་བ་དང་པོ་བཅསོ།། ཆོས་གོས་ཟིན་པ་ཞེས་བྱ་བ་ནི། འཚོ་བྱེད་ལ་བརྟེན་ཏེ་ཁྱིམ་བདག་གིས་གོས་རྣམས་རྗེསུ་གནང་ངོ་།། ང་མཆོག་ཏུ་རབ་ཏུ་གཞོན་ན་ཡང་ཆོས་གོས་གསུམ་གྱིས་ཆོ་ག་ན་ངའི་ཉན་ཐོས ་རྣམས་ལ་ཅིའི་ཕྱིར་མི་ཆོག་ཅེས་ཆོས་གོས་གསུམ་ཁོ་ནར་བཅསོ།། རུང་བ་མ་ཡིན་པ་ཡང་བཀག་སྟེ། འདི་ལྟ་སྟེ། གསོ་མའི་ཆོས་གོས་དང་། རྔ་བལ་གྱི་དང་། ལ་བ་དང་། ལོ་མའི་ཆོས་གོས་དང་རི་དྭགས་ཀྱི་པགས་པ་དང་། གསོ་རས་སེང ་བ་སྟེ། ཨ་ས་པ་ཏྲའི་རྣམ་གྲངསུ་གཏོགས་པ་དང་། ཡན་ལག་གི་སྦུབས་དང་། ཐམས་ཅད་སྔོན་པོ་དང་། མུ་སྟེགས་ཅན་གྱི་རྒྱལ་མཚན་སྒྲེན་མོ་དང་། སྐྲ་འབལ་བ་དང་། འུག་པའི་གཤོག་པ་དང་། སྐྲའི་ལ་བ་དང་། མི་སྨྲ་བ་ཡང་དག ་པར་ལེན་ན་སྦོམ་པོའོ།། འདིར་མུ་སྟེགས་ཅན་གྱི་རྒྱལ་མཚན་གཞན་ནི་ཉེས་བྱསོ།། ཁ་ཚར་རིང་པོ་དང་། གདེངས་ཁ་དང་། རལ་ཁ་དང་། གཙུག་ཏོར་དང་། ཐོད་དང་སྟོད་གཡོགས་དང་། སླང་གཡོགས་ནི་ཁྱིམ་པའི་རྒྱལ་མཚན་ཡིན་པས་ཉེས ་བྱས་སོ།། གོས་ཁྲ་བོ་དང་། རྒྱན་ཐོགས་པ་དང་། མཆོད་སྦྱིན་གྱི་ངག་བྱེད་ཐོགས་པ་དང་། ལག་པ་ལ་སྲང་བུ་འཆིང་བ་ཡང་དེ་བཞིན་ནོ།། སྨིན་པས་ལུང་ཕོག་པས་སྔགས་རྣམས་ཀྱིས་བཏབ་པ་ནི་མི་མངོན་པའི་ཕྱོགས་སུ ་བཏགས་ཏེ། སོས་ནས་ཀྱང་གར་བབ་དུ་མི་དོར་གྱིས། ཀ་བ་དང་རྩིག་པའི་གསེབ་དུ་གཞག་གོ།། ཅིའི་ཕྱིར་ཆོས་གོས་གསུམ་ཁོ་ན་ཞེ་ན། གཅིག་ནི་གཙུག་ལག་ཁང་དུ་ཀུན་དུ་སྤྱད་པའོ།། གཅིག་ནི་གྲོང་དུ་ཀུན་ཏུ་སྤྱད་པའོ།། སྣམ་སྦྱར་ནི་གཉེ ་གར་ཀུན་ཏུ་སྤྱད་པའོ།། ཆོས་གོས་གསུམ་པས་ནི་ཐ་མ་གཉིས་གདོན་མི་ཟ་བར་དྲས་ནས་བཅང་བར་བྱའོ།། གཞན་གྱིས་ནི་གདོན་མི་ཟ་བར་ཐ་མའོ།། གཅིག་ནི་སྣམ་ཕྲན་ལྔ་པ་དང་། གླེགས་བུ་ཕྱེད་དང་གཉིས་པའོ།། གཉིས་པ་ནི་སྣམ་ཕྲན ་བདུན་པ་དང་། གླེགས་བུ་ཕྱེད་དང་གསུམ་པའོ།། གསུམ་པ་ནི་སྣམ་ཕྲན་དགུ་པ་སྟེ། དེ་ཡན་ཆད་ཇི་སྙེད་བྱས་ཀྱང་མཉམ་པར་འགྱུར་རོ།། གླེགས་བུའི་ཚད་ངེས་པ་ནི་ཕྱིས་བརྗོད་པར་བྱའོ།། ཅིའི་ཕྱིར་མ་དྲས་པར་གྲོང་དུ་ཀུན་ཏུ་སྤྱད་པ་མ་ཡིན ་ཞེ་ན། རབ་ཏུ་བྱུང་བ་དང་། ཁྱིམ་པའི་ཆ་ལུགས་མི་འདྲ་བའི་ཆོས་རྣམ་པ་གཉིས་ཀྱིས་དགེ་སློང་དུ་རྣམ་པར་གནས་ཏེ། ཁ་དོག་དང་དབྱིབས་ཀྱིསོ།། དེ་དག་གིས་གོས་དཀར་བ་དང་། འཇམ་པའོ།། དེ་ལས་བཟློག་པ་ནི་དགེ་སློང་རྣམས་ཀྱིས ་ཆོས་གོས་དྲས་པ་དང་། ཁ་དོག་ངན་པ་བྱས་པ་དང་བཅས་ཏེ། ཆོས་གོས་ནི་དེ་སྐད་གསུངསོ།། དེ་ཟིན་པ་ནི་བཀྲུ་བ་དང་།། ཁ་བསྒྱུར་བ་དང་། བཅོམ་པས་སོ།། དེ་ལ་བཀྲུ་བའི་ཀུན་ཏུ་སྤྱད་པ་ནི་བཙོ་བླགས་མཁན་ལ་གོས་རྣམས་འཁྲུར་གཞུག ་པར་མི་བྱའོ།། བཙོ་བླག་མཁན་གྱི་འཆགས་སར་སོང་སྟེ་རང་གི་ཤིང་དང་རྩིག་པ་ལ་སོགས་པ་ལ་གདབ་པར་མི་བྱ་སྟེ། གཞོང་པའི་ནང་དུ་ཆུ་བདེ་བས་ལག་པ་རྣམས་ཀྱིས་དང་རྐང་པ་རྣམས་ཀྱིས་མཐར་གྱིས་དལ་བུས་བཀྲུ་བར་བྱའོ།། གང ་སྤོས་དང་ཕྱེ་མ་རྣམས་བསྐུས་པ་དེ་སྤྲུགས་ཏེ་སྤྱད་པར་བྱའོ།། གང་མཚན་ཁུང་གི་སྣུམ་གྱིས་གོས་པ་དེ་ནི་སྲན་ཕྱེ་ལ་སོགས་པས་དབྱུང་ངོ་།། བཙོ་བླག་བྱ་བའི་ཀུན་ཏུ་སྤྱད་པ་ནི། གཏུན་ལ་སོགས་པར་ཆམ་ཆོམ་དུ་བརྡུངས་ལ་བསྐམས་ཏེ ་བསྐོལ་ན་ཚོན་འབྱུང་གི་གཤེར་བ་ལས་ནི་མ་ཡིན་ནོ།། ཚོན་ཡང་བུམ་པ་ལ་སོགས་པར་དང་པོ་དང་། འབྲིང་དང་ཐ་མ་སོ་སོར་བཞག་གོ།། ཐོག་མར་ནི་དང་པོའི་ནང་དུ་གཞུག་གོ།། བར་དུ་ནི་འབྲིང་པོ་རོ།། ཐ་མ་ནི་ཐ་མའི་ནང་དུའོ།། གཞོང ་པར་བྱས་པའི་ནང་དུ་ཚོན་མི་མང་བར་རན་ཙམ་གྱི་ནང་དུ་གཞུག་པར་བྱ་སྟེ། ཚོན་ཐམས་ཅད་ཀྱི་ནང་དུ་ནི་གཞུག་པར་མི་བྱའོ།། སླད་བུ་བྱེས་པ་ལ་དབང་དུ་གཞུག་པར་བྱའོ།། ཡང་དང་ཡང་དུ་བཟློག་པར་བྱའོ།། སྣམ་སྦྱར་ཆེན་པོ་ནི་ཤིང ་བཀྲམ་པའི་སྟེང་དུ་བཟློག་ཅིང་བསྐམ་པར་བྱའོ།། གོས་སར་པ་ཚོན་སར་པའི་ནང་དུ་བཙོ་བར་བྱ་སྟེ། ཉི་མ་ལ་བསྐམ་པར་བྱའོ།། རྙིང་པ་ནི་རྙིང་པའི་ནང་དུ་སྟེ། གྲིབ་མ་ལ་བསྐམ་མོ།། ཐ་མར་ཆུའི་ནང་དུ་གཞུག་པར་བྱའོ།། གཙུག་ལག་ཁང ་དུ་བཙོ་བླག་བྱ་སྟེ། ས་ཚོན་གྱིས་མ་རུང་བར་འགྱུར་བ་ནི་བརྐྱང་ནུལ་བྱའོ།། རྡོ་ཐལ་ཅན་གྱི་ཕྱོགས་ནི་བཀྲུ་བར་བྱའོ།། བཅོམ་པའི་ཀུན་ཏུ་སྤྱད་ནི་ཞིང་གི་རྣང་བཞིན་དུ་དྲ་བར་བྱའོ།། བསྣོལ་མའི་ཐོག་མ་ནི་ངོས་གཉིས་ཀྱི་མཐའ་བསྐོར་གྱི་འོག ་ཏུ་གཞུག་གོ།། མཐའ་བསྐོར་ནི་གསུམ་སྟེ། ཆེན་པོ་དང་འབྲིང་དང་ཆུང་ངུའོ།། ཆེན་པོ་ནི་སོར་བཞི་འམ། བྱ་རོག་གི་མཐོ་གང་ངོ་།། ཆུང་ངུ་ནི་སོར་གཉིས།། འབྲིང་ནི་དེའི་བར་མའོ།། གང་གི་མཆོད་པ་དེས་ཚལ་བུས་གླན ་པར་བྱའོ།། གླེགས་བུ་ཕྱེད་པ་དང་། གླེགས་བུ་ཆེན་པོ་རྣམས་མཉམ་པར་བཅད་པར་བྱའོ།། མི་མཉམ་པར་མ་ཡིན་ནོ།། དེའི་ཚད་ནི་ཤིང་བུས་གཞལ་ལོ།། མཐའ་རྣམས་ཀྱང་བསྐོར་བར་བྱ་སྟེ། རླུང་དང་རྗེསུ་མཐུན་པའི་རྣམ་གྲངསུ ་གཏོགསོ།། མཐའ་བསྐོར་སོར་བཞིའི་འོག་ཏུ་སྒྲོག་རྟེན་གླན་ཏེ་ངོས་གཉིས་ཀར་སྒྲོན་གཟུངས་གདགས་པར་བྱའོ།། མཐའ་བསྐོར་གྱི་དྲུང་ངུ་སྒྲོག་རྟེན་གླན་ཏེ་ངོས་གཉི་གར་སྒྲོ་གུ་གདག་སོ།། སྒྲོ་གུའི་མདུད་པ་གསུམ་སྟེ། ཤིང ་ཏོག་ཀ་ཏ་ཀའི་འབྲས་བུ་ལྟ་བུ་དང་། ལྡུམ་པའི་འབྲས་བུ་ལྟ་བུ་དང་། ཀ་ཏཾ་པའི་མེ་ཏོག་ལྟ་བུའོ།། མི་དྲ་བ་ལྔ་སྟེ། བེའུ་རས་ཐམས་ཅད་དང་། ལྭ་བ་ཐམས་ཅད་དང་། ཕྱིང་པ་ཐམས་ཅད་དང་། ལྡམ་ཐམས་ཅད་དང་། སེང་བ་ཐམས་ཅད ་དོ།། ཚེན་བུས་གླན་ཏེ་བཅང་བར་བྱའོ།། ཤིང་ལེབས་མེད་པའི་སར་ནི་བ་ལང་གི་ལྕི་བས་བྲུག་གམ་ལོ་མས་བསྐུའོ།། དེ་མེད་ན་ཆག་ཆག་བཏབ་སྟེ། ཕྱག་དར་བྱས་ལ་དྲ་བ་དང་དྲུབ་པར་བྱའོ།། སྣུམ་སྦྱར་ནི་ཤིང་ངམ་འོད་མའི ་བཞི་བརྟན་པོ་ལ་བརྐྱངས་ཏེ་ཉི་རིམ་ལ་སོགས་པ་གྲུབ་བོ།། བཏན་པ་དེ་ཡང་ཆོས་གོས་གསུམ་དང་མཐུན་པར་རྣམ་པ་གསུམ་དུ་བྱའོ།། ཇི་སྐད་བསྟན་པ་རྣམས་མ་བྱས་ན་ཐམས་ཅད་དུ་ཉེས་བྱསོ།། ལྷག་མ་བརྗོད་པར་བྱ ་སྟེ་སྲ་བརྐྱང་བྱུང་ན་ཞེས་བྱ་བ་ནི་ཅི་ལྟར་གདིང་བ་དང་། ཆོས་གོས་ཅི་འདྲ་བ་དང་། གང་ཟག་གང་ཡིན་པ་དང་། ཅི་ལྟར་ཕྱུང་བ་དེ་ཙམ་ཞིག་སྲ་བརྐྱང་ལ་བརྗོད་པར་བྱའོ།། དེ་ལ་ཅི་ལྟར་གདིང་ཞེ་ན། ཐོག་མར་འདུས་པ་ན་བརྗོད་པར་བྱའོ།། ཉི ་མ་གཞན་ལ་དགེ་འདུན་ཐམས་ཅད་འདུས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བྱའོ།། དེའི་འོག་ཏུ་སྲ་བརྐྱང་གདིང་བ་ཆོས་ལྔ་དང་ལྡན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ།། དེ་ལ་ཡང་སྲ་བརྐྱང་གསོལ་བ་བྱ ་སྟེ། བཏང་བར་བྱའོ།། དེས་ཐམས་ཅད་དུ་བཀྲུ་བ་ལ་སོགས་པ་སྔོན་དུ་འགྲོ་བར་བྱའོ།། ཐ་ན་ཁབ་སྲུབས་གཉིས་སམ་གསུམ་ཞིག་ཀྱང་དྲུབ་པར་བྱའོ།། སེམས་གཉིས་སམ་གསུམ་བསྐྱེད་པར་བྱ་སྟེ། ཆོས་གོས་འདི་དགེ་འདུན་གྱི་སྲོ ་བརྐྱང་དུ་གདིངས་པར་འགྱུར་རོ།། གདིང་ངོ་།། བཏིང་ངོ་།། སྙམ་དུ་སེམས་གསུམ་མོ།། ཐ་མ་གཉིས་ཀྱིས་ཀྱང་བཏིང་བ་ཡིན་ཏེ། འདིངས་པ་ལ་ཉེས་བྱས་སོ།། དབྱར་གཞན་དུ་གནས་ལ་བཏིང་ན་བཏིང་བ་ཡིན་ནོ།། དེ་ནས་སྲ་བརྐྱང་འདིངས ་ས་སྟོན་ཟླ་འབྲིང་པོ་དབྱར་གྱི་ངོའི་ཚེས་བཅོ་ལྔ་ལ། ཚེ་དང་ལྡན་པ་དག་སང་བདག་སྲ་བརྐྱང་འདིངས་པར་འགྱུར་གྱིས། དེར་ཁྱེད་ཅག་གི་རང་རང་གི་ཆོས་གོས་རྣམས་སོ་སོར་ཕྱུང་ལ། དགེ་འདུན་གྱི་ནང་དུ་ཤེགས་ཤིག་ཅེས ་བརྗོད་པར་བྱའོ།། དེ་ནས་སྤོས་དང་མེ་ཏོག་དང་། བདུག་པས་སྲ་བརྐྱང་མཆོད་དེ་རྒན་པའི་མཐར་ཁྱེར་ལ་གཟུང་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱི་སྲ་བརྐྱང་དུ་བཞེད། བདག་མིང ་འདི་ཞེས་བགྱི་བ་ཡང་སྲ་བརྐྱང་འདིངས་པར་བསྐོས་ལགས་ཏེ། སྲ་བརྐྱང་འདིངས་པ་བདག་མིང་འདི་ཞེས་བགྱི་བས་ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་དུ་འདྲིངས་པར་འགྱུ་རོ་ཞེས་དེ་བཞིན་དུ་ལན་གཉིས ་ལན་གསུམ་དུ་བརྗོད་པར་བྱའོ།། དེ་ནས་དགེ་འདུན་གྱིས་གནས་བརྟན་གྱི་མདུན་དུ་བཏིང་ལག་སོ་ཞེས་བརྗོད་པར་བྱའོ།། དེས་ཀྱང་ལེགས་པར་བཏིངངོ་།། ཤིན་ཏུ་བཏིང་ངོ་།། འདི་ལ་རྙེད་པ་དང་ཕན་ཡོན་གང་ཡིན་པ་དེ་བདག་གི ་ཡིན་ནོ་ཞེས་བརྗོད་པར་བྱའོ།། དེ་བཞིན་དུ་དགེ་འདུན་གསར་བུའི་བར་དུའོ།། ས་བརྐྱང་འདིངས་པས་སྲ་བརྐྱང་ཐོགས་ཏེ། བཤང་གཅིས་དང་། ཁྱིམ་དུ་བ་ཅན་དུ་འཇུག་པར་མི་བྱའོ།། བླ་གབ་མེད་པ་ལ་བཞག་པར་མི་བྱའོ།། ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་མི་བྱའོ།། གལ་ཏེ་འགྲོ་ན་ཡང་གནས་པར་མི་བྱའོ།། དགག་དབྱེ་བྱས་པའི་འོག་ཏུ་གལ་ཏེ་རྒྱལ་པོས་དབྱར་ཤོལ་བོར་ན། དབྱར་ཇི་ལྟར་གནས་པ་བཞིན་དུ་སྲ་བརྐྱང་གདིང་བར་བྱའོ།། དགེ་འདུན ་བྱེ་ན་ཆོས་སྨྲ་བ་རྣམས་ཀྱིསོ།། གལ་ཏེ་གཉི་གས་བཏིང་ན་གནས་ཀྱིས་རྙེད་པ་ནི་ཆོས་སྨྲ་བ་རྣམས་དབང་ངོ་།། ཆོས་གོས་ཅི་འདྲ་བ་གདིང་བར་བྱ་ཞེ་ན། དགེ་འདུན་གྱི་དབྱར་གྱི་ནང་ལོགས་ཀྱི་རྙེང་པ་གང་ཡིན་པའོ།། གལ་ཏེ་གོས ་མང་ཞིག་རྙེད་ན་ཅིག་གདིང་བར་བྱའོ།། ལྷག་མ་ནི་དགེ་འདུན་གྱིས་རྙེད་པར་འགྱུར་རོ།། གོས་མ་སྤྱད་པ་སྟེ་སར་པ་གང་ཡིན་པའོ།། མ་སྦྱང་བ་རུང་པོ་སྟེ། ཁ་དོག་ངན་པ་བྱས་པ་གང་ཡིན་པའོ།། སར་པ་ཐོག་མར་བཏིང་བ་ནི་ཕྱིས་མི ་གདིང་ངོ་།། གོས་གང་ཞག་བཅུ་མ་འདས་པའོ།། སྣུམ་སྦྱར་དང་། བླ་གོས་དང་མཐང་གོས་རྣམ་པ་ཐམས་ཅད་དུ་ཟིན་པའོ།། མ་ཟིན་པ་ནི་བཏིང་བ་ཉིད་མ་ཡིན་ནོ་ལྔའམ་ལྔ་ལས་ལྷག་པ་ནི་རུང་ངོ་།། ཚང་བས་ཆུང་བ་ནི་བཏིང་བ་ཉིད་མ་ཡིནོ།། ་བྲལ་ཕྲད་དང་ལྡན་པ་ཅན་མི་རུང་ངོ་།། སོང་ནས་འོངས་པ་མི་རུང་སྟེ། དུར་ཁྲོད་དུ་ཁྱེར་ནས་སླར་བླངས་པ་གང་ཡིན་པའོ།། འཐུད་མ་ཅན་མི་རུང་སྟེ། གོས་རིགས་མི་མཐུན་པ་ལས་བྱས་པ་གང་ཡིན་པའོ།། གོས་ལྷན་པ་ཆུ་བུར་ཅན ་མི་རུང་སྟེ། གོས་ལྷུང་བཟེད་ཀྱི་སྣོད་ལྟ་བུ་གང་ཡིན་པའོ།། གོས་སྣམ་ཕྲན་ཅན་མི་རུང་སྟེ། གོས་སྣམ་ཕྲན་དུ་བྱས་པ་ལ་གླེགས་བུ་མེད་པ་གང་ཡིན་པའོ།། གོས་མཐའ་མ་བསྐོར་བ་མི་རུང་སྟེ། གང་རངས་པར་མ་བསྐོར་བའོ།། རྙིང་པ་མི་རུང ་སྟེ། གང་སྔོན་བཏིང་བའོ།། བཞག་པ་མི་རུང་སྟེ། ཞག་བཅུ་ལས་འདས་པ་འམ། ཞག་གཅིག་བྲལ་བ་འམ། སྤང་བའི་གོས་ཐམས་ཅད་དོ།། ཤི་བའི་ཆོས་གོས་མི་རུང་སྟེ། ཤི་བའི་བྱིན་པ་གང་ཡིན་པའོ།། བླངས་པ་མི་རུང་ངོ་།། ཆོས་གོས ་ལྔ་པོ་རྣམས་རྙེད་པ་དང་། ཕན་ཡོན་མེད་དོ།། དུས་མ་ཡིན་པའི་གོས་མི་རུང་སྟེ། ཟླ་བ་གསུམ་ཚུན་ཆད་ཀྱིའོ།། གང་ཟག་གི་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་མི་རུང་།། དགེ་འདུན་ལ་མ་ཕུལ་བ་གཞན་ཡང་མི་རུང་ངོ་།། རུང་བ་མ་ཡིན ་པ་མི་རུང་སྟེ། གང་རང་བཞིན་གྱིས་མི་འོས་པའོ།། མ་བསྔོས་པ་མི་རུ་ངོ་།། མཚམས་ཀྱི་ཕྱི་རོལ་ཏུ་བསྔོས་པ་མི་རུངོ་།། སེང་བ་མི་རུང་ངོ་།། དབྱར་འདས་ནས་རྙེད་པ་མི་རུངོ་།། གལ་ཏེ་ཚེས་བཅོ་ལྔ་ལ་རྙེད་པ་གློ་བུར་དུ་མང་ཞིག་ལྐུགས་པ་དེ་དག ་ཚེས་བཅུ་བཞིར་བརྩི་བ་ལ་རྙེད་པ་གདིང་དུ་རུང་ངོ་།། དུ་མ་རྙེད་པ་ཡང་རུང་སྟེ། ཟླ་བ་ལྕུག་མ་ལ་རྙེད་པའོ།། གང་གི་གདིང་བ་ཡིན་ཞེ་ན། གང་སྲ་བརྐྱང་བཏིང་བ་ན་འདུག་པའམ། འདུན་པ་ཕུལ་བའོ།། རང་བཞིན་དུ་གནས་པ ་དེ་དག་གིས་བཏིང་བ་ལ་རྗེས་སུ་ཡི་རང་བར་བྱའི།། གནས་ནས་བྱུང་བས་ནི་མ་ཡིན་ནོ།། གལ་ཏེ་རྗེ་སུ་ཡི་རང་ན་ཡང་རྗེ་སུ་ཡི་རང་པ་མ་ཡིན་ནོ།། སྤངས་པ་རྣམས་ཀྱིས་རང་བཞིན་དུ་གནས་པའི་གན་སུ་བཏིང་བ་བཏིང་བ་མ་ཡིན་ནོ།། གང ་ཟག་བཅུ་པོ་རྣམས་ཀྱིས་བཏིང་བ་མ་ཡིན་ཏེ། དབྱར་མེད་པ་དང་། དབྱར་རལ་བ་དང་། དབྱར་ཕྱི་མར་ཞུགས་པ་དང་། དབྱར་གཞན་དུ་གནས་པ་དང་། སྲ་བརྐྱང་བཏིང་བ་ན་མེད་པ་དང་། སྤོ་བ་སྤྱོད་པ་དང་། སྤོ་བ་སྤྱད་ཟིན་པ་དང་། མགུ་བར ་བ་བྱེད་པ་དང་། མགུ་བར་བྱ་བ་བྱས་པ་དང་། བསླབ་པ་བྱིན་པའོ།། དབྱར་གཞན་དུ་གནས་པའི་གནསུ་དགེ་ཚུལ་བཅུག་སྟེ། བཅུ་པོ་འདི་དག་ཡོད་ཀྱི་ཕན་ཡོན་མེད་དོ།། ལྔ་པོ་ནི་རྙེད་པ་ཡང་མེད་ཕན་ཡོན་ཡང་མེད་དོ།། གནས་ནས ་ཕྱུང་བ་གསུམ་དང་། དབྱར་གཞན་དུ་གནས་པ་དང་། དགེ་འདུན་བྱེ་ནས་ཆོས་མ་ཡིན་པའི་ཕྱོགསོ།། ཕན་ཡོན་ཅི་ཡོད་ཅེ་ན། ཞག་བཅུ་ལས་འདས་པ་མེད་དོ།། ཟླ་བ་གཅིག་ལས་འདས་པ་མེད་དོ།། མཚན་མོ་འབྲལ་བ་མེད་དོ།། སྟོང ་གཡོགས་དང་སྨད་གཡོགས་ཉི་ཅེས་ལྗོངས་རྒྱུ་ཞིང་འགྲོ་བ་དང་། གོས་རྣམས་མ་བརྟགས་པ་ཅི་ཙམ་རྙེད་པ་འཆང་བ་དང་འདུས་ཤིང་ཟ་བ་མེད་དོ།། ཡང་ཡང་ཟ་བ་མེད་དོ།། ཁྱིམ་གྱི་གནསུ་འགྲོ་བ་ཉིད་དང་། རྒྱུ་བ་ལ་ལྟུང་བ་མེདདོ།། ་གོས་ཇི་ཙམ་དུ་རྙེད་པ་བཙལ་དུ་རུང་ངོ་།། སྟོན་ཟླ་ཐ་ཆུངས་ནས་བརྩམས་ཏེ། དབྱིང་ཟླ་ར་བའི་བར་གྱི་རྙེད་པ་ནི་སྲ་བརྐྱང་བཏིང་བ་རྣམས་ཀྱིའོ།། འདིར་བསླབ་པར་བཞུག་པ་ནི་མ་ཡིན་གྱི་འདི་ནི་གནང་བའོ།། དབྱུང་བ་ཅི་ལྟ་བུ་ཞེ་ན། ཐོག ་མར་དཔྱིད་ཟླ་ར་བ་ཡར་གྱི་ངོའི་ཚེས་བཅོ་ལྔ་ལ་སྲ་བརྐྱང་འདིང་བས་ཚེ་དང་ལྡན་པ་དག། སང་སྲ་བརྐྱང་འབྱིན་པར་འགྱུར་གྱིས། ཁྱེད་ཅག་གིས་ཆོས་གོས་རྣམས་བྱིན་གྱིས་རླབས་ཤིག་ཅེས་བསྒོ་བར་བྱའོ།། ཉི་མ་གཞན་ལ་དགེ ་འདུན་ཐམས་ཅད་ཀྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དབྱུང་བར་བྱའོ།། ཆོམ་རྐུན་གྱིས་བཅོམ་པ་རྣམས་ཀྱི་ཕྱིར་ནི་སྔར་དབྱུང་བར་བྱའོ།། རྙེད་པ་ཡང་བགོས་ལ་བདག་གི་སྐལ་བ་ལས་ཅི་དགར་བགོ་བར་བྱའོ།། མ་མོ ་བརྒྱད་ཀྱིས་གཞིས་སྲ་བརྐྱང་ཕྱུང་བར་འགྱུར་ཏེ། སོང་བ་དང་། རྫོགས་པ་དང་། ངེས་པ་དང་། ཉམས་པ་དང་། ཐོས་པ་དང་། མཚམས་ལས་འདས་པ་དང་། རེ་ཐག་ཆད་པ་དང་། ཕྱུང་བའོ།། དེ་ལ་སོང་བའི་མཐའ་ཅན་གང་ཞེ་ན། ་ཆོས་གོས་ཟིན་པ་དང་། བལྟོས་པ་མེད་པ་དང་། ཡུལ་རྗེསུ་ལྟ་བ་འམ། གནས་གཞན་ལྟར་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བའོ།། རྫོགས་པའི་མཐའ་ཅན་གང་ཞེ་ན། ཆོས་གོས་མ་བྱས་པ་འམ། ཆོས་གོས་ཟིན་པར་ཆོས་གོས་ཀྱི་རྙེད ་པ་ཆགས་པའི་རྒྱུད་དུ་གནས་པས་ཆགས་པས་སམ། ཆགས་པ་མེད་པའི་རྒྱུད་ཀྱང་རུང་། རེ་བ་ཡོད་དམ་རེ་བ་མེད་པའི་བྱ་བ་ཞིག་གི་ཕྱིར་རམ་ཚོལ་བའི་ཕྱིར་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་སླར་མི་འོངངོ་།། ཆོས་གོས་བྱའོ་སྙམ་དུ ་དེས་སམ་ཐེ་ཚོམ་ཡང་རུང་དེ་འདི་ན་འམ། དེར་སོན་པ་ན་འདི་སྙམ་དུ་སླར་མི་འོང་སྟེ། འོན་ཀྱང་ཆོས་གོས་བྱའོ་སྙམ་པའོ།། ངེས་པའི་མཐའ་ཅན་གང་ཞེ་ན། འདས་མ་ཐག་པ་བཞིན་དུ་ཐམས་ཅད་སྨོས་ལ་དེ་འདི ་སྙམ་དུ་སླར་ཡང་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་སྙམ་དུ་སེམས་པའོ།། ཉམས་པའི་མཐའ་ཅན་གང་ཞེ་ན། ཐམས་ཅད་སྨོས་ལ་དེའི་དུས་སུ་རྩོམ་ཞིང་སྟེང་བརྩམས་པ་ཡང་ཉམས་པའོ།། ཐོས་པའི་མཐའ་ཅན་གང་ཞེ་ན ་ཐམས་ཅད་སྨོས་ལ་དགེ་འདུན་གྱིས་སྲ་བརྐྱང་འབྱུང་བ་ཐོས་ནས་རྗེ་སུ་ཡི་རང་བའོ།། མཚམས་ལས་འདས་པའི་མཐའ་ཅན་གང་ཞེ་ན། ཆོས་གོས་མ་ཟིན་པ་ལས་སླར་འོང་བ་ལ་སོམ་ཉི་ཟ་བཞིན་མཚམས་ཀྱི་ཕྱི་རོལ་དུ་སོང་བ ་ལས་དེ་མཚམས་ལས་འདས་པ་ཉིད་ནི་ཕྱུང་བའོ།། རེ་ཐག་ཆད་པ་གང་ཞེ་ན། སླར་མི་འོང་ཞིང་ཆོས་གོས་བྱའོ་སྙམ་སྟེ་སོང་བ་ལས་ཆོས་གོས་ཀྱི་རེ་བ་ཐམས་ཅད་དུ་ཆད་པའོ།། སྲ་བརྐྱང་ཕྱུང་བ་ཉིད་ནི་བརྒྱད་པ་སྟེ། གལ་ཏེ ་འོངས་ནས་སྲ་བརྐྱང་ཕྱུང་བ་ན་ཉམ་སུ་མྱོང་བའོ།། དེ་དགེ་འདུན་བྱེ་བ་ན་ཕྱོགས་གང་གིས་ཕྱུང་བ་དེ་ཉིད་ཀྱི་སྲ་བརྐྱང་ཕྱུང་གི་གཉིས་པ་ནི་མ་ཡིན་ནོ།། དེ་ཉིད་ཀྱི་ཚེ་བཏིང་ལ་དེ་ཉིད་ཀྱི་ཚེ་གསོལ་བ་དང་ལས་མ་འགྱིས་པར་ཕྱུང་བ ་མཆིས་ལགས་སམ། བཀའ་སྩལ་པ། ཡོད་དེ་གལ་ཏེ་ཚེས་གཅིག་ལ་གློ་བུར་དུ་མང་ཞིང་ལྷག་པ་རྣམས་ཀྱི་ཚེས་གྲངས་བཙན་པར་གསོ་སྦྱོང་བྱེད་ན་སྲ་བརྐྱང་ཕྱུང་བར་བརྗོད་པར་བྱའོ།། ཐོས་པའི་མཐའ་ཅན་ནི་གལ་ཏེ་ཆགས ་བ་མེད་ན་དེ་ལྟར་དབྱུང་ངོ་།། གལ་ཏེ་རེ་བ་ཡོད་དེ་ཆོས་གོས་ཀྱང་བྱེད་པའི་འཕྲོ་ཡིན་ན་རྒྱུན་ཆགས་པ་ཡོད་པ་ཞེས་བྱ་སྟེ། དེ་ཉིད་དེ་ལ་གནང་བའོ།། ཅིའི་ཕྱིར་སྲུ་བརྐྱང་ཞེས་བྱ་ཞེ་ན། སྙིང་པོ་ཡོད་པ་དང་། བརྟན་པའི་ཕྱིར་ཏེ། དེ་ལྟར ་ཆོས་གོས་དེ་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབ་པ་འཛིན་པར་ནུས་པའོ།། ཞར་ལ་བྱུང་བ་རྫོགསོ།། ཞག་བཅུའི་བར་དུ་ཞེས་བྱ་བ་ནི་ཞག་བཅུའི་མཐའོ།། གོས་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་དང་། དེ་མ་ཡིན་པ ་རྗེསུ་གནང་བ་ལས་གཞན་པ་རུང་བ་བརྟག་པར་འོངས་པ་གང་ཡིན་པའོ།། རུང་བ་ནི་བཅོམ་ལྡན་འདས་ཀྱིས་མ་བཀག་པའོ།། དེ་ལ་ཡོ་བྱད་བཅུ་གསུམ་ནི་བྱིན་གྱིས་བརླབས་པ་སྟེ། སྣམ་སྦྱར་དང་། བླ་གྲོས་དང་། མཐང་གོས་དང ་གདིང་བ་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་། རྡུལ་གཟན་དང་། རྡུལ་ཟན་གྱི་གཟན་དང་། གདོང་ཕྱིས་དང་། གཡན་པ་དགབ་པ་དང་། དབྱར་གྱི་གོས་རས་ཆེན་དང་། ཡོ་བྱད་ཀྱི་གོ་སོ།། དེ་དག་ནི་རང་རང་གི་སྔག ་ཀྱིགྱིས་བྱིན་གྱིས་བརླབ་པར་བྱ་སྟེ། ཆོས་གོས་བགྱིས་ལགས་པ་རུང་བ་ཀུན་ཏུ་སྤྱད་པར་འོས་པ་འདི་ཆོས་གོས་སྣ་མོ་སྦྱར་དུ་བྱིན་གྱིས་བརླབ་བོ་ཞེས་དེ་བཞིན་དུ་ལན་གཉིས་ལྡན་གསུམ་དུ་བཟླ་སོ།། དེ་བཞིན་ཡོ་བྱད་ཀྱི་གོས ་ཀྱི་བར་དུ་བརྗོད་པར་བྱའོ།། མ་དྲས་པ་ནི་འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། མིང་འདི་ཞེས་བགྱི་བ་དགོངསུ་གསོལ། བདག་མིང་འདི་ཞེས་བགྱི་བ་འདི་ཆོས་གོས་ཆེན་པོར་བྱིན་གྱིས་བརླབས་ཏེ། འཚལ་ན་སྣམ་ཕྲན་དགུ་པ ་བགྱིས་ཏེ། གླེགས་བུ་བྱེད་དང་གསུམ་པར་བགྱིའོ།། བར་ཆད་མ་བྱུང་ན་བཀྲུའོ།། དྲའོ་བརྡེ་བོ་ཁ་བསྒྱུརོ།། ཟངས་གདབ་བོ།། བརྐྱང་ངོ་།། དྲུབ་པོ་ཡང་ན་འདི་ལ་ལྡན་ཐབས་གླ་ནོ།། ཙྪིནཱ་དྷི་ལྷ་བཞིན་དུ་བགྱིས་རྟེན་སཿ། ་འདི་རུང་བ་ཀུན་ཏུ་སྤྱད་པར་འོས་པའོ་ཞེས་ལན་གཉིས་ལན་གསུམ་དུ་བཟླསོ།། ཆོས་གོས་འདི་བླ་གོསུ་བྱིན་གྱིས་བརླབ་སྟེ་འཚལ་ན་སྣུམ་ཕྲན་བདུན་པ་དང་། གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ།། བར་ཆད་མ་བྱུང་ན་ཞེས་བྱ་བ ་ནས་ཆོས་གོས་འདི་རུང་བ་ཀུན་ཏུ་སྤྱད་པར་འོས་པའོ།། ཞེས་བྱ་བའི་རྡུ་ལན་གཉིས་ལན་གསུམ་དུ་བཟླསོ།། ཆོས་གོས་འདི་མཐང་གོས་བྱིན་གྱིས་བརླབས་ཏེ། འཚལ་ན་སྣུམ་ཕྲན་ལྔ་པ་དང་། གླེགས་བུ་ཕྱེད་དང་གཉིས་པར ་འགྱིའོ་ཞེས་བྱ་བ་ནས་ལྷག་མ་ནི་སྔ་མ་བཞིན་ནོ།། རིགས་ལྔ་དང་ལྷན་ཅིག་བྱིན་གྱིས་བརླབ་པར་བྱའོ།། སྤུ་ཅན་དང་སྟུག་པོ་བྱིན་གྱིས་བརླབ་པར་མི་བྱའོ།། སྤུ་ཆུང་བ་གང་ཡིན་པ་དེ་དག་བྱིན་གྱིས་བརླབ་པར་བྱའོ།། ལྷུག་པོ་གང་ཡིན་པ་དེ་དག ་ནི་སྦྱིན་བདག་ལ་ཡིད་བརྟན་ཏེ་བཅང་བར་བྱའོ།། དེ་ལས་གཞན་པ་རྗེསུ་གནང་བ་གང་ཞེ་ན། འདི་ལྟ་སྟེ། རྡུལ་བསལ་བའི་ཕྱིར་བལ་དང་། ཟར་མ་དང་རྩ་དུ་གུ་ལ་དང་། རས་བལ་ལས་བྱས་པ་རྗེསུ་གནང་ངོ་།། པར་ཏང་ཁྲ་བོ་ནི་སྐུད་པ་སྣ ་བདུན་པའོ།། དེ་བཞིན་དུ་པུས་ཁྱུད་དང་། རྣག་ཟག་པའི་ལུས་ཕྱི་བ་སྟེ། དེ་ཡང་དུས་དུསུ་བཀྲུ་བར་བྱ། ཁ་བསྒྱུར་བར་བྱའོ།། སླ་བཟེད་པ་ཡང་ངོ་།། གཏུར་བུ་ནི་སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་ཕྱེད་དང་དོ་པ་ལས་ཉིས་བལྟ་བ་དུ་བྱས་ཏེ་མཧཱ ་གཉིས་ནས་བཙེམས་ལ་དབུསུ་ཁ་གཏོང་དེ་མིག། ཁར་སྐུད་པས་དྲ་བར་བརྒྱུའོ།། གོས་གང་ཡོངསུ་སྤྱང་དགོས་པ་དེ་དག་ནཱི་ལོགསུ་བཞག་གོ།། གཞན་ནི་ཞབསུ་བཞག་གོ།། སྡུས་ནང་ཚངས་ཅན་ནི་སྲིད་དུ་ཁྲུ་བཞི་ཞེང་དུ་ཁྲུ་དོ་བ་ལས་ཉིས་བལྟར ་དུ་བྱས་ཏེ་བཙེམས་ལ་ཤིང་བལ་རུང་བས་དགང་ངོ་།། ཆོས་གོས་ཕྲག་པའི་ཕྱོགསུ་དྲི་མ་ཆགས་པར་གྱུར་ན་ཕྲག་པའི་ངོས་ལྟོས་ཉི་གར་ལྷན་ཐབསུ་སྲིད་དུ་ཁྲུ་ཕྱེད་དང་དོ་ཞེང་དུ་མཐོ་གང་གི་ཚད་ཙམ་སྐུད་པའི་གཟུངས་ཀྱིས་སྦྱར་བར་བྱའོ།། དེ་ཡང ་དུས་དུས་སུ་བཀྲུ་བར་བྱའོ།། ཁ་བསྒྱུར་བར་བྱའོ།། སྦྲང་སྐྱབས་ཀྱི་རས་ནི་བཞི་དང་གཉིས་པའོ།། ངོས་ཐུང་གཉིས་ཤིང་ལས་བརྐྱངས་ཏེ། རས་ཁྲུ་བཅུ་གཉིས་པས་ཀུན་ནས་དཀྲི་བར་བྱའོ།། ཆོས་གོས་གསུམ་པས་ཀྱང་ཁྲུས་རས་བྱིན་གྱིས་བརླབས་ཏེ། ་བཅང་བར་བྱའོ།། ཞེས་རྗེསུ་གནང་ངོ་།། འདི་དག་ལས་གཞན་པ་ནི་ཟིན་ཀྱང་རུང་། མ་ཟིན་ཀྱང་རུང་བརྟག་པར་འོས་པ་སྟེ་དེ་ནི་སློབ་དཔོན་དང་བླ་མ་མཁན་པོ་སྟེ། དེ་དག་གི་བླ་མ་གང་ཡིན་པ་དང་། བླ་མའི་གནས་ལྟ་བུ་སྟེ། བཀུར་སྟི་བྱ་བ་གང་ཡིན་པ་རྣམས། ་ཀྱིའོ།། གལ་ཏེ་དེའི་ཚུལ་ཁྲིམས་དང་། ཐོས་པ་དང་། དང་བ་ལ་སོགས་པ་ཡོན་ཏན་ཆུང་བར་མ་གྱུར་ན་ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱིས་མིང་གིས་བརྟག་པར་བྱའོ།། མ་མོ་ལས་ཀྱང་རིས་བདུན་ལ་ཡང་བརྟག་པར་བྱའོ་ཞེས་གསུང་སོ།། ཚེ་དང་། ་ལྡན་པ་དགོངསུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རུང་བར་མ་བགྱིས་པ་རུང་བར་བགྱི་བར་འོས་པ་འདི་མཁན་པོའི་ལགས་པ་རུང་བར་བགྱིའོ།། མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ་ཞེས་དེ་བཞིན་དུ་ལན་གཉིས་ལན ་གསུམ་དུ་བཟླ་སོ།། ཡིད་བརྟན་པ་ནི་རྒྱ་མཚོའི་ཕ་རོལ་ན་འདུག་པ་ལ་ཡང་བརྟག་པར་བྱའོ།། གང་ལ་གོས་བརྟགས་པ་དེས་མི་བཀུ་རོ།། ཡིད་བརྟན་པ་ཤི་ན་ཤི་བའི་ཡོ་བྱད་ཅེས་དགེ་འདུན་གྱིས་བྱིན་གྱིས་བརླབ་པར་མི་བྱའོ།། ་རུང་བར་བྱ་བའི་ཕྱིར་བརྟག་གི་སྦྱིན་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ།། ཡིད་བརྟན་པ་ཤིན་ཇི་སྲིད་མ་ཐོས་པ་དེ་སྲིད་དུ་བརྟག་པ་དེ་ཉིད་དོ།། ཐོས་ནས་གཞན་ལ་བརྟག་པར་བྱའོ།། ལྔ་པ་དང་བདུན་པ་ཡང་བརྟག་པར་བྱའོ།། སྣམ་སྦྱར་ནི་མ་ཡིན་ཏེ།། གཞན ་གྱི་ཕྱིར་ནི་བཅང་བར་བྱའོ།། བརྟག་པ་ཡང་ཉོན་མོངས་པ་གཉིས་ཀྱི་གཉེན་པོར་སྣང་སྟེ། མ་བརྟགས་པ་བསྲེལ་ན་འགལ་ཚབས་ཅན་གྱི་ཉོན་མོངས་པར་འགྱུར་བ་དང་། མི་འཆང་ན་ཕོངས་པའི་ཉོན་མོངས་པར་འགྱུར་བའོ།། དེ་གཉིས་ཀྱིས ་འདོད་པའི་བདེ་བ་དང་། བདག་དུབ་པ་ལ་སྦྱོར་བས་ལྟུང་བར་འགྱུར་རོ།། ཆོས་གོས་ཀྱིས་ཀུན་ཏུ་སྤྱོད་པ་ནི་གང་ཟག་དང་བླང་བ་དང་། སྤང་བ་དང་ཡོངསུ་སྤང་བ་དང་། དྲན་པ་ཉེ་བར་གཞག་པའོ།། གང་ཟག་ཅི་འདྲ་བས་ཆོས་གོས་ལྷག་པ ་བར་བྱ་ཞེ་ན། འཐབ་པ་ཉུང་བ་དང་། བདེ་བ་སྐྱེད་པ་དང་། ལྷ་ལས་འཆི་འཕོས་པས་ཡིད་དུ་འོང་པོ་འདོད་པ་དང་། ན་བ་དང་། དྲི་མ་དང་། ཤིག་དང་། སྲོ་མ་མང་བ་དང་། འཁྲུག་པ་མང་བའི་ཡུལ་ན་གནས་པ་དང་། ཞལ་ཏ་བྱེད་པ་ལས་ཀྱི་མཧཱ ་མང་པོ་དང་། ཆོས་གོས་དེ་ལ་ཉོན་མོངས་པ་ཆུང་བ་དང་། ཉོན་མོངས་པ་འབྲིང་དང་། ཆེ་བ་སོ་སོར་རྟོག་པའི་སྟོབས་ཅན་གྱི་སོ།། གང་ལ་བླང་བར་བྱ་ཞེ་ན། དབུལ་པོ་གཏོང་བང་བས་ནི་བསྟབས་ཀྱང་བླང་བར་མི་བྱ་སྟེ། གང་བྱིན་པ་དེས་དེ་ཕོངས ་པབར་འགྱུར་རོ།། བྱིན་ཡང་རྟེན་ཡོད་ན་མི་བླ་ངོ་།། ཁྱིམ་པ་ལ་ཅི་ལྟ་བ་བཞིན་དུ་དགེ་སློང་རྙེད་པ་ཆུང་ངུ་ལས་ཀྱང་དེ་བཞིནོ།། སྨྱོན་པ་གང་མ་ལ་སོགས་པས་མི་ཤེས་པ་ལས་ཀྱང་མི་བླངོ་།། གང་མ་ལ་སོགས་པས་ཤེས་པ་འམ། རང་གི་ཁྱིམ་ནས་བྱིན ་པ་ལས་ནི་བླང་ངོ་།། ཆོམ་རྐུན་པ་གཡོན་ཅན་དང་། རབ་ཏུ་ཆགས་པ་དང་། འཐབ་མོ་ལ་སྲེད་པ་དང་། འཐབ་མོ་སེམས་པ་དང་། རྟག་ཏུ་གནོད་པའི་ལས་བྱེད་པ་དང་། རྟག་ཏུ་གནོད་པའི་ལས་སེམས་པ་དང་། རྐུན་མ་དང་། གཤེད་མ་དང་། ་འཇིག་རྟེན་ན་ཤིན་དུ་སྨད་པ་གདོལ་བ་དང་། གཡུང་པོ་ལ་སོགས་པ་ལས་བླང་བར་མི་བྱ་སྟེ། དེ་ལས་གནོད་པའི་ཉེས་པ་འབྱུང་ཞིང་མ་དད་པའི་ཉེས་པར་ཡང་འགྱུར་རོ།། དགེ་འདུན་ལ་སོགས་པས་བདག་གིར་བྱས་པ་ཞིག་ན་ཞལ་ཏ་བྱེད་པ་ལས ་བླང་བར་མི་བྱའོ།། ཅི་འདྲ་བ་བླང་བར་བྱ་ཞེ་ན། བར་སིག་གི་ཡུལ་གྱི་ལྭ་བ་ནི་དགེ་འདུན་གྱིས་བླང་གིས། གང་ཟག་གིས་ནི་མ་ཡིན་ནོ།། ལྭ་བ་དང་བེའུ་རས་ནི་གཉི་གས་སོ།། རས་བལ་གྱི་གོས་མི་བླང་ངོ་།། དེ་བཞིན་དུ་བ་ལང་གི་སྤུ་དང་། ཀོ་པག ་ཀྱི་གོས་ཀྱང་མི་བླང་ངོ་།། དོམ་ལ་སོགས་པའི་པགས་པ་འཆང་བ་ལ་ལྟུང་བ་མེད་དོ།། གཞན་གྱི་ལ་སྤྱོད་པ་ལ་ནི་ལྟུང་བ་མེད་དོ།། ཁ་ཅིག་ན་རེ་གནས་མལ་རྗེསུ་བསྲུང་བ་མི་སྤང་བའི་ཕྱིར་པགས་པའི་གོས་དང་། རྐེད་ཆིངས་བཅང་བ་ཅི་བདེར ་ལོངས་སྤྱད་པར་བྱའོ་ཞེའོ།། མཐའ་འཁོབ་ཏུ་ཀོ་པགས་བཅང་སྟེ། མཆིལ་ལྷམ་རིམ་པ་གཅིག་པ་བྱའོ།། ཉི་རིམ་དང་སུམ་རིམ་ནི་མ་ཡིནོ།། གལ་ཏེ་རྡོལ་ན་རྡོགས་པས་གླན་ཏེ་བཅང་བར་བྱའོ།། ལི་ཁར་ཚང་ཚིང་སུ་ཤི་ར།། དེ་བཞིན་གྲོང་དང་ཉེ་བ ་གྲོང་ཆུ་ཀླུང་འདམ་བུ་མདའ་རྒྱུ་སྟེ།། ཤར་དང་བྱང་དང་ཕྱོགས་རྣམསུ།། འདི་ནི་མཐའ་འཁོབ་མཚན་ཉིད་།། ཡུལ་གྱི་དབུསུ་ནི་ཀོ་པགས་མི་གནང་སྟེ། ཉེ་བར་བཞག་པར་མི་བྱ། ལ་ས་བྱའོ།། རྔོན་པ་ལས་དོམ་པགས་བླང ་བ་ལ་ལྟུང་བ་མེད་དོ།། བླངས་ནས་ཀྱང་དྲི་གཙང་ཁང་གི་སྒོར་བཅའ་བ་འམ། རྐང་པའི་མཐར་རོ།། དོན་པགས་ཐམས་ཅད་ནི་མིག་ལ་ཕན་ནོ།། ཁྱིམ་པའི་ཁྱིམ་དུ་བཏིང་བ་ལ་འདུག་པར་བྱའོ།། ཉལ་བར་ནི་མི་བྱའོ།། གཙུག་ལག་ཁང་དུ་ནི་གཉི་ག ་མི་བྱའོ།། གཞང་འབྲུམ་ན་བ་དོམ་པགས་སྤུ་གྱེན་དུ་བསྟན་ཏེ་འདུག་པ་ལ་ལྟུང་བ་མེད་དོ།། གྲོ་ཞིན་སྐྱེས་བྱེ་བ་ཉི་ཤུ་པ་ལས་བསྟེན་ཏེ། ཡུལ་གྱི་དབུས་སུ་མཆིལ་ལྷམ་རིམ་པ་གཅིག་པ་འཆང་དུ་གནང་ངོ་།། རྒན་ཞུགས་ཀྱི་ཕྱིར་མ་གནང་སྟེ། ་མལ་ཆ་དང་སྟན་རྗེ་སུ་བསྲུང་བའི་ཕྱིར་ཕྱིས་ཡང་རྗེ་སུ་གནང་ངོ་།། རིམ་པ་མང་བ་ཡང་ཁྱིམ་པས་ལོངས་སྤྱད་པ་ཡིན་ན་སྤྱད་པར་བྱ་སྟེ། གང་གོམ་པ་བདུན་ནཱམ་བརྒྱད་བོར་བ་ནི་ཁྱིམ་པས་ལོངས་སྤྱད་པ་ཡིན་ནོ།། ཀློག་ཀྲོག་དང་། ཁྲིག་ཁྲིག་ཟེར ་བ་དང་། ལུག་རུ་ལྟ་བུ་དང་། བྱང་ཆུབ་ཤིང་དང་། ཤིང་པ་ཏོ་ལྔའི་ལོ་མ་ལྟ་བུ་དང་། གཞན་ཡང་ཁྲ་ཁྲ་བོ་དང་། ཉེ་བར་བཀྲ་བ་བཅང་བར་མི་བྱའོ།། གླང་པོ་ཆེ་ཐམས་ཅད་དང་། ཏ་ཐམས་ཅད་དང་། མཆེ་བ་ཅན་ཐམས་ཅད་དང་། སེང་གེ་དང་། སྟག ་དང་། གཟིགས་གི་པགས་པ་བཅང་བར་མི་བྱའོ།། དེ་དག་གི་རྒྱུས་པས་བཙེམ་པར་མི་བྱའོ།། གོང་གཟུངསུ་གཏང་བར་མི་བྱའོ།། སྣ་སྲུབས་ཅན་དང་། རྟིང་སྦུབས་ཅན་མ་ཡིན་ནོ།། མགུལ་ཆད་དུང་མ་ཡིནོ།། ཡུའུ་ཐུང་ངུ་མ་ཡིན་སྒྲོག་གུ ་ཅན་དུ་མི་བྱའོ།། མིག་བརྟུལ་བའི་ཕྱིར་དོམ་པགས་ཀྱི་མཆིལ་ལྷམ་རྗེ་སུ་གནང་སྟེ། སྤུ་གྱེན་དུ་བསྟན་པར་བྱའོ།། གསེགས་བཅིང་བ་རྗེ་སུ་གནང་སྟེ། སྣ་སྦུབས་ཅན་དང་། རྟིང་སྦུབས་ཅན་དང་། མགུལ་ཆད་དང་། ཡུའུ་ཐུང་ཡང་དེ་བཞིན་ནོ།། ་ཡུལ་ཁ་བ་ཅན་དུ་ནི་ལྷམ་སྒྲོག་གུ་ཅན་རྗེ་སུ་གནང་སྟེ། གང་ན་ཆུ་སྣོང་དུ་ཆུ་འཁྱག་པ་དེ་ཡུལ་ཁ་ཅན་ཞེས་བྱའོ།། ཤིང་གི་མཆིལ་ལྷམ་བཅང་བར་མི་བྱའོ།། རྙེད་པ་བླངས་ཏེ་བཤང་པ་དང་། གཅི་བའི་སར་བཞག་པར་བྱའོ།། ཁྱིམ་གཞན ་དུ་ནི་ལྟུང་བ་མེད་དོ།། འོང་བའི་ལོ་མ་དང་། རྩཝ་མུན་ཛའི་མཆིལ་ལྷམ་བཅང་བར་མི་བྱའོ།། ཐ་གུའི་མཆིལ་ལྷམ་མ་ཡིན་ནོ།། དྲེག་ནད་ཅན་ལ་ནི་ལྟུང་བ་མེད་དོ།། མཆིལ་ལྷམ་ལ་མཁས་ན་ཡང་དེ་དབེན་པའི་ཕྱོགསུ་བྱའོ།། བསྙུང་དང་གྲི་གུ ་བཅང་བར་བྱའོ།། ཞར་ལ་འོངས་པ་རྫོགས་ཏེ་བླང་བ་ནི་དེ་ལྟ་བུའོ།། སྤང་བ་ཅི་ལྟ་བུ་ཞེ་ན། གང་ན་སྲོག་ཆག་རྣམས་མ་སྲིལ་རྣམས་སམ། བེའུས་མི་ཟ་བ་དང་། གཡང་དུ་མི་ལྟུང་བ་དང་། མེ་དང་ཆུ་དང་། རླུང་གི་མ་རུངས་པར་མི་འགྱུར་བ་དང་། ཚོམ ་རྐུཏུན་པས་མི་རྐུ་བ་དེར་གོས་བཞག་པར་བྱའོ།། ཇི་སྐད་དུ་བ་ལ་རིན་པོ་ཆེ་བགོས་ཏེ། དགོན་པར་འགྲོ་བར་མི་བྱའོ།། གྲོང་དུ་ཉེ་བར་གཞག་གོ་ཞེས་གསུངས་པ་ལྟ་བུའོ།། བ་ཤ་ཀའི་ལོ་མ་ལ་སོགས་པ་བཏིང་ཏེ་གདབ་པར་བྱའོ།། སྒོ་གླེགས ་མེད་པ་དང་། དགེ་སློང་མེད་པའི་གནས་དབྱར་ཉེ་བར་གནས་པར་མི་བྱའོ།། ཉེ་བར་གནས་ན་སྣམ་སྦྱར་མེད་པར་གང་དུ་ཡང་འགྲོ་བར་མི་བྱའོ།། སྣམ་སྦྱར་ཉེ་བར་བཞག་པར་རུང་བ་རྣམ་པ་ལྔ་སྟེ། དགེ་སློང་དང་བཅས་ཤིང་སྒོ་གླེགས་དང ་བཅས་པའི་གནས་དང་། ཆར་འབབ་བམ་བབ་དུ་དོགས་པ་དང་། ཆུ་ཀླུང་རྒལ་བ་དང་། སྲ་བརྐྱང་བཏིང་བའི་གནས་དང་། སྣམ་སྦྱར་གྱི་གནང་བ་ཐོབ་པའོ།། མཐའ་ཟེགས་ན་མཐའ་སྐོར་གྱིས་གླན་ཞིང་ཕྱིར་བཙོ་སོ།། བསྙུང་ཚེམ ་ལྟ་བུ་དག་གིས་གཟུངས་གདབ་བོ།། འདུག་པའི་ཚེ་ཤིང་དང་། རྡོ་རྩུབ་པོ་དང་། ས་རྡུལ་ཅན་གྱི་ཕྱོགསུ་ཟོན་ཡོད་པར་འདུག་ཅིང་བསྲུང་བར་བྱའོ།། གཞི་མེད་པར་ས་ལ་འདུག་པར་མི་བྱའོ།། སྟན་ཡང་བྱའོ།། རྩ་ལ་སོགས་པའི་ཆུན་བུ་བྱས་ཏེ། ་རས་ཀྱི་དུམ་བུས་དཀྲི་བར་བྱའོ།། ལས་བྱེད་པ་ནི་རྫབ་དང་རྡུལ་གྱིས་མི་ཕོག་པར་བསྲུང་ངོ་།། འགྲོ་བ་ན་ཚེར་མ་དང་། ཆང་ཚིང་ལས་བག་བྱ་ཞིང་ཤམ་ཐབས་ཀྱང་ཧ་ཅང་མི་འཇོལ། ཧ་ཅང་མི་དཀྲྀ་བར་བསྲུང་བར་བྱའོ།། དྲི་མ་ཆགས་སམ ་སྣམ་གྱིས་ཕོག་གམ། མཽ་གཙང་བས་ཕོག་སྟེ་བཀྲུ་བར་འོས་ན་བཀྲུའོ།། དྲུབ་བམ?་ཁ་བསྒྱུར་བར་འོས་ན་དྲུབ་བོ།། ཁ་བསྒྱུར་རོ།། ལས་བྱེད་པའི་ཚེ་སྣུམ་སྦྱར་མི་དགོའོ།། རྩཝ་ལ་སོགས་པ་མི་གཞུག་གོ་ཉེ་བར་མནན་ནས་འདུག་པར་མི་བྱའོ།། ་ཉལ་བར་མི་བྱའོ།། ཤ་མཐང་ལ་རེག་པར་མི་བྱའོ།། དུས་གསུམ་དུ་བསྒོ་བར་བྱ་སྟེ། བསོད་སྙོམས་ལ་འཇུག་པ་དང་། ཟན་ཟ་བའི་གནས་དང་། མཆོད་རྟེན་ལ་ཕྱག་འཚལ་བའི་དུ་སུའོ།། བླ་གོས་ནི་སྤྱི་བདེར་སྤྱད་དེ། འོན་ཀྱང་དེའི་སྟེངས ་དུ་འདུག་པར་མི་བྱ། ཉལ་བར་མི་བྱའོ།། སོ་སོར་གདིང་བ་མེད་ན་ཡུན་རིང་དུ་མི་ཉལ་བར་བྱ་སྟེ། ཅུང་ཞིག་ཉལ་བར་བྱའོ།། གར་བབ་དུ་ཉལ་བར་མི་བྱའོ།། གང་རྨི་ལམ་གནོད་པ་མང་བ་དེས་ནི་རས་ཀྱི་འོག་ཏུ་རས་མས་དཀྲི་བར་བྱའོ།། ཆོས ་གོས་རྣམས་མི་གཙང་བའི་ཕྱོགསུ་བཞག་པར་མི་བྱའོ།། ཐབས་གཞན་ཡོད་ན་ཁུར་ལྕི་བས་མནན་པར་མི་བྱའོ།། བེའུ་རས་དང་། ལྭ་བ་སྤུ་ཅན་སྤུ་ནང་དུ་བསྟན་ཏེ་བགོ་བར་བྱའོ།། གཞན་དུ་ན་དེ་བཞིན་དུ་སྤྱད་དོ།། དེ་བཞིན་དུ་ཤིག་ལ་སོགས ་པའི་ཉེ་བར་འཚེ་བ་སྤང་བའི་ཕྱིར་ནི་རུང་ངོ་།། སྤྱད་པ་མ་ཡིན་པས་ཅུང་ཟད་ཀྱང་སྤྱད་པར་མི་བྱའོ།། ཆོས་གསུམ་ནི་དེའི་རང་གིས་སྤྱད་པས་སྤྱད་པར་བྱའོ།། དུས་དུས་སུ་ཆོས་གོས་བལྟ་བར་བྱའོ།། གང་ཡིད་བརྟན་པ་དེ་ལ་བཞག་པར ་སྤང་བ་ནི་དེ་ལྟ་བུའོ།། ཡོངསུ་སྤང་བར་བྱ་བ་ཇི་ལྟ་བུ་ཞེ་ན། དེའི་ངོ་བོས་ཆོས་གོས་ལ་ཆགས་པས་སེམས་གཡེངས་པར་འགྱུར་བས་ཆོས་གོས་མང་པོ་ལ་ཆགས་པས་གོས་ལྷག་པ་སྤང་བར་བྱའོ།། ཆོས་གོས་བཟང་པོ་ལ ་ཚོགས་པས་ཕྱག་དར་ཁྲོད་བགོ་བར་བྱ་སྟེ། གཞན་ནི་དོར་བར་བྱའོ།། གོས་འཇམ་པོ་རེག་པ་ལ་ཆགས་པས་བལ་གོས་བགོ་བར་བྱའོ།། གཞན་དོར་བར་བྱའོ།། ཕྱག་དར་ཁྲོད་པ་དང་དུར་ཁྲོད་པས་ཀྱང་གོས་དགེ་འདུན་གྱི་དངོས་པོ་བཟང ་པོ་སྤང་བར་བྱ་སྟེ། དར་དང་ཟ་འོག་གི་སྟན་ལ་སོགས་པ་སྤྱད་པར་མི་བྱའོ།། དུར་ཁྲོད་ཀྱི་གོས་གྱོན་ཏེ་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ།། མཆོད་རྟེན་ལ་ཕྱག་མི་བྱའོ།། གལ་ཏེ་ཕྱག་འཚལ་ན་འདོམ་གང་ཁོར་ཡུག་ཕ་ཟད་ནས་བྱའོ།། ་དགེ་འདུན་གྱི་གཙུག་ལག་ཁང་གི་མལ་ཆ་དང་སྟན་ལ་སྤྱད་པར་མི་བྱའོ།། དགེ་འདུན་གྱི་ནང་དུ་བསྟན་འདུག་པར་མི་བྱའོ།། ཁྱིམ་པ་ལྷགས་པ་རྣམས་ལ་ཆོས་བསྟན་པར་མི་བྱའོ།། ཁྱིམ་རྣམསུ་འགྲོ་བར་མི་བྱའོ།། གལ་ཏེ་འགྲོ་ན་སྒོ ་ཁར་བསྡད་པར་བྱའོ།། གལ་ཏེ་ནང་དུ་ཞུགས་ཤིག་ཅེས་ཟེར་ན་བདག་ནི་དུར་ཁྲོད་པའོ་ཞེས་བརྗོད་པར་བྱའོ།། གལ་ཏེ་ནང་དུ་སོང་ཞེས་ཟེར་ན་འགྲོ་བར་བྱའོ།། མ་བསྒོ་བར་སྟན་ལ་འདུག་པར་མི་བྱའོ།། དོན་གྱི་དབང ་གསུམ་མཐོང་ནས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླང་བར་བྱ་སྟེ། གང་ཉོན་མོངས་པ་དེས་གནོད་པས་ཀུན་ནས་ཉོན་མོངས་པ་སྤང་བའི་ཕྱིར་དང་། ཡོ་བྱད་བསྙུངས་པའི་དོན་དང་། སྐྱེ་བོ་ཕྱི་མ་རྣམས་ལ་སྣང་བ་བྱས ་པར་འགྱུར་བའོ།། དང་པོ་ནི་གནོད་མི་ཟ་བར་བྱའོ།། ཆོས་གོས་མ་དྲས་པས་གྲོང་དུ་འཇུག་པར་མི་བྱའོ།། མ་མདུང་པར་མ་ཡིན་ནོ།། དེ་འདྲ་བའི་རྐྱེན་ཅིག་བྱུང་ན་མ་གཏོགསོ།། མ་དྲས་པར་ཁྱིམ་གྱི་ནང་དུ་འདུག་པར་མི་བྱའོ།། ། ་དེ་འདྲ་བའི་རྐྱེན་ཅིག་བྱུང་ན་མ་གཏོག་སོ།། དེ་བཞིན་དུ་ཀུན་ཏུ་རྒྱུ་བའི་ཁྱིམ་དུ་ཡང་ངོ་།། ཀུན་ཏུ་རྒྱུ་རྣམས་ཕྱི་རོལ་དུ་བྱུང་ཟིན་པ་ལ་ནི་ལྟུང་བ་མེདོ།། ཤམ་ཐབས་ཀ་རགས་ཀྱིས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ།། ་ཡོངསུ་སྤང་བར་བྱ་བ་ནི་དེ་ལྟ་བུའོ།། དྲན་པ་ཉེ་བར་གཞག་པ་ཅི་ལྟ་བུ་ཞེ་ན། ཉེ་བར་གཞག་པ་དང་། ཡོངས་སྤྱད་པ་དང་། དྲན་པས་གཞན་གྱིས་ལ་ཡོངསུ་སྤྱད་དེ། བདག་གོས་རྣམས་ལ་ཡོ་བྱད་བསྙུངས་པར་བྱའོ།། སྒྱུམ་དུ ་དུས་དུས་སུ་དེ་ལྟར་དྲན་པ་ཉེ་བར་གཞག་པར་བྱའོ།། ཐམས་ཅད་དུ་ཅི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན་ཐམས་ཅད་ལ་ཉེས་བྱསོ།། དེ་ལས་འདས་པར་ཞེས་བྱ་བས་ནི་ཞག་བཅུའི་སྐྱ་རེངས་ཤར་བའི་དུས་ལས་གཞན་དུའོ།། འཆང ་ན་ཞེས་བྱ་བ་ནི་མ་བཏོགས་པའམ། བྱིན་གྱིས་མ་བརླབས་པའོ།། སྤང་བའི་ལྟུང་བྱེད་དོ།། ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བ་བཤགས་པ་བྱ་བའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། ཚེས་གཅིག་ལ་གོས་གཅིག་གམ་མང་པོ་ཞིག ་ད་ཀྱང་རུང་ཞག་བཅུ་ཚུན་ཆད་དུ་བྱིན་གྱིས་བརླབས་པར་བྱ། གཏད་པར་བྱ། རྣམ་པར་བརྟག་པར་བྱའོ།། གཞན་དུ་ཞག་བཅུ་གཅིག་པའི་ཉིན་པར་སྤང་བར་འགྱུར་རོ།། ཚེས་གཅིག་ལ་རྙེད་ལ། ཚེས་བཅུའི་བར་དུ་དུས་ཀྱིས་ཆོད་ནས ་གཞན་ཡང་གཅིག་གམ་མང་པོ་ཞིག་རྙེད་ཀྱང་རུང་། སྔ་མ་འམ། ཕྱི་མ་གཅིག་ནི་བྱིན་གྱིས་བརླབས་པར་བྱའོ།། གཞན་དུ་ནི་རྐྱེན་ཇི་ལྟ་བ་བཞིན་དུ་བྱའོ།། རྣམ་པ་གཞན་དུ་ཞག་བཅུ་གཅིག་པའི་ཉིན་པར་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ།། བརྟག ་པ་ལ་མ་བརྟགས་པར་འདུ་ཤེས་ན་ལྟུང་བར་འགྱུརརོ།། སྤང་བར་ནི་མ་ཡིན་ཏེ། ཆད་པའི་ལས་མེད་དོ།། ཞེས་བྱ་བའི་ཐ་ཚིག་གོ།། གཞན་གྱི་ལ་བདག་གིར་འདུ་ཤེས་ཏེ་མ་བརྟགས་པ་ཡང་དེ་བཞིན་ནོ།། མ་བརྟགས་པ་ལ་བརྟགས་པར་འདུ་ཤེས ་པ་ལ་ལྟུང་བ་མེད་དོ།། དེ་བཞིན་དུ་བརྟགས་པ་ལ་བརྟགས་པར་འདུ་ཤེས་པ་ལ་ཡང་།། མ་བརྟགས་པ་ལ་མ་བརྟགས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་སྤང་བར་འགྱུར་རོ།། བརྟགས་པ་ལ་ཡིད་གཉིས་ཟ་ན་ཉེས་བྱསོ།། མེད་པ ་ལ་ཡོད་པར་འདུ་ཤེས་ན་ཉེས་བྱསོ།། ཡོད་པ་ལ་མེད་པར་འདུ་ཤེས་ན་ལྟུང་བ་མེད་དོ།། དཀོན་མཆོག་གསུམ་ལ་སོགས་པའི་རྒྱུ་མཚན་དུ་འཆང་བ་ལ་ལྟུང་བ་མོདོ།། སྦྱིན་བདག་གིས་འདི་ངའི་ཡིན་གྱིས་ཅི་དགར་གྱིས་ཞེས་བགོས ་མ་བརྟགས་པ་དང་། ཞག་འདི་སྙེད་གཅིག་ན་བྱིན་གྱིས་བརླབ་པོ་སྙམ་དུ་བསམས་ན་དེ་ཚུན་ཆད་དུ་ལྟུང་བ་མེད་དོ།། མ་བསམས་ན་ཉིན་རེ་ཉིན་རེ་ཉེས་བྱས་རེ་རེའོ།། བརྗེད་དེ་ཞག་བཅུར་མ་ལོན་པར་བཅངས་པ ་དང་རྐྱེན་ཇི་ལྟ་བ་བཞིན་དུ་བྱའོ་སྙམ་དུ་མངོན་པར་འདུས་བྱས་ནས་ཞག་བཅུ་ཚུན་ཆད་དུ་འཆང་བ་ལ་ལྟུང་བ་མེད་དོ།། འགའ་ཞིག་ལ་བསྔོས་པ་ལས་བདག་གིར་བྱས་ལ། ཉོན་མོངས་པ་མངས་པ་མང་བ་ཆགས་པ་འམ་ཞེ་སྡང་བ ་འམ། འགའ་ཞིག་ལ་གཏི་མུག་པ་འམ། བསྟན་བཅོས་ངན་པ་ལ་སོགས་པ་སེམས་པའི་སྐྱོན་དང་། ཉོན་མོངས་པས་དྲངས་པས་བརྗེད་དེ། མ་བརྟགས་ན་དངོས་གཞིའོ།། དེ་བཞིན་དུ་ཉོན་མོངས་པས་ཟིལ་གྱིས་ནོན་པས་དྲངས་པའི ་མ་གུས་པ་ལ་ཡང་ངོ་།། ཁ་ཅིག་ན་རེ་ལས་དང་པོ་པ་མ་ཡིན་པའི་མི་ཤེས་པ་ལ་ཉེས་བྱསོ།། བླ་མ་ལ་ནི་བསྡམ་པར་བྱའོ།། དེ་བཞིན་དུ་དེ་ལས་གཞན་པའི་བག་མེད་པ་ལ་ཡང་ཞེའོ།། གང་ཟག་བརྟག་པར་མི་འོས་པ་དང་། དད་པ་དང ་ལྡན་པའི་སེམས་ཉེ་བར་མ་བཞག་པ་ལ་ཉེས་བྱསོ།། གང་ཅིག་ཁོ་ནར་བསླབ་པ་ལ་མི་གུས་པ་ལ་སོགས་པའི་ལྟུང་བ་སུ་ལ་ཡོད་པ་དེ་ལ་གནང་བ་མེད་དོ།། རྒྱུ་འམ་སྤྱན་ནམ་གཉི་ག་འམ། རྔ་མོའི་བྲལ་ལ་སོགས་པ་དང་བསྲེས ་པ་དང་། རུང་བ་མ་ཡིན་པ་འམ། ཐག་སུ་མ་བརྟགས་པ་ནི་ཞག་བཅུ་ལས་འདས་ན་ཉེས་བྱསོ།། དེ་ཐམས་ཅད་ནི་ཆོས་གོས་དང་། མལ་ཆ་དང་སྟན་དང་ལྡན་པ་རྣམས་ལ་ཡང་བརྗོད་པར་བྱའོ།། གང་གིས་སྤང་བ་སྲེལ་ལ་སོགས་པས། ་ཟོས་སམ་ཚིག་གམ་བརླག་པ་དེས་ལྟུང་བ་འབའ་ཞིག་བཤགས་པར་བྱའོ།། དེའི་དུམ་བུ་གང་ཡིན་པ་དེ་དག་ནི་སྤང་བ་མི་འཐོབ་པའོ།། དེ་ཉིད་དེ་དག་གིས་བྱིན་གྱིས་བརླབ་པའོ།། འདི་ཐམས་ཅད་ནི་སྤང་བ་རྣམས་ལ་བརྗོད་པར་བྱའོ།། གལ་ཏེ། ་ཞག་བཅུ་མ་ལོན་པ་ཚུན་ཆད་དུ་བརླག་གམ་ཆུད་ཟོས་ན་སྤང་བ་མེད་དོ།། དེ་བཞིན་དུ་ཆུང་བ་ཡང་ངོ་།། ལོང་བས་ཐོས་སམ། ལག་པ་འམ། བང་བར་བཞག་ལ་འདི་དག་གི་ཡིནོ་སྙམ་པའི་འདུ་ཤེས་ཕྱུང་ན་རྙེད་པ་ཞེས་བྱ་སྟེ། དེ་ནས་བགྲང ་བར་བྱའོ།། འོན་པ་ནི་མཐོང་ནས་ཏེ། དེ་ནི་བྱེ་བྲག་གོ།། སྨྱོན་པ་ནི་ནམ་རང་གི་སེམས་རྙེད་པ་ནསོ།། རྙེད་ན་ཞག་ལྔ་ལོན་ཏེ། སེམས་འཁྲུགས་ན་རང་གི་སེམས་རྙེད་པ་ནས་ཞག་བཅུར་བགྲང་ངོ་།། གོས་ལྷམ་པ་ཞག་བཅུ་ལས་འདས་པར་འཆང་ཡང ་སྤང་བའི་ལྟུང་བར་མི་འགྱུར་བ་ཡོད་དམ། ཡོད་དེ་མུ་བཞིའོ།། མུ་དང་པོ་ནི་བརྟག་པར་འདུ་ཤེས་པའོ།། མུ་གཉིས་པ་ནི་དེ་མ་ཡིན་པ་ཡང་སྤང་བ་ཐོབ་པའོ།། གསུམ་པ་ནི་ཉོན་མོངས་པས་དྲངས་པའི་མ་གུས་པ་དང་། དྲན་པ་ཉམས་པས་སོ།། ། ་བཞི་པ་ནི་ཞག་བཅུ་གཉིས་ན་བརྟག་པར་བྱེད་པའོ།། མུ་བཞི་པོ་དེ་དག་ནི་བསླབ་པའི་གཞི་ཐམས་ཅད་ལ་མཚན་ཉིད་བརྟག་ཅིང་བརྗོད་པར་བྱའོ།། སྤང་བ་དང་པོའོ།། །། འདུལ་བ་བསྡུས་པ། བམ་པོ་ལྔ་པ།། མཉན་ཡོད་ན་དགེ ་སློང་མང་པོ་ལ་བརྟེན་ཏེ་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པས་འགྲོ་ཞིང་མ་སྦས་ལསུ་དག་ལ་གཞག་པ་དེ་དག་ཀྱང་བྱ་བ་མང་དུ་གྱུར་པས་དགག་པའི་གཞིའི་དབང་དུ་མཛད་ནས་འགལ་ཚབས་ཅན་དང་ཕོངས་པའི་ཉོན་མོང ་བ་དག་གིས་གཉིས་པ་བཅས་པའོ།། གཞི་དང་ཉོན་མོངས་པ་འདི་དག་ནི་བརྒྱད་པོ་རྣམས་ལ་ཡང་བལྟ་བར་བྱའོ།། དགེ་སློང་ཆོས་གོས་ཟིན་པ་སྲ་བརྐྱང་འབྱུང་ན་ཞེས་བྱ་བ་ནི་དགེ་སློང་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ ་ཡོད་དོ་ཞེས་མུ་བཞིའོ།། གསུམ་ལས་ཤེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་དང་མཐང་གོས་བྱིན་གྱིས་བརླབས་པ་ལསོ།། དེ་ལས་གཞན་པ་བྱིན་གྱིས་བརླབས་པ་བདག་ལ་ནི་འབྲལ་བ་མེད་དོ།། གདིང་པ་ལ་འབྲལ་བ་མེད་དུ་ཟིན་ཀྱང་དེ་མེད ་པར་གཙུག་ལག་ཁང་གཞན་དུ་འགྲོ་བར་མི་བྱའོ།། ཉིན་མོ་གནས་པ་དང་། སྤྱོད་ཡུལ་ལ་ནི་ལྟུང་བ་མེདདོ།། དེ་ཉིད་སླར་ལྡོག་གོ་སྙམ་སྟེ་སོང་བ་ལས་གང་དེ་སོན་པ་དང་། བྱ་བ་ཞིག་གིས་ཐོགས་པར་གྱུར་ན་བརྙས་ཏེ་ཉལ་བར་བྱའོ།། བླ་གོས ་གདིང་བ་ནི་ཆོ་ག་ཇི་ལྟ་བ་བཞི་ནོ།། མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བར་བྱེད་ན་ཞེས་བྱ་བ་ནི་གཞན་དུ་སྐྱ་རེངས་ཤར་བ་སྟེ། དེ་སོང་ངམ་ཆོས་གོས་གཞན་དུ་ཁྱེར་བའོ།། འབྲལ་བ་ནི་རྣམ་པ་གསུམ་སྟེ། བཞག་པ་དང་འབྲལ་བ་དང་། བརྗེད་དེ ་འབྲལ་བ་དང་། སྦྱང་བ་དང་བྲལ་བའོ།། དེ་ལ་དང་པོ་ནི་ཕྱོགས་དེ་ལྟ་བུ་ཞིག་ཏུ་བཞུག་པ་ལས་མི་གནང་བར་གྱུར་པ་འམ། དེ་ནས་རྐུན་པོས་ཁྱེར་བའོ།། གཉིས་པ་ནི་དེར་བཞག་པ་ལས་བསམས་ཀྱང་གར་བཞག་མི་དྲན་པའོ།། གསུམ་པ་ནི ་ཕྱོགས་དེ་ལྟ་བུ་ཞིག་དུ་སོང་བ་ལས་གང་དུ་སྐྱ་རེངས་གིས་ཆོད་དེ་དེའི་ཉིན་མོ་གོས་སྤྱད་མ་ནུས་པའོ།། ཕྱོགས་དེ་ལྟ་བུ་ཞིག་ཏུ་འགྲོ་ལ། དེར་ཆོས་གོས་རྙེད་གྲང་སྙམ་དུ་བསམས་ནས་བྲལ་བ་ལ་ནི་ལྟུང་བ་མེད།། དེ་ནས་རྙེད་དུ་ཟིན་ཀྱང་ཆོས ་གོས་དྲས་པ་ཅིག་ངེས་པར་ཁྱེར་བར་བྱའོ།། གལ་ཏེ་གྲོང་དུ་མི་འཇུག་ན་མ་ཁྱེར་ན་ཡང་ལྟུང་བ་མེདདོ།། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་འཕགས་པ་ཤཱ་རིའི་བུ་དང་། འོད་སྲུངས་ཆེན་པོ་ལས་བརྩམས་ཏེ། སྣམ་སྦྱར་གྱི་གནང་བ ་རྗེསུ་གནང་བའོ།། རྒན་པོ་རྒས་སམ་རིང་པ་དང་། ནད་པ་སྦྱོར་མི་ནུས་པ་ལའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཆོས་གོས་ཀྱི་གནས་ཁྱིམ་གཅིག་པ་ལ་སོགས་པ་ལྔ་བཅུ་རྩ་བརྒྱད་དོ།། བར་སྡོམ་ནི་ཁྱིམ་གཅིག་པ་དང་ཁྱིམ་གཉིས་དང་། ་ཚོགས་དང་རྩིག་པ་རིབ་མ་དང་།། འོབས་ཀྱི་ཉེན་འཁོར་དག་དང་ནི།། གྲོང་ཁྱིམ་ཚོང་ཁང་ཚོང་རྡུལ་དང་།། དགྲ་གང་གཡུལ་དང་གཡུལ་ཚོམས་དང་།། མུ་སྟེགས་འཁོར་ལོ་ཤིང་རྟ་དང་།། གྲུ་དང་ཀུན་དགའ་ཤིང་ལྗོན་དང་།། ཉེ་བ་འཁོར་གྱིས་ཞུས ་པའོ།། དེ་རེ་རེ་ཡང་རྣམ་པ་བཞི་སྦྱར་བར་བྱ་སྟེ། དེ་ལས་ཉེ་བར་འཁོར་གྱིས་ཞུས་པའོ།། དེ་རེ་རེ་ཡང་རྣམ་པ་བཞིར་སྦྱར་བར་བྱ་སྟེ། དེ་ལས་ཉེ་བར་འཁོར་གྱིས་ཞུས་པའི་གནས་གསུམ་ནི་མ་གཏོག་སོ།། དེ་ལ་ཁྱིམ་གཅིག་པའི་གྲོང་ནི་རི་ཁྲོད་པ ་ལ་སོགས་ཏེ། དེའི་ཉེན་འཁོར་ནི་ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་དང་གང་དུ་ངེས་པར་རྟག་ཏུ་བྱ་བ་རྣམས་བྱེད་པའོ།། ཐམས་ཅད་དུ་ཡང་ཁྱད་པར་མེད་དེ་ཚུལ་དེ་བཞིན་ནོ།། གང་ལ་ཁྱད་པར་ཡོད་པ་དེ་ནི་བརྗོད་པར་བྱའོ།། དེ་བཞིན་དུ ་ཁྱིམ་གཉིས་དང་། ཁྱིམ་གྱི་ཚོགས་ཀྱང་ངོ་།། གང་སྒོ་ཐ་དད་དུ་འདུག་པ་དེ་ཉེ་འཁོར་སོ་སོ་བ་སྟེ། ཐུན་མོང་བ་ཅི་ཡང་མེད་པའོ།། རྩིག་པས་བསྐོར་བའི་ཉེ་འཁོར་ནི་བྱ་གག་སྤུར་བ་ལས་གང་བབས་པའམ། སྐྱེས་བུ་རང་བཞིན་གྱིས་ངོ་ཚ ་དང་ལྡན་པའི་ཕྱི་རོལ་དུ་བཤང་བའི་སྔར་འགྲོ་བའོ།། རིབ་མས་བསྐོར་བ་ནི་སྐས་ཁྲུ་བཅུ་གཉིས་པས་གང་དུ་ཕྱིན་ཅིང་སླེབས་པའམ། སྨྱིག་མའི་ཤར་བས་བཀང་བའི་ཤིང་རྟས་བསྐོར་བའོ།། འོབས་ཀྱིས་བསྐོར་བ ་ལ་ནི་གང་དུ་བ་ལང་དང་། ར་ལུག་གི་རྨིག་པས་བསླང་བའི་རྡུལ་གང་དུ་བབས་པ་འམ། ཕྱག་དར་གྱི་ཕུང་པོའི་སྟེང་དུ་ཕོ་བ་ལས་བོང་བ་ལས་བོང་བ་རགས་པ་འདྲིལ་བྱ་གང་དུ་ཆགས་བྱའོ།། གྲོང་ཉེན་འཁོར་གཅིག་པ་ནི་གང་ན་སྐྱེད་མོས ་ཚལ་གཅིག་པ་དང་། འདུན་ས་དང་། ལྷའི་གནས་ཐ་མི་དད་པའོ།། དེ་བཞིན་གྲོང་རབ་ཏུ་མང་པོ་ཉན་འཁོར་གཅིག་པ་ཡང་ངོ་།། གྲོང་ཉེ་འཁོར་ཐ་དད་པ་ནི་གང་ན་སྐྱེད་མོས་ཚལ་མང་པོ་ཡོད་ལ་སྒོ་ཐུན་མོང་བའོ།། དེ་བཞིན་དུ་གྲོང་རབ་ཏུ་མང ་པོ་ཉེ་འཁོར་ཐ་དད་པ་ཡང་ངོ་།། དེ་ལ་ཐུན་མོང་བ་ཅུང་ཟད་ཀྱང་མེད་དོ།། དེ་བཞིན་དུ་ཁྱིམ་གྱི་སྦྱར་བ་ཡང་ངོ་།། དེ་བཞིན་དུ་ཚོང་ཁང་དང་། ཚོང་རྡལ་དང་། དགྲ་གང་དང་། གཡུལ་དང་གཡུལ་ཚོམས་དང་། མུ་སྟེགས་ཅན་གྱི་ཁྱིམ་དང་། ་འཁོར་ལོ་བྱེད་པའི་ཁྱིམ་དང་། གང་དུ་གདུགས་ལ་སོགས་པ་བྱེད་པའོ།། ཤིང་རྟ་དང་། གྲུ་དང་ཀུན་དགའ་ར་བ་དང་། ཤིང་ལྗོན་པ་ཡང་ངོ་།། མུ་བཞིར་བརྗོད་པར་བྱ་སྟེ། སྒོ་དང་སྟན་བཟང་པོ་དང་། ཡ་གང་དང་། གཡུལ་གྱི་ལྟེ་བ་དང་། ་སྒོ་དང་ལྷའི་གནས་དང་། རྒྱལ་མཚན་དང་། ཁ་ལོ་སྒྱུར་བའི་སྟན་དང་། གྲུ་གདོང་དང་ཁྲོན་པ་དང་། རྩ་བ་ཡང་ཐུན་མོང་བ་སྟེ། གོ་རིམ་བཞིན་དུ་བརྗོད་པར་བྱའོ།། གང་མོ་གཅིག་གི་འམ། སྤུན་རྣམས་ནོར་མ་བགོས་པ་ནི་ཉེན་འཁོར་གཅིག ་བཟློག་པ་ནི་ཉེན་འཁོར་ཐ་དད་པའོ།། མུ་སྟེགས་ཅན་གྱི་ཁྱིམ་ནཱ་གང་ལྟ་བ་ཐ་དད་པ་དང་། སྒུར་བཟློག་པའོ།། ཤིང་ལྗོན་པ་ཡལ་ག་དང་། འདབ་མ་འབྲེལ་པ་དང་། བཟློག་པའོ།། གཡུལ་དང་ཤིང་ལྗོན་པའི་ཉེན་འཁོར་གྱི་ཁྱད་པར་ནི་གང་དུ་འབྲུ ་འཕྱར་བ་ལ་རླུང་གིས་ཁྱེར་བའི་ཕུབ་མ་གར་ལྷུང་བའོ།། དཔྱིད་ཀྱི་ཐ་མའི་ཉི་མ་ཕྱེད་པའི་གྲིབ་མ་དང་། རླུང་གིས་མ་བསྐྱོད་པའི་མདབ་མ་དང་། ཆར་པ་ཆད་ནས་ཐིགས་པ་ཆེན་པོ་ས་ལ་གར་ལྷུང་བའོ།། སྤོས་ཀྱི་ཚོང་ཁང་མ་གཏོགས་པ ་གཞན་ཐམས་ཅད་ནི་ཚོང་ཁང་དུ་བལྟ་བར་བྱའོ།། གནས་དེ་དག་ལས་དགེ་སློང་གི་ནང་ངམ། ཉེ་འཁོར་དུ་ཆོས་གོས་བཞག་ལ། གཉི་ག་ལས་གཞན་དུ་སྐྱ་རེངས་ཤར་ན་སྤང་བའོ།། སྐྱ་རངས་མ་ཤར་གྱ་བར་ང་ཉེས་བྱས།། གཉ་ག་ལས་གང་དུ ་སྐྱ་རངས་ཤཱར་ན་སྤང་བའོ།། སྐྱ་རེངས་མ་ཤཱར་གྱི་བར་དུ་ཉེས་བྱསོ།། གཉི་ག་ལས་གང་དུ་ཡང་རུང་སྐྱ་རེངས་ཤར་ན་ཉེས་པ་མེད་དོ།། མཚམས་མ་བཅོད་པ་ལ་འགྲོ་ན་འདོམ་བཞི་བཅུ་རྩ་དགུའི་བར་དུ་ཉེན་འཁོར་རོ།། འགྲེང་བ་དང་འདུག་པ་དང་། ་ཉལ་བ་ལ་ནི་འདོམ་གང་ངོ་།། མཚན་གཉིས་ཀྱི་མཚམ་སུ་ཉལ་བར་བྱེད་ན་ཆོས་གོས་ཀྱི་མཐའ་ལུས་ལས་མ་བྲལ་བའོ།། ཆོས་གོས་དང་མི་འབྲལ་བའི་མཚམས་སམ། ཕྱི་རོལ་གྱི་ས་ལ་བཞག་སྟེ། ནམ་མཁའ་ལ་འདུག་གམ། གོ་བཟློག་ཀྱང ་རུང་སྟེ་བྲལ་བ་ཞེས་བྱའོ།། མཚམས་མ་གཅད་པའི་གནསུ་རྩིག་པས་བསྐོར་བ་དང་། འོབས་ཀྱིས་བསྐོར་བ་ལས་འདས་ནི་འབྲལ་བའོ།། རྣམ་པར་ངེས་པ་ནི་ཉོན་མོངས་པ་མང་ཞིང་དེས་མ་གུས་པ་ལས་སྤང་བའོ།། མི་ཤེས་ན་ཉེས་བྱས་སོ།། ་དེའི་མཁན་པོ་ལ་སོགས་པ་རྣམས་ཀྱིའང་ཉེས་བྱསོ།། ལུང་དུ་མི་སྟོན་པའི་སེམས་ཀྱིས་བག་མེད་པར་བྱས་པ་ནི་ཉེས་བྱས་ཉིད་དོ།། དགེ་བ་ལ་སྦྱོར་བས་བྲེལ་ཏེ་བྱུང་ན་ལྟུང་བ་མེདོ།། མེད་པ་དང་ཕྲོགས་པ་ཡིན་པ ་བྲལོ་སྙམ་དུ་ཤེས་ན་ཉེས་བྱསོ།། ཡོད་པ་ལ་མ་བྲལ་བར་འདུ་ཤེས་ན་ལྟུང་བ་མེདདོ།། གཞན་བཀུ་རོ་སྙམ་པ་ལས་གཞན་ཁྱེར་ན་ལྟུང་བ་མེདདོ།། རང་གི་སྙམ་པ་ལས་གཞན་གྱི་ཁྱེར་བ་ལ་ལྟུང་བ་མེདོ།། མ་ཁྱེར་བ་ལས་ཁྱེར་སྙམ་པ་དང་། བྲལ ་བ་ལས་མ་བྲལ་བར་འདུ་ཤེས་པ་ལ་ལྟུང་བ་མེད་དོ།། མ་བྲལ་བ་ལ་བྲལ་བར་འདུ་ཤེས་པ་དང་། བླངས་པ་ལས་མ་བླངས་པར་འདུ་ཤེས་ན་ལྟུང་བ་སྟེ། སྤང་བ་ནི་མ་ཡིནོ།། མ་བླངས་པ་ལ་མ་བླངས་པར་འདུ་ཤེས་པ་དང་། བྲལ་བ་ལ་བྲལ་བར ་འདུ་ཤེས་ན་སྤང་བའོ།། མ་བྲལ་བ་ལས་ཡིད་གཉིས་ཟ་ན་ཉེས་བྱསོ།། སངས་རྒྱས་དང་ཆོས་དང་དགེ་འདུན་དང་བླ་མ་དང་། བླ་མའི་གནས་ལྟ་བུ་རྣམས་ཀྱི་དོན་ལྷག་པ་ཞིག་གིས་ཕྱིར་བྲལ་ཏེ། བྲལ་བ་ལ་ལྟུང་བ་མེད་དོ།། དེ་བཞིན་དུ་ཁ་ཅིག་ལ ་སྙིང་རྗེ་སྟེ། སྡུག་བསྔལ་ཆེན་པོ་ལས་ཐར་བར་བྱེད་དམ། ཁ་ཅིག་ལ་ཉོན་མོངས་པ་ཆེན་པོ་ལས་བྲལ་བར་བྱེད་པའང་དེ་བཞིན་ཏེ། དེ་དག་ནི་ཁ་ཅིག་གིས་འདོད་དོ།། འཕྲོག་པར་རིག་གམ་བར་ཆད་བརྒྱད་པོ་རྣམས་ལ་བྲལ་བ་ལ་ལྟུང་བ་མདོ།། ་གང་དུ་དང་ཉིད་དུ་ཕྱིར་ལྡོག་གོ་སྙམ་སྟེ་སོང་ན་གལ་ཏེ་སོང་བ་ལས་དེ་འདྲ་བའི་དོན་ཞིག་བྱུང་ན་སྔ་མ་སེམས་ཀྱིས་བཏང་ལ་བརྙས་ཏེ་ཆོས་གོས་གསུམ་དུ་བྱིན་གྱེན་གྱིས་བརླབ་པོ།། ཅི་སྟེ་ཁ་དོག་བསྒྱུར་བ་འམ་དྲིས་པ་མེང་ན་ཡང་དེ་ལས་གཞན ་པ་ལ་ཡང་བྱིན་གྱིས་བརླབ་པར་བྱའོ།། གང་བོངས་པའི་རྗེསུ་གནང་བ་དེ་བདེ་བར་གནས་པའི་གནས་སྐབསུ་མི་བྱའོ།། དགེ་འདུན་གྱི་ཡང་བྱིན་གྱིས་བརླབ་ཏུ་རུང་སྟེ་གལ་ཏེ་དེ་དང་བྲལ་ན་ལྟུང་བ་འབའ་ཞིག་བཤགས་པར་བྱའོ།། ་ལམ་གྱི་མཚོམས་ནོན་ཏེ་སྐྱ་རེངས་ཤར་བ་ལ་ལྟུང་བ་མེད་དོ།། དེ་ཉིད་ཞག་བཅུ་འདས་ལ་དེ་ཉིད་མཚན་མོ་འབྲལ་བ་འགྱུར་བ་མཆིས་སམ། ཡོད་དེ་རྒྱུན་རྗེསུ་འབྲེལ་པ་ཡོད་པ་དང་། ཞག་བཅུ་པའི་ཉིན་པར་རྙེད་པ་བྱིན་གྱིས་བརླབ ་པ་ནི་བྲལ་བའོ།། དགེ་སློང་མ་ལ་ནི་ཆོས་གོས་ལྔའི་འབྲལ་བའོ།། གལ་ཏེ་ཤིང་ཡལ་ག་རྣམས་འདབ་འབྲེལ་ན་རྒྱང་གྲགས་གཅིག་གི་བར་དུ་ཡང་ལྟུང་བ་མེདདོ།། སྤང་བ་གཉིས་པའོ།། །། མཉན་ཡོད་དུ་དགེ་སློང་མང་པོ་ལ་བརྟེན ་ཏེ་ཟླ་བ་གཅིག་ལས་འདས་ཀྱང་ཆོས་གོས་རྣམས་འཆང་བས་ན་གསུམ་པ་བཅ་སོ།། རྙེད་ལ་ཞེས་བྱ་བ་ནི་གཞན་ལ་སོ།། དུས་མ་ཡིན་པའི་གོས་ཞེས་བྱ་བ་ནི་སྲ་བརྐྱང་བཏིང་བའི་གནས་ན་སྟོན་ཟླ་ཐ་ཆུང་ནས་བརྩམས་ཏེ་དཔྱིད་ཟླ་ར་བའི ་བར་དང་། སྲ་བརྐྱང་མ་བཏིང་བ་ནི་སྟོན་ཟླ་ཐ་ཆུང་ཉིད་གོས་ཀྱི་དུསོ།། དེ་ལས་གཞན་པ་ནི་དུས་མ་ཡིན་ནོ།། ཆོས་གྲོས་ལྷག་པ་ཡོངསུ་ཁ་མི་ལངས་པ་འགའ་ཞིག་རྙེད་པ་དེ་ནི་དུས་མ་ཡིན་པའི་གོསོ།། འདོད་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལྔ ་བླང་ངོ་།། སྙམ་དུ་སེམས་པའོ།། བཞག་པར་བྱའོ་ཞེས་བྱ་བ་ནི་བཅང་བར་བྱའོ།། གོས་ལ་རེ་བ་ཡོད་ན་ཞེས་བྱ་བ་ནི་མ་ལ་སོགས་པའམ། སློབ་དཔོན་ལ་སོགས་པ་འམ། ལོ་ལྔ་པ་ལ་སོགས་པ་ལས་རྙེད་དུ་རེ་བའོ།། ཁ་ཅིག་ནི་མི་ལངས ་པ་འདིས་ལངས་པར་བརྗེའོ་ཞེས་སེམསོ།། མི་ལངས་ལ་ཁ་མ་ལངས་པ་ཞེས་བྱ་བ་ནི་ལྷག་མ་བསྒྲུབས་ནས་ལངས་པར་བྱའོ་སྙམ་པའོ།། དགེ་སློང་གིས་གོས་སྔོན་པོ་འམ། སེར་པོ་འམ། དམར་པོའམ་སྒྲུབ་པོའམ། སྲབ་མོ ་འང་རུང་ཚེས་གཅིག་ལ་རྙེད་ལ། དེས་དེའི་མི་ལངས་ཏེ། རེ་བ་མེད་ཀྱང་རུང་སྟེ། འདི་དང་འདྲ་བ་ཞིག་རྙེད་ན་བྱའོ་སྙམ་ནས་དེས་དེ་གཞག་གོ།། ཆོས་བཅུ་ཚུན་ཆད་རེ་བ་འམ་མི་རེ་བ་ལས་གལ་ཏེ་རྙེད་དེ་བཅུ་ལས་འདས་ནས་སྤང་བའོ།། ཟླ་བ་གཅིག་ཚུན ་ཆཚད་རྙེད་པའི་ཉི་མ་ལས་འདས་ན་སྤང་བའོ།། བཞག་པར་བསམས་པ་ལས་དེའི་བསམ་པ་དེ་ཉམས་པར་གྱུར་པ་དང་། འགྱངས་པ་དང་ཉམ་ཆུང་བར་གྱུར་ཏམ་མ་ཐོབ་བམ། མེད་པར་གྱུར་པ་ཡང་མ་ཡིན་ཏེ་ཟླ་བ་གཅིག་ཚུན་ཆད་དུ་རྙེད་པ ་འདས་ན་སྤང་བའོ།། གལ་ཏེ་རེ་བ་དེ་ཡོངསུ་ཆད་ན་ཞག་བཅུ་ལས་འདས་པ་དང་ལྟུང་བའོ།། མ་ཆང་ན་ཡང་གལ་ཏེ་ཟླ་བ་གཅིག་ཚུན་ཆད་དུ་རྙེད་ནའོ།། གལ་ཏེ་ཟླ་བ་གཅིག་ཚུན་མ་རྙེད་ལ། མ་རྙེད་ན་ཡང་ཟླ་བ་གཅིག་ལས་འདས་ན་སྤང་བའོ།། ་གང་ལ་ཆོས་གོས་གསུམ་ཡོངསུ་རྫོགས་པར་མེད་པ་དེས་ནི་རིང་ན་ཟླ་བ་གཅིག་ཏུ་བཞག་པར་བྱའོ།། གཞན་གྱིས་ནི་མ་ཡིན།། གོས་ལ་རྣམ་པ་གཉིས་ཏེ་གང་རྒྱུད་བརྟགས་པ་མ་བགོས་པ་སར་པ་དང་། གང་དུས་གསུམ་གང་ཡང་རུང་བའི་ཟླ། ་བ་དེ་དག་ཏུ་གཞན་ལོངས་སྤྱད་པའོ།། གོས་ལ་རྣམ་པ་ལྔ་སྟེ། སྦྱིན་བདག་ཡོད་པ་སྟེ། གང་གིས་སྦྱིན་བདག་དུ་ཤེས་པ་དང་། སྦྱིན་བདག་མེད་པ་དང་། གང་གིས་མི་ཤེས་པ་དང་། ཁྱེར་ནས་སླར་འོངས་པ་སྟེ། གང་དུར་ཁྲོད་དུ་ཁྱེར་ནས་སླར་ཁྱེར་ཏེ། ་འོངས་པ་དང་། དུར་ཁྲོད་ཀྱི་སྐྱེ་གང་དུར་ཁྲོད་དུ་བོར་བ་ཡོངསུ་འཛིན་པ་མེད་པ་དང་། ཕྱག་དར་ཁྲོད་དང་ལྔ་སྟེ། དེ་ལ་ཡང་རྣམ་པ་ལྔའོ།། ལམ་པོ་ཆེའི་ཕྱག་དར་ཁྲོད་དང་། ཆུ་དོགས་ཀྱི་དང་། དགོན་པར་བོར་བ་དང་། མི་གཙང་བའི་ཕྱག་དར་ཁྲོད ་དང་། ཞིགས་པ་དང་ལྔ་སྟེ་ཞིགས་པ་ནི་གང་ཤིན་ཏུ་བརྙིངས་པའོ།། གཞན་ཡང་ལྔ་སྟེ། བེའུ་དང་བྱི་བ་དང་། སྲིན་གྱིས་ཟོས་པ་དང་། མེས་ཚིག་པ་དང་། མ་མའི་གོས་དང་ལྔའོ།། ཅི་སྟེ་མ་བགོས་པ་རྙེད་ལ་ནུས་ན་བཀྲུ་བ་ལ་སོགས་པ་བྱས་ཏེ། ་སྣམ་སྦྱར་ནི་ཉི་རིམ་དང་གདིང་བའང་ཉི་རིམ་དུ་བྱའོ།། བླ་གོས་ནི་ཚིག་རྐྱང་དང་། མཐང་གོས་ཀྱང་ཚིག་རྐྱང་དུ་བྱའོ།། མ་བགོས་པ་ལས་སྣམ་སྦྱར་དང་། གདིང་བ་སུམ་རིམ་དང་། བླ་གོས་དང་མཐང་གོས་ཉི་རིམ་དུ་བྱའོ་སྙམ་ན་ཉེས་བྱས་སོ། ་ཞིག་བོཅུ་གཅིག་ལོན་ན་སྤང་བའོ།། གཞན་དུ་སྦྱ་རོ་སྙམ་ནས་རིམ་པ་གཉིས་པ་ཕྱེ་ན་ཉེས་བྱསོ།། ཞག་བཅུ་གཅིག་འདས་ན་སྦྱང་བའོ།། ཅི་སྟེ་བཀྲུས་ཤིང་བཅོས་ཏེ་འདི་ཉིད་དུ་སྦྱ་རོ་སྙམ་དུ་བསམས་ནས་ཕྱེ་ན་ནི་ལྟུང་བ་མེད་དོ།། ཕྱེ་བ་དེ་ན ་བཅུ་གཅིག་པ་ལས་འདས་ན་སྤང་བའོ།། དེས་དགོས་པ་ཞིག་རྙེད་ན་སྣམ་སྦྱར་དང་གདིང་བ་ནི་བཞི་རིམ་དུ་བྱའོ།། བླ་གོས་ནི་ཉི་རིམ་དང་། མཐང་གོས་ཀྱང་ཉི་རིམྦྷ་སྟེ། དེ་ལ་ཡང་སྦྱར་བ་དང་། ཕྱེ་བ་ཡང་སྔ་མ་བཞིན་ཏེ།། ཅི་ལྟར་རིགས་པ ་བཞིན་དུ་སྦྱ་རོ།། ཆོས་གོས་ལ་ངེས་པར་བྱས་པ་རྣམ་པ་དེ་བཞིའོ།། ཕྱག་དར་ཁྲོད་ཀྱི་ནི་ཅི་ཙམ་ཆོག་པར་བྱའོ།། ཆོས་གོས་ངན་པ་དང་། ཆུང་བ་ལ་ནི་ལྷག་པར་གླ་ནོ།། སྣམ་སྦྱར་གྱི་རྣམ་པ་ནི་དགུ་སྟེ། དགུ་པ་དང་། བཅུ་གཅིག་པ་དང་། བཅུ ་གསུམ་པ་དང་། བཅོ་ལྔ་པ་དང་། བཅུ་བདུན་པ་དང་། བཅུ་དགུ་པ་དང་། ཉི་ཤུ་རྩ་གཅིག་པ་དང་། ཉི་ཤུ་རྩ་གསུམ་པ་དང་། ཉི་ཤུ་རྩ་ལྔ་པའོ།། དང་པོ་གསུམ་ནི་གླེགས་བུ་ཕྱེད་དང་གསུམ་པའོ།། གཉིས་པའི་གསུམ་ནི་གླེགས ་བུ་ཕྱེད་དང་བཞི་པའོ།། གསུམ་པའི་གསུམ་ནི་གླེགས་བུ་ཕྱེད་དང་ལྔ་པར་བྱའོ།། སྣམ་སྦྱར་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། དེ་ཕན་ཆད་ནི་ཚེམ་བུའོ།། ཆོས་གོས་སྣམ་སྦྱར་ལ་སྣུམ་པ་གསུམ་སྟེ། ཆེན་པོ་ནི་ལྔ་དང་གསུམ་པའོ།། ཆུ་ངུ་ནི་ཕྱེད་དང་། ་ལྔ་ཕྱེད་དང་གསུམ་པའོ།། འབྲིང་ནི་དེ་གཉིས་ཀྱི་བར་རོ།། བླ་གོས་ལ་རྣམ་པ་གསུམ་སྟེ། ཆེན་པོ་ལ་ནི་ལྔ་དང་གསུམ་པའོ།། ཆུང་ངུ་ནི་ཕྱེད་དང་ལྔ་དང་ཕྱེད་དང་གསུམ་པའོ།། འབྲིང་ནི་དེ་གཉིས་ཀྱི་བར་རོ།། དེ་བཞིན་དུ་མཐང་གོས་ལ་ཡང་རྣམ་པ ་གཉིས་ཏེ། ལྔ་དང་གཉིས་དང་བཞི་དང་། གཉིས།། བྱིན་གྱིས་བརླབ་པའི་ནང་ན་ཐ་མ་གང་ཞེ་ན། གང་འཁོར་གསུམ་ཁེབས་པའོ།། སྤང་བའི་ནང་ན་ཐོ་མ་གང་ཞེ་ན། གང་ཁྲུ་གང་ཁོར་ཡུག་པའོ།། ལུས་ཚེ་ལ་ཁྲུ་ཐུང་ན་ལུས་ཀྱི་ཚད་དུ་ཆོས་གོས ་བྱའི། ཁྲུའི་ཚད་དུ་ནི་མ་ཡིན་ནོ།། སླར་ལོག་པ་ཡང་དེ་བཞིན་ནོ།། གང་ལ་ཚད་བཞིན་གྱིས་མི་ལང་ན། ངེས་རལ་ཁ་དཔུང་ཆད་བྱས་ལ་བཅང་བར་བྱའོ།། ཇི་སྐད་གསུངས་པའི་ཚད་ལས་ཆེ་འམ། ཆུང་ངུས་བྱས་ཏེ་འཆང་ན་ཉེས་བྱསོ།། ཚང ་ལས་ཆུང་བ་ཞིག་ཟླ་བ་གཅིག་ལས་འདས་པར་གཞག་ན་ཉེས་བྱས་གསུམ་པའོ།། །། མཉན་ཡོད་ན་སྟེ། འཆར་ཀས་ཁུ་བས་མ་རུངས་པའི་གོས་རྙིང་པ་དགེ་སློང་མ་སྦེད་མ་ལ་འཁྲུར་བཅུག་པའི་ཕྱིར་བྱིན་པ་དང་། དེས་ཀྱང་ཁུ ་བདེ་ཡང་ཐུགས་པ་ནས་འགལ་ཚབས་ཅན་གྱི་ཉོན་མོངས་པ་དག་ཡོངསུ་སྤང་བའི་ཕྱིར་དང་། འདི་ལྟར་སྒོ་ང་ནས་ཤིན་ཏུ་འཇུག་པར་མཐོང་བ་དང་། ཕོངས་པའི་ཉོན་མོངས་པ་ཡོངསུ་སྤང་བའི་བྱུང་ཡང་འདི་ལྟར་ཉཝ་དུ་ལ་རྗེས་གནང་བ་དང་། ་གཞན་དག་མ་དང་པའི་ཉོན་མོངས་པས་ཉེས་པར་འགྱུར་བ་ཡོངསུ་སྤང་བ་དང་། རྐྱེན་ལ་བརྟེན་པའི་ཉོན་མོངས་པ་དག་ཡོངསུ་སྦྱང་བའི་ཕྱིར་དང་། ཕྱིར་ཕྲད་པའི་རྐྱེན་གྱིས་འདོད་ཆགས་འབྱུང་བར་མ་གྱུར་ཅིག་ཅེས་བྱ་བའི་ཕྱིར་བཞི་པ ་བཅས་སོ།། ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་མའི་ཕ་དང་། མའི་ཕ་ཟུང་རྒྱུད་ལས་བདུན་པ་ཚུན་ཆད་ནི་ཉེ་དུའོ།། ཕན་ཆད་ནི་ཉེ་དུ་མ་ཡིན་ནོ།། འདི་ལྟོ་སྟེ་དཔེར་ན་མ་དང་བུ་མཽ་དང་། མ་དང་ཕའི་རྒྱུད་མ། སྲུ་མོ་འམ་སྲིང་མོ་འམ། ཚོ་མོ་འམ། ནེ་མོ་འམ ་གང་ཁྱོད་ངའི་མའོ་ཞེས་མར་གཟུང་བ་དང་། ཁྱོད་ངའི་སྲིང་མོའོ་ཞེས་བྱ་བ་ལ་སོགས་པ་དང་། གུང་རྒན་པ་འམ། ནད་ཀྱིས་ཡུན་རིང་དུ་ཉེན་ཏེ་རིང་ཅིང་ཁ་དོག་གྱུར་པ་འམ་ཤེས་པ་འམ་ཡོན་ཏན་དུ་ལྡན་པ་ཡང་རླུང་དེས་ཀྱང་དགེ་སློང་དེ ་ཡོན་ཏན་དུ་ལྡན་པ་འམ། སློབ་དཔོན་ནམ། དེའི་མཁན་པོ་འམ། བླ་མའི་གནས་ལྟ་བུ་འམ། ལྷན་ཅིག་གནས་པའི་ཉེ་དུའམ་སློབ་མར་གྱུར་པ་འམ། དགེ་འདུན་གྱིས་དེ་ལ་ཁྱེད་ཅག་གི་འདི་ལྟར་བྱའོ།། ཞེས་ཆད་པའི་ལས་བྱེད་དུ་བཅུག་ཀྱང ་རུང་དེ་ཉིད་དེ་འདྲ་བའི་བཟོ་བསླབས་པར་གྱུར་ཏམ། རྒན་པ་ནས་བརྩམས་ནས་ཅི་ལྟར་འདི་དག་གིས་ཀྱང་ཉེ་དུ་བཞིན་དུ་དེ་ལས་ལྟུང་བ་མེད་དོ།། དགེ་སློང་མ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པའོ།། དགེ་སློང་མར་གཏོགས་པ་ཐམས ་ཅད་ལ་ཡང་བརྗོད་པར་བྱའོ།། གོས་རྙིང་པ་ཞེས་བྱ་བ་ནི་བདག་གི་སྟེ། རུང་བ་དུ་སུ་བྱིན་གྱིས་བརླབས་པ་སྟེ། བལ་དང་ཟར་མ་དང་། ལྡུམ་བུ་ཤ་ན་དང་། རས་བལ་དང་། ཎྱ་དུ་ཀུ་ལ་དང་། རྩཝ་ཀོ་ཏམ་བྷ་དང་། ཉི་འོག་གི་གོས་ཏེ། ་སོ་སོར་ཕྱེ་བའོ།། ཁྲ་ཁྲོ་བོ་ལ་སོགས་པ་ཡང་དེ་བཞིན་ཏེ་ཉེས་བྱསོ།། འཁྲུར་ཞེས་བྱ་བ་ནི་ཐ་ན་ཆུའི་ནང་དུ་བཙལ་བའོ།། དེ་བཞིན་དུ་འཇི་བ་ལ་སོགས་པས་རེག་པ་བཀྲུས་ན་ཡང་ངོ་།། འཚེད་ཅེས་བྱ་བ་ནི་ཐ་ན་མཚོན་གྱིས་ནང་དུ ་ལན་ཅིག་བཙལ་བའོ།། བཅག་ཅེས་བྱ་བ་ནི་ཐ་ན་ལག་མཐིལ་དུ་བརྡབས་པའོ།། ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་འཁྲུ་བ་ལ་སོགས་པ་གང་ཡང་རུང་བྱེད་དུ་བཅུག་ན་སྤང་བའི་ལྟུང་བྱེད་དོ།། ཉེ་དུ་ལ་ཉེ་དུ་མ་ཡིན ་པར་འདུ་ཤེས་སམ་ཡིད་གཉིས་ཟ་ནའང་རུང་བྱེད་དུ་བཅུག་ན་ཉེས་བྱས་སོ།། ཅི་ལྟར་ཁྲུར་བཅུག་པའི་ལྟུང་བ་དེ་ངུ་བཞིན་བརྐྱང་དུ་བཅུག་པ་དང་། འགྲུབ་ཏུ་བཅུག་པའོ།། ཁ་ཅིག་ན་རེ་ཆོས་གོས་སྣོད་དང་མཛད་པ་ལ། བཞག་པ་དགེ ་སློང་མ་ལ་བཅོལ་བ་ལས་གལ་ཏེ་མཚན་གྱུར་ཏམ། རྣམ་པར་འཁྱམས་ནས་བྱེད་པ་འམ། དགེ་སློང་དེ་ལྟ་བུར་གྱུར་ན་ཡང་སྦྱོར་བའི་ཕྱིར་ཉེས་བྱས་ཏེ་སྤང་བ་ནི་མ་ཡིན་ནོ།། ཉེ་དུ་མ་ཡིན་པ་ལ་བཅོལ་བ་ལས་ཉེ་དུས་བྱས་སམ། གཞན་འཁྲུ ་བ་ལས་གཞན་འཁྲུར་བཅུག་ན་ལྟུང་བ་དེ་སྤང་བ་ནི་མ་ཡིན་ནོ།། དེ་བཞིན་དུ་གཞན་གྱི་ཡང་ཞེའོ།། སྦྱོར་བ་ནས་ཅི་སྲིང་འཁྲུ་བོ་ལ་སོགས་པ་མ་ཟིན་གྱི་བར་དེ་སྲིད་དུ་ནི་ཉེས་བྱསོ།། སློབ་མ་བཅོལ་ན་མཁན་པོས་དེ་ཡང་བཏང་སྙོམས་བྱས ་ན་བསྒོ་བ་མ་བྱས་པར་སྦྱར་བས་ན་ལྟུང་བའོ།། བདག་དང་གཞན་གྱི་འམ་དགེ་འདུན་གྱིའང་རུང་བཀྲུས་ཟིན་པ་འམ། སྤང་བ་བྱུང་བའམ། སེང་རས་སམ། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་བཅོལ་ན་ཐམས་ཅད་ལ་ཡང་ཉེས་བྱསོ།། སྔོན ་ལྟུང་བ་བྱུང་བ་དང་། རྐུ་ཐབ་སུ་གནས་པ་དང་། དང་པོ་འཁྲུག་པ་དང་། མ་ནིང་མོ་དང་། དགེ་སློང་སུན་ཆུང་བ་ལ་བཅོལ་ན་ཉེས་བྱསོ།། ལྔ་པོ་དེ་དག་ནི་དགེ་སློང་མ་དང་ལྡན་པར་བརྗོད་པ་ཐམས་ཅད་ལ་ཡང་ཉེས་བྱས་སུ་བརྗོད་པར ་བྱའོ།། སངས་རྒྱས་ལ་སོགས་པའི་ཕྱིར་རམ། ཆད་པའི་ལསུ་བྱེད་དམ། མཚུངས་པར་བྱེད་པ་ཞིག་ན་ནི་ལྟུང་བ་མེད་དོ།། བདག་གི་ཉེ་དུ་འམ། མཁན་པོ་ལ་སོགས་པ་འམ། ལྷན་ཅིག་གནས་པ་འམ། དགེ་འདུན་གྱིས་རུང་བར་གནང ་བ་བྱིན་ནས་དགེ་སློང་མ་འམ་དགེ་ཚུལ་མ་འམ། དགེ་བསྙེན་མ་ཡང་རུང་། འཁྲུ་བ་ལ་སོགས་པའི་ཕྱིར་བཅོལ་བ་ལས་དེ་དག་ཀྱང་བསྙེན་པར་རྫོགས་ཏེ་བྱས་པ་དང་། དགེ་ཚུལ་ལམ། དགེ་བསྙེན་ལ་བཅོལ་བ་ལས་དེ་གཉིས་མཚན ་གྱུར་ཏེ་བསྙེན་པར་རྫོགས་ནས་བྱས་པ་དང་། དགེ་སློང་གཞོན་ནུ་ལ་བཅོལ་ཏེ། དེ་ཡང་མཚན་གྱུར་ཏེ་བྱས་པ་དང་། ཉེ་དུ་ལ་བཅོལ་བ་ལས་ཉེ་དུ་མ་ཡིན་པས་བྱས་ཀྱང་རུང་སྟེ། ལྟུང་བ་མེད་དོ།། བཀྲུ་བ་ལ་སོགས་པའི་ལྷག་མ་ཀུན་ཏུ ་སྤྱད་པ་ནི་གོས་ལ་རྣམ་པ་བཞི་སྟེ། མ་བཀྲུས་པ་དང་། ཅུང་ཟད་ཅིག་བཀྲུས་པ་དང་། ལེགས་པར་བཀྲུས་པ་དང་། ཤིན་ཏུ་ལེགས་པར་བཀྲུས་པའོ།། དེ་བཞིན་དུ་འཚེད་པ་དང་། བཅགས་པ་ཡང་ངོ་།། ཚོན་ལ་རྣམ་པ་ལྔ་སྟེ། རྩ་བ་དང་། ་ཤུན་ལྤགས་དང་ལོ་མ་དང་། མེ་ཏོག་དང་། འབྲས་བུའི་ཚེན་ནོ།། དེ་ལ་ཁ་དོག་མ་བསྒྱུར་བ་ནི་མི་རུང་བའོ།། སྒེག་པའི་ཕྱིར་ཅུང་ཟད་ཅིག་ཁ་བསྒྱུར་བ་ཡང་མི་བྱའོ།། ཚོན་མེད་ན་ནི་རུང་བའོ།། ཤིན་ཏུ་ཁ་བསྒྱུར་བ་ལ་རྣམ་པ་གཉིས།། ་ཚོན་ཆེན་པོ་རྣམ་པ་བརྒྱད་ཀྱིས་ཏེ། མཐིང་ཤིང་དང་ཡང་ལི་ཁྲི་དང་།། ལེབ་རྒན་རྩི་དང་། གུར་གུམ་དང་།། རྒྱ་སྐྱེགས་དང་ནི་རྨ་ཤིང་བཅོད།། མཚལ་དང་འདི་དག་མི་རུང་བའོ།། ཚོན་ཤིང་དུ་མང་བས་ལན་བཅུ་ལས་ལྷག་པར་བསྙུགས་པས་ཁེངས ་ཤིང་ཁ་དོག་ནག་པོར་གྱུར་པའོ།། གཉིས་ཀས་ཀྱང་ལྷག་པར་ཁ་བསྒྱུར་ན་ཉེས་བྱསོ།། གལ་ཏེ་སྦྱིན་བདག་དགའ་བའི་ཕྱིར་ངུར་སྨིག་གི་ཚེན་མང་དུ་བྱས་ལ་ཚོན་ཆེན་པོ་བསྲེས་ཏེ་ཁ་བསྒྱུར་བ་ལ་ལྟུང་བ་མེདདོ།། དེ་བཞིན་དུ་མ་བཀྲུས་པ་དང་། ་ཅུང་ཟད་བཀྲུས་པ་དང་། ཤིན་ཏུ་བཀྲུས་པ་ལྟུང་བའོ།། གཞན་ཡང་བཅགས་པ་ཡང་ངོ་།། བཀྲུ་བ་ལ་སོགས་པ་ཐམས་ཅད་ལས་སེམས་རྣམ་པ་གསུམ་སྤང་བར་བྱ་སྟེ། སྒེག་པའི་སེམས་དང་། ཤིན་ཏུ་བཀྲུས་པ་དང་། ཤིན་ཏུ་ཁ་བསྒྱུར་ཏེ། ་ཅི་ཞིག་བྱ་ཞེས་མ་གུས་པའི་སེམས་དང་། ཆོས་གོས་ཁ་དོག་མི་བཟང་ན་བདག་ལ་དུལ་ཞིང་ཡོན་ཏན་དུ་ལྡན་པར་འཛིན་ཏོ་སྙམ་དུ་ཚུལ་འཆོས་པར་སེམས་པའོ།། དེ་ལ་གོས་བདག་ཉིད་ཀྱིས་བཀྲུ་བ་ཞེས་བྱ་བ་ནིས་བཅག་པའི་བར་དུའོ།། ། ་ལྷན་ཅིག་གནས་པ་འམ། ཉེ་གནས་སམ་ཚངས་པ་མཚུངས་པར་སྤྱོད་པ་འམ། ཁྱིམ་བདག་གམ། ཁྲུས་མཁན་གལ་ཏེ་དགེ་བསྙེན་ཡིན་ནམ། སྦྱིན་བདག་གིས་བསྒོ་བ་འམ། ཡིད་བཅུགས་པ་སྟེ། གང་ཤིན་ཏུ་ཞིགས་པར་མི་བྱེད་པ་དང་། ཤིན ་ཏུ་མི་རྡོབ་པ་དང་། མི་གྱོན་པ་ལའོ།། རྔན་པས་མ་ཡིན། གལ་ཏེ་བེའུ་ཕྲུག་དང་། ལ་བ་ལ་སོགས་པ་ལྕི་བ་ཞིག་ཡིན་ན་རྔན་པས་ཀྱང་ལྟུང་བ་མེད་དོ།། མཁན་པོ་འམ་སློབ་དཔོན་བདག་ཉིད་བཀྲུ་བ་ལ་སོགས་པ་བྱེད་པ་ལ་གལ་ཏེ། ལྷན་ཅིག་གནས ་པའམ། ཉེ་གནས་ཀྱང་རུང་ཐང་དུ་སོང་ནས་སྐབས་མི་འབྱེད་ན་ཉེས་བྱས་སོ།། དེ་ཉིད་མི་དགོས་སོ་ཞེས་ཟེར་རམ་སྦྱོར་མི་ནུས་པ་ལ་ལྟུང་བ་མེད་དོ།། བཀྲུས་པ་ལ་ཡོན་ཏན་ལྔ་སྟེ། དྲི་མི་ཞིམ་པ་མེད་པར་འགྱུར་བ་དང་། ཤིག་དང་སྲོ་མའི་ཉེས་པ་དང་། ་དྲི་མ་དང་གཡ་ན་པའི་ཉེས་པ་མེད་པ་དང་། ཚོན་འཛིན་པར་འགྱུར་བ་དང་། ལོངས་སྤྱད་དུ་བཟོད་པའོ།། ཁ་བསྒྱུར་བ་ལ་ཡོན་ཏན་ལྔ་སྟེ། འཕགས་པ་དང་མཐུན་པའི་ཆ་ལུགསུ་བྱས་པ་ཡིན། རྒོད་ཅིང་དྲེགས་པ་འདུལ་བའི་རྒྱུར་བྱས་པ་ཡིན། ་དྲི་མ་མི་འགོ་བར་འགྱུར་བ་དང་། ཤིག་དང་སྲོ་མ་མི་ཆགས་ཤིང་བདེ་བར་རེག་པ་དང་། བདེ་བར་སྤྱད་པའོ།། ཤིན་ཏུ་བཀྲུས་པ་ལ་ཉེས་དམིགས་ལྔ་སྟེ། མྱུར་དུ་དེངས་པའི་ཆོསུ་འགྱུར་བ་དང་། བསུབ་དུ་མི་བཟོད་པར་འགྱུར་བ་དང་། ལོངས ་སྤྱད་དུ་མི་བཟོད་པ་དང་། ངལ་ཞིང་སྡུག་བསྔལ་བ་དོན་མེད་པར་འགྱུར་བ་དང་། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་བའོ།། ཤིན་ཏུ་ཁ་བསྒྱུར་ན་ཡང་ཉེས་དམིགས་ལྔ་སྟེ། ནང་གི་རྒོད་ཅིང་དྲེགས་པའི་རྒྱུར་འགྱུར་བ་ཡིན། ཕྱིའི་རྟོག་པ་བྱུང་བར ་འགྱུར་བ་དང་། དགོས་པའི་དོན་མེད་ཅིང་ངལ་བས་སྡུག་བསྔལ་བར་འགྱུར་བ་དང་། དགེ་བའི་ཕྱོགས་ཀྱི་བར་དུ་བཅོད་པར་བྱེད་པ་དང་། ཚོན་གྱིས་ཟོས་པས་གསོ་སྤྱང་དུ་མི་བཟོད་པར་འགྱུར་བའོ།། ཤིན་ཏུ་བཅགས་པ་ལ་ཡང་ཉེས་པ་རྣམས ་བ་ལྔ་སྟེ། ཁ་བསྒྱུར་བའི་དང་པོ་བཞི་བཞིན་ནོ།། ལྔ་པ་ནི་ལོངས་སྤྱད་དུ་མི་བཟོད་པ་ཡིན་ནོ།། ཁ་ཅིག་ན་རེ་ཤིན་ཏུ་བཅགས་པ་སོ་སོར་བཀག་པར་འགྱུར་ཏེ། དགའ་བོའི་དབང་དུ་མཛད་དེ་གོས་བཅགས་པ་བཟློག་ཅིང ་བཅགས་པ་བཅང་བར་མི་བྱའོ་ཞེས་གསུང་སོ།། གལ་ཏེ་སྦྱིན་པ་པོ་ལས་རྙེད་ན་འཚོར་བ་མེད་པར་བྱའོ།། དེར་མི་ནུས་ན་ཟིལ་པ་ལ་བཞག་སྟེ་མེད་པར་བྱའོ།། དེར་ཡང་མི་ནུས་ན་ཆུའི་ནང་དུ་བཅུག་ལ་མེད་པར་བྱའོ།། དགེ་འདུན་གྱིས་རྙེད་ཀྱང་རིམ ་པ་དེ་བཞིན་དུ་བྱའོ།། དེ་ནས་རིན་བསྐྱེད་པར་བྱའོ།། རྣམ་པ་གཞན་དུ་ན་གལ་ཏེ་འདིར་བཅགས་པ་ཙམ་བཀག་ན། བཟློག་ཅིང་བཅགས་པར་གསུངས་པའི་འབྲས་བུར་ཅིར་འགྱུར། གལ་ཏེ་སྦྱིན་པ་པོ་ལས་རྙེད་ལ། དེ་ཡང་གལ་ཏེ་འཚེར་བ་མ ་ཡིན་ན། བགོ་བར་བྱའོ་ཞེས་གསུངས་པ་ཡིན་ཏེ། གྱི་ན་ཐོགས་མ་ཉིད་དུ་འཚེར་བ་མེད་པར་བྱའོ་ཞེས་གསུང་བ་མི་རིགསོ།། ཤིན་ཏུ་བཅགས་པ་ཉིད་དགག་པ་དེ་ལ་གོ་རིམ་དེ་བཞིན་དུ་བརྟག་པ་བསྟན་ཏོ་ཞེས་གདོན་ཏོ།། ཁ་ཅིག་ན ་མ་བཅགས་པ་ཉིད་ཇི་སྐད་བྱས་པའི་གཞུང་ཚང་མ་ཡིན་ཏེ་གང་ནས་ཀྱང་བཅགས་པ་རྗེས་གནང་བར་མི་འབྱུང་ཞེས་ཟེར་རོ།། ཀུན་ཏུ་སྤྱད་པ་ཇི་ལྟར་གསུངས་པ་བཞིན་མ་བྱས་ན། ཉོན་མོངས་པས་ཞེན་པས་ཐམས་ཅད་ཉེས་བྱསུ་འགྱུར ་ཏེ་བཤགས་པར་བྱའོ།། གཞན་དུ་ན་བསྡམ་པར་བྱའོ་བཞི་པའོ།། །། མཉན་ཡོད་ན་སྟེ། ཉེ་དགས་དགེ་སློང་མ་ཨུཏྤ་ལའི་མདོག་ལ་ཆོམ་རྐུན་པ་རྣམས་ཀྱིས་བྱིན་པའི་རས་བླངས་པ་ན་དེའི་རྐྱེན་ལ་བརྟེན་པ་དང་། མ་དང་བ་དག ་གིས་ཉོན་མོངས་པའི་ཕྱིར་ལྔ་པ་བཅ་སོ།། ཉེ་དུ་མ་ཡིན་པ་ཞེས་བྱ་བ་ལ་ཉེ་དུ་མ་ཡིན་པ་ནི་དགེ་སློང་མ་ལས་གོས་ཚང་བར་ཡོད་དམ་ཞེས་མི་རྟོག་གི། ཉེ་དུ་ནི་བྱིན་ཡང་མི་ལེན་ཏོ།། བརྗེས་པ་མ་གཏོགས་ཏེ་ཞེས་བྱ་བ་ལ། དེ་བརྗེས་པ་ལ་ནི་ཅི ་སྙེསྙིད་བླངས་པ་དེ་སྙེད་བྱིན་པ་དང་། དངོས་པོ་འམ། རིན་ནམ་འདྲ་བ་འམ། མི་འདྲ་བ་འམ་མི་ལངས་པ་འམ། ལངས་པ་འམ། ཉུང་ངུ་འམ། མང་དུ་འམ། ངན་པ་འམ། བར་མ་འམ། གྱ་ནོམ་པ་འམ། གོ་བཟློག་པ་ཡང་རུང་། གལ་ཏེ་དགེ་སློང ་མའི་སེམས་ཅི་ཙམ་གྱིས་མགུ་བའམ། ཕན་བཏགས་པའམ། ཆོས་ཀྱིས་སམ། བྱ་བ་བསྒྲུབས་པའི་ཕྱིར་བླངས་པ་དེ་ཡང་བརྗེས་པའོ།། དེའི་ཚེ་ཉིད་ངེས་པར་ལན་བྱ་བ་མ་ཡིན་མོད་ཀྱི་འོན་ཀྱང་ལན་བྱའོ་ཞེས་བྱས་པ་ཡང་བརྗེས་པའོ།། ། ་སྒེག་པ་འམ། མ་གུས་པ་དང་། བསླུ་བའི་སེམས་ཀྱིས་བརྗེས་ཏེ་བླངས་སམ་མ་བླངས་ཀྱང་རུང་ཉེས་བྱས་སོ།། སྟོད་གཡོགས་དང་མ་གཡོགས་མི་ལངས་པའི་བླང་གི་ལྷག་པར་བླངས་ན་སྤང་བའོ།། ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། བླངས་ན་སྲུང་བའི་ལྟུང་བྱེའོ།། ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ཡང་རུང་བླངས་ན་ཉེས་བྱས་སོ།། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ་གྲོང་འདི་ཞེས་བྱ་བ་ནི་གོས ་ཡོད་པ་དེ་སྦྱིན་ནོ་ཞེས་ཟེར་ཏེ། མངོན་སུམ་ཏུ་མ་གྱུར་ཀྱང་ཉེས་བྱསོ།། དགེ་སློབ་མ་འམ། དགེ་ཚུལ་མས་དགེ་འདུན་ལ་རས་ཡུག་ཆེན་ཕུལ་བ་དང་། རྗེསུ་མཐུན་པར་སྦྱིན་པ་དང་། ལེགས་པར་སྨྲ་བ་དང་། བསྙེན་པར་རྫོགས་པར་བྱེད་པ་དང་། རིན ་ནམ་རྗེས་པ་ཡང་རུང་བྱིན་ན་ལྟུང་བ་མེད་དོ།། དགེ་སློང་མ་བསོད་ནམས་ཆེ་བ་འམ། ཤེས་པ་ཡང་རུང་སྟེ། མདུན་དུ་བཞག་ནས་འདི་སྐད་དུ་བདག་ལ་དངོས་པོ་འདི་ལྟ་བུ་ཞིག་མཆིས་ཀྱིས་ཐུགས་བརྩེ་བ་ཉེ་བར་གཟུང་ནས ་བཞེས་ཤིག་ཅེས་སྨྲས་ནས་བལྟོས་པ་མེད་པར་སོང་ན་ལྟུང་བ་མེད་དོ།། དེ་བཞིན་དུ་ཡིད་བཅུགས་པ་ལ་རེ་ཞིག་གི་དུསུ་བླངས་པ་ལ་ལྟུང་བ་མེད་དོ་ལྔ་པའོ།། །། མཉན་ཡོད་ན་སྟེ། ཉེ་དགས་ཆོས་ལེགས་པར་མཉན་དུ་བཅུག་པ་ལྔ ་ཁྱིམ་བདག་གི་ཆུང་མས་རས་ཟུང་དུ་བྱིན་པའི་ཡ་ཅིག་སྟོབས་ཀྱིས་ཕྲོགས་པས་ན་ཉོན་མོངས་པ་གསུམ་གྱི་ཕྱིར་དྲུག་པ་བཅསོ།། རྐྱེན་ལ་བརྟེན་པའི་ཉོན་མོངས་པ་མ་གཏོགས་ཏེ། ཉོན་མོངས་པ་གཞན་ནི་གང་བཞི་པ་ལས་ཁུ་བས་མ་རུང ་པཔ་འཁྲུ་བའི་བསླབ་པའི་གཞིའི་ལྟུང་བ་ལས་འབྱུང་སྟེ། འགལ་ཚབས་ཅན་དང་། ཕོངས་པ་དང་། མ་དད་པའི་ཉོན་མོངས་པའོ།། ལྟུང་བ་འདི་ཡང་སློང་བར་མི་རིགས་པ་ལས་སློང་བ་དང་། གློ་བུར་དུ་སློང་བའི་ཕྱིར་བཅས་སོ།། ཁྱིམ་བདག ་ཅེས་བྱ་བ་ནི་སྐྱེས་པའོ།། མ་ནིང་ངམ། མཚན་གཉིས་པ་ནི་ཉེས་བྱསོ།། ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དེ། མ་ནིང་མོ་དང་། མཚན་གཉིས་མོ་ནི་ཉེས་བྱས་སོ།། མུ་སྟེགས་ཅན་གྱེས་པ་དང་། བུད་མེད་ནི་མཽ་གཟུང་སྟེ། དེ་ལ་ཡང་ཉེས་བྱསོ།། ་ཚུལ་འདི་ལྟ་བུ་ནི་གཞན་དུ་ཡང་རིག་པར་བྱ་སྟེ། ཡང་མི་བརྗོད་དོ།། བླངས་ན་ཞེས་བྱ་བ་ནི་བདག་གིས་སམ་གཞན་གྱིསོ།། གོས་ཕྲོགས་སམ་ཞེས་བྱ་བ་ནི་ཆོམ་རྐུན་པ་འམ། གང་གིས་བྱིན་པ་དེ་ཉིད་ཀྱིས་ཕྲོགས་པའོ།། གོས་བརླག་ཅེས་བྱ་བ་ནི ་གང་གིས་བརྗེས་ནས་ལྟུང་བའམ། སྲིལ་ལ་སོགས་པས་ཟོས་པའོ།། གོས་ཚིག་ཅེས་བྱ་བ་ནི་སེམསོ།། གོས་རླུང་གིས་ཁྱེར་ཞེས་བྱ་བ་ནི་རླུང་གིས་ཁྱེར་བའོ།། གོས་ཆུས་ཁྱེར་ཞེས་བྱ་བ་ནི་ཆུས་ཁྱེར་བའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རིན ་ཐང་དང་ཁ་དོག་དང་ཁྲུ་ཚད་དོ།། ཀརྵ་པ་ཎ་ལྔ་ལ་སོགས་པ་རི་བ་འམ་སྔོན་པོ་འམ། སེར་པོ་འམ། དམར་པོ་འམ། དཀར་པོ་དང་། སྟུག་པོ་དང་སྲབ་མོ་ལས་གང་ཡང་རུང་བ་དང་། ཁྲུ་ལྔ་ལ་སོགས་པ་གང་ཡང་རུང་བསླང་བ་ལས་གལ་ཏེ་དེ ་ཉིད་ཐོབ་ན་སློང་བའི་ཚེ་ཉེས་བྱསོ།། མ་ཐོབ་ན་སྤང་བའོ།། འོན་ཏེ་གཞན་ཐོབ་བ་མ་ཉུང་བ་འམ་ལྷག་པ་ཡང་རུང་སྟེ། སློང་བའི་ཚེ་ཉེས་བྱསོ།། ཐོབ་པ་ལ་ལྟུང་བ་མེདདོ།། ཉེ་དུ་མ་ཡིན་པ་ལ་ཉེ་དུ་ཡིན་པར་འདུ་ཤེས་པ་ལ་སོགས་པ་སྔ་མ་བཞིན་ཏེ། ་མུ་བཞིར་བརྗོད་པར་བྱའོ།། ལུས་ཀྱི་རྣམ་པར་ཤེས་པར་བྱེད་དམ། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ། ཚད་ལས་ཆུང་བ་འམ། རྒྱ་འམ་སྤུན་ཞིག་བསླངས་སམ། ལེན་པ་ལས་དེའི་མཚན་གྱུར་ན་ཉེས་བྱསོ།། བསྙེན་པར་རྫོགས ་པས་བླངས་པ་ལ་མུ་བཞི་སྟེ། གཅིག་ནི་སྤང་བའོ།། གཉིས་ནི་ཉེས་བྱསོ།། གཅིག་ནི་ལྟུང་བ་མེད་དོ།། དེ་བཞིན་དུ་བསླབ་པའི་གཞི་ཐམས་ཅད་ལ་ཡང་བརྗོད་པར་བྱའོ།། དུས་སུ་སློང་བ་ནི་ལྟུང་བ་མེད་དོ།། དེ་ཚུལ་ཆོས་དང་ཁ་གསག་དང ་གཞོག་སློངས་དང་། ཐོབ་ཀྱིས་འཛལ་གྱིས་སློང་ན་ཉེས་བྱསོ།། གལ་ཏེ་དགེ་སློང་རྣམས་ལ་གོས་སྦྱིན་པར་ཞུགས་པ་ལ་ནི་ལྟུང་བ་མེད་དོ།། ཁ་ཚར་བསླངས་པ་ལས་རས་མ་ཐོབ་པ་དང་། རས་མ་བསླངས་པ་ལས་རས་སམ། རས་ཡུག་ཆེན ་ཐོབ་པ་ལ་ཡང་ལྟུང་བ་མེད་དོ།། སྦྲང་སྐྱབས་ཀྱི་གོས་སམ། དབྱར་གྱི་གོས་རས་ཆེན་ནམ། དགེ་འདུན་གྱི་ཕྱི་བླངས་སམ། མི་མ་ཡིན་པ་དང་། དུད་འགྲོ་ལས་བླངས་ན་ལྟུང་བ་མེད་དོ།། དྲུག་པའོ།། །། མཉན་ཡོད་ན་སྟེ། ་དྲུག་སྡེ་རྣམས་ཀྱིས་གྲོང་ཁྱེར་ཕྲེང་བ་ཅན་པའི་བཞི་བཅུ་བཅོམ་པའི་ཕྱིར་སྟོང་གཡོགས་དང་སྨད་གཡོགས་ལས་ལྷག་པར་བླངས་པས་ན། དེའི་ཉོན་མོངས་པས་སྤང་བ་བདུན་པ་བཅས་ཏེ། ཚད་མི་འཛིན་པར་ལེན་པསོ།། སྤང་བ་ལྷག ་མ་རྣམས་ལ་ཡང་ཉོན་མོངས་པ་དེ་ཉིད་དོ།། སྟོབས་པ་ཞེས་བྱ་བ་ནི་ཡང་ཡང་དུ་སྟོབས་པ་དང་། ཤིན་ཏུ་སྟོབས་པ་དང་ཆུང་ངུ་སྟོབས་པ་དང་། སྙིང་ནས་སྟོབས་པ་དང་། སྙིང་ནས་མི་སྟོབས་པ་དང་། མཆོག་ཏུ་ཁྱད་པར་མེད་པར ་སྟོབས་པ་དང་། ཁྱད་པར་དུ་སྟོབས་པ་དང་། རྗེསུ་མཐུན་པར་སྟོབས་པ་དང་། འཇིག་རྟེན་གྱི་ཐ་སྙད་དུ་སྟོབས་པ་དང་། བཏུད་དེ་སྟོབས་པ་དང་། མ་བཏུད་པར་སྟོབས་པ་དང་། རང་གི་རྫས་ལ་སྟོབས་པ་དང་། གཞན་གྱིས་བསྟན་པ་ལས་སྟོབས ་པ་དང་། སོང་བ་ལས་སྟོབས་པ་དང་། འོངས་པ་ལས་སྟོབས་པ་དང་། ཚིག་མང་པོས་སྟོབས་པ་དང་། ཚིག་གཅིག་གིས་སྐྱོབས་པ་དང་། ཁྲོས་ནས་སྟོབས་པ་དང་། དགའ་ནས་སྟོབས་པ་དང་། རྒྱུན་ཏུ་སྟོབས་པ་དང་། རྒྱུན་ཏུ་མ་ཡིན་པར་སྟོབས ་པ་དང་། མཚན་མ་ཙམ་དུ་སྟོབས་པ་དང་། རང་གི་སྒྲས་སྟོབས་པའོ།། རྗེསུ་མཐུན་པ་དང་། འཇིག་རྟེན་གྱི་ཐ་སྙད་དང་། ཁྲོས་པ་དང་། སྙིང་ནས་མི་སྟོབས་པ་ལས་མི་བླངས་པ་དང་། བླངས་ན་ཡང་ཉེས་བྱས་སོ།། སྟད་གཡོགས་དང་སྨད ་གཡོགས་ཞེས་བྱ་བ་ནི་སྟོང་གཡོགས་དང་སྨད་གཡོགས་ལ་རྣམ་པ་གཉིས་ཏེ། དགེ་སློང་གི་སྟོང་གཡོགས་དང་སྨད་གཡོགས་ནི་མ་བགོས་པ་ཞིག་ན་སྣམ་སྦྱར་ཉི་རིམ་དང་། རས་ལྔ་དང་གཉིས་པའོ།། ཁྱིམ་པའི་སྟོང་གཡོགས་དང་སྨང ་གཡོགས་ནི་རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དང་། རས་བདུན་པ་དང་། གཉིས་པའོ།། ཁ་ཅིག་ན་རེ་མཐང་གོས་ཞེས་བརྗོད་པ་ནི་ཤམ་ཐབས་དང་རྡུལ་ཟན་ནོ།། བླ་གོས་ཞེས་བྱ་བ་ནི་ཆོས་གོས་ལ་བྱ་བ་སྟེ། བླ་གོས་དང་མཐང་གོས ་ནི་གསུམ་པ་དང་ལྡན་པའི་བསྡུ་བ་སྟེ། བླ་གོས་མཐང་གོས་ཞེས་བྱའོ་ཞེས།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གི་སྟོང་གཡོགས་དང་སྨད་གཡོགས་བླངས་པ་ལས་དེ་ཉིད་ཐོབ་བམ། ཁྱིམ་པའི་སྟོད་གཡོགས་དང་སྨད ་གཡོགས་ཀྱང་རུང་ལྷག་པར་བླངས་ན་ཉེས་བྱསོ།། ཐོབ་ན་སྤང་བའོ།། དེ་བཞིན་དུ་ཁྱིམ་པའི་སྟོད་གཡོགས་དང་སྨང་གཡོགས་ཐོབ་པ་ལ་ཡང་བརྗོད་པར་བྱའོ།། ཁྱིམ་པའི་སྟོང་གཡོགས་དང་སྨད་གཡོགས་བླངས་པ་ལས་དེ་ཉིད ་རྙེད་དེ་མ་ལངས་ན་ཡང་བསླང་བར་མི་བྱའོ།། གལ་ཏེ་བླངས་ན་སྤང་བའོ།། ལྷག་མ་སྦྱིན་པར་མི་བྱའོ།། དགེ་སློང་གི་སྟོད་གཡོགས་དང་སྨད་གཡོགས་བསླངས་པ་ལས་དེ་ཉིད་ཐོབ་སྟེ། མ་ལངས་ན་བསླངས་པར་བྱའོ།། ལྷགས་པ་སྦྱིན ་པར་བྱའོ།། སླར་མ་བྱིན་པ་ན་སྤང་བའོ།། བདུན་པའོ།། །། མཉན་ཡོད་ན་སྟེ། ཉེ་དགས་ནན་གྱིས་སྦྱིན་པོ་བྱེད་དུ་བཅུག་སྟེ་གོས་རིན་ཐང་ཆེན་པོ་ཁྱེར་བའི་ཕྱིར་ཁྱིམ་བདག་ལ་ཕབ་སྟེ། དེ་ཡང་དེའི་ཕྱིར་གཟུང་བས་ན། དེ་ནི་འཇིག ་རྟེན་པ་རྣམས་མ་དད་པ་དང་། ཁྱད་པར་ཅན་མ་ཡིན་པ་ཁྱད་པར་ཅན་དུ་བྱེད་པའི་ཕྱིར་བརྒྱད་པ་བཅས་སོ།། གོས་ཀྱི་རིན་དག་ཅེས་བྱ་བ་ལ་ནི་གོས་ཀྱི་རིན་དབྱིག་གམ་གསེ་རོ།། འདི་ལྟ་བུ་དང་འདི་ལྟ་བུ་ཞིག་ཅེས་བྱ་བ ་ནི་ཀཪྵ་པ་ཎ་ལྔ་རི་བ་འམ། ཀཪྻཱ་ཤ་པ་ཎ་ལྔ་བཅུ་རི་བ་ཡང་རུང་། སྔོན་པོ་ལ་སོགས་པ་ཁྲུ་ལྔ་པ་ནས། ལྔ་བཅུ་པའི་བར་དུའོ།། ཉོས་ལ་ཞེས་བྱ་བ་ནི་ཉོ་བའོ།། དུ་སུ་ཞེས་བྱ་བ་ནི་གང་གི་ཚེ་འདོད་པ་དང་། ལེན་དུ་གནང་བའི་དུས་གང་ཡིན་པའོ།། ། ་རུང་བ་ཞེས་བྱ་བ་ནི་རྔ་མོའི་བལ་གྱི་སྣམ་བུ་ལ་སོགས་པ་མ་གཏོགས་པ་ལོངས་སྤྱོང་དུ་བཟོད་པའོ།། སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་འགྲོན་དུ་གཉེར་བ་མ་བྱས་པའོ།། རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ་ཞེས་བྱ་བ་ནི། ཚོལ་བ་འམ ་ཁྱད་པར་དུ་རྟོགས་པ་ནི་རྣམ་པར་རྟོག་པའོ།། བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི། ཡང་ལྷག་པར་འདོད་པའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང་ནན་གྱིས་དང་། མཉམ་པ་དང་། ཁ་དོག་དང་། ཁྲུ་ཚད་ཀྱང་རུང་། ཇི་ལྟ་བུར་ཐོ ་པ་དེ་ལས་ལྷག་པར་བླངས་ན་ཉེས་བྱསོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། སྔ་མ་ལ་ནི་ལྟུང་བ་མེའོ།། གཞན་སུ་ཡང་རུང་བའི་ཕྱིར་རམ། གཉིས་ལ་བསམས་ཏེ་བཞག་པ་འམ། ཡོ་བྱད་གཞན་ཡང་རུང་སྟེ། ཁྱིམ་པ་དང་བསྙེན་པར་རྫོགས་པ ་ཕྱིར་མངོན་པར་འདུས་བྱས་པ་ལས་རབ་ཏུ་འཐུང་ངམ། བསྙེན་པར་རྫོགས་པས་སློང་བར་བསམས་ན་ཉེས་བྱས་སོ།། ལྷ་ལ་སོགས་པ་རྣམས་ཀྱི་ཕྱིར་ནི་ལྟུང་བ་མེད་དོ།། ཁ་ཚར་ལ་སོགས་པ་བསླངས་པ་ལས། རས་མ་ལ་སོགས་པ་ཐོབ་པ་ལ ་ཡང་ལྟུང་བ་མེདདོ།། བརྒྱད་པའོ།། །། དགུ་པ་གླིང་གཞི་ཡང་དེ་ཉིད་དེ། ལྟུང་བའི་རྣམ་པར་དབྱེ་བ་ཡང་དེ་བཞིན་ཏེ། ཁྱད་པར་ནི་གོས་ཀྱི་རིན་གཉིས་ཀྱིས་སོ་སོ་ནས་སྤགས་པའོ།། དགུ་པའོ།། མཉན་ཡོད་ན་སྟེ། ཉེ་དགས་དབྱར་ཚུལ་གྱིས ་གོས་ཀྱི་རིན་བྱིན་པ། ཚོང་པའི་ལག་ཏུ་བཞག་ནས། ཚོང་པ་དེས་མྱུར་དུ་མེ་ཕྱིན་པའི་ཕྱིར། ཀཪྵ་པ་ཎ་དྲུག་ཅུ་ཆད་པས་བཅད་པ་ན། མི་རུང་བའི་གཞི་ལེན་ལ། གཞན་གྱིས་སེམས་རྗེསུ་མི་བསྲུང་ཞིང་། རྙེད་པ་ཐོབ་ན་ཡང་བཏང་སྙོམས་བྱེད་པ་སྤང ་བབའི་ཕྱིར་བཅུ་པ་བཅསོ།། རྒྱལ་པོ་ཞེས་བྱ་བ་ནི། གང་རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་བའོ།། རྒྱལ་པོའི་བློན་པོ་ཞེས་བྱ་བ་ནི། ལྷན་ཅིག་གྲོས་ཀྱིས་འཚོ་བའོ།། བྲམ་ཟེ་ཞེས་བྱ་བ་ནི། གཙང་སྦྲ་ཅན་ནོ།། ཁྱིམ་བདག་ཅེས་བྱ་བ་ནི་ཕྱུག ་པོའོ།། གྲོང་རྡལ་གྱི་མི་འདི་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་མིའོ།། ཡུལ་མི་ཞེས་བྱ་བ་ནི་ཡུལ་གྱི་མིའོ།། ནོར་ཅན་ཞེས་བྱ་བ་ནི་ནོར་བྲེ་བས་ཕྱུག་པའོ།། ཚོང་དཔོན་ཞེས་བྱ་བ་ནི་ཅོད་པན་བཅིངས་པའོ།། དེད་དཔོན་ཞེས་བྱ་བ་ནི་གང་གིས་ལན་གཉིས ་ལན་གསུམ་ཡང་རུང་འགྲོན་པ་མང་པོ་བསྒྲལ་བའོ།། ཚེ་དང་ལྡན་པ་དགེ་སློང་དག་ལ་ནི་ཆོས་གོས་ཀྱིས་རིན་དག་མི་རུང་སྟེ། ཞེས་བྱ་བ་ནི་གང་བྱ་རུགས་མི་གེ་ན། ས་ལེ་སྦྲམ་དང་། དངུལ་ནི་མི་རུང་ངོ་།། རྒྱལ་སྲིད་དང་། རྒྱལ་སྲིད་ཀྱི་ཕྱེད་དང་ཉེ་བ ་དང་། འདོད་པ་དང་ལྡན་པ་ཐམས་ཅད་མི་བླང་ངོ་།། དགེ་འདུན་གྱི་ཕྱིར་ཡང་མི་རུང་ངོ་།། འབྲུ་རྗེན་པ་ལེན་པ་དང་། ཞིང་བླང་བ་དང་། གྲོང་བླང་བ་དང་། བ་ལང་ལ་སོགས་པ་བླང་བ་དག་གིས་ཕྱིར་ནི་མི་རུང་གི། དགེ་འདུན་གྱི་ཕྱིར་ནི་རུང་ངོ་།། ཞིང་བླང ་ན་ནི་ཐོག་ཤསུ་རྗེསུ་སྦྱིན་པར་བྱའོ།། བྲན་མོ་དང་བྲན་ཕོ་གང་ཟག་གི་ཕྱིར་ནི་མི་བླང་མོད་ཀྱི། འོན་ཀྱང་དགེ་འདུན་གྱི་ཕྱིར་ནི་བླང་ངོ་།། སྣོད་སྦྱང་རྣམས་ནི་དགེ་འདུན་ལ་རུང་གི་གང་ཟག་ལ་ནི་མ་ཡིན་ནོ།། དེ་ལ་ཀུན་ཏུ་སྤྱད་པར་བྱ ་པབ་ནི་སྣོད་སྤྱད་སྦེད་པ་བསྐོ་བར་བྱ་སྟེ། གང་མ་འབགས་པ་དེ་དག་བཀྲུ་བ་དང་། འཕྱི་བར་བྱེད་པའོ།། འབགས་པ་ནི་ཉེ་གནས་ཀྱིསོ།། འཁོར་མེད་པ་ནི་དགེ་བསྐོས་ཉིད་ཀྱིསོ།། དགེ་སློང་ཁར་བའི་སྣོད་འཆང་ན་ཉེས་བྱསོ།། ལྟུང་བ་མེད་པ་ནི་ཁ ་གཟར་དང་། ཕུལ་བའི་བཏུལ་པོར་དང་། ཚྭ་ཁུ་འཆང་བའོ།། རུང་བའི་ལྷུང་བཟེད་དང་། ཆོས་གོས་དང་། མལ་ཆ་དང་། སྟན་དང་། ན་བའི་སྨན་རྣམས་ནི་བླང་བར་བྱའོ།། ཞལ་ཏ་བྱེད་པ་ཞེས་པ་ནི་བསྟན་པའི་ཚིག་སྟེ། དེ་གང་ཞེ་ན། སྨྲས་པ། ཀུན་དགའ་ར་བ ་པ་སྟེ། གང་རུང་བར་བྱེད་པའོ།། དགེ་བསྙེན་ཞེས་བྱ་བ་ནི་གསུམ་ལ་སྐྱབསུ་སོང་བ་འམ། བསླབ་པའི་གཞི་ལྔ་ལ་གནས་པའོ།། ཅང་མི་སྨྲ་བར་ཕྱོགསུ་བསྡད་པར་བྱའོ་ཞེས་བྱ་བ་ནི་ཕྱོགས་བཞི་དང་། སྐུལ་བའི་སྒོ་དྲུག་གོ།། ཕྱོགས་བཞི་པོ་དག་གང་ནི ་ནའབོད་གནས་ནི་རྫུ་མཁན་གྱི་གནས་སམ། འདྲེག་མཁན་གྱི་གནས་སོ།། ཁྱིམ་གནས་ནི་ཁྱིམ་ཉིད་དམ། ཆུའི་གནསོ།། ལས་ཀྱི་མཐའ་ནི་བུ་རམ་ཤིང་གི་ལས་ཀྱི་མཐའ་དང་། ས་ལུའི་དང་། ལན་ཆའི་ལས་ཀྱི་མཐའ་འོ།། ལས་ཀྱི་གནས་ནི་ཆོད ་ཁང་དང་། ཚོང་རྡལ་ལོ།། སྐུལ་བའི་སྒོ་དྲུག་པོ་དག་གང་ཞེ་ན། འོངས་སམ། ལེགས་པར་འོངས་སམ། ཁྱོད་སྟན་འདི་ལ་འདུག་ཅིག། བཅའ་བ་འཚོ་ཞིག། བཟའ་བ་ཟོ་ཞིག། བཏུང་བ་འཐུང་ཞིག་ཅེས་ཟེར་ན་ཐམས་ཅད་དུ་ཡང་དོན་དེའི་ཕྱིརརོ་ཞེས་བརྗོད ་བར་བྱའོ།། ད་ནི་སྐུལ་བའི་སྒོ་དྲུག་གོ།། གལ་ཏེ་ཧཱ་ཧང་མྱུར་དུ་སྨྲས་པས་ཕ་རོལ་པའི་ཚིག་གི་སྐབས་མེད་པ་བྱེད་ན་མ་རྫོགས་པ་ཞེས་བྱ་སྟེ། གོ་བཟློག་པ་ནི་རྫོགས་པའོ།། ཡིད་བརྟན་པའི་ཕོ་ཉ་ཞེས་བྷ་བ་ནི་ལྷན་ཅིག་གནས་པ་དང་ཉེ་གནས།། ཛ། ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། བསྐལ་པར་འདོད་དེ་འགྲོ་བ་ལ་སོགས་པའི་ཉེས་བྱསོ།། སྤྲུལ་པ་རྣམ་པ་དྲུག་ལས་འདས་ན་ལྟུང་བའོ།། གྲུབ་ན་སྦྱང་བའོ།། ཁ་ཅིག་ནཱ་རེ་མི་བྱེད་པར་སྦྱོར་ན་ཡང་ལྟུང་བ་སྟེ། དེ་འདི་སྐད་ཟེ་རོ་ཞེས་གཞན་ཞིག་སྨྲས ་བ་ངོས་བཏང་སྙོམས་བཞུགུ་ན་ལྟུང་བར་འགྱུར་ཞེའོ།། ཞལ་ཏུ་བྱེད་པས་འཕགས་པ་གོས་སྣོམས་ཤིག་ཅེས་ཟེར་ན་དེ་ལ་དེས་ངས་ནི་བཏང་བྱིན་གྱིས་དེ་ཉིད་ལ་བྱིན་ཅིག་ཅེས་བསྒོའོ།། དེ་ཡང་བདག་གིས་དེའི་སེམས་བསྡུ་བར་བགྱིས། ས ་ཤིག་ཅེས་ཟེར་ན་ཡང་གོ་རིམ་ཇི་ལྟ་བུ་མ་བྱས་པར་གོས་ཀྱི་རིན་བླངས་ན་ཐམས་ཅད་དུ་ཡང་སྤང་བའི་ལྟུང་བའོ།། བརྫུན་པ་ལ་སོགས་པའི་ཚིག་གི་ལམ་གྱིས་བསྐྱལ་ན་ཉེས་བྱས་སོ།། སྦྱིན་བདག་ལ་མ་སྦྲན་ན་ཡང་ཉེས་བྱས་སོ།། མི་བྱིན ་ལ་ཕོ་ཉ་ཡང་མི་རུང་བར་བྱེད་པས་ཀྱང་མིས་ཏེ་འདི་ལྟ་བུ་ལ་སོགས་པ་རྣམ་པ་དྲུག་གི་བར་དུ་བསྐུལ་བ་ལ་ནི་ཐམས་ཅད་ལྟུང་བ་མེད་དོ།། རྣམ་པ་གཞན་དུ་དགེ་སློང་གིས་མི་ལ་གོས་ཀྱི་རིན་རྣམ་པར་ཤེས་པར་བྱེད་དམ། མཾ་མ་ཡིན་པ་དང་། ་ཀླུ་ཡང་རུང་། རྣམ་པར་ཤེས་པར་བྱེད་ན་ཉེས་བྱའོ།། ཐོབ་ན་སྤང་བའོ།། ཟ་ཉ་དང་། ལག་རྩིས་དང་། སྙིང་ཡིག་གིས་རྣམ་པར་རྟོགས་པར་བྱེད་ན་ལྟུང་བ་སྟེ། ཉེས་བྱས་སོ།། ཐོབ་ན་སྤང་བའོ།། སྦྱིན་པ་མི་མ་ཡིན། པ་ཉ་ཡང་མི་མ་ཡིན་ལ། མེ་མ་ཡིན། ་པས་རུང་བར་བྱེད་ན་ཉེས་བྱས་གསུམ་མོ།། སྦྱིན་པ་ཡང་མ་ཡིན་ལ། ཕོ་ཉ་ཡང་མི་མ་ཡིན་ལ། རུང་བར་བྱེད་པ་ཡང་མི་ཡིན་ན་ཉེས་བྱས་གཉིས།། སྦྱིན་པ་མི་ཡིན། ཕོ་ཉ་ཡང་མི་ཡིན། རུང་བར་བྱེད་པ་མི་མ་ཡིན་ན་ནི་ཉེས་བྱས ་གཅིག་པའོ།། ཁྱིམ་པས་མི་མ་ཡིན་པ་འམ། མུ་སྟེགས་ཅན་བཅོལ་ལམ་མུ་སྟེགས་ཅན་ནམ། མི་མ་ཡིན་པས་ཁྱིམ་པ་ལས་བཅོལ་བ་ལས་དེ་ལས་ལྷག་པར་སྦྱོར་ན་ཉེས་བྱསོ།། ཁ་ཅིག་ན་རེ་གལ་ཏེ་གཞན་ཞིག་གིས་དེའི་ཕྱིར་བླངས་པ་དང་། དེ་ན་རེ ་ཡང་སྦྱིན་ནོ་ཞེས་ཟེར་བ་ལས། དེས་ཀྱང་ང་ཕོངས་ཀྱིས་བྱིན་ཅིག་ཅེས་སྨྲས་ཀྱང་བྱས་ཟིན་པའི་རྗེསུ་བྱེད་པར་ཟད་པས་ལྟུང་བ་མེད་ངོ་ཞེའོ།། གོས་ཀྱི་ཚོགས་དང་པོ་རྫོགསོ།། །། བཅུ་པ་གཉིས་པ་ལ་ཉེ་བར་དགཔ་པའི་གཞིའི་དབང་དུ་མཛད། ་པ་ལྔ་དང་། གཉིས་ནི་མངོན་པར་འདུས་བྱས་པ་གཞིའི་དབང་དུ་མཛད་དོ།། ཉེ་བར་འཇོག་པ་དང་། མངོན་པར་འདུས་བྱས་པའོ།། གསུམ་ནི་དེ་དག་གི་མཚན་མའི་གཞིའི་དབང་དུ་མཛད་དེ། རྙེད་པ་དང་། སྦྱོར་བ་དང་། ཉོ་ཞིང་འཚོང་བ་དང་གསུམ་སྟེ། ་ཐམས་ཅད་ཀྱང་འགལ་ཚབས་ཅན་ལ་སོགས་པའི་ཉོན་མོངས་པ་གསུམ་པོ་རྣམས་ཡོངསུ་སྤང་བའི་ཕྱིརོ།། བདུན་པ་ནི་རྐྱེན་ལ་བརྟེན་པའི་ཉོན་མོངས་པ་སྤང་བའི་ཕྱིརརོ།། མཉན་ཡོད་ན་སྟེ། དགེ་སློང་མང་པོ་ལ་བརྟེན་ཏེ། སྲོག་ཆགས་མང་པོ ་བསོད་དོ་ཞེས་མུ་སྟེགས་ཅན་དག་སྨོད་ཅིང་མི་སྙན་པར་ཟེར་བ་དང་། བཟང་པོ་ལ་ཆགས་ཤིང་ཚོལ་བའི་ཉེས་པ་སྤངས་པའི་ཕྱིར་སྟན་གྱི་ཚོགས་དང་པོ་བཅསོ།། སོར་པ་ཞེས་བྱ་བ་ནི་སར་པ་ལ་གཉིས་ཏེ། བྱས་པ་དང་རྙེད་པའོ།། དེ་ལ་འདིར ་བྱས་པ་ལ་བྱའོ།། སྲིན་བལ་གྱི་སྟན་ཞེས་བྱ་བ་ནི་སྲིན་བལ་འབའ་ཞིག་ལ་བྱས་པའི་སྟན་དེ་སོ་སོར་གདིང་བ་ཞེས་བྱ་བའི་ཐ་ཚིག་གོ།། སྟན་ལ་རྣམ་པ་གཉིས་ཏེ། བཏགས་པ་དང་བླིངས་པའོ།། དེ་ལ་འདིར་ནི་བཏགས་པ་ལ་བྱ་བར་འདོད་དེ་རྒྱུ ་བཏགས་པའི་ཞེས་བྱ་བའི་བར་དུའོ།། དེ་ལས་གཞན་པ་བསྒྲུབ་པའི་གཞི་བཞི་པོ་ནི་བླངས་པ་སྟེ། ཕྱིང་བའི་རྣམ་གྲངསོ།། བྱེད་ཅེས་བྱ་བ་ནི་བདག་གམ་གཞན་གྱིས་ཀྱང་རུང་སྟེ། བཟང་པོ་ལ་ཆགས་པ་འམ། ཇི་ལྟ་བ་རྙེད་པ་འམ་རུང་བ་མ ་ཡོ་བྱད་ཀྱི་མཆོག་གི་བྷཻ་རཱ་རས། སྒེག་པའི་ཕྱིར་རམ། རྙེད་པའི་བྷཻ་རཱ་རམ། རྒན་པོ་འམ། འདའ་བ་འམ། ཟུང་བ་ལས་ཏེ། འབྱེད་པར་བྱེད་། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་རྩ་སྲིང་མ་ཟིན་གྱི་བར་དུ་ནི་ཉེས་བྱས་སོ།། ཟིན་ན་སྤང་བའོ།། སྲིན་བལ་ལ་སྲིམ ་བལ་དུ་འདུ་ཤེས་སམ་ཡིད་གཉིས་པ་ཡང་དྲང་སྟེ་སློང་བའོ།། སྲིན་པ་ལ་མ་ཡིན་པ་ལ་སྦྱིན་བྲལ་དུ་འདུ་ཤེས་སམ། ཡོང་གཉིས་པ་ན་བྱུང་བ་སྟེ། ཟང་བ་ན་མ་ཡིན།། སྲིན་པལ་ལ་སྦྱིན་པ་ལ་མ་ཡིན་པར་འདུ་ཤེས་ན་ལྟུང་བ་མེད་དོ།། མ་ཟིན་པ ་པར་བྱས་སམ། མ་ཟིན་པར་བོར་རམ། གཞན་གྷི་བྷིར་རམ། ཆེད་དུའམ། བལ་དང་། གས་མ་དང་། བར་མ་དང་། ཤཱིང་བལ་དང་། ཌྷ་དུ་གུ་ལ་དང་། ཁསྲེས་སམ། མི་རུང་བ་དང་བསྲེས་སམ། བདེ་བར་གཱ་ཤེགས་པའི་ཚང་བཞིན་བྱས་ན་ཉེས་བྱས། ་བྱས་ཟིན་པ་རྙེད་དམ། བྱས་ཟིན་པ་ལ་ཡོངསུ་ལོངས་སྤྱོད་ངམ། རྙིང་པ་མངོན་པར་འདུ་བྱེད་པ་ལ་ལྟུང་བ་མེདོ།། གོས་ཀྱི་རིན་དུ་སྲིན་བལ་རྙེད་པ་དེ་ལས་བྱས་ན་ཡང་ལྟུང་བ་མེད་དོ།། གལ་ཏེ་ཡུལ་གྱི་མིའི་བསམ་པས་དེ་ལ་དེར་དགོས་པ་ཡོད ་པ་ལས་རིན་ཐང་ཆེ་ཆུང་ཞིག་ཏུ་རྟོག་པར་འགྱུར་ཏེ། སྲིན་བྲལ་རྙེད་སླ་ལ། གཞན་རྙེད་དཀའ་ན་ལྟུང་བ་མེད་།། བཏང་སྙོམ་སུ་འཇོག་པས་ལྟུང་བའོ།། གལ་ཏེ་གཞན་ཞིག་དེའི་ཕྱིར་འདི་ལྟ་བུ་འདོད་དོ་ཞེས་སློང་བ་ལས། དེ་ཡང ་འདོད་པའི་ཕྱིར་བཏང་སྙོམསུ་འཇོག་པར་བྱེད་ན་ཡང་ངོ་དང་པོའོ།། །། མཉན་ཡོད་དུ་དགེ་སློང་མང་པོ་ལ་བརྟེན་ཏེ། བྱ་བ་མང་པོ་ལས་བཟློག་པ་དང་། བཟང་པོ་ལ་ཆགས་ཤིང་ཚོལ་བའི་ཉེས་པ་སྤུང་བའི་ཕྱིར་སྤང་བ་གཉིས་པའོ།། ནག ་པོཔོ་འབའ་ཞིག་ཅེས་བྱ་བ་ནི་འཚེར་བ་དང་འཇམ་པའི་ཕྱིར་རོ།། ནག་པོ་འབའ་ཞིག་ཅེས་བྱ་བ་ནི་ནག་པོ་ལ་བཞི་སྟེ། རང་བཞིན་གྱིས་གནག་པ་དང་། སྔོན་པོ་དང་། འདམ་ཁ་དང་། ཁ་པོའོ།། ས་པ་ཞེས་བྱ་བ་ནི་བྱེད་པ་ལ་བྱའི།། རྙེད་པ་ལ་མ་ཡིན་ནོ།། ་སྟན་ཞེས་བྱ་བ་ནི་བླིངས་པ་སྟེ། ཕྱིང་བའི་རྣམ་གྲངས་སོ།། བྱེད་ན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། བལ་ནག་པོ་འབའ་ཞིག་གི་ཆུན་པོ་འམ། འདབ་མ་འམ། ཕུང་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཅི་སྲིད་མ་ཟིན་གྱི་བར་དུ་ནི ་ཉེས་བྱས་སོ།། ཟིན་ན་སྤང་བའོ།། ལྷག་མ་རྣམས་ནི་ལྟུང་བ་སྔ་མ་བཞིན་ནོ།། གཉིས་པའོ།། མཉན་ཡོད་ན་སྟེ། དགེ་སློང་མང་པོ་ལ་བརྟན་ཏེ། བཟང་པོ་ལ་ཆགས་ཤིང་ཚོལ་བའི་ཉེས་པ་ཡོངསུ་སྤངས་པའི་ཕྱིར་གསུམ་པ་བཅ་སོ།། དཀར་པོ ་བྱ་བ་ནི་རྩིབ་ལོགས་ཀྱི་བལ་དང་། རྒྱབ་ཀྱི་བལ་དང་། གཉའ་བའི་བལ་ཏེ། ཁ་དོག་གི་རྣམ་གྲངསུ་ནི་འདྲ་མོད་ཀྱི། གསུང་རབ་ལ་མིང་གཞན་དུ་བྱསོ།། འཁོབ་བལ་ཞེས་བྱ་བ་ནི་མགོ་དང་། རྐང་པ་དང་། ལྟོ་བའི་བལ་ཏེ། ཡུལ་ན་སྤྱོད་པའི་ཕྱིར ་དེ་སྐད་དུ་བྱའོ།། མ་བཅུག་ན་ཞེས་བྱ་བ་ནི་མ་བྱིན་པའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྟན་སྲང་བཅུ་པ་ཞིག་བྱེད་ན་བལ་ནག་པོ་འབའ་ཞིག་ལས་སྲང་ལཱུ་ལས་གཞུག་པར་བྱའོ།། དཀར་པོ་ལས་སྲང་ཕྱེད་དང་གསུམ་དང་། འཁོབ་བལ་ལས་སྲང ་ཕྱེད་དང་གསུམ་སྟེ། ཚང་རྣམ་པར་དབྱེ་བ་ནི་ཕྱོགས་འདིས་རིག་པར་བྱའོ།། དེ་ཅི་ཙམ་དུ་བྱེད་ཀྱང་ཆ་གཞིར་བརྗོད་པར་བྱའོ།། ཆ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་ཇི་སྲིད་ཅུང་ཟད་དཀར་པོ་དང་། འཁོབ་བལ་སྲང་གཅིག་གམ། སྲང་ཕྱེད་ཀྱང་རུང་། ་བསྒྱིངས་སམ། ནག་པོ་འབའ་ཞིག་ལས་སྟན་དུ་བྱས་ན་སྤང་བའོ།། སྦྱོར་བའི་ཚེ་ཉེས་བྱསོ།། གལ་ཏེ་ནག་པོ་འབའ་ཞིག་བྱེད་ན་དེ་ལ་ནི་ཚད་འདི་ངེས་པ་ཡིན་གྱི། དཀར་པོ་དང་འཁོབ་བལ་ལས་བྱེད་ན་ནི་ཚད་ནི་ངེས་པ་ནི་མ་ཡིན་ནོ།། གཞན ་ཕྱིར་ནི་ཐམས་ཅད་གོང་མ་བཞི་ནོ།། ནག་པོ་འབའ་ཞིག་རྙེད་པར་སླ་ལ་གཞན་ནི་རྙེད་པར་དཀའ་ན་ལྟུང་བ་མེད་དོ།། གསུམ་པའོ།། མཉན་ཡོད་ན་སྟེ། དགེ་སློང་མང་བ་ལ་བརྟེན་ཏེ། བྱ་བ་མང་བ་ལས་དཔྲལ་བ་དང་། མི་འདོད་བཞིན་ཡོངསུ་ལོང ་སྤྱོད་པའི་ཉེས་པ་སྤང་བའི་ཕྱིར་བཞི་པ་བཅས་སོ།། མི་འདོད་བཞིན་ཞེས་བྱ་བ་ནི་མི་འདོད་ཀྱིང་ངོ་།། ལོ་གང་ལ་སྟན་བྱས་པ་ནས་གཉིས་པ་ཡང་དེ་ནས་ལོ་ལྔའི་བར་དུ་བྱེད་ན་བརྩམས་སམ། ཟིན་ཡང་རུང་སྟེ། རྩོམ་པའི་ཚེ་ན་ཉེས་བྱས་སོ།། ། ་ཟིན་ན་སྤང་བའོ།། སྔ་མ་ལ་ནི་ལྟུང་བ་མེདདོ།། ལོ་ལྔ་ཚུན་ཆད་དུ་གཉིས་པ་ཞིག་བྱས་ན་སྔ་མ་ཤོས་བྱིན་གྱིས་བརླབས་ན་ཕྱི་མ་ཤོས་གཏང་བར་བྱའོ།། ཕྱི་མ་ཤོས་བྱིན་གྱིས་བརླབས་ན་སྔ་མ་ཤོས་གཏང་བར་བྱའོ།། གཉིས་པ་དེ་བྱེད་པའི་ཚེ་ནི་ཉེ ་བྱས་སོ།། ཟིནྡ་ན་སྤང་བའོ།། སྔ་མ་ལ་ལྟུང་བ་མེད་དོ།། ལོ་གང་གི་ཚེ་སྟན་བྱས་པ་དེའི་ཚེ་གཉིས་པ་བྱས་པ་ལས་མ་ཟིན་ཏེ་བོར་བ་དང་། དེ་བཞིན་དུ་ལྔའི་བར་དུ་ཡང་ཉེས་བྱས་ལྔ་སྟེ། སྔ་མ་ལ་ལྟུང་བ་མེད་དོ།། གཞན་གྱི་ཕྱིར ་བྱེད་པ་ལ་སོགས་པ་སྔ་མ་བཞི་ནོ།། བརྩམས་པ་ལས་བབས་ཏེ། སླར་ཡང་བསྙེན་པར་རྫོགས་པར་བྱེད་དམ། མཚོན་གྱུར་པ་ལས་སླར་ཡང་གྱུར་ཏམ། དེའི་གནས་སྐབསུ་ལས་བྱས་ཏེ། ཟིན་ན་ཉེས་བྱསོ།། ལོ་དྲུག་པའི་ངོ་ལས་བྱེད་པ་དང་། ་ལག་གི་བླ་ལ་དགེ་འདུན་གྱི་གནང་བ་བྱིན་པ་དང་དེ་ཡང་ལན་གསུམ་གྱི་བར་དུ་གསོལ་ན་དད་པས་འགྲོ་བར་མི་བྱའི་དགེ་འདུན་ཐམས་ཅད་དེར་འགྲོ་བར་བྱའོ།། ཡང་ན་བསྟན་ནི་དགེ་འདུན་གྱི་ནང་དུ་བླངས་ལ་གལ་ཏེ་ཤིན་ཏུ་རིང་ངམ། ཞེང ་ཆེ་བ་ཞིག་ཏུ་གྱུར་ན་བཅད་པར་བྱའོ།། གལ་ཏེ་ཤིན་ཏུ་ཞེང་ཆུང་ངམ། ཐུང་ངམ་ཆད་དམ། རྡོལ་ན་བལ་སྦྱིན་པར་བྱའོ།། གལ་ཏེ་ཞིགས་སམ་སླར་འདུས་བྱ་བར་མི་བཟོད་ན་ལྟུང་བ་མེད་དོ།། གསོལ་པ་དང་གཉིས་ཀྱིས་ལས་ཀྱིས་བྱའོ་བཞི་པའོ།། ། ་མཉན་ཡོད་དུ་གནས་བརྟན་རྣམས་ལ་བྱང་ལམ་ནས་ལྷག་པའི་ཚོང་པ་རྣམས་ཀྱིས་གདིང་བའི་ཕྱིར་རོས་ཡུག་ལྔ་བརྒྱ་བྱིན་པ་དང་། གདིང་བ་རྙིང་པ་རྣམས་བོར་བ་བཅོམ་ལྡན་འདས་ཀྱིས་གཟིགས་ནས་མ་གུས་པའི་ཉེས་པ་སྤང་བ་དང་། ་སླར་འདུས་བྱ་བའི་ཕྱིར་ལྔ་པ་བཅསོ།། གདིང་བ་ཞེས་བྱ་བ་ནི་སོ་སོར་གདིང་བའོ།། གདིང་བ་རྙིང་པ་ཀུན་ནས་འཁོར་བར་ཞེས་བྱ་བ་ལ་ནི་གལ་ཏེ་དེ་ལ་གཉིས་པ་ཡོད་ནའོ།། ཀུན་ནས་ཤེས་བྱ་བ་ནི་མཐའ་འཁོར་བར་ཏེ། དེ་ལ་ནི་སྲ་བ་བྱ་བ ་ཡིན་ཏེ། དེ་ཡང་དེ་བཞིན་དུ་དུས་ལ་སྦྱར་བར་བྱའོ།། བདེ་བར་གཤེགས་པའི་མཐོ་གང་ཞེས་བྱ་བ་ནི་མི་ཚད་མའི་ཁྲུ་ཕྱེད་དང་ངོའོ།། གླན་པར་བྱའོ་ཞེས་བྱ་བ་ནི་སྦྱར་བར་བྱའོ།། སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ས་དཱ ་བྱ་བའི་ཕྱིར།། དེ་ལྟར་ན་དེ་སྲ་ཞིང་བརྟན་ལ་ལོངས་སྤྱད་བཟོད་པར་འགྱུར་རོ།། དགེ་སློང་གིས་གལ་ཏེ་རྙིང་པས་ཁ་དོག་ངན་པར་མ་བྱས་སམ། བདེ་བར་གཤེགས་པའི་མཐོ་གང་ལས་ཅི་ཙམ་ཅུང་ཟད་སོར་གཅིག་གམ། སོར་ཕྱེད་ལས་ཆུང་ངུ ་གླན་ནམ་མ་གླན་ཀྱང་རུང་། དེ་ཐམས་ཅད་ལ་ཡང་སྤང་བའི་ལྟུང་བར་འགྱུརརོ།། རྙིང་པ་ལ་རྙིང་པར་འདུ་ཤེས་པ་སྔ་མ་བཞིན་ཏེ། མུ་བཞིར་སྦྱ་རོ།། གདིང་བ་རྙིང་པ་ཅི་ནས་སླར་ཐམས་ཅད་དུ་འདུས་བྱར་མི་བཏུབ་བམ། དེ་ཙམ་ཞིག་ལས་མེད ་དམ། གལ་ཏེ་མེད་ན་ལྟུང་བ་མེད་དོ།། གདིང་བའི་ཀུན་ཏུ་སྤྱད་པ་ནི་གདིང་བ་ལ་ཉི་རིམ་དུ་བྱས་ཏེ། སྔོན་པོ་འམ། བཙག་གམ། ངུར་སྨྲིག་ཏུ་བྱའོ།། ཁྲ་བོ་ཉེ་བར་བཀྲ་བར་མི་བྱའོ།། འོག་ཕྱོགསུ་སུམ་ཆ་གཅིག་ལ་གླེགས་བུའི་འཕྲོ་བྱའོ།། རྣམ ་པ་གཞན་དུན་འགལ་ཚབས་ཅན་དུ་འགྱུ་རོ།། ལྔ་པའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་བལ་ཡུལ་གྱི་ལམ་དུ་ཤིང་རྟའི་སྲོག་ཤིང་ཆག་པའི་བལ་དག་རྙེད་དེ། བལ་ཁུར་ཆེན་པོ་བྱས་ཏེ་ཁྱེར་བས་མཆོད་འོས་རྣམསོ་ཞེས་འཇིག་རྟེན ་པ་རྣམས་མ་དང་པར་གྱུར་པས་ན་དྲུག་པ་བཅསོ།། ལམ་དུ་ཞུགས་པས་ཞེས་བྱ་བ་ནི་དགོན་པའི་ལམ་དུ་ཞུགས་པའོ།། རྙེད་ལ་ཞེས་བྱ་བ་ནི་གཞན་ལས་རྙེད་པའོ།། འདོད་ན་ཞེས་བྱ་བ་ནི་གལ་ཏེ་དགོས་པར་གྱུར་པའོ།། བླང་བར་བྱའོ་ཞེས་བྱ་བ། ་ནི་བླང་བར་བྱ་བའོ།། བཀུར་བར་བྱའོ་ཞེས་བྱ་བ་ནི་བཀུར་བའོ།། ཁྱེར་བ་མེད་ན་ཞེས་བྱ་བ་ནི་རུང་བར་བྱེད་པ་མེད་ནའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོའོ།། དེ་དྲུག་ལ་ཆུ་རྡུལ་ལོ།། དེ་དྲུག་ལ་ལྕགས་རྡུལ་ལོ།། དེ ་དྲུག་ལ་རི་བོང་གི་རྡུ་ལོ།། དེ་དྲུག་ལ་ལུག་གི་རྡུལ་ལོ།། དེ་དྲུག་ལ་བ་ལང་གི་རྡུལ་ལོ།། དེ་དྲུག་ལ་སྐར་ཁུང་གི་ཉེ་ཟེར་གྱི་རྡུལ་ལོ།། དེ་དྲུག་ལ་སྲྀ་མའོ།། དེ་དྲུག་ལ་ཤིག་གོ།། དེ་དྲུག་ལ་ནས་སོ།། དེ་དྲུག་ལ་སོར་གཅིག་གོ། སོར་བཞི་པ་དྲུག་ལ་ཁྲུ་གང་ངོ་།། ་ཁྲུ་བཞི་ལ་གཞུ་གང་ངོ་།། གཞུ་ལྔ་བརྒྱ་ལ་རྒྱང་གྲགས་ཏེ། དེ་ནི་དགོན་པའོ།། དགེ་སློང་ལུག་གི་བལ་ཁྱེར་ནས་ལམ་དུ་ཞུགས་ཤིང་འགྲོ་ན། རྒྱང་གྲགས་རེ་རེས་བར་དུ་ཆོད་པའི་གྲོང་བདུན་ཏེ། གྲོང་བར་ཕྱེད་ཕྱེད་ཅིང་ཉེས་བྱསོ།། གྲོང་རེ་རེ་ཞིང་སྤང ་བོབའི་ལྟུང་བའོ།། གྲོང་ནས་དགོན་པའི་ལམ་དུ་ཞུགས་ན་རྒྱང་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱསོ།། རྒྱང་གྲགས་རེ་རེ་ཞིང་ལྟུང་བའོ།། ན་མཁའ་ལས་སམ། སྤྲུལ་པ་ཞིག་གིས་ཁྱེར་ནས་ཉེས་བྱས་སོ།། ཞྭ་དང་ལྷམ་སྒྲོག་གུ་ཅན་དང་། སྟོང་ཀོར་ནང་ཚང ་ཅན་དང་། ལྕག་པོ་དང་། ཤུར་བུ་ཕྲེའུ་ལ་སོགས་པའི་ཕྱིར་སྦས་ཏེ། ཁྱེར་པ་ལ་ལྟུང་བ་མེད་དོ།། དྲུག་པའོ།། །། མཉན་ཡོད་ན་སྟེ། འཆར་ཀས་སྐྱེ་དགུའི་བདག་མོ།། ཆེན་མོ་གཽ་ཏ་མ་ལ་བྲལ་གྱིས་ལས་བྱེད་དུ་བཅུག་པ་ན་བདུན་པའོ།། ་འཁྲུ་ཞེས་བྱ་བ་ནི་ཐ་ན་ཆུའི་ནང་དུ་ལན་ཅིག་བཅལ་བའོ།། འཚེད་ཅེས་བྱ་བ་ནི་ཐ་ན་ཚོན་གྱི་ནང་དུ་ལན་ཅིག་བཅུག་པའོ།། རྨེ་ལ་ཞེས་བྱ་བ་ནི་ཐ་ན་འདབ་མ་གཅིག་གོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ ་ཉེ་རྒྱུ་མ་ཡིན་པར་འདུ་ཤེས་སུམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། གསུམ་ལས་གང་ཡང་རུང་བྱེད་དུ་བཅུག་ན་སྤང་བར་འགྱུར་ལ། ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ཡང་རུང་སྟེ། བྱེང་དུ་བཅུག་ན་ཉེས་བྱསོ།། ཉེ་དུ་འམ་ཉེ་དུ ་མ་ཡིན་པར་ཡང་རུང་ཉེ་དུ་ཡིན་པར་འདུ་ཤེས་ན་ལྟུང་བ་མེད་དོ།། བཀྲུས་པ་འཁྲུ་བ་འམ། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ། གཞན་གྱི་ཕྱིར་རམ། བདག་དང་གཞན་གྱི་ཡང་རུང་། དགེ་འདུན་གྱི་འམ། སྤང་བ་བྱུང་བའམ། རྔ་མོའི་བལ ་ལམ། རི་དྭགས་ཀྱི་བལ་ལམ། འདྲེས་པ་ཡང་རུང་། ཁྲུར་བཅས་ན་ཉེས་བྱས་སོ།། ལྷག་མ་རྣམས་ནི་ཅི་ལྟར་ཆོས་གོས་རྙིང་པ་འཁྲུར་བཅུག་པའི་བསླབ་པའི་གཞིའི་བཞིན་ནོ།། བདུན་པའོ།། རྒྱལ་པོའི་ཁབ་ན་སྟེ། གྲོང་དཔོན་གཙུག་ན་ནོར་བུ་ཞེས ་བྱ་བས་གསོལ་བ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ས་ལེ་སྦྲམ་དང་། དངུལ་ལེན་ཏེ་གང་དེ་ལ་རུང་བ་དེ་དག་ལ་འདོད་པའི་ཡོན་ཏན་ལྔ་ཡང་རུང་བར་འགྱུར་རོ།། ཤིང་དང་རྩ་དང་ཤིང་རྟའི་ལས་དང་། མི་བླས་ལ་སོགས་པས་དོད་པ་རྣམས་ཀྱིས་ནི ་རྩ་ལ་སོགས་པ་ཉིད་ཡོངསུ་བཙལ་བར་བྱའོ་ཞེས་སྒྲའི། འོད་སྐད་ཅེས་རྣམ་གྲངས་གང་གིས་ཀྱང་ས་ལེ་སྦྲམ་དང་། དངུལ་ལ་སོགས་པ་བདག་གིར་བྱ་བར་ནི་མི་སྨྲའོ་ཞེས་སོ་སོར་བཀག་པ་དང་། མཉན་ཡོད་དུ་དྲུག་སྡེ་རྣམས་ཀྱིས་རང་གི ་ལག་གིས་གཞན་ལེན་དུ་བཅུག་པས་མུ་སྟེགས་ཅན་མི་སྙན་པ་ཟེར་བའི་ཕྱིར་བརྒྱད་པ་བཅས་སོ།། རང་གི་ལག་གིས་ཞེས་བྱ་བ་མི་ལག་པས་ལག་པར་ཏེ། བདག་ཉིད་ཀྱི་ཞེས་བྱ་བའི་ཐ་ཚིག་གོ།། ལེན་པ་ཞེས་བྱ་བ་ནི་ཁྱད་པར་ཡིན་གྱི་འདིར་ལེན་ན ་དུ་བཅུག་པའི་ནི་མ་ཡིན་ནོ།། དེ་ལ་གསེར་རམ་དངུལ་ཞེས་བྱ་བ་ནི་གསེར་དང་དབྱིག་གོ།། གལ་ཏེ་མཚན་མ་བཏབ་ན་དེ་ཡང་དོན་འདིར་ནི་ས་ལེ་སྦྲམ་དང་དངུལ་ཞེས་བྱའོ།། ལེན་ཏམ་ཞེས་བྱ་བ་ནི་བདག་ཉིད་ཀྱིསོ།། ལེན་དུ་བཅུག་ན་ཞེས ་བྱ་བ་ནི་གཞན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གསེར་དང་དངུལ་གཏེར་རམ། ལྟུང་བ་འམ། རྔ་ནས་རྙེད་པ་འམ། སྦྱིན་བདག་ལས་ཐོབ་ཀྱང་རུང་བ་མ་བྱས་པ་རང་གིས་བླངས་སམ། གཞན་ལེན་དུ་བཅུག་ན་སྤང་བའོ།། གཞན་གྱིས་བཞག་པ ་ལས་བདག་གིར་བྱས་ཀྱང་རང་གིས་མ་བླངས་ཀྱིས་བར་དུ་སྤང་བར་མི་འགྱུར་རོ།། ལུས་ཀྱི་ལས་ཏེ་ཕ་རོལ་པོ་ལེན་དུ་བཅུག་ན་ལྟུང་བའི་གཞི་བཅོ་བརྒྱད་དུ་འགྱུར་ཏེ། འདི་ལོང་ཞིག་འདི་ནས་ལོང་ཞིག་འདི་ཙམ་ལོང་ཞིག། འདི་ཁྱེར་ཤོག་འདི་ནི་ཁྱེར ་ཤོག། འདི་ཙམ་ཁྱེར་ཤོག། འདི་ཞོག་ཅིག། འདིར་མ་ཞོག་ཅིག། འདི་ཙམ་ཞོག་ཅིག། འདི་དག་ནི་མངོན་སུམ་དུ་འགྱུར་བའི་དོན་སྒྲས་ཐོག་མར་བྱེད་པའི་གཞི་དགུ་སྟེ། བྱ་བ་རྣམ་པ་གསུམ་ལས་བྱ་བ་རེ་རེ་ལ་ཡང་དངོས་པོ་དང་། སྣོད་དང་ཚད་ཀྱིས་ཕྱེ ་བའོ།། ཡང་མངོན་སུམ་མ་ཡིན་པ་རྣམ་པ་གསུམ་དང་། སྒྲོག་ལ་དེ་ཞེས་བྱ་བའི་སྒྲ་ཐོག་མར་བྱས་ན་དེ་ལས་གཞན་ཡང་དོན་རྣམ་པ་དགུར་འགྱུར་ཏེ། དེ་ལྟར་ན་གཞི་བཅོ་བརྒྱད་དུ་འགྱུར་རོ།། གཞི་བཅོ་བརྒྱད་པོ་དེ་དག་མངོན་སུམ་དུ་འགྱུར་བའི ་ཕྱོགས་ཤིག་ཏུ་སྒོ་ན་ཉེས་བྱསོ།། བླངས་ན་སྤང་བར་འགྱུར།། མངོན་སུམ་དུ་མི་འགྱུར་བར་ཞིག་ན་གཉི་ག་ཡང་ཉེས་བྱས་ཉིད་དུ་འགྱུར་རོ།། དགེ་སློང་གིས་གསེར་རམ། དབྱིག་གམ། དེ་གཉི་ག་འམ། བརྡུངས་པ་འམ། མ་བརྡུངས་པ་ཡང་རུང་། ་གསེར་དང་དབྱིག་དང་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་སྟེ། གསུམ་ལ་རེག་ན་སྤང་བའོ།། ཡུལ་གྱི་ཐ་སྙད་ཅན་ལ་རེག་ན་སྤུང་བའོ།། སྙད་གདག་སུ་མི་རུང་བ་སྟེ། གས་པ་དང་། ཆག་པ་དང་། དུམ་བུ་དང་། ཚིག་པ་དང་། བཅོས་པ་དང་། ཡུལ་གྱི ་སྙསྐད་ཅན་མ་ཡིན་པ་དང་། མཚན་དང་། མི་ལྡན་པ་ཉེ་བར་ལེན་ན་ཉེས་བྱསོ།། ར་གན་ནམ། རྣོ་བའི་ར་གན་ནམ། ཟངས་སམ། རྣོ་ཟངས་སམ། ལྕགས་སམ། རོ་ཉེ་འམ། ཚོན་མོ་སྟེང་ངམ། ཁྲོ་ཆུ་ལ་རེག་ན་ལྟུང་བ་མེད་དོ།། རུང་བའི་དངོས་པོར་མ ་བསྔོས་པར་ངེས་པར་ཁྱིམ་པ་ལེན་དུ་བཅུག་ནའང་སྤང་བའོ།། བདག་གིས་བླངས་སམ། དགེ་སློང་གཞན་ལེན་དུ་བཅུག་ན་ངེས་ཀྱང་རུང་མ་ངེས་ཀྱང་རུང་ཐམས་ཅད་སྤང་བའོ།། གཞན་གྱིས་ཕྱིར་ནི་ལྟུང་བར་འགྱུར་གྱི་སྤང་བ་ནི་མ་ཡིནོ།། གལ ་ཏེ་རིམ་གྲོ་བྱེད་པ་ལ་སོགས་པའི་རྣམ་གྲངས་ཀྱིས་གཞན་གྱི་ཕྱིར་བསྐོས་པ་དེས་བླངས་ན་གཉི་ག་ལ་ཡང་ལྟུང་བ་མེད་དོ།། ཐང་ངམ་ཆུ་ལ་གསེར་དང་དངུལ་ལྷུང་བ་གང་གི་ཡིན་པ་དེ་ཉིད་ཁྱེར་བ་གྲངས་སྐམ་དུ་དེ་ལྟ་བུར་བསམས་ལ་བླང ་བར་བྱའོ།། བདག་པོ་མེད་པའི་གཏེར་བླངས་ན་དཀོན་མཆོག་གསུམ་ལ་དབུལ་བར་བྱའོ།། ཇི་སྟེ་བདག་པོ་ཡོད་པའི་གཏེར་རམ་གཞན་ཅི་ཡང་རུང་བ་ལྟུ་བ་ཞིག་རྙེད་ན་དེ་གཞན་ལ་རྣམ་གྲངས་ཀྱིས་གྲགས་པར་བྱའོ།། གལ་ཏེ་ངན་རྟགས ་ལ་བབ་པར་སྨྲ་ན་སྦྱིན་པར་བྱའོ།། གལ་ཏེ་མེད་ན་དཀོན་མཆོག་གསུམ་གྱི་ཉེ་བར་སྦྱར་བར་བྱའོ།། མ་གུས་པའི་སེམས་ཀྱིས་བླངས་ན་ཉེས་བྱས་སོ།། ས་ལེ་སྦྲམ་དུ་འདུ་ཤེས་སམ་ཡིད་གཉིས་ཟའང་རུང་སྟེ་སྤང་བའོ།། ཁ་ཅིག་ན་རེ་ཡིད ་གཉིས་ཟ་བ་ལ་ཉེས་བྱསོ་ཞེའོ།། ས་ལེ་སྦྲམ་མ་ཡིན་པ་ལས་ལེ་སྦྲམ་དུ་འདུ་ཤེས་ན་ལྟུང་བྱེད་དུ་འགྱུར་གྱི་སྤང་བར་ནི་མ་ཡི་ནོ། ཡིད་གཉིས་ཟ་ན་ཉེས་བྱས།། ས་ལེ་སྦྲམ་དགས་ལེ་སྦྲམ་མ་ཡིན་ཡང་ས་ལེ་སྦྲམ་མ་ཡིན་པར་འདུ་ཤེས ་ན་ལྟུང་བ་མེད་དོ།། བདག་གི་ལ་ནི་ལྟུང་བ་འདིར་འགྱུར་གྱི། གཞན་གྱི་ལ་ནི་མ་ཡིན་ནོ།། བདག་དང་གཞན་གྱི་ལ་ཡང་མ་ཡིན་ཏེ། དེ་ལ་ལྟུང་བར་འགྱུར། སྤང་བར་མ་ཡིནོ།། རྣམ་གྲངས་ཀྱིས་རྣམ་གྲངསུ་གྱུར་པ་དང་། གང་བདག་གི་གཞན་གྱི ་ཕྲོགས་པ་ལས་སླར་ཕྲོགས་པ་དང་། བྱིན་གྱིས་བརླབས་པར་བརྟགས་པ་སྟེ། གལ་ཏེ་བསྙེན་པར་མ་རྫོགས་པ་གཞན་གྱིས་བརླབས་པ་དང་། རྟག་ཏུ་སྦྱོར་བའི་ཡོ་བྱད་དུ་ཉེ་བར་སྦྱར་བར་བཞག་པ་ལ་བརྟགས་པ་དང་། གལ་ཏེ་གླེགས ་བབམ་ལ་སོགས་པར་སྦྱར་བར་གྱུར་པ་དང་། ལྕི་བ་ཡང་ཡང་ལྟར་རུང་བར་བྱས་པ་ཡང་རུང་སྟེ། ལྟུང་བ་མེད་དོ།། རུང་བར་བྱ་བ་འདི་ནི་ཀུན་ཏུ་ཁྱབ་པ་ཡིན་ཏོ།། གང་དུ་མ་བརྗོད་པར་དེར་ཡང་རིག་པར་བྱའོ།། ཐབས་མེད་པ་ན་རུང་བར་བྱ་བ་ཡིན། ་ཏེ། གལ་ཏེ་རིངས་པ་ཞིག་ཡིན་ན། གཞན་ཁྱེར་དུ་བཅུག་པ་མེད་ན་ལྟུང་བ་མེད་དོ།། ཅི་སྐད་དུ་དགེ་འདུན་གྱི་འམ། མཆོད་རྟེན་གྱི་ཡང་རུང་སྟེ། གསེར་དང་། དབྱིག་ཆོམ་རྐུན་གྱི་འཇིགས་པའི་རྐྱེན་གྱིས་བསྙེན་པར་རྫོགས་པ་མེད་ན་བདག ་ཀྱིས་ཁུང་བརྐོས་ལ་སྦས་ཏེ་འགྲོ་བར་བྱའོ།། ཕྱིར་འོངས་ནས་སྔར་བཞིན་དུ་སླར་དབྱུང་བར་བྱའོ།། ཕོངས་པ་རྗེསུ་གནང་བ་གཞན་དུ་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། ཞེས་གསུངསོ།། ལྟུང་བ་མེད་པ་ནི་སྦྱིན་བདག་གིས་རུང་བ་སྟེ། ་ཅི་ལྟར་དབྱར་གནས་པ་འདི་དགེ་སློང་གི་དགེ་འདུན་རྣམས་ལ་ཆོས་གོས་ལ་སོགས་པའི་རིན་སྦྱིན་ན་དེ་བླང་བར་བྱའོ།། བླངས་ནས་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ།། གཞན་ཡང་དགེ་སློང་གི་ཀུན་དགའ་ར་བ་འམ། དགེ་བསྙེན ་ཡང་རུང་ཐམས་ཅད་སྤྲོ་བར་བྱའོ།། དེ་ལ་བརྟེན་ནས་མི་རུང་བ་ཐམས་ཅད་ཀྱང་བླང་བར་བྱའོ།། དགེ་སློང་གི་འདིར་དེ་རིང་དུ་སོང་ཡང་མི་རུང་བ་གང་ཅི་སྙེད་ཀྱང་དེ་ལ་ཡིད་བརྟན་ཏེ། དེ་ཇི་སྲིད་འཚོའི་བར་དུ་བླང་ཞིང་བཅང་བར་བྱའོ།། གལ་ཏེ་སྤྲོར ་མི་བཏུབ་ན་ས་ལེ་སྦྲམ་དང་དངུལ་བླང་བ་ཉིད་ཀྱིས་དགེ་སློང་གི་མདུན་དུ་འདུག་སྟེ། བརྗོད་པར་བྱའོ།། ཚེ་དང་ལྡན་པ་དགོངསུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། དངོས་པོ་རུང་བ་མ་ལགས ་པ་འདིས་བདག་གིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ།། ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུའོ།། ས་ལེ་སྦྲམ་རྙེད་ལ་གལ་ཏེ་དགོས་པར་གྱུར་ན་བཞག་པའི་རུང་བར་བྱའོ།། དེ་ཡང་རྣམ་པ་གཉིས་ཀྱི་ཕྱིར་ཡོངསུ་དག་པ་མ་ཡིན ་ཏེཏེ། གང་ཟག་མ་བརྟགས་པ་བཞག་པ་དང་། མི་རུང་བའི་དངོས་པོ་ལ་སེམས་ཆགས་པའོ།། དང་པོ་ལ་ནི་ཉེས་བྱསོ།། གཉིས་པ་ལ་ནི་སྤང་བའོ།། གལ་ཏེ་ས་ལེ་སྦྲམ་དེ་ཉིད་ལ་སེམས་ཆགས་པར་གྱུར་ཏམ། གཞན་དུ་ན་རུང་བ་མ་ཡིན་ཏེ། རུང ་བའི་དངོས་པོ་འགའ་ཞིག་ཏུ་མ་ངེས་ན་འོན་ཀྱང་རུང་བའི་དངོས་པོར་ངེས་པར་བྱའོ།། ཇི་སྐད་དུ་སེ་ལེ་སྦྲམ་དང་། དངུལ་ཅི་ལྟ་བུར་རུང་བར་བྱ་ཞེ་ན། མི་རུང་བའི་དངོས་པོ་འདིས་གང་ཡང་རུང་བ་རྙེད་པར་འགྱུར་བ་དེ་དག་གིར་བྱ་སྟེ། མིང་འདི་ཞེས་བྱ ་བའི་ཡི་ནོ།། ཞེས་གསུངས་པ་ལྟ་བུའོ།། དགེ་སློང་གི་དགེ་འདུན་ལ་སྨན་རྣམས་བསྟབས་ཏེ། སྦྱིན་པ་པོ་ཀཪྴ་པ་ཎ་ཚོང་དུ་སུ་བཞག་པ་དང་། དེས་ཚོང་པ་དེ་ཉིད་ལ་ཡིད་བརྟན་ཏེ། གང་འདོད་པ་དེ་སྦྱར་བ་ལ་ལོངས་སྤྱད་པར ་བྱའོ།། ལམ་དུ་ཞུགས་པ་ལས་དབྱིག་ལ་སོགས་པ་ལས་རྒྱགས་རྙེད་པ་བླང་བར་བྱའོ།། རུང་བར་བྱེད་པས་ཁྱེར་བར་བྱའོ།། དེ་མེད་ན་དགེ་ཚུལ་གྱི་སོ།། དེ་ལ་ས་ལེ་སྦྲམ་བདག་གིར་བྱེད་པ་སྤང་གི། ལེན་པ་ནི་མ་ཡིན་ནོ་བརྒྱད་པའོ།། ། ་མཉན་ཡོད་ན་སྟེ། ཉེ་དགས་གཅེར་བུ་པ་ལ་ལ་བ་བཟང་པོ་བླངས་པ་དང་། དྲུག་སྡེ་དག་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་སྒྲུབ་པས་དགུ་པ་བཅསོ།། རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བར་བྱེད་པ་ལ་སོགས་པ་རྣམ ་པ་སྣ་ཚོགསོ།། མངོན་མཚན་ཅན་གྱི་སྤྱོད་པ་ཞེས་བྱ་བ་ནི་སྒྱུར་བར་བྱེད་པ་སྟེ། མངོན་མཚན་གྱི་སྤྱོད་པས་ཡོངསུ་སྒྱུར་བར་བྱེད་པའོ།། བྱེད་ཅེས་བྱ་བ་ནི་ལྷག་སྒྲུབ་པའོ།། མགྲོན་བུ་འམ། བ་ན་འམ། དི་ན་ར་འམ། རས་བལ་ལམ། སྐུད་པ་འམ། འབྲས ་སམ། དངོས་པོ་ཅི་དང་ཅིས་ཀྱང་རུང་། རྙེད་པ་ཀུན་ཏུ་སྦྱོར་བར་བྱེད་པ་འདི་ནི་མངོན་མཚན་ཅན་གྱི་སྤྱོད་པ་བྱེད་པ་ཡིན་ནོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་གིས་རྙེད་པའི་ཕྱིར་ཡུལ་གྱི་ཐ་སྙད་གདག་སུ་རུང་བ་ཀུན་ཏུ་སྦྱོར་བའོ།། ཤིང ་རྟ་ལ་སོགས་པ་ཚོལ་བ་དང་དབྱིག་དང་གསེར་སྦྱོར་བ་དང་། དབང་པོ་ལ་སོགས་པ་ཚོལ་བ་དང་། ནས་སམ་འབྲས་སྐྱེད་དུ་གཏོང་བ་སྟེ། བྲེ་དང་བྲེའུ་ཆུང་ལ་སོགས་པ་ཚོལ་བ་དང་། དུང་གི་ཚོགས་ཀྱི་ཕྱིར་ནོར་བུའི་ཚོགས་གཏོང་བར་བྱེད་པ་དང་། ་ནོར་བུའི་ཚོགས་ཀྱི་ཕྱིར་མུ་ཏིག་གི་ཚོགས་གཏོང་བར་བྱེད་ཅིང་དབང་པོ་ལ་སོགས་པ་ཚོལ་བ་དང་། དབྱིག་དང་། གསེར་མ་བརྡུངས་པས་བརྡུངས་པ་དང་། བརྡུངས་པས་མ་བརྡུངས་པ་གཏོང་བར་བྱེད་པ་དང་། བརྡུངས་པས་མ་བརྡུངས་པ་དང་། མ་བརྡུང ་བས་བརྡུངས་པ་ལེན་ན་སྟེ། ཇི་སྐད་རྙེད་པ་བདག་གིར་མི་བྱེད་ཀྱི་བར་དུ་ཉེས་བྱའོ།། རྙེད་ན་སྤང་བའོ།། དགེ་སློང་སྐྱེད་ཀྱི་ཕྱིར་དབྱིག་ལ་སོགས་པ་གཏོང་བར་བྱེད་ན་ཇི་སྲིད་སྐྱེད་དམ་རྩ་བ་མ་རྙེད་ཀྱི་བར་དུ་ནི་ཉེས་བྱས་སོ།། རྙེད་ན་གཉི་ག་ཡང་སྤང་བའོ།། ། ་དེ་མ་རྟོགས་ཀྱང་རྙེད་པ་སྤང་བའོ།། གལ་ཏེ་དངོས་པོ་ཕྱིར་བྱིན་ནས་སྐྱེད་ཕྱིས་སྦྱིན་ཞེས་ཁས་ལེན་པ་ལ་དེར་མི་འགྱུར་རོ།། དགེ་སློང་གི་ཕྱིར་མིང་གིས་གཞན་སྤེལ་བར་བྱེད་ལ། དེ་ཉིད་བཏང་སྙོམས་བྱེད་ཅིང་། དེ་ཡང་འདོད་ལ་རྙེད་པ་དེ་ཡང་བདག་གིར་བྱེད ་ན་སྤང་བའོ།། ང་ལ་ཕན་པར་འགྱུར་གྲང་སྙམས་ཏེ་སྦྱིན་པོར་བྱིན་པ་དང་། གཞན་དུ་སྤེལ་བ་དང་། གཞན་དུ་སྤེལ་བ་ལས་གཞན་དུ་སྤེལ་བ་དང་། གཞན་གྱི་ཡང་རུང་སྟེ། ལྟུང་བའི་དངོས་གཞིར་ནི་མི་འགྱུར་རོ།། མངོན་མཚན་ཅན་གྱི་སྤྱོད་པ་ལ་དེར་འདུ་ཤེས ་སམ་ཡིད་གཉིས་ཟ་ཡང་རུང་སྤང་བའོ།། ཁ་ཅིག་ན་རེ་ཡིད་གཉིས་ཟ་བ་ལ་ཉེས་བྱས་ཞེའོ།། དེར་འདུ་ཤེས་མེད་ན་ལྟུང་བ་མེདདོ།། མངོན་མཚན་ཅན་གྱི་སྤྱོད་པ་མ་ཡིན་པ་ལ་མངོན་མཚན་གྱི་སྤྱོད་པར་འདུ་ཤེས་ན་ལྟུང་བྱེད་དུ་འགྱུར་གྱི་སྤང་བར་ནི་མ ་ཡིནོ།། དེར་འདུ་ཤེས་ན་ལྟུང་བ་མེདོ།། སྔོན་མ་སྤྱད་པ་འམ་མི་མ་ཡིན་པ་འམ་དུད་འགྲོར་གྱུར་པ་འམ། ཉེ་དུ་འམ། སྨྱོས་པ་ལ་སོགས་པ་འམ། སྔོན་ལྟུང་བ་བྱུང་བ་འམ། གཡོ་བྱེད་པ་ལ་ཡང་རུང་། དེ་དག་དང་ལྷན་ཅིག་བྱེད་དམ། མཚན་གཞན་པ་ལས་བ ་ཏེ། མཚན་གཞན་དུ་གྱུར་པ་ན་གྲུབ་ན་ཉེས་བྱསོ།། ཉོ་ཞིང་ཚོང་བ་ལ་ཡང་དེ་སྐད་བརྗོད་པར་བྱ་སྟེ། ཡང་ནི་མི་སྟོན་ཏོ།། དཀོན་མཆོག་གསུམ་ལ་སྦྱིན་བདག་གིས་མི་ཟད་པར་བྱ་བའི་ཕྱིར་བྱིན་པ་དེའི་ཚིག་གིས་སྤེལ་ཡང་ལྟུང་བ ་མེད་དོ།། དེ་ཡང་དེའི་གཏའ་ཉི་རི་གྲང་བར་བྱའོ།། དབང་རྒྱ་བྲི་བར་བྱའོ།། དེ་ལ་ལོ་ཚིགས་ཀྱི་རིམ་པ་དང་། ཉི་མ་དང་། དགེ་འདུན་གྱི་གནས་བརྟན་དང་། དགེ་སློང་གི་མིང་ཡང་བྲིའོ།། དགེ་བསྙེན་ལ་ཡང་དེ་བཞིན་དུ་བྱའོ།། གལ་ཏེ་ཁྱིམ་པའི་ལག ་ཏུ་འདི་ཁྱོད་ལ་བཏམ་སོ་ཞེས་བྱས་པ་ལས་དེ་ཡང་དེའི་ཕྱིར་རང་ཉམ་སྤེལ་བ་ལ་ལྟུང་བ་མེདདོ།། གལ་ཏེ་སྤེལ་བ་ལས་ཕྱིར་འགྱོད་པར་གྱུར་ན་རྙེད་ཅིང་རྙེད་པ་ནི་མི་བླང་གི་རྩ་བ་ནི་མ་ཡིན་ནོ།། འགའ་ཞིག་གི་ཕྱིར་བླངས་ཏེ་ཐོབ་པ་དེ་དགེ་སློང ་ངམ་ཁྱིམ་པ་བཙུགས་པའི་ལག་ཏུ་སྦྱིན་པར་ནི་མ་ཡིན་གྱི། རུང་བར་བྱ་བའི་ཕྱིར་སྦྱང་བར་བྱའོ།། གལ་ཏེ་ཡིད་བཙུགས་པར་གྱུར་ན་གང་ལས་བླངས་པ་དེ་ཉིད་ལ་སྤང་བར་བྱའོ།། བརྗེད་དེ་མ་བྱིན་ན་བསྐུལ་བར་བྱའོ།། གང་གིས་ཀྱང་རྙེད་པ་ཉིད ་ནི་མི་བླ་།། གལ་ཏེ་བླངས་ན་རྩ་བ་ཉིད་ཀྱང་བཙུགས་པ་ལ་སྤང་བར་བྱའོ་དགུ་པའོ།། །། འདུལ་བ་བསྡུས་པ། བམ་པོ་དྲུག་པའོ།། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ཉོ་ཚོང་བྱེད་པས་ན་བཅུ་པ་བཅསོ།། རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི ་རྣམ་པ་དུ་མ་སྟེ། འདི་ལྟ་སྟེ། ཡུལ་གང་ན་རིན་ཆུང་བ་ལས་ཁྱེར་ཏེ་འོང་པ་ལས། གནས་རིན་ཐང་ཆུང་ངུ་ནས་འབྱིན་པར་བྱེད། ལོ་ལེགས་པ་ན་ཉོ་ལ། ལོ་ཉེས་པ་ན་འཚོངོ་།། ཉོ་ཚོང་ཞེས་བྱ་བ་ཅི་ཞེ་ན། རས་བལ་དང་སྐུད་པ་དང་། གོས་དང་མར་དང་། ་འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་ལ་སོགས་པའི་ཁུ་བ་ལ་སོགས་པའི་ཁུ་བ་རྣམས་དང་། འབྲས་དང་། ལྕགས་དང་དངུལ་དང་། གསེར་དང་། ནོར་བུ་དང་། རིན་པོ་ཆེ་ལ་སོགས་པའོ།། མཚོན་དང་། དུག་དང་ཆང་དང་། སེམས་ཅན་དང་། རྒྱ ་སྐྱེགས་ལ་སོགས་པ་རྣམས་འཚོད་ན་ཁ་ན་མ་ཐོ་བ་བཅས་པ་ཆེན་པོར་འགྱུར་བ་སྟེ། དེའི་དངོས་པོ་ནི་གཏན་དུ་སྤང་བར་བྱའི། རུང་བར་བྱ་བའི་ཕྱིར་ནི་མ་ཡིནོ།། བྱེད་ན་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའོ།། གང་རྙེད་པའི་ཕྱིར་ཉོ་ཞིང་ཚོང་ན་དེ་ཉོ་བའི ་ཚོཚེ་ཉེས་བྱས་སོ།། འཚོང་བ་ན་སྤང་བའོ།། དེ་རྙེད་པའི་ཕྱིར་ཉོས་ལ་རྙེད་པ་མེད་པར་ཉོས་ལ་རྙེད་པའི་ཕྱིར་འཚེང་ན། ཉོ་བ་ལ་ལྟུང་བ་མེ་དེ། བཙོངས་ན་སྤང་བའོ།། རྙེད་པའི་ཕྱིར་མ་ཡིན་ན། གཉི་ག་བྱས་ཀྱང་ལྟུང་བ་མེད་དོ།། རྣམ་པ་གཞན་དུ་ན་ཉོ ་བར་སྦྱོར་བ་དང་། འཚོང་བར་སྦྱོར་བ་ཡང་ཉེས་བྱས་ཏེ་དེ་ཉོ་བའི་དུས་ཉིད་ན་ལྟུང་བའི་མཐར་འགྱུར་རོ།། དངོས་པོ་དེ་ཡང་སྤང་བར་བྱ་བ་ཡིན་ཏེ། ལྟུང་བྱེད་ཀྱི་ལྟུང་བའོ།། བཙོངས་ན་རྙེད་པ་དང་དངོས་པོ་གཉི་ག་སྤང་བར་བྱ་སྟེ། ལྟུང་བྱེད་ནི་དེ་ཉིད ་དེ་ཉོས་པ་ལས་ལྷག་པ་ནི་མེདོ།། ཉོ་ཚོང་མ་ཡིན་པར་འདུ་ཤེས་ན་ཉེས་བྱསོ།། ཉོ་ཚོང་མ་ཡིན་པ་ལ་ཉོ་ཚོང་དུ་འདུ་ཤེས་ན་ལྟུང་བར་འགྱུར་གྱི་སྣང་བ་ནི་མ་ཡིན་ནོ།། འདི་ལྟ་སྟེ། བདག་གི་ཡིན་ལ་གཞན་གྱིར་འདུ་ཤེས་ཤིང་ཚོང་བའོ།། ཉོ་ཚང ་ཉོ་ཚོང་དུ་ཤེས་ན་སྤང་བའི་ལྟུང་བྱེའོ།། ཉོ་ཚོང་མ་ཡིན་པ་ལ་ཉོ་ཚོང་མ་ཡིན་པར་འདུ་ཤེས་པ་ལ་ལྟུང་བ་མེད་དོ།། གལ་ཏེ་དེའི་མིང་ནས་སྨོས་ཤིང་དེ་འདི་སྐད་ཟེརོ་ཞེས་ཏེ། ཉོ་ཚོང་ནི་གཞན་བྱེད་ལ་དེ་ཡང་དེ་ལ་འདོད་པས་བཏང་སྙོམ་སུ་བྱས ་ནས་སྦྱོར་བར་མི་བྱེད་ཀྱང་ལྟུང་བའོ།། ཉོ་བ་འམ་འཚོང་བ་ཡང་རུང་གལ་ཏེ་པྲེ་དང་། སྲང་ཡང་རུང་གཞལ་བ་ལ་གཡོ་བྱེད་ན་རིན་ཐང་བརྩི་བར་བྱའོ།། གལ་ཏེ་ཚང་ན་ཕམ་པར་འགྱུར་བའོ།། མ་ཚང་ན་སྦོམ་པོའོ།། དེ་བཞིན་དུ་བརྫུན་དུ ་སྨྲ་བས་བརྐུས་ན་བརྫུན་དུ་སྨྲ་བའི་ལྟུང་བ་ལྷག་པར་ཡང་འགྱུར་ཏེ། རྙེད་པའི་དངོས་པོའི་རིན་ཐང་ཚང་ན་ཕམ་པར་འགྱུར་བའོ།། མ་ཐོབ་ན་ཡང་བརྫུན་དུ་སྨྲས་པ་དང་། གཡོ་བྱས་པས་སྦྱོར་བ་སྦོམ་པོའོ།། ལྷག་མ་ནི་སྔ་མ་བཞིན་ནོ།། གལ་ཏེ་རྙེད ་པའི་ཕྱིར་མ་ཡིན་པར་ཉོས་ཏེ་རིན་ཐང་ཆེར་བཙོངས་ལ། རིན་དེས་རིན་གྱི་དགོས་པ་རྣམས་སྦྱར་གྱི། རྙེད་པའི་ཕྱིར་མ་ཡིན་ན་ལྟུང་བ་མེད།། ཡུལ་གཞན་དུ་སྦྱོར་ཞིང་སྔོན་གྱི་ཆགས་པ་གཞལ་ལོ་སྙམ་པ་ལ་ཉེས་པ་མེདདོ།། དགེ་སློང་གིས་རྙེད་པའི ་ཕྱིར་མ་ཡིན་ཡང་གོས་ལ་སོགས་པའི་རིན་ཐང་བཅད་པར་མི་བྱའོ།། ཁྱིམ་པའི་ཐ་སྙད་ཀྱི་ནང་དུ་ལག་གཞུག་པར་མི་བྱའོ།། གལ་ཏེ་བདག་གི་ཕྱིར་ཉོ་བ་ཞིག་ཡིན་ན། ཁྱིམ་པ་དང་པ་ཅན་ནམ། དགེ་ཚུལ་ལས་ཉོ་བར་བྱའོ།། དེ་ལྟ་བུ་ཡང་མེད་ན།། ་ལན་གཉིས་ལན་གསུམ་དུ་ཚིག་ངེས་པར་སྨྲ་བར་བྱའོ།། རང་ཉོ་ཞིང་ཚོང་ལ་རིན་ཐང་ཚེ་ཆུང་ངུ་གཅོད་ན་ཉེས་བྱསོ།། དགེ་འདུན་གྱི་ནི་བསྐྱེད་པར་བྱས་ཏེ། ཐོག་མར་དགེ་འདུན་གྱི་གནས་བརྟན་གྱིས་བསྐྱེད་པར་བྱའི། དེ་ལ་དབབ་པར་ནི་མི་བྱའོ།། ་གཞན་དག་གིས་བསྐྱེད་པ་ལ་ནི་དབབ་མོད་ཀྱི། འོན་ཀྱང་ཉོ་བར་མི་འདོད་པ་ལ་བསྐྱེད་ན་ཉེས་བྱསོ།། བསྐྱེད་པའི་དངོས་པོ་རིན་མ་བྱིན་པར་སྤྱད་ན་ཉེས་བྱསོ།། སྦྱིན་བདག་གི་བུ་དང་ཆུང་མ་ཕུལ་ན་ཅི་ལྟར་བྱ་བའི་རིགས་ཤེས་དེ་ཉིད་ལ་དྲི་བར ་བྱའོ།། གལ་ཏེ་སྐྱེད་ཅིག་དང་རིན་ཐང་བདག་གིས་དབུ་ལོ་ཞེས་ཟེར་ན། བསྐྱེད་པར་བྱའོ།། དེ་ལ་དགེ་སློང་གིས་བསྐྱེད་ན་ཉེས་བྱསོ།། དགེ་འདུན་གྱིས་ཀྱང་རིན་ཐང་བཞིན་དུ་བདའ་བར་མི་བྱ་མོད་ཀྱི། འོན་ཀྱང་དེ་དགའ་ནས་ཅི་བྱིན་པ་དེ་བླང་བར་བྱའོ།། མ ་ལ་སོགས་པས་བུ་དང་། བུ་མོ་བྱིན་ན་བླ་།། སླར་སློང་ན་སྦྱིན་པར་བྱའོ།། གལ་ཏེ་གོང་པ་རྣམས་ཀྱི་རིན་དབུལ་ན་ཡང་བླང་བར་བྱའོ།། གོང་པ་བཞིན་དུ་བླང་བར་མི་བྱ་མོད་ཀྱི། འོན་ཀྱང་དགའ་ནས་ཅི་བྱིན་པ་དེ་བླང་བར་བྱའོ།། བྱིས་པ་དེ་ཡང ་དགེ་སློང་གི་ཆོས་གོས་ཀྱི་ཚལ་བུས་རྐེང་པ་དང་མགུལ་བར་བཅིངས་ལ་བསྐྱང་བར་བྱའོ།། དེ་དག་ཆེར་གྱུར་ཏེ་བྱས་པ་ཤེས་པའི་ཕྱིར་འབུལ་ན་ཉེ་གནས་ལྟ་བུ་ཡིན་པས་ན་བླང་བར་བྱའོ།། བཅུ་པའོ་གདིང་བའི་ཚོགས་རྫོགསོ།། །། ་ལྷུང་བཟེད་ཀྱི་གཞི་ལས་བརྩམས་ནས་ལྟུང་བ་གཉིས་པ་ཏེ། འགལ་ཚབས་ཅན་དུ་འགྱུར་བ་ལ་སོགས་པའི་ཉོན་མོངས་པ་གསུམ་ཡོངསུ་སྤངས་པའི་ཕྱིར་རིག་པར་བྱ་སྟེ། དེ་ལ་མཉན་ཡོད་དུ་ཉེ་དགས་འདུན་པ་དྲུག་ཅུ་ལ་སོ་སོར་ཀཪྵ་པ་ཎ་དྲུག ་ཅུ་དྲུག་ཅུ་ཕབ་པ་དང་། དྲུག་སྡེ་རྣམས་ཀྱང་ལྷུང་བཟེད་ཐོབ་ཅིང་རྙེད་པ་རྣམས་བསགས། བདག་ཉིད་ཀྱང་མི་སྤྱོད་གཞན་ལ་ཡང་མི་སྟེར་ཏེ། རྩོག་པའི་ཉོན་མོངས་པ་སྤང་བའི་ཕྱིར་ལྷུང་བཟེད་ཀྱི་སྤང་བ་དང་པོ་བཅས་སོ།། ལྷུང་བཟེད་ལྷག་པ་ཞེས ་བྱ་བ་ནི་བྱིན་གྱིས་བརླབས་པ་ཡོད་བཞིན་དུ་བྱིན་གྱིས་བརླབས་པ་གཅིག་ལས་ལྷག་པའོ།། མེད་ན་ཡང་བྱིན་གྱིས་མ་བརླབས་སམ་རུང་བར་མ་བྱས་པ་གང་ཡིན་པ་དེ་ནི་དེར་མ་གཏོགས་པའི་ཕྱིར་ལྷག་པ་ཞེས་བྱའོ།། ལྷུང་བཟེད་རྣམ་པ་གཉིས ་ཏེ། ལྕགས་ལས་བྱུང་བ་དང་། ས་ལས་བྱུང་བ་དག་ཀྱང་།། རྡོ་ལས་བྱུང་བ་ནི་ས་ལས་བྱུང་བའི་ནང་དུ་བསྡུའོ།། མ་བསྡུས་ཏེ་རྣམ་པ་གཞན་དུ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱི་མི་རུང་བ་འཆང་། ཡང་ལྷུང་བཟེད་རྣམ་པ་བཞི ་སྟེ། གསེར་དང་དངུལ་དང་། བཻ་ཌཱུརྱའི་དང་། ཤེལ་གྱིའོ།། དེ་རྣམས་མ་བླངས་པ་ནི་བླང་བར་མི་བྱ། བླངས་པ་ནི་སྤང་བར་བྱའོ།། ཡང་རྣམ་པ་བཞི་སྟེ། ར་གན་དང་། ཟངས་དང་། མཁར་བ་དང་། ཤིང་གིའོ།། དེ་དག་མ་བླངས་པ་ནི་བླང་བར་བྱའོ།། ་བླངས་པ་ནི་སྨན་ཕོར་དུ་བྱས་ལ་ལོང་སྤྱད་པར་བྱའོ།། གཞན་ཡང་ལྷུང་བཟེད་ལ་རྣམ་པ་ཉི་ཤུ་རྩ་གཅིག་ཏེ། མངོན་པར་སར་པ་དང་རྙིང་པ་དང་། རྡོལ་བ་དང་བཅས་པ་དང་། མ་རྡོལ་བ་དང་། མ་གླན་པ་དང་། ཕྱེད་གླན་པ་དང་། མང་དུ་གླན་པ ་དང་། དྲི་མ་མི་ཆགས་པ་དང་། ཆུང་བ་དང་། རན་པ་དང་། ཆེ་བའོ།། ཆུང་བ་དང་། ཆེ་བ་ནི་བྱིན་གྱིས་བརླབ་པར་མི་བྱའོ།། དགེ་འདུན་གྱིས་བགོས་པ་དང་། དགེ་འདུན་གྱི་ནང་ནས་ཉོས་པ་དང་། རང་གི་རིན་གྱིས་ཉོས་པ་དང་། སྔར་བླངས་པ ་སྟེ། གང་ཁྱིམ་པ་ཉིད་ཀྱི་ཚེ་རབ་ཏུ་བྱུང་བའི་ཕྱིར་ཉེ་བར་བཞག་པའོ།། སྦྱིན་བདག་ལས་རྙེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་ལས་ཐོབ་པ་དང་། ལྟུང་བ་སྦེད་པ་སྟེ། དེ་ཡང་སྟན་ལ་གལ་ཏེ་བདག་པོར་ཉེ་བར་མ་རྙེད་ན། ཕྱག་དར་ཁྲོད ་བྱིན་གྱིས་བརླབ་པར་བྱའོ།། རྣམ་པ་གཞན་དུ་ནི་མ་ཡིན་ནོ།། ཆོམ་རྐུན་པས་བརྐུས་པ་དེ་མི་བླང་ངོ་།། གལ་ཏེ་ཕ་རོལ་པོ་ཕམ་པར་གྲགས་པར་གྱུར་ན་ཕ་རོལ་གྱི་སྡེ་ལས་རྙེད་པ་བླང་བར་བྱའོ།། བཅད་པར་བྱའོ་ཞེས་བྱ་བ་ནི་བདག་གིར་བྱ་བའོ།། ་དེ་ལ་ལྟུང་བའི་རྣམ་པར་དབྱེ་བ་ནི་ཡང་འདིར་ནི་ཅི་ལྟར་གོས་ཀྱི་དང་པོའི་བསླབ་པའི་གཞི་ལ་རུང་བར་མ་བྱས་པ་བྱའོ་ཞེས་བྱ་བ་འདི་ཉི་ཚེ་ནི་བརྗོད་པར་མི་བྱའོ།། དེ་འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། ལྷུང་བཟེད་ལག་པ་གཡོན་པའི་སྟེང ་དུ་བཞག་ལ། ལག་པ་གཡས་པས་སྟེང་ནས་བཀབ་སྟེ། འདི་སྐད་བརྗོད་པར་བྱའོ།། མིང་འདི་ཞེས་བྱ་བ་དགོངསུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲོང་སྲོང་གི་སྣོད་འདི་བླང་བའི་སྣོད་དུ་བྱིན་གྱི ་བརླབ་པོ་ཞེས་དེ་བཞིན་དུ་ལན་གསུམ་དུ་བརྗོད་པར་བྱའོ།། ཆེ་བ་འམ་ཆུང་བ་ལ་ནི་ལྟུང་བ་མེད་དོ།། ལྷུང་བཟེད་ཀྱི་ཚད་ནི་ཆད་ན་ལྷུང་བཟེད་བཀང་བའི་གཞི་ལས་བརྗོད་པར་བྱའོ།། དགེ་སློང་གི་ལྷུང་བཟེད་གང་ཆུང་བ་དེ་ནི་དགེ་སློང་མའི་ཐམས ་ཅད་ཀྱི་ནང་ན་ཆེ་བའོ།། རབ་ཏུ་བྱུང་བའི་ཕྱིར་དང་། ལྷུང་བཟེད་སྐྱ་བོ་འཆང་བའི་ལྟུང་བ་མེའོ།། ཞུས་པ་ལས་གསུངས་པ། ལྷུང་བཟེང་སོ་མ་བཏང་བ་དང་། དཀར་པོ་ལྷག་པར་འཆང་ན་ཉེས་བྱསོ།། དེ་ནི་དངོས་གཞི་ལས་བརྩམས་ཏེ། ལྟུང་བ ་མེད་དོ་ཞེས་གསུངས་པར་རིག་པར་བྱའོ།། ཕོ་ཉས་ཁྱེར་དེ་འོངས་པ་ཇི་སྲིད་འཚོའི་བར་དུ་བཅང་བ་འམ། ཕོ་ཉ་བཏང་པ་ལས་དེའི་ཕོ་ཉ་ཡང་རིང་ཞིག་ལོན་ཏེ། ཁྱེར་ཏེ་འོངས་ན་ཡང་ལྟུང་བ་མེད་དོ།། མི་གང་ཉོན་མོངས་པ་ཅུང་ཞིག་ལོངས་སྤྱོང ་པར་བཟོད་དམ་ཞེས་བརྟག་པའི་ཕྱིར་ཞག་བཅུ་ཚུན་ཆད་དུ་བཞག་པ་ལ་ལྟུང་བ་མེད་དོ།། གང་མངོན་པར་འདོད་པ་དེ་ནི་བྱིན་གྱིས་བརླབ་པར་བྱའོ།། གཉིས་པ་ནི་བརྟག་པའི་ཕྱིར་བཅང་བར་བྱའོ།། དེ་རུང་བར་བྱ་བའི་ཕྱིར་བརྟག་པ་མ་ཡིན ་གྱི་དེ་ལྟ་མོད་ཀྱི་འོན་ཀྱང་གཞན་གྱི་ཕྱིར་ཉིད་དུའོ།། རྣམ་པ་གཞན་དུ་བཅངས་ན་ཉིན་རེ་ཉིན་རེ་ཞིང་ཉེས་བྱས།། ཞག་བཅུ་ལོན་ན་སྤང་བའོ།། ཚོང་མ་དང་བཏུང་བ་ཉེས་པར་དགོས་པའི་ཕྱིར་ལྷུང་བཟེད་ཆུང་ངུ་གཉིས་བཅད་པར ་བྱའོ།། དེ་བཞིན་དུ་ཚྭ་སྣོད་དང་། ཁ་གཟར་ཡང་ངོ་།། བསོད་སྙོམས་པས་ནི་ལྷུང་བཟེད་ཀྱི་ནང་དུ་ཅི་སྙེད་ཤོང་བ་དེ་སྙེད་དུ་སྣོད་དགོས་པ་ལྷག་པར་བཅང་བར་བྱའོ།། གཞན་གྱིས་ནི་མང་ཡང་བླ་ཐམས་ཅད་བདག་གིར་མི་བྱེད་ན་ལོངས་སྤྱོད ་བར་རྗེསུ་གནང་ངོ་།། ཀུན་གྱིས་ཀྱང་ལྷུང་བཟེད་ཅིག་བཅང་བར་བྱ་སྟེ། དེ་ཡང་ཅིའི་ཕྱིར་ཞེ་ན། དེ་ཡང་མི་ཕོངས་པ་དང་། གཞན་མུ་སྟེགས་ཅན་གྱི་ཆོ་ག་སྤང་བའི་ཕྱིར་ཏེ། དེ་དག་ནི་ལོ་མ་དང་། ལག་པའི་སྙིམ་པར་ཟ་སྟེ། དེ་ལས་བཟློག་པའི ་ཕྱིར་རོ།། གསོ་དཀའ་བ་དང་། ངགང་དཀའ་བར་མ་གྱུར་ཅིག་ཅེས་གཅིག་པུ་བཅང་བར་བྱའོ།། ཕོངས་པས་རུང་བ་ནི་གལ་ཏེ་དེ་འདྲ་བའི་ཕོངས་པ་ཞིག་གིས་མ་བརྟགས་ན་ཡང་ལྟུང་བ་མེད་དོ།། བརྟག་པ་གཞན་ནི་གོས་ལྷག་པའི་ལས་རིག ་བར་བྱའོ།། ཞག་ཅིག་ལས་འདས་པར་བཅངས་ན་སྤང་བར་འགྱུར་བ་མཆིས་སམ་ཡོད་དེ་ཐམས་ཅད་དུ་གང་རྙེད་མ་ཐག་ཏུ་མཚན་གྱུར་ནས་དགེ་སློང་མས་བཅངས་པའོ་ཞེས་གསུང་སོ།། ལྷུང་བཟེད་ཀྱི་ཀུན་ཏུ་སྤྱད་པ་ནི་བསྙེན་པར་མ་རྫོགས ་པས་ལྷུང་བཟེད་བཀྲུ་བར་མི་བྱ་སྟེ། དྲན་པ་བརྟན་པ་ཡིན་ན་ལྟུང་བ་མེདོ།། ལྷུང་བཟེད་ལ་མིང་བྲི་བར་མི་བྱའོ།། མཚན་མ་བྱེད་པ་ལ་ནི་ལྟུང་བ་མེདོ།། འདི་ནི་གང་ཟག་གི་དངོས་པོ་གཞན་ལ་ཡང་ངོ་།། དཀོན་མཆོག་གསུམ་གྱི་ནི་ཆེ་གེ་མོ་ཞེས་བྱ ་བའི་སྦྱིན་པར་བྱ་བའི་ཆོ་སོ་ཞེས་བྱ་བར་བྲི་བར་བྱའོ།། གང་ཟག་གི་མལ་ཆ་དང་། སྟན་ལ་ཡང་བྱེ་བྲག་བྱའོ།། འགྲེང་བཞིན་དུ་ལྷུང་བཟེད་སྣོད་དུ་གཞུག་པར་མི་བྱ། དེ་ནས་འགྲེང་བཞིན་དུ་དབྱུང་བར་མི་བྱ། ལྷུང་བཟེད་ཀྱིས་ཕྱག་དར་དོར་བར་མི་བྱ། མི ་གཙང་བའི་ཕྱོགསུ་བཞག་པར་མི་བྱ། བྱེ་མ་དང་བཅས་པའི་ལྕི་བས་བཀྲུ་བར་མི་བྱ། ཤིན་ཏུ་གཤེར་བར་མི་གཞུག། ཤིན་ཏུ་བསྐམས་པར་ཡང་བཏང་སྙོམ་སུ་མི་བྱ། བགས་ཀྱིས་རན་པར་སྤྱད་པར་བྱའོ།། ལམ་དུ་ཞུགས་ན་ལག་པ་དང་། ཆོས ་གོས་ཀྱི་གྲཝར་ཐུམ་པོར་བྱས་ཏེ། བསྐུར་བར་མི་བྱ་མོད་ཀྱི་འོན་ཀྱང་ལྷུང་བཟེད་ཀྱི་སྣོད་དུ་གཞུག་པར་བྱའོ།། དེ་ཡང་ལག་པས་བཀུར་བར་མི་བྱ་མོད་ཀྱི། འོན་ཀྱང་ཕྲག་པ་ལ་གདག་སོ།། སྣོད་ནི་གསུམ་སྟེ། ལྷུང་བཟེད་ཀྱི་སྣོད་དང་། སྨན་གྱི་སྣོད་དང་། བར་བུར ་གྱི་སྣོད་དོ།། དེའི་ལུང་ཐག་ཀྱང་མཉམ་པར་མི་བྱའོ།། གཞན་དུ་ནི་འོན་ཀྱང་རིང་ཐུང་སྤེལ་སྟེ་ཅི་ལྟར་རྫ་རྔ་ལྟ་བུར་མི་འགྱུར་བར་བྱའོ།། ལུང་ཐག་དེ་ཅིའི་ལྟ་བུ་བྱ་ཞེ་ན། སྣམ་བུའི་ནང་དུ་ཕྱིང་བ་བཅུག་ལ་དྲུབ་པར་བྱའོ།། ལྷུང་བཟེད་གང་དུ་བཞག་པར་བྱ་ཞེ་ན ་ལྷུང་བཟེད་ཀྱི་ངོས་ཁུང་དུ་སྟེ། དེ་ཡང་གཙུག་ལག་ཁང་རྩིག་པའི་ཚེ་བྱའོ།། དགོན་པ་པ་དག་གིས་ནི་བཅུག་མ་ལས་སྐོན་བུར་བྱས་ཏེ་བ་ལང་གི་ལྕི་བ་དང་སས་བྱུགས་ལ་དེར་ལྷུང་བཟེད་བཞག་པར་བྱའོ།། གཉིས་པ་ཁ་གབ་ཀྱང་དེ་འདྲ་བར་བྱའོ།། གཞན་དུ ་འགྲོ་ན་དེ་ཁྱེར་དེ་འགྲོ་བར་མི་བྱ་མོད་ཀྱི། འོན་ཀྱང་གཞན་བྱའོ།། མཁས་པས་ས་ཕྱོགས་དབེན་པར་འདུག་སྟེ། ལྷུང་བཟེད་ཀྱི་ལས་བྱའོ།། ལྷུང་བཟེད་ཀྱི་ལས་མི་དབེན་པར་མི་བྱའོ།། ལས་ཅི་ལྟར་བྱ་ཞེ་ན། རྫ་བོ་གཉིས་ཏེ། རང་གིས་བྱས་པ་དང་། སློབ ་དཔོན་གྱིས་བྱས་པའོ།། རང་གིས་བྱས་པ་ནི་འདི་ལྟ་སྟེ། བུམ་པ་ཐལ་བས་བཀང་སྟེ་རྫ་ཟོང་གིས་གཙབ་པར་བྱའོ།། སློབ་དཔོན་གྱིས་བྱས་པ་ནི་རྫ་མཁན་གྱིས་བྱས་པའོ།། རྫ་པོ་དེའི་ཕྱི་རོལ་ས་དང་ཕུབ་མས་བསྲེས་པའི་འཇིམ་པས ་བྱུག་པར་བྱའོ།། ནང་ནི་ཏིལ་གྱི་ཚིགས་མ་དང་། བ་ལང་གི་ལྕི་བསོ་སོ།། བསྐམ་པར་བྱའོ།། འོག་གི་གཞིར་ཕུག་མ་གདིང་བར་བྱའོ།། དེར་བོང་རྡོག་རྣམས་ལ་ལྷུང་བཟེད་བཞག་པར་བྱའོ།། རྫ་བོའི་སྟེང་ནས་མེ་བཏང་བར་བྱའོ།། དུ་མི་འཆོར་བར་བྱའོ།། ་སྲོག་ཆགས་སྤང་བའི་ཕྱིར་བ་ལང་གི་ལྕི་བ་ལ་སོགས་པ་དང་། ཆུས་ཆག་ཆག་གདབ་པར་བྱའོ།། བར་དུ་ཆོད་ལ་ལྷུང་བཟེད་གཉིས་པ་ཡང་དེར་བཞག་པར་བྱའོ།། ལྷུང་བཟེད་ཆུང་ངུ་ནི་བར་དུ་ཤིང་ལེབ་ཅིག་གིས་བཅད་པར་བྱའོ།། བསྲེགས་པ་ཡང ་ཤིན་ཏུ་མི་དྲག། ཤིན་ཏུ་ཡང་མི་ཆུང་བར་རན་པར་བྱའོ།། ལྷུང་བཟེད་ཀྱི་ལས་བྱེད་པ་ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར་གཞན་དུ་འགྲོ་བར་མི་བྱའོ།། ཚོགས་གསུམ་པའི་སྤང་བའི་ལྟུང་བ་དང་པོའོ།། །། མཉན་ཡོད་ན་སྟེ། ཉེ་དགས་བསོད ་སྙོམས་པ་ལས་ཐོས་ནས་ཚོང་པའི་ཐང་ནས་སྦྱིན་པ་པོ་སྦྱིན་དུ་བཅུག་ནས་ལྷུང་བཟེད་གཉིས་པ་བཟང་པོ་ཞེས་ཏེ། བརྩལ་བ་དེའི་ཕྱིར་སྤང་བ་གཉིས་པ་བཅསོ།། ལྷན་པ་ལྔ་མེད་པ་ཞེས་བྱ་བ་ནི། ལྷན་པ་ལྔར་མ་ཚང་བ་ཡིན་ཏེ། གང་ལྷན་པ་མེད་པ ་དེ་ཡང་ཐམས་ཅད་དུ་ལྡན་པ་མེད་པས་ན། ལྷན་པ་ལྔ་མོང་པ་ཞེས་བྱ་བ་སྟེ།། དེ་ལྟ་བུར་གྱུར་པའི་མཚན་ཉིད་ཀྱི་གསུམ་པའོ།། དགེ་སློང་གིས་ལྷུང་བཟེད་དུམ་བུ་རྣམ་པ་ལྔ་པ་བཅོམས་ཤིང་བསོད་སྙོམས་ལ་བརྒྱུས་ཏེ། དེ་ཡང་ཁ་ཟས་མེད་པར ་བྱེད་པས་ལས་གྱུར་ཏེ། ལྷན་པ་ལྔར་ཚང་ངམ་ལྡན་པ་ལྔ་ལས་ལྷག་པ་ཡང་རུང་སྟེ། ལྷུང་བཟེད་གཞན་བྱའོ་ཞེས་རྗེས་གན་།། ལྷན་པ་འཇུ་བ་ལྔ་སྤངས་ཏེ། ཐུང་ཆུ་དང་། སྒྲ་ཚིལ་དང་། ཚོན་མོ་སྦྲེངས་དང་། རོ་ཉེས་དང་། ས་རྫ་ར་ས་རྣམསོ།། གླན་པ་སྐམ་པོ་ལྔས ་ལྷན་པར་བྱ་སྟེ། ལྔ་པོ་དག་གང་ཞེ་ན། ལྷན་རིངས་དང་། ཐམ་ཕྲན་དང་། ལྡན་པ་དང་། ཆུ་སྲིན་གྱི་སོ་ལྟ་བུ་དང་། ཕྱེ་མའོ།། ཕྱེ་མ་ལ་རྣམ་པ་གཉིས་ཏེ། ལྕགས་ཀྱི་ཕྱེ་མ་དང་། རྡོའི་ཕྱེ་མའོ།། དང་པོ་ནི་ལྕག་ཀྱི་ལྷུང་བཟེད་ལའོ།། གཉིས་པ་ནི་སའི་ལྷུང་བཟེད་ལ་སྟེ། ་འབྲུ་མར་གྱིས་བདེར་བར་བྱ་ཞིང་ཅི་རན་དུ་བསྲེག་པར་བྱའོ།། གལ་ཏེ་རྩུབ་པར་གྱུར་ན་འབྲུ་མར་གྱིས་བཀུས་ལ་བང་ར་བར་བྱའོ།། ལྷུང་བཟེད་ནག་པོ་ལ་བུ་ག་བྱུང་ན། ས་དང་བུ་རམ་དུ་བསྲེས་ལ་གླན་ཏེ་བསྲེག་པར་བྱའོ།། ཡོངསུ་ལོངས་སྤྱོད་པ་ཅན་ཉེ ་བྱ་བ་ནི་ཡོངསུ་ལོངས་སྤྱད་དུ་བཟོད་པའོ།། གང་བུ་ག་གཅིག་པོ་ཤིན་ཏུ་ཆེ་སྟེ། ཡོངསུ་ལོངས་སྤྱང་དུ་མི་བཟོད་ན་དེས་ཡོད་ཀྱང་གཞན་ཚོལ་དུ་སྣང་ངོ་།། བཟང་པོ་འདོད་པ་ཉེ་བར་བཟུང་བའི་ཕྱིར་ཞེས་བྱ་བ་ནི་མཆོག་འདོད་པ་སྟེ། ཉེ་བར་གཟུང་བ་རྩེ་བའི ་དངོས་པོའི་སེམས་ཀྱིས་བཟང་པོ་འདོད་པའི་ཕྱིརརོ།། ཉོན་མོངས་པ་མ་ཡིན་པའི་ཕྱིར་ཚོལ་བ་ལ་ཉེས་མེད་དོ།། རིགས་ལ་སོགས་པ་ཕུན་སུམ་ཚོགས་པ་རྣམ་པ་བཞི་ནི། ལྷུང་བཟེད་བཟང་པོ་ཞེས་བྱ་སྟེ། དེ་ལ་རིགས་ཕུན་སུམ་ཚོགས་པ་ནི་ལྕགས་ཡིན།། ་མཚན་ཕུན་སུམ་ཚོགས་པ་ནི་རྙིང་པ་དང་། རྡོལ་བ་མ་ཡིན་པ་དང་། གླན་པ་མེད་པ་དྲི་མ་མི་ཆགས་པ་ཡིནོ།། ཚད་ཕུན་སུམ་ཚོགས་པ་ནི་ཆེན་པོ་ཡི་ནོ།། ཐོབ་པ་ཕུན་སུམ་ཚོགས་པ་ནི་དགེ་འདུན་ལས་བགོས་པ་དང་། སྔར་བླངས་པ་དང་། སྦྱིན་བདག་ལ ་ཐོབ་པ་ཡི་ནོ།། ལྷུང་བཟེད་གྲུབ་ན་སྤང་བའོ་ཞེས་བྱ་བ་ནི་ལྷུང་བཟེད་བཟང་པོ་ཐོབ་མ་ཐག་ཏུ་སྤང་བའོ།། གཞན་དག་ན་རེ་བྱིན་གྱིས་བརླབས་ཀྱང་སྤང་བར་འགྱུརརོ་ཞེའོ།། ལྷུང་བཟེད་དེ་ཞེས་བྱ་བ་ནི་གང་ལྷུང་བཟེད་བཟང་པོ་དེའོ།། དགེ་སློང ་གི་འཁོར་ཞེས་བྱ་བ་ནི་དགེ་འདུན་ལའོ།། དབུལ་བར་བྱའོ་ཞེས་བྱ་བ་ནི་སྔར་ལྷུང་བཟེད་འབྲེལ་པ་མེད་པ་དེ་འདྲིམ་པའི་དགེ་སློང་སྤོ་བར་བྱས་ལ། ཆོས་ལྔ་དང་ལྡན་པ་བསྒོ་བར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས ་བྱ་བ་འདི་དགེ་འདུན་ལ་ལྷུང་བཟེད་འགྲེལ་པ་མེད་པ་འདྲིམ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ ་པ་མེད་པ་འདྲིམ་པར་བསྐོ་སྟེ། ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲི་མོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང ་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པར་འདྲིམ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ ་པ་མེད་པ་འདྲིམ་པར་བསྐོ་བར་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱི་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར ་བསྐོ་སྟེ། ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པ་མིང་འདི་ཞེས་བགྱི་བ་ནི། དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པར་འདྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེས་ཀུན་ཏུ་སྤྱད་པ་ནི་དགེ་འདུན་རྣམས་ཚོགས ་བའི་དུསུ་དེ་དགེ་འདུན་བཙུན་པ་རྣམས་བདག་སང་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་འགྱུར་གྱིས་ཚེ་དང་ལྡན་པ་དག་ཁྱེད་ཅག་རང་རང་གི་ལྷུང་བཟེད་ཐོགས་ལ་དགེ་འདུན་གྱི་ནང་དུ་གཤེགས་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་ཉི་མ་གཞན། ་ལ་དགེ་འདུན་ཚོགས་པ་དང་། དགེ་འདུན་གྱི་གནས་བརྟན་གྱི་འདུན་དུ་བཞག་སྟེ། ལྷུང་བཟེད་ཀྱི་ཡོན་ཏན་བརྗོད་པར་བྱས་ལ། གལ་ཏེ་གནས་བརྟན་བཞེད་ན་སྣོམས་ཤིག་ཅེས་བྱས་ལ། གལ་ཏེ་ངེས་ཁྱེར་ན་དེའི་ལྷུང་བཟེད་གནས་བརྟན་གཉིས་པ་ལ་སྦྱིན་ནོ།། ། ་དེ་བཞིན་དུ་དགེ་འདུན་གྱི་གསར་བུའི་བར་དུའོ།། གསུམ་པའི་ཐད་དུ་སོན་པ་ལས་དང་པོ་སློང་ན་ཚིག་གཉིས་ཀྱི་བར་དུ་སྦྱིན་པར་མི་བྱའོ།། ཚིག་གསུམ་པ་ལ་སྦྱིན་ཏེ་དེ་ལྟུང་བ་ཡང་བཤགས་པ་མཐོང་བོ།། དེ་དག་ཐམས་ཅད་ཀྱིས་གང་སྤངས་པ་དེ་དགེ་སློང་དེ་ལ ་བྱིན་ལ་འདི་སྐད་ཅེས་བསྒོ་བར་བྱའོ།། ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། བཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ། ཐ་མ་ཆག་པ་ལ་ཐུག་གི་བར་དུ་བགས་ཀྱིས་ཡོངསུ་ལོངས་སྤྱད་པར་བྱའོ་ཞེས་བྱའོ།། ཀུན་ཏུ་སྤྱད་པ་ཅི་སྐད་བསྟན ་པ་བཞིན་མ་བྱས་ན། ཐམས་ཅད་དུ་ཡང་འགལ་ཚབས་ཅན་དུ་འགྱུར་རོ།། ལྷུང་བཟེད་འབྲེལ་པ་མེད་པ་འཆང་བས་ཀུན་ཏུ་སྤྱད་པ་ནི་ལྷུང་བཟེད་ཀྱི་སྣོད་གཉིས་ཉེ་བར་བཞག་པར་བྱའོ།། བཟང་པོར་ནི་དེ་གཞུག་པར་བྱའོ།། གཞན་ལ་ནི་བྱིན་གྱིས་བརླབ་པའོ།། གཉི ་ག་ཡང་ཁྱེར་ཏེ་བསོད་སྙོམས་ལ་འཇུག་པར་བྱའོ།། འབྲས་ཅན་སྐམ་པོ་ནི་དེར་གཞུག་པར་བྱའོ།། གཤེར་བ་ནི་བདག་གི་ལའོ།། དེ་གཞག་ལ་བདག་གི་ལ་བཟའ་བར་བྱའོ།། བ་ལང་གི་ལྕི་བ་སྐམ་པོས་བཀྲུ་ཞིང་སྐམ་པོ་ཡང་དེ་ལ ་ཐོག་མར་བྱས་ཏེ། དེའི་འོག་ཏུ་བདག་གི་ལའོ།། སྦ་བའི་ཚེ་ན་གནས་བཟང་པོར་ནི་དེ་བཞག་པར་བྱའོ།། གཞན་དུ་ནི་གཞནོ།། གལ་ཏེ་ལྷུང་བཟེད་ཀྱི་གནས་ཅིག་ཏུ་ཟད་ན། སྟེང་ངམ་འོག་གི་ཇི་ལྟ་བུ་ལེགས་པར་འདུག་པ་དེར་བཞག་པར་བྱའོ།། བསྲེག ་བའི་རྫ་བོ་བཟང་པོར་ནི་དེ་བསྲེག་པར་བྱའོ།། གལ་ཏེ་རྫ་བོ་གཅིག་པུར་ཟད་ན་ཅི་ལྟར་ཁ་དོག་བཟང་པོར་འགྱུར་བ་དེར་བཞག་པར་བྱའོ།། འགྲོ་ན་ཡང་ལྷུང་བཟེད་ཀྱི་སྣོད་བཟང་པོར་དེ་གཞུག་པར་བྱའོ།། ཁྱེར་བ་ཡོད་ན་བྱིན་གྱིས་བརླབ་པ་དེ ་ལ་བསྐུར་བར་བྱའོ།། དེ་ནི་བདག་གི་བཀུར་བར་བྱའོ།། དེ་མེད་ན་ཕྲག་པ་གཡོན་པར་ནི་གདགས་པར་བྱའོ།། གཡས་པར་ནི་བྱིན་གྱིས་བརླབས་པའོ།། དེ་དག་ཅི་སྐད་བསྟན་པ་བཞིན་མ་བྱས་ན་འགལ་ཙབས་ཅན་དུ་འགྱུརརོ།། བྱིན་གྱིས་བརླབ ་པར་མི་བྱ་བ་ཞེས་བྱ་བ་ནི་དེ་ལ་གང་ལྔ་ན་ཡོད་བ་དེ་ཉིད་བྱིན་གྱིས་བརླབ་པའོ།། འདི་ནི་ཆད་པའི་ལས་ཀྱིས་ཕྱིརོ།། གཞན་ངག་ན་རེ་ནི་ངེས་གཉིས་པ་བྱིན་གྱིས་བརླབས་ན་སྔ་མ་སྤངས་པར་འགྱུར་ལ། རྣམ་པ་གཞན་དུ་ན་ལྷག་པ་འཆང ་བས་སྔ་མའི་ལྟུང་བས་ཀྱང་ལྷག་པར་འགྱུར་བས་ན། དེས་དེ་ཉིད་བྱིན་གྱིས་བརླབ་པར་བྱའོ།། མི་ཕོངས་པར་བྱ་བའི་ཕྱིར་དེ་དེ་ལ་སྦྱིན་ཞེས་ཟེ་རོ།། བཏང་བར་མི་བྱ་ཞེས་བྱ་བ་ནི་གཞན་གྱི་ཕྱིར་བརྟགས་ཏེ་བཅང་བར་མི་བྱའོ།། ཞེས་བྱ་བའི ་ཐ་ཚིག་གོ།། གཞན་ལ་སྦྱིན་པར་མི་བྱ་ཞེས་བྱ་བ་ནི་གཞན་གྱི་དབང་དུ་མི་བྱ་ཞེས་བྱ་བའི་ཐ་ཚིགོ་ཁང་ཀྱི་དལ་བུས་ཞེས་བྱ་བ་ནི་དེའི་ཆང་པའི་ལས་འདི་ཡིན་ཏེ། སྐྱོ་སྟེ་ཅི་ནས་མྱུར་དུ་ཆག་པར་འགྱུར་བ་དེ་ལྟར་མི་བྱའོ།། དེ་ལྟར་བྱས་ན་ཉེས་བྱསོ།། གལ ་ཏེ་མང་དུ་ཚོལ་ན་ལྟུང་བ་ཡང་དེ་སྙེད་དུ་འགྱུར་ཏེ། ཅི་ལྟར་མངོན་པར་འདོད་པ་ཅིག་ནི་དགེ་འདུན་ལ་དབུལ་བར་བྱའོ།། གཞན་དག་ནི་མཛའ་བོ་རྣམས་ལ་བགྲོས་ཏེ་སྦྱིན་པར་བྱའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ལྷུང་བཟེད་རྡོལ་བར་གྱུར་ལ། དེས་དེ ་ལྡན་པ་གཅིག་གམ། གཉིས་སམ་གསུམ་མམ། བཞི་གླན་པར་འོས་པ་ལས་གླན་ཏམ་མ་གླན་ཀྱང་རུང་ཡོངསུ་ལོངས་སྤྱད་པར་བཟོད་ན་བཟང་པོ་འདོད་པའི་ཕྱིར་གཉིས་པ་ཚོལ་ན་སྦྱོར་བའི་ཚེ་ཉེས་བྱསོ།། ཐོབ་ན་སྦྱང་བའོ།། དེ་བཞིན་དུ་ལྷས་གླན་པར ་འོས་པ་ལས་མ་གླན་ཅིང་ཡོངསུ་ལོངས་སྤྱད་དུ་བཟོད་པ་ལ་ཡང་བརྗོད་པར་བྱའོ།། ལྔས་གླན་པར་འོས་པ་ལས་གླན་ཏམ། མ་གླན་ཏམ་ཚོལ་ན་ལོངས་སྤྱད་དུ་མི་བཟོད་ན་ལྟུང་བ་མེད་དོ།། བཟང་པོ་ལ་བཟང་པོར་འདུ་ཤེས་ན་སྤང་བའོ།། མི་བཟང ་བ་ལ་བཟང་པོར་འདུ་ཤེས་ན་ལྟུང་བར་འགྱུར་གྱི། སྤང་བར་མ་ཡིན་ནོ།། བཟང་པོ་འམ་མི་བཟང་བ་ཡང་རུང་། མི་བཟང་བར་འདུ་ཤེས་ན་ལྟུང་བ་མེདདོ།། གཉིས་ཡོད་པ་ལ་གཅིག་འདུ་ཞིང་ཚོལ་ལམ། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ། གཞན ་གྱི་ཕྱིར་རམ་རང་གི་ཡོ་བྱད་ཀྱིས་སམ། མུ་སྟེགས་ཅན་ལས་བཙལ་ན་ཉེས་བྱསོ།། རང་གི་རིན་གྱིས་ཉོས་སམ། གཞན་ལས་མ་བླངས་སམ། བརྗེས་ཏེ་བླངས་ན་ལྟུང་བ་མེད་དོ།། གཉིས་པའོ།། གསུམ་པ་དང་བཞི་པ་ལ་ནི་ཆོས་གོས་ཀྱི་རྒྱུས་ཀུན་ནས་བསྲ ་པ་ཡོངསུ་ལེན་པའི་གཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དུ་འགྱུར་བ་དང་། ཕོངས་པ་དང་མ་དད་པའི་ཉོན་མོངས་པ་སྤང་བ་དང་། ཉེ་དུ་ལ་རྗེསུ་གནང་བ་དང་། ཐ་ག་པ་དང་། ཡོན་བདག་གི་སེམས་རྗེ་སུ་མ་བསྲུངས་པའི་ཕྱིརརོ།། དེ་ལ ་མཉན་ཡོད་ན་སྟེ་ཉེ་དགས་དོག་པ་འཁལ་བ་རྣམས་ལས་ངོགས་པ་བསླངས་ཏེ། ཐཱ་ག་པ་སྤྱི་ཅེར་ལ་ཆོས་ཀྱི་སྒོ་ནས་རས་ཡུག་ཅིག་འཐག་ཏུ་བཅུག་གོ།། གཉིས་པ་རྒྱལ་པོའི་སྐྱེས་བུ་ལ་བརྟེན་པས་ན་གསུམ་པ་བཅ་སོ།། རང་གིས་བླངས་ཞེས་བྱ་བ་ནི་ཁ་ཅིས ་ལས་སྲང་གཅིག། ཁ་ཅིག་ལས་སྲང་ཕྱེད་ངོ་།། དོགས་པ་ཞེས་བྱ་བ་ནི་སྲིན་བལ་གྱི་དོག་པ་ཡང་རུང་སྟེ། དེ་གཟུང་བས་དར་གྱི་ཡང་གཟུང་བར་འགྱུར་རོ།། བལ་ལམ་རྡུལ་བུམ་ཤ་ན་ཀོའི་འམ། ཟར་མའི་འམ། གསོ་མའི་འམ། རྩཝ་དུ་གུ་ལའི་ངལ་པ་འམ། རྩ་ཀོ་ཏཾ ་པའི་འམ། རས་བལ་གྱི་འམ། ཉི་འོག་གི་དོག་པའོ།། དེ་ལ་སྲིནཱ་བལ་གྱི་དོག་པ་འཐག་ཏུ་བཅུག་ནས་ལྟུང་བ་གཉིས་ཏེ། གདིང་བ་སྲིན་བ་ལ་སར་པ་ལས་བྱས་པ་དང་། ཐ་ག་པ་ཉེ་དུ་མ་ཡིན་པ་ལས་འཐག་དུ་བཅུག་པའི་ཕྱིར་ཏེ། དངོས་པོ་གཅིག་ཡིན་པས་ན་སྤང ་ནི་གཅིག་ཏེ། དངོས་པོ་གཅིག་པོ་སྤང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ཉེ་དུ་མ་ཡིན་པ་ལས་གོས་ཀྱི་ཕྱིར་དོག་པ་བསླངས་ན་ཉེས་བྱསོ།། པུས་ཁྱུད་ཀྱི་ཕྱིར་ནི་ལྟུང་བ་མེད་དོ།། དོག་པ་གང་ཡང་རུང་བ་བདག་ཉིད་ཀྱི་བཏགས་ན་ཉེས་བྱས་སོ།། ཉེ་དུ་ལས་བསླངས་པ་ལ ་ཉེ་དུ་མ་ཡིན་པ་ལས་བསླངས་པ་འམ། བདག་གིས་རིན་གྱིས་ཉོས་པ་ཡང་རུང་སྟེ། མདོར་ན་དོགས་པ་གང་ཡང་རུང་། ཐ་ག་པ་ཉེ་དུ་མ་ཡིན་པ་གཅིག་གམ། གཉིས་སམ། མང་པོ་ཡང་རུང་། ཐ་ག་པ་ཉེ་དུས་གྲོགས་བྱས་སམ། བདག་ཉིད་ཀྱིས་གྲོགས ་བྱས་ཏེ། བཏགས་ཀྱང་རུང་སྟེ་སྤང་བའོ།། ཉེ་དུ་ལས་བླངས་སམ། ཉེ་དུ་འཐག་དུ་བཅུག་པ་ལ་སྤང་བ་མེདོ།། ཉེ་དུ་ལ་ཉེ་དུར་འདུ་ཤེས་པ་ལ་སོགས་པ་མུ་བཞིར་སྦྱར་བ་ནི་དགེ་སློང་མའི་བསྒྲུབ་པའི་གཞི་བཞིན་དུ་རིག་པར་བྱའོ།། རང་དགའ་འམ་རྔན་པས ་ཐག་དུ་བཅུག་པ་ལ་ལྟུང་བ་མེད་དོ།། མཐུས་འཐག་ཏུ་བཅུག་ན་ལྟུང་བྱེད་དུ་འགྱུར་གྱི་སྤང་བར་ནི་མ་ཡིནོ།། གལ་ཏེ་བདག་ཉིད་ལ་ཡང་དག་པ་མ་ཡིན་པའི་ཡོན་ཏན་བསྔགས་པ་བརྗོད་ཅིང་དོག་པ་བླངས་ན་ཉེས་བྱས་དང་ཕམ་པར་འགྱུར་བ་ཏེ། རྣམ་པ ་གཉིསུ་འགྱུརརོ།། གལ་ཏེ་བདེན་ན་ཉེས་བྱས་དང་ལྟུང་བྱེད་འབའ་ཞིག་གོ།། ཡང་དག་པ་མ་ཡིན་པའི་ཡོན་ཏན་བསྔགས་པ་རྗོད་ཅིང་འཐག་ཏུ་བཅུག་ན་ཕམ་པར་འགྱུར་བ་དང་སྤང་བའོ།། གལ་ཏེ་བདེན་ན་ལྟུང་བྱེད་འབའ་ཞིག་དང་སྤང་བའོ།། དེ་ལ་དུས་མ་ཡིན། ་པབར་ཉེ་དུ་ལ་ཡང་ཉེས་བྱསོ།། དེ་ལ་དུས་མ་ཡིན་པ་ནི་གང་རུང་བ་མི་ཡིན་པར་གྱུར་པ་དང་། དེ་ལ་ཚུལ་འཆོས་པ་ལ་སོགས་པ་རྣམས་ཏེ། དོན་མ་ཡིན་པ་སྒྲུབ་པ་དང་། དེ་ལ་ཞེ་སྡང་གི་ཁྱིམ་དུ་ཉེ་བར་འགྲོ་བ་གཞན་ལ་མི་དགའ་བར་བྱ་བའི་ཕྱིར་དང་། སྦྱིན ་བདག་ཉེ་དུ་མ་ཡིན་པར་གྱུར་ན་ཉེས་བྱསོ།། རྒྱུ་འམ་སྤུན་ནམ། གཉི་ག་ཡང་རུང་། མི་རུང་བ་རྔ་མོ་ལ་སོགས་པའི་བྲལ་དང་། བསྲེས་པ་འམ། སྣམ་བུ་མ་བྱས་པ་འམ། བལ་ཡང་རུང་། རས་བལ་ཡང་རུང་། བསླངས་སམ་ཚད་ལས་ཆུང་ངམ། བར་མ་འམ། ་གཞན་གྱི་ཕྱིར་ཡང་འཐག་དུ་བཅུག་ན་ཉེས་བྱསོ།། གསུམ་པའོ།། །། མཉན་ཡོད་ན་སྟེ། ཉེ་དགས་བདག་ཉིད་ཀྱི་ཕྱིར་རས་འཐག་ཏུ་བཅུག་པ་ཐ་ག་པ་ལ་ཧྭགས་ཀྱི་ལ་དུས་ལྷུང་བཟེད་བཀང་སྟེ་བྱིན་པས་ན་དེའི་ཕྱིར་དེ་བཞི་པ་བཅསོ།། དེ་ན་ཞེས་བྱ ་བ་ནི་ཐ་ག་པ་དེ་གྲོང་ངམ་གྲོང་ཁྱེར་གང་ན་བའོ།། སྔར་མ་བར་ཞེས་བྱ་བ་ནི། ཅི་ལྟ་བུར་འདོད་པ་དེ་ལྟ་བུར་འཐག་ཏུ་ཆུག་ཅིག་ཅེས་གོས་ཀྱི་བདག་པོས་སྔར་མགྲོན་དུ་མ་གཉེར་བའོ།། རྣམ་པར་རྟོག་པ་འགའ་ཞིག་ཅེས་བྱ་བ་ནི་རྣམ་པར་རྟོག་པ་རྣམ་པ ་སྟེ་སྟུག་པོ་ཉིད་དུ་རྣམ་པར་རྟོག་ནས། གང་ལེགས་པ་བཏགས་པར་གྱིས་ཤིག་ཅེས་སྨྲ་བ་དང་། དཀར་པོ་རྣམ་པར་རྟོག་ནས། ཤིན་ཏུ་དཀར་བར་གང་ཞེང་ཆེ་བ་དང་། ཁྲུན་རིང་བར་བྱོས་ཤིག་ཅེས་སྨྲ་བ་དང་། ཕྲ་མོར་རྣམ་པར་རྟོག་ནས་ཐར་གྱིས་ཞག་པར་བྱོས་ཤིག་ཅེས་སྐྱ ་བ་དང་། འཇམ་པོར་རྣམ་པར་རྟོག་ནས་ཐག་རན་བཟང་བར་གྱིས་ཤིག་ཅེས་སྨྲས་པའོ།། ལེགས་པར་བརྟགས་པར་ཞེས་བྱ་བ་འདིས་ཚད་རྣམ་པར་རྟོག་པར་ཡང་བལྟ་བར་བྱའོ།། གཞན་དག་ནི་ཞེང་ཚོ་བ་དང་། ཁྲུན་རིང་བ་ལ་སྨྱིག་གུས་ལེགས་པར་སྦྱངས་པ་འམ། ཕྲུག་ཤད་ཀྱི ་ཤིན་ཏུ་བཤད་པ་ལ་ཡང་བྱའོ་ཞེའོ།། བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔའོ།། བཟའ་བ་ཙམ་ཞེས་བྱ་བ་ནི་འབྲས་རྗེན་པའོ།། བཟའ་བའི་རིན་ཞེས་བྱ་བ་ནི་ཟས་ཀྱི་རི་ནོ།། བཟའ་བ་བྱིན་པ་ཙམ་གྱིས་འདིར་ལྟུང་བ་མེད་མོད་ཀྱི་ཅི་ལྟ་བུར་རྣམ་པར་རྡོག་པ་སྨྲ་བའི ་ཕྱིརོ།། དགེ་སློང་དེ་ལ་སྦྱོར་ཞིང་ཁྲི་ལ་ལྡང་བ་ནས་དེ་ལ་སྟོབས་པ་དང་། གོས་མ་ཐོབ་པའི་བར་དེ་སྲིད་དུ་ཉེས་བྱསོ།། ཐོབ་ན་སྤང་བའོ།། གོས་རུང་བ་མ་ཡིན་ནམ། མ་ནིང་ཕོ་འམ། མ་ནིང་མོ་འམ། མཚན་གཉིས་པ་འམ། མཚན་གཉིས་མ་ལ་ཡང་རུང་། གོས་ཀྱི་ཕྱིར་རྣམ་པར ་རྟོག་པར་བྱེད་ན་ཉེས་བྱསོ།། བཞི་པའོ།། །། མཉན་ཡོད་ན་སྟེ། དགའ་བོས་ལྷན་ཅིག་གནས་པ་ཆོས་ལ་སྣམ་སྦྱར་བྱིན་པ་ལས་ཁྲོས་ཏེ། སླར་ཕྲོགས་པ་ན་སྦྱིན་པ་དང་མ་སྦྱིན་པ་ཡོངསུ་ལེན་པའི་གཞིའི་དབང་དུ་མཛད་དེ་མི་བཟོད་པའི་ཉོན་མོངས་པ་དང་འག ་ཚབས་ཅན་དུ་འགྱུར་བ་དང་། མ་དད་པའི་ཉོན་མོངས་པ་སྤང་བའི་ཕྱིར་ལྔ་པ་བཅ་སོ།། དགེ་སློང་ཞེས་བྱ་བ་ནི་གསོལ་བ་དང་བཟའ་ལས་ཀྱིས་བསྙེན་པར་རྫོགས་པའོ།། དེ་བཞིན་དུ་དགེ་སྦྱོང་མ་ལ་སོགས་པ་ལ་ལྟུང་བ་མང་།། བྱིན་ནས་ཞེས་བྱ་བ་ན་གཏན་དུ་བྱན་པ་ན།། ་གལ་ཏེ་སྐད་ཅིག་ཅིག་བྱིན་ནམ། ཁྱོད་ལ་ངས་འདི་བྱིན་གྱིས་ཁྱོད་ཀྱིས་ངའི་འདི་ལྟ་བུ་ཞིག་བྱའོ་ཞེས་བསྒོ་བ་ལ་སྤང་བ་མདོ།། དེའི་འོག་ཏུ་ཞེས་བྱ་བ་ནི་དུས་ཕྱི་ཞིག་ནའོ།། ཁྲོས་ཞེས་བྱ་བ་ལ་སོགས་པ་དེ་ལ་ཁྲོས་ཞེས་བྱ་བ་ནི། ལུས་ཀྱིས་ཁྲོས་པར་སྟོན་ཏོ།། འཁྲུགས་ཞེས ་བྱ་བ་ནི་ཡིད་ལ་ཁྲོས་པར་མངོན་པར་འདུ་བྱེད་པའོ།། རྔམས་ཏེ་ཞེས་བྱ་བ་མི་ཁྲོས་པའི་ཚིག་ཏུ་བརྗོད་པའོ།། ཡིད་མ་རངས་པར་གྱུར་ཅེས་བྱ་བ་ནི་ཁྲོས་པའི་མཚན་མ་གནོད་པའི་དངོས་པོར་སྟོན་པའོ།། འཕྲོག་ཅེས་བྱ་བ་ནི་གྲོགས་ལ་སོགས་པ་བྱེད་དུ་རེ་བར་བསམས ་ནས་བྱིན་པ་ལས་དེ་མ་བྱས་ཏེ་རང་གི་འདུ་ཤེས་ཀྱིས་ཕྲོགས་པའོ།། རྣམ་པ་གཞན་དུ་ནི་ཕམ་པར་འགྱུར་རོ།། དེའི་ལྷག་མ་ཡོད་པ་ཕྱིར་སྦྱིན་པར་བྱ་ཞིང་ཞེས་བྱ་བ་ནི་གང་དེར་ཡོངསུ་ལོངས་སྤྱོད་པའི་ལྷག་མ་ལུས་པར་གྱུར་ན་དགེ་སློང་དེ་ཉིད་ལ་ཕྱིར་སྦྱིན་པར་བྱའོ།། སྤྱོད ་ན་སྤང་བའོ་ཞེས་བྱ་བ་ནི་བདག་གིར་བྱས་པ་དང་། ཡོངསུ་ལོངས་སྤྱད་པའོ།། གཞན་དག་ནི་ཉེ་བར་ལོངས་སྤྱོད་པ་དང་། ཡོངསུ་ལོངས་སྤྱོད་པ་ཁོ་ནའོ་ཞེའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་ལུས་ཀྱིས་སམ་ངག་གམ་དེ་གཉི་ཀས་ཀྱང་རུང་། དགེ་སློང་ལ་སོགས ་པ་གཞན་རྣམས་ཀྱིས་ཀྱང་རུང་། གཞན་ལ་གནོད་པར་ཆོས་གོས་ཕྲོགས་སམ། འཕྲོག་ཏུ་བཅུག་ཀྱང་རུང་སྟེ། གོས་ཀྱི་གྲ་ལུས་དང་མ་བྲལ་གྱི་བར་དུ་ནི་ཉེས་བྱསོ།། ལུས་དང་བྲལ་ན་དགེ་སློང་ལ་སྤང་བའོ།། དགེ་སློང་གཞན་དང་། དགེ་སློང་མ་ལ་ནི་ལྟུང་བའོ།། དགེ ་ཚུལ་ལ་སོགས་པ་ནི་ཉེས་བྱས།། ཁྱིམ་པ་འམ། ཁྱིམ་པ་མོས་ནི་བསོད་ནམས་མ་ཡིན་པ་ཆེན་པོར་འགྱུརརོ།། ཡོངསུ་སྦྱང་བ་ལ་ཡོངསུ་མ་སྤྱད་པར་འདུ་ཤེས་སམ། ཡོངསུ་མ་སྤྱད་པ་ལ་ཡོངསུ་མ་སྤྱད་པར་འདུ་ཤེས་ན་ལྟུང་བར་འགྱུར། ་གྱི་སྤང་བར་ནི་མ་ཡིནོ།། ཡོངསུ་སྤྱད་པ་ལ་ཡོངསུ་སྤྱད་པར་འདུ་ཤེས་ན་ལྟུང་བ་དང་སྤང་བའོ།། ཁས་བླངས་པས་ཁས་མ་བླངས་པ་དང་། གོ་བཟློག་པ་དང་། སྔོན་ཉམས་པ་ལ་སོགས་པའམ། ཚད་ལས་ཆུང་བ་བྱིན་ཏེ། འཕྲོག་གམ། སྦྱིན་པ་འམ། ཕྲོག་པ ་ཡང་རུང་། གཞན་ཡང་རུང་། གཉི་ག་ཡང་མཚན་གྱུར་ན་ཉེས་བྱསོ།། དོན་གཞན་ལས་ནི་ལྟུང་བ་མེདདོ།། དེ་ཇི་ལྟར་འཇིགས་པ་དང་། བཅས་པའི་ཡུལ་ཕྱོགསུ་འགྲོ་བ་དང་། དུས་མ་ཡིན་པར་འགྲོ་བ་ལས་བླ་མས་གོས་ཕྲོགས་པ་དང་། འོདི་ལ་གནོད་པའི་དོན ་དུ་མ་གྱུར་ཅིག་ཅེས་བྱ་བ་དང་། འདུལ་བའི་ཡོ་བྱད་དུ་གྱུར་པ་དང་། ཅི་ལྟར་ཡང་སྡིག་པའི་གྲོགས་པོ་དང་བྲལ་བའི་ཕྱིར། ཕྲོགས་པ་དང་། དེ་བཞིན་དུ་གཞན་ཡང་ཁྲོས་པ་མེད་ཅིང་ཕྲོགས་པ་ལ་ལྟུང་བ་མེད་པར་རྗོད་པར་བྱའོ།། གལ་ཏེ་རེ་ཞིག་པའི་དུས་ཀྱི་འང ་ཤེས་སམ། ཕོངས་པ་འམ། བརྙན་པོའི་ཆོས་ཀྱིས་བླངས་པ་ནི་ལྟུང་བ་མེདོ།། ལྔ་པའོ།། མཉན་ཡོད་ན་སྟེ། དྲུག་སྔོ་དག་གིས་དབྱར་གྱི་རྙེད་པ། དབྱར་གྱི་ནང་ལོགསུ་བགོས་པས་ན། བཅོམ་ལྡན་འདས་འགོད་ན་འགལ་ཚབས་ཅན་དུ་འགྱུརརོ།། ཞེས་གསུངས་། ་གསལ་རྒྱལ་གྱིས་རལ་གྲི་མཐུ་ཅན་གྱི་ཁྲོམ་ལ་འཐབ་མོ་ལ་སོང་ཞིག་ཅེས་བཀའ་སྩལ་པ་དང་། དེ་ཤི་བར་དོགས་ཏེ། དབྱར་གྱི་གོས་དབྱར་གྱི་ནང་དུ་ཕུལ་བ་དེ་དག་དགེ་སློང་དག་གིས་ཉམསུ་མ་བླངས་པས་སྲིལ་ལ་སོགས་པས་ཟོས་པས་ན་ཆོས་ལྔངཔ ་ལྡན་པ་གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་གོས་སྦེད་པ་བསྐོ་བར་བྱའོ་ཞེས་གསུང་སོ།། བསླབ་པ་འདོད་པའི་ཡོན་ཏན་བསྔགས་ཏེ། དྲུག་པ་བཅ་སོ།། འདི་ཡང་དུས་མ་ཡིན་པར་ལེན་པའི་གཞིའི་དབང་དུ་མཛད་ནས་འགལ་ཚབས་ཅན་དུ ་འགྱུར་བ་ལ་སོགས་པའི་ཉོན་མོངས་པ་གསུམ་ཡོངསུ་སྦྱངས་པའི་ཕྱིར་རིག་པར་བྱའོ།། ཞག་བཅུས་མ་ཚང་བ་ཚུན་ཆད་དུ་ཞེས་བྱ་བ་ནི། ཉི་མ་བཅུ་པོ་ལ་ཞག་བཅུ་ཞེས་བྱ་བ་སྟེ། ཞག་བཅུ་མ་ལོན་པ་ལ་ཞག་བཅུ་ཚུན་ཆད་ཅེས་བྱའོ།། སྟོན་ཟླ་ཐ་ཆུངས ་ཞེས་བྱ་བ་ནི་སྟོན་ཟླ་ཐ་ཆུང་ཉ་ལ་རྣམ་པ་གཉིས་ཏེ། དང་པོ་ནི་སྟོན་ཟླ་འབྲིང་པོ་ཉ་ལ་ཡང་བྱ་སྟེ། དེ་དང་ཉེ་བར་གྱུར་པས་བརྗོད། ཅི་ལྟར་དབྱར་ཟླ་འབྲིང་པོ་ཉ་ལ་དབྱར་ཉེ་བར་འཇུག་གོ་ཞེས་བྱ་བ་བཞི་ནོ།། ཕྱི་མ་ནི་སྟོན་ཟླ་ཐ་ཆུང་གི་ཟླ་བ་ཉིད་ལ་སྟེ། འདིར ་ནི་དང་པོར་གཟུང་།། བརྟད་པ་ལས་བྱུང་བའི་གོས་ཞེས་བྱ་བ་ལ་བརྟང་པ་ལས་བྱུང་བའི་གོས་ནི་ལྔ་སྟེ། ནད་པ་ལ་སྦྱིན་པ་དང་། ནད་པའི་ཕྱིར་སྦྱིན་པ་དང་། འཆི་བ་ལ་སྦྱིན་པ་དང་། ཤི་བའི་ཕྱིར་སྦྱིན་པ་དང་། འགྲོ་བར་ཆས་པ་ལ་སྦྱིན་པར་བྱའོ།། གཞན་དག་ན ་རེ་དུས་མ་ཡིན་པའི་གོ་སོ་ཞེས་ཀྱང་བརྗོད་དོ།། གང་དགག་དབྱེའི་དུསུ་འཐོབ་པའི་རིགས་པ་ལས་དབྱར་གྱི་ནང་ལོགས་ཉིད་དུ་ཐོབ་པའོ།། བློང་བར་བྱའོ་ཞེས་བྱ་བ་ནི་བདག་ཉིད་ཀྱིར་བྱ་བའོ།། གོས་སྦྱིན་པའི་དུས་ཀྱི་བར་དུ་ཞེས་བྱ་བ་ནི་སྲ་བརྐྱང་མ ་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཀྱི་བར་དུའོ།། སྲ་བརྐྱང་བཏིང་བའི་གནས་ན་ནི་དཔྱིད་ཟླ་བའི་བར་དུའོ།། དེ་ནི་བཅོམ་ལྡན་འདས་ཀྱིས་དབྱར་གྱི་ནང་ལོགསུ་གོས་རྙེད་པ་ལ་རྗེསུ་གཟུང་བར་མཛད་ནས་གསུངས་པའོ།། ཟླ་བ་དེ་ལས་འདས ་ཀྱང་བཅང་བར་བྱ་སྟེ། རྙེད་པ་གཞན་ནི་རིང་ན་ཟླ་བ་གཅིག་གི་བར་དུའོ།། དབྱར་གྱི་རྙེད་པ་ཅུང་ཟད་ཅི་ཡང་རུང་སྟེ། དབྱར་གྱི་ནང་ལོག་སུ་བགོས་པ་དང་། གོས་བགོ་བའི་དུས་ལས་འདས་པ་འཆང་ན་ཐམས་ཅད་ལ་ཡང་སྤང་བར་འགྱུརརོ།། ་བརྟད་པ་ལས་བྱུང་བའི་གོས་ལྔ་པོ་བགོས་པ་དང་། སྦྱིན་བདག་གིས་རང་གི་ལག་ནས་བྱིན་པ་ནི་འདི་ལྟར་དེ་ཚུན་ཆད་དུ་བགོས་ཀྱང་ལྟུང་བ་མེདོ་ཞེས་གསུང་སོ།། གོས་སྦེད་པའི་དགེ་སློང་བསྐོས་པ་ཡོད་པ་ལ་ཡང་ལྟུང་བ་མེ་།། སྦྱིན་བདག་གིས་བདག ་ཉིད་མཆིས་ལ། ལག་ནས་དབུལ་གྱིས་དེའི་བར་དུ་བཞེས་ཤིག་ཅེས་ཟེར་ན། དེ་ལས་རིང་དུ་བཞག་ཀྱང་ལྟུང་བ་མའོ་ཞེས་གསུང་སོ།། རུང་བར་མ་བྱས་པ་ལ་རུང་བར་མ་བྱས་པར་འདུ་ཤེས་ན་སྔ་མ་བཞིན་ཏེ། མུ་བཞིར་སྦྱར་རོ།། དགག་དབྱེ་ནི་རྒྱལ་པོས་ཤོལ ་བོར་ན་ཅི་ལྟར་དབྱར་ཉེ་བར་གནས་པའི་དུས་བཞིན་དུ་སྦྱར་བར་བྱའོ།། དྲུག་པའོ།། །། མཉན་ཡོད་ན་སྟེ། སོན་པའི་གཙུག་ལག་ཁང་ན་གནས་པའི་དགེ་སློང་རྣམས་ཀུན་པོས་བཅོམ་པ་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་དགོན་པ་པ་ལཆོས ་གོས་གསུམ་ལས་གཅིག་ཁྱིམ་གཞན་དུ་བཞག་པར་བྱའོ།། ཁྱིམ་དེར་དོང་ལ་ཉལ་བར་མི་བྱ། སྐྱ་རེངས་འཆར་བར་མི་བྱ། གྲོང་གི་ཉེན་འཁོར་དུ་ཡང་འདུག་པར་མི་བྱ་མོད་ཀྱི། འོན་ཀྱང་གཙུག་ལག་ཁང་ཉིད་དུའོ་ཞེས་གསུང་སོ།། གལ་ཏེ་དགེ་འདུན ་གྱི་བམ། མཆོད་རྟེན་གྱི5། གང་ཟག་གི་དོན་ཅིག་ལ་དགོན་པའི་གནས་མལ་དེ་ནས་ཕྱི་རོལ་ཏུ་འགྲོ་ན་ཞག་དྲུག་ཏུ་འབྲལ་བར་བྱའོ།། དེ་ལས་རིང་དུ་མ་གནས་ཤིག་ཅེས་གསུངས་ན། དྲུག་སྡེ་དག་ཞག་བདུན་དུ་གནས་ཏེ་བདུན་བཅ་སོ།། ཉེ་བར ་གཞག་པའི་གཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དུ་འགྱུར་བ་ལ་སོགས་པའི་ཉོན་མོངས་པ་གསུམ་ཡོངསུ་སྤང་བའི་ཕྱིར་ཡང་།། དགོན་པ་ཞེས་བྱ་བ་ནི། གྲོང་ནས་རྒྱང་གྲགས་གཅིག་ན་གཙུག་ལག་ཁང་ཡོད་པའོ།། དབྱར་ཕྱི་མ་ཞེས་བྱ་བ་ནི ་དབྱར་ཕྱི་མར་ཉེ་བར་གནས་པ་སྟེ། དེ་དག་དབྱར་དང་པོ་ཉེ་བར་གནས་པའི་དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་དུ་གནོད་པ་སྤང་བའི་ཕྱིར་དགོན་པར་དབྱར་ཕྱི་མར་ཉེ་བར་གནས་པའོ།། དོགས་པ་དང་བཅས་པ་ཞེས་བྱ་བ་ནི་དེ་ན་དོགས་པ་དང ་བཅས་པར་ཤེས་པ་སྟེ། གླང་ཆོམ་རྐུན་པས་འཇིགས་པ་མ་བྱུང་ཡང་དོགས་པ་དང་གནས་པ་དང་ཟ་བའི་སྐབས་དག་སྣང་བའི་ཕྱིར་རོ།། འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི། གང་དུ་ཆོམ་རྐུན་པས་འཇིགས་པ་ལན་ཅིག་བྱུང་བ་དེ་ཡང ་ཤེས་ལ་མི་རྣམས་རྟབས་ཤིང་བྲོས་པར་སྣང་བའོ།། འཇིགས་པ་ཐ་དད་པས་འཇིགས་རུང་བ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི། གང་ཆོམ་རྐུན་པའི་འཇིགས་པ་ལན་མང་དུ་བྱུང་བ་དང་། སེང་གེ་དང་། སྟག་དང་། མི་མ་ཡིན་པས་འཇིགས་པ་དང་། ་དེ་གཉིས་དང་པོ་ནས་གོ་རིམ་ཅི་ལྔ་བཞིན་དུ་འཇིགས་པ་དང་། འཇིགས་པ་ཐ་དད་བས་འཇིག་སུ་རུང་བ་དང་བཅས་པར་གྲགས་པའོ།། རྣམ་གྲངས་གཞན་དུ་ན་ཆོམ་རྐུན་པས་འཇིགས་པ་དང་། སེང་གེ་དང་། སྟག་གིས་འཇིགས་པ། སྦྲད་རྒོད་དང་། སྦྱང་བ ་མཆུ་རིང་དང་། རླུང་དང་ཚ་བ་དང་། སྡིག་སྦྲུལ་གྱི་འཇིགས་པ་སྟེ། ཚིག་གསུམ་དང་གོ་རིམ་ཅི་ལྟ་བ་བཞིན་དུའོ།། སྟག་ལ་སོགས་པས་འཇིགས་པ་ན་ཆོམ་རྐུན་པ་གནས་པར་ཡང་རིག་པར་བྱའོ།། ཆོས་གོས་གསུམ་ལས་ཞེས་བྱ་བ་ནི་བྱིན་གྱིས་བརླབས ་པ་རྣམས་ཏེ། གང་དང་བྲལ་ཡང་ལྟུང་བར་འགྱུརརོ།། ཁྱིམ་གཞན་དུ་ཞེས་བྱ་བར་ནི་གང་ན་སྲང་དང་བཞི་མདོ་དང་། སུམ་མང་ཡོད་པའོ།། བཞག་པར་བྱའོ།། ཞེས་བྱ་བ་ནི་ཉེ་བར་བཞག་པར་བྱའོ།། དེ་ལྟ་བུའི་རྒྱན་ཅེས་བྱ་བ་ནི་དགེ་འདུན ་གྱིའམ། མཆོད་རྟེན་གྱི་འམ། གང་ཟག་གི་བྱ་བ་ལའོ།། མཚམས་ཀྱི་ཕྱི་རོལ་ཞེས་བྱ་བ་ནི་དགོན་པའི་གཙུག་ལག་ཁང་དེའི་ཉེ་འཁོར་དུ་སྤྱད་པ་ལས་འདའ་བའོ།། དགོན་པའི་གནས་མལ་ན་འདུག་པ་དེ་ལ་ནི་དེ་ལྟར་སྣང་གི། མཚམས་ཀྱི་ཕྱི་རོལ ་དུ་སོང་བ་དེ་ལ་ནི་མ་ཡིནོ།། ཕྱིས་ཀྱང་བྱ་བ་ལ་ནི་རྗེས་གན་།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། ཞག་དྲུག་ལས་འདས་པར་གནས་ན་སྤང་བའོ།། ཞག་བདུན་པའི་མཚན་མོ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱསོ།། ཤར་ན་སྤྲིང་བའོ།། དེ་ཉིད་སྨྲར་འོང ་ཞེས་བྱ་བ་ལ་སོང་བ་ལས་བར་ཆད་ཀྱི་སྐུར་མ་འོངས་པ་ལ་འབྲལ་པའི་ལྟུང་བ་མེད།། མི་རུང་བ་དང་ཐགསུམ་བརྟགས་པ་ནི་ཞག་དྲུག་འདུས་ཀྱང་ཉེས་བྱས།། སོང་བ་ལས་བར་ཚང་བརྡུང་པོ་དག་བྱུང་སྟེ། མ་འོངས་པ་དང་། དེ་བཞིན་དུ་དགེ་འདུན་གྱིས་གམ ་བ་བྱིན་པ་ལ་ནི་ལྟུང་བ་མེ་དོ།། ཞག་དྲུག་ལ་ཞག་དྲུག་ཏུ་འདུ་ཤེས་པ་མུ་བཞིར་སྦྱ་རོ།། བདུན་པའོ།། ། མཉན་ཡོད་ན་སྟེ། དགེ་སློང་མང་པོ་ལ་བརྟེན་ནས་དུས་མ་ཡིན་པར་ལེན་པའི་གཞིའི་དབང་དུ་མཛད། འགལ་ཚབས་ཅན་དུ་འགྱུར་བ་དང་། ་ཕོངས་པ་དང་། མ་དད་པའི་ཉོན་མོངས་པས་བརྒྱད་པ་བཅསོ།། སོ་ག་རྣམས་ཀྱིས་ཟླ་བ་གཅིག་ལུས་པ་ན་ཞེས་བྱ་བ་ནི་ཟླ་བ་གཅིག་ན་དབྱར་ཉེ་བར་སྒྲུབ་པར་འགྱུར་བ་ཞེས་བྱའོ།། གང་དབྱར་ཉེ་བར་གནས་པ་ཞེས་བྱ་བ་དེའི་ཀུན་ཏུ་སྤྱད་བ་ནི་གང་ཞེ་ན། ཚེས ་བཅོ་ལྔ་ལ་གཙུག་ལག་ཁང་རྣམས་ཆག་ཆག་གདབ་པ་དང་། སྐྱང་ནུལ་གྱིས་བྱུག་པ་དང་། མལ་ཆ་དང་། སྟན་རྣམས་མི་སྦ་བར་ཐ་ན་རྐང་པའི་ཆོལ་ཟངས་ཀྱང་དགེ་འདུན་ལ་བགོ་བར་བྱའོ།། ཐོག་མར་མལ་ཆ་དང་། སྟན་རྣམས་སྡུད་པ་ཆོས་ལྔ་དང་ལྡན ་པ་སྤྲོ་བར་བྱས་ལ། གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་བསྐོ་བར་བྱའོ།། དེས་ཀྱང་དྲི་དང་མེ་ཏོག་གིས་བརྒྱན་པའི་ཚུལ་ཤིང་གཟེབ་ཀྱི་སྒྲོག་མར་རས་དཀར་པོ་བཏིང་བས་དཀྲིས་པར་བཞག་སྟེ། གནས་མལ་བཤམ་པར་བྱས་ཏེ། གཎྜཱི་བརྡུངས་ཏེ། ་དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པ་དང་། རྒན་པའི་མཐའ་ལོགསུ་བཞག་ལ་དེ་ནས་ཁྲིམསུ་བྱ་བ་བསྒྲག་པར་བྱ་སྟེ། ཁྲིམསུ་བྱ་བར་བཅས་པ་ནི་འདི་ཡིན་ཏེ། གང་སྤྲོ་བ་དེ་ནི་དབྱར་ཉེ་བར་གནས་ནས་འདི་ལྟ་སྟེ། དབྱར་གྱི་ནང་དུ་དགེ་སློང་ལ ་གླེང་བར་མི་བྱའོ།། དགེ་འདུན་གྱིས་དགེ་སློང་ལ་བདེ་བ་ལ་རེག་པར་གནས་པར་མི་འགྱུར་བའི་བྱ་བ་བཅས་ན་འགལ་ཚབས་ཅན་དུ་འགྱུར་རོ།། དེ་ནས་ཚུལ་ཤིང་བྲིམས་ཏེ། ཐོག་མར་སྟོན་པའི་ཕྱིར་བླངས་ལ་དེའི་འོག་ཏུ་དགེ་འདུན་གྱིས་གནས ་བརྟན་གྱིས་སྟན་ལས་ཕྱེད་འཕགས་ཏེ་བླངས་ནས་ཡང་ངལ་གྱིས་བཞག་གོ།། དགེ་ཚུལ་རྣམས་ཀྱི་སློབ་དཔོན་དང་མཁན་པོས་བླང་ངོ་།། དེ་ནས་གཉུག་མར་གནས་པ་རྣམས་ཀྱི་བླ་།། དེའི་འོག་ཏུ་བགྲངས་ལ་བསྒྲག་པར་བྱའོ།། དེ་ནས་གནས ་ཁང་བསྒོ་སྟེ། གནས་ཁང་འདི་ནི་རྙེད་པ་དང་བཅས་པ་གོསུ་བཅས་པ་ལགས་ན། གལ་ཏེ་བཞེད་ན་སྣོམས་ཤིག་ཅེས་བྱའོ།། གསུམ་པའི་ཐང་དུ་སོན་པ་ལས་སློང་ན་ཚིག་གསུམ་པ་བརྗོད་པ་ན། བཟོད་སྦྱིན་པར་བྱའོ།། ཉེས་བྱས་ཀྱང་བཤགས ་བར་བྱའོ།། སྒོ་གང་དང་། ཁྱམས་དང་། ཐེམ་སྨྲས་ཀྱི་ཁང་པ་བན་པར་མ་བྷའོ།། བྱུག་གུ་ཐོགས་པ་ཡང་བསྒོ་བར་བྱའོ།། དེས་བྱིའུ་ལ་སོགས་པའི་ཆང་བ་དང་བཅས་པ་མ་ཡིན་གྱི་སྒོང་མེད་པ་ཡིན་ན་བསལ་ཞིང་བསྐང ་བྱའོ།། ཏམ་བུ་ཀའི་ཚང་སྒོ་ང་དང་བཅས་ན་འགྲེལ་ཞིང་སྐྱེ་བར་མི་འགྱུར་བའི་ཕྱིར་སྨྱུད་པས་དཀྲི་བར་བྱའོ།། དེ་ནས་མལ་ཆ་དང་། སྟན་རྣམས་བསྒོ་སྟེ་ཉུང་ན་དངོས་པོ་རེ་རེའོ།། མངྒ་ན་མང་དུའོ།། ལྕི་ཞིང་ལས་ཡོངསུ་དཀའ་བ་རྣམས་ནི་གནས་པ་རྣམས་ལ་སྦྱིན ་བར་བྱའོ།། རྒན་པ་རྣམས་ལ་ནི་ཁྲིའུ་དང་། སྟན་བཟང་པོ་རྣམསོ།། ཡང་རྒན་རི་མ་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ།། བཟང་པོ་རྣམས་ནི་དགེ་སློང་ལ་བྲིམས་ནས། ལྷག་མ་དགེ་སློང་མ་རྣམས་ལ་བྲིམ་པར་བྱའོ།། དེ་ནས་གང་རུང་བ་ཙམ་མམ། གདིང་བ་དྲི་མ་ཅན ་ཀྱིས་གནས་མལ་ལ་སྤྱོད་པར་བྱེད་ན་དེ་ལ་དགེ་འདུན་གྱིས་ཉེ་བར་བརྟག་པར་དགོང་སོ་ཞེས་བརྗོད་པར་བྱའོ།། ཟླ་བ་ཕྱེད་ཕྱེད་ཅིང་མལ་ཆ་དང་། སྟན་རྣམས་བརྟག་པར་བྱའོ།། རྒན་པོ་དང་གནས་པ་རྣམས་ཀྱིས་ཡོངསུ་ལོངས་སྤྱད་པ་དེ་གང་ན་བར་སྤྱོད་པར ་མཐོང་ནས། དགེ་འདུན་དང་། སློབ་དཔོན་དང་། མཁན་པོ་ལ་བརྗོད་དེ། སླར་དབྲོག་པར་བྱའོ།། འདི་ནི་གནས་མལ་སྡུད་པར་བྱེད་པས་ཀུན་ཏུ་སྤྱད་པ་རྣམསོ།། གཙུག་ལག་ཁང་སྐྱོང་གིས་རྒོངས་ཀར་ཚོགས་པའི་དུསུ་དགེ་སློང་གི་དགེ་འདུན་རྣམས་ལ་སྦྱིན ་བདག་འདི་ཞེས་བྱ་བ་དང་། ཞལ་ཏ་བ་འདི་ཞེས་བྱ་བ་དང་། སྤྱོད་ཡུལ་གྱི་གྲོང་དག་གིས་སང་དབྱར་ཉེ་བར་གནས་པར་བྱའོ་ཞེས་བརྗོད་པར་བྱའོ།། དེ་ནས་ཚེས་བཅུ་དྲུག་ལ་སོ་སོ་ནས་གནས་ཁང་དང་སྤྱོད་ཡུལ་རྣམས་བལྟས་ཏེ། གནས་འདི་ན་བདག་ལ་སྡུག ་བསྔལ་མི་སྐྱེད་པ་དང་། སྐྱེད་ན་མེད་པར་བྱེད་པ་འམ། ན་ན་ནང་གཡོག་བྱེད་པ་ལྟ་ཡོད་དམ། སྤྱོད་ཡུལ་འདི་ན་བསོད་སྙོམས་དང་། སྨན་སྦྱོར་བའི་སྦྱིན་པ་པོ་ལྟ་ཡོད་དམ་ཞེས་བརྟགས་ཏེ་གཡོགས་པར་ནང་དུ་ཞུགས་ལ། དགེ་སློང་གི་མདུན་དུ་ཕྱག་བྱས ་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ།། ཚེ་དང་ལྡན་པ་དགོངསུ་གསོལ། དེང་ནི་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའི་ཆོས་གཅིག ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་འདི་ལྟ་སྟེ། གནས་རལ་བ་དང་། འདྲུམས་པ་བཅོས་པའི་སླདུ་སྦྱིན་བདག་ཆེ་གེ་མོ་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་ཞེས་བགྱི་བ་དང་། བྲོ་གཡོག ་ཆེ་གེ་མོ་ཞེས་བགྱི་བས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླ་།། བདག་དབྱར་གནས་འདི་ན་མཆིས་ཤིང་། བདག་གི་དབྱར་གྱི་གནས་ནི་འདི་ལགསོ་ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ།། གང་ཡང་དེ་བཞིན་དུ་གཉིས་པར་སྒྲུབ་པས་ཀྱང ་བྱའོ།། རྣམ་པ་གཉིསུ་ནི་མ་ཡིན་ནོ།། འདོད་ན་སྔ་མ་འམ། ཕྱི་མར་ངེས་པར་དབྱར་ཉེ་བར་གནས་པར་བྱའོ།། ཕྱི་མར་དབྱར་ཉེ་བར་གནས་ན། སྟོན་ཟླ་ཐ་ཆུང་གི་བར་དུ་གནས་པར་བྱའོ།། ཤིང་ལ་སོགས་པས་གནས་གཞིའི་མཚམས་ཀྱི་མདོར་མནན་ཏེ། དབྱར ་གནས་པར་ཁས་བླངས་ན་བཞི་ཅར་དུ་ཡང་དབྱར་གནས་པར་ཁས་བླངས་པ་ཞེས་བྱ་བ་ཡིན།། དབྱར་གནས་པར་ཁས་བླངས་པས་མཚམས་ཀྱི་ཕྱི་རོལ་དུ་གནས་པར་མི་བྱའོ།། དགེ་སློང་ནས་དགེ་བསྙེན་གྱི་བར་དུ་སྟེ། ཉེ་དུའི་དོན་ནམ། མུ་སྟེགས་ཅན ་བ་ངན་པ་དང་དཔྲལ་བ་འམ། བདག་ཉིད་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་རམ། མདོ་སྡེ་ལ་སོགས་པ་ལ་ཐེ་ཚོམ་སྤང་བའི་ཕྱིར་ཡང་རུང་སྟེ། ཞག་བདུན་དུ་བྱིན་གྱིས་བརླབས་ལ་འགྲོ་བར་བྱའོ།། ཚེ་དང་ལྡན་པ་དགོངསུ་གསོལ། བདག ་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྣ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས་བདག་མིང་འདི་ཞེས་བགྱི་བ་ཞིག་གི་སླད་དུ་དགུང་བདུན་ཚུན་ཚད་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། བར་ཆད ་མ་བྱུ་ན་དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླ་བོ།། བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགསོ།། དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ།། ཉེ་བར་གནས་པ་ལ་བདག་ཉེ་བར་གནས་སམ་མ་གནས་ཞེས ་ཡིད་གཉིས་ཟ་བ་མཚམས་ཀྱི་ཕྱི་རོལ་དུ་གནས་ཀྱང་དབྱར་རལ་བ་མ་ཡིནོ།། དབྱར་གྱི་ནང་དུ་སྤངས་པ་དང་། ཡང་ཟླ་བ་གསུམ་དུ་ལྷན་ཅིག་འདུག་པར་བྱའོ།། དགག་དབྱེ་བྱས་ནས་ནི་མ་ཡིནོ།། ན་མཁའ་འདུག་སྟེ་སྐྱ་རེངས་ཤར་ན་དབྱར་རལ ་པའོ།། དབྱར་གྱི་ནང་དུ་གྲུ་བསྐྱོད་པར་ཤེས་བཞིན་དུ་དེང་དབྱར་གནས་ན་དབྱར་རོལ་པའོ།། མི་ཤེས་ན་མ་ཡིནོ།། སྡེ་ལྔ་ཅར་གྱིས་ཞག་བདུན་དུ་བྱིན་གྱིས་བརླབ་པར་བྱའོ།། དེ་དག་གིས་ཀྱང་ཉེ་བར་གནས་པར་བྱའོ།། དགེ་འདུན་གྱིས་གནང་བ་མེད ་ཀྱང་ཅིག་གི་མདུན་དུ་བྱིན་གྱིས་བརླབ་པར་བྱའོ།། ཅི་ལྟར་བདུན་པ་དེ་བཞིན་དུ་ཅིག་ནས་དྲུག་གི་བར་དུའོ།། དགེ་འདུན་གྱིས་དོན་གྱི་ཕྱིར་ནི་བརྒྱད་ནས་ཞག་བཞི་བཙུའ་བར་དུ་སྟེ། དགེ་འདུན་ལ་གསོལ་ལ། ཅིག་གི་མདུན་དུ་དེ་བྱིན་གྱིས་བརླབ ་པར་བྱའོ།། དེ་ལས་འདས་པ་ནི་མ་ཡིནོ།། མཚམས་ཀྱི་ནང་དུ་ཡུན་རིང་དུ་གནས་པར་བྱའོ།། དེར་སྔར་སྤྲོ་བར་བྱོས་ལ་ཕྱིས་གསོལ་བ་བྱས་ནས་ལས་བྱའོ།། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།། དགེ་སློང་མིང་འདི་ཞེས་བགྱི་བ་འདི ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་འམ་ཕྱི་མ་ཡང་རུང་། ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་ནི་འདི་ལགས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ། ་ཞག་བཞི་ནུ་བྱིན་གྱིས་བརླབས་ནས་དགེ་འདུན་གྱི་ཆེད་ལ་མཚམས་གྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་མཆི་བར་སྤྲོ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་དབྱར་འདི་ན ་མཆིས་ཤིང་འདིའི་དབྱར་གྱི་གནས་ནི་འདི་ལགས་པ་ལས་དགེ་སློང་མིང་འདི་ཞེས་བགྱི་བ་ཞག་བཞི་བཅུ་བྱིན་གྱིས་བརླབས་ནས་དགེ་འདུན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། འདི་ཚུན་ཆད་ཀྱིས་སླར་མཆི་བར་སྤྲོ་སྟེ། དགེ་སློང་མིང ་འདི་ཞེས་བགྱི་བ་ལ་ཞག་བཞི་ཅུའི་གནང་བ་སྩོལ་ཏོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། དབྱར་གནས་པར་ཁས་བླངས་ཏེ། ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། དེའི་སླད་དུ་འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་ནི་འདི ་ལགས་པ་ལས་དགེ་སློང་མིང་འདི་ཞེས་བགྱི་བ་ཞག་བཞི་བཅུ་བྱིན་གྱིས་བརླབས་ནས་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་རླུང་རོལ་ཏུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་ཅུའི་གནང་བ ་གསོལ་ན། དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་ཅུའི་གནང་བ་སྩལ་བར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང ་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ནས་བསྐོས་པ་དེས་དགེ་སློང་ཅིག་གི་མདུན་དུ་འདི་སྐད་ཅེས་བརྗོད་པར་བྱའོ།། ། ་ཚེ་དང་ལྡན་པ་དགོངསུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་འམ། ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱིས་ཞག ་བཞི་བཅུ་གནང་བ་སྐུལ་ལགས་ཏེ། བདག་མིང་འདི་ཞེས་བགྱི་བའི་དགེ་འདུན་གྱི་བགྱི་བ་ཞིག་གི་སླད་དུ་དགུང་བཞི་ཅུ་མཚམས་ཀྱི་སླད་རོལ་ཏུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བའི་བྱིན་གྱིས་བསླབ་པོ།། བདག་དབྱར་འདི་ན་མཆིས་ཤིང ་བདག་གི་དབྱར་གྱི་གནས་ནི་འདི་ལག་སོ།། དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ།། ཐ་མ་ཞག་བརྒྱད་ཀྱི་བར་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། སྟོན་ཟླ་ཐ་ཆུངས་ལ་ཡང་ཞག་ཅིག་ལ་སོགས་པ་ལ་ཡང་བྱིན་གྱིས་བརླབ་པར་བྱའོ།། སྲོག ་དང་ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་ན་དབྱར་རལ་པ་ལ་ལྟུང་བ་མེ་དོ།། འདི་ལྟ་སྟེ། བསོད་སྙོམས་སྦྱིན་པ་དང་། སྨན་དང་ནད་གཡོག་མེད་པ་དང་། སྐྱེས་པ་དང་། མ་ནིང་དང་། ཉེ་དུ་ཡང་རུང་། མི་རིགས་པོ་ལས་མགྲོན་དུ་གཉེར་བ་དང་། ་གཏེར་གྱི་སྒོ་མཐོང་བ་དང་། བུད་མེད་ཀྱི་ཡུལ་ཆགས་པར་བྱེད་པས། ཚུལ་བཞིན་མ་ཡིན་པའི་མཚན་མར་འཛིན་པའོ།། དགེ་སློང་ངམ། སྦྱིན་བདག་ལ་ཡང་རུང་བར་ཆད་བརྒྱད་པོ་དག་ཏུ་གྱུར་པ་སྟེ། འདི་ལྟ་སྟེ། ཆོས་རྐུན་གྱིས་འཇིགས་པ་དང་། ་རྒྱལ་པོས་འཇིགས་པ་དང་། མིས་འཇིགས་པ་པ་སྟེ། རྒྱལ་པོ་དང་ཆོམ་རྐུན་མ་གཏོགས་པའི་མི་ལས་གང་བྱུང་བའོ།། མི་མ་ཡིན་པས་འཇིགས་པ་དང་། ཀླུས་འཇིགས་པ་དང་། གཅན་ཟན་གྱིས་འཇིགས་པ་དང་། ཀླུ་དང་མི་མ་ཡིན་པ་དེ་དག ་མ་ཡིན་པ་དེ་དག་མ་གནོག་པའི་འཚོ་བར་བྱེད་པ་རྣམས།། མེས་འཇིགས་པ་དང་། ཆུས་འཇིགས་པ་དང་། གནས་དེ་ན་དགེ་འདུན་བྱེ་བར་འགྱུར་བ་ལྟུང་བ་མེདོ།། ཆོས་ཀྱི་ཕྱོགས་ནས་ཆོས་མ་ཡིན་པའི་ཕྱོགསུ་སྐྱ་རེངས་ཤར་བར་བྱེད་ན་དབྱར་རལ་པའོ།། ་གཙུག་ལག་ཁང་གཞན་ཞིག་ན་དགེ་སློང་མཛའ་བོ་ཞིག་དགེ་འདུན་ལ་དབྱེན་བྱེད་དུ་འདོད་པ་དེ་བཟློག་པའི་ཕྱིར་སོང་བ་ལས་ཞག་བདུན་འདས་ཀྱང་ལྟུང་བ་མེ་།། དེར་མི་འགྲོ་ན་ཡང་འགལ་ཚོབས་ཅན་དུ་འགྱུར་རོ།། གཙུག་ལག་ཁང་གང་དུ་དབྱར ་གནས་པ་དེར་ཕྱག་ངར་དང་། ཆག་ཆག་ལ་སོགས་པ་བྱའོ།། དབྱར་གནས་པས་ཁས་བླངས་པས་རྣམ་པ་གསུམ་བྱ་སྟེ། མཁར་ལན་དང་། གོས་བགོ་བ་དང་། སྲ་བརྐྱང་གི་གོ་སོ།། དགེ་འདུན་གྱིས་གནས་བརྟན་གྱིས་དགེ་སློང་རྣམས་མཁར་ལན ་བྱེད་དུ་གཞུག་པར་བྱའོ།། གནས་འདིར་དབྱར་གནས་པར་བྱའོ་ཞེས་དམ་བཅས་པ་ལས་དེར་དབྱེར་ཉེ་བར་མ་གནས་ན་ཉེས་བྱསོ།། ཞར་ལ་འོངས་པ་རྣམས་བརྗོད་ནས་དཀྱུས་ཉིད་བརྗོད་པར་བྱའོ།། དབྱར་གྱི་གོས་རས་ཆེན་ཞེས་བྱ་བ་ནི། ་དབྱར་གནས་པ་ཁྲུས་ཀྱི་ཕྱིར་ནི་དབྱར་གྱི་གོས་རས་ཆེ་ནོ།། ཡུལ་གང་ན་ཁྲོན་པའི་ཆུ་ལས་ཁྲུས་བྱེད་པ་དེ་ན་དབྱར་ཁྲུས་བྱ་བའི་ཕྱིར་འདི་གནང་བའོ།། བཙལ་བར་བྱའོ་ཞེས་བྱ་བ་ལ། གང་ནས་བཙལ་བར་བྱ་ཞེས་ན་ཉེ་དུ་འམ ་ཉེ་དུ་མ་ཡིན་པས་བསྟབས་པའམ། བདག་གི་རིན་གྱིས་ཉོས་པའམ། ལུས་སམ་ངག་གིས་བསྒྱུར་ཅིང་ཚོལ་བའོ།། དེ་ཚུན་ཆད་རྙེད་ན་རུང་བར་བྱས་ལ་བཅང་བྱའོ།། དབྱར་ཟླ་འབྲིང་པོ་ལ་བྱིན་གྱིས་བརླབ་པར་བྱའོ།། དབྱར་ཟད་ནས་འོ ་དུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ།། ཞེས་བྱ་བ་ནི་དགག་དབྱེ་བྱས་ནས་ཟླ་བ་ཕྱེད་ཀྱི་བར་དུའོ།། དགག་དབྱེ་བྱ་བ་ཅི་ལྟ་ཞེ་ན། ཉི་མ་བདུན་ནམ་བརྒྱད་ན་དགག་དབྱེ་བྱེད་པ་སྦྱོང་ཡུལ་གྱི་གྲོང་རྣམསུ་བརྗོད་པར་བྱའོ།། འཁོར་མེད་ན་གཞོན་ནུ་དང་། ་ན་པ་རྣམས་ཀྱིས་མཆོད་པའི་ཆོ་ག་ལེགས་པར་བྱའོ།། མདོ་སྡེ་ལ་སོགས་པ་འཛིན་པས་མཚན་ཐོག་ཐག་ཆོས་མཉན་པ་སྦྱིན་པར་བྱའོ།། དུས་ཤེས་པར་བྱས་ནས་དགག་དབྱེ་བྱེད་པ་བསྐོ་བར་བྱའོ།། དེ་ཡང་སྔར་སྤོ་བར་བྱའོ།། དགེ་འདུན་བཙུན ་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང ་མིང་འདི་ཞེས་བགྱི་བ་དགག་དབྱེ་བགྱིད་པར་བསྐོས་ཏེ། དགེ་སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིང་པར་འགྱུར་རོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགག་དབྱེ་བགྱིད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག ་སློང་མིང་འདི་ཞེས་བགྱི་བ་དགག་དབྱེ་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི ་པབ་དགག་དབྱེ་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། ངེས་རྩཝ་ཀུ་ཤ་རྣམས་ཁྱེར་ཏེ་བྲིམ་པར་བྱའོ།། དགེ་འདུན་གྱི་གནས་བརྟན་གྱིས་གསོལ་བ་འབའ་ཞིག་གི་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས ་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་སྟེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱི་གནང་བར་མཛོད་ཅིག་དང་། དགེ་འདུན་དགག་དབྱེ་མཛ་།། འདིའི་གསོལ་བའོ།། དགག་དབྱེ་བྱེད་པ་གནས་བརྟན་གྱི་མདུན ་དུ་འདུག་ལ་དེས་ཀྱང་རྩཝ་ཀུ་ཤ་ཅུང་ཟད་ལག་པས་གཟུང་བར་བྱའོ།། ཁ་ཤར་ཕྱོགས་དང་བྱང་ཕྱོགསུ་བསྟན་ཏེ། བཏིང་ལ་རྐང་པས་མནན་ཏེ་འདི་སྐད་དུ་སྨྲ་བར་བྱའོ།། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱིས་དགག་དབྱེ་བཙ ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་། དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱིས ་དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་གདམ་སུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེ་སུ་བསྟན་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེསུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན། ཆོས་བཞིན་འདུལ་བ་བཞིན་དུ་སླར་བགྱིའོ།། དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ།། དེ་བཞིན་དུ་གསར་བུའི་བར་དུ་ཀུན་གྱིས་བྱའོ།། ་དགག་དབྱེ་བྱེད་པ་ཅིག་ཡོད་ན། དེས་དགེ་འདུན་གྱི་འདུན་དུའོ།། གལ་ཏེ་གཉིས་གསུམ་ན། གཅིག་ལ། གཅིག་དགག་དབྱེ་བྱའོ།། དེའི་འོག་ཏུ་དགེ་སློང་མ་རྣམས་དང་། དགེ་སློབ་མ་དང་། དགེ་ཚུལ་དང་དགེ་ཚུལ་མ་རྣམས་ཀྱིས་དགག་དབྱེ་བྱའོ།། དེ་ནས ་དགག་དབྱེ་བྱེད་པ་རྒན་རིམ་གྱིས་མདུན་དུ་འགྲེང་སྟེ། དགེ་འདུན་བཙུན་པ་རྣམས་ཀྱི་དགག་དབྱེ་མཛད་ལགསོ་ཞེས་བརྗོད་པར་བྱའོ།། ཐམས་ཅད་ཀྱིས་ཀྱང་དགག་དབྱེ་མཛད།། ལེགས་པར་དགག་དབྱེ་མཛ་།། ཞེས་བརྗོད་པར་བྱའོ།། རྣམ་པ་གཞན་དུ་ན ་འགལ་ཚབས་ཅན་དུ་འགྱུར་རོ།། དེ་ནས་དགག་དབྱེ་བྱེད་པས། བབ་བམ་གྲིའུ་ཐོགས་ལ་འདི་སྐད་དུ་བརྗོད་པར་བྱའོ།། བཙུན་པ་དག་རྙེད་པའི་དངོས་པོ་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་གི་དགེ་འདུན་རྣམས་དགག་དབྱེ་བྱ་ཞིང་། འདིར་གང ་ཅི་རྙེད་པ་དགེ་འདུན་ཚོགས་ནས་བགོ་བར་བྱའོ།། ཐམས་ཅད་ཀྱིས་རྙེ་དོ་ཞེས་བརྗོད་པར་བྱའོ།། རྣམ་པ་གཞན་དུ་ན་དགག་དབྱེ་བྱེད་པ་དང་། དེ་དག་ཀྱང་འགལ་ཚབས་ཅན་དུ་འགྱུ་རོ།། གཅིག་པུ་ཞིག་འདུག་ན་ཆོས་མཉན་པ་ཅི་ནུས་སྦྱིན་པར་བྱའོ།། ། ་གསོ་སྦྱོང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། གསོ་སྦྱོང་གི་སྐབསུ་དགག་དབྱེའི་སྒྲས་བརྗོད་པར་བྱའོ།། དེ་བཞིན་དུ་གཉིས་དགག་གམ། གསུམ་པོ་རྣམས་ཀྱིས་ཀྱང་།། གང་ན་བཞི་འཁོད་པ་དེ་དག་གིས་དགག་དབྱེ་ནི་བྱའོ།། དགག་དབྱེ་བྱེད ་པར་བསྐོ་བར་ནི་མི་བྱའོ།། གང་ན་ལྔ་འཁོད་པ་དེར་ནི་དགག་དབྱེ་བྱེད་པ་བསྐོ་བར་བྱའོ།། འདུན་པ་བླང་བར་མི་བྱའོ།། དགག་དབྱེ་བྱ་བ་རྣམ་པ་བཞི་སྟེ། ཚིག་གཅིག་པ་དང་། ཚིག་གཉིས་པ་དང་། ཚིག་གསུམ་པ་དང་། མང་པོའི་དགག་དབྱེ་བྱའོ།། ་དེ་ལ་ཚིག་གཅིག་པ་ནི་གལ་ཏེ་གཞང་འབྲུམ་གྱི་ནང་ཡོད་པ་འམ། བླ་གབ་མེད་པ་ན་མལ་ཆ་དང་སྟན་རྣམས་བཞག་པ་ལས་ཆར་བབ་བམ། ཆར་བབ་དུ་དོག་པ་འམ། རྒྱལ་པོ་འམ། ཁྱིམ་པས་རྙེད་པ་ཞིག་ཁྱེར་ཏེ་འོངས་སམ་ཆོས་མཉན་པ་སྒྲོགས ་པའི་གཏམ་ལ་འབེབས་སམ་རྩོད་པ་ཞི་བར་བྱེད་དམ། མཚན་མོ་ཉུང་ངུ་ཙམ་ལུས་སམ། རྒྱལ་པོ་ལ་སོགས་པ་འཇིགས་པ་བརྒྱད་པོ་དང་ལྡན་པའོ།། དེ་ལ་ཚིག་གཉིས་པ་ནི་ཚིག་གང་གསུམ་པོའི་སྐབས་མེད་པའོ།། ཚིག་གང་གསུམ་པོ་ནི། ་མཉམ་པའི་གནས་སྐབསོ།། དེ་ལ་ཚོགས་ཀྱི་དགག་དབྱེ་བྱ་བ་ནི་འཇིགས་པ་ཆེན་པོ་བྱུང་ན་རྣམ་པར་བལྟས་ལ། ཕན་ཚུན་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དག་དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་སྟེ། འདི་དང་འདི་ལྟ་བུའི་འཇིགས་པ་བྱུང་སྟེ། ་གང་གི་ཚེ་དགེ་འདུན་ཚོགས་བརྙེད་པ་དག་དེའི་ཚེ་དགེ་འདུན་དང་ལྷན་ཅིག་དགག་དབྱེ་བགྱིའོ།། ལྟུང་བ་ཁས་ལེན་ཏེ་གལ་ཏེ་ཕམ་པར་འགྱུར་བར་ཁས་ལེན་ན་ཕྱུང་ལ་དགག་དབྱེ་བྱའོ།། གལ་ཏེ་དེ་ལས་གཞན་པ་ནི་ལྟ་བ་མཐུན་པའི་མདུན་དུ ་བཤགས་པར་བྱའོ།། ལྟ་བ་མཐུན་པ་ཇི་ལྟ་བུ་ཞེ་ན། གང་ལྟུང་བ་བྱུང་བ་དེ་དང་དེའི་དངོས་པོ་ལ་ལྟ་བ་མཚུངས་པར་གྱུར་པའོ།། ཁས་བླངས་པས་ཁས་མ་བླངས་པ་མང་པོའི་ཚོགསུ་ཁ་བསྐང་བ་དང་། གོ་བཟློག་པ་དང་། དགག ་དབྱེ་བྱེད་པ་མཚན་གྱུར་ན་དགག་དབྱེ་མ་བྱས་པའོ།། ཐེ་ཚོམ་ཟོས་པ་ནི་གང་ཅི་ལྟ་བུར་འདུ་ཤེས་པ་དེ་དག་གིས་དེ་ལྟར་དགག་དབྱེ་བྱའོ།། གང་ལྟུང་བའི་ཕྱིར་རྩོད་པ་ནི་ལྟུང་བ་ཅི་ལྟ་བུ་གང་རྗོད་པ་དེ་དག་གིས་དེ་ལྟར་དགག་དབྱེ་བྱའོ།། གླེང་བར ་བྱེད་པ་གང་ལུས་མི་སྡོམ་པ་དང་། ངག་མི་སྡོམ་པ་ཚར་གཅོད་ལ་གཉི་ག་སྡོམ་པ་བསྐོ་བར་བྱའོ།། དེ་བཞིན་དུ་མདོ་སྡེ་ལ་སོགས་པ་འཛིན་པ་ལ་ཡང་ངོ་།། དེ་ལ་གསལ་བ་དང་།། དེ་ལ་ཁས་པའོ།། གཞི་དང་མདོ་སྡེ་ལ་སོགས་པ་ལ་མཁསུ་ཟིན་ཀྱང ་གང་ཆོས་མ་ཡིན་པ་ཆོ་སུ་སྒྲོག་པ་དང་། དེ་ལ་བདག་གི་དྲི་བར་བྱའོ།། ལྟུང་བའི་རིས་ནི་གང་ཡིན། སྤྱོད་ལམ་ནི་གང་ཡིན། མཚན་མོ་འམ། དེ་བཞིན་དུ་ཉིན་མོ་འམ། གང་གིས་ཕྱེ་ན་གང་ཉེས་པའི་ཡན་ལག་ཐམས་ཅད་དུ་རྣམ་པར་འཁྲུགས་པའམ། ་གནས་དང་གནས་མ་ཡིན་པ་འམ། འགྲོ་བ་འམ། མི་འགྲོ་བ་འམ། ཕོ་ཉ་འམ་དགག་དབྱེ་འཇོག་ཅིང་དེར་མི་འགྲོ་ན་ཡང་གླེང་བར་བྱེད་པ་མ་ཡིན་ཏེ། དེ་ལ་གླེང་པ་མི་ཆགསོ།། གལ་ཏེ་འགྱུར་བ་མེད་ན་གླེང་བར་བྱེད་པ་ཡིན་ན། དེས་ཁས་ལེན་དུ ་བཅུག་ལ་ཆོས་བཞིན་དུ་བྱེད་དུ་གཞུག་པར་བྱའོ།། འཐབ་ཁྲོལ་ཅན་རྣམས་ལྷགས་ཤིང་མི་འགྲོ་ན་མགུ་བར་བྱས་ལ་དགག་དབྱེ་བྱའོ།། ཡང་ན་དཀྱིལ་འཁོར་བ་གཉིས་སམ། གསུམ་དུ་འདོད་པར་བྱའོ།། དགག་དབྱེའི་ལས་མ་ཟིན་པར་དགག ་དབྱེ་བཞག་ན་ཆོས་དང་མཐུན་པར་དགག་དབྱེ་བཞག་པའོ།། ཟིན་ན་ཆོས་དང་མཐུན་པ་མ་ཡིན་པའོ།། ནང་པ་བདག་ཉིད་དམ་ཕོ་ཉ་དགག་དབྱེ་བཞག་པར་མི་བྱའོ།། ནང་པ་ལ་ཡང་མི་བྱའོ།། ལྷག་མ་གཞན་ནི་གསོ་སྦྱོང་བཞིན་ཏེ། དགག་དབྱེ ་ནི་དེ་ལྟ་བུའོ།། ཞར་ལ་འོངས་པ་རྣམས་རྫོགས་ཏེ། དཀྱུས་མ་རྣམས་བརྗོད་པར་བྱའོ།། སྔོན་རོལ་ཏུ་ཞེས་བྱ་བ་ནི་དབྱར་ཟླ་འབྲིང་པོ་ལས་སྔ་མའི་དུས་ལའོ།། དེ་ཉིད་བསྟན་པ་ནི། སོ་ག་རྣམས་ཀྱི་ཟླ་བ་ཅིག་ལུས་པ་ཞེས་བྱ་བ་དེའི་སྔོན་རོལ་དུ་ཞེས ་བྱ་བར་མངོན་པར་བསམས་པའོ།། འདས་པར་ཞེས་བྱ་བ་ནི། འཆང་ན་ཞེས་བྱ་བ་འདི་དང་འབྲེལ་ཏོ།། གང་ལས་འདས་ཤེ་ན། སྨྲས་པ། དབྱར་འདས་ནས་ཟླ་བ་ཕྱེད་ལུས་པའོ།། དེ་བས་ན་འདི་ལྟར་དེ་སྔར་བཙལ་ན་ལྟུང་བ་གཅིག།། དེ་ཉིད་མ་བཏང ་སྟེ། འདས་པར་བཅངས་ན་ལྟུང་བྱེད་གཉིས་དང་། སྤང་བའི་དངོས་པོ་ཅིག་གོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྔ་མ་དང་ཕྱི་མ་སྟེ། གང་དབྱར་སྔ་མ་ལ་ཁས་ལེན་པར་འདོད་ན། དེ་དག་རང་གི་དུསུ་བྱས་ནས་ཚོལ་བ་ལ་ལྟུང་བ་མེད་དོ།། གང་ཕྱི ་མ་ལ་ཁས་ལེན་པར་འདོད་པ་དེ་དག་གིས་དེ་དག་ལ་བལྟས་ཏེ་བཙལ་ནས་འཆང་ན་སྔ་མ་ལ་ཉེས་བྱ་སུ་འགྱུར་ཏེ། སྤང་བར་ནི་མི་འགྱུར་རོ།། སྔོན་རོལ་ཏུ་འཆང་བ་ལ་ལྟུང་བ་མེད།། སྟོན་ཟླ་ཐ་ཆུང་ཟླ་བ་ཕྱེད་པ་གཉིས་པའི་བར་དུ་འཆང་བ ་ལའོ།། ཕྱི་མ་ལ་ནི་ལྟུང་བ་མེད། དུས་མ་ཡིན་པ་འདུ་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་སྤང་བའོ།། དུས་ལ་དུས་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དུས་མ་ཡིན་ནམ་དུས་ལ་བབ་ཀྱང་རུང་ངུ་སུ་འདུ་ཤེས་ན་ལྟུང་བ ་མེདོ།། མི་རུང་བ་དང་། ཐགསུ་མ་བཏགས་པ་དང་། ཟུག་རྡོལ་དུ་གྱུར་པ་དང་། རྙང་རྙིང་དུ་གྱུར་པ་ཡང་རུང་། ཚོལ་བ་དང་འཆང་ན་ཉེས་བྱསོ།། ཁས་ལེན་པར་འདོད་ན་ཞེས་བྱ་བའི་ཚིག་ནི་གལ་ཏེ་དབྱར་ཟླ་འབྲིང་པོ་ལ་ཆོས་གོས ་བཙལ་བ་ལས། དབྱར་ཟླ་འབྲིང་པོ་གཉིས་གྱུར་ན་སྔ་མའི་འདིར་ལྟུང་བ་མེའོ།། བརྒྱད་པའོ།། ། འདུལ་བ་བསྡུས་པ་བམ་པོ་བདུན་པ།། མཉན་ཡོད་ན་སྟེ། ཉེ་དགས་དགེ་འདུན་ལ་དབུལ་བ་ལས་རས་ཡུག་བདག་ཉིད་ལ་བསྔོས་པས ་ན། ལོག་པར་བསྔོས་པ་ཡོངསུ་ལེན་པའི་གཞིའི་དབང་དུ་མཛད་ནས་འགལ་ཚབས་ཅན་དུ་འགྱུར་བ་དང་། མ་ངད་པས་ཉོན་མོངས་པ་དག་གི་ཕྱིར་སྤང་བ་དགུ་པའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་རིག་གམ་ཕ་རོལ་པོས་བརྗོད་པས། ་དགེ་འདུན་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་དགེ་འདུ་ནོ།། དགེ་འདུན་གྱི་ལག་ཏུ་མ་ཐོབ་ཀྱང་བསྔོས་པའི་དབང་གིས་ནི་དགེ་འདུན་གྱི་ཞེས་གསུང་སོ།། དགེ་འདུན་དེ་ཡང་རྣམ་པ་ལྔ་སྟེ། ངོ་ཚ་མེད་པའི་དགེ་འདུན་སྟེ། གང ་ཐམས་ཅད་ཀྱང་ཚུལ་ཁྲིམས་འཆལ་པ་ཅན་དང་། ལུག་ལྟར་སྐུགས་པའི་དགེ་འདུན་ཏེ། གང་མདོ་སྡེ་དང་། འདུལ་བ་དང་། མ་མོ་མི་འཛིན་པ་དང་། ཚོགས་ཀྱི་དགེ་འདུན་སྟེ། གང་བ་ལས་རྣམས་བྱེད་པ་དང་། ཀུན་རྫོབ་ཀྱི་དགེ་འདུན་ཏོ། གང ་རྣམ་མ་སྐྱེ་བ་དག་བཅན་ཐམས་ཅད་དང་། དན་ངས་པའི་དགེ་འདུན་ཏེ། གང་ན་སློབ་པ་དང་། མི་སློབ་པ་རྣམ་གོ། རྐང་པ་ཞེས་བྱ་བ་ནི་རྙེང་པ་ལ་རྣམ་པ་གནས་ཏེ། གོས་ཀྱི་རྙིང་པ་དང་། ཁས་ཀྱི་རྙིང་པ་དང་། དོན་འཛི་ལན་ལས་ཀྱི་རྙིང་པ ་བྱ་བར་དགོངསོ།། ཁ་ཅིག་ནི་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་རྐྱེན་སྨན་དང་། གོས་ཀྱི་རིན་ལ་སོགས་པ་རྙེད་པ་དང་། གཞན་ཅི་རྙེད་ཀྱང་རུང་སྟེ། རྙེད་པ་ཞེས་བྱའོ་ཞེའོ།། བསྔོས་པ་བྱ་བ་ནི་གྲུབ་པ་སྟེ། དགེ་འདུན་ལ་འབུལ ་ལོ་ཞེས་བྱ་བ་དང་། ངེས་པར་ཞེས་བྱ་བའི་བར་དུའོ།། གཞན་དག་ནི་དགེ་འདུན་ལ་དབུལོ་ཞེས་ལུས་རྣམ་པར་འགྱུར་བ་འམ། ངག་གི་ཕྱེ་འམ། དེ་ལ་མངོན་དུ་བྱེད་པ་ཞེའོ།། ཕུལ་བ་ནི་ཡང་མི་བཀུར་བར་དགེ་འདུན་ཉིད་ལ་དབུལ་བར་བྱའོ།། ་གང་ཟག་བདག་ཉིད་ལ་ཞེས་བྱ་བ་ནི་བདག་ཉིད་ལ་བརྟེན་ནསོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གང་ཟག་གཞན་གཅིག་གམ། གཉིས་དག་ལ་འམ། མང་པོ་རྣམས་ལ་འམ། དགེ་འདུན་ལ་བསྔོས་ཀྱང་རུང་། བདག་གིར་བསྔོས་ན་སྦྱོར་བ་ནི། ་ཉེས་བྱསོ།། རྙེད་ན་སྤང་བའོ།། ཁ་ཅིག་ན་རེ་གང་ཟག་གཞན་གཅིག་ལ་བསྔོས་པ་ལས་བདག་ཉིད་ལ་བསྒྱུར་ན་ཉེས་བྱས་ཤེའོ།། གང་ཟག་ཅིག་ལ་འདིར་བསྔོས་པ་ལས། གང་ཟག་གཞན་གཅིག་གམ། གཉིས་དག་ལ་འམ། མང་པོ ་རྣམས་ལ་འམ། དགེ་འདུན་ལ་བསྔོས་ཀྱང་རུང་། སྦྱོར་བ་དང་། རྙེད་པ་ཡང་ཉེས་བྱསོ།། དེ་བཞིན་དུ་གཉིས་སམ། མང་པོ་འམ། དགེ་འདུན་ལ་བསྔོས་པ་དག་མ་གཏོགས་པ་གཞན་ལ་བསྔོས་པ་བསྒྱུར་ན། སྦྱོར་བ་དང་། རྙེད་པ་ན་ཡང་ཉེས་བྱས། ་དགེ་སློང་གི་དགེ་འདུན་ཅིག་ལ་བསྔོས་པ་ལས་དགེ་སློང་གི་དགེ་འདུན་གཞན་ནམ། དགེ་སློང་མའི་དགེ་འདུན་ལ་བསྔོས་པ་བསྒྱུར་རམ། དེ་བཞིན་དུ་དགེ་སློང་མའི་དགེ་འདུན་ལས་བསྔོས་པ་ལས། དགེ་སློང་གི་དགེ་འདུན་ལའམ། གཉིས ་གའི་དགེ་འདུན་ལ་བསྔོས་པ་ལས། གཅིག་ལ་འམ། དགེ་འདུན་བྱེ་བ་ལས་ཕྱོགས་གཅིག་ལ་བསྔོས་པ་ཕྱོགས་ཅིག་ལ་བསྒྱུར་བ་ཡང་རུང་སྟེ། ཐམས་ཅད་ལ་ཡང་ཉེས་བྱསོ།། གནས་ཁང་དང་། ཁང་བཟངས་དང་། ཀཱ་བའི ་བར་དང་། སྒོ་གང་དང་། ཁྱམས་གཞན་ལ་བསྔོས་པ་ལས་གཞན་དེ་དག་ཉིད་དུ་འམ། གཞན་དུ་བསྔོས་པ་བསྒྱུར་ན་ཉེས་བྱསོ།། དེ་བཞིན་དུ་སྐུ་གཟུགས་ཀྱི་ལས་སྐུ་གཟུགས་གཞན་ལས་ཏེ། གཡར་པོའི་ཆོས་ལ་ལྟུང་བ་མེདདོ།། དེ་བཞིན་དུ ་མཆོད་རྟེན་ལ་ཡང་།། དེ་བཞིན་དུ་མཆོད་རྟེན་གྱི་ཐེམ་སྐས་རིམ་པ་དང་པོ་དང་། གཉིས་པ་ལ་སོགས་པ་འམ། མེ་ཏིག་ཁང་ངམ། ཁ་གམ་བཞི་པ་འམ། བུམ་པ་འམ། པུ་ཤུ་འམ། གདུགས་དང་པོ་འམ། ཐམས་ཅད་ཀྱིས་སྟེང་གི་བར་དང་། ཆར ་ཁབ་ཀྱང་རུང་སྟེ། ཕན་ཚུན་དུ་བརྗོད་པར་བྱའོ།། མུལ་ཏོ་པ་འམ། དུད་འགྲོའི་སྐྱེ་གནས་གཏོགས་པ་གཞན་ལ་བསྔོས་པ་ལས། གཞན་ལ་བསྔོས་པ་བསྒྱུར་ན་ཉེས་བྱསོ།། བཙལ་ཏེ་མ་རྙེད་པ་ལ་ལྟུང་བ་མེདདོ།། དེ་བཞིན་དུ་མི་དང་དུད་འགྲོའི་སྐྱེ ་གནཱ་སུ་གཏོགས་པ་རྣམས་ཀྱང་ཕན་ཚུན་དུ་བརྗོད་པར་བྱའོ།། བསྔོས་པ་ལས་བསྔོས་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་སྤང་བའོ།། མ་བསྔོས་པ་ལ་བསྔོས་པར་འདུ་ཤེས་ན་ཉེས་བྱསོ།། ཁ་ཅིག་ན་རེ་ལྟུང་བར་འགྱུར་གྱི། སྤང་བར་མི ་མ་ཡིན་ཏེ། དེ་བཞིན་དུ་ཡིད་གཉིས་ཟ་བར་ཡང་ཞེའོ།། མ་བསྔོས་སམ་བསྔོས་ཀྱང་རུང་མ་བསྔོས་པར་འདུ་ཤེས་ན་ལྟུང་བ་མེད་དོ།། དགེ་འདུན་ལ་བསྔོས་པ་བདག་ཉིད་ལ་བསྔོས་པ་བསྒྱུར་ན། ཆོས་གང་ལ་དེས་ལྷན་པ་ཙམ་དུ་བཏབ ་ཀྱང་ཆོས་གོས་དེ་མཐའ་དག་བཏང་བར་བྱའོ།། ཁ་ཅིག་ན་རེ་ངོ་ཚ་མེད་པའི་དགེ་འདུན་ལ་བསྔོས་པ་བདག་ཉིད་ལ་སྦྱིན་གནསུ་བསམས་ཤིང་སྙིང་རྗེའི་ཕྱིར་བསྔོས་པ་བསྒྱུར་ན་ལྟུང་བ་མེད་ཅེའོ།། དེ་ཡང་དགེ་འདུན་ལ་བསྔོས་པར་བསམས་པ ་པ་ལ་བྱའོ།། ཁྱིམ་ན་མ་དང་ཕའི་གོས་དང་། ཡོ་བྱད་བདག་ཉིད་ལ་བསྔོས་པ་བསྒྱུར་ན་ཉེས་བྱསོ།། དགེ་འདུན་གྱི་རྙེད་པ་ལ་གཅིག་གམ། མང་པོ་ཡང་རུང་། མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ། བདག་གིར་བྱས་ན་ཉེས་བྱསོ།། རྙེད་པའི་ཀུན་ཏུ་སྦྱོང་བ་ནི ་རྙེད་པ་ཞིག་འོངས་དང་། དགེ་འདུན་ལ་བསྒོ་སྟེ། གཎྜཱི་བརྡུངས་ནས། ཚུལ་ཤིང་བྲིམས་ལ་དེ་ནས་བགོ་བར་བྱའོ།། བདག་གིས་མ་ཁྱེར་བ་དེ་ཡང་། ཁྱེར་ཅིག་ཅེས་དེའི་བསྒོ་སྐུལ་བསྒྲལ་བར་བྱའོ།། སྐལ་བའང་བསྐྱལ་བའི་འོག་ཏུ་གཞན་འོངས་ན་དེ ་ལ་རྙེད་པ་མི་སྦྱིན་ནོ།། དབྱར་གནས་པས་རྙེང་པ་གཞན་ལ་བཅོལ་ཏེ་འགྲོ་བར་བྱའོ།། མ་བཅོལ་ན་ཐང་བར་མི་བྱའོ།། བཅོལ་བ་མོ་བླངས་ན་རིན་ཐང་བཞིན་དུ་བྱས་ནས་སྦྱིན་པར་བྱའོ།། རྙེད་པ་ཆུང་ངུ་ལ་ཡང་གཱདྡྷི་བརྡུངས་ལ་བགོ་བར་བྱའོ།། དེ་ལ ་ཡང་བཅོལ་བས་མ་བླངས་ན་པ་ན་ལྔ་ཡན་ཆད་བླང་བར་བྱའོ།། རྙེད་པ་ནི་རྣམ་པ་བརྒྱད་དེ། མཚམས་ཀྱིས་ཐོབ་པ་ལ་སོགས་པའོ།། དེ་ལ་མཚམས་ཀྱི་ཐོབ་པ་གང་ཞེ་ན། གཙུག་ལག་ཁང་གཉིས་གསོ་སྦྱོང་ཅིག་པ་ལས་སོ་སོར་གསོ་སྦྱོང་བྱས ་ཏེ། ཉེ་བར་ཞུགས་ན་གཙུག་ལག་ཁང་གང་དུ་རྙེད་པ་འོངས་པ་དེ་ཉིད་དུའོ།། ཁྲིམས་ཀྱིས་ཐོབ་པའི་རྙེད་པ་གང་ཞེ་ན། གང་ཁྲིམསུ་བྱས་ནས་ཉེ་བར་ཞུགས་ཏེ་ཁྱིམ་འདི་དག་ནི་ཁྱེད་ཀྱིའོ།། འདི་དག་ནི་ངེད་ཀྱིའོ་ཞེས་བྱ་བ་དང་། དེ་བཞིན་དུ་ལམ་པོ་ཆེ ་དང་། ཚོང་འདུས་དང་། བཞི་མདོ་དང་། སུམ་མདོ་ཡོད་པ་དེ་ལ་དེ་གལ་ཏེ་ཁས་བླངས་པ་རྣམས་ཀྱི་ཁས་བླངས་པ་རྣམས་དང་། ཁས་མ་བླངས་པ་རྣམས་ཟན་བྱིན་ནས་གང་དུ་དེ་ལ་རྙེད་པ་དང་། ཆུ་སྦྲེངས་དེ་སྦྱིན་པ་མའི་རྙེད་པ་དེ་ཁས་བུ་པ ་ནམ་ཚོ་རྗེ་ཁསས་བླངས་པ་རྣམས་ཀྱི་གནསུ་རྙེད་པ་ཁས་མ་བླངས་པ་རྣམས་ཁོ་ནའོ།། ལམ་པོ་ཆེ་ལ་སོགས་པ་རྣམས་ལ་གཉི་ག་ཟན་བྱིན་ཏེ། གང་དུ་དེ་ལ་རྙེད་པ་དང་། ཆུ་སྦྲེངས་ཏེ་བྱིན་པ་རྣམས་ནི་གཉི་གའི་རྙེད་པའོ།། རྟེན་གྱིས་ཐོབ་པའི་རྙེད་པ་གང་ཞེ་ན། གང ་ལ་བརྟེན་ཏེ། དབྱར་ཉེ་བར་གནས་པ་དེས་བྱིན་པ་གང་ཡིན་པ་དེ་ཁོ་ནའི་ཡི་ནོ།། དགེ་འདུན་གྱིར་བཏགས་པའི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་ངེས་ལ་དམིགས་ཀྱི་མ་ཕྱེ་བ་རྣམས་ཀྱང་།། དགེ་སློང་གིར་བཏགས་པའི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག ་ངེས་ལ་དམིགས་ཀྱིས་ཕྱེ་ནས་གནས་ཁང་ལ་སོགས་པ་རྣམས་ལ་དེ་ན་གནས་པ་གང་ཡིན་པ་དེ་ཁོ་ནའོ།། དབྱར་གྱི་རྙེད་པ་གང་ཞེ་ན། གང་ཞིག་དབྱར་གནས་པའི་དགེ་འདུན་ལ་སྦྱིན་པ་པོ་རྣམས་ཀྱིས་བསྔོས་པའོ།། མ་དོན་སུམ་གྱི་རྙེད་པ་གང ་ཞེ་ན་རྙེད་པ་གང་ཞིག་མ་ངེས་པ་རྣམས་ལ་དམིགས་ཀྱི་མུ་ཕྱེ་བའོ།། སོ་སོར་བསྟན་པའི་རྙེད་པ་གང་ཞེ་ན། གང་ཡང་མཆོད་རྟེན་ཆེན་པོ་བཞི་པོ་རྣམས་ལ་བསྔོས་པ་ཡིན་ཏོ།། གང་ལ་བསྔོས་པ་དེ་ཉིད་ལ་དབུལ་བར་བྱའོ།། ཇི་སྟེ་སོ་སོར་སྐྱེ་ལ་མི་ནུས་ན ་དེ་དག་གི་ནང་ནས་གང་ཡང་རུང་བ་ཅིག་ལ་དབུལ་བར་བྱའོ།། དེ་ལས་མཆོད་རྟེན་གཞན་དག་གི་རྙེད་པ་ནི་གང་དུ་སོན་པ་དེ་དག་ཉིད་དུ་དབུལ་བར་བྱའོ།། གལ་ཏེ་དབྱར་གྱི་ནང་དུ་དགེ་འདུན་རྣམས་བྱེ་ན། ཆོས་ཀྱིས་ཕྱོགས་པའི་དགེ་འདུན་རྣམས་ལ ་རྙེད་པ་སྦྱིན་གྱིས། ཆོས་མ་ཡིན་པའི་ཕྱོགས་པ་ལ་ནི་མ་ཡིནོ།། གང་དབྱར་གྱི་ནང་དུ་ཡུན་རིང་དུ་གནས་པ་ལས་བསླབ་པ་ཕུལ་ཡང་རྙེད་པ་སྦྱིན་གྱི་གཞན་ལ་མ་ཡིནོ།། དེ་བཞིན་དུ་དུས་ལས་འདས་ན་ཡང་།། ཟས་ཀྱང་རྙེད་པ་ཞིག་གྲུབ་ན། ཆུང་ངུ་ན ་ཤིང་བུ་ལ་སའི་ལོ་མ་ཙམ་དུ་ཡང་སྙོམས་པར་བྱས་ལ་བགོ་བར་བྱའོ།། དེ་བཞིན་དུ་གོས་ཤིག་རྙེད་ན་ཡང་ཐ་ན་མར་མེའི་སྙིང་པོ་ཙམ་དུའང་བྱའོ།། གུང་རིན་ཐང་ཆེན་པོའི་གོས་ཤིག་རྙེད་ན་མི་དྲ་བར་ཀཪྵཱ་པ་ཎར་བསྒྱུར་ཏེ། དེ་ཉིད་ལ་ཡིད་བརྟན་ཏེ་བཅང ་བཔབར་བྱའོ།། གཉི་ས་འི་དགེ་འདུན་གྱིས་གོས་ཤིག་རྙེད་ན། དགེ་སློང་མའི་གོས་ཀྱི་རྙེད་པ་དེ་མཉམ་པར་བྱའོ།། དགེ་ཚུལ་དང་དགེ་ཚུལ་མ་ལ་ནི་སུམ་ཆའོ།། དགེ་སློང་མ་ལ་ནི་སུམ་གཉིསོ།། དགེ་ཚུལ་བསྙེན་པར་རྫོགས་པར་འདོད་པ་ཞིག་ན་ཡངངོ་།། ཟས་ཀྱི་རྙེད ་པ་ནི་ཐམས་ཅད་ལ་མཉམ་པར་བྱའོ།། གང་ལ་དགེ་སློང་མང་ལ་ཉུང་ན་དེ་ནི་མགོ་གྲངས་བཞིན་དུ་བགོ་བར་བྱའོ།། སླར་བཟློག་པ་ལ་ནི་ཕྱེད་ཕྱེད་དུ་བྱའོ།། སངས་རྒྱས་ཀྱི་དུས་སྟོན་ཆེན་པོ་ལ་སོགས་པའི་ཚེ། རྙེད་པ་ནི་སྡེ་ལྔ་ཅར་ལ་བགོ་བར་བྱའོ།། དགེ་སློང ་གཅིག་པུ་ཞིག་ཉེ་བར་གནས་ན་ཡང་དགེ་འདུན་གྱི་རྙེད་པ་བདག་གིར་བྱས་ཏེ། འགྱོད་པར་མི་བྱའོ།། རྙེད་པ་མངོན་སུམ་དུ་རྙེད་པར་འགྱུར་ན། དགེ་འདུན་ལ་གོས་འདི་བྱུང་བས་བགོ་བར་བྱ་བ་མངོན་སྙམ་དུ་གྱུར་པའི་དགེ་འདུན་གྱིས་བགོ་བར་བྱ་བ ་འདི་དག་ཅིག་པུས་ཐོབ་སྟེ་བདག་གིར་བྱའོ་ཞེས་ཚིག་ཏུ་ཡང་བརྗོད། བྱིན་གྱིས་བརླབ་པ་ཡིནོ།། གཞན་དག་ལྷགས་ན་ཡང་སྐལ་བ་སྦྱིན་པར་བྱའོ།། རྣམ་པ་གཞན་དུ་ན་ཉེས་བྱསོ།། མཚམས་ཀྱི་ཕྱི་རོལ་དུ་ཁྱེར་ཏེ་འགོད་ན་ཉེས་བྱའོ།། དུ་སོམ ་དང་ལྡན་ན་འགལ་ཚབས་ཅན་དུ་འགྱུ་རོ།། དབྱར་གནས་པའི་རྙེད་པ་དབྱར་འདས་པ་དང་། མ་འོངས་པ་དང་། རལ་བས་ཐང་བར་མི་བྱའོ།། གོས་བགོས་པའི་དུས་ལས་འདས་ཀྱང་དབྱར་གནས་པས་རྙེད་པ་བྱུང་བར་བྱའོ།། གལ་ཏེ་གོས་ཀྱི ་རྙེད་པ་བགོད་པའི་ཚེ་མངོན་སུམ་དུ་གྱུར་ན། དབྱར་མ་གནས་ཀྱང་བླང་བར་བྱའོ།། གཉི་གའི་དགེ་འདུན་བཤོས་གསོལ་ཏེ། རྙེད་པ་ཞིག་ཕུལ་ན་སྦྱིན་བདག་ལ་དྲིས་ཏེ་བགོ་བར་བྱའོ།། དགེ་སློང་གི་ཕྱིར་བཞག་ལ། གཉི་གའི་དགེ་འདུན་གྱིས་ཟས་ཟོས ་རྒན་པའི་མཐར་བཞག་ན་ཕྱེད་ཕྱེད་དུ་བགོ་བར་བྱའོ།། དགེ་འདུན་གྱི་གནས་བརྟན་གྱི་ཐ་ན་ལན་ཚྭ་འདྲིམ་པ་ལ་ཡང་སྙོམས་པར་བྲིམས་ཤིག་ཅེས་བརྗོད་པར་བྱའོ།། གང་དགེ་འདུན་གྱི་བྱ་བའི་ཕྱིར་དབྱར་གྱི་ནང་དུ་སོང་ངམ། གང་གི་དོན་གྱི་ཕྱིར་སོང་ཡང ་རུང་དེ་ལ་དབྱར་གྱི་རྙེད་པ་སྦྱིན་པར་བྱའོ།། གང་ལ་དབྱར་སྔ་མ་འམ། ཕྱི་མར་ཉེ་བར་གནས་པར་ཤེས་ན་གང་ཡུན་རྙིང་དུ་གནས་པ་དེ་ལ་སྦྱིན་པར་བྱའོ།། གཞན་ལ་ནི་མ་ཡིནོ།། ཀཽ་ཤཾ་བིའི་ཕྱོགས་གཉིསུ་འདུས་ཏེ་འཁོད་ན་གང་གི་གནས་བརྟན་ཡིན། ་པ་དེ་དག་རྙེད་པ་དབ་།། གལ་ཏེ་གཅིག་གི་གནས་བརྟན་དང་གཉིས་པའི་གནས་བརྟན་གཉི་ག་ལ་ཡང་ཕུལ་ན་གཉི་གས་ཐོབ་པོ།། འཁྲུག་པའི་ཕྱིར་ཚིག་གིས་དྲིས་ལ་བགོ་བར་བྱའོ།། སྦྱིན་བདག་གིས་གལ་ཏེ་ཀུན་དགའ་ར་བའི་རྒྱན་དུ་བྱེད་ན་དེ་ནི། ་ཤིང་ལྗོན་པའི་རྒྱན་རྣམས་ཏེ། དེ་ནི་ཐུམ་པོར་བཅིངས་ལ་བཞག་སྟེ་མཆོད་པའི་ཚེ་བརྒྱན་པར་བྱའོ།། གང་རྩིག་པ་ལ་ན་དེས་ནི་རི་མོར་བི་བར་བྱའོ།། གང་མེ་གང་ལ་ནི་དེས་ནི་སྲོ་གང་གིར་བྱའོ།། གང་ཆུ་གང་ལ་ནི་ངེས་ནི་ལྟུང་བར་བྱའོ།། གང་བཀང་ས་ལ་ནི་དེས ་ནི་སྣུམ་བག་གི་རྙེད་པ་རོ།། གང་འཁོར་གྱི་ཁྱམས་དང་། དཔོང་སའི་ར་བ་དང་། འཆག་ས་དང་། ཁང་བཟང་དང་། སྒོ་གང་ལ་ནི་དེ་ནི་དགེ་སློང་རྣམས་ཀྱིས་བགོ་བར་བྱའོ།། གང་གཙུག་ལག་ཁང་གི་རྫིང་བུ་ལ་ཕྱོགས་བཞི་པའི་དགེ་སློང་གི་དགེ་འདུན་ལའོ།། མི་བགོ་བ ་རྣམ་པ་ལྔ་སྟེ། ཕྱོགས་བཞི་པའི་དགེ་འདུན་ཐམས་ཅད་ཀྱི་དང་། མཆོད་རྟེན་གྱི་དང་། ནང་པའི་རུང་བ་ཁང་པའི་འམ། རྩ་བ་ལས་བྱུང་བ་ཐམས་ཅད་དང་། ཁའི་སྒོར་འདུ་བའོ།། རྩ་བ་དང་འབྲས་བུ་དང་། བུ་རམ་ཤིང་གི་སྡོང་བུ་ལ་སོགས་པ་ཁའི་སྒོར་འདུ་བའི་ནི་སྒོ་སྟེ། ་ཇིཛི་སྐདུ་ཤིང་ཏོཀ་ཨ་མྲ་དགེ་འདུན་ལ་བྲིམ་པར་བྱའོ།། དེ་སྲུང་བ་ཡང་བསྒོ་བར་བྱའོ་ཞེས་གསུངས་པ་ཡིནོ།། ཅང་མི་སྨྲ་བར་རུང་བར་བྱས་ཏེ། སྲོག་ཆགས་བརྟགས་ལ་བསྙེན་པར་མ་རྫོགས་པ་མེད་ན་བྱིན་ལེན་བྱས་ཏེ་དགེ་སློང་རྣམས་ཉིད་ཀྱིས་བྲིམ་པར་བྱའོ།། ་ཅཙཅོ་དང་གཞ་བྱས་ནསོ།། ཉན་ཐོས་ཀྱི་མཆོད་རྟེན་གྱི་རྙེད་པ་ནི་རས་སར་པའི་རིན་ཙམ་བཞག་ལ་འདུས་པའི་དགེ་འདུན་གྱིས་བགོ་བར་བྱའོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ནི་རྣམ་པ་ཐམས་ཅད་དུ་ཡོངསུ་རྫོགས་པར་བྱའོ།། རང་སངས་རྒྱས་ཀྱི་ཆར ་ཁབ་མེད་པར་བྱའོ།། དགྲ་བཅོམ་པ་ནི་གདུགས་བཞི་པ་རྣམས་ཀྱིས་བྱའོ་ཞེས་བྱའོ།། ཕྱིར་མི་འོང་བ་རྣམས་ཀྱི་གསུམ་པའོ།། ལན་ཅིག་ཕྱིར་འོང་བ་དག་ནི་གཉིས་པའོ།། རྒྱན་ཏུ་ཞུགས་པ་ཡི་ནི་གཅིག་གོ།། སོ་སོའི་སྐྱེ་བོ་དགེ་བ་ཅན་རྣམས་ཀྱི་ནི་བྱི་བོར ་བྱའོ།། གཙུག་ལོག་ཁང་བྱ་བའི་ཕྱིར་ཕུལ་བ་རྣམས་ཀྱི་ཀཪྵ་པ་ཎ་རྣམས་ལ་སྦྱིན་བདག་གིས་རྗེསུ་གནང་ན་མཁར་ལན་གྱི་ཆ་སྤྱང་དང་། མཁར་ལན་བྱེད་པའི་ཟན་དང་། རྐང་པ་བསྐུ་བ་དང་། མར་མེ་ལ་སོགས་པ་ཀུན་ཏུ་སྦྱར་བར་བྱའོ།། གང་ཟག་གཅིག་ལ་བྱིན ་བ་ལས་གང་ཟག་གཞན་ལ་འམ། གཉིས་སམ། གསུམ་མམ། ཚོགས་ལ་འམ། དགེ་འདུན་ལ་ཕུལ་ན་ཆོས་བཞིན་བྱིན་པ་མ་ཡིན་ལ། ལེན་པ་དང་སྤྱོད་པ་ཡང་རུང་བ་མ་ཡིན།། དེ་བཞིན་དུ་ཅི་སླད་དུ་དགེ་འདུན་ལ་ཕུལ་བ་དགེ་འདུན་གཞན ་ལ་ཕུལ་ལམ། དགེ་སློང་གི་དགེ་འདུན་ནམ། དགེ་སློང་མའི་དགེ་འདུན་ལ་ཕུལ་བ་དགེ་འདུན་གཞན་ལ་ཕུལ་ན་སྔར་ཕུལ་བར་ཟད་ཀྱི་ཕྱི་མ་ནི་བྱིན་པ་མ་ཡིན།། སྦྱིན་བདག་ནི་རང་གི་གཙུག་ལག་འཆོས་པ་ལ་དབང་གི་སྦྱིན་པ་ལ་མ་ཡིནོ།། ལྕགས་ཀྱི་སྦྱང ་རྣམས་ལས་ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་། ཁར་ཕོར་དང་། ལྡེ་མིག་ཀྱོག་པོ་དང་། གྲེའུ་དང་། ཁབ་དང་། སེ་ནི་མོ་གཅོད་པ་དང་། བོག་ཕོར་དང་། ཞུགས་ལིང་དང་། སྟ་ར་དང་། བུམ་ཚགས་གཅེའུ་ཅན་དང་། བཏུང་ཕོར་རྣམས་ནི་བགོའོ།། དེ་ལས་གཞན ་པ་ནི་མི་བགོའོ།། སའི་སྣོད་ལས་ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་། ཆུ་ཚོད་ཀྱི་སྣོད་དང་། རིལ་པ་སྤྱི་ཐུགས་དང་། བྱ་མ་བུམ་དང་། ཆུ་སྣོད་རྣམས་ནི་བགྲོའོ།། དེ་ལས་གཞན་པ་ནི་མི་བགྲོའོ།། ཚོན་བསྐོལ་བ་ནི་མི་བགོའོ།། དེ་ལས་གཞན་པ་ནི་བགོའོ།། རིན ་པོ་ཆེ་ལ་སོགས་པ་ལས་བྱུང་བའི་ཁྲི་ནི་བཙོངས་ལ་བགོའོ།། ཤིང་གི་རང་བཞིན་ལ་སོགས་པ་ནི་ཕྱོགས་བཞི་པའི་ཕྱིར་བཞག་གོ།། ཀུན་དགའ་ར་བའི་གཞི་དང་། གཙུག་ལག་ཁང་གི་གཞི་དང་། དེའི་མལ་ཆ་དང་། སྟན་རྣམས་མི་བགོའོ།། གཏར་མ་བཞག ་མི་བཅོང་ངོ་།། ཡོངསུ་ལོངས་སྤྱོད་བ་ལྔ་སྟེ། བདག་པོ་ཡོངསུ་ལོངས་སྤྱོད་བ་ནི་མི་སློབ་པ་རྣམས་ཀྱིའོ།། བྱིན་པ་ཡོངསུ་ལོངས་སྤྱོད་པ་ནི་སློབ་པ་རྣམས་ཀྱིའོ།། རྗེསུ་གནང་བ་ཡོངསུ་ལོངས་སྤྱོད་པ་ནི་བསླབ་པ་འདོད་པ་རྣམས་ཀྱིའོ།། སྐྱིན་པོ་ཡོངསུ་ལོངས ་སྦྱསྤྱང་བ་ནི་ལེ་ལོ་ཅན་རྣམས་ཀྱིའོ།། རྐུན་པོ་ཡོངསུ་ལོངས་སྤྱོད་པ་ནི་ཚུལ་ཁྲིམས་འཆལ་པ་རྣམས་ཀྱི་སྟེ། ཁམ་ཅིག་ཀྱང་རྗེ་སུ་གནང་བ་མེད་པའོ།། ཀུན་ཏུ་སྤྱད་པ་ཇི་སྐད་བསྟན་པ་བཞིན་ཐམས་ཅད་མ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ།། དགུ་པའོ།། ། ་རྒྱལ་པོའི་ཁབ་ན་སྟེ། པི་ལིང་ད་བང་སས་གནས་པར་བྱེད་པ་རྣམས་དེ་ནས་ཉེ་བར་བླངས་པ་དང་། དེ་ལས་སོ་སོར་བླངས་པ་དང་། ཟས་ཀྱི་ཕྱེ་མ་དང་འདྲེས་པ་དང་། ཕན་ཚུན་འདྲེས་པ་དང་། རང་གི་རྒྱུད་ཀྱིས་མྱངས་པ་གང་རྣམ་པར་དབྱེར་ཡང་མི་མངོན ་པའི་སྨན་དེ་ལྟ་བུ་དུས་དང་དུས་མ་ཡིན་པར་ཡང་ཟ་བས་ན་སྨན་གྱི་གཞིའི་དབང་དུ་མཛད་འགལ་ཚབས་ཅན་དུ་འགྱུར་བའི་ཉོན་མོངས་པ་ལ་སོགས་པ་གསུམ་པོ་རྣམས་ཡོངསུ་སྦྱང་བའི་ཕྱིར་བཅུ་པ་བཅ་སོ།། གང་དག་དེ་དག་ལས་ཞེས་བྱ་བ ་ནི་ཡུལ་དེ་དང་དེར་གསུངས་པའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་མཚན་ཡོན་ཏན་ལས་བརྗོད་པའོ།། ན་པ་རྣམས་ལ་ཞེས་བྱ་བ་ནི་ནད་ཀྱིས་བཏབ་པ་རྣམསོ།། ནང་པའི་ཀུན་ཏུ་སྤྱོད་པ་ནི་མཁན་པོ་དང་སློབ་དཔོན་གྱིས ་དང་། སློབ་མ་དང་། ཉེ་གནས་ཀྱིས་དང་། སློབ་དཔོན་དང་མཁན་པོ་གཅིག་པ་དང་། གཏམ་འདྲེས་པ་དག་གིས་ནད་པ་ལ་ནད་པའི་རིམ་གྲོ་བྱའོ།། མགོན་མེད་པ་ལ་དགེ་འདུན་དང་བསྒོས་པས་བྱའོ།། མཚམས་ཀྱི་ནང་དུ་འཁོད་པ་ཐམས་ཅད་ཀྱིས ་དུས་གསུམ་དུ་ནད་པ་བལྟ་བར་བྱའོ།། ནང་གཡོགས་གིས་ནི་དེ་དག་གི་ཕྱིར་སྟན་རྣམས་བཤམ་པར་བྱའོ།། དེ་དག་ཀྱང་ཡུན་རིང་དུ་གནས་པར་མི་བྱའོ།། གལ་ཏེ་སྨན་གྱི་རིན་མེད་ན་སྐྱིན་པོ་ལས་བཙལ་ཞིང་སྦྱིན་པར་བྱའོ།། ཡང་ན་དགེ་འདུན་གྱིས ་སྦྱིན་པར་བྱའོ།། ཡང་ན་མཆོད་རྟེན་གྱི་བ་དན་ལ་སོགས་པ་བཙོངས་ལ་སྨན་དུ་སྦྱར་བར་བྱའོ།། ནད་སོས་ནས་སླར་དབུལ་བར་བྱའོ།། གལ་ཏེ་མི་འབྱོར་ན་ཕའི་ནོར་བུ་ལ་འོས་པས་ན་ཉེས་པ་ཡོད་པ་མ་ཡིནོ།། རང་བཞིན ་ཀྱི་ཁ་ན་མ་ཐོ་བ་མ་གཏོགས་པ་ཐམས་ཅད་ཀྱི་རིམ་གྲོ་བྱའོ།། ཤིར་ཉེ་བ་ལ་མངོན་དུ་ཕྱོགས་ན་ནད་གཡོག་གིས་ཐབས་ཀྱི་ཅི་ལྟར་མི་འཁྲུགས་པའོ་ཞེས་བྱ་སྟེ། གང་ཟག་གི་མལ་དང་། སྟན་གྱི་སྟེང་དུ་བཞག་པར་བྱའོ།། ལྷུང་བཟེཟོད ་ལ་སོགས་པ་སློང་ན་མྱུར་དུ་ཉེ་བར་བསྟན་པར་བྱའོ།། མཆོད་པར་བྱེད་ན་ཐ་ན་དགེ་འདུན་གྱི་ལས་ཀྱང་བྱའོ།། ནང་གཡོགས་གིས་སྦྱིན་པར་བྱ་བ་བསྐུལ་བར་བྱའོ།། ཆོས་གོས་གསུམ་ཙམ་དུ་ཟད་ན་དགེ་འདུན་ལ་དབུལ་བར་བསྐུལ་བར་མི་བྱའོ།། ། ་ཕུལ་ན་ཡང་མ་ཤིའི་བར་དུ་མི་བགོའོ།། ནད་པ་དང་ནད་གཡོག་གཅིག་ལ་གཅིག་གིས་མཉན་པར་བྱའོ།། ཇི་སྐད་བསྟན་པ་བཞིན་མ་བྱས་ན་ཐམས་ཅད་དུ་ཡང་ཉེས་བྱསོ།། ཕན་པ་ཞེས་བྱ་བ་ནི་རྗེ་སུ་མཐུན་པའོ།། སོ་སོར་བསྟེན་པ་ཞེས་བྱ་བ་ནི ་ཁའི་ཐ་སྙ་དོ།། གང་ཡང་ཐ་སྙད་དུ་བྱ་བར་མི་འོས་པ་དེ་འདས་ཀྱང་ལྟུང་བ་མེདདོ།། སྨན་ཞེས་བྱ་བ་ནི་སྨན་ལ་རྣམ་པ་བཞི་སྟེ། དུསུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། ཇི་སྲིད་འཚོའི་བར་དུ་བཅང་བ་སྟེ། སྨན་གྱི་བྱ་བ་བྱེད་དམ་མི ་བྱེད་ཀྱང་རུང་ཐ་སྙད་ཀྱི་ཚིག་ཏུ་ནི་འདི་དག་ནད་པ་ཉིད་ལ་རུང་གི་གཞན་ནི་མ་ཡིནོ།། སྨན་བཞི་པོ་ཡང་ནད་པར་འདུ་ཤེས་ཉེ་བར་བཞག་ལ་ཡོངསུ་ལོངས་སྤྱད་པར་བྱའོ།། དེ་ལ་དུ་སུ་རུང་བ་ནི་སྐྱོ་མ་དང་། འབྲས་ཅན་དང་། ཟན་དྲོན་དང་། ཤ་དང་། ་ཁུའུར་བའོ།། ཐུན་ཚོད་དུ་རུང་བ་ནི་ལྟུང་བ་བརྒྱ་དེ། ཤིང་ཏོག་ཙོ་ཙ་དང་། ཆུ་ཤིང་གི་འབྲས་བུ་དང་། གོ་ལ་དང་། ཨ་ཤྭདྠ་དང་། ཨུ་དུཾ་བ་ར་དང་། རྔུབ་འགྱུར་དང་། རྒུན་འབྲུ་དང་། འབྲ་གོ་ལས་བྱས་པའི་བཏུང་བའོ།། ཤིང་ཏོག་བི་ཛ་པུ་ར་ཀ་ལ་སོགས ་པའི་ལྟུང་བའང་རྗེསུ་གནང་ངོ་།། འདི་ཇི་སྐད་དུ་གསུངས་པ་གལ་ཏེ་གང་ཤིན་ཏུ་དང་བ་དེ་བི་ཛི་པཱ་ར་ཀ་ལ་སོགས་པ་དང་བསྲེག་པར་བྱའོ།། དེ་བཞིན་དུ་རྒུན་འབྲུའི་ཁུ་བ་དང་། དྲོ་འཛའ་དང་། བུ་རམ་གྱི་ལྟུང་བ་དང་དེ་བཞིན་དུ་བུ་རམ ་ཤིང་གི་ཁུ་བའི་བཏུང་བ་ཡང་།། ཞག་བདུན་པ་ནི་ཇི་ལྟར་མདོ་ལས་བྱུང་བ་བཞི་ནོ།། ཇི་སྲིད་འཚོའི་བར་དུ་བཅང་བ་ནི་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་མེ་ཏོག་དང་། འབྲས་བུའི་སྨ་ནོ།། དེ་ལ་རྩ་བའི་སྨན་ནི་ཤུ་དག་དང་། ཡུང་དང་། སྤྲེའུ་གཤེ ་དདང་ཁོ་ང་ལ་སོགས་པ་སྟེ། གང་རྩ་བའི་སྤྱན་དུ་ནི་འགྱུར་གྱི་བས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པའོ།། དེ་བཞིན་དུ་གཞན་དག་ལའང་བརྗོད་པར་བྱའོ།། སྡོང་བའི་སྤྱན་ནི་ཙུན་དང་། དབྱེ་མོ་དང་། ཤུག་པ་དང་། ཐང་ཤིང་དང་། སྣེ་ཏྲེས་དང ་སྐྱེསྦྱོར་བ་ལ་སོགས་པའོ།། ལོ་མའི་སྨན་ནི་ཤིང་བཱ་ཏོ་ལའི་ལོ་མ་དང་། བཱ་ཤ་ཀའི་དང་། ནི་མྲྀ་པའི་དང་། ཀོ་ཤ་ཏ་ཀའི་དང་། མངབ་མ་བདུན་པའི་ལོ་མ་ལ་སོགས་པའོ།། མེ་ཏོག་གི་སྨན་ནི་དྷ་ཏ་ཀི་དང་། ན་ག་པུཥྤ་དང་། པདྨ་གེ་སར་ལ་སོགས་པའོ།། ་འབྲས་བུའི་སྨན་ནི་སྐུར་རུ་དང་། ཨ་རུ་ར་དང་། ན་ལེ་ཤམ་དང་། པི་པི་ལིང་ལ་སོགས་པའོ།། འདི་ལྟར་ཐང་ཆུ་ལྔ་སྟེ། ཤིང་ཀུན་དང་། ས་རྫ་ར་ས་དང་། རྒྱ་སྐྱེགས་དང་། སྤྲ་ཚིལ་དང་། དེ་དག་ལས་གཞན་པ་ཡང་ཤིང་ལས་ཐང་ཆུ་འབྱུང་བ་རྣམས ་སོ། འགྱུར་བྱེད་ནི་ཏིལ་གྱི་འགྱུར་བྱེད་དང་། ནས་ཀྱི་འགྱུར་བྱེད་ཀྱི་གྲམ་དང་། ས་རྫི་ཀའི་འགྱུར་བྱེད་དང་། ཤིང་བ་ཤ་ཀ་རྣམས་ཀྱི་ཡངངོ་།། ལན་ཚ་ལྔ་སྟེ། སིན་དྷ་བ་དང་། རྩབས་རུ་ཚ་དང་། ཁ་རུ་ཚ་དང་། རྒྱ་མཚོའི་ཚའོ།། བསྐ་བ་ལྔ་སྟེ། ཤིང ་ཨ་མྲ་དང་། ནིམ་པ་དང་། ཛ་བུ་དང་། ཤི་རི་ཤིའི་དང་། ཀོ་ཤཾ་པའི་བསྐ་བའོ།། འདིར་ནི་རིགས་ཙམ་ཉེ་བར་མཚོན་པའི་དོན་དུ་བསྟན་པ་ཡིན་གྱིས་ངེས་པར་གཟུང་བའི་དོན་དུ་ནི་མ་ཡིནོ།། དེ་ལ་དུ་སུ་རུང་བ་རྣམ་པར་ངེས་པ་ནི་དུས་མ་ཡིན་པ། སྤང་བའི ་ཕྱིར་དུས་སུ་རུང་བ་ཉིད་དུ་རྗེ་སུ་གནང་བས་ན་དུ་སུ་རུང་བའོ།། ནད་ཚབས་ཆེན་ནི་གལ་ཏེ་དེ་མེད་ན་ནད་དུ་དབྱུང་དུ་མི་བཏུབ་ན་དུས་མ་ཡིན་པར་རུང་བ་དེ་ཡང་རྗེ་སུ་གན་ངོ་།། ཐུན་ཚོང་དུ་རུང་བ་ལ་སོགས་པ་ལ་ཡང་དེ་དང་འདྲེས་ན་དུ་སུ་རུང་བ་ཉིད ་ཅེས་བྱའོ།། བྱ་རོག་དང་། བྱ་གར་དང་། སྦལ་པ་དང་། སྲིན་བུ་པདྨ་དང་། བྱ་རྒོད་དང་། ཆུ་སྐྱུར་དང་། བྱཱ་འོལ་པ་དང་། འུག་པ་རྣམས་ཀྱི་སྟེ། གང་གཱི་པགས་པ་མི་རུང་བ་དེའི་ཤྭ་དང་། རུས་པ་དང་། རྒྱུས་པ་ཡང་མི་རུ་ངོ་།། དེ་བཞིན་དུ་གླང་པོ ་ཆེ་དང་། རྟ་དང་། ཝ་དང་། སྤྲེའུ་དང་། ཀླུ་དང་། བྱ་གང་མི་ཤ་ཟ་བ་རྣམས་ཀྱི་ཡང་།། སྟག་གི་གོད་ཀྱི་ཤ་མི་བཟའོ།། མིའི་ཤ་ནི་སྦོམ་པོའོ།། དགེ་འདུན་གྱི་གནས་ཀྱིས་ཤ་འདྲིམ་པའི་ཚེ་འདི་ཅིའི་ཤ་ཡིན་ཞེས་འདྲི་བར་བྱའོ།། དེས་མ་དྲིས་ན་འོག་མ ་གཉིས་པ་ལ་སོགས་པས་ཀྱང་སྟེ། མ་དྲིས་ན་ལྟུང་བའོ།། བདག་གི་ཆེད་དུ་བྱས་པ་མཐོང་ངམ། ཡིད་ཆེས་པ་ལས་ཐོས་སམ། དེའི་བྱེད་པ་ལས་ཡོངསུ་རྣམ་པར་བརྟགས་ནས་ཀྱང་ཤེས་པ་ཉིད་ཀྱི་ཆེད་དུ་བྱས་པ་མི་བཟའོ།། སྨན་པས ་ལུང་ཕོགས་ན་ནད་པ་ལ་ཤ་རྗེན་ཡང་རྗེསུ་གནང་སྟེ། རས་ཀྱིས་མིག་དག་བཀའ་ལ་ཟས་སྦྱིནོ།། ཟས་གྱ་ནོམ་པ་རྣམས་མདུན་དུ་བཞག་པ་ཉིད་ཀྱིས་རས་དགྲོལོ།། དེ་ལ་ཤ་འཚོང་བའི་གནས་ཆེན་པོ་ལྔ་རྣམས་ལས་ངང་ཅན་པ་ཉིད་ཀྱིས་བླངས ་ནས་ཁྱེར་བར་བྱའོ།། མིའི་འོ་མ་བཏུང་བར་མི་བྱ་སྟེ། མིག་ལ་སྐུད་པ་ལ་ནི་ལྟུང་བ་མེ་དོ།། བརྟད་པའི་བསོད་སྙོམས་ལྔ་ཟ་བར་རྗེ་སུ་གནང་སྟེ། ནད་པ་དང་། ནད་གཡོག་དང་། གློ་བུར་དུ་འོངས་པ་དང་། ལམ་དུ་ཞུགས་པ་དང་། དགེ་བསྐོསོ།། ནང ་དུ་བཙོས་པ་དང་། ནང་དུ་ཞག་ལོན་པ་དང་། དེ་གཉི་ག་ཡང་བཟའ་བར་མི་བྱའོ།། ནང་དུ་ཞག་ལོན་པ་ནི་ཀུན་དགའ་ར་བའི་ནང་དུ་ས་མ་བསྐོས་པ་རུང་བ་མ་ཡིན་པ་གང་ཞག་ལོན་པའོ།། ཐམས་ཅད་དུ་དགེ་སློང་གིས་བཅོས་པ་བཟའ་བར་མི་བྱ་སྟེ། ་མུ་གེ་བྱུང་བ་མ་གཏོག་སོ།། འབྲས་སུམ་ཆ་ཆོས་པ་དང་ལྡམ་ལྡུམ་དང་མེ་ཏོག་དང་། འབྲས་བུ་དང་། ཤ་དང་། ཉ་ཁ་དོག་ཡོངསུ་གྱུར་པ་དང་། འོ་མ་ལ་སོགས་པ་ལན་གསུམ་ཁོལ་བ་དེ་དག་རང་གིས་བཅོས་ཏེ་ཟོས་ཀྱང་ལྟུང་བ་མེའོ།། ཟ་བ ་ཚེཆེ་ཐོག་མར་མུ་ཏོ་བ་རྣམས་ལ་མི་སྦྱིན།། གཞན་གྱི་དེ་ཟ་བ་ལས་སྦྱིན་བདག་གཞན་ཞིག་གིས་བཅའ་བ་ལ་སོགས་པ་བསྒྱུར་བ་ན་སྦྱིན་བདག་ལ་སྔར་ཀུན་ཏུ་བལྟས་ཏེ་བླ་ངོ་།། དཀོན་མཆོག་སུམ་གྱིས་མཚན་ནས་བོས་ཏེ་བྱིན་ན། གང་རྐང་གཉིས ་རྣམས་ཀྱིས་མཆོག་དེ་ལ་སོགས་པ་ལ་འམ། ཞེས་དྲིས་ཏེ། གལ་ཏེ་དེ་ལ་ཞེས་ཟེར་ན་མི་བླངོ་ཇི་སྟེ་ཁྱོད་ཉིད་བདག་ཅག་གིས་སངས་རྒྱསོ་ཞེས་ཟེར་ན་བླང་བར་བྱའོ།། ནང་པའི་ཕྱིར་ནི་ནས་ཐུག་ཐམས་ཅད་ཀྱང་རྗེསུ་གནངངོ་།། ཁ་ཟས་ཕོ་བའི ་སར་རྡོག་པས་བརྫི་བར་མི་བྱའོ།། ཆུ་མེད་ན་བ་བཞོན་མང་པོའི་སར་ནི་ཞོ་ག་ཆུ་དང་། དར་བའི་དངས་མ་རྣམས་ཀྱིས་རྐང་པ་བཀྲུས་ཀྱང་ལྟུང་བ་མེ་།། མུ་གེ་བྱུང་བའི་ཚེ་ཁྱེའུ་སུས་རྗེསུ་གནང་ངོ་།། དེ་ལྟར་བསོད་ནམས་རྙེད ་བླངས་ལ་ཁྱིམ་གཞན་དུ་ཟོས་ཏེ་སྤང་བར་བྱས་ཀྱང་ཕྱིས་འདོད་ན་སྔར་བླངས་པ་བྱས་པ་བཟའ་བར་བྱའོ།། དེ་བཞིན་དུ་རང་གིས་མནོས་ཏེ་ཟོས་པའི་ལྷག་མ་དང་སྤྱི་བུངསུ་འོངས་པའི་ལྷག་མ་ཁྱིམ་པ་དག་གིས་ཁྱེར་ཏེ་འོངས་ནས་བྱིན་ན་སྔར ་བང་བ་ཡིནོ་ཞེས་བྱ་སྟེ། ལོངས་སྤྱད་པར་བྱའོ།། ཤིང་ཏོག་ཨ་མྲ་བཟའ་བར་མི་བྱ་སྟེ། ཚིག་གུ་ཆགས་སམ་ཤ་ཞུགས་པ་བཟོས་ན་ལྟུང་བ་མེདདོ།། ཐུན་ཚོད་དུ་རུང་བའི་རྣམ་པར་ངེས་པ་ནི་བཞི་ཅར་ཡང་རང་གི་དུས་ཀྱི་དབང་གིས་བཟའ ་བར་བྱའོ།། ཕྱི་དྲོ་བྱིན་ལེན་བྱས་ནས་མཚན་མོའི་ཐུན་དང་པོའི་བར་དུ་རུང་བས་ན་ཐུན་ཆོད་དུ་རུང་བ་ཞེས་མཆོག་ཏུའོ།། ཞག་བདུན་པ་འམ། ཅི་སྲིད་འཚོའི་བར་དུ་བཅང་བ་ཡང་ཐུན་ཚོད་དུ་རུང་བ་དང་། འདྲེས་ན་ཐུན་ཆོད་དུ་རུང་བ་ཉིད་།། དེ ་བཞིན་དུ་ཚ་དང་། རྒུན་ཆང་གི་ཚ་དང་། སྐྱུར་པོའི་ཁུ་བ་དང་། རྩ་བ་མོ་དང་། ཞོ་ག་ཆུ་དང་། དར་བའི་ངང་ས་མ་དང་འདི་རྣམས་ཆུས་བཏབ་སྟེ་རས་ཚགས་ཀྱིས་བཙགས་པ་འདམ་བུའི་ཉག་མའི་ཁ་དོག་ལྟ་བུ་ནི་དུས་ཡིན་ཡང་རུང་དུས་མུ ་ཡིན་ཡང་རུང་། ན་ཡང་རུང་མིན་ཡང་རུང་། དེ་ལྟ་བུ་ནི་ལྟུང་བར་བྱའོ།། དེ་ལ་ཚྭ་ནི་རྫས་བཏགས་པ་དང་། ཆུ་དང་ཡང་སྦྱར་བའོ།། སྐྱུར་པོའི་ཁུ་བ་ཞེས་བྱ་བ་ནི་རྒྱ་ཤུག་དང་། ཆུ་དང་ཡང་སྦྱར་བར་བྱའོ།། གཞན་དག་ནི་སྐྱུར་པོའི་ཁུ་བ་ཞེས་བྱ་བ་ནི ་རྩ་བའི་སྨན་ལ་སོགས་པ་ལས་གྱུར་པའོ་ཞེའོ་རྩ་བ་མོ་ཞེས་བྱ་བ་ནི་འབྲུ་རྣམས་བརྔོས་པ་དང་། ཆུ་དང་ཡང་སྦྱར་བའོ།། རྣམ་པ་གཞན་དུ་ན་འབྲས་ཐུག་པོ་ཆེ་ཡི་བཅོས་པའི་ཁུ་ལེ་དང་། འབྲས་ཐུག་པོ་ཆེའི་བཀྲུས་པའི་ཁུ་ལེའམ། ཆུ་དྲོན་པོའི ་ནང་དུ་འབྲས་ཆེན་ཚིག་པ་རྣམས་བླུགས་ཏེ་ན་མ་སྐྱུར་པོར་གྱུར་པ་དེ་ནི་ལྟུང་བའོ།། ཞོ་ག་ཆུས་ཞེས་བྱ་བ་ནི་ཞོ་ལས་འཁུས་པའི་ཁུ་བའོ།། ཇི་ལྟར་བུ་རམ་གྱི་ལྟུང་བ་བརྗོད་པ་དེ་བཞིན་དུ་ཤ་ཁ་ར་ལ་སོགས་པ་ལ་ཡང་སྦྱར་ཏེ། རྒྱ་ཤུག་ལ་སོགས ་པའི་འབྲས་བུའི་ཁུ་བ་དང་འདྲེས་པར་བྱའོ།། བུ་རམ་འབའ་ཞིག་གི་ཁུ་བ་ནི་ནམ་མྱོས་པར་མི་འགྱུར་བ་དང་། ཟ་སུ་མ་གྱུར་པ་དང་། སྒྱུར་བར་མ་གྱུར་པ་དང་། བསྐ་བར་མ་གྱུར་པ་དང་། དང་བ་དང་། རང་བཞིན་མི་གཏོང་བའི་བར་དུ་ཞག་བདུན ་དུ་བྱིན་གྱིས་བརླབས་ཏེ་ཚུན་ཆད་དུ་བཏུང་ངོ་།། བཏུང་བ་བརྒྱད་པོ་དག་ནི་འབྲས་བུ་དུསུ་བླངས་ནས་མ་ཉེས་ཏེ་བཙགས་ལ་དུས་ཉིད་དུ་བྱིན་བྱས་ཏེ། དུས་ཉིད་དུ་ལོངས་སྤྱད་པར་བྱའོ།། ཁྱིམ་པས་བྱས་ཟིན་པ་ཞིག་ལ་གང་དུས་སམ་དུས ་མ་ཡིན་ཡང་རུང་བྱིན་ལེན་བྱས་ལ་བྱིན་གྱིས་བརླབས་ནས་ཕྱིས་ལོངས་སྤྱད་པར་བརྗོད་པར་བྱ་སྟེ། མཚན་མོའི་ཐུན་དང་པོའི་ཐུན་ཚོད་ལས་མ་འདས་པ་ཚུན་ཆད་དུའོ།། དུས་མ་ཡིན་པ་ཡང་བཏུང་བར་རུང་བ་ཡོད་དོ།། གང་ཆུས་བཏབ་ཅིང ་རས་ཀྱིས་ཚགས་ཀྱིས་བཙགས་པའོ།། དུསུ་རུང་བ་ཡང་ཡོད། སླར་བཟློག་པའོ།། ཞག་བདུན་པའི་རྣམ་པར་ངེས་པ་ནི་ལན་ཅིག་བླངས་ཏེ་བྱིན་གྱིས་བརླབས་ནས་ཞག་བདུན་དུ་བཟོད་པ་དེ་ནི་ཞག་བདུན་པའོ།། ཅི་སྲིད་འཚོའི་བར་དུ ་བ་ཡང་འདྲེས་ན་ཞག་བདུན་པར་འགྱུར་རོ།། དུས་མ་ཡིན་པར་བཟའ་བ་བུ་རམ་དང་མར་ལ་སོགས་པ་བསྙེན་པར་མ་རྫོགས་པ་མེད་ན་ཞག་བདུན་དུ་བྱིན་གྱིས་བརླབས་ལ། ལམ་དུ་འགྲོ་ན་དགེ་སློང་ཉིད་ཀྱིས་ཁྱེར་བར་བྱའོ།། ་ག་བདུན་དུ་བྱིན་གྱིས་བརླབས་པ་ལ་ལྔ་པོ་རྣམས་ཀྱིས་ལོངས་སྤྱད་པར་བྱ་སྟེ། ལམ་ལས་འོངས་པ་དང་། ཟན་ཆད་པ་དང་། ན་བ་དང་། དགེ་སྐོས་ཀྱིས་དང་། ལག་གི་བླ་སོ།། བུ་རམ་གྱི་གཟུངསུ་བྱ་བའི་ཕྱིར་བག་ཕྱེ་དང་། འབྲས་ཀྱི་ཚིག་མ ་ལ་སོགས་པ་དུ་སུ་རུང་བ་བླུགས་ཀྱང་གཞི་ཡོངསུ་དག་པའི་ཕྱིར་དུས་མ་ཡིན་པར་ཡང་ལོངས་སྤྱད་པར་བྱའོ།། དེ་བཞིན་དུ་ལམ་དུ་གང་འབྲས་ཐུག་པོ་ཆེའི་ནང་དུ་བཅུག་ན་དེ་ཡང་སྡུག་པར་བྱའོ།། གང་ཕྱེའི་ནང་དུ་བཅུག་པ་དེ་ནི་བཀྲུའོ།། གལ་ཏེ། ་ཞུ་བ་ཞིག་ན་འོང་མའི་ཚལ་བས་བཞར་ལ་ཆུས་བཀྲུའོ།། གལ་ཏེ་ཁ་ཟས་དང་དབྱེར་མི་ནུས་ན་དག་པར་བྱས་ཏེ། ཆུ་དང་ལྷན་ཅིག་མཉེས་ལ་རས་ཀྱིས་བཙགས་ཏེ་བཏུང་བར་བྱའོ།། དེས་ཟས་ཀྱི་བྱ་བ་བྱེད་མི་ནུསོ་ཞེས་བྱའོ།། བུ་རམ་ལ་སོགས་པ་ནི ་ནའམ་མི་ན་ཡང་རུང་། དུས་སམ་དུས་མ་ཡིན་ཡང་རུང་བཟའ་བར་བྱ་སྟེ། དེ་བཞིན་དུ་ཐུན་ཚེད་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་བཅང་བར་ཡང་།། ཞག་ལྔ་པོ་དུས་མ་ཡིན་པར་བཅོས་ཤིང་བཙགས་ནས་བྱིན་ལེན་བྱས་ཏེ་བྱིན་གྱིས་བརླབས ་པ་གང་ཟག་གིས་ཡོངསུ་ལོངས་སྤྱད་པར་མི་བྱའོ།། ཉ་དང་ཆུ་སྲིན་དང་། དོམ་དང་། ཕག་རྣམས་ཀྱི་དུསུ་བཅོས་ཤིང་བཙགས་ནས་བྱིན་ལེན་བྱས་ཏེ་བྱིན་གྱིས་བརླབས་པ་འབྲུ་མར་ཡོངསུ་ལོངས་སྤྱོད་པ་བཞིན་དུ་ཡོངསུ་ལོངས་སྤྱད་པར ་བྱའོ།། བསླར་བཟློག་པ་ནི་མ་ཡིན་ནོ།། ནད་ལས་སོས་ནས་ཡང་གཞན་གྱི་ཕྱིར་བཅང་བར་བྱའོ།། སློང་བ་ཡོད་ན་ཡང་སློངས་མོར་སྦྱི་ནོ།། ཡང་ནད་པའི་རུང་བའི་ཁང་པར་བཞག་ལ། གང་ལ་ཅི་དགོས་པ་དེ་བསྐུར་གྲང་ཞེའོ།། རྣམ་པ་གཞན ་དུན་འགལ་ཚབས་ཅན་དུ་འགྱུརརོ།། མི་རུང་བའི་སྨན་དང་། ལྷན་ཅིག་བཅོས་པའི་འབྲུ་མར་གྱི་ཐ་སྙརྙད་དུ་མི་བྱའོ།། ཡན་ལག་གི་རྨ་སྐུད་པ་དང་། སྣའི་ལས་བྱེད་པ་ལ་ལྟུང་བ་མེ་དོ།། འབྲུ་མར་ཤིང་དང་། འོ་མ་དང་། ཏིལ་དང་། ཤ་དུས་མ་ཡིན་པར ་བྱིན་ལེན་བྱ་སྟེ་བཙིར་ཏེ་བཙགས་ནས་བྱིན་གྱིས་བརླབས་པ་ལོངས་སྤྱད་པར་མི་བྱའོ།། སྦྲང་རྩི་ཆུས་བཏབ་ན་དུས་མ་ཡིན་ཡང་རུང་བཟའ་བར་བྱ་སྟེ། འདིར་ཤེས་པར་བྱེད་པ་ནི་སྤྲེའུ་ཅང་ཤེས་ཀྱི་དཔེ་ལསོ།། གླང་པོ་ཆེ་དང་། རྟ་ཅང་ཤེས ་དང་། སེང་གེ་དང་། སྟག་དང་། གཟིགས་རྣམས་ཀྱི་ཞག་གིས་རྐང་པ་བྱུགས་ན་ཉེས་བྱས།། ཅི་སྲིད་འཚོའི་བར་དུ་བཅང་བའི་རྣམ་པར་ངེས་པ་ནི་ཤུ་བའི་ནད་ཀྱིས་བཏབ་པ་ལ་བསྐ་བ་རྣམ་པ་ལྔ་ཉི་གྲིབ་ལ་བསྐམས་ཏེ་ཕྱེ་མའི་མིག ་སྨན་བྱས་ཏེ་ལག་པས་དྲིལ་ནས་ཡང་བསྐབས་བཏབ་ཏེ་བཞག་པར་བྱའོ་ཞེས་བྱ་བར་རྗེ་སུ་གན་།། ནང་སོས་ནས་ཡང་ཞག་བཞིན་ཏེ། དོར་བར་མི་བྱའོ།། མི་རུང་བའི་ཞག་ལས་བཅོས་པའི་ལན་ཚ་མི་བཟའོ།། སྨན་པོས་ལྕང་ཕོག ་པས་མིག་སྨན་ལྔ་བསྟེན་པར་བྱ་སྟེ། མེ་ཏོག་གི་མིག་སྨན་དང་། ཁུ་བའི་མིག་སྨན་དང་། ཕྱེ་མའི་མིག་སྨན་དང་། རི་ལུའི་མིག་སྨན་དང་། རྒྱ་ཤུག་གི་མིག་སྨ་ནོ།། ནང་སོས་ན་ཡང་གཞན་གྱི་ཕྱིར་མེ་ཏོག་གི་མིག་སྨན་ནི་སྣོད་ཀྱི་ནང་དུ ་གཞག་གོ་ཁུ་བའི་མིག་སྨན་ནི་ཟ་མ་ཏོག་ཆུང་ངུའི་ནང་དུའོ།། ཕྱེ་མའི་མིག་སྨྱན་ནི་སྦུ་བུའི་ནང་དུའོ།། རི་ལུའི་མིག་སྨན་དང་། སེའུ་བི་རའི་མིག་སྨན་ནི་སྒྱེའུ་འམ་ཐུམ་པར་བཅིང་།། རྣམ་པ་གཞན་དུ་ན་འགལ་ཚབས་ཅན་དུ་འགྱུ་རོ།། ་རྒྱན་དུ་བྱས་པའི་མིག་སྨན་གྱིས་མིག་སྨན་མི་བྱ་མོད་ཀྱི་འོན་ཀྱང་སྨན་གྱི་མིག་སྨན་གྱིསོ།། མིག་སྨན་བསྐུ་བའི་ཐུར་མ་ནི་གཉིས་ཏེ། ལྕགས་དང་། ཟངས་ཀྱི་རང་བཞི་ནོ།། སྨན་རྣམས་ཉི་གྲིབ་ལ་བསྐམསུ་བཅུག་པ་ལས་ཆར་འབབ་བམ ་འབབ་དུ་དོག་ཀྱང་རུང་། བསྙེན་པར་མ་རྫོགས་པ་མེད་ན་བདག་ཉིད་ཀྱིས་ནང་དུ་བཅུག་ལ་ལག་ཉར་བླངས་པའི་ལྟུང་བ་མེ་དོ།། འདྲེས་ན་ཡང་བཏུས་ལ་བཟའོ།། གང་ན་བའི་དུསུ་རྗེསུ་གནང་བ་བདེ་བར་གནང་བ་བདེ་བར་གནས་པའི་གནས་སྐབམ། ་སུ་མི་བྱའོ།། དུསུ་རུང་བ་དང་ལྷན་ཅིག་འདྲེས་པའི་ཅི་སྲིད་འཚོའི་བར་དུ་བཅང་བ་བྱིན་གྱིས་བརླབས་པ་རྙེད་ན་མི་བཟའོ།། དེ་བཞིན་དུ་ཐམས་ཅད་ཀྱང་ཕན་ཚུན་འདྲེས་ལ། དེ་ཉིན་མོ་བྱིན་ལེན་བྱས་ལ་སྨན་རྣམ་པ་བཞི་པོ་རང་གི་རིགས་དང་མཐུན་པ་འམ། ་རང་གི་རིགས་དང་མཐུན་པ་མ་ཡིན་པ་དང་འདྲེས་ཀྱང་བཟའ་བར་བྱའོ།། དེའི་ཉིན་མོ་བྱིན་ལེན་བྱས་ལ། ཕན་ཚུན་འདྲེས་ན་དུས་སུ་བཟའ་བར་བྱའོ།། ཞེས་མ་མོ་ལས་འབྱུང་ངོ་།། སྨན་བཞི་པ་གསོག་འཇོག་དང་ལག་ཉར་བླངས་པ་དང་། ནང་དུ ་ཞག་ལོན་པ་བྱིན་གྱིས་བརླབ་པར་མི་བྱའོ།། སྨན་པས་ལུང་ཕོག་ན་རྣམ་པར་གྱུར་པ་བཟའ་བར་བྱའོ།། དད་པ་ཅན་གྱིས་དེ་བྱིན་ལེན་བྱས་པ་ཡོ་།། དེ་ཡང་རྣམ་པ་བཞི་སྟེ། བེའུ་འབྲངས་ནས་རིང་པོ་མ་ལོན་པའི་ལྕི་བ་དང་། དེ་ཉིད་ཀྱི་གཅིན་དང་། ་ཤིང་ཀན་ཙ་ན་དང་། ཀ་བི་ཏ་ལ་དང་། ཨ་ཤྭཏྠ་དང་། ཨུ་དུཾ་བ་ར་དང་། ནྱ་གྲོ་དྷའི་ཤིང་དེ་རྣམས་ཀྱི་ཐལ་བ་དང་། སའི་སྟེང་ནས་སོར་བཞིའི་འོག་ནས་བླངས་པའི་སའོ།། སྒོག་སྒྱུ་དང་། ཅོད་དང་། ཀེའུ་བཟའ་བར་མི་བྱའོ།། ན་པ་ལ་ནི་ལྟུང་བ་མདོ།། དེ་ལ ་ཀུན་ཏུ་སྤྱད་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་དང་། མལ་ཆ་དང་། སྟན་དང་། སྣུབ་ཕྱི་ས་དང་། ཆབ་ཀུང་སར་འདུག་པར་མི་བྱའོ།། དགེ་འདུན་གྱི་ནང་དུ་ཡང་འཇུག་པར་མི་བྱའོ།། མཆོད་རྟེན་ལ་ཡང་ཕྱག་མི་བྱའོ།། ཁྱིམ་པ་ལྷགས་པ་རྣམས་ལ ་ཡང་ཆོས་མི་བཤ།། ཁྱིམ་པའི་ཁྱིམ་དུ་ཡང་འགྲོ་བར་མི་བྱའོ།། དེ་ཡོངསུ་ལོངས་སྤྱད་ན་ཞག་བདུན་གྱི་བར་དུ་ཆོ་གཱ་བཞིན་དུ་འདུག་ལ། དྲི་མེད་པར་བྱས་ཏེ། དེའི་ཕྱོགས་ཀྱང་སྦྱང་ནུལ་གྱིས་བྱུགས་ལ། ཁྲུས་བྱས་ནས་ཆོས་གོས་རྣམས་བ ་བར་བྱའོ།། ཅོང་གི་བྱ་བ་ནི་ཞག་གསུམ་གྱི་བར་དུ་འདུག་པར་བྱའོ།། ཀེའུ་ནི་ཉིན་ཞག་གཅིག་ཏུའོ།། ནད་པས་སོ་དྷ་བ་ནི་རའི་ནང་དུ་བཅུག་ལ། ར་གཉིས་པས་ཁ་བཅད་དེ་བཞག་པར་བྱའོ།། དངོས་པོ་གཅིག་གི་སྨན་རྣམ་པ་བཞིར་འགྱུར་བ ་མཆིས་སམ་ཡོད་དེ། འདི་ལྟ་སྟེ་བུ་རམ་ཤིང་ནི་དུསུ་རུང་བའོ།། ཁུ་བ་ནི་ཐུན་ཆོད་དུ་རུང་བའོ།། བུ་ར་མ་ལ་སོགས་པ་ནི་ཞག་བདུན་པའོ།། བསྲེགས་པ་ནི་ཇི་སྲིད་འཚོའི་བར་དུ་བཅང་བའོ།། དེ་བཞིན་དུ་གཞན་དག་ཀྱང་རྗེསུ་དཔག་པར་བྱའོ།། སྨན ་རྣམ་པ་བཞི་པོ་བྱིན་ལེན་མ་བྱས་པར་བྱིན་གྱིས་བརླབས་པ་འམ། བྱིན་ལེན་བྱས་ལ་བྱིན་གྱིས་མ་བརླབས་པ་ཡང་རུང་སྟེ། བཟར་མི་རུང་ངོ་།། བྱིན་ལེན་བྱས་ལ་བྱིན་གྱིས་བརླབས་པ་ནི་ན་བ་ལ་ཡང་རུང་མི་ན་བ་ཡང་རུང་ངོ་།། ནད་པ་ལ་རྣམ ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང་། གློ་བུར་དུ་འོངས་པའོ།། དེ་ལྟ་བས་ནཱ་ན་བར་འདུ་ཤེས་ཉེ་བར་བཞག་སྟེ་ཐམས་ཅད་ཀྱང་བཟའ་བར་བྱའོ།། མི་རུང་བའི་སར་སྐྱེས་པའི་ཤིང་གི་འབྲས་བུ་ལ་སོགས་པ་ཐམས་ཅད་དུ ་བཟའ་བར་མི་བྱའོ།། རུང་བའི་སར་སྐྱེས་ཀྱང་གལ་ཏེ་མི་རུང་བའི་སར་ལྷུང་བ་ནི་ཞག་ལོན་པ་ཡིན་ན་བཟའ་བར་མི་བྱའོ།། རུང་བའི་སར་ལྷུང་བ་ནི་ཞག་ལོན་ཀྱང་བྱིན་ན་བཟའ་བར་བྱའོ།། ཐམས་ཅད་ཀྱང་ཆོ་ག་བཞིན་མ་བྱས་ན་ཅི་ལྟར་རིགས་པར ་སྦྱར་ཏེ། ཉེས་བྱས་ཀྱི་ལྟུང་བར་རིགས་པར་བྱའོ།། ཡོ་བྱད་ཀྱི་དངོས་པོའི་དབང་གིས་དེའི་ཡོངསུ་བསྲུང་བ་རྣམས་ཀྱང་རྗེསུ་གནང་ངོ་།། འདི་ལྟ་སྟེ་མཚན་ཁུག་དང་སྨན་གྱི་ནལ་ཟེ་དང་། སྨན་གྱི་ཕུར་བུ་དང་། དུད་པ་བཏང་བའི་སྦུ་བུ་ལྕགས་ལས་བྱས ་པོཔོ་སྲིང་སོར་བཅུ་གཉིས་ཀྱི་ཚད་དང་། སྣར་བླུགས་པ་མཆུ་གཉིས་པ་དང་། ཕུལ་བའི་བཏུང་ཕོར་དང་། ཟ་མ་ཏོག་དང་། རྐང་རྟེན་དང་། རྐང་བསྙེན་དང་། འདི་དག་རིན་པོ་ཆེའི་རང་བཞིན་ལས་བྱས་པ་སྤང་ཞིང་བཅང་བར་མི་བྱའོ།། ལྕགས་ཀྱི་གར་བུ ་ལྕགས་ཐག་བཏགས་པ་བཅང་བར་བྱའོ།། དེས་ཐོག་མར་རུང་བའི་ཆུ་བསྲོས་ལ་དེའི་འོག་དུ་སྤྱད་པའི་ཆུ་བསྲོའོ།། ནད་པ་ལ་ལྕགས་ཀྱི་གཞོང་རིང་རྗེསུ་གནང་ངོ་།། སྨན་བཅོ་བའི་ལྕགས་ཀྱི་གཞོང་པ་དང་། ལྕགས་སྐྱེད་དང་། འཛར་དང་། སྟ་རེ་དང་། ་སྣེའུ་དང་། མཆིག་མཆིག་གུ་དང་བཅས་པ་རྗེ་སུ་གན་།། རྐང་པ་ལ་སོགས་པ་བཀྲུ་བའི་དོན་དུ་ཏིལ་མར་བླང་བའི་སྣོད་དང་། ཏིལ་མར་གྱི་སྣོད་དོ།། ཡང་རྣམ་པ་གསུམ་སྟེ། ཆེན་པོ་ནི་ཕུལ་གང་ཤོང་བའོ།། ཆུང་ངུ་ནི་ཕུལ་ཕྱེད་ཤོང་བའོ།། འབྲིང ་ནི་དེ་གཉིས་ཀྱི་བ་རོ།། དེ་ཉིད་ཀྱི་རིགས་ཀྱིས་དེ་ཉིད་ཀྱི་རིགས་ཀྱི་ཆ་སྤྱད་བཅང་བར་མི་བྱའོ།། སྔོན་སྨན་པ་བྱས་པས་མཚོན་ལ་སོགས་པའི་སྣོད་འཆང་བ་དང་། སྔོནྡ་ཡི་གེ་བྱེད་བྱེད་པས་རམ་བྱིས་འཆང་བ་དང་། བཟོ་མཁན་ཁབ་འཆང་བ་ནི་མ་གནནས། ་པབ་སྟེ། རང་གི་གཟོ་ཉེ་བར་བསྟན་པར་མི་བྱའོ།། ཚར་བ་དང་ཉི་མ་ཚ་བ་བསྐྱབ་པའི་ཕྱིར་གདུག་རྗེསུ་གནང་སྟེ། དེ་ཡང་སྨྱིག་མ་དང་། རྩ་དང་ལོ་མི་དང་གོས་ཀྱི་རང་བཞིན་ལས་བྱའོ།། དཀར་པོ་མ་ཡིན་ཁྲ་བོ་ཉེ་བར་བཀྲ་བ་མ་ཡིན། རྨ་བྱའི་སྒྲོ་རྩཝ་སྦྲུ་མེ ་པ་བཅང་བར་མི་བྱའོ།། ཡུ་བ་ཡང་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་རང་བཞིན་ལས་བྱས་པ་ཡང་མི་བྱ་བོ་སེ་རྩིས་མི་བྱུག། ཤིན་ཏུ་རིང་པོ་ཡང་།། གདུགས་ཀྱི་ཚང་ངུའོ།། གདུགས་སར་པ་ཐོགས་བཞིན་གྲོང་དུ་འཇུག་པར་མི་བྱའོ།། 45 ་ཏེདེའི་དབུསུ་ལ་མོ་བྱུང་ན་ཡང་ལོགས་བསྐལ་ཏེ་འགྲོ་བར་བྱའོ།། བསོད་སྙོམས་པས་ཀྱང་གོས་བསྲུང་བའི་ཕྱིར་ཡུ་བ་རུང་བར་བྱས་པའི་གདུགས་ཐོགས་ཏེ་བསོད་སྙོམས་ལ་འཇུག་པར་བྱའོ།། ཁྱིམ་དང་པོར་ནི་དེ་གཞག་ལ་སླར་འགྲོ་བའི་ཚེ་ཁྱེར ་བཔར་བྱའོ།། གྲང་བ་དང་། ཚ་བ་དང་། ཚེར་མ་དང་། ས་རྡུལ་ཅན་སྤང་བ་དང་། སེར་ག་སྤང་བ་དང་རྐང་པ་འཇམ་པོ་ལ་གནོད་པ་སྤང་བར་བྱ་བའི་ཕྱིར་མཆིལ་ལྷམ་རིམ་པ་དྲུག་པའི་བར་དུའོ།། དེ་ལས་འདའ་བར་མི་བྱའོ།། ལྷམ་སྒྲོ་གུ་ཅན་ཡང་བཅང་བར ་བྱའོ།། གྲང་བས་གནོད་པ་སྤང་བའི་ཕྱིར་ཞྭ་དང་སྟོང་ཁོར་ནང་ཚངས་ཅན་དང་། གདིང་བ་དང་། སྟན་ཏེ་དེ་རྣམས་ཀྱང་ངོ་།། གྲང་བས་གནོད་པ་སྤང་བར་བྱ་བའི་ཕྱིར་བགོ་བར་བྱའོ།། སྟེང་གཡོགས་སྟན་ཁྲ་བོ་ཡིན་ལ་དེའི་སྟེང་ཁྲ་བོ་མ་ཡིན་ན་བཅང་བར ་བྱའོ།། ཚ་བ་སྦྱང་བའི་ཕྱིར་བསིལ་ཡབ་རྣམ་པ་གཉིས་རྗེསུ་གནང་སྟེ། ཏཱ་ལའི་ལོ་མ་འམ། གོས་ལས་བྱས་པའོ།། དེའི་ཡུ་བ་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་དང་། ཁྲ་བོ་ཉེ་བར་བཀྲུ་བ་དང་། བསེ་རྩིས་བླུག་པ་མི ་བྱའོ།། དེ་བཞིན་དུ་སྦྲང་ཡབ་ཀྱང་།། དེ་ཡང་བལ་དང་།། ལྡུམ་བུ་ཤ་ན་ཀ་དང་། རས་བལ་ལམ། རེས་མ་འམ། འདབ་མ་ནི་ཆང་བུ་ལས་བྱའི།། རྟའི་རྔ་མ་ལ་སོགས་པའི་རང་བཞིན་ལས་བྱས་པ་ནི་མ་ཡིནོ།། ཡུ་བ་དང་། བསིལ་ཡབ་ལ་སོགས་པ་དགེ་འདུ ་གྱི་ཕྱིར་བླང་བར་བྱའོ།། བདག་གི་ཕྱིར་ནི་མ་ཡིན་ནོ།། རིལ་པ་བཀུར་དཀའ་བ་སྲུང་བའི་ཕྱིར་དྲ་བ་དང་ཁར་བ་ཡང་བཅང་བར་བྱའོ།། བཞོན་པས་འགྲོ་བར་རྗེསུ་གནང་སྟེ། ཤིང་རྟ་དང་། ཤིང་རྟ་ཆུང་ངུ་དང་། ཁྱོགས་སྐྱིལ་དང་ཟུང་ཁྱོགས་དང་། གླང་པོ ་ཚེཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། ཐ་ན་བོང་བུ་ལ་ཡང་རུང་སྟེ། གླང་པོ་ཆེ་མོ་ནས་བོང་མོའི་བར་དུ་ཡང་མོ་ལ་རེག་པའི་ཉེས་པར་མི་འགྱུརརོ།། དེ་ཡང་གང་ལ་རྗེསུ་གནང་ཞེས་ན་ན་བ་འམ། ནར་དོགས་པ་འམ། ན་བའི་མཚན་མ་ཐུང་བ་འམ། དེ་སྟོབ ་ཆུང་བ་འམ། བཀྲུ་སྨན་གསར་བུ་རྩོམ་པ་འམ། བཀྲུ་སྨན་བཏང་ནས་རིང་པོ་མ་ལོན་པ་འམ། ཤིན་ཏུ་གཞོན་ཤ་ཅན་གྱི་རིགས་སམ། གང་ལམ་གྱི་ངལ་བལྟ་བུ་འམ། རིང་པོར་འགྲོ་བ་འམ། ཅི་ལྷུར་བྱུང་ཕྱོགས་ནས་ཤར་ཕྱོགསུ་འགྲོ་བ་འམ། ཤར་ཕྱེ ་ནས་ལ་ཏའི་ཡུལ་དུ་འམ། འགྲོན་པོའི་དབང་གིས་ཀྱང་ལམ་དུ་འགྲོ་བ་འམ། ཤིན་ཏུ་རིང་བར་འགྲོ་བ་འམ། དགེ་བའི་ཕྱོགས་མངོན་པར་འཕེལ་བར་བྱེད་པ་དེ་ལས་མི་ཉམས་པའི་ཕྱིར་དགེ་བའི་ཕྱོགས་བྱེད་བཞིན་འགྲོ་སྙམ་པ་འམ། སྦྱིན་བདག ་གལ་གྱིས་མཆུ་ན་དེའི་སེམས་བསྲུང་བར་བྱ་བའི་ཕྱིརརོ།། དེ་ཅིའི་ཕྱིར་ཞེ་ན། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚིག་དོར་གྱི་ཐ་སྙད་བྱ་བའི་ཕྱིར་བསླབ་པར་བཅས་པ་ནི་མ་ཡིན།། མདོ་སྡེ་ལས་ཀྱང་འདི་གཉིས་ཀྱིས་ཁྱོགས་ལ་འགྲོ་བར ་བྱ་སྟེ། རྒས་ཤིང་ཁྱོགས་པས་སྟོབས་ཆུང་བ་འམ། ན་བས་སྦྱོར་བ་མི་བཟོད་པ་ཞེས་གསུངསོ།། ནད་པ་ལ་སྤོས་ཀྱང་རྗེསུ་གནང་སྟེ། ངེས་སྤོས་ཀྱིས་བྱུགས་བཞིན་དུ་དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱའོ།། ཁྱིམ་པ་རྣམས་ལ་ཆོས་བཤད་པར ་བྱའོ།། ཁྱིམ་གཞན་དུ་འགྲོ་བ་སྤང་བར་བྱའོ།། ནང་སོས་ན་ཁྲུས་བྱས་ལ་ཆོས་གོས་རྣམས་ལ་ཡང་སྤོས་མེད་པར་བྱའོ།། མི་ན་བར་སྤོས་ཀྱིས་བྱུགས་ན་ཉེས་བྱསོ།། གལ་ཏེ་དད་པ་ཅན་རྣམས་ཀྱིས་བྱིན་ན་ལོ་ལོང་མགོ་ལ་དང་། རྐང་པའི་མཐའ།། ་ལོག་སུ་ལག་མཐིལ་གྱིས་བྱུགས་པར་བྱའོ།། དེ་མིག་ལ་ཕན་པའི་ཕྱིར་དུས་དུ་སུ་བསྣམ་པར་བྱའོ།། མེ་ཏོག་ཀྱང་དེ་བཞི་ནོ།། ཟན་ཟོས་ནས་དད་པ་ཅན་དག་གིས་རྐང་པོ་ལ་སྤོས་ཉུག་པ་སྤང་བར་མི་བྱའོ།། དེ་དག་ལྐོག་དུ་དོར་བར་བྱའོ།། སེང་གེའི་ཁྲིའི།། ་རྐང་བརྟེན་ལ་སྤོས་ཀྱིས་བྱུགས་སམ། སྤོས་ཀྱིས་ཡན་ལག་བྱིན་བྱས་པ་དང་། རྡོ་ལེབ་བམ་ལོ་མ་གཞག་པ་ལ་རྐང་པ་གཞག་པར་བྱའོ།། འགིའུ་ཝང་གི་ཐིག་ལེ་བྱས་ན་ཉེས་བྱསོ།། རྨའི་མཐའ་འཁོར་དུ་བྱུགས་པ་ལ་ལྟུང་བ་མེད་དོ།། སྨན ་དེ་ལྟ་བུ་རྣམ་པ་དུ་མ་སྟེ། སྐབས་འདིར་ནི་ཞག་བདུན་པ་ལ་བྱ་སྟེ། ཞུན་མར་ལ་སོགས་པ་བསྟན་པའི་ཕྱིརརོ།། བཀའ་སྩལ་པ་ཞེས་བྱ་བ་ནི་རྒྱས་པར་བསྟན་པའོ།། འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་དོན་གྱི་ཚིག་གི་ཕྲ།། ཞུན་མར་ཞེས་བྱ་བ ་ནི་བ་ལ་སོགས་པ་སྟེ། གང་དག་གི་ཤ་རུང་བའོ།། འབྲུ་མར་ཞེས་བྱ་བ་ནི་ཡུངས་ཀར་དང་ཏིལ་དང་། ཤིང་མ་དུ་ཀའི་འབྲས་བུ་ལ་སོགས་པའི་འོ།། དེ་བཞིན་དུ་ཚིལ་བུ་ཡང་འབྲུ་མར་དང་འདྲ་སྟེ། ཚིལ་བུ་ལས་བཅོས་ཤིང་གང་ཟད། ་ཟིང་མེད་པའོ།། སྦྲང་རྩི་ཞེས་བྱ་བ་ནི་སྦྲང་མའི་འོ།། བུ་རམ་གྱི་དབུ་བ་ཞེས་བྱ་བ་ནི་བུ་རམ་སྟེ། ཁ་ཅིག་ན་རེ་བུ་རམ་ཤིང་གི་ཁུ་བ་དཀར་པོ་ལ་ཡང་བྱའོ་ཞེའོ།། ཞུན་མར་བཟུང་བས་ནི་མར་སར་ཤིན་ཏུ་བཀྲུས་པ་དེ་ཡང་གཟུང་བའོ།། བུ་རམ་གྱི་དབུ་པ ་བཟུང་བས་ནཱི་ལཱྀ་ཁ་ར་ལ་སོགས་པ་ཁུ་བ་སྟེ་བུ་རམ་ཤིང་ལ་བྱུང་བའི་རྣམ་པ་ཐམས་ཅད་ལ་ཡང་བྱའོ།། ཞུན་མར་ལ་སོགས་པ་བཟུང་བས་ནི་བཟའ་བ་དང་བཏུང་བ་ཉེ་བར་སྤྱད་པར་བྱའོ།། མཁྲིས་པ་དང་། རླུང་དང་། བད་ཀན་གསུམ་ཞི་བར་བྱ་བའི ་ཕྱིར་ཏེ། སྦྲང་རྩི་རྙིང་པ་དང་། བུ་རམ་རྙིང་པས་ནི་བད་ཀན་ཞི་བར་འགྱུ་རོ།། ཞུན་མར་དང་། ལི་ཁ་རས་ནརྀ་མཁྲིས་པ་ཞི་བར་འགྱུརོ།། འབྲུ་མར་གྱིས་ནི་རླུང་ཞི་བར་བྱེད་དོ།། བུ་རམ་གྱི་དབུ་བས་ནཱི་གསུམ་ཀ་ཞི་བར་འགྱུརོ།། དེ་དག་ལས་ཞེས་བྱ་བ་ནི་ཞོལ། ་སོགས་པའི་དངོས་པོ་དེ་དག་མ་ཡིན་ནོ།། ཞག་བདུན་ཞེས་བྱ་བ་ནི་མང་བ་ངེས་པར་བཅད་བའོ།། དེ་ཚུན་ཆུང་ངུ་འཆང་བ་ལ་ལྟུང་བ་མེདོ།། རང་གིས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་ལག་པ་བཀྲུས་ཏེ་བྱིན་ལེན་བྱས་ནས་དགེ་སློང་གི་མདུ ་དུ་འདུག་ནས་ལག་པ་གཡོན་པའི་སྟེང་དུ་གཞག་ལ་གཡས་པས་བཀབ་སྟེ། འདི་སྐད་དུ་བརྗོད་པར་བྱའོ།། ཚེ་དང་ལྡན་པ་དགོངསུ་གསོལ།། བདག་མིང་འདི་ཞེས་བགྱི་བའི་སྨན་ཞག་བདུན་པ་འདི་དག་བདག་དང་ཚངས་པ་མཚུངས་པར་སྤྱོད ་པ་རྣམས་ཀྱིར་བགྱི་བར་ཞག་བདུན་པར་བྱིན་གྱིས་བརླབ་བོ།། དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ།། ཇི་སྲིད་འཚོའི་བར་བུ་བཅང་བ་དང་། དེ་བཞིན་དུ་ཐུན་ཚོད་དུ་རུང་བ་ཡང་བྱིན་གྱིས་བརླབ་པར་བྱའོ།། གསོག་འཇོག་གི་ཡོངསུ་ལོངས ་སྤྱོད་པས་ལོངས་སྤྱད་པར་བྱའོ།། ཞེས་བྱ་བ་ནི་རང་གིས་བླངས་ལ་བཟའ་བ་བྱ་སྟེ། ཕྱིས་བྱིན་ལེན་བྱ་བ་ནི་མི་དགོས་སོ།། ཇི་སྲིད་འཚོའི་བར་དུ་སྤྱད་པ་ནི་ཇི་སྲིད་འཚོའི་བར་དུའོ།། དུསུ་རུང་བ་ཡང་དུ་སུ་རུང་བའོ།། ཐུན་ཚོད་དུ་རུང་བ་ཡང ་ཐུན་ཚོད་དུ་རུང་བ་སྟེ། གསོག་འཇོག་གི་ཡོངསུ་ལོངས་སྤྱད་པར་བྱའོ་ཞེས་བསྟན་པ་ཡི་ནོ།། མདོར་ན་སྨན་རྣམ་པ་གཉིས་ཏེ། དུ་སུ་རུང་བ་དང་། དུས་མ་ཡིན་པར་བཀག་པ་མེད་པ་དེ་ནི་དུས་མ་ཡིན་པར་བྱིན་ལེན་བྱས་ལ་དུས་དང་དུས ་མ་ཡིན་པར་ཡང་རུང་བས་ཡོངསུ་ལོངས་སྤྱད་པར་བྱའོ།། ལོངས་སྤྱད་པར་བྱའོ་ཞེས་བྱ་བ་ནི་བཟའ་ཞིང་མེད་པའོ།། རྐང་པ་ལ་བསླུ་བ་ལ་སོགས་པའི་རྒྱུ་མཚན་ལ་ནི་གཞན་གྱིས་ཀྱང་རྙེད་པ་འཆང་དུ་མི་རུང་ངོ་ཞེས་བྱ་བར་བསྟན་ཏོ།། ་དེ་ལས་འདས་ན་ཞེས་བྱ་བ་ནི་ཞག་བརྒྱད་པ་ལ་སོགས་པར་བསྟན་པའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་སྨན་གཅིག་གམ་མང་དུ་ཡང་རུང་སྟེ། ཚེས་གཅིག་གམ། གཞན་དུ་རྙེད་ཀྱང་རུང་། ཞག་བདུན་ཚུན་ཆད་དུ་བྱིན ་བྱིན་གྱིས་བརླབས་ལ་བཟའ་བར་བྱའོ།། ཡང་ན་གཞན་དུ་གཏང་བར་བྱའོ།། རྐང་པ་ལ་སོགས་པའི་བསྐུ་མཉེའི་རྒྱུ་མཚན་ལ་ཡང་དག་པར་བརྟགས་ནསོ།། གཞན་ལ་སྦྱིན་པར་བྱའོ།། རྣམ་པ་གཞན་དུ་ནི་གང་ཅུང་ཟད་ཅིག་ལུས་ཀྱང ་ཞག་བརྒྱད་ལོན་ན་སྤང་བའོ།། གཅིག་གམ་མང་དུ་ཡང་རུང་ཚེས་གཅིག་ལ་བྱིན་གྱིས་བརླབས་པ་ལས། གཅིག་མང་ཞིང་ཚེས་གཉིས་ལ་རྙེད་པ་དེས་གཞན་ནི་བཟའ་བར་བྱ། གཞན་ནི་བཏང་བར་བྱའོ།། ཡང་ན་སྦྱིན་པར ་བྱའོ།། རྣམ་པ་གཞན་དུ་ན་སྔ་མའི་དབང་གི་ཉི་མ་བརྒྱད་པ་སྟེ་སྤང་བའོ།། དེ་བཞིན་དུ་ཞག་དྲུག་གམ་བདུན་གྱི་བར་དུ་ཡང་ངོ་།། གལ་ཏེ་ཕྱིས་བྱིན་གྱིས་བརླབས་པ་ལྷན་ཅིག་འདྲེས་ན་སྔ་མའི་ཉི་མ་ནས་བཟུང་སྟེ། ཞག་བདུན་དུ་ཡོངསུ་ལོང་སྤྱད ་པར་བྱའོ།། ཞག་བདུན་གྱི་བར་དུ་ཡོངསུ་ལོངས་སྤྱད་པར་བྱའོ།། ཞེས་མ་བསམས་པར་ཡོངསུ་ལོངས་སྤྱད་ན་ཉི་མ་རེ་རེ་ལ་ཁམ་རེ་རེ་ཡང་ཉེས་བྱསོ།། ཉི་མ་སྔ་མ་ལ་བྱིན་ལེན་བྱས་ལ་ཕྱི་དེ་ཉིན་པར་བྱིན་གྱིས་རློབ་པར་བྱེད་ན་ལྟུང་བ་མ་ཡིན ་ཏེ། ཉི་མ་སྔ་མ་ནས་ཞག་བདུན་དུ་བགྲུངོ་།། ཞག་གྲངས་ཉུང་ངུ་བྱིན་གྱིས་རློབ་པ་ནི་ལྟུང་བ་མེ་དོ།། ཚད་མ་ལས་མི་འདའ་བར་བྱ་བའི་ཕྱིར་མཚམསུ་ངེས་པར་བྱ་བ་ནི་བདུན་དུའོ།། ཞག་བདུན་ལོན་པ་ལ་ལོན་པར་འདུ་ཤེས་སམ། ཡིད་གཉིས ་ཟ་ན་ཡང་སྤང་བའོ།། མ་ལོན་པ་ལ་ལོན་པར་འདུ་ཤེས་སམ་ཡང་གཉིས་ཟན་ཡ་ཉིས་བྱས།། མ་ལོན་པ་ལ་མ་ལོན་པར་འདུ་ཤེས་སམ་ལོན་པ་ལ་ལོན་པར་འདུ་ཤེས་ན་ལྟུང་བ་མེདོ།། སྒེག་པའི་སེམས་ཀྱིས་སམ། རོ་མྱང་བའི་སེམས་ཀྱིས ་སམ། རྒྱས་པ་འམ། ཁ་དོག་གི་བྱེ་བྲག་གམ་གཡོ་དང་ཚུལ་འཆོས་པར་བསམས་ཏེ། ཟ་ན་ཐམས་ཅད་ལ་ཡང་ཉེས་བྱསོ།། ཞག་བདུན་བྱིན་གྱིས་བརླབས་ཤིང་ཟན་ཟོས་པ་མཚུངས་པར་སྤྱོད་པ་ལ་ཉི་མ་བརྗོད་པར་བྱ་སྟེ། དེང་བདག་གིས་ཉི ་མ་གཅིག་ཟོས་ཏེ། དེ་བཞིན་དུ་ལྷག་མ་ཡང་བཟའོ་ཞེས་བྱ་བསོ།། ཞག་བདུན་ཚང་གི་བར་དུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། ཅི་ལྷག་པ་དེ་ཀུན་དགའ་བ་འམ། དགེ་ཚུལ་ལ་སྦྱིན་པར་བྱའོ།། ཞག་བདུན་པ་གང་དེ་ནས་ཉེ་བར་བླངས་པ་དང ་དེ་ལས་སོ་སོ་བླངས་པ་ཞེས་བྱ་བ་ནི་ལག་ཉར་བླངས་པ་དང་། བྱིན་ལེན་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ།། ཟས་ཀྱི་ཕྱེ་མ་དང་འདྲེས་པ་ཞེས་བྱ་བ་ནི་དུསུ་རུང་བ་དང་འདྲེས་པ་ཞེས་བྱ་བའི་ཐ་ཚིགོ།། ཕན་ཚུན་འདྲེས་པ་ཞེས་བྱ་བ་ནི་ཉི་མ་གཞན ་དུ་བྱིན་གྱིས་བརླབས་པ་དང་། དུས་ཕྱི་མའི་དབང་དུ་བཅང་བ་ནི། འདྲེས་པ་ཞེས་བྱ་བའི་ཐ་ཚི་གོ།། རང་གི་རྒྱུད་ཀྱི་མྱགས་པ་ཞེས་བྱ་བ་ནི། གང་མཚམས་མེད་པ་སྟེ། ཞག་ལོན་པར་མ་བྱས་ཤིང་རྙེད་པའོ།། དེ་ཐམས་ཅད་ཀྱི་ཀུན་དགའ་ར་བ ་པ་དང་། དགེ་ཚུལ་ལ་ཡང་སྤང་བར་བྱའོ།། ལྷུང་བཟེད་ཀྱི་སྡེ་མཚན་རྫོགསོ།། ། སྤང་བ་ཐམས་ཅད་ལས་བརྩམས་ཏེ། རྣམ་པར་ངེས་པར་བྱ་བ་ནི། དགེ་སློང་གིས་སྤང་བའི་དངོས་པོ་མ་སྤངས་ལ། ཞག་ལོན་པར་མ་བྱས་སམ། ལྕུང ་བ་མ་གཤེགས་སམ། སྤངས་ཀྱང་ཞག་ལོན་པར་མ་བྱས་སམ། ལྟུང་བ་མ་བཤགས་སམ། སྤངས་ལ་ཞག་ལོན་པར་བྱས་ཀྱང་ལྟུང་བ་མ་བཤགས་པར་དེ་དང་རིགས་མཐུན་པ་འམ། རིགས་མི་མཐུན་པའང་རུང་། གཞན་ཞིག་རྙེད་པ་འདི ་སྟེ། ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཅིག་རྙེད་ན། དེ་དག་ཀྱང་སྔ་མའི་རྒྱུད་ཀྱིས་སྤང་བའོ།། སྤངས་པར་གྱུར་པ་ལ་ཞག་ལོན་པར་བྱས་ནས། ལྟུང་བ་བཤགས ་པ་ལ་ལྟུང་བ་མེ་དོ།། ཞག་ལོན་པར་ཞེས་བྱ་བ་ནི་གང་གི་ཉིན་མོ་སྤངས་པ་དེའི་ཉི་མ་གཉིས་པའི་ཞག་གི་བར་དུ་བཅད་དེ། ཉི་མ་གསུམ་པ་ལ་ལྟུང་བ་བཤགས་ནས་བླ་།། སྤང་བ་ཐམས་ཅད་ཀྱང་གང་ཟག་ལ་སྦྲང་གི། ་དགེ་འདུན་ལ་མ་ཡིནོ།། སྤངས་པའི་དངོས་པོ་དགེ་འདུན་གྱིས་བགོ་བར་མི་བྱའོ།། ལྷུང་བཟེད་གཉིས་པ་སྤང་བ་ནི་མ་གཏོགས་ཏེ། དེ་ནི་དགེ་འདུན་ལ་སྤངོ་ཞེས་གསུང་སོ།། ཆོས་གོས་དང་གདིང་བ་ནི་བསྙེན་པར་རྫོགས་པ་ལ་སྤངངོ་།། དབྱིག ་ལ་སོགས་པ་བསྙེན་པར་རྫོགས་པའམ། མ་རྫོགས་པ་འམ། རབ་ཏུ་བྱུང་བ་དང་། མ་བྱུང་བ་ལ་ཡང་རུངངོ་།། ཞག་བདུན་པ་ནི་བསྙེན་པར་མ་རྫོགས་པ་ལ་སྤངངོ་།། ཁྲོས་ནས་ཆོས་གོས་ཕྲོགས་པ་ནི་གང་ཁོ་ན་ལས་ཕྲོགས་པ་ཉིད་ལ་སྤང ་བྱ་སྟེ། སྦྱིན་པར་བྱ་བའི་ཕྱིར་ཡིན་གྱི། རུང་བར་བྱ་བའི་ཕྱིར་ནི་མ་ཡིནོ།། གང་ཟག་གསལ་ཞིང་ཡིད་བཙུགས་པ་ལ་སྤང་བར་བྱ་བའི་མི་གསལ་བ་དང་། ཡིད་མི་བཅུག་པ་ལ་མ་ཡིནོ།། མི་གསལ་བ་ལ་ཨུད་པ་ལས་གལ་ཏེ་མི་གསལ་བ་ཏེ་སླར་མི་སྟེར་ན་མཐུས ་ཀྱང་དབྲོག་པར་བྱའོ།། སྤང་བར་གྱུར་པ་རུང་བར་བྱ་བའི་ཕྱིར་སྤང་གི། གཏན་དུ་སྦྱིན་པའི་ཕྱིར་མ་ཡིནོ།། དེ་བཞིན་དུ་རེ་བ་དང་བཅས་པའི་སེམས་ཀྱིས་ཀྱང་སྤང་བ་ནི་སྤངས་པ་མ་ཡིནོ།། སྤང་བ་སུམ་ཅུ་རྫོགསསོ།། །། འདུལ་བ་བསྡུས་པ། ་བམ་པོ་བརྒྱད་པ། རྒྱལ་པོའི་ཁབ་ན་སྟེ། སྒྲ་གཅན་འཛིན་ལ་དྲིས་ན་མཐོ་འཚམ་པའི་ཕྱིར་དེ་བཞིན་དུཤེགས་པ་གཞན་ན་བཞུགས་ན་གཞན་དུ་བསྟན་པ་དང་། མཉན་ཡོད་ན་དགེ་སློང་ལག་རྒྱུད་ཀྱིས་ལྷོ་ལམ་ནས་འོངས་པའི་རྒོལ་བ་དང་། ་དུས་བྱས་པ་ལས་བརྫུན་གྱིས་བསླུས་པས་ན་ལྟུང་བའི་གཞིའི་དབང་དུ་མཛད། བཅབ་པའི་ཉོན་མོངས་པའི་ཕྱིར། བརྫུན་དུ་སྨྲས་པའི་ཚོགས་ཀྱི་ལྟུང་བྱེད་དང་པོར་བཅུ་སོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་འདུ་ཤེས་སྦས་ཞེས་བྱ་བའི་ཐ་ཚིག།། བརྫུན ་དུ་སྨྲ་ན་ཞེས་བྱ་བ་ནི་དོན་གཞན་དུ་འདུག་པ་ལས་ཤེས་པའི་སྐྱེས་བུ་ལ་བསླུ་བའི་ཕྱིར་གཞན་དུ་སྨྲ་བ་ནི་བརྫུན་དུ་སྨྲ་བའོ་དེ་ཡང་རྣམ་པ་དགུ་ནས་རྣམ་པ་གཉིས་ཀྱི་བར་དུ་སྟེ། དེ་ལ་རྣམ་པ་དགུ་ནི་ལྟུང་བ་སྡེ་ལྔ་དང་། ཉམས་པ་བཞིའོ།། རྣམ ་བ་བརྒྱད་ནི་ལྟུང་བ་སྡེ་ལྔ་དང་། གཞི་མེད་པ་གསུམ།། རྣམ་པ་བདུན་ནི་ཉམས་པ་བཞི་དང་། གཞི་མེད་པ་གསུམམོ།། རྣམ་པ་དྲུག་ནི་སྦྱོར་བ་དང་། དངོས་གཞི་དང་མཇུག་སྟེ། བརྫུན་དུ་སྨྲ་བར་བསམས་པ་གསུམ་དང་། གཞི་མེད་པ་གསུམ་མོ།། རྣམ་པ ་རྣམ་པ་ལྔ་ནི་ལྟུང་བ་སྡེ་ལྔའོ།། རྣམ་པ་བཞི་ནི་ཉམས་པ་བཞིའོ།། རྣམ་པ་གསུམ་ནི་གཞི་མེད་པ་གསུམོ།། ཡང་རྣམ་པ་གསུམ་སྟེ། བརྫུན་དུ་སྨྲ་བར་འདོད་ནས། བརྫུན་དུ་སྨྲའོ་སྙམ་དུ་བསམས་པ་དང་། དེ་བཞིན་དུ་སྨྲ་བ་དང་། དེ་བཞིན་དུ་སྨྲས ་ཟིན་པའོ།། རྣམ་པ་གཉིས་ནི་བརྫུན་དུ་སྨྲ་བར་བསམས་པ་གཉིས་ཏེ། སྨྲས་པ་དང་། སྒྲས་ཟིན་པའོ།། བརྫུན་དུ་སྨྲ་བ་རྣམ་པ་གཅིག་ནི་མེདོ།། ལྟུང་བའི་དབྱེ་བ་ནི་རྣམ་པ་ལྔ་སྟེ། དེ་ལ་མིའི་ཆོས་ལས་བླ་མར་གྱུར་པ་སྨྲས་པས་ཕམ་པར་འགྱུར་བ ་དང་། སྐུར་བ་བཏབ་པས་དགེ་འདུན་ལྷག་མར་འགྱུར་བ་དང་། དགེ་འདུན་གྱི་ནང་དུ་ཆོས་མ་ཡིན་པ་ཆོསུ་སྟོན་པས་ན་སྦོམ་པོར་འགྱུར་བ་དང་། སོ་སོ་ཐར་པ་འདོན་པའི་ཚེ་ལྟུང་བ་ཅང་མི་སྨྲ་བར་བཅབས་པས་ན་ཉེས་བྱསུ་འགྱུར་བ་དང་། ཇི་སྐད ་བསྟན་པ་རྣམ་པ་བཞི་པོ་དེ་དག་མ་གཏོགས་པའི་བརྫུན་སྨྲས་པ་གཞན་ཐམས་ཅད་ནི་ལྟུང་བྱེད་དུ་འགྱུརརོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་སྲེག་པ་དང་། འཚེད་པ་དང་ངན་སོང་རྣམསུ་ལྟུང་བར་བྱེད་པས་ན་ལྟུང་བྱེདོ།། ངེས་པའི་ཚི ་གི་ཚུལ་གྱིས་ན་ལྟུང་བར་བྱེད་པའི་སྒྲས་ནི་ངེས་ཚིག་གི་དོན་བསྟན་པ་ཡིན།། སྲེག་པ་དང་འཚེད་པ་ཞེས་བྱ་བ་ནི། ལྟུང་བར་བྱེད་ཅེས་བྱ་བའི་སྒྲའི་དོན་དུ་བསྟན་ཏོ།། ལྟུང་བ་གཞན་ཡང་ལྟུང་བར་བྱེད་མོད་ཀྱི། འོན་ཀྱང་མོང་དུ་ཆགས་པའི ་སྒྲས་འགྲོ་བས་ན་བ་ལང་ཞེས་བྱ་བ་བཞིན་ཏེ། ཡུལ་ཉེ་བར་འཕྲོག་པར་བྱེད་པས་ཉེས་པ་མེདདོ།། སྦྱོར་བས་ནི་ཐམས་ཅད་ཀྱང་ལྟུང་བྱེད་དུ་འདོད་མོད་ཀྱི། སྔར་སྨྲས་པ་བཞིན་ཏེ། ཉེས་པ་མེ་།། མ་མཐོང་བ་ལ་སོགས་ལ་མཐོང་།། ཞེས ་བྱ་བ་ལ་སོགས་པར་སྨྲས་ན། ཚིག་རེ་རེ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་མ་བརྗེད་པ་འམ། བརྗེད་ཀྱང་རུང་། གོ་བཟློག་སྟེ་སྨྲས་པ་དང་། ཡིད་གཉིས་ཟ་འམ། ཡིད་གཉིས་མི་ཟ་ན་ཡང་རུང་། མ་མཐོང་བ་ལ་སོགས་པ་ཡང་རུང་སྟེ། ་མཐོང་ངོ་།། ཞེས་བྱ་བ་ལ་སོགས་པའི་འདུ་ཤེས་དང་། མཐོང་བ་ལ་སོགས་པའི་ཡང་རུང་སྟེ། མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའི་འདུ་ཤེས་དང་། འདུ་ཤེས་བཅབས་ནས་ཅི་ལྟར་བསམས་པ་བཞིན་གོ་བཟློག་པར་སྨྲས་པ་དང་། མཐོང ་བ་ལ་སོགས་པ་རྣམ་པ་བཞི་པོ་ཕན་ཚུན་གོ་བཟློག་པར་སྨྲས་ཀྱང་རུང་། དེ་བཞིན་དུ་གཅིག་བརྗེད་ལ། གཞན་མ་བརྗེད་དམ། གཅིག་ལ་ཡིད་གཉིས་ཟ་སྟེ། གཞན་ལ་ཡིད་གཉིས་མི་ཟ་ན་ཡང་རུང་། རྣམ་པ་དེ་ལྟ་བུར་ཕན་ཚུན་སྤེལ་ཞིང ་སྨྲས་ན། ཚིག་རེ་རེ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ།། སེམས་བསྐྱེད་པ་དེ་ནི་བསྡམས་པར་བྱ་བའི་ཉེས་བྱ་སུ་འགྱུརརོ།། ཕ་རོལ་པོ་ལ་ཇི་སྲིད་དུ་གོ་བར་མ་གྱུར་པ་དེ་སྲིད་དུ་བཤགས་པར་བྱ་བའི་ཉེས་བྱསོ།། ཕ་རོལ་པོ་བརྡ་མ་ཕྲད་པར་བརྫུན་དུ ་སྨྲས་ན་ཉེས་བྱསོ།། ཁ་ཅིག་ན་རེ་ངག་གི་རིག་པར་བྱ་བའི་དོན་ལུས་ཀྱིས་རིག་པར་བྱས་ན་ཡང་ལྟུང་བྱེད་དུ་འགྱུརརོ་ཞེས་ཟེ་རོ།། མཐོང་བ་ལ་མཐོང་བར་འདུ་ཤེས་བཞིན་དུ་མ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེདདོ།། མཐོང་བ་ལ་ཡིད་གཉིས ་ཟེཟོ་སྟེ། མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེདདོ།། མ་མཐོང་ངོ་ཞེས་སྨྲས་ན་ཉེས་བྱསོ།། མ་མཐོང་བ་ལ་མཐོང་བར་འདུ་ཤེས་ཏེ། མཐོང་ཞེས་སྨྲས་ན་ལྟུང་བ་མེདདོ།། མ་མཐོང་བ་ལས་ཡིད་གཉིས་ཟ་སྟེ། མི་མཐོང་ཞེས་སྨྲས་སམ་མཐོང་ཞེས་ཀྱང་རུ ་སྟེ། སྨྲས་ན་ཉེས་བྱས།། དེ་ལྟ་བས་ན་འདི་ལ་ནི་འདུ་ཤེས་ཀྱི་དབྱེ་བ་འབའ་ཞིག་ལས་ལྟུང་བར་འགྱུར་གྱི། དངོས་པོ་ནི་དེ་བཞིན་ཡིན་ཡང་རུང་མ་ཡིན་ཡང་རུངངོ་།། ཁྱིམ་པའི་ཆ་ལུགས་སམ། མུ་སྟེགས་ཅན་གྱི་ཆ་ལུགསུ་བྱས་ཏེ། སོང་བ ་ལ་དྲོས་ནཱ་ད་ཁྱིམ་པ་འམ་མུ་སྟེགས་ཅན་ནོ་ཞེས་སྨྲས་ན་ལྟུང་བྱེད་དོ།། ཁྱིམ་པ་འམ་གཞན་མུ་སྟེགས་ཅན་གྱི་ཆུ་ལུགསུ་བསྒྱུར་ན་ཉེས་བྱསོ།། ཀུན་ཏུ་འཚོ་བའི་ཆ་ལུགསུ་བྱས་ན་ཉེས་པ་སྦོམ་པར་འགྱུར་རོ།། དེ་ལྟར་བྱས་ཀྱང་བསླབ་པ་ཕུལ ་བ་ནི་མ་ཡིནོ།། དེ་བཞིན་དུ་བྲམ་ཟེ་ལ་སོགས་པར་རབ་ཏུ་བྱུང་བ་ལ་ཁྱོད་འདྲེག་མཁན་ཡིནོ་ཞེས་སྨྲས་པ་དང་། དེ་བཞིན་དུ་བཟོ་ལ་སོགས་པ་ཡང་ངོ་།། བསླབ་པ་མ་ཉམས་པ་ལ་དགེ་འདུན་གྱི་རེ་ཁྱོད་བསླབ་པ་ཉམས་པའོ།། ཞེས་སྨྲས་པ་དང་། ་མཁན་པོ་གཞན་ཡིན་ལ་གཞན་དུ་བསྟན་པས་ནི་བསླབ་པ་ཕུལ་བར་མི་འགྱུ་རོ།། མ་ཆགས་པ་ལ་ཁྱོད་ལ་ངའི་བུ་ལོན་ཆགསོ་ཞེས་སྨྲས་པ་དང་། བསླབ་པ་ཕུ་ལོ་ཞེས་སྨྲས་པ་དང་། ཁྱོད་ལོ་མ་ལོན་ཞེས་བྱ་བ་དང་། བསླ ་པ་བྱིན་པའོ།། ཞེས་སྨྲས་པ་དང་། དགེ་སློང་ལ་ཁྱོད་སུ་ཡིན་ཞེས་དྲིས་པ་དང་། དགེ་སློང་མ་དང་། ལྷ་ལ་སོགས་པ་ཡིནོ།། ཞེས་སྨྲས་པ་དང་། དགེ་ཚུལ་ལ་སོགས་པར་ཁས་ལེན་པ་ཙམ་གྱིས་ནི་དེ་ལྟར་མི་སེམས་པའི་ཕྱིར། བསླབ་པ་ཕུལ ་བར་མི་འགྱུར་ཏེ། ཐམས་ཅད་ལ་ཡང་ལྟུང་བྱེད་དུ་འགྱུར་རོ།། བྲམ་ཟེ་ལ་སོགས་པ་རབ་ཏུ་བྱུང་ལ་ཁྱོད་འདྲེག་མཁན་གྱིས་ལས་བྱེད་དམ་ཞེས་སྨྲས་ན་ཉེས་བྱསུ་འགྱུར་རོ།། མི་ཤེས་པར་སྨྲས་པ་དང་། འདུ་ཤེས་གཞན་དུ་མ་ཡིན་པ་དང ་བསྐལ་པའི་རྣམ་གྲངས་དང་། སྟོང་པ་ཉིད་དུ་དང་། འདས་པ་མ་མཐོང་བ་ལས་བསམས་ནས་སྨྲས་ན་ལྟུང་བ་སྦེད་དོ།། བསམས་པ་མེད་པར་ཁས་བླངས་ནས་མ་བྱས་ན། ཐམས་ཅད་ལ་ཡང་ཉེས་བྱས་འགྱུརོ།། རྣམ་པ་གཞན་དུ་འདུ་ཤེས ་པ་དང་། དེ་ནས་སྨྲས་པ་དང་། ཕ་རོལ་པོས་བརྡ་ཕྲད་པར་གྱུར་ན་འདི་གསུམ་ནི་ཡན་ལག་ཏུ་འགྱུར་ཏེ། ངག་གིས་དང་། སེམས་ཀྱིས་ཀུན་ནས་བསྐྱུང་བའོ།། དེ་བཞིན་དུ་ངག་ལས་བྱུང་བ་ཐམས་ཅད་ལ་ཡང་རིག་པར་བྱའོ་དང་པོའོ།། ། ་མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་དགེ་སློང་རྣམས་ལ་ཐེད་པོ་ལ་སོགས་པར་སྨྲས་ཤིང་ཀུན་ཏུ་སྐྱོ་བ་དང་། རབ་ཏུ་བྱུང་བའི་གཞིའི་དབང་དུ་མཛད་དེ། མི་བཟོད་པའི་ཉོན་མོངས་པས་གཉིས་པ་བཅསོ།། མིའི་སྐྱོན་ནས་སྨྲ་ན་ཞེས་བྱ་བ་ནི་ཉེས་པ ་སྨྲ་བ་ཡིན་ཏེ། རྒྱུའི་དོན་གྱི་ལྔ་པ་སྟེ། དེ་ཉིད་རྒྱུར་གྱུར་པས་ན་ལྟུང་བྱེད་དུ་འགྱུར་ཏེ། དེ་བཞིན་དུ་གཞན་ཡང་།། དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བར་བསམས་ཏེ། ཁྲོས་སམ་ང་རྒྱལ་གྱིས་ཀྱང་རུང་། དགེ་སློང་ལ་རིགས་ལ་སོགས་པ་གཞི་བརྒྱད ་པོ་རྣམས་ཀྱི་སྒྲས་ན་དགེ་སློང་མི་དགའ་བར་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་སྟེ། ལྟུང་བྱེད་དུ་འགྱུར་རོ།། དེ་ལ་རིགས་ནི་བྲམ་ཟེ་ལ་སོགས་པ་སྟེ། སྐུད་རིགས་མཁན་ལ་སོགས་པར་དབྱེ་ན་རྣམ་པ་དུ་མའོ།། བྲམ་ཟེ་དང་རྒྱལ་རིགས་དག་ལ་ནི་ཉེས་བྱས།། ། ་དེ་ལ་མིའི་སྐྱོན་ནས་སྨྲ་བར་ནི་བསམས་མོད་ཀྱི་སྐྱོན་ནས་སྨྲས་པ་ནི་བསམས་མོད་ཀྱི་སྐྱོན་ནས་སྨྲས་པ་ནི་མ་ཡིནོ།། དེ་བཞིན་དུ་བྲམ་ཟེ་དང་། རྒྱལ་རིགས་ལ་བཟོ་དང་ལས་ཀྱང་བརྗོད་པར་བྱའོ།། བཟོ་ནི་བྲམ་ཟེ་ལ་སོགས་པ་དང་། ཁྱབ་རིས་མཁན ་དང་། བཟང་མཁན་དང་། ལྕགས་མགར་དང་། ཁར་བ་མཁན་དང་། ལྷ་མཁན་དང་། རྫ་མཁན་དང་། འདྲེག་མཁན་དང་། ཤིང་མཁན་དང་། རེ་ལྡེ་མཁན་དང་། བྲན་ལ་སྟེ། བཟོ་ལ་སོགས་པ་རྣམ་པ་དུ་མར་དབྱེའོ།། ལས་ནི་བྲམ་ཟེའི་ལསུ་བྱ་བ་ལ ་སོགས་པ་རྣམ་པ་དུ་མར་དབྱེ་བ་ཡིན་ནོ།། བཟོ་མ་བསླབས་པ་ལས་བརྩམས་ཏེ། བསླབས་པར་བྱའོ་ཞེས་སྨྲས་པའོ།། བསླབས་པ་ལས་བརྩམས་ཏེ་ཁྱོད་ཀྱིས་ལས་འདི་བྱའོ་ཞེས་སྨྲ་བ་ཡིན་ཏེ། ཁྱད་པར་ནི་དེ་ཡོད་དོ།། རྟགས་ཏེ་ཐེང་པོ་དང་། ལག ་པ་ཞ་བ་དང་། མིའུ་ཐུང་ལ་སོགས་པར་དབྱེ་བའོ།། ནད་དེ་མཛེ་ལ་སོགས་པར་དབྱེ་བའོ།། ལྟུང་བ་སྟེ་ལྟུང་བ་སྡེ་ལྔའོ།། ལྟུང་བ་སྦོམ་པོ་ཡང་དེའི་ཕྱོགས་ཉིད་།། ཉེ་བའི་ཉོན་མོངས་པ་སྟེ་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ ་དང་། ཕྲག་དོག་དང་། སེར་སྣ་དང་། གཡོ་དང་། སྒྱུ་ལ་སོགས་པ་རྣམ་པ་དུ་མར་དབྱེའོ།། སྤྱོ་བ་སྟེ་ཁྱོད་ནི་ཚོགས་ཅན་མའི་བུའོ།། ཞེས་སྨྲ་བ་ལ་སོགས་པ་ལྟ་བུ་སྟེ། གང་དང་གང་ལ་བརྟེན་ནས་བདེན་ནམ་མི་བདེན་པས་ཀྱང་རུང ་སྟེ། ཁྲོས་སམ་ང་རྒྱལ་གྱིས་ཀུན་ཏུ་དཀྲིས་ནས་སྨྲས་ན། ཐམས་ཅད་ཀྱང་ལྟུང་བར་འགྱུརརོ།། མི་བདེན་ན་ལྟུང་བྱེད་གཉིསུ་འགྱུརརོ།། སྟོན་ལྟུང་བ་བྱུང་བ་དང་། དང་པོ་འཁྲུགས་པ་དང་། རྐུ་ཐབ་སུ་གནས་པ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང ་མ་སུན་ཕྱུང་བ་དང་། མི་མ་ཡིན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉེན་པ་དང་། གླེན་པ་དང་། ལྐུག་པ་དང་། འོན་པ་དང་། དགེ་སློང་དང་། དགེ་སློབ་མ་དང་། དགེ་ཚུལ་མ ་ལ་སྨྲས་ན་ཉེས་བྱསོ།། དགེ་སློང་མས་དགེ་སློང་མ་ལ་སྨྲས་ན་ལྟུང་བྱེདདོ།། དགེ་སློང་ལ་སོགས་པ་ལ་སྨྲས་ན་ཉེས་བྱསོ།། ཚུལ་དེ་བཞིན་དུ་དགེ་སློང་གི་བསླབ་པའི་གཞིར་གཏོགས་པ་ཐམས་ཅད་ལའོ།། དགེ་ཚུལ་ལ་སོགས་པས་ཉོན ་མོངས་པའི་སེམས་ཀྱིས་ལྷག་མ་དང་བཅས་པ་ཐམས་ཅད་ཀྱང་ཉེས་བྱསོ།། སྔོན་ལྟུང་བ་བྱུང་བ་ལ་སོགས་པ་བཅུ་པོ་རྣམས་ཀྱིས་ཀྱང་དགེ་སློང་ལ་སྨྲས་ན་ཉེས་བྱས་ཉིད་ཀྱི་ལྟུང་བའོ།། དེ་བཞིན་དུ་བསླབ་པའི་གཞི་ཐམས་ཅད་ལ ་ཡང་ངོ་།། འཕགས་པས་མཐའ་ཁོབ་པ་ལ་འམ། མཐའ་ཁོབ་པས་འཕགས་པ་ལ་ཡང་རུང་། སྐད་གཞན་གྱིས་སྨྲས་ཏེ་དེས་ཀྱང་བརྡ་མ་ཕྲད་ན་ཉེས་བྱསོ།། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་ཉེས་བྱསོ།། དེ་བཞིན་དུ་ངག་དང་ལྡན ་བར་ཕྱིས་འབྱུང་བ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ།། ཁྱིམ་པ་ལ་སྨྲས་ན་ཉེས་བྱསོ།། དེའི་རང་བཞིན་ཉིད་ལ་དེའི་རང་བཞིན་ཉིད་དུ་འདུ་ཤེས་པ་དྲུག་དུ་སྦྱར་ཏེ། ལྔ་ལ་ནི་ལྟུང་བར་འགྱུར་ལ། གཅིག་ལ་ནི་ལྟུང་བ་མེདོ།། མིང་མཐུན་པ་མང ་བཔབ་ལ་ནི་དེར་རྣམ་གྲངསུ་བརྗོད་ན་ལྟུང་བ་མེད་དོ།། སངས་རྒྱས་སྐྱོང་གང་ཡིན་ཞེས་ཟེར་བ་ལ། བྲམ་ཟེ་ལས་རབ་ཏུ་བྱུང་བ་གང་ཡིན་པ་དེའོ།། ཞེས་བྱ་བ་རྒྱས་པར་རོ།། སྔར་མ་བསམས་པར་སྨྲས་སམ། སྟོན་ནམ། ཆོས་བཤད་པར་བསམ ་སམ། ཕན་པར་བསམས་ན་ལྟུང་བ་མེད་དོ།། ཡན་ལག་བཞི་སྟེ། གཞན་དགེ་སློང་དང་། སྐྱོན་ནས་སྨྲ་བར་བསམས་པ་དང་། དེ་ནས་སྨྲས་པ་དང་། ཕ་རོལ་པོས་ཁོང་དུ་ཆུད་པའོ།། རིགས་དང་། བཟོ་དང་། ལས་རྣམས་དང་། རྟགས་དང་། ནང ་ཀྱིས་ཉེན་པ་དང་། ལྟུང་བ་སྡེ་ལྔ་དང་། ཉེ་བའི་ཉོན་མོངས་པ་རྣམས་དང་ནི་སྦྱོར་བར་བྱེད་པ་ཐ་མར་དྲན་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ།། གཉིས་པའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ལས་བརྩམས་ཏེ། འཁོར་གྱི་གཞི ་དབང་དུ་མཛད་ནས་འཁོར་འཛིན་པའི་ཉོན་མོངས་པས་ན་གསུམ་པ་བཅསོ།། དགེ་སློང་ཕྲ་མ་བྱེད་ན་ཞེས་བྱ་བ་ནི། དགེ་སློང་གཉིས་ལ་ཕྲ་མ་བྱེད་ཅེས་ཚིག་རྣམ་པར་སྦྱ་རོ།། དགེ་སློང་བཟུང་བས་ནི་དགེ་སློང་མ་རྣམས་རྣམ་པར་བཅད་པར ་བྱ་བའི་ཕྱིརརོ།། དབྱེ་བར་བསམས་ཤིང་ཉོན་མོངས་པའི་སེམས་ཀྱིས་སྨྲ་བ་ནི་ཕྲ་མའོ།། ཡོ་བྱད་ཀྱི་ཕྱིར་རམ། གནོད་པར་བྱེད་པའི་མཚན་མ་དྲན་པའི་ཕྱིར་རམ། ཕྲག་དོག་ཏུ་གྱུར་པའམ། ཐ་ན་ཆོས་ཀྱི་ཕྱིར་རམ། སྟོན་པ་འམ། ཁ་ཏོན་དུ ་བྱེད་པ་འམ། གནས་འཆང་བ་ལ་སོགས་པའི་ཕྱིར་ཡང་རུང་སྟེ། གཅིག་གིས་གཅིག་ལ་འམ། གཉིས་དག་ལ་འམ། མང་པོ་རྣམས་ལ་འམ། དགེ་འདུན་ལ་འམ། དེ་བཞིན་དུ་གཉིས་ཀྱིས་གཅིག་ལ་འམ། དགེ་འདུན་ལ་བྱེད ་པའི་བར་དུ་སྟེ། དེ་བཞིན་དུ་མང་པོས་སམ། དེ་བཞིན་དུ་དགེ་འདུན་གྱིས་གཅིག་ལ་འམ། དགེ་འདུན་ལ་བྱེད་པའི་བར་དུའོ།། དེ་ལ་ལྟུང་བ་བྱེད་པའི་ཁྱད་པར་ནི་ཡོད་ཀྱི་ལྟུང་བའི་ཁྱད་པར་ནི་མེདདོ།། དགེ་སློང་དབྱེ་བར་བསམས་ནས་དགེ་སློང་གཞན ་གྱི་མིའི་སྐྱོན་དུ་སྨྲས་པ་དེ་དག་གཞན་ལ་ཆེ་གེ་མོ་ཞེས་བྱ་བ་ཁྱོད་ལ་འདི་སྐད་ཅེས་ཟེ་རོ།། ཞེས་སྨྲས་པའོ།། དེ་ལ་དེས་གང་སྨྲས་པའི་མིང་ཉི་ཙེ་སྨོས་ན་ཐམས་ཅད་ལ་ཡང་ཉེས་བྱ་སུ་འགྱུརརོ།། རིགས་ལ་སོགས་པ་རྣམ་པ་བརྒྱད་ཀྱིས་གཞི་མ ་སྨོས་ན་ཉེས་བྱསུ་འགྱུར་གྱི་ལྟུང་བྱེད་ནི་མ་ཡིནོ།། གཞི་སྨོས་ན་ལྟུང་བྱེད་དོ།། ཕ་རོལ་པོ་བྱེད་ཡང་རུང་མ་བྱེ་ཡང་རུང་ཚིག་ཏུ་སྨྲས་པ་ཙམ་གྱིས་ལྟུང་བར་འགྱུར་རོ།། ས་ལ་འདུག་པས་ན་མཁའ་ལ་འདུག་པ་ལ་བྱེད་དམ། ན་མཁའ་ལ་འདུག་པས ་ས་ལ་འདུག་པ་དང་། མཚམས་ཀྱི་ནང་དུ་འདུག་པས་མཚམས་ཀྱི་ཕྱི་རོལ་ན་འདུག་པ་ལ་འམ། གོ་བཟློག་པ་འམ། གཉི་ག་མཚུངས་པ་འམ། མཚམས་མནན་ཏེ་འམ། རྒལ་ཀྱང་ངོ་།། བསླབ་པ་བྱིན་པ་ལ་ཡང་ལྟུང་བ་དགེ་སློང་དང་འདྲ་བར ་ཐམས་ཅད་དུ་རིག་པར་བྱའོ།། སྔོན་ལྟུང་བ་བྱུང་བ་ལ་སོགས་པ་ནས། དགེ་ཚུལ་མ་རྣམས་ཀྱི་མཐའི་བར་དུ་འབྱེད་པ་དང་། དེ་དག་གི་དགེ་སློང་ཕྱེ་ན་ཡང་ཉེས་བྱས་འགྱུར་རོ།། དབྱེ་བར་གྱུར་པའི་ཚིག་ཏུ་སྨྲས་ལ་ཕ་རོལ་པོས་ཁོང་དུ་ཆུད་པར་མི་བྱེད ་ན་ཉེས་བྱསོ།། དེ་ལའང་དེའི་རང་བཞིན་ཉིད་ཡིན་ལ། དེའི་རང་བཞིན་ཉིད་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་ཏེ་སྔ་མ་བཞིན་ཏེ། ཐམས་ཅད་ཀྱང་ལྟུང་བྱེད་དོ།། ཕན་པར་བསམས་པ་དང་སྡིག་པའི་གྲོགས་པོ་ལས་ཕྱེ་ན་ལྟུང་བ་མེ་དོ།། དབྱེ་བར་བསམས ་པ་དང་། དེ་སྐད་དུ་སྨྲས་པ་དང་། ཕ་རོལ་པོས་ཁོང་དུ་ཆུད་པ་སྟེ། ཡན་ལག་གསུམ་གྱིསོ།། གསུམ་པའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ཆོས་བཞིན་དུ་ལས་བྱས་པ་ལས་སྐྱོ་སྔོགས་བྱེད་པས་ན། རྩོད་པའི་གཞིའི་དབང་དུ་མཛད་དེ། ་མི་བཟོད་པའི་ཉོན་མོངས་པས་བཞི་པ་བཅས་སོ།། ཤེས་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་རིག་པའམ། གཞན་གྱིས་བསྟན་པར་གྱུར་པ་སྟེ། གསལ་བ་རྣམས་ཀྱིས་ལས་དེ་ཚུལ་བཞིན་དུ་བྱས་པརོ།། ཅི་སྟེ་ཆོས་བཞིན་མ་ཡིན་པར་བྱས་པ ་ཤེས་པ་ལ་ཉེས་པ་མེདོ།། མཐུན་པ་ཞེས་བྱ་བ་ནི། ཐམས་ཅད་མཚམས་ཀྱི་ནང་དུ་ཕྱིན་པ་ལ་བྱ་བའང་ཐོབ། མངོན་སུམ་དུའང་གྱུར། འདུན་པ་བླང་བར་འོས་པ་རྣམས་ལས་འདུན་པའང་བླངས་པ་འམ། དེ་དག་མངོན་སུམ་དུ་གྱུར་ཀྱང་སླར་བཟློག་པ ་མི་འཆགས་པ་ནི། གང་དག་གི་སླར་བཟློག་ཀྱང་བརྟན་པ་རྣམས་ཀྱིའོ།། བྱ་བའང་ཐོབ་ཅེས་བྱ་བ་ནི། གང་གི་ལས་བྱ་བར་འོས་པ་འམ། ཇི་སྙེད་ཀྱི་ལས་གང་བྱ་བ་དེ་སྙེད་རྣམས་བྱ་བ་ཐོབ་པའོ།། གང་གིས་མི་ཆགས་ཤེ་ན། གང་ཟག་བཅུ་བཞི་རྣམས ་ཀྱིའོ།། འདི་ལྟ་སྟེ། བུས་པའི་སྟེ། ཉེས་པར་བསམས་པ་སེམས་པ་དང་། ཉེས་པར་སྨྲ་བ་སྨྲས་པ་དང་། ཉེས་པར་བྱ་བ་བྱེད་པ་དང་། གློན་པའི་སྟེ། གང་མདོ་སྡེ་ལ་སོགས་པ་མི་འཛིན་པ་དང་། མིག་གསལ་བའི་སྟེ། གང་སོ་དོན་ཁོང་དུ་མ་ཆུད་པ་དང་། ་མི་མཁས་པའི་སྟེ། གང་དེའི་ཚིག་དོན་ངེས་པར་མི་མཁས་པ་དང་། ངོ་ཚ་མེད་པའི་སྟེ། གང་ཕམ་པར་འགྱུར་བ་བྱུང་བ་དང་། ནད་དང་བཅས་པའི་སྟེ། གང་འཐབ་མོ་བྱེད་པ་དང་། མཚམས་ཀྱི་ཕྱི་རོལ་ན་འདུག་པའི་སྟེ། གང་ཐོས་པའི ་ཉེན་འཁོར་སྤངས་པ་དང་། མཚམས་ཀྱི་ནང་ན་འདུག་པའི་སྟེ། གང་ན་མཁའ་ལ་གནས་པ་དང་། མཚམས་ཀྱི་ནང་ན་འདུག་ཀྱང་གནས་ནས་ཕྱུང་བ་དང་། ངག་ཡང་དག་པར་མི་སྡོམ་པའི་སྟེ། གང་བརྫུན་ཏུ་སྨྲ་བས་ནས་ཚིག་འཁྱལ་བའི་སྨྲ་བའི ་བབར་དུ་དང་། སྤྱོད་ལམ་ལས་ཉམས་པའི་སྟེ། གང་སྟན་གང་ལ་འཇུག་པ་དེ་ལས་ལངས་པར་གྱུར་པ་དང་རང་བཞིན་དུ་མི་གནས་པའི་སྟེ། གང་སྤྱད་པར་བྱ་བ་མ་ཡིན་པ་ཀུན་ཏུ་སྤྱོད་ཅིང་དག་སླང་དགེ་སློང་གི་བསླབ་པ་ལ་མི་སློབ་པ་དང་། བསླབ་པ ་བྱིན་པའི་དང་། གང་ལ་ཆོས་བཞིན་དུ་ལས་བྱེད་པའོ།། གང་ལ་མ་དག་པའོ་ཞེས་གསུངས་པའང་མི་འཆགསོ་ཞེས་བྱ་བ་ནི་དེ་ཡང་ངོ་ཚ་མེད་པ་ཞེས་བྱ་བ་ལས་ལྷག་པ་མ་ཡིནོ།། གང་གིས་འཆགས་ཤེ་ན། རང་བཞིན་དུ་གནས་པ་དང་། ངག་ཡང ་དག་པར་སྡོམ་པ་དང་། མཚམས་ཀྱི་ནང་དུ་འདུག་པར་གྱུར་པ་དང་། སྤྱོད་ལམ་ལས་མ་ཉམས་པ་དང་། དེ་བཞིན་དུ་གང་ལ་ཆོས་བཞིན་དུ་ལས་མ་བྱས་པ་དང་། རང་བཞིན་དུ་གནས་པ་མ་ཡིན་པ་ལས་རང་བཞིན་དུ་གནས་པར་འགྱུར་བའིའོ།། ། ་ལས་བྱེད་པའི་ཚེ་ཡང་གང་གིས་འཆགས་ཤེ་ན། འདི་ལྟ་སྟེ། གང་ཟག་བཅུ་གཉིས་བསྐོ་བའི་ཚེ་མི་འདོད་པ་དང་། དེ་བཞིན་དུ་དགེ་ཚུལ་དང་། དགེ་སློབ་མ་བསྙེན་པར་རྫོགས་པར་བྱེད་པའི་ཚེ་དང་། དགེ་ཚུལ་མ་ལ་བསླབ་པ་བྱིན་པའི་ཚེ་ཡང་།། ། ་སྤྲོ་བར་བྱེད་པར་འོས་པ་ལ་སོགས་པ་ལ་སྤྲོ་བ་བྱེད་དུ་གཞུགས་པ་སྦྱིན་པའི་ཚེའོ།། འདིས་ནི་འདི་ལྟར་མི་མཐུན་པའི་ལས་ནི་སྤང་བ་དང་། མཐུན་པའི་ལས་ལ་བསྟན་པར་འགྱུར་རོ།། དགེ་འདུན་ཞེས་བྱ་བ་ནི་བཞི་ཚོགས་པ་ལ་སོགས་པ ་སྟེ། དེ་ལས་ཉུང་བས་བྱས་ན་བྱས་པ་མ་ཡིན་ཏོ། དེ་ལྟར་འདུ་ཤེས་ཤིང་དེ་ལ་སྐྱོ་སྔོགས་བྱས་ན་ལྟུང་བ་མེདདོ།། དེ་བཞིན་བསླབ་པ་བྱིན་པས་གྲངསུ་བསྐང་བ་དང་། ཁྱིམ་པ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མཚན ་མེད་པ་བྱས་པ་དང་། མུ་སྟེགས་ཅན་དང་། སུ་སྟེགས་ཅན་ཞུགས་པ་དང་། ཆུ་ཐོབ་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། གནས་པར་མི་བྱ་བ་དང་སྤྲོ་བ་བྱེད་པ་དང་། འོན་པ་གང་གིས་གསོལ་བ་མི་ཐོས་པ་དང་སྤྱད་མི་ཤེས་པ་དང་། ་ཁས་བླངས་པས་ཁས་མ་བླངས་པ་འམ། གོ་བཟློག་པའང་རུང་། ས་ལ་འདུག་པས་ན་མཁའ་ལ་གནས་པ་འམ། གོ་བཟློག་པ་ཡང་རུང་སྟེ། གྲངས་བསྐང་ཞིང་ལས་བྱས་ན་བྱས་པ་མ་ཡིན།། དེ་ལྟར་བྱས་ནཱ་ཉེས་བྱསོ།། གཅིག་གིས་གཅིག ་ལ་བྱེད་པ་དང་། གཉིས་སམ། མང་པོ་ལ་འམ། གཉིས་ཀྱིས་གཅིག་ལ་འམ། གཉིས་སམ། མང་པོ་འམ། བཞི་ལ་ལས་བྱས་ན་ཉེས་བྱསོ།། མང་པོས་གཅིག་ལ་འམ། གཉིས་ལ་འམ། མང་པོ་ལའམ། བཞི་ལ་ལས་བྱས་ན་ཉེས་བྱསོ།། ཚོགས ་ཀྱིས་ཚོགས་ལ་ལས་བྱས་ན་དབྱེན་དུ་གཏོགས་པའི་སྦོམ་པོར་འགྱུར་རོ།། ཆོས་བཞིན་དུ་ཞེས་བྱ་བ་ནི་ཅི་ལྟར་བཅོམ་ལྡན་འདས་ཀྱིས་ལས་བྱས་པའི་ཆོ་ག་གསུམ་པ་ལྟར་ཏེ། འདི་ལྟ་སྟེ། དབྱུང་བར་མི་འོས་པ་ལ་དབྱུང་བའི་ལས་བྱེད་ན་ཆོས ་བཞིན་གྱི་ལས་མ་ཡིན་ཏེ། དེ་བཞིན་དུ་ལས་ཐམས་ཅད་ལ་ཡང་བརྗོད་པར་བྱའོ།། གསོལ་བའི་ལས་དང་། གསོལ་བ་དང་། གཉིས་སམ། གསོལ་བ་དང་། བཞི་ལ། གསོལ་བ་མ་བྱས་སམ། ལས་ཀྱི་ཚིག་མ་བརྗོད་ཀྱང ་རུང་སྟེ། བྱས་ན་ཆོས་བཞིན་གྱི་ལས་མ་ཡིན་ནོ།། ལྷག་པ་ལ་ནི་ཉེས་པ་མེད་དེ། མ་ཚང་ན་མ་བྱས་པའོ།། གལ་ཏེ་ལས་བྱེད་པའི་ཚེ་དགེ་འདུན་རྣམས་དོན་གཅིག་གི་ཕྱིར་ལངས་ན། གཅིག་གིས་དཀྲུག་པ་ཡང་གསོལ་བ་བགྱིའོ་ཞེས་བརྗོད ་ལ་ཡང་གསོལ་བ་བྱའོ།། གལ་ཏེ་ཐམས་ཅད་ཀྱིས་ཕྱེད་བྱས་པ་ལངས་ན་དེ་བཞིན་དུ་དཀྲུག་གོ།། དེ་ལྟར་ལས་གཞན་གྱི་གསོལ་བ་བྱས་ལ། ལས་གཞན་དུ་འོས་པ་ལ་ལས་གཞན་བྱེད་ན་ཆོས་མ་ཡིན་ཏེ། སླར་བཟློག་པ་ནི་ཆོས་ཀྱི ་ལས་སོ།། ཆོས་དང་ལྡན་པ་མ་ཡིན་པའི་ལས་རྣམས་པ་ལྔ་སྟེ། ཆོས་མ་ཡིན་པས་མི་མཐུན་པར་བྱེད་པ་རྣམས་དང་། ཆོས་མ་ཡིན་པོས་མཐུན་པར་བྱེད་པ་རྣམས་དང་། ཆོས་ཀྱི་མི་མཐུན་པར་བྱེད་པ་རྣམས་དང་། ཆོས་ལྟར་བཅོས་པས ་མི་མཐུན་པར་བྱེད་པ་རྣམ་སོ།། ལས་བྱ་བར་འོས་པ་ལ་ལས་བྱས་ན་ཆོས་བཞིན་ནོ།། ལས་བྱ་བར་མི་འོས་པ་ལ་བསྒོ་སྟེ། གསོལ་བ་བྱས་ན་ལས་བྱེད་པ་ནི་ཆོས་ལྟར་བཅོས་པའོ།། དེ་བཞིན་དུ་གང་ཆོས་ཀྱིས་མཐུན་པར་བྱེད་པ་རྣམས་ན ་ཆོས་དང་ལྡན་པའོ།། བསླབ་པ་འབྱིན་པ་ལ་སོགས་པས་ཚུལ་ཤིང་བྲིམས་ཏེ། ལས་བྱས་ན་མ་བྱས་པར་བལྟ་བར་བྱའོ།། གཉིད་ཀྱིས་ལོག་པ་ལ་གནས་ནས་འབྱིན་པར་བྱེད་ན་གལ་ཏེ་གསོལ་བ་བྱས་ནས་གནས་ནས་དབྱུང་བ་ཡིན་ཏེ།། ་དེ་བཞིན་དུ་སྙོམ་པར་ཞུགས་པ་ལ་ཡང་།། གྲངསུ་བསྐང་བ་འམ། དགེ་འདུན་ཐམས་ཅད་ཀྱང་རུང་གསོལ་བ་ཐོས་པ་ནས་གཉིད་ལོག་ན་གནས་ནས་ཕྱུང་བ་ཡིནོ།། ཇི་སྟེ་ཉལ་བའི་འོག་ཏུ་གསོལ་བ་བྱས་ན་གནས་ནས་ཕྱུང་བ་མ ་ཡིནོ།། གནས་ནས་འབྱིན་པའི་ཚེ་གལ་ཏེ་ཅ་ཅོ་མང་པོ་འཛེར་པར་བྱེད་པས་ཐ་ན་གཅིག་གིས་ཁོང་དུ་ཆུད་ན་ཡང་གནས་ནས་ཕྱུང་བ་ཡིན་ནོ།། ལས་གཞན་གྱིས་གླེངས་ལ་གནས་ནས་འབྱིན་པར་བྱེད་ན་དེ་ཡང་གནས་ནས་ཕྱུང་བ ་མ་ཡིན་ལ། ལས་བྱེད་པ་ལ་སྦོམ་པོའོ།། དགེ་འདུན་གྱི་དབུསུ་ལས་བྱེད་པས་ཆོ་ག་བཞིན་མ་ཡིན་པ་ལ། ཆོ་སུ་སྟོན་ན་སྦོམ་པོའོ།། དགེ་འདུན་ཐམས་ཅད་ཀྱིས་རྗེསུ་གནང་ན། དགེ་འདུན་ཐམས་ཅད་ལ་ཡང་འགལ་ཚབས་ཅན་དུ་འགྱུར། ་དགེ་འདུན་བྱེ་བ་ལས་ཕན་ཚུན་གྱི་ཕྱོགསུ་གནས་ནས་འབྱིན་པར་བྱེད་ན་གནས་ནས་ཕྱུང་བ་མ་ཡིན་ནོ།། སྐམ་ལ་གནས་པས་གྲངསུ་བསྐང་སྟེ་གནས་ནས་འབྱིན་པར་བྱེད་ལ། གལ་ཏེ་དེས་ཀྱང་རྗེས་གནང་ན་གནས་ནས་ཕྱུང་བ་ཡིན། ་མ་བསྒོ་བར་གནས་ནས་འབྱིན་པར་བྱེད་ལ། གལ་ཏེ་དགེ་འདུན་གྱིས་ཀྱང་རྗེ་སུ་གནང་བར་མ་གྱུར་ན། ལས་བྱེད་པ་ལ་སྦོམ་པོའོ།། ཇི་དགེ་འདུན་ཐམས་ཅད་ཀྱིས་རྗེསུ་གནང་ན་ལྟུང་བ་མེད་ཀྱི། དགེ་འདུན་ལ་ནི་ཉེས་བྱས་ཏེ། དེ་ཡང་གན ་ནས་ཕྱུང་བ་ཡིནོ།། རྣམ་པ་གཉིས་ཀར་ཡང་ཚུལ་ཤིང་འདྲིམ་པ་དང་བཞིས་གནས་ནས་འབྱིན་པར་བྱེད་ན། གནས་ནས་ཕྱུང་བ་མ་ཡིནོ།། གནས་ནས་འབྱིན་པའི་ལས་ཀྱི་ཆོ་ག་ཇི་སྙེད་བསྟན་པ་བཞིན་དུ་གཞན་ལ་ཡང་ཅི་རིགས ་པར་བལྟ་བར་བྱའོ།། བསྡིགས་པའི་ལས་བྱས་པ་ལ་སྨད་པའི་ལས་བྱས་ན་བྱས་པ་ཞེས་བྱ་སྟེ། སྔ་མ་ནི་ཉམ་སོ།། དེ་བཞིན་དུ་ཕྱིར་འགྱེད་པ་དང་། བསྐྲད་པ་ལས་གནས་ནས་ཕྱུང་བའི་ལས་བྱས་པ་ལ། ཕྱིར ་འགྱེད་པ་ལ་སོགས་པའི་ལས་བྱས་པ་ཡང་ངོ་།། གནས་ནས་དབྱུང་བར་བྱ་བ་ལ། བསྡིགས་པའི་ལས་བྱས་ན། དེ་མཚུངས་པར་སྤྱོད་པའི་འོས་མ་ཡིན་པས་ན། བྱས་པ་མ་ཡིན་པར་བརྗོད་པར་བྱའོ།། ལས་ཀྱིས་ཚིག་གཅིག་གིས ་གནས་གཉིས་སུམ་གནས་མང་པོ་འམ། བཞི་ལ་ཡང་རུང་སྟེ། རེ་ལྡེ་ལ་སོགས་པས་མཚམས་མནན་ནས་ལས་བྱས་ན་ལྟུང་བ་མེད་དོ།། ས་ལ་འདུག་པ་དང་ན་མཁའ་ལ་གནས་པ་ལ་ལས་བྱས་ན་མ་བྱས་པའོ།། དེ་བཞིན་དུ་སླར་བཟློག ་པ་སྤང་ངོ་།། དགེ་སློང་དང་དགེ་སློང་མ་རྣམས་ཀྱི་ལས་ནི་ཐ་དད་དེ་ཐུན་མོང་བ་ནི་མ་གཏོག་སོ།། རྣམ་པར་ངེས་པ་ལྷག་མ་ཁ་ཅིག་ནི་སྒྲས་ཟིན་ཏོ།། ཁ་ཅིག་ནི་མདོ་ང་སྨྲའོ།། དེ་ལྟ་བས་ན་ཆོས་བཞིན་དུ་བྱས་པའི་ལས་དང་ཆོས་བཞིན ་དུ་བྱས་པ་མ་ཡིན་པའི་ལས་སྤང་བར་བྱ་བ་བརྗོད་པའོ།། བརྩོད་པ་ཞེས་བྱ་བ་ནི། འཁྲུག་པའི་དངོས་པོ་འམ་གཞི་ཞེས་བྱ་བའི་བར་དུའོ།། དེའི་དབང་དུ་བྱས་ནས་འདི་རྣམས་འབྱུང་བར་འགྱུརརོ་ཞེས་ཀྱང་བྱའོ།། དེ་ཡང་མདོར་ན་རྣམ་པ་བཞི ་སྟེ་འགྱེད་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ།། དེ་དག་ཀྱང་རྣམ་པར་དབྱེ་བའོ།། རྒྱ་ཆེར་ནི་རྣམ་པ་མང་དུའོ།། སྦྱངས་པ་ཞེས་བྱ་བ་ནི་ཉེ་བར་ཞི་བའོ།། ཡང་ལས ་ཞེས་བྱ་བ་ནི་དེ་ཡང་ལས་བྱེད་པའོ།། སྐྱོ་སྔོགས་ཞེས་བྱ་བ་ནི་མི་བལྟོས་པའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་འགྱེད་པའི་ཕྱིར་རྩོད་པ་ལ་རྩོད་པ་དེ་ཉིད་དུ་འདུ་ཤེས་སམ་རྩོད་པ་གཞན་དུ་འདུ་ཤེས་ཀྱང་རུང་། ཆོས་བཞིན ་དུ་ཉེ་བར་བྱས་པ་ལ་དེར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཆོས་མ་ཡིན་པས་ཉེ་བར་ཞི་བར་བྱས་པ་ལ། ཆོས་བཞིན་དུ་ཉེ་བར་ཞི་བར་བྱས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་བས་སྐྱེ ་སྔགས་བྱས་ན་ཉེས་བྱསོ།། རྩོད་པ་བཞི་པོ་རེ་རེར་སྦྱར་བར་བྱའོ།། ཆོས་བཞིན་དུ་བྱས་པ་ལ་ཆོས་བཞིན་མ་ཡིན་པར་འདུ་ཤེས་པ་དང་། ཆོས་བཞིན་མ་ཡིན་པ་ལ་ཆོས་བཞིན་དུ་མ་ཡིན་པར་འདུ་ཤེས་ཏེ། སྐྱོ་སྔོགས་བྱས་ནཱ་གཉི་ག་ལ་ཡང ་ལྟུང་བ་མེདདོ།། གང་ཟག་ལྔ་སྟེ། གཉུག་མུར་གནས་པ་སྟེ། གང་རྩོད་པའི་ཐོག་མ་དང་། བར་དང་། ཐ་མ་ཤེས་པ་དང་། ལས་བྱེད་པ་སྟེ། གང་གིས་རྩོད་པ་དེའི་ལས་བྱེད་པ་དང་། འདུན་པ་ཕུལ་བ་སྟེ། གང་གིས་མཚམ་སུ་ཕྱིན་ལ་མངོན ་སུམ་དུ་མ་གྱུར་པས་རྗེསུ་གནང་བ་བྱིན་པ་དང་། ལྟ་བ་སྨྲ་བ་སྟེ། གང་གིས་དེར་རང་གི་ལྟ་བ་མངོན་དུ་བྱེད་པ་དང་། ལྟ་བ་སྨྲ་བ་ལ་ཆོས་བཞིན་མ་ཡིན་པ་ལྔ་སྟེ། ཐ་དད་པར་གནས་པ་དང་། བསྙེན་པར་མ་རྫོགས་པ་དང་གནས་པར་མི ་བྱ་བ་དང་། ཚོགས་ཀྱི་དང་། དངོས་པོ་ལྷག་མ་མ་ལུས་པས་ལྟ་བ་སྨྲ་བའོ།། གོ་བཟློག་པ་ནི་ཆོས་བཞིན་དུའོ།། གློ་བུར་དུ་འོངས་པ་སྟེ། གང་ཐོག་མ་དང་། བར་མ་དང་། ཐ་མ་མི་ཤེས་པའོ།། སྔ་མ་གསུམ་པོས་སྐྱོ་སྔོགས་བྱས་ན་ལྟུང་བྱེའོ།། ་ཕྱི་མ་གཉིས་པོས་ནི་ཉེས་བྱསོ།། གཉི་ག་ལ་ཡང་དགེ་སློང་ཡིན་ལ་རྩོད་པ་ལ་སྐྱོ་སྔོགས་བྱས་ན་ལྟུང་བྱེའོ།། གེ་སློང་གི་དགེ་སློང་མ་ལ་སྐྱོ་སྔོགས་བྱས་ན་ཉེས་བྱས་ཏེ། དེ་བཞིན་དུ་ཐམས་ཅད་ཀྱི་ལྷན་ཅིག་པས་རྒྱུན ་ཆགསུ་སྦྱོར་རོ།། དགེ་སློང་གཉིས་ཀྱིས་རྩོད་པ་མ་གཏོགས་པར་དེ་ལས་གཞན་པའི་རྩོད་པ་ཐམས་ཅད་ལ་སྐྱོ་སྔོགས་བྱས་ན་ཉེས་བྱསོ།། ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ།། དགེ་སློང་གིས་བསླབ་པ་བྱིན་པ་མ་ཡིནོ།། ཞེས་སྨྲས་ན་ཉེས ་བྱསོ།། ཁྱོད་བསླབ་པ་བྱིན་པ་མ་ཡིན།། ཞེས་སྨྲས་ན། ཡན་ལག་ལྔ་སྟེ། ཕ་རོལ་པོ་དགེ་སློང་གི་རྩོད་པ་ཡིན་པ་དང་། ཆོས་བཞིན་དུ་ཞི་བར་འགྱུར་བ་དང་། དེར་འདུ་ཤེས་སམ། ཐེ་ཚོམ་ཟ་འང་རུང་བ་དང་། དེས་སྨྲས་པ་དང་། ཕ་རོལ་པོས་གོ། ་བའོ།། བཞི་པའོ།། །། མཉན་ཡོད་ན་སྟེ། འཆར་ཀཱ་ས་ཡན་ལག་གི་ནོར་བུ་ཞེས་བྱ་བའི་རེག་པས་བུད་མེད་ཀྱི་ཡུལ་ལ་བུད་མེད་ཀྱི་མཚན་ཉིད་གསང་བའི་གནས་ལ་སོགས་པ་སྟོན་པས་ན། བུད་མེད་ཀྱི་ཡུལ་ལ་ཆོས་བཤད་པ ་བཀག་སྟེ། ཕྱིས་ཀྱང་སྐྱེ་བོ་རྣམས་ལ་དགོངས་པའི་ཕྱིར་ཚིག་ལྔ་དང་དྲུག་ཏུ་རྗེསུ་གནང་བ་ལས། དྲུག་སྡེ་བསམས་བཞིན་དུ་ཚིག་ལྷག་པར་སྟོན་ཅིང་། སྤྲེའུ་ལ་སོགས་པས་རིག་པའི་སྐྱེས་པར་བྱས་པ་ན། སྟོན་པའི་གཞིའི་དབང་དུ ་མཛད་དེ། འཁྲིག་པ་དང་། འགལ་ཚབས་ཅན་དང་། མ་གུས་པ་དང་། རྐྱེན་ལ་བལྟོས་པའི་ཉོན་མོངས་པ་རྣམས་ཡོངསུ་སྤང་བའི་ཕྱིར་ལྔ་པ་བཅས་བུད་མེད་ཀྱི་ཡུལ་ལ་ཞེས་བྱ་བ་ནི། ལོགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས ་རྣམས་ཀྱི་དོན་མངོན་པར་ཤེས་པའོ།། ལྷག་པར་ཞེས་བྱ་བ་ནི་ཆོས་སྟོན་ནའོ།། ཞེས་བྱ་བ་དང་འབྲེལ་ཏོ།། གང་ལས་ལྷག་པ་ཞེས་བྱ་ཞེ་ན། ཉེ་བ་ན་འདུག་པའི་ཚིག་ལྔ་འམ་དྲུག་ལས་ཞེས་བྱ་བར་རིག་པར་བྱའོ།། ཚིག་ལྔ་འམ་དྲུག་ལས་ཞེས ་བྱཱབྱ་ལ། ཆོས་སྟོན་ན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། ཆོས་ཞེས་བྱ་བའི་སྒྲ་ནི་གཉི་ག་དང་འབྲེལ་ཏེ། བྱ་བའི་སྒྲ་ཡང་མེད་ན་མི་འབྱུང་བའི་ཕྱིརརོ།། འདི་སྐད་དུ་ཚིག་ལྔ་འམ་དྲུག་ཏུ་སྟོན་ཅིང་། དེ་ལས་ལྷག་པར་སྟོན་ནའོ།། ཞེས་བསྟན་པར་འགྱུར ་རོ།། ཆོས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་གསུངས་པ་འམ། ཉན་ཐོས་ཀྱིས་བཤད་པའོ།། ཚིག་ལྔ་འམ་དྲུག་ཅེས་བྱ་བ་ནི་གང་ལ་ཚིག་ལྟ་འམ་དྲུག་ཏུ་འགྱུར་བ་སྟེ། གཟུགས་མི་རྟག་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདྲ ་བྱེད་དང་། རྣམ་པར་ཤེས་པ་མི་རྟགོ།། ཞེས་བྱ་བ་ནི་ཚིག་ལྔའོ།། མིག་ནི་མི་རྟ་གོ་ཞེས་བྱ་བ་ནས་ཡིད་མི་རྟགོ་ཞེས་བྱ་བའི་བར་དུ་ནི་ཚིག་དྲུག་པའོ།། ཚིག་ལྔ་འམ་དྲུག་གི་ཐབས་ནི་ཚིག་ལྔ་འམ་དྲུག་ཅེས་བྱའོ།། གཞན་དག་ནི་ལྷག་པ་ཞེས ་བྱ་བ་ནི་སངས་རྒྱས་ཀྱིས་རྗེསུ་གནང་བའི་ཆོས་ལས་ལྷག་པར་གལ་ཏེ་སྡིག་པའི་ཚིག་དྲུག་རྣམས་སམ། ཉེ་བར་འཇལ་བའི་དངོས་པོའི་ཚིག་ལྔ་རྣམས་དང་ལྡན་པར་ཆོས་སྟོན་པ་ལ་བྱའོ་ཞེས་ཟེར་ཏེ་རུས་དང་ཤིན་ཏུ་མཛེས་པ་དང་། ་ཆ་ལུགས་གཞོན་ནུ་ལས་རྣམས་དང་། མཉམ་པར་ཕྲད་པའི་སྡིག་ཚིག་སྟེ། ཚིག་དྲུག་ཅེས་ན་དེ་ལ་འདོད། གང་གི་བུད་མེད་ལ་རུས་དང་། ཤིན་ཏུ་མཛེས་པ་དང་། ཆ་ལུགས་དང་། གཞོན་པ་དང་། ལས་རྣམས་ལ་བྱ་སྟེ། བསྙེན་བཀུར ་བྱེང་པ་དང་བཟོ་འམ། བརྩོན་ནོ་ཞེས་བྱ་བ་འམ། སྐྱེས་པ་དང་། བུད་མེད་མཉམ་པར་ཕྲད་པ་ལ་སྟེ། དེས་འདི་ལྟ་བུར་ལྐུགས་པ་མོ་ཡང་འདི་བ་ལྟ་བུར་འདོད་དེ། དེ་བཞིན་དུ་སོང་ངོ་ཞེས་བྱ་བ་ལ་སོགས་པ་བུད་མེད་དེ་ལ་འམ། ་གཞན་ལ་ཡང་རུང་བསྔགས་ན་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ།། གལ་ཏེ་མདོ་སྡེ་ལ་སོགས་པའི་ནང་དུ་གཏོགས་པ་ཁ་ཏོན་དུ་བྱས་པ་བརྗོད་པ་ནི་མ་གཏོགསོ།། རིག་པའི་སྐྱེས་པ་མེད་པར་ཚུལ་བཞིན་དུ་ཆོས་སྟོན་ཀྱང་ལྟུང་བྱེད།། ཉེ་བར ་འཇལ་བའི་དངོས་པོའི་ཚིག་ལྔ་ཞེས་བྱ་བ་ནི་སྐྱེས་པའི་རབས་དང་། བྱུང་བ་དང་། འདྲ་བ་དང་སྦྱར་བ་དང་། རྟོགས་པ་བརྗོད་པའོ་ཞེསོ།། རིག་པའི་སྐྱེས་པ་མ་གཏོགས་ཏེ། ཞེས་བྱ་བ་ལ་སོགས་པ་ནི་རིག་པའི་སྐྱེས་པ་མེད་པ་སྟེ། མིའི་རིག ་སྐྱེས་པ་ཡིན་ལ། གནས་ངན་གྱི་ཚིག་རྟོགས་པ་ནི་རིག་པའི་སྐྱེས་པ་ཞེས་བརྗོད་པར་བྱའོ།། ཡང་ན་རུང་བའི་སྐྱེས་པ་ལ་ཡང་རིག་པའི་སྐྱེས་པ་ཞེས་བྱ་སྟེ། ཁྱིམ་པ་འམ་རབ་ཏུ་བྱུང་བ་ལ་ཡང་རུང་། གང་རྣམ་པར་འགྱུར་བ་མི་བསྟེན་པའོ།། ། ་ཁ་ཅིག་ན་རེ་བུད་མེད་ཀྱི་ཡུལ་ཡང་རིག་པའི་སྐྱེས་པ་སྟེ། བསླབ་པ་འབུལ་བ་ལ་རིག་པའི་སྐྱེས་པ་བཞིན་དུ། དེའི་མདུན་དུ་ངོ་ཚ་དང་བཅས་པས་ན་མི་སྨྲ་བའི་ཕྱི་རོ་ཞེས་ཟེར་རོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྟེང་གི་ཡང་ཏོག ་ཏུ་ཆོས་ཚིག་ལྔར་སྟོན་པ་ལས་བསམས་བཞིན་དུ་ཚིག་དྲུག་དུ་འདས་སམ། ཚིག་དྲུག་ཏུ་སྟོན་པ་ལས་ཚིག་བདུན་དུ་འདས་ན་ལྟུང་བྱེའོ།། བར་ཁང་དུ་བབས་ནས་དེར་ཚིག་ལྔ་འམ་དྲུག་ཏུ་སྟོན་ན་ལྟུང་བ་མེདདོ།། དེ་བཞིན་དུ་འོག ་གཞིའི་སར་བབས་པ་དང་། སྒོ་ཁང་དང་། ཕྱི་རོལ་གྱི་བར་རིམ་དུ་ཡང་ལྟུང་བ་མེད་པར་བརྗོད་པར་བྱའོ།། གསོ་སྦྱིན་སྦྱིན་པ་དང་། སྟོང་པ་དང་། ཁ་ཏོན་ཞུ་བ་དང་། དམིགས་ཀྱིས་འདྲི་བ་དང་། བུད་མེད་ཀྱི་ཡུལ་མཁས་པའི་རང་བཞིན་ཅན་གྱི ་གོང་ནས་གོང་དུ་དྲིས་པ་དེ་ཇི་སྲིད་གཏན་ལ་དབབ་པར་བྱས་པ་ལ་ལྟུང་བ་མེདོ།། ལྔཔ་ལྡིབ་ཅན་དང་། མྱུར་དུ་སླུ་བ་དང་། རིག་པའི་སྐྱེས་པ་ཡོད་པ་ལ་ཡང་ལྟུང་བ་མེདདོ།། རིག་པའི་སྐྱེས་པ་མེད་ལ་མེད་པར་ཡང་འདུ་ཤེས་སམ། ཡིད་གཉིས ་ཟ་ན་ཡང་ལྟུང་བྱེད་དོ།། ཡོད་པ་ལ་མེད་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཉེས་བྱསོ།། དེ་བཞིན་དུ་བུད་མེད་ཡིན་ལ་བུད་མེད་དུ་འདུ་ཤེས་པ་མུ་བཞིར་བརྗོད་པར་བྱའོ།། དེ་བཞིན་དུ་ཚིག་ལྔ་འམ་དྲུག་ལ་ཚིག་ལྔ་འམ་དྲུག་ཏུ་འདུ་ཤེས ་བཔ་ཡང་ངོ་།། རིག་པའི་སྐྱེས་པ་མ་ནིང་ངམ། མཐའ་འཁོབ་པ་འམ། ཀླ་ཀློ་འམ། ཉལ་བ་དང་། ར་རོ་བ་འམ། མྱོས་པ་འམ། སྙོམས་པར་ཞུགས་པ་འམ། གླེན་པ་འམ། མི་མ་ཡིན་པ་འམ། བུད་མེད་རུང་བ་མ་ཡིན་ལ་རིག་པའི་སྐྱེས་པ་རུང་བ་ཡིན ་པའམ། རིག་པའི་སྐྱེས་པ་རུང་བ་མ་ཡིན་པ་ཡང་རུང་སྟེ་སྟོན་ན་ཉེས་བྱསོ།། རུང་བ་མ་ཡིན་པ་རུང་བའི་ཐད་དུ་ན་ཡང་ཉེས་བྱསོ།། མ་ནིང་མོ་ལ་སྟོན་ན་ཉེས་བྱསོ།། དེ་བཞིན་དུ་མཚན་གཉིས་མ་ལ་ཡང་ངོ་།། དེ་བཞིན་ཉལ་བུ་ཡང་།། ཡན་ལག ་བཞི་སྟེ། གང་ལ་བསྟེན་པ་དེ་ཡང་བུད་མེད་ཡིན་པ་དང་། ཚིག་ལྷག་མར་སྨྲས་པ་དང་རིག་པའི་སྐྱེས་པ་མེད་པ་དང་། ཉེན་འཁོར་གྱི་ཁྱད་པར་མེད་པ་སྟེ། ངག་དང་སེམས་ཀྱིས་ཀུན་ནས་བསླང་བའོ།། ལྔ་པའོ།། །། མཉན་ཡོད་ན་སྟེ། བྲམ ་ཟེ་བཞིན་དྲུག་སྡེ་རྣམས་བསྙེན་པར་མ་རྫོགས་པ་ལ་ཀློག་ཏུ་འཇུག་ཅིང་ཅ་ཅོ་དང་གཞ་དག་བྱེད་པས་ན། སྟོན་པའི་གཞིའི་དབང་དུ་མཛད་དེ། མ་གུས་པའི་ཉོན་མོངས་པའི་ཕྱིར་དྲུག་པ་བཅསོ།། བསྙེན་པར་མ་རྫོགས་པ ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མ་མ་གཏོགས་པ་ཐམས་ཅད་བསྙེན་པར་མ་རྫོགས་པའོ།། གང་ཟག་ཅེས་བྱ་བ་ནི་དོན་དམ་པར་གང་ཟག་མེད་མོད་ཀྱི་རྣམ་པ་བཞིའི་ཕྱིར་གང་ཟག་རྣམ་པར་བཞག་སྟེ། འཇིག་རྟེན་གྱི་རྗེསུ་འཇུག་པའི། ་ཕྱིར་དང་། ཡང་དག་པའི་ཐ་སྙད་དུ་བདེ་བའི་ཕྱིར་དང་། ཐམས་ཅད་དུ་སེམས་ཅན་མེད་ན་སྐྲག་པར་འགྱུར་བའི་ཕྱིར་དང་། བདག་དང་ཕ་རོལ་པོའི་ཡོན་ཏན་དང་ཉེས་པ་ཐར་པ་དང་། བཅིངས་པ་བརྗོད་པའི་ཕྱིརརོ།། ཚིག་དང་ཚིག་ཅེས་བྱ་བ ་ནིཚིག་མཉམ་པ་དང་། ཚིག་ལྷག་པ་དང་། ཡི་གེ་མཉམ་པ་དང་། ཡི་གེ་ལྷག་པའོ།། ཚིག་ཅེས་བྱ་བ་ནི་ཚོགས་བཅད་པའི་བཞི་པ་ནའོ།། མཉམ་པ་ཞེས་བྱ་བ་ནི་ཅིག་ཅར་བརྗོད་པའོ།། ཚིག་ལྷག་པ་ཞེས་བྱ་བ་ནི་སློབ་དཔོན་གྱིས་མ་སྨྲས་པར ་ཉེ་གནས་ཀྱི་སྔོན་དུ་བརྗོད་པ་ནི་ཚིག་ལྷག་པའོ།། ཆོས་ཞེས་བྱ་བ་ནི་གསུང་རབས་ཡན་ལག་བཅུ་གཉིས་གཏོགས་པའོ།། ཁ་ཅིག་ན་རེ་འདིར་འདུལ་བ་དང་རབ་ཏུ་ལྡན་པའི་ཆོས་ཀྱི་དོན་ལ་བྱ་བར་འདོད་དོ་ཞེས་ཟེ་རོ།། འདོད་ན་ཞེས་བྱ་བ་ནི ་བསྟན་པ་སྦྱིན་པའི་ཚུལ་གྱིས་ལེན་དུ་བཅུག་པ་ཡིན་ཏེ། དེས་ནི་འདི་ལྟར་བསྙེན་པར་རྫོགས་པ་དང་ལྷན་ཅིག་དུ་འདོན་པ་ལ་ཉེས་པ་མེ་།། ཞེས་བྱ་བར་སྟོན་ཏོ།། དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར ་འདུ་ཤེས་སམ། བསྙེན་པར་མ་རྫོགས་པར་ཡིད་གཉིས་ཟ་ན་ཡང་རུང་སྟེ། ཚིག་མཉམ་པ་དང་། ཚིག་ལྷག་པ་དང་། ཡི་གེ་ལྷག་པས་འདོན་ན་ལྟུང་བྱེད།། བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཡིད ་གཉིས་ཟ་ནའང་རུང་སྟེ། འདོན་ན་ཉེས་བྱསོ།། དུད་འགྲོའི་སྐྱེ་གནསུ་གཏོགས་པ་དང་། མྱོས་པ་དང་། སེམས་འཁྲུགས་པ་དང་། ཚེར་བས་གཟིར་བ་དང་། མི་མ་ཡིན་པ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། ཚིག་གིས་ཆོས ་འདོན་ན་ཉེས་བྱསོ།། ཇི་ལྟར་བསྙེན་པར་མ་རྫོགས་པ་དང་། མུ་བཞིར་སྦྱར་བ་ལྟར་ཚིག་མཉམ་པ་ལ་སོགས་པ་དང་། དེ་བཞིན་དུ་ཆོས་ལ་ཆོ་སུ་འདུ་ཤེས་པ་ཡ་ཞེས་བྱ་བར་རོ།། ཁྱིམ་པ་གླགས་ཚོལ་བ་འམ། ཆོས་པར་འདོད་པ་འམ ་མ་དད་པ་འམ། རྒྱུས་མི་ཤེས་པ་འམ། མུ་སྟེགས་ཅན་ཡང་རུང་སྟེ། ངོར་མ་གླགས་ཀྱང་འདུལ་བ་དང་ལྡན་པའི་ཆོས་བཤད་པ་ཙམ་གྱིས་ཀྱང་ལྟུང་བྱེད།། ཇི་སྐད་བསྟན་པ་གོ་བཟློག་སྟེ། ཁྱིམ་པ་རྣམས་དང་ཚིག་དང་ཚིག་གིས ་ཀླགླགས་ན་ལྟུང་བྱེད་དོ།། དགེ་ཚུལ་ལ་ཉེས་བྱསོ།། ཆོམ་རྐུན་པ་རྣམས་ལ་ལྟུང་བ་སྟོན་པ་དང་། དེ་བཞིན་དུ་སོ་སོར་ཐར་པར་བསྟན་པ་ལ་ནི་ལྟུང་བ་མེ་དོ།། ཇི་ལྟར་རྒྱལ་པོ་དང་། དད་པ་ཅན་དང་། གཙོ་བོ་རྣམས་ལ་སོ་སོར་ཐར་པ་བསྒྲགས ་ནའང་ལྟུང་བ་མེད་ངོ་།། གང་མ་དད་པ་འམ། ཕུལ་བ་དེ་ལ་ནི་བསྒྲགས་པར་མི་བྱའོ།། རྣམ་པ་ལྔ་ལ་འདུལ་བ་བརྗོད་པར་མི་བྱ་སྟེ། ཤེས་པར་འདུན་དུ་བྱས་ནས་མི་འདྲི་བ་དང་། འགྱོད་པ་མེད་པ་འཕེལ་བར་མི་འདྲི་བ་དང་། བརྟག ་སྙམ་དུ་བསམས་ཤིང་འདྲི་བ་དང་། དཔྱས་བྱའོ།། སྙམ་པ་དང་། ཀླན་ཀར་སྦྱར་རོ་སྙམ་ནས་འདྲི་བའོ།། སླར་བཟློག་པ་རྣམས་ལ་ནི་བརྗོད་པར་བྱའོ།། ལྔབ་ལྡིབ་ཅན་དང་མྱུར་དུ་སྨྲ་བ་ལ་ནི་ལྟུང་བ་མེ་།། ཁ་ཏོན ་དུ་བྱ་བ་འམ་དམིགས་ཀྱིས་འདྲི་བ་སྦྱིན་པ་ལ་ནི་ལྟུང་བ་མེད་དོ།། རྗེསུ་ཉན་པ་སྟེ། ཁྱོད་ཁོ་བོ་དང་མཉམ་པའམ། སྔོན་ཏུ་མ་ཀློག་ཅིག་ཅེས་བསྒོ་བ་ལས་ཀློག་པ་ནི་ལྟུང་བ་མེད་དོ།། བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པ། ་འདུ་ཤེས་པ་དང་། ཚིག་ཉུང་བར་འདུ་ཤེས་པ་དང་། ཆོས་མ་ཡིན་པར་འདུ་ཤེས་པ་ལ་ལྟུང་བ་མེད་དོ།། སྟོན་པ་དང་ལེན་པས་ཀུན་ཏུ་སྦྱང་པར་བྱ་བ་ནི་སྤྱོད་ལམ་བཞི་པོ་དག་གིས་སྦྱིན་པར་བྱ་སྟེ། ཉལ་བ་མ་གཏོགས་ཏེ་གསུམ ་པོས་གནོད་པར་བྱའོ།། རྒན་ནམ་གཞོན་ཡང་རུང་ཁམས་མཉམ་མམ་ཞེས་དྲིས་ལ་ལུས་བཏུད་ཏེ་དྲང་པོར་གུས་པ་དང་བཅས་པས་ལེགས་པར་ཡོངསུ་དྲིས་ཏེ། ལེགས་པར་གཟུང་བ་དང་། སོམ་ཉི་མེད་པར་ཡང་བྱས་ནས་བསྟན ་པ་བརྗོད་པར་བྱའོ།། འཆག་པའི་ཚེ་ནི་གོམ་པ་བསྲི་བར་བྱའོ།། ལུས་ཀྱི་འདུག་ན་ཙོག་ཙོག་པོ་འམ། སྟན་སྨྲ་བ་བྱས་ལ་ཁྱད་པར་དུ་ཕྱག་བྱའོ།། སྟོན་པས་ཀྱང་ལེགས་པར་བྲིས་ཏེ་ལེགས་པར་ཟིན་པ་དང་། སོམ་ཉི་མེད་པར་བྱས ་ནས་ཀྱང་སྦྱིན་པར་བྱའོ།། བརྟན་པར་བསྙེན་བཀུར་བྱེད་པ་རྣམས་དྲུང་ན་འདུག་པ་འམ། དྲུང་ན་འདུག་པ་མ་ཡིན་པ་ལ་བསྟན་པ་སྦྱིན་པར་བྱ་སྟེ། གྲལ་རིམ་སུ་བརྟག་པར་མི་བྱར་ལོགས་ཤིག་ཏུ་བསྟན་པར་སྦྱིན་པར་བྱའོ།། དེ ་བཞིན་དུ་འཛིན་མི་ནུས་པ་རྣམས་ལའོ།། ཚིག་ལ་སོགས་པའི་དབང་དུ་བྱས་ནས་འདི་ཡང་བརྗོད་དེ། དབྱངས་ཀྱིས་སྟོན་ཏམ། ཀློག་གམ། ཁ་ཏོན་དུ་བྱེད་དམ། འདྲི་བའི་ལན་བྱིན་ན་ཉེས་བྱསོ།། ཆོས་འཆད་པ་དང་། བསྟོད་པ་བརྗོད ་པབཔ་ལ་ལྟུང་བ་མེད་།། དབྱེན་པའི་ཕྱོགསུ་དབྱུང་གོམས་པར་བྱེད་པ་ལ་ལྟུང་བ་མེདདོ།། ཕྱི་རོལ་པའི་བསྟན་བཅོས་ཀླག་པར་མི་བྱའོ།། ཕས་ཀྱི་རྒོལ་བ་ཚར་བཅད་པར་ནུས་ན་དེས་ནི་ཉིན་གཅིག་ལ་དུས་གསུམ་དུ་བགོས་ཏེ་གྱ་ནོམ་པའི་ཆ་གཉིས ་སུ་ནི་སངས་རྒྱས་ཀྱི་གསུང་ཀླག་པར་བྱའོ།། གསུམ་པ་ལ་ནི་ཕྱི་རོལ་པའི་བསྟན་བཅོས་ཀླག་པར་བྱའོ།། ལོ་གྲངས་ལས་ཆར་དབྱེ་བར་མི་བྱའོ།། དེ་བཞིན་དུ་ཁ་ཏོན་བྱ་བ་ཡང་ངོ་།། མཚན་མོ་ལ་ཡང་རྣམ་པ་གསུམ་དུ་བྱའོ།། སངས་རྒྱས་ཀྱི་བཀའ ་སྡེབ་སྦྱོར་དང་། ཚིག་དང་རིམ་པ་དེ་ལ་གཞོལ་བ་ཉིད་ཀྱིས་སྦྱར་ཏེ་ཀླགས་ན་འགལ་ཚབས་ཅན་དུ་འགྱུར་རོ།། ངེས་པའི་ཚིག་སྨྲ་བ་འམ། ཡུལ་གྱི་ངེས་པའི་ཚིག་སྨྲ་བ་ལ་ནི་ལྟུང་བ་མེ་།། དགེ་སློང་གིས་དགེ་སློང་མའི་འདུལ་བ་བྱས་ལ་དགེ་སློང ་མ་ལ་ཀློག་པ་དང་། ཁ་ཏོན་བྱ་བ་དང་། དམིགས་ཀྱིས་འདྲི་བ་སྦྱིན་པར་རྗེ་སུ་གནང་བ་ཡིནོ།། ཆོས་འཆད་པའི་ཚེ་གླེང་གཞི་རྗེད་ན་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ལས་གང་ཡང་རུང་བ་བརྗོད་པར་བྱའོ།། རྒྱལ་པོ་དང་། ཁྱིམ་བདག་དང་། དགེ ་བསྙེན་མ་བརྗེད་ན་གསལ་རྒྱལ་དང་། མགོན་མེད་ཟས་སྦྱིན་དང་། ས་ག་ཞེས་བརྗོད་པར་བྱའོ།། སྔོན་གྱི་བྱུང་བ་རྗེད་ན་གོ་རིམ་བཞིན་དུ་སྟེ། ཡུལ་བ་ར་ཎཱ་སེ་ན་རྒྱལ་པོ་ཚངས་སྦྱིན་དང་། ཁྱིམ་བདོག་སྡུམས་བྱེད་དང་། དགེ་བསྙེན་མ་གསོ ་སྦྱོང་འཕགས་ཞེས་བརྗོད་པར་བྱའོ།། ཚེས་བརྒྱད་དང་། བཅུ་བཞི་ལ་ཀུན་འདུས་ཤིང་ཆོས་བསྒྲག་པར་བྱའོ།། མུ་སྟེགས་ཅན་འོངས་ན་ཚར་བཅད་པར་བྱའོ།། བཀུར་སྟི་དང་བཅས་པ་དང་། སྤྱོད་ལམ་ཞི་བ་དང་། སེམས་ཟད ་ཟིང་མེད་པར་བྱས་ན་ཆོས་བསྟན་པར་བྱའོ།། གལ་ཏེ་ཆོས་མ་ཡིན་པ་ཞིག་ཏུ་སྨྲ་ན། གནས་བརྟན་གྱིས་དགག་པར་བྱའོ།། ཆོས་སྨྲ་བས་འཁོར་ཁྲིད་དེ་འགྲོ་བར་མི་བྱའོ།། བདག་ཉིད་འོང་བ་ལ་ནི་ལྟུང་བ་མེདོ།། ཆོས་བཙོངས་པས་འཚོ་བར་མི ་བྱའོ།། ཆོས་སྨྲ་བ་བདག་ཉིད་མི་འཆང་ངམ། གཞན་ལ་མ་བཅོལ་ན་ཉེས་བྱསོ།། གཎྜཱི་བརྡུངས་ན་ཐམས་ཅད་ཀྱིས་ཀྱང་ཀུན་ཏུ་མྱུར་དུ་འདུ་བར་བྱའོ།། གར་དང་གླུ་དང་རོལ་མོ་སློབ་པ་དང་ཐབས་སྟོན་ཏམ། ལྟར་འགྲོ་ན་ཉེས་བྱསོ།། སྨན་པ་མཁས ་བས་སྙིང་བརྩེ་བའི་ཕྱིར་ཁྱིམ་པ་འདིར་འོངས་པ་ལ་སྨན་གྱི་ཐབས་སྟོན་པར་རྗེ་སུ་གནངོ་།། ཟང་ཟིང་གི་སེམས་ཀྱིས་ནི་མི་གནང་སྟེ། དེ་བཞིན་དུ་ཐ་ན་དགེ་སློང་ལ་ཡངངོ་།། མས་བཏང་བའི་དཔྱད་ནི་ཕྱོགས་དབེན་པར་བཞག་པ་རྒྱམ་མ་ན་ཏེ་བྱ། ་འཇུག་འཁྲུ་ན་ཉེས་བྱསོ།། དྲུག་པའོ།། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་གནས་བརྟན་གྱི་དགེ་འདུན་ལྷག་མའི་ལྟུང་བ་བསྙེན་པར་མ་རྫོགས་པ་རྣམས་ལ་བརྗོད་དེ། དེ་དག་ཀྱང་དེ་དག་ལ་འཕྱ་བར་གྱུར་པས་ན། བསྙེན་པར་མ་རྫོགས་པའི་གང ་ཟག་གི་གཞི་ལས་བརྩམས་ཏེ། མི་བཟོད་པའི་ཉོན་མོངས་པས་བདུན་པ་བཅསོ།། བསྙེན་པར་མ་རྫོགས་པ་ཞེས་བྱ་བ་ནི་ཇི་ལྟར་འདོན་པའི་བསླབ་པའི་གཞི་བཞི་ནོ།། གནས་ངན་ཅེས་བྱ་བ་ནི་ཕམ་པར་འགྱུར་བས་ཀུན་ནས་བསླང་བ་དང་། ་དགེ་འདུན་ལྷག་མས་ཀུན་ནས་བསླང་བའོ།། དོན་འདིར་ནི་འཁྲིག་པ་དང་ལྡན་པ་ལ་བྱ་སྟེ། ངོ་བོ་ཉིད་དང་ཀུན་ནས་བསླང་བས་ཉོན་མོངས་པས་ན་གནས་ངན་ལེན་ཅེས་ནི་མི་བྱའོ།། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི། དགེ ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མའི་དབང་དུ་མཛད། བཅོམ་ལྡན་འདས་ཀྱིས་ཚིག་ནི་ཁོལ་དུ་ཕྱུང་བའོ།། ཁྱིམ་པ་རྣམས་ལ་སོ་སོར་རིག་པར་བྱེད་པ་གཅིག་ལ་སྤྲོ་བར་བྱ་སྟེ། གསོལ་བ་བྱས་ལ་ལས་བྱའོ།། དེ་ནས་དེས་སོ་སོར ་རིག་པར་བྱའོ།། ཇི་སྟེ་དེ་འཇིགས་པས་སོ་སོར་རིག་པར་བྱེད་མི་ནུས་ན། དགེ་འདུན་ཐམས་ཅད་ཀྱིས་གསོལ་བ་འབའ་ཞིག་གི་ལས་བྱས་ལ་སོ་སོར་རིག་པར་བྱ་སྟེ། དེ་གང་ཟག་ལ་གནོད་པར་ནུས་ཀྱི་དགེ་འདུན་ལ་མ་ཡིན་པའི་ཕྱིརརོ།། ་སོ་སོར་རིག་པར་བྱེད་དུ་གནང་བ་ནི་དཀོན་མཆོག་གསུམ་ལ་གནོད་པ་དང་། ཉེ་བར་འཕྲོག་པ་ལ་སྤང་བར་བྱ་བ་དང་། ཚུལ་ཁྲིམས་ལ་སོགས་པའི་ཉམས་པའི་ཕྱོགས་འཕེལ་བར་འགྱུར་བ་སྤང་བར་བྱ་བ་དང་། ཚུལ་ཁྲིམས་ལ་སོགས ་པ་ཉམས་པ་རྣམས་མི་དགེ་བའི་གནས་ནས་ཕྱུང་སྟེ། དགེ་བ་ལ་བཞག་པར་བྱ་བ་དང་། དགེ་སློང་རྣམས་གཅིག་ལ་གཅིག་ཚུལ་ཁྲིམས་ལ་སོགས་པ་ཉམས་པ་འཆབ་བོ་ཞེས་གཞན་གྱིས་དེ་ལྟར་ཤེས་པར་མི་འགྱུར་ཞིང་ཕ་རོལ་པོ ་དག་གི་སེམས་བསྲུང་བ་དང་། ཁྱིམ་པའི་ཁྱིམ་དུ་འཇུག་པ་ལ་གནོད་པ་བྱུང་བ་སྤང་བར་བྱ་བའི་ཕྱིརརོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་སོ་སོར་རིག་པར་མ་གྱུར་པ་ལ་རིག་པར་མ་གྱུར་པར་འདུ་ཤེས་སམ་ཡིད་གཉིས ་ཟ་ན་ཡང་རུང་སྟེ། དགེ་སློང་གིས་གནས་ངན་ལེན་སོ་སོར་རིག་པར་བྱས་ན་ལྟུང་བྱེད།། སོ་སོར་རིག་པར་གྱུར་པ་ལ་སོ་སོར་རིག་པར་མ་གྱུར་ཏོ་སྙམ་དུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། སོ་སོར་རིག་པར་བྱས་ན་ཉེས ་བྱས།། སོ་སོར་རིག་པར་བྱེད་པའི་གནང་བ་བྱིན་པའི་དབང་དུ་བྱས་ཏེ་མུ་བཞིར་སྦྱ་རོ།། གཞན་གྱིས་ནི་རིག་པར་གྱུར་ཏམ། རིག་པར་མ་གྱུར་ཀྱང་རུང་སྟེ་ལྟུང་བ་འདྲའོ།། འཁྲིག་པ་དང་ལྡན་པ་མ་གཏོགས་པ་གཞན་ཚུལ་ཁྲིམས་དང་ལྟ། ་བ་ཉམས་པ་ལ་ནི་གོ་བར་བྱས་ན་ཉེས་བྱསོ།། བདག་ཉིད་ཀྱི་གནས་ངན་ལེན་བསྙེན་པར་མ་རྫོགས་པ་བརྗོད་ན་ཉེས་བྱསོ།། བརྗོད་པ་ལས་ཕ་རོལ་པོས་མ་རིག་ན་ཡང་ཉེས་བྱསོ།། དགེ་སློང་མས་བདག་གིས་གནས་ངན་ལེན་བརྗོད་ན་ཉེས ་བྱས།། གང་ལ་བརྗོད་པ་དེའི་རིམ་པར་དབྱེ་བའི་རྒྱུད་ཆགས་པའི་ཉེས་པ་ནི། བསླབ་པའི་གཞི་གོང་དུ་སྨོས་པ་བཞི་ནོ།། དགེ་འདུན་གྱིས་སོ་སོར་རིག་པའི་བྱེད་པའི་གནང་བ་བྱིན་པ་ལ་ནི་ལྟུང་བ་མེད་དོ།། དེ་ཡང་གནོད་སེམས་དང་ལྡན་ན་ཉེས ་བྱས།། དྲིལ་བསྒྲགས་པ་འམ། རི་མོ་ལ་སོགས་པ་བྲིས་པ་ཅི་ལྟར་བདག་གིས་ཤེས་པ་བཞིན་དུ་འཇིག་རྟེན་ཀུན་གྱིས་ཀྱང་ཤེསོ་སྙམ་པ་ལ་ལྟུང་བ་མེདོ།། སོ་སོར་རིག་པར་མ་གྱུར་པ་ལ་རིག་གོ་སྙམ་དུ་ཤེས་པ་ནི་ལྟུང་བ་མེདདོ།། བདེན་པ ་མཐོང་བ་ལ་བརྗོད་པ་ལ་ཡང་ལྟུང་བ་མེདདོ།། བདུན་པའོ།། །། ཡངས་པ་ཅན་ན་སྟེ། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་འཁོད་པ་དག་གིས། སྔོན་མུ་གེ་བྱུང་བའི་ཚེ་ནི་མི་བདེན་ལ་ད་ནི་བདེན་ཏེ། མིའི་ཆོས་ལས་བླ་མར་གྱུར ་པ་བརྗོད་པས་ན། བསྙེན་པར་མ་རྫོགས་པའི་གང་ཟག་གི་གཞིའི་དབང་དུ་མཛདདེ། ཡིད་ཆེས་པ་དང་། རྙེད་པ་དང་། བཀུར་སྟིས་ཉོན་མོངས་པའི་ཕྱིར་ལྟུང་བྱེད་བརྒྱད་པཅསོ།། མིའི་ཆོས་ལས་བླ་མར་གྱུར་པ་ནི་ཕམ་པར་འགྱུར་བའི་གཞི་ལ། ་རྣམ་པར་ཕྱེ་བའོ།། དེར་ནི་མི་བདེན་གྱི་འདིར་ནི་བདེན་ཏེ། ཁྱད་པར་དུ་ཡོད་པའོ།། དེར་ནི་ཕམ་པར་འགྱུར་བར་སྨོས་ཀྱི་འདིར་ནི་ལྟུང་བྱེའོ།། གང་དུ་ཉེས་པ་སྦོམ་པོར་སྨོས་པ་འདིར་ནི་ཉེས་བྱསུ་རིག་པར་བྱའོ།། གང་དུ་ཉེས་བྱས་དེར ་ནིནི་ཉིས་བྱས་ཉིད་།། མི་མ་ཡིན་པ་དང་། མྱོས་པ་ལ་སོགས་པ་དང་། གླེན་པ་ལ་སོགས་པ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་རྣམས་ལ་བརྗོད་ན་ཉེས་བྱསོ།། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་ཀྱང་ཉེས་བྱས།། འབྲས་བུ་ཐོབ ་པ་ལག་ཏུ་ཤིང་ཐོག་ཨ་མྲའི་འབྲས་བུ་ལ་སོགས་པ་བཞག་སྟེ། ཁྱོད་ཀྱིས་འབྲས་བུ་ཐོབ་པ་ཞེས་སྲིད་པ་ལས་འབྲས་བུ་ལས་བསམས་ཏྲེ་ཅང་མི་སྨྲ་ན་ཉེས་བྱསོ།། ཅི་སྟེ་མིའི་ཆོས་ལས་བླ་མར་གྱུར་པ་ཞིག་ཏུ་ནཱ་ནི་ལྟུང་བྱེའོ།། དེ་བཞིན ་དུ་ལྷག་མའི་རྣམ་གྲངས་ཀྱང་བརྗོད་པར་བྱའོ།། བསྟན་པ་ལ་མང་པོ་ཡིད་ཆེས་པར་གྱུར་པ་ཞིག་གི་ཕྱིར་སྨྲས་ན་ལྟུང་བ་མེདོ།། ཁྱིམ་པའི་མདུན་དུ་རྫུ་འཕྲུལ་བསྟན་ན་ཉེས་བྱསོ།། གདུལ་བར་བསམས་པ་ལ་ནི་ལྟུང་བ་མེདོ།། དགེ་སློང ་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་བྱེད་ནི་ཉེས་བྱསོ།། བརྒྱད་པའོ།། རྒྱལ་པོའི་ཁབ་ན་སྟེ། གྱང་བུ་ནོར་གྱི་ཆོས་གོས་གསུམ་ངན་ཏེ། དགེ་འདུན་གྱིས་མི་འཁྲུག་པར་འགྱུར་བའི་ཕྱིར་གསོལ་བ་བྱས་ཏེ། རས་བྱིན་པ་དང་། མཛའ་བོ་དང ་སཱ་ལཱ་སྐྱེས་པ་དག་ཕྱིས་དགེ་སློང་དག་ལ་སྨོས་བསྡུ་སྠཱ་ཅོད་པའི་གཞིའི་དབང་དུ་མཛད། མི་བཟོད་པའི་ཉོན་མོངས་པས་ལྟུང་བྱེད་དགུ་པ་བཅསོ།། སྔར་ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ནི་སྔར ་འདུན་པ་བྱིན་པའོ།། འདི་ལྷོར་བ་ཤེས་དོར་བྱཱསྟྲ་ཏེ་ཞེས་བྱ་བ་ནི་དགེ་སློང་གི་བཤེས་པ་གང་ཞེ་ན་མཁན་པོ་ཡི་ནི་ལྷན་ཅིག་གནས་པ་ནས་འགྲོགས་བཤེས་ཀྱི་བར་དུའོ།། རྙེད་པ་ཞེས་བྱ་བ་ནི་འདིར་ནི་གོས་ཀྱི་རྙེད་པ་ལ་བྷྱ ་བར་དགོངསོ།། དེ་ཡང་འདི་ལྟར་དོན་གྱི་བྱུང་བའི་དབང་གིས་བརྗོད་ཀྱི། ཐམས་ཅད་ལ་ཡང་རྙེད་པ་ཞེས་བྱ་བར་བཟུང་།། བདག་གི་གང་ཟག་ཅེས་བྱ་བ་ནི་བདག་གི་གང་བླག་ལ་སྟེ། བདག་ཉིད་ཀྱི་དེ་དག་ལའོ་ཞེས་བྱ་བའི་བླ་ཚིག། ་གཞན་དག་ལས་ནི་བདག་གིས་རྣམས་ཀྱིས་ཕྱིརརོ་ཞེས་ཀྱང་འབྱུང་།། རྣམ་པ་གཞན་དུ་ན་སྔར་ལེགས་པར་རུང་བར་གྱུར་པ་ཞེས་བྱ་བ་ནི་དགེ་འདུན་གྱི་སྐྱེད་པ་འདི་ཡིན་ཏེ། འདིའི་ཆ་ཤས་བདག་ཅག་དབང་སྙོམ་པའོ།། ཕྱི ་ཞིག་ནས་ཁྲུས་བྱས་ནས་འོང་ས་པ་དང་། སྦྱིན་བདག་གིས་གང་ཟག་གང་གི་ཕྱིར་འོངས་ཏེ་འོངས་པ་གང་ཟག་དེ་ལ་བྱིན་པ་དང་། ཁྱེད་ཀྱིས་འདི་རང་གི་གང་ཟག་ལ་བསྟེསོ་ཞེས་ཟེར་བ་དེ་ལ་ལྟུང་བའོ།། མ་བསྔོས་པ་ལ་མོ ་བསྔོས་པར་འདུ་ཤེས་སམ། ཡིད་གཉིས་ཟི་ན་ཡང་རུང་སྟེ་ལྟུང་བྱེའོ།། བསྔོས་པ་ལས་མ་བསྔོས་པར་འདུ་ཤེས་སོམ་ཡང་གཉིས་ཟ་ན་ཡང་རུང་སྟེ་ཉེས་བྱས།། བསྔོས་སམ་མ་བསྔོས་ཀྱང་རུང་སྟེ། བསྔོས་པར་འདུ ་ཤེས་ལ་གལ་ཏེ་ཉོན་མོངས་པའི་སེམས་མེད་ན་ལྟུང་བ་མེདོ།། ཉོན་མོངས་པའི་བསམ་པས་ནི་ཉེས་བྱསོ།། དགེ་སློང་མའི་དགེ་འདུན་གྱི་རྙེད་པར་གྱུར་པ་ལ་དེ་སྨྲས་ན་ཞེས་བྱསོ།། དེ་བཞིན་དུ་མི་མ་ཡིན་པ་ལས་རབ་ཏུ་བྱུང་ནི ་བསྙེན་པར་རྫོགས་པ་དང་། སྨྱོས་པ་ལ་སོགས་པ་རྣམས་དང་། ཐེན་པ་ལ་སོགས་པ་རྣམས་དང་། སྔོན་ལྟུང་བ་བྱུང་བ་ལ་སོགས་པ་རྣམས་ཀྱི་རྙེད་པར་གྱུར་པ་དེ་ཡང་།། དེ་བཞིན་དུ་གང་བྱིན་པ་དེ་དགེ་སློང་མ་ལ་སོགས་པ་རྣམ ་ལས་གང་ཡང་རུང་བར་གྱུར་པ་ལ་དེ་སྐད་དུ་བརྗོད་པར་བྱའོ།། སྨྲས་པ་ལས་ཕ་རོལ་པོས་མ་ཤེས་ན་ཉེས་བྱསོ།། གང་ཟག་གི་བསྔོས་པ་ཉིད་ན་ལྟུང་བ་མེདོ།། དགུ་པའོ།། ། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ཕམ་པར་འགྱུར ་བ་རྣམས་འདོན་པའི་ཚེ་ནི་ཅང་མི་སྨྲ་བར་དགེ་འདུན་ལྷག་མ་ལ་སོགས་པ་འདོན་པའི་ཚེ་འགོག་པར་བྱེད་དོ།། སོ་སོར་ཐར་པའི་གཞི་ལ་མ་གུས་པའི་ཉོན་མོངས་པའི་ཕྱིར་བཅུ་པ་བཅ་སོ།། ཟླ་བ་ཕྱེང་ཕྱེད་ཅེས་བྱ་བ་ནི་ཟླ་བ ་ཕྱེད་ཕྱེད་ལ་བྱའོ།། སོ་སོར་ཐར་པའི་མདོ་འདོན་པ་ན་ཞེས་བྱ་བ་ནི་ཕམ་པར་གྱུར་པ་གཞི་ནས་རྩོད་པ་ཞི་བར་བྱ་བ་བདུན་གྱི་བར་དུ་ནི་སོ་སོར་ཐར་པའོ།། གཞི་དང་ཕྲན་ཚོགས་ལ་སོགས་པའི་བསླབ་པའི་གཞི་འདི་རྣམས ་ཀྱང་ངོར་འདུསོ།། ཡང་འདི་དག་གིས་ཅི་བྱ་ཞེས་བྱ་བ་ནི་ཁྱད་དུ་གསོང་བའི་མཚན་ཉིད་དོ།། གང་ཟག་ལྟུང་བ་རྒྱུན་མ་ཆད་པར་བྱུང་ལ་ལྟུང་བ་རྣམས་ཐོས་ནས་ཡིད་མི་བདེ་བས་ན་ཁྱད་དུ་གསོད་པ་ཞེས་བྱའོ།། ཕྲན་ཚེགས ་རབ་ཏུ་ཕྲ་བ་ཞེས་བྱ་བ་ནི་ལྟུང་བའི་ཕྱོགས་ཕྱི་མ་གསུམ་སྟེ། ཕྲན་ཚེགས་རབ་ཏུ་ཕྲ་བ་ནི་རྗེསུ་ཕྲ་བ་ཞེས་བྱ་བའི་ཐ་ཚིགོ། བསླབ་པའི་གཞི་ཞེས་བྱ་བ་ནི་བསླབ་པ་གསུམ་གྱི་གཞིའི་དོན་ཏོ།། འགྱོད་པ་ཞེས་བྱ་བ་ནི ་མངོན་པར་དགའ་བ་དང་། མངོན་པར་མི་དགའ་བ་དང་། བྱ་བ་དང་། མི་བྱ་བའི་ལམ་ལ་ཁྱད་པར་རྗེསུ་སེམས་རྣམ་པར་འགྱུར་བ་ནི་འགྱོད་པའོ།། དེ་ཉིད་ཡིད་ལ་བཅགས་པ་སྟེ། སྡུག་བསྔལ་བའི་དོན་དུ་འགྱུར་བའོ།། གནོད་པར ་གྱུར་པ་ཞེས་བྱ་བ་ནི་ཡིད་གཉིས་ཀུན་ནས་སློང་བའི་ཕྱིརརོ།། གཞན་དག་ནི་གནོད་པར་གྱུར་པ་ཞེས་བྱ་བའི་གནསུ་རྣམ་པར་འགྱུར་བ་ཞེས་འདོན་ཏེ། དེ་དག་གི་དོན་ནི་དེའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་ཕམ་པར་གྱུར ་པ་གཞི་ནས་རྩོད་པ་ཞི་བ་བདུན་གྱི་བར་དུ་འདོན་པའི་ཚེ་གནོད་པར་འགྱུར་བ་དེ་དག་གིས་སམ། དུས་རིང་པོ་མ་ཡིན་པར་གཞན་དག་གིས་ཀྱང་དེ་ལྟ་བུའི་རིགས་ཀྱི་ཁྱད་དུ་གསོང་ན་ལྟུང་བྱེདའོ།། དེ་བཞིན་དུ་གཞི་དང་ཕྲན་ཚེགས ་དང་། གླེང་གཞི་དང་། སིལ་བཱ་དང་། འདུལ་བ་ལྔ་པ་དང་། འདུལ་བ་བཅུ་དྲུག་པ་དང་། འདུལ་བ་བྲམ་ཟེའི་བུ་མོ་དང་། དེ་དག་ལས་གཞན་པ་འདུལ་བ་དང་ལྡན་པའི་མདོ་སྡེ་རྣམས་ལ་ཡང་ལྟུང་བྱེད་དོ།། དེ་ལྡན་པ་མ་ཡིན་པའི་མདོ་སྡེ ་རྣམས་ལ་ནི་ཉེས་བྱསོ།། དགེ་སློང་མ་ལ་སོགས་པ་རྣམས་ལ་འགྱོད་པ་ལ་སོགས་པའི་ཚུལ་ནི་སྔ་མ་བཞིན་ཏེ། ཉེས་བྱསོ།། འགྱོད་པ་བྱེད་པ་ལ་འགྱོད་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་ཏེ། ཐམས་ཅད་ལ་ཡང་ལྟུང་བར ་འགྱུ་རོ།། ལམ་ངན་པ་འཕེལ་བ་དང་། ཡང་དག་པ་མ་ཡིན་པ་ཉིད་དུ་ཤེས་ན་ལྟུང་བ་མདོ།། བཅུ་པའོ།། ཚོགས་དང་པོ་རྫོག་སོ།། ། མཉན་ཡོད་ན་སྟེ། སྔོན་ཤིང་མཁན་དགེ་སློང་ཞིག་གིས་ལྷའི་གནས་ཀྱི་ཤིང ་ལྗོལྡོལྡན་པ་ཞིག་བཅད་པ་དང་། དེས་བཅོམ་ལྡན་འདྲས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་གང་གིས་ཤིང་ལྗོན་པ་བཅད་པ་དེ་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བཀའ་སྩལ་ཏོ།། ལག་གི་བླས་ནི་ཡང་ཉི་མ་བདུན་ནམ་བརྒྱད ་དམ་ན་བཅད།། སྙམ་པ་དང་། ཤིང་དེའི་དྲུང་དུ་དཀྱིལ་འཁོར་བྱས་ཏེ། དྲི་ལ་སོགས་པ་ལས་གཏོར་མ་བྱས་ཏེ། རྒྱུན་ཆགས་གསུམ་པ་ཀླག་པ་དང་། ཡོན་བཤད་པ་ཡང་བྱའོ།། དགེ་བ་བཅུའི་ལས་ཀྱི་ལམ་ཡང་བཤད་པར ་བྱའོ།། དེའི་འོག་ཏུ་ཤིང་ལྗོན་པ་འདི་ན་ལྔ་གང་དག་གནས་པ་དེ་གནས་གཞན་ཚོལ་ཞིག། ཤིང་ལྗོན་པ་འདིས་དགེ་འདུན་གྱི་འམ། མཆོད་རྟེན་གྱི་བྱ་བ་བྱེད་པར་འགྱུར་ཞེས་བརྗོད་ལ། དེ་ནས་གདོད་བཅད་པར་བྱའོ།། གལ་ཏེ་འགྱུར། ་བ་བསྟེན་ན། སྦྱིན་པའི་བསྔགས་པ་དང་། སེར་སྣའི་སྔགས་པ་མ་ཡིན་པ་བརྗོད་པར་བྱའོ།། གལ་ཏེ་ཡང་འགྱུར་བ་བསྟེན་ན་བཅད་པར་མི་བྱའོ།། དེ་ནི་བྱུང་བ་ཡིན་ཏེ། དྲུག་སྡེ་ཡང་རང་གི་ལག་གིས་རྩཝ་སྔོན་པོ་བཅོ་དེ། མུ་སྟེགས་ཅན་ལས། ་པ་རྣམས་ཀྱང་སྨོས་པར་བྱེང་ནས། ས་བོན་དང་། འབྱུང་པོའི་གཞིའི་དབང་དུ་མཛད། མ་དད་པ་དང་རྐྱེན་གྱིས་བཏང་སྙོམས་པའི་ཉོན་མོངས་པ་དག་དང་། སྙིང་རྗེ་མེད་པའི་ཉོན་མོངས་པའི་ཕྱིར་ཡང་། ས་བོན་གྱི་ཚོགས་ཀྱི་བསླབ་པའི་གཞིང ་བོར་བཅ་སོ།། ས་བོན་གྱི་ཚོགས་ཞེས་བྱ་བ་ནི་ས་བོན་གྱི་རང་བཞིན་ལྔ་སྟེ། ས་བོན་རྣམས་ཀྱིས་ཚོགས་ཀྱིས་བོན་གྱི་ཚོགས་ཞེས་བྱ་སྟེ། ཀུན་ནས་བསྡུས་པས་ཕུང་པོ་ཞེས་བྱ་བའི་ཐ་ཚིག།། དེ་ལ་རྩ་བའི་ས་བན་ནི་གྲཝ་སྒྲུང ་ལ་སོགས་པ་གང་རྩ་བ་བཏབ་པ་ལས་སྐྱེ་བའོ།། སྡོང་བུའི་ས་བོན་ཤིང་ཨ་ཤྭཏྠ་ལ་སྔགས་པ་སྟེ། སྡོང་བུའི་ལས་སྐྱེས་པའོ།། ཐོ་གུའི་ས་བོན་ནི་གང་ཐོ་གུ་ལས་སྐྱེས་པ་ཡིན་ཏེ། བུ་རམ་ཤིང་དང་། འོད་མ་ལ་སོགས་པའོ།། འགས་པའི ་ས་བོན་ནི་ཤིང་ཏོག་ཨརྫ་ཀ་ལ་སོགས་པའི་ལོ་མེ་ནི་འགས་པ་ཞེས་བྱའོ།། ས་བོན་གྱི་ས་བོན་ནི་ནས་ལ་སོགས་པའི་ས་བོན་ཡིན་ཞིང་དེར་འགྲང་བའོ།། ཁ་ཅིག་ན་རི་དགས་པའི་ས་བོན་ནི་གང་བཀས་པས་སྐྱེ་བའོ།། འབྲུ་ནི་ས་བོན་གྱིས ་བོན་ཏེ། ནས་ལ་སོགས་པ་སྟེ། ཁ་ཅིག་གང་མི་འདྲ་བ་ལས་མི་འདྲ་བ་སྐྱེ་བ་ཡིན་ཏེ། རཱ་ལས་སྨྱིག་མ་དང་། བ་ལུས་གི་སྤུ་དང་། ལུག་གི་བལ་ལས་རྩ་དུརྦ་ཞེས་བྱ་བ་ལ་སོགས་པར་འགྱུ་རོ་ཞེས་ཟེ་རོ།། འབྱུང་པོའི་གུ་ནས་ཞེས་བྱ་བ་ལ། འབྲུ ་པོ་ནི་སྲིན་བུ་དང་། ཕྱི་བྱི་ཞོལ་ལ་སོགས་པའི་གནས་ཡིན་པས་ན་ཤིང་ལ་གནས་ཞེས་བྱའོ།། གཞན་དག་ནི་མིའི་གྲོང་བཞིན་དུ་འབྱུང་པོའི་གནས་ཞེས་བྱ་སྟེ། རྣམ་པ་ལྔའོ་ཞེས་ཀྱང་ཟེར་ཏེ། རྩཝ་ལ་སོགས་པ་ནི་དེ་ལྟ་བུའི་རྒྱུ་ཡིན་པས ་ན་ས་བོན་ལྟ་བུ་ཞེས་བྱ་སྟེ། གཅན་ཟན་གྱི་གནས་དང་། རི་དྭགས་ཀྱི་གནས་དང་། བྱའི་གནས་དང་། རྗེསུ་འབྲང་བའི་གནས་དང་། ཤ་སྦྲང་གི་གནསོ།། རྗེསུ་འབྲང་བ་ཞེས་བྱ་བ་ནི་བྱི་བ་དང་། ནེའུ་ལེ་དང་། སྦལ་ལ་སོགས་པའོ།། འཇི ་གམ་འཇིག་ཏུ་བཅུག་ཅེས་བྱ་བ་ནི་འབྱིན་པ་དང་། བཀས་པ་དང་། གཅོད་པ་དང་། འབིགས་པ་ལ་སོགས་པའི་ཚིག་བླ་དྭག་སོ།། གཅིག་ནི་རང་གི་དོན་ཏེ། ནི་ཀ་ཙའི་རྐྱེན་ཏོ།། གཉིས་པ་ནི་རྒྱུའི་བྱེད་པའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་གི ་ས་བོན་ནམ་རྩཝ་ལ་སོགས་པ་ལ། ས་བོན་དེ་ཉིད་དུ་འདུ་ཤེས་སམ། ས་བོན་གཞན་དུ་འདུ་ཤེས་སམ་སྔོན་པོ་ལ་སོགས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་། སེན་མོ་འམ། མཚོན་ཏམ། བོང་བ་ལ་སོགས་པ་རྣམས་ཀྱི་ས་དང་། ་མེ་དང་། ཆུ་དང་གཏུན་ཤིང་གིས་བསྣུན་ཏམ། ས་སྐམ་པོ་ལ་བཞག་གམ། འགྱུར་བྱེད་དང་། ཚ་སྒོ་ལ་སོགས་པས་སྦགས་སམ། འུ་ཤ་ལ་སོགས་པ་དང་། འཆགས་པ་དང་། རེ་ལྡེ་ལ་སོགས་བཤལ་ཏམ། ཐབས་ཅི་དང་ཅིར་ཡང་རུང་སྟེ། ་ཉམས་པར་བྱ་བར་བསམས་ནས་བདག་རང་ངམ། ཕ་རོལ་པོས་ཉམས་པར་བྱས་པ་ལས་རྣམ་པར་ཉམས་པར་གྱུར་ན་ལྟུང་བྱེདདོ།། དེ་ལྟར་མ་གྱུར་ན་ཉེས་བྱསོ།། ས་བོན་མ་ཡིན་པ་ལ་ས་བོན་དུ་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང ་ཉེས་བྱསོ།། དེ་ཡང་དངོས་པོ་ཇི་སྙེད་པ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུརརོ།། སྦྱོར་བ་ཅི་སྙེད་པ་དེ་སྙེད་ལ་ཉེས་བྱསོ།། གལ་ཏེ་སྦྱོར་བ་གཅིག་གིས་མང་པོ་ཉམས་པར་གྱུར་ན་ཉེས་བྱས་གཅིག་དང་། ལྟུང་བྱེད་མང་པོར་འགྱུར་རོ།། གལ་ཏེ་སྦྱོར་བ་མ ་བོས་གཅིག་ཉམས་པར་གྱུར་ན་ལྟུང་བྱེད་གཅིག་སྟེ། ཉེས་བྱས་མང་པོར་འགྱུར་རོ།། སྦྱོར་བ་དང་དངོས་གཞིའི་གྲངས་ཀྱི་ལྟུང་བའི་གྲངས་བཞིན་དུ་བསླབ་པའི་གཞི་ཐམས་ཅད་ལ་ཡང་རིག་པར་བྱའོ།། ཤིང་ལྗོན་པའི་སྦུ་བུ་དང་། ཤུན་ཕྲག ་དང་། པྲི་དང་། མངབ་མ་སྐྱ་བོ་དང་། མེ་ཏོག་རྒྱས་ཟིན་པ་དང་། འབྲས་བུ་སྨིན་ཟིན་པ་བཤུས་སམ་བླགས་ནཱ་ཉེས་བྱསོ།། རྩ་བ་དང་། སྙིང་པོ་དང་། འདབ་མ་སྔོན་པོ་དང་། མེ་ཏོག་ཁ་མ་བྱེ་བ་དང་། འབྲས་བུ་མ་སྨིན་པ་ཉམས་བྱསན ་ལྟུང་བྱེདོ།། ཉ་ལྕིབས་དང་། ཉ་ཚང་ཆུ་ལས་ཇི་སྲིད་ཕྱིར་མ་བྱུང་མ་བསྐྱོད་པ་དེ་སྲིད་དུ་ཉེས་བྱསོ།། ཕྱུང་ན་ལྟུང་བྱེད།། ཕ་བོང་གི་དྲེག་པ་དང་། ཕ་བ་དགོ་དགོ་དང་། ཤ་མོ་ཉམས་པར་བྱས་སམ་ཕྱུང་བ་དང་། དེ་བཞིན་དུ་བུམ་པ་དང་གོས་ཀྱི་གདང་ལ ་གས་པ་ཀླམ་ཅན་སྤྱད་ན་ཉེས་བྱསོ།། རུང་བར་བྱས་པ་ལ་ནི་ལྟུང་བ་མེདདོ།། ཤིང་ཏོག་ཀོ་ལའི་ཚིག་གུ་རི་ལ་མིང་བྱས་ན་ཉེས་བྱསོ།། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ། ལུས་ཀྱི་རྣམ་པར་རིག་བྱེད་ངམ། རྫུ་འཕྲུལ་གྱིས་སམ། རྣམ་པར་ཐར་པས ་ཤིང་ལྗོན་པ་བཅང་ན་ལེགསོ་ཞེས་སྨྲས་པ་ལས་གལ་ཏེ་བཅད་ན་ཉེས་བྱས།། པདྨའི་སྡོང་བུ་དང་། རྡོའི་ཟར་བུ་བཅད་ན་ཉེས་བྱསོ།། ཁ་ཅིག་གི་འདོད་པ་ནི་ལྟུང་བའི་རྣམ་པར་དབྱེ་བ་ལ། སྦྲང་ཚང་དགེ་སློང་གིས་འཆར་མི་གཞུག་པར་འབད་པར་བྱའོ།། མ ་བྱས་ན་ཉེས་བྱསོ།། འབྱུང་པོའི་གནས་སྲོག་ཆགས་ཀྱིས་ཟིན་པ་བཤིག་ན་ལྟུང་བྱེའོ།། སེམས་ཅན་གྱིས་མ་ཟིན་པ་འམ། སྒོ་ང་མེད་པའི་ཚང་བཤིག་གམ། སྒོ་ང་རུལ་པ་བཅག་ན་ལྟུང་བ་མེདོ།། བརྒྱ་གང་སྲོག་ཆགས་ལ་གནོད་པར་མི་འགྱུར་བ་ཐམས ་ཅད་གཞིག་པོར་བྱའོ་ཞེའོ།། ཐམས་ཅད་དུ་ཉམས་པར་བྱ་བར་མ་བསམས་ནི་འཆོག་གམ། ཁུ་བ་ལ་སོགས་པ་ཕོ་འམ། སྐྱང་ནུལ་ལམ་བཤལ་ཀྱང་རུང་ལྟུང་བ་མེད་མོད་ཀྱི་འོན་ཀྱང་རྩ་བ་དང་འབྲས་བུ་དག་རུང་བར་བྱ་བ་བྱོས་ལ་བཟའ་བར་བྱའོ།། ་རུང་བར་བྱ་བ་ལྔ་སྟེ་མེས་རུང་བར་བྱ་བ་དང་། མཚོན་གྱིས་རུང་བ་དང་། རྙིས་པས་རུང་བ་དང་། ནེ་ཆོས་རྨ་ཕྱུང་བས་རུང་བ་དང་། སེན་མོས་རུང་བའོ།། ཡང་སྤུ་སྟེ། ཕྱུང་བ་དང་། བཅད་པ་དང་། བཀས་པ་དང་། ཕུག་པ་དང་། ས་བོན་གྱིས་ཆོས་མེད ་པ་ཉིད་དོ།། རྒྱུན་ལ་སོགས་པའི་འབྲས་བུ་ནི་ཕུང་པོར་བྱས་ཏེ། གནས་གསུམ་མམ་བཞིར་མེས་རེག་པར་བྱས་སྟེ་ཐམས་ཅད་ཀྱང་རུང་བའོ།། མཚོན་དང་སེན་མོ་རྣམས་ཉིད་ཀྱི་ནི་རེ་རེ་ནསོ།། རྣམ་པ་གཞན་དུ་གང་ཅི་དང་ཅིས་ཀྱང་རུང་སྣང་བ་དང་། ་ཐ་ན་ཁ་འཕྲོ་དང་། ཞག་ལྗོན་པ་དང་། སྣད་པར་གྱུར་པའང་རུང་བ་ཞེས་བརྗོད་པར་བྱའོ།། འབྲུའི་རིགས་མི་ཆེས་པ་ཞེས་བྱ་བ་ཡོད་དེ། རླངས་པས་ཐུན་པའོ།། ཞེས་བྱས་ལ་ལོངས་སྤྱད་ན་ལྟུང་བ་མེ་དོ།། དགེ་སློང་གིས་མཚོན་གྱིས་རུང་བར་བྱས ་པ་ཡིན་ཏེ་བཟའ་བར་བྱའོ།། མེས་རུང་བར་བྱས་པ་ནི་རང་གིས་བཅོས་པར་གྱུར་པས་ན་བཟའ་བར་མི་བྱའོ།། ས་བོན་ཉམས་པར་བྱས་པས་ན་ལྟུང་བྱེད་དུ་ཡང་འགྱུརརོ།། ས་རུང་བ་འམ། མི་རུང་བ་ན་རུང་བར་བྱེད་པ་འདུག་སྟེ་རུང་བར་བྱེད་ན་བྱས ་པ་ཡིན་ཏེ། མེས་རུང་བ་བྱས་པ་མ་གཏོགས་ཏེ་བཟའ་བར་བྱའོ།། དགོན་པར་ལམ་དུ་ཞུགས་པ་ལས་བསྙེན་པར་མ་རྫོགས་པ་མེད་དམ་མུ་གེའི་ཚེ་ནི་ལྟུང་བ་མེད་དོ།། དང་པོའོ།། ། མཉན་ཡོད་ན་སྟེ། མཛའ་བོ་དང་ས་ལས་སྐྱེས་ངག ་གྲངསུ་བཅུག་ཀྱང་གྱང་བུ་ནོར་ལ་མངོན་གསུམ་དུ་འཕྱ་ཞིང་ཁ་ཅིག་ཅེས་བྱ་བའི་ཚིག་གིས་གཞོགས་འཕྱས་བྱེད་མ་གུས་པའི་གཞིའི་དབང་དུ་མཛད་དེ། སློང་པའི་ཉོན་མོངས་པས་ན་གཉིས་པ་བཅསོ།། འཕྱ་འམ་གཞོགས་བྱས་བྱེད་ཅེས ་བྱ་བ་ནི་འཕྱ་བ་དེས་གཞོགས་འཕྱས་བྱེད་ཅེས་བྱ་བའི་ཚིག་དང་འབྲེལ་ཏོ།། དེ་ལ་འཕྱ་བ་ནི་ཚེ་དང་ལྡན་པ་འདིས་བསམས་བཞིན་དུ་མནར་ཏོ་ཞེས་བྱ་བ་ལ་སོགས་པ་མངོན་སུམ་སྨྲ་བའོ།། གཞོགས་འཕྱས་ནི་མངོན་སུམ་དུ ་འམ། མངོན་སུམ་མ་ཡིན་ཡང་རུང་མིང་མི་སྨོས་ཤིང་ཁ་ཅིག་གོ་ཞེས་སྨྲ་བའོ།། འདི་གཉིས་གཅིག་གཉིས་ཀ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ།། དེ་ལ་གང་དགེ་འདུན་གྱིས་བསྐོས་པའི་དགེ་སློང་ལ་འཕྱ་འམ་གཞོགས་འཕྱས་བྱེད་ན་དེ་ལ ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གྲངསུ་གཞུག་པར་བྱའོ།། གྲངསུ་བཙུག་པའི་དགེ་སློང་གིས་གང་ཟག་བཅུ་གཉིས་མཉམ་དུ་སྦྱོར་བ་བཏང་བ་འམ། སྦྱོར་བ་མ་བཏང་བ་འམ། མ་བསྐོས་པའམ། རྣམ་པ་གཉིས་ཀ་ལ་ཅི་ལྟར་ཡང་རུང ་སྟེ། མངོན་སུམ་མམ་མངོན་སུམ་མ་ཡིན་པ་ཡང་རླུང་། རང་བཞིན་དུ་གནས་པ་གཞན་གྱི་མདུན་དུ་གཞོགས་འཕྱས་སམ། འཕྱ་བ་གཉི་ག་ཡང་བྱེད་ན་ལྟུང་བྱེད་དོ།། གལ་ཏེ་གྲངས་མ་བཅུག་པ་ནི་ཉེས་བྱས་སོ།། གང་ཟག་བཅུ་གཉིས ་ནི་ཁང་ཆེན་ཏེ། གཙུག་ལག་ཁང་གི་བསླབ་པའི་གཞི་ལས་བསྟན་ཏོ།། གནས་ཡིན་པ་ལ་གནས་ཡིན་པར་འདུ་ཤེས་ཤིང་འཕྱོ་ན་ལྟུང་བ་མེད་དོ།། གནས་ཡིན་པ་ལ་གནས་མ་ཡིན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ནའང་རུང་སྟེ། ་བ་ན་ཉེས་བྱས་སོ།། གནས་མ་ཡིན་པ་ལ་གནས་མ་ཡིན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་འཕྱ་ན་ལྟུང་བྱེད་དོ།། གནས་མ་ཡིན་པ་ལ་ཡང་གནསུ་འདུ་ཤེས་ན་ཡང་ལྟུང་བ་མེ་དོ།། དུད་འགྲོའི་སྐྱེ་གན་སུ་གཏོགས་པ་དང་། ག ་གྱིས་བསྒོ་བ་འམ། དེའི་སྐད་བརྡ་མི་ཕྲད་པ་དང་མི་དབེན་པ་ལ་དབེན་པར་འདུ་ཤེས་ནས་འཕྱ་འམ། གོ་བཟློག་པ་ལ་ཡང་རུང་སྟེ། ཐམས་ཅད་དུ་ཅི་ནས་རང་བཞིན་དུ་གནས་པ་གང་ལ་ཡང་གོ་བར་མི་བྱེད་ན། ཐམས་ཅད་ལ་ཡང་ཉེས་བྱས ་ཀྱི་ལྟུང་བར་འགྱུར་རོ།། འཕྱ་བ་དེ་ལ་སླར་ལན་གདབ་པར་བྱ་བ་ཡོད། གང་མ་དད་པས་གནས་ཡིན་པ་ལ་འཕྱ་བའོ།། དེ་ལ་བཏང་སྙོམ་སུ་བཞག་པ་ཡང་ཡོད་དོ།། གང་དད་པས་གནས་མ་ཡིན་པ་ལ་ཁྲོས་ནས་འཕྱ་བ་ཡིན་ཏེ། འཁྲུགས་པོའི ་འདུ་ཤེས་ཀྱིས་ལན་གདབ་པར་མི་རིག་སོ།། དེར་འདུ་ཤེས་ནས་ལན་གདབ་པར་སྦྱིན་པར་བྱ་བ་ཡོད་དེ། གང་དད་པས་གནས་མ་ཡིན་པཔ་སྟེ། ཡང་དག་པ་མ་ཡིན་པ་ལ་སོགས་པ་རྣམས་འཕྱ་བའོ།། དེ་ལ་ཅི་ལྟར་ཆོས་བཞིན་དུ་སླར་བྱ་བ ་ཡང་ཡོད་དེ། གང་དད་པས་གནས་ཡིན་ལ་ཡང་དག་པ་ལ་སོགས་པས་འཕྱ་བའོ།། དེ་ལ་ཁས་བླངས་པར་བྱ་བ་ཡང་ཡོད་དེ། གང་ནད་པ་ལ་ནད་གཡོག་བྱ་བ་དང་སྦྱིན་པ་ལ་སོགས་པར་ཁས་བླངས་པ་ལ་མ་བྱས་པ་སྟེ། གང་ལས་ཁྱ ་བླངས་པ་དེ་ལ་འཕྱ་བའོ།། གཉིས་པའོ།། །། ཀོ་ཤཾ་བི་ན་སྟེ། འདུན་པ་ལྟུང་བ་ཕྱིར་གྱིས་ཤིག་ཅེས་སྒོ་ན། གཞན་ནས་གཞན་དུ་རྗེསུ་འཇུག་པ་དགེ་སློང་དག་གིས་བསྒོ་བ་རྣ་ལ་གཟོན་པ་ཡིན་ནོ།། གསོལ་བ་དང་གཉིས ་ལས་ཀྱིས་བསྒོ་བ་རྣ་ལ་བཟོན་པའི་གྲངསུ་བཅུག་གོ།། ཕྱིས་ཡང་བསྒོ་བ་ན་ཅང་མི་སྨྲ་བར་འདུག་གོ་སྙམ་བསམས་ཏེ། རྣ་ལ་གཟོན་པས་ན་གསོལ་པ་དང་། གཉིས་ཀྱི་ལས་ཀྱིས་ཅང་མི་སྨྲ་བས་ན་རྣ་ལ་གཟོན་པའི་གྲངསུ་བཅུག་གོ།། ། ་གྲངས་བཅུག་ཀྱང་གཉིས་བྱེད་པས་ན་མ་གུས་པའི་གཞིའི་དབང་དུ་མཛད་དེ།། སྦྱོང་བའི་ཉོན་མོངས་པས་ན་གསུམ་པ་བཅ་སོ།། བསྒོབ་རྣ་ལ་གཟོན་ན་ཞེས་བྱ་བ་ནི། འདི་ནི་གྱིས་ཤིག་འདི་ནི་མ་བྱེད་ཅིག་ཅེས་ཚིག་གིས་བ ་བ་སྟེ། དེ་ལས་འགལ་བར་བྱེད་པ་རྣ་ལ་གཟིན་པས་ན། རྣ་ལ་གཟོན་པ་འདི་ཚིག་གིས་ཏེ། ཅང་མི་སྨྲ་བས་བྱེད་པ་དང་ཡང་འབྲེལ་ཏོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་ལ་ཁྱོད་ཀྱིས་དགེ་སློང་ངམ། ཁྱིམ་པ་མོ་ཡང ་རུང་མཚན་མོ་འདི་ལྟ་བུ་དང་ལྡན་པ་མཐོང་ངམ་ཞེས་དྲིས་པ་ལས། དེས་བསྒོ་བ་རྣམས་ལ་གཟོན་པར་བསམས་ཏེ། མཚན་མ་དེ་ལྟ་བུ་དང་ལྡན་པ་ནི་མ་ཡིན་གྱི། རྐང་པས་འགྲོ་བ་མཐོང་ངོ་།། ཞེས་སམ། ཅང་མི་སྨྲ་བས་དང་དུ་ལེན་ན ་ལྟུང་བྱེད་དོ།། དེ་ལྟ་བུ་ཅི་སྲིངད་གང་ཅུང་ཟད་ཀྱང་རུང་བསམས་ནས་གཞུན་དུ་བྱ་བ་ལས་གཞན་དུ་རྗེ་སུ་འཇུག་གམ། ཅང་མི་སྨྲ་བར་བྱེད་ཀྱང་རུང་སྟེ། དགེ་འདུན་ནས་རང་བཞིན་དུ་གནས་པའི་དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་ན་ཐམས་ཅ ་ལཾ་ཡང་ལྟུང་བྱེད་དུ་འགྱུ་རོ།། ནུས་པ་ལས། བཀའ་སྩལ་པ། ཅང་མི་སྨྲ་བར་འདུག་ན་ཉེས་བྱས།། དགེ་འདུན་ནམ། ཐ་མ་འམ། བླ་མའི་གནས་ལྟ་བུ་ཞིག་གིས་རིགས་པར་བསྒོ་བ་ལས། ཉོན་མོངས་པའི་སེམས་ཀྱིས་རིགས་པར་བསྒོ ་ནལ་བཟོན་ན་ལྟུང་བྱེའོ།། མི་རིགས་པ་ཞིག་ལ་བསྒོ་བ་རྣ་ལ་གཟོན་ན་ཉེས་བྱས།། ཆོམ་རྐུན་གྱིས་བསྒོ་བ་རྣ་ལ་གཟོན་ན་ཉེས་བྱས།། ཅི་སྐད་དུ་དགོན་པ་ན་གནས་པ་ལ་ཆོམ་རྐུན་གྱིས་ངེད་ཀྱི་ཕྱིར་ཟས་དང་། སྐོམ་བཞག་པར་བྱའོ་ཞེས ་བསྒོ་བ་ན་བཞག་པར་བྱའོ།། ཡང་ན་དེར་འཁོད་པར་མི་བྱའོ།། འཁོད་ན་ཉེས་བྱསོ།། ཞེས་གསུངས་པ་ལྟ་བུའོ།། བསྒོ་བ་རྣ་ལ་གཟོན་པར་བྱ་བ་ཡང་ཡོད་དེ། གང་མི་རིགས་པ་དང་། བརྫུན་ལ་སོགས་པ་སྨྲ་བའོ།། དེ་ལ་བཏང་སྙོམས ་བཞག་པ་ཡང་ཡོད་དོ།། གང་ཁྲོས་ནས་མི་རིགས་པ་དང་། བརྫུན་ལ་སོགས་པ་སྨྲ་བ་སྦྱིན་པའོ།། དེ་ལ་ལན་གདབ་པ་སྦྱིན་པར་བྱ་བ་ཡང་ཡོད་དོ།། གང་མ་ཁྲོས་ན་མི་རིགས་པར་སྨྲ་བའོ།། དེ་ལ་ཅི་ལྟར་ཆོས་བཞིན་དུ་སླར་བྱ་བ་ཡང་ཡོད་དོ།། ། ་གགླང་ཚུལ་ཁྲིམས་ལ་སོགས་པ་ཉམས་པའོ།། དེ་ལ་ཁས་བླང་བར་བྱ་བ་ཡོད་དོ།། དེ་ཚུལ་ཁྲིམས་ལ་སོགས་པ་ཕུན་སུམ་ཚོགས་པར་གྱུར་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱ་བ་ལ་སོགས་པའོ།། གཞན་དུ་བྱ་བ་ལས་ཉོན་མོངས ་བའི་སེམས་ཀྱིས་གཞན་དུ་བྱེད་ན་ལྟུང་བྱེ།། ཉོན་མོངས་པ་མེད་ན་ཉེས་བྱསོ།། ལུས་ཀྱི་བྱས་ན་ཡང་ལྟུང་བའོ།། སོ་ཤིང་ཅེས་བྱས་པ་ལས་མི་འགྲོ་བ་ལས་མི་འགྲོ་བ་ལ་སོགས་པ་ཡང་དེ་བཞིན་ནོ།། གནས་ཡིན་པས་བསྒོ་བ་ལས་གནས། ་ཡིན་པས་བསྒོ་བར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་ལྟུང་བྱེ་དོ།། གནས་མ་ཡིན་པས་བསྒོ་བ་ལ་གནས་ཡིན་པས་བསྒོ་བར་འདུ་ཤེས་པ་དང་ཡིད་གཉིས་ཟ་ན་ཡང་རུང་ཉེས་བྱསོ།། གནས་མ་ཡིན་པས་བསྒོ་བ་འམ་གནས་ཡིན། ་པས་བསྒོ་བ་ལ་གནས་པ་མ་ཡིན་པས་བསྒོ་བར་འདུ་ཤེས་ན་ཡང་ལྟུང་བ་མེད་དོ།། དགེ་འདུན་ནམ་བླ་མ་འམ། བླ་མའི་གནས་ལྟ་བུ་ཞིག་ན་ཉེས་བྱསོ།། དེ་ལས་གཞན་དུ་ན་ལྟུང་བ་མེདོ།། སྐད་མི་ཤེས་པ་ཞིག་ལ་བསྒོ་བ་རྣ་ལ་གཟོ ་ན་ཉེས་བྱསོ།། བསད་པ་ཞིག་བྲོས་པ་ལས་གསོད་པའི་གཤེད་མས་དྲིས་པ་ལ་ལྟུང་བ་མེད་པར་བརྗོད་པར་བྱ་སྟེ། དེ་ལ་ངལ་སོ་ཤིག། མེ་ཁང་དུ་ཞུགས་ཤིག། ཆུ་འཐུང་ཞིག་ཅེ་འམ། ཅི་སྟེ་ཡང་འདུག་ཏུ་ཡང་མི་བཏུབ་ན ་སེན་མོ་ལ་བལྟས་ལ་སེན་མོ་མཐོང་ངོ་ཞེས་བརྗོད་པར་བྱའོ།། ཡང་ན་ནམ་མཁའ་ལ་བལྟས་ལ་ན་མཁའ་མཐོ་ངོ་ཞེསོ།། གལ་ཏེ་ཡང་མི་བཏུབ་ན་ཕྱོགས་བཞིར་རྣམ་པར་བལྟས་ལ། འདུས་བྱས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བར་མི ་ལ་བྱ་སྟེ། ངས་སེམས་ཅན་གང་ཡང་མ་མཐོང་ངོ་།། ཞེས་བརྗོད་པ་ལ་ལྟུང་བ་མེ་དོ།། གནོད་པ་དེ་ལྟ་བུ་མ་གཏོགསོ།། ཁྱིམ་པས་བསྒོ་བ་ལས་རྒྱུ་གཞན་གྱི་བསྒོ་བ་རྣ་ལ་གཟོན་ན་ཉེས་བྱསོ།། ཁའི་ནད་ཡོད་པས་ཁ་ན་སྨན་འཆང་ཞིང ་ཅངད་མི་སྨྲ་བ་ནི་ལྟུང་བ་མེདདོ།། གསུམ་པའོ།། །། འདུལ་བ་བསྡུས་པ་བམ་པོ་དགུ་པ།། མཉན་ཡོད་ན་སྟེ། དགེ་སློང་རྣམས་བླ་གབ་མེད་པར་མལ་ཆ་དང་སྟན་རྣམས་བོར་ཏོ་ཁྱིམ་གཞན་དུ་དོང་བ་དང་། བཅོམ་ལྡན་འདས་ཀྱི ་ཆར་འབབ་པར་དོགས་ནས་ནང་དུ་བསྡུས་ཏེ། དེ་ལྟ་བས་ན་གནས་མལ་གྱི་གཞིའི་དབང་དུ་མཛད་དེ། སྨོང་པ་དང་ལེ་ལོའི་ཉོན་མོངས་པའི་ཕྱིར་ལྟུང་བྱེད་བཞི་པ་བཅསོ།། དགེ་འདུན་ཞེས་བྱ་བ་ནི་དགེ་འདུན་ལ་རྣམ་པ་དྲུག་སྟེ། བཞིའི་ཚོགས ་ཀྱི་དགེ་འདུན་དང་། དེ་ལས་ལྷག་པའི་དགེ་འདུན་དང་། མངོན་སུམ་དུ་ཉེ་བར་འཁོད་པའི་དགེ་འདུན་དང་། ཕྱོགས་བཞིའི་དགེ་འདུན་དང་། གཉུག་མར་གནས་པའི་དགེ་འདུན་དང་། གློ་བུར་དུ་ལྷག་པའི་དགེ་འདུན།། སྐབས་འདིར་ནི་ཕྱོག། ་བཞིའི་དགེ་འདུན་ལ་བྱས་ཏེ། གང་དགེ་འདུན་གྱི་ཡིན་པའོ།། ཁྲི་ཞེས་བྱ་བ་ནི་མལ་མཐོན་པོ་དང་། མལ་ཆེན་པོ་མ་གཏོགས་ཏེ། དེ་ཡོད་ཟིན་ཀྱང་དགེ་སློང་གིས་དེ་ལ་ཡོངསུ་ལོངས་སྤྱོད་ཅིང་འདུག་གམ་ཉལ་དུ་རུང་བ་མ་ཡིན་ཏེ་ཉེས་བྱསོ།། ཁྱིམ ་གཞན་དུ་མལ་མཐོན་པོ་ལ་འདུག་པ་ནི་ལྟུང་བྱེད་དོ།། ཁྲིའུ་ཞེས་བྱ་བ་ནི་རྐང་རྟེན་ནམ། སྟན་བཟང་པོའམ། རྒྱབ་རྟེན་དུ་བཅས་པ་ལ་བྱ་སྟེ། དགེ་སློང་གིས་དེ་ལྟ་བུ་ཉེ་བར་བཞག་ཏུ་མི་རུང་ངོ་།། སྟན་ནང་ཚངས་ཅན་ཞེས་བྱ་བ་ནི་སྟན་ནང་ཚངས་ཡོད་པ། ་སྟེ། དེ་ཡང་ཉིས་བལྟབས་དུ་དྲུབས་ལ། སྲིད་དུ་ཁྲུ་བཞི། ཞེང་དུ་ཁྲུ་དོ་བར་བྱས་ལ། ནང་ཤིང་བལ་བཅུ་པོ་རྣམས་ལས་གང་ཡང་རུང་བས་དག་པར་བྱ་སྟེ། ཨརྐའི་ཤིང་བལ་དང་། ཀ་ཤའི་ཤིང་བལ་དང་། ཨེ་ར་ཀའི་ཤིང་བལ་དང་། ཤལ་མ ་ལའི་ཤིང་བལ་དང་། ན་མེ་རུ་ཀུའི་ཤིང་བལ་དང་། བྲ་གའི་ཤིང་བལ་དང་། [ऽ]ཟར་མའི་ཤུན་ཕྲགས་དང་། རས་མ་དང་། ཕྱག་དར་ཁྲོད་པ་སྟེ། བར་བར་དུ་བྱ་རོག་གི་རྐང་པ་ལྟ་བུས་དྲུབ་པར་བྱའོ།། ལ་བ་ཞེས་བྱ་བ་ནི་བར་ཏང་དང་། ་བེའུ་ཕུག་ལ་སོགས་པའོ།། སྔས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཁ་ཟསུ་མི་འཇུ་བ་དེའི་ཕྱིར་རྗེསུ་གནང་བ་སྟེ། ཁྲུ་བཞི་ཁོ་ར་ཁོར་ཡུག་ལ་སོགས་པའོ།། བྷ་གབ་མེད་པ་ཞེས་བྱ་བ་ནི་སྟེང་མ་གཡོགས་པའོ།། བཏིང་བ་ཞེས་བྱ་བ་ནི་བདས ་རང་གི་སོ།། གདིང་དུ་བཅུག་པ་ཞེས་བྱ་བ་ནི་གཞན་གྱིསོ།། སོང་ན་ཞེས་བྱ་བ་ནི་ཉེན་འཁོར་ལས་རིང་དུ་འདས་ཞེས་བྱ་བའི་ཐ་ཚིག་གོ།། འདོམ་བཞི་བཅུ་རྩ་དགུའི་བར་དུ་འཁོར་རོ།། ཁ་ཅིག་ནི་གཙུག་ལག་ཁང་གི་ཉེན་འཁོར་དང་། ཁྱིམ་གྱི ་ཉེན་འཁོར་ལ་བྱའོ།། ཞེས་ཀྱང་ཟེ་རོ།། དགེ་སློང་འཁོད་པ་ལ་ཞེས་བྱ་བ་ལ། འཁོད་པ་ཞེས་བྱ་བས་ནི་མི་འཁོད་པའི་ཉེས་པ་སྤང་བའི་ཕྱིརརོ།། དེ་དག་མེད་ན་དགེ་ཚུལ་ལའོ།། དེ་ཡང་མེད་ན་ཁྱིམ་པ་ལའོ།། དེ་ཡང་མེད ་ན་ཕྱོགས་བཞིར་བལྟས་ལ་ལྡེ་མིག་ཀྱོག་པོ་རྣམས་སྦས་ཏེ་སོང་ལ་ལམ་དུ་དགེ་སློང་དང་ཕྲད་ན་ལྡེ་མིག་ཀྱོག་པོ་རྣམས་བསྟན་པར་བྱའོ།། མ་བཅོལ་བར་ཞེས་བྱ་བ་ལ། བཅོལ་བ་ནི་རྣམ་པ་ལྔ་སྟེ། གཙུག་ལག་ཁང་འདི་རེ་ཞེས་བྱ ་བབ་དང་། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང་། གནས་མལ་འདེ་རེ་ཞེས་བྱ་བ་དང་། གནས་མེལ་ལོང་ཞིག་ཅེས་བྱ་བ་དང་། ལྡེ་མིག་ཀྱོག་པོ་སྦྱིན་པའོ།། བཅོལ་བར་མི་བྱ་བ་རྣམ་པ་ལྔ་སྟེ། ངོ་ཚ་མེད་པ་དང་། ནང་དང་བཅས་པ་དང ་རྒས་ཁོགས་ཤིང་སྟོབས་ཆུང་བ་དང་། ནད་པ་སྦྱོར་མི་བཟོད་པ་དང་། བསྙེན་པར་མ་རྫོགས་པ་ཐམས་ཅད་ལའོ།། སྔ་མ་ནི་གཙུག་ལག་ཁང་གི་དབང་དུ་བྱས་ཀྱི་འདིར་ནི་བླ་གབ་མེད་པའི་གནས་མལ་གྱི་དབང་དུ་བྱས་པའོ།། དེ་འདྲ ་བའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི་སྲོག་གི་བར་ཆད་ངམ། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བའོ།། བླ་གྲུབ་མེད་པ་ལ་དགེ་འདུན་གྱིས་ཁྲི་ལ་སོགས་པ་ཉེ་བར་བཞག་ནས། ཉོན་མོངས་པས་དྲངས་པས་སམ། མ་གུས་པ་འམ ་དྲན་པ་བརྗེད་ཀྱང་རུང་། ཡུལ་གཞན་དུ་སོང་ན་ཉེན་འཁོར་ལས་འདས་ན་ལྟུང་བྱེདའོ།། དེ་ཚུན་ཆད་དུ་ཉེས་བྱསོ།། ལམ་གྱི་བར་དུ་དྲན་ན་ཕྱིན་ཆད་འདི་ལྟ་བུ་མི་བྱའོ་ཞེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ།། བདག ་གི་ཚངས་པ་མཚུངས་པར་སྤྱོད་པ་དག་བཏུལ་གྲངས་སྙམ་དུའོ།། གལ་ཏེ་དགེ་སློང་མཐོང་ན་བརྟུལ་ཅིག་ཅེས་གསོལ་གདབས་པར་བྱའོ།། དེས་ཀྱང་ཁས་བླངས་ནས་མ་བརྟུལ་ན་འགལ་ཚབས་ཅན་དུ་འགྱུར་རོ།། གལ་ཏེ་བཞིར་སོན་ཏེ། ་དྲན་ན་དེར་ཡང་དེ་སྐད་དུ་བརྗོད་ལ། ལྟུང་བ་གཉིས་ག་ཆོས་བཞིན་དུ་བྱའོ།། ཅི་སྟེ་གཙུག་ལག་ཁང་གི་ནང་དུ་ཞུགས་པ་ལས་དེ་ཐུན་དང་པོ་ནས་ནམ་ལངས་ཀྱི་བར་དུ་འམ། ཉི་མ་ཕྱེད་དམ་སྐར་མ་ཤར་ཡང་རུང་སྟེ། གདོད་དྲན་ལ་ཕ ་ཕུན་དུ་མ་གྱུར་པར་བརྟུལ་ན་ཉེས་བྱས་སོ།། ཕན་ཕུན་དུ་གྱུར་པ་ལས་བཏུལ་ན་ལྟུང་བྱེད་།། ཕན་ཕུན་དུ་གྱུར་པ་ལ་རྣམ་པ་གཉིས་ཏེ། རླུང་གི་ཕན་ཕུན་དུ་གྱུར་པ་དང་། ཆར་པས་ཕན་ཕུན་དུ་གྱུར་པའོ།། རླུང་གི་ཕན་ཕུན་དུ་གྱུར་པ་ནི ་གལ་ཏེ་རིམ་པ་གཅིག་ལས་རིམ་པ་གཉིསུ་བཟློག་པའོ།། ཆར་པས་ཕན་ཕུན་དུ་གྱུར་པ་ནི་རིམ་པ་གཅིག་ལས་རིམ་པ་གཉིསུ་ཐལ་བ་ཡིན་ནོ།། དྲན་པ་བརྗེད་པ་ཉིད་དུ་ཟད་ན་ཉེས་བྱས།། དེ་ཡང་ལུང་དུ་མ་བསྟན་པའོ།། དགེ་བ་ལ ་སྦྱོར་བ་ཞིག་ཏུ་ཞུགས་ན་ལྟུང་བ་མེད་དོ།། གང་ལ་རྒྱུ་དང་སྤུན་གཉིས་ཀ་རུང་བ་མ་ཡིན་ཏེ། རྔ་མོའི་བལ་ལམ། བ་ལང་གི་སྤུ་འམ། རི་དྭགས་ཀྱི་བལ་ལམ། ར་བལ་དང་འདྲེས་པའི་རང་བཞིན་ནམ། ཐག་སུ་མ་བཏགས་པ་ཡིན་ནམ། བདེ ་བོཔོར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་ཐུང་བའམ། རིན་པོ་ཆེ་ཡང་རུང་སྔོན་ལྟུང་བ་བྱུང་བ་ལ་སོགས་པ་འམ། དགེ་སློང་མའི་གཙུག་ལག་ཁང་དུའམ། དེ་ལས་གཞན་པའི་དགེ་སློང་དང་བྲམ་ཟེ་རྣམས་ཀྱི་གཙུག་ལག་ཁང་དེའི ་མལ་ཆ་དང་། སྟན་ཡིན་ནམ། ཁྱིམ་པའི་འམ། གང་ཟག་གིའམ། སྦྱིན་བདག་གི་བདག་གམ་གཞན་ལ་བྱིན་པ་འམ། གང་ཟག་གིས་ཐོབ་པ་ཡོངསུ་ལོངས་སྤྱད་པའི་ཕྱིར་བྱིན་པ་དེ་དག་ཐམས་ཅད་ལ་ཡང་ཉེས་བྱས།། ་ཁྲིའུ་གཅིག་ལ་གཉིས་འཁོད་པ་ན་ཕྱི་ནས་གང་ལངས་པ་དེས་ནང་དུ་གཞུག་པར་བྱའོ།། གལ་ཏེ་ཡང་ལྷན་ཅིག་ལངས་ན་གསར་བུ་སོ།། གལ་ཏེ་ཡང་གཉི་ག་གསར་བུ་མ་ཡིན་ན་གཉི་གས་སོ།། མ་བརྟུལ་བ་ལ་མ་བརྟུལ་བ་ལ་སོགས་པར ་འདུ་ཤེས་ན་ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས་སོ།། གནས་མལ་གྱི་ཀུན་ཏུ་སྤྱད་པ་ནི་མལ་ཆ་དང་སྟན་མི་བླང་བར་བྱ་བ་ཡང་ཡོད་དེ། གལ་ཏེ་ཡང་མི་མཐུན་པ་བྱིན་པ་འམ། འབྲུ་མར་ལ་སོགས་པས་ཉམ ་པར་གྱུར་པ་འམ། གང་ཡང་བསྐྱང་བར་མི་ནུས་པ་སྟེ། གདིང་བ་དང་མི་ལྡན་པའོ།། གདིང་བ་བཏང་སྙོམས་གཞུག་ནས་འགྲོ་བར་བྱ་བ་ཡང་ཡོད་དེ། གང་དུ་ཆུ་དང་ཆོམ་རྐུན་པ་དང་ཕ་རོལ་གྱི་དགྲས་འཇིགས་པ་མངོན་དུ་བྱུང་བའོ།། བཏང ་སྙོམསུ་མི་བྱ་བ་ཡང་ཡོད་དེ། གལ་ཏེ་སེང་གེ་ལ་སོགས་པ་གཅན་ཟན་གྱི་འཇིགས་པ་མེད་པར་གྱུར་པའོ།། བཅོལ་ནས་འགྲོ་བར་བྱ་བ་ཡང་ཡོད་དེ། གལ་ཏེ་འཇིགས་པ་མངོན་དུ་མ་བྱུང་བ་དང་། ཆེང་དུ་ནན་ཏན་དུ་བྱའོ།། ཁ་ཅིག་ནི་ཉེས ་པར་འགྱུར་བ་མི་སྣང་བས་འགྲོ་བར་བྱ་བ་ཡོད་དེ། དེ་དག་བཏིང་བ་དང་། དེ་ཆར་པ་དང་རླུང་གིས་ཉེས་པ་འབྱུང་བ་ཡང་མེད། ཟིལ་གྱིས་ནོན་པ་དང་། འདྲལ་བ་དང་། སྲིལ་གྱིས་ཟ་བ་ཡང་མེད། ཆོམ་རྐུན་པས་ཕྲོགས་པའི་ཉེས་པ་འབྱུང ་པབ་གང་ཡིན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྒྲུབ་པ་འདི་བཅས་ཏེ། ལྟུང་བ་མདོ་ཞེས་ཀྱང་ཟེ་རོ།། པར་ཏུང་ཁྲ་བོ་དགེ་འདུན་གྱིས་ནི་བྱུང་བར་བྱའོ།། གང་ཟག་གིས་ནི་མ་ཡིན་ཏེ། སྦྱིན་བདག་ལ་ཡིད་བརྟན་ཏེ་སྤྱོད་པ་ལ་ལྟུང་བ་མེད་དོ།། ་གདིང་བ་མེད་པར་སྟན་ཁྲ་བོ་ལ་འདུག་པར་མི་བྱ་ཉལ་བར་མི་བྱའོ།། ཕལ་ཆེར་ཉམས་པར་གྱུར་པ་ལ་ནི་ལྟུང་བ་མེདདོ།། ཐམས་ཅད་ཀྱི་སྟན་ཁྲུ་བོ་ཉེ་བར་བཀྲ་བ་ལ་གདིང་བ་མེད་པར་སྤྱང་བར་མི་བྱའོ།། དགེ་འདུན་གྱི་མལ་ཆ་དང་། བསྟེན་བགོས་ན ་བླ་གབ་མེད་པར་ཆར་བ་འབབ་པར་འདུག་གམ་འགྲོ་བར་མི་བྱའོ།། དེ་བགོས་ལ་བཀྲུ་བ་དང་། བཙོ་བླག་དང་། ལྷུང་བཟེད་ཀྱི་ལས་མི་བྱ། བཤང་བ་དང་གཅི་བའི་ཁང་པ་དང་། ཚང་མང་དུ་འགྲོ་བར་མི་བྱ། ལུས་དང་འབྲེལ་བའི་བར་ཆད ་བཅུག་ནས་གོན་ལ་དལ་བུས་བགས་ཀྱིས་སྤྱད་པར་བྱའོ།། དམུན་པར་ཡོངསུ་ལོངས་མི་སྤྱད་པ་ལ་རྣམ་པ་ལྔ་སྟེ། བཤལ་བ་དང་། ངག་ཏུ་འདྲེན་པ་དང་། ངུ་བ་དང་། དྲི་མ་དང་། རྡུ་ལོ།། དགེ་འདུན་གྱིས་བགོ་བ་ལ་སར་བྱས་རིམ་པ་གཅིག་ཏུ ་བྱཱབྱ་སྤྱད་པ་སྲབ་མོ་ནི་རིམ་པ་གཉིས་བྱས་ལ་སྤྱད་པར་བྱའོ།། མི་གཙང་བ་གཅིག་གིས་རེག་ན་དེ་མ་ཐག་ཏུ་སྦྱང་བར་བྱའོ།། མཛེའི་ནད་ཀྱིས་བཏབ་པ་ཞིག་ན། མཐའ་འཁོབ་ཏུ་མལ་ཆ་དང་སྟན་སྦྱིན་པར་བྱའོ།། རིམ་གྲོ་བ་ཡང་།། དགེ་འདུན ་གྱི་མལ་ཆ་དང་། སྟན་ཉམས་པ་ལ་བཏང་སྙོམསུ་མི་བྱའོ།། གང་རལ་པ་དེ་ལ་ནི་དྲུབ་པ་སྦྱིན་པར་བྱའོ།། གང་རྡོལ་པ་དེ་ལ་ནི་ལྷན་པས་གླན་པར་བྱའོ།། གང་དབུསུ་དེངས་པ་དེ་མཐའ་དང་གཉིས་སྦྱར་བར་བྱའོ།། གང་སྡུག་བསྔལ་བས་སོ་སོར ་འདུས་བྱ་བ་དེ་ནི་མར་མེའི་སྙིང་པོར་བྱའོ།། ཡང་ན་བརྡུངས་ཏེ་ས་དང་བ་ལང་གི་ལྕི་བར་བསྲེས་ནས་ཀ་བ་དང་རྩིག་པའི་བུ་ག་ཡོད་པར་གླན་པ་འམ། སྐྱང་ནུལ་བྱའོ།། ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་ཚེས་བརྩ ་བཅུ་བཞི་ལ་མལ་ཆ་དང་སྟན་རྣམས་སོ་སོར་བརྟགས་པར་བྱ་བ་དང་། བསྐམ་པར་ཡང་བྱའོ།། ཆོམ་རྐུན་པ་ལ་སོགས་པས་འཇིགས་ན་དགེ་འདུན་གྱི་མལ་ཆ་དང་། སྟན་འཕྲོག་པར་མི་བྱ་མོད་ཀྱི། འོན་ཀྱང་ཁྱེར་ལ་འགྲོ་བར་བྱའོ།། གང་གི་ཁྱེར ་བ་དེའི་ཚེ་དེས་སྤྱད་པར་བྱའོ།། ཅི་ལྟར་རྒན་རིམ་དག་གིས་འཕྲོགས་པར་མི་བྱའོ།། དེ་ལ་འཇིགས་པ་མེད་པར་གྱུར་པ་དང་། དགེ་འདུན་ཉིད་ལ་དབུལ་བར་བྱའོ།། ཆག་ཆག་དང་ཕྱག་དར་བྱས་ལ་དེའི་འོག་ཏུ་གོས་ངན་པ་ཅིག་གིས་སྟན་རྣམས ་སྤྲུག་པར་བྱའོ།། མལ་ཆ་དང་སྟན་བཤམ་པར་བྱའོ།། གང་དེ་ནས་གཅིག་ཏུ་ཤ་ཟད་པར་གྱུར་པ་དེ་ནི་སྨྱིག་མ་ལ་བཅིངས་ཏེ་དེ་ཉིད་ཀྱིས་སྤྲུག་པར་བྱའོ།། པར་ཏང་ཁྲ་བོ་བཏིང་བ་ལ་ཐམས་ཅད་ལ་ཡང་བཅག་པར་བྱའོ།། དུས་དུསུ་ཡང ་བཅོས་པར་བྱའོ།། དེ་ལ་བསྲུང་བའི་ཕྱིར་ཡང་བསམ་གཏན་པ་རྣམས་ཀྱི་རྐང་པ་དག་ཉི་མ་གསུམ་ཞིང་བསྐུ་བར་བྱའོ།། ཉིན་གཅིག་བཞིན་དུ་ནི་མ་ཡིནནོ།། དགེ་འདུན་གྱི་ཁྲིའུ་ལ་འདུག་ཅིང་བཙོ་བླག་གི་ལས་ཀྱིས་བྲེལ་པ་བསླང་བར་མི་བྱའོ།། ། ་གྲལ་ནས་སྦགས་པ་ཡང་མི་བླངོ་།། ཐ་ན་ལན་ཚ་འམ་ལྔ་མ་ལུམ་ཡང་རུང་བྱིན་ལེན་བྱས་ནས་སྦགས་པ་ཞེས་བརྗོད་པར་བྱའོ།། གྲལ་མ་ཡིན་པར་སྤགས་པར་མི་བྱའོ།། འདུག་པའི་སྔར་འདུག་པ་ལ་ཇི་ལྟར་རྒན་རིམ་བཞིན་དུ་མི་བསླང་ངོ་།། ་གང་བླངས་ནས་འཆག་པ་དེའི་སྟན་ལ་འདུག་པར་མི་བྱའོ།། དེས་ཀྱང་དེར་མི་བྲལ་བར་བྱའི་ཕྱིར་རྡུལ་གཟན་ནམ་བུས་ཁྱུང་བཞག་པར་བྱའོ།། དགེ་འདུན་གྱི་ཁྲིའུ་ཐགས་མས་བརྒྱུས་པ་དགེ་ཚུལ་ལ་འདུག་པ་སྦྱིན་པར་མི་བྱའོ།། དྲན ་པ་ཤིན་ཏུ་ཉེ་བར་འཇོག་པ་ཞིག་ཡིན་ན་ལྟུང་བ་མེདདོ།། ཆོས་མཉན་པའི་ཚེ་དགེ་སློང་མ་རྣམས་ལ་ཁྲིའུ་ཐགས་མས་བརྒྱས་པ་སྦྱིན་པར་མི་བྱའོ།། འདོད་ཆགས་དང་བྲལ་བ་རྣམས་ལ་ནི་མཚན་མོ་ཡང་སྦྱིན་པར་བྱའོ།། སྟན་ནང་ཚངས་ཅན ་གཅིག་གམ། པར་ཏང་ཁྲ་བོ་གཅིག་གི་སྟེང་དུ་ཁྱིམ་པ་འམ། དགེ་ཚུལ་ལམ། རང་བཞིན་དུ་མི་གནས་པའི་དགེ་སློང་དང་། ལྷན་ཅིག་ཏུ་འདུག་པར་མི་བྱའོ།། དེ་འདྲ་བའི་རྐྱེན་བྱུང་བ་ནི་མ་གཏོག་སོ།། འདི་ལྟར་སྟེགས་བུ་ལ་གལ་ཏེ་སྟན་པར ་ཏང་ཁཱ་བོ་ལ་བརྟུལ་བར་འགྱུར་བ་ལ་ནི་ལྟུང་བ་མེདོ།། དེ་བཞིན་དུ་བསླབ་པ་བྱིན་པ་དང་། གཉིས་སྟན་གཅིག་ལ་འམ། སྟན་ནང་ཚངས་ཅན་གཅིག་གམ། ཁྲིའུ་འམ། སྣུན་པར་ཏང་ཁྲ་བོ་གཅིག་ལ་འདུག་པར་མི་བྱའོ།། གསར་བུ་དང་རྒུན ་པ་གཉིས་ཀྱང་སྟན་གཅིག་ལ་འདུག་པར་མི་བྱའོ།། ལོ་གསུམ་གྱི་བར་དུ་ཆོད་པ་དང་ལྷན་ཅིག་གམ། ལོ་གཅིག་མ་ལོན་པ་ལོ་གསུམ་ལོན་པ་དང་ལྷན་ཅིག་གམ། ལོ་གཅིག་ལོན་པ་ལོ་བཞི་ལོན་པ་དང་། ལྷན་ཅིག་པ་ལ་ནི་ལྟུང་བ་མེདདོ།། ། ་ཁྱིམ་གཞན་དུ་ནི་མཁན་པོ་དང་ལྷན་ཅིག་འདུག་ཀྱང་ལྟུང་བ་མེ་།། ཁྲི་གཅིག་ལ་གསུམ་གྱི་བར་དུ་འདུག་པར་བྱའོ།། ཁྲིའུ་ལ་ནི་གཉིས་ཀྱིས་བར་དུའོ།། ཁྲིའུ་ཆུང་ལ་ནི་གཅིག་པུའོ།། ལམ་དུ་གོས་བརྙས་པ་ནི་གཅིག་པུས་མི་བགོ་བར ་ཐམས་ཅད་པ་རྣམས་ལ་སྦྱིན་པར་བྱའོ།། གལ་ཏེ་མང་དུ་ཡོད་ན་རེ་རེ་སྦྱིན་པར་བྱའོ།། ཅི་སྟེ་གཅིག་པུ་ཞིག་ན་ཉལ་བ་རྣམས་ཀྱི་སྟེང་ནས་དགབ་པར་བྱའོ།། སྐྱེ་བོ་མང་པོའི་བགོ་བ་གྱོན་ཏེ་འཆགས་པར་མི་བྱའོ།། གང་ཟག་གི ་དང་བཅག་པར་ཡང་བྱའོ།། ཁྲི་གཅིག་ལ་གཉིས་དག་ཐལ་བར་མི་བྱའོ།། ལམ་དུ་ཞུགས་པ་ལས་ངོ་ཚ་བ་ཅན་ཞིག་ཡིན་ལ་ཁྲི་ཡང་ཆེན་གདིང་བ་སོ་སོ་བཏིང་སྟེ་བར་དུ་གཏུརོ་བུས་བཅད་དེ་ཉལ་བ་ལ་ལྟུང་བ་མེད་དོ།། ཁྲིའུའི་སྟེང་དུ་ཁྲིའུ་བ ་པ་ལ་འདུག་པར་མི་བྱའོ།། ལམ་ཕྲན་ལ་སོགས་པར་གོས་སར་པ་ཁ་ཚར་རིང་པོ་དག་གིས་བཀབ་ན་ཡོན་བདག་གིས་ངོར་མི་རྟག་པ་ཡིད་ལ་བྱེད་པས་གཞན་ཉམས་པ་དང་། མུ་སྟེགས་ཅན་རྣམས་ཟིལ་གྱིས་མནན་པའི་ཕྱིར་སྟེང་དུ་སོང ་ཡང་ལྟུང་བ་མེ་དོ།། ཆོས་མཉན་པའི་ཕྱིར་དགེ་འདུན་གྱིས་སྟན་གདིང་བ་རྗེསུ་གནང་སྟེ། དེ་བཞིན་དུ་སེང་གེའི་ཁྲི་ཡངངོ་།། གང་གསོལ་བ་བཏབ་པས་ཆོས་བཤད་ཀྱི་གཞན་གྱིས་ནི་མ་ཡིན་ནོ།། དེར་ངོར་ལྷགས་པ་ལ་ནི་ལྟུང་བ་མེད་དོ།། དགེ ་བདུན་གྱིས་གནས་བརྟན་ནས་བཟུང་ནས། གསར་བུའི་བར་དུ་ཆོས་བཤད་པར་བྱའོ།། སེང་གེའི་ཁྲི་ལ་ཐེམ་སྐས་གཟུགས་པར་བྱའོ།། མཆིལ་མའི་སྣོད་དུ་གའི་ཐུགས་ལ་བཞག་པར་བྱའོ།། དུས་དུས་སུ་སྦྱང་བར་བྱའོ།། བསྐམ་པར་བྱའོ།། ་ཆོས་མཉན་པའི་སྟན་རྣམས་རྫིང་བུའི་རྣམ་པ་འམ། ཟླ་གམ་གྱི་རྣམ་པ་ལྟ་བུར་བཤམ་པར་བྱའོ།། སྦྱིན་བདག་རྣམས་དགེ་སློང་གི་ཕྱིར་སྟན་རྙེད་ན་སྦྱིན་པར་བྱའོ།། གལ་ཏེ་དེ་དག་ཉིད་ཀྱིས་བསྐྱལ་ན་དེ་ལྟ་ན་ལེགས། གལ་ཏེ་མ་བསྐྱལ་ན་གཏི ་ཆུང་ངུ་བརྡུངས་ལ་གནས་པར་བྱེད་པ་རྣམས་ཀྱིས་བླང་བར་བྱའོ།། དེ་བདག་ཉིད་ཀྱི་ཕྱིར་རྙེད་ན་ཡང་སྦྱིན་ལ་བསྲུང་བའི་དགེ་སློང་བཞག་པར་བྱའོ།། ཕྱོགས་གཅིག་ཏུ་འདུག་སྟེ་ཁ་ཏོན་དང་ཡིད་ལ་བྱེད་པ་བྱའོ།། གང་གི་ཚེ་དོང་བའི་ཚེ་བླང་བ ་བྱའོ།། གང་ཆང་གི་སྙིགས་མས་མ་རུང་བར་གྱུར་པ་དེ་ནི་བཀྲུ་བར་བྱའོ།། སྣུམ་གྱིས་གོས་པ་སྲན་ཕྱེསོ།། མི་གཙང་བ་ལ་སོགས་པ་ལ་ནི་སས་སོ།། བླ་གབ་མེད་པས་ཆོས་སྒྲོག་པའི་ཚེ་གལ་ཏེ་ཆར་པ་འབབ་ན་སྟན་རྣམས་བོར་ཏེ་མ་དོང་བར ་གགོགང་དང་གང་ལ་འདུག་པ་དེ་དང་དེས་ནང་དུ་གཞུག་པར་བྱའོ།། ཇི་སྟེ་རྒན་པ་རྣམས་ཀྱི་ལྕི་ན་དེ་རྗེས་ལ་སོ་སོར་བཞག་པར་བྱའོ།། སེང་གེའི་ཁྲིའི་སྟེང་དུ་ཁྱིམ་པས་གསེར་དང་དངུལ་གྱིས་སྤྲས་པའི་གོས་ཤིག་བཏིང་ན་ཁྱིམ་པའི་གོས་སོ་ཞེས ་བྱ་སྟེ། མི་རྟག་པ་ཡིད་ལ་བྱེད་པས་འདུག་པར་བྱའོ།། དགོན་པའི་གཙུག་ལག་ཁང་ཡང་ཡོན་བདག་དེ་ཉིད་ཀྱིས་བྱས་པ་ཞིག་ཏུ་མལ་ཆ་དང་སྟན་རྙེད་ན་སྦྱིན་པར་བྱའོ།། ཁྱེར་བའི་ཚོ་གལ་ཏེ་ཆར་པ་བྱུང་ན་ཤིང་ལྗོན་པ་ལ་སོགས་པའི ་དྲུང་དུ་བཞག་ལ་གོས་ངན་པས་གཡོག་པར་བྱའོ།། དུས་སྟོན་ཟིན་ནས་སླར་མཐུས་ཀྱང་དགུག་པར་བྱའོ།། གནས་མལ་རྣམས་ཅི་ལྟར་ངེས་པར་ཡོངསུ་ལོངས་སྤྱད་པར་བྱའོ།། བླ་གབ་མེད་པ་ལ་ཆར་པ་འབབ་པ་དང་། འཛམ་བུའི་གྲིབ ་མར་བཞུག་པའི་སྐུ་གཟུགས་བསྙེན་པར་མ་རྫོགས་པ་མེད་ན་སྟོན་པའི་འདུ་ཤེས་ཉེ་བར་བཞག་ལ་གཞུག་པར་བྱའོ།། སློབ་དཔོན་དང་མཁན་པོ་ཉིན་མོ་སྤྱོད་པའི་སར་འགྲོ་ན་གནས་པ་དག་གིས་སྟན་བླངས་ལ་འགྲོ་བར་བྱའོ།། སློབ ་དཔོན་དང་མཁན་པོ་ཕྱག་དར་རམ་ཁབ་ཀྱི་ལས་ཤིག་བྱེད་ན་ཡང་སྙིང་ལས་ཆུང་བར་བྱའོ།། གལ་ཏེ་ཕྱག་དང་བྱེད་པ་འམ་ཆོས་གོས་འདྲུབ་པར་བསྐོས་ན་ལྟུང་བ་མེ་།། ཁ་ཏོན་བྱེད་པའི་ཚེ་ཐོས་པའི་ཉེན་འཁོར་སྤངས ་ལ་གདོན་པར་བྱའོ།། སྤོང་བ་བྱེད་པས་ཀྱང་གདམས་ངག་མནོས་ནས་དབེན་པའི་ཕྱོགས་གཅིག་ཏུ་འདུག་པར་བྱའོ།། ལས་རེས་ཞིག་བབ་ན་ཞུས་ནས་འགྲོ་བར་བྱའོ།། གལ་ཏེ་དེ་ལ་དེ་ཉི་དུ་ཡང་ལས་གཞན་བྱ་དགོས་ན་སླར་འོང་ཞིང་ཞུ་མི ་དགོ་སོ།། སྟན་དེ་རྣམས་ཀྱང་དེ་དག་ཉིད་ཀྱིས་བླང་བར་བྱའོ།། ཁྱེར་བ་དང་སླར་ལོན་པའི་ཚེ་ཡང་ཞུ་བར་བྱའོ།། ཁྱིམ་གཞན་དུ་འདོང་བ་ན་རྗེསུ་མཐུན་པ་དང་བཅས་པའི་དུསུ་གཎྜཱི་བརྡུང་བར་བྱའོ།། རང་རང་གི་འཁོར་རྣམས་ལ་ཡང་བརྟག ་པར་བྱའོ།། དགེ་འདུན་གྱི་གནས་བརྟན་གྱིས་ནི་གློ་བུར་ལྷགས་པ་རྣམས་ལ་བརྟན་པར་བྱའོ།། གཙུག་ལག་ཁང་གི་སྒོ་བཅད་ནས་འོངས་པ་ངེས་ཤིང་ལྗོན་པའི་དྲུང་ངམ། རྩིག་པའི་དྲུང་ངུ་སྟན་བཞག་སྟེ་འགྲོ་བར་བྱའོ།། གྱ་ཙོམ་དུ་ཟན ་གཅོད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། ཁྱིམ་པ་དགེ་འདུན་གྱི་སྟན་ལ་འདུག་པ་ལས་ལངས་ཏེ་བོར་ནས་འགྲོ་བ་དེ་དག་གང་གིས་མཐོང་བ་དེས་ནང་དུ་གཞུག་པར་བྱའོ།། གལ་ཏེ་མི་ནུས་ན་དགེ་སྐོས་ལ་བརྗོད་པར་བྱའོ།། ་བླ་གབ་མེད་པ་ལ་གནས་མལ་མང་པོ་རྣམས་སོ་སོར་སྐམ་དུ་བཅུག་སྟེ། གཅིག་པུ་ལ་བཅོལ་ནས་འགྲོ་བར་མི་བྱའོ།། གལ་ཏེ་དེ་འདྲ་བའི་རྐྱེན་ཞིག་བྱུང་བར་འགྱུར་ན་ངེས་གཎྜཱི་བརྡུང་བར་བྱའོ།། གང་དེ་ལ་ཆགས་པར་འགྱུར་ནས ་མ་གུས་པར་བྱས་ཏེ་བརྟུལ་བར་མི་བྱའོ།། དགེ་སྦྱོང་དེ་ན་འཁོད་པ་དེ་དག་གིས་གུས་པར་བྱས་ལ་བརྟུལ་ཏེ་ནང་དུ་གཞུག་པར་བྱའོ།། དེ་དག་གིས་ཀྱང་གཎྜཱི་ཐོས་ནས་གུས་པར་བྱས་ལ་འགྲོ་བར་བྱའོ།། མེ་ཤོར་ན་སྔར་བདག་ཉིད་ཀྱི་ལྷུང་བཟེད ་དང་ཆོས་གོས་ཕྱིར་ཕྱུང་ལ། ཕྱིས་དགེ་འདུན་གྱིའོ།། སྟོབས་ཆུང་བ་ཞིག་སྲུངས་མར་བཞག་པར་བྱའོ།། མེ་མི་བཟོད་པའི་ནང་དུ་འཇུག་པར་མི་བྱའོ།། ཚིག་པ་ལ་ཡང་འགྱོད་པར་མི་བྱའོ།། ཚིག་པ་ལ་ཡང་འགྱོད་པར་མི་བྱའོ།། དེ་བཞིན་དུ་ཆུ ་འབྲུག་པ་ལ་ཡང་བརྗོད་པར་བྱའོ།། གང་ཟག་ལ་ནི་གནོད་ཀྱི་དགེ་འདུན་ལ་ནི་མ་ཡིན་ནོ།། ཐམས་ཅད་ལ་ཡང་ཀུན་ཏུ་སྤྱད་པ་ཅི་སྐད་བསྟན་པ་བཞིན་དུ་མ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ།། བཞི་པའོ།། །། མཉན་ཡོད་ན་སྟེ། ་ལྷོ་ལམ་རྣམས་ནས་དགེ་སློང་དག་འོངས་པས་རྩཝ་སྟན་དུ་བཏིང་ནས་སྲིལ་གྱིས་གཙུག་ལག་ཁང་གང་བར་གྱུར་ཏེ། གནས་མལ་གྱི་གཞིའི་དབང་དུ་མཛད་དེ། སྨོད་པ་དང་ལེ་ལོའི་ཉོན་མོངས་པས་ན་ལྔ་པ་བཅསོ།། དགེ་འདུན་གྱི་ཞེས་བྱ་བ་ནི། ་ཕྱོགས་བཞིའི་དགེ་འདུན་གྱིའོ།། གཙུག་ལག་ཁང་གཞན་ནི་ཉེས་བྱསོ།། གཙུག་ལག་ཁང་ཞེས་བྱ་བ་ནི་གང་ལ་སྤྱོད་ལམ་བཞི་ཤོང་བ་ཡོད་པའོ།། སོང་ན་ཞེས་བྱ་བ་ནི་ཉེན་འཁོར་སྤངས་ནའོ།། ཉེན་འཁོར་ནི་སྔ་མ་བཞིན་ནོ།། དགེ་སློང ་འཁོད་པ་ལ་མ་བཅོལ་ཞེས་བྱ་བ་ནི་གང་ལ་བཅོལ་ནས་ཁས་བླངས་པ་དེས་ཁས་བླངས་ལ་མ་བྱས་ན་ཉེས་བྱས།། རྒྱུན་དུ་བཏིང་བ་ལ་གལ་ཏེ་གཉུག་མར་གནས་པའི་དགེ་སློང་དག་གིས་བགག་ན་འབྱུང་བར་མི་འགྱུར་རོ།། དེ་ལ་ལྟུང་བ ་རྣམ་པར་དབྱེ་བ་ནི་བསྒྲུབ་པའི་གཞི་འདུས་མ་ཐུག་པ་བཞིན་ནོ།། འདི་ལ་ཕན་ཕུན་དུ་གྱུར་པ་ནི་རྣམ་པ་གཉིས་ཏེ། རླུང་གིས་ཕན་ཕུན་དུ་གྱུར་པ་དང་། སྲིལ་གྱིས་ཕྱན་ཕུན་དུ་གྱུར་པ་ཡིན་ཏེ། སྲིལ་གྱིས་ཅི་སྲིད་རིམ་པ ་གཅིག་ལས་རིམ་པ་གཉིསུ་ཐལ་བའོ།། ཁྱིམ་པ་རྣམས་ལ་ནི་དྲིས་ཏེ་དབྱུང་བར་བྱའོ།། མ་ཕྱུང་ན་ཉེས་བྱསོ།། མ་དྲིས་པར་གྱུར་ན་ཡང་ཉེས་བྱསོ།། དགོན་པར་ནི་བཟློག་ལ་འགྲོ་བར་བྱའོ།། རྣམ་པ་གཞན་དུ་ནཱ་ཉེས་བྱསོ།། བཙོ་བླག་གི་ལས ་ཀྱི་ཕྱིར་རྩཝ་བཏིང་བ་ལས་གང་ངས་དོར་པ་རོ་ཞེས་གཞན་ཟེར་བ་ལ་ལྟུང་བ་མེད་དོ།། འཆགས་སར་རྩཝ་བཏིང་བ་ནི་ཉིན་གཅིག་བཞིན་དུ་དོར་བར་མི་བྱའོ།། གཞན་དུ་ན་འོན་ཀྱང་བལྟོས་པ་མེད་པར་འགྲོ་བ་ན་རྩའི་ཆུན་པོ་དག་ཐག་པས་བཅིང། ་ཏེ། ཤིང་ལྗོན་པ་ལ་སྦྱངས་ཤིང་བཞག་པར་བྱའོ།། དུས་སྟོན་ཆེན་པོའི་ཚེ་རྩཝའི་ཕུང་པོ་བརྟུལ་ལ་བཞག་པར་བྱའོ།། ནམ་དུས་སྟོན་ཟིན་ན་དོར་བར་བྱའོ།། དགེ་སློང་ཞིག་གུད་དུ་འགྲོ་ན་མལ་དང་སྟན་བཅིངས་ལ་འགྲོ་བར་བྱའོ།། བ་ལང་གི་ལྕི་བ ་ས་ལ་མཱཾ་གཞན་མོད་ཀྱི་གཞན་དུ་ན་ཉོན་ཀྱང་གྱོ་མའི་ནང་དུ་བཞག་པར་བྱའོ།། ལྔ་པའོ།། མཉན་ཡོད་ན་སྟེ། འཆར་ཀ་ཁྲོས་ནས་གྲོགས་པོ་གནས་འཆའ་བར་བྱེང་བ་རྣམས་མཚན་མོ་གཙུག་ལག་ལང་ནས་བཱིར་ཕྱུང་བས་གནས ་མལ་གྱི་གཞིའི་དབང་དུ་མཛད་དེ། ཡོངསུ་འཛིན་པའི་ཉོན་མོངས་པས་ན་དྲུག་པ་བཅ་སོ།། དེ་འདྲ་བའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི་དགེ་སློང་ན་བ་བཞག་ཏེ་གཙུག་ལག་ཁང་ནས་མ་བསླང་བ་ཞེས་བྱ་བ་སླར་མ་ཕྱུང་བའི་ཕྱིར་བཅོམ་ལྡན ་འའདས་ཀྱིས་ཚིག་འདི་གསུངསོ།། གཞན་ངག་ནི་ཕྱི་རོལ་གྱི་རྐྱེན་ལ་དེ་འདྲ་བའི་རྐྱེན་ཅེས་བྱའོ་ཞེས་ཟེར་ཏེ། འདི་ལྟ་སྟེ། འཐབ་མོ་བྱེད་པར་འགྱུར་བ་འམ། རྩོད་པ་མ་བྱུང་བ་འབྱིན་པ་འམ། བྱུང་བ་འཕེལ་བར་བྱེད་པ་འམ། ཉེ་བར་ཞི་བར ་བྱེད་པའི་ཚེ་བགེགསུ་བྱེད་པ་འམ། ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བ་ཉམས་པར་འགྱུར་བ་ཡིན་ཏེ། དེ་དག་ཀྱང་ཁྲོས་ཏེ་ཕྱིར་ཕྱུང་ན་ཉེས་བྱསོ་ཞེའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་གི་ཡོ་བྱད་ཀྱི་ཕྱིར་རམ། ་འདས་པའི་ཁོ་ན་དྲན་ནས་སམ། མ་འོངས་པའི་ཁོ་ན་འབྱུང་དུ་དོགས་པ་འམ། ད་ལྟར་གནོད་པ་འགྱུར་བ་འམ། རྙེད་པ་དང་བཀུར་སྟིའི་ཕྲག་དོག་གམ། བསྟོད་པ་དང་། སྨད་པ་འམ། ཆོས་ཀྱི་ཕྱིར་རམ། སློབ་དཔོན་གྱི་ཕྱིར་རམ། མཁན ་པོའི་ཕྱིར་རམ། ལྷན་ཅིག་གནས་པ་འམ། ཉེ་གནས་སམ། མཛའ་བོའི་ཕྱིར་ཡང་རུང་སྟེ། ཕྱོགས་བཞིའི་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་བདག་གིས་སམ། གཞན་གྱིས་འབྱིན་དུ་བཅུག་ན་ལྟུང་བྱེདདོ།། དེའི་ལྷུང་བཟེད ་དྲང་ཆོས་གོས་དགེ་འདུན་གྱི་གཙུག་ལག་ཁང་ནས་ཕྱིར་ཕྱུང་ན་ཉེས་བྱསོ།། དགེ་འདུན་ཕྱིར་ཕྱུང་ལ་ཉེས་བྱ་སུ་འགྱུར་བ་མཆིས་སམ། ཡོད་དེ་བསླབ་པ་བྱིན་པའི་དགེ་འདུན་གང་ཡིན་པའོ།། སྤྲིང་ཡིག་ལ་སོགས་པ་རྣམས ་ཀྱིས་ཀྱང་ཕྱིར་ཕྱུང་ན་ཉེས་བྱསོ།། དགེ་སློང་མའི་གཙུག་ལག་ཁང་དང་། ཕྱོགས་བཞིའི་དགེ་འདུན་གྱི་མ་གཏོགས་པ་དེ་ལས་གཞན་པའི་དགེ་འདུན་གྱི་གཙུག་ལག་ཁང་དང་། སྔོན་ལྟུང་བ་བྱུང་བ་ལ་སོགས་པ་དང་། མི་མ་ཡིན་པ ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་གཙུག་ལག་ཁང་དང་། གང་ཟག་གི་གཙུག་ལག་ཁང་དང་། དགེ་ཚུལ་ལ་སོགས་པའི་གཙུག་ལག་ཁང་དང་། ཐ་གབ་མེད་པ་ལ་སོགས་པ་དང་། མུ་སྟེགས་ཅན་གྱི ་གཙུག་ལག་ཁང་ནས་རང་བཞིན་དུ་གནས་པ་ཕྱིར་ཕྱུང་ན་ཡང་ཉེས་བྱསོ།། དགེ་འདུན་གྱི་ལ་དགེ་འདུན་གྱིར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྟེ། གཉིས་ནི་ལྟུང་བྱེད་དོ།། བཞི་ནི་ཉེས་བྱསོ།། དེ་ལྟར་ཉེས་པ་མེད་པ་ལ་ཉེས་པ་མེད་པར ་འདུ་ཤེས་པའང་རྣམ་པ་དྲུག་ཏུ་བརྗོད་པར་བྱའོ།། ཚུལ་ཁྲིམས་འཆལ་པ་ནི་དགེ་འདུན་གྱི་ཕྱིར་དབྱུང་བར་བྱའོ།། གལ་ཏེ་འགྱུར་བརྟེན་པར་བྱེད་ན་ཡོ་བྱད་མོད་པར་བྱའོ།། ཀ་བ་ལ་སོགས་པ་ལ་འཛིན་ན་བཅད་པར་བྱའོ།། དེ་ཡང ་དགེ་འདུན་གྱི་འདུས་སར་བྱའོ།། སླ་དབབ་པར་བསམས་ཏེ་གནས་ཁང་ནས་ཕྱུང་བ་ལ་ལྟུང་བ་མེད་དོ།། དེ་ཡང་གཙུག་ལག་ཁང་ནས་ནི་ཕྱིར་དབྱུང་བར་མི་བྱའོ།། སྨྲ་དབབ་པ་ལ་རྣམ་པ་ལྔ་སྟེ། གཏམ་འདྲེ་བར་མི་བྱ་བ་དང་། མྱི ་གདངས་པ་དང་། ལོངས་མ་སྤྱད་པ་དང་། བསྙེན་བཀུར་བདག་གིར་མི་བྱ་བ་དང་། དགེ་བའི་ཕྱོགས་ཀུན་ནས་སྤྱད་པ་དང་། གནས་བཅས་པའི་རྒྱུན་དགག་པའོ།། ཆོས་ལྔ་དང་ལྡན་ན་སྨ་དབབ་པར་བྱ་སྟེ། མ་དད་པ་དང་། ལེ་ལོ ་ཅན་དང་བཀའ་བློ་མི་བདེ་བ་དང་། སྡིག་པའི་གྲོགས་པོ་དང་། མ་གུས་པའོ།། སྨ་དབབ་པ་སྦྱིན་པར་འོས་པ་ལས་སྨ་ཕབ་ན་ཉེས་བྱསོ།། ཤིན་ཏུ་བསྡིགས་པར་བྱའོ།། དགེ་སློང་མཁས་པ་ཅིག་ལ་བཅོལ་བར་བྱའོ།། གང་པདག ་ཉིད་ཀྱིས་བཟོད་པ་བྱེད་པར་འགྱུར་བར་བཅོལོ།། ཅི་སྐད་བསྟན་པའི་ཆོས་རྣམ་པ་ལྔ་པོ་སླར་བཟློག་པ་དང་ལྡན་པ་ལ་ནི་བཟོད་པར་བྱའོ།། བཟོད་པར་བྱ་བ་མི་འོས་པ་ལ་བཟོད་པ་བྱས་ན་ཉེས་བྱསོ།། གང་མ་དད་པ་བསྙེན་པར་རྫོ ་པ་དང་། བསྙེན་པར་རྫོགས་པར་འདོད་པའི་དགེ་ཚུལ་ལ་ནི་ཡོ་བྱད་དྲུག་བྱིན་ཏེ། གཙུག་ལག་ཁང་ནས་ཕྱིར་དབྱུང་བར་བྱའོ།། དགེ་ཚུལ་ལ་ནི་བླ་གོས་དང་བཅས་པའི་མཐང་གོས་ཀྱང་སྦྱིན་པར་བྱའོ།། གཙུག་ལག་ཁང་དུ་ཀླུ་གཞོན་ནུ་མ ་སེ་གོལ་གྱི་སྒྲ་བྱས་ཏེ། བཞིན་བཟངས་དགེ་སློང་ལ་གནོད་པར་མ་བྱེད་ཅིག་ཅེས་བརྗོད་པར་བྱའོ།། གལ་ཏེ་འགྲོར་མ་བཏུབ་ན་ཤུར་བུ་ལ་སོགས་པ་རྣམས་སམ། ཤུར་བུ་གཉིས་པ་འམ། ཐ་གུ་རས་མས་དཀྲིས་པས་བཅིངས་ཏེ་ཕྱིར་དབྱུ ་བྱའོ།། སྐྲ་ལ་སོགས་པའི་ཐ་གུས་ནི་མ་ཡིནོ།། ས་སྒྲེ་མོ་མ་ཡིན་པ་ལ་བཞག་པར་བྱའོ།། མེས་ཚིག་པའི་གན་སུ་བཞག་པར་མི་བྱའོ།། ཇི་སྲིད་གན་སུ་མ་སོན་གྱི་བར་དུ་འདུག་པར་བྱའོ།། ཤིག་དང་མང་ཀུ་ན་ཀ་དག་ནི་གར་བབ་བབ ་དུ་དོར་བར་མི་བྱའི་རས་མའི་ནང་དུ་དཀྲིས་ཏེ་བསིལ་བའི་ཕྱོགས་བཞག་གོ།། དེ་ལྟ་བུ་མེད་ན་ཡང་ཀ་བ་འམ། རྩིག་པའི་བུ་གུ་བསིལ་བར་བཞག་པར་བྱའོ།། ཇི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན་ཉེས་བྱསོ།། དྲུག་པའོ།། །། མཉན་ཡོད་ན་སྟེ། ་འཆར་ཀ་གཏམ་ཟེར་ཞིང་ཡུན་རིང་དུ་འདུག་ནས་ཐབས་ཀྱི་སྒོ་ཕྱེ་སྟེ། ཉལ་ཟིན་པ་དག་གི་ཐོག་དུ་མནན་ནས་གནོད་པར་བྱེད་པས་ན་གནས་མལ་གྱི་གཞིའི་དབ་དུ་མཛད། མི་བཟོད་པའི་ཉོན་མོངས་པས་ན་བདུན་པ་བཅསོ།། ཤེས་བཞིན་དུ ་ཞེས་བྱ་བ་ནི་སྔ་ནས་ཉེ་བར་འཁོད་པ་ཡིན་ཏེ། རང་གིས་རིག་པ་འམ། དེ་ལས་གཞན་གྱིས་བསྒོ་བའོ།། དགེ་འདུན་གྱིས་ཞེས་བྱ་བ་ནི་ཕྱོགས་བཞིའི་དགེ་འདུན་གྱིའོ།། སྔ་ན་འཁོད་པའི་རྣམས་ལ་ཞེས་བྱ་བ་ནི་སྔ་ན་འཁོར ་བའི་རྣམས་ལའོ།། ཕྱིས་གནོན་ཞེས་བྱ་བ་ནི་མཐུས་གཞན་ལ་གནོད་པར་བྱེད་པའོ།། སྟན་ཞེས་བྱ་བ་ནི་ཁྲི་འམ། ཁྲིའུ་འམ། གདིང་བའོ།། གནོད་ཅེས་བྱ་བ་ནི་ཕྱག་འཚལ་བས་གནོད་པ་དང་། བསྙེན་བཀུར་བྱེད་པས་གནོད་པ་དང་། བླ་མ ་ལ་རིམ་གྲོ་བྱེད་པས་གནོད་པ་དང་། ནད་པའི་རིམ་གྲོ་བྱེད་པས་གནོད་པ་དང་། སྟོན་པ་དང་། ཁ་ཏོན་བྱེད་པ་དང་། མཉན་པ་དང་། ཀུན་ཏུ་འདྲི་བས་གནོད་པ་དང་། འདུན་པ་སྦྱིན་པས་གནོད་པ་དང་། ཟས་དང་སྐོམ་གྱིས་གནོད་པ་དང་། རྙེད ་པ་ལེན་པས་གནོད་པ་དང་། འདུག་པས་གནོད་པ་དང་། ཉལ་བས་གནོད་པ་དང་། གནས་ཀྱི་གནོད་པ་སྟེ། དེ་དག་ཐམས་ཅད་ལ་ཡང་ལྟུང་བའོ།། དེ་ཉིད་དུ་ཞེས་བྱ་བ་ནི་གནོད་པར་བསམས་པའོ།། དགེ་འདུན་གཞན་གྱི་གཙུག་ལག་ཁང ་ནས་གནོད་པར་བསམས་ན་ཉེས་བྱསོ།། རྐྱེན་ཅེས་བྱ་བ་ནི་རྒྱུ་སྟེ་གང་ལ་ཞེ་ན་ལྟུང་བའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། སྔ་ནས་ཉེ་བར་འཁོད་པ་ལ་དེར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། གནོད་པར་བྱེད་ན་ལྟུང་བྱེད་དོ།། ་སྔ་ནས་ཉེ་བར་འཁོད་པ་མ་ཡིན་པ་ལ། སྔ་ནས་ཉེ་བར་འཁོད་པར་འདུ་ཤེས་སམ་ཡིད་གཉིས་ཟ་འམ། སྔ་ནས་ཉེ་བར་འཁོད་པ་ལ་སྔ་ནས་ཉེ་བར་འཁོད་པ་མ་ཡིན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། གནོད་པར ་བྱས་ན་ཉེས་བྱསོ།། བསྙེན་པར་མ་རྫོགས་པ་དང་། དགེ་སློང་མའི་དགེ་འདུན་གྱི་གཙུག་ལག་ཁང་ལ་སོགས་པ་ལ་ནི་ཉེས་བྱསོ།། འཆར་ཀས་ཐོ་བཙམ་པར་བསམས་ཏེ། ཟས་ངན་པ་ཟོས་པ་གཉིས་བསྡེབས་ཏེ། བཀོད་ནས་མཚན ་ཐོག་ཐག་ཁ་ཏོན་བྱེད་དུ་བཅུག་པ་དང་། ཁ་ཟས་གྱ་ནོམ་པ་ཟོས་པ་རྣམས་ནི་མཚན་ཐོག་ཐག་ཡིད་ལ་བྱེད་པ་བསྒོམ་དུ་བཅུག་པ་དང་། གྲང་བའི་དུས་ཀྱི་ཚེ་ན་བླ་གབ་མེད་པར་ཆུས་བཏབ་ཏེ། མཚན་ཐོག་ཐེག་གསིལ་ཡབ་ཀྱིས ་གཡབས་པ་དང་། དྲི་བའི་དུས་ཀྱི་ཚེ་ན་ནི་ཁང་པའི་སྐར་ཁུང་ལ་སོགས་པ་བཅད་དེ། མེ་བུས་ནས་ལ་བས་གཡོགས་ཏེ། སྟེང་དུ་བདག་ཉིད་ཀྱིས་མནན་ཏེ་འདུག་པ་དང་། དེ་བཞིན་དུ་གཙུག་ལག་ཁང་སྣམ་ཕྱི་ས་མེད་པ་དང་། མི་གཙང ་པབའི་གྱོ་མོ་བཅག་ནས་དགེ་སློང་ཁ་ཅིག་ཝ་ཁར་བཤང་གཅི་བྱས་པ་དང་། དེ་ཁྱིམ་པ་རྣམས་ལ་སྦྲན་པ་དང་། བཀྲུ་སྨན་འཐུངས་ནས་ན་བའི་ཐབསུ་བྱ་སྟེ། གང་ནད་པ་ལ་ལྟར་ལྷགས་པ་དེ་ཡུན་རིང་དུ་བཞག་པ་དང་། རྣལ་འབྱོར་དང་རྗེས ་སུ་མཐུན་པ་དང་། ཀློག་པ་དང་རྗེས་མཐུན་པའི་གཙུག་ལག་ཁང་དེར་ཉིན་ཐོག་ཐག་ལས་བྱེད་དུ་བཅུག་པ་དང་། འཇིགས་པ་དང་། བཅས་པའི་གཙུག་ལག་ཁང་དུ་སྒྲོ་ཕྱེ་སྟེ་ཅི་ནས་ཀྱང་འཇིགས་པས་བདེ་བར་ཉལ་དུ་མི་གཞུག་གོ ་སྙམ་པ་དང་། བསྣམ་ཕྱི་ས་གཙུག་ལག་ཁང་གི་ཕྱི་རོལ་ན་འདུག་པའི་སྒོ་གང་དུ་ཉལ་ཏེ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཅི་ཙམ་དུ་དགེ་སློང་ལ་བསམས་བཞིན་དུ་ཐོ་བཙམས་ན་ལྟུང་བྱེད་དོ།། ་འདི་ཡང་གནོད་པར་བྱེད་པ་ཞེས་བྱའོ།། སྟན་བཟུང་བ་ནི་ཉེ་བར་མཚོན་པའི་དོན་ཏོ།། བཤང་པ་དང་། གཅི་བའི་ཁང་པར་འཆགས་པར་མི་བྱའོ།། ཇི་ལྟར་རྒན་རིམ་གྱི་ཐོ་འཚམ་པར་མི་བྱ་སྟེ། དེ་ལ་ཅི་ལྟར་རྒན་རིམ་མེད་ཀྱི ་ཅི་ལྟར་འོངས་པ་བཞི་ནོ།། ཆུ་བཞག་པའི་ས་དང་། རྐང་པ་དག་བཀྲུ་བའི་སར་དགེ་འདུན་གྱི་སྣོད་མི་མཐུན་པ་བཞག་པར་བྱའོ།། ཅི་ལྟར་རྒན་རིམ་སུ་མི་བླང་སྟེ། དེ་ལ་ཇི་ལྟར་རྒན་རིམ་སུ་བྱ་བ་མེད་པ་ནི་གང་གིས་དེ་ཐོག་མར་བླངས་པ ་དེས་རྫོགས་པར་བྱའོ།། ཚོན་ལ་སོགས་པའི་ཁྱ་བ་ཉུང་ངུ་མས་སྣང་བྲེལ་པར་མི་བྱའོ།། ཆོས་དང་མཐུན་པའི་ལས་ཀྱི་བྲེལ་པའི་ཚེ་ཇི་ལྟར་རྒན་རིམ་གྱིསོ།། ཞེས་བསྟན་ལས་མི་བྱའོ།། དགེ་འདུན་གྱི་སྤུ་གྲིའི་སྣོད་བྱ་བ་བྱས་པ་དང་། ཡང ་བྱའོ་ཞེས་མི་བཞག་གོ། བཤང་བ་དང་བཅི་པའི་ཁང་པར་བྱ་བ་བྱིས་ནས་འདུག་པར་མི་བྱའོ།། ཇི་སྐད་བསྟན་པ་བཞིན་དུ་མ་བྱས་ན་ཐམས་ཅད་འགལ་ཚབས་ཅན་དུ་འགྱུ་རོ།། བདུན་པའོ།། །། མཉན་ཡོད་ནཱ་སྟེ། ཉེ་དགའ་ཁྲོས ་ན་ཁྲིའུའི་རྐང་པ་ལྟུང་བས་བསོད་སྙོམས་པའི་དཔྲལ་བ་བརྟོལ་བས་ན་གནས་མལ་གྱི་གཞིའི་དབང་དུ་མཛད་དེ། མི་བཟོད་པའི་ཉོན་མོངས་པས་ན་བརྒྱད་པ་བཅསོ།། དགེ་འདུན་གྱི་ཞེས་བྱ་བ་ནི་ཕྱོགས་གཞིའི་དགེ་འདུན་གྱི་སྟེ། ་དེ་ལས་གཞན་པའི་ཉེས་བྱསོ།། སྟེང་གི་ན་མཁའ་ལ་ཐོག་པར་ཞེས་བྱ་བ་ནི་གཡོགས་པའི་སྟེང་ངོ་།། གཙུག་ལག་ཁང་ཞེས་བྱ་བ་ནི་རྩཝའི་ཁྱིམ་མི་བརྟན་པ་སླར་བཅོས་པ་མ་བྱས་པ་ལ་ལྟུང་བར་འགྱུར་རོ།། རྩ་བ་འབྱུང་བ་ཞེས་བྱ ་བ་ནི་རྐང་པ་ཕུར་བུ་ལྟ་བུ་སྟེ། གཟེར་བུས་བཏབ་པ་ལ་ནི་ལྟུང་བ་མེ་དོ།། ཁྲིའུ་ཞེས་བྱ་བ་ནི་ཁྲིའུ་ལའོ།། འདུག་གམ་ཞེས་བྱ་བ་ལ་སོགས་པ་ནི་རྒོད་བག་གིས་ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་ཕབ་ན་ལྟུང་བའོ།། རྒོད་བག་མེད་པར་ལུས ་ཐམས་ཅད་ཀྱི་ལྕིད་ཀྱིས་ཕབ་ཀྱིང་ལྟུང་བ་མེདོ།། རྐང་པ་འབྱུང་བ་ལ་རྐང་པ་འབྱུང་བར་འདུ་ཤེས་པ་ཡང་དྲུག་ཏུ་སྦྱར་ཏེ་གཉིས་ནི་ལྟུང་བྱེད་དོ།། གཉིས་ནི་ཉེས་བྱསོ།། གཉིས་ནི་ལྟུང་བ་མེད་པའོ།། དེ་བཞིན་དུ་དགེ་འདུན་གྱི་གཙུག ་ལག་ཁང་དུ་འདུ་ཤེས་པ་ཡང་དྲུག་ཏུ་སྦྱར་སྟེ། གཉིས་ནི་ལྟུང་བྱེ།། བཞི་ནི་ཉེས་བྱསོ།། སའི་རང་བཞིན་གྱི་གཞི་ལ་ནི་ཉེས་བྱསོ།། ལྟུང་བ་མཽད་པ་ནི་སྤང་ལེབ་གྱིས་གཡོགས་པ་དང་། སྤང་ལེབ་ཆུང་ངུས་གཡོགས་པ་དང་། ཤིང་ལེབ ་གྱིས་གཡོགས་པ་དང་། ཤིང་ལོབ་འབུར་ཅན་གྱིས་གཡོགས་པ་དང་། བྱིན་གྱིས་གཞོལ་བ་དང་། གན་རྒྱལ་དུ་བྱས་པའོ།། དེ་བཞིན་དུ་རྐང་རྟེན་སོ་སོར་བཅུག་པའོ།། བརྒྱད་པའོ།། །། ཀཽ་ཤེ་བི་ན་སྟེ། འདུན་པ་ལས་བརྩམས་ནས ་ཆུའི་གཞིའི་དབང་དུ་མཛད། སྙིང་རྗེ་མེད་པའི་ཉོན་མོངས་པས་དགུ་པ་བཅསོ།། ཤེས་བཞིན་ཞེས་བྱ་བ་ནི་སྲོག་ཆགས་དང་བཅསུ་ཟིན་ཀྱང་མི་ཤེས་པ་ལ་ཉེས་པ་མདོ་ཞེས་བསྟན་པའི་ཐ་ཚིགོ། སྲོག་ཆགས་དང་བཅས་པ་ཞེས་བྱ་བ་ནི། ་སོ་སོར་བརྟགས་པའི་སྲོག་ཆགས་དང་བཅས་པ་དང་། སོ་སོར་མ་བརྟགས་པའི་སྲོག་ཆགས་དང་བཅས་པ་དང་། ས་སར་མ་མཐོང་བའི་སྲོག་ཆགས་དང་བཅས་པ་དང་། ས་མཐོང་བའི་སྲོག་ཆགས་དང་བཅས་པ་དང་། གློ་བུར་དུ ་འོངས་པའི་སྲོག་ཆགས་དང་བཅས་པ་དང་། ལྷན་ཅིག་སྐྱེས་པའི་སྲོག་ཆགས་དང་བཅས་པ་དང་། སྐྱེས་པའི་སྲོག་ཆགས་དང་བཅས་པ་དང་། མ་སྐྱེས་པའི་སྲོག་ཆགས་དང་བཅས་པ་དང་། གཞན་གྱིས་བརྟགས ་བའི་སྲོག་ཆགས་དང་བཅས་པའོ།། སྲོག་ཆགས་ལ་རྣམ་པ་གཉིས་ཏེ། མིག་ལམ་དུ་སྣང་བ་དང་། ཆུ་ཚགས་ཀྱིས་ཟིན་པའོ།། དེ་ལ་དང་པོ་གསུམ་དང་། དྲུག་པ་ནི་བཙགས་ན་ལྟུང་བ་མེད་དོ།། བཞི་པ་འང་ཆོ་ག་བྱས་པསོ།། ལྔ་པ་དང་བདུས ་པ་དང་བརྒྱད་པ་ནི་སྟེང་དང་ཞབས་ཕོ་ན་ལྟུང་བ་མེདདོ།། དགུ་པ་ནི་གཞན་ལ་ཡིད་ཆེས་པས་ན་ལྟུང་བ་མེད་དོ།། སོ་སོར་མ་བརྟགས་པའི་སྲོག་ཆགས་དང་བཅས་པ་ལ་གཞན་གྱི་མིག་གིས་བརྟགས་པས་ལྟུང་བ་མེདདོ།། རང་གིས ་སྦྱོར་བས་ཉེས་པ་མ་མཐོང་བ་དང་། ཇི་ལྟར་ཕ་རོལ་པོ་ལ་བྱེད་དུ་བཅུག་པའི་སྐྱེས་བུ་ལ་ཅིའི་ཕྱིར་འཇི་བ་མ་བྱས་སམ། རྩཝ་ལ་ཆག་ཆག་མ་བཏབ་ཅེས་བསྒོ་བའོ།། ཆུ་ཞེས་བྱ་བ་ནི་རྩབ་མོ་ལ་སོགས་པ་ཡང་ཆུ་ཞེས་བྱ་བས་བཟུང་།། ཌྷ་ཞེས ་བྱ་བ་ནི་གཡོགས་པའི་དོན་ཏོ།། ལྕི་བ་ཞེས་བྱ་བ་ནི་སྐྱང་ནུལ་དང་བྱུགས་པའི་དོན་ཏོ།། ས་ཞེས་བྱ་བ་ནི་གཙུག་ལག་ཁང་བྱ་བ་ལ་སོགས་པའི་དོན་ཏོ།། སྲོག་ཆགས་དང་བཅས་པ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་སམ། ཡིད ་གཉིས་ཟ་ན་ཡང་སྟེ། འདེབས་སམ་འདེབསུ་བཅུག་ན་ལྟུང་བྱེའོ།། སྲོག་ཆགས་མེད་པ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཉེས་བྱསོ།། སྲོག་ཆགས་དང་བཅས་པའི་བ་སེལ་བར་བྱེད་དམ། འགོག ་པར་བྱེད་ན་སྲོག་ཆགས་ཇི་སྙེད་ཤི་བ་ལྟུང་བྱེད་ཀྱང་དེ་སྐྱེ།། སྲོག་ཆགས་ཇི་སྙེད་མ་ཤི་ན་ཉེས་བྱས་ཀྱང་དེ་སྙེད་དོ།། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་ཀྱང་འདེབ་སུ་བཅུག་གམ། འོ་མ་ལ་སོགས་པ་རྣམས་ཀྱིས་ཀྱང་། རྩཝ་ལས ་པ་སྲོག་ཆགས་དང་བཅས་པ་ལ་ཆག་ཆག་བཏབ་ན་ཉེས་བྱསོ།། སྲོག་ཆགས་དང་བཅས་སམ། སྲོག་ཆགས་མེད་ཀྱང་རུང་སྟེ། སྲོག་ཆགས་མེད་པར་འདུ་ཤེས་ན་ལྟུང་བ་མེད།། སྲོག་ཆགས་མེད་པའི་ཆུ་ཡང་གར་བབ་བབ་ཏུ་ཕ ་ནཉེས་བྱསོ།། དོར་ན་ཡང་ཝ་ཁར་དཔོ་མ་ཁའི་ཉེན་འཁོར་ནི་ཁྲུ་གང་ངོ་།། རྐང་པ་དག་བཀྲུ་བའི་གནས་ནི་གཙུག་ལག་ཁང་གི་ལྷོ་ཕྱོགསུ་རུ་སྦལ་གྱི་རྒྱབ་ལྟ་བུར་རྩུབ་པར་བྱའོ།། གང་རྒན་པོ་དང་ནད་པ་རྣམས་ཀྱིས་ནི་འཇམ་པོ ་གླང་པོ་ཆེའི་རྨིག་མཐིལ་ལྟ་བུས་ལས་བྱས་པའི་ཆོལ་ཟངས་དབུས་ན་ཡང་རྩུབ་པོ་རྒྱུ་ཤུག་ལྟ་བུ་འམ། ཤིང་ཀ་ཏམ་པའི་མེ་ཏོག་ལྟ་བུར་བྱས་ལ་ཉེ་བར་གཞག་པར་བྱའོ།། གལ་ཏེ་དགེ་འདུན་གྱི་ཡིན་ན་ནི་བླ་གབ་མེད་པའམ། ་ཝ་ཁཱར་ཁས་ཕུབ་ལ་བཞག་པར་བྱའོ།། གང་ཟག་གི་སྒོ་གླེགས་ཀྱི་རྒྱབ་བམ་ཁྲིའི་འོག་ཏུའོ།། གསེར་ལ་སོགས་པའི་ནི་མི་བྱའོ།། གང་དུ་ལྷུང་བཟེད་དམ་རྐང་པ་དག་བཀྲུས་པ་དེར་དཀྱིལ་འཁོར་མདུང་རྩེའི་རྣམ་པ་ལྟ་བུ་འམ། ་རྫ་རྔའི་རྣམ་པ་ལྟ་བུར་བྱའོ།། རུ་ཅི་ཙམ་ཡོད་པ་བྱུག་པར་བྱའོ།། གྲུ་བཞི་ལ་སོགས་པར་བྱས་ན་ཉེས་བྱསོ།། དཀོན་མཆོག་གསུམ་གྱི་ཕྱིར་ནི་ལྟུང་བ་མེད་དོ།། དགུ་པའོ།། །། ཀཽ་ཤ་བི་ན་སྟེ། དྲུག་སྡེས་ཆུ་ཁུང་ལ་སོགས་པ ་མ་གཏོད་པར་རྡུང་ག་ཚུལ་ལྟ་བུར་གཙུག་ལག་ཁྱུད་ཉིན་གཅིག་གིས་ཟིན་པར་བྱས་པས་ན། གནས་སུལ་གྱི་གཞའི་དབང་དུ་མཛད་ང་སྨོད་པ་དང་། ལ་ལ་ལཉོན་མོངས་པ་རྣམས་ཀྱིས་བན་པ་བཅས།། ཆན་པ་ཞེས་བྱ་བ་ནི་སྤྱིར ་པར་བྱ་བ་ཉིད་དང་ཚད་ཉིད་ཀྱིས་ཏེ། དེ་ཡང་བདག་པོ་དང་བཅས་པའོ།། རྩིག་ཏུ་འཇུག་ན་བྱ་བ་ནི་བདག་ཉིད་དམ་གཞན་ལའོ།། སྒོའི་སྦུབས་དང་གཏན་པའི་གནས་ཞེས་བྱ་བ་ནི་སྒོའི་སྦུབས་དང་གཏན་པ་གཞུག་པར་བྱ་བའོ།། ལུགས་བཞིན ་དུ་གསུངས་པ་དེ་ལྟར་རྗེསུ་གནང་བ་བཞིན་དུ་བྱས་ན་བསྒོ་བཞིན་དུ་བྱས་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཐོབ་པ་ཡང་འདི་སྐད་བརྗོད། འདིར་ཡང་དོན་ནི་འདི་ཡིན་ཏེ། སྦུབས་དང་གཏན་པ་ཞེས་བྱ་བ་ནི་སྦུབས་དང་གཏན་པའོ།། གང ་སྦུབས་དང་གཏན་པ་ནི་འདི་ལྟར་སྒོའི་སྦུབས་དང་སྒོའི་གཏན་པ་སྟེ། དེའི་གནས་ནི་སྒོའོ།། གཞན་དག་ནི་སྒྲོ་སྐྱེས་ལ་སྦུབས་དང་། སྒོ་གླེགས་ལ་སྒོའི་གཏན་པ་ཞེས་བྱའོ།། ཞེས་ཟེར་རོ།། དེ་ཡང་འདི་ནི་ཚད་བཞིན་ཏེ། དེ་ལྟ་བས་ན་གནས་ཡན ་ཚང་ཆོ་ག་འདི་བཞིན་དུ་བྱའོ།། སྣང་བའི་འདུ་ཞེས་བྱ་བ་སྐར་ཁུང་ལ་སོགས་པ་དང་། ཆུ་ཁྱུང་གཏོད་པའོ།། དེ་བཞིན་དུ་འདུ་ཤེས་ཀྱིས་ས་བརྟགས་པ་ཞེས་བྱ་བ་ནི་ཅིག་པའི་ལས་བྱས་པའོ།། རིམ་པའི་གྲངས་ཞེས་བྱ་བ་ནི་པ་སུའི་མང་སོ། ་པ་དང་བཅས་པ་ཞེས་བྱ་བ་ནི་འཇིམ་པ་དང་བཅས་པ་སྟེ། གཤེར་བ་ཞེས་བྱ་བའི་ཐ་ཚིག་གོ།། མི་སྲ་བ་དང་། སྲ་བ་དང་། ལ་སུ་མ་བྱས་པ་དང་། ལསུ་བྱས་པ་དང་། རྩཝ་དང་མ་བསྲེས་པ་དང་། རྩཝ་དང་བསྲེས་པ་དང་། མ་སྤངས་པ་དང་། སྤངས ་བ་དང་། མ་རྫིས་པ་དང་། རྙིས་པ་དང་། མ་སྲི་བའི་དྷཱ་ས་སྙིང་པོར་འགྱུར་བ་དང་། སྐྱེ་བའི་རྫས་སྙིང་པོར་མ་གྱུར་པ་འམ། ས་རྣམ་སོ།། དེ་ལས་ཁ་ཅིག་ནི་རིམ་པ་ཕྲི་བ་ལ་ལྟུང་བ་མེདདོ།། ཁ་ཅིག་ནི་གཉེན་པོར་སྦྱར་བསོ།། ཁ་ཅིག་ནི་གཞན་གྱིས། ་རྐྱེན་ལྔས་ཏེ། གལ་ཏེ་ཕ་རོལ་པོ་ན་རེ་ཅི་ནས་ཀྱང་མི་ཞིག་པ་དེ་ལྟ་བུར་ངས་བྱའོ་ཞེས་ཟེར་བའོ།། ཁ་ཅིག་ནི་གཞན་གྱི་ཁར་འདོར་བ་སྟེ། ང་ནི་འདི་ལྟར་མི་བྱེད།། ཁྱོད་ཀྱིས་བྱ་བར་ཤེས་པ་ནི་བྱོས་ཤིག་ཅེས་བྱ་བའོ།། ཁ་ཅིག་ནི་ཉེས་པ་མཾ ་སྣང་བའི་ཕྱིར་ཏེ། གལ་ཏེ་འཇིག་པར་ཉེས་པ་མ་མཐོང་བའོ།། བརྩིག་པར་བྱའོ།། ཞེས་བྱ་བ་ནི་བརྩིག་པར་བྱ་བའོ།། སྒོ་སྦུབས་དང་། སྒོ་གཏན་གྱི་གནས་ཀྱི་སྟེང་དུ་འཇི་བའི་གོང་བུ་རིམ་པ་གཉིས་སམ་གསུམ་དུ་བཞག་པ་སྟེ། དེ་ཡང་གོང་བུ ་སྔ་མ་སྐམས་ན་བཞག་པར་བྱ་སྟེ། དེ་ཡང་བསྐམས་ན་ཡང་དེ་ཙམ་ཡང་བཞག་པར་བྱའོ།། གཤེར་བ་ལ་རིམ་པ་གཅིག་བརྩིགས་ན་ཡང་ལྟུང་བྱེའོ།། འཇི་བའི་གོང་བུ་སྔ་མ་ལོགས་པར་མི་ཟིན་པའི་སྟེང་དུ་བོར་ན་ཉེས་བྱསོ།། གཤེར་བ་དང་བཅས ་པ་ལ་གཤེར་བ་དང་། བཅས་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་ཏེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས་སོ།། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་འཇོག་ཏུ་བཅུག་ན་ཉེས་བྱསོ།། [।]་@ ་སྤང་ལེབ་ཆུང་ངུས་གཡོགས་ན་ལྟུང་བ་མེད་དོ།། རྡོ་བ་འབའ་ཞིག་གི་འམ། སོ་ཕག་གི་འམ། ཐམས་ཅད་ཤིང་གི་རིང་བཞིན་ནམ། སྦྱིན་བདག་ནི་རེ་ཟིན་ནས་བལྟའོ།། ཞེས་ཟེར་བ་ལ་ལྟུང་བ་མེདོ།། ས་བོན་གྱི་ཚོགས་དེ་གཉིས་པའོ།། ་མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་རང་གི་བསྒོ་ཞིང་མཚམས་ཀྱི་ཕྱི་རོལ་ཏུ་གཅིག་ལ་གཅིག་གིས་བསྐོས། མཚམས་ཀྱི་ནང་དུ་ཡང་ནད་པ་དགུ་ལ་བཅོལ་ནས་དེ་དག་ལས་གཞན་ནི་བྲེལ་བར་ཤེས་ནས་གཅིག་ལ ་གཅིག་བསྐོས་ཏེ། དགེ་སློང་མ་ལ་སྟོན་པར་བྱེད་པས་ན། དགེ་སློང་མའི་གཞིའི་དབང་དུ་མཛད་དེ། མ་དད་པ་དང་རྐྱེན་ལ་བལྟོས་པའི་ཉོན་མོངས་པ་དག་གིས་དགེ་སློང་མའི་ཚོགས་དང་པོར་བཅསོ།། གཞི་དང་ཉོན་མོངས་པ་དག་ནི་འདི་ལས ་གཞན་དགུ་པོ་ཡང་དེ་བཞིན་ཏེ། ཕྱིས་ཡང་བརྗོད་པར་མི་བྱའོ།། གསུམ་པ་ལ་ནི་མི་བཟོད་པའི་ཉོན་མོངས་པའོ།། བརྒྱད་བ་ལ་ནི་དགེ་བསྙེན་མའི་གཞིའི་སྟེ། ཁྱད་པར་ནི་དེ་ཡོད་།། མ་བསྐོས་པར་ཞེས་བྱ་བ་ནི་གང་གསོལ་བ་དང་གཉིས ་ཀྱིས་བསྐོ་བའི་ལས་མ་བྱས་སམ། བྱས་པ་ལ་ཡང་ཉེས་པ་བཞི་དང་ལྡན་པ་སྟེ། མཚམས་དང་། ཉི་མ་དང་། ཚོགས་དང་། གང་ཟག་གི་ཉེས་པའོ།། མཚམ་གྱི་ཕྱི་རོལ་ཏུ་བསྐོས་པར་གྱུར་པ་དང་། གསོ་སྦྱོང་གི་ཉིན་པར་མ་ཡིན་པ་དང་། ་དགེ་འདུན་ཐམས་ཅད་ཀྱིས་མ་ཡིན་པ་དང་། ཡན་ལག་བདུན་ལས་གང་ཡང་རུང་བ་འམ། ཐམས་ཅད་དང་ཡང་མི་ལྡན་པའི་གང་ཟག་ཏུ་གྱུར་པ་ཡིན།། ཡན་ལག་བདུན་པོ་ནི་ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་སྟེ། སོ་སོར ་ཐར་པའི་མདོ་གདོན་པ་རྒྱ་ཆེར་ཐོན་པའི་ཕྱིརོ།། གནས་བརྟན་ཏེ་བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལ་སོགས་པར་ལོན་པའི་ཕྱིརོ།། ཕོ་བྲང་འཁོར་རམ། གྲོང་ཁྱེར་གྱི་སྐད་དང་ལུས་ཀྱིས་རེག་པས་དགེ་སློང་མ་སུན་མ་ཕྱུང་བ་སུན་ཕྱུང་བ་ཡང ་ལྟུང་བ་ཕྱིར་བཅོས་པ་བྱས་པ་དང་། ཕམ་པར་གྱུར་པ་བརྒྱད་སྟོན་པར་ནུས་པ་དང་། ལྕི་བའི་ཆོས་བརྒྱད་སྟོན་ནུས་པའོ།། ཕམ་པར་གྱུར་པ་བཞི་ནི་ཅི་ལྟར་དགེ་སློང་གི་བཞིན་ནོ།། དེ་ལས་གཞན་ཡང་བཞི་སྟེ། མིག་མན་ཆད་པུས་མོ་ཡན ་ཚེཆེད་ཀྱི་བོར་སྐབས་དེར་ཆགས་པས། ཆགས་པའི་སྐྱེས་པས་རེག་པ་བདག་གིར་བྱས་པ་དང་། མི་ཚངས་པར་སྤྱོད་པར་སྦྱོར་བར་བརྡ་ལ་སོགས་པ་བྱེད་པ་དང་། དགེ་སློང་མའི་ཁ་ན་མ་ཐོ་བ་འཆབ་པ་དང་། གནས་ནས་ཕྱུང་བའི་རྗེསུ ་ཕྱོགས་པའོ།། ལྕི་བའི་ཆོས་བརྒྱད་པོ་དག་གང་ཞེ་ན། དགེ་སློང་རྣམས་ལས་བསྙེན་པར་རྫོགས།། ཟླ་བ་ཕྱེད་ཅིང་གོང་མས་ངག་གསོལ།། དགེ་སློང་མེད་པའི་གནས་གར་ཡང་།། དབྱར་ནི་ཉེ་བར་གནས་མི་བྱ།། དགེ་སློང་ཉམས་པ་གླེང་མི་བྱ། ་སྨྱོ་བར་མི་བྱ་གསར་བུ་ཕྱག་བྱ་དང་།། གཉི་གའི་ཚོགས་རྣམས་མགུ་བྱ་དང་།། དགག་དབྱེ་ཞེས་བྱ་ལྕི་བྱའི་ཆོས།། གང་དེ་ལྟ་བུ་བསྐོས་ན་ཉེས་བྱས་ཏེ་དེ་ཡང་བསྐོས་པ་མ་ཡིན་ནོ།། དགེ་འདུན་ཞེས་བྱ་བ་ནི་རོ་གཅིག་པ་དང་། ཐ་དད་པ་མོ ་ཡོན་པའོ།། དགེ་སློང་མ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པའོ།། སྟོན་ན་ཞེས་བྱ་བ་ནི་ཐ་ན་ཆོས་བརྒྱུད་པོ་དག་སྟོན་པ་ཡང་ཡིན་ཏེ། ཕྱི་མ་ཉིད་དགེ་སློང་མ་ལ་སྟོན་པས། སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་རྣམས་ཚོགས ་སམ། ཡོངསུ་དག་གམ། མཐུན་ནམ། ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ།། ཁྱེད་ཅག་གི་གདམས་ངག་དང་རྗེསུ་བསྟན་པ་ནི་དགེ་འདུན་ལསོ།། སྲིང་མོ་དག་གིས་བག་ཡོད་པར་བསྒྲུབས་ཤིག་ཅེས ་བྱའོ།། ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཞེས་བྱ་བ་ནི་ལམ་ཕྲན་བསྟན་ལས་བརྩམས་ཏེ། འཇིག་རྟེན་དད་པར་བྱ་བར་བསམས་ནས། དགྲ་བཅོམ་པ་ལ་ལྟུང་བ་མེད་པར་བསྟན་པའི་ཕྱིརརོ།། བསྙེན་པར་རྫོགས་པ ་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པ་ནི་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས།། སྔོན་ལྟུང་བ་བྱུང་བ་དང་། བསླབ་པ་བྱིན་པ་དང་། ཁས་བླངས་པས་ཁས་མ་བླངས་པ་དང་། གོ་བཟློག ་ཀྱང་རུང་སྟེ། བསྟན་ན་ཉེས་བྱསོ།། འདི་ནི་དེ་བཞིན་དགེ་སློང་མ་རྣམས་དང་། ལྡན་པའི་ཚུལ་ཐམས་ཅད་ལའང་འདི་ཤེས་པར་བྱའོ།། གང་དེ་ལ་དེ་སྐད་གཞན་གྱིས་བརྡ་མ་ཕྲད་ན་ཉེས་བྱསོ།། འདིར་སྔོན་བྱུང་བ་གདམས་ངག་མེད་པའི ་དབང་དུ་མཛདདེ་གསུངས་པས། གདམས་ངག་མེད་པར་བསམ་གཏན་བྱེད་ན་ཉེས་བྱསོ།། དང་པོའོ།། །། མཉན་ཡོད་ན་སྟེ། དགའ་བྱེད་ཀྱིས་དུས་མ་ཡིན་པའི་བར་དུ་དགེ་སློང་མ་རྣམས་ལ་ཆོས་བསྟན་པས་ན། དེ་དག་ཀྱང་གྲོང་ཁྱེར ་གྱི་ཕྱི་རོལ་ཏུ་གནས་པར་གྱུར་ཏེ། ནང་པར་ནང་དུ་ཞུགས་པ་ན་ཤཱཀྱའི་བུ་འདི་དག་ནི་འདྲེ་བ་དང་། ལྷག་པར་འདྲེ་ཞིང་ཚངས་པར་སྤྱད་པ་སྤྱོད་དོ་ཞེས་འཕྱ་བས་ན་གཉིས་པ་བཅསོ།། ཉི་མ་ནུབ་པའི་དུས་དང་། ཚོད་ཀྱི་བར་དུ་ཞེས་བྱ་བ་ནི། ་དུས་ཆོད་ཅེས་བྱ་བའི་སྒྲས་ནི་མཚམས་བརྗོད་པ་འམ། དུས་བརྗོད་པའོ།། དུས་དེ་སྲིད་དུ་བསྟན་པ་ལ་ལྟུང་བར་འགྱུརརོ།། དེ་ལ་ཡང་འདི་ནི་དུས་མ་ཡིན་པ་སྟེ། སྤྱོད་ལམ་མ་ཡིན་པར་འདུག་གམ། བྱ་བ་ཞིག་གིས་བྲེལ་ཏམ། ལུས་མི་བདེ་བའོ།། ། ་ཉི་མ་ནུབ་པ་ལ་ནུབ་པར་འདུ་ཤེས་སམ། ཡིད་གཉིས་ཟའང་རུང་སྟེ་བསྟན་ན་ལྟུང་བྱེད་དོ།། ཉི་མ་ནུབ་པ་ལ་ཉི་མ་ནུབ་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། ཉེས་བྱས།། ལྷག་མ་རྣམས་ནི་སྔ་མ་བཞི་ནོ།། མཚན་ཐོག་ཐག་ཆོས ་བསྒྲགས་པ་དང་། སྒྲོ་དྲུང་ན་གཙུག་ལག་ཁང་འདུག་པ་དང་། གྲོང་ཁྱེར་གྱི་སྒོ་མ་བཅད་པ་དང་། གྲོང་ཁྱེར་གྱི་ནང་ན་གཙུག་ལག་ཁང་འདུག་པ་དང་། དགེ་སློང་མའི་དབྱར་ཁང་དུ་སྟོན་ནམ། ཁྱིམ་གཞན་དུ་ཡང་རུང་སྟེ། ལྟུང་བ་མེ་དོ།། ལྷན ་ཅིག་བསྐོས་པས་ཅི་སྲིད་འཚོའི་བར་དུ་བསྟན་པར་བྱའོ།། གཉིས་པའོ།། །། མཉན་ཡོད་ན་སྟེ། མི་འཇིགས་པར་བྱ་བ་ནི་སྦྱིན་པ་ཡིན་པས་དགེ་སློང་མས་དགའ་བྱེད་ལ་མགུ་བར་བྱ་བ་བྱེད་པ་ལ་ཉེ་དགས་འདི་སྐད་སྨྲསོ།། ཞེས་བྱ ་བས་ན་གསུམ་པ་བཅ་སོ།། ཟས་ཅུང་ཟད་ཙམ་གྱི་ཕྱིར་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔའི་ཕྱིརརོ།། ཟས་ཅུང་ཟད་ཙམ་གྱི་དེར་འདུ་ཤེས་པ་ཞེས་བྱ་བ་དྲུག་ཏུ་སྦྱར་ཏེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད ་པ་གཉིས་དང་། ཉོན་མོངས་པ་མེད་པས་བསམས་ནའོ།། གལ་ཏེ་ཉོན་མོངས་པས་བསམས་ན་དེ་ལ་ཡང་ཉེས་བྱས།། སྐད་མི་ཤེས་པ་ལ་སྨྲས་པ་དང་། ཁས་བླངས་པས་ཁས་མ་བླངས་པ་འམ། ཁས་མ་བླངས་པས་ཁས་བླངས་པ ་ཡང་རུང་སྟེ་ཉེས་བྱསོ།། གསུམ་པའོ།། །། མཉན་ཡོད་ན་སྟེ། ཆུང་མ་རྙིང་པའི་དགེ་སློང་མ་ལ་དགེ་སློང་གང་ཡང་རུང་བ་ཞིག་སྣུམ་སྦྱར་བྱིན་པས་ན་བཞི་པ་བཅསོ།། ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཅི་འདི་ལ་ཆོས་གོས་གསུཾ ་ཚང་བར་ཡོད་དམ་མེད་ཅེས་དེ་ལ་བུ་དེ་མི་སེམས་སོ།། ཉེ་དུ་ནི་སྦྱིན་པར་བྱེད། མི་ལེན་མོད་ཀྱི་འོན་ཀྱང་། བཅོམ་ལྡན་འདས་ཀྱི་ནི་མ་དང་ཕ་ལ་བསོད་སྙོམས་ཀྱི་ཕྱེད་སྦྱིན་པར་བྱའོ།། སྦྱིན་བདག་ལས་ཀྱང་བླང་བར་བྱའོ།། ་རྣམ་པ་གཞན་དུ་ན་ཉེས་བྱསོ་ཞེས་གསུངསོ།། ཆོས་གོས་ཞེས་བྱ་བ་ནི་རུང་བའི་རྗེ་སུ་འགྲོ་བའོ།། ཉེ་དུ་མ་ཡིན་པར་འདུ་ཤེས་པ་རྣམ་པ་དུ་མ་ཡིན་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱ་རོ།། དེ་བཞིན་དུ་དགེ་སློང་མ་ཡང་དགེ་སློང་མར་འདུ་ཤེ ་པ་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས།། བཞི་པའོ།། །། མཉན་ཡོད་ན་སྟེ། འཆར་ཀས་སྦེང་མའི་སྣམ་སྦྱར་དྲུབས་ཏེ། ཚོན་སྣ་ལྔའི་སྐུད་པས་བདག་ཉིད་མགུལ་ནས་ཁྱུད་པ་དྲུབས་པས་ན་ལྔ་པ ་བཅསོ།། བྱེད་ན་ཞེས་བྱ་བ་ནི་འདྲ་བ་དང་། འདྲུབ་པ་དང་། འཁྲུ་བ་དང་། འཚེད་པའོ།། ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་དྲུག་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིསོ།། ལྔ་པའོ།། །། མཉན ་ཡོད་ན་སྟེ། དྲུག་སྡེ་རྣམས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་དང་ལྷན་ཅིག་ལམ་དུ་ཞུགས་ཏེ། འགྲོ་བ་ལ་འཇིག་རྟེན་པས་འདི་ནི་འདིའི་ཆུང་མའོ།། འདི་ནི་འདིའི་མནའ་མའོ་ཞེས་བྱ་བ་ལ་སོགས་པས་དཔྱས་པས་ན། དེ་དག་ཀྱང་དེ་བཞིན་ནོ། ་ཞེས་ཁས་བླངས་པས་ན་དྲུག་པ་བཅ་སོ།། དགེ་སློང་མའི་དོན་མཐུན་དང་ཞེས་པ་ནི་ལྷན་ཅིག་པ་ལ་དོན་མཐུན་ཞེས་བརྗོད་དོ།། ཇི་སྐད་དུ་དགེ་སློང་མ་རྣམས་དང་གྲོགསུ་གྱུར་ཏོ་ཞེས་བསྟན་པར་འགྱུ་རོ།། དགེ་སློང་མ་གཅིག་དང་འགྲོགས་ན ་ཡང་ལྟུང་བའོ།། ལྷན་ཅིག་ཅེས་བྱ་བ་ནི་ལྷན་གཅིག་པའོ།། འཐབས་ནས་ཤེས་བྱ་བ་ནི་ཚུར་ཤོག་ལྷན་ཅིག་འདོང་ཞེས་བྱ་བའོ།། ལམ་དུ་འཇུག་ཅེས་བྱ་བ་ནི་གཙུག་ལག་ཁང་དང་གྲོང་གཞན་དུ་འགྲོ་བའི་བར་གྱི་ལམ་དུ་འགྲང་བ་ལ་ལམ ་ཞེས་བྱའོ།། ལམ་དུ་འཇུག་པས་ཀུན་ཏུ་སྤྱད་པ་ནི་སང་འགྲོའོ་སྐམ་པས་སློབ་དཔོན་དང་མཁན་པོ་ལ་གནས་འདིར་མཆིའོ་ཞེས་ཞུ་བར་བྱའོ།། གལ་ཏེ་རྗེ་སུ་གནང་ན་འགྲོ་བར་བྱའོ།། དེ་ལ་དགེ་འདུན་གྱི་གནས་བརྟན་ནི་ཕྱི་ནས་འགྲོ་བར་བྱའོ། ་མལ་ཆ་དང་སྟན་རྣམས་ལའང་བརྟག་པར་བྱའོ།། བདག་ན་བ་བོར་ཏེ་སུ་ཡང་མི་འགྲོ་གྲངས་སྐམས་པའི་ཕྱིར་གྲོགས་རྣམས་ལ་ཡང་བརྟག་པར་བྱའོ།། དེའི་གྲོགས་ཀྱི་ཐད་དུ་སོང་ལ་ལ་ལའི་ཅུང་ཟད་མ་བརྗེད་དམ་ཞེས་དྲི་བར་བྱའོ།། ་དེས་འགྲོན་པོ་ལ་སོགས་པ་ལ་ཡང་བརྟག་པར་བྱའོ།། ཕན་ཚུན་བསྡད་པར་བྱའོ།། ནང་དང་བཅས་པས་ལྷན་ཅིག་འགྲོ་བར་མི་བྱའོ།། དེ་འདྲ་བའི་རྐྱེན་གྱིས་བཟོད་པར་བྱས་པ་ལ་ནི་ལྟུང་བ་མེདོ།། མ་རིགས་པའི་གཏམ་གྱིས་མ ་ཡིན་མོད་ཀྱི་འོན་ཀྱང་ཆོས་ཀྱི་གཏམ་མམ་འཕགས་པའི་མི་སྨྲ་བསོ།། ལྷའི་གནས་དག་ཏུ་སེ་གོལ་བརྡབ་པ་ཉིད་ཀྱིས་གཙུག་ལག་གི་ཚིག་སུ་བཅུད་པ་ཀླག་པར་བྱའོ།། ལྷ་རྣམས་ལ་ནི་མཆོད་པར་མི་བྱའོ།། གཞན་ཡང་ངོ་།། གང ་དུ་ངལ་བསོ་བ་འམ། ཆུ་བླངས་པའམ། བྱ་བ་དེར་ཡང་ཚུགསུ་བཅད་པ་ཀླག་པར་བྱའོ།། གང་དུ་གནས་པ་དེར་རྒྱུད་ཆགས་གསུམ་པ་བརྗོད་པར་བྱའོ།། སྦྱང་ཐག་བཀུར་བར་བྱ་སྟེ། དེ་ཡང་རྣམ་པ་གསུམོ།། ཆེན་པོ་ནི་ཁྲུ་བརྒྱ་ལྔ་བཅུའོ།། ་ཐུང་ངུ་ནི་ཁྲུ་བརྒྱའོ།། འབྲིང་ནི་དེ་གཉིས་ཀྱི་བར་ཏེ། ཡུལ་གྱི་རྗེ་སུ་མཐུན་པའི་ཚད་ཀྱང་ངོ་།། ཆོས་གོས་སྦུབས་ལ་རྐང་པ་དག་བཀྲུས་ཏེ། ཆུ་བཙགས་ནས་མཆི་ལྷམ་དག་རས་མས་ཕྱི་བར་བྱའོ།། རྩིག་པ་ལ་སོགས་པ་ལ ་བརྡབ་པར་མི་བྱ། བཀྲུ་བར་མི་བྱའོ།། ལག་པ་གཉིས་བཀྲུས་ཏེ་ཆོས་གོས་གྱོན་ལ་ཆོ་ག་བཞིན་དུ་གཙུག་ལག་ཁང་གི་ནང་དུ་འཇུག་པར་བྱའོ།། གནས་ཁང་དང་གཙུག་ལག་ཁང་དུ་འདུག་པ་དེར་ཡང་ཕྱི་བདཱུར་བྱའོ།། གསར་བུ་རྣམས་ཀྱིས ་རྒན་པ་རྣམས་ཀྱི་ལས་བྱ་བ་ལ་སོགས་དང་། གནས་མལ་བཤམ་པ་དང་། དགབ་པ་ལ་སོགས་པས་གཡོག་པར་བྱའོ།། བཙུག་ལག་ཁང་དུ་ཕྱིན་པ་མོད་ལ་གནས་མལ་གསོལ་བྱར་མི་བྱའོ།། ཐ་ཡུལ་པའི་ཕྱོགས་དབེན་པར་སྒྲ་བསྐྱུངས ་ལ་ལགས་པར་བསྡམས་ཏེ་སྤྱོད་ལམ་མཛེས་པས་འདུག་པར་བྱའོ།། གཉུག་མར་གནས་པའི་རྒན་པ་རྒན་པ་རྣམས་ཀྱིས་ཀྱང་གློ་བུར་དུ་ལྷག་པོ་རྣམས་ངལ་སོར་གཞུག་པར་བྱའོ།། དེ་དག་ཀྱང་དགེ་འདུན་གྱི་གནས་བརྟན་གྱི་ཐང་དུ་འ ་བར་བྱའོ།། དེར་ཚུར་ཤོག་འོངས་པ་ལེག་སོ་ཞེས་བྱ་བའི་སྙན་པའི་ཚིག་གིས་བསུ་བར་བྱའོ།། ཆེས་རྒན་པ་རྣམས་ལ་ནི་ལངས་ན་ཕྱག་བྱའོ།། ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ།། སྟན་བཤམ་པར་བྱ། རྐང་པ་དག་བཀྲུ་བས་མགྲོན ་དུ་གཉེར་བར་བྱའོ།། ཅི་ནུས་པས་བཟའ་བ་དང་བཏུང་བ་ཡང་སྦྱར་བར་བྱའོ།། ཇི་ལྟར་རྗེསུ་མཐུན་པར་མལ་ཆ་དང་། སྟན་རྣམས་སྦྱར་བར་བྱའོ།། ཆོ་ག་ཇི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན་ཐམས་ཅད་དུ་ཡང་ཉེས་བྱསོ།། འགྲོན་ལམ་དུ་ཞུམ ་ན་ཞེས་བྱ་བ་ནི་གང་ན་འགྲོན་པ་མེད་པར་འགྲོ་མི་ནུས་པའོ།། འདི་ཡང་དགེ་སློང་དང་བཅས་པའི་འགྱོན་པ་ཞེས་བྱ་བ་རྒྱང་རིང་བ་ནས་འདོད་པ་བཅོམ་པའི་ཕྱིར་ཚིག་འདི་ཡང་བཅོམ་ལྡན་འདས་ཀྱིས་བཀོལ་བའོ།། དེ་ལ་ཀུན་ཏུ་སྤྱད་པ་མ ་བསྙེན་པར་མ་རྫོགས་པ་མེད་ན་དགེ་སློང་མའི་ལམ་རྒྱགས་ཁྱེར་བར་བྱའོ།། དགེ་སློང་མ་རྣམས་ཀྱིས་ནི་དགེ་སློང་རྣམས་ཀྱིའོ།། བྱིན་ལེན་ནི་ཕན་ཚུན་དུ་བྱའོ།། དགེ་སློང་མང་ན་བཀུར་བར་བྱའོ།། གལ་ཏེ་ཉུང་ན་དགེ་སློང་མ་དག་གིས་ཀྱང ་གྲོགས་བྱ་སྟེ། མགོན་ནས་ནི་དེ་དག་གིས་གདེག་པར་བྱའོ།། གྲོང་དུ་ཕྱིན་ན་ན་བའི་སྨན་དང་བསོད་སྙོམས་བླང་བར་བྱའོ།། དགེ་སློང་གཅིག་ནད་གཡོག་དུ་གཞག་ནས་ལྷག་མ་འགྲོ་བར་བྱའོ།། དགེ་སློང་མ་ལ་ཡང་དེ་ལྟ་བུར་བྱའོ།། དེ་ལ་ལྟུང ་བ་ཇི་ལྟར་འགྱུར་ཞེ་ན། རྒྱད་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱསོ།། རྒྱང་གྲགས་རེ་རེ་ཞིང་ལྟུང་བྱེདོ།། དགེ་སློང་མ་ལ་དགེ་སློང་མར་འདུ་ཤེས་པ་རྣམ་པ་དྲུག་སྟེ། དེ་བཞིན་དུ་འགྲོན་པ་འདོད་པ་མ་ཡིན་པ་ལ་འགྲོན་པ་འདོང་བ་མ་ཡིན་པར་འདུ་ཤེས ་མལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས།། ས་ལ་འདོང་བར་འཐམས་པ་ལས་ན་མཁའི་ལ་འདིང་ངམ། མི་སྣང་བར་བྱས་ཀྱང་རུང་སྟེ། ཉེས་བྱསོ།། དེ་བཞིན་དུ་གྲུའི་ནང་དུ་ཞུགས་པཱ་ལ་ཡང་བརྗོད་པར ་བྱའོ།། དྲུག་པའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་ལས་བརྩམས་ནས་སྔ་མ་བཞིན་ཏེ། བདུན་པ་བཅ་སོ།། འཐམས་ནས་གྲུ་གཅིག་ཏུ་འཇུག་ཅེས་བྱ་བ་ནི་ཤོ་གམ་དང་། ལ་གཅན་དང་། གྲུ་བཙས་གཅིག་པའོ།། གྱེན་དུ་འགྲོ ་འམ། ཞེས་བྱ་བ་ནི་རྒྱུན་ལས་བཟློག་ཕྱོགས་འགྲོ་བའོ་ཐུར་དུ་འགྲོ་ན་ཞེས་བྱ་བ་ནི་རྒྱུན་ཕྱོགསུ་འགྲོ་བའོ།། མ་གཏོག་ཞེས་བྱ་བ་ནི་ཐད་ཀར་ཕ་རོལ་དུ་འགྲོ་བ་བཞག་སྟེའོ།། དེ་ལས་གཞན་པ་ལྟུང་བར་བསམས་པའོ།། འདི ་ཡང་རླུང་གནས་ཅན་གྱི་ཕ་རོལ་ཏུ་དགེ་འདུན་གཉི་ག་ཟན་གྱི་ཕྱིར་འདོང་བ་ལས་དགེ་སློང་མ་ཟན་ཆད་པར་གྱུར་པའི་ཕྱིར་འདི་ཡང་བཀོལ་བ་ཡིན་ཏེ། རྒྱུང་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱསོ།། རྒྱང་གྲགས་རེ་རེ་ཞིང་ལྟུང་བྱེའོ།། དགེ་སློང་མ་ལ་དགེ་སློང ་མར་འདུ་ཤེས་པ་ལྔ་བཞིན་དུ་རྣམ་པ་དྲུག་དུའོ།། བསྙེན་པར་མ་རྫོགས་པ་དང་འཐམས་པ་ལ་བསྙེན་པར་རྫོགས་པ་དང་ངམ། སླར་བཟློག་ཀྱང་རུང་སྟེ་སོང་ན་ཉེས་བྱསོ།། ཡོ་བ་དང་གཏིབ་ཆང་སྤང་བ་དང་། དཔའ་ཀློང་ལས་གཟུར་བ་དང་། རུ་སྐྱ་དང་གངོས ་པ་ཆག་གམ། རུ་སྒྱུ་འཛིན་པ་མི་ཉན་པ་ལ་ལྟུང་བ་མེདོ།། འགྲམ་གཉིས་ན་བར་ཆད་བརྒྱད་པོ་དག་ལས་གང་ཡང་རུང་བ་ཉེ་བར་གནས་ན་ལྟུང་བ་མེད་དོ།། བདུན་པའོ།། །། མཉན་ཡོད་ན་སྟེ། འཆར་ཀས་ཁྱིམ་བདག་གི་ཆུང་མ་སྤོད་མ་དང་།། ་སྔོན་རྩེས་པ་དྲན་ཞིང་དབེན་པར་ས་ལ་འཁོད་པས་ན། དགེ་བསྙེན་མའི་གཞིའི་དབང་དུ་མཛད་བརྒྱད་པ་བཅསོ།། བུད་མེད་ཀྱི་ལ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་བསྟེན་པར་བཟོད་པའི་བུད་མེདོ།། གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དང་དེ་ལྷན་ཅིག ་བཔའོ།། དབེན་པ་ཞེས་བྱ་བ་ནི་གང་གཞན་དུ་ཡང་མེད་པའོ།། འདུག་ཅེས་བྱ་བ་ནི་འདོམ་གང་གི་ནང་དུ་སྟན་ལ་རྐུ་བ་བཙོས་བཞག་པའོ།། དབེན་པ་ལ་དབེན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་དབེན་པ་སྐྱབས་ཡོད་པར་འདུག་ན་ལྟུང ་བྱེད་དོ།། མི་དབེན་པ་ལ་དབེན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། ཉེས་བྱསོ།། ཀླུའི་བུ་མོ་ལ་སོགས་པ་ནི་ལྷ་དང་། གནོད་སྦྱིན་དང་། དྲི་ཟ་དང་མི་འམ་ཅི་དང་། ལྷ་མ་ཡིན་དང་། ཡི་དྭགས་དང་། ཤ་ཟའི་བུ་མོ་རྣམས་དང་། ་མ་ནིང་དང་། མཐུ་མེད་པ་དང་། གླེན་པ་ལ་སོགས་པ་དང་། སྨྱོས་པ་ལ་སོགས་པ་རྣམས་ལ་ནི་ཉེས་བྱསོ།། ཁ་ཅིག་ནི་གཟུང་དུ་རུང་ན་ལྷ་མོ་ལ་ཡང་ལྟུང་བྱེདདོ།། དེ་ལས་གཞན་པ་དག་ནི་ཉེས་བྱས་ཞེས་ཀྱང་ཟེ་རོ།། དེ་མ་ཐག་ཏུ་འབྱུང་བ་ཡང ་ཇི་ལྟར་སྲིད་པ་བཞིན་དུ་བརྗོད་པར་བྱའོ།། སྒོ་ཁང་དུ་འདུག་པ་དང་། གཞན་དག་ནི་ཕྱིར་འབྱུང་། གཞན་དག་ནི་ནང་དུ་འཇུག་པ་ལ་ལྟུང་བ་མེདདོ།། དབེན་པ་ཡང་རུང་མི་དབེན་པ་ཡང་རུང་སྟེ། མི་དབེན་པར་འདུ་ཤེས་ན་ལྟུང་བ་མེདདོ།། བརྒྱད་པའོ།། ། ་མཉན་ཡོད་ན་སྟེ། འཆར་ཀ་ལས་བརྩམས་ནས། དགེ་སློང་མ་སྦེད་མ་དང་། སྔོན་རྩེས་པ་དྲན་ཞིང་དབེན་པར་ན་འགྲེང་སྟེ། འདུག་པས་ན་དགུ་པ་བཅསོ།། འགྲེང་ན་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་སྟེ། སྔ་མ་ལ་ནི་ས་ལ་འདུག་པར་ལྟུང་བའོ།། འདིར་ནི ་འགྲེང་བའི་སྤྱོད་ལམ་གྱི་ཕྱིར་ཏེ། འདི་ཡང་བྱུང་བའི་དབང་དུ་མཛད་པ་ལས་དེ་སྐད་གསུངས་ཀྱི་གཉིས་ཀ་ལ་ཡང་ལྟུང་བ་གཉིསུ་འགྱུརརོ།། ཉལ་བ་དང་། འཆག་པའི་སྤྱོད་ལམ་ལ་ཡང་ལྟུང་བར་འགྱུར་རོ།། མ་ནིང་མ་གཏོགས་ཏེ། སྔོན་ལྟུང་བ ་བྱུང་བ་དང་། དེ་བཞིན་དུ་དགེ་སློང་མ་རྣམས་ལ་ཡང་།། སྔར་གྱི་བསླབ་པའི་གཞི་ཡི་ནི་ལྟུང་བྱེད་དོ།། མ་ནིང་མོ་ལ་ཉེས་བྱསོ།། ཇི་ལྟར་དེ་མ་ཐག་ཏུ་བསྟན་པ་ལ་ནི་ལྟུང་བ་མེདོ།། དགུ་པའོ།། །། མཉན་ཡོད་ན་སྟེ། སྦོམ་དགའ་མོས་འཕགས་པ ་ཀུན་ཤེས་ཀཽཎྜི་ནཱ་ལ་སོགས་པའི་གནས་བརྟན་རྣམས་ལ་ཟས་སྦྱར་བ་དྲུག་སྡེ་རྣམས་ཀྱིས་ཡོན་ཏན་བརྗོད་ནས་བྱིན་དེ་དག་གིས་ཀྱང་བླངས་པས་ན་བཅུ་པ་བཅས།། སྦྱོར་དུ་བཅུག་ཅེས་བྱ་བ་ནི་དེ་དག་གི་ཡོན་ཏན་བརྗོད་པས ་སྦྱིན་བདག་རྣམས་དགའ་བར་བྱས་པར་སྦྱར་ཏོ་ཞེས་བྱ་བའི་ཐ་ཚིགོ། སྦྱོར་དུ་བཅུག་པའི་ནི་རྣམ་པ་གཉིས་ཀྱི་སྟེ། ཚུལ་ཁྲིམས་ཀྱིས་སྦྱོར་དུ་བཅུག་པ་དང་། ཐོས་པས་སྦྱོར་དུ་བཅུག་པའོ།། ཟས་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔའོ།། ཟ་ན ་ཞེས་བྱ་བ་ནི་མགུལ་དུ་མིང་ནའོ།། མ་གཏོགས་ཞེས་བྱ་བ་ནི་འདི་ལྟ་བུ་མ་གཏོགས་པའོ།། སྔར་ཁྱིམ་དུ་བོས་པ་ཞེས་བྱ་བ་ནི་སྔར་མགྲོན་དུ་བོས་པའོ།། སྔར་མགྲོན་དུ་བོས་པའི་བསོད་སྙོམས་པ་ལས་བརྩམས་ནས་འདི་ཡང་བཀོལ་བ་ཡིན་ཏེ། དེས ་སྦོམ་དགའ་མོ་ལས་ཁོ་མོས་ཁྱོད་ཀྱིས་ཡོན་ཏན་བརྗོད་དོ་ཞེས་ཐོས་པས་ན། དེས་ཀྱང་ཟན་ཆད་པར་བྱསོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཁྱིམ་གང་དུ་དགེ་སློང་རྣམས་མགྲོན་དུ་བོས་པ་དེར་སོང་ནས། དགེ་སློང་ཇི་ལྟ་བུ་དག ་མགྲོན་དུ་བོས། ཟས་དང་སྐོམ་ཇི་ལྟ་བུ་སྦྱིན་པར་བྱེད་ཅེས་དྲིས་པ་ལས། དེ་དག་གིས་ངན་པ་ཞིག་ཞེས་སྨྲས་པ་དང་། དེ་ནས་དེ་གྱ་ནོམ་པ་སྦྱོར་དུ་བཅུག་གོ།། རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དུ་ཞེས་བྱ་བ་དང་། དགེ་སློང་དེ་དག་ཀྱང་མདོ ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པའོ་ཞེས་དེ་དག་ལ་གྱ་ནོམ་པ་སྦྱོར་དུ་བཅུག་ན་དགེ་སློང་དེ་དག་གིས་ཀྱང་ཤེས་བཞིན་དུ་ཟོས་ན་ལྟུང་བྱེའོ།། ཡོན་ཏན་རྣམས་ཇི་ལྟར་སྨྲས་པ་བཞིན་དུ་ཡང་དག་པ་ཡིན་ན་ལྟུང་བ་མེདོ།། སྦྱོར་དུ་བཅུག་པ་ལ ་སྦྱོར་དུ་བཅུག་པར་འདུ་ཤེས་པ་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིསོ།། སྙིང་ཡིག་ལ་སོགས་པ་རྣམས་ཀྱིས་སྦྱོར་དུ་བཅུག་པ་དང་། གཞན་གྱི་ཕྱིར་སྦྱོར་བར་ཤེས་ན་ཉེས་བྱ་སོ།། དགེ་སློང་མ་ལ་དད་པའི ་ཁྱིམ་མམ། ཉེ་དུའི་ཡིན་ན་ལྟུང་བ་མེདདོ།། བཅུ་པོ་འདི་ནི་སྟོན་པ་དང་། ཟས་ལ་སྤྱོད་པ་དང་། བྱེད་པ་དང་། ཕྱོགསུ་འགྲོ་བ་དང་། དབེན་པའི་གནས་རྣམསུ་རིག་པར་བྱ་སྟེ། བསྡུས་པའི་དོན་ཏེ། དགེ་སློང་མའི་ཚོགས་ཏེ་གསུམ་པའོ།། །། ཡངས་པ་ཅན ་དྲུག་སྡེ་རྣམས་ཁྱིམ་བདག་དྲག་ཤུལ་ཅན་གྱི་མགྲོན་དུ་བོས་པ་ལས་ཁྱིམ་དུ་ཉེ་བར་འགྲོ་བའི་ཁྱིམ་དུ་ཤིང་ཏོག་ཨ་མྲའི་ཁུར་བ་ཟོས་པས་ན། ཁྱིམ་བདག་དེ་ཡང་མ་དད་པར་གྱུར་པའི་བསོང་སྙོམས་ཀྱི་གཞིའི་དབང་དུ་མཛདདེ། འགལ་ཚབས་ཅན་དང ་ཕོངས་པའི་དང་། མ་དད་པ་དང་། ཉེ་བར་མ་ཞི་བའི་ཉོན་མོངས་པ་རྣམས་ཡོངསུ་སྤང་བའི་ཕྱིར་ཟས་ཀྱི་ཚོགས་དང་པོར་བཅ་སོ།། དེ་བཞིན་དུ་དགུ་པོ་ལ་ཡང་གཞི་དང་ཉོན་མོངས་པ་ཡང་བརྗོད་པར་བྱའོ།། ཡང་ཡང་ཟ་ན་ཞེས་བྱ་བ་ལ་སོགས་ནི། གང་ཁྱིམ་གཞན ་དུ་ཟོས་ནས་ཡང་གཞན་དུ་ཟ་བའོ།། ན་བ་དུསོ་ཞེས་བྱ་བ་ནི་ཟས་ལན་ཅིག་གིས་འཚོ་བར་མི་ནུས་པའོ།། ཁ་ཅིག་ནི་རྣམ་པ་གཞན་དུ་ན་ཤིན་ཏུ་བླུ་བ་ཚ་བར་གྱུར་པ་ཡང་དེ་བཞིནོ་ཞེས་ཟེ་རོ།། ལས་དུསོ་ཞེས་བྱ་བ་ནི་དགེ་འདུན་གྱི་འམ། མཆོད་རྟེན་གྱི་ཡང ་རུང་སྟེ། ཐ་ན་ཕྱག་དར་རེ་ལྡེ་ཙམ་མམ། བྱུག་པ་བ་མལ་ཙམ་ཡང་རུང་སྟེ། ཕྱགས་ནས་བ་ལང་གི་ལྕི་བས་སྐྱང་ནུལ་བྱས་པ་ཡི་ནོ།། ལམ་དུསོ་ཞེས་བྱ་བ་ནི་དཔག་ཚད་གཅིག་གམ། དཔག་ཚད་ཕྱེད་དུ་སོང་ཞིང་འོངས་པ་ཡིནོ།། གོས་སྦྱིན་པའི་ཚེ་དུས ་ཏེ་ཞེས་བྱ་བ་ནི། གང་གི་ཚེ་འམ་དེའི་ཚེ་རས་ཡུག་ཕྲན་ནམ། རས་ཡུག་ཆེན་རྙེད་དུའོ།། དུས་ཞེས་བྱ་བ་ནི་རྗེསུ་མཐུན་པའི་ཆོས་སོ།། གོས་དང་བཅས་པའི་བན་ལ་འགྲོན་དུ་བོས་པ་ལས། གཉིས་པ་ལ་ཡང་གོས་དང་བཅས་པ་འམ། མྦྷ ་མེད་པ་འམ། གོས་དང་བཅས་ཤིང་གོས་ཀྱི་རིན་དང་བཅས་པ་འམ། གོས་མེད་པ་དང་། གོས་ཀྱི་རིན་མེད་ཀྱང་རུངག། རྣམ་པ་བཞི་པོ་དེ་བཞིན་དུ་རྣམ་པ་བཞིར་སྨྲ་རོ།། གོས་མེད་པར་མགྲིན་དུ་བྱོས་པ་ལས་གཉིས་པར་ཡང་དེ་བཞིན་ཏེ་རྣམ་པ་བནི ་ནརྣམ་པ་བཞིར་སྒྱུརོ།། དེ་ལ་གོས་དང་བཅས་ཤིང་གོསྭཱ་སི་རིནྡ་དང་བཅས་པར་མགྲིན་དུ་བོས་པ་ལས་གཉིས་པར་ཡང་དེ་བཞིན་ཏེ། རྣམ་པ་བཞི་པོ་རྣམས་པ་བཞིར་སྒྲ་རོ།། གོས་མེང་བ་དང་། གོས་ཀྱི་རིན་མེད་པར་འགྲོན་དུ་བྱོས་པ་ལས་གཉིས་པར ་ཡང་དེ་བཞིན་ཏོ།། རྣམ་པ་བཞི་པོ་རྣམ་པ་བཞིར་སྐྱ་རོ།། དེ་ལ་གོས་དང་བཅས་པར་མགྲོན་དུ་བོས་པ་ལས་གཉིས་པར་གོས་དང་། གོས་ཀྱི་རིན་དུ་བཅས་པ་ཞིག་ཏུ་མགྲོན་དུ་བོས་ན་ཁས་བླངས་ལ་བཟའ་བར་བྱའོ།། དེ་མ་ཡིན་པའི་གཉིས་པར་ཁས ་བླངས་ན་ཉེས་བྱའོ།། ཟོས་ན་སྦྱང་བྱེད་དོ།། རྫ་མ་ལ་སྣང་བ་ས་དོ།། སྤྲུལ་ཏེ་གང་ཟག་ནི་དྲི་མགྲོན་དུ་བོས་པ་ལས་ཡང་དགེ་འདུན་དང་ལྷན་ཅིག་མགྲོན་དུ་བོས་ན་རྫུ་མ་སེམས་ཀྱི་དགེ་སྦྱོང་གཞན་ལ་སྦྱིན་པར་བྱའོ།། གལ་ཏེ་འདི་སྐད་ཅེས་ཟེར་ན་འདི ་མིང་ཡང་མ་ཀྱི་གཞན་མ་མཆོ་ག་ཅེས་བྱ་བ་དང་། འཛིད་གྲོལ་གས་རྗེས་ས་ཀྱི་ཅེས་བྱ་བ་དག་རྗེ་མ་མི་ཙམ་ནིག་ཀྱི་མི་ལྷག་མི་གནན་དུ་མྱོན་ཅེས་བྱ་བ་ཛི་ནི་ནི་སྲིནན་དུ་ཡང་བཙུན་པའི་འིམས་# ་རྙེད་པར་གྱུར་གྱིས་ཞེས་ཟེར་བ་དང་། བཙུན་པ་བདག་ནི་ཁྱོད་ལ་མགྲོན་དུ་མི་གཉེ་རོ་ཞེས་ཟེར་བ་དང་། ཟས་ནི་སྦྱིན་མོད་ཀྱི་བདག་ནི་མགྲོན་དུ་མི་འབོདོ་ཞེས་ཟེར་བ་དང་། བཙུན་པ་ཟས་གྱ་ནོམ་མོད་ཀྱི་བདག་མགྲོན་དུ་མི་འབོད་ཞེས་ཟེར་བ ་དདུང་། བཙུན་པ་ཚུར་ཤོག་བདག་འགྲོན་དུ་མི་འབོད་དོ་ཞེས་ཟེར་བ་དང་། ཁྱེའུ་སུས་དང་བཟའ་བ་ལྔ་ནི་མ་གཏོགས་ཏེ་གཞན་གྱིསོ།། གཉིས་ཀྱིས་མངོན་སུམ་དུ་འགྲོན་དུ་འབོད་པར་གྱུར་པ་དང་། བདག་གི་དེར་གསོལ་ལ་དེ་ནས་དེར་གསོལ་ཅིག་ཅེས ་ཟེར་བ་སྟེ། ཉེས་པ་མེད་པ་དང་། རུང་བར་མཐོང་བ་ལ་ལྟུང་བ་མེདདོ།། ཁ་ཅིག་ནི་གལ་ཏེ་སྦྱིན་པ་དགེ་ངེས་མཚན་མ་དེ་ལ་མི་དགའ་བར་མི་འགྱུར་ན་ལྟུང་བ་མེདོ་ཞེས་ཀྱང་ཟེ་རོ།། མུ་གེའི་ཚེ་མགྲོན་དུ་འབོད་པ་མང་ན་ཡང་ཚངས་པ་མཚུངས་པར ་སྤྱོད་པའི་ཕྱིར་ཁཱསྤུ་ཐངས་ལ་དེ་དག་ཀྱང་དེར་དོང་སྟེ་བཟའ་བར་བྱའོ།། ཅི་སྟེ་མི་སྟེར་ན་བདག་ཉིད་ཀྱིས་ཅུང་ཟད་ཅིག་ཟ་ཞིང་འདི་དག་ཕོངས་པ་ཡིན་གྱིས་ཞེས་བྱོས་ལ་རྗེས་གནང་བ་སྦྱིན་དུ་གཞུག་པར་བྱའོ།། ཕྱི་མ་ནི་བདག་ཉིད་ཚིམ་པར། ་བཟའ་བར་བྱའོ།། སྤྲིང་ཡིག་དང་ལག་རྣཾས་དག་གིས་ཁས་ལེན་ན་ཉོས་བྱསོ།། གང་ཟག་གཅིག་པུའི་གཙུག་ལག་ཁང་ངམ། དགོན་པ་ཡང་རུང་སྟེ། སྒེག་པའི་སེམས་སམ། གྱ་ནོམ་པ་འདོད་པའི་ཕྱིར་ཡང་ཡང་ཟ་ན་ཉེས་བྱསོ།། མ་གུས་པ ་འམ། གཡོ་རྣམས་ཀྱིས་ཡོངསུ་ལོངས་མི་སྤྱོད་ན་ཉེས་བྱསོ།། མགྲོན་དུ་བོས་པ་ལ་མགྲོན་དུ་བོས་པར་འདུ་ཤེས་པ་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས།། དང་པོའོ།། །། མཉན་ཡོད་ན་སྟེ། ་དྲུག་སྡེ་རྣམས་ཕྱོགས་བཞིའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དོན་དུ་འདུག་གནས་བྱས་པ་ན་འཁོད་ཅིང་། དེའི་བདག་པོའི་ཁྱིམ་དུ་ཟན་ཟ་བའི་ཚེ་བུད་མེད་རྣམས་ཀྱི་ཡན་ལག་དང་ཉིང་ལག་བསྟན་པས་མ་དད་པར་གྱུར་ཏེ། ་དེ་དག་གིས་གཅེར་བྱ་བ་རྣམས་བོས་པ་དེ་རྣམས་ཀྱིས་དེ་དག་ཀྱང་ཤིན་ཏུ་བརྡེགས་པས་ན་གཉིས་པ་བཅསོ།། མི་ན་བས་ཞེས་བྱ་བ་ནི་འཕགས་པ་ཤ་རིའི་བུ་ལས་བརྩམས་ཏེ་རྗེསུ་གནང་བའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དེ་ཉིད ་ཟོས་ན་ཉེས་བྱས་དང་ལྟུང་བྱེདདོ།། དེ་ཉི་དུ་གནས་ལ་གཞན་དུ་ཟོས་ན་ཉེས་བྱས་ཉིད།། གཞན་དུ་གནས་ལ་དེར་ཟོས་ན་ལྟུང་བྱེད་ཉིད།། གཞན་དུ་གནས་ལ་གཞན་དུ་ཟོས་ན་ལྟུང་བ་མེད་དོ།། ཟས་མང་པོ་ལ་མང་པོར་འདུ་ཤེས་པ་རྣམ་པ་དྲུག ་ཏུ་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས།། ཚོགས་ཀྱི་ཕྱིར་བྱས་པ་འམ། ཉེ་དུས་སམ། སྦྱིན་བདག་ན་རེ་འདི་ཉིད་དུ་འདུག་ཅིག་ཅེས་བསྒོ་བ་ལ་ལྟུང་བ་མེདདོ།། ལྷ་ལ་སོགས་པས་འདུག་གནས་བྱས་པ་ལ། ་དགེ་སློང་གི་འདུག་གནས་སྙམ། ཀུན་ཏཱ་རྒྱུའི་འཇུག་གནས་ཡིན་ན་ལྟུང་བ་མེདོ།། གཉིས་པའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་ལ་དུས་ཀྱིས་བསྒྲུབ་པ་ལས་བག་མ་ལེན་པའི་ཕྱིར་བཅའ་བ་རྣམས་བྱས་པ་ཐམས་ཅད་བླངས་ནས་ལྷྭ ་བཟེད་ཆེན་པོ་རྣམས་བཀང་སྟེ་ཁྱེར་བའི་རྒྱུ་མཚན་གྱིས་གཡས་ཞར་མོ་དེ་བག་མར་འགྲོ་བའི་བར་ཆད་དུ་གྱུར་པས་ན་གསུམ་པ་བཅ་སོ།། ཁྱིམ་རྣམསུ་འདོད་པ་ལ་ཞེས་བྱ་བ་ནི་ཁྱིམ་རྣམསུ་དོང་བ་དག་གིས་ཀུན་ཏུ་སྤྱད་པ་ནི་བསོད་སྙོམས ་བས་སྒྲོ་ཁར་ཁར་སིལ་གྱི་སྒྲ་བྱས་ལ་ནང་དུ་འགྲོ་བར་བྱའོ།། གང་ན་ཁྱིམ་སྒོ་མང་བ་དེར་ཕྱེ་ལ་སོགས་པས་སྒོར་མཚན་མ་གདབ་པར་བྱའོ།། སྤྱོད་ཡུལ་མ་ཡིན་པ་ལྔ་པོ་དག་ཏུ་འགྲོ་བར་མི་བྱའོ།། འདི་ལྟ་སྟེ། རོལ་མོ་མཁན་གྱི་ཁྱིམ་དང་། སྨད་འཚོང ་མའི་ཁྱིམ་དང་། ཆང་འཚོང་མོའི་ཁྱིམ་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་བའི་ཁྱིམོ།། གང་ན་བུད་མེད་འདོད་ཆགས་དྲག་པ་དེ་ཤི་བ་ལ་སོགས་པའི་ཉེས་པ་ཡོངསུ་སྤང་བར་བྱ་བའི་ཕྱིར་དེར་འགྲོ་བར་མི་བྱའོ།། དད་པ་ཞེས་བྱ་བ་ནི་སངས་རྒྱས ་ལ་སོགས་པ་ལ་མངོན་པར་དང་བའོ།། ཕྱེ་ཞེས་བྱ་བ་ནི་ཕྱེ་རྣམ་སོ།། ཁུར་བ་ཞེས་བྱ་བ་ནི་བག་ཆོས་རྣམསོ།། ལྷུང་བཟེད་གང་བ་གཉིས་སམ་གསུམ་ཞེས་བྱ་བ་ནི་ལྷུང་བཟེད་ལ་རྣམ་པ་གསུམ་སྟེ། ཆེན་པོ་དང་། བར་མ་དང་། ཆུང་ངུའོ།། དེ་ལ་ཆེན་པོ ་ནི་འབྲས་ཐུག་པོ་ཆེ་ཡུལ་མ་ག་དྷའི་བྲེ་ཆུ་ངུ་དོ་བཙོས་པའི་ཆན་སྲན་ཚོད་དང་ཚོད་མ་དང་བཅས་པ་ཤོང་ཞིང་མཐེ་བོའི་ལྟོ་གང་གིས་མུར་ཐུག་པའོ།། ཆུང་ངུ་ནི་འབྲས་ཐུག་པོ་ཆེ་ཡུལ་མ་ག་དྷའི་བྲེའུ་ཆུང་གང་གི་ཆན་ལ་སོགས་པ་སྟེ། ལྷག་མ་ནི ་སྔ་མ་བཞི་ནོ།། དེའི་འབྲིང་པོ་ནི་བར་མའོ།། ཕྱི་རོལ་ཀུན་དགའ་ར་བ་ཞེས་བྱ་བ་ནི་གཙུག་ལག་ཁང་དུ་སོང་ནས་དགེ་སློང་རྣམས་དང་བགོ་བཤའ་བྱའོ།། མ་བགོས་ན་ཉེས་བྱསོ།། མི་འཁོད་ན་ལྟུང་བ་མེད། དེའི་ཕྱིར་འཁོད་པ་ཞེས་བརྗོད་དོ།། དེ་ལས ་ལྷག་པར་ཞེས་བྱ་བ་ནི་ལྷུང་བཟེད་གང་པོ་གསུམ་ལས་ལྷག་པར་ལེན་ན་ལྟུང་བྱེའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གི་ཆེན་པོ་གསུམ་རྣམས་སམ་ཆེན་པོ་གཉིས་དག་དང་། འབྲིང་པོ་གཅིག་གམ་ཆེན་པོ་གཉིས་དག་དང་། ཆུང ་ངུ་གཅིག་གམ་འབྲིང་པོ་གཉིས་དག་དང་། ཆེན་པོ་གཅིག་ཀྱང་རུང་སྟེ། མདོར་བསྡུས་ན་ཇི་སྲིད་བྲེའུ་ཆུང་ཆེད་དང་ལྔ་ལས་ལྷག་པར་ལེན་དུ་འགྲོ་ན་ལེན་པའི་ཚེ་ཉེས་བྱསོ།། ཟོས་ན་ལྟུང་བྱེད་དོ།། ལྷ་དང་ཀླུ་དང་། གནོད་སྦྱིན ་དང་། ཡི་དྭགས་དང་། མུ་སྟེགས་ཅན་དང་། ཀུན་ཏུ་རྒྱུ་བའི་ཁྱིམ་ནས་བླངས་སམ། གོ་བར་བྱས་ཏེ་གསུམ་ལས་ལྷག་པར་བླངས་པ་དང་། ཁས་བླངས་པས་ཁས་མ་བླངས་པའི་ཁྱིམ་དུ་འམ། ཁས་མ་བླངས་པས་ཁས་བླངས་པའི་ཁྱིམ་དུ ་དུས་ཀྱིས་བསྟབས་པ་ལས་བླངས་ན་ཉེས་བྱསོ།། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་བསྟབས་པ་བླངས་སམ། གཞན་ལེན་དུ་བཅུག་ན་ཉེས་བྱསོ།། ལྷག་པར་བླངས་པ་ལ་ལྷག་པར་བླངས་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱ་རོ།། དེ་ཉིད་དུ ་འདུག་ནས་ལྷག་པར་ཟོས་ཀྱང་ལྟུང་བ་མེདདོ།། འདི་ལྟར་ཕྱེ་དང་ཁུར་བ་མ་གཏོགས་པར་གཞན་བླངས་པ་དང་། སྦྱིན་བདག་གིས་བོཅ་བདེ་བར་ཞེས་སྨྲས་པ་ལ་ཡང་ལྟུང་བ་མེདདོ།། དད་པས་བྱིན་པ་ལ་ལྟུང་བར་འགྱུར་བ་གསུམ་སྟེ། ཚུལ་ཁྲིམས་དང ་ལྡན་པ་འམ། ལྟ་བ་ཕུན་སུམ་ཚོགས་པས་བྱིན་པ་ལས་ཚུལ་ཁྲིམས་འཆལ་པ་འམ། ལྟ་བ་ཉམས་པ་ལ་བྱིན་པ་དང་། གང་དུ་ལྷག་པར་བླངས་ནས་མ་ཟོས་པ་དང་། ཐ་ན་ཁམ་གཅིག་ཟོས་ཀྱང་ལྟུང་བར་འགྱུར་བའོ།། གསུམ་པའོ།། ། ་འདུལ་བ་བསྡུས་པ་བམ་པོ་བཅུ་པ།། མཉན་ཡོད་ན་སྟེ། བཅོམ་ལྡན་འདས་ཀྱིས་ང་སྟན་གཅིག་པར་ཟ་བས་ན་སྙིང་ལས་ཆུང་བ་ལ་སོགས་པའི་ཡོན་ཏན་དུ་ཚོ་རོ།། ཁྱེད་ཅག་ཀྱང་སྟན་གཅིག་པར་ཟོ་ཞིག་ཅེས་བཀའ་སྩལ་ཏོ།། དགེ་སློང ་དདག་ཟ་བའི་ཚེ་བླ་མའི་གནས་ལྟ་བུ་མཐོང་སྟེ་སྟན་ལས་ལངས་ནས་བདག་ཅག་གིས་སྤངསོ་ཞེས་མི་ཟའོ།། དེ་ལ་ཅི་ཙམ་ཆོག་གི་བར་དུ་སྤང་བར་མི་བྱའོ།། ཟས་བརྩམས་ནས་ལྡང་བར་མི་བྱའོ་ཞེས་བཀའ་སྩལ་ཏོ།། དྲུག་སྡེ་རྣམས་སྤངས་ཀྱང་རུང ་མ་སྤངས་ཀྱང་རུང་ཟ་བས་ན་བཞི་པ་བཅསོ།། ཟོས་ཟིན་ཞེས་བྱ་བ་ནི་བཟའ་བར་བྱ་བའི་སེམས་ཡོངསུ་བཏང་བ་ཡིནོ།། འདི་ལྟར་ཟས་འདོད་པ་ལ་ནི་ཚིག་གིས་མ་ལུས་པར་ཡང་སྤངས་པ་ཡོད་པ་མ་ཡིནོ།། ཡང་ན་ཟོས་ཟིན་ཞེས་བྱ་བ་དེས་ཟ ་བ་ལ་སྤངས་པ་ཞེས་བྱའོ།། མི་ཟ་བ་ལས་གལ་ཏེ་ཆོག་གོ་ཞེས་ཟེར་ཡང་སྤངས་པ་མ་ཡིན་པར་སྟོན་ཏོ།། སྤངས་པ་ཞེས་བྱ་བ་ནི་རྣམ་པ་ལྔ་པོ་རྣམས་ཀྱིས་སྤངས་པར་འགྱུར་ཏེ། ཟསུ་རྣམ་པར་ཤེས་པ་སྟེ། བཅའ་བ་དང་། བཟའ་བའི་ངོ་བོ་ཉིད་ཀྱི ་ཟས་རྣམས་ཡོད་པ་དང་། ཟས་འདྲིམ་པའི་བུད་མེད་དང་། སྐྱེས་པ་དང་། མ་ནིང་ཡང་ཡོད་པར་རྣམ་པར་ཤེས་པ་དང་། ཟས་ལ་ཟ་བར་ཡང་རྣམ་པར་ཤེས་པ་དང་། ཟས་ཀྱི་རང་བཞིན་ལྔ་ལ་ཡང་སྤོང་བར་རྣམ་པར་ཤེས་པ་དང་། སྟེན་གང་ལ ་འདུག་པ་དེ་ལས་འཕགས་པ་སྟེ། དེ་ལྟ་བས་ན་ལངས་པར་གྱུར་པའོ།། གོ་བཟློག་པ་རྣམ་པ་ལྔ་པོ་རྣམས་ཉིད་ཀྱིས་ནི་མ་སྤངས་པའོ།། ཡང་རྣམ་པ་ལྔ་སྟེ། ཟས་རུང་བ་སྤངས་པ་དང་། ཟས་རུང་བ་དང་འདྲེས་པའི་ལྡུམ་ལྡུམ་ལ་སོགས་པ་དང་། སོག ་འཇོག་མ་ཡིན་པ་དང་། སོག་འཇོག་མ་ཡིན་པ་དང་འདྲེས་པ་དང་། སྤྱོད་ལམ་ལས་ལངས་པར་གྱུར་པའོ།། གོ་བཟློག་པ་ལྔ་པོ་རྣམས་ཉིད་ཀྱིས་ནི་སྤངས་པ་མ་ཡིན་ཏེ། གང་ལ་ཟས་དང་འདྲེས་པར་རྣམ་པར་མི་ཤེས་པ་དེས་ནི་སྤངས་པ་མ ་ཡ་ནོ།། ལྔ་སྟེ། འབྲས་ཆེན་དང་། ཕན་དྲོན་དང་། འདེ་གུ་དང་། ཤ་དང་། སྣུམ་ཁུར་གྱིས་སྤངས་པར་འགྱུར་ཏེ། ལྡུམ་ལྡུམ་ལ་སོགས་པ་རྣམས་ཀྱིས་ནི་མ་ཡིན་ཏེ། ཉ་ནི་ཤ་ཉིད་དུ་འདུ་སོ།། དེ་ལྟ་བས་ན་རྩུ་བ་དང་། སྡོང་བུ་དང་། ལོ་མ ་དང་། མེ་ཏོག་དང་། འབྲས་བུའི་རང་བཞིན་གྱི་བཅའ་བ་ལྔ་འཆོས་ནས་བཟའ་བ་ལྔ་བཟའ་བར་བྱ་སྟེ། སླར་བཟློག་པས་དེ་ནི་སྤངས་པ་ཡིནོ།། ལྷག་མ་དང་བཅས་པའི་ཚིག་ལྔ་སྟེ། རེ་ཞིག་ཐོང་ཞིང་ཅེས་བྱ་བ་དང་། རེ་ཞིག་བྱིན་ཅེས་བྱ་བ་དང་། རེ ་ཞིག་སོང་ཞིག་ཅེས་བྱ་བ་དང་། རེ་ཞིག་ཟོས་ཟིན་ཏོ་ཞེས་བྱ་བ་དང་། རེ་ཞིག་མཆོག་གོ་ཞེས་བྱའོ།། རེ་ཞིག་ཅེས་བྱ་བའི་སྒྲ་དེ་ལྟ་བུ་མེད་དམ་ཚིག་ལྔ་པོ་ལྷག་མ་ལུས་པ་ནི་ཟ་མི་འདོད་པའོ།། ཟ་འདོད་པས་ཀྱང་སྐབས་ཁ་ཅིག་ཏུ་ལྷག་མ་མ་ལུས་པ། ་ཚིག་སྨྲས་ཀྱང་སྤངས་པར་མི་འགྱུར་བ་ཡོད་དེ་གང་ན་ཡོན་བདག་གི་དངོས་པོ་རྣམས་ཟད་པར་མཐོང་ངམ། གཞན་ལ་སྦྱིན་པའི་སེམས་ཀྱིས་བྱིན་ཅིག་ཅེས་བྱའོ།། ལྷག་པོར་མ་བྱས་པར་ཞེས་བྱ་བ་ནི་ནད་པའི་ལྷག་མ་འདོར་བར་བྱེད་པ་ལས། ་དེས་དེ་བདེ་བ་ལ་རེག་པར་གནས་པར་འགྱུར་བ་དང་། སྦྱིན་པར་བྱ་བའི་ཆོས་ཡོངསུ་ལོངས་སྤྱོད་པར་བྱ་བའི་ཕྱིར། རྗེསུ་གནོང་བ་ཡིནོ།། ལག་པ་དག་བསྐལ་ཏེ་བྱིན་ལེན་བྱས་ལ། དགེ་སློང་གང་ཟོས་ནས་སྤངས་པ་མ་བྱས་པ་འམ། སྤངས་པ ་བྱས་ཀྱང་སྤྱོད་ལམ་ལས་མ་ལངས་པ་དེའི་མདུན་དུ་ཅོག་ཙོག་པོར་འདུག་ལ། ཚེ་དང་ལྡན་པ་དགོངསུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཤིང་སྤངས་ཏེ་ཡོངསུ་རྫོགས་ཤིང་མཐར་ཐུག་པར་བགྱིས་པ ་ལས་བཅའ་བ་དང་། བཟའ་བ་འདི་རྙེད་ཅིང་འཚལ་བར་འཚལ་ན་བདག་ལ་ལྷག་པོར་བགྱིས་ཏེ་སྩལ་དུ་གསོལ་ཞེས་བརྗོད་པར་བྱའོ།། དེས་ཀྱང་ཁམ་གཉིས་སམ་གསུམ་ཞིག་བཟའ་ཞིང་། འདི་ཁྱོད་ཀྱིར་གྱུར་གྱིས་སོང་ཞིག་ཅེས་བརྗོད ་པར་བྱའོ།། དེ་ལ་གང་སྤངས་པར་མ་བྱས་པ་དེས་ནི་བཟའ་བར་བྱའོ།། ལྷག་པོར་ཡང་བྱའོ།། དེ་ལས་གཞན་པས་ནི་ལག་པར་བྱིན་པ་ཉིད་ཀྱིས་འདི་ཁྱོད་ཀྱིར་གྱུར་གྱིས་སོང་ཞིག་ཅེས་སྨྲས་ལ་བཟའ་བར་མི་བྱའོ།། གལ་ཏེ་ཟོས་ན་འགལ ་ཚབས་ཅན་དུ་འགྱུར་རོ།། རྣམ་པ་ལྔས་ནི་ལྷག་པོར་བྱས་པ་མ་ཡིན་ཏེ། མཚམས་ཀྱི་ཕྱི་རོལ་དུ་བྱེད་པ་དང་། མི་ཐོབ་པའི་ཕྱོགསུ་འདུག་པ་འམ། རྒྱབ་ནས་བྱེད་པ་འམ། གློ་ནས་བྱེད་པ་དང་། སྤྱོད་ལམ་ལས་ཉམས་པའོ།། དེ་ལས་བཟློག་པ་ལྟས་ནི ་བྱས་པའོ།། ཡང་རྣམ་པ་ལྔ་སྟེ། ཐུ་པར་མ་ཡིན་པ་དང་། ལྷུང་བཟེད་ཀྱི་གཞིར་མ་ཡིན་པ་དང་། སྔར་བསྟན་པའི་དང་པོ་དག་དང་ཐ་མ་དང་ངོ་།། སླར་བཟློག་པ་ལྔས་ནི་བྱས་པའོ།། གཅིག་གིས་ལྷག་བོར་བྱས་ན་ཐམས་ཅད་ཀྱིས་ཀྱང་བཟའ་བར ་བྱའོ།། ལྷག་པར་མེ་བྱས་པར་ཞེས་བྱ་བ་ནི་ལྷག་པོར་མ་བྱས་པ་ཅན་ཞེས་བྱ་བ་སྟེ། ལྷག་པོར་མ་བྱས་ཤིང་མཐར་ཐུག་པར་མ་བྱས་ཞེས་བྱ་བའི་ཐ་ཚིག་གོ།། བཅའ་བ་ཞེས་བྱ་བ་ནི་བཅའ་བ་ལྔའོ།། བཟའ་བ་ཞེས་བྱ་བ་ནི་བཟའ་བ་ལྔ་སྟེ། ་མགུལ་དུ་མིད་ནའོ།། སྤངས་པ་ལ་སྤངས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། ལྷག་པོར་མ་བྱས་པ་མགུལ་དུ་མིད་ན་ལྟུང་བྱེདདོ།། མ་སྤངས་པ་ལ་སྤངས་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ་ཉེས་བྱསོ།། ། ་མི་རུང་བ་ཞིག་ཟོས་ཟིན་པ་ལ་ལྷག་པོར་མ་བྱས་པར་ཟོས་ན་ལྟུང་བྱེད་དོ།། ནད་པ་ལ་ནི་ལྷག་པོར་མ་བྱས་པ་ཟ་འམ། མི་རུང་བ་བ་འམ། ཞག་བདུན་པ་པ་འམ། མྱི་རུང་བ་ལས་སྦྱངས་ཀྱང་རུང་སྟེ། ལྟུང་བ་མེད་དོ།། བཟ་ང། ་ལྔ་མ་གཏོགས་པ་གཞན་ལ་ནི་སྦྱངས་པ་མ་ཡིན་པས་ལྟུང་བ་མེད་དོ།། ཨུཏྤ་ལ་ལ་སོགས་པའི་རྩ་བ་དང་། བྱང་ཕྱོགས་ཀྱི་ཤིང་ཏོག་དང་། ལྷའི་པདྨའི་སྡོང་བུ་ལ་སོགས་པ་ནི་དཀོན་པའི་ཕྱིར་ཟས་ཀྱང་ལྟུང་བ་མེད་དོ།། ཁ་ཅིག་ན་རེ་དེ་ནི་མ ་གི་བྱུང་བའི་ཚེའོ་ཞེས་ཀྱང་ཟེར་རོ།། དེ་བཞིན་དུ་སྦྱངས་སམྦྷ་མ་སྦྱངས་ཀྱང་རུང་སྟེ། མ་སྦྱངས་པར་འདུ་ཤེས་པ་ཡོད་དོ།། ནས་ཐུག་ཇི་ལྟ་བུས་ན་སྤྲིངས་པར་འགྱུར་ཞེ་ན། གང་ལ་ཁ་གཟར་གྱེན་དུ་འགྲེང་བའོ།། སྒྱུ་མྦྷ་ཙི་ལྱཱ་བྷྱས་སྦྱངས་པ ་འགྱུར་ཞེ་ན། གང་ལ་སོར་མ་ཉྫའི་རི་མོ་སྟེང་ན་སྣང་བ་ཡིན་ཏེ། མགུལ་དྷ་ལྟུང་བཱ་ལ་ནི་ལྟུང་བ་མེད།། མཉན་ཡོད་ན་སྟེ། རྒམ་ཞུགས་རབ་ཏུ་བྱུང་བས་རྒྱུན་མ་ཆད་པར་ལྟུང་བ་བྱུང་བ་གླེངས་པས་ནོ་ཁྲོས་ཏེ་སློབ་དབེན་ལ ་ལྷག་པོར་མ་བྱས་པའི་བཟའ་བ་ཟར་བཅུག་པས་ན་ལྔ་པ་བཅ་སོ།། དུས་ཀྱིས་སྟོབས་ཞེས་བྱ་བ་ནི་ཡང་ཡང་མགྲོན་དུ་བྱེད་པའོ།། སྐབས་ཚོལ་ཞིང་ཞེས་བྱ་བ་ནི་བསྟན་པའོ།། འདི་ཉིད་རྣམ་པར་དབྱེ་བ་ནི་ཅེ་ནས་ཀྱང་དགེ་སློང་འདི་ཉེས ་པ་འབྱུང་བར་བྱའོ།། སྙམ་པའི་ཞེས་བྱ་བ་ནི་ལྟུང་བ་དང་བཅས་པར་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་ནི་དབང་དུ་བྱས་པར་འགྱུར་རོ།། དེ་ཉིད་ཅེས་བྱ་བ་ནི་གཞན་དུ་བསམས་ཏེ་ཟེར་བཅུག་པ་ལ་ལྟུང་བ་མེདོ།། སྤངས་པ་ལ་སྤང ་པབར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་རོ།། དེ་བཞིན་དུ་ལྷག་པོར་མ་བྱས་པ་ལྷག་པོར་མ་བྱས་པར་འདུ་ཤེས་པ་རྣམས་པ་དྲུག་ཏུ་སྦྱ་རོ།། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིསོ།། ལྔ་པའོ།། ། ་རྒྱལ་པོའི་ཁབ་ན་ཏེ། ལྷ་སྦྱིན་ལས་བརྩམས་ནས་དྲུག་པ་བཅསོ།། འདུས་ཤིང་ཟ་ན་ཅེས་བྱ་བ་ནི་མི་མཐུན་པར་ཟ་བའོ།། མཚམས་ཀྱི་ནང་དུ་གཅིག་གིས་ཀྱང་མི་མཐུན་པ་མ་ཡིན་གྱི། བཞི་ལ་སོགས་པ་རྣམས་དང་གང་ཟ་བའོ།། ཇི ་ན་མཉམ་པའི་དབང་དུ་བྱས་ཤེ་ན། གང་དང་གང་ལུས་ཀྱི་གོ་བར་བྱེད་པས་ཟ་བ་དེ་ཉིད་ལྟུང་བྱེད་དོ།། ལུས་ཀྱི་ལས་ཀྱི་མཚན་ཉིད་ལས་ན་དེའི་ལྟུང་བའོ།། ཟས་ཀྱི་ཚིག་ལས་བཅའ་བ་རྣམས་ལ་ལྟུང་བ་མེད་གྱི། དེ་དག་ནི་བཟའ ་བ་རྣམསོ།། ན་བ་དུས་སོ་ཞེས་བྱ་བ་ནི་ནད་པ་རྣམས་ལ་ཁྱེའུ་སུས་བྱིན་གྱིས་དགེ་སློང་ཐམས་ཅད་ལ་མ་བྱིན་པས་ན། ནད་པས་ཁྱེའུ་སུས་མ་བླངས་པ་ལས་རྗེསུ་གནང་བ་སྟེ། གང་ཟག་གཅིག་གིས་འཚོ་བར་མི་ནུས་དེ་ཡང་ནད ་པའོ།། ལས་དུསོ་ཞེས་བྱ་བ་ནི་ཐ་ན་ཕྱག་དྲར་རེ་ལྟེ་ཙམ་མམ། དཀྱིལ་འཁོར་བ་མལ་ཙམ་ཆགས་ནས་བ་ལང་གི་ལྕི་བས་སྐྱང་ནུལ་བྱས་པའོ།། ལམ་དུསོ་ཞེས་བྱ་བ་ནི་དཔག་ཚད་གཅིག་གམ་དཔག་ཚད་ཕྱེ་དུ་སོང་ཞིང་སླར་འོངས ་པ་ཡི་ནོ།། གྲུར་ཞུགས་པོ་དུསོ་ཞེས་བྱ་བ་ནི་ལམ་བཞིན་ནོ།། འདུས་པ་ཆེན་པོ་ཞེས་བྱ་བ་ནི་གཙུག་ཕུད་ཀྱི་དུས་སྟོན་ཆེན་པོ་འམ། ལོ་ལྔ་པ་འམ། ལོ་དྲུག་པའི་ཚེ་མང་པོ་ཚོགས་པ་ལ་ཁ་ཅིག་གིས་ནི་ལྔ་ལ་བྱིན། ཁ་ཅིག་གིས་ནི ་བཞི་ལ་བྱིན་པའོ།། དགེ་སྦྱོང་གི་ཟས་དུསོ་ཞེས་བྱ་བ་ནི་ཀུན་ཏུ་འཚོ་བ་ལ་སོགས་པ་ལ་སོགས་པ་ལས་བརྩམས་ཏེ། འདི་ལས་ཕྱི་རོལ་གྱི་ལ་རབ་ཏུ་བྱུང་བ་དེ་དག་ཀྱང་དགེ་སྦྱོང་ཞེས་བྱ་བའི་གྲངས་འགྲོའོ།། མཚམས ་ཀྱི་ནང་ལ་དེར་འདྲ་ཤེས་སམ་ཡིང་གཉིས་ཟ་ན་ཡང་རུང་སྟེ། འདུས་ཤིང་ཟས་ཐོས་ན་ལྟུང་བྱེད་དོ།། མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། ཟོས་ན་ཉེས་བྱསོ།། མཚམས་ཀྱི་ཕྱི་རོལ ་ལམ་མཚམས་ཀྱི་ནང་ཡང་རུང་། མཚམས་ཀྱི་ཕྱི་རོལ་དུ་འདུ་ཤེས་ན་ལྟུང་བ་མེ་དོ།། དེ་བཞིན་དུ་སོ་སོར་ཟ་བ་ལ་སོ་སོར་ཟ་བར་འདུ་ཤེས་པ་ཡང་རྣམ་པ་དྲུག་དུ་བརྗོད་པར་བྱའོ།། གནས་ཁཱདྒ་ལ་རྣམ་པ་གཉིས། གཞིའི་འཇུག་གནས ་དང་ཁང་ཁྱིམ་གྱི་འདུག་གན་སོ།། གཞིའི་འདུག་གནས་ན་ཟ་བ་དག་གི་ཁང་ཁྱིམ་གྱི་འདུག་གནས་ནས་འདིར་གང་ཡང་ཡོངས་སམ་ཞེས་དྲི་བར་བྱའོ།། རྣམ་པ་གཞན་དུ་ན་ཉེས་བྱས།། ཁང་ཁྱིམ་གྱི་གནས་ན་འཁོད་པས་ཀྱང་མ ་རྗེས་པར་མི་མཐུན་པར་ཟོས་ན་ལྟུང་བྱེད་དོ།། གསུམ་མཚུངས་ལ་གཅིག་མི་མཚུངས་པ་དང་། གསུམ་བསྙེན་པར་རྫོགས་ལ། གཅིག་བསྙེན་པར་མ་རྫོགས་པ་དང་། ཁ་ཟས་ཕན་ཚུན་དུ་ཐིམས་པ་དང་། ཐ་ན་ལན་ཚྭ་ལས་རྣམས ་གང་ངམ། རྫམ་ལྡུམ་ལས་སྲན་གཅིག་བྲིམ་པ་དང་། གནས་ས་སརངས་པ་དང་གང་དག་འདོན་འབོད་པ་དེ་དག་ལ་སྦྱིན་ན་ནས་ཟེར་བ་དང་། ནམཁའ་ལེ་ཟ་བ་མ་ནི་ལྟུང་བ་མེད་དེ།། དྲེག་པའོ།། ། མཉན་ཡོད་ན་སྟེ། བཅོཾ་བདུན ་སྡེ་ཟན་མ་ཟོས་པར་ཕྱིར་བྱུང་ནས་ཁྱིམ་པ་རྣམས་ལ་བླངས་ཏེ། དུས་ལས་ཡོལ་བར་ཟོས་པས་ན་བདུན་པ་བཅསོ།། དུས་མ་ཡིན་པར་ཞེས་བྱ་བ་ནི་དུས་མ་ཡིན་པ་རྣམ་པ་གཉིས་ཏེ། སྐྱ་རེངས་མ་ཤར་བ་དང་། ཉི་མ་ཕྱེད་ཡོལ་བའོ།། བཅའོ། ་བ་དང་བཟའ་བ་ཞེས་བྱ་བ་ནི་དུསུ་རུང་བའི་སྨྲ་ནོ།། ཟ་ན་ཞེས་བྱ་བ་ནི་མགུལ་དུ་མེད་པའོ།། དུས་ལས་ཡོལ་བ་ལ་དུས་ལས་ཡོལ་བར་འདུ་ཤེས་ཡིད་གཉིས་ཟ་ན་ཡང་རུང་ལྟུང་བྱེདོ།། དུས་ལས་མ་ཡོལ་བ་ལ་དུས་ལས་མ་ཡོལ་བར་འདུ་ཤེས ་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། ཉེས་བྱསོ།། དུས་ལས་མ་ཡོལ་ལམ་དུས་ལས་ཡོལ་ཡང་རུང་སྟེ། དུས་ལས་མ་ཡོལ་བར་འདུ་ཤེས་ན་ལྟུང་བ་མེད།། དེ་བཞིན་དུ་དུ་སུ་རུང་བའི་སྨན་ལ་དུསུ་རུང་བའི་སྨན་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་རོ།། ་ནད་པ་ལ་སྨན་པའི་ཚོགས་བ་ལང་གི་ལྕི་བའི་ནང་ནས་བྱུང་བའི་ཕྱེའི་སྐྱོ་མ་དང་། ཕར་བས་ཟོས་པའི་མི་གཙང་བ་ནས་བྱུང་བའི་ཤ་ཟོས་པ་ལ་ལྟུང་བར་མེདོ།། གལ་ཏེ་དེ་དག་རང་བཞིན་གྱིས་ཀྱང་ནད་མ་སོས་ན་དུ་སུ་རུང་བ་ཐམས་ཅད་སྦྱིན་པར་བྱའོ།། ་གང་དེས་ཀྱང་སོས་པར་མི་འགྱུར་ནའོ།། གླིང་གསུམ་པོ་རྣམས་དང་། ལྷའི་ཡུལ་རྣམས་ཡང་རུང་། འཛམ་བུའི་གླིང་གི་དུསུ་བཟའ་བར་བྱའོ།། འཛམ་བུའི་གླིང་གི་དུས་མྱ་ལགས་པར་བྲོ་མི་འཚལ་བར་འཚལ་ན་ལྟུང་བར་མི་འགྱུར་བ་མ་མཆིས་སམ། ་ཡོད་དེ། ཤར་གྱི་ལུས་འཕགས་པོ་དང་། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་དགེ་སློང་རང་གི་དུསུ་ཟའོ།། དེ་ལ་ཀུན་ཏུ་སྤྱད་པ་ནི་དགེ་སློང་སྐྱེ་བོ་མང་པོ་ཚོགས་པ་དང་། དུས་ཡོངསུ་ཤེས་པར་བྱས་ལ། ཐོག་མར་འགཎྜཱི་ཆུང་ངུ་བརྡུངས་ཏེ། དེ་ནས་ནད་པ་རྣམས ་ཀྱིས་ཟས་ཕོག་ལ་ལསུ་བསྐོས་པ་རྣམས་ཟན་ཟོས་ཟིན་པ་དང་། གཎྜཱི་བརྡུང་བར་བྱའོ།། གལ་ཏེ་མི་ཐོས་ན་དུང་བསྒྲིལ་མ་བུད་པ་དང་ལྷན་ཅིག་པའི་རྔ་བརྡུང་བར་བྱའོ།། གཎྜཱི་ལ་རྣམ་པ་ལྔ་སྟེ། དགེ་འདུན་ཐམས་ཅད་ཀྱི་ནི ་རྒྱུད་གསུམ་དང་གཏོགས་གསུམོ།། ལས་ཀྱི་གཎྜཱི་སྟེ། རྒྱུད་གསུམ་དང་རྟོག་གཉིས།། ཤི་བའི་གཎྜཱི་བྱི་བོའོ།། སྤོང་བ་ལ་ཞུགས་པའི་གཎྜཱི་ཁར་སི་ལོ།། གནོད་པ་བྱུང་བའི་གཎྜཱི་སྟེ་ཅི་ནུས་བྱ་བའོ།། འདུས་པ་ཆེན་པོའི་མེ་ཐབ་སོར་བྱའོ།། རྒན་རིམ ་ཇི་ལྟ་བ་བཞིན་དུ་སྤྱི་སྤུངསུ་བཤམ་པར་བྱའོ།། རྒན་རིམས་ཇི་ལྟ་བ་བཞིན་དུ་འཁོད་པར་བྱེད་པ་བསྐོ་བར་བྱའོ།། རྙེད་པ་མི་སྙོམས་པ་སྤང་བའི་ཕྱིར་དེ་དག་གིས་ཀྱང་བྱིན་ལེན་གྱི་བྱིན་གྱིས་བརླབས་པ་བྲིམས་པར་བྱའོ།། ཡང་ན་སྤྱན་བྱའོ།། ། ་དེ་དག་གིས་ཀྱང་དང་པོར་བཟའ་བར་བྱའོ།། ཉིས་སྣོད་གཅིག་གི་ནང་དུ་བཟའ་བར་མི་བྱའོ།། ལམ་དུ་ཞུགས་ནུས་སྣོད་མེད་པ་ལ་ལྟུང་བ་མེདདོ།། དེ་ལ་ནི་དགེ་ཚུལ་དང་ཡང་བྱིན་གྱིས་བརླབས་ལ་ལྷན་ཅིག་བཟའ་བར་བྱའོ།། རུང་བར་བྱེད་པ་རྣམ ་ལ་ནི་བཅངས་ཏེ་སྦྱིན་པར་བྱའོ།། ཉེ་དུ་རྣམས་ལྷན་ཅིག་ཟ་བར་འདོད་ནས་དབེན་པའི་ཕྱོགསུ་ཟོས་ན་ལྟུང་བ་མེདདོ།། གོས་གཅིག་པར་བྱས་ཏེ་བཟའ་བར་མི་བྱའོ།། ན་བ་དང་། རྒས་པ་དང་། སྟོབས་ཆུང་བས་རྡུལ་གཟནསྲབ་མོ་འམ། པུས་ཁྱད་གྱོན ་ཏེ་དབེན་པའི་ཕྱོགསུ་བཟའ་བར་བྱ་སྟེ། ལྟུང་བ་མེདདོ།། གལ་ཏེ་དེ་ལྟར་ཡང་མི་ནུས་ན་གོས་གཅིག་པ་ཉིད་ཀྱིསོ།། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་རང་བཞིན་གྱི་སྣོད་དུ་མ་ཡིན་ནོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་གྱི་གནསུ་གལ་ཏེ ་སྣོད་གཞན་ཐོབ་པ་མེད་ན་ལྟུང་བ་མེའོ།། སམ་ཐབ་ཏེ་ཞེས་མ་བརྗོད་ཀྱིས་བར་དུ་དེས་ཐ་ན་ལན་མཙམ་ཡང་མ་བླ་།། འང་བྱིན་ཅིག་འདི་མི་འདོད་དོ་ཞེས་བསྒོ་ཞིང་བཟའ་བར་མི་བྱའོ།། མ་རྒོད་ཆུང་བས་ཆོས་པ་དང་། མེ་དྲོད་ཆེ་བས་རྗེན་པ་སློང ་བ་ལ་ལྟུང་བ་མེདདོ།། སྒྲ་ཆུང་བ་དང་། དང་བར་འགྱུར་བ་དང་། སྤྱོད་ལམ་ཤིན་ཏུ་བསྡམས་པ་དང་ལྡན་པས་ཟས་ཀྱི་དོན་དུ་འཁོད་པར་བྱའོ།། ཟས་ལ་མི་མཐུན་པའི་འདུ་ཤེས་ཉེ་བར་གཞག་ཅིག་དྲན་པ་བརྟན་པར་བྱས་ཏེ་སེམས་རྣམ་པར་མ ་ཡེངས་པར་བཟའ་བར་བྱའོ།། ཟས་བླངས་ནས་དོར་བར་མི་བྱའོ།། ཡང་ན་མ་ལ་སོགས་པ་ལ་སྦྱིན།། ལྷག་པ་ཀུན་དགའ་བར་ཁྱིམ་པ་འམ། བུད་མེད་འོངས་པའང་སོ་སོར་བགྲངས་ཏེའོ།། དུད་འགྲོའི་སྐྱེ་གནསུ་གཏོགས་པ་ལའང་བསམས་བཞིན ་དུ་ཆང་བ་གཅིག་སྦྱིན་པར་བྱའོ།། ལྷུང་བཟེད་ཀྱི་གཞི་ལ་རྐང་པས་རེག་པར་མི་བྱའོ།། མཆིལ་ལྷམ་དང་བཅས་པས་ཟས་བཟའ་བར་མི་བྱའོ།། ནད་པས་ནི་དེའི་སྟེང་དུ་རྐང་པ་དག་བཞག་སྟེའོ།། ཏུག་ཏུག་ཟེར་བ་དང་། ཀུམ་ཀྲུམ་ཟེར་བ་ལ་སོགས ་པ་སྒྲ་འབྱུང་བ་དང་བཅས་པའི་ཟས་བཟའ་བར་མི་བྱ་མོད་ཀྱི། འོན་ཀྱང་ཆུར་སྤངས་ཏེ་བཟའ་བར་བྱའོ།། ནས་ཐུག་སྒྲ་འབྱུང་བར་མི་བཏུ་།། ལ་ཟུག་ཆེན་པོ་བཀྲུས་ལ་བཟའ་བར་བྱའོ།། ཡོན་བཤད་པ་བྱེད་པའི་ཚེ་བཟའ་བར་མི་བྱ ་གང་གིས་མ་ཐོས་པ་ལ་ལྟུང་བ་མེདདོ།། དུས་ཡོལ་ན་ཚིགསུ་བཅད་པ་གཉིས་མཉན་པར་བྱའོ།། དགེ་འདུན་གྱི་གནས་བརྟན་གྱིས་ཀྱང་ཀུན་ཏུ་བལྟ་བར་བྱའོ།། དུད་འགྲོ་ལ་ཆང་བ་གཅིག་སྦྱིན་པ་ཡང་གཤེར་བར་བྱས་ལ་ཅི་ལྟར་བདེ་བར ་སྦྱིན་པར་བྱའོ།། གང་ལ་ཡང་བརྗོད་པར་ནི་མི་བྱའོ།། མགྲོན་དུ་བོས་ན་ཡང་ཚུར་ཤོག་རྣམས་ལས་བགྲང་ངོ་།། སྦྱིན་བདག་གིས་དྲིས་པ་དང་། དགེ་སློང་གིས་བརྗོད་པར་བྱའོ།། གལ་ཏེ་གློ་བཱར་ཏུ་ལྷགས་པའི་དགེ་སྦྱོང་རྣམས ་གདུགས་ཆོད་ལ་བབ་པར་འོས་ན་བརྗོད་པར་བྱའོ།། གལ་ཏེ་བགྲང་བ་རྣམས་ཡུལ་གཞན་དུ་འགྲོ་ན་ཡང་བརྗོད་པར་བྱའོ།། གལ་ཏེ་གདུགས་ཚོད་ལ་བབ་དུ་བྱེད་ལ་དོང་ན་ཡང་ཇེ་ཟན་ཟོ་ལ་དེ་ནས་དེངས་ཤིག་ཅེས་བརྗོད་པར་བྱའོ།། གཎྜཱི ་བརྡུངས་ལ་འདུས་ཏེ་ཅི་བདེར་འཇུག་པར་བྱའོ།། འདུན་གྱི་གནས་བརྟན་གྱི་གལ་ཏེ་དགེ་སློང་མང་བར་གྱུར་ལ་ཁེ་ཟས་ཉུང་ན་སྙོམས་པར་རིམས་ཤིག་ཅེས་བརྗོད་པར་བྱའོ།། གལ་ཏེ་བཟློག་པ་ཞིག་ན་ཅི་འབྱོར་པ་རིམས་ཤིག་ཅེས་བརྗོད ་བར་བྱའོ།། དེ་ནས་ཡོན་བཤད་པ་བྱེད་པ་ན་ཡུད་ཙམ་ཤིག་ངལ་སོ་ལ། འདོད་ན་ཆོས་བཤད་ནས་འགྲོ་བར་བྱའོ།། ཐམས་ཅད་དུ་ཟོས་ནས་ཀྱང་སྨོན་ལམ་ལོག་པ་མི་འགྲུབ་པར་བྱ་བའི་ཕྱིར་ཚིགསུ་བཅང་བ་རེ་རེ་ཀླག་པར་བྱའོ།། འདུན་པའོ།། ། ་མཉན་ཡོད་ན་སྟེ། དགེ་སློང་ནག་པོ་བསོད་སྙོམས་ཀྱི་འབྲས་ཆན་བསྐམས་ཤིང་འཇོག་ལ། ནམ་ཆར་འབབ་པ་ཡུལ་དྲན་པ་སོགས་པ་བྱུང་བའི་ཚེ་ཆུ་དྲོན་མོས་སྤངས་ཤིང་ཟ་བས་ན་བརྒྱད་པ་བཅ་སོ།། སོགས་འཇོག་ཅེས་བྱ་བ་ནི་གང་། ་བདག་གིས་ལག་ཏུ་བྱིན་ལེན་བྱས་ལ། མཚན་མོ་ཞིག་ལོན་པ་འདས་ཀྱི་བཟའ་བར་བཞག་པའོ།། རྣམ་པ་གཞན་དུ་ན་སོག་འཇོག་ལ་རྣམ་པ་གཉིས་ཏེ། སྔ་དྲོ་བའི་ཟས་བྱིན་ལེན་བྱས་པ་ཕྱི་དྲོ་བའི་ཟ་སུ་དང་། ཕྱི་དྲོ་བའི་ཟས་བྱིན་ལེན་བྱས།། ་བ་ཉིད་ཐུན་ཚོད་ལས་འདས་པའོ།། གང་བྱིན་ལེན་མ་བྱས་པར་རེག་པ་ནི་དེ་ལ་དུས་ཅི་སྲིད་ལག་ཉར་བླངས་པའི་ཉེས་པར་འགྱུར་གྱི། སྲོག་འཇོག་གི་ཉེས་པ་ནི་མ་ཡིནོ།། དུས་ལས་འདས་ན་སོག་འཇོག་གི་ཉེས་པར་འགྱུར་རོ།། སོག་འཇོག ་ལ་སོག་འཇོག་ཏུ་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། མགུལ་དུ་མིང་ན་ལྟུང་བྱེའོ།། སོག་འཇོག་མ་ཡིན་པ་ལ་སོག་འཇོག་ཡིན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། ཉེས་བྱསོ།། སོག་འཇོག་མ་ཡིན་པ་འམ ་སོག་འཇོག་ཡིན་པ་ཡང་རུང་། སོག་འཇོག་མ་ཡིན་པར་འདུ་ཤེས་ན་ལྟུང་བ་མེད།། བྱིང་གི་སྒྲ་མི་སྙན་དུ་སོག་འཇོག་བྱས་པ་དང་། ལག་ཉར་བླངས་པ་དང་། བྱིན་ལེན་མ་བྱས་པ་ལ་ལྟུང་བ་མེདདོ།། གལ་ཏེ་འདི་ནས་བླངས་ཏེ་དེར་སོང་ན ་ལྟུང་བའོ།། དགེ་སློང་ལ་སོག་འཇོག་རྣམ་པ་གསུམ་པོ་རྣམས་ཀྱིས་ཏེ། དགེ་འདུན་གྱིས་དང་།། དགེ་སློང་གིས་དང་། བསླབ་པ་འབྱིན་པས་ཀྱང་ངོ་།། དགེ་སློང་མ་ལ་བཞི་པོ་རྣམས་ཀྱིས་ཏེ། དགེ་སློབ་མས་ལྷག་པར་བྱས་པའོ།། གཉིས་པོ་དག ་གོགིས་སོག་འཇོག་ཏུ་མི་འགྱུར་ཏེ། ངོ་ཚ་མེད་པས་རི་མོར་མི་བྱེད་པ་དང་། ངོ་ཚ་ཡོད་ཀྱང་དྲན་པ་ཉམས་པའོ།། དགེ་ཚུལ་ལ་སོགས་པ་རྣམ་པ་བལྟོས་པ་དང་བཅས་པས་བྱིན་ལ་བལྟོས་པ་དང་བཅས་བཞིན་དུ་ཟོས་ན་ཉེས་བྱས་དང་ལྟུང ་བྱེད།། བལྟོས་པ་དང་བཅས་བཞིན་དུ་བྱིན་ལ་བལྟོས་པ་མེད་པར་ཟོས་ན་ཉེས་བྱས་ཉིད་དོ།། བལྟོས་པ་མེད་པར་བྱིན་ལ་བལྟོས་པ་དང་བཅས་པར་ཟོས་ན་ལྟུང་བྱེད་ཉིད།། གཉི་ག་ལ་བལྟོས་པ་མེད་ན་གཉི་ག་ལ་ལྟུང་བ་མེད།། སོག་འཇོག་གིས ་འབགས་པའི་ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་། ཁ་གཟར་དང་། ཁམ་ཕོར་དང་། ལྷུང་བཟེད་ཀྱི་སྣོད་དང་། ཆོས་གོས་ཀྱི་གདང་ཤིང་དང་། ཁར་སིལ་དང་། ཐ་ན་ལྡེ་མིག་ཀྱོག་པོ་སྤྱོད་པ་དང་། ཁ་སོག་འཇོག་དང་བམ་པ་དང་། ་ལག་པ་དག་སོག་འཇོག་དང་བཅས་པས་ཟོས་ན་ཐམས་ཅད་དུ་ཡང་ལྟུང་བྱེད་དོ།། ཁ་སོག་འཇོག་དང་བཅས་བཞིན་དུ་ཆུ་འཐུངས་ན་ཉེས་བྱསོ།། ཁེ་བཤལ་ཏེ་བོར་བ་ལ་ལྟུང་བ་མེད་དོ།། དེ་ལས་གཞོན་པ་མེད་ན་ནད་པ་ལ་སོགས ་པའི་སོག་འཇོག་བྱས་པའི་མར་ལ་སོགས་པ་ཡང་སྦྱིན་པར་བྱའོ།། ཆུ་དང་འོ་མ་ལ་སོགས་པའི་རྒྱུན་ལྷུང་བཟེད་ཀྱི་ནང་དུ་ལྷུང་བ་རྣམས་ཀྱིས་སོག་འཇོག་ཏུ་མི་འགྱུར་ཏེ། ཞུ་བ་ཐམས་ཅད་ནི་འོག་ཏུ་འགྲོ་བའོ་ཞེས་གསུངས་པའི ་ཕྱིར་རོ།། དགེ་ཚུལ་ལ་སོགས་པས་ལམ་རྒྱགས་བཀུར་བར་བྱ། དབབ་པར་བྱ་བ་ཡང་ངོ་།། དེས་བྱིན་གྱིས་བརླབ་པ་བྱས་ལ་ངལ་སོར་གཞུག་གོ།། ཆོམ་རྐུན་ལ་སོགས་པས་འཇིགས་ཏེ་དེ་དག་གིས་བོར་ན་རང་ཉིད་ཀྱིས་ཁྱེར་ནཱ ་སོག་ལོ་གྲཱྀ་གཱིཉིས་པར་མི་འགྱུརོ།། ཆུ་རྒལ་བའི་ཕྱིར་བྱིན་གྱིས་བརླབས་ལ་བརྒྱལ་བདྨ་བྱའོ།། ཛོལྟར་གཉིས་ཀར་མ་ནུས་ན་བྱིན་གྱིས་བརླབ་ཀྱང་ཉེས་པ་མེདོ།། དགེ་འདུན་གྱིས་གསང་ཤིང་རྟ་ལས་སྐྱེད་པའི་གྲོགས་བྱའོ།། ཤིང ་རྟ་ལ་ཁ་ལོ་བའི་སྟན་མ་གཏོགས་པར་ནད་པ་ཞོན་པར་བྱའོ།། དེ་བཞིན་དུ་ཀྲུ་ལ་ནི་རུ་སྐྱ་འཛིན་པའི་སྟན་མ་གཏོགས་པའི་འདུག་པའོ།། དེ་བཞིན་དུ་ཁུར་བཏེག་ཅིང་དབབ་པ་ཡང་ངོ་།། བྱིན་གྱིས་བརླབས་པ་གཉིས་རེས་ཀྱིས་ཁྱེར་བར ་བྱའོ།། འོན་ཀྱང་འབྲུ་རྣམས་ཕྱི་རོལ་དུ་བོར་བ་ལ་གཞན་མེད་ན་རང་གིས་ནང་དུ་གཞུག་པར་བྱའོ།། གཞན་མེད་ན་བདག་ཉིད་ཀྱིས་ལམ་རྒྱགས་བཀུར་བར་བྱའོ།། དེ་ནས་ཡོངསུ་བརྗེས་ལ་བཟའ་བར་བྱའོ།། དེ་ཡང་མེད་ན་གཉིས་བགོས ་ལ་གཅིག་བསྙེན་པར་རྫོགས་པ་ལ་བྱིན་ཏེ། དེ་ནས་བརྗེས་པ་བཟའ་བར་བྱའོ།། དེ་ཡང་མེད་ན་ཉི་མ་གཅིག་ཟན་བཅད་པར་བྱའོ།། ཉི་མ་གཉིས་པ་ལ་སྟེགས་པར་གང་བཟའ་བར་བྱའོ།། གསུམ་པ་ལ་གཉིས་སོ།། བཞི་པ་ལ་ནི་སྲིད་ཆོག ་གི་བར་དུའོ།། ལམ་རྒྱགས་མེད་དམ་སྦྱིན་པ་ཡང་མེད་པ་དང་། རུང་བ་བྱེད་པ་མེད་ན་བྱིན་ལེན་མ་བྱས་ཀྱང་ཤིང་ལྗོན་པ་ལ་འཛེགས་ཏེ་འབྲས་བུ་བླུགས་ལ་བཟའ་བར་བྱའོ།། དགེ་འདུན་གྱིས་མར་ལ་སོགས་པ་ཟངས་ནས་ལུད་ཅིང ་འབོ་ལ་གཞན་མེད་ན་ཐབས་ཅིས་ཀྱང་རུང་གཟུང་བར་བྱའོ།། དེ་བཞིན་དུ་གང་ཟག་གི་སྨན་ལ་སོགས་པ་གཞན་མེད་ན་སོག་འཇོག་གི་ཉེས་པ་ཡོད་པ་མ་ཡིནོ།། གང་ཕོངས་པའི་ཚེ་རྗེསུ་གནང་བ་རྣམས་ཏེ། དེ་ནི་མི་ཕོངས་པའི་གནས ་སྐབསུ་མི་བྱའོ།། མར་གྱི་བུམ་པ་ལ་སོགས་པ་ལ་མི་ཤེས་ཏེ། ཚོན་གྱིས་ཡིནོ་སྙམས་དུ་ཤེས་ནས་རེག་ཀྱང་སོག་འཇོག་མ་ཡིནོ།། གལ་ཏེ་ཐེམ་སྐས་ལ་རིམ་པ་ཉུང་བར་འཛེགས་ན་སླར་བབས་ལ་ས་ལ་ལེགས་པར་གཞག་པར་བྱའོ།། ་གལ་ཏེ་རིམ་པ་མང་དུ་འཛེགས་ན་སྟེང་དུ་ཞག་གོ།། ལག་པ་དག་དང་ཁ་བཀྲུས་ལ་བཏུང་བར་བྱའོ།། ཁ་ནི་རྟག་ཏུ་ཟང་ཟིང་དང་བཅས་པ་ཡིན་པས་དེ་ལ་ཟང་ཟིང་མེད་པར་སུས་ཀྱང་ཇི་ལྟར་མི་ནུས་མོད་ཀྱི་འོན་ཀྱང་བ་ལང་གི་ལྕི་བས་སྦྱངས ་ཏེ་ཆུ་ཁུར་བ་གཉིས་སམ། གསུམ་ཙམ་གྱིས་བཤལ་ཏེ་བོར་ལ་བཏུང་བར་བྱའོ།། ལྷུང་བཟེད་ལའང་བསམ་ནས་ལན་གཉིས་ལན་གསུམ་དུ་བཀྲུ་བར་བྱའོ།། གལ་ཏེ་དེ་ལྟ་ན་ཡང་སྣུ་མ་ན་གང་དེ་ཁའི་ཡང་དག་པའི ་ཐ་སྙད་དུ་བྱ་བ་ཉིད་ཀྱིས་བཟའ་བར་བྱའོ།། ལྷུང་བཟེད་ཀྱི་བུ་གར་འབྲས་ཅན་ལ་སོགས་པ་སོག་འཇོག་མཐོང་ན་ཤིང་བུས་བྲུང་དེ་བོར་ལ་ཆུ་གསུམ་གྱིས་བཤལ་ལ་བཟའ་བར་བྱའོ།། ལྷུང་བཟེད་འཕྲན་ཕོ་ནས་ཁུ་བ་ཚ་བ་བླུགས་པས་སྔོན ་གོས་པའི་སྣུམ་ལངས་ཤིང་ཀུན་ཏུ་སྣང་ན་མེད་པར་བྱས་ལ་བཟའ་བར་བྱའོ།། རུང་བར་བྱས་ཀྱང་གལ་ཏེ་ཉི་མ་གཉིས་པ་ལ་སྣུམ་ལངས་ན་ཉེས་པ་མེད་དོ།། དགེ་སློང་དང་དགེ་སློང་མ་རྣམས་ཀྱིས་སོག་འཇོག་བྱས་པ་ཕན་ཚུན་བྱིན་ལེན་བྱས ་ལ་བཟའ་བར་བྱའོ།། དགེ་སློང་མ་ལ་སོགས་པའི་ཟས་དགེ་སློང་གིས་སྦས་པ་ལས། དེ་དག་གིས་དེ་ལ་བདར་ཏེ་ཕྱིན་ན་སོག་འཇོག་མ་ཡིན་ཏེ། ལྟུང་བ་མེ་དོ།། བརྒྱད་པའོ།། །། མཉན་ཡོད་ན་སྟེ། དགེ་སློང་ནག་པོ་ཆེན་པོ་ཐམས་ཅད ་ཀྱང་དུར་ཁྲོད་པོ་ཡིན་ཏེ། ཟས་ལྔ་པོ་དག་རང་གིས་བླངས་ཤིང་ཟ་བ་དང་། དེ་ལ་མི་ཤ་ཟའོ་ཞེས་མི་སྙན་པའི་སྒྲ་སྒྲོགས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་བྱེད་དུ་བཅུག་ནས་བཟའ་བར་བྱའོ།། ཟ་ན་དེ་ཉིད་དབང་པོར ་འགྱུ་རོ་ཞེས་བྱ་བའོ།། དྲུག་སྡེ་རྣམས་བྱིན་ལེན་བྱས་ཀྱང་རུང་མ་བྱས་ཀྱང་རུང་ཟ་བས་ན་དགུ་པ་བཅསོ།། མ་བྱིན་ཞེས་བྱས་པ་ནི་བྱིན་ལེན་མ་བྱས་པ་ཡིན་ཏེ། ཆོས་མཐུན་པ་རྣམས་དང་། བསླབ་པ་བྱིན་པ་དང་། དགེ་སློང་དང་དགེ་སློང་མ་དང ་དགེ་ཚུལ་དང་དགེ་ཚུལ་མ་རྣམས་སམ། དེ་ལས་གཞན་གང་ཡང་རུང་བ་ཐ་ནཱ་སྤྲེའུ་དང་། དོམ་ནས་གླང་པོ་ཆེ་ཅང་ཤེས་ཀྱིས་ཀྱང་རུང་སྟེ། གང་ལ་ཉེར་ལེན་ཤེས་པ་ཡོད་ན་བྱིན་ལེན་བྱེད་པའང་དེ་དག་ལ་ཡོད་དོ།། ཁས་བླངས་པའི་བསྒྲུབ ་པ་བྱིན་པས་དེ་རྣམས་ཉིད་ལ་བྱིན་ལེན་བྱས་པར་འགྱུར་གྱི།། གཞན་རྣམས་ལ་ནི་མ་ཡིན།། དེ་བཞིན་དུ་ཁྲུས་མ་བླངས་པའི་བསླབ་པ་བྱིན་པསོ།། ཁས་བླངས་པས་བྱིན་ལེན་བྱས་པ་དེ་རྣམས་ཉིད་ཟ་བ་རུང་གིས་གཞན་རྣམས་ལ་ནི་མ་ཡིན།། ་བཞིན་དུ་ཁས་མ་བླངས་པས་བྱིན་ལེན་བྱས་པ་ཡང་ངོ་།། རྣམ་པ་བཞིས་ན་བྱིན་ལེན་བྱས་པར་འགྱུར་ཏེ། སེམས་ཀྱིས་བསམས་པར་གྱུར་པ་དང་། བྱིན་པར་བྱེད་པ་ཡང་སོ་སོར་ཉེ་བར་གནས་པར་གྱུར་པ་དང་། རང་གི་ལག་གིས་བླངས ་པ་དང་། གནས་ཉེ་བར་བསྟན་པའོ།། ལུས་ཀྱི་འབྲེལ་པ་ལ་འམ། འབྲེལ་པས་འབྲེལ་པ་ལ་འམ། མ་འབྲེལ་པ་ལ་ཡངངོ་།། བྱིན་ལེན་བྱས་པ་ལྔ་སྟེ། ལུས་ཀྱིས་ལུས་ལ་དང་། ལུས་དང་འབྲེལ་པས་ལུས་ལ་དང་། ལུས་ཀྱིས་ལུས་དང་འབྲེལ་བ། ་ལ་དང་། ལུས་དང་འབྲེལ་པས་ལུས་དང་འབྲེལ་པ་དང་། འདིར་ཉེ་བར་ཞོག་ཅེས་བྱ་བ་སྟེ། སྤོང་བའི་ཡུལ་ན་དཀྱིལ་འཁོར་བྱས་ན་ལྷུང་བཟེད་བཞག་ལ་འདིརྱ་བོར་ཅིག་ཅེས་བྱ་བའི་རྣམ་པས་བྱའོ།། གཞན་ཡང་ལག་པ་བཀན་པར་བྱིན ་ལེན་རྣམ་པ་ལྔ་སྟེ། མན་ཤེལ་དང་། ཁྲི་དང་ཁྲིའུ་དང་། ཐུ་བ་དང་། ལྷུང་བཟེད་ཀྱི་གཞིའོ།། རྒྱུ་ལྔ་པོ་རྣམས་ཀྱིས་ནི་བྱིན་ལེན་མ་བྱས་པ་ཡིན་ཏེ། མཚམས་ཀྱི་ཕྱི་རོལ་ཏུ་འདུག་པ་དང་མི་ཐོབ་པའི་ཕྱོགས་ན་འདུག་པ་དང་། གློ་ནས་བྱེད་པ་དང་། ་རྒྱབ་ནས་བྱེད་པ་དང་། ལག་པ་ཁས་བུབ་པ་རྣམས་ཀྱི་ཀྱང་བྱིན་ལེན་བྱེད་པའོ།། ལྔ་པོ་དེ་སླར་བཟློག་པ་ནི་བྱིན་ལེན་བྱས་པའོ།། ཁ་ཅིག་ན་རེ་ཆོ་ག་མ་ཡིན་པས་བྱིན་ལེན་བྱས་ན་ཉེས་བྱསོ་ཞེས་ཟེ་རོ།། བྱང་གི་སྒྲ་མི་སྙན་དུ་བྱིན ་ལེན་མ་བྱས་པར་བཟའ་བར་བྱའོ།། སྤྱི་ཕུངསུ་ཟས་བསྐྱས་པ་ལས་མེ་ཤོར་ཏོ།། བོར་ནས་དོང་ཡང་སྦྱིན་བདག་གི་སེམས་ཀྱིས་བཏང་བ་ཡིན་གྱིས་གདུག་ཚོད་ཡོལ་དུ་བྱེད་ན་བྱང་གི་སྒྲ་མི་སྙན་གྱི་དུས་ཉིད་དུ་བཟའོ།། བྱིན་ལེན་བྱས་པར་གང ་བྱིན་ལེན་མ་བྱས་པ་ལྟུང་ན་བྱིན་ལེན་བྱེད་པ་ཡོད་ན་སླར་བྱིན་ལེན་བྱའོ།། མེད་ན་དེ་ཉིད་དབྱུང་བར་བྱའོ།། འབྲས་ཆན་གྱི་ནང་དུ་ཁུ་བ་འམ་ཁུ་བ་མ་ཡིན་པ་ཡང་རུང་ལྷུང་ན་མང་དུ་བཞམས་ཏེ་དབྱུང་།། བྱིན་ལེན་བྱས་པ་ཁྱིམ་པས་རེག་ནཱ་སླར ་ཡང་བྱིན་ལེན་བྱའོ།། བྱིན་ལེན་བྱས་པའི་སྟེང་དུ་གང་བྱིན་ལེན་མ་བྱས་པ་བཞག་ན་དེས་མང་དུ་གསལ་ལ་ལོངས་སྤྱད་པར་བྱའོ།། རྡུལ་རྣམ་པ་ལྔ་སྟེ། སོག་འཇོག་དང་། སོག་འཇོག་མ་ཡིན་པ་དང་། རུང་བ་དང་། མི་རུང་བ་དང་། རྡུལ་ཉིད་རྡུལ ་ཡིན་དེ་མི་སྣང་ན་དེ་ཐམས་ཅད་རུང་བ་ཡིན་གྱི་བྱིན་ལེན་མ་བྱས་ཀྱང་ཐམས་ཅད་སྦྱད་པར་བྱའོ།། རྣམ་པ་གཞན་དུ་ན་ཡང་ལྔ་སྟེ། ཟས་དང་། བཏུང་བ་དང་། གོས་དང་། མེ་ཏོག་དང་། འབྲས་བུའི་རྡུ་ལོ།། བྱིན་ལེན་བྱས་པའི་སེམས་ཉེ་བར་བཞག ་ནས་ལྷུང་བཟེད་དང་། ལྷུང་བཟེད་ཀྱི་གཞི་གཞན་དུ་འོར་ཅིག་ཅེས་བྱ་བ་ལས་གཞོན་དུ་ལྟུང་ན་བྱིན་ལེན་བྱས་པ་ཉིད་དོ།། རང་གི་ཉེ་བར་བླངས་ནས་ནི་བྱིན་ལེན་མི་བྱའོ།། ནང་པ་ལ་ནི་བྱིན་ལོན་མ་བྱས་ཀྱང་མར་དང་། འབྲུ་མར་བྱིན་པ་པོས ་ན་སྦྱིན་པར་བྱའོ།། ནང་པ་སྦྱོར་མ་བཟོད་ན་བསྙེན་པར་མ་རྫོགས་པས་བསྟོད་པར་བྱའོ།། ཁ་ནས་མིད་པ་ཞེས་བྱ་བ་ནི་མགུལ་དུ་མེད་པའོ།། དེ་ལྟ་བས་ན་དེ་ཉིད་ཀྱི་ཕྱིར་གསུང་བ་དང་། ལག་པ་དག་བསྙལ་ལ་བྱིན་ལེན་མ་བྱས་ཀྱང་སྣར་བླུགས་པའི ་ལས་བྱའོ་ཞེས་བྱ་བའོ།། ཆུ་དང་སོ་ཤིང་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་ལ་ཆུ་གཏན་ལ་དབབ་པར་བྱ་སྟེ། གང་རྙོག་པ་ཅན་དེར་གདོང་མི་སྣང་བ་དེ་ལ་བྱིན་ལེན་བྱའོ།། ཀོ་ཏ་ཀའི་འབྲས་བུ་འམ། ཟན་གྱི་ཆང་བུ་སྣུམ་གྱིས་བསྐུས་པ་བཅུག་ལ་སོ་སོར་བརྟག ་པར་བྱའོ།། དེ་བཞིན་དུ་ཆུ་གང་ལན་ཚྭ་ཅན་ནམ། བ་ཚ་ཅན་ནམ། རྐྱེན་གང་གིས་ནུས་པས་ཀྱང་རུང་སྟེ། དེ་གང་གིས་བྱ་བ་རུང་བར་འགྱུར་བ་ཡང་ངོ་།། གང་རྫིང་བུ་ན་འབྲས་ཆན་གྱི་ཚིགས་མ་ལ་སོགས་པའི་ཁ་ཟས་ཡོད་པ་དེས་ཆུ་ཚགས་དང་། ་བུམ་པ་ལ་སོགས་པ་རེག་ཀྱང་རུང་བ་མ་ཡིན་ནོ།། གང་ཞོའི་ཚིགས་མ་འམ། སྟེང་ཞག་ཏུ་ཆགས་པའི་ཆུ་དེ་ལ་ཕན་ཚུན་དཀྲུགས་ལ་བླང་བར་བྱ་སྟེ། ཁ་ཟས་དེས་ནི་ཁ་ཟས་ཀྱི་བྱ་བ་བྱེད་མི་ནུ་སོ།། ལམ་གྱི་བགྲོད་པར་ཞུགས་པ་ལས་ཁྲོན་པ་ནས་ཟོ་ཆུན ་རྣམས་ཀྱིས་བཅུས་པའི་ཆུ་སོ་སོར་བརྟགས་པ་ནི་བྱིན་ལེན་མ་བྱས་ཀྱང་རུང་སྟེ། དུས་དང་དུས་མ་ཡིན་པར་ཡང་བཏུང་བར་བྱའོ།། དེ་ནི་གཙང་བའི་སྒོ་ཡིན་ནོ་ཞེས་བྱས་ལ། བྱ་མ་བུམ་གྱི་ནང་དུ་ཡང་བླུགས་པར་བྱའོ།། དེ་བཞིན་པསྟི་གནས་དང་།། ་ཆུ་མིག་འབགས་པ་ནས་ཀྱང་ཞོའི་ཚིགས་མ་དང་ལྡན་པ་དང་། ལམ་གྱི་བསྟི་གནས་དང་། བྲག་ལ་སོགས་པ་ནས་ཀྱང་དེ་བཞིནོ།། དེ་དག་ཐམས་ཅད་ཀྱང་ཕོངས་པའི་ཚེ་རྗེསུ་གནང་ངོ་།། བུམ་པ་ལྔ་སྟེ། དེ་ལ་བཤང་བ་དང་། གཅི་བ་དང་། ཆང་གི་བུམ ་པ་ནི་ཉེ་བར་བཞུག་པར་མི་བྱའོ།། ཉེ་བར་བཞག་ན་ཡང་ཐག་རིང་པོར་དོར་བར་བྱའོ།། འབྲུ་མར་དང་མར་གྱི་བུམ་པ་ནི་མེར་སྲེགས་ན་བ་ལང་གི་ལྕི་བས་རུང་བར་བྱས་ནས་ཆུ་བཅུས་ཏེ་དུས་དང་དུས་མ་ཡིན་པར་ཡང་བཏུང་ངོ་།། ་ཡང་ན་ཆུའི་རྫིང་བུའི་ནང་དུ་གཞུག་གོ།། ལྷུང་བཟེད་ངམ་དེ་ལས་གཞན་དུའང་རུང་སྟེ། ཟས་ལ་བྱ་རོག་གིས་ཀྱང་རེག་པ་དང་། མཆུའི་ཐན་ཁོར་ཉེ་ཚེ་བསལ་ཏེ་ལོངས་སྤྱང་བར་བྱའོ།། མི་གཙང་བའི་སྦྲང་བུས་རེག་པ་ལ་ཉེས་པ་མེད་པ་བཞི་ནོ།། བྱ་མ་བུམ ་ནས་ཆུ་བཏུང་བར་མི་བྱ་མོད་ཀྱི་འོན་ཀྱང་ལག་པ་དག་དང་ཁ་བཀྲུས་པསོ།། བྱ་མ་བུམ་གྱིས་དགབ་པའི་ཤིང་ངམ། རྡོ་ལས་བྱས་པའི་རང་བཞིན་བཅང་བར་བྱའོ།། གལ་ཏེ་ཉུང་ན་ལོ་མར་ཆུ་བཏུང་བར་བྱའོ།། བྱིན་ལེན་བྱེད་པ་མེད་ན་ལོ་མ་ལྷག་པརོ།། ་དེ་ཡང་མེད་ན་ཡལ་གྲོ་ལ་ཆགས་པ་ཉིད་ཀྱི་ལོ་མ་ལ་སོ།། དེ་ཡང་མེད་ན་ཕྱོགས་གཅིག་ཏུ་སོང་ལ་བྱ་མ་བུམ་གྱིསོ།། སོ་ཤིང་གཏན་ལ་དབབ་པར་བྱ་སྟེ། སོ་ཤིང་ལ་ཕན་ཡོན་ལྔ་ཡོད་དེ་མཁྲིས་པ་འདྲེན་པར་བྱེད་པ་དང་། བང་ཀན་འདྲེན་པར་བྱེད ་པ་དང་། ཁ་སྦྱོང་བར་བྱེད་པ་དང་། ཟས་ཡི་ཁ་འབྱེད་པར་བྱེད་པ་དང་། མིག་ལ་ཕན་པའོ།། སོ་ཤིང་ལ་རྣམ་པ་གསུམ་སྟེ། ཆེན་པོ་ནི་སོར་བཅུ་གཉིསོ།། ཆུང་ངུ་ནི་སོར་བརྒྱ་།། འབྲིང་ནི་འདིར་བར་མའོ།། ལག་པ་དགྲ་བཀྲུས་ལ་སོ་ཤིང་བཀྲུས་ཏེ ་བཟའ་བར་སོ་ཐུང་ནས་ཀྱང་བཀྲུས་ཏེ་དོར་བར་བྱའོ།། ཆུ་མེད་ན་བྱེ་མ་ལ་སོགས་པས་དྲུ་།། ཅི་ལྟར་དགེ་སློང་སྔོན་སྦྲུལ་གདུག་པ་ཅན་དུ་གྱུར་པའི་གཏམ་རྒྱུད་བལྟ་བར་བྱའོ།། དེ་ཡང་མང་པོ་རྒྱུ་བའི་ཕྱོགསུ་མ་ཡིན། རྩིག་པ་དང་། ཤིང་ལྗོན་པའི ་དྲུང་ཀུན་ཏུ་སྟེ། ཡོངསུ་ལོངས་སྤྱོད་པའི་སར་མ་ཡིན། གཞོན་ནུ་ངག་གིས་གནས་བརྟན་གྱི་དྲུང་དུ་སོ་ཤིང་དོར་བར་མི་བྱའོ།། དབེན་པར་བྱ་བ་རྣམ་པ་གསུམ་སྟེ། བཤང་བ་དང་། གཅི་བ་དང་། སོ་ཤིང་ངོ་གནས་བརྟན་རྣམས་ཀྱིས་ནི་ཆོལ་བཟངས།། ་བཅང་ངོ་།། དེ་མེད་ན་ཝ་ཁའི་ཁྲུ་གང་ཁོར་ཡུག་ཏུ་འདུག་ལ་པགས་ཀྱི་དལ་བུས་སོ་བྲུད་ཅིང་དེ་བཞིན་དུ་ལྕེ་ཡང་བཞག་པར་བྱའོ།། རྣོན་པོས་ནི་མ་ཡིན་ནོ།། ལྕེ་བཞར་བ་ར་གན་དང་། ཟངས་དང་། ཁར་བ་དང་། ལྕགས་ཀྱི་རང་བཞིན་ལས་བྱའི ་གསེར་ལ་སོགས་པའི་རང་བཞིན་ནི་མ་ཡིན་ནོ།། དེ་ཡང་མེད་ན་སོ་ཤིང་བཀས་ལ་ཕན་ཚུན་ཟུར་ནང་དུ་དྲུད་དེ་ལྕེ་བཞར་བར་བྱའོ།། སེ་གོལ་བརྡབས་ལ་སོ་ཤིང་དོར་བར་བྱའོ།། དེ་བཞིན་དུ་མཆིལཱ་མ་ཡང་ངོ་།། སོ་ཤིང་མེད་ནཱ་རི་ལུ་འམ་པ ་ལང་གི་ལྕི་བས་ཁ་རུང་བར་བྱས་ལ་ལོངས་སྤྱད་བར་བྱའོ།། འདི་ལ་འགྱོད་པར་མི་བྱའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། བྱིན་ལེན་མ་བྱས་པ་ལ་བྱིན་ལེན་མ་བྱས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ་ཟློས་ན་ལྟུང ་བྱེད།། བྱིན་ལེན་བྱས་པ་ལ་བྱིན་ལེན་མ་བྱས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ་ཉེས་བྱསོ།། བྱིན་ལེན་མ་བྱས་སམ་བྱིན་ལེན་བྱས་ཀྱང་རུང་སྟེ། བྱིན་ལེན་བྱས་པར་འདུ་ཤེས་ན་ལྟུང་བ་མེ་།། མཱར་ལ་སོགས་པའི ་བུམ་པོ་བྱིན་ལེན་བྱས་ལ་དགེ་སློང་གིས་ཀྱང་བྲིམ་པར་བྱའོ།། དེ་བཞིན་དུ་ཤིང་ཏོག་ཀྱང་ངོ་།། གལ་ཏེ་ཁྱིམ་པ་འདྲིམ་ན་ཡང་དགེ་སློང་རྣམས་ཀྱི་སྔར་གཟུང་།། ཕྱིས་ནི་ཁྱིམ་པསོ།། བཏང་བའི་ཚེ་ནི་སླར་བཟློག་པའོ།། དགེ་སློང་རྣམས་ཀྱིག ་བྱིན་པ་དེ་ནི་དེ་དག་ལ་དེ་ཉིད་བྱིན་ལེན་བྱས་པ་ཡིནོ།། གང་གཞན་ཁྱིམ་པས་བྱིན་པ་དེ་ལ་ནི་བྱིན་ལེན་བྱའོ།། ཤིང་ཐོག་ལ་ཡང་རྣམ་པ་གསུམ་དུ་སྟེ། གཅེས་པ་དང་། ཁར་མ་དང་ཐ་མ་སྟེ། རྙེད་པ་མི་སྙོམས་པ ་ཡོད་པའི་ཕྱིར་རོ།། གང་འདྲིམ་པ་དེ་དག་གི་དྲུང་ན་འདུག་པས་ནོད་པར་བྱའོ།། སྟན་ལས་མ་འཕགས་པས་ཅི་སྲིད་དུ་ལེན་པར་ནུས་པ་དེ་ནི་བྱིན་ལེན་བྱས་པ་ཉིད་ཡིན་ནོ།། དེ་ལས་གཞན་དུ་ན་ནི་བྱིན་ལེན་བྱའོ།། དགུ་པའོ།། །། སཾར ་སྐྱའི་གཞི་ནཽ་སྟེ། དྲུག་སྡེ་རྣམས་མིང་ཆེན་གྱི་ཁྱིམ་དུ་ཟ་བ་ལས་དེ་ན་ཅི་ཡང་མེ་དོ་ཞེས་ཏེ། ཁྱིམ་གཞན་རྣམས་ནས་འོ་མུ་ལ་སོགས་པ་ཁྱེར་ཏི་འོངས་ནས་ཟོས་པའི་ཕྱིར་བཅུ་པ་བཅསོ།། ཤ་སྐ་མོ་ཞེས་བྱ་བ་ནི་ཤའི་ཁྱད་པའོ།། ་བོབདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཞན་གྱི་ཕྱིར་བླངས་པ་ལ་ཉེས་པ་མེད་དོ།། གཞན་གྱི་ཁྱིམ་རྣམས་ནས་ཞེས་བྱ་བ་ནི་ཉེ་དུའི་ཁྱིམ་རྣམས་ནས་ལྟུང་བ་མེད་པར་བསྟོན་ཏོ།། བསླངས་ཏེ་ཞེས་བྱ་བ་ནི་མ་བསྟབས་པར་ཡང་བདག ་གམ་གཞན་རྣམས་ཀྱིསོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། མི་ན་བས་བསླངས་ལ་མི་ནུ་བས་ཟོས་ན་ཉེས་བྱས་དང་ལྟུང་བྱེད་དོ།། མི་ན་བས་བསླངས་ལ་ན་བས་ཡོངསུ་ལོངས་སྤྱོད་ན་ཉེས་བྱས་ཉིད་དོ།། ནདེ་པས་བསླངས་ལ་མིན ་བས་ཟོས་ན་ལྟུང་བྱེད་དོ།། བཞི་པ་ནི་ལྟུང་བ་མེད་པ་མེད་པའོ།། བསོད་སྙོམས་ཁྱེར་ཏེ་འོངས་པ་ལས་སྲིང་མོ་ཆོག་གོ་ཞེས་སྨྲས་ནའོ་ན་ཅི་བཞེད་ཅེས་ཟེར་བ་དང་། བསྟབས་པ་ཡིན་པར་བརྗོད་པར་བྱའོ།། དེ་ན་གང་འདོད་པ་དེ ་བསླང་བར་བྱའོ།། སྦྱིན་བདག་གི་ཅི་ལྟར་བདེ་བར་བྱས་པ་ཡིན་པས་ལྟུང་བ་མེདདོ།། དེ་བཞིན་དུ་ཞོ་སྦྱིན་པ་ལས་སྙིགས་མ་འམ། དར་བ་སློང་བ་ཡང་།། དེ་བཞིན་དུ་ལྷ་དང་ཀླུ་དང་། གནོད་སྦྱིན་ལ་སོགས་པའི་ཁྱིམ་དུ་ཡང་ངོ་།། བཅུ་པའོ།། ། ་བཅུ་པོ་དེ་ནི་ཁྱིམ་དང་། ལམ་དང་། བླངས་པ་དང་། ཡོངསུ་ལོངས་སྤྱོད་པ་དང་། བཙལ་བ་ལས་རིག་པར་བྱའོ།། གཅིག་དང་གཅིག་དང་དྲུག་པོ་རྣམས་དང་། གཅིག་དང་གོ་རིམ་བཞིན་དུའོ།། ཡོངསུ་ལོངས་སྤྱོད་པ་ནི་རྣམ་པ་དྲུག་སྟེ། སྤངས་ནས ་ཡོངསུ་ལོངསུ་སྤྱོད་པ་དང་བསྒྲུབས་པ་ལ་ཡོངསུ་ལྗོངས་སྤྱོད་པ་དང་། སོ་སོར་ཡོངསུ་ལོངས་སྤྱོད་པ་དང་། དུས་མ་ཡིན་པར་ཡོངསུ་ལོངས་སྤྱོད་པ་དང་། སོག་འཇོག་ཡོངསུ་ལྗོངས་སྤྱོད་པ་དང་། བྱིན་ལེན་མ་བྱས་པར་ཡོངསུ་ལོངསྟེ།། ་སྤྱོད་པའོ།། ཚོགས་བཞི་པའོ།། །། ཀཽ་ཤཾ་བིར་འདུན་པ་ལས་བརྩམས་ཏེ་ཆུ་ཡོངསུ་འཛིན་པའི་གཞིའི་དབང་དུ་མཛད། སྙིང་རྗེ་མེད་པ་ཉོན་མོངས་པ་ན་ཆུའི་ཚོགས་དོང་པོར་བཅས་སོ།། ཡོངསུ་ལོངས་སྤྱོད་ན་ཞེས་བྱ ་བོཔོ་ནི་ཡོངསུ་ལོངས་སྤྱོད་པ་རྣམ་པ་གཉིས་ཏེ་གང་ནང་གི་ལུས་དང་། ཕྱིའི་ལྷུང་བཟེད་བཀྲུ་བ་ལ་སོགས་པའོ།། འདི་སྐད་དུ་འདེབས་པའི་བསྒྲུབ་པའི་གཞི་ལས་ཁྱད་པར་དུ་བསྟན་པར་འགྱུར་རོ།། དེར་ནི་ཁར་ལེན་བྱེད་པའི་དབང་དུ ་བྱས་པ་ཡིན་གྱིས་འདིར་ནི་ཡོངསུ་ལོངས་སྤྱོད་པའི་ཕྱི་རོ་ཞེས་བྱ་བའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཆུ་ཡང་ཡོངསུ་ལོངས་སྤྱད་པར་མངོན་སུམ་དུ་གྱུར། དགེ་སློང་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དྲན་པ་ཉམས།། ་པ་འམ། གང་ཅིས་ཀྱང་རུང་སྟེ། ལྟུང་བ་འབྱུང་བར་འགྱུར་བས་ཀུན་ནས་དཀྲིས་པར་འགྱུར་བ་དང་། ད་ལྟར་བྱུང་བ་ལ་ངལ་བ་དང་། ཚ་བྱ་ལ་སོགས་པའི་རྐྱེན་གྱིས་ཀྱང་རུང་སྟེ། ཆུ་ལ་སྲེད་པར་འགྱུར་བ་དང་། ཆུ་དེ་ཡང ་མང་པོ་ཞིག་གིས་རྙོག་པར་འགྱུར་བ་འམ་ཅུང་ཞིག་རྙོགས་པའང་རུང་སྲོག་ཆག་དང་བཅས་མ། སྲོག་ཆག་མེད་ཀྱང་རུང་བརྟག་མ་བརྟག་ཀྱང་རུང་སྟེ། དགེ་སློང་ཡང་འདི་སྲོག་ཆགས་དང་བཅས་པའོ་སྙམ་དུ་རྟོགས་ལ་དེ་སྤྱོང་ལ་ཡ་ངོ་ཚ་བཏང་བས་གང ་གིས་འབྱུང་བས་འགྱུར་པ་ཡང་མི་ཚོལ་ཞིང་གཉེན་པ་ཡང་མི་འཛིན་ལ། བུམ་པ་ལ་སོགས་པར་འཁྲུར་པ་གང་འཐུངས་ཀྱང་ལྟུང་བྱེད་དོ།། ཁ་ཅིག་ན་རེ་ཇི་སྲིད་ཇི་ལྟར་བླངས་ཏེ་ཐམས་ཅད་འཐུངས་པ་ལ་ལྟུང་བྱེད་ཅིག་ཉིད་དུ་འགྱུརརོ།། ་ཞེས་ཀྱང་ཟེ་རོ།། སེམས་བསྐྱེད་པ་ནི་ཉེས་བྱས་ཏེ་བསྣམ་པར་བྱའོ།། སྦྱོར་བ་ཡོངསུ་མ་རྫོགས་པའི་བར་དུ་ཉེས་བྱས་ཏེ་བཤགས་པར་བྱ་བ་ཡིནོ།། དེ་བཞིན་དུ་ལྟུང་བྱེད་ཐམས་ཅད་ལ་ཡང་བརྗོད་པར་བྱའོ།། དྲན་པ་ཉམས་པར་མཐར་ཕྱིན ་ན་ཡང་ཉེས་བྱསོ།། སྲོག་ཚོགས་དང་བཅས་པ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས།། ཁ་ཅིག་ནཱ་ར་སྲོག་ཆགས་མེད་པ་ལ་ཡང་སྲོག་ཆགས ་དང་བཅས་པར་འདུ་ཤེས་ན་ལྟུང་བྱེད་དོ།། ཞེས་ཀྱང་ཟེ་རོ།། འདི་སྐད་དུ་ཡང་དུང་འགྲོའི་སྐྱེ་གནསུ་གྱུར་པ་གསོད་པོའི་བསླབ་པའི་གཞི་དེ་ལས་ཁྱད་པར་དུ་བསྟན་པར་འགྱུ་རོ།། དེ་བཞིན་དུ་འོག་ནས་འབྱུང་བ་རྣམས་བརྗོད་པའི་ཚོགས ་དྲུག་པོ་རྣམས་ཡོངསུ་རྫོགས་པའི་བར་དུ་འདི་ལྟར་དངོས་པོ་དེ་མེད་ཀྱང་དེར་འདུ་ཤེས་སམ་གཞན་ལ་ཡང་རུང་སྟེ། ལྟུང་བར་བལྟ་བར་བྱའོ།། དེ་ལས་ལྟ་བ་དང་རབ་ཏུ་ལྡན་པ་ནི་མ་གཏོག་སོ།། སྲོག་ཆགས་དང་བཅས་ན་གཞན་བདུན ་བ་འམ། འབྲས་བུ་རྣམས་སམ། བཟའ་བ་རྣམས་སམ། ཐུན་ཚོང་དུ་རུང་བ་འམ། དེ་ལས་གཞན་ཡང་རུང་སྟེ། ཅུང་ཟད་ཅིག་ཟོས་སམ་འཐུངས་ན་ལྟུང་བྱེདོ།། དེ་ལ་ཀུན་ཏུ་སྤྱད་པ་ནི་མིག་ལྔ་མ་གཏོགས་ཏེ། གཞན་གྱིས་ནི་ཆུ་བརྟག་པར་བྱའོ།། ། ་ལྔ་པོ་དག་གང་ཞེ་ན། ལིང་ཏོག་ལ་སོགས་པས་ཁེབས་པ་དང་། མིག་ནད་དང་ལྡན་པ་དང་། འཁྲུལ་པ་དང་མྱོས་པ་ལ་སོགས་པ་དང་། རྒས་པ་ལོ་བརྒྱད་ཅུ་པ་དང་། ལྷའི་མིག་སྟེ། ཐ་སྙད་དུ་བྱ་བ་མ་ཡིན་པའི་ཕྱི་རོ།། ཇི་སྲིད་པ་ལང་དྲུག་དང་ལྡན་པའི་ཤིང ་རྟ་སྨྱིག་མའི་ཤར་བས་བཀང་བ་གཡངས་ཀྱི་འཁོར་བའི་བར་དུ་དེ་སྲིད་བརྟག་པར་བྱ་བ་འམ། ཇི་སྲིད་སེམས་དག་པར་གྱུར་པ་དེ་སྲིད་དུ་བརྟགས་ནས་ཡོངསུ་ལོངས་སྤྱོད་པར་བྱའོ།། ཇི་སྲིད་ཉི་མ་མ་ཤར་བའི་གོང་དུ་མ་རྙེད་པ་དང་མ་བཙགས་ཀྱང ་བརྗོརྟོགས་ན་ནི་བཏུང་དུ་རུང་གི་མ་བརྟགས་ན་བཙུགས་ཀྱང་མི་རུང་།། ཆུ་ཚགས་ལ་རྣམ་པ་ལྔ་སྟེ། ཆུ་ཚགས་ལ་གྲུ་གསུམ་དང་། རིལ་བ་ཞགས་ཚགས་ཅན་དང་། རིལ་ཚོགས་དང་། བུམ་ཚགས་གཅེའུ་ཅན་དུང་། ཆོས་གོས་ཀྱི་གྲཝ་སྟེ། བསལ་ཚགསུ ་ཞེས་བྱ་བ་ནི་མིང་གི་རྣམ་གྲངསོ།། ཆུ་ཚགས་མེད་ཀྱི་བར་དུ་གྲོང་གཞན་དང་། གཙུག་ལག་ཁང་གཞན་དུ་འགྲོ་བར་མི་བྱ་སྟེ། རྒྱང་གྲགས་གསུམ་གྱི་བར་དུ་ནི་ལྟུང་བ་མེ་དོ།། གལ་ཏེ་དེར་སོང་ན་ཡང་དེས་བྲེལ་བར་མི་འགྱུར་རམ། གཙུག ་ལག་ཁང་ན་ཆུ་རུང་བ་དང་ལྡན་ནམ། འབབ་ཆུ་རུང་བ་ཞིག་ཡིན་ནམ། ཁྲོན་པའི་ཆུ་གཞན་དང་། མ་འདྲེས་པ་ཞིག་ཡིན་ནའོ།། ཆུ་ཚགས་གཅིག་གིས་ཀྱང་ཇི་སྲིད་དགེ་འདུན་གྱི་བར་དུ་ཡང་འགྲོ་བར་བྱའོ།། གལ་ཏེ་འགྲོ་བ་འཕོངས། ་པར་མི་འགྱུར་ནའོ།། ཆུ་ཚགས་མེད་པར་འགྲོ་ལ་གཉིས་པ་ལ་ཆུ་ཚགས་ཡོད་ལ། ཁྱོད་ལ་ཆུ་ཚགས་ཡོད་དམ། ང་ལའང་ཆུ་ཚགས་སྦྱིན་ནམ། གལ་ཏེ་སླར་ལོག་གམ་གཞན་དུ་འགྲོ་ན་དེ་ནས་ཐམས་ཅད་ཀྱིས་ཐམས་ཅད་དུ་ཞེས་མི ་འའདྲི་ན་འགལ་ཚབས་ཅན་དུ་འགྱུར་རོ།། འབབ་ཆུ་དྲག་པོ་ཞིག་ཡིན་ལ་གལ་ཏེ་བར་དུ་ཆུ་གཞན་དང་མ་འདྲེས་ན་རྒྱང་གྲག་ས་ལྔའི་བར་དུ་ཆུ་ཚགས་མེད་པར་འགྲོ་བར་བྱའོ།། ཆུ་མི་དྲག་པ་ཞིག་ཡིན་ན་ནི་རྒྱང་གྲགས་གསུམ་གྱི་བར་དུའོ།། ་ཆུ་དྲག་པོ་ལས་བརྟགས་ཏེ་རྒྱུ་རྒྱུན་བཞིན་འགྲོ་ལ་གལ་ཏེ་ཆུ་གཞན་དང་འདྲེ་བ་མེད་ན་རྒྱང་གྲགས་རྗེསུ་བཏུང་བར་བྱའོ།། རྒྱུ་ན་ལེས་བཟློགསུ་འགྲོ་ན་འཇུག་དོག་འཇུག་ངོགསུ་འདོམ་གང་ཁོར་ཡུག་གོ།། ཆུ་མི་དྲུག་ལ་ཆུ་གཞན་དང་འདྲ་བ་མེ ་ན་འཇུག་ངོགས་གར་ཕྱིན་ཕྱིན་དུ་བརྟག་པར་བྱའོ།། ཆུ་རུང་བ་རྣམ་པ་ལྔ་སྟེ། དགེ་འདུན་གྱིས་རུང་བ་དང་། གང་ཟག་གིས་རུང་བ་དང་། ཆུ་ཚགས་ཀྱིས་རུང་བ་དང་། བཀོད་མས་རུང་བ་དང་། ཁྲོན་པས་རུང་བའོ།། གལ་ཏེ་དེ་དག་ལ་ཡིད་ཆེས ་སམ། མ་བརྟགས་ཀྱང་རུང་བཏུང་བར་བྱའོ།། དེ་ལ་བརྟགས་ནས་ཇི་སྲིད་ཉི་མ་ཤར་བ་ཚུན་ཆད་ཀྱི་བར་དེ་སྲིད་དུ་ཡོངསུ་ལོངས་སྤྱོད་བར་བྱའོ།། ཆུ་བླང་བའི་རིམ་པ་ནི་ལག་པས་འཛིན་ན་ནི་ངལ་བར་འགྱུར་བའི་ཕྱིར་ཤིང་བུ་གསུམ་པ་རྗེས ་གནངངོ་།། གལ་ཏེ་ཆུ་ཚགས་ཀྱི་ནང་དུ་ཆུ་མི་ཆགས་ན་གཅལ་ཕྱེ་མ་འམ། བ་ལང་གི་ལྕི་བའི་ཕྱེ་མ་ངག་བླུགས་པར་བྱའོ།། ཆུ་བཙགས་པའི་རྟེན་རྣམ་པ་གཉིས་ཏེ། ཟངས་ཀྱི་རང་བཞིན་ནམ། སའི་རང་བཞིན་ལས་བྱས་པ་ལས་བུ་ག་ཕུག་སྡེ། ་ལྕགས་ཀྱི་ལུ་རྒྱུད་ངམ། སྲང་བུས་ཤིང་ལ་གདགས་པར་བྱའོ།། བུམ་པ་གང་བ་ལ་བརྟག་པར་བྱའི་མ་གང་བ་ལ་ནི་མ་ཡི་ནོ།། རྡུལ་མེད་པར་བྱའོ།། སྲོག་ཆགས་ལ་ཐུར་མ་ཕྲ་མོས་ཉེ་བར་བསྟན་པར་བྱའི་སོར་མོས་ནི་མ་ཡིནོ།། ཁྱོན ་པར་ཆུ་ཚུགས་དྲག་ཏུ་བོར་ན་སྲོག་ཆགས་དག་སྣང་བར་གྱུར་པས་མི་དྲག་པར་བྱ་མོད་ཀྱི་འོན་ཀྱང་བསལ་ཚགས་ཀྱི་བུམ་པ་བྱ་སྟེ། གང་བཞིན་དུ་གཞུག་ལ་སླར་སྟོང་པར་དབྱུང་བར་བྱའོ།། ཆུ་ཚགས་སྦྱོར་ཡང་བྱ། བསྐམ་པར་བྱའོ།། དགེ ་འདུན་གྱིས་ནི་བུམ་ཚོགས་གཅེའུ་ཅན་གྱིས་བླང་བར་བྱའོ།། ཆུ་གཞག་པའི་ཕྱིར་ལྷོ་ནུབ་མཚམས་ཀྱི་ཕྱོགསུ་ཆུའི་ཁང་པ་བྱའོ།། དེ་ཡང་བུམ་པ་རྣམས་ཤིང་ཁྲིའུ་དག་གམ། ཡང་ན་སོ་ཕག་གི་སྟེགས་བུ་ལ་གཞགོ། བུམ་པ་དུས ་དུསུ་བལ་བ་ཛའི་ཁྲུ་ང་ཤིང་ངམ། པུ་ཤེལ་ཙེའི་ཁྲུ་ད་ཤིང་གིས་སྦྱང་བར་བྱའོ།། གལ་ཏེ་ཉོན་མོངས་ན་ཁས་པུ་བ་ལ་གྲིབ་མ་ལ་བསྐམོ།། ལག་པ་མ་བཀྲུས་པར་བུམ་པ་ལ་རེག་པར་མི་བྱའོ།། གལ་ཏེ་ཡང་དང་ཡང་དུ་དགོས་ན ་ཤིང་ལེབ་བམ། ལོ་མས་ཁ་དགབ་པ་དབྱེ་བར་བྱའོ།། ཆོས་གོས་རུང་བས་ཆུ་བྲིམ་པར་བྱ་སྟེ། གནས་པར་བྱེད་པ་རྣམས་ཀྱི་ཆུ་བླངོ་།། དེ་ལྟ་བུའི་ཕྱིར་རྫ་མཁན་གྱིས་སྣོད་སྤྱང་རྣམས་རྗེསུ་གནང་སྟེ། སྣོད་སྤྱང་སྦེད་པ་ཡང་བསྐོར། ་བར་བྱའོ།། དེས་ཁྱིམ་པ་རྣམས་རྙེད་ན་རྙིང་པ་ལས་བྱིན་ལ་སྐུར་བླང་བར་བྱའོ།། དགེ་སློང་རྣམས་ལཱ་ནི་སརརྱ་བྱཱ་ལས་བྱིན་པར་བྱ་སྟེ། ཕྱིར་ཐང་བར་ནི་མི་བྱའོ།། དེའི་ཕྱིར་གནས་ཁྱང་ཡང་སྦྱིན་པར་བྱའོ།། བླངས ་ཀྱི་སྣོད་སྦྱང་ཉུང་ན་དེའི་ཕྱོགས་གཅིག་ཏུ་བཞག་པར་བྱའོ།། གལ་ཏེ་མང་ན་གནས་ཁང་ཐོ་དད་པར་སྦྱིན་པར་བྱའོ།། དང་པོའོ།། །། མཉན་ཡོད་ནཱ་སྟེ། འཆར་ཀས་ཚོང་པ་མི་ཚོངས་པར་སྤྱོད་པ་བྱ་བར་བསམས་པ་ལས ་ཕོངས་པར་བྱ་བའི་ཕྱིར་ངོའི་བུད་མེད་ལ་ཆོས་ཆད་ཅིང་འདུག་པས་ན་ཁྱིམ་དུ་ཉེ་བར་འགྲོ་བའི་གཞིའི་དབོང་དུ་མཛད། འཁྲིག་པའི་ཉོན་མོངས་པས་ན་གཉིས་པ་བཅསོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་འཁྲིགས་པའི་བྱེད་འདོད་པར ་ཤེས་པའོ།། ཉལ་པོ་བྱེད་པ་ཞེས་བྱ་བ་ནི་བུད་མེད་ནི་སྐྱེས་པས་ཡོངསུ་ལོངས་སྤྱོད་པར་བྱ་བ་ཡིན་ལ་སྐྱེས་པ་ནི་བུད་མེད་ཀྱིསོ།། གང་ལ་འཁྲིག་པས་ཡོངསུ་ལོངས་སྤྱོད་པ་དེ་ཉལ་པོ་བྱེད་པ་ཞེས་བྱའོ།། ཕྱིས་གནོན་ཞེས་བྱ་བ ་ནི་གློ་བུར་དུ་སྟོབས་ཀྱིསོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། བུད་མེད་དང་སྐྱེས་པོ་འཁྲིག་པ་སྤྱོད་པའི་ཕྱིར་མངོན་སྙམ་དུ་གྱུར་པ་དང་། དགེ་སློང་ཡང་ཁྱིམ་དུ་ཉེ་བར་སོང་སྟེ། དེ་ལ་ཡང་ཉོན་མོངས་པ་གཞན་གྱིས་དྲན་པ་ཉམས ་པར་གྱུར་ཏེ། འཁྲིག་པ་ལ་ལྟ་བའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་པ་དང་། དེ་གཉིས་ཀྱང་འཁྲིག་པ་སྤྱོད་པར་བྱེད་ཀྱང་རུང་མི་བྱེད་ཀྱང་རུང་བྱེད་དུ་འདོད་དམ་མི་འདོད་ཀྱང་རུང་དགེ་སློང་གིས་འདི་གཉིས་འཁྲིག་པ ་སྤྱད་པར་བྱེད་པར་ཤེས་ཏེ། དེ་ལྟ་བ་ལ་ངོ་ཚ་སྤངས་ཏེ་སྟན་ལ་སྐད་ཅིག་འདུག་ཀྱང་ལྟུང་བྱེའོ།། ཉལ་པོ་བྱེད་པ་ལ་ཉུལ་པོ་བྱེད་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས ་སོ།། ལྷའི་བུ་མོ་དང་། མ་ནིང་མོ་ལ་སོགས་པ་རྣམས་ལ་ནི་ཉེས་བྱསོ།། གཉིས་པའོ།། །། མཉན་ཡོད་ན་སྟེ། འཆར་ཀས་སྔ་མ་བཞིན་དུའོ།། སྔར་སྒོ་ཕར་གྱི་རྒྱབ་ཏུ་དེ་བཞིན་དུ་རང་བཞིན་ཉམས་པ་གཉིས་བལྟའོ། ་སྙམ་ནས་གབ་ཏེ་འདུག་པས་ན་ཁྱིམ་དུ་ཉེ་བར་འགྲོ་བའི་གཞིའི་དབང་དུ་མཛད་དེ། འཁྲིག་པའི་ཉོན་མོངས་པས་ན་གསུམ་པ་བཅསོ།། བདེ་བ་ཞེས་བྱ་བ་ནི་གང་དག་དེ་དང་དེ་སྟེ། གཞན་སུ་ཡང་མེད་པའོ།། དེ་ལ་ཡང་ལྟུང་བ ་སྔ་མ་བཞིན་ཏེ། སྔ་མ་ལ་ནི་སྐྱབས་ཡོད་ཀྱང་རུང་སྐྱབས་མེད་ཀྱང་རུང་། དབེན་ཡང་རུང་མི་དབེན་ཡང་རུང་གི་དེ་བསྟན་ལ་འདུག་པའོ།། འདིར་ནི་འགྲོང་བ་ཙམ་ལ་བྱ་སྟེ། སྐད་ཅིག་གཅིག་འདུག་ཀྱང་ལྟུང་བྱེའོ།། འཇིགས་པས ་འགླེན་པ་ལ་ལྟུང་བ་མེད། སྡོ་མ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། གསུམ་པའོ།། །། མཉན་ཡོད་ན་སྟེ། འཕགས་པ་ཀུན་དགའ་བོས་གཱཅེར་བུ་མ་གཉིས་ལ་མ་བསམས་པར་རྒན་མོ་ལ་ནཱི་ཁྱོར་བ་ཅིག་བྷྲྀན ་གཉིས་པ་གཞོན་ནུ་མ་ལ་ནི་གཉིས་བྱིན་པ་དང་། ངེས་དི་ལ་ཁྱོད་ལ་འདིས་དོན་དུ་གཉེར་གྱིས་སྟ་གན་གྱིས་ཤིག་ཅེས་བསྒོ་བས་ན་མུ་སྟེགས་ཅན་གྱི་གཞིའི་དབང་དུ་མཛད་མ་དད་པ་དང་། རྐྱེན་ལ་བལྟོས་པའི་ཉོན་མོངས་པོ་དག ་གིས་བཞི་པ་བཅ་སྷོ།། དེ་དག་དང་རྟེན་པས་དེ་དག་དེའི་རང་བཞིན་དུ་འགྱུ་རོ།། གཅེར་བུར་པ་ཞེས་བྱ་བ་ནི་གོས་མེད་པའོ།། ཀུན་ཏུ་རྒྱུ་བ་ཞེས་བྱ་བ་ནི་གཅེར་བུ་པ་མ་གཏོགས་པའི་མུ་སྟེགས་ཅན་ཐམས་ཅད་དོ།། འམ ་ཞེས་བྱ་བའི་སྒྲ་ནི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ།། རང་གིས་ལག་ནས་ཞེས་བྱ་བ་ནི་ལུས་ཀྱི་སོ།། སྦྱིན་ཞེས་བྱ་བ་ནི་བྱིན་པའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། གཅེར་བུ་པ་པ་དང་། ཀུན་ཏུ་རྒྱུའི་ཆ་ལུགས་བཞིན་བྱས་པའི་སྐྱེས་བུ་འམ ་བུད་མོད་ཀྱང་རུང་སྟེ། ལེན་པ་སོ་སོར་ཉེ་བར་གནས་པར་གྱུར་པ་དང་། དགེ་སློང་ཡང་སྦྱིན་པར་བྱེད་པོ་སྟེ། དེ་གཅེར་བྲོ་བ་ཡིན་ཡང་རུང་མ་ཡིན་ཡང་རླུང་དགེ་སློང་ནི་དེར་འདུ་ཤེས་པར་གྱུར་ཏེ། བདག་གིས་ལས་སྦྱིན་ནི་ངོ་ཚ་བ་སྤངས་ལ ་བཅའ་བ་དང་། བཟའ་བ་ཡང་བླངས་ནས་སྦྱིན་ཞིང་བཞག་སྟེ། སྣོང་ངམ་ལག་པས་ཀྱང་རུང་སྟེ། བཞག་མ་ཐག་དུ་ལྟུང་བྱེའོ།། དེ་ཚུན་ཆད་རྣམ་པ་གཉིས་ནི་ཉེས་བྱསོ།། དེ་དག་ལྟར་བྱས་པ་ལ་དེར་འདུ་ཤེས་པ་རྣམ་པ་དྲུག་སྟེ། ལྟུང་བྱེད ་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས།། སོག་འཇོག་བྱས་པ་བྱིན་ནམ། ས་ལ་ཉེ་བར་བཞག་གམ། བགོས་ཏེ་ཟོས་ན་ཉེས་བྱས་སོ།། ཉེ་དུ་འམ་ནད་པ་ཡིན་ནམ། དེ་ལྟ་བས་ན་ལྟ་བ་དང་དབུལ་བར་འདིད་དམ། ས ་བྱས་པའིམ། རབ་ཏུ་འཐུང་བར་འཛིད་བ་ཞིག་ལ་བྱིན་ན་ལྟུང་བ་མེང་ངོ་།། རྣམ་པོ་གཞན་དུ་ནི་གང་ཟག་སྐྱོན་དུ་བཅུག་ན་ཅེས་བྱས་སོ།། ངན་པའོ། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་གསལ་རྒྱལ་གྱིས་དམག་བ་མ ་བ་རྣམས་ལ་ལྟ་ཞིང་དཔྱས་འདོགས་པ་ན་དམག་གིས་གཱཞིའི་དབང་དུ་མཛད་དེ་ཉེ་བྱར་མ་ཞི་བའི་ཉོན་མོངས་པའི་ཕྱིར་ལྔ་པ་བཅསོ།། ཆུས་ཞེས་བྱ་བ་ནི་གཡུལ་ལ་མངོན་པར་དགའ་བའོ།། དམག་ཅེས་བྱ་བ་ནི་ཡན་ལག་བཞི་པའི་ནང ་ནས་གང་ཡང་རུང་བ་སྟེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་དཔུང་བུ་ཆུང་གི་ཆོག་སོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན་གཙུག་ལག་གིས་ཉེན་འཁོར་ལས་ཕར་སྐྱེ་བོ་མང་པོའི་ཚོགས་འཐབ་པའི་ཕྱིར ་ཉེ་བར་འགྱུར་བ་དང་། དགེ་སློང་ཡང་ལྟ་འདོད་པར་གྱུར་ཏེ། དྲན་པ་ཉམས་པ་ལྟ་བ་ལ་ཆགས་པས་ཀུན་ནས་དཀྲིས་པ་དང་། དམག་དེ་དག་ཀྱང་འཐབ་མོ་ལ་ཆས་པར་གྱུར་ཏམ། མ་ཆས་ཀྱང་རུང་དགེ་སློང་གིས་འཐབ་པར་ཤེས་པ ་ནས་སྔ་མ་བཞིན་ཏེ་ཚ་སོང་ནས་དམག་མཐོང་མ་ཐག་དུ་ལྟུང་བྱེད།། སྦྱོར་བའི་ཉེས་བྱས་ལ་ནི་གྲངས་མེ་།། ལྷ་དང་། ལྷ་མ་ཡིན་དང་། ཀླུ་ལ་སོགས་པའི་དམག་ལ་ཉེས་བྱས།། ཐ་ན་བྱ་བུར་པ་འཐབ་པ་ལ་ལྟ་ནའང་ཉེས་བྱས་སོ།། ཆོམ ་རྒྱུན་གྱི་དམག་ལ་ཉེས་མིགས་བརྟག་པའི་ཕྱིར་ལྟ་ཞིང་སོང་བ་དང་། བསོད་སྙོམས་ལ་ཞུགས་པའི་ཚེ་མཐོང་བ་དང་། ལམ་ན་གཙུག་ལག་ཁང་ན་འདུག་པ་དང་། དམག་གཙུག་ལག་ཁང་དུ་ལྷགས་པ་དང་། རྒྱལ་པོ་དང་། བཙུན ་མོ་དང་། གཞོན་དུ་དང་། བློན་པོ་དང་། ཁྲོམ་གྱི་རུ་སྣ་དང་། ཞང་བློན་དང་། གྲོང་རྡལ་དང་། ཡུལ་གྱི་མིས་བོས་པ་དང་། བར་ཆད་བརྒྱད་པོ་རྣམས་ཀྱིས་ཀྱང་རུང་སྟེ་ལྟུང་བ་མེད་དོ།། ལྔ་པའོ།། །། མཉན་ཡོད་ན་སྟེ། གསལ ་རྒྱལ་གྱིས་བོས་ཏེ། དམུག་གི་སར་དོང་བ་ལས་དྲུག་སྡེ་རྣམས་དེ་བཞིན་དུ་འཕྱས་འདོགས་པས་ན་དམག་གི་གཞིའི་དབང་དུ་མཛད་དེ། ཉེ་བར་མ་ཞི་བའི་ཉོན་མོངས་པའི་ཕྱིར་དྲུག་པ་བཅསོ།། དེ་ལ ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ལམ་རིང་པོའི་ཡུལ་དུ་དམེག་ཐབ་མོ་ལ་ཆས་པས་གྱུར་པ་དང་། དགེ་སློང་ཡང་བོས་པར་གྱུར་ཏམ། ཆོས་གོས་ལ་སོགས་པ་རྙེད་པའི་དབང་གིས་ཀྱང་རུང་། ཕྲང་པར་བྱས་སམ། རྙེང་བ་ལ་ཆགས ་བས་ཀུན་ནས་དཀྲིས་པར་གྱུར་པ་དང་། དམག་དེ་ཡང་བཤམས་པར་གྱུར་ཏམ། མ་བཤམས་ཀྱང་རུང་སྟེ། དགེ་སློང་གིས་ནི་དེར་བཤམས་པར་ཤེས་ནི་ཅི་སྲིད་ཞག་གསུམ་པའི་སྐྱ་རེངས་ཤར་བའི་བར་དུ་འདུག་ན་ལྟུང ་བྱེད་དོ།། སྦྱོར་བའི་ཉེས་བྱས་ལ་གྲངས་མེད་དོ།། རྒྱལ་པོའི་དབང་གིས་སམ། བར་ཆང་ཞིག་ཏུ་གྱུར་པ་ལ་ནི་ལྟུང་བ་མེད་དོ།། དྲུག་པའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་སྔ་མ་བཞིན་ཏེ། དོང་ནས་གཡུལ་བ ་པ་དཀྲུགས་ཤིང་ཅི་ནས་ཀྱང་དེ་དག་འབྲོས་པར་འགྱུར་བར་འཇིགས་པར་བྱེད་པས་ན། དམག་གི་གཞིའི་དབང་དུ་མཛད་དེ། ཉེ་བར་མ་ཞི་བའི་ཉོན་མོངས་པས་བདུན་པ་བཅས་སོ།། རྒྱལ་པོ་ལ་སོགས་པའི་བཀས ་བོས་ན་འགྲོ་བར་བྱའོ་ཞེས་བྱ་བ་སྔ་མ་ནི་ལྟ་བར་ཡང་རྗེསུ་གནང་གི། འདིས་ནི་སླར་བཀག་པ་ཡིན་ཏེ། འདི་ནི་ཉེ་ལ་འདི་ནི་རྒྱང་རིང་བའི་ཕྱི་རོ་ཞེས་བྱ་བ་ནི་ཁྱད་པར་རོ།། བཤམས་པ་ཞེས་བྱ་བ་ནི་ཟབ་ཡོ་བྱེད་པར་བཤ ་བའོ།། རྒྱལ་མཚན་གྱི་མཆོག་གམ་ཞེས་བྱ་བ་ནི་ལྷ་ཉམ་སུ་མྱོང་བར་བྱེད་ན་ཞེས་བྱ་བ་དང་འབྲེལ་ཏེ། ལྟ་བ་དང་མཐོང་བར་གྱུར་པའོ།། རྒྱལ་མཚན་ལྔ་རྣམ་པ་གསུམ་སྟེ། སེང་གེ་དང་། ཁྱུ་མཆོག་དང་། ཆུ་སྲིན་གྱི་རྒྱལ་མཚན་ནོ།། ། ་དེ་དག་གི་གང་མདུན་དུ་འགྲོ་བའོ།། དཔུང་གི་མཆོག་ཅེས་བྱ་བ་ནི་དཔུང་རྣམ་པ་བཞི་པོའི་གང་ཐོག་མར་འགྲོའོ།། གཡུལ་བཤམས་པ་ཞེས་བྱ་བ་ནི་རྣམ་པ་བཞིར་བཤམས་པ་སྟེ། འབྲུའི་ཁ་ལྟ་བུ་དང་། ཤིང་ལྷའི་དབྱིབས་ལྷ ་བུ་དང་། ཟླ་གམ་གྱི་རྣམ་པ་ལྟ་བུ་དང་། ན་མཁའ་ལྡིང་གི་འདབ་མ་ལྟ་བུའོ།། ལྟ་བ་ཉམ་སུ་མྱོང་བར་བྱེད་ན་ཞེས་བྱ་བ་ནི་དེ་དག་ལ་ལྷ་འམ་བཤམས་པའོ།། དམག་ལ་ལྟ་བ་ཞེས་བྱ་བ་ནི་དམག་གི་རྣམ་པ་ཅི་སྐད་བསྟན་པ་ལུས ་ལྷག་པ་དམག་ལ་ལྟ་བའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། གླང་པོ་ཆེ་ལ་སོགས་པ་གོ་ཆ་བསྐོན་པ་རྣམས་དཀྲུགས་ན་ལྟུང་བྱེད།། གོ་ཆ་མ་བསྐོན་པ་དཀྲུགས་ན་ཉེས་བྱསོ།། བཤམས་པར་སོང་བ་ལས་དམག་ལ་ལྟ་བའི ་བར་དུ་སྟེ། ལྟ་བ་ཉམ་སུ་མྱོང་བར་བྱེད་ན་ལྟུང་བྱེདོ།། བར་ཆང་དུ་གྱུར་པ་ལ་ལྟུང་བ་མེད་དོ།། བདུན་པའོ།། །། མཉན་ཡིད་ན་སྟེ། འཆར་ཀ་ས་བཅུ་བདུན་སྡེ་ལ་བསྒོ་བ་ཉན་དུ་མི་བཏུབ་ཅེས་བརྡེག་པ་ན་གྲོགས་པོའི་གཞིའི ་དབང་དུ་མཛད། མི་བཟོད་པའི་ཉོན་མོངས་པས་ན་བརྒྱད་པ་བཅསོ།། དགེ་སློང་གིས་ཆ་ལུགས་ཀྱི་རྟགས་འཆང་ན་དགེ་སློང་ཡིན་ནམ་དགེ་སློང་མ་ཡིན་ཡང་རུང་སྟེ། དེར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། བརྡེག ་པར་བསམས་ཀྱི་བསད་པར་མ་བསམ་ན། སོར་མོ་ལ་སོགས་པ་རྣམས་ཏེ། ཐ་ན་རྐང་པའི་སོར་མོའི་བར་དུའམ། སོ་ཕག་ལ་སོགས་པ་རྣམས་ཏེ། ཇི་སྲིད་ཡུངས་ཀར་གྱི་འབྲུ་འམ། མངའ་ལ་སོགས་པ་ནས་ལྕུག་མའི ་ཕྲེའུའི་བར་དུ་སྟེ། དེས་བརྡེགས་ན་ལྟུང་བྱེད་དོ།། ཇི་སྲིད་སོ་མོ་ནས་ཇི་སྲིད་ཡུངས་ཀར་གྱི་འབྲུ་འམ། ལྕུག་མ་ཕྲེའུའི་ཀྱང་རུང་སྟེ། དེ་གཉིས་ཀྱིས་ལྟུང་བར་འགྱུར་རོ།། ཇི་སྲིད་ཡུངས་ཀར་ལ་སོགས་པ་ལུས་ལ་མ་ཕོག་ཀྱང་ཉེས་བྱས་དེ་སྙེད་དུ ་འགྱུར་རོ།། བསད་པར་བསམས་ན་ཉེས་པ་སྦོམ་པོར་འགྱུར་རོ།། དགེ་སློང་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ། ཀ་བ་འམ་རྩོག་པ་འམ། གཞན་ནམ། གང་ལ་ཡང་རུང་སྟེ། ཉེ་བར་བསམས་ཤིང་མངོན་པར་བསམས་ནས ་བསྣུན་ན་ཉེས་བྱསོ།། མ་ཁྲོས་སམ། མངོན་དུ་བྱེད་པའི་དོན་ཞིག་ཡོད་ན་ལྟུང་བ་མེད་དོ།། དགུ་པ་ཉིད་ཀྱང་དེ་བཞིན་དུ་རིག་པར་བྱ་སྟེ། ཁྱད་པར་དུ་ན་གཟས་པའོ།། བརྡེགས་པར་བསམས་ནས་ལག་པ་ལ་སོགས་པ་བརྡེག་པ་ནི་གཟས་པ ་ཡིན་ཏེ། གཟས་མ་ཐག་ཏུ་ལྟུང་བྱེའོ།། བརྡེགས་པ་གཅིག་གིས་མང་པོ་ལ་གཟས་པ་དགེ་སློང་གི་གྲངས་བཞིན་དུ་ལྟུང་བའོ།། དགེ་སློང་ཁྲོས་པ་ལ་མྱུར་དུ་བཟོད་པར་བྱ་མོད་ཀྱི་འོན་ཀྱང་ཁྲོས་མ་ཐག་པ་ལ་ནི་མ་ཡིནོ།། དེས་ཀྱང་སེང་གེ ་ལྟར་གྱ་ཆོམ་མི་བྱ་མོད་ཀྱི་འོན་ཀྱང་མཁས་ཤིང་ཤེས་པསོ།། ཁྲོས་པ་ལ་ཡང་ཉེ་བར་ཐོབ་པ་ན་ཕྱག་བྱའོ།། དེས་ཀྱང་ཨ་རོ་གྱ་ཞེས་བརྗོད་པར་བྱའོ།། ཐབ་མོ་བྱེད་པ་གཉིས་ལ་བཤུགས་པར་བྱའོ།། གང་ཆེ་བ་བཞི་དབྱེད་དགོས་པའི ་ཁྱིམ་པ་ཐབ་མོ་བྱེད་པའི་དྲུང་ན་འདུག་པར་མི་བྱའོ།། ཅི་སྐད་བསྟུན་པ་བཞིན་དུ་མ་བྱས་ན་ཉེས་བྱས་སོ།། དགུ་པའོ།། །། མཉན་ཡོད་ན་སྟེ། ཉེ་དགའ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེ་ཆོས་ཀྱིས་མཐོང ་བཔ་དང་དེས་དེ་ལ་ངས་ཁྱོད་ཀྱི་མཁན་པོའི་བཅབས་ན་ཁྱོད་ཀྱིས་ཀྱང་ངའི་ཆོ་བས་ཤིག་ཅེས་གསོལ་བ་བཏབ་ན་དེས་ཁས་ལེན་དུ་མ་བཏུབ་ནས་དགེ་སློང་རྣམས་ལ་སྨྲས་པས་ན་ཉེ་དགའི་ཕྱིར་གྲོགས་ཀྱི་གཞིའི་དབ ་དུ་མཛད་དེ་འཆབས་པའི་ཉོན་མོངས་པས་ནི་བཅུ་པ་བཅས་སོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་རིག་པར་གྱུར་པ་འམ། གཞན་ལས་ཐོས་པའོ།། དགེ་སློང་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་འམ། ཚུལ་ཁྲིམ ་འཆལ་པ་སྟེ། དགེ་སློང་གི་ཆུ་ལུགས་ཀྱི་རྟགསུ་འདུག་པའོ།། གནས་ངན་ལེན་ཅེས་བྱ་བ་ནི་ཕམ་པར་གྱུར་པ་འམ། དགེ་འདུན་ལྷགས་མས་ཀུནྡ་ནས་བསླང་བར་བྱའོ།། འཆབ་ཅེས་བྱ་བ་ནི་བཅབ་པའོ།། དེ་ལ་ལྟུང་བ་ཅི་ལྟར ་འགྱུར་ཞེ་ན། མཐོང་བ་འམ། ཐོས་ཀྱང་རུང་སྟེ། བཅབ་པར་སེམས་བསྐྱེད་ན་སྐྱ་རེངས་ཤར་ན་ལྟུང་བྱེའོ།། སྔར་ནི་ཉེས་བྱས་སོ།། ཁ་ཅིག་ནི་དྲིས་པའི་ཚེ་ཅང་མི་སྨྲ་ན་ལྟུང་བར་འགྱུ་རོ་ཞེས་ཟེར་རོ།། འཁྲིག་པ་དང་ལྡན་པའི ་གནས་ངན་ལེན་ཏོ་ཞེས་མངོན་པར་བསམས་པའོ།། དེ་ལྟར་ན་ལུས་ཀྱིས་བྱས་པ་ཡིན་པར་བསྟན་ཏོ།། ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་ལ་ནི་ལྟུང་བྱེད་དོ།། ལྟུང་བྱེད་དང་། སོ་སོར་བཤགས་པ་ལ ་ཉེས་བྱས་སོ།། ཉོན་མོངས་པའི་སེམས་སུ་མ་གྱུར་ན་མཐར་ཕྱིན་ཀྱང་བསྡམ་པར་བྱ་བའི་ཉེས་བྱས་སོ།། རང་བཞིན་དུ་གནས་པའི་ནང་ན་གནས་པ་རྣམས་ལ་བརྗོད་པར་བྱའི།། རང་བཞིན་དུ་མི་གནས ་པ་ལ་བརྗོད་ན་བརྗོད་པ་མ་ཡིན་པར་བྱའོ།། ཚངས་པར་སྤྱོད་པ་ལ་མི་བདེ་བ་འམ་གནོད་པ་འབྱུང་ངམ། སྲོག་གི་བར་ཆད་དུ་འགྱུར་རམ། དགེ་འདུན་གྱི་དབྱེན་དུ་འགྱུར་ན་ལྟུང་བ་མེདདོ།། བཅུ་པའོ།། །། ལྟུང་བ་འདི ་བཅུ་ལ་ཉེ་བར་འཁོ་བ་དང་། བགེགསུ་ཉེ་བར་སྤྱོད་པ་དང་། ལྟ་བར་ཉེ་བར་སྤྱོད་པ་དང་། ཉེ་བར་མི་སྤྱོད་པའི་དངོས་པོ་ལ་སྤྱོད་པ་དང་། ཉེ་བར་སྤྱད་པའི་དངོས་པོ་ཕ་ལོག་པར་སྒྲུབ་པར་བྱེད་པའོ།། དང་པོ་དང་གསུམ་པ ་རྣམས་དང་། ལྔ་པ་དང་། དྲུག་པ་དང་། བདུན་པ་དང་། ལྷག་མ་རྣམས་ཀྱང་གོ་རིམ་བཞིན་ཏེ། གྲོགས་པོ་རྣམས་ལ་ཡང་ཉེ་བར་སྤྱོད་པའོ།། ཚོགས་ལྔ་པའོ།། །། མཉན་ཡོད་ན་སྟེ། ཉེ་དགས་འཁོན་ཡོད་པའི་རྒྱུ ་མཚན་དྲན་པས་དགེ་སློང་ཆོས་ཁྱིམ་དུ་ཁྲིད་དེ་ཟན་བཅད་པར་བྱས་པས་ན། གྲོགས་ཀྱི་གཞིའི་དབང་དུ་མཛད་དེ་མི་བཟོད་པའི་ཉོན་མོངས་པས་ན་ཁྱིམ་དུ་ཉེ་བར་འགྲོ་བའི་ཚོགས་དང་པོར་བཅས་སོ།། ཁྱིམ་དག་ཏུ ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུའོ།། ཀླན་ཀ་བཙལ་བར་འགྱུར་རོ་ཞེས་བྱ་བ་ནི་ཟན་གཅོད་པར་བྱེད་པའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་ལ་འཁྲུགས་པར་བྱ་བ་འདོད་པར ་གྱུར་པ་དང་། དྲེགས་པས་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པར་གྱུར་པ་དང་། དགེ་སློང་དེ་ལ་འམ་དག་སློང་གཞན་ལ་ཡང་རུང་གལ་ཏེ་འདི་ཡིནོ་ཞེས་རྟོགས་པ་དང་། དེ་ཡང་ངོ་ཚ་བ་སྤང་སྟེ་དེ་འཁྲུག་པར་བྱ ་བའི་ཕྱིར་གང་ཁོ་བོ་གཅིག་པུ་ཁོ་ན་བ་དེས་ཤེས་ཀྱང་ཟེར་ན་དོན་རྟོགས་མ་ཐག་ཏུ་ལྟུང་བྱེད་དོ།། གྲོགས་པོའི་ཟན་གཅོད་པར་བྱེད་ནའོ་ཞེས་བྱ་བ་ནི་རྣམ་པར་འབྱེད་པ་ལས་འབྱུང་སྟེ། དེ་ཡང་དོན་གྱི་འབྱུང་བའི་དབང་གིས ་དེ་སྐད་གསུངས་སོ།། བསླབ་པ་བྱིན་པ་དང་། སྐད་བརྡ་མ་ཕྲད་པ་དང་། དེ་ལས་གཞན་པའི་དགེ་སྦྱོང་དང་བྲམ་ཟེ་དང་། དགེ་སློང་མའི་དབྱར་ཁང་ངམ། མུ་སྟེགས་ཀྱི་ཁྱིམ་མམ་ལྷ་ཁང་ངམ། དེ་ལྟ་བུར་ཟན་གཅོད་ན་ཉེས་བྱས ་སོ།། ནད་པ་འམ། སྨན་པས་ཐབས་བསྟན་པ་ལས་རང་གཅོད་པ་ནི་ལྟུང་བ་མེད་དོ།། དང་པོའོ།། །། རྒྱལ་པོའི་ཁབ་ཏུ་སྟེ། ཤིང་ལྗོན་པ་ལ་མེ་བཏང་བས་དེ་ལྭ་ངུ་བས་འཁྲུགས་པར་བྱས་པ་དང་། སྦྲུལ་གདུག་པ ་ལྷུལྟུང་སྟེ། དེ་ལ་ཡང་སེང་གེ་ལ་རེག་པ་ནི་འགལ་ཚབས་ཅན་དུ་འགྱུར་རོ།། ཞེས་གསུངས་པ་ཡིན་ནོ།། དྲུག་སྡེ་དག་ཀྱང་གཞན་ལ་གཏོང་བས་རྩེ་བར་བྱེད་ཅིང་མེའི་གཞིའི་དབང་དུ་མཛད་དེ། ཉེ་བར་མ་ཞི་བའི་ཉོན་མོངས་པས ་གཉིས་པ་བཅས་སོ།། བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ལ་བརྟེན་ནས་སོ།། མི་ན་བར་ཞེས་བྱ་བ་ནི་ན་བ་ལ་དུས་སོ་ཞེས་མ་བྱས་ཀྱང་རུང་བའོ།། མེ་ཞེས་བྱ་བ་ནི་མེའོ་རེག་པར་བྱེད་པ་སྟེ། སྤོར་བ་དང་། སྡུད་པ་ལ་སོག ་པའོ།། རེག་ཏུ་བཅུག་ཅེས་བྱ་བ་ནི་གཞན་ལའོ།། གཞན་ལ་གཏོང་བས་རྩེ་བར་བྱེད་ཅིང་ཟླ་བ་ལྟ་བུར་བྱེད་པ་དང་། མགལ་མོའི་འཁར་མ་བསྐོར་བ་དང་། དུས་བྱིན་གྱིས་མྱ་བརླབས་པར་མ་སྦྱོར་རམ། གསོང་ངམ། ་དྲན་པ་ཉམས་པས་སམ། དྲེགས་པས་སམ། རླུང་གཡབ་ཀྱི་གཡོབ་བམ། ཁུང་ཤིང་འཛུད་དམ། བྲོང་ཤིང་སྐུལ་བར་བྱེད་ཀྱང་རུང་སྟེ། བྱས་མ་ཐག་ཏུ་ལྟུང་བྱེད་དོ།། སྐད་མི་ཤེས་སམ། སྤྲིང་ཡིག་ལ་སོགས་པ་རྣམས་ཀྱིས་སམ། ་ལུས་ཀྱིས་རྣམ་པར་ཤེས་པས་ཀྱང་འབྲང་དུ་བཅུག་ན་ཉེས་བྱས་སོ།། མགལ་དུམ་བརྩིགས་སམ། མངག་མ་ཟླས་སམ། མེ་མ་མུར་ཀློངས་སམ། བྲུས་སམ། མེ་མ་མུར་དུས་དུས་བརྗོད་པ་མེད་པར་ཁུར་བ་བསྲེགས་སམ། སྒྲ་དང་། སྤུ ་དང་། སེན་མོ་དང་། རུས་པ་དང་། མཆིལ་མ་དང་། འབྲུ་མར་དང་མར་དང་མོན་སྲན་སྡེནྟ་དང་། བལ་སྲན་གྲེའུ་ལ་སོགས་པ་ཐུགས་ན་ཉེས་བྱས་སོ།། དུས་བྱིན་གྱིས་བརླབས་ལ་དཀོན་མཆོག་གསུམ་དང་། སློབ་དཔོན་དང་། མཁན་པོ་དང་། ་ཚངས་པ་མཚུངས་པར་སྟོང་པ་གཞན་དག་གི་ཕྱིར་ཡང་རུང་སྟེ། བྱེད་པ་ལ་ལྟུང་བ་མེད་དོ།། དེ་ལྟར་བདག་ཉིད་ཀྱི་ཕྱིར་བྱེད་དམ། ཁུར་བ་ལ་སོགས་པ་འཚེང་དམ། བཙོ་བླག་དང་། ལྷུང་བཟེད་ཀྱི་ལས་ཤིག་བྱེད་ན་ཡང་དུས་རིང་པོ ་བྱིན་གྱི་བརླབ་པར་བྱའོ།། དེ་ལ་བར་དུ་དྲན་པ་བརྗེད་ཅིང་རེག་ཀྱང་ཉེས་པ་ཡོད་པ་མ་ཡིན་ནོ།། ཁ་ཅིག་ནི་མེ་ཡང་རུང་མ་མ་ཡིན་ཡང་རུང་མེར་འདུ་ཤེས་ན་འདིར་ལྟུང་བ་ཉིད་དོ་ཞེས་ཀྱང་ཟེར་རོ།། ཀུན་ནས་ནགས་ལ་མེ་བཏང་ན ་བམ་པར་འགྱུར་བའི་འཁོར་གྱི་སྦོམ་པོའོ།། བརྡུངས་པཱ་ལ་མེ་ཟད་པར་མི་བྱ་མྱོད་ཀྱི་འོན་ཀྱང་འོག་གཞིར་སོ་ཕག་གཤིབ་པར་བྱའོ།། ཁྱམས་སུ་ཡང་མི་ཟད་པར་མི་བྱའི་དང་རར་བུས་ལ་དུང་བ་མེད་པར་བྱས་ཏེ་ནང་དུ ་གཞུག་གོ།། ལས་སར་པ་ལ་ཉེ་བར་ལོངས་སྤྱོད་པའི་ཤིང་བུས་ན་ཉེས་བྱས་སོ།། མེ་བསྡུ་བའི་ཕྱིར་ལྕགས་ཀྱི་ཐལ་ཕྱགས་རྗེསུ་གནང་ངོ་།། ཆོས་བཤད་པའི་ཚེ་མར་མེའི་སྡོང་པོ་མར་མེ་དང་ལྡན་པ་ཉེ་བར་བཞག་པར ་བྱའོ།། གང་ཟག་གི་ཕྱིར་ན་མར་མེའི་སྡོང་བྲོ་ཡལ་ག་གཅིག་པ་ཤིང་ལྗོན་པ་ལྟ་བུའོ།། དགེ་འདུན་གྱི་ཕྱིར་ནི་ཡལ་ག་མང་ཡང་ངོ་།། གཉིས་པའོ།། ། མཉན་ཡོད་ན་སྟེ། དགའ་བོས་ཉེ་དགའ་ལ་སྦྱང་བའི ་ལས་བྱེད་པར་མ་ཤེས་ནས་འདུན་པ་ཕུལ་ཏེ། ཕྱིས་འདི་སྐད་དུ་ཁོ་བོས་འདུན་པ་ཉེས་པར་ཕུལ་ལོ།། ཞེས་སྨྲས་ནས་འདུན་པའི་གཞིའི་དབང་དུ་མཛད་དེ་མ་གུས་པའི་ཉོན་མོངས་པས་ན་གསུམ་པ་བཅས་སོ།། འདུན ་པ་ཕུལ་ཞེས་བྱ་བ་ནི་དགེ་འདུན་ཆོས་བཞིན་བྱ་བ་ལ་མཐུན་པར་བྱའོ།། དེའི་འོག་ཏུ་ཞེས་བྱས་པ་ནི་འགྱོད་པས་སོ།། སྤོང་བའི་ཆོ་སུ་བྱེད་ཅིང་ཅེས་བྱ་བ་ནི་སྤོང་བའི་ཆོས་དེ་ཉིད་སྟོན་ཏེ། འདུན་པ་ཕུལ་བ་ལ་ཅོད་པར་བྱེད ་པའོ།། དགེ་སློང་ཕྱིར་བྱིན་ཅིག་ཅེས་བྱ་བ་ནི་དད་པ་ལེན་པ་ལ་དེ་སྐད་ཟེར་བའོ།། དེ་སང་མ་ཕུལ་ལོ་ཞེས་མི་ཉན་གྱི་བདག་གིས་ཁྱེད་ཅག་ལ་འདི་ལྟ་བུ་བྱེད་པར་མི་ཤེས། ད་ནི་སླར་ཕྲོག་གོ་ཞེས་བྱ་བའོ།། སྐྱོ་སྔོགས ་བྱེད་པའི་ལྟུང་བྱེད་དང་ཁྱད་པར་ཅི་ཡོད་ཅེ་ན། འདི་གསལ་བ་དག་གིས་བྱས་པའམ། མ་བྱས་ཞེས་ནི་མི་ཟེར་གྱི་བདག་གི་དད་པ་བྱིན་པ་ཙམ་ལ་སྤོང་བར་བྱེད་པའོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། ་དགེ་སློང་གིས་དགེ་སློང་ལ་འདུན་པ་ཕུལ་བར་གྱུར་ལ། དེ་ཡང་སླར་འགྱོད་པའི་རྗེས་ལ་སྔོན་ཞེ་སྡང་གིས་ཀུན་ནས་དཀྲིས་སེམས་ཀུན་ནས་དཀྲིས་པར་གྱུར་ཏེ། དགེ་སློང་དེ་ལ་འམ། གཞན་ལ་ཡང་རུང་སྟེ། དགེ་སློང་དེ་ནི་དེར ་འདུ་ཤེས་ལ་ངོ་ཚ་བ་སྦྱངས་ནས་སྒྱུ་ན་དོན་ཁོང་དུ་ཆུད་མ་ཐག་ཏུ་ལྟུང་བྱེད་དོ།། རྗེསུ་ཁས་བླངས་པས་རྗེས་སུ་ཁས་མ་བླངས་པ་ལ་འམ། རྗེསུ་ཁས་མ་བླངས་པས་རྗེས་སུ་ཁས་བླངས་པ་ལ་འམ། བསླབ་པ་བྱིན་པ་ལ ་ངདང་པ་བྱིན་ཏེ། སྦྱོང་བའི་ཆོས་སུ་བྱུང་ན་ཉེས་བྱས་སོ།། གསུམ་པའོ།། ། འདུལ་བ་བསྡུས་པ་བམ་པོ་བཅུ་གཅིག་པ།། མཉན་ཡོད་ན་སྟེ། བཅོམ་ལྡན་འདས་ཀྱིས་ཚེས་བརྒྱང་དང་བཅུ་བཞི་ལ་ཆོས ་བཤད་པར་བྱའོ།། ནམ་ཕྱེད་ཀྱི་བར་དུ་ནི་མ་ཡིན་ནོ།། ཞེས་བཀའ་སྩལ་པ་དང་། དེ་ན་ཆོས་ཉན་པ་དག་ཅིག་ལྷགས་ཏེ། རྒན་ཞུགས་གཅིག་ཀྱང་མེ་མར་འབར་བཞིན་དུ་རྨི་ལམ་ན་ཆུང་མ་དང་ལྷན་ཅིག་ཡོངས་སུ་སྦྱོང ་བཔར་མཐོང་ནས་བརྟོལ་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བ་བརྟག་པར་མི་བྱའོ།། སྣང་བར་ཡང་མ་ཡིན་ནོ།། སྒྲ་གཅན་ཟིན་ལ་བརྟེན་ནས ་ནུབ་གཉིས་ཀྱི་བར་དུ་རྗེསུ་གནང་ངོ་།། ན་བའི་དབང་དུ་མཛད་དེའི་ནད་གཡོགས་དང་། གཉི་ག་ལ་ཡང་རྗེསུ་གནང་ངོ་།། ཉི་མ་དང་ཟླ་བའི་འོད་ནི་ཐ་སྙད་དུ་བྱ་བ་མ་ཡིན་པས་ན་ཉེས་པ་མེད་དོ།། བསྙེན་པར་མ་རྫོགས་པ ་རྣམས་གཙུག་ལག་ཁང་ངམ་ཁང་བཟང་ནས་ནི་ཕྱིར་དབྱུང་བར་མི་བྱ་མོད་ཀྱི་འོན་ཀྱང་ཉེ་འཁོར་ནས་དབྱུང་བར་བྱའོ།། སྡིག་པ་ཅན་གྱི་དགེ་སློང་ལ་འཇིགས་པས་ན་དགེ་ཚུལ་ཉི་མ་གསུམ་པའི་ཚེ་མཛའ་བོའི ་གནས་ཁང་དུ་ཉལ་བར་བྱའོ།། དེ་ལྟ་བུ་མེད་ན་དགེ་སློང་སྡིག་ཅན་ཕྱིར་བྱུང་བ་འམ། ཡང་ན་དགེ་ཚུལ་ཁྲིད་ལ་གཞན་དུ་འགྲོ་བར་བྱའོ།། དབྱར་ཉེ་བར་གནས་པར་གྱུར་ན་སོ་སོར་བརྟགས་ལ་ཟླ་བ་གསུམ་གྱི་བར་དུ་ཁྱིམ་གཅི ་གི་ནང་དུ་ངེས་ལྷན་ཅིག་ཉལ་ཡང་རུང་ཉེས་པ་མེད་དོ།། ལམ་དུ་ཞུགས་པ་ནི་ཕྱིར་བྱུང་བས་སྟགས་ལ་སྩོགས་པས་གཙེས་པར་གྱུར་པས་ན་ཞག་གསུམ་པའི་མཚན་མོ་ནི་ཉལ་བར་བྱའོ།། ཡང་ནྱ་གཉིས་སམ། གསུམ་མམ། ་ཐུན་གཅིག་གམ། ཐ་ན་སྐྱ་རེངས་ཤར་བྱའོ།། གལ་ཏེ་དེ་ལྟར་ཡང་ངལ་ན་ཉལ་བར་བྱ་བ་ཉིད་དོ།། གང་མི་བདེ་བའི་ཚེ་རྗེས་གནང་བ་བདེ་བར་གནས་པའི་ཚེ་མི་བྱའོ།། ཞར་ལ་འོངས་བརྗོད་པར་བྱ་སྟེ། ལམ་དུ་ཞུགས་ན ་དགེ་ཚུལ་རྣམས་མདུན་དུ་བཏང་ལ་འགྲོ་བར་བྱའོ།། དེ་དག་ལ་ཁྱེའུ་སུས་ཀྱང་སྦྱིན་པར་བྱའོ།། དེ་ཡང་སྔོན་བྱུང་བའི་ཕྱིར་རོ།། ཉེ་དགའ་ལ་དགེ་ཚུལ་ཚེར་མ་དང་། ཆེན་པོ་གཉིས་དང་། ཇི་སྲིད་ནུབ་གཉིས་ལས ་ལྷག་པར་ཁང་པ་ན་ལྷན་ཅིག་གཉིད་ལོག་ཅིང་ཉལ་བའི་གཞིའི་དབང་དུ་མཛད་དེ། ཉེ་བར་མ་ཞི་བ་དང་། མ་དད་པའི་ཉོན་མོངས་པ་དག་གིས་བཞི་པ་བཅུས་སོ།། བསྙེན་པར་མ་རྫོགས་པར་ཞེས་བྱ ་བ་ལ་གཉིས་ནི་བསྙེན་པར་རྫོགས་པ་ཡིན་ཏེ། དགེ་སློང་དང་། དགེ་སློང་མའོ།། དགེ་སློང་དང་དགེ་སློང་མ་གཏོགས་པ་དེ་ལས་གཞན་པའི་གང་ཟག་ཐམས་ཅད་དེ། མི་རིགས་ཀྱི་བསྙེན་པར་མ་རྫོགས་པ་སྟེ། མཚོན ་དང་གྲངས་ནི་མི་བརྗོད་དོ།། འདི་ལྟར་ནུབ་གསུམ་པའི་ཚེ་བུད་མེད་དང་ལྷན་ཅིག་ན་ལྟུང་བྱེད་གཉིས་ཏེ། དགེ་སློང་མ་དང་ནི་མ་ཡིན་ནོ།། ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ན་ཞེས་བྱ་བ་ནི་གནས་བཞི་པོ་དག་ཏུ་སྐྱ ་རེངས་ཤར་བའོ།། ལྷན་ཅིག་གནས་ཅིག་ཅེས་བྱ་བ་ནི་ཁྱིམ་གྱི་རྣམ་གྲངས་སུ་རིག་པར་བྱའི་འདི་ལྷན་ཅིག་པའི་སྒྲ་མ་ཡིན་ཏེ། ལྷན་ཅིག་ཅེས་བྱ་བ་འདིས་རྟོགས་པའི་ཕྱིར་རོ།། སྐྱ་རེངས་ཤར་ཚུན་ཆད་སྔོན་རོལ་དུ་ཉེས་བྱོས་སོ།། ་གནས་ལ་རྣམ་པ་བཞི་སྟེ། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་ངམ་འཁོར་གྱི་ཁྱམས་སམ། ཁང་པ་བརྩེགས་པ་ལ་སོགས་པའོ།། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བའི་ནི་སྒྲོ་བ ་བ་དང་། སྒོ་བཅུ་གཉིས་པའོ།། ཕལ་ཆར་གཡོགས་ཤིང་ཐམས་ཅད་བསྐོར་བ་སྟེ། ཁྱམས་ངོས་བཞི་པ་དག་གོ།། གང་བལ་ཆེར་གཡོགས་ཤིང་འལ་ཆེར་བསྐོར་བ་སྟེ། ཁྱམ་ངོགས་གསུམ་པ་དང་། འཁོར་གྱི་ཁྱམས་སོ།། ཕྱིང ་གཡོགས་ཤིང་བྱེད་བསྐོར་བ་ལ་སོགས་པ་ནི་ཁྱིམ་གཞན་དང་། བ་གས་ཝཱ་བར་བྷིར་བྱུང་བ་ལ་སོགས་པ་ལྱཱ་ནི་ལྟུང་བ་མེད་དོ།། ཞེས་ཡང་དག་པར་བསྟན་པའི་ཕྱིར་གཞིར་སྨྲ་སོ།། བསྙེན་པར་མ་རྫོགས་པ་ལ་བསྙེན་བླམ་རྡོག། ་པར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས་སོ།། བསྙེན་པར་མ་རྫོགས་པ་དང་ནུབ་གཉིས་ཉལ་ལ་ནུབ་གསུམ་པའི་ཚེ་ཟ་མ་འམ། མ་ནིང་ངམ། མཚན་གཉིས་པ ་འམ། སྤྲུལ་པའི་བུད་མེད་དང་ཉལ་ན་དག་པ་ཡོངས་སུ་གྱུར་པ་ཡིན་པས་ན་ཉལ་ཡང་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ།། བསྙིལ་བ་དང་། རྣམ་པ་གཉིས་ཀྱིས་གནས་ནས་བྱུང་བའི་དགེ་ཚུལ་དང་ལྷན་ཅིག་ན་ལྟུང་བྱེད་དང་ཉེས་བྱས ་ཏེ། རྣམ་པར་བསྙིལ་བ་ལ་སོགས་པའི་ཕྱིརརོ།། བྱ་སྐྱིབས་དང་། ཤིང་ལྗོན་པ་ཁོང་སྟོང་གི་ནང་དུ་ནི་ལྟུང་བ་མེད་པ་འཐོབ་བོ།། བསླབ་པ་བྱིན་པ་དང་། བརྗེ་ཞིང་ཉལ་བས་སྦྱང་བར་བྱའོ།། དེས་ཀྱང་བསྙེན་པར་མ་རྫོགས་བྷ་དང ་དེ་བཞིན་ནོ།། བླ་གོས་བཞི་བལྟབ་དུ་བྱས་ཏེ་བཏིང་བ་ལ་སྣམ་སྦྱར་སྔས་སུ་བཅུག་སྟེ། གློ་གཡས་ཕྱོགས་ཀྱིས་ཕབ་ནས་རྐང་པའི་སྟེང་དུ་རྐང་པ་བཞུག་སྟེ། ཡན་ལག་མི་འཕྱར་བ་དང་། སེམས་མི་འཕྱར་བ་དང་། གོས་མི ་འཕྱར་བ་དང་། སྣང་བའི་འདུ་ཤེས་དང་། དྲན་པ་དང་ལྡན་པ་དང་། ལྡང་བའི་འདུ་ཤེས་ཀྱིས་ཉལ་བ་བརྟག་པར་བྱའོ།། མཚན་མོའི་ཐུན་དང་པོ་དང་། ཐ་མ་ལ་ཡང་དགེ་བའི་ཕྱོགས་བྱའོ།། མི་ན་བར་ཉིན་པར་ཉལ་བར ་མི་བྱའོ།། ཉལ་ན་ཡང་གལ་ཏེ་གཉིས་པ་ལ་བདེ་བ་ལ་རེག་པར་མི་འགྱུར་ན་གཞན་དུ་འགྲོ་བར་བྱའོ།། བཞི་པའོ།། །། མཉན་ཡོད་ན་སྟེ། དགེ་སློང་འཆི་ལྟས་ལྟ་བར་གྱུར ་པ་བཟློག་པར་བྱའི་ཕྱིར་གསོལ་བ་དང་། བཞིའི་ལུས་ཀྱིས་སྒོ་ནས་ཡང་ལྡོག་ཏུ་མ་བཏུབ་པས་ན། དེ་ལ་གནས་ནས་ཕྱུང་བའི་ལས་བྱས་ཀྱང་འོན་ཀྱང་ལྡོག་ཏུ་མ་བཏུབ་པས་ཚུལ་བཞིན་མ་ཡིན་པ་ལ་ཉེ་བར་རྟོགས་པའི ་གཞིའི་དབང་དུ་མཛད་དེ། ཞེས་བྱ་བ་ལ་རྟོག་པའི་ཉོན་མོངས་པས་ན་ལྔ་པོ་བཅས་སོ།། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཁྱིམ་ན་གནས་པས་ཀྱང་ཕྱིར་མི་འོང་བའི་འབྲས་བུའི་བར་དུ ་ཡང་འཐོབ་པར་འགྱུར་རོ་ཞེས་དེ་སྤྱད་གསུངས་ན། འདིས་ནི་བཟུང་བ་ལོག་པར་བཟུང་བས་དེ་སྐད་དུ་སྒྲའོ།། ཆོས་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་གསུངས་པ་འམ། ཉན་ཐོས་ཀྱི་བཤད་པ་ཡང་རུང་སྟེ། དེ་བཞིན ་གཤེགས་པའི་མཐུ་ཉིད་ཀྱི་ཉན་ཐོས་ཀྱི་བཤད་དོ་ཞེས་བྱ་བ་ཡང་བཅོམ་ལྡན་འདས་སུ་གཟུང་ངོ་།། བར་དུ་བཅོད་པའི་ཆོས་ཞེས་བྱ་བ་ནི་ལྟུང་བ་སྟེ་ལྔའོ།། བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་དགེ་སྦྱོང ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་མ་ཡིན་པའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་ལྟ་བ་ངན་ལ་མངོན་པའི་ང་རྒྱལ་དང་། ཆེ་བའི་ང་རྒྱལ་གྱིས་ཀུན་ནས་དཀྲིས་པར་གྱུར་པ་དང་། ལོག་པར་འཛིན་པས་ངས ་ལེགས་པས་གཟུང་ངོ་ཞེས་བྱ་བ་དང་། དགེ་བྱར་ངས་གཟུང་ངོ་ཞེས་བྱ་བ་དང་གོ་རིམ་བཞིན་ནོ།། ཆོས་དེ་ཡང་དེས་དེ་བཞིན་གཤེགས་པའི་ཐད་ནས་ཡི་གེ་འམ། དོན་དུ་བླངས་སམ་མ་བླངས་ཡང་རུང་སྟེ་དོན་འདི ་ཡང་འདིས་ཉེས་པ་བླངས་པ་ཡིན། དགེ་སློང་ཡང་བདག་གིས་ཐོས་སོ།། བདག་གིས་ལེག་པར་ཟིན་ཏོ་སྙམ་ནས་རིག་པ་དང་། དེ་བསྒྲག་པའི་ཕྱིར་ངོ་ཚ་བ་ཡང་སྤངས་ན་སྨྲས་མ་ཐག་ཏུ་ཉེས་བྱས་སོ།། བཞམས་ཏེ་སྒོ ་བའི་ཚེ་མ་ལོག་ན་ཉེས་བྱས་སོ།། དེ་བཞིན་དུ་གསོལ་བ་དང་། བརྗོད་པ་རྫོགས་པ་ནའོ།། ལས་བརྗོད་པ་དང་པོ་དང་། ལས་བརྗོད་པ་གཉིས་པ་ལ་ཡང་ཉེས་བྱས་ཉིད་དོ།། གསུམ་པ་རྫོགས་ན་ལྟུང་བྱེད་དོ།། གལ་ཏེ་ཆོས་དང ་མཐུན་ནའོ།། རྣམ་པ་གཞོན་དུ་ན་ཉེས་བྱས་སོ།། དེས་ཀྱང་དགེ་འདུན་གྱི་ནང་དུ་ལྟུང་བ་དེ་འཐོབ་པར་བྱའོ།། རྣམ་པ་གཞན་དུ་ན་གསོལ་བ་དང་། ལས་ཉམས་སུ་མྱོང་ན་ཐམས་ཅད་དུ་ཡང་ཉེས་བྱས་སུ་འགྱུར་རོ།། ལྔ ་པའོ།། །། མཉན་ཡོད་ན་སྟེ། དེ་ཉིད་གནས་ནས་ཕྱུང་བ་དང་། ཉེ་དགས་ལོངས་སྤྱོད་པས་དྲུག་པ་བཅས་སོ།། བཞི་དང་ཉོན་མོངས་པའི་དོན་ནི་དེ་བཞིན་ནོ།། དེ་སྐད་ཟེར་བའི་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ལྟ་བ་སྨྲ ་བ་རྣམས་ཀྱིས་གནས་ནས་ཕྱུང་བ་ཐམས་ཅད་དོ།། ཆོས་བཞིན་དུ་མ་བྱས་པ་ཞེས་བྱ་བ་ནི་མ་ཕྱུང་བའོ།། མ་སྤངས་པ་ཞེས་བྱ་བ་ནི་གལ་ཏེ་མ་ཕྱུང་ཡང་ལྟ་བ་དང་བྲལ་བར་གྱུར་ན་ལྟུང་བ་མེད་དོ།། གཏམ་འདྲེ་བ་ཞེས་བྱ་བ་ནི ་འདྲི་བ་སྦྱིན་པའོ།། ཕེབས་པར་སྨྲ་བ་ཞེས་བྱ་བ་ནི་ཡང་དག་པར་བརྗོད་པའོ།། ཀུན་ཏུ་གནས་པར་བྱེད་ཅེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ།། ཀུན་ཏུ་ལོངས་སྤྱོད་པར་བྱེད་ཅེས་བྱ་བ་ནི ་བསྙེན་བཀུར་ཉམས་སྣ་ལེན་པའོ།། ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་བཞི་པོ་དག་ཏུ་སྐྱ་རེངས་ཤར་བར་བྱེད་པའོ།། གཏམ་འདྲེ་བ་ནས་ཉལ་བའི་བར་དུ་ལྟུང་བྱེད། སྦྱོར་བ་ལ་ནས་བྱས། ག་གནའ་ཕྱུང་བར་མི ་ཤེས་པ་ལ་ནི་ལྟུང་བ་མེད་དོ།། ཁས་མི་བླངས་པས་ཁྲུས་བླངས་པ་དང་ལོང་སྤོང་ན་ཉེས་བྱས་སོ།། བཟློག་པ་ནི་ལྟུང་བ་མེད་དོ།། རླུང་པ་དང་། སྡིག་པ་ཅན་གྱི་ལྟ་བར་གྱུར་པ་དེ་ལས་བཟློག་པར་འདོད་པ་ལ་ལྟུང་བ་མེད་དོ།། ་འདི་ནི་དེ་མ་ཐུག་པར་བརྗོད་པ་ལ་ཡང་རིག་པར་བྱའོ།། དྲུག་པའོ།། །། མཉན་ཡོད་ན་སྟེ། ཚེར་མ་དང་ཆེན་པོ་པ་གཉིས་གེ་ནས་ངན་ལེན་མཉམ་དུ་སྤྱོད་ཅིང་ལྷན་ཅིག་རྩེ་བ་དག་དགྲ་བཅོམ་པའི་འབྲས ་བུ་ཐོབ་པ་མཐོང་བས། དེ་གཉིས་ལྟ་བ་སྐྱེས་པས་སྣང་བའི་གནས་སུ་གཞག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ།། བསྙིལ་བ་ཡང་ངོ་།། དགེ་སློང་གིས་ཀྱང་སོང་སྟེ། དེ་དག་ལ་ལས་བརྗོད་པའི་ཚིག་གིས་བསྒོ་བར་བྱའོ།། ་ཉེ་དགས་ཉེ་བར་གཟུང་བས་ན་བདུན་པ་བཅས་ཏེ། གཞི་དང་ཉོན་མོངས་པ་ར་འགྱུར་བ་ཡང་ངོ་།། ལན་གཉིས་ལན་གསུམ་དུའོ་ཞེས་བྱ་བ་ནི་བསྒོ་བའི་ལས་སོ།། འདི་སྐད་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་དེ་ལ་བསྙིལ་བའི ་ལས་བྱའོ།། ཉེ་བར་འཇོག་པ་ཞེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ།། ཉེ་བར་གཏོང་བར་བྱེད་ན་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པ་ནས་སྟན་ལ་སོགས་པ་སྡུང་བའོ།། ལྷན་ཅིག་ནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི ་ཉི་མ་དང་བ་ཉིད་ལ་ལྟུང་བྱེད་དོ།། ཉི་མ་གསུམ་ལོན་ནུ་ལྟུང་བྱེད་གཉིས་སོ།། ལྷན་ཅིག་གནས་པ་སྦྱིན་པ་ནས་བསྟན་པ་སྦྱིན་པའི་བར་དུ་དེ་མ་ཐག་ཏུ་ལྟུང་བྱེད་དོ།། ལྟུང་བ་མ་མཐོང་བ་དང་། བཱིར་མི་འཆོས་པས་གནས ་ནས་བྱུང་བའི་དགེ་སློང་དང་ལོངས་སྤྱོད་ན་ཉེས་བྱས་སོ།། བདུན་པའོ།། ། རྒྱལ་པོའོ་ཁབ་ན་སྟེ། རི་བོ་དང་ཡིད་འོང་གི་དུས་སྟོན་གྱི་ཆོ་གར་མཁན་གྱིས་དྲུག་སྡེ་ལ་འབྱས་པ་དང་། དེ་དག་གིས་ཀྱང་དེ་དག་རྒ ་ཆ་ལུགས་ལྟ་བུར་གར་མཁན་གྱི་སཽ་གོས་སྒྱུར་སྟེ་གར་བྱས་པ་དང་། འཇིག་རྟེན་པ་ཐམས་ཅད་དེར་ལྷགས་སོ།། དེ་ནས་གར་མཁན་བདག་གིས་བྱཱ་དགར་ཅི་རྙེད་པ་ཐམས་ཅད་ཕྱིན་ཆད་ཀྱང་འཕྱས་སུ་མི་བྱེད་པའི་ཕྱིར ་དེ་དག་ལ་སྦྱིན་ནོ།། ཚོན་གྱི་གཞིའི་དབང་དུ་མཛད་དེ། ཉེ་བར་མ་ཞི་བའི་ཉོན་མོངས་པས་ན་བརྒྱད་པ་བཅས་སོ།། སར་པ་ཞེས་བྱ་བ་ནི། སར་པ་ཉིད་སར་པ་ལ་བྱའི། དེ་དག་རྙེད་པ་ལ་ནི་མ་ཡིན་ནོ།། ཆོས་གོས་ཞེས ་བྱ་བ་ནི་རྣམ་པ་བདུན་ནོ།། སྔོན་པོ་ཞེས་བྱ་བ་ནི་རམས་སོ།། གཞན་དག་ནི་ཨ་རུ་རའི་སྐྱོ་མ་ལྕགས་ཀྱི་སྣོད་ཀྱི་ནང་དུ་གཞག་ན་སྔོན་པོར་འགྱུར་རོ་ཞེས་ཀྱང་ཟེར་རོ།། དེ་དག་ནི་སྔོན་པོ་ནི་རམས་ཉིད་ངོ་ཞེས་ཀྱང་འདོན་ཏོ།། ་དམར་པོ་ཞེས་བྱ་བ་ནི་བཙག་གོ།། དམར་པོ་ནི་དམར་པོ་ཉིད་དོ་ཞེས་བྱ་བ་ནི་ཉེ་བར་འདོན་ཏོ།། ངུར་སྨྲིག་ཅེས་བྱ་བ་ནི་ཤུན་ཕྲགས་ཏེ་རྩ་བ་ལ་སོགས་པ་རྣམ་པ་ལྔར་དབྱེའོ།། ཁ་བསྒྱུར་བར ་བྱའོ་ཞེས་བྱ་བ་ནི་ཁ་བསྒྱུར་བར་བྱའོ།། སྤྱོད་ན་ཞེས་བྱ་བ་ནི་གྱོན་པ་སྟེ། གྱོན་མ་ཐག་ཏུ་ལྟུང་བྱེད་དུ་འགྱུར་རོ།། ཚུན་ཆད་དུ་ཉེས་བྱས་སོ།། ཐ་ན་ལྷུང་བཟེད་ཀྱི་ཁ་དགབ་པ་ཡང་རུང་བར་བྱའོ།། གཞན་དག་ལས་ནི ་ཐ་ན་རྐང་པ་དཀྲི་བ་དང་། ཆུ་ཚགས་དང་། ལྷུང་བཟེད་ཀྱི་སྣོད་དང་། སྐེ་རགས་ཀྱང་ངོ་ཞེས་འབྱུང་ངོ་།། གོས་ཀྱི་རྒྱུའམ་སྤུན་མི་རུང་བ་འམ། གཉི་ག་ཡང་རུང་། རུང་བར་མ་བྱས་ཏེ་གྱོན་ནོ་ཉེས་བྱས་སོ།། རུང་བར ་བྱས་པ་ཞིག་རྒྱལ་པོ་ལ་སོགས་པས་ཕྲོགས་པ་སླར་ཐོབ་ན་ཡང་རུང་བ་དེ་ཉིད་ཀྱིས་སྤྱད་པར་བྱའོ།། ཁ་དོག་ངན་པར་མ་བསྒྱུར་བ་ལ་ཁ་དོག་ངནྡ་པར་མ་བསྒྱུར་བར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྟེ། དེ་ཡང་བསླབ ་པའི་གཞི་ཐམས་ཅད་དུ་བརྟགས་པར་བྱའོ།། དགེ་འདུན་གྱི་མུལ་ཆ་དང་། སྟན་མ་སྤྱད་པ་ཁ་ཚར་དང་བཅས་པ་བཅང་བར་བྱའོ།། ཁ་སྒྱུར་བར་མི་བྱའོ།། ཆ་གོ་ཅན་ལ་སོགས་པར་མི་བྱ་གོས་དཀར་པོ་ཁ་ཚུར ་དང་བཅས་པ་གྱོན་ཏེ་ཕྱིར་འབྱུང་བར་མི་བྱའོ།། གལ་ཏེ་ཕྱི་རོལ་དུ་འགྲོ་ན་ནང་དུ་བགོས་ལ་ཇི་ལྟར་མི་སྣང་བར་ཕྱི་རོལ་ནས་གོས་ཁ་བསྒྱུར་བ་བགོ་བར་བྱའོ།། གལ་ཏེ་སྣང་ན་ཁ་ཚར་བསྣོལ་བར་བྱའོ།། ་གང་སྦྱིན་པ་པོ་ནི་ཡིད་བརྟན་ཏེ་བཅང་བ་དེ་ཉིས་ནི་ཆོ་གའོ།། བརྒྱད་པའོ།། ། བཅོམ་ལྡན་འདས་ཀྱིས་གཏེར་གཟིགས་ཏེ། ཀུན་དགའ་བོ་སྦྲུལ་གྱི་དུག་གདུག་པའོ་ཞེས་བཀའ་སྩལ་པ ་དང་། འཕགས་པ་ཀུན་དགའ་བྲོས་དུག་དྲག་པོའོ་ཞེས་གསོལ་བ་དེའི་ཕྱིར་ཞིང་པ་ཞིག་གཟུང་བ་དང་། འཆར་ཀས་ཀྱང་འཕོད་སློབ་པ་དྲུང་། གླུ་མཁྱེན་གྱི་གནས་སུ་འོངས་ནས་ཁྱེའུ་རྣམས་གཙེས ་པ་དང་། ཉེ་དགས་ཀྱང་ལིཙྪ་བཱིའི་ཁྱེའུ་རྣམས་ཀྱིས་རྒྱན་བཞག་པ་གནོད་སྦྱིན་གྱི་ནོར་རོ་ཞེས་བྱས་ནས་བླངས་པ་དང་། དྲུག་སྡེ་རྣམས་ཀྱིས་ཀྱང་ལིཙྪ་བཱིའི་སྐྱེད་མོས་འཚལ་ན་ཐབ་མོའི་རོལ་མོའི་ཆ་བྱད ་རྣམས་བརྡུངས་པས་ནཱ་མི་རུང་བ་བླངས་པའི་གཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དང་ཕོངས་པ་དང་མ་དད་པའི་ཉོན་མོངས་པ་ཡོངས་སུ་སྤངས་པའི་ཕྱིར་ཡངས་པ་ཅན་དུ་དགུ་པ་བཅས་སྷོ།། ་རིན་པོ་ཆེ་ཞེས་བྱ་བ་ནི་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། མེན་ཤེས་དང་། བྷ་རུ་དང་། གསེར་དང་། དངུལ་དང་། ཨཥྨ་གར་བ་དང་མུ་ས་ལ་གརྦ་དང་སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་པ ་རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ནི་གཡུལ་ངོར་སྤྱད་པའི་ལག་ཆ་སྟེ། ཚོན་ཆ་དང་། རོལ་མོར་སྤྱད་པའི་ལག་ཆ་སྟེ། ཚོན་ཆ་དང་། རོལ་མོར་སྤྱོད་པའི་ལག་ཆ་ཐམས་ཅད་དོ།། རང་གི་ལག་གིས་ཞེས་བྱ་བ་ནི་ལུས ་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ།། ལེན་དུ་འཇུག་ན་ཞེས་བྱ་བ་ནི་གཞན་གྱིས་སོ།། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཤེས་བྱ་བ་ནི་གཙུག་ལག་ཁང་གིས་ནང་ན་འདུག་པ་སྟེ། དེ་ཡང་རི ་དྭགྲས་འཛིན་གྱི་མ་ལས་རྩམས་ནས་རྗེས་སུ་གནང་བའོ།། ཀུན་དགའི་ར་བར་གཏོགས་པ་ན་ཞེས་བྱ་བ་ས་གཙུག་ལག་ཁང་གི་ཕྱི་རོལ་ཏེ་འདི་ཡང་དགེ་སློང་གིས་སྲེ་མོ་ལྟ་བུའི་རྒྱལ་བུ་མཐོང་གནས་གཞན་ལ་བྱིན ་པའི་ཕྱིར་རྗེས་སུ་གནང་ངོ་།། དེ་ལ་ཡང་ཀུན་ཏུ་སྤྱད་པའི་ནི་ལག་སྟེ་འགའ་ཞིག་སློང་ན་དན་རྟགས་དྲི་བར་བྱའོ།། གལ་ཏེ་མཐུན་ན་སྦྱིན་པར་བྱའོ།། རྣམ་པ་གཞན་དུ་ན་ལོ་མ་ལ་སོགས་པ་རྣམས་ཀྱིས་ཀྱང་བཀབ་སྟེ་འགྲོ་བར ་བྱའོ།། ཡུལ་བར་ཡང་མྱི་དོར་ཏེ་ཉི་མ་བདུན་ནམ་རྒྱད་ཀྱི་བར་དུ་བསྲུང་བར་བྱའོ།། གལ་ཏེ་མ་འོངས་ན་དགེ་འདུན་གྱི་མཛོད་དུ་བཞུག་ལ་ཟླ་བ་དྲུག་འདུས་ནས་གལ་ཏེ་འོངས་ན་ཡང་སྦྱིན་པར་བྱའོ།། གལ་ཏེ་མ་འོངས་ན་དགེ་འདུན ་གྱིས་དངོས་པོ་བརྟན་པོར་བཙོང་བར་བྱའོ།། འོངས་ན་ཡང་རྗེ་སུ་ཡི་རང་བ་བྱེད་དུ་གཞུག་པར་བྱའོ།། གལ་ཏེ་མི་བཏུབ་ན་སྦྱིན་པར་བྱའོ།། སྐྱེད་ནི་སྦྱིན་པར་མི་བྱའོ།། ནོར་བུ་ལ་སོགས་པ་བརྡུངས་པ་འམ། མགུལ་གདུབ་ལ་སོག ་པའི་རྒྱན་ཏམ། བི་པང་ལ་སོགས་པ་བརྒྱད་དུ་ལྡན་པ་འམ། བུད་དུང་ངམ། གོཞུ་རྒྱུད་ངུ་བཅས་པ་འམ། ཨི་ལྱ་ལ་སོགས་པའི་རྔ་གཡོགས་པ་དང་བཅས་པ་འམ། མདའ་མདེའུ་དང་བཅས་པ་འམ། མདུང་ལ་སོགས་པ་མདུང ་བཅས་པ་འོ་མ།། སྐུ་གཟུགས་སྒྲ་གདུང་དང་བཅས་པ་བླངས་སམ། ལེན་དུ་གཙུག་ན་བླངས་མ་ཐག་ཏུ་ལྟུང་བྱེད་དོ།། སྦྱོར་བ་ནི་ཉེས་བྱས།། ནོར་བུ་ལ་སོགས་པ་མྱ་བདར་བ་དང་། ཐ་ནཱ་ནོར་བུ་མཆིང་བུ་འམ། རྡུ་ལ་སྔགས་པ ་མ་སྦྱར་བ་འམ། དུད་འབུད་དུ་མི་རུང་བ་འམ། ཐ་ན་སོགས་མའི་རང་བཞིན་གྱི་ཕྲེང་བ་འམ་མདའ་མདེའུ་མེད་པ་འམ། སྐུ་གཟུགས་སྐུ་གདུང་མེད་པ་ལ་ཉེས་བྱསོ།། ཀླུ་ལ་སོགས་པའི་ནོར་བུ་བླངས་སམ། སྤྲིང་ཡིག་ལ ་སོགས་པ་རྣམས་ཀྱིས་སམ། རིན་པོ་ཆེའི་ཁྲིའུ་ལ་སོགས་པ་ལ་འདུག་ན་ཉེས་བྱས་སོ།། ལྷ་ལ་སོགས་པའི་གནས་སུ་ནི་ལྟུང་བ་མེད་དོ།། མཚོན་ཆ་མཚན་དུ་མི་རུང་བར་བྱས་པ་ནི་བླང་བར་བྱའོ།། རྒྱན་གདགས་པར་མི ་བྱའོ།། སྐུ་གཟུགས་སྐུ་གདུང་དང་བཅས་སམ། མ་བཅས་ཀྱང་རུང་སྟེ། སྟོན་པའི་འདུ་ཤེས་ཉེ་བར་བཞག་ནས་བླངས་པ་ལ་ནི་ལྟུང་བ་མེད་དོ།། ཆུ་ཤེལ་དང་། མེ་ཤེལ་འཆང་བ་ལ་ནི་ལྟུང་བ་མེད་དོ།། དེ་ཡང་ཆོམ་རྐུན་པ ་རྣམས་ལ་བསྟན་པར་མི་བྱའོ།། ཆུ་དང་མེ་ཕྱུང་ཞིང་ཡོད་པ་དེ་ནི་བགོ་བར་བྱའོ།། རིན་པོ་ཆེ་སྣ་བདུན་ལས་གཅིག་ལ་དགེ་འདུན་ལྷག་མའོ།། གཉིས་ལ་ནི་ཉེས་བྱས་སོ།། བཞི་ལ་ནི་ལྟུང་བ་མེད་དོ།། དགུ་པའོ།། ་རྒྱལ་པོའི་ཁབ་དུ་དྲུག་སྡེ་ཆུ་དྲོན་ཅན་དུ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཐོ་བཙམ་སོ།། ཁྲུས་བཀག་པ་ལས་དྲི་མི་ཞིམ་པ་དང་འཇིག་རྟེན་པ་ཡང་སྨོད་པས་ན་ཟླ་བ་ཕྱེད་ཅིང་རྗེས་སུ་གནང་ངོ་།། དེ་ལས་གཞན་ཡང་དུས་ལ་བབ་པ་ནའོ།། ་དེ་ནས་བསླབ་པ་འདོད་པའི་བསྔགས་པ་བརྗོད་དེ། རང་དབང་མེད་པའི་གཞིའི་དབང་དུ་མཛད་ནས་འགལ་ཚབས་ཅན་གྱིས་ཉོན་མོངས་པ་ཡོངསུ་སྤང་བའི་ཕྱིར་བཅུ་པ་བཅས་སོ།། དེ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་འཁྲུ་བའོ།། ་ཅི་ལྟ་བུའི་དེ་ཞེ་ན། དེ་ལས་འདུམས་པར་ཚུན་ཆད་དུ་འཁྲུ་བ་སྟེ། མཚམས་དེ་ལས་འདའ་བྱར་རོ།། ཟླ་བ་ལྷག་མ་ཕྱེད་དང་གཉིས་ཞེས་བྱ་བ་ནི་ཟླ་བ་ཕྱེད་དང་གཉིས་ན་དབྱར་ཉེ་བར་གནས་པར་འགྱུར་བའོ།། དང་པོའི་ཟླ་བ་ཞེས་བྱ་བ་ནི། ་ཉེ་བར་ཞུགས་པའི་ཟླ་བའོ།། ན་བ་དུས་སོ་ཤེས་བྱ་བ་ནི་ཙཽ་ལྷུར་ཡང་བཀྲུས་པའི་བར་དུ་འཚོ་བར་མ་ནུས་པའོ།། ལས་དང་ལམ་དུས་སོ་ཤེས་བྱ་བ་ནི་སྔ་མ་བཞིན་ནོ།། རླུང་དུས་སོ་ཤེས་བྱ་བ་ནི་ཐ་ན་ཆོས་གོས་ཀྱི་གྲཝ་རླུང་གིས་བསྐྱོད ་པར་གྱུར་པའོ།། ཆར་དུས་སོ་ཤེས་བྱ་བ་ནི་ཐ་ན་ལུས་ལ་ཆར་གྱི་ཐིགས་པ་གཉིས་སམ་གསུམ་འབབ་པའོ།། གང་ན་གཉིས་ཀར་གྱུར་པ་དེ་ནི་རྫི་ཆར་དུས་སོ།། དེ་ལ་ལྟུང་བ་ཙཱི་ལྟར་འགྱུར་ཞེ་ན། དབང་བསྐུར་བས་འཁྲུ་འམ། ནང་དུ ་ཞུགས་ནས་འཁྲུ་འམ། ཆུ་གྲང་མོ་འམ། ཆུ་དྲོན་མོ་འམ། ཀླུང་དྲག་ཏུ་འབབ་པ་འམ། དལ་ནས་འབབ་པ་ལ་ཡང་རུང་སྟེ། དུས་བྱིན་གྱིས་མེ་བརླབས་པར་འཁྲུ་ནོ། ཇི་སྲིད་ལྟེ་བར་ཆུས་མ་སོན་པ་དེ་སྲིད་དུ་ནི་ཉེས་བྱས་སོ།། ལྟེ་བར ་སོན་ན་ལྟུང་བྱེད་དོ།། དབང་བསྐུར་བར་ཁྲུས་བྱས་ནས་ཆུའི་ནང་དུ་ཞུགས་ཏེ་འཁྲུར་འདོད་དམ། ཇི་སྲིད་དྲག་ཏུ་འབབ་པ་ལ་ཁྲུས་བྱས་ནས་དལ་གྱིས་འབབ་པ་ལ་འཁྲུར་འདོད་ན་ཡང་དུས་བྱིན་གྱིས་བརླབ་པར་བྱའོ།། རྣམ་པ་གཞན་དུ་ན་ལྟུང་བ ་དང་ལྟུང་བ་མེད་པ་སྔ་མ་བཞིན་ནོ།། ཆུ་ཀླུང་རྒལ་པ་དང་། སྐམ་སའོ་སྙམ་པ་ལས་ལྟུང་བའམ། ཟམ་པ་ལ་ལྟུང་བ་འམ། འདྲེད་དམ། བརྒྱལ་བ་ལས་ཆུས་བཏབ་པའམ། ཅུང་ཞིག་དབྱུང་བར་འདོད་པ་ལ་རྐྱལ་བསླབ་པར་འདོད་པ་ལ ་བ་མེད་དོ།། གལ་ཏེ་བཀྲུ་བར་འདོད་ན་དུས་བྱིན་གྱིས་བརླབ་པར་བྱའོ།། ཆར་འབབ་པའི་ཚེ་ལུས་ཕྱུང་ནས་འདུག་པ་ལ་ལྟུང་བ་མེད་དོ།། དུས་སུ་བརྗོད་པ་ལ་ཡང་ལྟུང་བ་མེད་དོ།། དེ་ལ་ལས་དུས་སོ་ཞེས་བྱ་བ་གཏན་ལ་དབབ་སྟེ། གཙུག་ལག ་ཁང་སྐྱོང་གིས་ངེས་པར་ཕྱག་བྱའོ།། གལ་ཏེ་གཙུག་ལག་ཁང་རྒྱ་ཆེ་བ་ཞིག་ཡིན་ན་ཇི་སྲིད་ཡོངསུ་སྤྱོད་པ་ཚུན་ཆད་དོ།། ཕྱི་ནས་ཚེས་བརྒྱད་དང་། བཅོ་ལྔ་ལ་ཡང་གཎྜཱི་བརྡུངས་དེ་ཆོས་ཀྱི་རྣམ་པར་ངེས་པའི་གཏམ་མམ། འཕགས་པའི་ཅང ་མི་སྨྲ་བ་ཉིད་ཀྱིས་སོ།། དོགེ་འདུན་ཐམས་ཅད་ཀྱིས་ཕྱག་དར་བྱའོ།། དེའི་འོག་ཏུ་ཁྲུས་བྱའོ།། མཆོད་རྟེན་ལ་བསྟོད་པ་དང་བཅས་པས་ཕྱག་བྱས་ཏེ་ནང་དུ་འཇུག་པར་བྱའོ།། ཆག་ཆག་བཏབ་པ་འམ། ཆགས་དར་བྱས་པ་འམ། སྦྱང ་ནུལ་བྱས་པ་ལ་ཡང་གཙུག་ལག་གི་ཚིགས་སུ་བཅད་པ་ཀླགས་ལ་བགོམ་པར་བྱའོ།། དེ་བཞིན་དུ་མཆོད་རྟེན་དང་། དྲི་གཙང་ཁང་གི་གྲིབ་མ་འམ། སྲོག་ཤིང་གི་གྲིབ་མ་ལ་ཡང་ངོ་།། ཇི་སྐད་བསྟན་པའི་དུས་མ་གཏོགས་པར ་གཞན་མཐའ་ཁོབ་ཀྱི་རྐྱེན་གྱི་དུས་དེར་ནི་རྟག་ཏུ་འཁྲུ་བར་རྗེས་སུ་གནང་ངོ་ཞེས་བྱ་བའོ།། དུས་གཞན་ཡང་རོ་ལ་རེག་པ་སྟེ། ཇི་སྐད་དུ་དགེ་སློང་ཤི་བ་ལ་སྲོག་ཆགས་བརྟགས་ཏེ་མེར་བསྲེག་པར་བྱའོ།། དེ་ཡང་མེད་ན་ཆུ་ཀླུང་ལ་བསྐུརོ།། ་ཡང་ན་ས་རྐོ་བར་བྱའོ།། དབྱར་ཚང་ཚིང་གི་དབུས་སུ་མགོ་བོར་རྔས་བཅུག་ལ་ལྷོ་ཕྱོགས་སུ་ཁ་མངོན་དུ་ཕྱོགས་སུ་ཁ་མངོན་དུ་ཕྱོགས་པ་ལ་ལོ་མ་ལྕགས་པས་གཡོགས་ལ་བཞག་གོ། བར་མར་ཆོས་བསྒྲགས ་ལ་ཡོན་པ་ཤད་པ་ཡང་སྦྱིན་པར་བྱའོ།། གླང་གིས་རིགས་པ་དེ་དག་གོས་དང་བཅས་པ་ཁྲུས་བྱའོ།། དེ་དག་ལས་གཞན་ནི་ལག་པ་དག་དང་རྐང་པ་དྲུག་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ།། བྲེག་པའི་ལས་བྱ་བའི་ཕྱིར་དུས ་ཀྱང་གཞན་ནོ།། ཞེས་ཅི་སྐྲོད་གསུངས་པ་ཡིན་ཏེ། སྥུ་གྲཱིའི་སོ་འམ། སྟེའུའི་སོ་ལྟ་བུར་སེན་མོ་རྣམས་བཅད་པར་བྱའོ།། འབྲུའི་ཁ་ལྟ་བུ་འམ། ར་བའི་ཅོག་ལྟ་བུ་འམ། ཟླ་བ་ཕྱེད་པ་ལྟ་བུ་འམ། བྱིའུ་མཆུ་ལྟ་བུར་མི་བྱའོ།། སནྣ ་མོ་སྤྱིལ་བར་མི་བྱ་སྟེ། དྲི་མ་དབྱི་བ་ལ་ནི་ལྟུང་བ་མེད་དོ།། གཙུག་ཕུད་མི་བཞག་གོ།། ཆན་པས་བྲེག་པར་མི་བྱའོ།། རྨའི་ཐན་འཁོར་གྱི་སྒྲ་བྲེགས་པ་ལ་ནི་ལྟུང་བ་མེད་དོ།། གསང་བའི་གནས་ཀྱི་ཕྱོགས་སུ་བྱུག་པའི་ལས་མི ་བྱའོ།། གང་ལ་རྨའམ་སྲོག་ཆགས་ཞུགས་ན་དེས་དགེ་སློང་གནས་བརྟན་དག་ལ་དྲིས་ཏེ་བྲེག་པར་བྱའོ།། བྱིན་པ་ལ་ཡང་མི་བྲེག་སྟེ། རྨའི་ཐན་འཁོར་ལ་ནི་ལྟུང་བ་མེད་དོ།། དགོན་པ་པས་ནི་སྐྱེ་སོར་གཉིས་འཁྲིས་པ་བྲེག་གོ།། ་དོ་ལས་གཞན་པ་དག་གིས་ཀྱང་དེ་ཚུན་ཆད་དོ།། ཆོས་གོས་བགོས་ལ་སྒྲ་མི་བྲེག་མོད་ཀྱི་འོན་ཀྱང་སྒྲེ་བོཟད་པའི་གོས་བགོས་ལའོ།། དེ་ཡང་མེད་ན་རྡུལ་གི་ཟན་གྱིས་དཀྲིས་ཏེ་དགེ་སློང་གང་མཁས་པ་དེས་གང་ཕྱོགས་དབེན ་པར་བྲེག་གོ།། དེའི་ཕྱིར་ཡང་དགེ་འདུན་ལ་འདྲེག་པའི་སྣོད་སྤྱད་རྗེས་སུ་གནང་ངོ་།། གང་དུ་དགེ་འདུན་ཕྱག་དར་དོར་བ་དེར་སེན་མོ་འམ་སྒྱུ་མི་འདོར་རོ།། ནད་པ་འམ་རྒན་པོ་འམ། ཆར་འབབ་པ་ལ་སོགས་པ་རྣམས་ཀྱིས་བྱི་དོར ་བྱའོ།། སྐྲ་བྲེགས་པ་དང་། དེའི་འོག་ཏུ་ཁྲུས་བྱའོ།། གང་ན་པོའམ་རྒས་པའམ། ཡང་ན་ཆུ་མེད་ན་དེ་དག་གིས་ཡན་ལག་ལྔ་བཀྲུ་བར་བྱའོ།། བཀྲུ་བའི་ཀུན་དུ་སྤྱད་པ་ནི་དང་པོར་དེ་རེ་ཞིག། ཡོངསུ་ལས་བྱེད་དུ་རུང་བ་བཙལ་ལོ།། ་གོས་གཅོག་པས་གོས་གཅིག་པ་ལ་ཡིན་སེང་གེ་ལྟ་བུས་ཝ་ལྟ་བུ་ལ་མ་ཡིན། ཚུལ་ཁྲིམས་དང་ལྡན་པས་ཚུལ་ཁྲིམས་འཆལ་པ་ལ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། མ་དང་། ཕ་དང་། ནད་པ་དང་། སློབ་དཔོན་དང་། མཁན་པོ་ནི ་མཆོག་དུ་ཚུལ་ཁྲིམས་འཆལ་པ་ཡིན་ན་ཡང་བྱའོ།། མ་དད་པ་འམ། གསར་དུ་དད་པ་ཀུན་ཏུ་བྱེ་བའི་ལས་བྱེད་དུ་གཞུག་པར་མི་བྱའོ།། བསྲོ་གང་གི་ནང་དུ་ཞུགས་པའི་ཚེ་ཡང་དེ་དག་ནང་དུ་གཞུག་པར་མི་བྱའོ།། དེ་ནས་དུས ་སེམས་ལ་བྱ་སྟེ་ཁྲུས་བྱས་སོ།། སོ་ཕག་གམ། ཉ་ཕྱིས་ཀྱི་རྐང་པའི་མཐིལ་དྲུད་ཀྱི་ལུས་དྲུད་པར་མི་བྱའོ།། སྒྲེན་མོར་ཁྲུས་མི་བྱའོ།། འོན་ཀྱང་ཁྲུས་རས་རིམ་པ་གཅིག་པ་བཅང་བར་བྱའོ།། གལ་ཏེ་རིམ་པ་གཉིས་པ ་ཞིག་ཡིན་ན་ལག་པས་ཆུ་བརྟགས་ཏེ་ཁྲུས་བྱའོ།། གང་ལ་མེད་པ་དེས་དབེན་པའི་ཕྱོགས་སུ་མདབ་མ་ལྷགས་པས་གཡོགས་ལོ་བཀྲུའོ།། གང་དུ་སོན་ན་སྲོགས་ཆགས་དུས་འདས་པར་འགྱུར་པ་དེར་ཁྲུས་མི་བྱའོ།། དེ་ནས ་ལངས་ཏེ་ཡུད་ཙམ་ཙོག་ཙོག་པོར་འདུག་པར་བྱའོ།། རིམ་པ་གཅིག་པར་བྱ་སྟེ། སྲོགས་ཆགས་མེད་པར་གྱུར་པས་དེ་ཡང་བཀྲུ་བར་བྱའོ།། ལུས་སྐམས་ནས་གོས་རྣམས་བགོ་བར་བྱའོ།། ཡང་ན་ལུས ་ཡོངསུ་ཕྱི་བས་ལུས་ཡོངསུ་ཕྱི་བར་བྱའོ།། དེ་ཡང་མེད་ན་ཁྲུས་རས་ཀྱིས་ཀྱང་ངོ་།། ཆོ་ག་ཇི་སྐད་བསྟན་པ་བཞིན་མ་བྱས་ན་ཐམས་ཅད་ཉེས་བྱས་སོ།། བཅུ་པའོ།། །། བཅུ་པོ་འདི་དག་ནི་བསོད་སྙོམས་ལ་རྒྱུ་བ་ཡོངསུ་ལོངས ་སྤྱོད་པ་དང་། མེ་ལ་ཡོངསུ་ལོངས་སྤྱོད་པ་དང་། ལས་ལ་ཡོངསུ་ལོངས་སྤྱོད་པ་དང་། ཉལ་བ་ལ་ཡོངསུ་ལོངས་སྤྱོད་པ་དང་། ཆོས་ཀྱིས་ལོངས་སྤྱོད་ལ་ཡོངསུ་ལོངས་སྤྱོད་པ་དང་། ཆོས་གོས་ལ་ཡོངསུ་ལོངས་སྤྱོད་པ་དང་། ་ལྟུང་བ་མཐོང་བ་ལ་ཡོངསུ་ལོངས་སྤྱོད་པ་དང་། ཁྲུས་ལ་ཡོངསུ་ལོངསོ་སྤྱོད་པར་རིམ་པར་བྱ་སྟེ། གཅིག་དང་། གཅིག་དང་། གཅིག་དང་། གཅིག་དང་། གསུམ་པོ་རྣམས་དང་། གཅིག་དང་། གཅིག་དང་། གཅིག་དང་། གོ་རིམ ་བཞིན་ནོ།། ཚོགས་དྲུག་པའོ།། །། མཉན་ཡོད་ན་སྟེ། འཆར་ཀས་འཕོང་རྩལ་སྐྱོབ་པའི་གནས་སུ་སོང་ནུས་མངའ་ལྔས་བསྒྲུབས་པས་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྒོ་ཆགས་ཀྱིས་གཞིའི་དབང་དུ ་མཛད་དེ།། མི་བཟོད་པ་དང་། སྙིང་རྗེ་མེད་པའི་ཉོན་མོངས་པ་དག་གིས་དུད་འགྲོའི་ཚོགས་དང་པོར་བཅས་སོ།། བསམས་བཞིན་དུ་ཞེས་བྱ་བ་ནི་སྲོགས་ཆགས་སུ་འདུ་ཤེས་པ་དང་། གསད་པར་འདུ་ཤེས་པའོ།། ་འགྲོའི་སྐྱེ་གནས་སུ་གཏོགས་པ་ཞེས་བྱ་བ་ནི་བྱ་རོག་གམ། དེ་ལས་གཞན་སྦྲུལ་ལ་སོགས་པ་སྟེ། དེས་ནི་འདི་སྲོག་ཆགས་ཡིན་ནོ་ཞེས་བསྟན་པར་འགྱུ་རོ།། སྲོག་ཆགས་གསོད་ཅེས་བྱ་བ་ནི་སྲོག་དང་ཕྲལ་བའོ།། ་སྲོག་ཆགས་བསད་པའི་ཕྱིར་བསྣུན་མ་ཐག་ཏུ་ལྟུང་བྱེད་དོ།། ཁ་ཅིག་ནི་མ་ཤི་ནི་ཡང་ངོ་ཞེས་ཟེར་རོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་ལུས་ཀྱིས་སམ་ལུས་དང་འབྲེལ་བས་སམ། ལུས་ཀྱིས་འཕགས་པས ་ཀྱང་རུང་བསད་པར་སེམས་ལ་བསྣུན་ནཱ་དེ་དེའི་ཚེ་འོ་མ་དེ་ལས་གཞན་དུའང་རུང་སྟེ་དེ་ཉིད་ཀྱི་ཤི་ན་ལྟུང་བྱེད་དོ།། མ་ཤི་ན་ཉེས་བྱས་སོ།། གཞན་གྱིས་ཀྱང་ཐ་ནཱ་སྨྱོ་བས་སམ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ ་ཡང་རུང་། བསད་ན་ལྟུང་བྱེད་ཉིད་དོ།། སྤྲིང་ཡིག་གམ། ལག་བརྩིས་ཀྱིས་ཉེས་བྱས་ཉིད་དོ།། གཞན་བསད་དོ་སྙམ་པ་ལས་གཞན་བསད་དམ་སྲོག་ཆགས་མ་ཡིན་པ་ལ་སྲོག་ཆགས་སུ་འདྲོ་ཤེས་ན་ཉེས་བྱས་ཉིད་དོ།། ་ཁ་ཅིག་ནི་ལྟུང་བྱེད་དོ།། ཞོས་ཀྱང་ཟེར་རོ།། ཐག་པ་གཏུབ་བོ་སྙམ་པ་ལས་སྦྲུལ་གཏུབས་ན་ལྟུང་བ་མེད་དོ།། དུད་འགྲོའི་སྐྱེ་གནས་ལ་དུད་འགྲོའི་སྐྱེ་གནས་སུ་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་རོ།། དང་པོའོ།། ། ་མཉན་ཡོད་ནི་སྟེ། ཉེ་དགའ་བཅུ་བདུན་སྡེ་རྣམས་ཐོས་པ་འཛིན་པ་ལས་ངེས་པར་ཚད་དུ་བྱ་བའི་ཕྱིར་ཁྱེད་ཐོས་པས་ཅི་ཞིག་བྱ།། ཁྱེད་ནི་བསྙེན་པར་མ་རྫོགས་པའོ་ཞེས་སྨྲས་པས་ན། རྩེ་མོའི་གཞིའི་དབང་དུ་མཛད་དེ།། ་ཉེ་བར་མ་ཞི་བའི་ཉོན་མོངས་པས་ནཱ་གཉིས་པ་བཅས་སོ།། བསམས་བཞིན་དུ་བྱ་བ་ནི་འགྱོད་པ་དབྱུང་བར་བསམས་པའོ།། བདེ་བ་ལ་མ་རེག་པར་ཞེས་བྱ་བ་ནི་ཡིད་དུ་མི་འོང་བའོ།། དེ་ཉིད་ཅེས་བྱ་བ་ནི་གཞན་བསམས ་པ་ལ་ལྟུང་བ་མེད་དོ།། དགེ་སློང་གིས་དགེ་སློང་ལ་གཞི་དེས་རིགས་པ་འམ་མ་རིགས་པར་ཡང་རུང་བདེ་བ་ལ་མི་རེག་པར་བྱ་བར་བསམས་ནས། དུས་དང་། མཚམས་དང་། སློབ་དཔོན་དང་། མཁན་པོའི་ཉེས་པས་ཁྱོད་བསྙེན་པར ་རྫོགས་པ་མ་ཡིན་ཏེ། ཡང་བསྙེན་པར་རྫོགས་པར་བྱ་དགོས་སོ་ཞེས་ཟེར་བ་དང་། ཁྱོད་གནས་ཆེ་གེ་མོ་ཞིག་ཏུ་སོང་ནས་སློབ་དཔོན་དང་མཁན་པོའི་ཆོས་གོས་ཕྲོགས་པ་དང་། ཁྱོད་ཀྱིས་ནི་འདུས་བྱས་ཐམས་ཅད་མི་རྟག་གོ། ་ཞེས་བྱ་བ་ལ་སོགས་པ་སྨྲས་པས་ན་ཁྱོད་ལ་ཕམ་པར་འགྱུར་བ་འབྱུང་ངོ་ཞེས་ཟེར་ན་གལ་ཏཱཾ་དགེ་སློང་ལ་འགྱོད་པ་སྐྱེས་སམ་མ་སྐྱེས་ཀྱང་རུང་སྟེ་ལྟུང་བྱེད་དོ།། བསྙེན་པར་རྫོགས་པ་དང་ཕམ་པར་འགྱུར་པ་མ་གཏོགས ་པར་དོན་གཞན་གྱི་ཕྱིར་ཟེར་ན་ཉེས་བྱས་སོ།། བསླབ་པ་བྱིན་པ་དང་བརྡ་མ་ཕྲད་པ་ལ་འགྱོད་པ་སྐྱེད་པར་བྱེད་ན་ཉེས་བྱས།། དོན་གཞན་ན་མོ་འདུལ་བའི་ཡོ་བྱད་ཀྱི་ཕྱིར་ཉིད་དེ། དུས་ལ་སོགས་པ་ཉེ་བར་བསྡུ་བའམ། ཁྱོད་ལེགས ་པར་བསྙེན་པར་རྫོགས་ཀྱིས་སྤྱོད་ཡུལ་མ་ཡིན་པར་མ་འགྲོ་ཞིག། མ་རུངས་པར་གྱུར་ཏ་རེ་ཞེས་བྱ་བ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། དགེ་སློང་ལ་དགེ་སློང་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་ཏེ་ལྟུང་བྱེད་གཉིས་དང་། ་ཉེས་བྱས་བཞིའོ།། ཁ་ཅིག་ནི་དགེ་སློང་མ་ཡིན་པ་ལ་དགེ་སློང་དུ་འདུ་ཤེས་སམ། དེ་ལས་གཞན་པ་ལ་དེར་འདུ་ཤེས་པ་ན་ལྟུང་བྱེད་དོ་ཞེས་ཀྱང་ཟེར་རོ།། འགྱོད་པར་གྱུར་ཏམ་མ་གྱུར་ཀྱང་རུང་སྐྱེ། གཞན་ཡང་རྣམས་པ་དྲུག་ཏུ ་སྦྱར་རོ།། གཉིས་པའོ།། །། མཉན་ཡོད་ན་སྟེ། བཅུ་བདུན་སྡེ་ལས་བཅུ་དྲུག་གིས་གཅིག་ལ་བཟོད་པར་བྱ་བ་འདོད་དེ། སོར་མོས་ག་ག་ཚིལ་བྱས་པ་དང་། དེ་ཤིན་ཏུ་རྒོད་པ་ལས་ཤི་བོའི་ཕྱིར་རྩེད་མོའི་གཞིའི་དབང་དུ ་མཛད་དེ་ཉེ་བར་མ་ཞི་བའི་ཉོན་མོངས་པས་ན་གསུམ་པ་བཅས་སོ།། འདོད་ཆགས་ལ་སོགས་པས་ཀུན་ནས་དཀྲིས་སམ། དྲེགས་པར་སེམས་པས་དགེ་སློང་གིས་དགེ་སློང་ལ་སོར་མོ་གཅིག་གམ། རྐང་པའི་སེན་མོའི ་བར་དུ་ཡང་རུང་སྟེ། ཇི་སྙེད་ཀྱིས་ག་ག་ཚིལ་བྱས་པ་ལ་ལྟུང་བྱེད་ཀྱང་དེ་སྙེད་དུ་འགྱུར་རོ།། གལ་ཏེ་གཅིག་གམ་གཉི་ག་ཡང་རུང་ལུས་ཀྱི་དབང་པོ་ཉམས་པ་ཞིག་ཡིན་ན་ཉེས་བྱས་སོ།། རྨ་འམ་སྦྲང་བུ་ལ་སོགས་པའམ། རྡོ་འམ ་ཤིག་གམ། འཛེར་པ་འམ། སྨེ་བ་འམ། སྤུ་འཁྱིལ་པ་སྟོན་པ་ལ་ནི་ལྟུང་བ་མེད་དོ།། དགེ་སློང་ལ་དགེ་སློང་དུ་འདུ་ཤེས་པ་རྣམས་པ་དྲུག་ཏུ་སྦྱར་ཏེ། ལྟུང་བྱེད་གཉིས་དང་། ཉེས་བྱས་བཞིའོ།། ག་ག་ཚིལ་ལ་ག་ག་ཚིལ་དུ ་ཤེས་པ་ཡང་རྣམ་པ་དྲུག་ཏུ་སྦྱར་རོ།། གསུམ་པའོ།། །། མཉན་ཡོད་ན་སྟེ། བཅུ་བདུན་སྡེ་རྣམས་ཆུ་ཀླུང་གནས་ཅན་གྱི་ནང་དུ་རྩེ་བ་གསལ་རྒྱལ་གྱིས་མཐོང་སྟེ། མ་དད་པར་གྱུར་པའི་ཕྱིར་རྩེད་མོའི་གཞིའི་དབང་དུ ་མཛད་དེ། ཉེ་བར་མ་ཞི་བའི་ཉོན་མོངས་པས་ན་བཞི་པ་བཅས་སོ།། ཆུ་ལ་རྩེན་ཞེས་བྱ་བ་ནི་ཆུ་ལ་དགའ་བའོ།། གཞི་དགུས་ལྟུང་བར་འགྱུར་ཏེ། རྩེ་བ་དང་། རྩེར་གཞུག་པ་དང་། རྩེད་མོ་དང་། རྩེད་མོ་བྱེད་དུ ་གཞུག་པ་དང་། དགའ་བ་དང་། དགའ་བར་བྱེད་དུ་གཞུག་པ་དང་། རྒོད་བག་དང་། འཕྱར་གཡེང་དང་། ལུས་རྣམས་པར་འགྱུར་བར་བྱེད་པ་སྟེ། དེ་ལ་ཆུ་ཕན་ཚུན་འཐོར་བར་བྱེད་པ་དང་། སྟེང་དུ་འབྱུང་བ་དང་། ནང་དུ་བྱིའུ་ཟུལ ་བྱེད་པ་དང་། འགྲོ་བ་ལ་སོགས་པ་དང་། ཆུ་ལི་རྔ་བོ་ཆེ་ལ་སོགས་པ་ལྟ་བུར་རྡུང་བ་སྟེ། རང་གིས་བྱེད་པ་དང་། གཞན་ལ་བྱེད་དུ་གཞུག་པའི་གཞི་དྲུག་དང་། དེ་དག་ལ་ཡི་དམ་དང་། ངག་དང་། ལུས་ཀྱི་དབྱེ་བས་ཕྱེ་བ་ལས་ཡང ་གཞི་རྣམ་པ་གསུམ་གྱིས་བསྣུན་ཏེ་དགུ་པའོ།། དགེ་སློང་གིས་རྩེ་བར་བསམས་ནས། ཁྲི་ལས་ལྡད་པ་དང་། ཤམ་ཐབས་གྱོན་པ་དང་། བླ་གོས་གྱོན་པ་དང་། སོང་ནས་ཁྲུས་ཀྱིས་རས་བགོས་ཏེ། ཆུའི་ནང་དུ་འཇུག་ན་ཆུ ་ཆུང་ཡང་རུང་ཆེ་ཡང་རུང་། གིཏི་ང་ཟབ་ཀྱང་རུང་། མི་ཟབ་ཀྱང་རུང་། རྩེ་བར་རུང་ཡང་བླ། མི་རུང་ཡང་བླ་སྟེ། ནང་དུ་ཞུགས་ན་ཉེས་བྱས་སོ།། དེ་ཡང་སྦྱོར་བའི་ཆོ་ག་ཡིན་ཏེ། བསླབ་པའི་གཞི་ཐམས་ཅད་དུ་ཡང་རིག་པར་བྱའོ།། ་གྱེན་དུ་འབྱུང་ངམ། བྱེའུ་ཟུལ་བྱས་སམ། ཕ་རོལ་ཏུ་འགྲོ་འམ། ཚུ་རོལ་ཏུ་འོང་ངམ། ཆུའི་རྒྱན་ནམ། སླར་གྱེན་དུ་རྐྱལ་ལམ། ཆུ་ལ་རྫ་རྔ་ལྀ་སོགས་པ་བྱེད་དམ། ཐ་ན་ཆུ་ལ་རི་མོ་འདྲི་འམ། བུམ་པ་ལ་སོགས་པ ་ཆུས་གང་བ་འམ། འུ་ཤ་ལ་སོགས་པས་གྲང་བ་འམ། ཆུ་ལ་རྔ་བོ་ཆེ་ལྟ་བུར་རྡུང་ན་ལྟུང་བྱེད་དོ།། བེམ་ཏོལ་བསྣུན་ན་ཉེས་བྱས་སོ།། སིམ་པར་བྱ་བར་བསམས་པ་དང་། ཕ་རོལ་དུ་བརྒལ་བར་བསམས་པ་དང་། རྒྱལ་བསླབ ་པར་བསམས་པ་ལ་ལྟུང་བ་མེད་དོ།། དགེ་སློང་གི་རྐྱལ་བ་དེ་གོམས་པར་བྱའོ་ཞེས་གསུངས་སོ།། གཞན་ཡང་གཏེར་ན་ཆུའི་ཐོགས་པ་ཇི་སྙེད་ལྟུང་བྱེད་ཀྱང་དེ་སྙེད་དུ་འགྱུར་རོ།། བསིལ་བར་བྱ་བར་བསམས་པ་ལ་ལྟུང་བ་མེད་དོ།། ་འབྲུ་མར་ལ་སོགས་པ་གཏོར་ན་ཉེས་བྱས་སོ།། ཆུ་མ་གཏོགས་པ་གཏོར་ན་ཉེས་བྱས་སོ།། ཆུ་མ་གཏོགས་པར་གཞན་གྱིས་དགའ་བར་བྱས་ན་ཉེས་བྱས་སོ།། ཆུ་ལ་ཆུར་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྦྱར་རོ།། ཁ་ཅིག་ནི་ཆུ་མ ་ཡིན་པ་ལ་ཆུར་ཉེ་བར་འདུ་ཤེས་ན་ལྟུང་བྱེད་དོ་ཞེས་ཀྱང་ཟེར་རོ།། བཞི་པའོ།། ། མཉན་ཡོད་ན་སྟེ། མ་འགགས་པ་སྐྱེས་པ་མེད་པའི་བུད་མེད་ཀྱི་ཁྱིམ་དུ་ཉལ་བ་ན་དེ་དེས་མྱི་རིགས་པས་མགྲོན་དུ་གཉེར་ཏེ་མཐུས་ཀྱང ་གཟུང་བར་བརྩམས་པས་ན། བུད་མེད་ཀྱི་ཡུལ་གྱི་གཞིའི་དབང་དུ་མཛད་དེ། མ་དད་པའི་ཉོན་མོངས་པས་ན་ལྔ་པ་བཅས་སོ།། བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ཅེས་བྱ་བ་ནི་མིའི་རིགས་མི་ཚངས་པར་སྤྱོད་པ་བསྟེན་པར་བཟོད ་པའོ།། རྣམ་གྲངས་གཞན་དུ་ན་གལ་ཏེ་ཡན་ལག་ཐམས་ཅད་གཟུང་དུ་རུང་བ་ལ་ཡང་བྱའོ།། ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་རྣམ་པ་བཞི་པོར་སྔ་སྨོས་པར་སྐྱ་རེངས་ཤར་བར་བྱེད་ན་ལྟུང་བའི་མཐའོ།། སྐྱ ་རེངས་ཤར་ཚུན་ཆད་དུ་ནི་ཉེས་བྱས་སོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་འོག་ཁང་དུ་ཉལ་ལ་བུད་མེད་ཀྱི་ཡུལ་སྟེང་ཁང་དུ་ཉལ་ན་དེས་ཡ་གང་ཕོག་ལ་དྲུང་དུ་བཞག་གོ།། ཡང་ན་སྒོ ་གཅད་དེ་སྒོ་གཏན་གཞུག་པར་བྱའོ།། ཡང་ན་དགེ་སློང་བསྲུང་བ་བཞག་གོ།། རྣམ་པ་གཞན་དུ་ན་སྐྱ་རེངས་ཤར་ན་ལྟུང་བྱེད་དོ།། སླར་བཟློག་པ་ཡི་ནི་སྐས་སྟེང་དུ་བརྟུལ་བར་བྱའོ།། དེ་བཞིན་དུ་གནས་ཁང་དང་། ཁང་བཟང ་དང་། སྒོ་ཁང་དང་། བླང་རིམ་གང་ཡང་རུང་སྟེ། ཁང་བཟང་དང་། ཁྱམས་ན་འདུག་ན་ཁྱད་པར་དུ་ནི་སྒོའི་ཕྱི་རོལ་དུ་བཅིང་བར་བྱའོ།། བ་ལང་གི་ལྷས་སམ་ཕྱུགས་ལྷས་སམ། ཇི་སྐད་བསྟན་པའི་ཁང་བཟངས་ཡང ་རུང་སྟེ། རང་ཉལ་བའི་སར་རེ་ལྔ་དག་གམ་ཚིར་ཐགས་དག་གམོ། ཡལ་གེ་ལ་སོགས་པ་རྣམས་ཀྱིས་བསྐོར་བར་བྱའོ།། ཡང་ན་དགེ་སློང་བཞག་གོ།། རྣམ་པ་གཞན་དུ་སྐྱ་རངས་ཤར་ན་ཉེས་བྱས་སོ།། ཚུན་ཆད ་སྔར་ཡང་ཉེས་བྱས་ཉིད་དོ།། ལྕེ་དང་ཀླུ་ལ་སོགས་པའི་བུ་མོ་རྣམས་ཀྱི་གཟུགས་སྣང་བ་ན་ཡང་ཉེས་བྱས་སོ།། དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ནི་ཐ་ན་བྱ་གག་མོ་དང་། དེས་ལྷན་ཅིག་ཉལ་ན་ཡོང་ཉེས་བྱས་སོ།། ་དེ་ལས་ཆུང་བ་ལ་ནི་ལྟུང་བ་མེད་དོ།། རྩ་སྟུག་པོ་འམ། ནགས་སྟུག་པོ་འམ། འོད་མ་སྟུག་པོ་འམ། ཤིང་ལྗོན་པ་ཁོང་སྟོང་ངམ། བྱ་སྐྱིབས་སུ་བུད་མེད་དང་ལྷན་ཅིག་ཉལ་ན་ཉེས་བྱས་སོ།། སྟོབས་མེད་པའི་བུད་མེད ་དང་ཡང་ཉེས་བྱས་ཉིད་དོ།། གཙུག་ལག་ཁང་མང་པོ་འབྲེལ་པ་ཞིག་ཡིན་ལ། སྒོ་ཐ་དད་པ་དེར་བུད་མེད་དང་ཉལ་ན་ལྟུང་བྱེད་དོ།། བསྙེན་པར་མ་རྫོགས་པ་དང་ཉལ་བ་ལ་མ་ཡིན་ནོ།། གལ་ཏེ་གང་དུ་བྱ་གག་མོ་གཅིག་ནས ་གཉིས་པར་འགྲོ་ནའོ།། བུད་མེད་ལ་བུད་མེད་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུ་སྟེ། ལྟུང་བྱེད་གཉིས་དང་ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས་སོ།། གལ་ཏེ་ཉལ་བ་ལས་ཕྱིས་བུད་མེད་ཀྱི་ཡུལ་ཡང་ཉལ་ཏེ་དེ་ལ་འང ་ཤེས་མེད་ཀྱང་ལྟུང་བའོ།། ཁ་ཅིག་ནི་གང་འདིར་ཡང་བུད་མེད་དུ་འདུ་ཤེ་སཱ་ན་ལྟུང་བྱེ་ཉིད་དོ་ཞེས་ཟེར་རོ།། བདག་པོས་བསྲུངས་པ་ལ་ལྟུང་བ་མེད་དོ།། ལྔ་པའོ།། །། མཉན་ཡོད་ན་སྟེ། འཆར་ཀས་བཅུ་བདུན་སྡེ་རྣམས ་ཀློག་ཅིང་འཁོད་པོ་ལ་ལ་བཀློག་སྟེ་བགོས་ནས་འབྱུང་པོ་འབྱུང་པོ་ཞེས་བསྡིགས་པོས་ན་རྩེད་མོའི་གཞིའི་དབང་དུ་མཛད་དེ། ཉེ་བར་མ་ཞི་བའི་ཉོན་མོངས་པས་དྲུག་པ་བཅས་སོ།། བཞད་གང་བྱ་བར་བསམས་ཀྱང་ཞེས་བྱ་བ་ནི ་རྩེདདྲ་མོར་བསམས་པ་སྟེ། ཀྱང་ཞེས་བྱ་བའི་སྒྲ་ནི་གཙེ་བར་བསམས་པ་གཟུང་ངོ་།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གི་དགེ་སློང་ལ་སྔངས་པར་བྱ་བ་མངོན་པར་བསམས་སྟེ། ཤོ་ཟ་ལ་སོགས་པ་གང་ཡིད་དུ་མི ་འོངས་པའི་གཟུགས་དང་། སྒྲ་དང་། དྲི་དང་། རེག་བྱ་རྣམས་ཉེ་བར་བསྡུས་ནས་འདི་སྐད་ཅེས་ཀྱང་ཟེར་ཏེ། དེ་དག་ཁྱོད་ལ་གསོད་པར་བྱེད་དོ་ཞེ་ན། དགེ་སློང་འཇིགས་པར་གྱུར་ཏམ་མ་གྱུར་ཀྱང་རུང་སྟེ། སྨྲས་མ་ཐག་ཏུ་ལྟུང ་བྱེད་དོ།། རྒྱལ་པོ་ལ་སོགས་པ་གང་ཡིད་དུ་འོང་བའི་གཟུགས་ལ་སོགས་པ་བཟུང་ནས་འདི་སྐད་ཅེས་ཀྱང་ཟེར་ཏེ། དེ་དག་ལ་གསོད་པར་བྱེད་དོ་ཞེས་ཟེར་ན་ཉེས་བྱས་སོ།། བསླབ་པ་བྱིན་པ་དང་། དེ་ལས་གཞན་པའི་རབ ་ཏུ་བྱུང་བ་རྣམས་ལ་སྔངས་པར་བྱེད་པ་ན་ཡང་ཉེས་བྱས་སོ།། སེམས་ཅན་དམྱལ་བ་ལ་སོགས་པའི་གཏམ་ཟེར་བ་ལ་ནི་ལྟུང་བ་མེད་དོ།། དགེ་སློང་ལ་དགེ་སློང་དུ་འདུ་ཤེས་པ་རྣམ་པ་དྲུག་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་བཞིའོ།། ཡོད ་པ་ལ་ཡོད་པར་འདུ་ཤེས་པ་ཞེས་བྱ་བ་ནི་གཞན་རྣམ་པ་དྲུག་གོ།། ཁ་ཅིག་ནི་དགེ་སློང་མ་ཡིན་པ་ལ་ཡང་དགེ་སློང་དུ་འདུ་ཤེས་ན་ལྟུང་བྱེད་ཉིད་དོ་ཞེས་ཟེར་རོ།། དྲུག་པའོ།། །། མཉན་ཡོད་ན་སྟེ། བཅུ་བདུན་སྔོ་དང་དྲུག་སྡེ་རྣམས ་ཆུའི་ནང་དུ་རྩེ་བ་ལས་གཏིང་དུ་བྱིང་བར་ཤེས་ཏེ། དེ་དག་གིས་ཆོས་གོས་རྣམས་ཚང་ཚིང་གི་ནང་དུ་སྨྲས་ཏེ་དོང་བས་ན་རྩེད་མོའི་གཞིའི་དབང་དུ་མཛད་དེ་ཉེ་བར་མ་ཞི་བའི་ཉོན་མོངས་པས་བདུན་པ་བཅས་སོ།། དགེ་སློང་མ་ཞེས་བྱ་བ ་ནི་གང་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་འམ། གཞོན་ནུ་མ་ལ་ལོ་བཅོ་བརྒྱད་ལོན་པ་ལ་ཚེས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ།། ཚེས་དྲུག་ནི། གཅིག་པུ་ལམ་དུ་འགྲོ་མི ་བྱ།། ཆུ་བོའི་ཕ་རོལ་རྒྱལ་མི་བྱ།། སྐྱེས་པ་ལ་ནི་རེག་མི་བྱ།། སྐྱེས་པ་དང་ནི་འདུག་མི་བྱ།། སྤྱན་དུ་འགྱུར་བར་མི་བྱ་ཞིང་།། ཁ་ན་མ་ཐོ་འཆབ་མི་བྱ།། རྗེས་སུ་མཐུན་པའི་ཆོས་དྲུག་ནི། གསེར་ལ་བཟུང་བར་མི་བྱ་ཞིང་།། འདོམས་ཀྱི་སྤུ ་ནི་བྲེག་མི་བྱ།། ས་ནི་བརྐོ་བར་མི་བྱ་སྟེ།། རྩཝ་སྔོ་དག་ནི་བཅད་མི་བྱ།། བྱིན་ལེན་མ་བྱས་བཟའ་མི་བྱ།། ཡོངསུ་གནས་པ་མི་བཟའོ།། ལྷུང་བཟེད་ཅེས་བྱ་བ་ནི་གང་རུང་བའོ།། ཆོས་གོས་ཞེས་བྱ་བ་ནི་རྣམ་པར་བརྟགས་པར་གྱུར་པའོ།། དྲ་བ་ཞེས ་བྱ་བ་ནི་ལྷུང་བཟེད་ཀྱི་སྣོད་སྒྱེའུའོ།། ཁ་ཅིག་ལས་དྲ་བ་ཞེས་བྱ་བ་ནི་དྲ་བ་ཉིད་དེ། ལྷུང་བཟེད་གཞན་གྱིའོ་ཞེས་ཀྱང་འབྱུང་ངོ་།། ལྷུང་བཟེད་ཀྱི་སྣོད་ནི་བརྒྱ་བྱིན་ལ་བརྟེན་ནས་རྗེས་སུ་གནང་བའོ།། དེ་ལས་གཞན་པའི་དྲ་བ་དང་། ་ཁོ་ར་བ་ནི་ནད་པ་དང་རྒན་པོ་ལ་སྡོམས་པས་འཆང་དུ་རྗེ་སུ་གནང་བའོ།། ཕོར་བུ་ཞེས་བྱ་བ་ནི་ཁར་ཕོར་རོ།། སྐ་རགས་ཞེས་བྱ་བ་ནི་སྐ་རགས་གསུམ་དུ་རྗེ་སུ་གནང་བ་སྟེ། ཤུར་བུ་དང་། ལྕག་ཕོད་དང་། ཤུར་བུ་ཕྲེའུའོ།། ་གཞན་ལས་ནི་དང་པོར་ལྷས་མ་ཡང་ཞེས་འདོན་ཏོ།། ཚེན་བུ་ཅན་དང་། ཚར་ཚར་ཅན་དང་། ཟླ་གམ་ཅན་དང་། གསེར་སྐུད་དག་ནི་རུང་བ་མ་ཡིན་པའི་ཕྱིར་བཀག་གོ། གང་ཡང་རུང་བ་ཞེས་བྱ་བ་ནི་ཁབ་རལ་ལ་སོགས་པའོ།། ་དགེ་སྦྱོང་ཞེས་བྱ་བ་ནི་གང་དགེ་སྦྱོང་གི་རུང་བའོ།། མི་རུང་བ་ལ་ནི་དངོས་གཞིའི་ལྟུང་བར་མི་འགྱུར་རོ།། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་ཆོམ་རྐུན་ལ་སོགས་པས་པརྐུས་པར་དོགས་ཏེ་སྦས་པ་ལ་ཉེས་པ ་མེདདོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། གནོད་པར་བྱ་བར་འདོད་དམ། རྩེད་མོ་བྱ་བར་འདོད་ཀྱང་རུང་སྟེ། གང་ཟག་དེའི་འམ་གཞན་གྱིས་ཡང་རུང་། དེ་ཉིད་ཡིན་ནམ་དེ་མ་ཡིན་ཡང་རུང་། དེར་འདུ་ཤེས་པར་གྱུར་ཏེ་སྦས ་ན་གཞན་ལ་གནོད་པར་གྱུར་ཏམ་མ་གྱུར་ཀྱང་རུང་སྟེ། སྦས་མ་ཐག་ཏུ་ལྟུང་བྱེད་དོ།། གསེར་ལ་སོགས་པའི་ལྷུང་བཟེད་དམ། ལྷུང་བཟེད་སྤངས་པ་ལ་སོགས་པའམ། ཆོས་གོས་མི་རུང་བ་འམ། ་ཐགས་སུ་མ་བཏགས་པ་འམ། ཚད་ལས་ཆུང་བ་འམ། བསླབ་པ་བྱིན་པ་འམ། ཁས་བླངས་པས་ཁོས་མ་བླངས་པའི་འམ། སླར་བཟློག་པ་ཡང་རུང་དེ་དག་ལས་སོ་གཞན་པའི་དགེ་སྦྱོང་དང་། བྲམ་ཟེའི་རྗེསུ་མཐུན་པའི ་འཚོ་བའི་ཡོ་བྱད་གཅིག་སྦས་ཀྱང་རུང་སྟེ་ཉེས་བྱས་སོ།། བདུན་པའོ།། །། མཉན་ཡོད་ན་སྟེ། ཉེ་དགས་གནས་པར་བྱེད་པ་རྣམས་ལ་ཆོས་གོས་རྣམས་བྱིན་པ་དང་། དེ་དག་གིས་བདག་ཉིད་ཀྱིའོ་སྙམ་པས་ལེགས ་པར་ཁ་སྦྱར་ཏེ་ཡུལ་གཞན་དུ་འགྲོ་བ་རྣམས་ཀྱིས་དེ་ཉིད་ཀྱི་ལག་ཏུ་བཞག་གོ།། དེས་ཀྱང་བགོས་ཏེ་དྲི་མ་ཅན་དུ་བྱས་ནས་དེ་བཞིན་དུ་སླར་བཞག་པས་ན་ཆོས་གོས་སྦྱིན་པ་དང་། མི་སྦྱིན་པའི་གཞིའི་དབང་དུ་མཛད་དུ་ཕོངས ་པ་ལ་སོ་གས་པའི་ཉོན་མོངས་པས་ན་བརྒྱད་པ་བཅས་སོ།། ཆོས་གོས་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་དང་། ཐང་གོས་སོ།། བྱིན་ནས་ཤེས་བྱ་བ་ངེས་པར་བྱིན་པའོ།། གདང་མེད་པར་ཞེས་བྱ་བ་ནི་མ་བརྙས་པའོ།། ་སྤྱོད་ན་ཞེས་བྱ་བ་ནི་བགོས་པའོ།། དེ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་ལ་གོས་བྱིན་ཏེ་དེས་མ་རིག་པ་དང་། མ་བརྙས་པར་བགོ་བར་འདད་ལ། མ་བརྙས་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་བགོས ་མ་ཐག་ཏུ་ལྟུང་བྱེད་དོ།། སྦྱོར་བ་ལ་ནི་ཉེས་བྱས་སོ།། བསླབ་པ་བྱིན་པ་ལ་སོགས་པ་འམ། མི་རུང་བ་ལ་སོགས་པའི་གོས་མ་བརྙས་པར་བགོས་ན་ཉེས་བྱས་སོ།། དགའ་བ་དང་ཡིད་དུ་འོང་བ་དང་། བཙུགས་པ་དང་། ཐོས་ནས ་མཆོག་ཏུ་དགའ་བ་སྐྱེས་པར་གྱུར་ན་ལྟུང་བ་མེད་དོ།། མ་བརྙས་པར་འདུ་ཤེས་པ་རྣམ་པ་དྲུག་ཏུའོ།། ཁ་ཅིག་ནི་བརྙས་ཀྱང་མ་བརྙས་པར་འདུ་ཤེས་ནི་ལྟུང་བྱེད་ཉིད་དོ་ཞེས་ཀྱང་ཟེར་རོ།། བརྒྱད་པའོ།། །། རྒྱལ་པོའི ་ཁབ་ཏུ་སྟེ། མཛའ་པོ་དང་ས་ལས་སྐྱེས་དག་དགེ་སློང་མ་ཨུཏྤ་ལའི་མདོག་གི་མགོ་ལ་གྱད་བུ་ནོར་གྱི་ཆོས་གོས་རེག་པ་མཐོང་སྟེ། དགེ་འདུན་ལྷག་མ་གླེངས་པས་ན་ཚངས་པ་མཚུངས་པ་སྤྱོད་པའི་གཞིའི་དབང་དུ་མཛད ་དེ་མི་བཟོད་པའི་ཉོན་མོངས་པས་ན་དགུ་པ་བཅས་སོ།། གཞི་མེད་པས་ཞེས་བྱ་བ་ནི་མ་མཐོང་བས་དང་། མ་ཐོས་པས་དང་། མི་དོགས་པས་སོ།། དགེ་འདུན་ལྷག་མ་ཞེས་བྱ་བ་ནི། བཅུ་གསུམ་ལོས་གང་ཡང་རུང་བའོ།། སྐུར ་ན་ཞེས་བྱ་བ་ནི་སྐུར་པ་འདེབས་པ་ཡིན་ཏེ། དགེ་སློང་མ་དག་པ་ལ་གཞི་བཅུ་གཅིག་གིས་ནི་ལྟུང་བ་སྟེ། གཞི་དྲུག་ནི་ལྟུང་བ་མེད་དོ།། དག་པ་ལ་ནི་གཞི་བཅུས་ལྟུང་བ་སྟེ། གཞི་ལྔས་ན་ལྟུང་བ་མེད་དོ།། དེ་ཡང་དགེ་འདུན་ལྷག ་མའི་རྗེསུ་འབྲངས་ནས་བལྟ་བར་བྱའོ།། གང་ལ་དགེ་འདུན་ལྷག་མ་དེ་ལ་ལྟུང་བྱེད་དོ།། གང་ལ་ཉེས་པ་སྦོམ་པོ་དེ་ལ་ཉེས་བྱས་སོ་ཞེས་བྱ་བ་ནི་ཁྱད་པར་རོ།། བསླབ་པ་བྱིན་པ་འམ། སྐད་མི་ཤེས་པ་ལ་ཡང་རུང་སྟེ། སྐུར་ན ་ཉེས་བྱས་སོ།། དག་པ་འམ་མི་དག་པ་ཡང་རུང་དག་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ་ལྟུང་བྱེད་དོ།། མི་དག་པར་འདུ་ཤེས་ན་ཉེས་བྱས་སོ།། ཁ་ཅིག་ནི་དགེ་སློང་མ་ཡིན་པ་ལ་ཡང་དགེ་སློང་དུ ་འདུ་ཤེས་ན་ལྟུང་བྱེད་ཉིད་དོ་ཞེས་ཟེར་རོ།། དགུ་པའོ།། །། གླེང་གཞི་ནི་མཉན་ཡོད་ན་སྟེ། དགེ་སློང་གཞན་ཞིག་རྒྱལ་པོའི་ཁབ་ནས་མཉན་ཡོད་དུ་འགྲོ་བ་ལས་ཐ་ག་པའི་ཆུང་མ་ཁྱིམ་ཐབ་ལ་ཁྲོས་པ་ཡང་དེ་དང་། ལྷན་ཅིག ་སོང་བ་དང་ཐ་གེ་པོས་བདག་གིས་ཆུང་མ་ཕྲོགས་སོ་ཞེས་ར་མདའ་བཟློག་སྟེ། དགེ་སློང་དེ་ཡང་ཤིན་ཏུ་བརྡེགས་པས་ན་ལ་མ་དུ་འགྲོ་བའི་གཞིའི་དབང་དུ་མཛད་དེ་མ་དད་པའི་ཉོན་མོངས་པས་བཅུ་པ་བཅས་སོ།། སྐྱེས་པ ་མེད་པར་ཞེས་བྱ་བ་ནི་དེ་དང་དེའོ།། བུད་མེད་ཅེས་བྱ་བ་ནི་སྤྱད་དུ་བཟོད་པའོ།། འགྲོན་ལམ་དུ་འགྲོ་ན་ཞེས་བྱ་བ་ནི་དགོན་པའི་ལམ་མོ།། གྲོང་ལ་ཞེས་བྱ་བ་ནི་རྒྱང་གྲགས་གཅིག་གི་བར་དུ་ཡང་ངོ་།། རྒྱང་གྲགས་ཕྱེད་ཕྱེད་ཅིང ་ཉེས་བྱས་སོ།། རྒྱོང་གྲགས་རེ་རེ་ཞིང་ལྟུང་བྱེད་དོ།། སྐྱེས་པ་མེད་པ་ལ་སྐྱེས་པ་མེད་པར་འདུ་ཤེས་པ་རྣམ་པོ་དྲུག་ཏུ་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་གཉིས་དང་། ལྟུང་བ་མེད་པ་གཉིས་སོ།། གཞན་བུད་མེད་ལ་བུད་མེད་དུ ་འདྲ་ཤེས་པ་ཡང་རྣམ་པ་དྲུག་ཏུའོ།། སྒྲོལ་པ་མོ་འོ་མ། ལྷའི་བུ་མོ་འོམ། མ་ནིང་མོ་འམ། མཚན་གཉིས་མི་དང་། སྤྱད་དུ་མོ་རུང་བ་དང་ལྷན་ཅིག་ན་ཉེས་བྱས་སོ།། ཁ་ཙོག་ནི་སྐྱེས་པ་དང་ལྷན་ཅིག་གམ་སྐྱེས་པ་མེད་ཀྱང་རུང་། ་བུད་མེད་མེད་ཀྱང་རུང་དེར་འདུ་ཤེས་ན་ལྟུང་བ་ཉིད་དོ་ཞེས་ཀྱང་ཟེར་རོ།། བུད་མེད་ཀྱིས་བསེལ་བྱེད་དམ། ལམ་སྟོར་བ་ལས་བུད་མེད་ལམ་དུ་འཛུད་པ་ལ་ལྟུང་བ་མེད་དོ།། བཅུ་པའོ།། །། བཅུ་པོ་འདི་ཡང་ཤིག་ལ་སོགས་པ ་སྤོང་བར་ཡོངསུ་ལྗོངས་སྤྱོད་པ་དང་། ལྟུང་བ་དང་གླེང་བའི་ཡོངསུ་ལོངས་སྤྱོད་པ་དང་། རྩེད་མོ་ལ་དགའ་བའི་ཡོངས་སུ་ལོངས་སྤྱོད་པ་དང་། དགེ་བསྙེན་མོའི་ཡོངསུ་ལོངས་སྤྱོད་པ་དང་། ཆོས་གོས་ཀྱིས་ཡོངས་སུ་ལོངས་སྤྱོད་པ ་དང་། ལམ་དུ་བགྲོད་པའི་ཡོངསུ་ལོངས་སྤྱོད་པ་སྟེ། དང་པོ་དང་། གཉིས་པ་དང་། དགུ་པ་དང་། གསུམ་པ་དང་། བཞི་པ་དང་། དྲུག་པ་དང་། ལྔ་པ་དང་། བདུན་པ་དང་། བརྒྱད་པ་དང་བཅུ་པ་དང་། གོ་རིམ་ཇི་ལྟ་བ་བཞིན་དུའོ།། བདུན་པའི ་ཚོགས་སོ།། །། མཉན་ཡོད་ན་སྟེ། དགེ་སློང་གཞན་ཞིག་ཚོང་པ་ཤོ་གམ་འདྲལ་བ་རྣམས་ལྷན་ཅིག་སོང་བ་ལས་ཤོ་གམ་པས་ཤིན་ཏུ་བརྡེགས་པས་ན་ལམ་དུ་འགྲོ་བའི་གཞིའི་དབང་དུ་མཛད་དེ་མ་དད་པའི་ཉོན་མོངས་པས ་རྐུ་བའི་ཚོགས་དང་པོར་བཅས་སོ།། དོན་མཐུན་རྐུན་མ་དང་ཞེས་བྱ་བ་ནི་རྐུན་མ་ཞེས་བྱ་བ་ནི་ཆོམ་རྐུན་པ་སྟེ། གྲོང་འཇོམས་པ་དང་། ཚོང་བ་ཤོ་གམ་འདྲལ་བའོ།། འགྲོན་ལམ་དུ་འགྲོ་ན་ཞེས་བྱ་བ་ནི་དགོན་པའི་ལམ་མོ།། གྲོང ་བར་དུ་ཞེས་བྱ་བ་ན་རྒྱང་གྲགས་རེ་རེ་ཞིང་ལྟུང་བྱེད་དོ།། རྒྱང་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱས་སོ།། ཁ་ཅིག་ནི་མངའ་རྒྱང་རེ་རེ་ཞིང་ལྟུང་བྱེད་ཉིད་དོ་ཞེས་ཀྱང་ཟེར་རོ།། དེ་ལྟར་ན་མདའ་རྒྱང་གང་པོར་ཞིང་འགྲོ་བ་ལ་ལྟུང་བ་མེད་དོ།། སྨྱོས ་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉེན་པ་དང་། གཡོས་རྒྱུ་བ་དང་། ཚོང་པ་རྐུན་མ་རྣམས་དང་ལྷན་ཅིག་ན་ཉེས་བྱས་སོ།། དོན་མཐུན་རྐུན་ལ་དོན་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུའོ།། ཁ་ཅིག་ནི་དེ་ལྟ་མ་ཡིན་ཡང ་དེ་ལྟར་འདུ་ཤེས་ན་ལྟུང་བྱེད་ཉིད་དོ་ཞེས་ཀྱང་ཟེར་རོ།། དང་པོའོ།། ། མཉན་ཡོད་ན་སྟེ། མཽཏྤལ་གྱི་བུས་བཅུ་བདུན་སྡེ་རྣམས་བསྙེན་པར་རྫོགས་པར་བྱས་པས་བྲུ་བ་ཚ་བས་གཟིར་ཏེ་དུ་བས་ན་བསྙེན་པར་རྫོགས་པའི་གཞིའི་དབང ་མཛད་དེ་འཁོར་འཛིན་པའི་ཉོན་མོངས་པས་གཉིས་པའོ།། ལོ་ཉི་ཤུ་མ་ལོན་པ་ཞེས་བྱ་བ་ནི་ཕྲུ་བ་ཚ་བ་དང་། སྒོམ་པ་ལ་སོགས་པ་སྡུག་བསྔལ་རྣམས་མི་བཟོད་པའི་ཕྱིར་རོ།། བསྙེན་པར་རྫོགས་པར་བྱེད་ཅེས་བྱ་བ་ནི་གང་བསྙེན ་པར་རྫོགས་པར་བྱེད་པ་དང་། གང་ལ་བསྙེན་པར་རྫོགས་པར་བྱ་བ་དང་། དེ་ཅི་ལྟར་བསྙེན་པར་རྫོགས་པར་འགྱུར་བ་དེ་བཞིན་དུ་བསྙེན་པར་རྫོགས་པའི་གང་ཀུན་ཏུ་སྤྱད་པ་དེ་བསྙེན་པར་རྫོགས་པའི་མཚན་ཉིད་ལས་རེག་པར་བྱའོ།། དེ ་ལ་གང་བསྙེན་པ་རོ་རྫོགས་པར་བྱེད་པ་ནི་མཁན་པོ་དང་། སློབ་དཔོན་དང་། དགེ་འདུན་ནོ།། མཁན་པོ་གཉིས་ཏེ། རབ་ཏུ་འབྱིན་པ་དང་། བསྙེན་པར་རྫོགས་པར་བྱེད་པའོ།། གང་ལོ་བཅུ་ལོན་ལ་གསལ་བ་སྟེ། ཆོས་ལྔ་དང་ལྡན་པ་ལྟུང ་པབ་ཤེས་པ་དང་། ལྟུང་བ་མེད་པ་དང་། ལྕི་བ་དང་། ཡང་བ་དང་སོ་སོར་ཐར་པའི་མདོ་ཐོན་པ་དང་། དེ་རྒྱས་པར་ཐོན་པའོ།། རྗེསུ་བཅས་དང་རྗེས་གནང་དང་།། ལྟུང་པོ་ལྕི་དང་ཡང་བ་དང་། བཅས་དང་ལྟུང་བ་མེད་ཤེས་དང་།། སོ་སོར་ཐར་པ ་འཛིན་པའོ།། ན་དང་འགྱོད་དང་ལྷ་རྣམས་དང་།། མི་དགའ་གྲོལ་བར་བྱེད་པ་དང་།། ཚུལ་ཁྲིམས་སྤྱོད་ལ་འཛུད་པ་དང་། ཚུལ་ཁྲིམས་སྤྱོད་དང་ཐོས་ལྡན་ནོ།། མི་གསལ་ནུ་ལོ་དྲུག་ཅུ་ལོན་ཡང་གཞན་ལ་གནས་ཏེ་འདུག་པར ་བྱའོ།། རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་སྦྱིན་པར་མི་བྱ། ཕྱག་བྱ་བ་མ་གཏོགས་ཏེ། གནས་པས་བྱ་བ་གཞན་ཐམས་ཅད་དེས་བྱའོ།། འདིའི་མིང་ཡང་གནས་བརྟན་བྱིས་པ་ཞེས་བྱའོ།། ་སློབ་དཔོན་ནི་ལྔའོ།། དགེ་ཚུལ་གྱི་སློབ་དཔོན་ཏེ། སྐྱབསུ་འགྲོ་བ་དང་། བསླབ་པ་བྱིན་པའོ།། གསང་སྟེ་སྟོན་པ་སྟེ། གང་གིས་དབེན་པར་སྟོན་པའོ།། ལས་བྱེད་པ་སྟེ། གང་གིས་གསོལ་པ་དང་བཞིའི་ལས་བྱེད་པའོ།། གནས ་ཀྱི་སློབ་དཔོན་ཏེ་གང་ནུབ་གཅིག་ཙམ་ཡང་གནས་བཅས་ཏེ་འདུག་པའོ།། ཀློག་པའི་སློབ་དཔོན་ཏེ། གང་ལ་རྩ་བཞི་པའི་ཚིགསུ་བཅད་པ་གཅིག་གཟུང་བའོ།། དགེ་འདུན་ལ་རྣམ་པ་གཉིས་ཏེ། ཡུལ ་དབུས་སུ་ནི་བཅུ་འདས་པ་དང་། མཐའ་འཁོབ་དུ་ནི་ལྟ་འདུས་བྱའོ།། གལ་ཏེ་མང་དུ་ཡོད་པ་ལས་ལྔས་བསྙེན་པར་རྫོགས་པར་བྱས་ན་དེ་ནི་བསྙེན་པར་རྫོགས་པ་ཡིན་མོད་ཀྱི་དེ་དག་འགལ་ཚབས་ཅན་དུ་འགྱུ་རོ།། ། ་སེམས་ཅན་བསྙེན་པར་རྫོགས་པ་ལ་དེ་བཞིན་གཤེགས་པ་ནི་ཚོགས་ཀྱི་གྲངསུ་བསྐང་བར་མི་བྱའོ།། འོན་པ་དང་། སྨྱོན་པ་དང་། ཁོས་བླངས་པ་ལ་སོགས་པས་ཚོགས་ཀྱི་གྲངསུ་བསྐངས་ན་བསྙེན་པར་རྫོགས་པ་མ ་ཡིན་ནོ།། གང་ལ་བསྙེན་པར་རྫོགས་པར་བྱ་ཞེ་ན། བསམ་པ་ཉམས་པ་དང་། རྟེནྡ་ཉམས་པ་དང་། སྐྱེས་པ་ཉམས་པ་དང་། དཀར་པོའི་ཆོས་ཉམས་པ་དང་། གཞན་གྱི་དབང་དུ་གྱུར་པ་དང་། མི་དང ་པར་གྱུར་པས་ཉམས་པ་མ་ཡིན་པའོ།། དེ་ལ་བསམ་པ་ཉམས་པ་ནི་བུ་ལོན་གྱིས་ཉེན་པ་དང་། འཇིགས་པས་ཉེན་པོ་དང་། འཚོ་བའི་འཇིགས་པས་ཉེན་ཏེ་རབ་ཏུ་བྱུང་བའོ།། རྟེན་ཉམས་པ་ནི་གང་འབྲས་དང ་ཕོལ་མིག་ལ་སོགས་པའི་ནད་དང་གནོད་པས་སོ།། སྐྱེས་པ་ཉམས་པ་ཞེས་བྱ་བ་ནི་མ་ནིང་ལྔ་སྟེ། སྐྱེས་ནས་མ་ནིང་ཡིན་སྟེ། གང་བཙས་ནས་སྐྱེས་པ་འམ། བུད་མེད་ཀྱང་མ་ཡིན་པའོ།། ཟླ་བ་ཕྱེད་པའི་མ་ནིང ་ཟླ་བ་ཕྱེད་ནི་སྐྱེས་པ་དང་། ཟླ་བ་ཕྱེད་ནི་བུད་མེད་དུ་གྱུར་པའོ།། འཁྱུད་པའི་མ་ནིང་སྟེ། གང་གཞན་གྱིས་འཁྱུད་ན་གདོང་དབང་པོ་ལྡང་བའོ།། ཕྲོག་དོག་ཅན་གྱི་མ་ནིང་སྟེ། གང་གཞན་དང་། འཁྲིག་པ་མཐོང ་ནས་སོ།། ཉམས་པའི་མཱ་ནིང་སྟེ་གང་གི་དབང་པོ་ནད་དམ་མཚོན་གྱིས་བཅད་པའོ།། དྲང་པོ་བཞི་ནི་བསྙིལ་བར་བྱའོ།། ཐ་མ་རྣམ་པར་འགྱུར་བ་མི་བསྟེན་པ་ནི་བཏང་སྙོམས་སུའོ།། རྣམ་པ་གཞན་དུ་ན ་བསྙིལ་བར་བྱ་བ་ཡིན་ནོ།། དཀར་པོའི་ཆོས་ཉམས་པ་ཞེས་བྱ་བ་ནི་ཉེ་དུ་ཤཱཀྱ་འམ་མེ་པ་རལ་པ་ཅན་མ་གཏོགས་པའི་མུ་སྟེགས་ཅན་ནོ།། གཞན་ནི་ཟླ་བ་བཞིའི་དབང་དུ་མཛད་ནས་བཞག་པར་བྱ་སྟེ། མཁན ་པོས་ནི་དགོས་ཀྱི་རིམ་གྱིས་གནས་པ་སྦྱིན་པར་བྱའོ།། དགེ་འདུན་གྱིས་ནི་ཟན་ནོ།། དགེ་ཚུལ་གྱི་གྲལ་རིམ་བཞིན་ལས་བྱེད་དུ་གཞུག་པར་བྱའོ།། སེམས་མགུ་བར་བྱས་ནས་རབ་ཏུ་དབྱུང་བར་བྱའོ།། དགེ་སློང་མ ་སུན་ཕྱུང་བ་ཞེས་བྱ་བ་ནི་གང་གིས་ཕམ་པར་འགྱུར་བ་བརྒྱད་པོ་རྣམས་ལས་གང་ཡང་རུང་བ་རྣམས་མེ་བྱུང་བའི་དགེ་སློང་མ་ལ་མི་ཚངས་པར་སྤྱོད་པས་སུན་ཕྱུང་བའོ།། གལ་ཏེ་སྔར་ལུས་ལ་རེག་པར་བྱས་ལ ་ཕྱིས་མི་ཚངས་པར་སྤྱད་པ་ནི་དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནོ།། རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ནི་གང་བདག་ཉིད་རབ་ཏུ་བྱུང་བ་ལ་རང་བཞིན་དུ་གནས་པོ་དང་། ལྷན་ཅིག་གསོ་སྦྱིན་གྱི་ལས་ལན་གཉིས་སམ་གསུམ ་ཉམས་སུ་མྱོང་བར་གྱུར་པའོ་ཞུས་པ་བྲམ་ཟེའི་བུ་མོ་ལྟ་བུ་ལས་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ་ཞེས་འབྱུང་ངོ་།། ཞུས་པ་ལས་ནི་བསྙེན་པར་རྫོགས་པར་གསོལ་བ་དང་། གསོལ་བ་དང་གཉིས་སམ། ་གསོལ་བ་དང་བཞི་འམ། གསོ་སྦྱིན་ནམ། དགག་དབྱེ་འམ། གང་ཟག་བཅུ་གཉིསུ་བསྒོ་བ་ཡང་རུང་སྟེ། ཉམ་སུ་མྱོང་བར་གྱུར་པའོ་ཞེས་འབྱུང་ངོ་།། མུ་སྟེགས་ཅན་ཞུགས་པ་ཞེས་བྱ་བ་ནི་སུ་སྟེགས་ཅན་གང་འདིའི ་རྒྱལ་མཚན་འཛིན་པ་དེ་དག་གི་ལྟེ་བ་ལ་དགའ་ནས་དེར་གནས་ཤིང་བསླབ་པ་མ་ལུས་ལ་ངུར་སྨྲིག་དེ་བཞག་ནས་སྐྱ་རེངས་ཤར་བར་གྱུར་པའོ།། མ་བསད་པ་དང་ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་འདུན་གྱི་དབྱེན་བྱེད་པ་སྟེ། གང་གིས་ཆོས་མ་ཡིན་པའི་འདུ་ཤེས་ཀྱིས་དགེ་འདུན་ཕྱེ་བའོ།། ཕམ་པར་འགྱུར་བ་བྱུང་བ་དང་། ་བསྐྱིལ་བ་དང་། བསྙིལ་བར་འོས་པ་སྟེ། དགེ་སློང་མ་སུན་ཕྱུང་བ་འབྱིན་པ་ལ་སོགས་པ་འདི་དག་ནི་བྱུང་ཡང་བསྙིལ་བར་བྱ་བ་ཡིན་ནོ།། ཐ་དད་དུ་གནས་པ་ཞེས་བྱ་བ་ནི་དེ་ཡང་རྣམ་པ་གཉིས་ཏེ། གང་གིས་བསམས ་བཞིན་དུ་ཆོས་ཀྱིས་ཕྱོགས་ལས་ཆོས་མ་ཡིན་པའི་ཕྱོགསུ་འགྲོ་བ་དང་། གང་ལ་དགེ་འདུན་གྱིས་གསོལ་བ་དང་ལས་ཀྱིས་གནས་ནས་ཕྱུང་བ་སྟེ། དང་པོ་བབས་པ་ལས་གལ་ཏེ་བསྙེན་པར་རྫོགས་པར་བྱེད་པའི་ཚེ་སླར ་ཡང་སྒྲུབ་པར་བྱེད་ན། བསྙེན་པར་རྫོགས་པའོ།། བཟློག་པ་ནི་མ་ཡིན་ནོ།། བསྙེན་པར་རྫོགས་ནས་གལ་ཏེ་ཁས་མི་ལེན་ན་ལེགས་པར་བསྙེན་པར་རྫོགས་པ་མ་ཡིན་ནོ།། སླར་ཡང་གནས་ནས་དུ་བྱེང་བར་བྱའོ།། བསྡིགས་པ ་ལ་སོགས་པའི་ལས་བྱས་པ་ལས་བསྙེན་པར་རྫོགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། དེ་ཡང་ཆད་པའི་ལས་ཉམས་པ་ཡིན་ནོ།། གཞན་གྱི་དབང་དུ་གྱུར་པ་ཞེས་བྱ་བ་ནི་བྲན་དང་རྒྱལ་པོས་བཀྲབས་པ་དང་། ་མ་དང་ཕ་དག་གིས་རྗེསུ་མ་གནང་བའོ།། ཡུལ་ཐག་རིང་པོ་ལ་ལྟུང་བ་མེད་དོ།། གང་བཙོས་ནས་མས་བོར་བ་དེ་ནི་གང་གིས་གསོས་པ་དེས་རྗེསུ་གནང་ནའོ།། མི་དད་པར་གྱུར་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྤྲུལ་པ་དང་། ་གང་མི་མ་ཡིན་པ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དང་། ཆོམ་རྐུན་གྱི་རྒྱལ་མཚན་དང་། ལོ་ཉི་ཤུ་མ་ལོན་པ་དང་། སྐྲ་སེར་བ་དང་། སྒྱུ་ལྗང་ཁུ་དང་། སྐྲ་དཀར་བ་དང་། སྐྲ་གླང་པོ་ཆེའི་ལྟ་བུ་དང་། སྒྲ་མེད་པ་དང་། མགོ ་འབར་འབུར་ཅན་དང་། གླང་པོ་ཆེ་དང་། མགོ་སྦོམ་པ་དང་། ལུས་གླེགས་པ་འདྲ་བ་དང་། ཕག་གིས་མགོ་ལྟ་བུ་དང་། མགོ་གཉིས་པ་དང་། མགོ་གསུམ་པ་དང་། མིག་དམར་བ་དང་། མིག་པོ་ཆེ་དང་། མིག་ཆག་པ་དང་། མིག ་སེར་བ་དང་། མིག་མཆིང་བུ་ལྟ་བུ་དང་། མིག་ཆུ་བུར་ལྟ་བུ་དང་། མིག་མེད་པ་དང་། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། སྤྲེའུ་དང་། བོང་བུ་དང་། སྣ་ཕྲག་གི་ལྟ་བུ་དང་། སྣ་གཉིས་པ་དང་། སྣ་མེད་པ་དང་། གླང་པོ་ཆེ་ལ་སོགས་པའི ་སོ་ལྟ་བུ་དང་། སོ་མེད་པ་དང་། འཛིང་ནུབ་དང་། མགུལ་རིང་ཆེས་པ་དང་། ཕག་མིག་དང་། སྒུར་པོ་དང་། ཕོ་མཚན་ཆད་པ་དང་། རླིག་རླུགས་དང་། རླིག་པ་མེད་པ་དང་། གླང་པོ་ཆེ་ལ་སོགས་པ་ལྟ་བུའི་རྣ་བ་དང་། རྣ་བ་གཅིག་དང་། ་རྣ་བ་མེད་པ་དང་། ལུས་ཤིན་ཏུ་རིང་བ་དང་། ལུས་ཤིན་ཏུ་ཐུང་བ་དང་། ཤིན་ཏུ་སྐེམ་པ་དང་། མ་འོས་པར་ངལ་སྐྱེན་པ་དང་། ཁ་དོག་ངན་པ་བཞི་དང་། ལག་པ་དང་། རྐང་པ་རྡུམ་པ་དང་། ལག་པའི་སོར་མོ་རྣམས་གུ་བ་དང་། ་མཆུ་མེད་པ་དང་། ལུས་རྨ་མཚན་ཅན་དང་། རྒ་ཆེས་པ་དང་། གཞོན་ཆེས་པ་དང་། ཐེང་པོ་དང་། སྨད་འཚལ་དང་། ཞར་བ་དང་། ལག་སོར་རྡུམ་པོ་དང་། མིའུ་ཐུང་དང་། གླེན་པ་དང་། དིག་པ་དང་། ལྐུག་པ་དང་། འོན་པ ་དང་། རྟེན་ཕྱེ་དང་། མཚན་མས་བཏབ་པ་དང་། ལྕག་རྨེ་ཅན་དང་། བུད་མེད་ཀྱིས་དུབ་པ་སྟེ། གང་ལ་གཞོན་ནུ་ནར་མ་སོན་པར་འཁྲིག་པ་དྲགས་ཏེ་རྟེན་ཉམས་པས་ན། དགེ་བའི་ཕྱོགས་ལ་མི་བཟོད་པའོ།། ་ཁུར་གྱིས་དུབ་པ་དང་། ལམོ་གྱིས་དུབ་པ་དང་། ཏ་གམ་པ་དང་། གང་གཞོན་ནུ་ནར་མ་སོན་པར་ནད་པ་ལ་སོགས་པས་ཉེན་པས་ན་རྟེན་ཉམས་པ་སྟེ། དགེ་བའི་ཕྱོགས་ལ་མི་བཟོད་པའོ།། དེ་ལོ་ཡང་ཟ་མ་ལུག་ནི་གང ་ལྕགས་ཀྱིས་བཅིངས་པ་རྣམས་བཀྲོལ་བ་དང་། དམན་པའི་རིགས་སོ།། མཛེས་པ་རབ་ཏུ་དུབྱུང་བ་དང་།། ཡོང་སུ་དག་པར་བསྙེན་རྫོགས་པར།། རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། བདེ་བའི་མཚན་གྱིས་བཀའ ་སྩལ་ཏོ།། །། འདུལ་བ་བསྡུས་པ། བམ་པོ་བཅུ་གཉིས་པ།། ཇི་ལྟར་བསྙེན་པར་རྫོགས་པར་བྱ་ཞེ་ན། རབ་ཏུ་འབྱུང་བར་འདོད་པ་ལ་བར་ཆད་ཀྱི་ཆོས་རྣམས་དྲིས་ཏེ་གཟུང་བར་བྱའོ།། སྐྱབསུ་འགྲོ་བ་དང་། བསླབ་པའི ་གཞི་ལྔ་ཡང་སྦྱིན་པར་བྱའོ།། མཁན་པོར་གསོལ་བར་བྱའོ།། གང་དགེ་འདུན་ལ་ཞུ་བར་བྱེད་པའི་དགེ་སློང་ལ་ཡང་གསོལ་བ་གདབ་པར་བྱའོ།། དེས་ཀྱང་ཁྱོད་ཀྱིས་བར་ཆད་ཀྱི་ཆོས་རྣམས་ཡོད་པ་དྲིས་སམ་ཞེས་དྲི་བར ་བྱའོ།། རྣམ་པ་གཞན་དུ་ནི་ཉེས་བྱས་སོ།། མ་ཞུས་པར་རབ་ཏུ་ཕྱུང་ན་ཉེས་བྱས་སོ།། ཞུས་པའི་ཚེ་གལ་ཏེ་ཡོངསུ་དག་ནའོ།། ཞེས་མ་སྨྲས་ན་ཉེས་བྱས་སོ།། དེ་ནས་སྐྲ་འདྲེག་པའི་དགེ་སློང་ལ་གསོལ་བ་གདབ་པར ་བྱའོ།། དེས་གཙུག་ཕུང་འདྲེག་པའི་ཚེ་བྲེག་གམ་ཞེས་དྲི་བར་བྱའོ།། ཤམ་ཐབས་བསྐོན་པ་ཉིད་ཀྱི་ཚེ་མཚན་མེད་པ་འམ། མཚན་གཉིས་པའམ། གླེ་འདམས་པ་མ་ཡིན་ཞེས་མ་ཚོར་བར་མཚན་བརྟག་གོ། དེའི་འོག་ཏུ་དགེ ་སློང་ལ་གསོལ་བ་གདབ་པར་བྱའོ།། དེས་ཀྱང་གང་སྐྱབསུ་འགྲོ་བ་སྦྱིན་པ་དང་། དགེ་ཚུལ་གྱི་བསླབ་པའི་གཞི་སྦྱིན་པར་བྱའོ།། དེའི་འོག་ཏུ་ཆོས་གོས་དང་ལྷུང་བཟེད་བཙ་ལོ།། ཡང་ན་ཡོ་བྱད་དྲུག་པོ་རྣམས་བརྙས་ཏེ། རབ་ཏུ ་དབྱུང་བ་དང་། བསྙེན་པར་རྫོགས་པར་བྱའི་བཏང་སྙོམས་སུ་ནི་མི་བྱའོ།། ཁ་སྐོང་བའི་དགེ་སློང་རྣམས་སམ་དགེ་འདུན་ཐམས་ཅད་དམ། གསང་སྟེ་སྟོན་པ་དང་། ལས་བྱེད་པ་ལ་གསོལ་བ་གདབ་པར་བྱ་བའོ།། དེའི་འོག ་ཏུ་ཕྱག་དག་འཚལ་དུ་བཅུག་ལ་མཁན་པོར་གསོལ་བ་བྱའོ།། ཆོས་གོས་རྣམས་དང་ལྷུང་བཟེད་ནི་དགེ་འདུན་ལ་བསྟན་ཏེ། བྱིན་གྱིས་བརླབ་པར་བྱའོ།། ལྷུང་བཟེད་མེད་པར་དགེ་ཚུལ་དུ་མི་བྱའོ།། ཡང་ན་དེ་ལ ་ལྷུང་བཟེད་ཆུང་ངུ་འམ་ཁུ་ཕོར་དག་སྦྱིན་པར་བྱའོ།། ཐོས་པའི་ཉེན་འཁོར་ནས་སྤངས་ཏེ། མཐོང་བའི་ཉེན་འཁོར་མི་རིང་བར་བཞག་གོ། བསྙེན་པོར་རྫོགས་པར་འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག་གོ།། དེ་ནས ་གསང་སྟེ་བསྟན་ལ་གསོལ་བ་དང་གཞིའི་ལས་རྣམས་ཀྱིས་རྒྱས་པར་བྱའོ།། དེའི་འོག་ཏུ་གྲིབ་ཚོད་གཞལ་བར་བྱའོ།། ཐུར་མ་སོར་བཞི་པས་སོ།། ཐུར་མ་ཅི་ཙམ་ཡོད་པ་དེ་ཙམ་ལ་སྐྱེས་བུའོ།། ཉི་མཚན་གྱི ་ཆ་ཡང་བརྗོད་པར་བྱའོ།། དུས་ཚོད་རྣམས་ནི་ལྔའོ།། དེའི་འོག་ཏུ་གནས་རྣམས་བརྗོད་པར་བྱའོ།། དང་པོར་བརྗོད་ན་ཉེས་བྱས་སོ།། བསྙེན་པར་རྫོགས་མ་ཐག་ཏུ་ཕམ་པར་འགྱུར་བ་བཞི་པོ་རྣམས་སོ།། ་མ་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ།། རྣམ་པ་ལྔ་པོ་རྣམས་ཀྱིས་བསྙེན་པར་རྫོགས་པར་མི་འགྱུར་ཏེ། མཁན་པོའི་མིང་མ་བརྗོད་ན་དང་། བདག་ཉིད་དང་། དགེ་སློང་གི་དགེ་འདུན་དང་། གསོལ་བ་མ་བྱས་པ་དང་། ་ལས་མི་རྫོགས་པའོ།། འདི་ལས་བཟློག་པ་ལྔ་པོ་རྣམས་ཀྱིས་ནི་བསྙེན་པར་རྫོགས་པའོ།། བསྙེན་པར་རྫོགས་པར་བྱེད་པའི་ཚེ་གལུ་ཏི་མཚན་གྱུར་ནཱ་ལེགས་པར་བསྙེན་པར་རྫོགས་པ་ཡིན་གྱིས། དགེ་སློང་མའི ་དབྱུར་ཁང་དུ་འགྲོ་བར་བྱའོ།། དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལས་དགེ་སློང་མི་རྣམས་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་བཙལ་བར་བྱའོ་ཞེས་འབྱུང་བ་ལྟ་བུའོ།། དགེ་སློང ་མོའི་བསྙེན་པར་རྫོགསོ་པར་བྱ་བས་དགེ་སློང་དུ་བསྙེན་པར་རྫོགས་པར་བྱས་ནི་བསྙེན་པར་རྫོགས་པའོ།། དགེ་སློང་རྣམས་ཀྱིས་བསྙེན་པར་རྫོགས་པར་བྱས་པས། དགེ་སློང་མར་བསྙེན་པར་རྫོགས་པར་བྱས་ན ་དགེ་སློང་མའི་དངོས་པོར་རིག་པར་བྱའོ།། ཞུས་པ་ལས་ནི་སྐྱེས་པ་བུད་མོད་ལྟ་བུ་འམ། བུད་མེད་སྐྱེས་པ་ལྟ་བུ་འམ། དགེ་སློང་མའི་ལས་ཀྱིས་དགེ་སློང་ངམ། དགེ་སློང་གི་ལས་ཀྱིས་དགེ་སློང་མ་འགྲོ ་མཁན་པོར་གསོལ་བ་མ་བཏབ་བམ། བར་ཆད་རྣམས་མ་དྲིས་སམ། དགེ་ཚུལ་མ་བྱས་སམ། མཁན་པོ་མེད་དམ། ལས་བྱེད་པ་མེད་པར་རམ། མཁན་པོ་བསྙེན་པར་རྫོགས་པ་མ་ཡིན་པ་ཡང་རུང་། བསྙེན་པར ་རྫོགས་པར་བྱས་ན། དེ་ནི་བསྙེན་པར་རྫོགས་མོད་ཀྱི། གཞན་རྣམས་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ།། མཁན་པོ་ཚུལ་ཁྲིམས་འཆལ་པའོ་ཞེས་བྱ་བར་ཤེས་ན་བསྙེན་པར་རྫོགས་པ་མ་ཡིན་ནོ།། དེ་ལས ་གཞན་དུ་བསྙེན་པར་རྫོགས་པའོ་ཞེས་འབྱུང་ངོ་།། བར་ཆད་ཀྱིས་ཆོས་དང་ལྡན་པ་དེ་བཞིན་དུ་སྨྲ་འམ། རྣམ་པ་གཞན་དུའང་རུང་སྟེ། བསྙེན་པར་རྫོགས་པར་བྱས་ནས་བསྙེན་པར་རྫོགས་པ་ཡིན་ཏེ། སྔ་མས ་ནི་དགེ་སློང་རྣམས་འགྲེལ་ཚབས་ཅན་དུ་འགྱུར་རོ།། བར་ཆད་ཀྱིས་ཆོས་དང་མྱི་ལྡན་པ་དེ་བཞིན་དུ་སྨྲ་འམ། རྣམ་པ་གཞན་དུའང་རུང་སྟེ། བསྙེན་པར་རྫོགས་པར་བྱས་ན་ལེགས་པར་བསྙེན་པར་རྫོགས་པ་ཡིན ་ཏེ། ཕྱི་མས་ནི་དགེ་སློང་རྣམས་འགལ་ཚབས་ཅན་དུ་འགྱུར་རོ།། བསྙེན་པར་རྫོགས་པར་བྱེད་པའི་ཚེ་བསླབ་པ་ཕུལ་ལམ། མི་བཏུན་བསྙེན་པར་རྫོགས་པ་མ་ཡིན་ནོ།། འོན་པ་འམ་མཐའ་ཁོབ་པ་གལ་ཏེ་ལས ་ཐོས་སོམ་ཤེས་ན་བསྙེན་པར་རྫོགས་པ་ཡིན་ནོ།། སླང་ཟློག་པ་ནི་མ་ཡིན་ནོ།། རྣམ་པ་གཞན་དུ་ན་མཐའ་ཁོབ་པས་བསྙེན་པར་རྫོགས་པ་ནི་ཡིན་མོད་ཀྱི་བསྐྱེན་པར་རྫོགས་པ་བྱེད་པ་རྣམས་ལ་ནི་འགྲེལ་ཚབ ་ཅན་དུ་འགྱུར་རོ།། རྣམ་པ་གཞན་དུ་ན་ཚེགས་ཀྱི་གྲངས་ཁ་སྐོང་བ་འམ་མཁན་པོ་མཚན་གྱུར་པ་ལས་གལ་ཏེ་མཚན་མ་གྱུར་པའི་ཚེ་གསོལ་བ་ཐོས་ན་བསྙེན་པར་རྫོགས་པའོ།། བཟློག་པ་ནི་བསྙེན ་པར་མ་རྫོགས་པའོ།། ན་མཁའ་ལ་འདུག་སྟེ་ས་ལ་འདུག་པའི་ལས་བྱེད་ན་བྱས་པ་མ་ཡིན་ཞེས་བརྗོད་པར་བྱའོ།། ཅི་ཙམ་གྱིས་ན་བསྙེན་པར་རྫོགས་པ་ཞེས་བརྗོད་པར་བྱ། གང་གསོལ་བ་དང་གཞིའི་ལས་རྟོགས་པའོ།། ་ཇི་སྲིད་བཅོ་བརྒྱད་པོ་བཞག་པའི་གནས་གྱིས་མཚམས་རྣམས་མནན་ལ་གང་ཟག་བཅོ་བརྒྱད་གང་གསོལ་བ་ཅིག་གིས་བསྙེན་པར་རྫོགས་པར་བྱར་རུང་བ་ཡོད་དོ།། རྣམ་པ་བཅུས་བསྙེན་པར་རྫོགས་པར་གྱུར་ཏེ། སློབ ་དཔོན་མེད་པར་དེ་བཞིན་གཤེགས་པ་རྣམས་དང་། རང་སངས་རྒྱས་རྣམས་སོ།། ཡེ་ཤེས་མངོན་པར་རྟོགས་པས་ལྔ་པ་རྣམས་དང་། དྲི་བས་མཉེས་པས་ནི་ལེགས་སྦྱིན་ནོ།། སྐྱབས་འགྲོ་བས་ན་བརྗོད་པ་གསུམ་གྱིས ་བཟང་སྡེའི་ཚོགས་དྲུག་ཅུ་པོ་རྣམས་ཀྵེའོ།། སྟོན་པར་ཁས་བླངས་པ་ནི། འོད་སྲུངས་ཆེན་པོའོ།། མཐའ་འཁོབ་ཏུ་ནི་འདུལ་བ་འཛིན་པ་དང་ལྔའོ།། ཡུལ་གྱི་དབུས་སུ་ནི་བཅུ་འདུས་པའོ།། ལྕི་བའི་ཆོས་ཁས་བླངས་པ་རྣམས་ཀྱི ་ནིནིསྐྱེ་དགུའི་བདག་མི་ཆེན་མོ་གཽ་ཏ་མེའོ།། ཕོ་ཉེས་ནི་ཆོས་སྦྱིན་མའོ།། ད་ལྟར་ནི་ཚོགས་གཉིས་ཀ་འདུས་པས་སོ།། དགེ་སློང་ཚུརེ་ཤིག་ཅེས་བྱ་བ་ནི་བཅུ་པོ་སྟེ། སྲིད་པ་ཐ་མ་པ་ཡིན་པའི་ཕྱིར་དགེ་སློང་ཚུ་ཤོག ་ཅེས་པ་མ་གཏོགས་པར་ལས་བཅས་ཚུན་ཆད་གཞན་གྱིས་བསྙེན་པར་རྫོགས་པར་བྱ་བ་མེད་དོ་བསྙེན་པར་རྫོགས་པའི་ཀུན་ཏུ་སྤྱད་པ་ནི་གསར་བུས་ཆེས་རྒན་པ་ལ་ཕྱག་བྱའོ།། དང་པོ་ལོ་གྲངས་དྲི་བར་བྱའོ།། དུས ་ཚོད་ཀྱང་ངོ་།། དུས་ཚོད་ནི་ལྔ་སྟེ། དགུན་གྱི་ཟླ་བ་བཞི་དང་། དཔྱིད་ཀྱི་ཟླ་བ་བཞི་དང་། དབྱར་གྱི་ཟླ་བ་གཅིག་དང་། ཤི་བའི་དབྱརགྱི་ཉིན་ཞག་གཅིག་དང་། དབྱར་རིང་པོ་ཉིན་ཞག་གཅིག་གིས་ཆུང་བའི་ཟླ་བ ་གསུམ་མོ།། བཞི་ལ་ཕྱག་བྱ་བཅུ་ལ་ཕྱག་མི་བྱ་སྟེ། བཞི་པོ་དག་གང་ཞེ་ན། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཕྱག་བྱ་བ་དེ་བཞིན་གཤེགས་པ་དང་། ཁྱིམ་པ་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་ལ་བྱ་བ་དང་། བསྙེན་པར་རྫོགས ་པ་ཐམས་ཅད་ཀྱིས་སྔོར་བསྙེན་པར་རྫོགས་པ་ལ་ཕྱག་བྱ་སྟེ། དགེ་སློང་མ་ནི་མ་གཏོག་སོ།། བསྙེན་པར་རྫོགས་པ་ཐམས་ཅད་ཀྱིས་བསྙེན་པར་རྫོགས་པ་ལའོ།། བཅུ་པོ་དག་གང་ལ་ཕྱག་མི་བྱ་ཞེ་ན། སྤྲོ་བ་སྤྱོད་པ་ལ་སོགས ་པ་བཞི་དང་། བསླབ་པ་བྱིན་པ་དང་། གནས་ནས་ཕྱེང་པ་གསུམ་སྟེ། ལྟུང་བ་མ་མཐོང་བ་དང་། ཕྱིར་མའི་ཆོས་པ་དང་། ལྟ་བ་མི་གཏོང་བ་འདི་གསུམ་གནས་ཕྱུང་བ་དང་། ཁྱིམ་པ་དང་། བསྙེན་པར་མ་རྫོགས་པའོ།། གང ་གསུམ་རྣམ་གཉིས་དག་ཀྱང་རུང་། གང་གསོལ་བ་གཅིག་གིས་བསྙེན་པར་རྫོགས་པ་དེ་དག་ལ་ནི་གང་ཡང་རྒན་པ་མེད་དོ།། གཞན་དག་ན་རེ་རྒན་པ་དྲུག་གོ་ཞེས་ཟེར་ཏེ།། ན་ཚད་ཉིད་ཀྱིས་རྒན་པ་དང་། ཆོས་ཀྱིས་རྒན ་པ་དང་། ཤེས་པས་རྒན་པ་དང་། ལས་ཀྱིས་རྒན་པ་དང་། དུས་ཀྱིས་རྒན་པ་དང་། རིགས་ཀྱིས་རྒནུ་པའོ།། ཆོས་ཉིད་ཀྱིས་རྒན་པ་དེ་ཡང་རྣམ་པ་གཉིས་ཏེ། བསྙེན་པར་རྫོགས་ན་རིང་དུ་ལོན་པུས་ན་དུས་ཀྱིས་རྒན ་པ་དང་། རིགས་ཀྱིས་རྒན་པ་མེས་པོ་འམ། ཁུ་བོ་འམ། ཕུ་བོ་ཞེས་བྱ་བ་ལ་སོགས་པའོ།། ཤེས་པས་རྒན་པ་སྟེ། རྒྱལ་པོ་ལ་སོགས་པས་ཤེས་པའོ།། ལས་ཀྱིས་རྒན་པོ་སྟེ། དེ་ཡང་རྣམ་པ་གསུམ་མོ།། ཞལ་ཏ་བྱེད་པ ་བས་ནི་ཁ་ཏོན་བྱེད་པ་རྒན་ནོ།། ཁ་ཏོན་བྱེད་པ་བས་ནི་མི་སྤོང་བ་ལ་ཞུགས་པའོ།། དེ་ལས་དུས་ཀྱི་རྒན་པས་དུས་ཀྱི་གཞོན་པ་ལ་ཕྱག་མི་བྱ། མཉམ་པ་ལ་ཡང་ཕྱག་མི་བྱའོ།། གལ་ཏེ་རིགས་རྒྱུད་ལ་སོགས་པས་ཆོས་རྒན ་པ་མ་ཡིན་ན། དེ་ལས་གང་ཡང་རུང་བ་འགའ་ཞིག་གིས་རྒན་ན་ཕྱག་བྱའོ།། དེ་བཞིན་དུ་རིགས་རྒྱུད་དང་། ཤེས་པ་དང་། ལས་སུ་མཉམ་ན་ཡང་དེ་དག་ལས་གཞན་ཅིས་རྒན་པ་ལ་ཕྱག་བྱའོ།། གལ་ཏེ་རིགས་རྒྱད་དམ་རིགས ་རྒྱུད་ཀྱིས་ཆེས་རྒན་པ་མ་ཡིན་ན་ཤེས་པ་བས་ཆེས་ཤེས་པ་ལའོ།། སྤོང་བ་བས་སྤོང་བའི་མཆོག་ལའོ་ཞེའོ།། ཕྱག་བྱ་བ་ནི་རྣམ་པ་གཉིས་ཏེ། དཀྱིལ་འཁོར་ལྔ་པ་འམ། སྐྱིད་པ་ལ་འཁྱུད་པའོ།། ཕྱག་འཚལོ་ཞེས་ཟེར་བ་ནི ་མངོན་པར་སྨྲ་བའི་ཐ་ཚིག་ཉིད་དོ།། ལུས་བཏུང་བ་དེ་ནི་མཆོད་པའོ།། གཞན་དག་ན་རེ་སྟོན་པ་ལ་དཀྱིལ་འཁོར་ལྔ་པོས་ཕྱག་བྱའོ།། བླ་མ་དང་བླ་མའི་གནས་ལྟ་བུ་ལ་པུས་མོ་གཟུགས་པ་དང་། འདུད་པོར་བཅས་པ་འམ། ཐལ ་མོ་སྦྱར་བ་བཅས་པའམ། སྐྱིད་པ་ནས་འཁྱུད་པ་འམ། དེ་བཞིན་དུ་ཙོག་བུས་འདུག་པའོ།། ཚངས་པ་མཚུངས་པར་སྤྱོད་པ་གཞན་རྣམས་ལ་མགོ་འདུད་དམ། ཐལ་མོ་སྦྱར་བ་འམ། ངག་ཡང་དག་པར་བརྗོད་པའོ།། ཞེས་ཀྱང་ཟེར་རོ།། ། ་སྤགས་པ་ལ་འམ་སྦགས་པས་ཀྱང་རུང་སྟེ། གཉིས་ཀ་ལ་ཡང་ཉེས་བྱས་སོ།། སྤགས་པ་ལ་རྣམ་པ་གཉིས་ཏེ། ཟས་ཀྱིས་སྤགས་པ་དང་། མི་གཙང་བས་སྤགས་པའོ།། མི་མཐུན་པས་ཁོ་ན་ཡོད་ཀྱང་རིམས་སུ་བབ་ནི ་ཕྱག་བྱའོ།། དེས་ཀྱང་ཨ་རོ་གྱ་ཞེས་བརྗོད་པར་བྱའོ།། རྣམ་པ་གཞན་དུ་ནི་གཉིས་ཀ་ལ་ཡང་ཉེས་བྱས་སོ།། ལོག་པར་ལྟུང་ཡང་སྔོན་གྱི་རྒྱུད་ལ་དམིགས་ཏེ་ཕྱག་བྱའོ།། གོས་གཅིག་པས་ཕྱག་བདག་གིར་མི་བྱ། ཕྱག་ཀྱང ་མི་བྱའོ།། རྒན་པ་སྦྲིད་པ་བྱུང་བ་ལ་ཡང་ཕྱག་འཚལ་ལོ་ཞེས་བརྗོད་པར་བྱའོ།། གཞོན་ནུ་ལ་བྱུང་ན་ཨ་རོ་གྱ་ཞེས་བརྗོད་པར་བྱའི་ཡང་སོ་ས་ཞེས་བྱ་བ་ནི་མ་ཡིན་ནོ།། རྒན་ཞུགས་དང་། ཁྱིམ་པ་དག་ནི་གསོན་པར་མངོན་པར་དགའ ་བ་ཡིན་པས་ན་དེ་དག་ལ་ལྟུང་བ་མེད་དོ།། མུན་པའི་ནང་དུ་ཕྱག་བྱེད་ན་མགོ་ས་ལ་གཏུགས་པར་མི་བྱའོ།། ངག་ཏུ་ནི་བརྗོད་པར་བྱའོ།། གནས་མ་བཅས་པཱ་གནྡྷ་པར་མི་བྱ་སྟེ། གང་མཛའ་བ་དང་། གང་གུས་པར་བྱ་བ་དང་། གང་ལ་ངོ་ཚ ་བར་འགྱུར་བ་སྲིད་དོ་སྙམ་དུ་སེམས་ཉེ་བར་གནས་སམ། ལྡན་པའོ་སྙམ་དུ་སེམས་མངོན་དུ་གནས་སམ། དགེ་བའི་ཕྱོགས་སུ་འགྱུར་རོ་སྙམ་ནས་དེའི་འོག་ཏུ་གནས་གཟུངས་པར་བྱ་སྟེ། ཆོས་གོས་ཕྲག་པ་གཅིག་ཏུ ་བྱས་ལ། ལག་པ་གཉིས་ཀྱིས་རྐང་པ་གཉིས་ལ་བཙངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། བཙུན་པ་དགོངསུ་གསོལ། བདག་མིང་འདི་ཞེས་བགྱི་བ་བཙུན་པ་ལ་གནས་པར་གསོལ་གྱིས་བཙུན་པས ་བདག་ལ་གནས་སྩལ་དུ་གསོལ། བཙུན་པ་ལ་གནས་ནས་མཆིས་པར་བགྱིའོ།། དེ་བཞིན་དུ་ལན་གཉིས་ལོན་གསུམ་དུའོ།། དེས་ལེགས་སོ་དགེའོ་ཞེས་བརྗོད་པར་བྱའོ།། དེས་ཀྱང་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ།། ་གནས་མལ་བཅས་པར་ལྗོངས་རྒྱུ་བ་སྤྱད་པར་མི་བྱའོ།། ལོ་ལྔ་ལོན་ལ་ལ་གསལ་ན་ལྟུང་བ་མེད་དོ།། གསལ་བ་རྣམས་ནི་སྔ་མ་བཞིན་ནོ།། སོང་ནས་ངལ་སོ་བའི་ཉི་མ་གཉིས་སམ་གསུམ་ཚུན་ཆད་དུ་ལེགས་པར་བརྟགས ་ཏེ། གནས་གཟུང་བར་བྱའོ།། དགྲ་བཅོམོ་པས་ཀྱང་གཞན་ལ་གནས་བཅས་ཏེ་འདུག་པར་བྱའོ།། ཞག་ལྔ་གནས་མལ་བཅས་ཀྱང་དེ་ལ་རྙེད་པ་སྦྱིན་པར་བྱའོ།། དེ་མི་གཏོང་བའི་སྦྱོར་བས་གནས་ཚོལ་བ་ཆོས་ལྔ་དང་ལྡན ་རྣམས་ལ་གནས་སྦྱིན་པར་མི་བྱ་སྟེ། དད་པ་མེད་པར་གྱུར་པ་དང་། བཀའ་བློ་མི་བདེ་བ་དང་། སྡིག་པའི་གྲོགས་པོ་དང་། ལེ་ལོ་ཅན་དང་། མ་གུས་པའོ།། དེ་ལྟ་བུའི་རིམ་པ་ལས་སྦྱོར་བཟློག་པ་ལྔ་པོ་རྣམས་དང་ལྡན་པ་ལ ་ནི་གནས་བཅའ་བ་སྦྱིན་པར་བྱའོ།། འདི་ཉིད་གོ་རིམ་ཇི་ལྟ་བ་བཞིན་དུ་བཏང་བ་དང་། མ་བཏང་བར་རིག་པར་བྱའོ།། རྣམ་པ་ལྔས་བཏང་བར་འགྱུར་ཏེ། མཚམས་ལས་འདས་སྟེ་འགྲོ་བ་དང་། བབས་པ་དང་། མཁན་པོ་གཞན ་ནུས་འོངས་པ་དང་། ཕྱོགས་ལས་ཕྱོགས་མ་ཡིན་པར་འགྲོ་བ་དང་། གནས་བཏང་བ་ཉིད་ནི་ལྦུ་པའོ།། མཁན་པོ་མཐོང་མ་ཐག་ཏུ་གཞན་ལ་གནས་བཅས་པ་བཏང་བར་འགྱུར་ཏེ། ལམ་དུ་ཞུགས་པ་དང་། འདུག་ཏུ་མི་འདོད་པ ་ནི་མ་ཡིན་ནོ།། འོངས་ན་ཡང་ཇི་སྲིད་འདུག་གི་བར་དུ་དེ་ཐམས་ཅད་བྱ་སྟེ། གཉིས་ཀ་ཡང་ལྟའོ།། ཉེ་གནས་སམ་སློབ་དཔོན་ཡང་རུང་། གཅིག་བལྟོས་པ་དང་བཅས་སམ། ལམ་གྱིས་བགྲོད་པར་ཞུགས་པ་ལས་དུས་གཞན་དུ ་སླར་ལོག་ན་ཡང་གནས་བཅས་པ་དེ་ཉིད་ལའོ།། དུས་རེ་ཞིག་གཅིག་ཏུ་གནས་གཟུང་བས་སྔར་གྱི་བཏང་བར་མི་འགྱུར་རོ།། གནས་གང་དུ་གནས་སྦྱིན་པ་དེ་ཤི་ལ་གཞན་ཡང་མེད་ན། དེར་གསོ་སྦྱིན་གཉིས་པའི་བར་དུ་འདུག ་པར་མི་བྱའོ།། དབྱར་སྔ་མ་འམ། ཕྱི་མ་གཉི་ག་ཡང་དབྱར་ཉེ་བར་གནས་པར་མི་བྱའོ།། དབྱར་ཕྱི་མར་ཉོ་བར་ཞུགས་ནས་ཡང་སོ་སོར་བརྟགས་ལ་ཟླ་བོ་གཉིས་ཀྱི་བར་དུ་འདུག་པར་བྱའོ།། དེ་ཕན་ཆད་ནི་མ་ཡིན་ནོ།། སློབ་དཔོན་དང ་མཁན་པོ་དཔག་ཚད་ཕྱེད་དང་གསུམ་ན་འདུག་ན་ཟླ་བ་ཕྱེད་ཕྱེད་ཅིང་འགྲོ་བར་བྱའོ།། རྒྱང་གྲགས་སྔ་ན་འདུག་ན་ཉི་མ་དྲུག་གམ་བདུན་ཞིང་ངོ་།། རྒྱུད་གྲགས་གཅིག་ན་ཉིན་རེའོ།། མཚོམས་ཀྱི་ནང་ན་འདུག་ན་དུས་གསུམ་དུའོ།། ཐམས ་ཅད་དུ་སློབ་དཔོན་དང་མཁན་པོ་ལ་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་ཀྱིས་བསྙེན་བཀུར་ལ་སོགས་པ་བྱ་བ་རྣམས་སྔོན་དུ་འགྲོ་བར་བྱའོ།། དེ་ཉིད་ཀྱིས་ཀྱང་དེའི་འོ།། ཀློག་པའི་སློབ་དཔོན་ལ་ཡང་བསྙེན་བཀུར་བྱའོ།། གལ་ཏེ ་ཀློག་པ་དང་། གནས་ཀྱི་སློབ་དཔོན་གཉི་ག་ནད་ཀྱིས་བཏབ་པར་གྱུར་ཏེ། ནུས་པ་ཡོད་ན་གཉི་ག་ལ་ཡང་བྱའོ།། ནུས་པ་མེད་ན་གནས་ཀྱི་སློབ་དཔོན་མི་ཕོངས་པར་བྱས་ནས་ཀློག་པའི་སློབ་དཔོན་ལ་བྱའོ།། ་ཀློག་པ་མ་རྙེད་ཀྱང་གནས་སུ་རུང་གི་གནས་མེད་པར་ནི་མི་རུང་ངོ་།། ཀློག་པའི་སློབ་དཔོན་ལ་གལ་ཏེ་ཉེ་གནས་མང་ན་གྲལ་རིམ་བཞིན་དུ་བསྙེན་བཀུར་བྱའོ།། དེ་དང་ནང་དང་བཅས་པ་ལ་འབྲེལ་བར་མི་བྱའོ།། དེ་གཉིས་ཀ ་ལ་ཡང་གུས་པས་མཆོད་པར་བྱའོ།། ཆག་ཆག་ལ་སོགས་པ་དང་། ལྷུང་བཟེད་ཀྱི་ལས་ལ་སོགས་དང་། ཆོས་བསྟན་པ་ལ་སྦྱིན་པ་ལ་སོགས་པ་མ་ཞུས་པར་མི་བྱའོ།། དེ་ལྟ་བུའི་རིགས་ཅན་གྱི་དགེ་སློང་ངལ་སོར་མི་གཞུག ་གོ། མདོར་བསྡུ་ན། ཆུ་དང་། སོ་ཤིང་དང་བཤང་པ་དང་། གཅི་བ་དང་། མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་བྱེད་པ་མ་གཏོགས་ཏེ། གཞན་དུ་བྱ་བ་ཐམས་ཅད་མི་བྱའོ།། ཀུན་ཏུ་སྤྱད་པ་ཇི་སྐད་བསྟན་པའི་ཚུལ་དུ་མ་བྱས་ན ་ཐམས་ཅད་དུ་ཉེས་བྱས་སོ།། ཞར་ལ་འོངས་པ་ཆོག་གོ།། སྨད་པ་ཞེས་བྱ་བ་ནི་ལྟུང་བྱེད་ཀྱི་ལྟུང་བ་བྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གང་ཟག་འོད་བཅུ་ནི་འདི་ལྟ་སྟེ། ལོ་ཉི་ཤུ་མ་ལོན་པ་ལ ་དེར་འདུ་ཤེས་པ་དང་། ངེས་པ་དང་མ་ངེས་པ་ཡང་རུང་སྟེ། གཉི་ག་ལ་ཡང་དྲིས་མོ།། གཉི་ག་ལ་ཡང་ཅི་ལྟ་བུ་ཉིད་དུ་སྨྲ་བ་དེ་གཉིས་ནི་བསྙེན་པར་རྫོགས་པ་མ་ཡིན་ལ། དགེ་སློང་རྣམས་ཀྱང་འགལ་ཚབས་ཅན་དུ ་འགྱུར་རོ།། འགྲོགས་པ་ལ་སོགས་པ་ཡང་ཉེས་པའོ།། ཁོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་དང་། ངེས་པ་དང་མ་ངེས་པ་ཡང་རུང་སྟེ། ཅི་ལྟ་བུ་ཉིད་དུ་ཡང་གཉི་ག་སྨྲ་བ་དང་། ཉི་ཤུ་མ་ལོན་ལ་མི་ཤེས ་སམ། ཡིད་གཉིས་ཟ་བར་འགྱུར་ནས་ཀྱང་དྲིས་པ་ལུང་མི་སྟོན་པ་སྟེ། འདི་ལྟ་བུ་གསུམ་ནི་བསྙེན་པར་རྫོགས་པ་ཡིན་ལ། གཞན་བསྙེན་པར་རྫོགས་པར་བྱེད་པ་ཡང་འགལ་ཚབས་ཅན་དུ་འགྱུར་རོ།། ལོ་ཉི་ཤུ་ལོན་པ་ལ་མ་ལོན ་པར་འདུ་ཤེས་པ་དང་། ངེས་པ་དང་མ་ངེས་པ་ཡང་རུང་སྟེ། ཅི་ལྟ་བུ་ཉིད་དུ་ཡང་གཉི་ག་སྨྲ་བ་དང་། དེ་བཞིན་དུ་གཉི་ག་ལོན་པར་འདུ་ཤེས་པ་དང་། ངེས་པ་དང་། ལྔ་པ་ཉིད་ནི་མི་ཤེས་སམ། མི་དྲན་ནམ། ཡིད་གཉིས་ཟ་ན ་ཡང་རུང་སྟེ། ལྔ་པོ་འདི་དག་ནི་བསྙེན་པར་རྫོགས་པ་ཡིན་ཏེ། དང་པོ་དང་། གཉིས་པ་དང་། ལྔ་པ་ལ་ནི་བསྙེན་པར་རྫོགས་པར་བྱེད་པ་རྣམས་ལ་འགལ་ཚབས་ཅན་དུ་འགྱུར་རོ།། རྣམ་པ་འདི་བཅུ་ལས་ཐོག་མའི ་བཞི་པས་ནི་དང་པོ་ཉིད་དུ་འཁྲུགས་པར་གྱུར་པ་ཡིན་ཏེ། རང་བཞིན་དུ་གནས་པ་དང་། གསོ་སྦྱིན་གྱི་ལས་ལན་གཉིས་སམ་གསུམ་མྱོང་ན་རྐུ་ཐབསུ་གནས་པར་འགྱུར་ཏེ། བསྙིལ་བར་བྱ་བར་འོས་པ་དག་ཡིནོ།། ། ་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་གཉིས་ནི་གལ་ཏེ་ཉེ་དུ་རྣམས་ཀྱིས་དྲན་པར་བྱས་ན་མངལ་གྱི་ཟླ་བ་དང་། ཤོལ་གྱི་ཟླ་བ་ཡང་བརྩི་བར་བྱའོ།། གལ་ཏེ་དེ་བཞིན་དུ་ཡང་མ་ལོན་ནས་སྤོ་བར་བྱའོ།། ཡང་བསྙེན་པར ་རྫོགས་པར་རོ།། རྣམ་པ་གཞན་དུ་ན་སྔ་མ་བཞིན་དུ་སྟེ་རྐུ་ཐབས་སུ་གནས་པའོ།། ལོ་བཅུ་དགུ་ལོན་པ་བསྙེན་པར་རྫོགས་པ་བྱས་པ་ལས། གལ་ཏེ་ལོ་གཅིག་ལོན་པ་ན་དྲན་པ་རྙེད་པར་གྱུར་པ་འམ། ལོ་བཅོ་བརྒྱད ་ལོན་པར་བསྙེན་པར་རྫོགས་པར་བྱས་ནས་དེ་བཞིན་དུ་ལོ་གཉིས་ལོན་པ་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་རྙེད་དཀའ་བ་ན། དེ་གཉིས་ནི་ལེགས་པར་བསྙོན ་པར་རྫོགས་པའོ།། ལྔ་པ་ནི་དྲན་པར་བྱའོ།། ཡིད་གཉིས་བསལ་བར་བྱ། ཆོ་ག་བཞིན་དུ་ཡང་བྱའོ།། རྣམ་པ་གཞན་དུ་རྐུ་ཐབས་སུ་གནས་པར་འགྱུར་རོ།། ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ན་དེ་བསྙེན་པར་རྫོགས་པར་བྱས ་ནས་ལྟུང་བ་མེད་དོ།། འགྲོགས་པ་དང་། ལོངས་སྤྱོད་པ་ལ་ཡང་ལྟུང་བ་མེད་དོ།། དེ་བསྙེན་པོར་རྫོགས་པ་ཇི་སྲིད་དུ་གནས་པར་གྱུར། ཇི་སྲིད་བདེན་པའི་འདུ་ཤེས་རྙེད་པའི་བར་དུ་སྟེ། ལོན་པ་ལ་ནི་ལྟུང་བ་མེད་དོ།། མེ་ལོན་པ་ནི ་གསོལ་བ་དང་བཞིའི་ལས་ལ་སོགས་པ་ཉམས་སུ་མྱོང་ན་རྐུ་ཐབས་སུ་གནས་པར་འགྱུར་རོ།། ཁ་ཅིག་ན་རེ་གང་ཟག་ཡོངསུ་དྲུག་པ་ཡིན་ཡང་རུང་། ཡོངས་དག་བླ་མ་ཡིན་ཡང་རུང་སྟེ། དེས་ཡོངསུ་མ་དག་པར་འདུ་ཤེས་ཏེ།། ་བསྙེན་པར་རྫོགས་པར་བྱས་ན་ལྟུང་བྱེད་དོ་ཞེས་ཟེར་རོ།། ན་ཚོད་རྫོགས་ལ་སྐྱེད་མ་རྫོགས་པ་ཡོད་དེ་མུ་བཞིར་རོ།། དེ་ལ་ན་ཚོད་རྫོགས་པ་ནི་ལོ་ཉི་ཤུ་ལོན་པའོ།། སྐྱེད་རྫོགས་པ་ནི་ཆུ་ཞེང་དུ་ལྡན་པ་དང་། སྐྱེས་པ་དང་། ཡོངས ་སྨིན་པར་རིག་པར་བྱའོ།། ཆུ་ཞེང་དུ་ལྡན་པ་ཅི་ལྟ་བུ་ཞེ་ན། གལ་ཏེ་བྱིས་པའི་བོང་ཚོད་ལྟ་བུ་འང་མ་ཡིན་པའོ།། བུས་པའི་སྐད་ལྟ་བུའང་མ་ཡིན་པའོ།། སྐྱེས་པ་ཅི་ལྟ་བུ་ཞེ་ན། འདོམས་དང་མཆན་ཁུང་ལ་སོགས་པར་སྤུ་སྐྱེས ་པར་གྱུར་པའོ།། ཡོངསུ་སྨིན་པ་ཅི་ལྟ་བུ་ཞེ་ན། དེས་བུས་པ་ལྟ་བུའི་བློ་མ་ཡིན་པ་ལ་བུས་པ་ལྟ་བུའི་རང་བཞིན་མ་ཡིན་པའོ།། གཉིས་པ་དང་བཞི་པ་ནི་ལྟུང་བྱེད་དོ།། དང་པོ་དང་གསུམ་པ་ལ་ནི་ལྟུང་བ་མེད་དོ་གང་དུས་མི་དྲན་པ་དེའི་ཚེ ་མཚན་ཐབས་ཀྱི་བརྟགས་ལ་བསྙེན་པར་རྫོགས་པར་བྱའོ།། ལོ་བཅོ་ལྔ་ལོན་ན་དགེ་ཚུལ་དུ་བྱའོ།། རྣམ་པ་གཞན་དུ་ཉེས་བྱས་སོ།། ལོ་བདུན་ལོན་ལ་བྱ་རོག་སྐྲོད་ནུས་པ་ནི་དགེ་ཚུལ་གྱིས་བསྐོས་ནས་བྱི་རོག་སྐྲོང་ནུས་པའོ།། ་མི་ནུས་པ་དང་ལོ་མ་ཚང་བ་ནི་མ་ཡིན་ནོ།། དགེ་ཚུལ་གཉིས་ཉེ་བར་བཞག་པར་མི་བྱའོ།། གལ་ཏེ་དེ་གཉིས་ངེས་པར་བྱ་སྟེ། འོངས་ན་གཉིས་ཀཱ་རབ་ཏུ་ཕྱུང་ལེ་གཅིག་གཞན་ལ་སྦྱིན་པར་བྱའོ།། གང་ལ་སྦྱིན་པར་བྱ་བ་དེས ་ཀྱང་བསྙེན་པར་རྫོགས་པར་མི་བྱའོ།། གཉིས་པའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་བདག་ཉིད་རྣང་ལ་སོགས་པ་བྱེད་པ་ནས་ལེན་པའི་གཞིའི་དབང་དུ་མཛད་དེ། ལས་ངན་པ་ལ་དགའ་བའི་ཉོན་མོངས་པས་གསུམ ་པ་བཅས་སོ།། ས་ཤེས་བྱ་བ་ནི་རྣམ་པ་གཉིས་ཏེ། རང་བཞིན་ཅན་དང་རང་བཞིན་ཅན་མ་ཡིན་པའོ།། ཆར་པ་ཆེན་ཟླ་བ་གསུམ་པོ་རྣམས་ཀྱི་རང་བཞིན་ཅན་ཞེས་བྱའོ།། ཆར་པ་ཆུང་ན་ཟླ་བ་དྲུག་གོ།། དགེ་སློང་གིས་རང་བཞིན་ཅན་མ ་ཚིག་གམ། ཉམས་པར་མ་གྱུར་པས་བརྐོས་པ་དང་། ས་ཞག་མ་ཉམས་པ་འགོགས་སམྦ། ཕུར་པ་བཏབ་བམ། གད་པ་མ་ཉམས་པ་འམ། རྩིག་པ་མ་ཉམས་པ་རྟིབ་བམ། སྦྱང་ནུལ་མ་ཉམས་པར་འགོགས ་སམ། གང་ན་ས་མང་གི་གྲམ་སོག་གམ་བྱེ་མ་ཉུང་བ་བརྐོས་ན་ལྟུང་བྱེད་དོ།། ས་ཞག་ལ་སོགས་པ་ཉམས་པ་ནི་ཉེས་བྱས་ཏེ། སོགས་པའོ་ཞེས་བྱ་བའི་ཐ་ཚིག་གོ།། ས་ལས་ཕུར་པ་ཕྱུང་བ་དང་། ས་ལ་རི་མོ་འདྲི་བས་ཉམས་པ་མ ་གཏོགས་པའི་ས་དང་འབྲེལ་པའི་བ་ལང་གི་ལྕི་བས་འགོགས་པ་དང་འགྲོ་བར་མངོན་པར་སེམས་པས་བྱས་པ་འབའ་ཞིག་མ་གཏོགས་ཏེ། འདས་སྤྱོད་པ་འམ། དེ་དང་འབྲེལ་པའི་བུམ་པ་ལ་སོགས་པ་བཏེག་པ་དང་། རྩིག་པ ་ལ་ཕུར་པ་བཏབ་པ་འབྱིན་ཏཱམ། བ་ལང་གི་ལྕི་བས་འགོགས་སམ། རི་མོ་བྲིས་སམ། བ་ཙ་ཅན་འགོགས་སམ། ས་རང་བཞིན་ཅན་མ་ཡིན་པ་བརྐོས་སམ། ས་ཚིག་པ་འམ། ཉམས་པར་གྱུར་པ་བརྐོས་སམ། གྲམ ་སེག་དང་བྱེ་མ་ནི་མང་། ས་ནི་ཉུང་བ་བརྐོས་ན་ཉེས་བྱས་སོ།། གྲམ་པ་འབའ་ཞིག་གམ། བྱེ་མ་འབའ་ཞིག་གམ། མཁར་ལན་འཇུག་ཅིང་རྒྱུ་སྐུར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན། ས་ལ་ཕུར་བ་མཐོ་བཞི་ཙམ་འདེབས་པ ་ལ་ལྟུང་བ་མེད་དོ།། ཁ་ཅིག་ནི་གཞན་གྱིས་དེ་ལ་བསྣུན་ཅིང་ངམ། ཆུས་སྤངས་པ་འམ། ཆར་གྱིས་བརླན་པ་འམ། ས་ཤིགས་པ་འམ། ཐེག་ཟོས་པའམ། དོང་དུ་བྱས་པར་གྱུར་པ་དེ་ལྟ་བུ་ནི་ལྟུང་བ་མེད་དོ་ཞེས་ཟེར་རོ།། རང ་བཞིན་ཅན་ལ་རང་བཞིན་ཅན་དུ་འདུ་ཤེས་པ་རྣམ་པ་དྲུག་ཏུའོ།། ས་ལ་སར་འདུ་ཤེས་པ་ལ་ཡང་། ཁ་ཅིག་ནི་རུང་བར་བྱས་སམ། རུང་མ་བྱས་ཀྱང་རུང་། རུང་བར་མ་བྱས་པར་འདུ་ཤེས་ན་ལྟུང་བྱེད་དོ་ཞེས་ཟེར་རོ།། གསུམ ་པའོ།། །། སེར་སྐྱའི་གཞི་ན་སྟེ། མིང་ཆེན་གྱིས་དགེ་འདུན་རྣམས་ཟླ་བ་བཞིར་བསྟབས་པ་ལས་དྲུག་སྡེ་རྣམས་དེ་ལས་འདས་ཀྱང་སློང་བས་ན་བསྟབས་པའི་གཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དང་། ཕོངས ་པའི་ཉོན་མོངས་པ་དག་གིས་བཞི་པ་བཅས་སོ།། ཟླ་བ་བཞི་ནི་རྗེས་སུ་གནང་གི་གཞན་དུ་ནི་གཏང་ངོ་།། ཟླ་བ་བཞི་ཞེས་བྱ་བ་ནི་ཟླ་བ་བཞི་ལས་གཞན་དུའོ།། བསྟབས་པ་ཞེས་བྱ་བ་ནི་མགྲོན་དུ་ཉེ་བར་བོས་པའོ།། བདག་གིར ་བྱའོ་ཞེས་བྱ་བ་ནི་ཁས་བླངས་པའོ།། སོ་སོར་བསྟབས་པ་ཞེས་བྱ་བ་ནི་ཐ་དད་དུ་ཐ་དད་དགེ་སློང་རེ་རེ་ནས་བསྟབས་པ་ཡིན་ཏེ། པི་ལིང་དུ་བད་སའི་དབང་དུ་མཛད་དེ། རྗེས་སུ་གནང་ངོ་།། ཡང་དང་ཡང་དུ་བསྟབས་པ་ཞེས་བྱ་བ ་ནི་དག་ཅག་གྱིས་ལྷགས་སོ་ཞེས་བདག་གིར་མ་བྱས་པ་སྟེ། གཟུགས་ཅན་སྙིང་པོ་ཡང་དང་ཡང་དུ་སྟོབས་པའོ།། ལྷག་པར་དོན་དུ་གཉེར་ནས་བསྟབས་པ་ཞེས་བྱ་བ་ནི་རྒྱལ་པོ་ལ་བྱ་བ་མང་ངོ་ཞེས་བདག་གིར་མི་བྱེད་པ་ལ ་བསྟབས་པའོ།། རྟག་ཏུ་བསྟབས་པ་ཞེས་བྱ་བ་ནི་ཟླ་བ་བཞི་ལས་འདས་ནས་གཤེགས་སྟོན་བྱས་པ་དང་ཡང་བདག་གིར་མི་བྱེད་པས་ན་དུས་ཐམས་ཅད་བསྟབས་པའོ།། དགེ་སློང་ཟླ་བ་བཞི་མ་འདས་པར་ཟས་ངན་པ་བསྟབས ་པ་ལས་མངོན་པར་སྤྱད་པ་མ་བྱས་པ་ཟས་བསོད་པ་བླངས་ན་ཉེས་བྱས་སོ།། ཟོས་ན་ལྟུང་བྱེད་དོ།། བསོད་པ་བསྟབས་པ་ལས་ངན་པ་བླངས་ན་གཉི་ག་ལ་ཡང་ཉེས་བྱས་སོ།། ཟླ་བ་བཞི་བཟླས་ཏེ། གང་བསྟབས་པ་དེ་ཉིད ་བླངས་ཏེ་ཟོས་ན་ལྟུང་བྱེད་དོ།། དེ་ལས་གཞིན་དུ་ན་ཉེས་བྱས་སོ།། ཟླ་བ་བཞི་ལས་འདས་སམ་མ་འདས་ཀྱང་རུང་། ན་བས་ཟས་བསོད་པ་བསླངས་ཏེ་ཟོས་ན་ལྟུང་བ་མེད་དོ།། བུད་མེད་ཟས་ཁྱེར་ཏེ་འོངས་པ་ལས་ཅི་འདོད་ཅེས་འདྲི་ན ་བསྟབས་པ་ཡིན་པསོ་ཅི་འདོད་པ་དེ་བསླངས་ལ་ལོངས་སྤྱད་པར་བྱའོ།། བཞི་པའོ།། །། རྒྱལ་པོའི་ཁབ་ན་སྟེ། གང་ཐུན་མོང་བའི་བསླབ་པ་བཅས་པ་དེ་ན་དེའི་ཚེ། གཉིས་ཀའི་དགེ་འདུན་ཡང་འདུས་ཏེ། བསླབ་པའི་གཞིའི ་སྐབས་འདིར་ནི་དགེ་སློང་མའི་དགེ་འདུན་འདུས་པས་ན། ལམ་པ་དགེ་སློང་མ་རྣམས་ལ་བསྒོ་བའི་ཕྱིར་བཏང་བ་དང་། དེ་འགྲོ་བ་ལས་དྲུག་སྡེ་རྣམས་ལ་ཡང་བསྒོ་ཡང་དེ་དག་གིས་མ་ཉམས་པས་ན་བསླབ་པའི་གཞི་ལ་སྨོད་པའི ་གཞིའི་དབང་དུ་མཛད་དེ། མ་གུས་པའི་ཉོན་མོངས་པས་ན་ལྔ་པ་བཅས་སོ།། བྱིས་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཉེ་བར་བསམ་པར་སེམས་པ་ལ་སྩོགས་པའོ།། རྨོངས་པ་རྣམས་ཀྱིས་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པ་མི་འཛིན་པའོ།། མི ་གསལ་བ་རྣམས་ཀྱི་ཞེས་བྱ་བ་ནི་དེ་དག་དོན་ལ་མི་གསལ་བའོ།། མི་མཁས་པ་རྣམས་ཀྱི་ཞེས་བྱ་བ་ནི་དེ་དག་ལ་གཏན་ལ་འབེབས་པར་མི་མཁས་པ་རྣམས་སོ།། མདོ་སྡེ་འཛིན་པ་དང་ཞེས་བྱ་བ་ནི་མདོ་སྡེ་མཐའ་དག་འཛིན་པ་སྟེ། ་དེ་བཞིན་དུ་གཞན་ཡང་ངོ་།། བྱིས་པ་ལ་སོགས་པའི་ཚིག་རྣམས་ལ་གང་ཡང་རུང་བ་ཅིག་སྨྲས་ན་ཡང་ལྟུང་བྱེད་བྱིས་པ་ཡིན་པ་བདེན་པ་ཉིད་དམ། བསླབ་པ་དང་མི་མཐུན་པ་ཞིག་ཏུ་སྨྲས་ན་ལྟུང་བ་མེད་དོ།། རྗེསུ་ཁས་བླངས་པ་ལ་སྨྲ་བ་དང་། ་ལྟུང་བ་བྱུང་བ་ལ་ཡང་ངོ་།། ལྔ་པའོ།། །། མཉན་ཡོད་ན་སྟེ། བཅུ་བདུན་སྡེ་རྣམས་དྲུག་སྡེ་རྣམས་གནས་ནས་ཕྱུང་བའི་ཕྱིར་གྲོས་བྱེད་པ་ལས་བཞབས་ཤིང་མཉན་པས་ན་འཐབ་པའི་གཞིའི་དབང་དུ་མཛད་དེ། མི་བཟོད་པའི་ཉོན ་མོངས་པས་དྲུག་པའོ།། ཐབ་པར་གྱུར་ཅེས་བྱ་བ་ལ་སོགས་པ་ལ། དེ་ལ་འཁྲུགས་ནས་སྨྲས་པ་དང་། ཕྱིར་སྨྲ་བ་ནི་འཐབ་པའོ།། ཕན་ཚུན་གཅིག་ལ་གཅིག་ཉེས་པའི་དམིགས་བརྗོད་པ་ནི་མཚང་འབྲུ་བའོ།། དེ་ལ་མི་བཟོད་པ་ནི་མི ་མཐུན་པའོ།། འཁྲུགས་ཏེ་རྩོད་པ་ལས་ཕན་ཚུན་མི་འཕྲོད་པར་སྨྲ་བ་ནི་རྩོད་པའོ།། ཉན་ན་ཞེས་བྱ་བ་ནི་ཉེ་བར་ཉན་པའོ།། དེ་ལྟ་དེ་ལྟར་རྗེསུ་ཐ་སྙད་གདགས་པ་ཞེས་བྱ་བ་ནི་དེ་ལྟར་དེ་ལྟ་བུར་བཞན་ཟིལ་གྱིས་གནོན་པའོ།། སྟེང་གི་ཡང ་ཏོག་ན་གྲོས་བྱེད་པ་ལ། དགེ་སློང་ཡང་སྟེང་དུ་འཛེགས་པ་དང་། དེས་རྟིང་པའི་སྒྲ་འམ། སེ་གོལ་གྱི་སྒྲ་འམ། ལུད་པའི་སྒྲ་དབྱུང་བར་བྱའོ།། མ་ཕྱུང་བ་ལ་སྒྲ་ཐོས་ཀྱིས་དོན་མ་རྟོགས་ན་ཉེས་བྱས་སོ།། སྒྲ་དང་དོན་གཉི་ག ་རྟོགས་ན་ལྟུང་བྱེད་དོ།། དེ་བཞིན་དུ་བར་ཁང་ངམ། ཇི་སྲིད་ཕྱིར་རོལ་གྱི་བར་རིམ་མམ་འཆག་ས་དང་། ལམ་དུ་འགྲོ་བའོ།། ནང་ན་བཅས་པ་མ་ཡིན་པ་དང་། མ་བསམས་པར་ནང་དུ་འོངས་པ་དང་། ཐོས་ཀྱང་ཞི་བར་བྱའོ། ་སྙམ་པ་ལ་ནི་ལྟུང་བ་མེད་དོ།། ཐབ་མོ་བྱུང་བ་ལ་ཐབ་མོ་བྱུང་བར་འདུ་ཤེས་པ་ནི་རྣམ་པ་དྲུག་ཏུའོ།། ཁ་ཅིག་ནི་ཐབ་མོ་མ་བྱུང་བ་ལ་འཐབ་མོ་མ་བྱུང་བར་འདུ་ཤེས་ན་ལྟུང་བ་ཉིད་དོ་ཞེས་ཟེར་རོ།། དྲུག་པའོ།། ། ་མཉན་ཡོད་ན་སྟེ། བཅུ་བདུན་སྔོས་ཉེ་དགའ་གནས་ནས་ཕྱུང་བའི་ལས་བྱེད་པའི་ཚེ། དགའ་བོས་ཁྲིའུའི་སྟེང་དུ་ལ་བ་བཞག་སྟེ་ཅང་མི་སྨྲ་བར་སོང་བས་ན། འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པའི་གཞིའི་དབང་དུ ་མཛད་དེ། ཉེ་བར་མ་ཞི་བའི་ཉོན་མོངས་པས་བདུན་པ་བཅས་སོ།། ཆོས་དང་མཐུན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ཞེས་བྱ་བ་ནི་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་རྣམས་སོ།། ་འགྲོ་ན་ཞེས་བྱ་བ་ནི་ཐོས་པའི་ཉེ་འཁོ་སྤོང་བའོ།། དགེ་སློང་འདུག་པ་ལ་མི་སྨྲ་ན་ཞེས་བྱ་བ་ནི་ནད་པ་དང་། ནད་གཡོག་དང་། མཁར་ལན་བྱེད་པ་རྣམས་ལ་བརྟེན་ནས་རྗེསུ་གནང་བའོ།། ཇི་སྲིད་ཐོས་པའི་ཉེན་འཁོར་མ ་སྤངས་པ་དེ་སྲིད་དུ་ཉེས་བྱས་སོ།། སྤངས་ན་ལྟུང་བྱེད་དོ།། གསོལ་མ་ཟིན་པ་དང་། བཤད་པ་དང་། གཅི་བའི་སར་སོང་ནས་སླར་འོངས་པ་དང་། ཐོས་པའི་ཉེན་འཁོར་ན་འདུག་པ་ལ་ལྟུང་བ་མེད་དོ།། ཆོས་མ་ཡིན་པའི་ལས ་ལ་ལྟུང་བ་མེད་དོ།། ཆོས་ཡིན་པའི་ལས་ལ་ཆོས་ཡིན་པའི་ལས་སུ་འདུ་ཤེས་པ་ཞེས་བྱ་བ་རྣམ་པ་དྲུག་ཏུའོ།། ཁ་ཅིག་ནི་ཆོས་མ་ཡིན་པ་ལའང་ཆོས་ཡིན་པར་འདུ་ཤེས་པ་ན་ལྟུང་བར་འགྱུར་བ་ཉིད་དོ་ཞེས་ཟེར་རོ།། ་བདུན་པའོ།། །། རྒྱལ་པོའི་ཁབ་ན་སྟེ། གླང་ཆེན་ལྷས་ཀྱིས་བདག་པོའི་བུ་ནཱག་པ་དགེ་འདུན་གྱི་རྩོད་པ་ཞི་བར་མཛད་པ་ལ། གཅིག་པུ་ཟློག་པར་བྱེད། ཁྲོ་བར་བྱེད། གཏམ་འཇུག་སྡོད་པར་མི་བྱེད། ཕྱིར་སྨྲ་བར་བྱེད་པར ་སེམས་པས་ན། འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པའི་གཞིའི་དབང་དུ་མཛད་དེ་སྨོད་པའི་དང་། མ་དད་པའི་ཉོན་མོངས་པ་དག་གིས་བརྒྱད་པའོ།། གུས་པར་མི་བྱེད་ན་ཞེས་བྱ་བ་ནི་མ་གུས་པ་ལ་རྣམ་པ་གཉིས།། ་དགེ་འདུན་གྱི་སྟེ་གང་དགེ་འདུན་གྱི་ཐ་སྙད་པ་དང་། གང་ཟག་གི་སྟེ། གང་སློབ་དཔོན་དང་མཁན་པོ་རྣམས་ཀྱིའོ།། དགེ་སློང་ལ་དགེ་འདུན་གྱི་ཐ་སྙད་པས་འདུག་ཅིག་ཅེ་འམ། མ་འདུག་ཅིག་ཅེའམ། སོང་ཞིག་ཅེ་འམ། ་མ་འགྲོ་ཞིག་ཅེས་སམ། མལུ་ཆ་དང་སྟན་དང་གཙུག་ལག་ཁང་ལོང་ཞིག་ཙ་འམ། མ་ལེན་ཞིག་ཅེས་བསྒོ་བ་ལས་ཇི་སྐད་བསྟན་པ་རྣམས་མི་བྱེད་ན་ལྟུང་བྱེད་དོ།། སློབ་དཔོན་དང་མཁན་པོས་བསྒོ་བ་རྣམས་མི་བྱེད་ན ་ཉེས་བྱས་སོ།། ཆོས་ཀྱི་ལན་ལྡོན་པ་དང་། གནས་བརྟན་རྣམས་ཆོས་མ་ཡིན་པ་རྣམས་སླུ་བ་ལ་གཏམ་གྱི་བརྗོད་པ་ལ་ལྟུང་བ་མེད་དོ།། རྣམ་པ་གཞན་དུ་ན་ཡང་དགེ་འདུན་གྱི་ཐ་སྙད་པ་དང་། ཆོས་དང་སངས་རྒྱས་དང་། ་བུ་མ་དང་། དེའི་གནས་ལྟ་བུ་དང་། སློབ་མ་དང་། བདག་པོའམ། འཇིག་རྟེན་པ་ཡང་རུང་། དེ་དག་གིས་དབང་དུ་བྱས་ཏེ། མ་གུས་པ་ནི་གལ་ཏེ་ཇི་ལྟར་འགྲོ་བར་བྱ་བ་དང་། འདུག་པར་བྱ་བ་དང་། སྨྲ་བར་བྱ་བ་དང་། ་མི་སྨྲ་བར་བྱ་བ་དང་། གལ་ཏེ་དེ་ལྟར་ལུས་སམ། ངག་གམ་ཡིད་ཀྱིས་ཉོན་མོངས་པ་མངོན་དུ་བྱ་སྟེ། ད་ཇི་ལྟར་རིག་པར་མི་བྱེད་པའོ།། དེ་ལ་ཆོས་ཀྱིས་དབང་དུ་བྱས་ཏེ། ཚུལ་ཁྲིམས་ལ་སོ་སོར་བརྟག་པ་དང་། ཀློག ་གམ། ཁ་ཏོན་བྱ་བ་དང་སྟོན་པ་དང་། ཁ་ཏོན་བྱེད་པ་སྦྱིན་པ་དང་། དོན་འཛིན་དུ་གཞུག་པ་དང་། བསམས་པ་དང་། རྣལ་འབྱོར་དང་། གདམས་ངག་དང་། ཡིད་ལ་བྱེད་པ་ལ་སོགས་པ་ཇི་ལྟར་ཡང་མ་བྱས་པ་དེ་ལྟར་དེ་ན་ཡང་དོན་མི་བྱེད ་པབ་དང་། འཇིག་རྟེན་རྒྱུང་ཕན་དང་ལྡན་པ་ཀློག་པ་དང་། ཉན་པ་དུས་མ་ཡིན་པར་ཉན་པ་འམ། ཚད་མེད་པར་བྱེད་པའོ།། སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ལ་ཕྱག་མི་འཚལ་བ་དང་། དུས་དུས་སུ་མཆོད་རྟེན་ལ་ཕྱག་མི ་འཚལ་ཞིང་ཉེན་འཁོར་དུ་སྤྱད་པ་ལ་ཡོངསུ་སྤྱོད་ཅིང་མི་སྤང་བ་དང་། བཤུད་པ་དང་། བསྙས་པ་ལ་སོགས་པའོ།། བླ་མ་དང་དེའི་གནས་ལྟ་བུ་ཞེས་བྱ་བ་ནི། ཇི་ལྟར་བླ་མའི་ཐད་དུ་འགྲོ་བར་བྱ་བ་དང་། འགྲེང་བར་བྱ་བ་དང་། ་ཤིན་ཏུ་མ་གུས་པར་མི་བྱ་བོ་དང་། ཤིན་ཏུ་ཞུམ་པར་ཡང་མི་བྱ་བ་དང་། གང་མགོ་མི་གཡོག་པ་ནས་ཕྲག་པ་མི་ཕྲད་པ་དང་། ལྷག་པར་མི་བསྣོལ་བའི་ཞེས་བྱ་བའི་བར་དུ་དང་། མི་མཆོང་བ་ནས་དཀུར་མི་བརྟེན་པ་ཞེས ་བྱ་བའི་བར་དུ་དང་། བརླ་མི་བསྣོལ་བ་དང་། རྐང་པའི་སྟེང་དུ་རྐང་པ་མི་བཞག་པ་དང་། ཅི་ལྟར་གཞན་དུ་ཕྱོགས་ཤིང་འདུག་པར་མི་བྱ་བ་དང་། མི་བསྒོ་བའི་བར་དུ་མ་ཡིན་པ་དང་། སྟན་མཐོན་པོ་ལ་མ་ཡིན་པ་དང་། བྱིན ་པའི་སྟེང་དུ་བྱིན་པ་མི་བཞག་པ་དང་། མ་གུས་པ་ལ་སོགས་པ་མ་ཡིན་པར་བྱའོ།། ཇི་ལྟར་སྨྲ་བར་བྱ་བ་སྟེ། མི་མཐུན་པའི་ཚིག་སྨྲ་བ་མི་བྱ་བ་དང་། བསྐྲད་པར་མི་བྱ་བ་དང་། སྤང་བར་མི་བྱ་བ་དང་། སྨད་པར་མི་བྱ་བ་ལ ་སོགས་པའོ།། ཅི་ལྟར་ཡང་ཅང་མི་སླུ་བར་བྱ་བ་སྟེ། ཁྲོ་བ་དང་། ཕྲག་དོག་དང་། ཞེ་སྡང་དང་། བརྙས་པ་ལ་སོགས་པ་དང་། སྡིག་པ་སྤང་བའི་སེམས་ཀྱིས་སོ།། སྡོང་མིག་དུ་བལྟ་བར་མི་བྱ་བ་ལ་སོགས་པ་བསྙེན ་བཀུར་བྱ་བར་ཞུགས་པ་ཅི་ལྟར་བསྙེན་བཀུར་བྱ་བ་གལ་ཏེ་དེ་བཞིན་དུ་མི་བྱེད་པའོ།། སློབ་ལ་ཡང་མ་གུས་པ་ལས་བརྩམས་ཏེ། གལ་ཏེ་གནས་མ་ཡིན་པར་སྨིན་པ་དང་། མི་བཟོད་པ་དང་། རྗེས་སུ་མི་སྟོན་པ་དང་། ་འགྱོད་པོ་སེལ་བར་མི་བྱེད་པ་དང་། སྨོད་པ་དང་། འཕྱ་བ་དང་། ཉོན་མོངས་པའི་སེམས་ཀྱིས་ཆོས་དང་ཟང་ཟིང་ལ་སོགས་པས་སྡུད་པར་མི་བྱེད་པ་དང་། མ་གུས་པས་དེ་ཐམས་ཅད་ལ་ཡང་ལྟུང་བྱེད་དོ།། བདག་པོ་ཞེས ་བྱ་བ་རྒྱལ་པོ་དང་། རྒྱལ་པོའི་བློན་པོ་ལ་བརྟེན་ཏེ། ཇི་ལྟར་འགྲོ་བར་བྱ་བ་ལ་སོགས་པ་ལྟར་མི་བྱེད་དེ། གླང་གིས་མ་དད་པར་བྱེད་དམ། ཁྲོས་པར་བྱེད་པས་ན། དེ་ནས་གནོད་པར་འགྱུར་བ་འཛིན་པའོ།། འཇིག་རྟེན་པ་ཞེས་བྱ་བ ་ནི་གལ་ཏེ་འཇིག་རྟེན་ལ་མི་རྟོག་པར་དེ་ལྟ་བུས་མ་དད་པའི་ལུས་ཀྱི་ལས་ཀུན་ཏུ་སྤྱོད་པ་སྟེ། གནས་མ་ཡིན་པར་བཤད་གཙོ་བྱེད་པ་དང་། ཡིད་དུ་མི་འོང་བར་སྨྲ་བའོ།། གཞན་ཡང་འཇིག་རྟེན་གྱིས་སྨད་པ་སྤང་བར་ནུས་པ་མི་སྤོང ་པ་དང་། བདག་དང་གཞན་གྱི་རིགས་ཀྱི་དགེ་བ་འགག་པར་འགྱུར་བ་དང་། འཇིག་རྟེན་པ་མ་དད་པ་མི་སྤོང་བ་དང་། ཉོན་མོངས་པ་སྔོན་དུ་བྱས་ནས་འཇིག་རྟེན་གྱིས་སྨྲས་པ་ང་ལ་ཅི་གནོད་ཅེས་བྱ་བ་རྣམས་ནི་ཐམས ་ཅད་ལ་ཡང་ལྟུང་བྱེད་དོ།། ཆོས་ལ་ཐ་ན་གལ་ཏེ་ལེ་ལོ་ལ་བདེ་བ་ཉམསུ་མྱོང་ཞིང་ཅི་ལྟར་འཇུག་པར་བྱ་བའི་རིགས་པ་ལ་དེ་ལྟར་མི་འཇུག་པའོ།། དྲན་པ་ཉམས་ན་ཡང་ཉེས་བྱས།། དགེ་འདུན་གྱིས་ཐ་སྙད་པ་ལ་དེར་འདུ་ཤེས་པ ་ལ་སོགས་པ་རྣམ་པ་དྲུག་ཏུ་སྟེ། ལྟུང་བྱེད་གཉིས་དང་། ཉེས་བྱས་བཞིའོ།། ཁ་ཅིག་ནི་དེ་མ་ཡིན་པ་ལ་དེར་འདུ་ཤེས་ན་ཡང་ལྟུང་བྱེད་ཉིད་དོ་ཞེས་ཟེར་རོ།། བརྒྱད་པའོ།། །། མཉན་ཡོད་ན་སྟེ། ལེགས་འོངས་བྲམ་ཟེའི་ཁྱིམ ་དུ་གླང་པོ་ཆེའི་ཆང་དང་བཏུང་བ་བསྲེས་པ་འཐུངས་པས་ར་རོ་སྟེ། ལམ་པོ་ཆེར་འགྱེལ་བས་ན། བསོད་སྙོམས་ཡོངསུ་ལེན་པའི་གཞིའི་དབང་དུ་མཛད་དེ། མ་དད་པ་ལ་སོགས་པའི་ཉེས་པས་དགུ་པ་བཅས་སོ།། དེ་ལ་འབྲུའི་ཆང ་ཞེས་བྱ་བ་ནི་ཆན་གྱིས་བཏུང་བ་དང་། ཕྱེའི་བཏུང་བ་དང་། ཕབས་ཀྱི་བཏུང་བའོ།། བཅོས་པའི་ཆང་ཞེས་བྱ་བ་ནི་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་བཏུང་བའོ།། འཐུང་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ།། ། ་མྱོས་པར་གྱུར་པའི་ཁ་དོག་གམ། དྲི་འམོ། རོ་འམ། མྱང་བ་ཡང་རུང་སྟེ། ཡན་ལག་གཞན་གཉིས་པོ་མོད་ཀྱང་རུང་མྱོས་པར་འགྱུར་བ་འཐུངས་པ་ལས་གལ་ཏེ་མྱོས་པར་འགྱུར་ན་ལྟུང་བྱེད་ཏུ་འགྱུར་ལ། མྱོས་པར་མ་གྱུར་ན ་ཉེས་བྱས་སོ།། མྱོས་པར་འགྱུར་བའི་ཁ་དོག་འབའ་ཞིག་འཐུངས་པ་ལ་ལྟུང་བ་མེད་དོ།། འབྲུའི་ཆང་དང་། བཅོས་པའི་ཆང་ངམ། གཉི་ག་བསྲེས་པ་ཡང་རུང་། མཁུར་བ་གང་འཐུངས་སམ། སྤང་མའི་ས་ཚིགས་མ་ཡང་རུང་ཟ་ན་ལྟུང ་ལྟུང་བྱེད་དོ།། ཕབས་ཀྱི་རྡོ་གུ་ཟ་བ་དང་། མྱོས་པར་འགྱུར་བའི་མེ་ཏོག་དང་། འབྲས་བུ་ཟ་ན་ཉེས་བྱས་སོ།། བསྐོལ་བ་འཐུངས་སམ། སྨན་པས་ལུང་ཕོག་པས་མཁུར་བར་འཆང་ངམ། ལུས་ལ་ཉུག་པ་ལ་ནི་ལྟུང་བ་མེད་དོ།། ཆང ་ལ་སྲེད་པའི་ཕྱིར་འཚོ་བར་མི་ནུས་ན་ལྟུང་བའི་རྫས་གང་ཆང་དུ་གྱུར་བ་དེ་ཕྱེ་མར་གྱུར་པ་རས་དཀར་པོའི་དུམ་བུའི་ནང་དུ་ཐུམ་པོར་བཅིངས་ལ་ཆང་གིས་སྣོད་མ་གང་བའི་ནང་དུ་ཅི་ནས་ཀྱང་ཆང་ལ་མ་རེག་པར་སྦྱངས་ཏེ།། ་བཞག་པར་བྱའོ།། དེ་ནས་ཆུའི་ནང་དཀྲུགས་ཏེ་ཟས་ཀྱི་སྔ་རོལ་དང་། ཟས་ཀྱི་འོག་རོལ་བདག་ཏུ་བཏུང་བར་བྱའོ།། དགེ་སློང་དག་ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་མྱོས་པར་འགྱུར་བ་མི་སྦྱིན་ཞིང་། མི་བཏུང་མི་བླང་ངོ་།། མྱོས་པར ་འགྱུར་བ་ལ་མྱོས་པར་འགྱུར་བར་འདུ་ཤེས་པ་རྣམ་པ་དྲུག་གོ།། ཁ་ཅིག་ནི་མྱོས་པར་འགྱུར་བ་མ་ཡིན་ཡང་དེར་འདུ་ཤེས་ན་ལྟུང་བའོ།། ཞེས་ཀྱང་ཟེར་རོ།། ཆང་ལས་ཚར་གྱུར་པ་དང་། བཞིན་སྣང་བ་དེ་ལ་ཆུས་བསླད་པ་བཙགས་ཏེ། ་ཐུན་ཆོད་དུ་རུང་བའི་དབང་དུ་བྱས་ནས་འཐུངས་པ་ལ་ལྟུང་བ་མེད་དོ།། དགུ་པའོ།། །། མཉན་ཡོད་ན་སྟེ། འཆར་ཀས་གཏུམ་མོའི་མནའ་མའི་ཁྱིམ་དུ་དུས་མ་ཡིན་པར་སོང་བ་ལས། ཆོམ་རྐུན་པའི་སྡེ་དཔོན་ལ་བྱས་ཏེ་བསད་པ་ལས། ་གྲོང་དུ་འགྲོ་བའི་གཞིའི་དབང་དུ་མཛད་དེ། རྐྱེན་ལ་མི་རྟོག་པའི་ཉོན་མོངས་པས་བཅུ་པ་བཅས་སོ།། དུས་མ་ཡིན་པ་ཞེས་བྱ་བ་ནི་དུས་མ་ཡིན་པ་ལ་རྣམ་པ་གཉིས་ཏེ། སྐྱ་རེང་མ་ཤར་བ་དང་། ཉི་མ་ཕྱེད་ཡོལ་བའོ།། ་གྲོང་ཞེས་བྱ་བ་ནི་གང་ན་སྣང་དང་། སུམ་མདོ་དང་། བཞི་མདོ་ཡོད་པར་ཤེས་པའོ།། འདུག་པ་ཞེས་བྱ་བ་ནི་མི་འཁོད་པ་ལ་ལྟུང་བ་མེད་པར་བསྒྲགས་པ་སྟེ། དེ་ཡང་ནད་པ་ལ་སོགས་པ་ལ་བརྟེན་ནས་རྗེ་སུ་གནང་བའོ།། དེ་འདྲ་བའི་རྐྱེན་མ ་གཏོགས་ཞེས་བྱ་བ་ནི་ཁྱིམ་གཞན་དུ་ལྷུང་བཟེད་དམ། ཆོས་གོས་ཚིག་པ་དང་། སྲོག་གི་བར་ཆད་དུ་གྱུར་པ་འམ། ཚངས་པར་སྤྱད་པའི་བར་ཆད་དུ་གྱུར་པའོ།། དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་སམ་ཡིད ་གཉིས་ཟ་ན་ཡང་རུང་སྟེ། འཇུག་ན་ལྟུང་བྱེད་དུ་འགྱུར་རོ།། དུས་ལ་དུས་མ་ཡིན་པར་འདུ་ཤེས་སམ་ཡིད་གཉིས་ཟ་ན་ཡང་རུང་སྟེ་ཉེས་བྱས་སོ།། དུས་མ་ཡིན་པའམ། དུས་མ་ཡིན་དུས་སུ་འདུ་ཤེས་ན་ལྟུང་བ་མེད་དོ།། རྣམ་པ་གསུམ ་པོ་རྣམས་སུ་འགྲོ་བ་ལ་ལྟུང་བ་མེད་དོ།། དགོན་པ་དང་། ཀུན་ཏུ་འགྲོ་བ་དང་། གྲོང་ནས་གྲོང་དུ་འགྲོ་བའོ།། རྫུ་འཕྲུལ་གྱིས་འཇུག་པ་ལ་ལྟུང་བ་མེད་དོ།། ན་མཁའ་ལ་འདུག་པས་ས་ལ་འདུག་པ་ལ་དང་། ས་ལ་འདུག་པས་ན་མཁའ་ལ ་འདུག་པའམ། ཚངས་པར་སྤྱོད་པའི་བར་ཆད་དམ། མཚམས་ཀྱི་ནང་ན་འདུག་པས་མཚམས་ཀྱི་ཕྱི་རོལ་ལ་འདུག་པ་ལ་འམ་སླར་བཟློག་པ་ཡང་རུང་། མ་སྨྲས་སམ། སྐད་མི་ཤེས་པའམ། རང་བཞིན་དུ་གནས་པ་མ་ཡིན་པ་དང་ལྷན ་ཅིག་པ་ལས་འཇུག་པ་དང་། འདི་ལས་གཞན་པའི་དགེ་སྦྱོང་དང་བྲམ་ཟེ་ལ་མ་སྨྲས་པར་འཇུག་པ་ལ་ཡང་ལྟུང་བ་མེད་དོ།། གྲོང་ལ་གྲོང་དུ་འདུ་ཤེས་པ་ཡང་རྣམ་པ་དྲུག་ཏུའོ།། ཁ་ཅིག་ནི་གྲོང་མ་ཡིན་པ་དང་། དུས་ལ་དུས་མ་ཡིན་པར ་འདུ་ཤེས་ན་ལྟུང་བ་ཉིད་དོ་ཞེས་ཀྱང་ཟེར་རོ།། བཅུ་པའོ།། །། རྒྱད་པའི་ཚོགས་རྫོགས་སོ།། །། མཉན་ཡོད་ན་སྟེ། ཉེ་དགས་ཁྱིམ་པ་གཞན་ཞིག་དད་པར་བྱས་པ་དང་། དེའི་ངོར་དགེ་སློང་གི་དགེ་འདུན་རྣམས་མགྲོན་དུ་བོས་ནས་ཁོ ་བོ་མ་འོངས་ཀྱི་བར་དུ་མ་བྲིམ་ཞིག་ཅེས་བསྒོ་ནས་ཁྱིམ་གཞན་དུ་སོང་སྟེ་འདུག་པ་དང་། དགེ་སློང་གི་དགེ་འདུན་རྣམས་ལས་ཕལ་ཆེར་ཟན་ཆད་པར་གྱུར་ཏེ། ཁྱིམ་དུ་ཉེ་བར་འགྲོ་བའི་གཞིའི་དབང་དུ་མཛད་ནས་ཕོངས་པ་དང་མ ་དད་པའི་ཉོན་མོངས་པ་དག་གིས་ཟས་དང་བཅས་པ་ལ་སོགས་པའི་ཚོགས་དང་པོར་བཅས་སོ།། ཟས་དང་བཅས་པ་ཞེས་བྱ་བ་ནི་མགྲོན་དུ་བོས་པ་དང་བཅས་པའོ།། ཁྱིམ་ཞེས་བྱ་བ་ནི་བྲམ་ཟེའི་ཁྱིམ་མམ། ཁྱིམ་བདག་གིས ་ཁྱིམ་མོ།། ཉེ་བར་མགྲོན་དུ་བོས་པས་ཞེས་བྱ་བ་ནི་ཟས་ལའོ།། ཟས་ཀྱི་སྔོན་རོལ་ཞེས་བྱ་བ་ནི་སྔ་དྲོ་སྟེ་ཁྱིམ་དག་ཏུ་གཉིས་དག་ལ་ལྷག་པར་འགྲོ་བའོ།། ཟས་ཟོས་པའི་འོག་རོལ་ཞེས་བྱ་བ་ནི་ཕྱི་དྲོ་སྟེ། ཁྱིམ་རྣམས་སུ ་གསུམ་པོ་རྣམས་ལས་ལྷག་པར་རོ།། རྒྱུ་ཞིང་འགྲོ་ཞེས་བྱ་བ་ནི་འགྲོ་བ་ཞིས་ཐ་ཚིག་གོ་ཅི་ཙམ་དུ་ཟས་ཀྱི་སྔོན་རོལ་དུ་ཁྱིམ་གཉིས་ལས་ལྷག་པར་རམ། ཟས་ཟོས་པའི་འོག་རོལ་དུ་ཁྱིམ་གསུམ་ལས་ལྷག་པར་རྗེ་སུ་འཇུག་ན ་ལྟུང་བྱེད་དོ།། གལ་ཏེ་ཁྱིམ་བདག་ལ་བདག་མ་འོངས་ཀྱང་བཤོས་གསོལ་ཞིག་ཅེས་བསྒོ་སྟེ། འགྲོ་བ་དང་དེའི་ངོར་མགྲོན་དུ་མ་བོས་པ་དང་། བཟའ་བ་ལྔ་ལས་གཞན་ལ་མགྲོན་དུ་བོས་པ་དང་། གོས་སུ་བཅས ་བ་ཡོད་པ་དང་། མགྲོན་དུ་བོས་པ་དེ་བཞག་སྟེ་གཞན་དུ་ཚོལ་བ་ལ་ལྟུང་བ་མེད་དོ།། དེ་ལ་ཀུན་ཏུ་སྤྱད་པ་ནི་མགྲོན་དུ་འབོད་པ་དྲུག་དང་། མགྲོན་དུ་བོས་པ་དགུ་དང་རྟ་ལྷག་མ་ཟ་བ་ལྔའོ།། མགྲོན་དུ་བོས་པ་དྲུག་པོ་རྣམས་གང ་ཞེ་ན། དབུལ་པོ་མི་དད་པ་དང་དད་པ་དང་། ཕྱུག་པོ་མི་དད་པ་དང་། དད་པ་དང་། ཉེ་དུ་མ་ཡིན་པ་དང་། ཉེ་དུ་ཡིན་པའོ།། མགྲོན་དུ་བོས་པ་དགུ་པོ་རྣམས་གང་ཞེ་ན། དགེ་འདུན་ལ་བརྟེན་ནས་མགྲོན་དུ་བོས་པ་དང་། གང་ཟག་སོ། ་སོར་བོས་པ་དང་། གྲོགས་དང་ལྷན་ཅིག་བོས་པ་དང་། ཉིན་ཞག་དུ་མགྲོན་དུ་བོས་པ་དང་། ནར་མ་ལ་མགྲོན་དུ་བོས་པ་དང་། ཚད་བཙུགས་ཏེ་མགྲིན་དུ་བོས་པ་དང་། ཅི་ཡོད་པ་དེ་ཙམ་ཟེ་ཞིག་ཅེས་བྱས་པ་འམ། བྱེད་བྲག་མ་ཕྱེ ་བར་མགྲོན་དུ་བོས་པ་དང་། དུས་སྟོན་ལ་མགྲོན་དུ་བོས་པའོ།། ལྷག་མ་ཟ་བ་ལྔ་པོ་གང་ཞེ་ན། ལོག་པར་ལྟུང་བ་དུད་འགྲོ་འམ། ཡི་དགས་དང་ནད་པ་དང་། ནད་པའི་རིམ་གྲོ་བ་དང་། ས་དཱའི་གཡོག་དང་། བདག་གི་དང་། ཡོན ་བདག་གི་སྦྱིན་པ་དང་། རང་ཉམས་སུ་འོངས་པ་དང་། མུ་གེས་ཉིན་ཏི་ཡ་མཚན་འོངས་པ་དང་། དགེ་བསྙེན་ནམ། དགེ་བསྙེན་མ་ལ་མེད་པར་འགྱུར་བའོ།། དེ་ལ་དགེ་སློང་མགྲོན་དུ་བོས་པས་ལོག་པར་ལྟུང་བ་ལ་ཆེ ་གཅིག་ཙམ་སྦྱིན་པར་བྱའོ།། ལྷག་མ་རྣམས་ལ་སྦྱིན་པར་འདོད་དབུལ་པོ་མི་དད་པའི་ཁྱིམ་དུ་ནི་ཕྱེད་དང་ཉེ་བར་སྦྱིན་ནོ།། དད་པའི་ཁྱིམ་དུ་ནི་ཕྱེད་དོ།། ཕྱུག་པོ་མ་དད་པའི་ཁྱིམ་དུ་ནི་མཉམ་པར་རོ།། དུས་སྟོན་གྱི་ཚེ་ནི་ཅི་འདོད་པར ་སྦྱིན་ནོ།། ལྔ་པོ་ལས་གཞན་ནི་སྦྱིན་བདག་གི་རྗེ་སུ་གནང་ན་སྦྱིན་ནོ།། ཉེ་དུའི་ཁྱིམ་དུ་ནི་ཅི་འདོད་པ་སྦྱིན་ནོ།། ཚད་གཙུགས་ཏེ་མགྲོན་དུ་བོས་པར་ནི་ལྷུང་བཟེད་དུ་འོངས་པ་ཙམ་བཟའ་བར་བྱའི། ཇི་སྲིད་འདོད་པའི་བར་དུ་དེ་ལ ་སྦྱིསྐྱོན་དུ་ག་ལེ་ཡོད། ཀུན་ཏུ་འབོད་པ་གཉིས་ན་ཉིད་ཀྱི་ཁར་བོར་བར་བྱའོ།། གལ་ཏེ་རང་དག་ཀྱང་མི་འདུམ་ན། ལྕི་བ་དང་། ཡང་བ་དང་། གང་ཆེར་དད་པ་དང་། གང་ཆེར་འདྲིས་པ་བརྟགས་ལ། གང་ཆེར་མགོ་མ་དགོས་པ་ལ་དེ ་ལོ་ཁས་བླངས་པར་བྱའོ།། དང་པོའོ།། །། མཉན་ཡོད་ན་སྟེ། འཆར་ཀས་བཙུན་མོ་ཕྲེང་ལྡན་མ་ལ་དུས་སྔ་མོ་ཞིག་ཏུ་བསྟན་པ་སྟོན་དུ་ནང་དུ་འོངས་དེ། དེ་གཉིད་ལོག་པ་ལས་བསླངས་པ་དང་། དེ་ཡང་བཙུན་མོའི ་འཁོར་ལ་འོས་པའི་གོས་གྱོན་པས་ན། ཁྱིམ་དུ་ཉེ་བར་འགྲོ་བའི་གཞིའི་དབང་དུ་མཛད་དེ། མ་དད་པ་དང་། རྐྱེན་ལ་རྟོགས་པ་ལ་སོགས་པའི་ཉོན་མོངས་པའི་ཉོན་མོངས་པ་དག་གི་གཉིས་པའོ།། རྒྱལ་རིགས་ཞེས ་བྱ་བ་ནི་རིགས་གཞན་ལས་ཀྱང་རྒྱལ་སྲིད་ཀྱི་དབང་བསྐུར་བས་དབང་བསྐུར་ནི་དེ་ཡང་རྒྱལ་རིགས་ཉིད་ཅེས་བརྗོད་པར་བྱའོ།། སྐྱ་རེངས་མ་ཤར་ཅེས་བྱ་བ་ནི་སྐྱ་རེངས་ལ་གསུམ་མོ།། སྐྱ་རེངས་སྔོན་པོ་སྟེ། གང་སྔོ ་བར་སྣང་བ་དང་། སྐྱ་རེང་སེར་པོ་སྟེ། གང་སེར་པོ་སྣང་བ་དང་། སྐྱ་རེང་དམར་པོ་སྟེ། གང་དམར་པོར་སྣང་བའོ།། མ་བསྡུས་པ་རྣམས་ལ་ཞེས་བྱ་བ་ནི་མ་སྦས་པ་རྣམ་སོ།། སྒྲོ་གཏཱན་ཞེས་བྱ་བ་ནི་སྒོའི ་གཏན་པ་རྣམ་པ་གསུམ་སྟེ། གྲོང་ཁྱེར་གྱི་སྒོའི་གཏན་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོའི་གཏན་པ་དང་། བཙུན་མོའི་འཁོར་གྱི་སྒོའི་གཏན་པའི།། དེ་འདྲ་བའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི་ཅི་ལྟར་ཀཽ་ཤམྦི་ན་རྒྱལ་པོའི་བཀས ་གདངས་ཅན་གྱི་ཁྱིམ་དང་། རྒྱལ་པོའི་ཁབ་དང་ཉེ་བ་ཅིག་ཏུ་བྱས་ཏེ་རྗེསུ་གནང་བའོ།། ལྔ་པོ་དག་གི་ཚིག་ནི་མི་བཅག་པ་ཡིན་ཏེ། རྒྱལ་པོ་དང་། དེ་བཞིན་གཤེགས་པ་དང་། དགེ་འདུན་གྱི་གནས་བརྟན་དང་། སློབ་དཔོན་དང ་མཁན་པོ་དང་། དགེ་སྒོས་ཀྱིའོ།། གྲོང་ཁྱེར་གྱི་སྒོ་གཏན་ལས་འདས་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ལས་འདས་ན་ཉེས་བྱས་སོ།། བཙུན་མོའི་འཁོར་གྱི་སྒོ་གཏན་ལས་འདས་ན་ལྟུང་བྱེད་དོ།། ནམ་མ་ལངས་པ་ལ ་ནམ་ལངས་པར་འདུ་ཤེས་པ་རྣམ་པ་དྲུག་ཏུའོ།། རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང་། ནམ་མཁའ་ལྡིང་རྣམས་ཀྱི་སྒོ་གཏན་ལས་འདས་ན་ཉེས་བྱས་སོ།། རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགས་བཅུར་འགྱུར་ཏེ། འཛུམ ་པ་དང་། མངལ་ན་ཡོད་པ་ལས་མི་ཚངས་པར་སྤྱོད་པར་དོགས་པ་དང་། མ་བྱིན་པར་བླངས་པར་དོགས་པ་དང་། གསང་གྲགས་པར་དོགས་པ་དང་། གཞོན་ནུ་བསད་པ་དང་། དེས་ཀྱང་རྒྱལ་པོ་བསད་པ་དང་། བློན་པོ་བསྟོད་དམ། ་གནས་དམའ་མོར་འཇོག་པ་དང་ཡུལ་རྣམས་མ་རུངས་པར་བྱེད་པ། གཞན་གྱི་ཡུལ་འཁོར་མ་རུང་བར་བྱེད་པར་དོགས་པའོ།། རྒྱལ་པོ་ལ་སོགས་པའི་བཀས་ནི་ལྟུང་བ་མེད་དོ།། གཉིས་པའོ།། །། མཉན་ཡོད་ན་སྟེ། དྲུག་སྡེ་རྣམས ་མ་གུས་པར་སོ་སོར་ཐར་པ་ཉན་ཏེ། འདི་ལྟར་འདི་ཡང་བདེ་བར་གཤེགས་པས་གསུངས་པར་གདོད་ཅིག་འདི་ཐོས་སོ་ཞེས་སྨྲས་པས་ན་བསླབ་པའི་གཞི་ལ་སྨོད་པའི་གཞིའི་དབང་དུ་མཛད་དེ། མ་གུས་པའི་ཉོན་མོངས་པས ་གསུམ་པ་བཅས་སོ།། གུས་པར་མི་བྱེད་ཅེས་བྱ་བ་ནི་བསྟན་པའོ།། ལྷག་མ་རྣམས་ནི་བཤད་པའོ།། ཉེས་པ་དྲུག་ནི་གོ་རིམ་ཅི་ལྟ་བ་བཞིན་དུ་སྟོན་ཏེ། མ་དད་པས་ཉེས་པ་དང་། རིམ་གྲོ་མེད་པས་ཉེས་པ་དང་། མ་མོས་པས་ཉེས་པ ་དང་། ཕྱི་རོལ་དུ་གཡེངས་པས་ཉེས་པ་དང་། ནང་དུ་བསྡུས་པས་ཉེས་པ་དང་། སྐྱོ་བས་ཉེས་པ་དང་། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གསོ་སྦྱིན་གྱི་ལས་ཀྱི་ཚེ་དགེ་སློང་ལ་དགེ་སློང་གིས་གླེངས་ན་དེ་ཡང་འདོད་ཆགས་ལྔ་སོགས ་པས་ཀུན་ནས་དཀྲིས་པར་གྱུར་ཏམ། དྲན་པ་ཉམས་པར་གྱུར་ཏམ། གཉིད་ཀྱིས་ཀུན་ནས་དཀྲིས་པར་གྱུར་ཏམ། གཡོངས་པས་ཀུན་ན་ས་དཀྲིས་པར་གྱུར་ཀྱང་རུང་། གལ་ཏེ་སྔོན་དུ་གསོ་སྦྱིན་གྱི་ལས་ལན་གཉིས ་ལན་གསུམ་གྱི་ཚེ་འདུག་པར་གྱུར་ལ་དེས་ཀྱང་ཆོས་དེ་ཐོས་སམ། མ་ཐོས་པར་གྱུར་ཏམ། བརྗེད་དམ་མ་བརྟགས་ཏེ། དགེ་སློང་ཉིད་ཀྱང་བདག་གིས་མ་ཐོས་སོ།། མ་བརྟགས་སོ་སྙམ་དུ་རིག་ལོ་དེ་ནས་ཀྱང་དེ་ལ་གཉིད་དམ ་གཡེངས་པ་ལ་སོགས་པ་སྦྱོར་བ་ཉམས་སུ་ལེན་ན་གལ་ཏེ་གསོ་སྦྱིན་གྱི་ཚེ་ལྟུང་བ་རྣམས་བརྗོད་པ་མ་ཐོས་པར་མངོན་དུ་འདའ་བར་བྱེད་ན་འདས་མ་ཐག་ཏུ་ལྷན་ཅིག་བསྟན་པ་ཐམས་ཅད་ལའང་ལྟུང་བྱེད ་གཅིག་གོ། རྣམ་པ་གཞན་དུ་ན་མ་སྨྲས་ཀྱང་ལྟུང་བ་འདིར་འགྱུར་རོ་ཞེས་འབྱུང་ངོ་།། གལ་ཏོ་དགེ་སློང་མོའི་འདུལ་བ་ལ་བསླབ་པ་ཐུན་མོང་མ་ཡིན་པ་ལ་བསམས་ན་ཉེས་བྱས་སོ།། ཐུན་མོང་མ་ཡིན་ན་ལྟུང་བྱེད་དོ།། ལམ་གོལ ་བར་སྐྱེས་ཤིང་རྒས་པ་དང་། མི་ཤེས་པ་བདེན་པ་ལ་ལྟུང་བ་མེད་དོ།། སོ་སོར་ཐར་པའི་མདོ་འདྲོན་པས་སོ་སོར་ཐར་པ་ལེགས་པར་འདོན་པར་བྱའོ།། གཎྜཱི་བརྡུངས་པ་དང་དགེ་སློང་རྣམས་ཀྱིས་ལྟུང་བ་དྲན་པར་བྱོས་ལ་ཕྱིར ་བཅོསོ་པར་བྱས་ཏེ་འདུ་བར་བྱའོ།། གསུམ་པའོ།། །། མཉན་ཡོད་ན་སྟེ། བ་སོ་མཁན་ཆོས་ཀྱིས་རང་གི་ཟས་དགེ་སློང་གི། དགེ་འདུན་རྣམས་ལ་བསྟབས་པ་དང་། དགེ་སློང་དག་གི་ཀྱང་དེ་ལ་ཇི་སྲིད་ལོངས་སྤྱོད་ཟད་པར་གྱུར ་པའི་དེའི་བར་དུ་བྱེད་དུ་བཅུག་པས་ན་ཁབ་རལ་གྱི་གཞིའི་དབང་དུ་མཛད་དེ། མ་དད་པ་ལ་སོགས་པའི་ཉོན་མོངས་པས་བཞི་པའོ།། ཁབ་རལ་ཞེས་བྱ་བ་ནི་ཁབ་རལ་གཉིས་རྗེསུ་གནང་སྟེ། སྦུབས་ཅན་གྱི་རྣ་མ་པ་དང་ཆང ་བའོ།། བྱེད་དུ་བཅུག་ཅེས་བྱ་བ་ནི་བདག་གམ་གཞན་གྱིས་སོ།། བཅག་ནས་ཞེས་བྱ་བ་ནི་གལ་ཏེ་བྱས་ཟིན་པ་བདག་གིར་བྱེད་ན་བཅག་ལ་ལྟུང་བ་བཤག་པར་བྱའོ།། མ་ཟིན་པར་བཏང་ན་ཉེས་བྱས་སོ།། གཞན་གྱི་ཕྱིར་བྱེད་ན ་ཡང་ཉེས་བྱས་སོ།། བྱས་ཟིན་པ་རྙེད་པ་དང་། བྱས་པ་ལ་ལོངས་སྤྱོད་པ་ནི་ལྟུང་བ་མེད་དོ།། གང་གི་མདུན་དུ་བཤགས་པ་དེས་ཀྱང་བཅག་གམ་ཞེས་དྲི་བར་བྱའོ།། རྣམ་པ་གཞན་དུ་ཉེས་བྱས་ཉིད་དོ།། དེ་བཞིན་དུ་བསྡུས ་སམ་བཅད་དམ་ཞེས་བྱ་བ་ཡང་ངོ་།། ཁབ་རྣམ་པ་བཞི་རྗེས་སུ་གནང་སྟེ། ར་གན་དང་། ཟངས་དང་། ཁར་བ་དང་། ལྕགས་ཀྱིའོ།། གྲིའུ་ཡང་རྣམ་པ་གཉིས་ཏེ། བྱ་རོག་གི་མཆུ་ལྟ་བུ་དང་། བྱ་གག་གི་གཤོག་པ་ལྟ་བུ་སྟེ། ་ཆེན་པོ་ནི་སོར་དྲུག་གོ།། ཆུང་ངུ་ནི་སོར་བཞིར་རོ།། འབྲིང་ནི་དེ་གཉིས་ཀྱི་བར་རོ།། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་རང་བཞིན་དང་། ཡུ་བ་ཁྲ་བོ་ཉེ་བར་བཀྲ་བ་དང་། བསེ་རྩིས་བྱུགས་པ་མ་ཡིན་ནོ།། ཁབ་རལ ་ལེགས་པར་སྦ་བར་བྱ་བ་དང་། ངོ་ཚ་མེད་པ་དང་། བསྙེན་པར་མ་རྫོགས་པའི་ལག་ཏུ་མི་སྦྱིན་ནོ།། བདག་གིས་བཞག་པར་བྱ་བ་འམ། ངོ་ཚ་ཤེས་པའི་ལག་ཏུ་བྱིན་ལ་སྦའོ།། ཁབ་དང་གྲིའུ་བཙས་མི་ཟོས་པར་བྱ་བའི ་ཕྱིར་རས་མ་ལ་སྤྲ་ཚིལ་གྱིས་བསྐུས་ལ་དཀྲི་བ་ཉིད་ཀྱིས་དེར་བཞེག་པར་བྱའོ།། ཇི་ལྟར་ཁབ་རལ་གྱི་གཞི་ལས་ངེས་པར་བསྟན་པ་བཞིན་དུ་ཡོ་བྱད་གཞན་རྣམས་ལ་ཡང་གནས་ཇི་ལྟ་བ་བཞིན་དུ་བརྟག་པར་བྱའོ།། ་ཇི་སྐད་དུ་གསེར་ལ་སོགས་པའི་རང་བཞིན་ལས་བྱས་པའི་སོར་གདུབ་རྒྱ་བཅང་བར་མི་བྱའོ།། རྒྱལ་རྣམ་པ་བཞི་སྟེ། ར་གན་དང་། ཟངས་དང་། ཁར་བ་དང་། ཤིང་གིའོ།། དགེ་འདུན་གྱི་རྒྱལ་གཙུག་ལག་ཁང་གི་བདག ་པོའི་མིང་དང་། མངོན་མཚན་དུ་ཆོས་ཀྱིས་འཁོར་ལོ་བྱའོ།། གང་ཟག་གིས་མངོན་མཚན་དུ་ཀེང་རུས་སམ། མགོའི་ཐོད་པ་བྲིའོ་ཞེས་གསུངས་སོ།། བཞི་པའོ།། །། མཉན་ཡོད་ན་སྟེ། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྲིའི་དྲུང་དུ་རྐང་པ་དག་བཀྲུ་བར་མི་བྱ་སྟེ། མགོ་ལོགས་སམ། རྐང་པ་ལོགས་སུའོ།། ན་བ་དང་། རྒས་པ་དང་། ཉམ་ཆུང་བ་དང་། ངལ་བས་ནི་བཀྲུ་བར་བྱའོ།། ཁྲིའུ་རྐང་པ་ཤིན་ཏུ་ཐུང་བ ་ལ་ཉལ་བར་མི་བྱའོ།། ཞེས་དྲུག་སྡེ་རྣམས་ཀྱིས་ཐོས་ཏེ། ཁྲུ་བཅུ་གཉིས་པའི་ལྕུག་མ་རྣམས་ལས་ཁྲི་བྱས་ཏེ། ཡ་གང་བཙུགས་པས་ན་གནས་མལ་གྱི་གཞིའི་དབང་དུ་མཛད་དེ། འགལ་ཚབས་ཅན་དུ་འགྱུར་བ་དང་། ་ཕོངས་པའི་ཉོན་མོངས་པ་ཡོངསུ་སྤང་བའི་ཕྱིར་ལྔ་པ་བཅས་ཏེ། ལྟུང་བྱེད་ལྷག་མ་རྣམས་ཡང་བཞི་དང་། ཉོན་མོངས་པ་ནི་འདི་ཉིད་དོ།། བྱེད་དུ་བཅུག་ན་ཞེས་བྱ་བ་ནི་བདག་གམ་གཞན་ཡང་རུང་ངོ་།། བདེ་བར་གཤེགས་པའི ་སོར་བརྒྱུད་ཀྱི་ཚད་ཅེས་བྱ་བ་ནི་མི་ཐ་མལ་པོའི་ཁྲུ་གང་གི་ཚད་དོ།། བུ་གར་ཞུགས་པ་མ་གཏོགས་ཞེས་བྱ་བ་ནི་འཆར་ཀའི་དབང་དུ་མཛད་དེ་རྗེས་སུ་གནང་བའོ།། བཅད་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི་བཅད་ན་ལྟུང་བ་བཤགས ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ལྷག་མ་རྣམས་ནི་སྔ་མ་བཞིན་ནོ།། ནོར་བུ་འམ་པ་སོའི་རང་བཞིན་ལས་ལྷག་པར་བྱས་ན་ཉེས་བྱས་སོ།། ཁྲིའི་རྩ་བ་བྲེ་ཁ་བཞིན་དུ་ཐད་ཀར་བཅད་པར་བྱའི་གཞོ་བོར་མི་བཅད་དོ།། དེ་ལས ་ཀྱང་ས་རྐོ་ན་རྐང་པའི་རྟེན་བཞག་པར་བྱའོ།། ཡང་ན་ཕུབ་མའི་ཕུང་པོར་བྱའོ།། ལྔ་པའོ།། །། མཉན་ཡོད་ན་སྟེ། ཉེ་དགས་དགེ་འདུན་གྱིས་ཁྲི་དེ་ཡང་གཞན་དབང་ངོ་སྙམ་ནས་དེ་ཤིང་བལ་བདུལ་བས་དེ་ལ་དགེ ་སྐྱོང་དེ་ཤིང་བལ་གྱིས་དཀར་པོར་གྱུར་པས་ན་དྲུག་པའོ།། ཤིང་བལ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། ཀ་ཤཾའི་ཤིང་བལ་དང་། ཨརྐའི་ཤིང་བལ་དང་། ཤལ་མ་ལའི་ཤིང་བལ་དང་། རལ་བལ་དང་། ན་མེ་རུ་ཀའི་ཤིང་བལ ་ལོ།། བདལ་ཞེས་བྱ་བ་ནི་ཁྲིའི་སྟེང་དུ་ཤིང་བལ་བདལ་ནས། སྟེང་དུ་གོས་ཀྱིས་གཡོགས་པའོ།། གོས་རུང་བ་འམ། ཤིང་བལ་རུང་བས་གཡོག་པར་སྦྱོར་ན་ཉེས་བྱས་སོ།། གཡོགས་ཟིན་ན་ལྟུང་བྱེད་དོ།། གོས་སམ ་ཤིང་བལ་མི་རུང་བས་གཡོགས་ན་ཉེས་བྱས་སོ།། དྲུག་པའོ།། །། མཉན་ཡོད་ན་སྟེ། དགེ་སློང་མང་པོ་ལ་བརྟེན་ནས་བདུན་པ་བཅས་སོ།། མཐོ་དོ་ཞེས་བྱ་བ་ནི་མོ་ཐ་མལ་པའི་ཁྲུ་གསུམ་གྱི་ཚད་དོ།། མཐོ་གང་གིས ་བསྲིངས་ཤིག་ཅེས་བྱ་བ་ནི་བདེ་བར་གཤེགས་པའི་མཐོ་གང་སྟེ། ཁྲུ་ཕྱེད་དོའོ།། དེ་ལྟར་སྲིད་ཀྱིས་ཚད་ཁྲུ་ཕྱེད་དང་ལྔའོ།། ཞེང་དུ་མཐོ་ཕྱེད་དང་དོ་ཞེས་བྱ་བ་ནི་མི་ཚད་མའི་ཁྲུ་དོ་དང་སོར་དྲུག་གོ། གདིང་བ་དུམ་བུ ་གཅིག་པ་ལ་ནི་བྱིན་གྱི་བརླབ་པར་མི་བྱའོ།། བདུན་པའོ།། །། མཉན་ཡོད་ན་སྟེ། བཅོམ་ལྡན་འདས་ཀྱིས་གང་གཡེན་པའི་ནད་ཅན་རྣམས་ཀྱིས་གཡན་པོ་དགབ་པ་བཅང་བར་བྱའོ།། དེ་ཡང་དུས་སུ་ཁྲུས་ཤིག། ཁ ་བསྒྱུར་བར་བྱ་བ་ཡང་ངོ་།། ཆུར་བཅུག་ལེ་གཤེར་བར་བྱས་ཏེ་དབྱུང་བར་བྱའོ་ཞེས་བཀའ་སྩལ་ན། དགེ་སློང་རྣམས་ཚད་ལས་འདས་པར་བྱེད་པས་ན་བརྒྱད་པ་བཅས་སོ།། བྱེད་ཅེས་བྱ་བ་ནི་བདག ་གམ་གཞན་ནོ།། མཐོ་བ་ཞི་ཞེས་བྱ་བ་ནི་མི་ཚད་མའི་ཁྲུ་དྲུག་གོ། མཐོ་དོ་ཞེས་བྱ་བ་ནི་ཁྲུ་གསུམ་མོ།། ལྷག་པར་བྱས་ན་ལྟུང་བྱེད་དོ།། ཆུང་བ་ལ་ནི་བྱིན་གྱིས་བརླབས་ན་ཉེས་བྱས་སོ།། གཞན་གྱི་ཕྱིར་བྱས་ན་ཉེས ་བྱས་སོ།། བརྒྱད་པའོ།། །། མཉོན་ཡོད་ན་སྟེ། དགེ་སློང་རྣམས་སྒྲེན་མོར་ཁྲོས་བྱེད་པས་ན། རི་དགྲས་འཛིན་གྱི་མ་ས་ག་ལས་བརྩམས་ཏེ། དབྱར་གྱི་གོས་རས་ཆེན་གནང་ངོ་།། དགེ་སློང་རྣམས་ཚད་དེ་ལས་འདས ་པོཔོར་བྱེད་པས་ན་དགུ་བའོ།། བྱེད་ཅེས་བྱ་བ་ནི་བདག་གམ་གཞན་གྱིས་ཀྱང་ངོ་།། ཚད་ནི་སུམ་འགྱུར་དུ་སྟེ། གོ་རིམ་བཞིན་དུ་སྦྱར་རོ།། དེ་ལས་ཆུང་བ་ནི་བྱིན་གྱིས་རློབ་ན་ཉེས་བྱས་སོ།། དགུ་པའོ།། །། མཉན་ཡོད་ན་སྟེ། ་ཉེ་དགོས་ཆོས་གོས་ཆེན་པོ་རློབས་ནས་ཅུང་ཟད་ཅིག་བགོས་ཀྱི་གཞན་ལྷག་མ་ཕྲག་པ་ལ་བཀལ་ཏེ། གཙུག་ལག་ཁང་གཞན་དུ་སོང་བས་ན་བཅུ་པ་བཅས་སོ།། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཅེས་བྱ་བ་ནི ་ཚད་ལས་ལྷག་པ་ཉེ་བར་མཆིན་པའི་དོན་ཏོ།། དེ་ལས་བརྩམས་ནས་ལྟུང་བ་ཞེས་བྱ་བ་ཡིན་ནོ།། ཆོས་གོས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའོ།། མཐོ་བཅུ་ཞེས་བྱ་བ་ནི་མི་ཚང་མའི་ཁྲུ་ཚང་ལས་ཁྲུ་བཅཝ་ལྔའོ།། ཞིང་དུ ་མཐོ་དྲུག་ཅེས་བྱ་བ་ནི་ཁྲུ་དགུ་པའོ།། དེ་ཚུན་ཆད་ཆུང་ངུ་བྱེད་པ་ནི་ལྟུང་བ་མེད་དོ།། ཁྲུ་ལྔ་ལས་ལྷག་པར་བྱེད་ན་ཉེས་བྱས་སོ།། བཅུ་པའོ།། །། ལྟུང་བྱེད་དགུ་བཅུ་རྫོགས་སོ།། །། ཉྫི་ཤུ་པ་འདི་རྣམས་ལས་རྣམ་པ ་གཞི་རིག་པར་བྱ་སྟེ། ལམ་གྱི་གཞི་དང་། འཁོར་ཡོངསུ་འཛིན་པའི་གཞི་དང་། ས་ལེན་པའི་གཞི་དང་མཐོང་བ་དང་ཐོས་པ་དང་དོགས་པས་ཕན་ཚུན་གླེང་བ་དག་གིས་རྗེས་སུ་ཤེས་པའི་གཞི་དང་། དགེ་བའི་ཕྱོགས་ལ ་བསླབ་པའི་གཞི་དང་། འབེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པའི་གཞི་དང་། རྗེསུ་མི་མཐུན་པའི་གཞི་དང་། བཏུང་བའི་གཞི་དང་། མགྲོན་དུ་བོས་པའི་གཞི་དང་། གྲོང་དུ་འཇུག་པའི་གཞི་དང་། ཁྱིམ་དུ་འཇུག་པའི ་གཞི་དང་། གསོ་སྦྱིན་གྱི་གཞི་དང་། བྱེད་པ་སྤ་བུའི་གཞི་དང་། གནས་མལ་བྱེད་པ་སྨྲ་བའི་གཞི་དང་། ཆོས་གོས་མངོན་པར་འདས་བྱས་པ་སྨྲ་བའི་གཞི་སྟེ། གོ་རིམ་བཞིན་ནོ།། འདུལ་བ་བསྡུས་པ།། །། བམ་པོ ་བཅུ་གསུམ་པ་སྟེ་ཐ་མ། རྒྱལ་པོའི་ཁབ་ན་སྟེ། ཨུཏྤ་ལའི་མདོག་བསོད་སྙོམས་ཀྱི་ཐོག་མ་དགེ་འདུན་ལ་ཕུལ་ནས་བསོད་སྙོམས་གཉིས་པ་ནི་བསོད་སྙོམས་གཅིག་ལ་བྱིན་ཏཱཾ་ཟན་ཆད་པར་གྱུར་ལ། ཉི་མ ་གཉིས་པར་ཡང་བསོད་སྙོམས་སྔ་མ་དགེ་འདུན་ལ་ཕུལ་ལོ།། གཉིས་པ་ཉེ་དགས་བླངས་པས་ན་དེ་བརྒྱལ་ནས་སྲང་དུ་འགྱེལ་པ་དང་། འཇིག་རྟེན་པ་སྨོད་པར་བྱེད་ནས། དགེ་སློང་མའི་གཞིའི་དབང་དུ་མཛད་དེ། མ་དད་པ་ལ ་སོགས་པའི་ཉོན་མོངས་པས་སོ་སོར་བཤགས་པར་བྱ་བ་དང་བཅས་སོ།། ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཉེ་དུ་ལ་ལྟུང་བ་མེད་པར་བསྟན་པའི་ཐག་ཚིག་གོ། དགེ་སློང་མ་ཞེས་བྱ་བ་ནི་བསྙེན་པར ་རྫོགས་པ་རང་བཞིན་དུ་གནས། པའོ།། ལམ་པོ་ཆེ་ན་འདུག་པ་ཞེས་བྱ་བ་ནི་གལ་ཏེ་དབྱར་ཁང་དུ་འོངས་པ་ལ་བྱིན་ན་ལྟུང་བ་མེད་དོ།། བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ཞེས་བྱ་བ་ནི་དེ་འམ་དེ་མ་ཡིན་པའི་ཟས ་གལ་ཏེ་ལམ་པོ་ཆེའི་དབུས་སུ་མ་བྱིན་ན་ལྟུང་བ་མེད་དོ།། དེ་ལས་ཞེས་བྱ་བ་ནི་དེ་ཉིད་ལོས་སོ།། རང་གི་ལག་གིས་ཞེས་བྱ་བ་ནི་གཞན་ལེན་དུ་མི་འཇུག་པའམ། གཞན་སྦྱིན་དུ་འཇུག་པ་ལ་བྱའོ།། བཅའ་བ་དང་བཟའ ་བ་ཞེས་བྱ་བ་ནི་བཅའ་བ་ལྷ་དང་བཟའ་བ་ལྔའོ།། བླངས་ཞེས་བྱ་བ་ནི་བླངས་པ་ཙམ་གྱིས་ལྟུང་བར་འགྱུར་རོ།། འཆའ་འམ་ཟ་ན་ཞེས་བྱ་བ་ནི་དེའི་ཕྱིར་བླངས་པའོ།། དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་མ་མ་ཡིན་ཏེ། ་ངེས་བྱིན་ཡང་ལྟུང་བ་མེད་དོ་ཞེས་བྱ་བར་བསྒྲགས་པའོ།། ཕྱི་རོལ་ཀུན་དགའ་ར་བ་ཞེས་བྱ་བ་ནི་གྲོང་གི་ནང་ན་དགེ་སློང་རྣམས་ཡོད་དུ་ཟིན་ཡང་དེ་དག་གིས་འདུན་དུ་བསྒྲག་པར་བྱ་བ་ནི་མ་ཡིན་ནོ།། དགེ་སློང་རྣམས ་ལ་ཞེས་བྱ་བ་ནི་རང་བཞིན་དུ་གནས་པའི་རྣམས་ལའོ།། སྨད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བཀག་པའོ།། མ་རིག་པ་ཞེས་བྱ་བ་ནི་དགེ་སློང་དང་རྗེས་སུ་མཐུན་པ་མ་ཡིན་པས་རང་བཞིན་ལྟར་རྗེསུ་མི ་འཇུག་པའོ།། སོ་སོར་བཤགས་པ་ཞེས་བྱ་བ་ནི་ལྟུང་བའི་མིང་བསྒྲགས་པའོ།། དེ་རྣམས་ལས་གཞོན་པ་རྣམས་ལ་ཡང་སོ་སོར་བཤགས་པར་བྱ་བ་ཡིན་ན་ཅིའི་ཕྱིར་དེ་ཉིད་ཁོ་ན་ལ་སོ་སོར་བཤགས་པ་ཞེས་གསུངས་ཤེ་ན། ་ཅི་ལྟར་དགེ་སློང་ཐམས་ཅད་པ་རྣམས་འདུས་པོའི་མདུན་དུ་ངེས་པ་ཁོ་ནར་ཀུན་ཏུ་ཁྱབ་སྟེ། ཁྱད་པར་དང་ལྡན་པ་གསལ་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་མ་ཐག་ཏུ་འདི་རིག་ཅིང་བཤགས་པར་བྱའོ་བཅབ་པར་མི ་བྱའོ་ཞེས་བྱ་བ་འདི་ཡང་ཁྱད་པར་གཞན་བརྗོད་པའོ།། ཁྱད་པར་གཞན་བརྗོད་པའོ།། ཁ་ཅིག་ནི་མང་པོ་རྣམས་ལས་ཀྱང་མང་པོ་རྣམས་ཀྱི་མདུན་དུ་བཤགས་པར་བྱའོ་ཞེས་ཟེར་རོ།། གཞན་དག་ནི་ཇི་ལྟར་མདོ་ལས ་བྱུང་བ་བཞིན་དུ་བཤགས་པར་བྱའོ་ཞེས་ཀྱང་ཟེར་རོ།། ཁ་ཅིག་ནི་ལན་གཉིསུ་བཤགས་པར་བྱའོ་ཞེས་ཟེར་རོ།། ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སོམ། ཡིད་གཉིས་ཟ་ན་ཡང་རུང་སྟེ་བླངས་ནས་སོ་སོར ་བཤགས་པའོ།། ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། བླངས་ན་ཉེས་བྱས་སོ།། ཉེ་དུའམ་ཉེ་དུ་མ་ཡིན་ཡང་རུང་སྟེ། ཉེ་དུར་འདུ་ཤེས་ཏེ་བླངས་ན་ལྟུང་བ་མེད་དོ།། དང་པོའོ།། ། ་མཉན་ཡོད་ན་སྟེ། དྲུག་སྡེ་རྣམས་ཀྱིས་སྦོམ་དགའ་མོ་ལ་གང་དུ་དགེ་འདུན་མགྲོན་དུ་བོས་པ་དེར་ཁྱོད་ཀྱིས་ངེད་ལ་མང་བ་དང་། གྱ་ནོམ་པ་སྦྱིན་དུ་ཆུག་ཅིག་ཅེས་བསྒོ་སྟེ། དེས་ཀྱང་དེ་བཞིན་དུ་བྱས་པས་ན། ཟན་ཆད ་པར་གྱུར་པའི་ཕྱིར། བསོད་སྙོམས་ཡོངས་ལོངས་སྤྱོད་པའི་གཞིའི་དབང་དུ་མཛད་དེ། མྱ་དད་པ་ལྔ་སོགས་པའི་ཉོན་མོངས་པས་ནཱ་གཉིས་པ་བཅས་སོ།། རབ་ཏུ་མང་པོ་ཞེས་བྱ་བ་ནི་གཉིས་དག ་ལས་ལྷག་པའོ།། ཁྱིམ་གཞན་རྣམས་སུ་ཞེས་བྱ་བ་ནི་ག་ནཱ་སྲང་ལ་སོགས་པ་ཡོད་པར་ཤེས་པ་ཡིན་ཏེ། དེས་ནི་གཙུག་ལག་ཁང་དུ་ལྟུང་བ་མེད་དོ་ཞེས་བསྟན་པར་འགྱུར་རོ།། ཟ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། ་བཟའ་བོ་ལྔའོ།། དགེ་སློང་མ་ཞེས་བྱ་བ་ནི་གསོལ་བ་དང་། གཞིའི་ལས་ཀྱི་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པའོ།། འདི་ལ་ནི་བཅ་བཾ་ཞེས་བྱ་བ་ལ་སོགས་པསྟྲ་ནི་གྱི་ནོམ་པ་སྦྱིན་དུ་འཇུག་པའོ།། འདི་ལ་ནརྀ་ཡང ་ཞེས་བྱ་ན་མང་པོ་སྦྱིན་དུ་འཇུག་པའོ།། སྡོད་ཅིག་ཅེས་བྱ་བ་ནི་ཅང་མ་སྨྲས་པར་འདུག་ཅིག་པའོ།། ཡུད་ཙམ་ཞེས་བྱ་བ་ནི་འདིར་ནི་ཟན་ཟ་བའི་དུས་ལ་བྱའི་ཚད་འཛིན་པའི་ཡུད་ཙམ་ལ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར ་གསུངས་པ། དགེ་སློང་འདི་རྣམས་ཟན་ཟེ་བའི་བར་དུ་ཞེས་བྱ་བའོ།། མ་སྤོབས་ཞེས་བྱ་བ་ནི་གཅིག་གིས་ཀྱང་སྨྲ་བར་མི་ནུས་པ་ཞེས་བྱ་བའི་ཐ་ཚིག་གོ།། འདིས་ནི་དེ་སྐད་སྐྱེས་ན་ཕྱིས་བསྒོ་ཡང་ལྟུང་བ་མེད་པར ་སྟོན་པའོ་དགེ་སློང་རྣམས་པར་ཁང་ན་ཟན་ཟ་བ་དང་དེ་དག་གིས་དགེ་སློང་མ་ལ་བསྒོ་སྟེ་ཟན་བཟའ་བར་བྱའོ།། མ་བསྒོ་ན་སོ་སོར་བཤགས་པའི་ལྟུང་བའོ།། གཞན་ནི་སྒོ་གང་ན་ཟན་ཟ་བ་དང་། དེ་དག་གི་བསྒོ་འམ་སྒོ་ཞེས ་དྲིས་ལ་བཟའ་བར་བྱའོ་རྣམ་པ་གཞན་དུ་ན་ཉེས་བྱས་སོ།། གཞན་ནི་འགྲོ་ལ་གཞན་ནི་འཇུག་ན་དེས་ཀྱང་དྲི་བར་བྱའོ།། རྣམ་པ་གཞན་དུ་ནུ་ཉེས་བྱས་སོ།། ཉེ་དུའི་ཁྱིམ་ནའམ། དེ་གཙོར་བྱས་ཏེ་མགྲོན་དུ་བོས་པ་ལ་ལྟུང་བ ་མེད་དོ།། གཉིས་པའོ།། །། ཡངས་པ་ཅན་དུ་སྟེ། དམག་དཔོན་སེང་གེ་ཞེས་བྱ་བས་བདེན་པ་མཐོང་བ་རྒྱན་དུ་གཏོང་བས་ན་ལོངས་སྤྱོད་ཡོངསུ་ཟད་པར་གྱུར་པས་ནཱ། གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་སློབ་པའི ་སྡོམ་པ་བྱིན་ཏེ། དེར་ཡང་ཀུན་ཏུ་སྤྱད་པ་བཅས་པ་ནི་བསོད་སྙོམས་ཡོངསུ་ལོངས་སྤྱད་པར་མི་བྱ། སྟན་ལ་སོགས་པ་ལ་ཡོངསུ་ལོངས་སྤྱོད་པར་ནི་བྱའོ།། ཤཱ་རིའི་བུ་དང་མཽདྒལ་གྱི་བུ་གཉིས་ནི་སྔར་མགྲོན་དུ་བོས ་བས་ན་ཟན་ཟ་སྟེ། དྲུག་སྡེ་རྣམས་ཀྱང་ཁོ་བོས་ཤེས་ཏེ་ཟས་ཟོས་པས་ན་ཁྱེའུ་དང་བུ་མོ་རྣམས་བཀྲེས་དུབ་པའི་ཕྱིར་བསོད་སྙོམས་ཡོངསུ་ལོངས་སྤྱོད་པའི་གཞིའི་དབང་དུ་མཛད་དེ། མ་དད་པ་ལ་སོགས་པའི་ཉོན ་མོངས་པས་ན་གསུམ་པ་བཅས་སོ།། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་སྲུང་བར་བྱེད་པའོ།། སློབ་པ་ཞེས་བྱ་བ་ནི་རྒྱན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་ཁྱིམ་མོ།། མི་སློབ་པ་རྣམས་ནི་ཁྱིམ་ན་མི ་གནས་སོ།། སློབ་པའི་སྡོམ་པ་བཅས་པ་ནི་འཁྲུགས་པ་མེད་པའི་ལས་ཀྱིས་སོ།། སྔར་མ་བསྟབས་པར་ཞེས་བྱ་བ་ནི་གང་སྡོམ་པ་བྱིན་པའི་སྔོན་ལོགསུ་མགྲོན་དུ་བོས་པ་ཡིན་ཏེ། དེ་ལ་ནི་ལྟུང་བ་མེད་དོ།། རང་གི་ལག ་གིས་ཞེས་བྱ་བ་ནི་ལག་ཏུའོ།། བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་ལྡུམ་ལྡུམ་དང་། སྲན་ཆོད་བླངས་པ་ལ་ལྟུང་བ་མེད་དོ།། འཆའ་འམ་ཟ་ན་བླངས་པ་ཙམ་གྱིས་ལྟུང་བར་འགྱུར་ཏེ། གང་གི་ཕྱིར་བླངས ་པ་དེ་སྟོན་ཏེ། སྡོམ་པ་སླར་བཏང་ན་ལྟུང་བ་མེད་དོ།། དེ་ཡང་ལོངས་སྤྱོད་འཕེལ་ནས་གསོལ་བ་འདེབས་ན་ལྟུང་བ་མེད་དོ།། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ།། གསུམ་པའོ།། །། སེར་སྐྱའི་གཞི་ན་སྟེ། གནས ་མལ་དགོན་པ་ན་འདུག་སྟེ། དྲུག་སྡེ་རྣམས་ཀྱིས་བུད་མྱེད་རྣམས་ཟིན་ཁྱེར་ཏེ་འོང་བ་ལས་ལམ་དུ་བཅོམ་པ་སྒྲེན་མོར་འདྲིམ་དུ་བཅུག་པས་ན་བསོད་སྙོམས་ཀྱི་གཞིའི་དབང་དུ་མཛད་དེ། མ་དད་པ་ལ་སོགས་པའི་ཉོན ་མོངས་པས་བཞི་པ་བཅུས་སོ།། དགོན་པ་ཞེས་བྱ་བ་ནི་གྲོང་ནས་རྒྱང་གྲགས་གཅིག་ནས་གནས་མལ་ཡོད་པའོ།། དེ་ཕན་ཆད་ནི་བས་མཐའོ།། དེ་ཡང་གང་ན་བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་། གནོད་སྦྱིན་མ་རུངས་པ་མེད ་པ་དེར་གནས་པར་བྱའོ།། མ་བརྟགས་ཞེས་བྱ་བ་ནི་ཆོས་ལྔ་དང་ལྡན་པས་ནགས་ཉུལ་བར་བསྒོ་བར་བྱའོ།། དེ་ཡང་ནང་པར་སྔར་ལངས་ལ་ནགས་བརྟག་པར་བྱའོ།། གལ་ཏེ་ཆོམ་རྐུན་ཡོད་ན་དུ་བརྡ་བརྟུལ་བར ་བྱའོ།། འདབ་མའི་ཆང་བུ་དག་ལམ་ཁར་བཞོག་པར་བྱའོ།། གལ་ཏེ་མེད་ན་རྒྱལ་མཚན་བསྒྲེང་བར་བྱའོ།། གང་སྦྱིན་པ་པོ་རྣམས་བག་ཡོད་པར་འོང་ངམ་ཡང་ན་མི་འོང་ངོ་།། དེ་གྲོགས་ཤིག་ཀྱང་སྦྱིན་པར་བྱའོ།། ་དེས་ཁྱེའུ་སུས་ཀྱང་བྱའོ།། དེ་ཉིད་ཀྱིས་བརྟགས་ནས་ཟན་ཟ་བ་ནི་ལྟུང་བ་མེད་དོ།། ཀུན་དགའ་ར་བའི་ཕྱི་རོལ་གྱིས་ཞེས་བྱ་བ་ནི་གཙུག་ལག་ཁང་ལས་ཕྱི་རོལ་ལོ།། འཆའ་འམ་ཟ་ན་ཡང་ཞེས་བྱ་བ་མགུལ་དུ་མིད ་ནའོ།། ནགས་མ་བརྟགས་པ་ལ་མ་བརྟགས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་། ཟོས་ན་སོ་སོར་བཤགས་པའོ།། བརྟགས་པ་ལ་མ་བརྟགས་པར་འདུ་ཤེས་སམ། ཡིད་གཉིས་ཟ་ན་ཡང་རུང་སྟེ། ་ཉེས་བྱས་སོ།། ངག་སོ་སོར་རྟོགས་པ་བྱེད་པ་ཤི་བར་གྱུ་ཏམ། བྲོས་ན་ལྟུང་བ་མེད་དོ།། ཁ་ཅིག་ནི་མ་བརྟགས་པའི་གནས་གང་དུ་གཞན་དག་དོགས་པར་འགྱུར་བ་དེར་ཞུགས་མ་ཐག་ཏུ་ལྟུང་བའོ་ཞེས་ཟེར་རོ།། དགོན་པ ་པས་བྱ་བ་ནི་ས་དང་། རྒྱུ་སྐར་དང་། ཕྱོགས་དང་། ལམ་ལ་མཁས་པར་བྱའོ།། ཕྱེ་དང་། ཆུ་ལ་སོགས་པ་བཞག་པར་བྱའོ།། ཚུར་ཤོག་འོངས་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་བཞིན་འཛུམ་སྔོན་དུ ་འགྲོ་བས་ཁྲོ་གཉེར་མེད་པར་བྱའོ།། མ་མོ་ལ་སོགས་པར་ཞེས་བྱའོ།། གཞན་ལ་ཡང་ངོ་།། སོ་སོར་བཤགས་པ་བཞི་པོའོ།། འདི་དག་ནི་ཡོངསུ་ལོ་སྤྱོད་པ་རྣམ་པ་བཞི་ལྀས་འབྱུང་བར་རིག་པར་བྱ་སྟེ། ལག་པ ་ཡོངསུ་ལོངས་སྤྱོད་པ་ངན་པ་དང་། བསྒོ་བས་ཡོངསུ་ལོངས་སྤྱོད་པ་ངན་པ་དང་། ཆོ་ག་མ་ཡིན་པ་ཡོངསུ་ལོངས་སྤྱོད་པ་དང་། གནས་ངན་པར་ཡོངསུ་ལོངས་སྤྱད་པར་རིག་པར་བྱའོ།། སོ་སོར་བཤགས་པ ་རྫོགས་སོ།། །། རབ་ཏུ་མང་པོ་ཞེས་བྱ་བ་ནི་གཞི་ལ་སོགས་པའི་ནང་ནས་འབྱུང་བའི་ཉེས་བྱས་ཀྱི་ལྟུང་བ་ཐམས་ཅད་བསླབ་པ་འདིར་བསྡུས་པས་ནུ་གྲངས་དཔག་ཏུ་མེད་པའོ།། འདི་ལྟ་སྟེ་རྔ་བརྡུང་བྱར ་མི་བྱ་སྟེ། སྟོན་པ་ལ་མཆོད་པ་བྱོས་ཤིག་ཅེས་བསྒོ་བ་ནཽ་མ་གཏོགས་སོ།། བྱུག་རིས་གསུམ་མི་བྱའོ།། མེ་ལོང་དང་ཆུ་ལ་གདོང་པ་བལྟ་བར་མི་བྱ། ཆུ་བརྟག་པའི་ཚེ། རྨའམ་གཉེར་མ་འམ། སྐྲ་དཀར་རམ། གདོང ་སྔོན་དང་། དཱུ་ལྟར་གྱི་ཁྱད་པར་དུ་ལྟ་བ་ལ་ལྟུང་བ་མེད་དོ།། སོ་མངས་དང་། པུ་ཤེལ་ཙེས་སྒྲ་བཤད་པར་མི་བྱའོ།། དགེ་བའི་ཕྱོགས་ལ་ལེ་ལོ་མི་བྱའོ།། སྐྱེད་མོས་ཚལ་བསྐྱེད་པས་མེ་ཏོག་མ་བྱུང་ངམ། འབྲས་བུ་མ་བྱུང ་དྲམེ། དགེ་སློང་གཞན་ལ་མ་བཅོལ་གྱི་བར་དུ་ཕྱོགས་གཞན་དུ་འགྲོ་བར་མི་བྱའོ།། སྒྲོ་གཏན་ལ་ཡུན་རིང་དུ་མི་བརྡུང་ངོ་།། ཤོས་བཞིན་དུ་བར་མའི་སྦྱོར་པོས་སྒོ་དབྱེ་ཞིང་བཅོད་པར་བྱའོ།། ཤེས་བཞིན་དུ་ཕྱིར་བྱུང་བར་བྱ ་ཞིང་ནང་དུ་འཇུག་པར་བྱའོ།། འཆག་པའི་ཚེ་དྲོང་པོར་བྱས་ལ་དབང་པོ་རྣམས་ཕྱིར་མི་འཕྲོ་ཞིང་མྱི་དྲག་མི་དལ་བར་བཅག་པར་བྱའོ།། རྐང་པ་དག་བཀྲུ་བའི་ཆུ་སྣོད་སྟོང་པར་མཐོང་ན་སླར་བཀང་སྟེ་བཞིག་གོ། མཆོད་རྟེན ་ལ་ཕུར་བུ་གདབ་པར་མི་བྱ། འཛེག་པར་མི་བྱའོ།། བསྙེན་པར་མ་རྫོགས་པ་མངོན་རྐང་པ་དག་སྤོས་ཆུས་བཀྲུས་ཏེ་དྲན་པར་བཞག་ནས་མཆོད་པའི་ཕྱིར་འཛེག་པ་ལ་ལྟུང་བ་མེད་དོ།། བྱང་ཆུབ་སེམས་དཔའི་སྐུ་གཟུགས ་ལ་རྐང་རྒྱན་དང་། རྣ་རྒྱན་མ་གཏོགས་པའི་རྒྱན་གཞན་རྣམས་བྱའོ།། སངས་རྒྱས་ཀྱི་དུས་སྟོན་ལ་སོགས་པའི་ཚེ་འཁོར་ལྔ་པོ་རྣམས་ཀྱི་ཞ་འབྲིང་བྱའོ།། རྒན་པོ་རྣམས་ཀྱི་མཆོད་ཡོན་རྣམས་ལྷ་གཞོན་ནུ་བཀྱེ་བར་བྱའོ།། ་ཆོས་གོས་སྦེད་པ་ཡང་བསྐོ་བར་བྱའོ་འགེད་པ་ཡང་ངོ་།། དེ་ལས་གཞན་དག་ཀྱང་ཇི་སྐད་བསྟན་པ་བཞིན་དུ་བྱའོ།། བསླབ་པ་ཞེས་བྱ་བ་ནི་ཆོ་ག་བསྡུད་པའི་ཕྱིར་བསླབ་པ་མང་པོ་འདི་དག་ཅེས་བྱའོ།། གྲོང་ཁྱེར་བ་ར་ན་སོ་ན་སྟེ། ་ལྔ་སྡེ་རྣམས་ལས་བརྩམས་ཏེ་བསླབ་པ་བཅསོ།། གང་དུ་ཡང་གླེང་གཞི་དང་གང་ཟག་གི་ཁྱད་པར་དེ་དག་ནི་བརྗོད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་རྣམས ་ཤེམ་ཐབས་ཅི་ལྟར་བགོས་ཞེས་དགོངས་པ་དང་། ལྷ་རྣམས་ཀྱིས་གནས་གཙང་མའི་ལྷའི་བཞིན་ནོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་མཁྱེན་ཅིང་གཟིགས་ན་དེ་བཞིན་དུ་གྱུར་ཏོ།། ཟླུམ་པོ་ཞེས་བྱ་བ་ནི ་འཆད་པར་འགྱུར་བའི་ཉེས་པ་རྣམས་སྤང་བར་བྱ་བའི་ཕྱིར་རོ།། དྲུག་སྡེ་རྣམས་ལས་བརྩམས་ཏེ། ཧ་ཅང་རྩེངས་པ་མ་ཡིནྡ་ཞེས་བྱ་བ་ནི་པུས་མོ་ལས་མི་མཐོ་བའོ།། བསླབ་པར་བྱའོ་ཞེས་བྱ་བ་ནི་འདི་ལྟར་བསླབ་པར་བྱའོ།། ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། ཤམ་ཐབས་ཅི་ལྟར་བཅས་པ་དེ་ལྟ་བུར་བདག་བྱེད་དུ་མི་འདོད་ཅིང་ངོ་ཚ་བ་ཡང་སྤངས་ལ། དེ་ལྟ་བུའི་མི་བྱ་བའི་ཕྱིར་འབྱུང་བར་ཡང་མི་ཚོལ། རྟེན་པར་ཡང་མི་ཆོས ་པའོ།། གོས་ཀྱང་བླངས་ནས་ཕྱེ་སྟེ། བསྙེན་ལ་ཇི་སྤྲིད་མ་བགོས་ཀྱི་བར་དུ་ནི་བསྡམ་པར་བྱ་བའི་ཉེས་བྱས་སོ།། བགོས་མ་ཐག་ཏུ་བཤགས་པར་བྱ་བའོ།། བར་ཆད་གཅིག་བྱུང་ན་ལྟུང་བ་མེད་དེ། ་གལ་ཏེ་འབྱུང་བ་ཚོལ་བར་མི་བྱེད་ན་བསྡམ་པར་བྱ་བའི་ཉེས་བྱས་སོ།། མི་ཤེས་སམ་དྲན་པ་ཉམས་བཞིན་དུ་སྤྱོད་ན་བསྡམ་པར་བྱའོ།། དེ་བཞིན་དུ་གཞན་རྣམས་ལ་ཡང་རིག་པར་བྱའོ།། ཧ་ཅང་འཇོལ་བ་མ་ཡིན ་ཞེས་བྱ་བ་ནི་ཤིན་ཏུ་དམའ་བ་མ་ཡིན་ཏེ། ལོང་བུའི་གནས་ལས་བརྩམས་ཏེ་སོར་བཞི་པར་བྱའོ།། གླང་པོ་ཆེའི་སྣ་ལྟར་མ་ཡིན་ཞེས་བྱ་བ་ནི་གོས་ཀྱི་མཐའ་མདུན་ནས་འཕྱང་བར་བྱ་བ་མ་ཡིན་པ་སྟེ། དེ་མདུན་ནས ་འཕྱང་ན་གླང་པོ་ཆེའི་སྣ་དང་འདྲ་བར་འགྱུར་པའི་ཕྱིར་རོ།། ཏཱ་ལའི་ལོ་མ་ལྟར་མ་ཡིན་ཞེས་བྱ་བ་ནི་ལོགས་ལ་སྟེང་དུ་ཆ་མང་པོར་བྱས་ཏེ། མེ་ཏོག་ལྟ་བུར་བྱས་ཏེ་གྱོན་པོའོ།། སྒྲོལ་མགོའི་གདེངས་ཀ་ལྟར་མ ་ཡིན་ཞེས་བྱ་བ་ནི་སླར་དགུག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། འབྲུའི་ཕུར་མ་ཝཱར་མ་ཡིན་ཞེས་བྱ་བ་ནི་ཁྱིམ་པ་མོ་བཞིན་དུ་སྟ་ཟུར་གྱིས་སྟེང་དུ་བསྔོས་ནས་བཞག་པར་མི་བྱའོ།། ཆོས་གོས་ཟླུམ་པོར ་ཞེས་བྱ་བ་ནི་ཅི་ལྟར་འཆད་པར་འགྱུར་བའི་ཉེས་པ་རྣམས་སྤང་བར་བྱ་བ་ཡིན་ཏེ། དེ་ལ་སྟེང་དུ་བགོ་བ་ནི་ཆོས་གོས་སོ།། ཧ་ཅང་རྩེངས་པ་ཡིན་ཞེས་བྱ་བ་ནི་པུས་མོ་ལས་མཐོ་བའོ།། གཞན་ནི་ལྟེ་བ་སྣང་བ ་ལ་མཐོ་བར་བཟུང་ངོ་ཞེས་ཀྱང་ཟེར་རོ།། ཧ་ཅང་འཇོལ་བ་མ་ཡིན་ཞེས་བྱ་བ་ནི་ཤམ་ཐབས་ལུས་དམའ་བའོ།། ཤིན་ཏུ་བསྡམས་པ་ཞེས་བྱ་བ་ནི་ལག་པ་དང་རྐང་པ་མི་གཡོ་བའོ།། ལེགས་པར་བགོ་ས་པཱ་ཞེས ་ནི་ཤམ་ཐབས་དང་བླ་གོས་ལེགས་པར་བགོས་པ་ལ་བྱ་སྟེ། ཆོས་གོས་བསྡུ་བར་བྱ་བ་མ་ཡིན་ནོ།། སྒྲ་བསྐྱང་བ་ཞེས་བྱ་བ་ནི་ཐཱ་མལ་པའི་ང་རོ་ལ་བྱ་བའི་བུས་པ་ཆུང་ངུ་ཁུར་བ་བཞིན་དུ་ཅ་ཅོ་ད་བྱུང་བ་མ་ཡིན་ནོ། ་གལ་ཏེ་མི་ཐོས་ན་ཡང་གཞན་ལས་བསྒོ་བར་བྱའོ།། མིག་གཡེང་བར་མི་བྱ་བ་ནི་མིག་གྱེན་དུ་གཡེང་བར་མི་བྱའོ།། གཽཉའ་ཤིང་གང་ཙམ་དུ་ལྟ་བོ་ཞེས་བྱ་བ་ནི་ཁྲུ་བཞིའི་ཚད་ཙམ་གྱི་ཕྱོགསུ་ལྟ་བར་བྱའི། རྒྱཔ ་བམ་ཕན་ཚུན་དུ་ལྟ་བར་མི་བྱ་སྟེ། རྟ་ལ་སོགས་པ་འཁྲུལ་པ་དང་མཉམ་དུ་ཐུག་པར་འགྱུར་བ་སྤང་བའི་ཕྱིར་རོ།། མགྲོ་མི་གཡོག་ཅེས་བྱ་བ་ནི་རིགས་ཀྱི་མནའ་མ་ལ་སོགས་པ་བཞིན་ནོ་མི་བརྫེ་ཞེས་བྱ་བ་ནི་ཤམ ་ཐབས་བརྗེ་བར་མི་བྱའོ།། ཕྲག་པ་གཅིག་ལ་མྱི་གཟར་བ་ཞེས་བྱ་བ་ནི་ཆོས་གོས་བགོས་པ་ལས་སྐུར་བཟློག་སྐྱེ་ཕྲག་པར་གཟུར་བར་མི་བྱའོ།། ཁ་ཅིག་ནི་འཛིན་པ་ལ་ཡང་གཟར་བ་ཞེས་བྱ་སྟེ། འདུག་ཀྱང་ལག ་པབས་འཛིན་ལ་འགྲོ་ཡང་དེ་བཞིན་ནོ་ཞེས་ཟེར་རོ།། གཉའ་གོང་དུ་མི་བསྣོལ་ཞེས་བྱ་བ་ནི་བླ་གོས་བགོས་ནས་རྩིབ་ལོགས་གཉིས་ཀ་ནས་གོང་དུ་བཟློག་སྟེ་གྱོན་པའོ།། ཕྲག་པ་གཉིས་ཀ་ལ་མི་གཟར་བ་ཞེས་བྱ ་བ་ནི་མཐའ་མ་གཉི་ག་ཕྲག་པའི་སྟེང་དུ་གཟར་བའོ།། བྲང་བས་མ་ཡིན་ཞེས་བྱ་བ་ནི་བྱིས་པ་ཁྱེའུ་དག་དང་། སྨྱོན་པ་ལ་སོགས་པ་བཞིན་དུ་རྐང་པ་དག་གི་རྩེ་མོས་འགྲོ་བར་མི་བྱའོ།། མི་བརྐྱང་བ་ཞེས་བྱ་བ ་ནི་རིམ་པ་མ་ཡིན་པར་སྟེང་དུ་མཆོང་བར་མི་བྱའོ་ཞེས་བྱའོ།། མི་མཆོང་བ་ཞེས་བྱ་བ་ནི་ཤིང་ཐོགས་ལ་མཆོང་ཞིང་འགྲོ་བར་མི་བྱའི་ལམ་དུ་འགྲོ་བར་བྱའོ།། ཙོག་པུས་མ་ཡིན་པ་ཞེས་བྱ་བ་ནི་རྟ་ལྟར་མཐོན་པོར་བྱེད་པ ་མ་ཡིན་པའོ།། དཀུར་མི་བརྟན་པ་ཞེས་བྱ་བ་ནི་ལག་པས་དཀུར་བརྟན་པར་མི་བྱའོ།། ལུས་མི་བསྒྱུར་བ་ཞེས་བྱ་བ་ནི་གཟུགས་འཚོང་མ་བཞིན་དུ་མི་བྱའོ།། ལག་པ་མི་ཀྱོག། ཅེས་བྱ་བ་ནི་བྱིས་པ་ཁྱེའུ་དག་དང་སྨྱོན་པ་ལ ་སོགས་པ་བཞིན་དུའོ།། མགོ་མི་སྦྱར་ཞེས་བྱ་བ་ནི་གླང་པོ་ཆེ་རྩངས་པ་ལྟར་མ་ཡིན་ནོ།། ཕྲག་པ་མི་སྤྲད་ཅེས་བྱ་བ་ནི་སྐྱེས་བུས་དྲིས་བྱུགས་པ་ལས་ཕྲག་པས་བསྣུན་ཏེ་ལྟུང་བར་བྱས་པས་ཉེས་པའི་ཕྱིར་ཏེ། དེ་ནི ་གཞན་ལ་ཕྲག་པ་སྤྲད་དེ་འགྲོ་བར་མི་བྱ་བའི་དོན་ཏེ། ལག་པ་མི་སྦྲེལ་ཞེས་བྱ་བ་ནི་ཕ་རོལ་པོའི་ལག་པ་དང་། ལོག་པ་སྦྲེལ་ཏེ་ཟུང་དུ་འགྲོ་བར་མི་བྱའོ།། མ་བསྒོ་བ་ཞེས་བྱ་བ་ནི་མཉན་ཡོད་ན་སྟེ། ཉེ་དགའ་ལས ་བརྩམས་ནས་བྲམ་ཟེ་གཙང་སྦྲ་འདོད་པའི་ཁྱིམ་དུ་ཁྲི་ལ་འདུག་པའི་ཕྱིར་བཅས་སོ།། མ་བརྟགས་པར་ཞེས་བྱ་བ་ནི་མཉན་ཡོད་ན་སྟེ། འཕགས་པ་འཆར་ཀ་ལས་བཙམས་ནས་ཁྱེའུ་བསད་པའི་ཕྱིར་རོ།། ལུས་ཐམས ་ཅད་ཀྱི་སྒྱིད་ཀྱིས་མཱི་དབབ་ཅེས་བྱ་བ་ནི་སེར་སྐྱའི་གནས་ན་སྟེ། འཆར་ཀ་ལས་བྱང་ཆུབ་སེམས་དཔའི་བཙུན་མོའི་འཁོར་དག་གིས་བསླུས་པ་དང་། སྟན་ལ་དྲག་ཏུ་འདུག་པས་ལྟུང་བའི་ཕྱིར་བཅས་སོ།། རྐང་པ་མི་བསྣོལ ་ཞེས་བྱ་བ་ནི་རྐང་པའི་སྟེང་དུ་རྐང་པ་མི་བཞག་པོའོ།། རྐང་པ་མི་དགུག་ཅེས་བྱ་བ་ནཱི་དགེ་བསྙེན་མ་ཕྱག་འཚལ་བའི་ཚེ་རྐེད་པ་བཙལ་ནས་སྒོམ་པ་ལ་ལྟོས་ཤིག་ཅེས་དེ་སྐྱེད་སྦས་པའི་ཕྱིར་བཅས་སོ།། རྐང་པ་མི་ག་དང ་ཞེས་བྱ་བ་ནི་རྐང་པ་གཅིག་ལོགས་ཤིག་ཏུ་བརྐྱང་། གཉིས་པ་ཡང་ལོགས་ཤིག་ཏུ་བརྐྱང་བའོ།། འདོམས་མི་སྣང་བར་ཞེས་བྱ་བ་ནི་ཅི་ནས་སྒྲེན་མོར་མི་སྣང་བར་རོ།། རྒྱལ་བུ་གཞོན་ནུ་རྟོགས་ལྡན་ཞེས་བྱ་བ ་ནི་ཁང་བཟུང་དུ་སྲུང་མ་དགྲ་གིས་ལྷུང་བཟེད་བཅག་པས་ན་འབྲས་ཆན་འདྲིམ་པའི་ཚེ་ལྷུང་བཟེད་ལོགས་ཤིག་ཏུ་ཕྱུང་བས་འབྲས་ཆན་ས་ལ་བཾ་བྱའི་ཕྱིར་འདི་སྐད་དུ་ལེགས་པར་ཞེས་གསུངས་སོ།། སུ་དང་ཁ་ང ་ཅད་དུ་མ་ཡིན་ཞེས་བྱ་བ་ནི་ཅི་ནུས་སྟེང་ནས་བོ་བར་འགྱུར་བའི་ཕྱིར་མུ་དང་ཁ་ད་ཅད་དུ་མི་བྱའོ།། སྲན་ཆོད་དང་མཉམ་པར་མ་ཡིན་ཞེས་བྱ་བ་ནི་ཚོད་མ་དང་མཉམ་པར་མ་ཡིན་པ་སྟེ། ཅི་ནས་སྟེང་དུ་འབྲས་ཆེན ་ཐུགས་ན་འཕོ་བའི་ཕྱིར་སྔར་ཆོང་མ་མང་དུ་བླངས་པར་མི་བྱའོ།། མཐར་ཆགས་ཞེས་བྱ་བ་ནི་འབྲས་ཆན་དང་ཚོང་མ་དང་ཇི་ལྟར་འོངས་པ་བཞིན་བླང་བར་བྱའི། རིང་དུ་སོང་བ་ལ་འབོད་པར་མི་བྱའོ།། ་མ་འོངས་པར་ཞེས་བྱ་བ་ནི་ཐད་དུ་མ་བྱིན་པའོ།། སྟེང་དུ་མ་ཡིན་ཞེས་བྱ་བ་ནི་འཕགས་པ་དག་གཙང་སྦྲ་ནི་སོ་སོར་ཐ་དད་པ་ལགས་ན་ཞེས་འཇིག་རྟེན་པ་སྨོད་པའི་ཕྱིར་བཅས་སོ།། ལེགས་པར་ཟས ་བཟའ་བར་བྱའོ་ཞེས་བྱ་བ་ནི་གཟུགས་འཚོང་མ་ལ་སོགས་པ་བཞིན་དུ་རྣམ་པར་འགྱུར་ཞིང་མ་ཡིན་པའོ།། ཧ་ཅང་ཆུང་བ་མ་ཡིན་ཞེས་བྱ་བ་ནི་རིགས་ཀྱི་མནའ་མ་བཞིན་དུ་ཆུང་ངུ་ན་མ་ཡིན་པའོ།། ཧ་ཅང་ཆེན་པོ་མ་ཡིན ་ཞེས་བྱ་བ་ནི་གང་མཁུར་བ་གང་བར་གྱུར་ནས་མུ་ཏོ་བ་བཞིན་དུ་མ་ཡིན་པའོ།། མ་གཟས་པར་ཞེས་བྱ་བ་ནི་མ་འོངས་པར་ཁ་གདངས་ཏེ་འདུག་པས་ན་ཁར་བོང་བ་བཅུག་པས་ཉེས་པའི་ཕྱིར་རོ།། འབྲས་ཆན་གྱིས་ཚོད་མ་མི ་དག་པ་ཅེས་བྱ་བ་ནི་གང་ན་འབྲས་ཆན་མང་པོ་ཚོད་མ་ཉུང་བའོ།། སྲན་ཚོད་ཀྱིས་འབྲས་ཆན་མི་དགོབ་ཅེས་བྱ་བ་ནི་གང་འབྲས་ཅན་ཉུང་ངུ་ཐོབ་ལ་སྲན་ཚོད་མང་བ་ན་ཕྱིས་ཀྱང་འདོད་དེ་ཡང་འཐོབ་ཏུ་རེ་བའོ།། ཙུག་ཙུག་མི་བྱ ་ཞེས་བྱ་བ་ནི་མཉན་ཡོད་ན་ཚེད་མ་ཤིན་ཏུ་མངར་བ་ལ་སྒྱུར་བ་བློ་བར་སྟོན་ཅིང་འཕྱ་བས་ཉེས་པའི་ཕྱིར་རོ།། ཅག་ཅག་མི་བྱ་ཞེས་བྱ་བ་ནི་ཚོད་མ་ཤིན་ཏུ་སྦྱར་བ་ལ་མངར་བར་བྲོ་བར་སྟོན་ཅིང་འཕྱ་བས་ཉེས་པའི་ཕྱིར་རོ།། ། ་ཧུ་ཧུ་མཽ་བྱ་ཞེས་བྱ་བ་ནི་འབྲས་ཆན་ཚ་བ་ལོ་ཁའི་དབུག་ས་ཀྱིས་བསྲི་བར་བྱའོ།། སྙམ་ནས་འཕྱ་བའི་ཕྱིར་རོ།། ཕུ་ཕུ་མི་བྱ་ཞེས་བྱ་བ་ནི་འབྲས་ཆན་ཤིན་ཏུ་གྲང་བ་ལ་ཕུ་ཕུ་ཞེས་བྱས་ལ་གྲངས་པར་བྱའོ།། སྙམ ་ནས་འཕྱ་བའི་ཕྱིར་རོ།། ཁ་ཁམ་དང་བཅས་པས་མ་ཡིན་ཞེས་བྱ་བ་ནི་སྒྲ་མི་སྙན་པར་འབྱུང་བའི་ཉེས་པའི་ཕྱིར་རོ།། འབྲུ་ནས་ཐ་དད་དུ་མི་བྱ་ཞེས་བྱ་བ་ནི་འབྲས་ཆན་འབྲུ་ནུས་སོ་སོར་གཏོར་ཏེ་བྱ་གག་བཞིན་བཟའ་བར ་མི་བྱ་བའོ།། འཕྱས་མི་གདགས་ཞེས་བྱ་བ་ནི་ཁ་བ་འམ་སྦྱར་བ་ལ་སོགས་པས་ཟས་ལ་འཕྱས་གདུགས་པར་མི་བྱའོ།། དྲིས་ནས་སྦྱིན་བདག་གིས་ནི་མི་བྱིན་ནོ།། ལེན་པ་པོས་ནི་ཟོས་སོ།། འབྱུང་བ་ཆེན་པོ་རྣམས་ནི་ཚིམ ་པར་བྱས་སོ།། ཉིན་ཞག་ཅིག་གི་ལམ་རྒྱགས་ཀྱི་ཟན་ནི་བླངས་སོ་ཞེས་སྨྲ་བར་བྱའོ།། མཁྱོར་བ་མི་སྤོ་ཞེས་བྱ་བ་ནི་ཡི་ག་འཆུས་པ་བཞིན་དུ་མཁུར་བ་ནས་མཁུར་བར་སྤོ་ཞིང་བཟའ་བར་མི་བྱའོ།། ཁམ་ཕོར་མི་བཅད ་ཅེས་བྱ་བ་ནི་ཇི་ལྟར་ཕྱེད་ཁའི་ནང་དུ་བཙུག་ལ། ཕྱེད་ལྷུང་བཟེད་ཀྱི་ནང་དུ་ལྟུང་བར་མ་ཡིན་ནོ།། ལྕེ་མི་འབྱུང་ཞེས་བྱ་བ་ནི་ལྕེས་མཆུ་ལྡག་པར་མི་བྱའོ།། མཆོད་རྟེན་འདྲ་བར་མ་ཡིན་ཞེས་བྱ་བ་ནི་ཕྱེད་སྦྲུས་ནས་སྟེང་དུ་ལ ་ཕུག་བཞག་སྟེ། དེའི་སྟེང་དུ་ཡང་ཁུར་བ་བཞག་ནས་ངན་འགྲོ་རྫོགས་བྱེད་ཀྱི་མཆོད་རྟེན་ནོ་ཞེས་འཕྱས་བྱེད་པའི་ཕྱིར་རོ།། ལག་པ་མི་ལྡག་ཅེས་བྱ་བ་ནི། མུ་ཏོ་བ་བཞིན་དུ་མ་ཡིན་ནོ།། ལྷུང་བཟེད་མི་བྱོག་ཅེས་བྱ་བ་ནི་ལྟུང ་བཟེད་ལ་ཅི་ཆགས་པ་དེ་ལག་པས་འབྱོག་ནས་ལྡེག་པའོ།། ལག་པ་མི་སྤྲུག་ཅེས་བྱ་བ་ནི་ཁ་ཟས་ལོ་འབགས་པའི་ལག་པ་ཅི་ལྟར་ཕ་རོལ་པོ་ལ་མ་རུང་བར་འགྱུར་བའི་ཕྱིར་མི་སྡུག་པའོ།། ལྷུང་བཟེད་མི་བསྐུམ ་ཞེས་བྱ་བ་ནི་ལྷུང་བཟེད་འཁྲུ་བའི་ཚེ་སྣམ་སྦྱར་བཟང་པོ་མ་རུང་བའི་ཕྱིར་རོ།། ལྷུང་བཟེད་ལ་འདུ་ཤེས་པ་ཞེས་བྱ་བ་ནི་ལྷུང་བཟེད་ལ་བལྟ་བར་བྱ་སྟེ། རྒན་ཞུགས་གཞན་ཞིག་ལ་བརྟེན་དྲུག་སྡེས་དེའི ་ལྷུང་བཟེད་ཟན་གྱིས་ཆང་པས་བཀང་བའི་ཕྱིར་རོ།། འཕྱས་གདོགས་པའི་ཕྱིར་མི་ལྟ་ཞེས་བྱ་བ་ནི་འདི་ནི་ཤིན་ཏུ་མང་དུ་ཟའོ་སྙམ་དུ་འཕྱས་བཙལ་བར་བསམས་ཏེ། གཞན་གྱི་ལྷུང་བཟེད་ལ་བལྟ་བར་མི་བྱའོ།། ཟས ་དང་འབགས་པ་ཞེས་བྱ་བ་ནི་ཟས་ཀྱིས་གྲོས་པ་ཡིན་ནོ།། ཆུ་སྣོད་ཅེས་བྱ་བ་ནི་ཆུའི་རིལ་པ་སྤྱི་བླུགས་ཏེ། སྦྲང་མ་རྣམས་འདུ་བའི་ཕྱིར་རོ།། ཆུ་ཟས་དང་འབགས་པ་ཞེས་བྱ་བ་ནི་ཡུལ་འཇིགས་རུང་ན་ཁང་བཟངས ་པདྨ་ཅན་ཞེས་བྱ་བ་ཚོན་སྣ་བརྒྱ་རྩ་གཅིག་གིས་རི་མར་བྲིས་པ་དེར་ཕེཾ་བས་ནའོ།། ཁྱིམ་པོ་འདུག་པ་ལ་མ་དྲིས་པར་ཞེས་བྱ་བ་ནི་ཁྱིམ་བདག་ལ་དྲི་བར་བྱའོ།། ལྷག་མ་ཞེས་བྱ་བ་ནི་ལྷུང་བཟེད་གྱིས་ཆུ་སློང་བའི ་ཚེ་དང་འབྲས་ཚུན་དང་། དེ་ཡང་རུས་པ་བཅུག་པའི་ཆུ་ཉེ་དགས་བྱིན་པའི་ཕྱྀར་མི་བྱ་བར་གསུངས་ཏེ། ལྷུང་བཟེད་ཀྱི་ཆུ་སྦྱིན་པའི་ཀུན་དྷ་སྤྱད་པནི་ལྷུང་བཟེད་ལེན་གསུམ་བཀྲུས་ལ་གཙུག་ལག་གིས་ཚིག་སུ་བཅ ་པའི་སྔགས་ཀྱིས་བཏབ་སྟེ་སྦྱིན་པར་བྱའོ།། འོག་གཞི་མེད་པ་ཞེས་བྱ་བ་ནི་འོག་གཞི་མེད་པར་ཐ་ན་ལྷུང་བཟེད་བཞག་པར་ཡང་མི་བྱའོ།། འགྲེང་སྟེ་མ་ཡིན་ཞེས་བྱ་བ་ནི་དགེ་སློང་གཞན་ཞིག་ལ་བརྟེན་ཏེ་ཆགས་པ་སྤང ་བའི་ཕྱིར་རོ།། གདྱ་ཀ་མ་ཡིན་ཞེས་བྱ་བ་ནི་མང་པོ་ལ་བརྟེན་ཏེ་ས་མི་བདེ་བ་སྤང་བའོ།། གཡང་སུ་མ་ཡིན་ཞེས་བྱ་བ་ནི་གཡང་ཟ་བ་དང་ཉེ་བའོ།། དཀུན་གཟར་པོ་མ་ཡིན་ཞེས་བྱ་བ་ནི་གང་དུ་བཞག་པ་ལས ་འདྲིལ་བའོ།། འགྲེང་སྟེ་ཞེས་བྱ་བ་ནི་སོགས་པ་ནི་མ་གུས་པར་བྱེད་པ་སྤང་བའི་ཕྱིར་རོ།། འགྲེང་སྡེ་བཤང་གཅི་མི་བྱ་ཞེས་བྱ་བ་ནི་ཉེ་དགའ་ལ་བརྟེན་ཏེའོ།། ཉེ་དགས་བཀྲུ་སྔོན་འཐུངས་ནས་ལྡུམ་པའི་ལྡུམ ་ར་ཥྚ་མ་རྣམས་ལ་ཕྱོགསྔ་མས་བྱུགས་པས་ནཱ་རྩཝ་སྔོན་པོ་ལ་མི་བྱའོ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཀུན་ཏུ་སྤྱད་པ་ནི་མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པའི་དྲུང་དུ་གཤང་གི་ཙྪི་མི་བྱའོ།། ཤིང་ལྗོན་པ་ཆེར་མོ ་ཅན་གྱི་དྲུང་དང་། གང་ན་ཤིང་ལྗོན་པ་གཅིག་ཏུ་འབྲེལ་པར་འགྱུར་བ་འམ། གོང་ན་རྩཝ་སྔོན་པོའི་འདབ་ཆགས་པར་འགྱུར་བ་དེར་འདབ་མ་ལྷགས་པའམ། རྩཝ་སྐམ་པོ་གཞིར་བཏིང་སྟེ། བྱས་པ་ལ་ལྟུང་བ ་མེད་དོ།། གལ་ཏེ་ཡང་མ་རྙེད་ན་ཡང་དེ་ཉིད་དུ་བྱའོ།། སྙམ་ཕྱིས་ནི་གཙུག་ལག་ཁང་གི་ནུབ་བྱང་གིས་མཚམས་སུ་བྱའོ།། ཤིང་ལྗོན་པ་ཚེར་མ་ཅན་དག་བསྐྱེད་པར་བྱའོ།། འོག་ཏུ་རིབས་མསོ་བསྐོར་བར་བྱའོ།། ་རླུང་ཕྱོགས་མ་ཡིན་པར་ཆོས་གོས་བཞག་པོར་བྱའོ།། ས་ཕུང་བདུན་ཐ་དད་པར་བཞག་ལ། གཞན་ཡང་ཕུང་བུ་བདུན་ཐ་དད་པར་རོ།། གཅིག་གཞན་དུ་གཞོག་ལ་བོད་རྟོགས་གསུམ་ཁྱེར་ཏེ་ནང་དུ་འཇུག ་པར་བྱའོ།། གཅིག་གིས་ནི་བཤད་པའི་ལམ་ཕྱི་བར་བྱའོ།། གཉིས་པ་ནི་སྦྱར་བར་བྱའོ།། གསུམ་པས་ནི་ལག་པ་བཀྲུའོ།། དེ་ནས་ཕྱིར་བྱུང་སྟེ། བདུན་པོས་ལག་པ་ཡ་གཅིག་བླཀྲུའོ།། ་གཞན་བདུན་པོ་དག་གིས་ནི་ལག་པ་གཉིས་བཀྲུའོ།། གཅིག་གིས་ནི་ཆུའི་སྣོད་བཀྲུའོ།། ཐོག་མོར་ཞུགས་པ་དང་འཇུག་པའི་ཚེ་ལུད་པའི་དང་སོ་གོལ་གྱི་སྒྲ་གཏོག་པར་བྱའོ།། དགེ་སྐྱེས་ཀྱི་སྣམ་ཕྱི ་སའི་ནང་དུ་ཐལ་བ་གཏོར་ཅིང་། གཅི་བའི་སར་ནི་ཆུས་སྦྱར་བར་བྱའོ།། ཚད་པའི་ནད་ཀྱིས་བཏབ་པ་ལ་ནི་ཁྲི་བཱས་བཏགས་པ་ལ་དབུས་སུ་བུ་གུ་དབྱུང་བར་བྱའོ།། སྲང་བུས་བཏགས་པ་ཡིན་ན་དྲོངས་ལ ་གཟུངས་གདགས་པར་བྱའོ།། གལ་ཏེ་སྡུག་བསྔལ་བར་གྱུར་ན་རསཽ་མ་འམ། ལོ་མ་གདིང་བར་བྱའོ།། གྱོ་མོ་གཉིས་ཉེ་བར་བཞག་པར་བྱ་སྟེ། བཀྲུ་བར་བྱ། བཽསྐམ་པར་བྱ། འབྲུ་མར་གྱིས་བྱུག་པར་བྱའོ།། ་སྣམ་སྦྱར་བགོས་ནས་བཤང་བ་དང་གི་ཅི་བ་མི་བྱའོ།། གོས་ལེགས་པར་བསྡུས་ཏེ་ནང་དུ་འཇུག་པར་བྱའོ།། ཤེས་བཞིན་དུ་ཡང་བཤད་པ་དང་གཅི་པ་བཏང་བར་བྱའོ།། འཐོར་འཐུང་མ་བྱས་པར་ཕྱོག ་བྱེད་པ་བདག་གིར་མི་བྱའོ།། སྟན་ལ་འདུག་པར་མི་བྱ། སྨན་འཐུངས་སམ་ཆུ་མ་འབྱོར་པ་ལ་ལྟུང་བ་མེད་དོ།། སྨན་འཐུངས་ནས་མ་ལུས་པར་མཁས་ཀྱི་བར་དུ་དེ་སྲིད་དུ་ཁས་མ་བྱེད་པར་བར་བསེ་ཐོང་བའི་དུ ་བུ་འམ། ཤིང་གིས་གཞོགས་མས་བཤང་པའི་ལམ་ཕྱིས་ཤིང་མཇུག་ཏུ་གཙང་སྦྲ་བྱའོ།། ལྷམ་ལ་ཡང་མི་ཉམས་པར་གཙང་སྦྲ་ལ་སོགས་པ་བྱའོ།། ཕྱོགས་མ་ཡིན་པར་གཅི་བར་མི་བྱ་མོད་ཀྱི་འོན་ཀྱང་གནས ་གཅིག་ཏུ་ཐམས་ཅད་བྱའོ།། བཤང་བ་དང་གཅི་བ་དང་། ཁྲུས་ཀྱིས་སའི་ཉེ་འཁོར་དུ་དེ་ཉིད་ཀྱི་མ་གཏོགས་པར་གཞན་བྱ་བ་ཐམས་ཅད་མི་བྱའོ།། སྒྲ་དང་བཅས་པའི་རླུང་གི་ལས་ཀྱིས་མི་བྱའོ།། བཤང་བ་མ་འོངས ་པ་ལ་ཆེད་དུ་མི་བྱའོ།། འོང་བ་ལ་ནི་དགག་པར་མི་བྱའོ།། བྱ་བ་བྱས་པ་དང་། བཤང་གཅིའི་སཱ་ལ་འདུག་པར་མི་བྱའོ།། སྣབས་དང་མཆིལ་མ་ལ་སོགས་པ་སྒྲ་དང་བཅས་པར་མི་འབྱུང་ངོ་།། གནས་བརྟན་གྱིས ་མདུན་དུ་མ་ཡིན་ལས་ཡོངས་སུ་བྱང་བའི་སར་མ་ཡིན། ཟན་ཟ་བ་རྣམས་ཀྱི་མདུན་དུ་མ་ཡིན། མཆིལ་མ་ཡང་དང་ཡང་དུ་དོང་བར་མི་བྱ། གལ་ཏེ་ཕྱི་ཕྱིར་བྱུང་ན་ཕྱོགས་གཅིག་ཏུ་སོང་བས་དོར་རོ།། ནད་པའི ་ཕྱིར་མཆིལ་མའི་སྣོད་ཞོག་ཅིག། དེའི་ཞབས་སུ་ཕྱེ་མ་འམ། བྱེ་མ་འམ། ཐལ་བ་ལུགས་ཤིག་ཆུའི་ནང་དུ་མ་ཡིན་ཞེས་བྱ་བ་ནི་ཉྩི་དྭགས་འཁྲུ་སྨན་འཐུངས་ཏེ། བཙོ་བླག་མཁན་གྱི་ཁྲུ་བ་ཤལ་སར ་བཤང་བ་བྱས་པའི་ཕྱིར་ཏེ། གང་ན་ཆུས་ཁེབས་པ་དེར་ཤིང་ལ་སོགས་པ་ཞོག་སྟེ། དེར་བཤང་གཅི་བྱའོ།། མི་གང་ཙམ་ལས་མཐོར་མི་བྱའོ།། ཞེས་བྱ་བ་ནི་ལྷུང་བཟེད་དུ་ཁྱེར་བ་ལ་དགེ་སྐོས་ཀྱིས་ལྟ་བར ་བྱེད་པའི་ཕྱིར་མངོན་པར་འཛེག་པ་ཞེས་བྱའོ།། གནོད་པ་བྱུང་བ་མ་གཏོགས་ཞེས་བྱ་བ་ནི་མ་འཛེགས་ན་སྟག་གིས་ཟོས་པར་འགྱུར་བའི་ཕྱིར་རྗེསུ་གནང་བའོ།། བསླབ་པའི་ཆོས་དེ་རྣམས་ཀྱང་འདི་ལྟར ་དེ་དག་གཞི་རྣམ་པོ་བརྒྱད་དུ་རིག་པར་བྱ་སྟེ། ཆོས་གོས་རྣམས་བགོ་བའི་དབང་དུ་བྱས་པ་དང་། གྲོང་དུ་འཇུག་པའི་དབང་དུ་བྱས་པ་དང་། འཇུག་པར་བྱ་བའི་དབང་དུ་བྱས་པ་དང་། བཟའ་བ་ཡོངསུ་ལོངས་སྤྱོད ་པའི་དབང་དུ་བྱས་པ་དང་། ལྷུང་བཟེད་ཀྱི་ལས་ཀྱི་དབང་དུ་བྱས་པ་དང་། ཆོས་སྟོན་པའི་དབང་དུ་བྱས་པ་དང་། མི་གཙང་བ་འདོར་བའི་དབང་དུ་བྱས་པ་དང་། མེ་ཏོག་དང་འབྲས་བུ་མ་རུང་བར་བྱེད་པའི་དབང་དུ་བྱས ་པའོ།། བསླབ་པའི་ཆོས་རྣམས་རྫོགས་སོ།། །། རྩོད་པོ་ཞི་བར་བྱེད་པ་བདུན་ཞེས་བྱ་བ་ནི་རྩོད་པ་བཞི་པོ་དག་འདི་རྣམས་ཀྱིས་ཞི་བར་བྱེད་པའི་ཕྱིར་རོ།། དེ་ལ་གང་ཆོས་ཀྱི་རྙེད་པ་དེ་ཆོས་སྨྲ་བ་རྣམས་ལའོ་ཞེས ་བྱ་བ་ལས་ཐབ་མོ་བྱུང་བའི་ཕྱིར་རྩོད་པའི་གཞིར་བཅས་སོ།། དེ་ལ་འགྱེད་པའི་ཕྱིར་རྩོད་པ་ནི་དགེ་འདུན་ལ་གང་འདི་ལྟར་རམ། འདི་ལྟར་མ་ཡིན་ནོ་ཞེས་བྱ་བ་མི་མཐུན་པར་སྨྲས་པ་དེས་ཀུན་ནས་བསླང་བའི ་བ་མོའོ།། འགྱེད་པ་ཡང་ཡིན་ལ་རྩོད་པ་ཡང་ཡིན་པས་ན་འགྱེད་པའི་རྩོད་པའོ།། འགྱེད་པ་དེའི་རྩ་བ་དྲུག་དང་། དཔོན་དུ་འབྱུང་བའི་གཞི་བཅུ་བཞིའོ།། འགྱེད་པའི་རྩེ་བ་དྲུག་པོ་ནི་ཁྲོ་ཞིང་ཁོན་དུ་འཛིན་པ ་དང་། འཆབ་ཅིང་འཚིག་པ་དང་། ཕྲག་དོག་ཅིང་སེར་སྣ་དང་། གཡོ་བྱེད་ཅིང་སྒྱུ་ཅན་དང་། ངོ་ཚ་མེད་ཅིང་ཁྲེལ་མེད་པ་དང་། སྡིག་པ་ལ་འདོད་ཅིང་ལྡོག་པར་ལྟ་བ་དང་། རླུང་གི་ལྟ་བ་ལ་མཆོག་ཏུ་འཛིན་ཅིང་སྙེམས ་པའོ།། དབེན་དུ་འགྱུར་བའི་གཞི་ནི་ཆོས་སོ་ཞེས་བྱ་བ་འམ། ཆོས་མ་ཡིན་པ་ཞེས་བྱ་བ་འམ། དེ་བཞིན་དུ་འདུལ་བའོ།། འདུལ་བ་མ་ཡིན་ནོ།། ལྟུང་བའོ།། ལྟུང་བ་མེད་པའོ།། ལྕི་བའོ།། ཡང་བའོ།། ལྷག་མ་ལུས་པའོ།། ལྷག ་མ་མ་ལུས་པའོ།། བསྣམས་པར་བྱ་བའོ།། བཤོགས་པར་བྱ་བའོ།། འདུལ་བ་དང་། འགལ་བའོ།། ཉེས་པ་བཤད་པར་གཏོགས་པའོ།། དགེ་བ་དང་། མི་དགེ་པ་དང་། ལུང་དུ་མ་བསྟན་པའི་དབྱེ་བ་ལས་རྣམ་པ ་གསུམ་སྟེ། དགེ་བར་འདོད་པ་དང་། མི་དགེ་བར་འདོད་པ་དང་། དྲི་གཉི་གར་མི་འདོད་པ་རྣམས་ལ་ཡུང་གོ་རིམ་བཞིན་དུའོ།། གང་འགྱེད་པ་དེ་ཉིད་རྩོད་པ་སྟེ། མུ་བཞིར་སྦྱར་རོ།། མུ་དང་པོ་ནི་མི་མཐུན་པར་སྨྲ་བ་ཙམ་མོ།། ་གཉིས་པ་ནི་དེ་ལས་གཞན་ལ་རྩོད་པ་གསུམ་མོ།། གསུམ་པ་ནི་དེ་དག་ལྷན་ཅིག་པའོ།། བཞི་པ་ནི་དེ་རྣམས་མ་གཏོགས་པའོ།། མི་བསྡམས་པའི་ཕྱིར་རྩོད་པ་ནི་གོང་གླེང་བར་མི་འོས་པ་ལ་གླེངས་པ་སྟེ། ཉེས་པར ་གླེངས་པས་ན་མི་བསྡམས་པ་ཞེས་བྱ་སྟེ། ཅི་ལྟར་གྱད་བུ་ནོར་ལ་སོགས་པ་གསུམ་སྟེ། དེས་ཀུན་ནས་བསླང་བ་འགྱེད་པའོ།། དེའི་རྩ་བ་ནི་མི་བསྡམས་པའོ།། དེའི་ལྷག་མ་རྣམས་ནི་དང་པོ་བཞིནོ།། ལྟུང་བའི ་ཕྱིར་རྩོད་པ་ནི་ལྟུང་བ་སྡེ་ལྔ་པོ་རྣམས་ལས་ཐབ་མོའི་གླེང་གཞིར་གྱུར་པ་སྟེ། དེ་ཀུན་ནས་བསླང་བའི་འཐབ་མོ་བྱུང་བའོ།། དེའི་རྩ་བ་ནི་ལུས་ལ་སོགས་པའོ།། ལུས་འབའ་ཞིག་པ་ཡང ་ཡོད་དེ། ཇི་ལྟར་བསྙེན་པར་མ་རྫོགས་པ་ཕྱིར་རམ་བྱུང་བ་ལས་ཕྱིར་བྱུང་བར་འདུ་ཤེས་ཏེ་ཉལ་བ་དང་། གཉིད་ལོག་པ་ལས་བུད་མེད་ཀྱི་ཡུལ་ཕྱིས་འོངས་ཏེ་ཉལ་ལམ། གཉིད་ཀྱི་ལོག་པ་ལས་མལ་ཆེན་པོའི ་སྟེང་དུ་བཞག་པའོ།། ངག་འབའ་ཞིག་པ་ཡང་ཡོད་དེ་ཇི་ལྟར་བུད་མེད་ཀྱི་ཡུལ་ལ་མ་བསམས་པར་ཚིག་དྲུག་གམ་བདུན་དུ་ཐལ་བའོ།། ལུས་དང་སེམས་གཉི་གའི་ཡང་ཡོད་དེ། ཇི་ལྟར་སྒྲོག་གཅོད་པ་དང་། ཆང ་འཐུངས་པ་སྟེ། ཚིག་ཏུ་མི་སྨྲའོ།། ངག་དང་སེམས་གཉིས་ཀྱི་ཡང་ཡོད་དེ། ཇི་ལྟར་བསམས་བཞིན་དུ་ཚིག་དྲུག་གམ་བདུན་དུ་ཐལ་བའོ།། ལུས་དང་ངག་དང་སེམས་ཀྱི་ཡང་ཡོད་དེ། འདི་ལྟ་སྟེ། སྲོག་གཅོད་པ ་དེ་ཉིད་ལ་ངག་གིས་ཀྱང་བསྔགས་པའོ།། བྱ་བའི་ཕྱིར་རྩོད་པ་ནི་གསོལ་བ་ལ་སོགས་པ་བྱ་བ་ཐབ་མོའི་གླེང་གཞིར་འགྱུར་བ་སྟེ། དེས་ཀུན་ནས་བསླང་བ་ལས་ཐབ་མོ་བྱུང་བའོ།། དེའི་རྩ་བ་ནི་གསོལ་བ་ལ་སོགས་པ་བྱ ་བ་ཡིན་ཏེ། ལྷག་མ་རྣམས་ནི་སྔ་མ་བཞིན་ཏེ། རྩོད་པ་དག་ནི་སྨྲས་ཟིན་ནོ།། ཞི་བར་བྱ་བ་བརྗོད་པར་བྱའོ།། འགྱེད་པའི་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང་། གང་ཚུལ་ཤིང་མང་པོ་ལེན་པས་སོ།། གང་ཟག་གསུམ་སྟེ། ་དོན་སྦྱིན་པར་བྱེད་པ་དང་། དོན་སླར་སྦྱིན་པར་བྱེད་པ་དང་། སྐམ་ལ་གནས་པ་རྣམས་སོ།། དེ་ལ་དོན་སྦྱིན་པར་བྱེད་པས་དོན་རྣམ་པ་བཅུ་དྲུག་པོ་རྣམས་སུ་ཤིན་ཏུ་བསམས་ན་གཟུང་བར་བྱ་སྟེ། བདེན་པ་དང་། དུས ་དང་། ཚོད་དང་། དོན་དུ་ལྡན་པ་དང་། མཐོང་བ་དང་། ཐོས་པ་དང་། དོགས་པ་དང་། ལུས་དང་། ངགཱ་དང་། གྲོང་དང་། དགོན་པ་དང་། མཚན་མོ་དང་། ཉིན་པར་བྱས་པ་དང་། ལྷག་མ་མཱ་ལུས་པ་དང་། བསླང་བར་ནུས ་པའོ།། དེའི་ཚིག་གཟུང་བར་མི་བྱ་བ་རྣམ་པ་ལྔ་སྟེ། དོན་གཏན་ལ་མ་ཕེབས་པ་དང་། ཅིག་ནས་ཅིག་ཏུ་རྒྱུར་བའི་ཚིག་དང་། བསྙེན་པར་མ་རྫོགས་པའི་ཚིག་དག་ལས་དོན་དུ་འཛིན་པ་དང་། མདོ་སྡེ་དང་། གནས ་མི་ཤེས་པ་རྣམས་ཀྱིས་སོ།། སླར་བཟློག་པ་ལྟ་པོ་རྣམས་ཀྱི་ནི་གཟུང་བར་བྱའོ།། དོན་སླར་སྦྱིན་པར་བྱེད་པས་ཀྱང་རྣམ་པ་བཅུ་དྲུག་པོ་རྣམས་དང་ཉེ་བའི་འདི་རྣམས་ཁོ་ན་ཤིན་ཏུ་བསམས་ལ་སྒྲུབས ་དབྱེ་བར་བྱའོ།། ཅི་འདི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནམ། འགྱོད་པ་ཅན་ན་མོ། མང་དུ་ཐོས་པ་འམ། འོདུལ་བ་གཏན་ལ་ཕེབས་པ་ཡིན་ནམ། ཅི་མཐོང་བ་ལས་གླེང་བར་བྱེད་དམོ་ཞེས་བྱ་བ་ལ་སོགས་པ ་བཅུ་གཉིས་ནི་སྔ་མ་བཞིན་ནོ།། རྣམ་པ་ལྔས་ནི་ཚིག་གཟུང་བར་མི་བྱ་སྟེ། མཚམས་སྦྱོར་བར་ལུང་མི་སྦྱིན་པ་དང་། གཞན་ནས་གཞན་དུ་འཕོ་བ་དང་། ཕྱོགས་ལ་བརྟེན་ཏེ་ལྟུང་བ་ཁས་ལེན་པ་ལས་ཡང་ལྟུང ་བ་མེད་པར་སྟོན་པ་དང་། དགེ་སློང་རྣམས་སྐུར་པ་འདེབས་པ་དང་། གུས་པ་མེད་པའོ།། སླར་བཟློག་པ་ནི་གཟུང་བར་བྱའོ།། དོན་སྦྱིན་པར་བྱེད་པ་དང་། དོན་སླར་སྦྱིན་པར་བྱེད་པ་དག་རྩོད་པའི་ཉེས ་དམིགས་ཏེ་ཉེ་བར་ཞི་བའི་ཡོན་ཏན་དུ་མཐོང་བ་དག་གིས་སྐམ་ལ་གནས་པ་ཆོས་བཅུ་དྲུག་དང་ལྡན་པ་བཙལ་བར་བྱའོ།། ཚུལ་ཁྲིམས་དང་བསླབ་པ་འདོད་པ་དང་། ཐོས་པ་དང་། འདུལ་བ་ལ་མཁས་པ་དང་། སྐམས ་ལ་གནས་པ་དང་། ཆོས་བཞིན་མ་འདྲེས་པ་དང་། འདུན་པ་ལ་སོགས་པས་མི་འགྲོ་བ་དང་། འདོད་ཆགས་དང་། ཞེ་སྡང་གིས་མ་ཡིན་པ་དང་། རྒྱལ་བའི་བཀའ་ལས་མི་འདའ་བ་དང་། མ་བཅས་པ་ལས་མི ་འཆའ་བ་དང་། བཅས་པ་ལས་ཀུན་ཏུ་མི་གཅོད་པ་དང་། ཆོས་དེ་ཉེ་བར་ཞི་བར་ཞི་བར་ནུས་པ་དང་། སློང་བར་ནུས་པའོ།། སྐམ་ལ་གནས་པ་ལ་གསུམྱ་སྟེ། གངངྒཱ་ལུས་དང་ངག་གི་མི་སྡོམ་པ་སྟེ། ཕྱོགས ་གཉི་གའི་ཐད་དུ་བདག་ཉིད་སོང་ནས་དཀྲུག་པར་བྱེད་པ་དང་། གང་དག་མ་བསྡམས་པ་སྟེ། གང་ཕོ་ཉས་དང་། གཉི་ག་བསྡོམས་པ་སྟེ་དེ་ལྟ་བུ་བསྐོ་བར་བྱ་བའི་སྔ་མ་དག་ནི་མ་ཡིན་ནོ།། བྱིས་པ་རྣམས་ནི ་ལྔ་སྟེ། ཆོས་མ་ཡིན་པའི་ཕྱིར་འཇུག་པ་དང་། རྩོད་པར་གྱུར་པ་གཟུང་ནས་སྟོབས་པ་དང་། སྐམ་ལ་གནས་པ་གཞན་གྱི་མདོ་སྡེ་སུན་འབྱིན་པ་དང་། སོ་སོར་ཐར་པས་དགེ་སློང་རྣམས་གནས་ནས་འབྱིན ་པ་དང་། མ་གུས་པའོ།། སླར་བཟློག་པ་ལྔ་པོ་རྣམས་ཀྱིས་ནི་གསལ་བའོ།། སྐམ་ལ་གནས་པས་རྩོད་པ་གཟུང་བ་ཞི་བར་ཁས་བླངས་པ་དང་། བདག་ཉིད་ལ་རྣམ་པ་བརྒྱད་རྣམས་བརྟག་པར་བྱ་སྟེ། ཅི་བདག་གིས ་ཐོག་མ་ཅི་ལས་བྱུང་ཤེས་སམ། བདག་གིས་གྲོགས་པོ་སྐམ་ལ་གནས་པ་ཡོད་དམ། སྔོན་འདྲིས་པར་གྱུར་པ་མ་ཡིན་ནམ། ཅི་བདག་གིས་ཚིག་འཛིན་ནམ། ལྟུང་བ་རྣམ་པར་སྦྱང་བ་ར་ནུས་སམ། ཤེས ་པར་ནུས་སམ། ཆོས་བཞིན་དུ་ཉེ་བྱར་ཞི་བར་ནུས་སམ། ཅི་མི་དགེ་བ་ལས་སློང་བ་ལ་མཁས་པར་ཡང་ངོ་།། གཞན་ལ་ཡང་རྣམ་པ་བརྒྱད་རྣམསུ་སྟེ། འདི་ན་འདི་ལྟར་རྒྱལ་བའི་གསུང་བརྟན་པར་བྱེད་པ ་མདོ་སྡེ་ལ་སོགས་པ་འཛིན་པ་ལྔ་ཡོད་དམ། གླང་གླགས་ཚོལ་བ་ལ་སླར་བཟློག་པའི་གནས་བརྟན་ལ་སོགས་པ་ཡོད་དམ། རྒྱལ་པོ་ལ་རྟེན་ཏམ། མཐུ་ཡོད་པ་ལ་བརྟེན་ཏམ། ཁྱིམ་པ་ལ་བརྟེན་ཏམ ་གཞན་ལའམ། དགེ་འདུན་ཉིད་ལས་ཉེ་བར་ཞི་བར་ཚོལ་བའོ།། སྐམ་ལ་གནས་པ་དེ་དག་གིས་མངོན་སུམ་དུ་འདུལ་བ་རྩོད་པ་ཞི་བར་བྱའོ།། མངོན་སུམ་དུ་བྱ་བ་རྣམ་པ་གཉིས་ཏེ། གང་ཟག་མངོན་སུམ་དུ ་བྱ་བ་ལ་གང་དག་ཉེ་བར་ཞི་བར་བྱ་བ་དང་། གང་དག་གིས་ཉེ་བར་ཞི་བར་བྱེད་པ་དེ་དག་མངོན་སུམ་དུ་གྱུར་པའོ།། ཆོས་མངོན་སུམ་དུ་བྱ་བ་ནི་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་བཞིན་ནོ།། དེས་དོན་སྦྱིན་པར ་བྱེད་པ་ལ་རྣམ་པ་བརྒྱད་དུ་བརྟག་པར་བྱ་སྟེ། ཆོ་ག་དང་། སྤྱོད་ཡུལ་དང་། གྲོགས་པོ་དང་། ཟླ་བོ་དང་། ལུས་ཀྱི་ལས་དང་། ངག་གི་ལས་དང་། འཚོ་བ་དང་། ཐོས་པ་སྟེ། འདི་དག་སྡིག་པ་ཅན་དག་ཏུ་རིག་ན ་མ་སྨྲ་ཞིག་ཅེས་བསྒོ་བར་བྱའོ།། དེ་བཞིན་དུ་དོན་སླར་སྦྱིན་པར་བྱེད་པ་ལ་ཡང་རྣམ་པ་བརྒྱད་དེ། ཅི་སྡིག་པ་ཅན་ཡིན་ན་ཁྱོད་ཀྱིས་ངག་གི་ལས་ཐོག་མ་ཇི་ལྟ་བུ་ཡིན་ཞེས་དྲི་བ་ཡང་ངོ་།། ཅི་སྐད་དུ་སྨྲ་བ་དེ་བཞིན་དུ་བྱའོ།། རྣམ ་པ་བཅུ་དྲུག་དག་ཏུ་རྗེསུ་སྦྱོར་བས་རབ་ཏུ་གནས་པར་བྱ་སྟེ། དོན་སྦྱིན་པར་བྱེད་པ་ཉིད་རིག་པར་བྱ་བ་དང་། བརྟགས་པ་དང་། བཟོད་པ་གསོལ་བ་དང་། དྲི་བ་དང་། དམ་འཆར་གཞུག་པ་དང་། སྤྲོ་བར་བྱའོ།། དེ་བཞིན་དུ་དོན་སླར ་སྦྱིན་པར་བྱེད་པ་ལ་ཡང་རྣམ་པ་བཅུ་གཉིས་དང་། དོན་སླར་སྦྱིན་པར་བྱེད་པས་དམ་བཅས་པ་གཟུང་བ་དང་། མདོ་སྡེ་ཁས་ལེན་པ་དང་ཆོས་བཞིན་དང་འདུལ་བ་བཞིན་དུ་རྩོད་པ་ཚོལ་བའོ།། འདིར་རྣམ་པ་ལྔས་ནི་མི ་ནུས་པར་འགྱུར་ཏེ། རྗེསུ་བསྟན་པའི་ཚིག་ལྔ་མངོན་དུ་མི་ཤེས་པའི་ཕྱིར་ཏེ། དེ་ནི་སྦྱིན་པར་བྱེད་པ་དང་། དོན་སླར་སྦྱིན་པར་བྱེད་པ་དང་། ཆོས་དང་རྗེསུ་མཐུན་པར་སྦྱོར་བ་དང་། ཆོས་མ་ཡིན་པ་དང་། རྗེ་སུ་མཐུན ་པར་སྦྱོར་བ་དང་། དམ་འཆའ་བ་རྗེ་སུ་མི་འཛིན་པའོ།། རྣམ་པ་ལྔས་ཞི་བོར་མི་ནུས་ཏེ། རྩོད་པའི་རང་བཞིན་དང་ཀུན་ནས་སློང་པོ་དང་། གཟུང་བ་དང་། ཚར་གཅོང་པོ་དང་། ཉེ་བར་ཞི་ནས་ཡང་མི་འབྱུང་བར་མི ་ཤེས་པའོ།། གཞན་ཡང་རྣམ་པ་ལྔ་སྟེ། འཁྲུལ་པ་དང་། གསང་སྟེ་སྨྲས་པ་དང་། ནོར་པར་སྨྲས་པ་དང་། གློ་བུར་དུ་སྨྲས་པ་འཛིན་པ་དང་། སྨྲས་པ་ཡང་ཅི་སྲིད་ལ་གསུམ་གྱི་བར་དུ་དམ་འཆར་མི་གཞུག ་པའོ།། གནས་བཅུ་དྲུག་ཏུ་ལྟུང་བ་བསྟེན་པར་བྱ་བ་སྟེ། ལྕི་བ་དང་། ཡང་བ་དང་། ལྷག་མ་མ་ལུས་པ་དང་། གནས་ངན་ལེན་པ་དང་། ལུས་ཀྱི་དང་། ངག་གི་དང་། དགེ་བ་དང་། མི་དགེ་དང་། ལུང་དུ་མ་བསྟན་པ་དང་། བཅབས་པ ་དང་། མ་བཅབས་པ་དང་། བཤགས་པ་དང་། བསྡམ་པར་བྱ་བ་དང་། ཉེས་པར་བཤད་པར་གཏོགས་པ་དང་། འདུལ་བ་དང་། འགལ་བར་གྱུར་པའི་དབྱེ་བ་རྣམས་ཏེ། དེ་ལ་བསྡིགས་པ་ལ་སོགས་པའི་ཆད་པའི་ལས ་བྱའོ།། ཡང་ཆད་པའི་ལས་བཅུ་དྲུག་སྟེ། ཚངས་པ་དང་། བསླང་པ་དང་། ལོངས་སྤྱོད་དུ་མི་གཞུག་པ་དང་། བསྙིལ་བར་བྱ་བ་དང་། གྲང་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། སྨྱོ་བར་བྱ་བ་དང་། སྨད་པར་བྱ་བ་དང་། གནས ་ནོས་དབྱུང་བར་བྱ་བ་དང་ཁྱོག་ས་དཔ་མ་། སྨ་དབབ་པར་བྱ་བ་དང་། འགྱོད་པ་དང་། རྣམ་པར་འགྱོད་པ་དང་། རབ་ཏུ་རྣམ་པར་འགྱོད་པར་བྱེད་དུ་གཞུག་པ་དང་། ཉེ་བར་བསྡུ་བར་བྱ་བ་དང་། བརྗོད་པ་དང་བཅས་པ་དང་། ་ཕུར་བ་དང་། བཅས་པ་དང་། རོ་བཞིན་དུ་བྱ་བའོ།། རྣམ་པ་བཅུ་དྲུག་གི་ལས་བྱས་ཏེ། མངོན་སུམ་དུ་གྱུར་པ་དང་། བྱ་བའི་སྐབས་ཕྱེད་པ་དང་། གླེངས་པ་དང་། དྲན་པར་བྱས་པ་དང་། རང་གིས་ཁས་བླངས་པ ་དང་། ཕ་རོལ་པོས་ཁས་བླངས་པ་དང་། རྗེསུ་མཐུན་པར་སྦྱོར་བ་བརྟག་པ་དང་། རྗེསུ་མཐུན་པར་སྦྱོར་བ་བརྟག་མི་དགོས་པ་དང་། དྲིས་པ་དང་། དྲི་མི་དགོས་པ་དང་། ཁས་ལེན་དུ་བཅུག་པ་དང་། ཁས་ལེན་དུ་མ ་བཅུག་ཀྱང་རུང་ངོ་།། རྣམ་པ་བཅུ་དྲུག་གིས་ན་རྩོད་པ་ཞི་བར་གྱུར་ཏེ། ཆོས་བཞོན་དང་། དགེ་འདུན་གྱི་བསྒོ་བ་དང་། རྒྱལ་བའི་གསུང་བཞིན་རྗེསུ་མཐུན་པ་དང་། ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་སྒོ་བ་དང་། དོན་སྦྱིན་པར་བྱེད ་པ་འདུལ་བ་ལས་མི་འགལ་བ་དང་། མ་དག་པའི་ལྟུང་བ་མི་འཆབ་པ་དང་། བྱུང་བ་དང་། བཅས་པ་དང་། རྗེསུ་བཅས་པ་དང་། རྗེསུ་གནང་བ་དང་། རྗེ་སུ་མ་གནང་བ་དང་། རྗེ་སུ་མི་གནང་བར་སྦྱོར་བ་དང་། དོན་སྦྱིན་པར་བྱེད་པ ་དང་། དོན་སླར་སྦྱིན་པར་བྱེད་པ་དག་གིས་ངམ་འཆའ་བ་འཛིན་པ་དང་། མདོ་སྡེ་སྟོན་པ་དང་། འདུལ་བ་དང་། མཐུན་པ་དང་། ཆོས་ཀྱི་མིག་རྒྱས་པར་འགྱུར་བ་དང་། ཆོས་དང་འདུལ་བ་བཞིན་ཞི་བར་བྱེད་པའོ།། སླར་བཟློགས ་པ་ནི་ཞི་བའོ།། མི་ནུས་ནས་དགེ་འདུན་རྣམས་ལ་སྐྱོ་བར་བྱ་སྟེ། དེ་ལ་མངོན་སུམ་སྟེ། དགེ་འདུན་ལ་མངོན་སྙམ་དུ་སྤྲོས་པ་དང་། དེས་ཀྱང་མ་ནུས་ན་གསལ་བ་ལ་གཏད་པར་བྱའོ།། དེ་དག་གིས་ཀྱང་མོ་ནུས་ན་གསལ་བའི ་ཡང་གསལ་བ་ལ་གཏད་པར་བྱའོ།། དེ་དག་གིས་ཀྱང་མི་ནུས་ན་སླར་ཡང་དགེ་འདུན་ལ་སྤོ་བར་བྱའོ།། དེ་དག་གིས་ཀྱང་གནས་གང་ན་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་སྤོ་བར ་བྱེད་པའི་དགེ་སློང་བསྐོ་བར་བྱའོ།། དེས་ཀྱང་ཇི་ལྟར་གྱུར་པ་བརྗོད་པར་བྱའོ།། དེ་དག་གིས་ཀྱང་མ་ནུས་ན་རྩོད་པ་སྦེད་པར་བྱེད་པ་དེ་ཉིད་ལ་གཏང་ངོ་།། དེས་མདོ་སྡེ་ལ་སོགས་པ་འཛིན་པ་ལ་སྤྲོའོ།། དེ་དག་གིས་ཀྱང་མ་རུས་ན་དེ ་ཉིད་ལའོ།། དེས་ཀྱང་མ་ནུས་ན་གང་ན་གནས་བརྟན་གཙོ་བོ་འམ། ཤེས་པ་དེ་ལ་མཐའ་ཉེ་བར་བཟུང་ནས་གཏད་པར་བྱའོ།། དེས་དེ་དག་ལ་ཅི་ཡང་བདག་གིར་མི་བྱའོ།། ཁ་ཏོན་ལ་སོགས་པ་སྦྱིན་པར་མི་བྱའོ།། མདུན་ནམ་རྒྱབ ་ཏུ་འདུག་ན་མ་འགྱེད་ཤིག་མ་འཐབ་ཤིག། གཉི་ག་རྒྱལ་བ་མེད་ཀྱི། འོན་ཀྱང་གཅིག་པུ་ལ་བྱའོ་ཞེས་དེ་སྐད་ཉི་ཚེ་སྨྲ་བར་བྱའོ།། དེས་ཞི་བར་གྱུར་ན་ལེགས་པར་ཞི་བ་ཞེས་བྱ་སྟེ། དེ་ལྟར་ན་མངོན་སུམ་གྱིས་འདུལ་བ་ཡིན་ནོ།། ། ་གལ་ཏེ་གནས་བརྟན་གྱིས་ཀྱང་མ་ནུས་ན་དེས་སྤོ་བར་བྱེད་པ་ཉིད་ལ་གཏད་པར་བྱའོ།། དེས་ཀྱང་དགེ་འདུན་ལའོ།། དགེ་འདུན་གྱིས་ཀྱང་ཚུལ་ཤིང་མང་པོ་ལེན་དུ་བཅུག་ནས་ཞི་བར་བྱའོ།། རྣམ་པ་ལྔར་དོན་སྦྱིན་པར་བྱེད་པ ་དང་། དོན་སླར་སྦྱིན་པར་བྱེད་པ་དག་གིས་རྩུབ་པར་གཟུང་བའི་ཕྱིར་དེ་ལྟར་ན་རྩུབ་པ་ཅན་དང་། གདུག་པར་བྱེད་པའི་ཕྱིར་དེ་ལྟར་གདུག་པ་ཅན་དང་། རབ་ཏུ་འཛིན་པའི་ཕྱིར་དེ་ལྟར་ན་དམ་པོ་ཅན་དང་། དབྱེ་བར་བྱེད་པའི་གཞི ་བཅུ་བཞི་འཛིན་པོའི་ཕྱིར་དབྱེ་བའི་བསམ་པ་ཅན་དང་། གནས་བརྟན་གྱི་མཐར་ཐུག་གི་བར་དུ་ཕྱིན་ཀྱང་སྦྱོར་བ་གཞན་དུ་མི་འགྱུར་བའོ།། ཚུལ་ཤིང་བྲིམ་པ་ལ་རྣམ་པོ་བཞི་སྟེ། གང་ན་གནས་བརྟན་ཆོས་བཞིན་དུ་མི་སྨྲ་བ ་མང་བ་དེར་ནི་དགབ་པར་བྱ་བ་དང་། གོ་བཟློག་པ་དེར་ནི་གསལ་བར་བྱ་བ་དང་། གད་ན་རྣ་དྲུང་དུ་ཁྱོད་ཀྱི་མཁན་པོ་དེས་ནི་ཆོས་ཀྱི་ཚུལ་ཤིང་བླངས་ཀྱིས་ཁྱོད་ཀྱིས་ལོང་ཞིག་ཅེས་བསྒོ་བ་དང་། གང་ན་ནད་པ ་མང་ཞིང་དགེ་འདུན་ཐམས་ཅད་ཀྱི་དང་བཞི་པའོ།། ཚུལ་ཤིང་བྲིམ་པ་ཆོས་དང་ལྡན་པ་མ་ཡིན་པར་ལེན་པ་བཅུ་སྟེ། ཆོས་མ་ཡིན་པར་ལེན་པ་དང་། འདུལ་བ་དང་རྗེ་སུ་མི་མཐུན་པ་དང་། མ་འདུས་པར་ལེན་པ་དང་། ཅུང ་ཟད་ཙམ་གྱིས་ལྟུང་བ་ཆུང་ངུས་དབྱེ་བར་དོགས་པ་དང་། གནས་བརྟན་གྱི་མཐར་མ་ཕྱིན་པར་སྦྱོར་བ་གཞན་དུ་བཟློག་པ་དང་། རྟོགས་པ་རྟོགས་པ་དང་། མི་ལྡན་པ་ཁ་ལོ་སྒྱུར་བར་བྱེད་ཅིང་འདུལ་བ་འཛིན་པ་ལ་སོགས་པ་ལ ་མཱི་འདྲི་བ་དང་། དགེ་འདུན་དབྱེ་བར་བྱ་བའི་ཕྱིར་རོ་སྙམ་དུ་འདུ་ཤེས་པ་དང་། དགེ་སློང་ཆེས་རབ་ཏུ་མང་པོ་དག་ཆོས་མ་ཡིན་པར་སྨྲ་བར་འགྱུར་བར་ཤེས་པ་དང་། དགེ་འདུན་དབྱེ་བར་འགྱུར་རོ་སྙམ་དུ་ཤེས་པ་དང་། ཆོས་མ ་ཡིན་པར་སྨྲ་བར་གྱུར་ཀྱང་ཅི་མ་རུང་སྙམ་པོའོ།། གོ་བཟློག་པ་བཅུ་ནི་ཆོས་ཡིན་ནོ།། ཚུལ་ཤིང་བྲིམ་པས་ཚུལ་ཤིང་རྣམ་པ་གཉིས་སུ་བྱ་སྟེ། ཆོས་ཀྱི་ཚུལ་ཤིང་ནི་དབྱིབས་དང་། ཁ་དོགས་དང་། གཟུགས་ཕུན་སུམ་ཚོགས ་པ་དང་། ཆོས་མ་ཡིན་པའི་ཚུལ་ཤིང་ནི་སླར་བཟློག་པའོ།། ཆོས་ཀྱི་ཚུལ་ཤིང་ལག་པ་གཡས་པར་གཟུང་བར་བྱའོ།། ཆོས་མ་ཡིན་པའི་ཚུལ་ཤིང་ནི་ལོག་པ་གཡོན་པར་རོ།། དེ་ནས་མདུན་དུ་འདུག་ལ་བསྔགས་པ་དང ་མི་བསྔགས་པ་གཉིས་བརྗོད་པར་བྱའོ།། ཆོས་མ་ཡིན་པའི་ཚུལ་ཤིང་གི་ཕྱིར་ལག་བསྐྱོད་ན་ཚིག་དང་པོ་དང་གཉིས་ཀྱིས་བར་དུ་སྦྱིན་པར་མི་བྱའོ།། གསུམ་པ་ལ་སྦྱིན་ཏེ་འདུལ་བ་དང་འགལ་བའི་ཉེས་བྱས་བཤགས་པར་བྱའོ།། ། ་གལ་ཏེ་ཆོས་ཀྱི་ཚུལ་ཤིང་གཅིག་གིས་ཀྱང་ཉུང་བར་འགྱུར་ན་ཀུན་ཤེས་ཀཽཎྜི་ནྱའི་ཕྱིར་གཅིག་ཐང་བར་བྱའོ།། གལ་ཏེ་ཆོས་ཀྱི་ཚུལ་ཤིང་གཅིག་གིས་ལྷག་པར་གྱུར་ན་ཆོས་ཀྱི་རྩོད་པ་ཞི་བ་ཡིན་ཏེ། གང་ཆོས་ཀྱིས་སྐྱོ ་སྩོགས་བྱེད་ན་ལྟུང་བྱེད་དོ།། གལ་ཏེ་ཆོས་མ་ཡིན་པའི་ཚུལ་ཤིང་མང་བར་གྱུར་ན་ཡང་ཆོས་མ་ཡིན་པས་ཞི་བ་ཡིན་ཏེ། དེ་ཡང་སྐྱེ་སྔོགས་བྱས་ན་ཉེས་བྱས་སོ།། དེ་ལྟར་ན་གང་ཚུལ་ཤིང་མང་པོ་བྲིམས་པས་ཞི་བར་གྱུར་པ ་ཡིན་ནོ།། མི་བསྡམས་པའི་ཕྱིར་རྩོད་པ་ནི་ཞི་བ་རྣམ་པ་གསུམ་གྱིས་ཞི་བར་བྱ་སྟེ། འགྱེད་པའི་ཕྱིར་རྩོད་པ་བཞིན་དུ་མངོན་སུམ་གྱིས་འདུལ་བ་དང་། དྲན་པས་འདུལ་བ་སྟེ། ཇི་ལྟར་གྱད་བུ་ནོར་ལ་དགེ་སློང་བདག་གིས ་གཞི་དེས་གླེངས་པས་ན་ངོ་ཚ་བའི་ཕྱིར་གསོལ་བ་དང་གཉིས་ཀྱི་ལུས་ཀྱིས་རློན་པས་འདུལ་བ་སྟོན་པ་དང་། དེ་བཞིན་དུ་དེ་ལྟ་ལྟུང་བ་གཞན་བྱུང་ན་གཞན་གྱིས་བླངས་པ་དང་། ལྟུང་བ་ཕྱིར་བཅོས་པ་ཡང་ངོ་།། མ་མྱོས ་པས་འདུལ་བ་སྟེ། ཅི་ལྟར་བྱེ་མ་སྐྱེས་ལ། སྨྱོས་པའི་ཚེ་བྱས་པ་གླེངས་པའི་ཕྱིར་གསོལ་པ་དང་། ལས་བརྗོད་པ་གསུམ་གྱིས་མ་མྱོས་པས་འདུལ་བ་སྦྱིན་པའོ།། ཆོས་མ་ཡིན་པར་དྲན་པས་འདུལ་བ་སྦྱིན་པ་ལ་གསུམ ་སྟེ། མཐར་འགྱུར་བའི་ལྟུང་བ་བྱུང་བ་དང་། སྨྱོས་པས་ཉེས་པ་བྱུང་བ་དང་། མཱཾ་གཞི་ལྟུང་བ་བྱུང་བ་ཤེས་བཞིན་དུ་ཁས་ལེན་པ་ལའོ།། དང་བ་ནི་བསྐྱིལ་བར་བྱ་བར་འོས་པ་ཉིད་དོ།། གཉིས་པ་ལ་ནཱི་མཱ་མྱེས་པ ་འདུལ་བ་སྦྱིན་པར་འོས་སོ།། གསུམ་པ་ལ་ནི་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་སོ།། ཆོས་མ་ཡིན་པར་མ་མྱོས་པས་འདུལ་བ་སྦྱིན་པ་གཅིག་སྟེ། གང་མྱོས་པ་མ་ཡིན་ན་བདག་སྨྱོས་སོ་ཞེས་ཁས་ལེན་པའོ།། ལྟུང་བའི་ཕྱིར་རྩོད ་པ་ལ་ཞི་བར་འགྱུར་བ་རྣམས་པ་བཞིས་ཞི་བར་བྱས་ཏེ། དེ་ལ་ཁས་བླངས་པར་བྱ་བ་ནི་ཅི་ལྟར་ལྟུང་བ་བྱུང་བ་ལ་གླེངས་སམ་མ་གླེངས་ཀྱང་རུང་། དྲན་པར་བྱས་སམ་དྲན་པར་མ་བྱས་ཀྱང་རུང་སྟེ། དགེ་སློང་གི་མདུན་དུ་ཚུལ་བཞིན ་དུ་འཆགས་པ་འདི་ནི་ཁྲས་བླངས་པའོ།། ཆོས་མོ་ཡིན་པར་ཁས་ལེན་པ་སྦྱིན་པ་བཅུ་སྟེ། ལྟུང་བ་སྡེ་ལྔ་བྱུང་བ་ལ་མ་བྱུང་ངོ་ཞེས་ཁས་ལེན་པ་དང་། མཽ་བྱུང་བ་ལ་བྱུང་ངོ་ཞེས་ཁས་ལེན་པའོ།། སླར་བཟློག་པ་བཅྡོཾ་ནི་ཆོས ་དང་མཐུན་པ་ཉིད་དོ།། དེ་ལ་མངོན་སུམ་དུ་འདུལ་བ་ནི་རི་དགས་འཛིན་གྱི་བུ་ནག་པོ་ལས་བརྩམས་ཏེ་གང་ཟག་ལ་གླེང་བ་དང་། དེ་བཞིན་དུ་ཆོས་བཞིན་འདུལ་བ་བཞིན་མངོན་སུམ་དུ་མིག་བཞིར་དགེ་འདུན་ལ་གླེང་པོའི་བཱར་དྷ། ་དང་། དེ་བཞིན་དུ་གཉིས་ཀྱིས་དགེ་འདུན་ལ་གླེང་བའི་བར་དུ་དང་། མང་པོས་དགེ་འདུན་ལ་གླེང་བའི་བར་དུ་དང་། དགེ་འདུན་གྱིས་དགེ་འདུན་ལ་གླེང་བའི་བར་དུའོ།། རྣམ་པ་བཅུ་དྲུག་པོ་དེ་དག་ཉིད་ལ་གཞན་ནི་ཆོས་བཞིན་གྱི ་གླེང་བ་ཆེས་མ་ཡིན་ན་མངོན་སུམ་དུ་འདུལ་བ་སྦྱིན་པའི་རྣམ་པ་བཅུ་དྲུག་ཀྱང་ཆོས་བཞིན་མ་ཡིན་པའོ།། གང་ལ་གླེང་བ་ཆོས་བཞིན་མ་ཡིན་པ་གླེང་བར་བྱེད་པ་ཆོས་བཞིན་ཡིན་ན་མངོན་སུམ་དུ་འདུལ་བ་སྦྱིན་པ་རྣམ་པ་བཅུ ་དྲུག་ཀྱང་ཆོས་བཞིན་ནོ།། དེ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་ནི་དགེ་འདུན་གྱི་ནང་དུ་གང་ལྟུང་བ་སྟོན་ཏེ། སྟོན་པ་ལ་ཁས་ལེན་པ་དང་། ཁས་བླངས་པ་ལས་ཡང་སྟོན་པ་དེ་ལ་ནི་གསོལ་བ་དང་། གཉིས་ཀྱི་ལས་ཀྱི་སྦྱིན་པར ་བྱ་སྟེ། དེ་ནི་ཆོས་བཞེན་པའོ།། ཁས་བླངས་ལ་སྟོན་པ་ལས་ཡང་ཁས་ལེན་པ་འདི་ནི་ཆོས་བཞིན་མ་ཡིན་པའོ།། དེ་ལ་རྩཝ་བཀྲམ་པ་ལྟ་བུ་ནི་ཕྱོགས་གཉིས་སུ་ཆད་དེ་གནས་པ་ལ་ཕྱོགས་ཀྱི་གཙོ་བོ་དག་གིས་རང་རང་གི་ཕྱོགས ་ལོ་བསྒོ་སྟེ། ཕྱོགས་ཕ་རོལ་པོ་ལ་བཟོད་པར་བྱས་ཏེ། ལྟུང་བའང་བཤགས་པར་བྱའོ།། བདག་དང་ཕྱོགས་ཀྱི་དོན་གྱི་ཕྱིར་གང་ཕྱོགས་གཙུག་གིས་ཕྱོགས་གཉིས་པཱ་ལ་སྒྲ་སྒྲོལ་བར་བྱེད། འབྱུང་བར་བསྐྱོད། ཕྱག ་འཚུལ་བ་ཉེ་བ.རཱ་སྟོནྡ། གཉིས་པ་ཡང་དེ་བཞིན་ཏཱཾ། ཕན་ཚུན་ལྟུང་བ་གླེང་བར་མི་བྱེད་དོ།། དེ་ལྟར་ན་རྩོད་པ་དེ་རྣཾ་བསྒོམ་པ་ལྟ་བུ་རྩོད་པ་ཞི་བར་བྱས་པོས་ནི་བུ་ཡིན་ནོ།། བྱ་བའི་ཕྱིར་རྩོད་པ་ནི་དགེ་འདུན་འདུས་པསོ་ཞི་བར ་བྱའོ།། ཚངས་པ་ཇི་བཞིན་གཅིག་དེ་བཞིན། བརྒྱ་བྱིན་ཅི་བཞིན་གཉིས་དེ་བཞིན། རྒྱལ་པོ་ཇི་བཞིན་གསུམ་དེ་བཞིན། དེ་ལ་ལྷགས་པ་འཁྲུགས་པར་འགྱུར་ཞི་བར་བགྱི་བོ་བདུན་མ་མཆིས་ཀྱང་རྩོད་པ་ཞི་བར་འགྱུར་བ་མཆིས ་སམ། ཡོད་དེ། གལ་ཏེ་གཉིས་སམ། གང་ཡང་རུང་བ་དུས་བྱས་པའམ། ཁྱིམ་པ་ལ་སོགས་པར་ཤེས་པར་བྱེད་དམ། ནད་ཡུན་རིང་པོས་ཐེབས་སམ། ཡུལ་གཞན་དུ་སོང་བས་སོ།། དེ་ལྟ་བས་ན་གང ་གིས་ཚིགསུ་བཅད་པ་གཅིག་ཀླགས་ཀྱང་དེས་ཆོས་དཀོན་མཆོག་གི་རྙེད་པ་ཡོངསུ་ལོངས་སྤྱད་པར་བྱའོ།། འདི་ལ་འགྱོད་པར་མི་བྱའོ།། སློབ་དཔོན་གྱིས་ཀྱང་སྨྲས་པ། རྩོད་པ་རྣམ་པ་བདུན་ལ་ཞི་བར་བྱེད་པ་བདུན་དུ་གནས་ཏེ། ་རྩོད་པ་བདུན་པོ་ཇི་ལྟ་བུ་ཞེ་ན། ལྟུང་བ་ལས་བརྩམས་ཏེ་མཚན་ཉིད་ཁས་མི་ལེན་པས་ན་རྩོད་པ་དང་། བྱས་པ་ཁས་མི་ལེན་པས་རྩོད་པ་དང་། རང་དབང་མེད་པར་ཁས་མི་ལེན་པས་རྩོད་པ་དང་། བརྟགས་ནས་ཁས་བླངས ་པ་ལས་ཁས་མི་ལེན་པས་རྩོད་པ་དང་། ཁས་བླངས་ནས་སྟོན་པའི་ཕྱིར་རྩོད་པ་དང་། མཚན་མ་ལས་རྩོད་པ་དང་། ང་རྒྱལ་གྱིས་ཕྱོགས་ཀྱིས་རྩོད་པའོ།། དེ་ལ་དང་པོ་ནི་དགེ་སློང་མངོན་སུམ་དུ་ལྷག་པར་སྤྱོད་པ་མཐོང་བས ་གླེངས་ན་དེས་བྱས་པ་དེ་ནི་ཁས་ལེན་ལ་ལྟུང་བའི་མཚན་ཉིད་ནི་ཁས་མི་ལེན་ཏེ། དེ་ལ་དགེ་འདུན་གྱིས་ལྟུང་བ་དང་ལྟུང་བ་མེད་པའི་མཚན་ཉིད་བརྟགས་ཏེ་གླེངས་ནས་ཤོག་ཅིག་ཅེས་བརྗོད་པར་བྱའོ།། ཡོད་ན་གླེང་བ་དགག ་པར་བྱ་སྟེ། དེ་ལྟར་རྩོད་པ་མངོན་སུམ་དུ་འདུལ་བས་ཞི་བར་བྱའོ།། གཞན་ཡང་གང་དང་གང་བྱས་པ་མཐོང་བ་དང་། ཐོས་པ་དང་། དོགས་པས་གླེངས་ན་བྱས་པ་དེ་རྣམས་མི་དྲན་ཞེས་སྨྲ་ན། དེ་དགེ་འདུན་གྱིས་གླེངས་པའི་དགེ ་སློང་ཚུལ་ཁྲིམས་དང་ཆོ་ག་དང་། འབྲེལ་པ་བརྟགས་ལ། གླེངས་པ་དེའི་དྲན་པ་ལ་དྲན་པས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ།། གཞན་ཡང་རང་དབང་མེད་པར་བྱེད་པར་བྱས་པ་ཁས་མི་ལེན། དེ་ལ་དགེ་འདུན་གྱི་རང་དབང ་མེད་པར་བྱས་ལ་བརྟགས་ལ། མྱོས་པ་ལ་སོགས་པ་ལ་ལྟུང་བ་མེད་དོ།། ཞེས་བྱ་བ་ནི་མ་མྱོས་པས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ།། ཁ་ཅིག་ནི་ཡང་ལྟུང་པོ་འམ། ལྟུང་བ་མ་ཡིན་ཞེས་རྟོགས་པ་རྣམས་འཁྲུགས་པར་འགྱུར ་ཏེ། དགེ་སློང་དག་གིས་རྩོད་པ་མདོ་སྡེ་དང་། འདུལ་བ་དང་། མེ་མོ་འཛིན་པ་ལ་གཏོད་པར་བྱའོ།། དེ་དག་གིས་ལྟུང་བའམ། ལྟུང་བ་མེད་པ་དེའི་ངོ་བོ་ཉིད་རྟོགས་ལ་གང་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་གང་རྩོད་པ་ཞི་བར་བྱས་པའོ།། ་གཞན་ཡང་ལྟུང་བ་ཁས་བླངས་ནས་ཡང་སྟོན་ལ་སྟོན་ནས་ཡང་ཁས་ལེན་ན་དེ་ལ་དགེ་འདུན་གྱིས་ཅི་འདི་མང་པོ་དེ་མང་པོ་རྣམས་ཀྱི་ཐད་དུ་ཁས་བླངས་སམ། འོན་ཏེ་སྐྱོན་ཅེས་བརྟག་པར་བྱའོ།། གང་རྣམ་པ་མང་དུ་འདོད་པས ་རྩོད་པ་དེ་ཞི་བར་བྱའོ།། གཞན་ཡང་རྩོད་པའི་གནས་སུ་མི་འགྱུར་ཏེ། གང་བདག་ཉིད་ཀྱིས་ལྟུང་བ་མཐོང་ཞིང་བཤགས་ཏེ། རྩོད་པའི་མཚན་མ་ཉིད་ཞི་བར་བྱས་པའོ།། དེ་ལྟར་ཁས་བླངས་པས་རྩོད་པ་དེ་ཞི་བ་ཡིན་ནོ།། ་གཞན་ཡང་བདག་ཅག་གི་ཕྱོགས་ལ་གླེངས་སོ་ཞེས་ཏེ། ང་རྒྱལ་མངོན་དུ་བཟུང་ནས་ཕྱོགས་དང་ཕྱི་རོལ་པའི་ཕྱོགས་སུ་གནས་པར་གྱུར་ཏོ།། དེ་ལ་ཕྱོགས་ཏེ་གཉིས་ཀའི་གཙོ་བོ་དག་གིས་རང་གིས་ཕྱོགས་ལ་བསྒོ་ལ ་དེ་ལ་རྗེ་སུ་གནང་ན་ཕྱོགས་གཉིས་པ་ལ་ཡང་བསྒོ་བར་བྱའོ།། དེ་ལྟར་ན་རྩོད་པ་དེ་རྩཝ་བཀྲུམ་པ་ལྟ་བུས་ཞི་བར་བྱའོ།། དགེ་སློང་གིས་སྤྱོད་པ་བཅུ་སྟེ། ལྡོག་པ་དང་། མི་བཟོད་པ་དང་། མ་རྟོགས་པ་དང་། དགེ་འདུན ་ལ་རག་ལས་པ་དང་། དགེ་བསྙེན་མ་བསྟེན་པ་དང་། ཡོ་བྱད་ཡོངསུ་ལོངས་སྤྱོད་པ་དང་། དགེ་སློང་དང་། དགེ་སློང་མ་དང་། ཁྱིམ་པ་ཐ་སྙད་དང་། བསོད་སྙོམས་ལ་མགྲོན་དུ་བོས་ཤིང་བདག་གིར་བྱེད་པ་དང་། དེར་ཡང་ཆོ་ག་བཞིན་དུ ་པ་དང་། ཕན་ཚུན་གླེང་བར་བྱེད་པ་སྟེ། འདི་དག་ནི་སོ་སོར་ཐར་པའི་ལུ་ས་སོ།། དེ་རྣམ་པ་བཅུ་ལ་སྤྱོད་པའི་ཚེ། རྣམ་པ་གཉིས་ལས་ཉོན་མོངས་པའི་ལྟུང་བ་འབྱུང་ངོ་།། རིང་བ་ལས་ཏེ། གང་དྲན་པ་ཉམས་པར་གྱུར་པ་ལས ་ཁ་ན་མ་ཐོ་བ་དང་བཅས་པའི་ལྟུང་བ་བྱུང་བར་བྱེད་པ་དང་། ཉེ་བ་ལས་ཏེ། གང་བདག་ཉིད་མངོན་སུམ་དུ་གྱུར་ཅིང་ལྟུང་བ་འབྱུང་བར་བྱེད་པའོ།། དེ་ལ་དགེ་སློང་གིས་གླེང་གཞི་ལས་བྱུང་བའི་མཚན་མ་ཡོངསུ་སྤངས་པ་དེ ་ཉེ་བར་ཞི་བར་བྱའོ།། དེས་ཀྱང་ཞི་བར་མི་འགྱུར་ན་གཉེན་པོ་ཡིད་ལ་བྱའོ།། བདག་ཉིད་ཀྱིས་མི་ནུས་ན་བླ་མའི་གནས་ལྟ་བུ་དང་། མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པ་རྣམས་ལས་གཉེན་པོ་རིག་པར་བྱས་ལ་ཡིད ་ལ་བྱའོ།། གལ་ཏེ་ཡང་མི་ནུས་ན་ཀློག་པ་དང་། ཁ་ཏོན་བྱ་བ་དང་། དོན་མཉན་པ་དང་། བསམ་པ་དང་། དཀོན་མཆོག་གསུམ་ལ་མཆོད་པ་དང་། བླ་མའི་གནས་ལྟ་བུ་ལ་ཞལ་ཏའི་ལས་བྱ་བ་དང་། ཡུལ་གཞན་དུ་འགྲོ་བ ་དང་། ཟས་བསྐྱུང་བ་ལ་སོགས་པས་དཔྲལ་བར་བྱའོ།། གལ་ཏེ་ཡང་མ་ནུས་ན་མ་དག་བཞིན་དུ་དད་པས་སྦྱིན་པ་བདག་གིས་སྤྱད་པར་མི་རིགས་སོ་སྙམ་དུ་ངོ་ཚ་བ་བསྐྱེད་པར་བྱའོ།། སྟོན་པས་གཟིགས་པ་དང་། ལྷ་རྣམས ་ཀྱིས་ལྷའི་མིག་གིས་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱང་བདག་ལ་ལྟའོ་ཞེས་སོ།། ཇི་སྐད་བསྟན་པ་དེ་བཞིན་དུ་མི་བྱེད་ན་ཐམས་ཅད་ཉེས་བྱས་སོ།། དོད་པས་བྱིན་པ་ཡོངསུ་ལོངས་སྤྱོད་ན་ཡང་ཉེས་བྱས་སོ།། ། ་དེ་བཞིན་དུ་བྱས་པ་ལས་ཀྱང་ཉོན་མོངས་པ་མང་ཞིང་འཁྲུལ་པར་འགྱུར་ན་དད་པས་བྱིན་པ་ཡོང་སུ་ལོངས་སྤྱོད་ཀྱང་ལྟུང་བ་མེད་དོ།། མཚན་མ་སྤངས་པ་ལ་སོགས་པ་ཐམས་ཅད་བྱས་ཀྱང་བདག་གིས་མི་ནུས་པར་མཐོང་ན ་བསླབ་པ་དབུལ་བར་བྱའོ།། དེའི་ཕྱིར་ཉོན་མོངས་པ་སྤང་བའི་ཕྱིར་སྦྱོར་བར་མི་བྱེད་ན་ལྟུང་བ་མུང་དུ་དེའི་གླེང་བའི་ཕྱིར་དད་པས་སྦྱིན་པ་ཡོངསུ་ལྗོངས་སྤྱད་པར་བྱ་བར་མི་རིགས་སོ།། དེ་ལྟ་བས་ན་དེས་དེ་ཡོངསུ་སྤྱོད་ན ་ཉོན་མོངས་པ་མང་དུ་འོགྱུར་རོ།། རྩོད་པ་ཞི་བར་བྱ་བ་རྫོགསོ།། །། བཅོམ་ལྡན་འདུས་དེའི་འདི་དག་གོ། ཞེས་བྱ་བ་ནི་རྒྱ་ཆེར་དབྱེ་བའོ།། འདི་ཡང་རྒྱ་ཆེར་བརྗོད་ལ་མདོར་བསྡུས་པ་ཡིན་པ་སྟེ། རྗེ་སུ་གནང་བ་འང ་མ་ལགས། བཀག་པའང་མ་ལགས་པ་དེ་ལ་ཅི་ལྟར་བསྒྲུབ་པར་བགྱི། ཅི་སྐད་ཕྲན་ཚེགས་ལས་འབྱུང་བའི་འདུལ་བ་མདོར་བསྡུས་པ་རྗེསུ་དྲན་པར་བྱས་ཏེ། དགེ་སློང་རྣམས་ཅི་སྐད་དུ་ངས་ཐོག་མ་ནས་བཀག ་པ་ཡང་མེད་ལ་རྗེསུ་གནང་བ་ཡང་མེད་པ་དེ་ནི་གལ་ཏེ་མི་རུང་བ་དང་། རྗེསུ་མི་མཐུན་པ་གལ་ཏེ་རུང་བ་དང་རྗེསུ་མཐུན་ན་རུང་བའོ་ཞེས་བྱས་ལ་སྤྱད་པར་བྱའོ།། རུང་བ་དང་རྗེ་སུ་མི་མཐུན་མི ་རུང་བ་དང་རྗེསུ་མཐུན་མི་རུང་བའོ་ཞེས་བྱས་ཏེ་སྤྱད་པར་མི་བྱའོ་ཞེས་གསུངས་པ་ལྟ་བུའོ།། མདོར་གཏོགས་པ་ཞེས་བྱ་བ་ནི་ཚིག་ནང་དུ་འདུས་པའོ།། མདོར་བསྡུས་པ་ཞེས་བྱ་བོ་ནི་དོན་ནང་དུ་འདུས་པའོ།། གང་གཞན་ཡང ་ཞེས་བྱ་བ་ནི་གཞི་ལ་སོགས་པའི་གཞུང་ལས་འབྱུང་བའོ།། ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་དང་མཐུན་པ་ནན་ཏན་དུ་བྱེད་པའི་ཆོས་ཞེས་བྱའོ།། ཡང་དག་པར་རྫོགས་པའི ་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉན་ཐོས་རྣམས་ནི་དཀའ་ཐུབ་དཀའ་བ་ལ་ལྷག་པར་མོས་པོར་གྱུར་ཏེ། དེ་དག་ཀྱང་དཀའ་ཐུབ་དཀའ་བ་ལ་ནན་ཏན་དུ་བྱེད་ཅིང་དེའི་འབྲས་བུ་དང་། དེ་སྟོན་པ་ལ་ལྷག་པར་མོས ་ནས་དེ་ཡང་དེ་བཞིན་དུ་ལྷག་པར་མོས་ཏེ་གལ་ཏེ་ལས་རྙིང་པ་རྣམས་ནི་དཀའ་ཐུབ་ཀྱིས་ཟད་པར་འགྱུར། ལས་སར་པ་རྣམས་ནི་མ་བྱས་ནས་ཆུ་ལོན་བཞིན་ཏེ། དེ་ལྟར་ན་ཚེ་ཕྱི་མ་ལ་ཟག་པ་མེད་དོ།། ཟག་པ་མེད་པས་ན་ལས ་ཟད། ལས་ཟད་པས་ན་སྡུག་བསྔལ་ཟད། སྡུག་བསྔལ་ཟད་པས་ན། སྡུག་བསྔལ་མཐར་ཕྱེད་པར་འགྱུར་རོ།། གང་དེ་ལྟར་སྟོན་པ་དེ་ནི་དགེ་སྦྱོང་ཡིན་ནོ་ཞེས་དེ་ལྟ་བུར་ལྷག་པར་མོས་པའི་གཉེན་པོར་བཅོམ་ལྡན་འདས་དེས ་ཉན་ཐོས་རྣམས་ལ་སོ་སོར་ཐར་པ་འདི་གསུངསོ།། བཟོད་པ་དཀའ་ཐུབ་དམ་པ་ཞེས་བྱ་བ་རྒྱ་ཆེར་རོ།། དེ་ལ་དཀའ་ཐུབ་དཀའ་བ་ལ་ལྷག་པར་མོས་པའི་གཉེན་པོར་གསུངས་པ་ནི་བཟོད་པ་དཀའ་ཐུབ་དམ་པའོ།། ལུས ་གདུང་བ་ལ་མ་ཡིན་ནོ།། སེམས་གདུང་བ་དེ་ཉིད་གོམས་པར་བྱ་བར་མཆོག་ཏུ་དཀའ་བོའི་ཕྱིར་རོ།། དེའི་འབྲས་བུ་ལ་ལྷག་པར་མོས་པའི་གཉེན་པོར་བཟོད་པའི་མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས་ཞེས་བྱ ་པབཔ་གསུངས་ཏེ། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་འདོད་པ་དེ་ནི་འདིར་བཟོད་པ་ཞེས་བྱ་བར་དགོངས་སོ།། གང་ལ་བརྟེན་ནས་མྱ་ངན་ལས་འདའ་བའོ།། མཆོག་ཅེས་བྱ་བ་ནི་དམ་པ་སྟེ། རྟག་ཏུ་དགེ་བའི་ཕྱིར་རོ།། ཡེ ་ཤེས་ཀྱི་མྱ་ངན་ལས་འདའ་བ་ཐོབ་ཀྱི་དཀའ་ཐུབ་དཀའ་བས་མ་ཡིན་པས་ན། དེ་དེ་ལྟར་ན་བཟོད་པས་འཐོབ་པའི་མྱ་ངན་ལས་འདའ་བ་ནི། བཟོད་པའི་མྱ་ངན་འདའ་བ་ཞེས་བྱ་བ་ཚིག་པར་མ་ཕྱི་མས་བསྟན་ཏོ།། དེ ་སྨད་སྟོན་པའི་གཉེན་པོར་རབ་ཏུ་བྱུང་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གུང་ལུས་གདུང་བ་དོན་མེད་པ་ལ་གཞན་ཉེ་བར་གདུང་དུ་འཇུག་པར་བྱེད་པ་དེ་ནི་གཞོན་ལ་གནོད་པར་བྱེད་པ་དེ་དག་དགེ་སྦྱོང་མ ་ཡིན་ཏོ།། དེ་ལྟ་མོད་ཀྱི་གཞན་ལ་ལོག་པར་སྦྱོར་བས་སྦྱོར་པོ་བརྩམས་ཏེ། སྤྱོད་པར་བྱེད་པས་འཚེ་བ་ཡིན་ནོ།། ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་གྱི་ཉན་ཐོས་རྣམས་ནི་ཕལ་ཚོར་མཐོ་རིས་སུ་སྨོན ་ལམ་འདེབས་ཤིང་ཚངས་པར་སྤྱད་པ་ལྷག་པར་མོས་པར་འགྱུར་ཏེ། དེ་ལྟར་ལྷག་པར་མོས་པའི་གཉེན་པོར། བཅོམ་ལྡན་འདས་དེས་སོ་སོར་ཐར་པ་མིག་ལྡན་ཉམྱ་ང་བ་དགེ་ཇི་བཞིན་དུ་ཞེས་བྱ་བ་འདི་རྒྱ་ཆེར ་གསུང་སོ།། དེ་ལ་ཤེས་རབ་ནི་མིག་གི་གནས་ལྟ་བུའོ།། དེ་དང་ལྡན་པས་ན་མིག་ལྡན་ཞེས་བྱ་སྟེ། ཇི་བཞིན་ཞེས་བྱ་བའི་སྒྲ་ནི་གཉི་ག་དང་འབྲེལ་ཏོ།། ཉམ་ང་བ་དང་འདྲ་བ་ནི་མཐོ་རིས་ཡིན་ཏེ། དེར་སྤྱོད་པ་ནི་ངན་སོང་གི་འགྲོ་བར་ལྟུང་བར་འགྱུར་རོ།། འ ་པབ་ཡོད་པའི་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་འགྲོ་བ་དང་འདྲ་བའོ།། མཁས་པ་ཞེས་བྱ་བ་ནི། ཐབས་ལ་མཁས་པའོ།། སྡིག་པ་དག་ནི་ཡོངསུ་སྤོང་ཞེས་བྱ་བ་ནི། མཐོ་རིསུ་སྨོན་པ་ལ་སླར་བཟློག་པའོ།། གང་སྡིག་པའི་བྱེད་པ་ཐོབ་པས་མཐོ་རི་སུ ་འདོད་པ་དེས་ནི་སྡིག་པ་སྤངས་པ་མ་ཡིནོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་དེའི་ཉན་ཐོས་རྣམས་ནི་ཚུལ་ཁྲིམས་ཙམ་གྱིས་མགུ་བར་འགྱུར་ཏེ། གཞན་དག་ཀྱང་ཉེས་པར་བཤགས་པར་ཞུགས་པ་རྣམས་ལ་དེ་དག ་སྒྱུར་པ་འདེབས་ཤོང་ངག་དང་ཡིད་ཀྱི་དེ་དག་ལ་གནོད་པར་བྱེད་ལ། བདག་ཉིད་ཀྱང་ཚུལ་ཁྲིམས་ཙམ་གྱིས་མགུ་བ་ན་དགེ་སློང་གི་འབྲས་བུ་ཡང་ཐོབ་པར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཉེས་པ་དེའི་གཉེན་པོར་ཉན་ཐོས་རྣམས་ལ་སོ ་སོར་ཐར་པ་འདི་གསུང་སོ།། དེ་ལ་སྐུར་པ་འདེབས་པའི་གཉེན་པོར། སྐུར་པ་མི་གདབ་ཅེས་གསུང་སོ།། ཡིན་གྱིས་གནོད་པ་བྱེད་པའི་གཉེན་པོར་གནོད་མི་བྱ་ཞེས་བྱ་བ་གསུང་སོ།། དགེ་སྦྱོང་གི་འབྲས་བུ་མི་འཐོབ་པའི་གཉེན་པོར་སོ་སོར་ཐར ་པའང་ཞེས་བྱ་བར་རྒྱ་ཆེར་གསུང་སོ།། མྱ་ངན་ལས་འདའ་བའི་དབང་དུ་བྱས་པའི་ཚུལ་ཁྲིམས་ལ་བརྟེན་ནས་འདོད་པས་གསོད་ཉམས་དང་། བདག་ཉིད་དུབ་པ་ལ་སྦྱོར་བའི་མཐའ་གཉིས་སྤངས་ལ་ཞི་བའི་གནསུ་ཞུགས་ཏེ། ཞི་གནས་ལ་བརྟེན ་ནས་ཐར་པར་འགྱུ་རོ་ཞེས་བྱའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་གྱི་ཉན་ཐོས་རྣམས་ལ་ཕལ་ཆེར་རྙེད་པ་དག་བཀུར་སྟི་ལྔ་འདོད་པར་གྱུར་དེ་འདོད་པའི་གཉེན་པོར་བཅོམ་ལྡན་འདས་དེས་ཉན་ཐོས་རྣམས་ལ་སོ ་སོར་ཐར་པ་ཇི་ལྟར་བུང་བ་ཞེས་པ་ལ་སོགས་པ་འདི་གསུང་སོ།། ཁ་དོག་ནི་དགེ་སློང་གི་ཚུལ་ཁྲིམས་ཡིན་ཏེ། དེས་ནི་མཛེས་པར་འགྱུར་རོ།། དྲི་ནརྀ་ཏིང་འཛིན་ཏེ་སྦྱོར་བ་ཕྲ་མོས་ཚིམ་པར་འགྱུ་རོ།། ཡང་དག་པར་རྫོགས་པའི་སངས་རྒྱས་གསེར ་ཐུབ་ཀྱི་ཉན་ཐོས་རྣམས་ལས་ཕལ་ཆེར་སྐྱེས་བུ་དམ་པ་མ་ཡིན་པའི་ཆོས་ལ་འཇུག་པར་འགྱུར་ཏེ། དེ་དག་བདག་ཉིད་ལ་ནི་བསྟོད། ཕ་རོལ་པོ་རྣམས་ལ་ཡང་སྨོད་པར་བྱེད་ཅིང་། དེ་རྣམ་ནི་ཐོས་པའི་ལོངས་སྤྱོད་ལས་པོ་རྣམས་ཏེ།། ་འབེལ་བའི་གཏམ་རྣམ་པར་ངེས་པ་ལ་གཞན་དག་ལ་མི་མཐུན་པར་བརྗོད་པས་ན། བཅོམ་ལྡན་འདས་དེས་དེའི་ཉེན་པོར་གཞན་རྣམས་ཀྱིས་མི་མཐུན་པ་མིན་ཞེས་བྱ་བ་གསུང་སོ།། ཚུལ་ཁྲིམས་ཀྱིས་ལོངས་སྤྱོད་ལས་བརྩམས་ཏེ། གཞན་རྣམས། ་ལ་བྱས་པ་དང་། མ་བྱིས་པ་སྦྱོར་བའི་ལྟུང་བ་ལ་རྟོགས་པས་ན་གཞན་དག་གི། བྱས་དང་མ་བྱས་རྣམས་ལ་མོན། ཞེས་བྱ་བ་གསུང་སོ།། སྔ་མའི་གཉེན་པོ་ཡང་དག་གི་ལ་རྟགས་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། རིགས་དང ་མི་རིགས་རྣམས་ལ་ཞེས་བྱ་བ་ནི། ལེགས་པར་བྱས་པ་དང་། ཉེས་པས་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ།། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཉན་ཐོས་རྣམས་ལས་ཕལ་ཆེར་སྙོམས་པར་འཇུག་པའི་རོ་མྱང་བར་གྱུར ་ནས། ཉེས་པ་དེའི་གཉེན་པོར་བཅོམ་ལྡན་འདས་དེས་སོ་སོར་ཐར་པ། ལྷག་པའི་སེམསོ་ལ་བག་བྱ་སྟེ། ཞེས་བྱ་བ་འདི་གསུང་སོ།། ལྷག་པའི་སེམས་ལ་བག་མེད་པ་མུ་བྱེད་ཅིག་ཅེས་བྱ་བ་ཡིན་ཏེ། ཏིངངེ་འཛིན་གྱི་རོ་མྱང་བ་ལས་བཟློག་པའོ།། ་ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ་ཅེས་བྱ་བ་ནི། བདེན་པ་རྣམས་མངོན་པར་རྟོགས་པ་ལས་འཇུག་པའོ།། བདེན་པ་དག་ནི་ཐུབ་པའི་གཞི་རྣམས་ཏེ། ཐུབ་པའི་སྐྱེ་མཆེད་དུ་འགྱུར་པའོ།། སྐྱོབ་པ་མྱ་ངན་མེད་པ་ཡིནོ།། ཉེར་ཞི་རྟག་ཏུ་དྲན་ལྡན ་པའི་ཞེས་བྱ་བ་ནི། བདེན་པ་མཐོང་བའི་ཕན་ཡོན་བསྟན་པའོ།། གང་ཏིང་འཛིན་ཐོབ་ཏུ་ཟིན་ཀྱང་། དུས་དེ་སྲིད་དུ་མྱ་ངན་རྣམས་མེད་པར་གྱུར་ཏེ། ཏིངངེ་འཛིན་མ་ཉམས་པས་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་འགྱུར་བ་དང་། དྲན་པ་དང་ལྡན་པར ་ཡང་འགྱུར་མོད་ཀྱི། ཚེ་ཕྱི་མ་ལ་ནི་སླར་ཡང་མྱ་དྲན་དུ་འགྱུར་བ་དང་། སླར་ཡང་ཞི་བར་མི་འགྱུར་བ་དང་། ཡང་བརྗེད་པའི་ཆོས་ཡིན་པས་ན་དྲན་པ་དང་ལྡན་པར་ཡང་མི་འགྱུ་རོ།། མངོན་པར་རྟོགས་པར་འགྱུར་བའི་གང་ཟག་གོང་མའི་ཆ་དདེང ་མཐུན་པའི་ཀུན་ཏུ་སྦྱོར་བའི་ལྷག་མ་སྤང་བའི་རིམ་པ་སྦྱིན་པས་ཤེས་པ་ལ་སོགས་པས་སྟོན་ཏེ། དེ་ལ་ཚིག་གསུམ་གྱིས་ནི་འདོད་པ་ལ་སྤྱོད་པའི་ཀུན་ཏུ་སྦྱོར་བ་སྤང་བ་སྟེ། འདི་ལྟར་ཕོགས་པ་དང་། དྲི་མ་དང་། འཇུངས་པ་དང་བྲལ ་བས་གཏོང་བ་སྐྱེད་དོ།། འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་སློབ་པའི་ཚེ། སྙོམས་པར་འཇུག་པའི་དགེ་བའི་སྟོབས་ཀྱིས་སྡིག་པའི་མིང་དུ་བྱ་བ། འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་ལས་དང་། ཀུན་ནས་ཉོན་མོངས ་པ་སྤོང་ངོ་།། ཉོན་མོངས་པ་རྣམས་ཟད་ནས་མྱ་ངན་ལས་འདས་ཏེ། ཁམས་གསུམ་གྱིས་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས་ནི་ཕལ་ཆར་ཉོན ་མོངས་པ་མང་སྟེ། དེ་དག་སྡིག་པ་ཡང་བྱེད་པ་དང་། དགེ་བ་ལ་ཕུན་སུམ་ཚོགས་པར་བྱེད་པ་དང་། དགེ་བའི་ཕྱོགས་བ་ཅུང་ཟད་ཙམ་གྱིས་ཀྱང་མགུ་བར་གྱུར་ཏེ། དེ་བཟློག་པར་བྱ་བའི་དོན་དང་། དེ་སྤང་བའི་ཐབསུ་བསྟན་པར ་བྱ་བའི་དོན་དང་། དེ་ལ་སྦྱོར་བ་རྣམས་དྲན་པ་མི་བརྗེད་པའི་ཐུབས་བསྟེན་པའི་ཕྱིར། བཅོམ་ལྡན་འདས་དེས་དགེ་སློང་གི་དགེ་འདུན་ཆུ་བུར་མ་བྱུང་བ་དང་། སོ་སོར་ཐར་པ་ཚིགསུ་བཅད་པ་གསུམ་གྱིས་ཏེ། དེ་ལ་ཚོགསུ་བཅད ་པོ་དང་པོའི་རྩ་བ་གསུམ་གྱིས་ནི་ཅི་ལྟར་གོ་རིམ་དུ་ལོག་པར་བྱེད་པ་རྣམ་པ་གསུམ་བཟློག་པ་སྟེ། རང་གི་སེམས་ནི་ཡོངསུ་གདུལ་ཞེས་བྱའོ།། གཉིས་པ་ནི་དེ་སྤངས་པའི་ཐབས་བཤད་དེ། ལུས་ལ་སོགས་པ་རྣམས་ཏེ་ལས ་ཀྱི་ལམ་རྣམས་སོ།། སོ་སོར་སྡོམ་པ་འདི་ཡང་ལེགས་ན་འབའ་ཤིག་མ་ཡིན་པ་སྡོམ་པ་ལྟ་ཅི་སྨོས། གང་ཐམས་ཅད་སྡོམ་པ་དེ་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་པར་འགྱུར་རོ།། དེ་ལྟ་བས་ན་གང་ལ་ཅི་ལྟར་ནུས་པ ་དེས་དེ་ལྟར་བསྡམ་པར་བྱའོ།། གསུམ་པས་ནི་དྲན་པ་མི་བརྗེད་པར་བྱ་བའི་ཐབས་སྟོན་ཏེ། དུས་གསུམ་དུ་དྲན་པ་བརྗེད་པ་མང་བར་གྱུར་ནས་ཕ་རོལ་པོས་ཁ་ན་མ་ཐོ་བ་གླེང་བ་ལ་སོགས་པ་དེ་ལ་ལན་བཏབ་པར་འདོད ་ནས་ངག་རྣམས་རྗེས་བསྲུང་ཞིང་ཞེས་བྱ་བོ་གསུངསོ།། ཉམ་སུ་མྱོང་བའི་ཡུལ་ལ་རྣམ་པར་རྟོག་པའི་དུས་སུ་ཡིད་ཀྱིས་རབ་ཏུ་བསྡམས་ཏེ་ཞེས་བྱ་བ་གང་གསུངས་པའོ།། སྤྱོད་ཡུལ་མ་ཡིན་པར་རྒྱུ་བ་ལ་སོགས་པའི་དུས་སུ་ཡང་། ་གང་སྤྱོད་ཡུལ་མ་ཡིན་པ་རྣམ་པ་ལྔ་ལ་རྒྱུ་ཞིང་སྤྱོད་པའི་ཚེ་བླང་བར་མི་བྱ་བ་ལེན་པ་དང་། བཟའ་བར་མི་བྱེ་བ་ཟ་བ་དང་། གཞན་ལ་ཡང་ལུས་ཀྱི་རྣམ་པར་འཚེ་བའི་ཕྱིར། ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང་། ཞེས་བྱ་བ་གང ་གསུངས་པའོ།། དེ་ལ་ངག་ཀྱང་རྗེ་སུ་བསྲུང་བར་བྱ། ཡད་ཀྱང་ཤིན་ཏུ་བསྡམ་པར་བྱ། ལུས་ཀྱི་མི་བྱེད་པར་དྲན་པ་ཉེ་བར་བཞག་གོ།། ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། ཞེས་བྱ་བ་ནི། རང་གི་སེམས་ནི་ཡོངསུ ་གདུལ་ཞེས་སླར་བསྟན་པའི་ཐུབ་སུ་གསུངས་པའོ།། སངས་རྒྱས་རྣམ་གཟིགསོ་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པ་གསུམ་པོ་ནི། ཡང་དག་པར་བསྡུད་པར་བྱེད་པའི་ཚིག་གོ། ལྷའི་ལྷ་ཞེས་བྱ་བ་ནི་སངས ་རྒྱས་ཐམས་ཅད་རང་བྱུང་བའི་ཕྱིར། རྣམ་པར་དག་པའི་ལྷའོ།། ཤཱཀྱ་ཐུབ་པ་ནི་ལྷའི་ཡང་ལྷ་སྟེ། དེས་ནི་འདི་ལྟར་སྙིགས་མ་ལྔ་བདོ་བའི་དུས་སུ་གདུལ་དཀའ་བའི་མི་རྣམས་གདུལ་བ་ཁ་ལོ་སྒྱུར་བའི ་ཕྱིར་གཞན་ནི་མ་ཡིན་ནོ།། གང་དེ་མ་ཐག་པ་ཉིད་དུ་བརྩམ་པར་བྱ་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པ་གཉིས་གསུངས་པ་ནི་ཡང་དག་པར་བསྡུད་པར་བྱེད་པ་དག་གིས་མདོ་སྡེའི་ནང་ནས་ཕྱུང་བའོ།། བརྩམས ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བར་སྦྱོར་བའོ།། འབྱུང་བར་བྱ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བའོ།། འཇུག་པར་བྱ་ཞེས་བྱ་བ་ནི་མཐོང་བའི་ལམ་བསྐྱེད་པའོ།། འཆི་བདག་སྡེ་ནི་གཞོམ་པར་ཞེས་བྱ་བ་ནི་བསྒོམ་པའི་ལམ་མོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་བ་མ་ཡིན་ཏེ། གཉིས་པོ་ཅི་ལྟར་བཀའ་སྩལ་བའི་སྒྲུབ་པ་བྱེད་པའི་ཕན་ཡོན་བརྗོད་པའོ།། གང་གི་ཕྱིར་ནི་མདོ་བཏོན་དང་། ཞེས་བྱ་བ་ནི་ཡང་དག་པར་སྡུད་པར་བྱེད་པའི་ཚིག་ཡིན ་ཏེ། སྲོག་ལ་བལྟོས་པ་མེད་པར་ཚུལ་ཁྲིམས་ཡོངསུ་བསྲུང་བར་བྱ་བར་བསྟན་པའོ།། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་བསྡུས་པ་རྫོགས་སོ།། །། སློབ་དཔོན་ཁྱད ་པར་པ་ཤེས་གཉེན་གྱིས་མཛད་པའོ།། །། རྒྱ་གར་གྱི་མཁན་པོ་ཤི་ལེནྡྲ་བོ་དྷི་དང་། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷཱ་དང་། ཞུས་ཆེན་གྱི་ལོཙྪ་བ་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་བའོ།། སླད་ཀྱིས་ཁ་ཆེའི ་མཁན་པོ་ཛྙཱ་ན་ཤྲཱི་བྷ་དྲཱ་དང་། ལོ་ཙྪ་བ་ཤཱཀྱའི་དགེ་སློང་རྒྱལ་བ་ཤེས་རབ་དང་། ལོ་ཙྪ་བ་ཤཱཀྱའི་དགེ་སློང་ཤཱཀྱ་བཤེས་གཉེན་གྱིས་བཅོས་ཤིང་ཞུས་ཏེ་གཏན་ལ་ཕབ་པའོ།། སྦྱིན་པའི་འབྲུག་སྒྲས་འཛམ་གླིང་ཁྱབ ་གྱུར་ཅིག། རིག་པའི་གནས་ལྔ་ཟླ་བའི་འོད་ཀྱིས་བློའི་ཀུ་མུད་རྒྱས།། རྒྱལ་བས་ལུང་བསྟན་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱིས།། ཛྙཱ་ན་ཤྲཱི་ལ་བོད་ཀྱི་རྒྱལ་པོ་བཀྲ་ཤིས་རྩེ་ལྡེ་བཀས།། རྒྱུད ་བསྐུལ་བོད་ཀྱི་སྤྱི་ཐུན་བསོད་ནམས་དག་གིས་ནི།། ཐོ་ལིང་གཙུག་ལག་ཁང་དུ་སྐུ་བསྐྱོད་ཆོས་ཀྱི་སྦྲང་རྩི་ཡི། འགྲོ་བ་ཚིམ་མཛད་དེ་ལ་ཤཱཀྱའི་དགེ་སློང་ནི། རྒྱལ་བའི་ཤེས་རབ་ཅེས་བྱ་ཚུལ་ཁྲིམས་གཡག་རྔ ་དང་།། མིག་གི་འབྲས་བུ་བཞིན་དུ་སྲུང་ཞིང་ལུང་དང་རྟོགས་པའི་བདག་ཉིད་ཅན།། སྙན་པ་ནམ་མཁའ་ཐུགས་རྗེའི་སྤྲིན་ཅན་འདུལ་བའི་བདུད་རྩི་ཡི། ཆར་གྱིས་རབ་བྱུང་ཐ་བའི་རྒྱུད་སྤངས་ཚུལ་ཁྲིམས་ལོ་ཏོག་སྐྱེད ་མཛད་པ།། སྐྱེས་ཆེན་དེ་ཡིས་འགྲོ་ལ་ཕན་ཕྱིར་ཛྙཱ་ན་ཤྲཱི་ལ་ཞུས་ཏེ།། འདུལ་འཛིན་ཆེན་པོ་དེ་དང་ཤཱཀྱའི་བེཤེས་གཉེན་གྱིས།། སྔར་འགྱུར་གྱུར་ནི་མི་ཟད་མ་དག་པ་ཡིས་ཕན་པ་ཆུང་དགོངས་ནས།། ལེགས ་པར་བཅོས་ནས་ཞུ་ཆེན་བྱས་ཡིན་འདི་ལ་འཇུག་པར་རིགས།། ། བཀྲ་ཤིས། དགེའོ།། སརྦ་མངྒ་ལོ།། ་