| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སཱ་ར་ས་མུཙྪ་ནཱ་མཱ་བྷི་དྷརྨྨ་བ་ཏཱ་ར་ཊཱི་ཀ། བོད་སྐད་དུ། ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་ལ། བམ་པོ་དང་པོ། འཇམ་དཔལ ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཆོས་མངོན་པའི་འགྲེལ་པ་དང་།། དགོས་པ་བརྗོད་པར་བྱའོ།། འགྲེལ་པ་གང་གིས་རབ་ཏུ་བྱེད་པ་འདི་བརྩམས། རྩོམ་པ་འདིའི་དགོས་པ་ནི་གང་ཞེ་ན། དེ་བརྗོད་པར་བྱ་སྟེ། ་འདིའི་འགྲེལ་པ་ནི་རབ་ཏུ་བྱེད་པ་ཉིད་ལས་བསྟན་ཏེ། ཇི་སྐད་དུ་ཤེས་རབ་ཅན་དག་ནི་འཕྲལ་གྱི་བྱ་བ་ལ་ཐོགས་པས་མ་ཐོབ་པའི་ཉམས་པས་ཀྱང་སྐྲག་པར་འགྱུར་ཞེས་འབྱུང་བའི་འགྲེལ་པ་འདིས་རབ་ཏུ་བྱེད་པ་བརྩམ ་སོ།། འགྲེལ་པ་བཤད་ཟིན་ཏོ།། དགོས་པ་ནི་ཤེས་རབ་ཞན་པ་དང་། ཡིད་མི་གཞུངས་པའི་སེམས་ཅན་རྣམས་ཅི་ནས་ཚིག་གི་ཚོགས་ཉུང་ཞིང་གསལ་བས་ཆོས་མངོན་པ་ལ་འཇུག་པར་བྱ་བའི་ཕྱིར་རོ།། ཕྱག་བྱ ་བ་ཡང་དགོས་པ་ཡིན་ཏེ། བགེགས་ཞི་བར་བྱ་བའི་རྒྱུར་འགྱུར་བ་དང་། གུས་པ་བསྐྱེད་པའི་ཕྱིར་རོ།། གང་དུ་གནས་པ་དང་འབྱུང་བ་དང་། འཇིག་པ་དཔྱད་པ་དེ་ནི་བསྟན་བཅོས་སོ།། དེའི་ཕྱོགས་གཅིག་ཏུ་གྱུར ་པ་ནི་རབ་ཏུ་བྱེད་པ་དེ་གང་ཞེ་ན་སྨྲས་པ། སྙིང་གི་མུན་པ་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ནི་སྤྱིར་སྙིང་ཞེས་བརྗོད་དུ་ཟིན་ཀྱང་སེམས་ལས་བྱུང་བའི་ཆོས་མཐའ་དག་སེམས ་ལ་གནས་པས་གནས་པ་རྣམས་ནི་གུ་བོ་མ་ཡིན་གྱི་གནས་གཙོ་བ་ཡིན་པའི་ཕྱིར་སེམས་ཉིད་ལ་སྙིང་ཞེས་བྱ་བར་འདོགས་སོ།། དེ་ལ་ཡོད་པས་སྐྱོང་གི་སྟེ། དེ་གང་ཞེ་ན། དེའི་རྒྱུ། ་སྨྲས་པ། མུན་པ་ཞེས་བྱའོ།། དེ་ལ་མུན་པ་ཞེས་བྱ་བ་ནི་མི་ཤེས་པ་ལ་བྱའོ།། ཇི་ལྟར་མུན་པ་ཞེས་བྱ་བ་མི་ཤེས་པཱ་ལ་བྱ་ཞེ་ན། ཆོས་མཐུན་པའི་ཕྱིར་ཏེ། དཔེར་ན་མུན་པ་ནི་མ་ནོར་བར་མཐོང་བ་ལ་ཕྱིར་འཇིལ་པོའི། ་མི་ཤེས་པ་ཡང་དེ་བཞིན་ཏེ། དེ་དང་ཆོས་མཐུན་པོའི་ཕྱིར་དེ་སྐད་ཅེས་བྱའོ།། མུན་པ་ཅི་འདྲ་བ་ལ་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། ངན་སོང་རུ་ཞེས་བྱ་བའོ།། ངན་པར་འགྲོ་བས་ངན་སོང་སྟེ། ངན་སོང་ནི་སེམས་ཅན ་དམྱལ་བ་དང་དུད་འགྲོ་དང་ཡིད་དགས་ལ་སོགས་པའོ།། མི་འདོད་པའི་ལས་སྐྱེས་པ་དང་། འཕགས་པའི་ལམོ་གྱི་བར་ཆད་བྱེད་པའི་ཕྱིར་སྡུག་བསྔལ་བའོ།། དེ་དག་གི་རྩ་བ་ནི་བྱེད་རྒྱུ་སྟེ་རྒྱུར་གྱུར་ཅེས་བྱ ་བའི་ཐ་ཚིག་གོ། དེ་དག་ཏུ་གང་འགྲོ་བ་དེ་ནི་ངན་པར་འགྲོ་བ་སྟེ། དགེ་བའི་ཆོས་རྣམས་ལས་ངན་པར་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། དགེ་བོ་ཞེས་བྱ་བ་ནི་འདིར་འཕགས་པའི་ལམ་དང་སོ་སོར་བརྟགས་པས་འགོག། ་པ་ལ་བྱའོ།། དེ་དག་ནི་དགེ་བ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་དགེ་བའི་ཆོས་རྣམས་སོ།། དེ་ལ་སེམས་ཅན་དམྱལ་བ་ལ་སོགས་པ་ངན་འགྲོ་ལོག་པར་ལྟུང་བའི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཕྱིར་འདི་ནི་ངན ་སྡོང་གི་རྩ་བའོ།། འདིས་དེའི་ཕྱི་རོལ་གྱི་མུན་པ་དང་མཚུངས་པར་སྟོན་ཏེ། དེ་ནི་ཚེར་མ་ལ་སོགས་པར་རྟོག་འཆའ་བ་ལ་སོགས་པ་ངན་པར་སོང་བའི་རྩ་བ་ཡིན་ནོ།། གསང་ཉིད་འོད་ཟེར་ཡིན་པས་གསུང་གི་འོད་ཟེར་ཏེ། ་མི་ཤེས་པའི་མུན་པ་དྲུང་ནས་འབྱིན་པའི་མཐུའི་ཁྱད་པར་གྱིས་འོད་ཟེར་དང་འདྲ་བས་འོད་ཟེར་དག་གོ། གསུང་ཞེས་བྱ་བ་ནི་གང་གིས་བྱ་བ་དང་ཡོན་ཏན་དང་དུས་དང་འབྲེལ་པ་ཅན་གྱི་ཁྱད་པར་རྣམས་ཁོང་དུ་ཆུད་པར་བྱེད་པའོ།། ་དེ་ནི་སྒྲ་ལས་དོན་གཞན་དུ་གྱུར་པ་སྟེ། ཇི་སྐད་དུ་ཚིག་ནི་ཡན་ལག་མེད་པ་དོན་གོ་བར་བྱེད་ནུས་པའོ།། སྒྲ་ནི་རྡུལ་ཕྲ་རབ་བསགས་པ་ཡིན་པས་ཡན་ལག་མེད་པར་མི་འཐད་དོ་ཞེས་སྨྲས་པ་ལྟ་བའོ།། གསུང་གི་འོད་ཟེར་དག་གིས ་ཞེས་བྱ་བ་ནི་བྱེད་པའོ།། གང་གིས་ཞེས་བྱ་བ་ནི་མཛད་པ་པོའི་མཚན་ཉིད་དེ། མཛད་པ་པོ་གང་གིས་གསུང་གི་འོད་ཟེར་བྱེད་པར་གྱུར་པ་རྣམས་ཀྱིས་མུན་པ་བཅོམ་སྟེ་བཅད་པའོ།། སུ་དག་གི་ཞེ་ན། ལྷ་མི་རྣམས་ཀྱིའོ།། ལྷ་ཞེས ་བྱ་བ་ནི་མི་འཆི་བ་ལ་བྱ་སྟེ། དེ་དག་ཕྲལ་ཆེར་གཞན་གྱི་གནོད་པའི་རྒྱུ་ས་འཆི་བ་མེད་པས་མི་འཆི་བ་ཞེས་བྱའི་མི་འཆི་བོ་ཉིད་མ་ཡིན་ཏེ། འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་གསུངས་པའི་ཕྱིར་རོ།། འདིས་ནི་ལྷ་དང་མི ་རྣམས་འཕགས་པའི་བདེན་པ་བཞི་ལ་འཇུག་ནུས་པར་སྟོན་ཏོ།། ཚིགས་སུ་བཅད་པ་ཕྱེད་པོ་འདིས་ནི་བཅོམ་ལྡན་འདས་ཀྱི་གཞན་གྱི་དོན་སྒྲུབ་པ་ཕུན་སུམ་ཚོགས་པར་བརྗོད་དོ།། ཕྱེད་འོག་མས་རང་གི་དོན་ཕུན ་སུམ་ཚོགས་པ་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་ཉིད་དཀྱིལ་འཁོར་དྷི་མེད་པ་བྱ་བ་སྨྲས་སོ།། ཤེས་པར་བྱ་བ་དངོས་པ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་མཁྱེན་པའི་ཕྱིར་བཅོམ ་ལྡན་འདས་ནི་ཐམས་ཅད་མཁྱེན་པའོ།། ཐམས་ཅད་མཁྱེན་པའི་དངོས་པོ་ནི་ཐམས་ཅད་མཁྱེན་པ་ཉིད་དོ།། དེ་ཡང་བག་ཆགས་དང་བཅོས་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་སྟེ། གང་གིས་ཐམས་ཅད་མཁྱེན ་པ་ཉིད་དྲི་མ་མེད་པའི་དཀྱིལ་འཁོར་དུ་གྱུར་པ་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དཀྱིལ་འཁོར་དྲི་མ་མེད་པའོ།། དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་དཀྱིལ་འཁོར་དྲི་མ་མེད་པ་དེ་ལ་ཕྱག་འཚལ་ལོ།། འདི་ནི་གཞན་གྱི་དོན ་བསྒྲུབ་པའི་ཐབས་སུ་ཡང་སྟོན་ཏེ། ཐམས་ཅན་མཁྱེན་པ་མ་ཡིན་པས་ནི་གཞན་གྱི་མི་ཤེས་པའི་མུན་པ་མང་པོ་ཐོག་མ་མེད་པའི་དུས་ནས་བསགས་པ་དཔྲལ་བར་དཀའ་བ་སེལ་པོར་མི་ནུས་སོ།། མི་ཤེས་པའི་གཉིད་དང ་བྲལ་བའི་ཕྱིར་སྐྱེས་བུ་སད་པ་དང་འདྲ་བས་སངས་རྒྱས་སོ།། ཡང་ན་འདས་པ་དང་ད་ལྟར་པ་དང་ད་ལྟར་བྱུང་བ་དང་དུས་ལས་རྣམ་པར་གྲོལ་བ་ཤེས་བྱ་རྣམ་པ་བཞི་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི ་ཕྱིར་སངས་རྒྱས་སོ།། མུན་པ་སེལ་བ་ལ་སོགས་པ་དང་འདྲ་བའི་ཕྱིར་ཉི་མ་དང་འདྲ་བས་ཉི་མའོ།། སངས་རྒྱས་ཉིད་ཉི་མ་ཡིན་པས་སངས་རྒྱས་ཉི་མ་སྟེ། ནང་དང་ཕྱིའི་མུན་པ་སེལ་བའི་ཕྱིར་རོ།། ཚིགས་སུ་བཅད་པ་འདི ་ལས་བདག་དང་གཞན་ལ་ཕན་པར་བསྒྲུབ་པས་ཕུན་སུམ་ཚོགས་པ་ལ་ཕྱག་བྱ་བར་ཁོང་ཆུད་པར་བྱའོ།། ཕྱག་འཚལ་ལོ་ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་བཏུད་བའི་མཚན་ཉིད་དོ།། བཅོམ་ལྡན་འདས་ལ་ཕྱག ་འཚལ་བས་བསོད་ནམས་ཀྱི་ཚོགས་བསྐྱེད་ཀྱི་འོག་ཏུ་དེས་གསུངས་པའི་གསུང་གི་ལམ་གྱི་རྗེས་སུ་འགྲོ་བ་སློབ་མ་དམ་པ་རྣམས་ལ་གུས་པ་དང་། དགའ་བ་སྐྱེས་ནས་རི་མོ་བྱེད་པར་འདོད་པས་ཚིགས་སུ་བཅད་པ ་གཞན། གང་དག་ཆོས་མངོན་ཚུལ་གྱིས། ཞེས་བྱ་བ་ལ་སོགས་པ་འདི་ཉེ་བར་བཀོད་དོ།། དེ་ལ་དོན་དམ་པའི་ཆོས་མྱ་ངན་ལས་འདས་པའི་མངོན་དུ་གྱུར་པས་ཤེས་རབ་འཁོར་དང་བཅས་པ་ནི་ཆོས་མངོན་པའོ།། དེའི་ཚུལ ་ནི་ལམ་མོ།། ཆོས་ནི་གཟུགས་ལ་སོགས་བྱའོ།། མཚན་ཉིད་ནི་རང་དང་སྤྱི་ལ་སྩོགས་པའོ།། ཆོས་མངོན་པ་ཉིད་ཚུལ་ཡིན་པས་ཆོས་མངོན་པའི་ཚུལ་ཏེ་ཆོས་མངོན་པའི་ལྤགས་སོ།། ཚུལ་དང་ལུགས་དང་རིགས་པ། ་ཞེས་བྱ་བ་ནི་རྣམ་གྲངས་སུ་གཏོགས་པའོ།། རྨོངས་པ་ནི་མགྲོ་མྱོས་པ་སྟེ། རང་དང་སྤྱིའི་མཚན་ཉིད་ཁོང་དུ་མ་ཆུད་ཅེས་བྱ་བའི་ཐ་ཚིག་གོ།། ཆོས་ཀྱི་མཚན་ཉིད་ལ་རྨོངས་པ་དེ་གང་དག་གིས་དང་གང་གི་ཡིན་པ་ཆོས་མངོན་པའི ་ཚུལ་གྱིས་དྲུང་ནས་ཕྱུང་ཞིང་བཏོན་པ་དེ་དག་ཆོས་མངོན་པའི་ཚུལ་གྱིས་ཆོས་ཀྱི་མཚན་ཉིད་ལ་རྨོངས་པ་དྲུངས་ནས་ཕྱུང་བ་ཡིན་ཏེ། རྣམ་པ་དེ་ལྟ་བུ་དེ་དག་ལ་བདག་ཕྱག་འཚལ་ཏེ། རབ་ཏུ་ཕྱག་འཚལ་བའོ།། མགོ་བོས་ཞེས ་བྱ་བ་ནི་སྟོབས་སུད་རྩཝའི་ཕྱིར་ཞེ་ན། དེ་དག་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་དེའི་གཞིར་གྱུར་པར་གྱུར་ཏེ། ཐམས་ཅད་མཁྱེན་པའི་བཀྲའི་གནས་གྱུར་པ། ཞེས་བྱ་བ་དེ་ཉིད་གནས་སུ ་དངོས་པོར་སྟོན་ཏོ།། ཐམས་ཅད་མཁྱེན་པ་ནི་བདེ་བར་གཤེགས་བྱ་སྟེ། དེའི་བཀའ་ནི་ཐམས་ཅད་མཁྱེན་པའི་བཀའོ།། གནས་ནི་གཞིའོ།། ཐམས་ཅད་མཁྱེན་པའི་བཀའི་གནས་ནི་ཐམས་ཅད་མཁྱེན་པའི་བཀའི ་རྟེན་དུ་གྱུར་པ་ཅེས་བྱ་བའི་ཐ་ཚིག་གོ། ཆོས་མངོན་པའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་མཐའ་དག་ལ་བྱེ་བྲག་མེད་པར་ཕྱག་བྱ་བ་སྔར་བྱ་སྟེ་ཡོན་ཏན་རྣམས་བརྗོད་ནས་རང་གི་བླ་མ་ལ་ཕྱག་བྱ་བ་སྤྱོད་པ་བཟང་པོ་བྱ་བར ་འདོད་པས། བློ་ཞན་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་འདི་རྩམ་མོ།། བློ་ཞོན་པ་གང་ཡིན་པ་དེ་དོག་བློ་ཞན་པ་རྣམས་ཏེ་ཤེས་རབ་ཞོན་པའི་ཐ་ཚིག་གོ།། ཤེས་རབ་ཞན་པ་དེ་དག་གིས་བཤོད་མ་ལེགས་པ་ནི་མ་ལེགས ་བཤད་པའོ།། མ་ལེགས་པར་བཤད་པ་ཉིད་མུན་པ་ཡིན་པས་མཱ་ལེགས་བཤད་པའི་མུན་པའོ།། སྐུ་དང་གསུང་དང་ཐུགས་ཐུབ་པ་དང་ལྡན་པས་ཐུབ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ངོ་།། མ་ལེགས ་བར་བཤད་པའི་མུན་པས་ཁེབས་པ་ནི་ཕྱིན་ཅི་ལོག་ཏུ་བཤད་པའི་མུན་པས་ཁེབས་པ་སྟེ་བསྒྲིབས་པའི།། གང་གིས་ལེགས་པར་བཤད་པ་སྒྲོན་མས་སྣང་བར་མཛད་པ་ནི་གསལ་བར་མཛད་པ་ཀུན་ཏུ་བསྟན་པའོ།། ། ་བསྟན་བཅོས་གང་གིས་མི་ཤེས་པ་གསལ་བ་དང་། བདེན་ཡང་དག་པའི་དངོས་པོ་བརྗོད་པའི་ཕྱིར་བསྟན་བཅོས་ལ་སྒྲོན་མ་ཞེས་བྱའོ།། ཡང་ན་ཆོས་མངོན་པའི་སྒྲོན་མ་མཛད་པ་ཞེས་བྱའོ།། སྒྲོན་མ་མཛད་པས་སྒྲོན་མ་མཛད ་དེ། དེའི་ཕྱིར་སྒྲོན་མ་མཛད་པ་དེ་ལ་ཕྱག་འཚལ་ལོ།། དེས་ལོག་པར་བཤད་པའི་མུན་པ་བསོལ་བས་སྒྲོན་མ་དང་འདྲ་བའི་ཕྱིར་སྒྲོན་མ་ཞེས་བྱ་སྟེ། ཆོས་ཀྱི་ངོ་བོ་ཉིད་མ་ནོར་བར་བསྟན་པ་བསྟན་བཅོས་མཛད་པ་དེ་ལ ་ཤིན་ཏུ་གུས་པར་གྱུར་ནས་བསྟོད་དོ།། དེ་ལྟར་ཚིགས་སུ་བཅང་གསུམ་གྱིས་ཇི་ལྟར་འདོད་པ་རྣམས་ལ་ཕྱག་འཚལ་ནས། ལོ་ལ་དག་ནི་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པ་རྩོམ་མོ།། བློ་ཆུང་བ་དང་འབྲིང་དང་ཆེན་པོ ་གྲ་དད་པའི་ཕྱིར་མིང་མ་སྨོས་སོ།། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། ཐུབ་པའི་དབང་པོ་ནི་ཐུབ་པ་རྣམས་ཀྱི་དབང་པོ་ཡིན་པས་ཐུབ་པའི་དབང་པོའོ།། ཟག་པ་མེད་པའི་ལུས་དང་ངག་དང་ཡིད་ཐུབ་པ་ཡོད་པའི ་ཕྱིར་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ནི་ཐུབ་པ་ཞེས་བྱ་བར་རྣམ་པར་བཞག་གོ། བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ལྔ་མྱངའ་བརྙེས་པའི་ཕྱིར་དེ་དག་གི་རྗེ་དང་རྒྱལ་པོ་ཡིན་ནོ།། ཇི་སྟེ་ཐུབ་པ་དག་གི་རྣམ ་པར་བཞག་པ་གང་ཡིན་པ་བསྟན་ཀྱང་གང་གིས་ཐུབ་པ་དེ་དག་རྣམ་པར་བཞག་པ་དེ་མ་ཤེས་སོ་ཞེ་ན། ཆོས་ཉིད་ཀྱིས་སོ།། འདིར་ནི་ཆོས་ཉིད་ཅེས་བྱ་བོ་འཕགས་པའི་ལམ་ལ་བྱའོ།། འདི་ནི་ཐུབ་པའི་དབང་པོའི་ཡིན ་པས་ཐུབ་པའི་དབང་པོའོ།། དུ་གང་ཞེ་ན། གསུང་རབ་སྟེ་གསྒང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་སོ།། མཐའ་དག་ནི་མ་ལུས་པའོ།། དོན་དང་ཚིག་ཅེས་བྱ་བ་ལ་གོང་མས་ནི་བཤད་པ ་གཟུང་བ་སྟོན་ཏོ།། འོག་མས་ནི་ཡི་གེའོ།། ཡང་ན་དོན་གྱིས་ནི་ངེས་པར་ལེགས་པ་བསྒྲུབ་པའོ།། ཚིག་གིས་ནི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པའོ།། སྐལ་བ་ཡོད་པ་ངང་ཚུལ་ཅན། ཞེས་བྱ་བ་ནི་ནུས་པར་སྟོན་ཏོ།། སྐལ་བ་ཉིད ་སྐལ་པ་ཡོད་པའི་ངང་ཚུལ་ཅན་ཏེ། ལེན་པ་དང་འཛིན་པ་དང་ཁོང་དུ་ཆུད་པར་བྱེད་ནུས་ཞེས་བྱ་བའི་ཐ་ཚིག་གོ།། དགེ་བ་དག་ཅེས་བྱ་བ་ནི་སྐྱེས་བུ་དམ་པ་སྟེ་ཚུལ་བཟང་པོ་ལ་མངོན་པར་དགའ་བ་སོ་སོའི་སྐྱེ་བོ་དག་པ་དག་པ ་ཡིན་ཞེས་བྱ་བ་ནི་དེ་ལྟར་གྱུར་པའོ།། ཟིན་ཀྱང་ཞེས་བྱ་བ་ནི་སྲིད་པ་སྟེ་ཕྱི་རོལ་གྱི་རྐྱེན་གྱི་སྤྱོད་པ་སྟོན་ཏོ།། ཇི་སྐད་དུ་འཇིག་རྟེན་གྱི་མགོན་པས། ཡང་དག་པའི་ལྟ་བ་སྐྱེ་བའི་རྒྱུ་གཉིས་རྐྱེན་གཉིས་ཏེ། གཞན་གྱི་སྒྲ་དང་ནུང་དུ ་ཚུལ་བཞིན་ཡིད་ལ་བྱེད་པའོ་གསུངས་པ་ལྟ་བུའོ།། དེའི་ཕྱིར་སྦྲུལ་སྡེ་ཁྱ་བ་རྙིང་གི་རྒྱུའོ།། ཡིན་ཞེས་བྱ་བ་ནི་གཞན་གྱི་མན་དྲུག་གོ། གང་ལ་ཞེ་ན་ཐུབ་པའི་དབང་པོའི་གསུང་རབ་མཐའ་དག་པའོ།། དེ་ལྟར་ནུལ་པ་ཐོབ་པ་དག་ཅིའི་ཕྱིར ་ཡོངས་སུ་ཉམས་པར་འགྱུར་ཞེ་ན། སྨྲས་པ་འཕྲལ་གྱི་བྱ་བ་ལ་ཐོགས་པས་ཞེས་བྱ་བ་སྨོས་ཏེ། བྱ་བས་བྲེལ་པའི་ཐ་ཚིག་གོ།། མ་ཐོབ་པའི་ཉམས་པའི་ནི་མ་ཐོབ་པ་ཡོངས་སུ་ཉམས་པའོ།། དེ་ལ་ཡོངས་སུ ་ཉམས་པ་རྣམ་པ་གསུམ་སྟེ། ཐོབ་པ་ཡོངས་སུ་ཉམས་པ་དང་། མ་ཐོབ་པ་ཡོངས་སུ་ཉམས་པ་དང་། ལོངས་སྤྱོད་པ་ཡོངས་སུ་ཉམས་པའོ།། དེ་ལ་བསམ་གཏན་ལ་སོགས་པ་ཐོབ་པའི་ཡོན་ཏན་དག་ལས ་ཉམས་པ་ནི་ཐོབ་པ་ཡོངས་སུ་ཉམས་པའོ།། ནུས་པ་ལ་མ་ཐོབ་པ་ནི་མ་ཐོབ་པ་ཡོངས་སུ་ཉམས་པའོ།། ཐོབ་པ་མངོན་དུ་མི་བྱེད་པ་ནི་ལོངས་སྤྱོད་པ་ཡོངས་སུ་ཉམས་པའོ།། ཅིའི་ཕྱིར་མ་ཐོབ་པ་ཡོངས་སུ་ཉམས་པ་དེས་ཡོངས ་སུ་ཉམས་པར་འགྱུར་པ་དག་སྟེ། ལེན་པ་དང་འཛིན་པ་ལ་སོགས་པའི་སྐལ་བ་མེད་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ།། ཤེས་རབ་ཞན་པ་ལ་ལ་དག་ནི་བློ་ཞན་པ་ལ་ལ་ངག་གོ། ཚིག་དང་དོན་དཀའ་སྟེ་ཐིབས་པོ་དང ་འདྲ་བས་གླག་གླག་པ་སྟེ། ཆོས་མངོན་པ་ཉིད་ཀླག་གླག་པ་ཡིན་པས་ཆོས་མངོན་པ་གླག་གླག་པའོ།། གླག་གླག་པ་དང་སྟུག་པོ་ཞེས་བྱ་བ་ནི་རྣམ་གྲངས་སུ་གཏོགས་པའོ།། ཆོས་མངོན་པ་གླག་གླག་པ་མིང་ཐོས་པ ་ཙམ་གྱིས་ཀྱང་སྐྲག་པར་འགྱུར་ཞེས་བྱ་བ་ལ། སྐྲག་པ་ནི་སྒྱིད་ལུག་པ་དང་ཁོང་དང་ངས་ཞེས་བྱ་བའི་ཐ་ཚིག་སྟེ། ཁོང་དུ་ཆུད་པར་མི་ནུས་པས་རྒྱ་མཚོ་སྐམས་པ་དང་འདྲའོ།། ཁོང་དུ་ཚུད་པ་འདོད་པ་ཡང་ཡོད་དེ ་ཞེས་བྱ་བ་ནི་ཤེས་པར་འདོད་པའོ།། དེ་བས་ན་དེ་དག་དགའ་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ། དེ་བོས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ།། དེ་དག་ཅེས་བྱ་བ་ནི་འདིར་གཉིས་ཀ་དང་སྦྱར་ཏེ་སྐལ་བ་ཡོད་པའི་ངང་ཚུལ་ཅན་དང་། ་སྐལྟ་བ་མེད་པའི་ངང་ཚུལ་ཅན་རྣམས་སོ།། དེ་དག་དགའ་བར་བྱེད་པའི་དོན་ནི།། དེ་དག་དགའ་བར་བྱ་བའི་ཕྱིར་རོ།། བདག་གིས་ཞེས་བྱ་བ་ནི་བདག་གི་བྱ་བ་སྟོན་ཏོ།། ་མངོན་པའི་མཚན་ཉིད་ཀྱི་རྒྱ་མཚོ་ནི་ཆོས་མངོན་པའི་མཚན་ཉིད་རྒྱ་མཚོའོ།། འཇུག་པ་ནི་འཇུག་པར་བྱེད་པའོ།། ཙམ་ནི་དེ་ཙམ་མོ།། གོང་དུ་བཤད་པའི་སློབ་མ་ཕན་གདགས་པར་བྱ་བ་གཉིས་ལ་ཕན་གདགས་པ ་ཕྱིར་ཆོས་མངོན་པའི་མཚན་ཉིད་དེ་ལ་འཇུག་པ་ཙམ་འདིའོ།། འདི་ཞེས་བྱ་བ་ནི་བརྗོད་པར་བྱ་བ་རབ་ཏུ་བྱུང་པ་བློ་ལ་བཞགས་པས་མངོན་སུམ་དང་འདྲ་བར་སྟོན་ཏོ།། བརྩམ་མོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བའི་ཐ་ཚིག།། ་འདི་ཞེས་བྱ་བ་ནི་ནང་གི་དེ་ཁོ་ནའོ།། བསྣུམ་མོ་ཞེས་བྱ་བ་ནི་ཕྱིའི་དེ་ཁོ་ནའོ།། དེ་གང་ཞེ་ན་སྨྲས་པ་འདི་ལྟོ་སྟེ་བདེ་བར་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའོ།། འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་བསྟན་པའི ་དོན་ཏོ།། འདི་དག་བདེ་བར་གཤེགས་པའི་ཡིན་པས་བྲོད་པར་གཤེགས་པ་པ་སྟེ། དེ་དག་གི་བདེ་བར་གཤེགས་པ་པ་རྣམས་ཀྱིའོ།། འདི་ལ་སློབ་དཔོན་གྱིས་གྲངས་དང་མིང་དང་རབ་ཏུ་དབྱེ་བ་དང་མཚན་ཉིད་དང་རྣམ ་པ་འདི་བཞིས་རྣམ་པ་བརྒྱད་བཀོད་དེ། དེ་ལ་གྲངས་ནི་དངོས་པོ་བརྒྱད་ཅེས་བྱའོ།། མིང་ནི་གཟུགས་ཞེས་བྱ་བ་ལ་སོགས་པའོ།། རབ་ཏུ་དབྱེ་བ་ནི་དེ་ལ་གཟུགས་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བའོ།། མཚན་ཉིད་ནི ་སྲ་བ་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་ཚིག་ཧ་ཅང་འདོར་བསྡུས་པ་དང་རྒྱས་པ་ལ་མི་དགའ་བ་རྣམས་ཀྱི་ཆེད་དུ་བདེ་བར་གཤེགས་པ་པའི་དངོས་པོ་བསྡུ་བའི་ཕྱིར་ཧ་ཅང་མདོར་བསྡུས་པ་དང་རྒྱས་པ་ཡང་མ་ཡིན་པའི ་རྣམ་པ་བརྒྱད་ཅེས་གྲངས་བསྟན་ཏོ།། གྲངས་བསྟན་པ་རྣམས་ཀྱི་བགྲང་བར་བྱ་བ་རྣམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གཟུགས་དང་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། མིང་སྨོས་པ་རྣམས་ཀྱི་མིང་ཅན་དག ་གི་ཚད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གཟུགས་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨྲས་སོ།། དེ་ལ་ཞེས་བྱ་བ་ནི་མི་ཕྱེ་བའི་ཕྱོགས་ལ་ཚིག་ཉེ་བར་དགོད་པའི་དོན་ཏོ།། ཕྱེ་བའི་ཕྱོགས་ལ་དགར་བའི་དོན་ཏོ།། རྣམ་པ་གཉིས ་ཏེ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ།། རྣམ་པ་གཉིས་པོ་དེ་ཉིད་གསལ་བར་བྱ་བའི་ཕྱིར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་སོ་ཞེས་བྱ་བ་སྨོས་སོ།། དེ་ལ་འབྱུང་བ་རྣམས་ཀྱིས་ནི་རྒྱུའི་གཟུགས་ཏེ་གནས་ཀྱི ་གཟུགས་སྟོན་ཏོ།། འབྱུང་བ་ལས་གྱུར་པ་ཞེས་བྱ་བུ་འདིས་ནི་འབྲས་བུའི་གཟུགས་ཏེ་གནས་པའི་གཟུགས་སྟོན་ཏོ།། འབྱུང་བ་དག་ནི་བཞི་སྟེ། ཞེས་བྱ་བ་ནི་གྲངས་ངེས་པ་སྟེ། ནམ་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིན།། ་ནོ་ཞེས་དགོག་པའི་དོན་ཏོ།། རང་གི་མཚན་ཉིད་ནི་དེ་རང་ཡང་ཡོན་ལ་མཚན་ཉིད་ཀྱང་ཡིན་པས་རང་གི་མཚན་ཉིད་དོ།། དངོས་པོ་གཞན་ཐམས་ཅད་ལོས་བཟློག་པའི་ངོ་བོ་སྟེ། དཔེར་ན་ས་ནི་སྲ་བའོ་ཞེས་བྱ་བ ་ལྟ་བུའོ།། གང་མང་པོ་དག་ལ་ཐུ་མི་དད་པར་ཡོད་པའི་ངོ་བོ་དེ་ནི་སྤྱིའི་མཚན་ཉིད་དེ་དཔེར་ན་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། རྒྱུར་བྱས་པའི་གཟུགས་ཞེས་བྱ་བ་སྨོས་པ་ལ་རྒྱུར་བྱས་པའི་གཟུགས ་ཀྱི་དོན་གང་ཡིན་ཞེ་ན། རྒྱུའི་དོན་ནི་རྒྱུར་བྱས་པའི་དོན་ཏོ།། འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་གཟུགས་ནི་རྒྱུར་བྱས་པའི་གཟུགས་ཏེ། འབྱུང་བ་ལས་གྱུར་པའི་གཟུགས་ཞེས་བྱ་བའི་ཐ་ཚིག་གོ།། སྨྲ་བ་དང་གཤེ ་བ་དང་ཚ་བ་དང་གཡོ་བ་ཉིད་དག་གོ་ཞེས་བྱ་བ་ལ། ཉིད་ནི་དེའི་དངོས་པོའོ།། དེ་ལ་སྨྲ་བ་ཉིད་ནི་བརྟན་པ་དང་། མཁྲང་བ་ཞེས་བྱ་བ་དང་དོན་གཅིག་གོ། གཤེར་བ་ཉིད་ནི་འཛག་པའི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ། ་བ་ཉིད་ནི་བསྲེག་པ་ཚིག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། གཡོ་བ་ཉིད་ནི་འགྲོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གི། ལས་ནི་བརྟེན་པ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འཛིན་པ་ནི་སྱའི་ལས་སོ།། སྦྱོར་བ་ནི་ཆུའི ་ལས་སོ།། སྨིན་པར་བྱེད་པ་ནི་མེའི་ལས་སོ།། བསྐྱོད་པ་ནི་རླུང་གི་ལས་སོ།། དེ་ལ་བསྐྱོད་པ་ནི་འཕེལ་བ་དང་འགྲོ་བར་བྱེད་པའོ།། འདི་ནི་འདིར་གྲངས་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བའི་དོན་ཏོ།། སྐྱེད་པ་དང་བརྟེན་པ་དང ་གནས་པ་དང་བརྟེན་པ་དང་འཕེལ་བར་བྱེད་པའི་དོན་གྱིས་རྒྱུར་བྱས་པའི་གཟུགས་ཐམས་ཅད་འཛིན་པའི་ཕྱིར་བྱེད་པའི་རྒྱུ་འདི་ནི་རྣམ་པ་ལྔར་དབྱེའོ།། དེ་དག་ནི་ཆེན་པོ་ཡང་ཡིན་ལ་འབྱུང་བར་ཡང་འགྱུར་བས་ན ་ཞེས་བྱ་བ་ལ་སོགས་པས་ནམ་མཁའ་ལ་ཆེན་པོ་ཡོད་ཀྱང་འབྱུང་བ་མེད་པ་སྟོན་ཏོ།། ཅིའི་ཕྱིར་ཞེ་ན། ནམ་མཁའ་ནི་མ་བྱས་པའི་ཕྱིར་རོ།། གང་དྲག་གི་ལྟ་བ་ལས་གང་ཁོང་སྟོང་དེ་ནི་ནམ་མཁའོ་ཞེས་ཟེར་བ་ནི་ན་མཁའི་ཁམས་མི ་ཤེས་པར་སྨྲས་པ་ཡིན་ནོ།། ནམ་མཁའ་ནི་ཡུལ་ལ་གནས་པ་ཡིན་ཏེ། ཇི་སྐད་དུ་འདས་པ་དང་མ་འོང་བ་དང་ན་མཁའ་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་གཟུགས་མེད་པའི་ཆོས་རྣམས་ནི་ཡུལ་ལ་མི་གནས་པའོ་ཞེས་གསུངས ་བའི་ཕྱིར་རོ།། དེ་བས་ན་ནམ་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིན་ནོ།། འདི་དག་ནི་ཚ་བ་ནི་རྒྱུར་བྱས་པའི་གཟུགས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ།། ཁྱབ་པ་ནི་གནས་ཀྱི་དངོས་པོ་ཡིན་གྱི་གཞན་གྱི་དངོས་པོ་མ་ཡིན་ཏེ། གཟུགས ་མེད་པའི་ཁམས་སུ་ཡང་འཕགས་པའི་གང་ཟག་གིས་འདས་པ་དང་མ་འོངས་པའི་ཟག་པ་མེད་པའི་སྡོམ་པ་ཐོབ་པའི་ཕྱིར་རོ།། ཡང་ན་འབྱུང་བ་རྣམས་ཀྱི་གནས་པའི་ཁྱད་པར་ཆེ་བའི་ཕྱིར་ཤས་ཆེ་བ་སྟེ། ཇི་སྐད་དུ་བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ས་ཆེན་པོ་འདི་ནི་ཆུ་ལ་བརྟེན་ཏོ།། ཆུ་ནི་རླུང་ལྔའོ་ཞེས་གསུངས་པ་ལྟ་བུའོ།། འདི་ལྟར་ཡང་མེའི་ཁྱམས་ཀྱི་ཤས་ཆེན་ཚོངས་པའི་འཇིག་རྟེན་མན་ཆད་ཚིག་པའི་ཕྱིར་རོ།། ་ཆུའི་ཁམས་ཀྱི་ཤས་ཆེན་འོད་གསལ་མན་ཆད་ལ་གནོད་པའི་ཕྱིར་རོ།། རླུང་གི་ཁམས་ཀྱི་ཤས་ཆེན་དགེ་རྒྱས་མན་ཆད་རྣམ་པར་འཇིག་པའི་ཕྱིར་རོ།། ཡང་གསུངས་པ། སའི་ཁམས་རབ་ཏུ་འཁྲུགས་ནི་རྒྱུན་རྣམ ་འགག་གོ། རྒྱུན་རྣམས་བྱུགག་ན་རླུང་མི་རྒྱུའོ།། རླུང་དེ་དག་མི་རྒྱུ་ན་གནད་རྣམས་སྐམ་མོ།། སྐུམས་པ་དང་ཆུས་རུལ་བར་བྱེད་དོ།། མེས་ཚིག་པར་བྱེད་དོ་ཞེའོ།། དེ་ལྟར་ཁྱབ་པར་ཁོང་དུ་ཆུད་པར་བྱའོ།། ་མི་དགོས་པ་དང་མི་ནུས་པའི་ཕྱིར་བཞི་ཁོ་ན་ཏེ་ཁྲིའི་རྐང་པ་བཞིན་ནོ།། ཞེས་བྱ་བ་ནི་སྔར་ནི་མི་དགོས་སོ།། གསུམ་གྱིས་ནཱི་མི་ནུས་སོ།། ཁྲིའི་རྐང་པ་སྨོས་པ་ནི་གོ་སླ་བར་བྱ་བའི་ཕྱིར་རོ།། འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར ་བྱས་པ་ཞེས་བྱ་བ་ལ་འབྱུང་པོ་ཆེན་པོ་བཞི་པོ་དག་དང་དེ་དག་རྒྱུར་བྱས་པ་ཞེས་བྱ་བ་རིགས་སོ་ཞེ་ན། འབྱུང་བ་ཆེན་པོ་བཞི་སྨོས་པ་ནི་ཚོགས་ནས་བྱ་བ་བྱེད་པར་བསྟན་པ་དང་། རྒྱུ་དང་འབྲས་བུ་གཞན་ཡིན་པར་གོས ་པོར་བྱ་བའི་ཕྱིར་རོ།། འབྱུང་བ་ཆེན་པོ་བཞི་པོ་དགེ་འདུས་ན་རྒྱུར་བྱས་པའི་གཟུགས་མངོན་པར་འགྲུབ་པོ།། འབྱུང་བ་ཆེན་པོ་བཞི་པོ་དྲག་ནི་འབྱུང་བ་ཆེན་པོ་དག་འདུས་ནས་མངོན་པར་འགྲུབ་པ་མ་ཡིན་གྱི། རེ་རེ་ཡང ་འབྱུང་བ་ཆེན་པོ་གཞན་གསུམ་པོ་དག་ལ་བལྟོས་པ་སྟེ། གཅིག་གིས་རྒྱུ་གཅིག་ཅེས་གསུངས་པའི་ཕྱིར་རོ།། མངལ་དུ་འཇུག་པའི་མདོ་ལས་རང་བཞིན་ལ་བལྟོས་པ་མ་ཡིན་པ་དང་། ཆ་འདྲ་བའི་རྫས་ལ་བལྟོས་པ ་མ་ཡིན་པའི་ཕྱིར་རང་བཞིན་དང་ཆ་འདྲ་བའི་རྫས་ལ་མི་བལྟོས་པའོ་ཞེའོ།། འབྱུང་བ་ཆེན་པོ་དག་ནི་ཚོགས་པ་མི་འབྲལ་བ་དག་གོ།། ཅི་མངོན་ཞེ་ན། མདོ་ལས་མངོན་ཏེ། མངལ་དུ་འཇུག་པའི་མདོ་ལས་གསུངས ་པ། དགའ་བློ་དེ་ལ་ཕ་མའི་མི་གཙང་བ་ལ་མེར་མེར་པོར་གྱུར་པའི་ལུས་ལ་སྲ་བ་ཉིད་ནི་སའི་ཁམས་ཉེ་བར་གནས་པ་ཡིན་ནོ།། གཤེར་བ་ཉིད་ནི་ཆུའི་ཁམས་སོ།། ཚ་བ་ཉིད་ནི་མེའི་ཁམས་སོ།། ཡང་ཞིང་གཡོ་བ ་ཉིད་ནི་རླུང་གི་ཁམས་སོ།། དགའ་བོ་གལ་ཏེ་དེ་ལ་སའི་ཁམས་ཡོད་ལ་ཆུའི་ཁཾས་མེད་པར་གྱུར་ན་སྐམ་པ་འམ་འགྱེས་པར་འགྱུར་ཏེ། དགའ་བོ་དཔེར་ན་ཕྱེ་འམ་ཐལ་བ་བཅངས་པ་ལྟ་བུའོ།། དགའ་བོ་དེ་ནི་ཆུའི་ཁམས་ཀྱིས ་གཟུང་བས་མི་འགྱེས་སོ།། དགའ་བོ་གལ་ཏེ་དེ་ལ་ཆུའི་ཁམས་ཡོད་ལ་སའི་ཁམས་མེད་པར་གྱུར་ན་སླ་བས་ཟག་པར་འགྱུར་ཏེ། དགའ་བོ་དཔེར་ན་འབྲུ་མར་རམ་ཆུ་ལྟ་བུའོ།། དགའ་བོ་དེ་ལྟར་ན་ཆུའི་ཁམས་ཀྱིས་སའི ་ཁམས་བཟུང་ན་མི་འཇིག་གོ། དགའ་བོ་གལ་ཏེ་དེ་ལ་སའི་ཁམས་དང་ཆུའི་ཁམས་ཡོད་ལ་མེའི་ཁམས་མེད་པར་གྱུར་ན་འདྲུལ་ཞིང་འཇིག་ལ་འདགས་པར་འགྱུར་ཏེ། དགའ་བོ་དཔེར་ན་དབྱར་གྱི་དུས་ན་ཤ་རྣག་ཏུ་འདྲུལ ་ཞིང་འཇིག་ལ་འདགས་པར་འགྱུར་བ་དེ་བཞིན་དུ། དགའ་བོ་གལ་ཏེ་དེ་ལས་སའི་ཁམས་དང་ཆུའི་ཁམས་ཡོད་ལ་མེའི་ཁམསྔ་མེད་ན་འདྲུལ་ཞིང་འཇིག་ལ་འདགས་པར་འགྱུར་རོ།། དགའ་བོ་གལ་ཏེ་དེ་ལ་སའི་ཁམས་དང ་ཆུའི་ཁམས་དང་མེའི་ཁམས་ཡོད་ལ་རླུང་གི་ཁམས་མེད་པར་གྱུར་ན་དེ་ཙམ་དུ་འདུག་སྟེ། སྐྱེ་བ་དང་འཕེལ་བ་དང་རྒྱས་པར་མི་འགྱུར་རོ།། ནང་གི་འབྱུང་བ་ཆེན་པོ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་གཅིག་གི ་རྒྱུ་གཅིག་ཡིན་པ་ལྡན་པ་ཟིན་པ་འདི་དག་སའི་ཁམས་ཀྱིས་བརྟན། ཆུའི་ཁམས་ཀྱིས་བསྡུས། མེའི་ཁམས་ཀྱིས་རྣམ་པར་སྨིན་པར་བྱས། རླུང་གི་ཁམས་ཀྱིས་བསྐྱོད་ན་སྐྱེ་བ་དང་རྒྱས་པར་འགྱུར ་ཞེའོ།། དེའི་ཕྱིར་འབྱུང་བ་ཆེན་པོ་དག་ནི་འདུས་པ་ཚོགས་པ་མི་འབྲལ་བའོ་ཞེས་བྱའོ།། དེ་ལྟར་རེ་ཞིག་འབྱུང་བའི་གཟུགས་ཇེ་བཤད་ནས་འབྱུང་བ་ལས་གྱུར་པ་བརྗོད་དོ།། རེག་བྱའི་ཕྱོགས་གཅིག་དང་རྣམ་པར་རིག་བྱེད་མ་ཡིན ་པ་ཞེས་བྱ་བ་ལ། རེག་བྱའི་ཕྱོགས་གཅིག་ཏུ་གྱུར་པ་ནི་རེག་བྱའི་ཕྱོགས་གཅིག་གོ།། རེག་པར་བྱ་བ་ཡིན་པས་རེག་བྱའོ།། རྫས་སུ་བཅུ་གཅིག་གི་རང་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འབྱུང་བ་ཆེན་པོ་བཞི་དང་འཇམ་པ་ལ ་སོགས་པ་བདུན་ནོ།། དེ་ལ་འབྱུང་བ་ལས་གྱུར་པའི་གཟུགས་བཤད་པས་ན་འབྱུང་བ་ཆེན་པོ་བཏོན་ཏེ་རེག་བྱའི་ཕྱོགས་གཅིག་སྨོས་སོ།། འབྱུང་བ་ལས་གྱུར་པ་ནི་མིག་ལ་སོགས་པ་ནས་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཐུག ་བའི་བར་དག་གོ། འབྱུང་བ་དག་ལས་བྱུང་བས་ན་འབྱུང་བ་ལས་གྱུར་པ་སྟེ་ཞེས་བྱ་བ་ནི་གནས་པའི་དངོས་པོར་སྟོན་ཏོ།། དེ་ལ་མིག་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་ཞེས་བྱ་བ་ནི་དགར་བའི་དོན་ཏོ།། མིག་ནི་འདིར་རྣ་བ་ལ་སོགས ་པ་གཞན་དག་ལས་བཟློག་པ་སྟེ་མངོན་སུམ་ཉིད་དོ།། སྔོན་མ་བྱུང་བ་དང་ལྷ་དང་མཐོ་རིས་ལ་སོགས་པའི་ཡུལ་ཡོངས་སུ་གཅོད་པའི་ཕྱིར་ང་རྣ་བའི་དབང་པོ་ལ་སོགས་པ་བས་སྔར་སྨོས་སོ།། དེ་ལྟར་དེ་རྒྱང་རིང་དུ་འཇུག་པའི། ་ཕྱིར་རོ་ཞེས་བྱ་བ་དེ་ནི་ཡང་དག་པའི་ཤ་དང་ལྷའི་དང་འཕགས་པའི་ཤེས་རབ་ཀྱི་མིག་དང་གསུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ།། མིག་གི་རྣམ་པར་ཤེས་པའི་རྟེན་ལྟ་བུ་ཞེས་བྱ་བ་ནི་རྟེན་འདྲ་བས་རྟེན་ལྟ་བུའོ།། དོན་གྱི་དངོས་པོ ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་རྟེན་བྱེད་པས་ནང་གི་ཡན་ལག་ནི་རྟོགས་པ་ཉིད་དོ།། རྣམ་པར་ཤེས་པའི་གནས་ཀྱི་དངོས་པོ་ནི་འདིར་མིག་གི་འགྱུར་བ་གསལ་བ་དང་མི་གསལ་བ་ལ་སོགས་པས་རྗེས་སུ ་འགྱུར་བའི་ཕྱིར་ཏེ། ཤིང་འགྱུར་བྱས་གྲིབ་མ་འགྱུར་བ་བཞིན་ནོ།། དངོས་པོ་གང་དག་དབང་པོ་ལས་འདས་པ་དེ་དག་རྒྱུ་དང་འབྲས་བུའི་དངོས་པོས་ཡོད་པར་རྗེས་སུ་དཔག་ཏུ་རུང་སྟེ་དབང་པོ་ལས་འདས་པ་དག་ནི་མིག་ལ ་སོགས་པ་སྟེ། དེ་དག་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུའི་དམིག་པའི་ཕྱིར་ཡོད་དོ་ཞེས་བརྗོད་དོ།། མིག་ལྔ་སོགས་པའི་རྣམ་པར་ཤེས་པ་འབྱུང་བ་གཉིས་ལ་རག་ལས་སུ་ཟིན་ཀྱང་མིག་གི་རྣམ ་པཔར་ཤེས་པ་ལ་སོགས་པ་མིག་ལ་སོགས་པས་བསྟན་གྱི་གཟུགས་ལ་སོགས་པས་མཱ་ཡོན་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་རྔའི་སྒྲ་བཞིན་ནོ།། དཔེར་ན་ལག་པ་ལ་སོགས་པ་ནི་རྔ་པ་ཊ་ཧ་ལ་སོགས་པའི་སྒྲའི་ཐུན་མོང་གི ་རྒྱུ་ཡིན་གྱི་རྔ་ནི་དེ་ལྟ་ཡིན་ཏེ། རྔ་ཉིད་ཀྱི་སྒྲའི་རྒྱུ་ཡིན་ནོ།། དེ་ལྟ་བས་རྔའི་སྒྲའོ་ཞེས་དེ་ཉིད་ཀྱིས་བསྟན་ཏོ།། དེ་བཞིན་དུ་གཟུགས་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཐུན་མོང་གི་རྒྱུ་ཡིན་གྱི་མིག ་ལ་སོགས་པ་ནི་ཐུན་མོང་གི་རྒྱུ་མ་ཡིན་ནོ།། དེ་བས་ན་དེ་དག་ཉིད་ཀྱིས་བསྟན་ཏོ།། མིག་གི་རྣམ་པར་ཤེས་པའི་རྟེན་ལྟ་བུ་གཟུགས་ལ་ལྟ་བའི་བྱ་བ་ཅན་གཟུགས་དང་བའོ་ཞེས་བྱ་བ་ནི་འབྲས་བུས ་རྒྱུ་གསལ་བར་བྱེད་པའོ།། གཟུགས་ལ་ལྟ་བའི་བྱ་བ་ཅན་ཞེས་བྱ་བ་ནི་འདི་ལྟར་མིག་གིས་གཟུགས་རྣམས་མཐོང་གི་རྣམ་པར་ཤེས་པས་མ་ཡིན་ཏེ། དེ་ཡོད་ནི་ཡོད་པས་མིག་དང་ལྡན་པས་མཐོང་བ་དང་། ལོང་བས ་མི་མཐོང་བའི་ཕྱིར་རོ།། གཟུགས་ལ་ལྟ་བ་ནི་གཟུགས་སྣང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། བྱ་བ་ནི་ལས་སོ།། གཟུགས་ལ་ལྟ་བའི་བྱ་བ་སྟེ། ལས་གྲང་གི་ཡིན་པ་དེ་གཟུགས་ལ་ལྟ་བའི་བྱ་བ་ཅན་ནོ།། གཟུགས ་དང་ཞེས་བྱ་བ་ལ་གཟུགས་ཀྱི་བདག་ཉིད་དང་བ་ནི་གཟུགས་དང་བ་སྟེ་རྡུལ་ཕྲ་རབ་རྣམས་བསགས་པའོ།། མིག་ནི་སྨྲ་བས་ན་མིག་སྟེ་ཡུལ་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། མིག་གི་དབང་པོའི་རྡུལ་ཕྲ་རབ་རྣམས་ནིགནག ་བཀྲ་དང་ཉེ་བར་གནས་པ་ཡུལ་མངོན་དུ་ཕྱོགས་པ་ཤེལ་ལྟར་དང་པ་གཟུགས་ལ་འཛིན་པར་ནུས་པ་སྟེ་སྣོད་ཆུས་གང་བའི་ནང་དུ་ཕྱེ་གཏོར་བུ་ལྟ་བུའོ་ཞེས་ཁྭ་ཅིག་འཛེར་ཏོ།། ཁ་ཅིག་ན་རེ་གོ་སྙོད་ཀྱི་མེ་ཏོག་ལྟར ་གནས་པ་སྟེ། འབྱུང་བ་ཆེན་པོ་མདོག་གསལ་བས་ཁེབས་པའི་ཕྱིར་མི་འགྱེས་ཞེའོ།། ཁ་ཅིག་ནི་རེ་དགོངས་པ་ལྟར་གནས་ལ་དད་པའི་ཕྱིར་གཅིག་ལ་གཅིག་གིས་མི་སྒྲིབ་སྟེ་སྟོན་ཀའི་ཆུ་དང་བ་འདུས་པ་བཞིན་ནོ།། ཞེའོ།། ་འདིས་སྒྲ་རྣམ་པ་མང་པོ་ཉན་པས་རྣ་བའོ།། རྣ་བའི་དབང་པོ་རྡུལ་ཕྲ་རབ་རྣམས་ནི་ཤེལ་ལྟར་དང་བ་སྒྲ་ལ་འཛིན་པར་ནུས་པ་འགྲོ་བའི་འཛེར་བུ་ལྟར་གནས་པ་དག་གོ། འདིས་དྲི་བསུང་རྣམ་པ་མང་པོ་སྣོམ་པས་སྣ་སྟེ་སྣོམ་ཞེས་བྱ ་བའི་ཐ་ཚིག་གོ། སྣའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཤེལ་ལྟར་དང་བའོ།། རོ་ལ་འཛིན་པར་ནུས་པ་འཚོ་བྱེད་འབོད་པས་ལྕེའོ།། ལྕེའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཤེལ་ལྟར་དང་བཱ་རོ་མྱང་བར་ནུས་པ་ཟླ་བ་ཁམ་པ་ལྟར ་གནས་པ་དག་སྟེ། ལྕེའི་དབུས་སྐྲའི་རྩེ་མོའི་ཁྱོན་ཙམ་ཞིག་ལ་ལྕེའི་དབང་པོའི་རྡུལ་ཕྲ་རབ་དག་གིས་མ་ཁྱབ་སྟེ་མཐའ་ལྷག་མ་རྣམས་ནི་ཁྱབ་བོ།། དེ་ལྟ་མ་ཡིན་ན་གླད་པ་འཛག་པའི་རོ་མྱོང་བར་འགྱུར་རོ།། བསགས ་པ་དང་སོགས་པར་འགྱུར་བ་དང་སོགས་པས་ལུས་ཏེ་བཅོས་མ་དང་བྱ་བ་དང་བྱེད་དུ་གཞུགས་པའོ་ཞེས་ངེས་པའི་ཚིག་གོ། བསྟན་བཅོས་ལྔས་ནི་དེའི་རྒྱུ་སྤྱད་པ་ཡིན་པས་ན་ལུས་སོ་ཞེས་བྱུང་སྟེ། ས་བོན་དང་གནས ་དང་སྟོན་པ་དང་འཛག་པ་དང་འཆི་བའི་ཡིད་དུ་མི་འོང་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། མི་གཙང་བའི་རྫས་རྣམ་པ་སྣ་ཚོགས་འདུས་པའི་མཚན་ཉིད་ཀྱི་ཕྱིར་རྣག་གི་ཚོགས་བཞིན་ནོ་ཞེས་ཁ་ཅིག་འཛེར་ཏོ།། ལུས་ཀྱི་དབང་པོའི ་རྡུལ་ཕྲ་རབ་རྣམས་ནི་རིམ་གྱིས་མངོན་པར་གྲུབ་པས་ལུས་བཞིན་དུ་གནས་པ་དག་གོ།། མོའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་རྔའི་ཁོག་པའི་སྦུབས་ལྟར་གནས་པ་དག་གོ།། འཕོའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི ་མཐེ་བོའོ་ངོས་ཀྱི་ཚུལ་ལྟར་གནས་པ་དྲུག་གོ།། ཡུལ་རེག་བྱ་ཐུན་མོང་བའི་ཕྱིར་དེ་དག་ནི་ལུས་ཀྱི་དབང་པོ་ལ་གནས་པས་ལོགས་ཤིག་ཏུ་མ་སྨོས་སོ།། དབང་པོ་གྲོང་མ་གསུམ་ནི་ཕྲེང་བའི ་རྒྱུད་བཞིན་དུ་གནས་པ་དག་གོ། མིག་གི་རྣམ་པར་ཤེས་པའི་རྟེན་ཡིན་ལ་གཟུགས་དང་བ་མ་ཡིན་པ་ཡང་ཡོད་དེ། འགགས་མ་ཐག་པའི་ཡིད་དོ།། གཟུགས་དང་བ་ཡིན་ལ་མིག་གི་རྣམ་པར་ཤེས་པའི་རྟེན ་མ་ཡིན་པ་ཡང་ཡོད་དེ།། རྣ་བ་ལ་སོགས་པའི་དབང་པོ་བཞིའོ།། དེ་ལ་མིག་གི་རྣམ་པར་ཤེས་པའི་རྟེན་ཅེས་བྱ་བ་འདི་རྣ་བ་ལ་སོགས་པའི་དབང་པོ་དགག་པར་བྱེད་དོ།། གཟུགས་དང་བ་ཞེས་བྱ་བ་འདིས ་ནི་འགག་མ་ཐུག་པའི་ཡིད་དགག་པར་བྱེད་དྲོ།། ཡང་ན་གཟུགས་སྨོས་པས་དད་པའི་དབང་པོ་ལ་སོགས་པ་སྲེལ་ཏོ།། དང་བ་སྨོས་པས་ནི་འབྱུང་བ་ཆེན་པོའི་གཟུགས་སེལ་ཏོ།། དེ་ནི་འདི་སྐད་དུ་གང་མིག་གི་རྣམ ་པར་ཤེས་པའི་རྟེན་ལྟ་བུ་གཟུགས་ལ་ལྟོ་བའི་བྱ་བ་ཅན་གཟུགས་དང་བ་དེ་ནི་མིག་གི་དབང་པོའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པར་འགྱུར་རོ།། དབང་པོའི་དོན་གང་ཞེ་ན། དབང་བྱེད་པའི་དོན་ནི་དབང་པོའི་དོན ་ཏོ།། ཡུལ་སོ་སོར་ངེས་པའི་དབང་པོ་རྣམས་ནི་རང་གི་དོན་ལ་ལྷག་པར་དབང་བྱེད་པ་སྟེ། ཐུན་མོང་མ་ཡིན་པའི་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ།། དེ་ལྟར་དབང་པོ་དག་བསྟན་ནས་རྒྱུར་བྱས ་པབའི་གཟུགས་ཡུལ་དུ་གྱུར་པ་རྣམས་བརྗོད་དོ།། དེ་ལ་གཟུགས་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་རྣམ་གཉིས་སོ།། ཁ་དོག་གི་བདག་ཉིད་ནི་ཁ་དོག་གི་རང་བཞིན་ནོ།། དབྱིབས་ཀྱི་བདག་ཉིད་ནི་དབྱིབས་ཀྱི་རང ་བཞིན་ནོ།། འདི་ལ་ཁ་ཅིག་ཁ་དོག་དང་དབྱིབས་གཉིས་ཐ་མི་དད་དྲོ་ཞེས་རྟོག་པ་དེ་དག་གི་ལོག་པར་རྟོགས་པ་བསྔལ་བའི་ཕྱིར་ཚད་མར་གྱུར་པའི་ལུང་གིས་ཐ་དད་པར་རབ་ཏུ་བསྒྲུབ་སྟེ། ཁ་དོག་ངན་པ་དང ་དབྱིབས་ངན་པར་འགྱུར་རོ་ཞེས་གང་སྨོས་པའོ།། གཟུགས་ཀྱི་སྐྱེ་མཆེད་བསྟན་པ་རྣམ་པ་ཉི་ཤུ་པོ་འདི་ཡང་མིག་གི་རྣམ་པར་ཤེས་པས་ནི་རང་གི་མཚན་ཉིད་རིག་གོ།། ཡིད་ཀྱི་རྣམ་པར་ཤེས་པས་རང་དང ་སྤྱིའི་མཚན་ཉིད་རིག་གོ།། དེས་གྲངས་པ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་དྲངས་པ་སྟེ། དྲངས་པ་ནི་འདིར་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་གནས་པའོ།། སྒྲ་ནི་ཟིན་པ་དྲང་མ་ཟིན་པའི་འབྱུང་བ་ཆེན་པོའི ་བྱེ་བྲག་གིས་རྣམ་པ་གཉིས་སོ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ།། སྒྲར་འབྱིན་ཅིང་འདིས་དངོས་པོ་འབོད་པས་ན་སྒྲའོ།། ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུའི་བྱེ་བྲག་འདིས་རྒྱུ་རྣམ་པ་གཉིས་བསྟན་ཏོ།། ་ཟིན་པའི་ཞེས་བྱ་བའི་དོན་ཅི་ཞེ་ན། གང་ཤ་དང་ཁྲག་དང་ཚིལ་དང་ལྡན་པའོ།། དེ་ལྟ་ན་ནི་གཟུགས་ཀྱི་ཁམས་ཀྱི་ཟིན་པ་མ་ཡིན་པའི་སྐྱོན་དུ་འགྱུར་རོ།། སེམས་དང་སེམས་ལས་བྱུང་བ་དག་གིས་ཕན་པ་དང ་གནོད་པ་གཉིས་ཀྱིས་བཟུང་བའོ་ཞེ་ན། དེ་ལྟར་ན་ཡང་འགོག་པ་དང་འདུ་ཤེས་མེད་བ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་ཟིན་པ་མ་ཡིན་པར་འགྱུར་རོ།། ངའི་ཕྱིར་གང་དབང་པོ་དང ་མ་བྲལ་བར་གྱུར་པ་དེ་ཟིན་པའོ།། དེ་ལ་མྱ་གཏོགས་པ་ནི་མ་ཟིན་པའོ།། དེ་ལྟར་བྱས་ནས་ལུས་སུ་གཏོགས་པ་ཞེས་བྱ་བ་སྨོས་སོ།། བདག་གི་ལུས་ལ་ལུས་ཞེས་བྱ་སྟེ། བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ།། དེ ་ལ་འདིར་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་ཅེས་བྱ་བར་གདགས་སོ།། ལུས་སུ་གཏོགས་པ་ཞེས་བྱ་བ་ནི་ལུས་སུ་གྱུར་པའི་ཐ་ཚིག་གོ།། དེ་དག་ཀྱང་ད་ལྟར་བྱུང་བའི་ལུས་ཀྱི་དབང་པོ་དང་མ་བྲལ་བ ་རྣམས་ལ་ཟིན་པ་དག་ཅེས་བྱ་སྟེ། དེ་དག་ནི་བྱིས་པ་རྣམས་ཀྱིས་བདེ་བའི་དོན་དུ་བཟུང་བས་ཟིན་པ་ཞེས་བྱ་བའི་ཐེ་ཚིག་ག། གང་སྔ་མས་བསྐྱེད་པ་ཞེས་བྱ་བ་ནི་བསྒྲུབས་པའོ།། དེ་ནི་ཟིན་པའི་འབྱུང་བ་ཆེན་པོའི ་རྒྱུ་ལས་བྱུང་བ་སྟེ། འདི་ལྟ་སྟེ་ལག་པ་དང་ངག་གི་སྒྲའོ།། ཕྱི་མ་སྟེ་མ་ཟིན་པས་གང་བསྐྱེད་པ་ནི། འདི་ལྟ་སྟེ་རླུང་དང་ནགས་ཚུལ་དང་འབབ་ཆུའི་སྒྲའོ།། སེམས་ཅན་དུ་སྟོན་པ་དང་སེམས་ཅན་དུ་སྟོན་པ་མ་ཡིན་པ ་རྣམ་པ་བཞིའོ།། སེམས་ཅན་ནི་བུམ་པ་དང་སྣམ་བུ་ལ་སོགས་པའི་རྫས་ཏེ། དེ་སྟོན་པ་ལ་སེམས་ཅན་དུ་སྟོན་པ་ཞེས་བྱའོ།། ཅི་སེམས་ཅན་དུ་སྟོན་པ་ཞེས་བྱའོ།། ཅི་གང་སེམས་ཅན་དུ་སྟོན་པ་དེ་སེམས་ཅན་དུ ་སྟོན་པ་ཡིན་ཏེ། ཇི་ལྟར་གང་ལ་ཨཱ་ཞེས་བྱ་བ་ལ་སོགས་པའི་ཡི་གེའི་འབྲུ་གསལ་བ་ཡོད་པ་སེམས་ཅན་དུ་སྟོན་པ་ཡིན་ནམ། འོན་ཏེ་གང་སེམས་ཅན་གྱི་བློ་སྐྱེད་པར་བྱེད་པ་ཡིན། དེས་ཅིར་འགྱུར་ཞེ་ན། གལ ་ཏེ་དེ་སེམས་ཅན་དུ་སྟོན་པ་ཡིན་ན་ནི། དེ་ལྟ་ན་རྟ་ལ་སོགས་པ་སྒྲ་འབྱིན་པའི་སྒྲ་སེམས་ཅན་དུ་སྟོན་པ་མ་ཡིན་པའི་སྐྱོན་དུ་འགྱུར་རོ།། ཅི་སྟེ་གང་སེམས་ཅན་གྱི་བློ་བསྐྱེད་པ་ཡིན་ན་ནི། ལག་པའི་སྒྲ་ཡང་སེམས ་ཅན་དུ་སྟོན་པར་འགྱུར་རོ།། དེ་ལྟར་དྲི་བ་བྱས་ནས་སྨྲས་པ། གང་སེམས་ཅན་གྱི་བློ་བསྐྱེད་པ་དེ་སེམས་ཅན་དུ་སྟོན་པ་སྟེ། ཇི་ལྟར་སྨྲ་བའི་སྒྲས་མངོན་སུམ་དུ་རྟོག་པར་བྱེད་པོ་དེ་ལྟར་ལག་པའི་སྒྲས་ནི་མ་ཡིན་ནོ།། གཞ ་ནི་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་འབྱུང་བའོ།། བར་དུ་ཆོད་ཀྱང་ཐམས་ཅད་ཀྱི་མིང་གི་ཚུལ་གྱིས་མངོན་ཏེ། ཁྱོད་ཀྱི་ཁཾ་བཞིན་དེནི་ཨུཏྤལ་མ་དབ་འདྲ་ཡི།། མིག་དང་དེ་ཡི་རྡུལ་དང་འདྲ་བིའུ་གསུང་དང་ལྡན་ཞེས ་བརྗོད་པའི་ཕྱིར་རོ།། སྤྲུལ་པ་ནི་འདོད་པ་ན་སྤྱོད་པ་བསམ་གཏན་བཞི་པའི་བར་གྱིས་འབྲས་བུའོ།། དེ་ལ་འདོད་པ་ན་སྤྱོད་པ་ནི་སྐྱེ་མཆེད་བཞིའི་བདག་ཉིད་དེ། གཟུགས་དང་དྲི་དང་རོ་དང་རེག་བྱའི་རང་བཞིན་ནོ།། གཟུགས ་ན་སྤྱོད་པ་ནི་སྐྱེ་མཆེད་གཉིས་ཀྱི་བདག་ཉིད་དེ་གཟུགས་དང་རེག་བྱའི་རང་བཞིན་ནོ།། དེ་ན་དྲི་དང་རོ་གཉིས་མེད་དེ་ཁམ་གྱི་ཟ་བའི་ཟས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ།། དེ་ནི་དངོས་བཞི་བསམ་གཏན་གྱི་འབྲས་བུ ་ཡིན་གྱི་ཉེར་བསྔགས་ཀྱིས་ཐོབ་པར་བྱ་བ་མ་ཡིན་ཏེ། མཆོག་ཏུ་དགའ་བའི་དངོས་པོ་ཡིན་པའི་ཕྱིར་རོ།། དེ་ལ་སངས་རྒྱས་ཀྱི་སྤྲུལ་པ་དག་ནི་དེ་བཞིན་གཤེགས་པ་ཅང་མི་གསུང་བར་ཡང་ཆོས་སྟོན ་པར་ནུས་སོ།། ཉན་ཐོས་དང་རང་སྲུངས་རྒྱས་རྣམས་ཀྱི་དེ་དག་ནི་ལྷན་ཅིག་ཏུ་སྨྲ་བ་སྟེ། ཇི་སྐད་དུ་གཅིག་པོ་སྤྱན་སྤྲུལ་པ་ཐམས་ཅད་སྨྲ་བར་འགྱུར། དེ་བཞིན་གཤེགས་པ་མེ་གསུང་སྤྲུལ་པ་ཐམས་ཅད་སྨྲ་ཞེས་གསུངས ་པ་ལྟ་བུའོ།། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་གིས་ཞེས་བྱ་བ་ལ་ཡིད་དང་མཐུན་པ་ནི་ཡིད་དུ་འོང་བའོ།། ཡིད་དང་མྱི་མཐུན་པ་ནི་ཡིད་དུ་མི་འོང་བ་སྟེ། དཔེར་ན་ཕ་ཡིད་དུ་འོང་བ་ནི་པར་འཛིན་པ་ཞེས་བརྗོད་པ་ལྟ ་དུའོ།། དེ་ལྟར་ན་རྒྱུའི་བྱེ་བྲག་དང་རྫས་ཀྱི་བྱེ་བྲག་དང་ཡོནྣ་ཏན་གྱི་བྷེ་བྲགྲོ་གིས་སྐུ་ནི་རྣམ་པ་བརྒྱད་དུ་འགྱུར་རོ།། རྣམ་པ་བརྒྱད་པོ་དེ་ཡང་རྣ་བའི་རྣམ་པར་ཤེས་པས་ནི་རང་གི་མཚན་ཉིད་རིག་གོ། ཡིད་ཀྱི་རྣམ་པར་ཤེས་པས་ནི ་རང་དང་སྤྱིའི་མཚན་ཉིད་རིག་གོ། སྒྲའི་སྐྱེ་མཆེད་བཤང་ཟིན་ཏོ།། དྲཱི་ནཱི་རྣམ་པ་གསུམ་སྟེ། དྲི་ཞིམ་པ་དང་། དྲི་ང་བ་དང་། དྲི་མཉམ་པའོ་ཞེས་བྱ་བ་ལ་བསུང་ཞིམ་པ་ནི་དྲི་ཞིམ་པའོ།། སྤད་པའི་དྲི་ནི་དྲི་ང་བའོ།། ངན་པ་ནི་སྡིག་པ་སྟེ། ་དཔེར་ན་བྲམ་ཟེ་ངན་པ་ཞེས་བྱ་བ་ལྟ་བུའོ།། གཉི་ག་ལས་བཟློག་པ་ནི་དྲི་མཉམ་པ་སྟེ། དྲི་ཞིམ་པ་དང་དྲི་ང་བ་ལམ་གཏོགས་པ་ནི་དྲི་མཉམ་པའོ།། དོན་དེ་ཉིད་གཞུང་གིས་སྟོན་ཏེ།། དྲི་ཞིམ་པ་ནི་དབང་པོའི་འབྱུང་བ་ཆེན་པོ ་རྒྱས་པར་བྱེད་པའོ་ཞེས་བྱ་བ་སྟེ། དབང་པོ་རྣམས་ཀྱི་འབྱུང་བ་ཆེན་པོ་དག་ནི་དབང་པོའི་འབྱུང་བ་ཆེན་པོའོ།། དེ་དག་རྒྱས་པར་བྱེད་པ་ནི་རྟས་པར་བྱེད་པའི་ཐ་ཚིག་གོ། དེ་དང་མི་མཐུན་པ་ནི་དྲི་ང་བའོ།། ཕན་པར་བྱེད་པ་དང་གནོད་པ ་བྱེད་པའི་རྒྱུ་ལས་རྣམ་པར་གྲོལ་བ་ནི་དྲི་མཉམ་པའོ།། རྣམ་པ་གསུམ་པོ་འདི་ཡང་སྣའི་རྣམ་པར་ཤེས་པས་ནི་རང་གི་མཚན་ཉིད་རིག་གོ།། ཡིད་ཀྱི་རྣམ་པར་ཤེས་པས་ནི་རང་དང་སྤྱིའི་མཚན་ཉིད་རིག་གོ།། རོ་ནི་མངར་བ་དང་། སྒྱུ ་བོ་དང་། ལ་ན་ཚྭ་བ་དང་། ཁ་བ་དང་། བསྐ་བཱའི་བྱེ་བྲག་གིས་རྣམ་པ་དྲུག་སྟེ་ཞེས་བྱ་བཱི་ལ་རི་ནི་མྱང་བར་བྱ་བ་ཞེས་བྱ་བའི་དོན་གང་ཡིན་པའོ།། དེ་ལ་མངར་བ་ནི་བུ་རམ་ལ་སོགས་པའོ།། ཚ་བ་ནི་བཅའ་ལྒ་ལ་སོགས་པའོ།། སྦྱར ་བ་ནཱི་བི་ཙ་པུཪྵཱ་ཀ་ལ་སོགས་པའོ།། ཁཱ་བ་ནི་ནིམ་པ་ལ་སོགས་པའོ།། ལེན་ཚྭ་བོ་ནི་ལྕེ་ཚྭ་ལ་སོགས་པའོ།། བསྐ་བུ་ནི་ཨ་རུ་ར་ལ་སོགས་པའོ།། དེ་ཐམས་ཅད་ནི་ལྕེའི་རྣམ་པར་ཤེས་པ་དང་དེས་དྲུངས་པའི་ཞེས་བྱ་བ་ནི་སྔ་མ ་བཞིན་ནོ།། རེག་བྱའི་ཕྱོགས་གཅིག་ནི་རྣམ་པ་བདུན་ཏེ་ཞེས་བྱ་བ་ནི་རྣམ་པ་བདུན་ཏེ། འཇམ་པ་ཉིད་ཅེས་བྱ་བ་ལ་སོགས་པའོ།། འཇམ་པའི་དངོས་པོ་ནི་འཇམ་པ་ཉིད་དེ་ཐ་མི་དད་པའི་དངོས་པོའི་རྐྱེན་ཏེ། ཇི་སྐད་དུ་དངོས་པོ ་ཐམས་ཅད་ནི་རང་གི་དངོས་པོར་འབྱུང་བ་ཞེས་བྱ་བའི་ཕྱིར་རོ།། རྩུབ་པ་ཞེས་བྱ་བ་ལ། རྩུབ་ཅེས་བྱ་བ་དག་ནི་འབྱུང་བ་ཆེན་པོ་དག་ལ་བྱའོ།། དེ་ལ་གནས་པའི་རྩུབ་པ་སྟེ། དཔེར་ན་རི་ལ་ཉལ་བ་ལ་རི་ཉལ་བ་ཞེས་བྱ་བ་ལྟ ་བུའོ།། དེ་ལྟ་ཡིན་ན་ནི་རྒྱུར་བྱས་པའི་གཟུགས་ཐམས་ཅད་རྩུབ་པར་འགྱུར་རོ།། འདི་ལ་ཉེས་མེད་དེ་རང་གི་ཡན་ལག་གི་ཆོས་སྟོན་དུ་ཟིན་ཀྱང་རྣམ་པ་གཞན་ལ་བརྗོད་དེ། དཔེར་ན་ལོ་མ་བདུན་པ ་དང་། གོམ་པ་བརྒྱད་པ་ཞེས་བྱ་བ་ལྟ་བུའོ།། དེའི་དངོས་པོ་ནི་རྩུབ་པ་ཉིད་དོ།། ལྕི་བ་ཉིད་དང་། ཡང་བ་ཉིད་དང་། གྲང་བ་རྣམས་ནི་འབྱུང་ལས་ཇི་སྐད་དུ་འབྱུང་བར་ཟད་དོ།། འབྱུང་བ་འདུས་པ་ལྔ་ཆུ་དང་མེའི་ཤས་ཆེ་བ་ནི ་འཇམ་པའོ།། ཤོས་ཆེ་བ་ནི་ལྷག་པ་ལ་བྱའོ།། ལྷག་མ་རྣམས་ནི་འབྱུང་ལས་ཇི་སྐད་དུ་འབྱུང་བར་ཟད་དོ།། དེ་ལ་འདོད་པའི་ཁམས་ན་ནི་ཐམས་ཅད་ཡོད་དོ།། གཟུགས་ཀྱི་ཁམས་ན་ནི་བཀྲིས་པ་དང་སྐོམ་པ་མེད།། ་གྲང་བ་ཡང་གནོད་པར་འགྱུར་བ་ནི་མེད་ཀྱི་ཕྲན་པར་འགྱུར་བ་ནི་ཡོད་དོ།། འདིར་ཁ་ཅིག་འདི་སྐད་དུ་ཏིང་ངེ་འཛིན་མ་གཏོགས་པར་ཕན་པར་འགྱུར་བའི་དངོས་པོ་གཞན་མེད་པའི་ཕྱིར་རོ་ཞེས་རྒོལ་ལོ།། དེ་ལྟ་ན་ནི་ཏིང ་ངེ་འཛིན་མ་གཏོགས་པར་ཕན་པར་འགྱུར་བའི་དངོས་པོ་མེད་པའི་ཕྱིར་གཞལ་མེད་ཁང་དགོས་པར་མི་འགྱུར་རོ།། རྒྱས་པར་བྱེད་པ་ཞེས་བྱ་བའི་རླུང་གི་རྒྱུན་དེས་ལུས་ཐམས་ཅད་རྒྱུས་པར་བྱེད་ཅེས་ཀྱང་འབྱུང་ངོ་།། ་དེ་བས་ན་ཏིང་ངེ་འཛིན་ལས་བྱུང་བའི་རེག་བྱའི་ཁྱད་པར་གྱིས་ལུས་ལ་ཕན་འདོགས་པར་ཟད་དེ། རྒྱུར་བྱས་པའི་གཟུགས་དེ་ལས་གཞན་ཡོད་དམ་ཅིའི་ཕྱིར་བཀྲེས་པ་དང་སྐོམ་པ་མེད་ཅེ་ན། ཁོམ་གྱི་ཟ་བའི་ཟས་ཀྱི ་འདོད་ཆགས་དང་བྲལ་བའི་ཕྱིར་རོ།། ཟ་འདོད་པའི་རྒྱུའི་ཆོས་ནི་བཀྲེས་པའོ།། རྒྱུའི་སྒྲ་ནི་མི་མངོན་པར་བྱས་ཏེ། དཔེར་ན་ཚོད་མ་བཙོ་པར་བྱེད་པའི་རྒྱལ་པོ་ལ་ཚོད་མའི་རྒྱལ་པོ་ཞེས་བྱ་བ་ལྟ་བའོ།། ཡང་ན་རྒྱལ ་འབྲས་བུ་གདགས་པའི་ཕྱིར་ཏེ། བརྗོད་པར་བྱ་བའི་གཙོ་བོ་ཡིན་པས་དེས་ན་བཀྲིས་པ་དང་སྐོམ་པ་གཟུགས་ཀྱི་རང་བཞིན་མ་ཡིན་ནོ།། དེ་ལོ་ལྟོ་ཀུན་ཏུ་རླུང་གི་རྡུལ་ཕྱ་རབ་རྣམས་ཀྱིས་རེག་ནི་བཀྲེས་པར་འགྱུར་རོ།། ་མ་རེག་ན་སྒོམ་པར་འགྱུར་རོ།། དེའི་ཕྱིར་རྒྱུ་ལ་འབྲས་བུ་སྒྲོ་གཏགས་ནས་བཀྲེས་པ་དང་སྐོམ་པའི་སྒྲར་བརྗོད་དོ།། ཇི་སྐད་དུ་སངས་རྒྱས་རྣམས་ནི་འབྱུང་བ་བདེ་ཞེས་བྱ་ལྟ་བ་བུའོ།། དབང་པོ་རྣམས་ཀྱི་ཡུལ་སོ་སོར་ངེས་པའི་ཕྱིར ་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཡུལ་ཡིན་གྱི་རྫས་ཀྱི་རང་གི་མཚན་ཉིད་ནི་ཡུལ་མ་ཡིན་ནོ།། དེ་བས་ན་རེག་བྱ་ཡང་ངེས་པར་ལྟར་འབྱུང་སྟེ། འབྱུང་བ་ཆེན་པོ་བཞི་དང་། འཇམ་པ་ལ་སོགས་པའི་ནང་ནས་གང་ཡང་རུང་བའོ།། ་དེ་བཞིན་དུ་དམིགས་ལ་སོགས་པའི་ཚོགས་དང་། ནོར་བུའི་ཁ་དོག་དང་རྟག་དབྱིབས་དུ་མར་སྣང་བ་རྣམས་ཀྱི་གཟུགས་ལ་སོགས་པའི་རྣམ་པ་ཡང་ཡོངས་སུ་གཅོད་པར་སྦྱར་བར་བྱའོ།། དེ་ཡང་ལུས་ཀྱི་རྣམ་པར་ཤེས་པས ་ནི་རང་གི་མཚན་ཉིད་རིག་གོ།། དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་ནི་རང་དང་སྤྱིའི་མཚན་ཉིད་རིག་གོ།། རེག་བྱའི་སྐྱེ་མཆེད་བཤད་ཟིན་ཏོ།། ད་ནི་རྣམ་པར་རིག་བྱེད་མ་ཡིན་པོ་བརྗོད་པར་བྱའོ།། སེམས་དང་སེམས་ལས ་བྱུ་བ་པ་བྱུང་བ་དག་གས་ན་བྱུང་རྣམ་ས་གླུ་། བདུ་ས་ན་དུ་དང་། ལུང་ས་ན་པའི་སེམ་པ་དང་སེམས་ལས་བྱུང་གས་པ་རྣམས་སྦྱིནས་ཨོཾཀྴ་ཀྵ། ་རླིག་པར་བྱེད་པ་ནི་འ་དུ་རུང་བར་བྱེད་ཤེས་པར་བྱེད་ཡོངས་སུ་གཅོད་པར་བྱེ་བ་།། ཇི་ལྟར་ན་འདིར་སེམས་དང་སེམས་ལས་བྱུང་བ་འབྱུང་བ་རྣམས་དྷ་ཤྩ་མྦྷམྦྷ་ནཱ་ན། དེ་གྶ་འབྷྲིང་བྱ་མེད་པར་རིག་བྱེད་མི་སྐྱེ་བའི་ཕྱིར་རོ། ་ནིའདི་སྐད་དུ་སེམས་དང་སེམས་ལས་བྱུང་བའི་འབྱུང་བ་རྣམ་པ་མང་པོས་བསྒྲེང་བུའི་ལུས་དང་ངག་གི་རྣམ་པར་རིག་བྱེད་རྣམས་ཀྱིས་གཞན་ལ་ཤེས་པར་བྱེད་དོ།། དེའི་ཕྱིར་རྣམ་པར་རིག་བྱིང་ངོ་ཞེས་བསྐྲུན་པར་གྱུར་ཏེ། འདི་ལྟ་སྟེ། ་དཔེར་ནུ་ཁུ་ཚུར་དང་ཐལ་ལྷག་ལ་སོག~ཾ་པ་དམིགས་པའི་ཕྱིར་ནང་དུ་སྦས་པའི་སེམས་ཀྱང་འཁྲུག་པ་དང་ལྡན་ནོ་སྙམ་དུ་གཞན་དག་གི་རྗེས་སུ་དཔག་པ་ལྟ་བུའོ།། དེ་བཞིན་དུ་ཞེས་བྱ་བ་ནཱི་རྣམ་པར་རིག་བྱེད་བཞིན་དུ་གཞན་ལྔ་རི ་པར་མི་བྱེད་པས་རྣམ་པར་རིག་བྱེད་མ་ཡིན་པའོ།། ཇི་ལྟར་རྣམ་པར་རིག་བྱེད་གཟུགས་ཀྱི་རང་བཞིན་དང་བྱེད་པའི་རང་བཞིན་ཡིན་པ་དེ་བཞིན་དུ་རྣར་རིག་བྱེད་མ་ཡིན་པ་ཡང་གཟུགས་ཀྱི་རང་བཞིན་དང་བྱེད་པའི་རང་བཞིན་ཡིན་མོད ་ཀྱང་འདི་ལ་རིག་པར་བྱ་བ་མེད་པས་རྣམ་པར་རིག་བྱེད་མ་ཡིན་པརེ།། མ་ཡིན་པ་འཛི་ནི་མིང་པོ་ལ་སོགས་པ་དོན་ལྔ་ལ་འཇུག་པར་སྣང་སྟེ།། མེད་པ་ནི་ཕྱོགས་དང་མཐུན་པ་མེད་པ་དང་བརྗོད་པར་བྱ་བ་མེད་པའོ།། ་འགལ་བ་ནི་ཕྱོགས་མ་ཡིན་པ་དང་དོན་མེད་པའོ།། སྨད་པ་ནི་བྲམ་ཟེར་མི་རུང་བ་སྟེ། གང་འགྲང་ཞིང་གཅིན་གཅི་ལ་འགྲོ་ཞིང་ཟ་བའོ།། གཞན་ལ་ནི་བྲམ་ཟེ་མ་ཡིན་པ་བོད་པའོ།། འདྲ་བ་ནི་འདིར་ཇི་ལྟ་བ་བཞིན་ནོ།། རྣམ་པར་རིག ་བྱེད་མ་ཡིན་པ་ཞེས་བྱ་བ་འདིས་ནི་རྣམ་པར་རིག་བྱེད་དང་འགལ་བའི་ཆོས་དང་རྣམ་པར་རིག་བྱེད་མེད་པ་དང་། རྣམ་པར་རིག་བྱེད་ལས་གཞན་པ་དང་སྨད་པ་ནི་ཡོངས་སུ་མི་གཟུང་གི་རྣམ་པར་རིག་བྱེད་དང་འདྲ་བ་ཉིད་དོ།། རྣམ་པར་རིག ་བྱེད་མ་ཡིན་པ་དང་འདྲ་བ་གང་ཞེ་ན། གཟུགས་ཉིད་དེ། དེས་ན་སེམས་དང་སེམས་ལུས་བྱུང་བ་གཟུགས་ཅན་མ་ཡིན་པ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་ལས་བཀག་པ་ཡིན་ནོ།། འདིའི་མཚན་ཉིད་བརྗོད་པར་བྱ་སྟེ། རྣམ ་པར་རིག་བྱེད་ཀྱི་བྱེ་བྲག་དང་། སེམས་ཀྱི་བྱེ་བྲག་དང་། འབྱུང་བ་ཆེན་པོའི་བྱེ་བྲག་གིས་སོ།། དེ་ལ་ཉོན་མོངས་པ་དང་དང་པ་དྲག་པོའི་ཤུགས་ཀྱིས་ཀུན་ནས་བསླང་བའི་རྣམ་པར་རིག་བྱེད་ནི་རྣམ་པར་རིག་བྱེད་ཀྱི་བྱེ ་བྲག་གོ།། རྣམ་པར་རིག་བྱེད་ཀུན་ནས་སློང་བའི་སེམས་ནི་སེམས་ཀྱི་བྱེ་བྲོག་གོ། ཡང་ན་བསམ་གཏན་དང་ཟག་པ་མེད་པའི་སེམས་སོ།། རྒྱུ་མཐུན་པའི་ཟིན་པའི་འབྱུང་བ་རྣམས་དང་རྒྱས་པར་འགྱུར་པོ་མ་ཟིན་པའི ་འབྱུང་བ་རྣམས་ནི་འབྱུང་བའི་བྱེ་བྲག་གི། དེ་ལ་འདྲ་བར་འབྱུང་བ་ནི་རྒྱུ་མཐུན་པ་སྟེ། རྣམ་པར་སྨིན་པ་ལས་བྱུང་བའི་འབྱུང་བ་ལས་གཞན་པ་སྔ་མའི་དངོས་པོའི་རྒྱུན་གྱི་རྒྱུད་དུ་འབྲེང་བ་དག་ནི་རྒྱུ་མཐུན་པའོ།། ། ་དེ་དག་ནི་ཟིན་པ་དག་གོ།། དེ་དག་ཀྱང་སོ་སོར་ཐར་པའི་སྡོམ་པ་དང་སྡོམ་པ་མ་ཡིན་མི་སྡོམ་པ་ཡང་མ་ཡིན་པ་སྐྱེད་པ་དག་གོ།། ཟས་དང་ཉལ་བ་དང་ཏིང་ངེ་འཛིན་གྱི་ཁྱད་པར་རྣམས་ཀྱིས་ཕྲ་རྒྱས་པར ་གྱུར་པ་དག་ནི་རྒྱས་པར་འགྱུར་བ་དག་གོ།། དེ་དག་གི་རྒྱས་པར་འགྱུར་བ་ཡང་ཡིན་ལ་མེ་ཟིན་པ་ཡང་ཡིན་པས་རྒྱས་པར་འགྱུར་པ་མ་ཟིན་པ་དག་སྟེ། འདིས་ནི་ཁ་ཟས་དང་ཞལ་བའི་རྒྱས་པར་འགྱུར་བཱ་སེལ་ཏོ།། ་འཕངས་པ་དང་རྣམ་པར་མ་གཡེངས་པ་ཞེས་བྱ་བ་ལ་སོགས་པ་དེ་ལ་འཕངས་པ་ནི་འཕང་བ་བྱས་པ་སྟེ། རྒྱུ་མཐུན་པའི་འབྱུང་བ་ཆེན་པོ་ལས་འབྱུང་བའོ།། རྣམ་པར་རིག་བྱེད་དེ་ཡང་ལུས་ཀྱི་དབྱིབས་ཀྱི་རང་བཞིན་ནོ།། ་དག་གི་ནི་སྒྲའི་རང་བཞིན་ནོ།། རྣམ་པར་མ་གཡོངས་པ་ཞེས་བྱ་བ་ནི་དགེ་བའི་སེམས་ཞེས་བྱ་བའི་ཐ་ཚིག་གོ། དེ་མ་ཡིན་པས་སེམས་ཞེས་བྱ་བ་ནི་མི་དགེ་བ་དང་ལུང་དུ་མི་བསྟན་པའི་སེམས་ཏེ། དེ་ལས་གཞན ་པའི་སེམས་གང་ཡིན་པ་ནི་རྣམ་པར་རིག་བྱེད་ཀུན་ཏུ་སློང་བ་ལས་གང་གཞན་དུ་གྱུར་པའོ།། སེམས་མེད་པ་ཞེས་བྱ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་གནས་པའོ།། དགེ་བ་དང་མི་དགེ ་བ་ཞེས་བྱ་བ་འདིས་ནི་ལུང་དུ་མ་བསྟན་པ་བཀག་གོ། དགེ་བ་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པའོ།། མི་དགེ་བ་ནི་སྡོམ་པ་མ་ཡིན་པ་ལ་སོགས་པའོ།། རྒྱུན་ནི་རྒྱུན་ཏུ་འབྱུང་བའོ།། གཟུགས་སྨོས་པ ་པ་ནི་ཐོབ་པའི་རྒྱུན་བསལ་བའི་ཕྱིར་རོ།། དགེ་སློང་ལ་སོགས་པའི་རྣམ་པར་བཞག་པའི་རྒྱུ་ཞེས་བྱ་བ་ནི་དགེ་སློང་ལ་སོགས་པར་བསྟན་པའི་རྒྱུ་མཚན་ནོ།། དེ་བས་ན་འབྲས་བུས་རྣམ་པར་རིག་བྱེད་མ་ཡིན་པ་ཡོད ་པར་བསྒྲུབ་པོ།། དེ་སྐད་དུ་འོག་ནས་ཀྱང་དེ་མེད་དུ་ཟིན་ཀྱང་དགེ་སློང་ལ་སོགས་པར་བཞག་པ་མེད་པར་འགྱུར་ཏེ་ཞེས་འབྱུང་ངོ་།། བསགས་པ་མ་ཡིན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་བདག་ཉིད་མ་ཡིན་པ་ཞེས ་བྱ་བའི་ཐ་ཚིག་གོ། རྣམ་པར་རིག་བྱེད་མ་ཡིན་པ་རིགས་པས་ཡོད་པར་བསྟན་ནས་ལུང་གིས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་རྫས་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བ་སྨོས ་སོ།། རྫས་ལས་བྱུང་བ་ཞེས་བྱ་བ་ནི་རྫས་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་ལ་རྫས་ལས་བྱུང་བ་ཞེས་བྱ་སྟེ། རྫས་ལས་བྱུང་བ་གཙུག་ལག་ཁང་ལ་སོགས་པ་ཕུལ་བ་ལ་སོགས་པ་དེ་དག་ལས་སོ།། བསོད ་ནམས་ཞེས་བྱ་བ་ནི་དགེ་བ་ལ་བྱའོ།། བསོད་ནམས་ཉིད་ཀྱི་བྱ་བ་ནི་བསོད་ནམས་བྱ་བ་སྟེ། དེའི་གནས་ན་བསོད་ནམས་བྱ་བའི་གཞིའོ།། དེ་དག་ལ་རྟག་པར་རྒྱུན་ཏུ་ཞེས་བྱ་བ་ལ། རྟག་པ་ནི་ཉི་མ་རེ་རེའོ།། རྒྱུན་ཏུ་ནི ་རྒྱུན་མི་འཆད་པའོ།། དེ་ལ་སེམས་ལ་སོགས་པ་རྟག་པར་རྒྱུན་ཏུ་དགེ་བའི་རྫས་སུ་འབྲང་བ་མེད་པའི་ཕྱིར་བསོད་ནམས་ཀྱི་སྒྲ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་གཟུང་བར་ཁོང་དུ་ཆུད་པར་བྱའོ།། སྡོམ་པ་དང་སྡོམ ་པ་མ་ཡིན་པ་དང་གཉིས་ཀ་ལས་བཟློག་པས་བསྡུས་པའི་ཕྱིར་ཞེས་བྱ་བ་ནི་སྡོམ་པ་ལ་སོགས་པའི་རང་བཞིན་གྱི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། དགེ་ཚུལ་པ་ནི་དགེ་སྦྱོང་གི་ཕྱོགས་སོ།། དགེ ་སློབ་མ་ནི་གང་དགེ་ཚུལ་མའི་སྡོམ་པ་ལས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་སྤོང་བའི་ངོ་བོས་ལྷག་པའི་སྡོམ་པ་དེ་ནི་དགེ་སློབ་མ་ཞེས་བྱའོ།། ཆོས་དྲུག་གང་ཞེ་ན། གཅིག་པུ་ལམ་དུ་འགྲོ་བར་མི ་བྱ་བ་དང་། འབབ་ཆུ་རྒལ་བར་མི་བྱ་བ་དང་། སྐྱེས་པ་ལ་རེག་པར་མི་བྱ་བ་དང་། སྐྱེས་པ་དང་ལྷན་ཅིག་འདུག་པར་མི་བྱ་བ་དང་། སྨན་མི་བྱ་བ་དང་། སྡིག་པ་བཅབ་པར་མི་བྱའོ།། རྗེས་སུ་མཐུན་པའི་ཆོས་དྲུག ་གང་ཞེ་ན། གསེར་མི་བཟུད་པ་དང་། གསང་བའི་སྤུ་བྲེག་པར་མི་བྱ་བ་དང་། ས་རྐོ་བར་མི་བྱ་བ་དང་། སྔོན་པོ་མ་རུངས་པར་མི་བྱ་བ་དང་། བྱིན་ལེན་མ་བྱས་པར་མི་ཟ་བ་དང་། བཞུག་པའི་ཟས་མི་ཟ་བའོ།། དེ་ནི ་འདོད་པར་རྟོགས་པ་ཁོ་ནའོ་ཞེས་བྱ་བ་ནི་འདོད་པའི་ཁམས་སུ་གཏོགས་པའོ།། གཏོགས་པ་ནི་མི་ལྡན་པ་མ་ཡིན་པ་སྟེ། འདོད་པ་ན་སྤྱོད་པའི་སྲེད་པས་བདག་གིར་བྱས་ཞེས་བྱ་བའི་ཐ་ཚིག་གོ།། ཏིང་ངེ་འཛིན་གྷི་རྗེས ་སུ་འབྲང་བ་ཞེས་བྱ་བ་ལ་ཏིང་ངེ་འཛིན་ནི་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་པོ་དག་གི། རྗེས་སུ་འབྲང་བ་ནི་གནས་པ་དང་འགོག་པ་གཅིག་པས་རྗེས་སུ་འབྲང་བའོ།། གས? ་ཏེ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་གཟུགས་ཏེ། རྣམ་པ་བདུན་སྤངས་པའི་མཚན་ཉིད་འབྱུང་བ་ཆེན་པོ་ཐ་མི་དད་པའི་རྒྱུ་ལས་བྱུང་བ་དང་། སྦྱོར་བ་དང་མཇུག་སྤངས་པ། དངོས་ཀྱི་ལས་ཀྱི་ལམ་གྱིས་བསྡུས་པའོ།། དེ་ཡང ་གཟུགས་སུ་གཏོགས་པ་ཁོ་ནའོ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་སུ་གཏོགས་པ་ཉིད་དྲོ་ཞེས་བྱ་བའི་ཐ་ཚིག་གོ། ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ལ་སོགས་པ་ས ་དྲུག་པོ་དེ་དག་ཏུ་འཕགས་པ་རྣམས་ཀྱི་ཟག་པ་མེད་པའི་ཏིང་ངེ་འཛིན་དང་ལྷན་ཅིག་བྱུང་བའི་གཟུགས་སོ།། དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་ནས་གཟུང་སྟེ་མི་སྐྱེ་བ་ཤེས་པའི་བར་དུའོ།། འདི ་ནི་ཁམས་སུ་ལྟུང་བ་མ་ཡིན་པའི་ཕྱིར་བཏང་བས་བཏང་བ་མ་ཡིན་ཏེ། ཁམས་ནི་སྲེད་པས་ཡོངས་སུ་བཅད་པའོ།། མི་ལྡན་པ་ཉིད་དོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པས་བདག་གིར་མ་བྱས་ཞེས་བྱ་བའི་ཐ་ཚིག། ་གོ། དགེ་བ་དང་མི་དགེ་བའི་གཟུགས་ཀྱི་རྒྱུན་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བཤད་པ་དེས་ན་སྐད་ཅིག་དང་པོ་རྒྱུན་མེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པར་མི་འགྱུར་སྙམ་པཱ་ལ། དེའི་ཕྱིར་རྣམ་པར་རིག ་བྱེད་མ་ཡིན་པ་སྐད་ཅིག་མ་ཡིན་ཡང་ཞེས་བྱ་བ་སྨོས་སོ།། གལ་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་སྐད་ཅིག་མ་ཡིན་ན་གཟུགས་ཀྱི་རྒྱུན་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་ཇི་སྐད་དུ་བཤོང་སྙམ་པ་ལ།། ་དེའི་ཕྱིར་རིགས་སྨོས་པ་ནཱ་དེ་སྐད་དུ་བརྗོད་དོ་ཞེས་སྨོས་སོ།། རྣམ་པར་རིག་བྱེད་མ་ཡིན་པའི་རིགས་གང་ཡིན་པ་དེ་སྐད་ཅིག་དང་པོ་དང་བྱེ་བྲག་མེད་པས་རྒྱུན་ལ་རྣམ་པར་རིག་བྱེད་མ་ཡིན་པ ་ཞེས་བཤད་དོ།། རྣམ་པར་རིག་བྱེད་མ་ཡིན་པ་ཇི་ལྟར་འཐོབ་ཅེ་ན་སྨྲས་པ། སོ་སོར་ཐར་པའི་སྡོམ་པ་འཐོབ་པ་ནི་ཡང་དག་པར་བླངས་པས་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཚེ་འདི་སྐད་དུ་བདག་དགེ་བསྟེན ་དུ་ཟུང་དུ་གསོལ་ཅིག་ཅེས་བྱ་བ་དང་། བདག་ལ་བསྙེན་ནུས་པར་ཟུང་ཞིག་ཅེས་ཁས་བླངས་པ་ནའོ།། འདི་ནི་དཔེར་སྨོས་པ་ཙམ་དུ་ཟད་དེ། དཔེར་ན་གཟུགས་ཅན་འགྲོའོ།། རྒྱལ་མཚན་ཅན་འགྲོའོ་ཞེས་བྱ་བ། ་ལྟོལྕི་བུའོ།། འདི་ལྟ་སྟེ་འཆར་བ་བབང་པོའི་ནི་ཞུས་བྱས་མཉེས་པར་བྱས་པསོ།། ཆོས་སྦྱིན་མ་ཡིས་ནི་ཕོ་ཉས་སོ།། འཕགས་པ་འོད་སྲུངས་ཆེན་པོ་ནི་སྟོན་པར་ཁས་བླངས་པས་སོ།། སྲིད་པ་ཐ་མ་པ་རྣམས་ཀྱི ་ནི་དགེ་སློང་ཚུར་ཤོག་ཅེས་བྱས་པསོ།། ལྔ་སྡེ་དག་ནི་ངེས་པ་ལ་ཞུགས་བས་སོ།། དབུས་ཀྱི་ཡུལ་ནི་བཅུ་འདུས་པས་སོ།། མཐུའ་འཁོབ་དུ་ནི་འདུལ་བ་འཛིན་པ་དང་ལྔས་སོ།། སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱི་ནི་རང་བྱུང་བས་སོ།། ཐར་པའི་བསམ་པས་སེམས་ཀྱི་རྒྱུད་ཡོངསུ་བསྒོས་ན་འགྱུར་རོ།། བདུན་གྱི་ནི་ཇི་སྲིད་འཚོའི་བར་དུའོ།། བརྒྱད་པའི་ནི་ཉིན་ཞག་གཅིག་པའོ།། སྐྱབས་སུ་འགྲི་བ་མེད་པར ་ནི་མ་ཡིན་ནོ།། འོ་ན་སྐྱབས་ཀྱི་དོན་གང་ཞེ་ན། ཡོངས་སུ་བསྐྱང་བའི་དོན་ནི་སྐྱབས་ཀྱི་དོན་ཏོ།། ཡོངས་སུ་བསྐྱང་བྱ་ནི་མཚམས་ལས་མི་འདའ་བར་བྱ་བའོ།། མཚམས་ནི་བསླབ་པ་བཅས་པའོ།། དེ་ལ་སངས་རྒྱས་ལ། ་སྐྱབས་སུ་འགྲོ་བ་གང་ཡིན་པ་དེ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ལ་སྐྱབས་སུ་འགྲོ་བའོ།། ཆོས་ལ་སྐྱབས་སུ་འགྲོ་བ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ལ་སྐྱབས་སུ་འགྲོ་བའོ།། དགེ་འདུན་ལ་སྐྱབས་སུ་འགྲོ་བ ་པོ་གང་ཡིན་པ་དེ་ནི་སློབ་པ་དང་མི་སློབ་པའི་ལམ་ལོ་སྐྱབས་སུ་འགྲོ་བའོ།། གཟུགས་ཀྱི་སྐུ་ནི་སྔ་ཕྱི་བྱེ་བྲག་མེད་པའི་ཕྱིར་རོ།། ཅི་ད་ལྟར་བྱུང་བའི་སངས་རྒྱས་གཅིག་པུ་ལ་སྐྱབས་སུ་འགྲོ་བ་འམ། འོན་ཏེ་འདས་པ་དང་། ་མ་བྱོན་པའི་ས་ངས་རྒྱས་ཐམས་ཅད་ལ་སྐྱབས་སུ་འགྲོ་ཞེ་ན། སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། ཆོས་ཀྱི་སྐུ་སྤྱིར་འདྲ་བའི་ཕྱིར་རོ།། རིགས་དང་ཚེ་དྲང་ཚད་ཀྱི་བྱེ་བྲག་གིས་ན་བཅོམ་ལྡན་འདས ་ཐ་དད་དོ།། བདུན་པོའི་བཏང་བ་ནི་བསླབ་པ་ཕུལ་བ་ཞེས་བྱ་བ་ནི་རིག་པའི་མིང་ལ་སངས་རྒྱས་འབུལ་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཐ་ན་ཚངས་པ་མཚུངས་པར་སྤྱོད་པ་འདི་ལྟ་བུ་དག་དང་འགྲོགས་པས་ཆོ་ག་གང་ཞེ་བྱ་བ ་འཕོས་པ་ནི་ཤི་བའོ།། དགེ་བའི་རྩ་བ་ཆད་པ་ནི། དེ་ལ་སྐྱེས་ནས་ཐོབ་པ་ནི་སྦྱོར་བ་ཅན་གྱི་དགེ་བའི་ཆོས་རྣམས་ཀྱི་རྒྱུར་གྱུར་པ་སྟེ། དེ་དག་གི་ཐོབ་པ་ཆད་ན་སྡོམ་པ་བཏང་བར་འགྱུར་རོ།། ཁ་ཙག་ན་རེ་སྔར་སྡོམ་པ་བཏང་།། ་བྲས་དེའི་འོག་ཏུ་སྐྱེས་ནས་ཐོབ་པ་རྣམས་ཀྱི་འཐོབ་པ་འཆད་ཅེས་ཟེར་རོ།། མཚན་གཉིས་ཀྱི་སྐྱེས་པ་ནི་ཕོའི་དབང་པོ་དང་མོའི་དབང་པོ་ཅིག་ཅར་བྱུང་བ་སྟེ། བ་ཚྭ་ཅན་གྱི་ས་ལྟར་ཞིང་དུ་མི་རུང་བའི ་ཕྱིར་རོ།། བརྒྱད་པའི་ནི་དེ་རྣམས་ཉིན་དང་མཚན་མོ་འདས་བྱས་སོ།། ཞེས་བྱ་བ་ནི་ཉིན་ཞག་གཅིག་ཏུ་ངེས་པའི་ཕྱིར་རོ།། གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པས་བསམ་གཏན་གྱི་སྡོམ་པ་འཐོབ་སྟེ་ཞེས་བྱ ་བ་ལ། དགེ་བའི་སེམས་ནི་དངོས་གཞི་འམ་ཉེར་བསྡོགས་སོ།། དེ་ཉིད་བཏང་པོས་དེ་གཏོང་ངོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་ལངས་ན་འདས་པ་དང་མ་འོངས་པ་དང་ལྡན་ནོ།། སྙོམས་པར་ཞུགས་ན་ད་ལྟར་གྱི་དང ་ལྡན་ནོ།། ཡོངས་སུ་ཉམས་པ་དང་གོང་མར་སྐྱེས་པའོ།། ཟག་པ་མེད་པའི་སྡོམ་པ་ཡང་དེ་བཞིན་ནོ།། དེ་བཏང་བའི་རྒྱུ་བརྗོད་པར་བྱ་སྟེ།། འབྲས་བུ་ཐོབ་པ་དང་།། ཡོངས་སུ་ཉམས་པ་དང་།། དབང་པོ་ཤིན་ཏུ་སྦྱངས ་བས་སོ།། དགེ་བའི་རྩ་བ་ཆད་པ་ཞེས་བྱ་བ་ནི་ལྡོག་བཱར་ལྟ་བ་སྤྱོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། བྱེད་པ་དང་ཁས་བླངས་པས་སྡོམ་པཱ་མ་ཡིན་པ་འཐོ་བ་ཞེས་བྱ་བ་དེ་ལ་བྱེད་པས་འཐོབ་པ་ནི་དེའི་རིགས་སུ་སྐྱེས་པ ་རྣམས་ཀྱིས་སོ།། ཁས་བླངས་པས་འཐོབ་པ་ནི་དེའི་རིགས་སུ་སྐྱེས་པ་མ་ཡིན་པ་རྣམས་ཀྱིའོ།། ཆོས་ཉིད་འཐོབ་པ་གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པསོ་སོ་ཞེས་བྱ་བ་ལ། ཆོས་ཉིད་ནི་འཕགས་པའི་ལམ་སྟེ།། ། ་ཆོས་ཉིད་དེ་ཐོབ་པར་བྱེད་རྙེད་པར་བྱེད་པའི་ཐ་ཚིག་གོ།། དེ་གང་ཞེ་ན། གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པའོ།། འདི་ལ་ཚེ་ཀའི་རྟོགས་པ་བརྗོད་པའི་དཔེ་ཡོད་དེ། དཔེར་ན་ཤཱ་ཀྱ་རྣམས་ཀྱི་བསྒོ་བ་བཞིན་དུ་བྱེད་པ་ཚེ ་ཀ་ཞེས་བྱ་བ་དེ་དག་རི་དགས་ཤོར་ཞི་ང་འཚོ་བྱེད་པའོ།། རེ་ཞིག་ཅིག་ན་དེ་དག་རྒྱུད་ཡོངས་སུ་སྨིན་པར་བཅོམ་ལྡན་འདས་ཀྱིས་གཟིགས་ནས་བདེན་པ་རྣམས་ལ་བཀོད་པར་གྱུར་པ་དང་། དེ་དག་གཟུགས་ན་སྤྱོད་པའི་དགེ ་བའི་སེམས་ཐོབ་པས་སྡོམ་པ་མ་ཡིན་པའི་རྒྱུན་འཆུད་པ་ལྟ་བུའོ།། རྒྱུན་ཆུད་པ་ནི་སྡོམ་པ་ཡང་དག་པར་བླངས་པས་སོ།། འདི་ལྟ་སྟེ། དཔེར་ན་སེང་གི་གནས་པའི་ཕུག་ཏུ་སྲོག་ཆགས་རི་དགས་ཕྲ་མོ་གནས་པར་མི ་ནུས་པ་བཞིན་ནོ།། མཚན་གཉིས་སྐྱེས་པ་ནི་ཞིང་གི་དངོས་པོར་མི་རུང་བའི་ཕྱིར་རོ།། ཤི་བ་ནི་རིས་མཐུན་པ་ཡོངས་སུ་བཏང་བའོ།། ཆོས་ཉིད་ཐོབ་པ་གཟུགས་ན་སྤྱོད་པ་དགེ་བའི་སེམས་ཐོབ་པས་སོ་ཞེས་བྱ་བ་ནི་འཇིག ་པའི་དུས་ན་སེམས་ཅན་ཐམས་ཅད་མན་ངག་མེད་པར་བསམ་གཏན་བསྐྱེད་དོ། དེའི་དུས་ན་སྡོམ་པ་མ་ཡིན་པ་གཏོང་ངོ་།། རྣམ་པར་རིག་བྱེད་མ་ཡིན་པར་མ་ཐོབ་པ་ནི་ཉོན་མོངས་པ་དང་དད་པ་དྲག་པོ་ཞེས་བྱ་བ་ལ་དྲག ་པོའི་སྒྲ་ནི་སོ་སོར་སྦྱར་ཏེ་ཉོན་མོངས་པ་དྲག་པོའི་ཤུགས་དང་དད་པ་དྲག་པོའི་ཤུགས་ཀྱིས་ཁུ་ཚུར་དང་ཐལ་ལྕགས་ལ་སོགས་པ་དང་། མཆོད་རྟེན་ལ་ཕྱག་བྱ་བ་ལ་སོགས་པ་ཅི་རིགས་པར་རིག་པར་བྱའོ།། ཡི་དམ ་འཛིན་པ་ཞེས་བྱ་བས་ནི་དྲག་པོ་མེད་པར་ཡང་འགྱུར་རོ་ཞེས་བྱ་བ་དེ་སྟོན་ཏོ།། གཙུག་ལག་ཁང་ལ་སོགས་པ་ཕུལ་བས་སོ་ཞེས་བྱ་བས་ནི་རྫས་ལས་བྱུང་བ་ཉིད་སྟོན་ཏོ།། རྒྱུན་ཆད་པ་ནི་སློབ་པར་བྱེད་དེ་དེ་དག ་ཉིད་བཏང་བས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་དད་པ་དྲག་པོའི་ཤུགས་བཏང་སྟེ་བསལ་བའི་ཕྱིར་རོ།། རང་དང་མཐུན་པ་ནི་རང་གི་སྤྱིའོ།། ཕྱོགས་གཅིག་དང་མཐུན་པ་ནི་ཕྱོགས་ཀྱི་སྤྱིའོ།། ཟད་པར་དང་མཐུན་པ་ནི་ཟད་པར་གྱི་སྤྱིའོ།། ་ཕྱོགས་ཀྱི་སྤྱི་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དོ་ཞེས་བྱ་བ་དེ་ལ་འདུས་བྱས་རྣམས་ནི་མི་རྟག་པ་ཉིད་དོ།། ཟག་པ་དང་བཅས་པ་རྣམས་ནི་སྡུག་བསྔལ་བ་ཉིད་དོ།། ཟད་པར་གྱི་སྤྱི་ནི་སྟོང་པ་དང་བདག་མེད་པ་ཉིད་དེ་ཞེས་བྱ། ་བ་དེ་ལ། བདོག་མེད་པ་ཉིད་ནི་ཆོས་ཐམས་ཅད་བདག་མེད་པའོ།། སྟོང་པ་ཉིད་ནི་སུ་སྟེགས་ཀྱིས་ཡོངས་སུ་བརྟགསྲ་པའི་བདག་གིས་སྟོང་ཞེས་བྱ་བ་ལ་སོགས་པའོ།། ཅིའི་ཕྱིར་སཱ་ལ་སོགས་པ་ནས་ཐ་མ་རྣམ་པར་རིག་བྱེད་མ་ཡིན ་པ་ལ་ཐུག་པའི་དངོས་པོ་དེ་དག་གཟུགས་ཞེས་བརྗོད་ཅེ་ན། གཟུགས་སུ་རུང་བའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གཟུགས་པས་གཟུགས་པ་མ་ཡིན་པས་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ།། ་ཅིས་གཟུགས་པར་འགྱུར་ཞེ་ན། ལག་པའི་ཀུན་ཏུ་རེག་པས་རེག་ན་གཟུགས་སོ།། བོང་བའི་ཀུན་ཏུ་རེག་པ་དང་། དབྱིག་པའི་ཀུན་ཏུ་རེག་པ་དང་། མཚོན་ཆའི་ཀུན་ཏུ་རེག་པ་དང་། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ་སྦྲང་བུ་དང་། ཤ་སྦྲང་དང་། རླུང་དང་། ཉི་མ་དང་། གདུག་པའི་ཀུན་ཏུ་རེག་པ་རྣམས་ཀྱིས་རེག་ན་གཟུགས་པས་གཟུགས་པར་འགྱུར་རོ།། གནོད་པར་འགྱུར། སྣང་བར་འགྱུར་ཏེ། ལག་པ་ལ་སོགས་པས་རྣམ་པར་འགྱུར་ཞེས ་གསུངས་པ་ཡིན་ནོ།། དེའི་གནོད་པ་ནི་གང་རྣམ་པར་འགྱུར་བ་ནི་གང་ཞེ་ན། གང་རྐྱེན་རྣམས་ཀྱིས་དེ་བཞིན་དུ་འགྱུར་བ་དེ་ལྟ་བུ་དེ་ནི་གནོད་པ་དང་རྣམ་པར་འགྱུར་བ་ཞེས་བྱའོ།། དེ་ལྟ་གཟུགས་མེད་པ་ལ་ནི་སྐྱོན་འདི་འབྱུང་བ་མ་ཡིན ་ཏེ། དེ་དག་ལས་རྣམ་པར་འགྱུར་བའི་ཚད་མི་དམིགས་པའི་ཕྱིར་རོ།། དེས་ན་དེའི་རྣམ་པར་འགྱུར་བ་རྗེས་སུ་དཔག་ཏུ་རུང་བའི་ཕྱིར་རོ།། འདས་པ་དང་མ་འོངས་པ་དང་རྡུལ་ཕྲ་རབ་ཙམ་དང་རྣམ་པར་རིག་བྱེད་མ་ཡིན་པ་ནི་དབྱུག ་པ་ལ་སོགས་པས་གཟུགས་སུ་མེད་ན་ཇི་ལྟར་གཟུགས་ཞེས་བྱ། དེ་ཡང་གཟུགས་ཡིན་ཏེ། དེའི་མཚན་ཉིད་ཐོབ་པའི་ཕྱིར་རོ།། འདས་པ་ནི་ད་ལྟར་གཟུགས་སུ་མེད་ཀྱང་དེ་གཟུགས་ཡིན་ནོ།། མ་འོངས་པ་འབྱུང་བའི་ཆོས་ཅན་ནི ་གཟུགས་སུ་འགྱུར་བའོ།། མི་འབྱུང་བའི་ཆོས་ཅན་ཡང་དེའི་རིགས་ཡིན་པས་གཟུགས་ཏེ། བསྲེག་པར་བྱ་བ་བཞིན་ནོ།། དཔེར་ན་མ་ཚིག་པ་ཡང་བསྲེག་པར་བྱ་བ་ཞེས་བྱ་སྟེ། ཤིང་ལ་སོགས་པ་བསྲེག་པར་བྱ་བའི་རིགས་ཡིན ་པའི་ཕྱིར་རོ།། རྡུལ་ཕྲ་རབ་ཀྱི་གཟུགས་ནི་གཅིག་པུ་སོ་སོ་ནས་མི་འབྱུང་གི། སྔོན་གྱི་ལས་ཀྱིས་འཕངས་པ་རྒྱུ་དང་འབྲས་བུར་གྱུར་པའི་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་རྡུལ་ཕྲ་རབ་རྣམས་ཕན་ཚུན་བལྟོས་ནས་སྐྱེ་བའི ་ཕྱིར་ཏེ། དེའི་ཕྱིར་སོ་སོ་ནས་སྐྱེ་བ་མེད་པས་བསགས་པར་གནས་པ་ལ་གཟུགས་པར་འགྱུར།། ཐོགས་པར་འགྱུར་བའི་ཕྱིར། རྡུལ་ཕྲ་རབ་བསགས་པར་གནས་པའི་གཟུགས་སོ།། ཐོགས་སོ།། རྣམ ་པར་རིག་པར་བྱེད་པ་མ་ཡིན་པ་ནི་ཐོགས་པ་མེད་པའི་ཕྱིར་དབྱུགས་པ་ལ་སོགས་པས་གཟུགས་སུ་མེད་དུ་ཟིན་ཀྱང་དེ་སྐྱེད་པའི་གནས་སུ་གྱུར་པ་འབྱུང་བ་ཆེན་པོ་རྣམས་ལ་གཟུགས་སོ།། དེ་ལ་གཙུགས་པས་དེ་ལ་ཡང ་གཙུགས་པ་ཡིན་ཏེ། ཤིང་འགུལ་ན་གྲིབ་མ་འགུལ་བ་བཞིན་ནོ།། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་གནས་མིག་ལ་སོགས་པ་ལྔ་གཙུགས་པས་གཙུགས་པར་འགྱུར་བའི་སྐྱོན་དུ་མི་འགྱུར་ཏེ། རྣམ་པར་རིག ་བྱེད་མ་ཡིན་པའི་གནས་ནི་འབྱུང་བ་རྣམས་ཏེ། དེ་དང་རྟག་ཏུ་ལྷན་ཅིག་སྐྱེས་པ་དང་། རྣམ་པར་རིག་བྱེད་མ་ཡིན་པ་ལ་གནས་གཞན་མེད་པའི་ཕྱིར་རོ།། མིག་ལ་སོགས་པའི་ཆ་མཚུངས་པ་དང་། དེ་དང་ཆ་མཚུངས་པའི་བྱེ། ་བྲག་གིས་རྟག་ཏུ་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེ་བ་མ་ཡིན་ལ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་གནས་མིག་ལ་སོགས་པ་འབའ་ཞིག་མ་ཡིན་གྱི། ལྷན་ཅིག་སྐྱེས་པ་མིག་ལ་སོགས་པ་དང ་འགག་མ་ཐག་པའི་ཡིད་ཀྱང་དེ་དག་གི་གནས་ཡིན་ཏེ། དེའི་ཕྱིར་གཟུགས་ཅན་དང་གཟུགས་མ་ཡིན་པའི་དབང་པོ་གཉིས་ཀ་གནས་སུ་གྱུར་པས་དེ་དག་གཟུགས་སུ་འགྱུར་བའི་སྐྱོན་དུ་མི་འགྱུར་རོ།། གཟུགས་མདོར ་བསྡུས་ཏེ་རྣམ་པར་དབྱེ་བ་བྱས་སོ།། །། ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པའི་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། བམ་པོ་གཉིས་པ། འདོད་པ་དང་མི་འདོད་པ་དང་གཉི་ག་ལས་བཟློག་པ ་སྟེ། རེག་པའི་སྐྱེ་གནས་ཅན་ཞེས་བྱ་བ་དེ་ལ། རེག་པ་ནི་སེམས་ཡུལ་ལ་རེག་པའོ།། འདོད་པ་ཞེས་བྱ་བ་ནི་བདེ་བ་མྱོང་བར་འགྱུར་བའི་རེག་པའོ།། བོང་བར་ཚོར་བ་དང་མཐུན་པ་ནི་བདེ་བ་མྱོང་བར་འགྱུར་བ་སྟེ། བདེ་བར་ཚོར་བ ་བསྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་བཞིན་དུ་མི་འདོད་པ་དང་གཉིས་ཀ་ལས་བཟློག་པ་ཡང་ཤེས་པར་བྱའོ།། སྐྱེ་གནས་དེ་ནི་རྒྱུ་སྟེ། ཚོར་བ་གང་གི་ཡིན་པ་དེ་རེག་པའི་སྐྱེ་གནས་ཅན་ཞེས་བྱའོ།། ལུས་དང་སེམས་ཀྱི་གནས ་སྐབས་ཀྱི་བྱེ་བྲག་ཅེས་བྱ་བ་ནི་གནས་སྐབས་སྔ་མ་ལས་གཞན་དུ་གྱུར་པའོ།། དོན་དེ་ནི་སིམ་པ་དང་། གདུང་བ་དང་། གཉི་ག་ལས་བཟློག་པ་སྟེ་ཞེས་བྱ་བས་སྟོན་ཏོ།། སིམོ་པ་ནི་བདེ་བའོ།། གདུང་བ་ན་སྡུག་བསྔལ་བའོ།། ་གཉིས་ཀ་ལས་བཟློག་པ་ནི་བཏང་སྙོམས་སོ།། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ནི་ཚོར་བའི་རྒྱུ་ལས་འབྱུང་བའི་མངོན་པར་ཆགས་པ་སྟེ། ཆགས་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡང་རྣམ་པར་ཤེས་པའི་བྱེ་བྲག་གིས ་རྣམ་པ་དྲུག་སྟེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ།། རྣམ་པར་ཤེས་པའི་བྱེ་བྲག་ནི་རྣམ་པར་ཤྲཱི་བའི་རྒྱུད་ཀྱི་མཚན་ཉིད་གཅིག་མོད་ཀྱི་གནས་དང་དམིགས་པའི་བྱེ་བྲག་གིས་རྣམ་པ་དྲུག་ཏུ་འགྱུར་རོ།། ། ་མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པ་ཞེས་བྱ་བ་ནི་མིག་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་དུ་འདུས་ནས་རེག་པག་ཡིན་པ་དེ་ལས་སྐྱེས་པ་ནི་མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའོ།། རྣམ་པར་ཤེས་པ་ལྔ ་དྲང་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་བྱུང་བ་སྟེ། དེ་ནི་ལུས་ཀྱིའོ།། ཚོར་བ་ཐམས་ཅད་ནི་སེམས་ཀྱི་ཡིན་ན་ཅའ་ཕྱིར་ལུས་ཀྱི་ཞེས་བྱ་ཞེ་ན། སྨྲས་པ་ལུས་ལ་གནས་པའི་ཕྱིར་ལུས་ཀྱིའོ།། ཝས ་ནི་བསགས་པ་སྟེ་འདུས་པའོ།། དེས་མིག་ལ་སོགས་པ་སྤྱིར་ཡོངས་སུ་བསྡུས་སོ།། ཅིག་ཤོས་ནི་སེམས་ཀྱིའོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་དང་ལྷན་ཅིག་སྐྱེས་པའོ།། དེ་ལ་ལུས་ཀྱི་སིམ་པ་ཞེས་བྱ་བ་དེ་ནི ་བདེ་བའོ།། དེ་ཡང་འདོད་པའི་ཁམས་ན་རྣམ་པར་ཤེས་པའི་ཚིགས་ལྔ་དང་ལྷན་ཅིག་སྐྱེས་པ་དང་། བསམ་གཏན་དང་པོར་མིག་དང་རྣ་བ་དང་ལུས་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའོ།། བསམ་གཏན་གསུམ་པ་ལ ་ནི་ཡིད་ཀྱི་ངེས་ཉིད་དོ།། ལུས་ཀྱི་སིམ་པཱ་མ་ཡིན་པ་ནི་འདོད་པའི་ཁམས་ཉིད་ནའོ།། བསམ་གཏན་གསུམ་པ་ལ་མ་གཏོགས་པ་ཞེས་བྱ་བ་འདིས་ནི་བསམ་གཱཏན་དང་པོ་དང་། གཉིས་པ་དང་། འདོད་པའི་ཁམས་གཟུང ་ངོ།། དེ་ལས་བཟློག་པ་ནི་ཡིད་མི་བདེ་བའི་དབང་པོའོ་ཞེས་བྱ་བ་དེ་ལ། སིམ་པ་ནི་ཡིད་བདེ་བའི་དབང་པོའོ་ཞེས་བཤད་པས། ལས་བཟློག་པ་སྟེ། གང་ཡིད་ཀྱི་སིམ་པ་མ་ཡིན་པ་དེ་ཡིད་མི་བདེ་བའི་དབང་པོའོ།། དེ ་ཡང་འདོད་པའི་ཁམས་ཉིད་ནའོ།། ལུས་ཀྱི་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་ལ་ལུས་ཀྱི་ཞེས་བྱའོ།། སེམས་ཀྱི་ཞེས་བྱ་བ་ནི་ཡིད་ཀྱི་སྟེ། དེ་ནི་བཏང་སྙོམས་ཀྱི་དབང་པོའོ།། དེ་ནི་ཁམས་གསུམ་པའོ།། དེ་ལ་རབ་ཏུ་ཞི་ཞིང་ཡོངས ་སུ་མི་སྐྱོ་བའི་ཕྱིར་བསམ་གཏན་གསུམ་པ་ལས་སྐྱེས་པའི་ཡིད་ཀྱིས་ནི་བདེ་བ་ཞེས་བསྟན་ཏོ།། གཡེང་བར་བྱེད་དེ་ཡོངས་སུ་སྐྱོ་བའི་ཕྱིར་ས་གསུམ་ལས་སྐྱེས་པའི་ཡིད་ཀྱི་ནི་བདེ་བའི་དབང་པོའོ།། ལུས་ཀྱི་བདེ་བའི་ཚོར་བ་ནི ་དཔྱོད་པ་དོང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། ཚོར་བ་བཤད་ཟིན་ཏོ།། མཚན་མ་དང་མིང་དང་དོན་གྱི་བརྡ་ཤེས་པ་ཞེས་བྱ་བ་དེ་ལ། མཚན་མ་དང་མངོན་བརྟགས་དང་མཚན་ཉིད་ནི་རྣམ་གྲངས་སུ་གཏོགས་པའོ།། ། ་མིང་ནི་འདུ་ཤེས་སོ།། དོན་ནི་སྐྱེ་མཆེད་བཅུ་གཉིས་སོ།། བརྡའ་ནི་གཅིག་ཏུ་བསྡུས་པའི་གནས་སོ།། ཀུན་ཏུ་ཤེས་པ་ནི་འདུ་ཤེས་སོ།། འདིའི་ཡུལ་བསྟན་པའི་ཕྱིར། སྔོན་པོ་དང་སེར་པོ་དང་། རིང་པོ་ཐུང་ངུ་ཞེས་བྱ་བ་སྨྲས་ཏེ། མིག ་གི་རྣམ་པར་ཤེས་པ་དང་ལྡན་པ་ནི་ཁ་དོག་དང་དབྱིབས་ལ་དམིགས་པར་སྟོན་ཏོ།། དུང་ཞེས་བྱ་བ་འདིས་ནི་སྒྲ་ལ་དམིགས་པའོ།། པདྨའི་དྲི་ཞེས་བྱ་བ་ནི་དྲི་ལ་དམིགས་པའོ།། ཁ་བ་དང་ལན་ཚྭ་ཞེས་བྱ་བ་ནི་རོ་ལ་དམིགས་པའོ།། ་འཇམ་པ་དང་རྩུབ་པ་ཞེས་བྱ་བ་ནི་རེག་བྱ་ལ་དམིགས་པའོ།། བུད་མེད་དང་སྐྱེས་པ་ལ་སོགས་པ་ཞེས་བྱ་བ་འདིས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་རབ་ཏུ་སྟོན་ཏོ།། རྣམ་པར་རྟོག་པའི་རྒྱུ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རྒྱུའོ།། ་རྣམ་པར་ཤེས་པ་ཀུན་ལྔ་ཡང་འདུ་ཤེས་ཡོད་དེ། དེའི་ཡུལ་ནི་སྤྱིའི་མཚན་ཉིད་དོ།། འོ་ན་ཆོས་མངོན་པ་ལས་མིག་གི་རྣམ་པར་ཤེས་པ་དང་ལྡན་པས་ནི་སྔོན་པོར་ཤེས་ཀྱིས་སྔོན་པོའོ་ཞེས་བྱ་བ་མ་ཡིན། ་ཡིད་ཀྱིས་རྣམ་པར་ཤེས་པ་ལྔ་དང་ལྡན་པས་ནི་སྔོན་པོར་ཤེས་ལ། སྔོན་པོའོ་ཞེས་བྱ་བར་ཡང་ཤེས་སོ་ཞེས་འབྱུང་བ་ཞེ་ཇི་ལྟ་བུ་ཞེ་ན། རྣམ་པར་ཤེས་པ་ལྔ་ནི་རྣམ་པར་རྟོག་པ་གཉིས་མེད་པས་མི་གསལ་བའི་ཕྱིར་དེ་སྐད ་ཅེས་བྱའོ།། རྣམ་པ་གསུམ་སྟེ། ཆུང་ངུ་ནི་རྡུལ་ཕྲ་རབ་ལ་སོགས་པ་ལ་དམིགས་པའོ།། ཆེན་པོར་གྱུར་པ་ནི་རྀ་རབ་ལ་སོགས་པ་ལ་དམིགས་པའོ།། སོགས་པ་སྨོས་པས་ནི་རྒྱ་མཚོ་ལ་སོགས་པ་བསྟན་ཏོ།། ཚད་མེད ་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ལའོ།། སོགས་པས་སྨོས་པས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བསྟན་ཏོ།། འདུ་ཤེས་བཤད་ཟིན་ཏོ།། དེ་ལ་གནས་དང་དམིགས་པ ་དང་རྣམ་པ་དང་། དུས་དང་རྡོས་མཚུངས་པ་ཉིད་དེ། མཚུངས་པ་ལ་དག་གིས་སེམས་མཚུངས་པར་ལྡན་པསོ་ཞེས་བྱ་བ་ལ་སོགས་པ་དེ་ལ་མཚུངས་པ་ཞེས་བྱ་བའི་སྒྲ་ནི་སོ་སོར་སྦྱར་ཏེ་གནས་མཚུངས་པ་ནས་རྫས ་མཚུངས་པའི་བར་དུའོ།། དེ་ལ་གནས་མཚུངས་པ་ནི་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང་། ཚོརརེ་བ་ལ་སོགས་པའི་གནས་ནི་མིག་གོ།། གཟུགས་ནི་དམིགས་པ་སྟེ། འདི་ནི་གནས་དང་དམིགས་པ་མེ་ཚུངས་པ ་ཡུལ་གྱི་རྣམ་པ་གང་ཡིན་པ་དེའི་རྣམ་པར་རྣམ་པར་ཤེས་པ་འབྱུང་ངོ་།། འདས་པ་ལ་སོགས་པ་དུས་ཐམས་ཅད་དུ་སེམས་དང་ལྷན་ཅིག་སྟེ། དེ་དང་འགྲོགས་པའི་ཕྱིར་རོ།། རྫས་མཚུངས་པ་ནི་སེམས་གཅིག་ལ ་ཚོར་བ་ལ་སོགས་ལ་རྫས་གཉིས་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ།། རྣམ་པ་ལྔ་པོ་དེ་དག་གིས་མཉམ་དུ་མཚུངས་པར་ལྡན་པ་སྟེ། ཞུགས་ཞེས་བྱ་བའི་ཐ་ཚིག་གོ། སེམས་སྨོས་པ་ནི་གནས་མཚུངས་པར་བསྟན་པའི་ཕྱིར་རོ། ་དེ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་མཚུངས་པར་ལྡན་པ་དང་མི་ལྡན་པ་མང་པོ་བསྡུས་ཏེ། འདུ་བྱེད་ཀྱི་ཕུང་པོ་ཞེས་བསྟན་པའོ།། འདུ་བྱེད་མོས་པ་ནི་འདུས་བྱས་བསལ་བའི་ཕྱིར་རོ།། དེ་བས་ན་མང་ཞིང་སྙིང་པོ་མེད་པར་བསྟན་པའི ་ཕྱིར། ཆུ་ཤིང་གི་ཕུང་པོའི་དཔེས་ཆོས་མང་པོ་དུ་མར་སྟོན་ཏོ།། ཇི་སྐད་སྨོས་པའི་གོ་རིམས་བཞིན་དུ་སེམས་པ་བསྙད་དོ།། སེམས་པ་ཞེས་བྱ་བ་ནི་རང་བཞིན་བསྟན་པའོ།། སེམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་བྱེད་པར་བསྟན་པ་སྟེ། ་མངོན་དུ་བྱེད་པས་མངོན་པར་འདུ་བྱེད་པའོ།། སེམས་བྱེད་པ་མེད་པ་ལས་སེམས་པའི་དབང་གིས་བྱེད་པ་དང་བཅས་པར་འགྱུར་ཏེ། དེའི་ཕྱིར་སེམས་ཀུན་ཏུ་གཡོའོ་ཞེས་བྱ་བའི་དོན་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ།། དེ་ནི་འདི་སྐད ་དུ་གང་སེམས་མངོན་པར་འདུ་བྱེད་ཅིང་ལས་སུ་རུང་བར་བྱེད་པ་སྟེ། སེམས་པའི་དབང་གིས་དམིགས་པ་ལ་སེམས་གཡོ་བར་འགྱུར་བས་ཁབ་ལོང་གི་དབང་གིས་ལྕགས་གཡོ་བ་བཞིན་ནོ་ཞེས་བསྟན་པར་འགྱུར་རོ།། ཡིད་ཀྱི ་ལས་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་ལུས་ཀྱི་འཇུག་པ་ལ་ལུས་ཀྱི་ལས་ཞེས་བྱ་བ་དེ་བཞིན་དུ་ཡིད་དང་ལྡན་པའི་ལས་ལ་ཡིད་ཀྱི་ལས་ཞེས་བྱའོ།། དེ་ཡང ་དྲགེ་བ་ཞེས་བྱ་བ་ནི་མ་ཆགས་པ་ལ་སོགས་པ་དང་ལྡན་པ་སྟེ། དེ་ལ་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་མཚུངས་པར་ལྡན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན ་ཅིག་སྐྱེས་པའི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་མཚུངས་པར་ལྡན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི ་མུག་མེད་པ་དང་ལྡན་པའོ།། འཇིག་རྟེན་གསུམ་ལ་དབང་བྱེད་པ་ཡིན་མོད་ཀྱི་འདི་དབང་པོ་ཞེས་ནི་མི་བྱ་སྟེ། འབྲས་བུ་མངོན་སུམ་མ་ཡིན་པ་དང་། རྩོད་པའི་གནས་སུ་གྱུར་པའི་ཕྱིར་རོ།། གཉིས་ཡོད་པ་ན་ལྡན་པ་ཞེས་བྱ ་བ་ན། ཅིའི་ཕྱིར་མ་ཆགས་པ་ལ་སོགས་པའི་ཆོས་ཅན་ནོ་སེམས་ཡིན་ལ། སེམས་ནི་མ་ཆགས་པ་ལ་སོགས་པའི་ཆོས་མ་ཡིན་ཞེ་ན། དཔེར་ན་ཉེ་བར་གནས་པའི་དབང་གིས་ཤེལ་གཞན་དུ་འགྱུར་གྱི། ཤེལ་གྱི ་ཉེ་བར་གནས་པ་བསྒྱུར་བ་ནི་མ་ཡིན་པར་མཐོང་བ་ལྟ་བུའོ།། དེ་གཉིས་ནི་རིགས་ཏེ། ཉེ་བར་གནས་པ་ལོགས་ཤིག་ཏུ་དམིགས་པའི་ཕྱིར་རོ།། སེམས་པ་ལ་སོགས་པའི་ཆོས་བསལ་ན་མ་ཆགས་པ་ལ་སོགས་པ ་ལོགས་ཤིག་ན་མེད་དོ།། དེ་བས་ན་གྲུབ་པའི་མཐའ་ལས་ཚོགས་གཞན་དག་འབྱུང་ངོ་ཞེའོ།། གལ་ཏེ་དེ་ལྟ་ན་དོན་དམ་པ་དང་། རང་བཞིན་དང་ལྡན་པ་དང་ཀུན་ནས་སླང་བའི་དགེ་བ་སྟེ། དགེ་བ་རྣམ་པ་བཞི་ལ་སོགས་པ་ཉམས་པར ་འགྱུར་རོ།། དེ་ལ་དོན་དམ་པར་དགེ་བ་ནི་མྱ་ངན་ལས་འདས་པའོ།། དེ་བཞིན་དུ་དོན་དམ་པར་མི་དགེ་པ་ནི་འཁོར་བའོ།། མིག་ལ་སོགས་པ་ལུང་དུ་མ་བསྟན་པ་གང་ཡིན་དེ་ནི་རྣམ་པར་སྨིན་པ་མངོན་པར་མི་འགྲུབ་པའི་ཕྱིར་རོ།། རང ་བཞིན་གྱིས་དགེ་བ་ནི་མ་ཆགས་པ་ལ་སོགས་པའོ།། དེ་དང་མི་མཐུན་པ་ནི་མི་དགེ་བའོ།། ལྡན་པ་ནི་ཚོར་བ་ལ་སོགས་པའོ།། ཀུན་ནས་བསླང་བ་ནི་ལུས་དང་ངག་གི་ལས་སོ།། འདིས་ནི་མི་དགེ་བ་ཡང་བཤད་དོ།། དོན་དམ ་པཔར་ལུང་དུ་མ་བསྟན་པ་གཉིས་ཏེ། ན་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ།། དེ་ལྟར་ན་ཚོར་བ་ལ་སོགས་པ་ནི་གསུམ་དུ་དམིགས་ཀྱི། མ་ཆགས་པ་ལ་སོགས་པ་དེ་ལྟ་མ་ཡིན་ཏེ། དེས་ན་ལྡན་པ་ཞེས ་བསྟན་ཏོ།། སྤྱོད་ལམ་དང་། བཟོའི་གནས་དང་། སྤྲུལ་པ་བྱེད་པའི་རྣམ་པར་སྨིན་པའི་སེམས་དང་མཚུངས་པར་ལྡན་པ་ནི་ལུང་དུ་མ་བསྟན་པ་རྣམས་སོ།། རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལས་བྱུང་བ་ཞེས་བྱ ་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་དེ་ལས་བྱུང་པོ་སྟེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལས་བྱུང་བའི་རེག་པའོ།། གང་གི་སེམས་དེ་ཡུལ་ལ་རེག་པ་དང་འདྲ་བའི་སེམས་ལས་འབྱུང་བའི་ཆོས་ཏེ། སེམས ་ལས་དོན་གཞན་དུ་གྱུར་པའོ།། ཚོར་བའི་མཚན་ཉིད་ཅེས་བྱ་བ་ནི་འདིས་ཚོར་བ་ལ་སོགས་པའི་རྒྱུའོ་དངོས་པོར་སྟོན་ཏོ།། འདི་ལ་འདུས་པའི་དོན་གང་ཡིན་ཞེན་འབྲས་བུ་གཅིག་པའི་དོན་ནི་འདུས་པའི་དོན་ཏོ།། ་གསུམ་པོ་དེ་དག་ནི་རེག་པ་ལས་འབྱུང་བ་དང་མཐུན་པར་གནས་པའི་ཕྱིར་རོ།། ཇི་ལྟ་ཞེ་ན། འདི་ལྟར་རེག་པ་ནི་སེམས་ལས་བྱུང་བའི་ཚོར་བ་ཞེས་བཤད་པས་རིག་པའི་རྒྱུ་ལས་བྱུང་བར་ཤེས་སོ།། དེ་སྐད་དུ་བཅོམ་ལྡན་འདས ་ཀྱིས་རེག་པའི་རྐྱེན་གྱིས་ཚོར་བའོ།། སེམས་པའོ།། འདུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་ཞེས་བྱ་བ་ནི་བདེ་བར་ཚོར་བ་དང་མཚུངས་པར་ལྡན་པ་ཞེས་བྱ་བའི་ཐ་ཚིག་གི། སྡུག ་བསྔལ་མྱེང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མོ་ཡིན་པ་མྱོང་བར་འགྱུར་བ་ཡང་དེ་བཞིན་ནོ།། ཡང་ནི་བདེ་བར་ཚོར་བ་དང་མཐུན་པ་ནི་བདེ་བ་མྱོང་བར་འགྱུར་བ་སྟེ། བདེ་བའི་ཚོར་བ་སྐྱེ་བ་དང་རྗེས་སུ་མཉན ་པ་ཞེས་བྱ་བའི་ཐ་ཚིག་གོ།། ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པ་ཞེས་བྱ་བ་ལ་འཇུག་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཡུལ་ལ་གཏོང་བ་སྟེ། དོན་དེ་ནི་གང་སེམས་ཡུལ་རྣམས་ལ་གཏོད་པ་ཞེས་བྱ་བས་སྟོན་ཏེ། གང་སེམས་སུ ་ལ་འཇུགཅེས་བྱ་བའི་མཚིག་གོ།། སྔོན་མྱོང་བ་ལ་སོགས་པ་ཞེས་བྱ་བོ་ལ། སྔོན་མྱོང་བ་ཞེས་བྱ་བ་འདིས་ནི་འདས་པའི་དུས་ཡོངས་སུ་འཛིན་ཏོ།། སོགས་པ་སྨོས་པས་ནི་མྱང་བ་དང་མྱང་བར་འགྱུར་བ་ལ་སོགས་པ་བསྡུ་བའོ།། སེ་མ ་པབར་བྱེད་པས་སེམས་པ་སྟེ། སྔོན་མྱོང་བ་ལ་སོགས་པའི་ཡུལ་ལ་འཇུག་ཅེས་བྱ་བའི་ཐ་ཚིག་གོ།། ཡུལ་གཞན་ལ་ཞུགས་པའི་རྣམ་པར་ཤེས་པའི་རྒྱུན་ཡུལ་ལ་གཏོད་པ་ནི་ཡིད་ལ་བྱེད་པའི་ལས་སོ།། གཏད་ནས་ཡུལ་འཛིན་པར་གཞོལ ་བ་ནི་སེམས་པའི་ལས་སོ།། གཞོལ་ནས་ཉེ་བར་འདྲ་བར་བྱེད་པ་ནི་རྣམ་པར་རྟོག་པའི་ལུས་སོ།། ཉེ་བར་འདྲེས་ནས་མི་འཕྱར་བར་བྱེད་པ་ནི་ཏིང་ངེ་འཛིན་གྱིས་ལས་སོ།། དབང་པོ་ནི་མ་ཡིན་ཏེ། སེམས་གཏོད་པའི་ཕྱིར་རོ།། ཡན་ལག་ཏུ ་གྱུར་པ་ཞེས་བྱ་བ་ལ། ཡན་ལག་ཏུ་གྱུར་པ་ནི་རྒྱུར་གྱུར་ཙོས་བྱ་བའི་ཐ་ཚིག་གོ།། དེའི་ཕྱིར་འདི་ཞེས་བྱ་བ་བྱའོ་སྙམ་པ་གང་ལས་འབྱུང་ཞེས་བྱ་བའོ།། འདོད་པ་ནི་སེམས་ཐམས་ཅད་དུ་འཇུག་ཏུ་ཟིན་ཀྱང་དགེ་བ་སྤྱད་པ་ལ་འདི་གཙོ་བོར ་གྱུར་པས་དེའི་ཕྱིར་བརྩོན་འགྲུས་ཀྱི་ཡན་ལག་ཏུ་གྱུར་པ་སྟེ་ཞེས་སྨོས་སོ།། ཡུལ་ལ་མ་ཞུམ་པ་ཞེས་བྱ་བ་ནི་གང་ཡུལ་ལ་སེམས་རྒྱས་པར་བྱེད་པའོ།། དེ་ནི་མོས་པ་སྟེ། ལྷག་པར་མོས་ཤིང་ཡུལ་ལོ་རྣམ་པར་ཤེས་པ་ཞུགས ་པའོ།། དོན་དེ་ནི་ཡུལ་ལ་མ་ཞུམ་པ་ཞེས་བྱ་བས་སྟོན་ཏོ།། མོས་པ་འདུས་བྱས་ཀྱི་རྣམ་པར་གྲོལ་བར་སྟོན་པ་སྟེ། རྣམ་པར་གྲོལ་བ་འདུས་བྱས་དང་། འདུས་མ་བྱས་རྣམ་པ་གཉིས་སོ།། དེ་ལ་འདུས་མ་བྱས་ནི་འདོད་ཆགས ་དང་བྲལ་བས་མྱ་ངན་ལས་འདས་པའོ།། འདུས་བྱས་ཀྱི་རྣམ་པར་གྲོལ་བ་ནི་མོས་པ་སྟེ། གང་དང་ལྡན་པས་རྟ་སྲབ་ཕུད་པ་བཞིན་དུ་སེམས་ཡུལ་ལ་མ་ཞུམ་པར་རྒྱུག་པ་དེ་ལྟ་བུ་དེ་མོས་པའོ།། དད་པ་ནི་སེམས་དང་བ་སྟེ། ་ཞེས་བྱ་བ་དེ་ལ་དད་པ་ནི་ཡོན་ཏན་ལ་ཡིད་ཆེས་པ་དང་། དེ་སྔོན་དུ་སོང་བའི་དགའ་བ་སྟེ། དེ་བས་ན་དོན་གཞན་དུ་གྱུར་པའོ།། དད་པ་ནི་སེམས་དང་བའོ།། དཀོན་མཆོག་གསུམ་ནི་སངས་རྒྱས་དང་ཆོ་སྣ་དང ་དགེ་འདུན་ནོ།། རྒྱུ་དང་འབྲས་བུར་འབྲེལ་པ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་གཉིས་ལ་འབྲེལ་པའོ།། སེམས་ཀྱི་རྙོག་པ་དེ་སེལ་བའི་ངང་ཚུལ་ཅན་ཡིན་པས་དཔེ་དེ་བསྟན་ཏོ།། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་ཟད་པ་ཤེས་པ་དང་མི་སྐྱེ ་བ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་དང་། སྟོབས་བཅུ་དང་། མི་འཇིག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོའོ།། ཆོས་ཀྱི་ལེགས་པར་སྒྲུབ་པ་ཉིད་ཅེས་བྱ་བ་ནི་ཉོན་མོངས ་སྤོང་བར་བསླུ་བ་མེད་པ་སྟེ། འགྲོ་བའི་བླ་མཱས་ཇི་སྐད་དུ། ངས་ཁྱོད་ལ་གླང་ཉན་ཐོས་རྣམས་ཀྱི་ལམ་བཤད་པ་དེ་ནི་ངེས་པར་འབྱུང་བ་མ་ཡིན་པ་སྒྱུ་མུ་ཞེས་བྱ་བའི་གནས་མེད་དོ།། ཞེས་གསུངས་པ་ལྟ་བུའོ།། ཡང་དག ་སྒྲུབ་པ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཡོད་པའོ།། འདི་ལས་ཕྱི་རོལ་ཏུ་གྱུར་པ་ཐམས་ཅད་འཁྲུལ་པར་བྱེད་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་ཞེས་བྱ་བ་དང་། དཀོན་མཆོག་གསུམ་ལ་སོགས་པ་དེ་དག ་ཡོད་པ་ཉིད་ལ་དེ་ཡོད་པ་ཉིད་དུ་མངོན་པར་ཡིད་ཆེས་པ་ནི་ངེས་པ་སྟེ། མངོན་པར་ཡོད་ཆེས་པའི་རྣམ་པ་དེ་ལ་མངོན་པར་དད་ཅིང་དེས་སོ་ཞེས་བྱ་བའི་ཐ་ཚིག་གོ།། འོ་ན་རྒྱལ་པོ་མ་སྐྱེས་དང་བ་མེད་པའི་དད་པ་དང་ལྡན་ཞེས ་གང་ཡང་གསུངས་པ་ལ། རྩ་བ་མེད་པའི་དད་པ་གང་ཞེ་ན། འཕགས་པའི་བདེན་པ་དང་བྲལ་བའོ།། འོ་ན་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ཀྱི་ཡང་རྩ་བ་མེད་པར་འགྱུར་རོ་ཞེ་ན། དེ་ལ་ཉེས་པ་མེད་དེ། ཁྱད་ཞུགས་པ་དང་ལྡན་པ་ལ ་དེ་སྐད་ཅེས་བརྗོད་པའི་ཕྱིར་རོ།། དེ་བས་ན་གང་བདེན་པ་མཐོང་བ་དང་མཐུན་པར་སྟེན་པ་ཉིད་རྩ་བ་མེད་པའོ།། དད་པ་བཤད་ཟིན་ཏོ།། བརྩོན་འགྲུས་ནི་ཞེས་བྱ་བ་ལ་སོགས་པ་ལ། དགེ་བའི་ཆོས་ལ་མངོན་པར་སྤྲོ་བ་ནི་དེ་ལ་མངོན་དུ ་ཕྱོགས་ཤིང་མཐོར་འགྲོ་བར་རྩོལ་བ་ནི་སྤྲོ་བའོ།། འདིར་དགེ་བ་རྣམས་བསྐྱེད་པ་དང་གནས་པར་བྱེད་པ་དང་། མི་དགེ་བ་རྣམས་མི་བསྐྱེད་པ་དང་འགོག་པར་བྱེད་པ་དང་གོ་རིམས་བཞིན་དུ་ལྟའོ།། འཁོར་བའི་འདམ་ཞེས་བྱ ་བོ་ནི་འཁོར་བར་བྱེད་པས་འཁོར་བ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚོན་ཉིད་འབྱུང་ཞེས་བྱ་བོའི་ཐ་ཚིག་གོ།། འཁོར་བའི་འདམ་ཡིན་པས་འཁོར་བའི་འོདམ་མོ།། འཁོར་བའི་འདས་ནི་འཁོར་བ་ལུས་འབྱུང་བར་དཀའ ་བའི་ཕྱིར་འདམ་མོ།། དེར་ཕྱིར་བྱིང་བའི་སེམས་མངོན་པར་འབྱུང་བའི་ཞེས་བྱ་བ་ནི་འབྱིན་པའོ།། དེ་ནི་བརྩོན་འགྲུས་ཏེ་མངོན་པར་འབྱུང་བ་ལ་སོགས་པའི་རྣམ་པར་རྟོག་པའི་རྒྱུན་གནས་པར་བྱེད་པའི་ཕྱིར་རོ།། བརྩོན ་འགྲུས་བཤད་ཟིན་ཏོ།། དྲན་པ་ཞེས་བྱ་བ་ནི་དྲན་པར་བྱེད་པས་དྲན་པའོ།། དེ་ནི་སེམས་གསལ་བ་ཉིད་དེ་གསལ་བའི་དངོས་པོ་ནི་གསལ་བ་ཉིད་དོ།། གཟུགས་ལ་སོགས་པ་ནི་ཤེས་པར་བྱ་བ་ཡིན་པོས་དོན་དེ་གསལ་བ་ཉིད་དོ།། ། ་ཡང་བྱས་པ་ལ་སོགས་པ་མ་བརྗོད་པའོ།། ཅིའི་ཕྱིར་མ་བརྗོད་པ་ལ་གསལ་བ་ཉིད་ཅེས་བྱ་ཞེ་ན། འདི་ལྟར་མྱོང་བའི་དོན་དྲན་པས་གསལ་བར་བྱེད་དེ། སལ་ས་ལྔ་པོར་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། མྱོང ་བའི་ཡུལ་དྲན་པ་དྲན་པ་གཞན་གྱི་དབང་གིས་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཡུལ་གྱི་དངོས་པར་འགྱུར་ཞེས་བྱ་བར་དགོངས་པའོ།། བྱས་པ་དང་བྱ་བ་དང་བྱེད་པའི་ཡུལ་དྲི་དག་ཀྱང་དྲན་མོད་ཀྱི་ཕལ་ཆེར ་འདས་པའི་ཡུལ་ལ་འཇུག་པས་འདས་པ་ཡུལ་ཉིད་དུ་བསྟན་ཏོ།། ཏིང་འཛིན་སེམས་རྩེ་གཅིག་པ་སྟེ་ཞེས་བྱ་བ་ནི་སེམས་སྤྲེའུ་དང་འདྲ་བས་ན་སྤྲེའུ་སྨོས་ཏེ། གྲོང་པར་གྲགས་པའི་ཕྱིར་དཔེར་སྤོས་ཀྱི། འདྲ་བ་ཙམ ་གྱིཕྱིཕྱིར་ནི་མ་ཡིན་ནོ།། གཞན་ནས་དགེ་སློང་དག་འདི་ལྟར་མྱུར་དུ་འགྱུ་བ་ནི་ཆོས་གཅིག་ལས་ངས་མ་མཐོང་སྟེ། དེ་ནི་སེམས་སོ་ཞེས་གསུངས་སོ།། དམིགས་པ་གཅིག་ཅེས་བྱ་བ་ནི་ཡུལ་ལ་འཛིན་པར་ནུས་པ་སྟེ་དེ་ཉིད ་ཡུལ་གཅིག་ལ་འཛིན་པ་ཉིད་དུ་སྟོན་ཏེ།། དཔེར་ན་སྦྲུལ་རིང་བཞིན་གྱིས་གྱ་གྱུར་འགྲོ་བ་འོད་མའི་སྦུབས་སུ་བཅུག་པ་དེ་བཞིན་དུ་སེམས་ཀྱང་རང་བཞིན་གྱིས་གླུ་གྱུ་བ་སྟེ། ཏིང་ངེ་འཛིན་གྱི་དབང་གིས་དེ་དམིགས་པ་གཅིག ་ལ་གནས་སོ།། གང་དག་གི་ལྟ་བ་ལས་དགེ་སློང་དག་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་དང་བ་ཡིན་ན། དེ་གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་ཉོན་མོངས་པར་གྱུར་ཏོ་ཞེས་འབྱུང་བ་དེ་སྐད་དུ་བརྗོད་པ་ནི་ཐོག་མ ་ཡོད་པ་ཅན་གྱི་སྐྱོན་དུ་འགྱུར་རོ།། འདིས་སེམས་དང་སེམས་ལས་བྱུང་བ་རྣམས་སྙོམས་པར་བྱེད་པས་ཏིང་ངེ་འཛིན་ཏེ། དམིགས་པ་གཅིག་ལ་འཇོག་ཅེས་བྱ་བའི་ཐ་ཚིག་གོ།། དེ་བས་ན་སེམས་སྤྲེའུ་ལྟ་བུ་དམིགས་པ་གཅིག ་ལ་འཇུག་ཅེས་བྱ་བ་སྨྲས་སོ།། འདིར་ནི་སེམས་དང་སེམས་ལས་བྱུང་བ་མཐའ་དག་ལ་སེམས་ཤེས་བྱའོ།། སེམས་རྩེ་གཅིག་པ་ཞེས་བྱ་བ་ནི། སེམས་ཀྱི་རྩེ་གཅིག་པ་ལ་སེམས་རྩེ་གཅིག་པ་ཞེས་བྱའོ།། རྩེ་ཞེས་བྱ་བ་ནི་དམིགས ་པ་ལ་བྱ་སྟེ། དམིགས་པ་གཅིག་ལ་འཇུག་པ་ཞེས་གང་སྨྲས་པའོ།། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། ཞེས་བྱ་བ་ནི་མཆོག་ཏུ་ཤེས་པས་ན་ཤེས་རབ་བོ།། ཡང་ན་རབ་ཏུ་ཤེས་པས་ཤེས་རབ་སྟེ། ཁོང་དུ་ཆུད་པའོ།། རབ་ཀྱི ་སྒྲ་ནི་འདུ་ཤེས་ལས་གཞན་དུ་བསྟན་པའི་ཕྱིར་རོ།། རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་ལ་ཆུང་ངུ་རྟོགས་པ་ནི་འབྱེད་པའོ།། འབྲིང་ནི་རྣམ་པར་འབྱེད་པའོ།། ཆེར་རྟོགས་པ་ནི་རབ་ཏུ་རྣམ་པར་འབྱེད་པའོ།། དེ་བས་ན་ཐམས་ཅད་ཁོང་དུ ་ཆུད་པར་བསྡུ་བའི་ཕྱིར་ཉེ་བར་བསྒྱུར་བ་གཉི་ག་སྨོས་སོ།། རབ་ཏུ་རྣམ་པར་འབྱེད་པ་དེ་ཡང་ཤིན་ཏུ་རྣམ་པར་འབྱེད་པས་རབ་ཏུ་རྣམ་པར་འབྱེད་པའོ།། རབ་དེ་ཇི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར། ཆོས་རྣམ་པ་བརྒྱད་པོ་དེ་དག་གི་ཞེས་བྱ་བ་སྨོས ་ཏེ། གཟུགས་ལ་སོགས་པའི་ཆོས་རྣམས་ནས་སོ་སོར་བརྟག་པས་འགོག་པ་ལ་ཐུག་པ་དག་གོ།། ཇི་ལྟར་མཐུན་མཐུན་དུ་ཞེས་བྱ་བ་ནི་གང་ལ་གང་འཐད་པའོ།། དེ་གང་ཞེ་ན། སྡུད་པ་ལ་སོགས་པའོ།། དེ་ལ་སྡུད་པར་བྱེད་པས་སྡོད་པ་སྟེ། ་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ།། འདི་ལྟ་སྟེ་ས་ནི་སྲ་བས་བསྡུས་པ་སྟེ། སྲ་བའི་རང་བཞིན་ཞེས་བྱ་བར་ཤེས་སོ།། འཇིག་རྟེན་ན་དངོས་པོ་གཞན་གྱིས་སར་མཐོང་བ་མེད་དམ། དཔེརྙན ་སྤྱད་པས་གོས་ཀྱི་གཟུངས་བྱས་པ་དང་གདུང་རྟེན་གྱིས་གདུང་གི་གླུ་ཟུངས་བྱས་བུ་ལྟ་བུའོ།། དེ་ནི་རེས་འགའ་ཙམ་དང་རྒྱལ་རིག་ལས་ཏེ་འབྱུང་བའི་ཕྱིར་སྡུད་པ་སྟེ་བརྡ་ཅན་ནོ།། གང་རང་བཞིན་གྱིས་སྡུད་པ་དེ་ནི་ཇི ་སྲིད་དུ་རྫས་མེད་པར་མ་གྱུར་གྱི་བར་དུ་ཡོད་པ་དང་། རྒྱུ་གཞན་ལ་མི་བལྟོས་པའི་ཕྱིར་དོན་དམ་པའི་སྡུད་པ་སྟེ། སློབ་དེ་བོན་གྱི་ཉེ་གནས་བཞིན་དུ་དངོས་པོས་རང་བཞིན་གྱིས་བཟུང་ནས་མཁྱུད་པ་བཞིན་དུ་གནས ་པ་སྟེ། ས་ནི་རྫས་གཞན་དུ་འགྲོ་བ་བཀག་པའི་ངོ་བོས་སྲ་བ་བཟུང་ནས་གནས་པའོ།། མཚུངས་པར་ལྡན་པ་ནི་མཚུངས་པར་འཇུག་པ་སྟེ། དེ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིའོ།། ལྡན་པ་ནི་ཐོབ་པ་ལ ་།། རྒྱུན་དྲུག་སྟེ་མཚུངས་པར་ལྡན་པ་དང་། ལྷན་ཅགེ་འབྱུང་བ་དང་། སྐལ་བ་མཉམ་པ་དང་། ཀུན་ཏུ་འགྲོ་བ་དང་རྣམ་པར་སྨིན་པ་དང་། བྱེད་རྒྱུ་ཞེས་བྱའོ།། རྐྱེན་ནི་རྒྱུ་དང་། དེ་མ་ཐག་པ་དང་། དམིགས་པ ་དང་། བདག་པོའི་རྐྱེན་གྱི་བྱེ་བྲག་གིས་བཞིའོ།། འབྲས་བུ་ནི་ལྔ་སྟེ། སྐྱེས་བུའི་བྱེད་པ་དང་། རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། བདག་པོ་དང་། བྲལ་བཾ་ཞེས་བྱ་བའོ།། མཚུངས་པར་ལྡན་པ་ལ་སོགས་པ ་དེ་དག་ནི་འོག་ཏུ་རྒྱས་པར་བཤད་པར་བྱའོ།། རླུང་དྲུང་སྤྱི་ནི་རང་དང་སྤྱི་སྟེ། དེ་གཉིས་ཀྱི་མཚན་ཉིད་ནི་རང་དང་སྤྱིའི་མཚན་ཉིད་དོ།། དེ་ལ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ཆོས་གཞན་ཐམས་ཅད་ལས་བཟློག་པའི་རྡོ་བ་སྟེ། ད ་ན་མེའི་ངོ་བོ་ཚ་བ་ལྟ་བུའོ།། སྤྱིའི་མཚན་ཉིད་ནི་ཆོས་ཐམས་ཅད་ཀྱི་ཐུན་མོང་གི་ངོ་བོ་སྟེ། འདི་ལྟ་སྟེ་སྟོང་པོ་ཉིད་ལ་སོགས་པའོ།། འདིས་རྟག་པར་བྱེད་པས་ནཱ་རྟོག་པ་སྟེ་ཤེས་རབ་བོ།། རྟོག་པ་ཞེས་བྱ་བའི་སྐུ་ནི་སོ་སོར་སྦྱར ་སྡུད་པ་ལ་རྟོག་པ་དང་། མཚུ་ངས་པར་ལྡན་པ་ལ་རྟོག་པ་ལ་སོགས་པ་ཞེས་བྱ་བར་སྦྱར་རོ།། དེ་དག་རང་གི་ངོ་བོ་ཇི་ལྟ་བ་བཞིན་དཔྱོད་དེ་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ། རྟོག་པ་ནི་སེམས་རྩིང་བའི་མཚོན་ཉིད་དོ་ཞེས་བྱ་བ་ལ ་སེམས་ཀྱི་རྩིང་བ་ནི་སེམས་རྩིང་བའོ།། དེ་ཉིད་མཚན་ཉིད་དེ། སེམས་རྩིང་བའི་མཚན་ཉིད་དེ་གང་ཡིན་པའོ།། གང་གི་དབང་གིས་སེམས་རྩིང་བར་གྱུར་པ་ཡིན་གྱི། སེམས་དང་སེམས་ལས་བྱུང་བ་གཞན་དག་གི་རྩིང ་བ་མ་ཡིན་ཏེ། རང་བཞིན་གཞན་པའི་ཕྱིར་རོ།། དེ་ལྔ་རྩིང་བ་ནི་གསལ་བར་རྒྱུ་ཉིད་དེ་ལུས་ཀྱི་ཚད་ཙམ་ནི་མ་ཡིན་ནོ།། འདི་ལྟར་ཡང་འཇིག་རྟེན་ན་ཡང་གཟུགས་མེད་པ་ལ་བློ་རྩིང་ངོ་།། བློ་ཞིབ་བོ་ཞེས་ཐ་སྙད་འདོགས་པ་སྣང ་ངོ། བསྟན་བཅོས་ལས་ཀྱང་རྣམ་པར་ཤེས་པ་རྩིང་ངོ་།། ཞིབ་བོ་ཞེས་འབྱུང་ངོ་།། གཉིས་སུ་ན་ཀུན་ཏུ་རྟོག་པ་ཞེས་ཀྱང་བྱ་སྟེ། ཞེས་བྱ་བ་ནི་གཉིས་སུ་ན་ཀུན་ཏུ་རྟོག་པ་གང་ཡིན་པ་དེའོ།། འདུ་ཤེས་ཉིད་རླུང་ཡིན་པས་འདུ ་ཤེས་ཀྱི་རླུང་སྟེ། འདུ་ཤེས་ཀྱི་རླུང་གིས་བསྐྱོད་ནས་འཇུག་པ་གང་ཡིན་པ་དེ་འདུ་ཤེས་ཀྱི་རླུང་གིས་བསྐྱོད་ནས་འཇུག་པ་སྟེ། འདུ་ཤེས་ཀྱི་བཏང་ཞེས་བྱ་བའི་ཐ་ཚིག་གོ། འདུ་ཤེས་ཀྱི་ཡུལ་གྱི་མཚན ་མ་ཡོངས་སུ་བཅད་ནས་རྣམ་པར་རྟོག་པ་སེམས་ཡུལ་ལ་གཏོང་བར་ནུས་སོ།། ཚོགས་ནི་འདུས་པ་སྟེ། རྣམ་པར་ཤེས་པ་ལྔ་པོ་དག་གི་ཚོགས་ནི་རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། དེ་དག་ནི་རྩིང་བ་ཡང་ཡིན་ལ་རྣམ ་པར་ཤེས་པའི་ཚོགས་ལྔ་ཡང་ཡིན་པསྭ་ནཱར་ཤེས་པ་རྩིད་པའི་ཚོགས་ལྔ་སྟེ། དེ་དག་གི་རྒྱུའོ།། དེ་ཡང་ལྡན་ན་དེ་དག་རྩིང་ངོ་ཞེས་བྱ་བར་བརྗོད་དོ།། སེམས་ཞིབ་པ་ཉིད་ཀྱི་མཚན་ཉིད་དེ་ཞེས་བྱ་བ་ལ། ཞིབ་པའི་དངོས་པོ་ནི ་ཞིབ་པ་ཉིད་དེ། སེམས་ཀྱི་ཞིབ་པ་ཉིད་ནི་ཞིབ་པ་ཉིད་དོ།། དེའི་མཚན་ཉིད་ནི་སེམས་ཞིབ་པ་ཉིད་ཀྱི་མཚན་ཉིད་གང་ཡིན་དེའོ།། དེ་ལྔ་ཞིབ་པ་ཉིད་ནི་མི་གསལ་བ་མི་རྣོ་བའོ།། ཡིད་ཀྱི་རྣམ་པར་ཤེས་པའི་འཇུག་པ་དང ་མཐུན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་འཇུག་པ་དང་མཐུན་པའོ།། མཐུན་པ་ནི་མི་འགལ་བ་སྟེ། གྲགས་བྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། འདིས་རྣམ་པར་དཔྱོད་པའི་ཡུལ་ལ་ཡང་དཔྱོད་དོ།། བྲག་མེད་པ་ནི་དགེ་བའི་ཆོས ་མི་བསྒོམ་པ་སྟེ། ཞེས་བྱ་བ་ནི་བག་ཡོད་པ་མ་ཡིན་པས་བག་མེད་པ་སྟེ། གང་དང་ལྡན་པས་དགེ་བའི་ཆོས་ལ་ཀུན་ཏུ་བསྟེན་པ་ཟད་པར་བྱེད་པའོ།། དོན་དེ་ཉིད་མི་འཇུག་པ་ཞེས་བྱ་བའི་དོན་གང་ཡིན་པའོ་ཞེས་བྱ་བས་སྟོན་ཏོ།། ་དེ་ལ་བདག་ལ་ཕན་པ་ལ་མངོན་པར་མི་བརྩོན་ཞིང་ཡལ་བར་འདོར་བ་ནི་བག་མེད་པ་སྟེ། རང་ལ་ཕན་པ་ནི་དགེ་བའི་ཆོས་གོམས་པར་བྱེད་པའོ།། དེ་ལ་མངོན་པར་མི་བརྩོན་པ་ནི་དེ་ལ་མི་གཞོལ་བ་སྟེ་ཡལ་བར་འདོར་བའོ།། གང་ཡོད་ན ་དེ་འབྱུང་བ་དེ་ནི་བག་མེད་པའོ།། བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་སྟེ་ཞེས་བྱ་བ་དེ་ལ་འདི་ཡོད་ན་བག་མེད་པར་མི་བྱེད་པས་བག་ཡོད་པ་སྟེ། དགེ་བའི་ནོར་བསྲུང་བའི་ཕྱིར་གང་གིས་འཇུག་པར་འགྱུར་པ་དེ་བག་ཡོད ་པའོ།། བག་མེད་པའི་ཕྱིར་འཇིལ་བ་ཞེས་བྱ་བ་ནི་གཉེན་པོའོ་ཞེས་བྱ་བའི་ཐ་ཚིག་གོ། སྐྱེ་བ་ནི་འཁོར་བའི་ཉེས་པ་ལ་རྟོག་པས་ཞེས་བྱ་བ་ལ་སོགས་པ་ལ། འཁོར་བའི་ཉེས་པ་ནི་འདོད་ཆགས་ལ་སོགས་པ་དང་། རྒ་ཤི་དང་། ་མྱ་ངན་ལ་སྔོགས་པ་སྟེ། དེ་དག་ལ་རྟོག་པ་ནི་འབྱེད་པའོ།། དེ་བས་ན་གང་སྐྱོ་བ་དེ་འདོད་ཆགས་དང་བྲལ་བ་དང་མཐུན་ཏེ། འདོད་ཆགས་དང་བྲལ་བའི་རྒྱུར་གྱུར་ཅེས་བྱ་བའི་ཐ་ཚིག་གྲོ། ཡིད་བྱུང་ན་མི་ཆགས་སོ་ཞེས ་གསུངས་པའི་ཕྱིར་རོ།། དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར་སེམས་ལས་བྱུང་པོའི་ཆོས་གང་བྱུང་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གང་དང་ལྡན་པས་ཞེས་བྱ་བ་ནི་གང་དང་འབྲེལ་པསོ།། ཡིད་འབྱུང་བ་ཡིད་ལ་བྱེད་པ་ཞེས་བྱའོ།། ་ཞེས་བྱ་བ་ནི་ཡོད་འབྱུང་བ་དང་ལྡན་པའི་ཡིད་ལ་བྱེད་པའོ།། རབ་ཏུ་དགའ་བ་ནི་མགུ་བ་དང་མཆོག་ཏུ་དགའ་བ་སྟེ། དགེ་བོའི་སེམས་ལ་གནོད་པ་ལས་བྱུང་པོར་གཉེན་པོ་འཚལ་བ་ཅན་ནོ།། དེ་རྙེད་ནས་དེ་ལོ་ཡིད་ཚིམ་པོ ་གང་ཡིན་པ་དེ་ནི་མཆོག་ཏུ་དགའ་བའོ་ཞེས་བྱ་བ་དེ་ལ། འདོད་པའི་ཁམས་ནི་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་གནོད་པ་སྟེ། དེ་ལས་བྱུང་བ་ནི་འདོར་བའོ།། འབྱུང་བའི་གཉེན་པོ་ནི་གླནོད་པར ་བྱེད་པའི་ཕྱོགས་ཏེ། འདོར་བའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ནི་ལམ་མོ།། གཉེན་པོ་འཚོལ་བ་ཅན་གྱི་ང་ཚུལ་ཅན་གང་ཡིན་པ་དེ་ནི་གཉེན་པོ་འཆོལ་བ་ཅན་ནོ།། གཉེན་པོ་འཚོལ་བ་ཅན་ངེས་དེ་རྙེ་དུ་ནས་ཞེས་བྱ་བ་ནི་རྙེད་པ་ནི ་ཐོབ་པ་སྟེ། ལམ་དེ་རྙེད་ཅེས་བྱ་བའི་ཐ་ཚིག་གོ།། དེ་ལ་ལམ་དེ་རྙེད་ནས་ཡིད་ཡོངས་སུ་ཚིམ་པ་སྐྱེ་བ་གང་ཡིན་པ་དེ་མཆོག་ཏུ་དགའ་བ་སྟེ་དེ་དང་བྲལ་བ་མི་ལྕོགས་པ་མེད་པ་ལ་སོགས་པ་ལྔ་མཆོག་ཏུ་དགོའ་བ་ཡིད་ལ ་བྱེད་པ་ཞེས་བྱའོ།། དེ་ལ་རབ་ཏུ་དགའ་བ་ནི་མགུ་བ་ཞེས་བྱ་བ་ལ་རབ་ཏུ་དགའ་བ་ནི་ཡིང་བདེ་བ་སྟེ། དེ་དང་ལྷན་ཅིག་སྐྱེས་པ་ནི་མགུ་བ་དང་རངས་པའོ།། ཡང་དེ་ནི་རྣམ་གྲངས་སུ་བརྗོད་པའོ།། ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ ་རློང་བ་ཉིད་དོ་ཞེས་བྱ་བ་ལ་ལ་སྣ་དང་མཐུན་པ་ནི་ལས་སུ་རུང་བའོ།། ལས་སུ་རུང་བའི་དངོས་པོ་ནི་ལས་སུ་རུང་བ་ཉིད་དོ།། སེམས་ཀྱི་ལུས་སུ་རུང་བ་ཉིད་ནི་སེམས་ལས་སུ་རུང་བ་ཉིད་དེ། སེམས་འོས་སུ་གྱུར་ཅེས་བྱ་བའི ་ཚིག་སྟེ། གསེར་དུལ་མ་བཞིན་ནོ།། དཔེར་ན་གསེར་དུལ་མ་ནི་ཙི་དང་ཅིར་བརྡུང་བ་དེ་དང་དེར་ལས་སུ་རུང་བ་ཡིན་ནོ།། དེ་བཞིན་དུ་ཤིན་ཏུ་སྦྱངས་པའི་དབང་གིས་མཐོ་རིས་དང་ཐར་པ་ལ་སོགས་པ་གང་དང་གང་དུ་སེམས ་བ་དེ་དང་དེར་དགོས་པ་སྒྲུབ་པར་ནུས་པའི་ཕྱིར་ལས་སུ་རུང་བ་ཞེས་བྱའོ།། རྣམ་པར་མི་འཚེ་གི་གཞན་ལྔ་གནོད་པར་བྱེད་པ་ལ་མངོན་པར་དགའ་བ་དང་མི་མཐུན་པ་སེམས་བཟང་པོ་ཉིད་དེ་ཞེས་བྱ་བ་ལ། གཞན་དག་ལ་གནོད ་བར་བྱེད་པ་ནི་གཞན་ལ་གནོད་པར་བྱེད་པའོ།། གཞན་ལ་གནོད་པར་བྱེད་པ་དག་ལ་མངོན་པར་དགའ་བ་ནི་གཞན་ལ་གནོད་པར་བྱེད་པ་ལ་མངོན་པར་དགའ་བ་སྟེ། དེ་དང་མི་མཐུན་པའོ།། གང་གི་དབ་ང་གིས་གཞན་ལ་རྣམ ་པར་ཐོ་མི་འཚམས་པའོ་ཞེས་བྱ་བ་ནི་གནོད་པར་མི་བྱེད་མི་མཐུན་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། དེ་ལས་འབྱུང་བར་གཉེན་པོ་འཚོལ་བ་ཅན་ནི་དེ་དང་མམི་མཐུན་པའི་སེམས་བཟང་པོ་ཉིད་ཅེས་བྱ་བའོ།། རིགས་པ་ལ་གཞོལ ་བ་ནི་རིགས་པ་དང་མཐུན་པའོ།། རིགས་པ་ནི་འཕགས་པའི་ལམ་མོ།། དེ་ལ་གཞོལ་བ་ནི་དེར་གཞོལ་བ་སྟེ། དེར་ཕྱོགས་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་བདག་གི་དབང་དུ་བྱས་པ་དང་། ཆོས་ཀྱི་དབང་དུ་བྱས་པ་ལས་བྱུང ་བས་བདག་དང་ཆོས་ཀྱི་དབྱུང་དུ་བྱས་པ་ལས་བྱུང་བའོ།། དེ་ལ་བདག་ཅེས་བྱ་བ་ནི་རང་གི་རྒྱུད་ཡོངས་སུ་བཟུང་བའོ།། བདག་གི་ཆོས་རྣམས་ནི་བདག་གི་ཡོན་ཏན་རྣམས་ཏེ་ཚུལ་ཁྲིམས་ལ་སོགས་པའོ།། དེ་དག་གི་དབང་དུ ་བྱས་པ་ནི་བདག་གི་ཆོས་ཀྱི་དབང་དུ་བྱས་པ་སྟེ། དབང་དུ་བྱས་པ་ནི་ནུས་ཞེས་བྱ་བའི་ཐ་ཚིག་གོ། དེ་ལས་བྱུང་བ་ནི་བདག་དང་ཆོས་ཀྱི་དབང་དུ་བྱས་པ་ལས་བྱུང་བ་སྟེ། མདོ་སྡེ་ལས་ཇི་སྐད་དུ་བསྟན་པ་ལྟ་བུ་སྟེ། བདག ་ཉིད་ཀྱི་དབང་དུ་བྱས་ནས་མི་དགེ་བ་སྤོང་ཞིང་དགེ་བ་བསྒོམ་པའོ་ཞེས་འབྱུང་བའི་ཕྱིར་རོ།། ཡང་ན་བདག་གི་ཆོས་ནི་རིགས་ཀྱི་བུ་ལ་སོགས་པའོ།། ཇི་ལྟར་བདག་གི་ཆོས་ལས་བྱུང་སྨྲས་པ། གང ་གྲི་ཕྱིར་བདག་ནི་རིགས་ཀྱི་བུར་འགྱུར་ཏེ། འཕགས་ཕྱིའི་ཆོས་ཤེས་ཀྱིས་དེ་སྒྲུབ་པ་ལ་མི་ཕྱོགས་པ་ནི་བདག་གི་ཚེ་མ་ཡིན་ནོ་སྙམ་མོ།། སྲེད་པ་ནི་མངོན་པར་ཆགས་པའོ།། སྙིང་པའི་རྒྱུ་ལས་བྱུང་བ་ནི་རྒྱུ་མཐུན་པ་སྟེ། ་སྲེད་པའི་རྒྱུ་མཐུན་པའོ།། སྲིད་པའི་རྒྱུ་མཐུན་པ་དེ་ནི་ངོ་ཚ་མི་ཤེས་པ་ཞེས་བྱ། དེ་དང་མིཐུན་པ་ནི་ང་གམ་ཏེ་འབྱུང་བ་དང་འགལ་བའི་ཕྱིར་རོ།། སེམས་ཀྱི་དབང་སྟེ་ཞེས་བྱ་བ་ནི་སམ་སྐུ་ལ་དབང་བྱེད་པའོ།། དེའི་བྱེད་པའི ་རླུང་གི་ངོ་བི་བསྟན་པའི་ཕྱིར། གང་གྷི་དབྱུང་གིས་ཡོན་ཏན་རྣམས་དང་ཡོན་ཏན་ཅན་རྣམས་ལ་གུས་པ་དང་བཅས་པར་གནས་པའོ་ཞེས་བྱ་བ་སྨྲས་ཏེ། ཡོན་ཏན་ཅན་རྣམས་ནི་རླུང་གི་རྒྱུ་ད་འབྲེལ་བ་ཚུལ་ཁྲིམས་ལ ་སོགས་པ་ལའོ།། ཡོན་ཏོན་ཅན་རྣམས་ནི་སློབ་དཔོན་དང་མཁན་པོ་ལ་སོགས་པ་ལའོ།། ཁྲིལ་ཡོད་པ་ནི་ཡོན་ཏན་ལ་གོམས་པར་བྱེད་པ་སྔོན་དུ་གཏོང་བ་ཞེས་བྱ་བ་ལ་སོགས་པ་ལ་གོམས་པར་བྱེད་པས་གོམས་པར ་བྱེད་པའོ།། ཡོན་ཏན་རྣམས་གོམས་པར་གང་བྱེད་པ་ནི། ཡོན་ཏན་གོམས་པར་བྱེད་པ་སྔོན་དུ་གཏོང་བའོ།། གཏི་མུག་ནི་མི་ཤེས་པའོ།། དེའི་རྒྱུན་མཐུན་པ་ནི་ཁྲེལ་མེད་པ་སྟེ། རྨོངས་པར་གྱུར་ན་སྲོག་གཅོད་པ་ལ་སོག ་པའི་བྱ་བ་ལ་འཇུག་པས་ཁྲེལ་མེད་པར་འགྱུར་རོ།། དེའི་དགྲར་གྱུར་པས་ཆོས་ངན་པཱ་ལ་སྨོས་ཏེ། ཆོས་ངན་པ་ནི་སྲོག་གཅོད་པ་ལ་སོགས་པའོ།། དེ་དག་ལ་སྨོས་པ་ནི་བཤུང་བའོ།། གང་ཡོད་ན་ཞེས་བྱ་བ་ནི་ཆོས་གང་སྐྱེས ་ན་ཁ་ན་མ་ཐོ་བ་སྟེ་སྡིག་པ་ལས་འཇིག་པར་ལྟུར་བ་ཡིན་ནོ།། བཏང་སྙོམས་ནི་མི་རིགས་པ་ཡང་མི་སེལ་བས་ཞེས་བྱ་བ་ལ་སོགས་པ་ལ་མི་རིགས་པ་ལ་སོགས་པ་ལ་འཇུག་པའི་ཕྱིར་དེ་མི་རིགས་པ་སེལ་བ་ནི་བརྩོན་འགྲུསོ ་ཀྱི་བྱེད་པའོ།། རིགས་པ་ལ་འཇུག་པ་ཡང་བརྩོན་འགྲུས་ཀྱི་བྱེད་པ་ཉིད་དོ།། དེ་ལ་བཏང་སྙོམས་སུ་བྱེད་པ་ནི་བཏང་སྙོམས་སོ།། བཏང་སྙོམས་ཞེས་བྱ་བའི་ཆོས་དེ་ཡོད་པས་སེམས་དེ་བཏང་སྙོམས་དང་ལྡན་པ་ཞེས་བྱའོ།། ་བཏང་སྐྱོམས་ནི་རྣམ་པ་གསུམ་སྟེ་ཚད་མེད་པའི་བཏུད་སྙོམས་ནི་འདི་ལྟ་སྟེ། བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་སོ།། དེ་ལ་བྱམས་པཱ་ནི་བདེ་བ་ཉེ་བར་སྒྲུབ་པའི་མཚན་ཉིད་དོ།། སྐྱོང་རྗེ་ནི་སྡུག་བསྔལ་བའི་རྣམཔ ་དགའ་ནི་དགའ་བར་གྱུར་ཅིག་པའོ།། བཏང་སྙོམས་ནི་སེམས་ཅན་གྱི་རྣམ་པའོ།། ཚོར་བའི་བཏང་སྙོམས་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའོ།། འདི་ནི་འདུ་བྱེད་ཀྱི་བཏང་སྙོམས་ཏེ། དེ་ཉིད་འདུ་བྱེད་ཀྱི་བཏ ་སྙོམས་ཉིད་དུ་སྟོན་ཏོ།། དེ་ཡོད་པས་མི་རིགས་པ་ཡང་མི་སེལ་རིགས་པ་ལ་ཡང་མི་འཇུག་ཅེས་བྱ་བ་འདིས་ནི་བཏང་སྙོམས་ཀྱི་ལས་སྟོན་ཏེ་སྲང་འཛིན་པའི་རིགས་པས་མཉམ་པ་ཉིད་དུ་གནས་པའོ་ཞེས་བྱ་བ་ལ་སྲང་འཛིན་པས་སྲུག ་འཛིན་པའི་སྐྱེས་བུ་སྟེ། སྲང་དྲང་པོར་གྱུར་པ་ན་རྫས་སྟོན་པ་དང་འབྲིང་བ་མི་བྱེད་ཀྱི། བཏང་སྙོམས་འབའ་ཞིག་ཏུ་བྱེད་པ་དེ་བཞིན་དུ་བཏང་སྙོམས་སུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། དཔེར་ན་བ་ལང་རྫིས་པ་ལང ་ས་ནར་མི་བདེ་བ་ལས་བླན་ཏེ་ས་ནོར་བདེ་བར་རྒྱུ་ཞིང་སྟོང་བཱ་ལ་ཡལ་བར་འཇོག་པ་ལྟར་བཏང་སྙོམས་ཀྱང་དེ་བཞིན་ཏེ། བརྩོན་འགྲུས་ཀྱིས་སྡིག་པ་ལས་སེམས་བླུན་ནས་རིགས་པ་ལ་རྒྱུ་བ་ན་བཏང་སྙོམསུ་འཇོག་སྟེ། ་མཐུན་པ་ལ་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། དགེ་བའི་རྩ་བ་གསུམ་སྟེ་ཞེས་བྱ་བ་ལ་ཀུ་ཤ་ཞེས་བྱ་བ་ནི་ཤེས་རབ་བོ།། ལ་ནི་དེ་འཛིན་པ་སྟེ་ཤེས་རབ་འཛིན་པ་ནི་དགེ་བའོ།། དེ་ལ་མཽ་ཆགས་པ་ནི་ཡོ་བྱད་དང་ལུས ་དང་སྐྱེ་བ་ལ་མངོན་པར་མ་ཆགས་པའོ།། མ་རིག་པ་དང་མི་འཛུའ་བ་ལ་སོགས་པ་ལྟ་བུའི་ད་ངོས་པོ་ཡིན་གྱི་ཆགས་པ་མེད་པ་ཙམ་ནི་མ་ཆགས་པ་མ་ཡིན་ནོ།། དགེ་བ་གཞན་རྣམས་ཏེ་དད་པ་ལ་སོགས་པ་འབྱུང་བའི ་རྒྱུའི་དངོས་པོ་ཡིན་པས་རྩ་བར་གྱུར་ཅེས་བྱ་བའོ།། བདེ་བའི་དོན་ནི་དགེ་བའི་དོན་ཏེ། དཔེར་ན་དགེ་བར་འོངས་པ་ལ་བདེ་བར་འོངས་པར་ཤེས་པ་ལྟ་བུའོ།། བདེ་བ་ཡང་སྲིད་པའི་ཡིད་དུ་འོང་བ་དང་། ཐར་པའི་མྱུ་གུ ་མངོན་པར་འགྲུབ་པར་བྱེད་པས་ཞེས་བྱ་བར་སྟོན་ཏོ།། སྲིད་པ་ཡིད་དུ་འོང་བ་ནི་ལྷ་དང་མིར་སྐྱེ་བའོ།། ཐར་པའི་མྱུ་གུ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་འཕངས་པ་གང་ཡིན་པའོ།། འཕངས་པ་དེའི་རྟགས་བརྗོད ་པར་བྱ་སྟེ། གང་དམ་པའི་ཆོས་ཐོས་ནས་མཆི་མ་འབྱུང་བ་དང་སྤུ་ཟིང་ཞེས་བྱེད་པའོ།། ཡང་ན་བྱང་བ་ལ་དགེ་བ་ཞེས་བྱའོ།། འགྲུབ་པས་ཞེས་བྱ་བ་ལ། གཟུགས་བཟང་པོ་ན་མཛེས་པ་སྟེ། ཇི་སྐད་དུ་བཟོད་པས་མཛེས ་པར་འགྱུར་ཞེས་བྱ་བ་ལྟ་བུའོ།། དེ་ལ་འདོད་པར་གཏོགས་པའི་སྲེད་པ་རྣམ་པ་ལྔ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་སོ།། འདོད་པར་གཏོགས་པ་ནི། ་འདོད་པའི་ཁམས་དང་ལྡན་པའོ།། ཁོང་ཁྲོ་བ་ནི་ལྔ་ནི་སྡུག་བསྔལ་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཞེ་སྡང་ངོ་།། འདྲོད་པ་ན་སྤྱོད་པའི་ཉོན་མོངས་པ་སུམ་ཅུ་རྩ་དྲུག་འོག་ནས་འབྱུང་བ་དེ་དག་དང ་ལྡན་པའི་མ་རིག་པ་ལས་འཇིག་ཚོགས་དང་མཐར་འཛིན་པར་ལྟེ་བའི་གཏི་མུག་མ་གཏོགས་པ་གཞན་མ་རིག་པ་སུམ་ཅུ་རྩ་བཞི་པོ་གང་ཡིན་པ་དེ་ནི་གཏི་མུག་གོ།། གཟུགས་དང་གཟུགས་མེད་པར་གཏོགས་པའི་སྲེད ་བ་རྣམ་པ་བཅུ་ནི་སྡུག་བསྔལ་ལ་སོགས་པ་མཐོང་བའི་བྱེ་བྲག་གིས་སོ།། དེ་ན་འབྱུང་བ་ནི་དེ་ན་ཡོད་པ་སྟེ། གཟུགས་དང་གཟུགས་མེད་པར་གཏོགས་ཞེས་བྱ་བའི་ཐ་ཚིག་གོ། དེ་དག་ནི་འོག་ནས་འཆད་པའོ།། དེར ་གཏོགས་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པར་གཏོགས་ཉིད་དེ། སྡུག་བསྔལ་ལ་སོགས་པ་མཐོང་བའི་བྱེ་བྲག་གིས་ང་རྒྱལ་རྣམ་པ་བཅུའོ།། འདིར་འབྱུང་བ་ནི་འདི་ནི་ཡོད་པ་སྟེ། འདོད་པར་གཏོགས་ཞེས ་བྱ་བའི་ཐ་ཚིག་གོ།། དེ་ལ་ཁ་ཅིག་ན་རེ་ཁེངས་པའི་མཚན་ཉིད་ཀྱི་ཕྱིར་མཐོ་བར་འགྲོ་བ་ནི་ང་རྒྱལ་ཡིན་ལ། རྩ་བ་ནི་བརྟུན་པ་དང་ཐུར་དུ་ཟུག་པ་ཡིན་ན་རྩ་བ་དང་མཐུན་པའི་ཆོས་ཀྱི་ཕྱིར་ང་རྒྱལ་ནི་ལུང་དུ་མ་བསྟན། ་པབའི་རྩ་བ་ཡིན་ནོ།། ཞེས་ཟེར་བ་དེའི་ཕྱིར་ང་རྒྱལ་ཡང་ལུང་དུ་མ་བསྟན་པའི་རྩ་བ་ཉིད་དུ་བསྒྲུབ་པར་འདོད་ནས། བསམ་གཏན་པ་གསུམ་གྱི་ཕྱིར་ཏེ། འདི་ལྟར་བསམ་གཏན་པ་གསུམ་ནི། སྲེད་པ་དང་། ལྟ་བ་དང་། ང་རྒྱལ ་གྱི་ཤས་ཆེ་བའི་བསམ་གཏན་པ་སྟེ་ཞེས་བྱ་བ་སྨོས་སོ།། སྲིད་པའི་ཤས་ཆེས་པའི་བསམ་གཏན་དུ་བྱེད་པའི་ངང་ཚུལ་ཅན་དེ་དག་ནི་སྲེད་པ་ཤས་ཆེ་བའི་བསམ་གཏན་པ་སྟེ། སྲེད་པ་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ།། ལྟ་བ་དང་། ་ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། ཀུན་ཏུ་སྦྱོར་བ་ནི་རྣམ་པ་དགུ་སྟེ། ཞེས་བྱ་བ་ནི་དེ་དག་གིས་སེམས་ཅན་རྣམས་ཁམས་དང་འགྲོ་བ་དང་སྒྲ་གནས་རྣམསུ་ཀུན་ཏུ་སྦྱོར་བས་ཀུན་ཏུ་སྦྱོར་བ་རྣམ ་ཡང་ན་དེ་དག་ཡོད་ན་སྡུག་བསྔལ་གྱི་བྱེ་བྲག་དེ་དང་དེ་དག་དང་ཀུན་ཏུ་སྦྱོར་བས་ཀུན་ཏུ་སྦྱོར་བ་རྣམས་ཏེ། དེ་དག་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་རོ།། རྗེས་སུ་མི་ཆགས་པའི་ཀུན་ཏུ་སྦྱོར་བ་ཞེས་བྱ་བ་ནི་འདིས ་ལ་དེ་ལ་རྗེས་སུ་ཆགས་པར་བྱེད་པས་རྗེས་སུ་ཆགས་པ་སྟེ། ཀུན་ཏུ་འབྱར་ཀུན་ཏུ་ཆགས་ཞེས་བྱ་བའི་ཐ་ཚིག་གོ། ཁམས་གསུམ་པའི་འདོད་ཆགས་ཏེ། གནས་དང་དམིགས་པས་སོ།། རྒྱ་སྐྱེགས་ཞུ་བ་ལྔར་འབྱར ་ཞིང་ཀུན་ཏུ་སྦྱོར་ཞེས་བྱ་བའི་ཐ་ཚིག་གོ། སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་དང་མི་མཐུན་པའི་འདུ་ཤེས་ཅན་ཏེ། དེ་དག་དང་བྲལ་བར་འདོད་པ་དང་ལྡན་པ་སེམས་མི་ཚོགས་པ་ནི ་ཁོང་ཁྲོ་བའོ།། དེ་ནི་འདོད་པ་ན་སྤྱོད་པ་ཉིད་དེ་རྣམ་པ་ལྔའོ།། འདྲིས་གནོད་པར་བྱེད་པའམ་འདི་ཡོད་པས་འདིས་གནོད་པར་བྱེད་པའམ་འདི་ཡོད་པས་ན་ཀུན་ནས་མནར་སེམས་པའོ།། ཚ་བའི་ས་བོན་ལྟ་བུ་ཞེས་བྱ་བ་ནི་དེ་ཚ་བ་ཡང ་ཡིན་ལ་ས་བོན་ཡང་ཡིན་པས་ཚ་བའི་ས་བོན་ཏེ། གནོད་པའི་བདག་ཉིད་ཡིན་པས་དེ་དང་འདྲའོ།། བདག་དང་གཞན་ལ་དམིགས་ནས་ཞེས་བྱ་བ་ནི་ཀུན་ཏུ་གཏི་མུག་པས་ཡོད་པ་དང་མེད་པ་ལ་གནས་པ་སྔོན་ལས་བཏང་སྟེ། ་བདག་དང་གཞན་གྱི་ཁྱད་པར་ལ་བལྟོས་ནས་སེམས་ཁེངས་པ་ནི་ང་རྒྱལ་ལོ།། སྐྱེས་བུ་རེངས་པ་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་རླུང་ལ་སོགས་པས་རེངས་པར་འགྱུར་བའི་སྐྱེས་བུས་རྒྱུ་མི་ནུས་པ་དེ་བཞིན་དུ་ང་རྒྱལ་གྱི་དབང ་གིས་བླ་མ་རྣམས་ལ་མི་འདུད་པའོ།། དེ་ཡང་ཕྱེ་ན་རྣམ་པ་དུ་ཡོད་ཅེ་ན། དེའི་གྲངས་བསྟོན་པའི་ཕྱིར་རྣམ་པ་བདུན་ཏོ་ཞེས་བྱ་བ་སྨོས་སོ།། བདག་ཏུ་འཛིན་པའི་རྗེས་ལས་བྱུང་པོ་ཞེས་བྱ་བ་ནི་འཇིག་ཆོག་ལྔ་ལྟ་བ་སྐྱོན་དུ་བཏང ་པ་སྟེ། བདག་ཡོད་པ་ཉིད་དུ་སྡུག་པ་ལ་སོགས་པའི་རྣམ་པར་སེམས་ཁེངས་པའོ།། ངའོ་སྙམ་པའི་ང་རྒྱལ་དེ་ཡང་འཇིག་ཚོགས་ལ་ལྟ་བ་དང་ཡུལ་གཅིག་སྟེ། གཉི་གའོ་ཡང་བདག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། རྒྱུན་ཏུ ་ཞུགས་པའི་འབྲས་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས ་མེད་པ་དང་། འཕགས་པའི་ལམ་དང་། མྱ་ངན་ལས་འདས་པ་བསྡུ་བའོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་དེ་ཉིད་གོང་མའི་བྱེ་བྲག་སྟེ། དེ་འཐོབ་པ་ནི་རྙེད་པའོ།། རིགས་ལ་སོགས་པ་ནི་ཞེས་བྱ་བྱ་ལ། རིག ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའོ།། སོགས་པ་སྨོས་པས་ནི་འདིར་བཟོ་དང་ཚུལ་ཁྲིམས་ལ་སོགས་པ་བསྡུ་བའོ།། ཁྱད་པར་ཆེས་འཕགས་པ་བས་བདག་ཅུང་ཟད་གཅིག་གིས་ཆུང་བར་ཞེས་བྱ་བར་ཡང་རིགས་ལ་སོགས་པ ་དེ་བཞིན་དུ་བསྟན་ཏོ།། བྱེ་བྲག་ཆེར་ཞུགས་ཀྱང་བྱེ་བྲག་ཅུང་ཟད་གཅིག་གིས་ཆུང་བར་ལྟའི་ཇི་ལྟར་ཆུང་བ་དེ་ལྟར་བདག་ལ་མི་ལྟ་སྟེ་དེ་བྲས་ཅུང་ཟད་གཅིག་གིས་ཆུང་བར་ལྟའོ།། ཆུང་བ་ཞེས་བྱ་བ་འདིར་ཇི་ལྟར་ཁེངས ་པའི་གནས་ཡིན་ཞེ་ན། སེམས་ཅན་གྱི་ཕུང་པོ་འདོད་པ་མཆོག་རྣམས་པས་རྣམ་པར་ཚུང་ཡང་ཚེས་མང་དུ་རློམ་སེམས་བྱེད་པ་སྟེ་འདི་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ།། ཡོན་ཏན་མ་ཡིན་པ་དང་ལྡན་ཡང་ཞེས་བྱ་བ ་དེ་ལ། ཡོན་ཏན་གྱི་དགྲར་གྱུར་པ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་རྣམས་ཏེ། ཡོན་ཏན་མ་ཡིན་པའོ།། དེ་དག་སུ་ལཾ་ཡོད་པ་དེ་ནི་ཡོན་ཏན་མ་ཡིན་པ་དང་ལྡན་པ་སྟེ། དེ་ལྟར་གྱུར་ཀྱང་བདག་ཡོན་ཏན ་དང་ལྡན་ནོ་སྙམ་དུ་རློམ་སེམས་སུ་བྱེད་པའོ།། ཉེས་པར་སྤྱོད་པ་དེས་ཁེངས་པ་ནི་ལོག་པའི་ང་རྒྱལ་ལོ།། བདག་ལ་ཡོན་ཏན་མེད་བཞིན་དུ་སེམས་ཁེངས་པ་མངོན་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་གཉིས་ལ་ཁྱད་པར་ཅི་ཡོད ་ཅེ་ན། ཡོན་ཏན་དང་འདྲ་བའི་བག་གིས་ཁེངས་པ་ནི་མངོན་པའི་ང་རྒྱལ་ལོ།། ཡོན་ཏན་མེད་པར་ཡོན་ཏན་དུ་ཡོངས་སུ་བརྟགས་ནས་ངེས་ཁེངས་པ་ནི་ལོག་པའི་ང་རྒྱལ་ལོ།། ཁམས་གསུམ་པའི་མི་ཤེས་པོ་ཞེས་བྱ་བ་ནི ་ཁམས་གསུམ་ལྔ་གནས་པ་ཡིན་གྱི། ཁམས་གསུམ་ལ་དམིགས་པ་ནི་མ་ཡིན་ནོ།། གཞན་དུ་ན་ཟག་པ་མེད་པའི་འགོག་པ་དང་། ལམ་ལ་སོགས་པ་ཁམས་སུ་མ་ལྟུང་བ་ཡིན་ན། ཡུལ་དྲི་མི་ཤེས་པ་ནི་འདིར་བཟུང ་བར་མི་འགྱུར་བའི་སྐྱོན་དུ་འགྱུར་རོ།། མི་རྟོགས་པའི་མཚན་ཉིད་ཅེས་བྱ་བ་ནི་དངོས་པོའི་རང་གི་ངོ་བོ་མི་རྟོགས་པའི་མཚན་ཉིད་དེ། དེ་ཁོ་ནའི་མཚན་ཉིད་ཁོང་དུ་ཆུད་པ་ལ་མ་ཕྱོགས་པ་ཡང་དག་པའི་དོན་མཐོང་བའི་གེགས ་བྱེད་པའི་ཆེས་སོ།། ལྡོང་བ་ལྟ་བུ་སྟེ་ཞེས་བྱ་བ་ལ་ལྟ་བུ་ཞེས་བྱ་བ་ནི་འདྲ་བ་ལ་བྱ་སྟེ། དཔེར་ན་ལོང་བ་ལ་ས་ནར་བདེ་བ་དང་མི་བདེ་བ་ལ་སོགས་པ་མཐོང་བའི་མཐུ་མེད་པ་ལྟར་མ་རིགས་པ་ཡང་དེ་བཞིན་ནོ།། དགག་པའི ་གཉེན་པོ་ལ་བཞག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་མེད་པ་ལ་མ་རོག་ཅེས་བྱ་ན་ནི་རྫས་མེད་པར་འགྱུར་རོ།། སྨད་པའི་རིག་པ་ལ་མ་རིག་ཅེས་བྱ་ན་ནི་ལྟ་བའི་ངོ་བོ་ཉིད་དུ་འགྱུར་ཏེ། དེ་བས་ན་ལྟ་བ་དང་མཚུངས་པར ་ལྡན་པར་མི་འགྱུར་རོ།། རིག་པ་མ་ཡིན་པ་ལ་བྱ་ན་ནི་མིག་ལ་སོགས་པ་ཡང་ཐལ་བར་འགྱུར་རོ།། དེ་བྱས་ན་མི་མཐུན་པ་ཉིད་དུ་སྟོན་སྟེ། རིག་པ་ལ་ཕྱིར་འཇིལ་བ་སྟེ། ཆོས་མ་ཡིན་པ་དང་དྲོན ་མ་ཡིན་པ་དང་། མི་འཛའ་བ་དང་དོགས་པ་མ་ཡིན་པ་ལྟ་བུའོ།། དེ་བས་ན་དགག་པ་འདི་ནི་མི་མཐུན་པ་ལ་རྙོགས་སོ།། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཞེས་བྱ་བ་དེ་ལ། ཉེ་བར་ལེན་པ་ནི་ཉོན་མོངས་པ་རྣམས་སོ།། དེ་ལས་བྱུང་བའི ་ཕུང་པོ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ་དེ་དག་ཀྱང་གཟུགས་ལ་སོགས་པའོ།། འདིས་ནི་ཟག་པ་མེད་པའི་ཕུང་པོ་སེལ་ཏོ།། བདག་མེད་པ་ཞེས་བྱ་བ་ནི་བདག་གི་རང་བཞིན་མ་ཡིན་པའོ།། བདག་གི་མེད་ཞེས་བྱ་བ་ནི་བདག ་གཞན་གྱི་ཡོ་བྱད་དུ་མ་གྱུར་པའོ།། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ནི་འཇིག་པའི་ཚེགས་ལ་ལྟ་བུས་འཇིག་པའི་ཚོགས་ལ་ལྟ་བ་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡུལ་ཡིན་པའི་ཐ་ཚིག་གོ། བདག་ཡོད་པ་ཉིད་དུ་ཞུགས་སུ་ཟིན ་ཀྱང་དེ་མེད་པའི་ཕྱིར་བདག་ཏུ་ལྟ་བ་ཞེས་ནི་མི་བྱའོ།། ཡུལ་མེད་པ་མ་ཡིན་པར་བསྟན་པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བར་སྨྲས་སོ།། དེ་ནི་འཇིག་པ་ཡང་ཡིན་ལ་ཚོགས་ཀྱང་ཡིན་པས་འཇིག་ཚོགས་ཏེ། འཇིག་པ་ནི ་འགྱུར་བའི་བདག་ཉིད་དོ།། ཚོགས་ནི་འདུས་པ་ཞེས་བྱ་བའི་ཐ་ཚིག་གོ།། ཡང་ན་སྤྱོད་པ་སྟེ་དུ་མ་ཡོད་ཅེས་བྱ་བའི་ཐ་ཚིག་གོ།། དེ་ནི་བདག་ཡོད་པ་ཉིད་དུ་ཞུགས་ལ་དེ་ནི་མེད་པས་དེའི་དམིགས་པ་མེད་པར་འགྱུར་དུ་འོང་ཞེས་ཏེ་དེའི ་དོན་དུ་ཡོད་པ་སྨོས་སོ།། དེ་ཡུལ་ཡོད་པར་གྱུར་ན་བདག་ཡོད་པར་གྲུབ་པོ་སྙམ་པ་དེ་བསལ་བའི་ཕྱིར་ཚོགས་ཞེས་བྱ་བ་སྨོས་སོ།། བདག་ཏུ་སྨྲ་བ་རྣམས་ཀྱིས་ལུས་ས་ལ་བདག་རེ་རེ་ཡོད་པར་བརྟགས་པ་དང་། ལུས་ཐམས་ཅད ་ལ་གཅིག་ཡོད་པར་རྟོགས་པས་དེ་ནི་ཚོགས་མ་ཡིན་ནོ།། ཆད་པ་མ་ཡིན་ཞེས་བྱ་བ་ནི་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱིང་བར་དུ་རྒྱུད་ཀྱི་རྒྱན་རྣམ་པར་འཇིག་པས་ཆད་པ་མ་ཡིན་ནོ་ཞེས་བཤད་དོ།། རྟག་པ་མ ་ཡིན་པ་ཞེས་བྱ་བ་ནི་ཐེར་ཟུག་མ་ཡིན་པ་སྟེ། སྐད་ཅིག་སོ་སོ་ལ་རྣམ་པར་འཇིག་པའི་ཕྱིར་རོ།། དེ་དག་ཉིད་ལ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་བདག་ཅེས་བྱ་བར་འདོད་པ་རྣམས་སོ།། ཆད་པ་ཞེས་བྱ་བ་ནི་ཤི་ཕན་ཆད ་བདག་འབྱུང་བར་མི་འགྱུར་རོ་ཞེས་མངོན་པར་ཞེན་པ་དེ་ཆད་པའི་མཐའོ།། རྟག་པ་ཞེས་བྱ་བ་ནི་ཟེར་ཟུག་སྟེ། བདག་དྲི་འཆི་བ་མེད་ཀྱི་དེའི་ཕུང་པོ་རྣམས་སྦྲུལ་གྱི་པགས་པ་དང་འདྲ་བས་དེས་ཡོངས་སུ་འདོར་རོ་སྙམ་དུ་སེམས ་པས་མཐར་འཛིན་པའོ།། དེ་ལྟར་གྱུར་པ་ལ་ཆད་པ་དང་རྟག་པའི་རྣམ་པའི་བློའི་ཁྱད་པར་གང་ཡིན་པ་ནི་ཤེས་རབ་ཀྱི་ཁྱད་པར་རོ།། འདི་ནི་ཐར་པ་དང་མཐུན་པའི་ཕྱིར་ལུང་དུ་མ་བསྟན་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི ་ལྟ་སྟེ། འབྱུང་བར་མ་གྱུར་ཅིག། འབྱུང་བར་མི་འགྱུར་རོ་སྙམ་པ་འདི་ནི་ཕྱི་རོལ་པོའི་ལྟ་བར་གྱུར་པ་རྣམས་ཀྱི་ནང་ན་མཆོག་གོ་ཞེས་གསུངས་སོ།། མཐའ་གཉིས་ནི་ཆད་པ་དང་རྟག་པའི་མཐའོ།། ལས་མེད་དོ་ཞེས་བྱ་བ་ནི ་ཀུན་འབྱུང་བདེན་པ་ལ་སྐུར་བ་འདེབས་པའོ།། ལས་ཀྱི་འབྲས་བུ་མེད་དུ་ནས་བྱ་བ་ནཱི་སྡུག་བསྔལ་གྱི་བདེན་པ་ལ་སྐུར་པ་འདབས་པའོ།། ཐར་པ་མེད་དོ་ཞེས་བྱ་བ་ནི་འགོགས་པའི་བདེན་པ་ལ་སྒྱུར་པ་འདེབས་པ་མ། ་དརློབ་པར་བྱེད་པའི་ལམ་ཡང་མདུ་ཤེས་བྱ་བ་ནི་ལམ་གྱི་བདུན་པ་སྦྱར་བ་འདིབྱམ་པའོ།། རྔས་པ་ཡོད་པ་ཡང་དག་པ་རྦྦ་བྱ་ཛྙཱན་པ་ཞེས་བྱ་བ་ནི་དོན་དམ་པར་ཡོད་པའི་བངོན་པ་བཞི་པ་ཡོད་ཡང་དག་པའི་དངོམ་པོ་ན ་བརྗོད་པ་དེ་ལྕེ་སྒྱུར་བ་འདེབས་པ་ཡོད་ཡང་དག་པར་རླུང་གདོན་པའོ།། བྷ་བ་ལྔ་པོ་དེ་དག་ཐམས་ཅད་ཀྱ་ལོག་པ་ཉིད་ཡིན་མོད་ཀྱི་འདི་ནི་ཡོད་ཡང་དག་པའི་དངོས་པོ་ལ་སྐུར་བ་འདེབས་པའོ།། གཞན་ནི་སྒྲོ་འདོགས་པའོ།། ་དེ་བསྣུན་འདི་ཉིད་ལ་ལོག་པར་ལྟ་བ་ཞེས་བརྗོད་དེ་ཤིན་ཏུ་ལོག་པར་ཞུགས་པ་གདོལ་པ་སྡིག་ཅན་བཞིན་ནོ།། དེ་ལ་འཇིག་ཚོགས་ལ་སོགས་པ་ལྷ་ལྟ་བ་དེ་དག་དོན་དམ་པར་ན་མཆོག་མ་ཡིན་ཏེ། ཟུག་པ་དང་བཅ ་པའི་ཕྱིར་རོ།། ཟུག་པ་དང་བཅས་པ་ནི་དངོས་བདེན་པ་སྟེ། སྤང་བར་བྱ་བའི་ཕྱིར་རོ།། ཉེ་བར་ལེན་པའི་ཕུང་པོ་ལྟ་ནི་ལྟ་བའི་གནས་སོ།། ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱ་བ་ནི་སོགས་པ་ཞེས་བྱ་བའི་སྒྲ་ཞིག་མི་མངོན ་བར་བྱས་པའི་ཕྱིར་ཏེ། ལྕི་བ་ལ་སོགས་པ་མཆོག་ཏུ་འཛིན་པ་བསྔོ་བར་བལྔའོ།། དེ་བས་ན་ལྟ་བ་མཆོག་མ་ཡིན་པ་དེ་དག་དང་ཉེ་བར་ལེན་པའི་ཕུང་བ་ལྔ་པོ་མཆོག་མ་ཡིན་པ་དེ་དག་ལ་མཆོག་ཏུ་འཛིན་པ་ཞེས་བྱབ། ་སྨོས་སོ།། འདི་རྣམས་ཇི་ལྟར་མཆོག་མ་ཡིན་ཞེ་ན། འཕགས་པ་རྣམས་ཀྱིས་སྤང་བར་བྱ་བའི་ཕྱིར་རོ།། ཅིའི་ཕྱིར་སྤང་བར་བྱ་ཞེ་ན། སྡུག་བསྔལ་གསུམ་ཡོད་པའི་ཕྱིར་རོ།། བློའི་བྱེ་བྲག་གང་ཡིན་པ་ནི། ཤེས་རབ་ཀྱི་བྱེ་བྲག ་གང་ཡིན་པ་སྟེ། དེ་ནི་ལྟ་བ་མཆོག་ཏུ་འཛིན་པའོ།། རྟོག་པ་ཞེས་བྱ་བ་ནི་དཔྱོད་པའོ།། ཚུལ་ཁྲིམས་ནི་རྒྱུའོ།། བརྟུལ་ཞུགས་ནི་ལམ་མོ།། དེས་ནི་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ། ལམ་མ་ཡིན་པ་ལ་ལམ་དུ་ལྟ་བ་ནི་ཚུལ་ཁྲིམས་དང ་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། འདི་ལྟ་སྟེ་དཔེར་ན་དབང་ཕྱུག་དང་སྐྱེས་བུ་དང་། གཙོ་བོ་དང་དུས་ལ་སོགས་པ་འགྲོ་བའི་རྒྱུ་མ་ཡིན་པ་དེ་དག་ལ་ཡང་རྒྱུ་ཉིད་དུ་མཐོང་བས་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བའོ།། ལམ་ནི་རྣམ་པ ་གཉིས་ཏེ། མངོན་པར་མཐོ་བའི་དྲུང་། ངེས་པར་ལེགས་པའོ།། དེ་ལྔ་མེ་དང་ཆུའི་ནང་དུ་འཇུག་པ་ལ་སོགས་པ་མཐོ་རིས་ཀྱི་ལམ་མ་ཡིན་པ་དེ་དག་ལ་ཡང་ལམ་དུ་མཐོང་བ་སྟེ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ ་དུ་ཟད་དོ།། རང་བཞིན་དང་སྐྱེས་བུའི་བྱེ་བྲག་ཤེས་པ་ལ་སོགས་པའི་ཐར་པའི་རྒྱུ་ཡིན་པ་དེ་དག་ལ་ཡང་ལམ་དུ་མཐོང་བས་ལམ་མ་ཡིན་པ་ལྔ་ལམ་དུ་ལྟའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་བྲམ ་ཟེ་ཆོ་ག་ཅན་གཙང་སྦྲ་འདོད་པ་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་བྲམ་ཟེ་ཆོ་ག་ཅན་གཙང་སྦྲ་འདོད་པ་ལ་སོགས་པས་གཙང་སྦྲ་བྱེད་པ་དག་མ་ཡིན་པའི་བདག་ཉིད་ཀྱིས་དག་པར་སེམས་པ་ལྟར་ཆོས་དེ་ཡང་དེ་དང་འདྲ་བར་ཤེས ་བཪྵ་བྱའོ།། བཟུང་བ་དང་འཛིན་པའི་བྱེ་བྲག་གིས་ལྟ་བ་གསུམ་གཅིག་ཏུ་འཛིན་པ་གཉིས་ནི་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ཞེས་བཤད་དོ།། དེ་ལ་བཟུང་བ་ནི་ལྟ་བ་གསུམ་མོ།། འཛིན་པ་ནི་མཆོག ་ཏུ་འཛིན་པ་གཉིས་ཏེ། གཅིག་ནི་མཆོག་ཏུ་འཛིན་པའོ།། ཅིག་ཤོས་ནི་དྲག་པར་འཛིན་པའོ།། འབྲས་བུ་རྣམ་པ་དེ་གསུམ་སྤངས་ན་ངེས་པར་ལེགས་པར་རྟོག་པར་འགྱུར་གྱི། ཤེས་རབ་མེད་པར་ནི་ཐར་པ་མེད་དེ། དེ་ནི ་མདོ་ལས་ཀྱང་། དགེ་སློང་དག་དེ་ལྟར་ན་སེམས་ནི་གློག་ལྟ་བུའོ།། ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བུའོ།། ཡེ་ཤེས་ནི་ཉོན་མོངས་པ་རྣམས་འབིགས་པའོ་ཞེས་གསུངས་སོ།། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག། ་པ་དང་། ལམྦ་ཞེས་བྱ་བ་བདེན་པ་རྣམས་ལྔ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ།། ཡིད་གཉིས་ཟ་བ་ནི་བློ་གྲོས་རྣམ་པ་གཉིས་འབྱུང་བས་ཡིད་གཉིས་ཟ་བའོ།། བདེན་པ་རྣམས་ལ་ཞེས་བྱ་བ་ནི་འདི་བདྲེན་པའི ་ཡུལ་ལ་ནི་ཡིན་གྱི་ཡུལ་གཞན་ལ་ནི་མ་ཡིན་ནོ།། དཾ་བསྟ་ན་སྡོང་དུམ་ལ་མི་ལཱ་སོགས་པར་སོམ་ཉི་ཟ་བས་ཐེ་ཚོམ་ཞེས་བྱའོ།། ཉོན་མོངས་པའི་ནད་གསོ་བ་ནི་ཤེས་རབ་ཉིད་དེ། གསོ་བོ་ཞེས་བྱ་བ་དེའི་མི་མཐུན ་བཔའི་ཕྱོགས་ཆོས་ནི་ཐེ་ཚོམ་མོ།། ལམ་ཁ་བྲག་དང་རྩཝ་མི་འདྲ་བ་ཞེས་བྱ་བ་ནི་དཔེར་ན་ལམ་ཁ་བྲག་ཏུ་ཕྱིན་པའི་མི་ལམ་འདིར་འགྲོ་འམ། འོན་ཏེ་ལམ་འདིར་འགྲོ་སྙམ་དུ་སོམ་ཉི་ཟ་བ་ལྟར་ཐེ་ཚོམ་ཡང་ངོ ་བཞིན་དུ་ཤེས་པར་བྱའོ།། རྩཝ་མཱི་རྒྱུང་རིང་བ་དང་མུན་པའི་ནང་ན་མཐོང་བ་ལ་གཞག་སྟེ། འདྲི་ནི་ཐེ་ཚོམ་མོ།། ཁྲོང་ནས་འཁྲུགས་པ་ཞེས་བྱ་བའི་ཁྲོ་བ་ལས་ཆོས་གཞན་དུ་སྟོན་ཏོ།། གཞན་ལ་མྱི་གཏོང་ངོ་སྙམ་དུ ་ཞེས་བྱ་བ་ནི་ངེས་པའི་ཚིག་གི་རིགས་པའོ།། སེམས་ཀྱི་ཀུན་ཏུ་འཛིན་པ་ཞེས་བྱ་བ་ནི་ཀུན་ཏུ་འཛིན་པས་ཀུན་ཏུ་འཛིན་པ་སྟེ། ཆོས་དང་ཟང་ཟིང་དང་མཁས་པ་ལ་མངོན་པར་ཆགས་པས་མངོན་དུ་འགྲོ་བ་ཆོས་ལ་སོགས ་པ་དང་མི་འབྲལ་བར་འདོད་ལ། སྦྱིན་པ་དང་མི་མཐུན་པ་སྲེད་པའི་རྒྱུ་མཐུན་པའི་ཆོས་ནི་སྡེར་སྣའོ།། ཀུན་ཏུ་སྦྱོར་བའི་དོན་ནི་འཚོང་བའི་དོན་ཏེ། ཞེས་བྱ་བ་ནི་ཀུན་ཏུ་འདྲེ་བར་བྱེད་པས་ཀུན་ཏུ་སྦྱོར་བ་རྣམས་སོ།། མིག་གཟུགས ་རྣམས་ལ་ཀུན་ཏུ་མི་སྦྱོར་ལ། ཞེས་བྱ་བ་ནི་འཆིང་ཞེས་བྱ་བའི་ཐ་ཚིག་གོ། འདུན་པའི་འདིད་ཆགས་ཞེས་བྱ་བ་ལ་འདུན་པ་ནི་མངོན་པར་འདོད་པའོ།། འདོད་ཆགས་ནི་མངོན་པར་ཆགས་པའོ།། མངོན་པར་འདོད་པ་མངོན ་དུ་སོང་བའི་མངོན་པར་ཆགས་པ་ནི་འདུན་པའི་འདོད་ཆགས་སོ།། དཀར་པོ་ཡང་ནག་བློ་ལ་མ་ཡིན་མོད་ཀྱི་གོང་དེ་ན་འབྲེང་བ་ལ་སོགས་པ་ཡོད་པ་དེ་ཀུན་ཏུ་སྦྱོར་བ་ཞེས་བྱའོ།། བཅོམ་ལྡན་འདུས་ཀྱིས་ཀྱང་འདུལ་བའི་དབང ་གི་ཕྱིར་མདོ་ལས་འཆིང་བ་རྣམ་གསུམ་གསུངས་སོ།། དེ་ལ་འདི་དག་གིས་སྲིད་པའི་བརྩོན་རར་བཅིངས་པས་འཆིང་བ་རྣམས་ཏེ། འདོད་ཆགས་དང་བྲལ་བའི་རྒྱུད་ཀྱི་གགས་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་འཆིང་བ ་གསུམ་བསྟན་པས་ནི་དགའ་བ་དང་དམའ་བའི་རྣམ་པ་དང་།། གཉི་ག་ལས་བཟློག་པར་ཞུགས་པ་ཉོན་མོངས་པ་ཐམས་ཅད་རབ་ཏུ་བསྟན་ཏོ།། དེ་ལ་དགའ་བའི་རྣམ་པརླ་ཞུགས་པའི་ནི་ང་རྒྱལ ་ལ་སོགས་པ་སྟེ། འདོད་ཆགས་ཀྱིས་སྟོན་ཏོ།། དམའ་བའི་རྣམ་པར་ཞུགས་པ་ནི་ཐེ་ཚོམ་ལ་སོགས་པ་སྟེ། ཞེ་སྡང་གིས་སྟོན་ཏོ།། གཉི་ག་ལས་བཟློག་པ་ནི་རྨུགས་པ་ལ་སོགས་པ་སྟེ། གཏི་མུག་གིས་སྟོན་ཏོ།། འདོད ་བ་རྣམས་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་འདོད་ཆགས་པས་འདོད་པ་ལ་འདོད་ཆགས་པའོ།། སྡུག་བསྔལ་མཐོང་བ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཡུལ་ལམ་སྡུག་བསྔལ་གྱི་རྣམ་པར་མཐོང་བས་སྡུག ་བསྔལ་མཐོང་བའོ།། དེ་དག་ནི་སྡུག་བསྔལ་ལ་ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པའོ།། དེ་གཉིས་ཀྱི་སྤོང་པོ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱའོ།། སྤོང་བ་ཞེས་བྱ་བ་ནི་དེའི་རྒྱུད་ལས་སེལ ་བབཱ་སྟེ། བརྙེད་པའི་རྒྱུན་གཙང་པ་དང་། དེ་ལ་བྲལ་བའི་རྙེད་པ་བསྐྱེད་པའོ།། སྡུག་བསྔལ་མཐོང་བས་སྦྱང་བར་བྱ་བ་ཇི་ལྟ་བར་ལམ་མཐོང་བས་སྤང་བར་བྱ་བའི་བར་ཡང་དེ་བཞིན་ནོ།། བསྒོམ་པ་ནི་དམིགས་པ་མ་ངེས ་ཤིང་འབྲས་བུ་ཁྱད་བར་ཅན་ལ་བལྟོས་ནས་ཤེས་པ་གོམས་པར་བྱེད་པ་སྟེ། དེས་སྤང་བར་བྱ་བའི་འདོད་ཆགས་ནི་བསྒོམ་པས་སྤང་བར་བྱ་བའོ།། ནང་དུ་ལྟོས་པར་གྱུར་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་འདོད་ཆགས ་ནི་ཕལ་ཆེར་ཡུལ་ལ་མངོན་པར་ཕྱོགས་པར་གྱུར་པས་ཕྱིར་བལྟས་པར་གྱུར་པའོ།། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་ཡུལ་ཡིན་པས་ནང་དུ་བལྟས་པ་ཞེས་བྱའོ།། འཇིག་ཚོགས ་ལ་ལྟ་བ་དང་མཐར་འཛིན་པར་ལྟོ་བ་གཉིས་ལ་སྡུག་བསྔལ་མཐོང་བ་མ་སྨོས་པ་ནི་བདེན་པ་གཞན་མཐོང་བས་སྦྱང་བར་བྱ་བ་མ་ཡིན་པའི་ཕྱིར་རོ།། ཐར་པར་འདུ་ཤེས་པ་བཟློག་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཐར ་བར་འདུ་ཤེས་པ་དོར་བུའི་ཕྱིར་ཁམས་གཉིས་ནས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཞེས་བྱའོ།། རྣམ་པས་ཐ་དད་པ་ཉིད་དེ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་མཐོང་བསོ་སྤང་བ་རུ་བྱ་བའི ་ཕྱིར་རྣམ་པས་སོ།། ཁམས་དང་རྣམ་པ་སྟེ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཐ་དད་པའི་ཕྱིར་རོ།། ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་འདོད་ཆགས་ནི་ཆགས་པར་ཚུལ་གཅིག་པའི་ཕྱིར་རོ།། ་ཕྲ་རྒྱས་ཀྱི་དོན་གང་ཞེ་ན། ཕྲ་བའི་དོན་ཡིན་ན་ཚོར་བ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ།། དེ་ལ་ཉེས་པོ་མེད་དེ་ཡོད་པ་དང་། འཁྲུལ་པ་ཡོད་པས་བྱེ་བྲག་དང་བྱེ་བྲག་གྲི་གཞིའི་དངོས་པོ་ཡིན་ནོ།། དེ་དག་ནི ་འབྲས་བུས་ཆེ་བར་མངོན་པར་ཡང་ཡོད་དེ། དཔེར་ན་མི་ཞིག་ཆགས་པར་གྱུར་ན་མིག་རྒོད་པ་དང་། སྐད་ཀྱི་གདངས་ཤྭ་ཤྭ་བོར་འགྱུར་བ་དང་། མི་ཞིག་ཁྲོས་པར་གྱུར་ན། མི་ཚུགས་པ་མེད་པ་དང་། སྒྲ་གྲག་པ ་ལྟ་བུའོ།། དེ་སྐད་དུ་འཕགས་པ་ཀུན་དགའ་བོས་ཀྱང་། ཚེ་དང་ལྡན་པ་དག་བདག་གིས་ནི་རབ་ཏུ་བྱུང་ནས་ལོ་ཉི་ཤུ་ལྕུ་གཅིག་ལོན་གྱི་བར་དུ་སྔོན་འདོད་པའི་འདུ་ཤེས་བྱུང་བར་མ་དྲན་ནོ་ཞེས་གསུང ་སོ།། དེ་ལྟར་སེམས་ཅན་འདོད་ཆགས་ཀྱི་བསམ་པ་ཅན་ལ་ཞེ་སྡང་ལ་སྦྱོར་བ་དག་ཀྱང་ཡོད་དོ།། དེ་བཞིན་དུ་གཅིག་ལ་སྦྱར་པས་ཉོན་མོངས་པ་དྲུག་ཅར་ལ་སྦྱར་བར་བྱའོ།། འདོད་ཆགས་བཅོས་མ་ཅན་ལ་ཚར ་བཅད་པ་ཞེ་སྡང་ཡིན་པ་དག་ཀྱང་དེ་བཞིན་ནོ།། རྣམ་པ་འདིས་ཉོན་མོངས་པ་དྲུག་ཅར་ལ་སྦྱར་བར་བྱའོ།། དེས་ན་ཕྲ་བའི་དོན་ཞེས་བཤད་དོ།། ཡང་ན་ལུསོ་དང་སེམས་ཀྱི་རྒྱུན་རྗེས་སུ་སྙེགས་པ་སྟེ་ཞེས་བྱ་བ ་ལུས་ཀྱི་ཀུན་ཏུ་འབྱུང་བ་ནི་དབང་པོ་གཞན་རྣམ་པར་བཟློག་པའོ།། སེམས་ཀྱི་རྒྱུན་གྱི་རྗེས་སུ་སྙེགས་པ་ནི་འདི་ལྟ་སྟེ་འདོད་ཆགས་ཤས་ཆེའོ།། ཞེ་སྡང་གིས་ནི་ལུས་རྣམ་པར་སྦྱར་རོ།། སེམས་ཀྱི་རྒྱུད་ནི་འདི་ལྟ་སྟེ།། ་ཞེ་སྡང་ཤས་ཆེ་བའོ།། དེ་ནི་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པའི་སྒྲིབ་པར་གསུངས་སོ།། ཆུ་ན་རྒྱུ་བས་ན་མཁ་ལ་རྒྱུ་བའི་གྲིབ་མ་ལ་སྟེགས་པ་ལྟ་བུའི་ཕྱིར་བྱེག་ལ་ཉ་ལ་ལོ་ཞེས་བྱ་བས་ནི་དོན་དེ་ཉིད་དཔེས ་སྟོན་ཏོ།། མཁའ་ལ་རྒྱུ་བས་ནམ་མཁའ་ལེ་རྒྱུ་བ་སྟེ་འདབ་ཆགས་སོ།། ཇི་ལྟར་དེ་དག་ཟས་ལ་ཆགས་པས་ཆུ་ན་རྒྱུ་ཞིང་གྲིའི་མ་ལ་སྟེགས་ཏེ་འདི་ལྟུང་མ་ཐག་ཏུ་བཟའོ་སྙམ་ནས་རྟག་ཏུ་རྗེས་སུ་འབྲང་བ་ལྷུར་བག་ལ ་ཉལ་བ་འདི་རྣམས་ཀྱང་དེ་བཞིན་ཏེ། ཐོག་མཱ་མེད་པའི་འཁོར་བ་ན་རྙེད་པའི་རྒྱུན་མི་འཆད་པར་རྗེས་སུ་སྟེགས་པ་སྟེ་མི་གཏོང་ཞེས་བྱ་བའི་ཐ་ཚིག་གོ།། སེམས་ཅན་གྱི་རྒྱུད་ལ་ཁྱབ་པའི་ཕྱིར་ཏིལ་རྣམས་ལ་ཏིལ་མར་ལྟ་བུ ་གནས་ཏེ་དེའི་ཕྱིར་བག་ལ་ཉལ་ལོ།། དམིགས་པ་དང་ལྡན་པ་གཉིས་ཀྱིས་ཞེས་བྱ་བ་དེ་ལ། བག་ལ་ཉལ་རྣམས་ཀྱི་དམིགས་པ་ནི་ཡུལ་བུད་མེད་ལ་སོགས་པའོ།། ལྡན་པ་ནི་སེམས་གང་དང་ལྷན་ཅིག་སྐྱེ་བའོ།། འདོད་པ ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ། ཞེས་བྱ་བ་དེ་ལ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་དེ། སྡུག་བསྔལ་ཉིད་ལེ་བདག་ཏུ་ལོག་པར་རྟོག་པའི་ཕྱིར་རོ།། སྡུག ་བསྔལ་ལ་གཞན་དག་གིས་བདག་ཏུ་བརྟགས་པ་དེ་ཉིད་ལོ་ཆང་པ་དང་རྟག་པའི་རྣམ་པར་འཛིན་པའི་ཕྱིར་རོ།། ཚུལ་ཁྲིམས་དྲང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་སྡིག་པསྔལ་མཐོང་བས་སྤང་བར་བྱ་དང་། ལམ་མཐིང་བས ་སྤང་བར་བྱའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བུར་བཤད་པ་སྙམ་ན། ཅིའི་ཕྱིར་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་མ་ཡིན་འདིར་སྨྲས་པ། གང་རྒྱུར་མངོན་པར་ཞེན་པ ་ད་ནི་རང་བཞིན་དང་སྐྱེས་བུ་ལ་སོགས་པ་རྟག་པ་དང་བདག་ཏུ་འཛིན་པ་ལས་འབྱུང་ངོ་།། རང་བཞིན་ལ་སོགས་པ་དེ་དག་ལ་རྟག་པ་དང་བདག་ཏུ་འཛིན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་དོ།། དེ་བས་ན་དེས་བྱས ་པ་རྒྱུར་མངོན་པར་ཞེན་པ་ཡང་དེ་ཉིད་ཀྱི་སྤོང་བར་འགྱུར་རོ།། དེའི་ཕྱིར་བདེན་པ་གཞན་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ།། ལམ་ལ་ལོག་པར་རྟོགས་པའི་ཕྱིར་ལམ་མཐོང་བས་སྤང་བར་བྱའོ།། བསྒོམ་པས ་སྤང་བར་བྱ་བ་བཞི་སྟེ་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་བསྟན་པ་ངག་ལས་ལྟ་བ་རྣམས་དང་ཐེ་ཚོམ་བཏོན་ན་བཞིར་འགྱུར་རོ།། བརྒྱད་ཅུ་རྩ་བརྒྱད་ནི་མཐོང་བས་སྤང་བར་བྱའོ་ཞེས་བྱ་བ་ནི་མཐོང་བའི་ཐ་ཚིག་གོ ་བཅུ་ནི་བསྒོམ་པས་སྤང་བར་བྱ་བའོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སྤང་བར་བྱའོ།། ཁམས་ཁམས་ཀྱི་ཞེས་བྱ་བ་ནི་སོ་སོའི་འོ།། སྡུག་བསྔལ་དང་རྒྱུ་མཐོང་བས་སྤང་བར་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ། ་བའོ།། དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནི་ལྟ་བ་ལྔ་དང་ཐེ་ཚོམ་མོ།། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ནི་ལྟ་བ་གཉིས་དང་ཐེ་ཚོམ་མོ།། དེ་དག་ཉིད་དང་ལྡན་པའི་མ་རིག་པ་གང་ཡིན་པ་དང་མ་འདྲེས་པ་ནི་སྡུག་བསྔལ་དང་ཀུན ་འབྱུང་བ་མཐོང་བས་སྤང་བར་བྱ་བའོ།། མ་འདྲེས་པ་ཞེས་བྱ་བ་ནི་འབའ་ཞིག་སྟེ། ཉོན་མོངས་པ་གཞན་དང་མི་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ།། ཀུན་ཏུ་འགྲོ་བ་ཞེས་བྱ་བ་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ ་དང་། ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་དངོས་པོ་རྣམ་པ་ལྔ་ལ་དམིགས་ནས་འགྲོ་ཞིང་འབྱུང་བས་ཀུན་ཏུ་འགྲོ་བའོ།། དེ་བཞིན་དུ་ཞེས་བྱ་བ་ནི་ཁམས་ཁམས་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་གང་དག ་ཟག་པ་དང་བཅས་པ་ལ་དམིགས་པ་ཞེས་བྱ་བ་ལ་ཟག་པ་ནི་ཉོན་མོངས་པ་རྣམས་སོ།། དེ་འབྱུང་བ་དང་མཐུན་པའི་དངོས་པོ་ནི་ཟག་པ་དྲང་བཅས་པའོ།། དེ་ལ་དམིགས་པ་ནི་འདོད་ཆགས་ལ་སོགས་པའོ།། དམིགས་པ ་དང་ལྡན་པ་གཉིས་ཀྱིས་ཞེས་བྱ་བ་དེ་ལ་དམིགས་པ་ནི་ཡུལ་གཟུགས་ལ་སོགས་པའོ།། ཚོར་བ་ལ་སོགས་པ་གང་དག་དང་ལྷན་ཅིག་འབྱུང་བ་དེ་ལྡན་པས་འཕེལ་བར་བྱེད་དོ།། དེ་དག་ནི་ལྡན་པ་སྟེ། ཞེས་བྱ་བ་ནི ་དམིགས་པས་མ་ཡིན་པའོ།། ཅིའི་ཕྱིར་ཞེ་ན་འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ།། ཟག་པ་མེད་པའི་དངོས་པོ་ལ་ནི་ཉོན་མོངས་པ་པ་དག་གནས་པར་མི་འགྱུར་ཏེ། རྡོ་བསྲེགས་པ་ལ་རྐང་ཐིལ་བཞག ་པ་བཞིན་ནོ།། དེ་རྣམས་སྡུག་བསྔལ་ནས་ལམ་གྱི་བར་དག་མི་འདོད་དོ་ཞེས་བྱ་བ་ནི་དཔེར་མི་ཁ་ཟས་ངན་པས་སྤོས་ན་ཁ་ཟས་ཞིམ་པོ་ལ་ཡང་མི་འདོད་པ་དེ་བཞིན་བྱིས་པ་མ་རིགས་པས་སྤོས་པ་ཡང་བདེན་པ་བཞི་པོ ་དྲག་ཡོད་བཞིན་དུ་མི་རྟག་པ་ལ་སོགས་པའི་རྣམ་པཱ་མི་འདོད་དེ། སྡུག་བསྔལ་ལ་སོགས་པའི་རྣམ་པར་མི་འཛིན་ཅེས་བྱ་བའི་ཐ་ཚིག་གོ།། གལ་ཏེ་བགྲ་ལྱ་ཉལ་མ་སྤངས་པ་དང་། ཞེས་བྱ་བ་ནི་དེའི་རྙེད་པ་དང་བྲལ་བའི ་ཕྱིར་རོ།། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་ཉོན་མོངས་པ་ཅན་མངོན་དུ་བྱེད་པའོ།། རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་ཞེས་བྱ་བ་ལ། རྒྱུའི་སྟོབས་ནི་བག་ལ་ཉལ་མ་སྤངས་པའི་ཕྱིར་རོ།། ཡུལ་གྱི་སྟོབས་ནི་ཡུལ ་ཡུལ་སྣ་ན་གྱུར་བླན།། སྦྱོར་ནི་སྟོབས་ནི་རྡུལ་བཞིན་མ་ཡིན་པ་ཡི་ལ་བྱེད་པའོ།། ད་ལ་ཚོ་བ་གང་ཉོན་མོངས་པ་གང་དང་ལྡན་པདྨ་ཕྱུང་བར་བྱ་སྟེ། ད་དང་བ་ལྟ་འདང་ཆུགས ་ནི་བདེ་བ་དང་ཡིད་བདེ་བ་གཉིས་དང་ལྡན་ནོ།། ཞེ་སྦྱོང་ནཱི་སྨྱུག་བསྔལ་བ་དང་ཡིད་མྱི་བདེ་བ་གཉིས་དང་ལྡན་ནོ།། དེ་རྒྱུ་ལ་ནི་འདོད་པའི་ཁམས་དྲུང་བསམ་གཏན་གཉིས་དང་སོ་གསུམ་པོ་དག་ནི་ཡིད་བདེ་བའི ་དབྱུང་པོ་དང་ལྡན་ནོ།། བསམ་གཏན་གསུས་པར་ནི་བདེ་བའི་དབང་པོ་དང་ལྡན་ནོ།། གོང་མེ་རྣམ་སྨྲ་ནི་བཏང་སྣརུམས་ཀྱི་དབང་པོ་དང་ལྡན་ནོ།། འཇིག་ཚོགསཱ་ལཱྀ་ལྟ་བའི་ས་གསུམ་བཽ་དྲུག་ན་ནི་ཡིད་བདེ་བའི་དབང ་པོ་དང་ལྡན་ནོ།། བསམ་གཏན་གསུམ་པར་ནི་བདྲེ་བའི་དབང་པོ་དང་ལྡན་ནོ།། གོང་མ་རྣམས་སུ་ནི་བཏང་སྙོམས་ཀྱི་དབང་པོ་དང་ལྡན་ནོ།། ལོག་པར་ལྟ་བ་ནི་ཡིད་བདེ་བ་དང་། ཡིད་མི་བདེ་བ་གཉིས་དང་ལྡན་ནོ།། ་བསོད་ནམས་བྱེད་པ་རྣམས་ཀྱི་ནི་ཡིད་མི་བདེ་བའི་དབང་པོ་དང་ལྡན་ནོ།། བསོད་ནམས་མ་ཡིན་པ་བྱེད་པ་རྣམས་ཀྱི་ནི་ཡིད་བདྲེ་དྲིའི་དབང་པོ་དང་ལྡན་ནོ།། མཐར་འཛིན་པར་ལྟ་བའི་ནི་ཡིད་བདེ་བའི་དབང་ཕྱི་དང ་ལྡན་ནོ།། ས་ལྐོག་མི་རྣམས་ན་ནི་ཚོར་བའི་རྗེས་གང་ཡོད་པ་དང་ལྡན་པར་ཁོང་དུ་ཆུད་པར་བྱའོ།། ཐམས་ཅད་ཀྱང་རྒྱུན་ཆད་པའི་ཚེ་བཏང་སྙོམས་དང་ལྡན་ཏེ། རྒྱུན་ཆད་པ་ན་བཏང་སྙོམས་ཡོད་པའི་ཕྱིར་རོ།། ་ཉོན་མོངས་པ་གང་རྣམས་ཡིན་པ་ཞེས་བྱ་བ་ནི་བག་ལ་ཉལ་རྣམས་སོ།། ཉེ་བའི་ཉོན་མོངས་པ་རྣམས་ཀྱང་དེ་རྣམས་ཡིན་མོད་ཀྱི་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པ་ཞེས་ཀྱང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། གང་དག་དེ ་རྣམས་ལས་གཞན་པ་ཞེས་བྱ་བ་ནི་བག་ལ་ཉལ་བ་རྣམས་ལས་སོ།། ཉོན་མོངས་པ་ཅན་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་གྱུར་པའི་ཕྱིར་རོ།། འདུ་བྱེད་རྣམས་ཀྱི་ཕུང་པོར་བསྡུས་པ་ཞེས་བྱ་བ་ནི་འདུ་བྱེད ་ཀྱི་ཕུང་པོའི་བདག་ཉིད་དོ།། ཉེ་བའི་ཉོན་མོངས་པ་ཉིད་དོ་ཞེས་བྱ་བ་ནི་ཉོན་མོངས་པ་འབྱུང་བ་དང་མཐུན་པར་འཇུག་པའོ།། ཉེ་བའི་ཉོན་མོངས་པ་རྣམས་ནི་ཉོན་མོངས་པའི་མཚན་ཉིད་མ་རྫོགས་པའི་ཕྱིར་རོ།། ཕ་རོལ ་ལ་བསླུ་བའོ་ཞེས་བྱ་བ་ནི་འཐོབ་པ་དང་བཀུར་སྟི་ལ་ཆགས་པས་གཞན་ལ་འདྲིད་པ་སྟེ་སྐྱའོ།། གཞན་ལ་མི་བལྟོས་པ་ཞེས་བྱ་བ་འདིས་ནི་ང་རྒྱུ་ལྔ་ལས་ཁྱད་པར་དུ་སྟོན་ཏོ།། སེམས་ཡོངས་སུ་འཛིན་པའོ་ཞེས ་བྱ་བ་ནི་སེམས་ཁེངས་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། དེའི་དབང་གིས་སེམས་ཁེངས་པ་བཞིན་དུ་དགེ་བའི་བྱ་བ་ཐམས་ཅད་དང་མི་མཐུན་པ་ཡིན་ནོ།། ཕོ་རོལ་ལ་རྣམ་པར་མཐོ་འཚམ་པའོ་ཞེས་བྱ་བ་ནི་ཕ་རོལ ་ལ་གནོད་པ་སྟེ་ཡོངས་སུ་བཏང་བའི་བསམ་པ་མང་པཾ་ནི་རྣམ་པར་འཆེ་བའོ།། ཁ་ན་མ་ཐོ་བ་དང་བཅས་པ་ནི་ལོག་པར་ལྟ་བ་ལ་སོགས་པས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་བྱ་བར་རྣམ་པར་དམ་དུ་འཛིན ་པའོ།། བསྒོ་བ་ནི་བསྙད་བ་སྟེ་རིགས་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། ཁོན་དུ་འཛིན་པ་ནི་བླུན་ནས་མནཱར་སེམས་ཀྱི་དངོས་པོ་མང་དུ་བྱེད་པའོ་ཞེས་བྱ་བ་དེ་ལྟ། ཀུན་ནས་མན་སེམས་ནི་ཁོང་ཁྲོ་བ་སྟེ། ་དེའི་དངོས་པོ་ནི་མྱི་མཛའ་བ་ལ་སོགས་པའོ།། འདི་བདག་ལ་གནིང་པ་བྱེ་ངོ་བའོ་ཞེས་རྐྱེན་གྱིས་གན་པ་བྱེད་པའི་བསམ་པ་མི་འདོར་བ་ནི་མ་དུ་བྱེད་པ་སྟེ། འདིས་མ་དྲང་བར་འཛིན་པས་ཁོན་དུ་འཛིན་པ་སྟེ། དེས་དེ་བཀྲྀ ་པལྟ་བུར་སྣང་ངོ་།། སེམས་མ་གྱུ་བ་ཞེས་བྱ་བ་ནི་སིམས་མི་དྲང་བ་སྟེ། རང་གི་རྒྱུད་སྔས་ཞེས་བྱ་བའི་ཐ་ཚིག་གོ། དེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་མི་བརྗོད་དོ།། གྱ་གྱུ་བ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི། ་རྟག་པ་གང་མིན་མྱ་ངན་འདས་པའོ།། མཱི་རྟག་གང་ཡིན་འདུས་བྱས་ཆོས་ཀུན་ནོ།། དྲང་པོ་གང་ཡིན་འཕགས་པའི་ལམ་ཡིན་ནོ།། གྱ་ཀྱུ་གང་ཡིན་སྡིག་ཅན་ལྟ་བའོ།། ཞེས་ཚོགས་སུ་བཅད་པ་ལས་འབྱུང་བའོ།། ཆོས ་མངོན་པ་ལ་འཇུག་པ་ཆེར་འཕྲུལ་པ་སྙིང་པོ་ཀུན་ལས་བཏུས་པོ་ཞེས་བྱ་བ།། ། དམ་སྡེ་གསུམ་པ།། ཀུན་ནས་བཀྲིས་ཏེ་འདུག་པ་ཞེས་བྱ་བ་ནི་འདི་དག་གིས་ཀུན་ནས་བཀྲི་། ་སེམས་ཅན་རྣམས་སྲིད་པའི་བཙོན་རན་འདུག་པས་ཀུན་ནས་བཀྲིས་ཏེ་འདུག་པ་རྣམས་སོ།། རྨུགས་པ་ཞེས་བྱ་བའི་དས་དགེ་བའི་བྱ་བ་རྣམས་ལ་རྨུགས་པར་བྱེད་པས་རྨུགས་པ་སྟེ། ཁྲོམ་ཞེས་བྱ་བའི་ཐ་ཚིག་གོ།། ཡུར་པ ་མི་དགའ་བ་ལ་སོགས་པ་ལས་བྱུང་བ་ལུས་དང་སེམས་ལྕི་བར་གྱུར་པ་ནི་རྨུགས་པ་སྟེ། དེས་ནོནྡ་ན་ལུས་དང་སེམས་ཞུམ་ཞིང་བླུན་པོའི་དངོས་པོའི་ཚུལ་གྱིས་ལས་སུ་མི་རུང་བར་འགྱུར་རོ།། གཉིད་ནི་ལུས་དང་སེམས་འཛིན ་པར་མི་ནུས་པ་དང་སྡུད་པ་སྟེ་ཞེས་བྱ་བ་ལ། ལུས་འཛིན་མི་ནུས་པ་ནི་རུང་བཞིན་དུ་མི་གནས་པའི་ཕྱིར་རོ།། སེམས་འཛིན་མི་ནུས་པ་ནི་བརྩོན་འགྲུས་ཉམས་པར་བྱེད་པའི་ཕྱིར་རོ།། སེམས་སྡུད་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ ་སྣང་བའོ།། དེ་ནི་དགེ་བ་དང་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ།། དེ་ལ་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་ཀུན་ནས་བཀྲིས་ཏེ་འདུག་པའོ།། སེམས་མ་ཞི་བའོ།། ཞེས་བྱ་བ་ནི་གཟུགས་དང ་སྟོབས་དང་རིགས་དང་ལང་ཚོ་དང་ཕྱུག་པ་ལ་སོགས་པའི་རྒྱགས་པས་བསྐྱེད་པ་ནི་སིམྦྷས་མ་ཞི་བའི་རྒྱུ་སྟེ། གང་དང་ལྡན་ན་སེམས་ཞི་བ་དང་མི་མཐུན་པར་གྱུར་པའི་ཆོས་དེ་ནི་རྒོད་པའོ།། ངན་པ་བྱས་པའི་དངོས་པོ་འགྱོད་པ ་ཞེས་བྱ་བ་ལ། སྨད་པ་བྱས་པ་ནི་ངན་པ་བྱས་པ་སྟེ་ཞེས་བྱ་བ་ངན་པ་ཞེས་བྱ་བའི་ཐ་ཚིག་གོ།། འདིར་ནི་དྲི་ལ་དམིགས་པ་སེམས་ལས་བྱུང་བའི་ཆོས་ལ་འགྱོད་པ་ཞེས་བྱ་སྟེ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ཉེས་པར ་སྤྱོད་པ་བྱས་ལ། སྦྱིན་པ་ལ་སོགས་པ་ལེགས་པར་སྤྱོད་པ་མོ་བྱས་པས་གང་ཡིན་ལ་བཅགས་པ་དེ་ནི་འགྱོད་པ་དགེ་བའོ།། གང་སྦྱིན་པ་ལ་སོགས་པ་ལེགས་པར་སྤྱོད་པ་བྱས་ལ། དགྲ་བསད་པ་ལ་སོགས་པ་ཉེས་པར་སྤྱོདཔ ་མ་བྱས་པས་ཡིད་ལ་བཅགས་པ་གང་ཡིན་པ་དེ་ནི་འགྱོད་པ་ཉོན་མོངས་པ་བཙ་ན་ཞེས་བྱའོ།། ཇི་ལྟར་ན་འགྱོད་པ་ཡིད་ལ་བཅགས་པའི་སྒྲར་བརྗོད་པ་ནི་དེའི་ཕྱིར་རྒྱུ་ལ་འབྲས་བུ་བཏགས་ཏེ་ཞེས་བྱ་བ་སྨྲས་ཏེ། འབྲས ་བུ་ནི་ཡིད་ལ་བཅགས་པའོ།། རྒྱུ་ནི་འགྱོད་པའོ།། འཇིག་རྟེན་ན་ཡང་གནས་ཀྱིས་གནས་པ་སྟོན་ཏེ། ཞེས་བྱ་བ་ལ་ཡིད་ལ་བཅགས་པའི་གནས་ལྟ་བུ་ནི་འགྱོད་པའོ།། ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བའོ་ཞེས་བྱ་བ་ནི་ཉེས་པར ་སྤྱོད་པ་ཀུན་ཏུ་འབྱུང་བ་ལ་ཡིད་འཕྲིག་མེད་ཅེས་བྱ་བའི་ཐ་ཚིག་གོ།། ཞེ་སྡང་དང་རྣམ་པར་འཆི་བ་མ་གཏོགས་ཏེ་ཞེས་བྱ་བ་དེ་ལ། ཞེ་སྡང་ནི་ཁོང་ཁྲོ་བའོ།། རྣམ་པར་འཚེ་བ་ནི་ཕ་རོལ་ལ་གནོད་པར་བྱེད་པའོ།། དེ་དག་ལས་གཞན ་དུ་གྱུར་པ་སེམས་ཅན་དང་སེམས་ཅན་མ་ཡིན་པོའི་ཡུལ་ལ་ཀུན་ནས་མེནར་སེམས་པ་སྟེ། འདིས་བདག་ལ་འདི་བྱས་སོ།། མི་ཕན་པ་བྱས་སོ་ཞེས་རྟོག་ཅིང་ཡོངས་སུ་གཏོང་བ་དང་ལྡན་པ་ཅན་མོ་ཡིན་པའི་སེམས་འཁྲུག ་པདེ་ནི་ཁྲོ་བའོ།། ཁ་ན་མ་ཐོ་བ་མཁྱུད་པའོ་ཞེས་བྱ་བ་ལ་ཁ་ན་མ་ཐོ་བ་བརྗོད་པར་བྱ་བ་དགེ་བ་སྟེ། བརྗོད་པར་བྱ་བའི་ཕྱིར་རོ།། བརྗོད་པར་བྱ་བ་མ་ཡིན་པ་ནི་ཁ་ན་མ་ཐོ་བ་སྟེ། ཚུལ་ཁྲིམས་དང་ཆོ་ག་དང་འཚོ་བ་དང་ལྟ་བ་ལོག ་པར་ཞུགས་པའོ།། དེ་སྦེང་ཅིང་མཁྱོད་པའི་རྒྱུ་ནི་འཆབ་པ་སྟེ། སྡིག་པ་ནང་དུ་སྤོད་ཅིང་ཕྱི་རོལ་ལ་གཙང་བ་ལྟོར་སྟོན་ཅེས་བྱ་བའི་ཐ་ཚིག་གོ།། སེམས་ལས་བྱུང་བ་རྣམས་ཀྱི་རྒྱུ་བ་ཕྲ་སྟེ་ཞེས་བྱ་བ་ལ་ཕྲ་བ་ཇི་ལྟ་བྲི་ཞེ་ན། ་བྱེ་བྲག་ཕྱེད་པར་དཀའ་སྟེ་རང་གི་ངོ་བོ་ངེས་པར་བྱེད་མི་ནུས་ཞེས་བྱ་བའི་ཐ་ཚིག་ཀོ། རྒྱུ་བ་ནི་རྒྱུན་དུ་འབབ་པ་སྟེ་རབ་ཏུ་འགྲོ་བའོ།། རྒྱུན་དུ་འབབ་པ་རྒྱུན་བྱེ་བྲག་བྱེད་པར་མི་ནུས་ཏེ་རྟོགས་པར་མི་ནུས་ན་སྐད་ཅིག་རྣམས་ལྟ་སྨོས ་ཀྱང་ཅི་དགོས་ཞེས་བྱ་བ་དེ་ལ། སྐད་ཅིག་གི་ཚད་བརྗོད་པར་བྱ་སྟེ། པདྨའི་རྩ་བྲན་དྲུག་ཅུ་རྩ་ལྔ་པྲ་ཤིབས་པ་རྣམས་ཀྱི་དང་པོ་ཆད་པ་ལ་སྐད་ཅིག་ཅེས་བྱའོ།། དེ་བས་ན་སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་བ་ཏོགས་པ་ཙམ་ལ ་སྐད་ཅིག་དྲུག་ཅུ་རྩ་ལྔ་འདའོ།། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་མཚན་ཉིད་ལ་མི་མཁས་པའི་བློ་ཅན་དག་གིས་ནི་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཞེས་བྱ་བའི་སྒྲ་ནི་དོན་དྲུག་ལ་སོགས་ཏེ། ་དང་རབ་ཏུ་ལྡན་པ་དང་། གཟུགས་བཟང་བ་དང་གླགས་པ་དང་། དཔྲལ་དང་ཡེ་ཤེས་ནན་ཏན་དང་། དྲུག་པོ་རྣམས་ལ་ལེགས་ཞེས་བྱ་བ་དེ་ལ་མངའ་བས་བཅོམ་ལྡན་འདས་སོ།། བཅོམ་ལྡན་ལས་ཀྱིས་གསུངས་པ་དེ་ཅི་ཞིག ་ཅེ་ན། ཆོས་ཀྱི་མཚན་ཉིད་དོ།། ཆོས་ཀྱི་མཚན་ཉིད་ལ་མཁས་པའི་བློ་ཅན་གང་ཡིན་པ་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་མཚན་ཉིད་ལ་མཁས་པའི་བློ་ཅན་དག་གོ། ནི་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བའི་དོན ་ཏོ།། ཆོས་ཀྱི་མཚན་ཉིད་ལ་མཁས་པའི་བློ་ཅན་ཉིད་དོ།། སེམས་དང་སེམས་ལས་བྱུང་བ་དེ་དག་གི་འབྲས་བུ་ནི་དེའི་འབྲས་བུའོ།། དེའི་འབྲས་བུའི་ཁྱད་པར་ནི་བྱེ་བྲག་གོ།། དེའི་འབྲས་བུའི་ཁྱད་པར་མཐོང་བ་ནི་དེའི་འབྲས་བུའི། ་ཁྱད་པར་མཐོང་བ་སྟེ། དེའི་བྱེ་བྲག་མཐོང་ཅེས་བྱ་བའི་ཐ་ཚིག་གོ།། དཔེར་ན་གཡེངས་པ་ནི་གླུ་ལེན། ཁྲོས་པ་ནི་ཚིག་རྩུབ་བོ་སྒྲ། སྒྱུ་དང་ལྡན་པ་ནི་གཞན་ལ་འདྲིད་པ་ལྟ་བུའོ།། རྣམ་པ་འདས་ན་རིགས་གན ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དེ་རྫས་གཞན་ཡོད་པ་ཉིད་དོ།། སྐྱོན་མེད་པ་ཞེས་བྱ་བ་ནི་ཉེས་པ་མེད་པ་སྟེ། ཐེ་ཚོམ་མེད་ཅེས་བྱ་བའི་ཐ་ཚིག་གོ། རྟོགས་ཞེས་བྱ་བ་ནི་ཁོང་དུ་ཆུད་དོ་ཤེས་སོ།། བདེ་བར་གཤེགས ་པའི་གསུང་རབ་ཅེས་བྱ་བ་ལ་སོགས་པ་ལ། ལེགས་པར་གཤེགས་པས་ནི་བདྲེ་བར་གཤེགས་པ་སྟེ། བདེ་བར་གཤེགས་པའི་གསུང་རབ་འཆད་པའི་སློབ་དཔོན་དེ་དག་ལོ་གང་དག་གིས་བསྙེན་བཀུར་མ་བྱས་པ་དེ་དག་འཁྲུལ ་བའི་བློ་གྲོས་ཅན་དག་སྟེ། རིགས་གཞན་ཁོང་དུ་མི་ཆུད་མི་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། ཟག་པ་ནི་གསུམ་སྐྱེ་ཞེས་བྱ་བ་ནི་འདུལ་བའི་བསམ་པ་ཐ་དད་པའི་ཕྱིར་ཉོན་མོངས་པ་འདི་དག་ཟག་བྱ་ལ་སོགས་པས་མིང་ཐ་དད་པར་མེདོ ་ལས་གསུངས་པ་དེ་ཡོངས་སུ་བསྟན་པའི་ཕྱིར། ཟུག་པ་ནི་གསུམ་སྟེ། ཞེས་བྱ་བ་འདི་བརྗོད་དོ།། རྫས་ལྔ་བཅུ་རྩ་བཞི་ནི་སྲིད་པའོ་ཟག་པ་ཞེས་བྱ་བ་འདི་ལ་གཟུགས་མེད་པ་ན་སྤྱོད་པའི་རྨུགས་པ་དང་རྒོད་པ་ཅིའི་ཕྱིར་མ་སྨོས་ཞེ་ན། འདིར ་སྨྲས་པ་རང་དབང་ནི་རང་གཙོ་བོའོ།། དེ་གཉིས་ནི་དེར་ཉོན་མོངས་པ་གཞན་དག་གིས་ཟིལ་གྱིས་ནོན་པའི་ཕྱིར་རང་དབང་མེད་པ་ཞེས་བྱའོ།། ཟག་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་པས། མ་རིག་པའི་ཟག་པ་ལོགས་ཤིག་ཏུ་སྨོས་སོ།། ་འཇོག་ཅེས་བྱ་བའི་ནི་གཞོག་པའོ།། ཟག་པ་ནི་དེའི་སྒོ་ནས་འབྱུང་བར་བྱེད་པའོ།། དེ་དག་མ་ཡིན་པ་ཉོན་མོངས་པ་གཞན་དང་ལྡན་པ་རྣམས་ཞེས་བྱ་བ་ལ། དེ་ཞེས་བྱ་བ་འདིས་ནི་ལྟ་བ་དང་ལྡན་པའི་མ་རིག་པ་གཟུང་།། ཉོན་མོངས་པ་གཞན ་ས་བྱ་བ་འདིས་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་རྣམས་སོ།། རྫས་བརྒྱ་རྩཝ་བརྒྱད་པོ་དེ་ནི་མ་འདྲེས་པའི་མ་རིག་པ་བཅོ་ལྔ་དང་བྲལ་བ་བག་ལ་ཉལ་བ་བརྒྱད་ཅུ་རྩ་གསུམ་དང་། ཀུན་ནས་དཀྲིས་ཏེ་འདུག་པ་བཅུ་པོ་དེ་དག་དང ་ལྡན་པའི་མེ་རིག་པ་དང་མ་འདྲེས་པ་གྲང་ཡིན་པ་དེ་གཉི་ག་ནི་རྫས་བརྒྱ་རྩ་བརྒྱད་ཡིན་ནོ།། སྦྱོར་བ་རྣམས་ཀྱང་ཚུལྔ་འདི་དང་འདྲེ་སྟེ་ཞེས་བྱ་བ་ནི་འདོད་པའི་སྦྱོར་བ་དང་། སྲིད་པའི་སྦྱོར་བ་དྲང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི ་སྦྱོར་བ་རྣམས་སོ།། ཡང་ནི་འཁྲི་བའི་དོན་སྟེ། ཞེས་བྱ་བ་ནི་དཔེར་ན་དར་གྱིས་སྲིན་བུས་བོདག་གིས་བདག་དཀྲིས་ནས་འཆི་བར་གཏོང་པ་དེ་བཞིན་དུ་སེམས་ཅན་འདི་དག་ཀྱང་ངོ་རང་གིས་ལས་དང་ཉོན་མོངས་པ་རྣམས་ཀྱིས་བདག ་དཀྲིས་ནས་ངན་སོང་རྣམས་སུ་གཏོང་བར་བྱེད་དོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྫས་དྲུག་ནི་ཞེས་བྱ་བ་ནི་ཁམས་ཀྱི་བྱེ་བྲག་གོ། ལྟ་བ་མཆོག་ཏུ་འཛིན་པ་རྫ་སྣ་བཅུ་གཉིས་ཀྱང་དེ་བཞིན་ནོ།། སྒྲིབ་པ ་ནི་ལྔ་སྟེ་ཞེས་བྱ་བ་ལ་འདོད་པ་ལ་འདུན་པའི་སྒྲིབ་པ་དང་། གནོད་སེམས་ཀྱི་སྒྲིབ་པ་དང་། རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་དང་། རྒོད་པ་དང་འགྱོད་པའི་སྒྲིབ་པ་དང་། ཐེ་ཚོམ་གྱི་སྒྲིབ་པའོ།། དེ་ལ་ཁ་ཅིག་ཁམས་གསུམ ་པའི་རྨུགས་པ་དང་རྒོད་པ་དང་། ཐེ་ཆོམ་རྣམས་གཟུང་ངམ། འོན་ཏེ་འདོད་པ་དང་ལྡན་པ་ཉིད་ཅ་ན། སྨྲས་པ་དགེ་སློང་དག་འདི་ལྟ་སྟེ། སྒྲིབ་པ་ལྔ་ཟ་འདི་འབའ་ཞིག་གིས་མི་དགེ་བའི་ཕུང་པོ་ཡོངས་སུ་རྫོགས་སྷོ།། ཞེས ་མདོ་ལས་འབྱུང་ངོ་།། མི་དགེ་བའི་སྒྲ་བསྟན་པ་ནི་འདོད་པ་ན་སྤྱོད་པ་ཉིད་གཟུང་ངོ་།། ཅིའི་ཕྱིར་རྨུགས་པ་དང་གཉིད་ཅེས་གཅིག་ཏུ་བསྡུས། རྒོད་པ་དང་འགྱོད་པ་གཉིས་ལ་སྒྲིབ་པ་གཅིག་ཏུ་བཤད། སྨྲས་པ་བྱ་བ་གཅིག་པའི་ཕྱིར་ཏེ། ་རྨུགས་པ་དང་གཉིད་དེ་གཉིས་ཀྱིས་ནི་སེམས་ཞུམ་པར་བྱེད་དོ།། རྒོད་པ་དང་འགྱོད་པས་ནི་སེམས་མ་ཞི་བར་བྱེད་དོ།། འདོད་པ་ན་སྤྱོད་པའི་ཐེ་ཚོམ་རྣམ་པ་བཞི་སྟེ། སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང ་བས་སྤང་བར་བྱ་བ་དག་གོ། འཕགས་པའི་ལམ་དང་གནས་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དང་དེའི་གནས་བསམ་གཏན་ལ་སོགས་པའོ།། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་སྤོང་བྱ་སྟེ། མི ་རྟག་པ་ལ་སོགསོ་བའི་རྣམ་པ་རྣམས་ཀྱི་བདེན་པ་བཞི་རྟོགས་པའོ།། དེ་དག་གང་ཞེ་ན། བཟོད་པ་རྣམས་སོ།། དེ་ལ་སྦྱོར་བ་ཞེས་བྱ་བ་ནི་འཕགས་པའི་ལམ་ལ་སྦྱོར་བ་རྣམས་ཀྱིའོ།། དེ་དག་གང་ཞེ་ན། དགེ་བའི་ཆོས་རྣམས ་ཏེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་རྣམས་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ།། དེ་ལ་དྲོ་བར་གྱུར་པའི་དགེ་བའི་རྩ་བ་ནི་བདེན་པ་བཞི་ལ་དམིགས་པ་སྟེ། རྣམ་པ་དྲུག་གོ།། དྲོ་བར་གྱུར་པ་དང ་དྲ་བས་དྲོ་བར་གྱུར་པ་སྟེ། འཕགས་པའི་ལམ་གྱི་མེའི་སྔ་ལྟསོ།། དེ་དག་ཆེ་བའི་དུས་ན་ནི་རྩེ་མོའོ།། ཡང་ན་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བ་སྐྱེས་ནས་ཐོབ་པའི་དགེ་བའི་རྩ་བ་རྣམས་ཀྱིའོ།། དྲི་དང་དེ་ནས་ཁམ། ་དང་། འགྲོ་བ་དང་སྐྱེ་གནས་དང་། སའི་བྱེ་བྲག་བཤད་པའི་ཁམས་དེ་གང་ཞེ་ན། འདོད་པ་ལ་སོགས་པ་ཁམས་གསུམ་མོ།། གནས་གཞན་དག་བསྟན་པ་ལོ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས ་རྒྱས་པར་འགྱུར་པོས་དེ་དག་གོ་རིམ་བཞིན་དུ་ཁྱམས་གསུམ་མོ།། དེ་ལ་འདོད་པ་གཙོ་བོར་བྱེད་པའི་རྣམས་ནི་འདོད་པའི་ཁམས་སོ།། འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང ་རོརེག་བྱ་རྣམས་སོ།། དེ་བཞིན་དུ་གཟུགས་གཙོ་བོར་བྱེད་པའོ།། གཟུགས་མེད་པ་དག་ནི་གཟུགས་ཡོད་པ་མ་ཡིན་པས་གཟུགས་མེད་པའོ།། དེ་ལ་འདོད་པའི་ཁམས་ན་གནས་རྣམ་པ་ཉི་ཤུ་ལ་སེམས་ཅན་དམྱལ་བ ་ཆེན་པོ་བརྒྱད་ཅེས་བྱ་བ་ལ། དེ་དག་ན་ཆགས་སུ་རུང་བ་ཅུང་ཟད་ཀྱང་མེད་པས་སེམས་ཅན་དམྱལ་བ་དག་གོ།། དེ་དག་ཀྱང་གང་ཞེ་ན། ཡང་མཚོ་ལ་སོགས་པའོ།། སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་ཕན་ཚུན་དུ་གན ་བ་བྱས་ནས་བརྒྱལ་ཏེ། འཁོད་པ་དང་དེ་དག་ལ་བསིལ་བའི་རླུང་ལངས་ཤིང་ཀྭའི་སེམས་ཅན་དག་ཡང་སོས་ཤིག་ཅེས་སྒྲ་འབྱུང་སྟེ། དེ་དག་དེར་བསད་ཅིང་བསད་ཅིང་དེར་ཡང་འཚོ་བས་ཡང་འཚོའོ།། ཐིག་ནག་ཅེས ་བྱ་བ་ནི་ཐིག་སྐུད་ནག་པོས་བཏབ་སྟེ། ཤིང་བཞིན་དུ་གཤེགས་པས་ཐིག་ནག་གོ།། བསྡུས་འཇོམ་ཞེས་བྱ་བ་ནི་སེམས་ཅན་མང་དུ་བསྡུས་ནས་ཁང་པ་ལ་སོགས་པར་འཇོམས་བྱས་བསྡུས་འཇོམས ་སོ།། ། དུ་འབོད་ནི་སེམས་ཅན་དག་ལས་ཀྱི་འབྲས་བུ་མ་རུང་བས་གཙེས་པའི་སྡུག་བསྔལ་གྱིས་ཉམ་ཐག་ནས་ཀུ་ཅོ་འདོན་པས་དུ་འབོད་དོ།། ངུ་འབོད་ཆེན་པོ་ནི་གང་ན་དེ་འདྲ་བའི་ཤས་ཚ་བའི་ཕྱིར་ངུ་འབོད་ཆེན་པོའོ།། ཚོ་བ་ནི་མེ་ལྕེ ་མང་པོས་བསྐོར་ཏེ་ལུས་ཀུན་ཏུ་གདུངས་པའི་ཕྱིར་ཚྭ་བའོ།། རབ་ཏུ་ཚ་བཱ་ནི་ལུ་ས་ཆེན་པོར་མངོན་པར་གྲུབ་ལ་སྡུག་བསྔལ་ཆེན་པོས་ལུས་དང་སེམས་ཀུན་ཏུ་གདུང་བ་ཆེན་པོ་མྱོང་བས་རབ་ཏུ་ཚ་བའོ།། རབ་ཅེས་བྱ་བའི་སྒྲ་ནརྀ ་ཡུན་རིང་བ་དང་མི་བཟད་པའི་ཕྱིར་རོ།། བདུན་པོ་དེ་དག་ནི་རྣམ་པར་སྨིན་པའི་བདེ་བ་ནི་མེད་མོད་ཀྱི་བསལ་བའི་རླུང་ལ་སོགས་པས་རེག་པའི་ཕྱིར་རྒྱུ་མཐུན་པའི་བདེ་བ་ནི་ཡོད་དོ།། གང་ན་དེའི་སྐབས་ཀྱང་མེད་པ་དེ་བདེ་བའི ་སྐབས་མེད་པའི་ཕྱིར་མནར་མེད་པའོ།། ཡང་ན་དེ་ན་སྡུག་བསྔལ་ལ་བར་སྐབས་མེད་པས་མནར་མེད་པ་སྟེ། བར་ཆད་མེད་ཅིང་སྐབས་མེདོ་པར་དེན་སྡུག་བསྔལ་མྱོང་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟར་དེ་ན་ཕྱོགས་བཅུ ་ནས་མེ་ལྕེ་བྱུང་སྟེ། སེམས་ཅན་གྱི་ལུས་ལ་རྒྱུན་མི་ཆད་པར་རབ་ཏུ་འབར་ཞིང་ཤི་བར་མི་འགྱུར་རོ།། བཀྲེས་པ་དང་སྐོམ་པའི་མེ་ཡང་རྟག་པར་ཡོད་དོ།། དེའི་ངས་རེ་རེ་ལ་ནི་དཔག་ཚད་ཉི་ཁྲི་ཉི་ཁྲི་ཡོད་དོ།། འདིའི་འོག་ན ་ཡོང་ངེའང་མྦུའི་གླིང་ནས་འོག་ཏུ་དཔག་ཚད་ཉི་ཁྲི་ནི་དེའི་སྟེང་གི་ངོས་ལ་ཐུག་གོ།། 2ངམྦཱའི་གླིང་ནི་འོག་ཡངས་ཏེ་འབྲུའི་ཕྱུང་བུཾ་ལྟར་གནས་ས།། ད་བས་ན་རྒྱ་མཚ་རྒྱན་པོ་ན་བགས་ཀྱིས་གནལ་ལོ།། རླུང་བླགྲོན་དྲུང་ད་ག ་པཔ་སྟེ། འདོད་ཞེས་བྱ་བའི་དོན་གང་ཡིན་པའོ།། དེ་དག་གི་ནང་ནས་ཀླུ་རྣམས་ནི་བསྐལ་པར་གནས་ཤིང་ཁ་ཅིག་ས་ལ་བརྟེན་ཏོ།། ཡི་དགས་ནི་སྐོམས་པ་དང་ལྡན་པས་ཡི་དགས་ཏེ་ཁ་ཅིག་ནི་མཐུ་ཆེའོ།། ཁ་ཅིག་ནི་མཐུ་ཆུང་ངོ་།། ་འཛམ་བུའི་གླིང་ནི་སཽག་ཁ་སྟེ་བྱང་ཕྱོགས་ཁྲ་ཚོནྡ་ཆེའོ།། དེའི་ངོས་རིང་པོ་གསུམ་གྱི་ངོས་རེ་རཱི་ལ་ནི་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་དོ།། ངོས་ཐུང་ངུ་ལ་ནི་དཔག་ཚང་ཕྱེ་དང་བཞི་ཡོད་དོ།། དེ་བཱས་ན་བྱེ་བྲག་ཏུ་བཤད་པ་ལས ་རྫུ་འཕྲུལ་དང་མི་ལྡན་པས་ཉི་མ་གཙོག་གཅིག་གྲིས་ངོསྲ་གཅིག་ཏུ་འགྲོ་བ་ཡཱིད་དཱམ་ཞེས་དྲིས་པ་དེ་ལ་དེའི་ཚད་ཀྱིས་ལན་བཏབ་པོ།། ཤྭར་གྱི་ལུས་འཕགས་ནི་ཟླ་བ་ཁམ་པ་འདྲའོ།། ནུབ་ཀྱི་བ་ལང་སྤྱོད་ནི་ཟླ་བ་ཉ་བ་འདྲའོ།། ་བྱང་སྒྲ་མི་སྙན་ནི་རྫིང་བུ་འདྲའོ།། དེ་ལ་གླིང་གི་དབྱིབས་ཅི་འདྲ་བར་མི་རྣམས་ཀྱི་བཞིན་གྱི་དབྱིབས་ཀྱང་དེ་དང་འདྲའོ།། དེ་ལ་འཛམ་བུའི་གླིང་ན་ནི་ཚེ་ལ་ངེས་པ་མེད་དེ་དཔག་ཏུ་མེད་པ་ནས་ལོ་བཅུ་ལ་ཐུགས་པའི་བར་དུ ་འགྱུར་རོ།། ཤར་གྱི་ལུས་འཕགས་ན་ན་ལོ་ཉི་བརྒྱ་ལྔ་བཅུའོ།། ནུབ་ཀྱི་བ་ལང་སྤྱོད་ན་ནི་ལྔ་བརྒྱའོ།། བྱང་གི་སྒྲ་མི་སྙན་ན་ནི་ལོ་སྟོང་སྟེ། བར་མ་དོར་འཆི་བ་མེད་དོ།། གཞན་ནི་བར་མ་དོར་འཆི་བ་ཡད་ངོ་ཞེས་བཤད་པ ་སནྨ་དྷ། དེ་དག་དྨང་ཡྀ་བ་མད་བ་ཅིད་ཡོངས་སུ་འདུན་དུ་མད་དུ།། འདོད་པ་སྤྱོད་བའི་ལྷ་དྲུག་ཙྪ། རྒྱུ་རྒྱུན་ཛྙཱན་རྫུན་བྱ་བ་དག་རྒྱལ་ཆེན་བཞིའི་གནས་སུ་སྐྱེས་པའི་ཕྱིར་རྒྱམ་ཆེན་པཞི ་རིས་སོ།། ཡང་ན་རྒྱལ་ཆེན་བཞི་པོ་སྟེ་རྒྱལ་པོ་ཆེན་པོ་བཞི་པོ་དག་དེ་དག་གི་དབང་པོ་ཡིན་པའི་ཕྱིར་རོ།། སུམ་ཅུ་རྩ་གསུམ་ཞེས་བྱ་བ་ནི་ཉེ་བའི་དབང་པོ་སུམ་ཅུ་རྩེ་གཉིས་དང་སུམ་ཅུ་རྩ་གསུམ་པོ་བརྒྱ་བྱིན་ཡོད་པས་སུམ་ཅུཿ ་གསུམ་མོ།། འཐབ་བྲལ་ཞེས་བྱ་བ་ནི་ལྷ་མྱ་ཡིན་དང་འཐབ་པའི་སྡུག་བསྔལ་ལས་འདས་ཏེ་མེད་པའི་ཕྱིར་འཐབ་བྲལ་ལོ།། དགའོ་ལྡན་ཞེས་བྱ་བ་ནི་དགའ་བ་ཐོབ་པ་དང་ལྡན་པར་གནས་པས་དགའ་ལྡན་ནོ།། འཕྲུལ་དགའ་ཞེས ་བྱ་བ་ནི་འདོད་པ་དག་རང་གིས་སྤྲུལ་ཏེ་སྤྱོད་པས་འཕྲུལ་དགའོ།། གཞན་འཕྲུལ་དབང་བྱེད་ཅེས་བྱ་བ་ནི་གཞན་གྱིས་སྤྲུལ་པའི་འདོད་པ་རྣམས་ལ་དབང་བྱེད་ཅིང་དབང་སྒྱུར་བས་གཞན་འཕྲུལ་དབང་བྱེད་དོ།། དེ་ལ་གྲང་བའི་སེམས ་ཙུན་དམྱལ་བ་མཱ་སྨོསླ་པཱ་ནི་ཙྪ་བིའི་སེམས་ཅན་དམྱལ་བ་དག་གི་ཕྱོགས་གཅིག་ཏུ་གྱུར་པའི་ཕྱིར་རོ།། ཚ་བའི་སེམས་ཅན་དམྱལ་བ་ལ་ཤས་ཆེ་བ་བཅུ་དྲུག་སྟེ། མོ་མ་མུར་དང་། སྔགས་དང་། སྤུ་གྲའི་སོས་གླང་བའི་ལམ ་བ་མེད་ངོ་།། རམ་གྲི་འི་སོའི་ལོ་མ་ཅན་གྱི་ནགས་ཚལ་དང་། ལྕགས་ཀྱི་ཤེས་པ་མི་ནིནགས་ཚུལ་རྣམས་ནི་སྦྱིནན་མཚན་ཚོར་འདྲ་བས་གཅིག་ཏུ་བསྡུས་པ་དང་། ཆུ་ཀླུང་བནས་དགའ་བ་སྟེ་རྗེས་སུ་ནི་བའི་སྒོའི་རྩེ ་བྲག་གིས་ནི་བཅུ་དྲུག་གོ། གནོད་པ་ལྷག་པར་ཆེ་བའི་གནས་སུ་གྱུར་པའི་ཕྱིར་ཤས་ཆེ་བ་ཞེས་བྱའོ།། གླིང་དེ་དག་གི་གླིང་ཕྲན་ལྔ་གཡག་རྔ་དང་གཡུག་རྔ་གཞན་ནི་འཛམ་བུའི་གླིང་གི་འཁོར་ཏོ།། ལུས་དང་ལུས་འཕགས་ནི ་ཤར་གྱི་ལུས་འཕགས་ཀྱི་འཁོར་ཏོ།། ག་ཡུ་ལྡན་དང་ལྡམ་མཆོག་འགྲོ་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱི་འཁོར་ཏོ།། སྒྲ་ངན་དང་སྒྲ་ངན་ཅན་ནི་བྱང་གི་སྒྲ་མི་སྙན་གྱི་འཁོར་ཏོ།། གཡུག་རྔ་དང་གཡག་རྔུ་ཅན་དེ་གཅིག་ན་སྲིན་པོ་དག་གནས ་སོ།། དེ་ལ་རི་རཱ་བ་ནི་རིན་པོ་ཆེ་ནཱ་པ་སྣ་བཞིའི་རང་བཞིན་ཏེ། གསེར་དང་དངུལ་དྲང་བཻ་ཌཱུརྱ་དང་ཤེལ་གྱི་རང་བཞིན་ཏེ། ངོས་གང་རིན་པོ་ཆེ་གང་གི་རང་བཞིན་ཡིན་པ་དེའི་ནམ་མཁའ་ཡང་དེའི་རྣམ་པར་སྣང་ངོ་།། དེ་ནི་རིམ་པས ་མཐོ་སྟེ། གྲུ་བཞི་ལྷམ་པ་ནི་མ་ཡིན་ནི།། དེ་སྐད་བཤད་པའི་འཐད་པ་ནི་འདུལ་བའི་གཞུང་ལས་འབྱུང་སྟེ། ཉེ་སྦྱོར་གྱིས་ཞུས་པ་ལས་བཙུན་པ་མཆོད་རྟེན་ཇི་ལྟར་བགྱི་ཞེས་གསོལ་ན། རི་རབ་ཀྱི་ཚུལ་དུ་བྱའོ་ཞེས་བཀའ ་སྩལ་ཏོ།། དེའི་འཁོར་རི་བོ་བདུན་སྟེ། གཉའ་ཤིང་འཛིན་དང་། གཤོལ་མངའ་འཛིན་དང་། སེང་ལྡེང་ཅན་དང་། ལྟ་ན་སྡུག་དང་ལྷ་རྣ་དང་། རྣམ་པར་འདུད་དང་། མུ་ཁྱུད་འཛིན་ཏོ།། དེ་དག་ནི་གསེར་གྱི་རོ་སྟེ་ཕྱེད་ཕྱེད་ཀྱི ་དམའ་བར་རིག་པར་བྱའོ།། དེ་ལ་འཛམ་བུའི་གླིང་གི་མི་གང་ལུས་ཆེ་བ་དེའི་ལུས་ཀྱི་ཚད་ནི་ཁྲུ་བཞི་སྟེ། ཤིང་ནྱ་འགྲྀ་དྷ་ལྟར་ཆུ་ཞིང་གབ་པའོ།། ཤར་གྱི་ལུས་འཕགས་པོ་དག་ནི་དེ་ལས་ཉིས་འགྱུར་ཉིས་འགྱུར ་གྱིས་ཆེའོ།། ནུབ་ཀྱི་བུ་ལང་སྤྱོད་པ་དག་ཀྱང་དེ་ལུས་ཉིས་འགྱུར་རོ།། རླུང་གི་སྒྲ་མི་སྙན་པ་དག་ཀྱང་དེ་ལུས་ཉིས་འགྱུར་རོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནི་ཁྱཱ་ལྱཱ་བདྨའོ།། ་ཁཱའི་ཚུལ་གྱིས་ལྷོ་གྲངས་ཀྱང་རིག་པར་བྱ་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་མིའི་ལོ་ལྔ་བཅུ་ལ་ཞག་ཏུ་བརྩིས་པའི་ལྷོ་ལྔ་བརྒྱུ་ཐུབ་བོ།། སུམཱ་ཅུ་རྩཝ་གསུམ་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ལྱཱ ་སྟོང་ངོ་།། ཚེའི་ཚད་ནི་མིའི་ལོ་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་ཐུབ་བོ།། དེ་བཞིན་དུ་ཉིས་འགྱུར་ཉིས་འགྱུར་གྱིས་ཞག་གཅིག་ཏུ་བརྩིས་ཏེ་ཚེའི་ཆེད་ནི་ལོ་དྲུག་སྟོང་གི་བར་དུ་སྦྱར་རོ།། ལུས་ཀྱི་ཚད་བརྗོད ་བྱ་སྟེ། ལུས་ཀྱི་ཚད་ནི་རྒྱང་གྲགས་ཕྱེད་དང་གཉིས་སོ།། འདི་དག་ནི་འདོད་པའི་ཁམས་ཀྱི་གནས་ཉི་ཤུ་སྟེ། གཞན་འཕྲུལ་དབང་བྱེད་ནས་མནར་མེད་པ་ལ་ཐུག་གི་བར་དུ་སྣོད་དང་བཅས་པ་སྨོས་བླས་རླུང ་དཀྱིལ་འཁོར་ལ་ཐུག་གི་བར་དུའོ།། འདོད་པའི་ཁམས་བཤད་ཟིན་ཏོ།། འདི་ཡན་ཆད་གནས་བཅུ་བདུན་ནི་གཟུགས་ཀྱི་ཁམས་ཏེ། ཇི་ལྟ་བུ་ཞེ་ན་སྨྲས་པ་དེ་ལ་བསམ་གཏན་དང་པོ་དང་། གཉིས་པ་དང་གས ་པ་ནི་སོ་སོར་ས་གསུམ་གསུམ་དག་གོ།། བཞི་པ་ས་ནི་བརྒྱད་པའོ།། དེ་ལ་ཚངས་རིས་ཞེས་བྱ་བ་ནི་ཚངས་པའི་རིས་ན་ཡོད་པས་ཚངས་རིས་སོ།། གཞན་ནི་ཚངས་འཁོར་ཏེ་ཚངས་པའི་ཡོངས་སུ་སྤྱོད་པ་བྱེད་པ ་ཅེས་བྱ་བའི་ཐ་ཚིག་གོ།། དགེ་བའི་རྩ་བ་ཆེན་པོ་ལས་ངེས་པར་འབྱུང་བའི་ཕྱིར་ཆུངས་ཆེན་ནོ།། འདི་ནི་ཆེན་པོ་ཡང་ཡིན་ལ་ཚངས་པ་ཡང་ཡིན་པས་ཚུངས་ཆེན་ནོ།། དེའི་ཆེ་བ་ཉིད་ནི་བསམ་གཏན་ཁྱད་པར་ཅན་ཐོབ་པ་དང་། སྔར ་སྐྱེས་ལ་ཕྱིས་འཆི་འཕོ་བ་དང་། མཐུའི་ཁྱད་པར་ལ་སོགས་པས་ཀྱང་ངོ་།། དེ་ཉིད་ཀྱི་རིས་བཤད་པས་དེ་དག་གི་གནས་ཀྱང་ཡིན་པས་ཚངས་རིས་རྣམས་སོ།། རིས་ཞེས་བྱ་བ་ནི་འདིར་གནས་ཉིད་དུ་འདོད་དོ།། ཚངས་པའི ་འདུན་ན་འདུག་ཅེས་བྱ་བ་ནི་ཚངས་པའི་འདུན་ན་གནས་པས་ཚངས་པའི་མདུན་ན་འདུག་པ་སྟེ། བསམ་གཏན་ཁྱད་པར་ཅན་ལས་ལངས་པ་ན་དེ་ཉིད་ཀྱི་མདུན་ན་འདུག་པའོ།། ཡང་ན་ཚངས་པ་ཆེན་པོ་སྔ་ལ་དེའི ་འོག་ཏུ་སྨོས་ཞེས་བྱ་བའི་ཐ་ཚིག་གོ།། འོང་ཆུང་ཞེས་བྱ་བ་ནི་ས་གོང་མ་དག་ལ་བལྟོས་ན་དྲི་དག་འོང་ཆུང་བས་འོང་ཆུང་ངོ་།། ཚང་མེད་འོད་ཅེས་བྱ་བ་ནི་དེ་དག་གི་འོད་ཚད་གཟུང་བར་མི་ནུས་པས་ཚད་མེད་འོང་ངོ་།། འོད ་གས་ལ་ཞེས་བྱ་བ་ནི་གནས་མ་ལུས་པར་སྣང་བའི་ཕྱིར་འོད་གསལ་ལོ།། དགེ་ཆུང་ཞེས་བྱ་བ་ནི་ཡིད་ཀྱིས་པའི་དགེ་བ་ལ་བདེ་བ་ཞེས་བྱ་སྟེ། དེ་དག་གི་དེས་གོང་མ་ལ་བལྟོས་ན་ཆུང་བས་དགེ་ཆུང་ངོ་།། ཚད་མེད་དགེ ་ཞེས་བྱ་བ་ནི་དེ་དག་གི་དགེ་བ་ཚད་མེད་པས་ཚད་མེད་དགེའོ།། ངག་རྒྱས་ཞེས་བྱ་བ་ནི་དེ་དག་དོག་པ་རྒྱས་པས་དགེ་རྒྱས་ཏེ། དེ་བས་གཞན་བདེ་བ་མཆོག་ཏུ་གྱུར་པ་མེད་དེ་ཞེས་བྱ་བར་དགོངས་སོ།། སྤྲིན་མེད་ཅེས་བྱ་བ་ནི ་དེ་དག་གི་གོང་ནས་གཞན་གྱིས་མཆོད་པ་མེད་པས་སྤྲིན་མེད་དེ། ས་གོང་མ་གོང་མ་དང་འབྲེལ་པའི་ནི་སྦྱིན་ལྟ་བུ་ཞེས་ཟེར་ཏེ། དེ་ནས་དེ་དང་འབྲེལ་པའི་བར་མེད་པའི་ཕྱིར་རོ།། བསོད་ནམ། ་འབེལ་བ་ཞེས་བྱ་བ་ནི་དེ་དག་ལས་སོ་སོའི་བསོད་ནམས་བྱེ་བྲག་ཅན་གྱི་འགྲོ་བའི་གནས་ཡོད་པས་བསོད་ནམས་འཕེལ་ཏེ། དེ་དག་ལ་བསོད་ནམས་འཕེལ་བས་ཀུན་འབྱུང་བ་བཞིན་ནོ།། འབྲས་བུ་ཆེ་ཞེས ་བྱ་བ་ནི་དེ་དག་གོས་འབྲས་བུ་གནས་གཞན་དང་འབྲེལ་པའོ་སོ་སོའི་སྐྱེ་བ་ཐམས་སྡུད་པས་མཆོག་ཏུ་གྱུར་པ་འབྱུང་བས་འབྲས་བུ་ཆེའོ།། གནས་གཙང་མ་ཞེས་བྱ་བ་ནི་ལམ་གྱི་ཆུས་ཉོན་མོངས་པའི་རྔོ་མ་བཀྲུས ་པའི་ཕྱིར་རྒྱུད་དག་པ་རྣམས་གནསྨྲ་པས་གནས་གཙང་མའོ།། ཡང་ན་དེ་དག་གི་འཁོར་བ་ན་གནས་བུ་དག་བྲུས་ཆུ་ལོན་ཁོར་བྱ་བཞིན་ནོ།། ཡང་ན་དགུ་པ་ཤ་དོག་གནས་པས་གནས་གཙྪདུ་མྦྷ་སྟེ། དེ་ན་ས ་སོའི་སྐྱེ་བོ་མེད་པའི་ཕྱིར་རོ།། མ་ཆེ་བ་ཞེས་བྱ་བ་ནི་གནས་གཙང་མ་བས་མཆོག་ཏུ་མ་གྱུར་པའི་ཕྱིར་མི་ཆེ་བསྡུ་མི་རྒྱུ་བྱའོ།། ཡང་ནུ་གཟུགས་མེད་པར་འཇུག་པ་ལ་འདོད་པ་མེད་པའི་ཕྱིར་མོ་འདོད ་པའོ།། མི་གདུང་བ་ཞེས་བྱ་བ་ནི་བསམ་པ་དགེ་བའི་ཕྱིར་འོག་མར་སྐྱེས་པ་རྣམས་ཀྱིས་མཐུའི་ཁྱད་པ་རོ་དག་གིས་ཟིལ་གྱི་མི་ནོན་པས་མི་གདུང་བའོ།། ཡང་ན་བསམ་གཏན་མཆོག་གི་འབྲས་བུ་ཚེ་མ་ཐོབ ་ཀྱང་གདུང་བ་མེད་པས་མི་གདུང་བའོ།། གྱ་ནོན་སྣང་ཞེས་བྱ་བ་ནི་རབ་ཏུ་ཞི་བའི་ཁྱད་པར་དང་ལྡན་ཏེ་བདེ་བར་སྣང་བས་གྱ་ནོམ་སྣང་ངོ་།། ཤིན་ཏུ་མཐོང་ཞེས་བྱ་བ་སྤེལ་མར་བསྒོམ་པ་ལ་སྒྲིབ་པའི་ལྷག་མ་ཅུང་ཟད་ཅིག་ལས་སུ་ཟད་དེ། ་དེ་དག་ཤིན་ཏུ་རྣམ་པར་དག་པ་མཐོང་བས་ཤིན་ཏུ་མཐོང་ངོ་།། འོག་མིན་ཞེས་བྱ་བ་ནི་དེ་དག་གོང་ན་རང་གི་ཁམས་ལས་མཆོག་ཏུ་གྱུར་པའི་གནས་གཞན་མེད་པས་འོག་མིན་ནོ།། གཞན་དག་ན་རེ་བསགས་པར་གནས་པ་ནི ་གཟུགས་ཏེ་ཕུང་པོའོ་ཞེས་བྱའོ།། དེའི་མཐར་ཕྱིན་པས་ཕུང་པོའི་མཐའ་ཞེས་བྱའོ་ཞེའོ།། ཡང་ན་ཨ་གྷ་ཞེས་བྱ་བ་ནི་སྡིག་པ་སྟེ་དེའི་མཐར་ཕྱིན་པས་སྡིག་མེད་མཐའོ།། གནས་བཅུ་བདུན་པོ་དེ་ན་གནས་པའི་སེམས་ཅན་དང ་བཅས་པ་དེ་དག་ནི་གཟུགས་ཀྱི་ཁམས་སོ།། གཞན་དགྲ་ནི་བསམ་གཏན་དང་པོ་ལ་ནི་གཉིས། བསམ་གཏན་བཞི་པ་ལ་ནི་འདུ་ཤེས་མོང་པའི་སེམས་ཅན་ལྷག་པར་བྱས་ཏེ་གནས་བདུན་པོ་གཞན་དུ་སྨྲའོ།། དེ་གཉི་ག ་ཡང་མི་རིགས་ཏེ། ཚངས་པ་ཆེན་པོ་ནི་གཅིག་ཡིན་པའི་ཕྱིར་རོ།། དེ་ལ་ཚེ་ལ་སོགས་པའི་བྱེ་བྲག་ཡོང་དུ་ཟིན་ཀྱང་དེ་ལྷའི་རིས་སུ་མོ་ཐད་དེ། གཅིག་པུ་ནི་རིས་སུ་མི་རུང་ངོ་།། ཚངས་པའི་མདུན་འདོན་གྱི་སེམས་ཅན་རྣམས ་དང་དེ་སྐལ་བ་མཉམ་པའི་ཕྱིར་གནས་ཐ་དད་པ་མ་ཡིན་ནོ།། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱང་འབྲས་བུ་ཆེ་བ་དག་དང་ཚེ་ལ་སོགས་པ་ཁྱད་པར་མེད་པས་དེའི་རྒྱུའི་ཁྱད་པར་མེད་པའི་ཕྱིར་དེ་དག་བཞི་པའི་གསུམ་པ ་ལས་གནས་གཞན་དུ་མི་འཐད་པས་གཟུགས་ཀྱི་ཁམས་ནི་རྣམ་པ་བཅུ་དྲུག་གོ་ཞེས་ཁ་ཆེ་བའི་བྱེ་བྲག་ཏུ་སྨྲ་བ་རྣམས་སོ།། དེ་བས་ན་ཚངས་པ་ཆེན་པོ་ཡང་འདུ་ཤེས་མེད་པའི་སེམས་ཅན་བཞིན ་དུ་ས་གཞན་མེད་དོ་ཞེས་བརྗོད་དོ།། སྐྱེ་གནས་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་སེམས་ཅན་རྣམས་འདྲེན་པར་གྱུར་ཏེ་འབྱུང་བ་ཐུན་མོངས་དུ་གྱུར་པའི་ཕྱིར་རོ།། དེ་ལ་སྐྱེ་གནས་མངལ་ནས་སྐྱེ་བ་ནི་མི་དང་། བྱ་ལང་དང་། རྟ་དང་། ་རྔ་མོ་རྣམས་ཕལ་ཆེར་རོ།། མེ་རྣམས་ཀྱི་ནང་ན་སྒོ་ང་ལས་སྐྱེ་བ་ཡང་ཡོད་དེ། དཔེར་ན་དུད་འགྲོ་དག་གི་ནང་ནས་ཁྲུང་ཁྲུང་མོ་ལས་བྱུང་བ། རི་དྲང་ཉི་རི་ལྟ་བུ་དང་། ལྔ་ལེན་གྱི་རྒྱལ་པོའི་བུ་ལྔ་བརྒྱ་ལྟ་བུའོ།། དྲོད་གཤེར ་ལྔས་སྐྱེ་བ་ནི་ང་ལ་ནུ་ལ་སོགས་པའོ།། རྫུས་ཏེ་འབྱུང་བ་ནི་བསྐལ་པ་དང་པོ་རྣམས་སོ།། ཀླུ་རྣམས་ལ་ཡང་སྐྱེ་བ་རྣམ་པ་བཞི་ཡོད་དོ།། འཇིག་རྟེན་གདགས་པ་ལས་ཇི་སྐད་དུ། སྒོ་ང་ལས་སྐྱེས་པའི་ནམཁའ་ལྡིང ་གིས་སྒོ་ང་ལས་སྐྱེས་པའི་ཀླུ་བཟའ་བའི་ཕྱིར་འབྱིན་ཏོ།། དེ་བཞིན་དུ་བརྫུས་ཏེ་བྱུང་བའི་ནུ་མཁྲའ་ལྡིང་གིས་རྗེས་ཏེ་བྱུང་བའི་ཀླུ་འབྱིན་ཅེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ།། རྫུས་ཏེ་བྱུང་བ་རྣམས་ལུས་ཤིན་ཏུ་མྲྀ ་སྣང་བར་འགྱུར་ཏེ། ཏིལ་མར་གྱི་མར་མེ་ཟད་པ་ལྟོ་བུ་མ་ཡིན་ནམ། མི་ཤེས་པའི་ཕྱིར་འབྱིན་གྱི་བཟར་ནི་མེད་དོ།། ཡི་དགས་རྣམས་ན་མངལ་ནས་སྐྱེས་པ་དང་རྫུས་ཏེ་བྱུང་བ་དག་སྟེ། ཇི་སྐད་དུ་ཡི་དགས་ཉིད་ཀྱིས ་བདག་ཅག་ནི་ལས་ཀྱིས་སྐྱེས་པ་ཡིན་གྱི། སྐྱེ་གནས་ལས་སྐྱེས་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ།། འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དབང་བ་རྙེད་པ་མདུལ་ནས་སྐྱེས་པའི་སྐྱེ་གནས་ལ་བརྟེན་ཅེ་ན། ཤཱཀྱའི ་རིགས་ཆེན་པོ་གཉེན་གྱི་འབྲེལ་པས་ཆོས་ལ་རབ་ཏུ་དགོད་པའི་ཕྱིར་རོ།། མིར་གྱུར་ཀྱང་ཕུན་སུམ་ཚོགས་པ་ཐོབ་པོ་ཞེས་གདུལ་བ་སྤྲོ་བ་བསྐྱེད་པའི་ཕྱིར་རོ།། ས་ནི་བཅུ་གཅོག་སྟེ་ཞེས་བྱ་བ་ནི་དེ་དག་ཀྱང་སྙོམས་པར ་འཇུག་པ་རྣམས་ཀྱི་སྟོན་ཏོ།། འདོད་པའི་ཁམས་ནི་ས་བོན་ཐམས་ཅད་ཡིན་པའི་ཕྱིར་སོ་ཞེས་བྱ་བར་བཤད་དེ། དབང་པོ་སྦྱངས་པ་ལ་སོགས་པའི་ཡོན་ཏན་རྣམས་དེ་དང་འབྲེལ་པའི་ཕྱིར་རོ།། མི་ལྕོགས་པ་མེད་པ ་ཞེས་བྱ་བ་ལ་འོང་བར་བྱ་བ་ནི་འོང་བར་བྱའོ།། འོང་བར་བྱ་བ་མེད་པ་ནི་འོང་བར་བྱ་བ་མེད་པ་སྟེ། སྐྱེ་བས་ཐོབ་པར་བྱ་བ་མོ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། བསམ་གཏན་དང་པོར་འཇུག་པའི་སེམས་སོ།། དེ་ནི ་རྣམ་པ་གསུམ་སྟེ། ཉོན་མོངས་པ་ཅ་དང་།། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ།། བས་མ་གཏན་དང་པོ་ལོ་ཡན་ལག་སྔར་རིག་པར་བྱ་སྟེ། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། དགའ་བ་དང ་བདེ་བ་དང་སེམས་རྩེ་གཅིག་པ་སྟེ། དཔེར་ན་ཡན་ལག་ལྔ་པའི་ཕྱི་མ་ལྟར་ཡན་ལག་ལྔ་པའི་བསམ་གཏན་ཡང་དེ་བཞིན་ནོ།། བསམ་གཏན་གཉིས་པ་ལ་ནི་རབ་ཏུ་དང་བའོ།། དེ་ཡང་དང་པོའི་ངོ་བོ་ཉིད་ཀྱི་ཆོས་ཏེ།། ་མྱས་པ་ག་དག་ལས་རྒྱུད་ཛད།། ན་གྲུ་རྒྱུ་ས་ར་བྱུགྶ་གད། གྷུནྡཱ་ད་བྱུ་། སམུས་གགས་པའོ།། ཙྪོ་། ་སྒྱུས་པའི་བདེ་བར་རིག་པར་གྱུའོ།། བ་མ་གྷུཏན་གྲུསམ་པ་ལས་ཡོན་ལག་རྣམས་དང་། དྲན་པ་དང་། ཤེས་བཞིན་དང་། འདེ་བ་དང་། ཏིང་ངེ་འཛིན་ཏོ།། བཻ་སྟྲཻ་གླུནྡྷ་བྱིན་པ་ལ་ཡན་ལག་བྷཱི ་སྨྱིག་བསྔལ་ཡད་མ་ཡིན། འོདྲི་བ་ཡང་མ་ན་ཚོར་བ་དང་། བཏིང་སྒྱུ་ས་ཡོངས་སུ་དག་པ་ནི། དེ་ནི་འདྲ་བྱེད་ཀྱི་བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་དང་། ཏིང་ངེ་འཛིན་ཏོ།། བསམ་གཏན་བཞི ་པ་བཻ་དྷད་ལས་རྣམ་པར་གྲོལ་བ་སྟེ། སྐྱེས་པ་དག་གང་ཞེན། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། དབྱུགས་རྔུབ་པ་དང་། འབྱིན་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ཡིད་བ་བ་དང་། ཡི ་དཱུནས་ག་ན་དེ་དག་ནས་སྨྲ་དང་། བ་བྱ་དྲུང་། དག་པ་མྱེད་ཧྲཱི་། རླུང་ངྒེ་ཡྀ་རྒྱུན་པ་དྲུག་པ་བྱ།། རྣམ་པ་ཕྱུགྶ་པདྨ་རྣམ་པཱར་བྱེད་པའི་སྐྱེས་པས ་འཇིག་པའོ།། དགར་བའི་ཉེས་པས་ནི་ཆུས་འཇིག་པ་ནི།། དབུགས་རྔུབ་དང་འབྱོར་བའི་ཉེས་པས་ནི་རླུང་གི་འཇིག་པའོ།། དེ་ལ་མིས་འཇིག་པ་མན་བདུན་འདས་པ་དང་དྲུས་འཇིག་གོ།། དེ་ལྟར་བྱས་ན་འོད་གསཔ་ཀྱི ་ལྷ་རྣམས་ཀྱི་ཚེ་བསྐལ་པ་བརྒྱད་ཐུབ་བོ་ཞེ་ས་བྱ་བ་དེ་འཐད་པར་འགྱུར་རོ།། དེ་ལྟར་མེས་འཇིག་པ་ནི་ལན་བཞི་བཅུ་རྩ་དགུའོ།། ཆུ་ས་འཇིག་པ་ནི་ལྡན་བདུན་ཏེ་འཇིག་པ་དེ་དག་ནི་ལན་ལྷ་བཅུ་རྩ་དྲུག་ཡིན་ནོ།། དེའི་འོག ་ཏུ་མིས་ལན་བདུན་འཇིག་གོ།། དེའི་འོག་ཏུ་རླུང་གིས་འཇིག་པར་འགྱུར་རོ།། དེ་ལྟར་བྱས་ན་གདགས་པར་བཤད་པ་ལས་ངག་རྒྱས་ཀྱིས་ལྷ་རྣམས་ཀྱི་ཚེ་བསྐལ་པ་དྲུག་ཅུ་རྩ་བཞི་ཐུབ་བོ་ཞེས་བྱ་བ་ལེགས་པར་བཤད་པ ་ཡིན་ནོ།། གཟུགས་མེད་པ་གསུམ་ནི་ཉོན་མོངས་པ་ཅན་དང་། དགེ་བ་ཟག་པ་དྲང་བཅས་པ་དང་། ཟག་པ་མེད་པ་དང་། ཕུང་པོ་བཞིའི་ངོ་བོ་ཉིད་ས་འགྲ་མའི་གཉེན་པོ་ཡིན་ནོ།། དེ་ལ་འདོད་པའི་ཁམས་དང་སྲིད་པའི ་རྩེ་མོ་ནཱི་གཅིག་ཏུ་ཟག་པ་དང་བཅས་པའོ་ཞེས་བྱ་བ་ལ། འདོད་པའི་ཁམས་ནི་མི་དགེ་བའི་རྩ་བྲས་དྲི་མ་ཅན་དུ་བྱས་པ་དང་། མཉམ་པར་མ་བཞག་པའི་ས་པ་ཡིན་པའི་ཕྱིར་ཟག་པ་དང་བཅས་པར་རུང་ན། སྲིད་པའི ་རྩེ་མོ་ཇི་ལྟར་ཟག་པ་དང་བཅས་པ་ཁོ་ནར་འགྱུརརོ་ཞེ་ན། འདུ་ཤེས་ཞན་པའི་ཕྱིར་རོ།། ལྷག་མ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཞེས་བྱ་བར་གྲུབ་པོ།། གལ་ཏེ་སྲིད་པའི་རྩེ་མོ་གཅིག་ཏུ་ཟག་པ་དང ་བཅས་པའི་ཡིན་ན་ཇི་ལྟར་འཕགས་པའི་གང་ཟག་དེར་སྐྱེས་པ་ཉོན་མོངས་པ་སྤོང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སའི་ལམ་མངོན་དུ་བྱས་ཏེ་ཉོན་མོངས་པ་སྤོང་ངོ་།། སྡེ་པ་གཞན་གང་དག་ན་རེ། མགོ་མཉམ ་ཞེས་བྱ་བའི་དགྲ་བཅོམ་པ་ནི། རས་ཀྱི་མཐའ་ལ་མེ་ཞེན་ཡིན་ནས་ཚིག་པ་བཞིན་ནོ་ཞེས་ཟེར་བ་དེ་དག་ནི། དགེ་སློང་དག་ཇི་ཙམ་དུ་འདུ་ཤེས་ལ་སྙོམས་པ་དེ་ཙམ་དུ་ཀུན་ཤེས་པར་རབ་ཏུ་རྟོག་སོ།། ་གང་ཡང་འདི་འདུ་བྱེད་ཀྱི་ལྷག་མ་སྲིད་པའི་རྩེ་མོ་དེ་ལ་ནི་དགེ་སློང་བསམ་གཏན་པ་རྣམས་ཀྱིས་སྙོམས་པར་ཞུགས་ཤིང་ལྷངས་ནས་རབ་ཏུ་རྟོག་པར་འགྱུར་བར་སྨྲའོ་ཞེས་བྱ་བ་འདི་དང་འགལ་ལོ།། སྐབས་སུ་བཤད ་པ་རྟོགས་ཞེས་བྱ་བ་ནི་སྐབས་ནས་བྱུང་བ་ལ་སྐབས་སུ་བཤད་བ་ཞེས་བྱའོ།། རྫོགས་ཞེས་བྱ་བ་ནི་མཐར་ཕྱིན་ཅེས་བྱ་བའི་ཐ་ཚིག་གོ།། འཁོར་དུ་ཉེ་བར་བསྡོགས་གཏོགས་པ་ཐམས་ཅད་ལ་ནི་བཏང་སྙོམས་སོ།། དངོས ་གཞི་བསམ་གཏན་དང་པོ་དང་། གཉིས་པ་ལ་ནི་ཡིད་བདེ་བའི་དབང་པའོ།། གསུམ་པ་ལ་ནི་བདེ་བའོ།། བཞི་པ་ལ་ནི་བཏང་སྙོམས་སོ།། ཅིའི་ཕྱིར་བཟོད་པ་རྣམ་པས་ཤེས་པ་རྣམས་སྔར་བསྟན་ཅེ་ན། ཉོན་མོངས་པ ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ།། བཟོད་པ་རྣམས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོ་ཉིད་དོ།། དེ་ལ་རྫས་སུ་ན་ཤེས་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ།། ཟ ་རྣམ་པ་བདུན་གྱིས་ན་བཅུར་རྣམ་པར་བཞག་སྟེ། རང་བཞིན་གྱིས་ནི་ཀུན་རྫོབ་ཤེས་པའོ།། གཉེན་པོས་ནི་ཆོས་དང་རྗེས་སུ་རྟོགས་པའི་ཤེས་པའོ།། ཆོས་ཤེས་པ་ནི་འདོད་པའི་ཁམས་མཐའ་ངག་གི་གཉེན་པོའོ།། རྗེས ་སུ་རྟོགས་པའི་ཤེས་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོའོ།། སྡུག་བསྔལ་དང་ཀུན་འབྱུང་བ་ཤེས་པ་ནི་རྣམ་པའི་བྱེ་བྲག་གིས་སོ།། འགོག་པ་དང་ལམ་ཤེས་པ་ནི་རྣམ་པ་དང་དམིགས་པའི་བྱེ་བྲག་གིས ་སྔོ།། གཞན་གྱི་སེམས་ལ་སྦྱོར་བས་ཕ་རོལ་གྱི་སེམས་ཤེས་པའོ།། ཉོན་མོངས་པ་སྤངས་པའི་རྒྱུད་ལྔ་སྐྱེ་བསུ་བྱ་བ་བྱས་པའི་ཕྱིར་ཟད་པ་ཤེས་པའོ།། སྐུལ་བ་མཉམ་པའི་རྒྱུ་ས་ཤེས་པ་ཐམས་ཅད་ཀྱིས་བསགས་པའི་ཕྱིར ་མི་སྐྱེ་བ་ཤེས་པའོ།། ཅིའི་ཕྱིར་ཆོས་ཤེས་པ་སྔར་བཤད་ཅེ་ན། འདོད་པའི་ཁམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་འདོད་པའི་ཁམས་ཀྱི་སྔར་སྤོང་ཞེ་ན། དྲོ་ནི་མངོན་སུམ་དུ་གྱུར་པའི་ཕྱིར་ཏེ།། ཟིན་པ ་མངོན་སུམ་དང་རྫས་མངོན་སུམ་གྱིས་སོ།། ཁམས་གཞན་གྱི་ནི་རྫས་མངོན་སུམ་ཉིད་ཀྱིས་སོ།། ཡང་འགོག་པ་དང་ལམོ་ལ་ཆོས་ཤེས་པ་ནི་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་ནོ།། ཅིའི་ཕྱིར་སྡུག་བསྔལ་དང་ཀུན ་འབྱུང་བ་ལ་ཆོས་ཤེས་པ་ཁམས་གསུམ་ཚུར་གྱི་གཉེན་པོ་མ་ཡིན་ཞེ་ན། གཞན་དུ་ཡིད་འབྱུང་ལ་གཞན་དུ་འདོད་ཆགས་དང་བྲལ་བར་འགྱུར་དུ་འོང་བའི་ཕྱིར་རོ།། འདོད་པར་གཏོགས་པའི་འདུ་བྱེད་རྣམས་ཞེས ་བྱ་བ་ནི་འདི་སྐད་དུ་འབྲས་བུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཞེས་བསྟན་པར་འགྱུར་ཏེ། དེ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པར་ཤེས་པ་མ་ཡིན་པའོ།། དེའི ་རྒྱུད་ཞེས་བྱ་བ་ནི་ཀུན་འབྱུང་བའི་བདེན་པའོ།། དེ་འགོག་པ་ཞེས་བྱ་བ་ནི་འགོག་པའི་བདེན་པའོ།། དེ་སྤོང་བ་ཞེས་བྱ་བ་ནི་ལམ་གྱི་བདེན་པའོ།། དེ་ལྟར་རྣམ་པ་བཅུ་དྲུག་ཏུ་ཤེས་པ་གང་ཡིན ་པ་དེ་ཆེས་ཤེས་པ་གང་ཡིན་པ་དེ་ཆོས་ཤེས་པའོ།། དེ་ལྟར་ཆོས་ཤེས་པ་ནི་ཕུང་པོ་ལྷ་ཞེས་བྱ་བསྟན་པར་འགྱུར་རོ།། ཆོས་ཤེས་པ་ཞེས་བྱ་བ་འདིས་ནི་བཟོད་པ་རྣམས་ཡོངས་སུ་བསྡུས་དེ། གཙོ་བོར་བསྟན་པའི ་ཕྱིར་རྒྱལ་པོ་གཤེགས་སོ་ཞེས་བྱ་བ་བཞིན་ནོ།། ས་ཞེས་བྱ་བ་ནི་བདེན་པ་རྣམས་སོ།། སཱུ་རོ་ནཱི་བྱེ་བྲག་ཏུ་ཕྱེ་སྤྱི་བཤད་པའོ།། དྲ་ནི་བྱེ་བྲག་ཏུ་མ་ཕྱེ་བའོ།། ཡང་ན་ཆོས་ཞེས་བྱ་བ་ནི་དོན་གཞན་དུ་བཤད་དེ།། ་སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་རྣམས་ཡོངས་སུ་སྣང་བའོ།། དེ་ལ་སྦྱོར་བའི་ལོམ་ནི་གང་གི་འོག་ཏུ་སྤོང་བའི་ལ་མོ་མངོན་དུ་བྱུང་བའོ།། རྣམ་པར་གྲོལ་བའི་ལོ་མ་ནཱི་གང་གིས་བྲལ་བའི་རྙེད་པ ་སྤྱོད་པའོ།། ཁྱད་པར་གྱི་ལམ་ནི་ཁྱོད་པར་ཐོབ་པར་བྱ་བའི་ལམ་ཡིན་པས་ཁྱད་པར་གྱི་ལོམ་མོ།། དེ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྟེ། གང་གིས་དབང་པོ་སྦྱོར་བ་ལ་སོགས་པའི་ཡོན་ཏན་མངོན ་མངོན་པར་སྤྱོད་པར་བྱེད་པའོ།། ཆོས་ཤེས་པའི་སོ་ཞེས་བྱ་བ་ལ། ས་ཞེས་བྱ་བ་ནི་དྲུག་ཏུ་སྟོན་ཏེ་དེ་ནི་ཆོས་ཤེས་པའོ།། གང་དག་འདུ་བྱེད་སྨོས་པ་ནི་འདུས་མ་བྱས་བརྩལ་བར་འདོད་པ་དེ་དག་གི་ལྟར་ན ་དོན་འདི་གཉེན་པོར་འགྱུར་ཏེ། ཟུག་པ་མེད་པ་ནི་ཉེས་པ་མེད་པའི་ཕྱིར་སྤང་བར་འོས་པ་མ་ཡིན་ནོ།། ཅིའི་ཕྱིར་དེ་ཆོས་ཤེས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་དོན་དང་མཐུན་པའི་མིང་དུ་སྟོན་ཏོ།། ཐོག་མེ་མེད་པ་དང་ལྡན ་པའི་འཁོར་བ་ཞེས་བྱ་བ་ཇི་ལྟར་ཐོག་མ་མེད་པ་དང་ལྡན་ཞེ་ན། དགེ་སློང་དག་འཁོར་བ་ནི་ཐོག་མ་མེད་དོ་ཞེས་སྨྲའོ་ཞེས་འབྱུང་བུའི་ཕྱིར་རོ།། རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ།། བདག་གི་ཆུ་སྨིན་གྱི་ཆུ ་སྲིན་འཛིན་ཁྲི་ཞེས་བྱ་བ་ནི་བདག་དང་བདག་གིར་མངོན་པར་ཞེན་པ་སྟེ། བདག་དང་བདག་གིར་མངོན་པ་ཞེན་པའི་ཆུ་སྲིན་འཛིན་ཁྲི་དེས་ཟིན་པ་ནི་བཟུང་བའོ།། ངོ་ཐོག་མ་ཁོ་ནར་ཞེས་བྱ་བ་ནི་དང་པོ་ཉིད་དུའོ།། ཆོས་ཙམ་དུ ་མཐོང་བའི་ཕྱིར་ཞེས་བྱ་བ་ལ། ཙམ་གྱི་སྒྲ་ནི་བདག་དང་བདག་གི་དགག་པར་སྟོན་ཏོ།། ཆོས་ཤེས་པ་བཤད་ཟིན་ཏོ།། རྗེས་སུ་འརྟོགས་པའི་ཤེས་པ་གང་ཞེ་ན། གཟུགས་དང་གཟུགས་མེད་པར་རྟོགས་པའི་འདུ་བྱེད་རྣམས་ཞེས ་བྱ་བ་ནི་སྔ་མ་བཞིན་ནོ།། རྗེས་སུ་ཞེས་བྱ་བ་ནི་ཕྱི་ནས་ཞེས་བྱ་བའི་དོན་སྟོན་ཏོ།། རྗེས་ལས་རྟོགས་པ་ནི་རྗེས་སུ་རྟོགས་པ་སྟེ་ཕྱི་ཤེས་ཞེས་བྱ་བའི་དོན་གང་ཡིན་པའོ།། ཅིའི་ཕྱིར་རྗེས་སུ་རྟོགས་པའི་ཤེས་པ་ས་འོག་མའི་གཉེན ་པོ་མ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་གོང་དུ་ཡར་ལྟ་བ་ཐུར་དུ་མི་ལྟ་བ་བཞིན་ནོ།། ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན། ཤེས་པ་གང་བསྒོམ་པ་ལས་བྱུང་བ་ནི་བསྒོམ་པའི་རང་བཞིན་ཏེ། དཔེར་ན་སའི་སྣོད་ལྟ ་ལྟ་བུའོ།། བསྒོམ་པའི་འབྲས་བུ་ནི་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའོ།། བསྒོམ་པ་ལྔ་བརྟེན་ནས་ཐོབ་པ་ནི་སྔོན་ཐོབ་ཀྱང་དེ་བསྒོམ་པ་སྔོན་དུ་བྱེད་པ་ལྷས་འབྱུང་ངོ་།། ཡང་ན་བསྒོམ་པ་ལ་བརྟེན ་ནས་ཞེས་བྱ་བ་ནི་སྐྱེ་བས་འཐོབ་པ་དང་། རྟོག་གེའི་རིགས་པས་བསྐྱེད་པ་དགག་པ་སྟེ། དེའི་ཕྱིར་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་སྨོས་སོ།། ཏིང་ངེ་འཛིན་ལས་བྱུང་བས་ཏིང་ངེ་འཛིན་ལས་སྐྱེས་པ་སྟེ། བསམ་གཏན་ལ ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ།། ཤེས་པ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་གཉིས་ཀྱི་བར་དུ་སྨོས་པ་ནི་གཉི་གའི་རང་བཞིན་དུ་བསྟན་པའི་ཕྱིར་རོ།། གཞན་དག་གི་ཀུན་རྫོབ་ཤེས་པའོ་འོག་ཏུ་སྨོས་པ་དེ་དག་གིས ་ནི་གསུམ་པོ་དག་གིས་སྐབས་ཀྱིས་སྦྱར་རོ།། དེ་ལྟར་རང་བཞིན་བསྙད་ནས་ལས་སྟོན་ཏོ།། གང་གིས་གཞན་ཞེས་བྱ་བ་ལ། གཞན་སྨོས་པས་ནི་རང་གི་སེམས་མ་གཏོགས་པར་སྟོན་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར ་རོ།། འདོད་པ་དང་གཟུགས་སུ་གཏོག་སྡུ་པ་ཞེས་བྱ་བས་ནི་ཁམས་གཉིས་ཀྱི་སྟོན་ཏོ།། ཟག་པ་མེད་པ་ཁ་ཅིག་ཅེས་བྱ་བ་སྨོས་པས་ནི་གཟུགས་མེད་པ་ན་སྤྱོད་པའི་ཟག་པ་མེད་པ་རྣམས་མི་ཤེས་པའོ།། མི་ལྡན་པ་ཉིད་ཡིན་བཞིན ་དུ་ཡང་ཅིའི་ཕྱིར་མིག་ཤེས་གཟུགས་ཀྱི་འབབ་སྟེགས་ཀྱི་སྒོ་ནས་སྐྱེ་བའི་ཕྱིར་རོ།། ཟག་པ་དང་བཅས་པ་ནི་ཤིན་ཏུ་ཡང་མི་ཤེས་སོ་ཞེས་བསྟན་པར་འགྱུར་ཏེ། ས་ལས་ཤིན་ཏུ་འདས་པའི་ཕྱིར་རོ།། ད་ལྟར་བྱུང་བ་སྨོས་པས་ནི ་འདས་པ་དང་མ་འོངས་པ་སེལ་ཏོ།། ཡང་ན་བསྒོམ་པ་ལས་བྱུང་བ་ནི་བསྒོམས་པའི་རྒྱུ་ལས་བྱུང་བ་སྟེ། དཔེར་ན་ཟས་ལས་བྱུང་བའི་སྲོག་དང་རྩཝ་ལས་གྱུར་པའི་བ་ལང་ཞེས་བྱ་བ་ལྟ་བྱའོ།། ཁར་བསྡོགས་ཀྱིས་དངོས་གཞི་བསམ་གཏན།། ་གྱི་འབྲས་བུ་ཐོབ་པ་སྟེ། ཇི་སྐད་དུ་བསམ་གཏན་ལས་སམ་ཉེར་བསྡོགས་ལས་རྣམ་པར་གྲོལ་བ་དགུ་པའི་ལམ་སྐྱེའོ་ཞེས་གསུངས་པ་ལྟ་བུ་ཡིན་དུ་ཟིན་ཀྱང་དབང་པོ་འཕོ་བ་ཤིན་ཏུ་དཀའ་བའི་ཕྱིར་ཏེ། ཕ་རོལ་གྱི་སེམས་ཤེས་པ ་པ་ནི་དངོས་གཞི་བསམ་གཏན་གྱི་འབྲས་བུ་ཉིད་དོ།། ཤེས་པ་དང་འདྲ་བ་ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་འདྲ་བ་སྟེ། ཟག་པ་དང་བཅས་པས་ཟག་པ་དང་བཅས་པ་ཤེས་ལ། ཟག་པ་མེད་པས་ཟག་པ་མེད་པའི་སེམས་དང ་སེམས་ལས་བྱུང་བ་ཤེས་པའོ།། དེ་ལྟ་མོད་ཀྱི་སེམས་ལ་སྦྱོར་བའི་ཕྱིར་སེམས་ཀྱི་སྒོ་ནས་དེ་སྐད་སྟོན་ཏོ།། གང་གི་ཚེ་སེམས་ཤེས་པ་དེའི་ཚེ་སེམས་ལས་བྱུང་བའི་ཆོས་རྣམས་མ་ཡིན་ཏེ། རྫས་རེ་རེ་སྤྱོད་ཡུལ་ཡིན་པའི་ཕྱིར་རོ།། ་ཇི་ལྟར་ན་འདོད་ཆགས་དང་བཅས་པའི་སེམས་སུ་ཤེས་ཞེ་ན། འདོད་ཆགས་དང་བཅས་པ་རྣམ་པ་གཉིས་ཏེ། ལྡན་པའི་འདོད་ཆགས་དང་བཅས་པ་དང་། འདྲེས་པའི་འདོད་ཆགས་དང་བཅས་པའོ།། དེ་ལ་འདྲེས་པའི་འདོད ་ཆགས་དང་བཅས་པ་ནི་མངོན་དུ་གྱུར་པའོ།། ལྡན་པའི་འདོད་ཆགས་དང་བཅས་པ་ནི་རྙེད་པའི་འབྲེལ་བའོ།། འདི་ནི་འདྲེས་པའི་འདོད་ཆགས་དང་བཅས་པ་བཟུང་བར་རིག་པར་བྱ་སྟེ། གོས་དང་དྲི་མ་ཅིག་ཅར་དུ་མི་འཛིན་པ ་དེ་བཞིན་ནོ།། འདི་ནི་དམིགས་པ་ལ་ལྟ་བ་མ་ཡིན་ཏེ། བསྟན་བཅོས་ལས་ཀྱང་ཆགས་པར་ཤེས་ཀྱི་ཆེ་གེ་མོ་ཞེས་བྱ་བའི་དམིགས་པ་ལ་ཆགས་པར་ནི་མ་ཡིན་ནོ་ཞེས་འབྱུང་ངོ་།། ཟག་པ་མེད་པཱ་ལ་ནི་ལམ ་གྱི་བདེན་པའི་རྣམ་པར་རོ།། བར་ཆད་མེད་པའི་ལམ་ཐམས་ཅད་ནི་མ་གཏོགས་ཏེ། མཆོག་ཏུ་དགའ་བ་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ།། དེ་བས་ན་མཐོང་བའི་ལམ་ལ་བསྒོམ་པ་མ་ཡིན་ཏེ། མཐོང་བའི་ལ་མ་ནི་ཡིད་འབྱུང་བ ་དང་ལྡན་པའི་ཕྱིར་རོ།། དེ་ལ་བསམ་གཏན་དང་པོའི་ས་པས་ནི་ས་གཉིས་ཀྱི་ཤེས་སོ།། དེ་བཞིན་དུ་བསམ་གཏན་བཞི་པའི་ས་བས་ནི་ས་ལྔའི་ཤེས་པའི་བར་དུའོ།། ཟག་པ་མེད་པ་ཡང་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཆོས ་ཤེས་པའི་ཕྱོགས་དང་། རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་སོ།། དེ་ལ་ཆོས་ཤེས་པའི་ཕྱོགས་ཀྱིས་ནི་ཆོས་ཤེས་པའི་ཕྱོགས་ཀྱི་རྗེས་སུ་རྟོགས་པའི་ཕྱོགས་ཀྱི་མ་ཡིན་ཏེ། ཆོས་ཤེས་པ་ས་འོག་མ་ལ་གནས་པའི་ཕྱིར་རོ།། རྗེས་སུ ་རྟོགས་པའི་ཤེས་པ་ནི་ས་གོང་མ་ལ་དམིགས་པའི་ཕྱིར་རོ།། ཆོས་ཤེས་པ་ནི་ས་གོང་མ་ལ་དམིགས་པའི་ཕྱིར་རོ།། ཆོས་ཤེས་པའི་ཕྱོགས་ཀྱི་མ་ཡིན་ནོ།། ཟག་པ་མེད་པ་ནི་མཆོག་ཏུ་གྱུར་པས་ཟག་བྱ་དང་བཅས་པས་མི་ཤེས་པ་ནི ་རིགས་ན། ཟག་པ་མེད་པས་ཅིའི་ཕྱིར་ཟག་པ་དང་བཅས་པ་མ་ཤེས་ཞེ་ན། ཟག་པ་མེད་པ་མཆོག་ཏུ་དགོའ་བ་ཡིད་ལ་བྱེད་པ་དང་ལྗོན་པའི་ཕྱིར་རོ།། ཟག་པ་དང་བཅས་པ་ནི་ཡིད་འབྱུང་བའི་དངོས་པོའོ།། གཟུགས་དང་མི་ལྡན་པ ་རྣམས་དང་འདུས་མ་བྱས་མི་ཤེས་ཏེ། གཞན་གྱི་སེམས་ཤེས་པའི་ཕྱིར་རོ།། ས་མཆོག་ཏུ་གྱུར་པ་མི་ཤེས་ཏེ། བསམ་གཏན་དང་པོའི་ས་པས་བསམ་གཏན་གཉིས་པའི་མི་ཤེས་སོ།། དབང་པོ་མཆོག་ཏུ་གྱུར་པ་ནི་ས་མཚུངས་ཀྱང ་དབང་པོ་རྟུལ་པོ་རྣོན་པོའི་རྒྱུད་ལས་བྱུང་བ་མི་ཤེས་སོ།། གང་ཟག་མཆོག་གི་མི་ཤེས་ཏེ། ཇི་ལྟར་ཉན་ཐོས་ཀྱིས་རང་སངས་རྒྱས་ཀྱི་རྒྱུད་མི་ཤེས་པ་དང་། རང་སངས་རྒྱས་ཀྱིས་དེ་བཞིན་གཤེགས་པའི་རྒྱུད་མི་ཤེས་པ་ལྟ་བུའོ།། ་དེའི་དོན་ནི་དབང་པོ་མཆོག་ཉིད་ཀྱིས་གོ་བར་འགྱུར་རོ་ཞེ་ན། འདི་ལ་ཉེས་པ་མེད་དེ་དབང་པོ་ནི་རང་གི་སར་གཏོགས་པ་རྣམས་དང་སློབ་པ་རྣམས་ཀྱིའོ།། གང་ཟག་པ་སྨོས་པ་ནི་སར་མ་གཏོགས་པ་དང་། འོངས་པ་དང་མ་འོངས་པ ་ཡང་སྟོན་ཏོ།། ཉན་ཐོས་ཀྱིས་ནི་མཐོང་བའི་ལམ་ལས་སྐད་ཅིག་གཉིས་ཤེས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པའོ།། ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་ཤིན་ཏུ་མཆོ ་པར་འགྲོ་བའི་ཕྱིར་ཏེ། ཇི་ཙམ་དུ་གཞན་དུ་སྦྱོར་བ་རྩོམ་པ་དེ་ཙམ་དུ་དེའི་སྐད་ཅིག་དེ་སྙེད་འདའོ།། རང་སངས་རྒྱས་ཀྱིས་ནི་སྐད་ཅིག་གསུམ་ཤེས་ཏེ། གསུམ་པ་ནི་ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པའི་སྐད་ཅིག་གོ།། ་བཅོམ་ལྡན་འདས་ཀྱིས་ནི་སྦྱོར་བ་མ་མཛད་པར་ཡང་སྐད་ཅིག་ཐམས་ཅད་མཁྱེན་ཏོ།། མཐོང་བའི་ལམ་ལ་གནས་པ་འདི་ནི་བསྟན་བཅོས་ལས་མཚན་མ་མེད་པར་གནས་པ་ཞེས་བྱ་བ་བསྟན་ཏོ།། ཡང་ན་གང་ཟག་སྨོས་པ་ཉིད ་ཀྱིས་དབང་པོ་ཐ་དད་པ་སྲོས་ཏེ་བསྟན་ཏོ།། གལ་ཏེ་དེ་ལྟ་ན་ལྷ་རྣམས་ཀྱིས་དགེ་སྦྱོང་འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་སོ་ཞེས་སྨྲས ་དྭའི་མདོའི་ཚིག་འདི་ཇི་ལྟར་སྦྱར། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དགའ་བར་བྱ་བའི་ཕྱིར་བྱས་སོ་ཞེའོ།། འོ་ན་གོང་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ལྔ་ཟླས་སྦྱིན་ཞེས་བྱ་བ་ཇི་ལྟ་ཞེ་ནཱ། དེའི ་ཕྱིར་ཁ་ཟས་བྱིན་པྲ་ལ་ཟས་ཀྱི་སྒྲར་བསྟན་ཏོ།། ཀུན་རྫོབ་ཤེས་པ་གང་ཞེ་ན།། ལན་བོཏབ་པ། ཤཱས་རབ་ཟག་པ་དང་བཅས་བཱ་སྟེ་ཞེས་བྱ་བ་སྟེ། རདྭ་བཞིན་བསྟན་པའོ།། ཀུན་རྫོབ་ནི་སྒྲིབ་པོ་སྟེ་ཤེས་པ་སྒྲིབ་པའོ།། མ་རིག་པ ་མ་སྤངས་པའི་ཕྱིར་ཏེ་རང་བཞིན་དང་རྒྱུད་རྣམ་པར་གྲོལ་བ་གཉིས་ཀྱིས་རྣམ་པར་མ་གྲོལ་བའི་ཕྱིར་རོ།། ཡང་ན་ཀུན་རྫོབ་ནི་ཐཱ་སྙད་དོ་དེར་ལྟུང་བའི་ཤེས་པ་ནི་ཀུན་རྫོབ་ཤེས་པའོ།། གཞན་ན་རཾ་རྒྱུན་གྱི་ཤེས་པའོ་ཞེའོ།། ཀུན ་རྫུབ་ནི་ཕལ་ཆེར་བུམ་པ་དང་། སྣམ་བུ་ལ་སོགས་པ་ཞེས་བྱ་བ་ལ། ཕལ་ཆེར་ཞེས་བྱ་བ་སྨོས་བྱས་ལྷག་པར་བསྟན་པའི་ཕྱིར་རོ།། ཤེས་པ་འདི་རེས་འགའ་ནི་དོན་དམ་པ་ལ་འདྲ་འཇུག་སྟེ། ཇི་ལྟར་ཆོས་ཐམས་ཅད་བདག ་མེད་པ་ལྟ་བུའོ།། ཤེས་པ་འདི་ནི་ཟག་པ་དང་བཅས་པ་སྟེ། འཇིག་རྟེན་ལས་འདས་པ་ནི་གཉེན་པོར་གྱུར་པའི་ཕྱིར་དམིགས་པ་ཡོངས་སུ་གཅོད་པ་ཉིད་དོ།། རང་བཞིན་དང་ལྷན་ཅིག་འབྱུང་བ་མ་གཏོགས་པར་ཆོས་ཐམས ་ཅད་ནི་རང་བཞིན་གྱི་དམིགས་པ་ཡིན་ནོ།། སེམས་ཀྱི་སྐད་ཅིག་དེ་ནི་གཞན་གྱིའོ།། དེ་ལ་རང་བཞིན་ནི་མི་ཤེས་ཏེ་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ།། གང་དག་མད་མེའི་དཔེས་རང་མྱོང་བ་བརྗོད་པ་དེ་དག་གི་ལྟར་ན་མེ་ནི་སྣང་། ་བར་བྱ་བ་ཡིན་གྱི་སྣང་བར་བྱེད་པ་མ་ཡིན་པར་འགྱུར་རོ།། རས་དང་མར་མེ་མ་གཏོགས་པར་སྣང་བར་བྱ་བ་རྫས་གཞན་ནི་མེད་དོ།། ཚོར་བ་ལ་སོགས་པ་ལ་ཡང་ཤེས་ཏཱ་ཧཱ་ཅང་ཉེ་བའི་ཕྱིར་རོ།། ཡང་དམིག་པ་མཚུངས ་པ་ཉིད་ཉམས་པར་འགྱུར་རོ།། བདག་མེད་པའི་རྣམ་པར་ཞུགས་པ་ཡིན་ན་ཅིའི་ཕྱིར་དོན་དམ་པ་ཤེས་པར་མི་འགྱུར། གྲཝར་མཁན་གྱིས་ཤིན་ཏུ་བསླབས་ཀྱང་རྒྱལ་པོའི་རོལ་པ་དང་འདྲི་བར་མི་ནུས་པ་ལྟར་དེ་ལྟར་གྱུར ་པ་ལྔ་ཡང་ཤིན་ཏུ་གནས་པ་མ་ཡིན་པའི་ཕྱིར་རོ།། ཀུན་རྫོབ་ཤེས་པ་དེ་ཡང་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ།། ཉོན་མོངས་པ་ཅན་ཡང་རྣམ་པར་གཉིས་ཏེ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ལྟ་བའི་བླ་དག། ་ཉིད་ནི་ལྟ་བའི་རང་བཞིན་ནོ།། ལྟ་བ་ལྔ་པོ་རྣམས་ནི་ཇི་སྐད་དུ་བསྟན་པ་རྣམས་སོ།། ལྟ་བའི་བདག་ཉིད་མ་ཡིན་པ་ནི་ལྟ་བའི་རང་བཞིན་མ་ཡིན་པ་སྟེ། ཐེ་ཚོམ་ལྔ་སོགས་པའི་ཚོགས་དང་ལྡན་པའོ།། དེ་ནི་ཤེས་ར་ཉིད་ཡིན་ཞེས ་བྱ་བ་ནི་གྲུབ་པའི་མཐའ་ལས་སོ།། ཉོན་མོངས་པ་ཅན་ཡང་ཡིན་པ་ཡང་རྣམ་པ་གཉིས་ཏེ། དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ།། རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པ་རྣམ་པ་བཞི་སྟེ། དེ་ནི་ཡོངས་སུ ་ཚོལ་བའི་བསམ་པ་མ་ཡིན་པ་དང་། ཕྱི་རོལ་ཏུ་ལྟས་པའི་རྣམ་པའི་ཕྱིར་ལྟ་བ་མ་ཡིན་ནོ།། དགེ་བ་ནི་གང་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་རྒྱུ་བ་སྟེ། དེ་ནི་ཤེས་རབ་ཉིད་ཡིན་ཏེ། རྣམ་པར་མི་རྟོགས ་པའི་ཕྱིར་རོ།། མ་ཆགས་པ་དང་ཞེ་སྡང་མེད་པ་དང་ལྡན་པའི་ཕྱིར་རོ།། ཡིད་ཀྱིས་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བའོ།། དེ་ཡང་མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པའོ།། མཉམ་པར ་མ་བཞག་པ་ནི་རྣམ་པ་གསུམ་སྟེ། སྐྱེ་བས་འཐོབ་པ་དང་། ཐོས་པ་དང་། བསམ་པ་ལུས་བྱུང་བའོ།། དེ་ལ་ཐོས་པ་ལས་བྱུང་བའི་ཤེས་པ་ནི་མིང་ལ་དམིགས་པའོ།། བསམས་པ་ལས་བྱུང་བ་ནི་མིང་དང་དོན་ལ ་དམིགས་པ་སྟེ། དཔེར་ན་རྒྱལ་མ་བསླབ་པ་དང་། ཅུང་ཟད་བསླབས་པ་ལྟ་བུ་སྟེ། གློ་རིམ་བཞིན་ནོ།། དེ་ལ་སྐྱེས་པས་ཐོབ་པ་ནི་ཁམས་གསུམ་ཆར་ནའོ།། ཐོས་པ་ལས་བྱུང་བ་ནི་བསམ་གཽཏན་དང་བློ་དང་། འདོད་པའི ་ཁམས་ནུའོ།། གོང་མ་ན་རྣམ་པར་རྟོགས་པ་དང་། རྣམ་པར་དཔྱོད་པ་མེད་པའི་ཕྱིར་མི་དགེ་བ་མེད་དོ།། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་མི་དག་གོ། བསམ་པ་ལས་བྱུང་བ་ནི་འདོད་པའི་ཁམས་ཉིད་ནའོ།། དེ་དག ་ནི་གང་གི་ཚེ་བསམ་པར་རྩོམ་པ་དེའི་ཚེ་དེ་དག་གི་བསྒོམ་པ་འགྲུབ་བོ།། མཉམ་པར་མ་བཞག་པའི་ཤེས་པ་ནི་དོན་ལ་དམིགས་པ་ཉིད་དོ།། དེ་ནི་རྣམ་པ་བཞི་སྟེ། ཉམ་པར་འགྱུར་བའི་ཆ་དང་མཐུན་པ་ནི་ཉོན་མོངས་པ ་འབྱུང་བ་དང་མཐུན་པའོ།། གནས་པའི་ཆུ་དང་མཐུན་པ་ནི་ངེས་པར་འབྱེད་པའི་ཆུ་དང་མཐུན་པའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་ཟག་པ་མེད་པ་དང་མཐུན་པའོ།། གཟུགས་ན་སྤྱོད་པའི་ཕུང་པོ་ལྔའི་རླུང་བཞིན། ་ཏེ། རྗེས་སུ་འབྲང་བའི་གཟུགས་ཡོད་པའི་ཕྱིར་རོ།། གཟུགས་མེད་པ་ན་སྤྱོད་པ་ནི་ཕུང་པོ་བཞིའི་རང་བཞིན་ཏེ་གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་ཕྱིར་རོ།། ཅིའི་ཀུན་རྫོབ་ཤེས་པ་གནས་འདིར་བརྗོད་ཅེ་ན། འཕྲུགས་པའི་ལམ་གྱི་སྒོ་རྣམ ་པར་དཔྱད་པ་དང་། འཕགས་པའི་ལམ་གྱི་འཁོར་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་རྣམས་ནི་བདེན་པ་གསུམ་གྱི་མཐའ་ལས་རྙེད་པ་སྟེ་མི་སྐྱེ་བའི་ཆོས་ཅན་ནོ་ཞེས་འབྱུང་བ ་ལྟ་བུའོ།། ལམ་གྱི་བདེན་པ་ལ་ནི་མེད་དེ་མཐའ་དག་མངོན་པོར་རྟོགས་པ་མེད་པའི་ཕྱིར་རོ།། སྡུག་བསྔལ་ཤེས་པ་ནི་ཉེ་བར་ལེན་པའི་ཕུང་པོ་འབྲས་བུར་གྱུར་པ་ད་ལྟར་བྱུང་བ་ན་རྣམས་ལའོ།། ཉེ་བར་ལེན་པོའི་ཁ་ན་ལས་པའི་ཕྲེང་པོ་རྣམས ་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ། དཔེར་ན་རྒྱལ་པོ་ལ་བརྟེན་པའི་མི་ལ་རྒྱལ་པོའི་སྐྱེས་བྲི་ཞེས་བྱ་བ་ལྟ་བུའོ།། གལ་ཏེ་དེ་ལྟ་ན་དགྲ་བཅོམ་པ་མཉམ་པར་མུཾ་གཞག་པའི་ཕུང་པོ་རྣམས་ཉེ་བར་ལེན་པའི་ཁ་ནཱ་ལས་པ་མ་ཡིན་པར ་འགྱུར་རོ།། འདི་ལ་ཉེས་པ་མེད་དོ།། དེ་དག་ཀྱང་ཉེ་བར་ལེན་པའི་ཁ་ན་ལས་པ་ཡིན་ཏེ།། ཉོན་མོངས་པའི་དབང་གིས་འཕངས་པའི་ལས་དེའི་ཁ་ན་ལས་པའི་ཕྱིར་རོ།། དཔེར་ན་དགྲ་བཅོམ་པ་ལ་སྔོན་གྱི་ལས་ཀྱིས་འཕངས་པ་ཡོད་པས ་བསད་པ་ལྟ་བུའོ།། རྣམ་པ་དེས་ན་དེ་ལས་བྱུང་བར་བརྗོད་པར་ནུས་ཏེ། ཇི་སྐད་དུ། ཇི་ལྟར་སྲེད་པ་དང་མཱ་རིག་པ་གཉིས་ཀྱིས་བྱིས་པའི་ལུས་ཡང་དག་པར་ཐོབ་པ་ལྟར་མཁས་པའི་ཡང་དེ་བཞིན་ནོ་ཞེས་བསྟན་པ ་ལྟ་བུའོ།། ཡང་ན་དེ་དག་ཡོད་པས་ཉེ་བར་ལེན་པ་འབྱུང་བར་འགྱུར་ཏེ། མེ་ཏོག་དང་འབྲས་བུའི་ཤིང་ལྟ་བུའོ།། གཞན་གྱི་རྒྱུད་ཀྱི་ཉེ་བར་ལེན་པའི་བསྐྱེད་པའི་ཕྱིར་རོ།། མི་རྟག་པ་ནི་འབྱུང་བ་དང་འཇིག་པའི་ཆོས་ཅན་གྱི་ཕྱིར་མི་རྟག་པར ་མཐོང་ངོ་།། གནོད་པའི་བདག་ཉིད་ཀྱི་ཕྱིར་སྡུག་བསྔལ་དུ་མཐོང་ངོ་།། སྡུག་བསྔལ་གྱི་བདག་ཉིད་ཇི་ལྟ་བུ་ཞེ་ན། སྡུག་བསྔལ་གསུམ་ཡོད་པའི་ཕྱིར་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་ནི་འདོད་པའི་ཁམས་ནའོ།། འགྱུར་བའི་སྡུག་བསྔལ་ནི ་གཟུགས་ཀྱི་ཁམས་ནའོ།། འདུ་བྱེད་ཀྱི་སྡུག་བསྔལ་ནི་གཟུགས་མེད་པའི་ཁམས་ནའོ།། དེ་བཞིན་དུ་ཡིད་དུ་འོང་བ་ལ་སོགས་པ་ཡང་ཅི་རིགས་སུ་རང་གི་ཁམས་སུ་བརྗོད་པར་བྱའོ།། ནང་ན་བྱེད་པའི་སྐྱེས་བུ་མེད་པའི་ཕྱིར་བདག་མེད ་པཔར་མཐོང་ངོ་།། ཁ་ཅིག་ན་རེ་བདག་མེད་པ་རྣམ་པ་གཉིས་ཏེ། གང་ཟག་ལྔ་བདག་མེད་པ་དང་། ཆོ་སྔ་ལ་བདག་སྐྱེད་པའོ་ཞེས་མཛེར་ཏེ། ཆོས་ལ་བདག་མེད་པ་དེ་ནི་མདོ་སྡེ་དང་འགལ་ལོ།། ཀུན་དགའ་བོ་རོ་དགས་འཛིན་གྱི་མོའི་ཁང་བབ ་འདི་ནི་གླང་པོ་དང་རྟ་དང་བ་ལང་དང་ལུག་དང་ཕག་གིས་སྟོང་ངོ་།། འདི་ནི་མི་སྟོང་པ་ཡང་ཡོད་དེ། འདི་ལྟར་དགེ་སློང་གི་དགེ་འདུན་གྱིས་སོ།། ཀུན་དགའ་བོ་དེ་བཞིན་དུ་འདུ་བྱེད་ཐམས་ཅད་ནི་བདག་དང་བདག་གིས་སྟོང་ངོ་།། འདི་ན་ལྷག་མ། ་ཡོད་པ་དེ་ནི་འདིར་ཡོད་པའོ་ཞེས་གསུངས་པའི་ཕྱིར་རོ།། ཇི་སྟེ་སྟོང་པ་ཉིད་རྣམ་པ་བཅུ་དྲུག་ཅེ་ན། དེ་ནི་སྟོང་པ་ཉིད་ཅེས་བྱ་བ་དང་རྣམ་པ་ཞེས་བྱ་བ་དེ་སྔ་ཕྱི་འགལ་ལོ།། མི་རྟ་ག་པ་ལ་སོགས་པར་བཤད་བཞིན་དུ་ཅིའི་ཕྱིར་སྡུག་བསྔལ ་ཉིད་དུ་བརྗོད་ཅེ་ན། སྐྱོ་བ་བསྐྱེད་པའི་ཕྱིར་རོ།། དཔལ་འཛིན་གྱིས་བདེ་བར་ཚོར་བ་མེད་དེ། གང་ཅི་ཚོར་བ་ཡང་དེ་ནི་འདིར་སྡུག་བསྔལ་བྲའོ་ཞེས་བཤད་པའི་ཕྱིར་རོ།། དེའི་དོན་ནི་གཏན་ལ་དབབ་པའི་ཕྱིར། རང་བཞིན་སྡུག་བསྔལ ་པར་ཁས་བླང་བར་མི་བྱ་སྟེ། ཀུན་དགའ་བོ་དེ་ནི་ངེས་འདུ་བྱེད་མི་རྟག་པ་དང་། འགྱུར་བ་མ་རྟག་པ་ལ་དགོངས་ཏེ་བསྟན་ཏོ་ཞེས་འབྱུང་བའི་ཕྱིར་རོ།། འདུ་བྱེད་རྣམས་དང་འགྱུར་བ་དག། མི་རྟག་པར་ནི་མཁྱེན་ནས་སུ། རབ་མཁྱེན ་རྫོགས་པའི་སངས་རྒྱས་ཀྱིས།། ཚོར་བ་སྡུག་བསྔལ་རབ་ཏུ་གསུངས།། ཞེས་འབྱུང་ངོ་།། ཀུན་འབྱུང་བ་ཤེས་པ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྒྱུར་གྱུར་པ་ལས་དང་ཉོན་མོངས་པ་དང་ལྷན་ཅིག་རྒྱུ་བ་དེ་དག་ཉིད་འདྲེས་པ་རྣམས ་ལ་སྟེ། འདི་ལྟར་ལས་དང་ཉོན་མོངས་པ་གཉིས་ལས་སྲིད་པ་འབྱུང་བའི་ཕྱིར་རོ།། འདི་ལྟར་ཉོན་མོངས་པ་ནི་ཤུན་པ་ལྟ་བུའོ།། ལས་ནི་འབྲས་བུ་ལྟ་བུ་སྟེ། དཔེར་ན་འབྲས་བུ་ཤུན་པ་དང་ལྡན་ན་མྱུ་གུ་འབྱིན་པ་དེ་བཞིན་དུ་ཉོན་མོངས ་བ་དང་ལྡན་པའི་ལས་སྲིད་པའི་མྱུ་གུ་འབྱིན་ནོ།། རྒྱུ་མེད་པར་སྨྲ་བ་རྣམ་པོ་གཉིས་ཏེ། ཁ་ཅིག་ནི་ཐམས་ཅད་རྒྱུ་མེད་པར་ཁོང་དུ་ཆུད་དེ། འདི་ལྟ་སྟེ་མེད་པ་པ་རྣམས་སོ།། ཁ་ཅིག་ནི་ལེ་ལ་རྒྱུ་ཡོད་ལ། ལ་ལ་མེད་པར་སྟེ། འདི ་ལྟ་སྟེ་ཚངས་པ་ཆེན་པོ་ནི་རྒྱུ་མེད་པའོ།། གང་དེས་སྤྲུལ་པ་དེ་དག་ནི་རྒྱུ་དང་བཅས་པའོ།། དེ་བཞིན་དུ་བྱེད་པ་མེད་པར་སྨྲ་བ་པའང་རྣམ་པ་གཉིས་ཏེ། ཁ་ཅིག་ན་རེ་ལ་ལ་ནི་བྱེད་པ་དང་བཅས་པ། ལ་ལ་ནི ་བྱེད་པ་མེད་པ་སྟེ། འདི་ལྟ་སྟེ། དབང་ཕྱུག་ནི་སྡིག་པ་གང་གིས་ཀྱང་མི་གོས་སོ།། གཞན་དག་ནི་སྡིག་པ་དང་ལྡན་ནོ་ཞེའོ།། དེའི་ཕྱིར་དེ་དག་གི་གཉེན་པོར་རྒྱུ་དང་། ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་གྱི་རྣམ་པའོ།། ལཱང་ན་གང ་འཕེན་པར་བྱེད་པ་ལས་དང་ཉོན་མོངས་པ་ལྷན་ཅིག་རྒྱུ་བ་དེ་ནི་རྒྱུ་དང་ཀུན་འབྱུང་བ་ཞེས་བྱའོ།། གང་སྐྱེས་པ་དེ་ནི་རབ་ཏུ་སྐྱེ་བ་དང་རྐྱེན་ཅེས་བྱའོ།། དེ་བཞིན་དུ་སངས་རྒྱས་པ་རྣམས་ལ་འགོག་པ་མེད་དོ་ཞེསྔ་སྙམ་པ་དེའི་གཉེན ་པོར་འགོག་པ་ལ་འགོག་པའོ།། དབང་པོ་གཅིག་འགག་ན་སྡུག་བསྔལ་དབང་པོ་ཐམས་ཅད་འགོག་པ་ལྟ་ཅི་སྨོས་སྙོམ་པ་དེའི་གཉེན་པོར་ཞི་བ་སྟེ། མི་གསུམ་ཤི་བའི་ཕྱིར་རོ།། རྟག་ཏུ་དགེ་བའི་ཕྱིར་གྱི་ནོམ་པའོ།། སྡུག ་བསྔལ་ཐམས་ཅད་མེད་པའི་ཕྱིར་ངེས་པར་འབྱུང་བ་སྟེ། དེ་དང་ལྡན་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྟོང་པའི་ཕྱིར་རོ།། ཡོངས་སུ་མྱ་ངན་ལྔས་འདས་པའི་དུས་ན་ལམ་ཡང་གཟིངས་དང་འདྲ་བར་འདོར་རོ།། ཤེས་པ ་རྣམ་པ་དེ་ལྟ་བུ་ནི་འགོག་པ་ཞེས་བྱའོ།། སངས་རྒྱས་པ་རྣམས་ལ་ལ་མེད་དོ་སྙམ་པ་དེའི་གཉེན་པོར་ལམ་ལ་ལམ་མོ།། ལམ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་མི་གཙང་བ་ཉོན་མོངས་པ་དེ་དག་ལམ་གྱིས་གཞིག་པའི་ཕྱིར ་ཏེ། དཔེར་ན་སྤྱད་གང་གིས་རྨ་དྲལ་བ་དེ་ཡང་མི་གཙང་བ་སྔགས་པ་བཞིན་ནོ་སྙམ་པའི་གཉེན་པོར་རིག་པའོ།། འདི་ལྟརརྱ་ལཱས་སྐྱེ་བར་མངོན་དུ་གྱུར་པ་ན་ཉོན་མོངས་པ་གལ་ཏེ་མུན་པ་དང་མར་མེ་གཉིས་སྐད་ཅིག་གཅིག་གི་བར ་དུ་ལྷན་ཅིག་གནས་པར་གྱུར་ན་ནི་སྐད་ཅིག་བརྒྱར་ཡང་གནས་པར་འགྱུར་རོ།། སྒྲུབ་པ་ནི་ཡང་དག་པར་བསྒྲུབ་པའི་ཕྱིར་རོ།། ཇི་ལྟར་ན་ཡང་དག་པར་སྒྲུབ་པ་འཕགས་པའི་ལམ་ཡིན་ཞེ་ན། གནས་མ་ཡིན་ཏེ་གོ་སྐབས ་མེད་དོ།། གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་ཆེད་དུ་བསམས་ཏེ། བསླབ་པ་ལས་འདའ་བ་དང་། ངན་སོང་དུ་འགྲོ་བ་དང་། མ་ནིང་དུ་འགྱུར་བ་ནས་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པའི་བར་དུ་གནས་མེད་དོ། ་ཞེས་འབྱུང་བ་ལྟ་བུའོ།། འདིས་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་ངེས་པར་འབྱུང་བར་འགྱུར་བས་ངེས་པར་འབྱིན་པ་སྟེ། ཤེས་པ་རྣམ་པ་དེ་ལྟ་བུ་ཟག་པ་མེད་པ་དེ་ནི་ལམ་ཤེས་པའོ།། དེ་ལ་ཤེས་རབ་ནི། ་རྟོག་པ་དང་། བརྟག་པར་བྱ་བ་དང་རྣམ་པ་དང་བཅས་པའོ།། དེ་ལྟར་ཤེས་རབ་རྣམ་པ་དང་བཅས་པར་འགྱུར་ཏེ། ཤེས་རབ་གཞན་དང་ལྡན་པར་འགྱུར་བའི་ཕྱིར་ཞེ་ན། ཡུལ་ལ་འཛིན་པར་ཞུགས་པའི་ཕྱིར་རོ།། སེམས ་དང་སེམས་ལས་བྱུང་བ་ནི་རྣམ་པ་དང་བཅས་པ་དང་། བརྟག་པར་བྱ་བ་ཡིན་གྱི་རྟོག་པ་ནི་མ་ཡིན་ཏེ། ཚོར་བ་ལ་སོགས་པ་མུན་པ་དང་མཚུངས་པའི་ཕྱིར་རོ།། གཟུགས་དང་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ནི་བརྟག ་པར་བྱ་བ་ཉིད་དོ།། དེ་བས་ན་ཤེས་རབ་ནི་མངོན་པར་རྟོགས་པ་རྣམ་པ་གསུམ་སྟེ། མཐོང་བས་མངོན་པར་རྟོགས་པ་དང་། དམིགས་པ་མངོན་པར་རྟོགས་པ་དང་། བྱེད་པ་མངོན་པར་རྟོགས་པའོ།། དེ་དང ་ལྡན་པ་རྣམས་ནི་དམིགས་པ་མངོན་པར་རྟོགས་པ་དང་། བྱེད་པ་མངོན་པར་རྟོགས་པ་སྟེ། དེ་དང་མི་ལྡན་པ་རྣམས་ནི་བྱེད་པ་མངོན་པར་རྟོགས་པ་ཉིད་དོ།། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནི་མི་རྟག་པ ་དང་སྡུག་བསྔལ་བའི་རྣམ་པར་རོ།། བདག་གིས་ཞེས་བྱ་བ་ནི་རྗེས་སུ་ཐ་སྙད་བཏགས་པའི་ཕྱིར། སྟོང་པ་དང་བདག་མེང་བའི་རྣམ་པ་མ་ཡིན་ནོ།། ཀུན་འབྱུང་བ་སྤངས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྣམ་པ་བཞི་པོ་དག་གིསོ།། འགོག ་པ་དཔེ་ལམ་ལེ་ཡང་དེ་བཞིན་ནོ།། དེ་ལྟར་རྣམ་པ་བཅུ་བཞི་ནི་བདེ་བཤེས་པ་ཡིན་ཏེ། ཟད་པ་ལ་ཟད་པ་ཤེས་པས་ཟད་པ་ཤེསྡུ་པའོ།། མི་སྐྱེ་བ་ཤེས་པ་ཡང་དེ་བཞིན་ནོ།། བདོག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ། ཡང ་ཡོངས་སུ་ཤེས་པར་བྱ་བ་མེད་དོ།། དེ་བཞིན་དུ་བསྒོམ་པར་བྱ་བ་མེད་དོ་ཞེས་བྱ་བའི་བར་དུའོ།། ཤེས་པ་འདི་དག་ཉིད་ནི་ལྟ་བའི་རང་བཞིན་མ་ཡིན་ཏེ། ཡོངས་སུ་འཆོལ་བའི་བསམ་པ་མི་ཡིན་པའི་ཕྱིར་རོ།། ཤེས་པ་ལྷགས ་བརྒྱད་ནི་ལྟ་བའི་རང་བཞིན་ཡིན་ནོ།། ཤེས་པ་ཡིན་ལ་ལྟ་བོ་མ་ཡིན་པ་ཡང་ཡོང་དེ། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཐེ་ཚོམ་ལ་སོགས་དང་ལྡན་པའི་ཤེས་རབ་བོ།། ལྟ་བ་ཡིན་ལ་ཤེས་པ་མ་ཡིན་པ་ཡོད་དོ།། ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་བཟོད་པ་རྣམས་སོ།། ལྟ་བ་ཡང་ཡིན་ལ་ཤེས་པ་ཡིན་པ་ཡང་ཡོད་དེ། དེ་ཤེས་རབ་བདུན་དང་ཀུན་རྫོབ་ཤེས་པའི་ཕྱོགས་ཏེ། ལྟ་བ་ལྔའི་རང་བཞིན་ནོ།། ལྟ་བ་ཡང་མ་ཡིན་ཤེས ་པ་ཡང་མ་ཡིན་པ་ཡང་ཡོད་དེ། གཟུགས་དང་ཚོར་བ་དང་།། འདུ་ཤེས་དང་མི་ལྡན་པའི་འདུ་བྱེད་རྣམས་སོ།། ཟད་པ་མེད་པའི་ཤེས་པ་འདི་དག་ནི་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། གཟུགས ་མེད་པ་གསུམ་པོ་དྲག་ན་དབང་པོ་རྟུལ་པོ་ནི་དཀའ་ལ་མངོན་པར་ཤེས་པ་བུལ་བའི་ལམ་ལོ།། དབང་པོ་རྣོན་པོ་ནི་དཀའ་ལ་མངོན་པར་ཤེས་པ་མྱུར་བའི་ལམ་ལོ།། ཅིའི་ཕྱིར་ཞེ་ན། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར ་ཅན་ནི་ཤེས་རབ་ཀྱི་ཤས་ཆེ་བ་ཞི་གནས་ཆུང་ངོ་།། གཟུགས་མེད་པ་གསུམ་ནི་ཞི་གནས་ཀྱི་ཤས་ཆེ་ལ་ཤེས་རབ་ཆུང་ངོ་།། དངོས་གཞི་བསམ་གཏན་བཞི་པོ་དག་ལ་དབང་པོ་རྟུལ་པོ་སྨྲ་ལྔ་མངོན་པར་ཤེས་པར་བྲལ་བའི ་ལམ་མོ།། དབང་པོ་རྣོན་པོ་སླ་ལ་མངོན་པར་ཤེས་པ་མྱུར་བའི་ལམ་སྟེ། ཞི་གནས་དྲང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ཕྱིར་རོ།། དངོས་གཞི་བསམ་གཏན་གྱིས་བསྡུས་པའི་ལམ་ནི་སླ་བའི་སྒྲར་བསྟན་ཏོ།། དང་། ་པོ་བྱེ་བྲག་གིས་ནི་བུལ་བ་དང་མགྱོགས་པའི་སྨྲས་སོ།། ཀུན་རྫོབ་ཤེས་པ་འཁོར་བའི་སྒྲར་ལྟུང་བའི་ཕྱིར་ཟག་པ་དང་བཅས་ཕ་རོལ་གྱི་སེམས་ཤེས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་སྟེ། ཀུན་རྫོབ་ཤེས་པའི་རང་བཞིན ་གང་ཡིན་པ་དེ་ནི་ཟག་པ་དང་བཅས་པའོ།། ཆོས་དང་རྗེས་སུ་རྟོགས་པའི་ཤེས་པའི་རང་བཞིན་གང་ཡིན་པ་དེ་ནི་ཟག་པ་མེད་པའོ།། ལྷག་མ་ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པ་དང་། ་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་རྣམས་ནིཟག་པ་མེད་པ་ཉིད་དོ།། ཕ་རོལ་གྱི་སེམས་དང་། སྡུག་བསྔལ ་དང་། ཀུན་འབྱུང་བ་དང་། ལམ་ཤེས་པ་རྣམས་ནི་འདུས་བྱས་ལ་དམིགས་པའོ།། འགོག་པ་ཤེས་པ་ནི་འདུས་མ་བྱས་ལ་དམིགས་པ་སྟེ། འགོག་པ་འདུས་མ་བྱས་ཡིན་པའི་ཕྱིར་རོ།། ལྷག་མ་ནི་གཉིས་ལ་དམིགས ་པའོ།། སྡུག་བསྔལ་དང་། ཀུན་འབྱུང་བའི་ཤེས་པའི་སྤྱོད་ཡུལ་ནི་ཟག་པ་དང་བཅས་པའོ།། སྤྱོད་ཡུལ་ནི་དམིགས་པ་ལ་བྱའོ།། འགོག་པ་དང་ལམ་ཤེས་པའི་སྤྱོད་ཡུལ་ནི་ཟག་པ་མེད་པའོ།། ལྷག་མ་རྣམས ་ཀྱི་སྤྱོད་ཡུལ་ནི་གཉི་གའོ།། སོ་སོ་བྱེ་བྲག་ཏུ་འགྱུར་བ་ནི་གཞུང་ལུས་འབྱུང་བ་བཞིན་ནོ།། ། ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པོ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། བམ ་པོ་བཞི་པ།། བཟོད་པ་ནི་བརྒྱད་དོ།། བཟོད་པ་ཞེས་བྱ་བའི་སྒྲའི་དོན་ཅི་ཞེ་ན། བདེན་པ་བཞི་ལ་ཆེར་བཟོད་པའི་ཕྱིར་བཟོད་པའོ།། ཤེས་པའི་བྱེ་བྲག་ཉིད་དུ་དེ་ཟག་པ་མེད་པ་བསྟན་པའི་ཕྱིར་རོ།། དེ་ནི་ཞེས ་བྱ་བ་བཟོད་པ་དང་སྦྱར་རོ།། ངེས་པའི་ཤེས་པ་རྣམས་ནི་ཤེས་པ་བརྒྱད་དེ། ཆོས་ཤེས་པ་བཞི་དང་། རྗེས་སུ་རྟོགས་བའི་ཤེས་པ་བཞི་པོ་དེ་དག་གོ།། སྐལ་བ་འདྲ་བའི་རྒྱུར་གནས་པ་དང་། གནས་ཡིན་པ་དང་། དེ་མ་ཐག་པའི་རྐྱེན་གྱིས ་དྲངས་པའི་ཕྱིར། དེའི་སྐྱེད་པ་སྟེ་འབྱུང་བར་བྱེད་པའོ།། རྣམ་པ་བརྒྱད་པོ་དེ་དག་ནི་ལྟ་བ་ཉིད་དེ་ཤེས་པ་ནི་མ་ཡིན་ནོ།། ངེས་པའི་དོན་ནི་ཤེས་པའི་དོན་ཏོ།། ཡོངས་སུ་ཞེས་བྱ་བ་ནི་ཀུན་ནས་ཏེ། ཀུན་ཚོལ་ཞེས་བྱ་བའི་ཐ་ཚིག་གོ།། ་ཤེས་པ་ནི་ངེས་པར་གནས་པ་ཉིད་དོ།། དེ་ལ་སྡུག་བསྔལ་ཆོས་ཤེས་པའི་བཟོད་པའི་ལས་ནི་གསུམ་དུ་བརྗོད་དེ། ཁམས་གསུམ་པའི་རྙེད་པ་རྒྱུན་ཆད་པའི་ཕྱིར་མ་འོངས་པའི་སོ་སོའི་སྐྱེ་བོ་ཉིད་སྤོང་ངོ་།། ལོག་པ་ཉིད ་སྤོང་སྟེ་ལོག་པ་ཉིད་ཀྱང་རྣམ་པ་གསུམ་སྟེ། འགྲོ་བ་ལོག་པ་ཉིད་དང་། ལས་ལོག་པ་ཉིད་དང་། ལྟ་བུ་ལྡོག་པུ་ཉིད་དོ།། མི་འགྲོ་བ་དང་། མི་བྱེད་པ་དང་། ཀུན་འབྱུང་བ་མེད་པའི་ཕྱིར་དེ་གསུམ་འཇིག་རྟེན་པའི་བཟོད ་པ་ཉིད་ཀྱིས་རྒྱང་བསྲིངས་མ་ཟིན་ཏམ། དེ་ལྟ་ཡིན་ཡང་གནས་གསལ་བས་ཤིན་ཏུ་རྒྱད་རིང་དུ་བྱེད་པའི་ཕྱིར་དེའི་ཚེ་སྤོང་ཞེས་བསྟན་ཏོ།། ད་ལྟ་བྱུང་བ་ནི་མི་སྐྱེ་བ་ཤེས་པའི་བུར་དག་དང་། སྐལ་བ་འདྲ་བའི་རྒྱུ་ཉིད་དུ ་གནས་སོ།། འགག་པ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བཅུའི་རྙེད་པ་ནས་བཟུང་སྟེ་འགག་གོ། མི་རྟག་པའི་རྣམ་པར་མཐོང་བས་སྐྱེའོ།། རྣལ་འབྱོར་པ་དེ་དག་ནི་རྣམ་པ་གཉིས་ཏེ། འདོད ་ཆགས་སྤྱོད་པ་དང་། ལྟ་བ་སྤྱོད་པའོ།། འདོད་ཆགས་སྤྱོད་པ་ཡང་རྣམ་པ་གཉིས་ཏེ། ངའོ་སྙམ་པའི་ང་རྒྱལ་གྱི་ནོན་པ་དང་། ལ་ལོ་མངོན་པར་ཞེན་པའོ།། ལྟ་བ་ལ་སྤྱོད་པ་ཡང་རྣམ་པ་གཉིས་ཏེ། བང། ་དང་བདག་གིར་འཛིན་པ་ལ་མངོན་པོར་ཞེན་པའོ།། དེ་ལ་གོ་སྙམ་པའི་ང་རྒྱལ་གྱིས་ནོན་པ་ནི་མི་རྟག་པ་ཉིད་ཀྱིས་སྡུག་བསྔལ་གྱི་བདེན་པ་མཐོང་ངོ་།། ལེ་ལོ་ལ་མངོན་པར་ཞེན་པ་ནི་སྡུག་བསྔལ་གྱིས་སྡུག་བསྔལ་གྱི་བདེན་པ ་མཐོང་ངོ་།། བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་ནི་བདག་མེད་པས་སོ།། བདག་གིར་འཛིན་པ་ལ་མངོན་པར་ཞེན་པ་ནི་སྟོང་པས་སོ།། བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་སྤྱོད་དོ།། དེ་ལྟ་མོད་ཀྱི་སྟོང་པ་ཉིད་དུ་སྟེ། དབང ་བོ་རྣོན་པའི་ཕྱིར་རོ།། དེ་ལ་ད་ལྟར་བྱུང་བའི་རྣམ་པ་ནི་བསྒོམ་པ་རྣམ་པ་གཉིས་ཏེ། ཐོབ་པ་དང་ངེས་པར་བརྟེན་པའི་བསྒོམ་པས་སོ།། མ་འོངས་པའི་བཞི་ནི་ཐོབ་པ་བསྒོམས་པ་དགུ་གཉིད་ཀྱིས་སོ།། རྣམ་པ་ཐམས་ཅད་ནི་སྐྱེ ་སྐལ་བ་འདྲ་སྟེ། རིགས་རྣམས་མ་ཐོབ་པའི་ཕྱིར་རོ།། ཆོས་ཤེས་པ་ཡང་དེ་དག་གི་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བས་སྤྱང་བར་བྱ་བ་དེ་དག་ཉིད་ཀྱི་མྱ་ངན་ལྔས་འདས་པའི་རྙེད་པ་སྟེ། མྱ་ངན་ལས་འདས་པ་ནི་བྲལ་བྱའི་མཚན ་ཉིད་དོ།། བཟད་པ་ནི་འདིར་བར་ཆད་མེད་པའི་ལམ་མོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་མཐོང་བའི་ལམ་དང་སྦྱར་ཏེ། འདི་ལྟར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་བཟོད་པ་དག་གི་སྤོང་ངོ་།། བསྟན་བཅོམ་ལ ་ཀུན་ཏུ་སྦྱོར་བའི་རིས་དགུ་སྟེ། ཀུན་ཏུ་སྦྱོར་བའི་རིས་ནི་སྡུག་བསྔལ་ལ་ཆོས་ཤེས་པས་སྤང་བར་བྱ་བ་དང་། སྡུག་བསྔལ་རྗེས་སུ་རྟོགས་པའི་ཤེས་པས་སྤང་བར་བྱ་བའོ།། དེ་བཞིན་དུ་ཀུན་འབྱུང་བ་དང་འོགག་པ་དང་། ལམ ་ཤེས་པ་གཉིས་གཉིས་དང་། བསྒོམ་པས་སྤང་བར་བྱ་བའོ་ཞེས་འབྱུང་ན་བསྟན་བཅྡོཾས་དང་མྱི་འགལ་ལམ། འདི་ལ་ཉེས་པ་མེད་དེ། བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་པའི་ཕྱིར་ཏེ། དཔེར་ན་དམིགས་མིས་རྒྱལ་ན ་རྒྱལ་པོ་རྒྱལ་པོ་ཞེས་རྒྱལ་པོ་ལ་འདོགས་པ་དང་འདྲའོ།། དོན་དེ་དཔེར་ན་མི་གཅིག་གིས་རྐུན་པོ་བཟུང་ནས་ཕྱུང་བ་དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡང་ཉོན་མོངས་པའི་རྐུན་པོ་རྙེད་པ་ནས་བཟུང་སྟེ་འགོ། ་གོ། དཔེར་ན་མི་ཅིག་ཤོས་ཀྱིས་སྒྲོ་བཅད་པ་དེ་བཞིན་དུ། ཆོས་ཤེས་པ་ལ་ཡང་བྲལ་བྲལ་བའི་རྙེད་པ་ཐོབ་པས་སྤངས་པ་རྣམས་དེའི་རྒྱུད་ལ་ཡང་ཤིན་ཏུ་མི་འབྱུང་བའི་ཕྱིར་གཏན་པ་བཞིན་དུ་གནས་སོ།། དེ་བཞིན་དུ ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་སྐྱེས་ནས་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཉོན་མོངས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅོ་བརྒྱད་ཀྱིས་རྙེད་པ་ནས་བཟུང་སྟེ་འགག་གོ། མཉམ་པར་བཞག ་པའི་ས་ཡིན་པ་དང་། དེ་ཡིས་པ་ཡིན་པའི་ཕྱིར་རོ།། ས་གོང་མའི་ཉོན་མོངས་པ་དག་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་གཅིག་པུས་སེལ་བ་ལྟར་རྗེས་སུ་རྟོགས་པའི་ཤེས་པས་ཀྱང་དེ་བཞིན་ཏེ། ཇི་ལྟར་ཆོས་ཤེས ་པ་བཞིན་ནོ།། བཞི་པོ་རེ་རཱི་དག་གི་སྐུ་ཞེས་བྱ་བ་ནི་སྐད་ཅིག་གཉིས་ཀྱིས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་དང་། གཉིས་ཀྱིས་ཁམས་གོང་མྱ་མངོན་པར་རྟོགས་པའོ།། མངོན ་པ་མངོན་དུའོ།། རྟོགས་པའི་དོན་ཐམས་ཅད་ནི་ཤེས་པའི་དོན་དུ་གྲུགས་སོ།། དེས་ནི་འདིའི་སྤྱིའི་དོན་ནི་སྡུག་བསྔལ་གྱི་བདེན་པ་མངོན་དུ་ཁོང་དུ་ཆུད་པའོ།། དེ་བཞིན་དུ་ཀུན་འབྱུང་བ་ལ་ཡང་ཆོས་ཤེས་པའི་བཟོད་པ་ཡང ་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བདུན་གྱི་རྙེད་པ་ནས་བཟུང་སྟེ་འགག་གོ། ཀུན་འབྱུང་བ་ལ་ཆོས་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བའི་རྙེད་པ་ནས་བཟུང་སྟེ་སྐྱེའོ།། དེ་བཞིན་དུ་གཟུགས་དང་གཟུགས་མེད། ་པ་ན་སྤྱོད་པ་ལ་ཡང་ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་འབྱུང་བ་མཐོང་བས་སྦྱང་བར་བྱ་བ་བཅུ་གཉིས་ཀྱི་རྙེད་པ་ནས་གཟུང་སྟེ་བགག ་གྲོ། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པ་ནི་དེ་དག་གི་བྲལ་བའི་རྙེད་པ་ནས་གཟུང་སྟེ་སྐྱེའོ།། དེ་བཞིན་དུ་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ན་འགོག་བླ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བདུན ་གྱི་རྙེད་པ་ནས་གཟུང་སྟེ་འགག་གོ།། འགོག་པ་ལ་ཆོས་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བ་ན་རྙེད་པ་ནས་གཟུང་སྟེ་སྐྱེའོ།། དེ་བཞིན་དུ་འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་ནི་གཟུགས་དང་གཟུགས་མེད་པ་ན ་སྤྱོད་པའི་ཉོན་མོངས་པ་འགོག་པ་མཐོང་བ་སྤང་བར་བྱ་བ་བཅུ་གཉིས་ཀྱི་རྙེད་པ་ནས་གཟུང་སྟེ་འགག་གོ།། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བའི་རྙེད་པ་ནས་གཟུང་སྐྱེའོ།། དེ་བཞིན་དུ་ལམ་ལ་ཆོས ་ཤེས་པའི་བཟོད་པ་ནི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱད་ཀྱི་རྙེད་པ་ནས་གཟུང་སྟེ་འགག་གོ། ཆོས་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བའི་རྙེད་པ་ནས་གཟུང་སྟེ་སྐྱེའོ།། དེ་བཞིན་དུ་གཟུགས་དང་གཟུགས ་མེད་པ་ན་སྤྱོད་པ་རྣམས་ལ་ཡང་ལམ་མཐོང་བས་སྤང་བར་བྱ་བ་བཅུ་བཞི་ནི་ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པའི་རྙེད་པ་ནས་གཟུང་སྟེ་འགག་གྲོ། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་ནི་དེ་དྲག་ཉིད་ཀྱི ་བྲལ་བའི་རྙེང་པ་ནས་བཟུང་སྟེ་སྐྱེའོ།། དེ་ལ་སྐད་ཅིག་བཅོ་ལྔ་ནི་མཐོང་བའི་ལམ་མོ།། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་སྐད་ཅིག་ནི་བསྒོམ་པའི་ལམ་གྱིས་བསྡུས་པའོ།། དེ་ལ་རིམ་གྱིས་བསྒྲེས་པའི་སྐད་ཅིག ་མ་བཅུ་དྲུག་པ་ནི་རྒྱུན་ཏུ་ཞུགས་པ་སྟེ། དེ་ལྟར་ཐོགས་ན་སྲིད་པ་བདུན་ཏེ། ལྷའི་ནང་དུ་ལ་བདུན། མིའི་ནང་དུ་ལན་བདུན་ནོ།། སངས་རྒྱས་འབྱུང་བ་མེད་ན་རླུང་བྱང་ཆུབ་འཐོབ་པར་འགྱུར་རོ།། དེ་ཉིད་འཇིག་རྟེན་པའི ་ལམ་གྱིས་རྣམ་པ་བདུན་ནམ་བརྒྱད་སྤངས་ན་བདེན་པ་མངོན་པར་རྟོགས་མ་ཐག་ཏུ་ལན་ཅིག་ཕྱིར་འོང་བར་འགྱུར་རོ།། འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་ལམ། གཟུགས་ཀྱི་འདོད ་ཆགས་དང་བྲལ་ལམ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་ན་བདེན་པ་མངོན་པར་རྟོགས་མ་ཐག་ཏུ་ཕྱིར་མི་འོང་བའོ།། གང་དག་མངོན་པར་རྟོགས་པ་གཅིག་པུར ་སྨྲ་བ་དེ་དག་གི་བསམ་བྲུ་བ་ཙལ་བར་བྱ་སྟེ། གལ་ཏེ་འབྲས་བུ་མངོན་པར་རྟོགས་པ་ལས་བསམས་ནས་སྨྲས་ན་ནི་རིགས་པར་བསམ་པར་བྱ་སྟེ། གང་སྡུག་བསྔལ་མཐོང་ནས་རྙེད་པ་རྒྱུན་འཆད་པ་ནི་ཀུན་འབྱུང ་སྤངས་བྱའོ།། བྲལ་བའི་རྙེད་པ་ཐོབ་པ་ནི་འགོག་པ་མངོན་དུ་བྱེད་པའོ།། ལམ་མངོན་དུ་གྱུར་པ་ནི་ལམ་བསྒོམ་པའོ།། མི་རྟགས་པ་ལ་སོགས་པར་མཐོང་བས་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་སོ།། ། ་ཇིརྡོཇིསྟེ་མཐོང་བའི་མངོན་པར་རྟོགས་པ་ལ་བྱཱ་ན་ནི་མི་རིགས་པས་པ་སྱཱམྦུ་པཱུ་རཱ་བྱཱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་རྣམ་པར་ཕྱེ་བ་ཁྱིམ་བདག་བདེན་པ་རྣམས་ནི་རིམ་གྱིས་མངོན་པར་རྟོགས་པདྨ་འགྱུར་རོ་ཞེས ་གསུངས་ཏེ། ཐེམ་སྐས་ཀྱི་ཐེམ་པའི་དཔེ་བསྟན་པའི་ཕྱིར་རོ།། མཐོང་དྲི་ལེ་འོད་ནི་ཆོས་ཀྱི་འཁོར་ལོ་སྟེ། དེ་ལྔ་ཡང་དག་པའི་ངག་དང་། ལུས་ཀྱི་མཐའ་དང་། འཚོ་ག་ལྟེ་བ་ལྟ་བུ་སྟེ། ཚུལ་ཁྲིམས་ཀྱི ་ཡན་ལག་ཡིན་པའི་ཕྱིར་རོ།། ཏིང་ངེ་འཛིན་ནི་མུ་ཁྱུད་ལྟ་བུའོ།། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་ནི་རྩིབས་ལྟ་བུའོ།། ཅིའི་ཕྱིར་འཁོ ་ལོ་རིན་པོ་ཆེ་འདྲིའི་ཆོས་མཐུན་ཞེ་ན། དཔེར་ན་དེ་ནི་ཡུལ་གཞན་འདོར་ཞིང་གཞན་གནོན་ཏོ།། དེ་བཞིན་དུ་འདི་ཡང་བར་ཆད་མེད་པའི་ལམ་གཞན་འདོར་ཞིང་རྣམ་པར་གྲོལ་བའི་ལུམ་མངོན་སུམ་དུ་བྱེད་པས་གནོན་ཏོ།། ་བདེན་པ་ལ་དམིགས་པ་གཞན་འདོར་ཞིང་གནོན་པའི་ཕྱིར་རོ།། མ་རྒྱལ་བ་ལས་རྒྱལ་བར་བྱེད་ཅིང་རྒྱལ་བ་ལས་གནས་པའི་ཕྱིར་འཁོར་ལོ་རིན་པོ་ཆེ་དང་འདྲའོ།། དཔེར་ན་དེ་ནི་གྲོང་དང་གྲོང་རྡལ་མ་རྒྱལ་བ་ལུས ་རྒྱལ་བར་བྱེད་ཅིང་རྒྱལ་བ་ལ་གནས་སོ།། དེ་བཞིན་དུ་འདི་ཡང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་པ་དག་ལས་མ་རྒྱལ་བ་ལས་ནི་བར་ཆད་མེད་པའི་ལམ་གྱིས་རྒྱལ་བར་བྱེད་དེ། དེའི་རྙེད་པ ་རྒྱུན་འཆང་པའི་ཕྱིར་རོ།། རྒྱུ་ལྔ་པ་ལ་ནི་གནས་ཏཱཾ། རྣམ་པར་གྲོལ་བའི་ལམ་ཉོན་མོངས་པ་དང་བྲལ་བའི་རྙེད་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ།། འཕར་བ་དང་འབབ་པའི་ཕྱིར་ཡང་ཡིན་དེ་ངོཔེར་ན་འཁོར་ལོ་རིན ་བེ་ཆེ་ཁ་ཅིག་ཏུ་ནི་འཕར་ཁ་ཅིག་ཏུ་ནི་འབབ་བོ།། དེ་བཞིན་དུ་འདི་ཡང་རྣམ་པར་གྲོལ་བའི་ལམ་གྱི་འོག་ཏུ་བར་ཆད་མེད་པའི་ལམ་མངོན་སུམ་དུ་གྱུར་པ་དང་། བར་ཆད་མྱེད་པའི་ལམ་གྱི་འོག་ཏུ་ཡང་རྣམ་པར ་གྲོལ་བའི་ལམ་མངོན་སུམ་དུ་འགྱུར་བའི་ཕྱིར་རོ།། ཅི་རིགས་སུ་སྦྱར་གྱི་གོ་རིམ་བཞིན་དུ་མ་ཡིན་ཏེ། རྣམ་པར་གྲོལ་བའི་ལམ་མངོན་སུམ་དུ་འགྱུར་བས་འཕར་བའོ།། བར་ཆད་མེད་པའི་ལམ་མངོན ་སུམ་དུ་འགྱུར་བས་འབབྲ་བའོ།། ཡང་ན་འདོད་པ་ལ་སོགས་པར་བདྲེན་པ་ལ་དམིགས་པའི་ཕྱིར་རོ།། དེ་འདི་ལྟར་རྗེས་སུ་རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་འཕར་བྱ་སྟེ། ་གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་པའི་ཕྱིར་རོ།། དེའི་འོག་ཏུ་ཆོས་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་འབབ་པ་སྟེ། འདོད་པའི་ཁམས་ལ་དམིགས་པའི་ཕྱིར་རཱྀ།། མཐོང་བའི ་ལམ་འདི་ལ་ཡིད་འབྱུང་བ་ཡིད་ལ་བྱེད་པ་དང་། ཤེས་རབ་ཀྱི་ཤས་ཆེ་བ་དང་ལྡན་པའི་ཕྱིར་རྡོ་གཤག་པའི་ཚུལ་གྱིས་ཉོན་མོངས་པ་སྤོང་ངོ་།། རབ་ཏུ་བྱེད་པ་འདིར་ནི་ཉེ་བར་མཚོན་པའི་ཕྱིར་གཅིག་གིས་རིམས ་བཞིན་དུ་བསྟན་ཏེ། དབྱེར་ན་གཟུགས་ཅན་དག་དོང་ངོ་།། རྒྱལ་མཚན་ཅནྡ་དག་དིང་ངོ་ཞེས་བྱ་བ་ལྟ་བུའོ།། དེ་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ན་བསྒོམ་པས་སྤང་བར་བྱ་བ་བཅུ་སྟེ། གཞུང་ལས་བཤད ་པ་བཞིན་ནོ།། དེ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་འདོད་ཆགས་དང་ཁོང་ཁྲོ་བ་དང་། ང་རྒྱལ་དང་མ་རིག་པ་བཞི་འདམ་དུ་སྔགས་པའི་ཚུལ་དུ་བསྡུས་ནས་ཆུང་ངུའི་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་ཐ་དད ་པར་འགྱུར་རོ།། དེ་དག་གི་གཉེན་པོ་ནི་ཤེས་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་འགོག་པ་དང་ལམ་ཤེས་པ་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པ་དང་། ཀུན་རྫོབ་ཤེས་པོ་གང་ཡང་རུང་བ ་ཉོན་མོངས་པ་སྤོང་ངོ་།། གང་གི་སྤོང་བ་དེ་ཉིད་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བུའི་ལམ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། རྣམ་པ་གསུམ་འམ་བཞི་སྤངས་པ་ནི་རིགས་ནས་རིགས་སུ་སྐྱེ་བ་སྟེ།། ་ཚེའི་ལྷག་མ་གཉིས་མ་གསུམ་ལུས་པའི་ཕྱིར་རོ།། ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པ་ནི་ཞེས་བྱ་བ་ནི་འབྲིང་པོའི་ཆུང་ངུའོ་ཞེས་བྱ་བ་ནི་འཇིག་རྟེན་འདིར་ལྷན་ཅིག་ཕྱིར་འོང་བའི་ཕྱིར་རོ།། ཉོན་མོངས་པ་རྣམ་པ ་བདུན་ནམ་བརྒྱད་སྤངས་པ་ནི་བར་ཆད་གཅིག་པའོ།། རྣམ་པ་དགུ་པ་སྟེ་ཆུང་ངུའི་ཆུང་ངུ་སྤངས་པ་ནི་ཕྱིར་མི་འོང་བ་སྟེ། ཡང་འཇིག་རྟེན་འདིར་མི་འོང་བར་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ།། དེ ་ལྟར་ས་དང་སར་བར་ཆུད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་དགུ་རིམ་གྱིས་སྲེད་པའི་རྩེ་མོའི་སའི་བར་གྱི་ཉོན་མོངས་པའི་རྣམ་པ་ལ་བར་ཆད་མེད་པའི་ལམ་དགུ་པ་སྐྱེས་པར་གྱུར་པ་དེ་ཉིད་རྡོ་རྗེ་ལྟ་བུ་ཞེས་བྱ་སྟེ་འདི་ནི་ཉོན ་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རྡོ་རྗེ་དང་མཚུངས་ཤིང་འདྲའོ།། དེ་ལ་རྣམ་པར་རྟོག་པ་མང་སྟེ། དེ་ལ་སྡུག་བསྔལ་ལ་རྗེས་རྟོ་པའི་ཤེས་པའི་རྣམ་པ་བཞི་དང་། དེ་བཞིན་དུ་ཀུན་འབྱུང་བ་ལ་རྗེས་སུ་རྟོག ་པའི་རྣམ་པ་བཞི་དང་། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པའི་རྣམ་པ་བསམ་གཏན་དང་། གཟུགས་མེད་པ་དག་ནས་བྱེ་བྲག་གིས་སུམ་ཅུ་རྩ་གཉིས་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་བརྒྱད་དང་། ་ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་རྣམ་པ་བཞི་པོ་དག་ནི་རྡོ་རྗེ་ལྟ་བུ་ལྔ་བཅུ་རྩ་གཉིས་ཡིན་ནོ།། གང་དྲག་སའི་བྱེ་བྲག་གིས་ལམ་ཐ་དད་པ་དེ་དྲག་གི་ལྟར་ན་ས་བདུན་གྱི་ལམ་ལ་ཉི་ཤུ་རྩ་བརྒྱད ་ཀྱི་ལྷག་པར་བསྣུན་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྒྱད་ཅུར་འགྱུར་རོ།། དེ་དག་ཐམས་ཅད་འདི་རེ་རིག་པར་བྱ་སྟེ། འཕགས་པའི་ལམ་ཆུང་ངུའི་ཆུང་ངུས་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་སྤོང་ངོ་།། དེ་ལ་རྡོ་རྗེ་ལྟ ་བུའི་ཏིང་འཛིན་ནི་འཕགས་པའི་ལམ་དེ་ནི་ཆེ་བའི་ཕྱིར་སྲིད་པའི་རྩེ་མོའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུའི་གཉེན་པོ་སྟེ། དེ་སྤངས་ན་དགྲ་བཅོམ་པར་འགྱུར་རོ།། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར ་འོས་པའི་ཕྱིར་འོས་པའོ།། ཡང་ན་དགྲ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དག་སྟེ། དེ་དག་འདིས་བཅོམ་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱའོ།། འབྲས་བུ་བཞི་པོ་རྣམས་ཞེས་བྱ་བ་ལ་ཅིའི་ཕྱིར་འབྲས་བུ ་བཞི་པོ་དགེ་སྦྱོང་གི་འབྲས་བུར་འགྱུར། འདི་ལྟ་སྟེ་དགེ་སྦྱོང་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ།། དེའི་འབྲས་བུ་དག་ནི་དགེ་སྦྱོང་གི་འབྲས་བུ་དྲུག་སྟེ། དེ་དག ་ནི་བརྒྱད་ཅུ་རྩ་དགུའོ།། དེ་ལྟ་ཡིན་དུ་ཟིན་ཀྱང་རྣམ་པ་ལྔས་ན་རྣམ་པོ་བཞིར་བཞག་སྟེ། ཞུགས་པའི་ལམ་བོར་བ་དང་། འབྲས་བུའི་ལམ་ཐོབ་པ་དང་། ཉོན་མོངས་པ་སྤངས་ཟིན་པ་རྣམས་ཀྱིས་བྲལ་བའི་ཐོབ་པ ་གཅིག་ཏུ་ཡང་ཐོབ་པ་དང་། ཆོས་ཤེས་པ་བཞི་དང་རྗེས་སུ་རྟོགས་པའི་ཤེས་པ་བཞི་སྟེ། ཤེས་པ་བརྒྱད་ཐོབ་པ་དང་། མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཡང་བསྒོམ་པ་ལ་ལ་ནི་མངོན་དུ་བྱེད་ལ། ཁ་ཅིག་ནི་འཐོབ ་བ་ཡོད་པས་རྣམ་པ་འདིས་ན་རྣམ་པ་བཞིར་རྣམ་པར་བཞག་གོ། འབྲས་བུ་དེ་དག་གི་ལམ་ལ་གནས་པ་རྣམས་ཞེས་བྱ་བ་དེ་ལ། མཐོང་བའི་ལམ་ལ་གནས་པ་ཉོན་མོངས་བླ་མ་བཅོམ་པ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའོ།། བསྒོམ་པའི་ལམ་ལ་བསྒོམ་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་དག་ལས་རྣམ་པ་ལྔའི་བར་དག་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས ་པའོ།། རྣམ་པ་བདུན་ནུམོ་བརྒྱད་སྤངས་པ་ནི་ཕྱིར་མི་འོང་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའོ།། བསམ་གཏན་པོ་ནས་བཟུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དག་ནི་དགྲ་བཅོམ་པ་མངོན་དུ་བྱ་བའི་ཕྱིར་ཞུགས ་པའོ།། དེ་ལྟར་དེ་དག་ནི་འཕགས་པའི་གང་ཟག་བརྒྱད་ཡིན་ཏེ། བཞི་ནི་ཞུགས་པའོ།། བཞི་ནི་འབྲས་བུ་ལ་གནས་པའོ།། རིགས་ཀྱི་བྱེ་བྲག་གིས་དྲུག་ཏུ་འགྱུར་ཏེ།། དབང་པོ་རྟུལ་པོ་དང་རྣོན་པོའི་རིགས་ཅན་གྱི་སོ་སོའི་སྐྱེ་བ་གང ་ཡིན་པ་དེ་གཉིས་མཐོང་བ་ལམ་ལ་སེམས་ཀྱི་སྐད་ཅིག་བཅོ་ལྔ་རྣམས་ལ་ཐ་དད་པས་རྗེས་སུ་འབྲང་བ་ཅན་ན་དེ་དད་པས་རྗེས་སུ་འབྲང་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ།། ཡང་ན་རྗེས་སུ་འབྲང་བའི་ནི་རྗེས་སུ་འབྲང་བ ་སྟེ། ངད་པས་རྗེས་སུ་འབྱུང་བ་ནི་རྗེས་སུ་འགྲོ་བའོ།། དེ་དེ་ལ་ཡོད་པས་དད་པས་རྗེས་སུ་བླང་བ་ཅན་ནོ།། གཞན་གྱི་མན་ངག་གིས་བདེན་པ་རྣམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ།། ཆོས་ཀྱི་རྗེས་སུ་འབྲང་བ་ཅན ་ནི་དེ་ཆོས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ཆོས་ཀྱི་རྗེས་སུ་འབྲང་བ་ཅན་ཏེ། རང་གི་རྐྱེན་གྱི་སྟོབས་ཀྱིས་ཆོས་རྣམས་ལ་རྣམ་པར་འབྱེད་པའི་ཕྱིར་རོ།། དེ་ཉིད་བསྒོམ་པའི་ལམ་ལ་ནི་གཞུང་ལས་འབྱུང་བ་བཞིན་ཏེ། མཐོང་བསྟེ་སྤང་བ ་བྱ་བའི་ཉོན་མོངས་པ་སྤོང་བ་ནི་དུ་བོས་སྨོས་པའོ།། ས་ཉོན་མོངས་པ་སྤོང་བར་ཤེས་རབ་ཀྱིས་མོས་པ་ནི་ལྟ་བས་ཐོབ་པའོ།། དེ་ལོ་བསྒོམ་པའི་ལམ་གྱིས་བསྡུས་པའི་གང་ཟག་དེ་དག་ནི་ཕལ་ཆེ་སྟེ་རྒྱུན་ཏུ་ཞུགས་པ་ལ་སོགས་པ ་འདོད་ཆགས་དང་མ་ཐས་པ་ནི་ལྔའོ།། འདོད་ཆགས་བྲལ་བ་ནི་དགུ་སྟེ། སྐྱེན་སྲ་ཡོངས་སུ་མྱ་ངན་ལས་འདའ་བ་རྣམ་པ་གསུམ་ལ་ཉོན་མོངས་པ་ཆུང་ཞིང་ལམ་ཆེ་བ་ལ་ལ་ནི་སྐྱེས་མ་ཐག་ཏུ་ཡོངས་སུ་མྱ་ངན་ལུས་འདའ་བ་དང་། ་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་རབ་ཏུ་སྒྲིམས་ཏེ། ཉོན་མོངས་པ་རྣམས་སྤོང་ངོ་།། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གང་སྒྲིམ་མི་དགོས་པར་ཉོན་མོ ་པ་སྤོང་ངོ་།། གྱེན་དུ་འཕོ་བ་ནི་འཕར་བ་དང་། ཕྱེད་དུ་འཕར་བ་དང་ཐམས་ཅད་དང་བྲལ་བའོ།། དེ་ལ་འཕར་བ་ནི་གང་བསམ་གཏན་གསུམ་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོར་སྐྱེས་པ་ལས་སྔོན་གོམས་དྲི། ་དབང་གིས་བསམ་གཏན་རྣམས་འདྲེན་པར་བྱེད་ཏེ་འོག་མིན་དུ་སྐྱེའོ།། ཕྱེད་དུ་འཕུར་བནི་གང་གནས་གཙང་མ་རྣམས་སུ་སྐྱེས་ནས་གནས་གཞན་བར་དུ་བོར་ཏེ་འོགྲ་མིནྡ་དུ་སྐྱེ་བའོ།། ཐམས་ཅད་དང་བྲལ་བ་ནི་རྣམ་པ་གཉིས་ཏེ། སྐྱིད ་པའི་རྩེ་མོར་འགྲོ་བ་དང་། འོག་མིན་དུ་འགྲོ་བའོ།། དེ་ལ་ལྷག་མཐོང་ལ་སྤྱོད་པ་ནི་འོག་མིན་དུ་སྤོང་ནས་ཡོངས་སུ་མྱ་ངན་ལས་འདའོ།། ཞི་གནས་ལ་སྤྱོད་པ་ནི་སྲིད་པའི་རྩེ་མོར་སོང་ནས་ཡོངས་སུ་མྱ་ངན་ལས་འདའོ།། བར་མ་དོར ་ཡོངས་སུ་མྱ་ངན་ལས་འདའ་བ་ནཱི་ལ་ལ་ནི་འགྲུབ་པ་དང་། མངོན་པར་འགྲུབ་པ་དང་། སྐྱེ་བའི་ཡུལ་ཐོབ་པ་ན་སྟེ། མདོ་ལས་མེ་སྟག་ལ་སོགས་པ་དཔེ་གསུམ་བརྗོད་པ་བཞིན་ནོ།། གཟུགས་མེད་པ་རྣམས་སུ་བར་མ་དོར་ཡོངས ་སུ་མྱ་ངན་ལས་འདའ་བ་མ་གཏོགས་པར་གང་ཟག་བདུན་དུ་འགྱུར་རོ།། མི་སློབ་པའི་ལམ་ལ་ཟད་པ་ཤེས་པ་ནུས་སྐད་ཅིག་ཐ་མ་མྱ་ངན་ལས་འདྲའ་བོའི་བར་དུ་སྟེ། དབང་པོ་རྟུལ་པོ་ནི་དུས་ཀྱིས་རྣམ་པར་གྲོལ་བ་སྟེ།། ་ཡུལ་དང་དུས་དྲང་རྐྱེན་ལ་བལྟོས་ནས་གང་དགྲ་བཅོམ་པ་ཉིད་དུ་འགྱུར་བའོ།། དེ་ལས་བཟློག་པ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའོ།། དེ་ཉིད་རྣམ་པ་དྲུག་ཏུ་འགྱུར་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཚ ་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལ་མི་གཡོ་བ་དང་། རབ་ཏུ་རྟོགས་པར་བྱེད་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ།། དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི། གུས ་བར་བྱེད་པ་དང་རྟག་ཏུ་མི་ལྡན་པ་དང་། དབང་པོ་རྟུལ་པོའོ།། འཆི་བར་སེམས་པའི་ཆོས་ཅན་ནི་གུས་པར་བྱེད་པ་དང་མི་ལྡན་པའོ།། རྗེས་སུ་བསྲུང་བའི་ཆོས་ཅན་ནི་རྟག་ཏུ་བྱེད་པ་དང་མཱི་ལྡན་པའོ།། ་བཞི་པ་ནི་གཉིས་དང་ལྡན་ལ་དབང་པོ་རྟུལ་བྱའོ།། རྟོགས་པར་བྱེད་པའི་སྐལ་བ་ཅན་ནི་དབང་པོ་རྣོ་ལ་གཉིས་ཀ་དང་བྲལ་བའོ།། མི་གཡོ་བའི་ཆོས་ཅན་ནི་ཐམས་ཅད་དང་ལྡན་པའོ།། དེ་ལ་གང་ཟག་ལྔའི་སེམས་རྣམ ་པར་གྲོལ་བ་ནི་དུས་དང་སྦྱོར་བ་དྲང་འདོད་པའོ།། དྲུག་པའི་སེམས་རྣམ་པར་གྲོལ་བ་ནི་མྲི་གཡོ་བའོ།། དེ་ལ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་པ་ནི་རྒྱུན་ཏུ་ཞུགས་པའོ།། དེ་དག་ལས་རྣམ་པ་དྲུག་པ་སྤངེས་པ་ནི་ལན ་ཅིག་ཕྱིར་འོང་བའོ།། དམ་པ་མ་ཡིན་པའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པ་ནི་ཕྱིར་མི་འོང་བའོ།། དམ་པ་མ་ཡིན་པའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་གང་ཞེ་ན། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། ་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ།། གལ་ཏེ་རིམ་གྱིས་ལྟར་ན་སྔར་གསུམ་སྤངས་ལ་ཧཱུ~ཾ་ས་ནི་གནྣ་ཏུ་སྦྱོར་བ་གཉིས་སོ།། ཇི་སྟེ་འདོད་ཆགས་དང་བྲལ་ལ ་སྔར་མཐོང་བའི་ལམ་དུ་རོ། སྔར་ས་ཏུ་སྦྱོར་བ་གཉིས་སྤངས་ཏེ། བྱིས་བསུས་སོ།། དེ་ལ་ཀུན་ཏུ་སྦྱོར་བ་གཉིས་ནི་ལྕགས་སྒྲོགས་ལྕི་བུ་སྤྲོ་ཕྱིར་འོད་ཅིའི་སྦྱོར་རོ།། དམ་པ་ཞེས་བྱ་བ་ནི་ཚིག་གོ།། དམ་པ་ས ་ཡིན་པ་ནི་དམ་པ་མ་ཡིན་པ་སྟེ་ངན་པའོ།། དེ་གང་ཞེ་ན་འདོད་པའི་ཁམས་སོ།། དེ་ཉིད་མ་སྟེ་ཁམས་གསུམ་དུ་བགྲངས་ནས་ཆའི་སྒྲར་བསྟན་ཏོ།། དེ་དང་མཐུན་པ་ནི་དམ་པ་མ་ཡིན་པའི་ཆ་དྲང་མཐུན་པའོ།། དེའི་དམ་པ་མ་ཡིན་པ ་ཇི་ལྟ་བུ་ཞེ་ན། མདོ་སྡེ་ཚང་མར་ཡོད་པའི་ཕྱིར་ཏེ། སེམས་པ་ངན་པ་ལ་རྣམ་པར་ཤེས་པ་གནས་པ་སྟེ། འདི་ལྟར་འདོད་པའི་སྲིད་པ་ལའོ་ཞེའོ།། ཅིའི་ཕྱིར་གཅིག་ཏུ་བགྲང་ཞེ་ན། སྤོང་བའི་གྲངས་ཀྱི་ཕྱིར་ཏེ། ཁམས་གསུམ ་གྱིགྱི་ཉོན་མོངས་པ་སྤངས་ན་དགྲ་བཅོམ་པ་ཉིད་དུ་འགྱུར་བ་བཞིན་ནོ།། མཚུངས་པར་ལྡན་པའི་འདུ་བྱེད་ཀྱི་ཕུང་པོ་བཤད་ཟིན་ཏོ།། གུལ་ཏེ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་པ་རྒྱུན་ཏུ་ཞུགས་པ་ཡིན་ན་བཅོམ་ལྡན་འདས ་ཀྱིས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པར་བསྟན་པ་དེ་ཇི་ལྟ་བུ་ཞེ་ནཱ། འདི་ལ་ཉེས་པ་མེད། འདི་སྒོ་གཅིག་དང་། སྒོ་གཉིས་དང་། སྒོ་བཞི་པའི་ཉོན་མོངས་པ་ཞེས་བྱ་བ་བསྟན་ཏོ།། ཉེ་བྱར་མཚོན་པའི་ཕྱིར་རོ།། ཡེང་ན་རྦ ་བའི་ཕྱིར་ཏེ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་བྱུང་བ་ནི་མཐར་འཛིན་པར་ལྟ་བའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་རྒྱུ་ལས་བྱུང་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ།། ཐེ་ཚོམ་གྱི་རྒྱུ་ལས་བྱུང་བ་ནི་ལོག། ་པར་ལྟ་བའོ།། ཡང་ན་དེ་དག་ཉིད་ཐར་པ་ལ་རབ་ཏུ་བར་ཆད་བྱེད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་འཇིག་ཚོགས་ལ་ལྟ་བས་ནི་འགྲོ་མི་འདོད་པར་འགྱུར་ཏེ། བདག་པར་ཆད་ཀྱིས་འཇིག་པའི་ཕྱིར་རོ།། ཚུལ་། ་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་གྲངས་ཅན་ལ་སོགས་པའི་ལམ་མཐོང་བའི་ཕྱིར་ཏེ། དེས་དག་པར་འགྱུར་དུ་རེ་བས་ལམ་ནོར་བར་འགྱུར་རོ།། ཐེ་ཚོམ་གྱིས་ནི་ཡིད་གཉིས་ཟ་བར་འགྱུར་རོ།། ད་བེཪྵ་ནཱ་མི་ཞིག ་ལ་དུ་ཞུགས་ཏེ་འགྲོ་བ་ལ་བར་ཆད་གསུམ་ཡོད་དེ། ལེ་ལོ་དང་ནོར་དང་ཡིད་གཉིས་ཟ་བའོ།། དེ་བཞིན་དུ་འདིར་ཡང་རིག་པར་བྱའོ་ཞེས་གསུངས་སོ།། གྲོང་མའི་ཆ་དང་མཐུན་པ་ལྔ་གང་ཡིན་པ་དེ་དག་ནི་ཕྱིར་མི་འོང་བའི ་རྒྱུན་ལ་ཡོད་དེ། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། རྒོད་པ་དང་དུ་རྒྱལ་དང་། མ་རིག་པའོ།། མི་ལྡན་པ་རྣམས་ཀྱིས་སྐབས་སུ་བབ་བོ།། དེ་དག་ཀྱང་འཐོབ་པ་ལ་སོགས་པ་སྟེ། ་བསྟན་བཅོས་ལས་འབྱུང་བ་རྣམས་སོ།། ཆོས་འདི་དང་ལྡན་པ་ཉིད་དོ་ཞེས་བྱ་བ་འདི་དག་ནི་དེ་དག་ཀྱང་ཡོན་ལ་ཆོས་ཀྱང་ཡིན་པས་ཆོས་འདིའོ།། འདི་ཞེས་བྱ་བ་ཐམས་ཅད་ཀྱི་མིང་འདིས་ནི་དེའི་ཡོངས་སུ་གྲུབ་པ་ཉིད ་དང་བྱེད་པའི་རྒྱུ་ཉིད་དུ་སྟོན་ཏེ།། གཱད་ལ་ཞེ་ན། དེ་ངེས་པར་བསྙད་པ་ལའོ།། རྙེད་པར་ངེས་པ་ནི་ངེས་པར་རྙེད་པ་སྟེ། འདིས་རྙེད་པར་འགྱུར་བས་བསྙད་པ་སྟེ། རྙེད་པ་གང་ཡིན་པ་དེ་ནི་འཐོབ་པ་ཡོད་པའི་ཕྱིར་ཏེ་འབྱུང་སྟེ། ་དེ་ནི་འགྲོལ་པ་ལས་སྟོན་ཏོ།། འདིན་ནི་ཞེས་བྱ་བ་ནི་འཁོར་བ་ནའོ།། གདོན་མི་ཟ་ཞེས་བྱ་བའི་སྒྲ་ནི་གསུམ་ལས་འཁྲུལ་པ་མེད་པ་སྟེ། འདི་ལྟར་གདོན་མི་ཟ་བ་ཞེས་བྱ་བའི་སྒྲ་ནི་གོར་མ་ཆགས་ཅེས་བྱ་བར་སྙེགས་སོ།། ་གསུམ་པོ་དག་གང་ལ་གོར་མ་ཆགས་པར་སྲིད་ཅེ་ན། སེམས་ཅན་དུ་བསྐྱང་བའི་ཆོས་རྣམས་ལའོ།། སོ་སོར་བརྟགས་པས་འགྲོགས་པ་དང་། སོ་སོར་བརྟགས་པ་མ་ཡིན་བྱས་འགོག་པ་ཡང་སེམས་ཅན་དུ་བགྲང་བ་ཉིད ་ལ་དེ། འདི་ལྟར་སེམས་ཅན་རྣམས་ཀྱིས་ཉོན་མོངས་པ་སྤོང་བ་ནི་སོ་སོར་བརྟགས་པས་འགོག་པའོ།། དེ་མ་ཐག་པའི་རྐྱེན་མེད་པ་ནི་སོ་སོར་བརྟག་ས་བསྔ་མ་ཡིན་པ་སྐུ་འགོག་པའོ།། དེས་ན་རང་གི་རྒྱུད་དང་འབྲེལ་པ་རྣམས ་དང་སོ་སོར་བརྟག་པ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་འཐོབ་པ་དང་འཐོབ་པ་མེད་པའོ།། ནམ་མཁའ་དང་སོས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་ལ་ནི་གཉི་ག་མེད་པར་དམ་བཅས་པ་ཡིན་ནོ།། དེ་ལ་དགེ ་བ་ནི་དད་པ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་བརྩོན་འགྲུས་ལ་སོགས་པ་སྟོན་ཏོ།། མི་དགེ་བ་ནི་འདོད་ཆགས་པའོ་ཞེས་བྱ་བ་སྨོས་པས་ནི་ཞེ་སྡང་དང་གཏི་མུག་ལ་སོགས་པ་སྟོན་ཏོ།། ལུང་དུ་མ་བསྟན ་བ་ནི་སྤྲུལ་པའི་སེམས་ལ་སོག་སྤྲོ་བའོ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྨིན་བྱས་ལས་བྱུང་བ་ལ་སོགས་པ་སྟོན་ཏོ།། དེ་རྣམས་ཞེས་བྱ་བའི་སྐུ་འདིས་ནི་སྔར་བསྟན་པ་དང་སྦྱར་རོ།། གང་དྲུག་ལ་ཞེས་བྱ་བ་འད་ནི་གླིང ་བག་རྣམས་དང་སྔར་ཏེ་དགེ་བ་སྨོས་པས་ཟག་པ་རྣམས་ལས་འཕངས་པའི་ཕྱིར་རོ།། དེ་དག་ནི་གང་ཟག་རྣམས་སོ།། ཆོས་འདི་དང་ལྡན་པ་ནི་དོང་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ཐ་ཚིག་གོ།། དེ་དག་གི ་དངོས་པོ་ནི་ཆོས་ཉིད་དང་ལྡན་པ་ཉིད་དོ།། ཆོས་འདི་དང་ལྡན་པའི་ངེས་པར་རྙེད་པའི་རྒྱུའི་ཆོས་གང་ཡིན་པ་དེ་ནི་འཐོབ་པ་སྟེ། རྙེད་པ་དང་ལྡན་ཞེས་ཀྱང་བྱའོ་ཞེས་བྱ་བ་དེ་ལ་སྐད་ཅིག་དང་པོ་ལྔ་ནི ་ཐོབ་པ་དང་འཐོབ་པ་དང་རྙེད་པའོ།། སྐད་ཅིག་གཉིས་ལ་སོགས་པའི་རྗེས་སུ་འབྲང་བ་ནི་ལྡན་པ་དང་རྙེད་པའོ།། དེ་བསྲ་ན་བྱེ་བྲག་ཏུ་སྨྲ་བ་ལས་ཀྱང་ལྡན་པ་གང་ཡིན་པ་དེ་ཐོབ་པ་ཡང་ཡིན་པ་ཐོབ་པ་ཡང་ཡིན་ནོ།། ཐོབ་པ་ཉིད་ཡིན ་ལ་ལྡན་པ་མ་ཡིན་པ་ཡང་ཡོད་དེ་ཐོག་མའི་ཐོབ་བྱེད་དོ་ཞེས་བཤད་དོ།། དེ་མེད་དུ་ཟིན་ནུ་ཞེས་བྱ་བ་ལ། དྭེ་ཞེས་བྱ་བའི་སྒྲ་ནི་ཐོབ་པ་དང་སྦྱར་རོ།། ཐོབ་པ་མེད་པ་ན་འདི་ལྟར་ས་བོན་མེད་པར་འགྱུར་རོ།། འདོད་ཆགས་ལ་སོགས་པས ་ན་ནས་དཀྲིས་ཏེ་འདུག་པའི་འཕགས་པ་རྣམས་ནི་གོང་དག་འདོད་ཆགས་དང་མ་བྲལ་བའི་འཕགས་པའི་གང་ཟག་རྣམས་སོ།། ཀུན་ནས་དཀྲིས་ཏེ་འདུག་པ་ནི་འདོད་ཆགས་ལ་སོགས་པ་མངོན་དུ་གྱུར་པའོ།། ཟག་པ་མེད་པའི་སེམས ་མེད་པས་ཞེས་བྱ་བ་ནི་ཉོན་མོངས་པ་མངོན་དུ་གྱུར་ན་ཟག་པ་མེད་པའི་སེམས་མངོན་དུ་འགྱུར་བ་མེད་དེ། ཕན་ཚུན་འགལ་བའི་ཕྱིར་རོ།། དགེ་སློང་དག་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ནི་རེ་རེ་འབྱུང་ངོ་ཞེས་གསུངས་པའི་ཕྱིར་རོ།། ། ་འཕགས་པ་ཉིད་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་རེད་པའོ།། བྱིས་པ་ཞེས་བྱ་བ་ལ། བྱིས་པ་རྣམས་ནི་སོ་སོའི་སྐྱེའོ་རྣམས་ཏེ། དགེ་བའི་སེམས་དང་། ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་དེ་དག་ལ་འདོད་ཆགས་ལ་སོགས་པ ་མངོན་དུ་འགྱུར་བ་མེད་པ་དང་དེ་རྗེས་སུ་འབྲེལ་པའི་ངོ་བོ་ཡང་ཁས་མི་ལེན་པའི་ཕྱིར་འཕགས་པ་ཉིད་དུ་ཐལ་བར་འགྱུར་རོ།། འདྲ་ན་ནི་ཞེས་བྱ་བ་ནི་མཚུངས་པ་སྟེ། འདྲ་བ་སྨོས་པ་ནི་འཕགས་པ་དང་སོ་སོའི་སྐྱེ་བོ་དང་སྦྱར་རོ།། སོ་སོའི ་སྐྱེ་བོ་རྣམས་ལ་ནི་མྱ་ངན་ལས་འདས་པའི་ཐོབ་པ་མེད་དོ།། ཉོན་མོངས་པ་མ་སྤངས་པའི་ཕྱིར་འཕགས་པ་རྣམས་ལ་མེད་དེ། ཁྱོད་ཀྱིས་ཁས་བླངས་པའི་རོ།། དེ་ལ་ནི་འདིར་འགྱུར་ཏེ། ཉོན་མོངས་པ་སྤངས་དོང་མ་སྤངས་པའི་ཁྱད་པར ་གྱིས་དེར་འགྱུར་རོ་ཞེ་ན། ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་དེའི་མངོན་བརྟགས་སུ་གྱུར་པའི་ཆོས་གཞན་དགོས་སོ།། ས་བོན་ནི་སྔར་བཀག་པའི་ཕྱིར་རོ།། མ་འདྲེས་པ་ཞེས་བྱ་བ་ནི་ཐར་པའོ།། ཐར་པར་འགྱུར་རོ་ཞེས་བྱ་བ་ནི ་དེ་དག་ཀྱང་གྲོལ་བར་འགྱུར་རོ།། རིགས་པས་འཐོབ་པ་བསྟན་ནས་ང་ནི་ལུང་གཞན་གྱིས་སྟོན་ཏོ།། ཆོས་ཀྱི་རྗེས་ཀྱང་ཞེས་བྱ་བ་ནི་ཐམས་ཅད་ལ་མངའ་བརྙེས་པའི་ཕྱིར་བཅོམ་ལྡན་འདས་ནི་ཆོས་ཀྱི་རྗེའོ།། མི་སློབ་པའི་ཆོས་བཅུ་པོ ་འདི་དག་ཅེས་བྱ་བ་ལ་མི་སློབ་པའི་ཆོས་བཅུ་པོ་གང་ཞེ་ན། མི་སློབ་པའི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དེ་ལྔ་ཞེས་སྡང་དང་གཏི་མུག་ལས་བྱུང་བའི ་ངག་དང་། ལས་ཀྱི་མཐའ་སྤངས་པ་ནི་ཡང་དག་པའི་ངག་དང་། ལས་ཀྱི་མཐའི་སྒྲར་བསྟན་ཏོ།། ཆགས་པ་ལས་བྱུང་བ་རྣམ་པ་བདུན་སྤངས་པ་ནི་ཡང་དག་པའི་འཚོ་བཱི་སྒྲར་བསྟན་ཏོ།། ཅའི་ཕྱིར་དེ་ལྟ་ནི། ཆགས་པའི་ཆོས་སྦྱང་བར ་དཀའ་བའི་ཕྱིར་རོ།། རྟག་ཏུ་སྣ་ཚོགས་ལྡན་གྱི། ཁྱིམ་པས་ལྟ་བ་སྒྱུར་བཱར་དཀའ། གཞན་ལ་རག་ལས་འཚོ་བ་ཡི།། དགེ་སློང་གིས་ནི་འཚོ་སྦྱང་དཀའ་ཞེས་ཚིགས་བཅད་པ་ལས་འབྱུང་བའི་ཕྱིར་རོ།། ཡང་དག་པའི ་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དགེ་བའི་རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་བ་ནི་རྣམ་པ་གཉིས་ཏེ། འདུས་བྱས་དང་། འདུས་མ་བྱས་སོ།། འདུས་བྱས་ནི་མྱོས་པོའི་རང་བཞིན་ནོ།། ། ་འདུས་མ་བྱས་ནི་མྱ་ངན་ལས་འདས་པའོ།། འདིར་ནི་འདུས་བྱས་ཡན་ལག་ཉིད་དུ་བསྟན་ཏོ།། སློབ་པ་ལ་རྣམ་པར་གྲོལ་བ་ཡོད་དུ་ཟིན་ཀྱང་དེ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བ་ཡིན་གྱི། རྒྱུད་རྣམ་པར་གྲོལ་བ་ནི་མ་ཡིན་ཏེ། རྒྱུད་ནི་བསྒྲི ་བྱས་སྤང་བར་བྱ་བའི་ཉོན་མོངས་པ་བཅིངས་པའི་ཕྱིར་རོ།། མི་སློབ་པ་ནི་ངོ་བོ་ཉིད་དང་རྒྱུད་རྣམ་པར་གྲོལ་བའི་ཕྱིར་ཡན་ལག་ཉིད་དུ་བསྟན་ཏོ།། ཡང་དག་པའི་ཤེས་པ་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའོ།། དེ་གཉིས་ཀྱི་མཚན ་ཉིད་ནི་བཤད་ཟིན་ཏོ།། རྙེད་པ་དང་འཐོབ་པ་དང་ལྡན་པ་ཞེས་བྱ་བའི་སྒྲ་དེ་དག་གིས་བརྗོད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་སོ།། ཡན་ལག་ལྔ་སྤངས་པའོ་ཞེས་བྱ་བ་ནི་དམ་པ་མ་ཡིན་པའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་རྣམས་ཏེ། འདོད ་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ།། གོང་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་ནི་ཁམས་གོང་མའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ།། ཡན་ལག་དྲུག་དང་ལྡན་ཏེ་མངོན་པར་ཤེས་པ་དྲུག་གོ་ཞེས་རྒྱ་ཆེར་བཤད ་དོ།། ཡང་གང་ཟག་འདི་ནི་ཆོས་དགེ་བ་རྣམས་དང་མི་དགེ་བ་རྣམས་དང་ཡང་ལྡན་ནོ་ཞེས་ཀྱང་གསུངས་ཏེ་ཞེས་བྱ་བ་ནི་ཐོབ་པ་ཉིད་དོ།། སེམས་ཅན་གྱི་སེམས་ཀྱི་རྒྱུན་ལ་དགེ་བའི་ཐོབ་པ་བསགས་པ་དཔག་ཏུ་མེད་པ་དག་གཟིགས ་ནས་ཞེས་བྱ་བ་ལ། དཔག་ཏུ་མེད་པ་ཇི་ལྟ་བུ་ཞེ་ན། སྐད་ཅིག་གཅིག་ལ་ཐོབ་པ་དང་། ཆོས་དང་ཐོབ་པའི་ཐོབ་པའོ།། དེ་ལ་ཐོབ་པ་སྐྱེས་ནས་ཆོས་དང་ཐོབ་པའི་ཐོབ་པ་དང་ལྡན་པ་ཡིན་ནོ།། ཐོབ་པའི་ཐོབ་པ་སྐྱེས་ནས་ཐོབ་པ་ཉིད་དང་ལྡན་པ ་ཡིན་ནོ།། སྐད་ཅིག་གཉིས་པ་ལ་ནི་ཐོབ་པ་གསུམ་དང་རྗེས་སུ་ཐོབ་པ་གསུམ་མོ།། དེ་བཞིན་དུ་སྐད་ཅིག་ཕྱི་མ་ཕྱི་མ་ལ་རྣམ་པར་འཕེལ་བས་རྫས་མཐ་དད་མཐའ་ཡས་པ་དང་སྐྱེའོ།། དེ་ཡང་རྣམ་པ་གཉིས་ཞེས་བྱ་བ་ན་རྣམ་པ་གཉིས ་སོ།། ཐོབ་བླ་མེད་པ་ནི་མ་རྙེད་པ་སྟེ། དཔེར་ན་ཐོབ་པ་ལས་བྱུང་བ་ལ་སོགས་པའི་ཡནྡ་ཏན་ལྟ་བུའོ།། རྣམ་པར་ཉམས་པ་ནི་སྔོན་བཏང་བ་སྟེ། དཔེར་ན་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ནས་ཡང་འདོད་པ ་ནཱན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་ཐོབ་པ་དག་སྐྱེ་བ་ལྟ་བུའོ།། དེ་ཉིད་རྙེད་ནས་སྐད་ཅིག་གཉིས་པ་ལ་སོགས་པའི་རྗེས་སུ་འབྲེང་བ་ནི་ལྡན་པ་ཞེས་བྱའོ།། དེ་ལྔས་བཟློག་པ་ནི་ཐོབ་པ་མེད་པ་སྟེ་སྔ་ནས་མེད་པའི་རྙེད་པ་མེད་ཅིང་ཉ ་པའི་རྙེད་པ་ཡང་མེད་པར་ཁོང་དུ་ཆུད་བར་བྱའོ།། ཐོབ་པ་དང་ཐོབ་པ་མེད་པ་དེ་གཉིས་ཀྱང་རང་གི་རྒྱུད་ལ་གནས་པའི་ཆོས་རྣམས་ཀྱིའོ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ལ་གནས་པ་མ་ཡིན་པ་དང་། སེམས་ཅན་དུ་བགྲང་བ་མ་ཡིན་པ ་རྣམས་ཀྱི་ཡང་མ་ཡིན་པའོ།། ཅི་ཐམས་ཅད་ཀྱི་ངེས་པ་འདི་ཡིན་ནམ། དེའི་ཕྱིར་སྤྱིར་བཏང་བ་བྱས་ནས་དམིགས་རློམ་སྟེ། སོ་སོར་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱ་བ་ལ་བརྟགས་པ་དང ་འགོག་པ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་ཏེ། སོ་སོར་བརྟགས་པས་འགོག་པ་དང་། སོ་སོར་བ་རྟགས་པ་མ་ཡིན་པས་འགོག་པར་ཤེས་པར་བྱའོ།། དེ་གཉིས་ཀྱང་རྒྱུ་ལ་མྱི་གནས་པའི་ཕྱིར་ལོགས་ཤིན་ཏོ་སྨོས་སོ།། སེམས་ཅན ་དུ་བགྲང་བ་མ་ཡིན་པ་ནི་ས་ལ་སོགསསོ་བཱ་སྟེ། དེ་དང་ལྡན་པ་ཞེས་བྱ་བའི་ཆོས་དེ་དྲུག་དང་ལྡན་པ་སུ་ཡང་མེད་དོ།། ནམ་མཁའ་དང་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ལྡན་པའོ།། གང་གི་ཕྱིར་དེ་དྲུག་དང་མི་ལྡན་པ་དེའི་ཕྱིར་དེ་རྣམས ་ཐོབ་པ་དང་ཐོབ་པ་མེད་པ་མེད་དོ།། ངའི་ཕྱིར་ཆོས་མངོན་པ་ལས་ཟག་པ་མེད་པའི་ཆོས་རྣམས་དང་ལྡན་པ་སུ་ཞེ་ན། སེམས་ཅན་ཐམས་ཅང་ངོ་།། གང་དཔོན་ན། སོ་སོར་བརྟགས་པོ་མ་ཡིན་པས་འགྲིག་པ་དང་ངོ་།། མས ་སོ་སོར་བརྟགས་པས་འགོག་པ་དང་ལྡན་སུ་ཞེ་ན། འཕགས་པ་ཐམས་ཅད་དང་། སོ་སོའི་སྐྱེ་བོ་ཁ་ཅིག་གོ་ཞེས་འབྱུང་ངོ་།། གང་ཡང་གླང་པོ་ཆེ་དང་རྟ་ལ་སོགས་པ་དང་ལྡན་པར་ཐ་སྙད་བཏགས་པ་དེ་དང་དྲེར་ལྡན་པའི་སྒྲ་ནི་དབང ་ལ་བྱའོ།། དེ་མཐོབ་པ་ནི་རྣམ་པ་གས་མེ་སྟེ་ཞེས་བྱ་བ་ནི་རྣམ་པ་གསུས་མོ།། གྲིབ་མ་རྗེས་སུཾ་འབྲང་བ་ལྟ་ཐུ་དང་། ཁྱུ་མཆོག་གི་རྗེས་སུ་འབྱུང་བ་ལྔ་བྲུ་དང་། བཻའུ་རྗེས་སུ་འབྱུང་བ་ལྟ་དྲུའོ།། དེ་ནི་གྲིབ་མ་ལྔ་ཐ~ཾར་རྗེས ་འབྲང་བའི་ངང་ཚུལ་ཅན་ནོ།། གཞན་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། དང་པོ་ཀྲི་བཱ་མ་རྗེས་སུ་འབྲང་བ་ལྟ་བུ་ནི་འདི་ལྟ་སྟེ་ལུང་དུ་མཱ་བསྟན་པའི་ཆོས་རྣམས་ཀྱི་ཉིད་དེ་དེ་དགྲ་དང་ལྷན་ཅིག་འབྱུང་བའི་ཕྱིར་རོ།། ལུང་དུ་མ ་བསྟན་པའི་ཆོས་རྣམས་ནི་ཉམས་ཆུང་བའི་ཕྱིར་སྔར་དུང་ཕྱིས་སྐྱེ་བ་མེད་དོ།། གཉིས་པ་ནི་འདི་ལྟ་སྟེ་གོང་ནས་ཞེས་བྱ་བ་ལ་གོང་མའི་སྒྲ་ནི་གཟུགས་ཀྱི་ཁམས་དང་སྦྱར་རོ།། ཅིའི་ཕྱིར་དེ་ལྟར་ཞེ་ན། གྲང་ནུས་ཤི་འཕོས་པ ་དེ་ཉིད་དུ་བར་མ་དོའི་སྲིད་པ་མངོན་པར་འགྲུབ་སྟེ། ཕྱི་རོལ་གྱི་སོ་བོན་དང་ཆོས་མཐུན་པའི་ཕྱིར་རོ།། གང་དུ་ས་བོན་བཏབ་པ་དེ་ཉིད་དུ་མྱུ་གུ་སྐྱེའོ།། མཚམས་སྦྱོར་བའི་དུས་ན་འདོད་པར་གཏོགས་པའི་དགེ་བ་ལ་སོགས ་པ་དང་པ་ལ་སོགས་པ་དང་། མི་དགེ་བ་ལ་སོགས་པ་འདོད་ཆགས་ལ་སྒྲོགས་པ་སྐྱེས་ནས་ཐོབ་པ་རྣམས་ཀྱིའོ།། དཔེར་ན་ཁྱུ་མཆོག་ནི་བའི་ཚོགས་ཀྱི་མདུན་དུ་འགྲོའོ།། དེ་བཞིན་དུ་ཐོབ་པ་རྣམས་སྔར་སྐྱེའོ།། གསུམ ་པ་ནི་འདི་ལྟ་སྟེ་ཐོས་པ་དང་བསམ་པ་ལས་བྱུང་བ་ལ་ཚོགས་པ་རྣམས་ཀྱི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་བསྒོམས་པ་ལས་བྱུང་བ་རྣམས་དང་སྦྱར་རོ།། དེ་ལ་སྐྱེས་ནས་ཐོབ་པའི་ཤེས་རབ་ལ་བརྟེན་ནས་ཐོས་པ ་ལས་བྱུང་བ་སྐྱེའོ།། ཐོས་པ་ལས་བྱུང་བ་ལ་བརྟེན་ནས་བསམས་པ་ལས་བྱུང་བ་སྐྱེའོ།། བསམས་པ་ལས་བྱུང་བ་ལས་བརྟེན་ནས་བསྒོམས་པ་ལས་བྱུང་བ་སྐྱེའོ།། མིང་ལ་བརྟེན་ནས་དོན་གོ་བ་ནི་ཐོས་པ་ལས་བྱུང་བའོ། ་མཱིང་དང་དོན་ལ་དམིགས་པ་ནི་བསམས་པ་ལས་བྱུང་བ་སྟེ། ཆེད་འགའ་ནི་ཡི་གེས་དོན་འདྲེན་ཏོ།། ཆེད་དགའ་ནི་དོན་གྱིས་ཡི་གེ་འདྲེན་ཏོ།། དོན་ལྔ་དམིགས་པ་ཁོ་ན་ནི་བསྒོམས་པ་ལས་བྱུང ་བ་སྟེ། དཱ་ནི་ཡི་གེ་ལ་མི་བལྟོས་པར་དོན་ལ་འཇུག་གོ། ལྷན་ཅིག་སྐྱེས་པ་མ་གཏོགས་སོ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཆོས་རྣམས་དང་ལྷན་ཅིག་སྐྱེས་པ་གང་ཡིན་པ་དང་། དཱ་ལྟར་བྱུང ་པ་གང་ཡིན་པ་དུ་བཀོལ་ཏེ། དེ་མ་ཡིན་པ་གཞན་ནི་མ་འོངས་པ་སྟེ། དཔེར་ན་བེའུ་མའི་ཕྱི་བཞིན་འབྲང་བ་བཞིན་དུ་ཤེས་པར་བྱའོ།། དེ་ལ་ཞེས་བྱ་བ་ནི་ཐོབ་པ་རྣམས་ལའོ།། མདོར་བསྟན་ན་ཞེས་བྱ་བ་ནི་མདོར ་བཤད་པའོ།། འདོད་པ་སྨོས་པས་ནི་གཟུགས་ན་སྤྱོད་པ་བསལ་བར་འགྱུར་རོ།། དགེ་བ་དང་མི་དགེ་བ་སྨོས་པས་ནི་འབྱུང་བ་ཆེན་པོའི་གཟུགས་བསལ་བར་འགྱུར་རོ།། སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་གཉི་ག་ལས་བཟློག ་པའི་རྣམ་པར་རིག་བྱེད་ཀྱི་ནི་ལྷན་ཅིག་སྐྱེས་པ་སྟེ་ངོ་ལྟར་བྱུང་བའོ།། ཕྱི་ནས་སྐྱེས་པ་ནི་འདས་པའི་སྟེ། མ་འོངས་པ་ནི་མ་ཡིན་ནོ།། ཚེ་ཕྱི་མས་ཡང་ཚེ་ཕྱིམ་པ་ཡིན་པར་འགྱུར་ལ། ཚེ་ཕྱི་མ་པ་མ་ཡིན་པ་ཡང་ཚེ་ཕྱིམ་པར ་འགྱུར་རོ།། དེ་ལྟར་བྱེ་བྲག་ཏུ་བྱས་ན་རྣམ་པར་སྨིན་པ་ལས་བྱུང་བ་ལོ་སོགས་པའི་གཟུགས་གཞན་གྱི་ལྷན་ཅིག་སྐྱེས་པའི་ཐོབ་པ་གྲུབ་པར་འགྱུར་རོ།། ཙ་ལུང་དུམ་བསྟན་པའི་ཆོས་ཐམས་ཅད་ཀྱི་ངེས་པ་འདི་ཡིན་ནམ། སྨུ ་པ་མ་ཡིན་ཏེ། མངོན་པར་ཤེས་པའི་སེམས་དང་སྤྲུལ་པའི་སེམས་མ་གཏོགས་སོ།། དེ་ལ་མངོན་པར་ཤེས་པ་གཉིས་ནི་ལུང་དུ་མ་བསྟན་པ་སྟེ། ལྷའི་མིག་དང་ལྷའི་རྣ་བའོ།། སྤྲུལ་པའི་སེམས་ཀྱང་ཡིན་ནོ།། སྤྲུལ་པའི་སེམས ་དེ་དག་ཀྱང་བཅུ་བཞི་སྟེ། བསམ་གཏན་དང་པོའི་ས་པ་ལ་སྤྲུལ་པའི་སེམས་གཉིས་ཏེ། བསམ་གཏན་དང་པོའི་ས་པ་དང་། འདོད་པ་ན་སྤྱོད་པའོ།། བསམ་གཏན་གཉིས་པའི་སྲ་པ་ལ་གསུམ་མོ།། བསམ་གཏན་གསུམ་པའི་ས་པ ་ལ་བཞིའོ།། བསམ་གཏན་བཞི་པའི་ས་པ་ལ་ལྔའོ།། ཅིའི་ཕྱིར་དེ་དག་གི་ཐོབ་པ་འདས་པ་དང་མ་འོངས་པ་ཡིན་ཞེ་ན། སྟོབས་དང་ལྡན་པོའི་སྦྱོར་བའི་ཁྱད་པར་ལས་གྲུབ་པའི་ཕྱིར་རོ།། གཟོའི་གནས་ལས་ཀྱང་ཅུང་ཟད་ཡིན་ཏེ་ཤིན ་ཏུ་གོམས་པའོ།། འདི་ལྟ་སྟེ། ལྷའི་བུ་ལས་སྣ་ཚོགས་པ་དང་། ལྷ་མ་ཡིན་ཤེས་ལྡན་ནོ།། སྤྱོད་ལམ་ཡང་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འངས་རྣམས་དང་། འདི་ལྟ་སྟེ་ཚེ་དང་ལྡན་པ་རྟ་ཐུལ་ལོ།། དེའི་ཐོབ་པ་ནི་འདས་པ་དང ་ད་ལྟར་བྱུང་བ་དང་མ་འོངས་པའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོབ་པ་ནི་དུས་གསུམ་སྟེ། དབང་པོ་རྣོ་བའི་ཕྱིར་རོ།། རྣམ་པར་སྨིན་པ་ལས་བྱུང་བ་དང་། སྤྱོད་ལམ་དང་། གཟིའི་གནས་གཞན་ཐམས་ཅད་ཀྱི་ནི ་ལྷན་ཅིག་སྐྱེས་པའོ།། བསྒྲིབས་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་ཀྱི་ནི་བསྒྲིབ་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་ཏེ། ཚངས་པའི་འཇིག་རྟེན་ནའོ།། ཚེ་དང་ལྡན་པ་རྟོ་ཐུལ་གྱིས་དྲིས་ན་མ་ཤེས་ལ། དེ་འཁོར་དང་འབྲེལ་པའི ་ཕྱིར་གཡོ་བྱས་ཏེ་ལག་པ་གཉིས་ནུས་གཟུང་ནས་བྱུང་བར་གྱུར་ཏེ། དེའི་གཡོ་ལས་བྱུང་བའི་རྣམ་པར་རིག་བྱེད་ཀྱི་གཟུགས་སོ།། ཅིའི་ཕྱིར་དེ་ལྷན་ཅིག་སྐྱེས་པ་ཡིན་ཞེ་ན། མཐུ་ཆུང་བའི་ཕྱིར་རོ།། ཅིའི ་ཕྱིར་མཐུ་ཆུང་བ་ཉིད་ཡིན་ཞེ་ན་སྦྱོར་བ་ཆུང་བའི་ཕྱིར་རོ།། ཅིའི་ཕྱིར་འདོད་པའི་ཁམས་ན་བསྒྲིབས་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་མེད་ཅེ་ན། ཀུན་ནས་སློང་པ་པོ་མེད་པའི་ཕྱིར་རོ།། འདི་ན་འཇིག་ཚོགས་དང་འཛིན་པར་ལྟུབ ་ནིནི་བསྒྲིབས་པ་ཡིན་ནོ།། དེ་གཉིས་ནི་རྣམ་པར་རིག་བྱེད་ཀུན་ནས་སློང་བ་པོརཱ་མི་འགྱུར་ཏེ། དེ་གཉིས་ནང་དུ་ལྟས་ཏེ་འཇུག་པའི་ཕྱིར་རོ།། ཕྱི་རོལ་ཏུ་བལྟས་པའི་སེམས་ཀྱིས་ནི་རྣམ་པར་རིག་བྱེད་སྐྱེད་དོ།། གལ་ཏེ་དེ་ལྟ་ན་ལོག ་པར་ལྟ་བ་ལས་ལོག་པར་རྟོག་པ་འབྱུང་ངོ་།། ལོག་པར་རྟོག་པས་ལག་པའི་ཚིག་སྨྲའོ།། ལོག་པྲིའི་ཚིག་ལས་ལོག་པའི་ལས་ཀྱི་མཐའོ།། ལོག་པའི་ལུས་ཀྱི་མཐའ་ལས་ལོག་པའི་འཚོ་བ་འབྱུང་ངོ་ཞེས་བྱ་བ་མདོའི་ཚིག་འདི་ཇི ་ལྟར་སྦྱར། འདི་ལ་ཉེས་པ་མེད་དེ་རྒྱུ་འབྱུང་བ་ནི་རྣམ་པ་གཉིས་ཏེ། རྒྱུ་འབྱུང་བ་དང་དེའི་སྐད་ཅིག་ལ་འབྱུང་བའོ།། དེ་ལ་མཐོང་བས་སྤང་བར་བྱ་བའི་སེམས་ནི་རྒྱུ་ཀུན་ནས་སློང་བ་སྟེ། བསྒོམ་པས་སྤོང་བར་བྱ་བ་སློང་བའི ་ཕྱིར་རོ།། བསྒོམ་པས་སྤང་བར་བྱ་བ་ནི་རྒྱུ་ཀུན་ནས་སློང་བ་དང་། དེའི་སྐད་ཅིག་ལ་ཀུན་ནས་སློང་བའོ།། དེ་ལྟར་གཅིག་ནས་གཅིག་ཏུ་རྒྱུད་དེ་བརྗོད་པའི་ཕྱིར་དེ་ལ་གཉིས་པ་མེད་དོ།། ལྷག་མ་གང་ཞེ་ན། སེམས་ལས་བྱུང་བ ་དགེ་བ་དང་མི་དགེ་བ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ནི་སོ་སོར་དུས་གསུམ་པའོ།། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡང་གོ་རིམས་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་མཐུན་མ།། ་དུའོ།། དེ་ལ་དགེ་བ་རྣམས་ཀྱི་རྙེད་པ་ནི་དགེ་བའོ།། མི་དགེ་བ་རྣམས་ཀྱི་ནི་མི་དགེ་བའོ།། ལུང་དུ་མ་བསྟན་པ་རྣམས་ཀྱི་ནི་ལུང་དུ་མ་བསྟན་པའོ།། འདོད་པ་ན་སྤྱོད་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་འདོད་པ་ན་སྤྱོད་པའོ།། ལྷྭན ་ནོ་གས་ན་སྤྱོད་པའོ།། གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ནི་གཟུགས་མེད་པ་ན་སྤྱོད་པ་ཚིམ་མེད་ང་ནི་ཁམས་གསུམ་པ་དང་ཟག་པ་མེད་པ་སྟེ་ལམ་གྱི་བདེན་པ་དང་། འདུས་མ་བྱས་ནི་དྲི་མ་མེད་པའི་ཆོས་རྣམས་སོ།། དེ་ལ་སོ་སོར་བརྟགས་པ་མ་ཡིན་པས ་འགོག་པུའི་ཐོབ་པ་ནི་ཁམས་གསུམ་པའོ།། འདིའི་ནི་འདི་ལྟར་རྐྱེན་མེད་པའི་ཕྱིར་ཐོབ་བོ།། རྐྱེན་མེད་པས་དེ་ཡང་ཁམས་གསུམ་ཆར་ན་སྲིད་དོ།། སོ་སོར་བརྟགས་པས་འགོག་པ་གཟུགས་དང་གཟུགས་མེད་པའི་ལམ་གྱིས། ་ཐོབ་པའི་ནི་དེར་གཏོགས་པ་ཉིད་དོ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པར་གཏོགས་པ་ཉིད་དོ།། ཟག་པ་མེད་པའི་ལམ་གྱི་ཐོབ་པ་དང་ལམ་གྱི་བདེན་པའི་ཟག་པ་མེད་པའོ།། གོང་མ་རྣམ་པ་ལྔ་ནི་མདོར་བསྡུ་ན་ཁམས ་གསུམ་པའོ།། རྣམ་པ་འདི་གཉིས་མདོར་བསྡུ་ན་ཟག་པ་མེད་པའོ།། དེ་ཡང་ཞེས་བྱ་བ་ནི་ཐོབ་པའོ།། བསྡུ་ན་ཞེས་བྱ་བ་ནི་མདོར་བསྡུ་བའོ།། རྣམ་པ་བཞི་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། ཁམས་གསུམ་པ་དང་ཟག་པ་མེད་པ ་སློབ་པ་དང་མི་སློབ་པ་རྣམས་ཀྱི་ནི་ཞེས་བྱ་བ་དེ་ལ་སྐྱོབ་པ་རྣམས་ཀྱི་ནི་སློབ་པའོ།། མི་སློབ་པ་རྣམས་ཀྱི་ནི་མི་སློབ་པའོ།། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་ཀྱི་ནི་རྣམ་པ་གསུམ་སྟེ། སློང། ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་དེ་དག་གང་ཞེ་ན། ཟག་པ་དང་བཅུས་པ་རྣམས་ཏེ་བསླབ་པ་གསུམ་ལ་མི་སློབ་པའི་ཕྱིར་རོ།། མྱ་ངན་ལྔས་འདས་པ་སློབ་པ་ཞེས་བྱ་འམ། མི་སློབ་པ་ཞེས་བྱ་འམ། སློབ་པ ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ཞེས་བྱ་བ་སྨྲས་པ། སློབ་པ་ཡང་མ་ཡིན་པ་མི་སློབ་པ་ཡང་མ་ཡིན་པའོ་ཞེས་བསྟན་བཅོས་ལྔས་འབྱུང་ངོ་།། ཅིའི་ཕྱིར་དེ་ལྟ་ཞེ་ན། བྲལ་བའི་འབྲས་བུ་ཡིན་པའི་ཕྱིར་རོ།། དེ་ལ་ཟག ་པ་དང་བཅས་པ་རྣམས་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་རྣམས་དང་། སོ་སོར་བརྟགས་པས་འགོག་པ་དང་། འཇིག་རྟེན་པའི་ལམ་གྱིས་ཐོབ་པ་དེ་ཐམས་ཅད་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ ་ཡིན་པའི་ཐོབ་པའོ།། སློབ་པ་དང་མི་སྐྱོབ་པའི་ལམ་གྱིས་ཐོབ་པའི་ནི་སློབ་བྱ་དང་མི་སློབ་པའོ།། སློབ་པའི་ལམ་གྱིས་སོ་སོར་བརྟགས་པས་འགོག་པ་འཐོབ་པ་ནི་རིགས་ན། མི་སྒྲུབ་པས་གོ་སྤྲོ་སོར་བརྟགས་པས་འགོ ་བ་ཇི་ལྟར་འཐོབ། ངེས་ཀྱང་སོ་སོར་བརྟགས་པས་འཐོབ་སྟེ། དུས་བཞི་པོ་དག་ན་བྲལ་བའི་ཐོབ་པའི་རྙེད་པ་ཐོབ་པ་རྙེད་དོ།། དེ་ལ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་བྲལ་བའི་ཐོབ་པའི་རྙེད་པ་ནི་དུས་པན་པོ་དག་ནའོ།། འདྲ ་པན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ནི་དུས་གསུམ་པོ་དག་ནའོ།། གཟུགས་ན་སྤྱོད་ན་པ་དང་གཟུགས་མེད་པ་ན་སྤྱོད་པ་བསྒོམ་པས་སྤྱང་བར་བྱ་བ་རྣམས་ཀྱི་དགྲ་བཅོམ་པའི་དུས་ནའོ།། གང་བར་མ་དོའི་སྤོང་བ ་དེ་ནི་འབྲོས་བུའི་ལམ་གྱིས་བསྡུས་པར་རིག་པར་བྱའོ།། མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་དེ་དང་ལྡན་པ་ལ་སོགས་པ་ནི་མཐོང་བས་སྤང་བར་བྱ་བའི་ཐོབ་པའོ།། བསྒོམ་པས་སྤང་བར་བྱ་བ་ཉོན་མོངས ་པ་བཅུ་པོ་དག་དང་དེ་དག་དང་ལྡནུ་པའི་ཚོར་བ་ལྀ་སོགས་པ་དང་། རྣམ་པརོ་སྨིན་པ་ལས་བྱུང་བ་དང་། སྤྱོད་ལམ་པ་དང་གཟོའི་གནས་དང་། སྤྲུལ་པའི་སེམས་དང་།། གང་དགེ་བ་ཟག་པ་དང་བཅས་པ་དེ་དག་ཐམས་ཅད ་ཀྱི་ནི་བསྒོམ་པས་སྤང་བར་བྱ་བའི་ཐོབ་པའོ།། སྤང་བར་བྱ་བ་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ། དེ་ལ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་སོ་སོར་བརྟགས་པས་འགོག་པའི ་ནི་བསྡུས་ཏེ་བསྒོམ་བས་སྤང་བར་བྱ་བའོ།། དྲི་མ་མེད་པའི་ལམ་གྱིས་ཐོབ་པའི་སོ་སོར་བརྟགས་པས་འགྲོག་པའི་ན་སྤང་བར་བྱ་བ་མ་ཡིན་པ་ཁྲོ་ནའོ།། དེ་ནི་འཐོབ་པ་མེད་པ་བརྗོད་པར་བྱ་སྟེ། དེའི་མཚན་ཉིད་བཤད་པར ་བྱའོ།། ཐོབ་པ་མེད་པ་ནི་ཐམས་ཅད་ཀྱང་ཉོན་མོངས་པ་ཅན་མ་ཡན་ལ་ལུང་དུ་མ་བསྟན་པའོ།། དགེ་བ་མ་ཡིན་ཏེ་དགེ་བའི་རྩ་བ་ཆད་པའི་དགེ་བའི་རྩ་བ་ཡང་ཆད་པར་མི་འགྱུར་ཏེ། དགེ་བའི་ཐོབ་པ་མེད་པ་ཡོད་པའི་ཕྱིར། ་རོ།། མི་དགེ་བ་ཡང་མ་ཡིན་ཏེ། འདོད་པའི་འདོད་ཆགས་དང་བྲལ་བ་ལ་ཐོབ་པ་མེད་པའི་ཕྱིར་རོ།། མི་དགེ་བའི་ཆོས་དང་ལྡན་པར་འགྱུར་རོ།། དེའི་ཕྱིར་ཐོབ་པ་མེད་པར་དེ་ནི་ཐོབ་པ་བཞིན་དུ་བྱེ་བྲག་མང ་དུ་མེད་དེ་རྣམ་པའི་ཁྱད་པར་དུ་མ་མེད་དོ།། འོན་ཀྱང་ཞིག་པ་ཞེས་བྱ་བ་ནི་འདས་པའི་ཆོས་རྣམས་ཏེ། ད་ལྟར་གྱི་དུས་ལས་རབ་ཏུ་ཞིག་པའི་ཕྱིར་རོ།། མ་སྐྱེས་པ་ཞེས་བྱ་བ་ནི་མ་འོངས་པ་རྣམས་ཏེ། ད་ལྟར་གྱི་དུས་སུམ ་ཕྱིན་པའི་ཕྱིར་རོ།། འོད་ལྟར་ཚོགས་ན་གནས་སྐབས་ཀྱི་འབྲས་བུ་འབྱིན་གྱི་རྗེས་ཀྱི་འབྲས་བུ་ནི་མ་ཡིན་ནོ།། དེ་ལ་འདས་པ་སྤངས་པ་རྣམས་ཀྱི་ཐོབ་པ་མེད་པ་ནི་དུས་གསུམ་པའོ།། དེ་བཞིན་དུ་མ་འོངས་པ་མ་ཕྱིན་པ ་རྣམས་ཀྱི་ཡང་དུས་གསུམ་པའོ།། ད་ལྟར་བྱུང་བ་རྣམས་ཀྱི་ནི་དུས་གཉིས་པ་སྟེ་འདས་པ་དང་མ་འོངས་པའོ།། དེ་ཡང་ལུང་དུ་མ་བསྟན་པར་ཤེས་པར་བྱའོ།། འདོད་པ་དང་གཟུགས་དང་གཟུགས་མེད་པར་རྟོགས་པ ་རྣམས་ཀྱི་ནི་སོ་སོར་ཁམས་གསུམ་པོའོ།། འདོད་པར་གཏོགས་པ་རྣམས་ཀྱི་ཁམས་གསུམ་པ་ནི་དེ་ལ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཡོན་ཏན་མ་ཐོབ་པ་རྣམས་ཀྱི་དང་། འདོད་ཆགས་དང་མ་བྲལ་བས་མ་ཐོབ་པ ་གཟུགས་ན་སྤྱོད་པའི་སྐྱེ་བས་འཐོབ་པ་རྣམས་ཀྱི་དང་། ཐོས་པ་ལས་འབྱུང་བ་རྣམས་ཀྱིས་དང་། བསྒོམ་པ་ལས་བྱུང་བ་རྣམས་ཀྱི་དང་། གཟུགས་མེད་པ་ན་སྤྱོད་པའི་སྐྱེ་བས་འཐོབ་པ་རྣམས་ཀྱི་དང་། བསྒོམ་པ་ལས ་བྱུང་བ་རྣམས་ཀྱིའོ།། འདོད་པ་ན་སྤྱོད་པའི་གང་ཟག་ནི་ཁམས་གསུམ་པའི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་དྲང་ཡང་ལྡན་ནོ།། དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་སྐྱེས་པའི་གང་ཟག་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས ་དང་ལྡན་པ་མ་ཡིན་ནོ།། དབང་པོ་རྟུལ་པོ་ཡང་དབང་པོ་རྣོན་པོས་བསྡུས་པ་དགེ་བ་རྣམས་དང་ལྡན་པ་མ་ཡིན་ནོ།། གཟུགས་མེད་པ་ན་སྤྱོད་པའི་སྐྱེ་བས་འཐོབ་པ་རྣམས་ཀྱང་བསྒོམས་པ་ལས་བྱུང་བ་རྣམས་དང་ལྡན་པ་མ་ཡིན། ་ནོ།། དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པར་ཡང་ཇི་ལྟར་མཐུན་མཐུན་དུ་བརྗོད་པར་བྱའོ།། ཁམས་གསུམ་པའི་དེ་ནི་ངོ་བོ་ཉིད་དུ་ན་གང་དུ་སྐྱེས་པ་དེ་ཉིད་ཡིན་པར་རིག་པར་བྱའོ།། ཆོས་ཀྱི་གནས་ཀྱི་དབང་གིས་ནི་ཁམས་གསུམ ་པར་རྣམ་པར་བཞག་གོ།། ཐོབ་པོ་མེད་པ་ལ་ནི་དྲི་མ་མེད་པ་གང་ཡང་མེད་དོ།། གལྔ་ཏེ་ཡོད་པ་ལྟ་ན་ཟག་པ་མེད་པའི་ཆོས་དང་ལྡན་པའི་ཕྱིར་འཕགས་པ་ཉིད་དུ་འགྱུར་རོ།། སོ་སོའི་སྐྱེ་བོ་ཉིད་ཅེས་བྱ་བ་ལ། སོ་སོའི་སྐྱེ་བ ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ་ཞེས་བྱ་བ་དེ་ལ་འཕགས་པའི་ཆོས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་ནས་མི་སྐྱེ་བ་ཤེས་པའི་བར་དྲུག་སྟེ། དེ་དག་མ་ཐོབ་པའོ།། དེ་དག་ཀྱང ་རིགས་གསུམ་གྱི་ཕྱིར་འཕགས་པ་ཉན་ཐོས་ནི་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རྒྱུ་དང་མི་ལྡན་པས་དེ་སོ་སོའི་སྐྱེ་བོར་འགྱུར་བ་དེ་བཞིན་དུ་རང་སངས་རྒྱས་དང་དེ་བཞིན་གཤེགས་པ་ཡང་སོ་སོའི་སྐྱེ་བོ་ཡིན ་པར་འགྱུར་རམ། དེ་ནི་ཐོབ་པ་མེད་པས་གང་མ་ཐོབ་པའོ།། ཉིད་ཅེས་བྱ་བའི་སྒྲ་བརྗོད་དགོས་སོ།། མི་དགོས་ཏེ་ཚིག་གཅིག་གིས་བསྣན་པ་ཡང་ཡོད་དེ། དཔེར་ན་ཆུ་ཟ་རླུང་ཟ་ཞེས་བྱ་བ་ལྟ་བུའོ།། ག ་དྲདྲུག་རྒྱུན་ལ་འཕགས་པའི་ཆོས་མ་སྐྱེས་པ་ནི་སོ་སོའི་སྐྱེ་བོ་ཉིད་དུ་འདོད་པ་དེ་དག་གི་ལྟར་ན་རྒྱུན་ལ་འཕགས་པའི་ཆོས་ཀྱི་རྒྱུན་གཞན་མེད་དེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་དེ་དག་ཉིད་སོ་སོའི་སྐྱེ་བོ ་ཉིད་དུ་འགྱུར་རོ།། ཇི་སྟེ་མ་སྐྱེས་པ་ཙམ་རྫས་མེད་པ་མ་ཡིན་ན་ནི། དེ་ལྟ་ན་གོ་མདོ་ལས་དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བ་ཐོས་པ་དང་མི་ལྡན་པ་ནི་སྡིག་པའི་ལསྲ་མི་བྱེད་པ་ཅི་ཡང་མེད་དོ།། ཞེས་ང་སྨྲའོ།། ། ་ཞེས་འབྱུང་བ་དང་འགལ་ལོ།། སོ་སོའི་སྐྱེ་བོ་ཉིད་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ་ཞེས་མ་ཡིན་ནོམ་འདི་ལ་ཉེས་པ་མེད་དེ། དཔེར་ན་སིང་གེ་མ་བསྒྲིབས་ཤིང་ལུང་དུ་མ་བསྟན་པའི་ཕུག་ཏུ་གནས་ཏེ། ་སྲོག་ཆགས་རྣམས་ལ་གནོད་པར་བྱེད་པོ་དེ་བཞིན་དུ་སོ་སོའི་སྐྱེ་བོ་ཉིད་ལ་གནས་ཏེ་སྡིག་པ་དག་རྩོམ་མོ།། ཐོབ་པ་མེད་པ་དེ་ནི་ཆོས་གང་གིས་ཐོབ་པ་མེད་པ་དེའི་རྙེད་ནས་རྣམ་པར་ཉམས་སོ།། སོ་སོའི་སྐྱེ་བོ་ཉིད ་མས་གསུམ་པ་ནི་འཕགས་པའི་ཆོས་ཐོབ་ནས་རྣམ་པར་ཉམས་སོ།། ཕྱི་རོལ་གྱི་ལམ་གྱིས་ནི་གང་དུ་སྐྱེས་ནས་འདོད་པ་སྤྱོད་པའི་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་ཏེ་འདོད་པའི་འདོད་ཆགས་དང་བྲལ་བས་སྤོང་ངོ་།། དེ ་བས་ན་བྱེ་བྲག་ཏུ་སྨྲ་བ་ལས་ཀྱང་འཕགས་པ་ནི་སྔར་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་ལ་ཕྱིས་སྤོང་ངོ་།། སོ་སོའི་སྐྱེ་བོ་ནི་སྔར་སོ་སོའི་སྐྱེ་བོ་ཉིད་སྤངས་ལ་ཕྱིས་རྣམ་པར་ཉམས་སོ་ཞེས་འབྱུང་ངོ་།། དེ་ལ་ཐོབ་པ་བཅད་པ་ནི་རྣམ ་ར་ཉམས་པའོ།། ཆོས་བཅད་པ་ནི་སྤངས་པའོ།། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བརྗོད་པར་བྱ་སྟེ། སྙོམས་པར་འཇུག་པ་འདི་ལ་འདུ་ཤེས་མེད་པས་ན་འདི་ནི་འདུ་ཤེས་མེད་པས་སྙོམ་པར་འཇུག་པའོ།། ཡང་ན་འདུ ་ཤེས་མེད་པར་སྙོམས་པར་འཇུག་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ།། བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བ་ནི་བསམ་གསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བས་བསམ ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བའོ།། བསམ་གཏན་བཞི་པ་ནི་འབྲས་བུ་ཆེ་བས་བསྡུས་པ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བ་རྣམས་སོ།། དེ་དག་ནི་འཇུག་ཐོགས་སུ་སེམས་དང་སེམས་ལ་བྱང་བ ་འཇུག་པ་དང་མི་མཐུན་པའི་ཆོས་ཏེ་དེ་དང་མི་ལྡན་པའོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སེམས་དང་མི་མཐུན་པའི་ཆ་སེམས་འབྱུང་བ་ནི་མ་ཡིན་ཏེ། འདི་ལྟར་རྒྱུ་ཟད་པས་འཇིག་པ་འམ་མི་མཐུན་པའི་རྐྱེན་ཡོད་པའི་ཕྱིར་གྲུང་ན། ་ཟད་པ་ནི་མི་རིགས་ཏེ། སྙོམས་པར་འཇུག་པ་ཟག་པ་དང་བཅས་པའི་ཕྱིར་རོ།། སེམས་དང་མི་མཐུན་པའི་རྐྱེན་ཡོད་པ་ཡང་མི་འཐད་དེ། དེ་ཆུང་བ་འམ་ཁྱད་པར་ཅན་ཞིག་ཏུ་འབྱུང་གྲང་ན་ཆུང་བ་ནི་ཉམ་ཆུང་བའི་ཕྱིར་མི ་མཐུན་པ་མི་སྐྱེད་དོ།། ཁྱད་པར་ཅན་ནི་རིགས་འདྲ་བའི་ཕྱིར་དངོས་པོ་མི་བསྐྱེད་དོ།། དཔེར་ན་མེ་ལྕེ་བདག་ཉིད་འགག་པར་མི་བྱེད་དེ་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ།། དེ་བས་ན་འགལ་བའི་ཆོས ་གཞན་གང་གིས་དུས་གཞན་ན་མི་སྐྱེ་བ་ཐོབ་པ་སྟེ། དེ་སྙོམས་པར་འཇུག་པ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་འགག་གོ།། ཅིའི་ཕྱིར་འདུ་ཤེས་ཀྱི་སྒོ་ནས་བསྟན་ཅེ་ན། འདུ་ཤེས་གཞིག་པའི་ཕྱིར ་དེ་བསྐྱེད་པའི་ཕྱིར་རོ།། མདོ་སྡེ་ལས་ཀྱང་འདུ་ཤེས་ནི་ནད་ལྟ་བུའོ།། འདུ་ཤེས་ནི་འབྲས་བུ་ལྟ་བུའོ།། འདུ་ཤེས་ནི་གསལ་ཤིང་ལྟ་བུའོ།། དེ་ལྟར་འདུ་ཤེས་མེད་པ་དེ་ནི་ཞི་བའོ།། དེ་ནི་གྱ་ནོམ་པའོ་ཞེས་གསུངས་སོ།། དཔེས ་སྟོན་ཏེ། ཕ་རོལ་གྱི་སེམས་ཤེས་པ་བཞིན་ནོ།། དེ་ཡང་དགེ་བ་ཟག་པ་དང་བཅས་པ་སྟེ། ཡིང་དུ་འོང་བའི་སྲིད་པ་མངོན་པར་འགྲུབ་པའི་ཕྱིར་རོ།། རྫས་མེད་པ་ནི་དགེ་བྲ་ཉིད་དུ་མི་རུང་ངོ་།། བསམ་གཏན་བཞི་པས ་བསྡུས་པ་ནི་བསམ་གཏན་བཞི་པའི་ངོ་བོ་ཉིད་དེ། ས་དེའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་པའི་ཕྱིར་རོ།། འཕགས་པའི་རྒྱུད་མ་ཡིན་ནོ།། ཅིའི་ཕྱིར་དེ་འཕགས་པའི་རྒྱུད་མེད་ཅེ་ན། དེའི་ཕྱིར་འཐད་པ་གཞན་བརྗོད་དེ། ་བྱིས་པ་ཐར་པའི་འདུ་ཤེས་ཅན་དག་དེ་སྐྱེད་དེ། འཕགས་པའི་ངག་ནི་སྲིད་པ་ལས་འབྱུང་བའི་འདུ་ཤེས་ཅན་དུ་མི་འགྱུར་ཏེ། སྲིད་པས་སྲིད་པ་ལས་མི་འབྱུང་བ་དང་ཐར་པ་དང་ཐར་པའི་ལམ་མངོན་སུམ་དུ་གྱུར་པའི་ཕྱིར ་རོ། འཕགས་པའི་ལམ་གྱི་བར་དུ་གཅོད་པའི་ཕྱིར་རོ།། འཕགས་པ་རྣམས་ཀྱི་ནི་དེང་ན་སོང་གི་གྲནས་ལྟ་བུར་དཔོངས་པའོ།། དེའི་ཕྱིར་དེ་ཐོབ་པ་ནི་ངེས་པར་གྱུར་པ་ལ་མི་འཇུག་གོ།། དེའི་རྣམ་པར་སྨིན་པ་མྱོང་བར་ངེས་པས་འདི ་ནི་མྱོང་བར་འགྱུར་པས་ངེས་པ་སྟེ། གདོན་མི་ཟ་བར་འབྲས་བུ་འབྱིན་པའི་ཕྱིར་རོ།། འདིས་ནི་འདིའི་མྱོང་བར་འགྱུར་བ་མ་ངེས་པ་ཉིད་སྤོང་ངོ་།། སྐྱེས་ནས་མྱོང་བར་འགྱུར་བ་ཉིད་དེ་དུས་གཞན་མ་ཡིན་ནོ།། འདི་ཡི་ཡོངས་སུ་རྫོགས ་པབར་བྱེད་པ་ཡིན་གྱི་འཕེན་པ་མ་ཡིན་ཏེ། སེམས་མེད་པའི་ཕྱིར་རོ།། སེམས་དང་སེཾསུ་ལ་བྱུང་བ་འགོག་པའི་བདག་ཉིད་དུ་འདུ་ཤེས་མེད་པོའི་འབྲས་བུ་གང་ཡིན་པ་མྱོང་བ་དེ་སྐྱེས་ནས་མྱོང་བར་འགྱུར་བ་སྟེ། འདིས་ནི ་འདིའི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྤོང་ངོ་།། འདི་ནི་འབད་པས་འཐོབ་ཀྱི་ཞེས་བྱ་བ་ནི་སྦྱོར་བའི་སྟོབས་ཀྱིས་བསྒྲུབས་པའི་ཕྱིར་རོ།། འདོད་ཆགས་དང་བྲལ་བས་ནི་མ་ཡིན་ནོ་ཞེས་བྱ་བ་ན་འདི་བསྡམ་གཏན ་གསུམ་པའི་འདོད་ཆགས་དང་བྲལ་བ་ཙམ་གྱིས་འཐོབ་པ་མ་ཡིན་ཏེ་མ་གོམས་པའི་ཕྱིར་རོ།། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནི་འགོག་པ་ནས་འགོག་པའོ།། སེམས་དང་སེམས་ལས་བྱུང་བའི་ཆོས ་རྣམས་ནི་དགག་པར་བྱའོ།། འགོག་པའི་སྙོམས་པར་འཇུག་པ་ནི་རྫས་ཡིན་ཏེ་སྙོམས་པར་འཇུག་པའི་རྫས་དེས་མ་འོངས་པའི་དུས་གཞན་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཡང་དག་པར་འགག་སྟེ། འབྱུང་བ་མི ་རྙེ་ཅེས་བྱ་བའི་ཐ་ཚིག་གོ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་གཟུགས་མེད་པ་གསུམ་པའི་འདོད་ཆགས་དང་བྲལ་བའོ།། སྐྱིད་པའི་རྩེ་མོའོ་ཞེས་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས ་མེད་མིན་སྐྱེ་མཆེད་ཀྱི་ས་པའོ།། ཇི་ལྟར་ན་སེམས་མེད་པའི་སྙོམས་པར་འཇུག་པར་འགྱུར། སྨྲས་པ་འབྱུང་བ་ཆེན་པོའི་མཉམ་པ་ཉིད་དུ་བྱེད་པས་སོ།། འབྱུང་བ་ཆེན་པོ་མཉམ་པ་ཉིད་ནི་གཅིག་ཏུ་མཁྲེགས་པར་གྱུར་པ་སྟེ། ་དེའི་ཕྱིར་རྡོ་རྗེས་ཀྱང་ཤིགས་པར་མི་ནུས་སོ།། ཇེ་ཕྲ་ཇེ་ཕྲ་ནས་སྲིད་པའི་རྩེ་མོའི་སེམས་ཀྱི་འོག་ཏུ་རྙེད་པ་ཡིན་ཏེ། དེའི་ཕྱིར་སྲིད་པའི་རྩེ་མོ་པ་སྟེ། དགེ་བ་དང་སྐྱེས་གནས་པ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང ་མྱོང་བར་འགྱུར་བར་མ་ངེས་པ་སྟེ་ཞེས་བྱ་བ་སྨོས་ཏེ། དགེ་བ་དང་དགེ་བ་ཟག་པ་དང་བཅས་པའོ།། སྐྱེས་ནས་མྱོང་བ་ནི་ཕྱིར་མི་འོང་བ་ཡོངས་སུ་མ་ཉམས་པའི་ཆོས་ཅན་ནོ།། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ནི ་ཕྱིར་མི་འོང་བྱ་ཡོངས་སུ་ཉམས་པའི་ཆོས་ཅན་གྱིའོ།། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སེམས་དང་སེམས་ལུས་བྱུང་བ་འབྱུང་བས་སྐྱོ་ནས་ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དེ་ལ་འཇུག ་སྟེ། བདེ་བ་ཐོབ་པར་བྱ་བའི་ཕྱིར་རྣལ་འབྱོར་བ་སྙོམས་པར་འཇུག་གོ།། དེ་མེད་པ་ཞེས་བྱ་བ་ནི་འཕགས་པའི་ལམ་མེད་པའི་ཕྱིར་རོ།། ཆད་ཀྱི་འཇིགས་པའི་ཕྱིར་ཞེས་བྱ་བ་ནི་དེ་ལ་ཐར་པའི་འདུ་ཤེས་མེད་པས་སེམ ་དང་སེམས་ལས་བྱུང་བའི་འགོག་པ་ལ་བྱིས་པ་དག་ཆད་པར་སེམས་ཏེ་སྐྲག་གོ།། ཆོས་གཞན་ཞེས་བྱ་བ་འདིས་ནི་སེམས་དང་སེམས་ལས་བྱུང་བ་འགོགས་པ་ཙམ་ལ་འདུ་ཤེས་མེད་པ་པར་མི་འདྲོད་དོ།། རྣམ་པར་སྨིན་པ ་ལས་བྱུང་བ་ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུས་བཏགས་པའི་ཕྱིར་ཏེ། འདིར་རྣམ་པར་སྨིན་པའི་རྒྱུ་རྣམ་པར་སྨིན་པའི་སྒྲར་བརྗོད་དོ།། དེ་ལས་བྱུང་བ་ནི་རྣམ་པར་སྨིན་པ་ལས་བྱུང་བའོ།། དེ་ཉིད་དཔྱང་བའི་ཕྱིར་འདུ་ཤེས་མེད་པའི ་སྙོམས་པར་འཇུག་པའི་རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱ་བ་སྨོས་སོ།། བསམ་གཏན་དང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་བསམ་གཏན་ཐོག་མའི་ཕྱོགས་གཅིག་སྟེ། བསམ་གཏན་དང་པོའི་ཕྱོགས་གཅིག་ཉིད ་ལ་བསམ་གཏན་ཁྱད་པར་ཅན་ཞེས་བྱའོ།། འདུ་ཤེས་པ་ཡོད་དེ་དང་འདྲའོ།། གཞན་གྱི་ཚེ་ཞེས་བྱ་བ་ནི་འཆི་འཕྱེ་དང་སྐྱེ་བོའི་དུས་ལས་གཞན་གྱི་དུས་ནའོ།། ཡུན་རིང་དུ་གཉིད་ཀྱིས་ལོག་པ་ལས་ལངས་པ་བཞིན་དུ་ཞེས ་བྱ་བ་འདིས་ནི་སྙོམས་པར་འཇུག་པ་འདི་ལས་ལངས་པ་རྣམས་ཀྱི་བྱ་བ་མི་གསལ་བར་སྟོན་ཏོ།། འདོད་པའི་ཁམས་རྣམས་སུ་སྐྱེ་བའི་རྒྱུ་བསྟན་པའི་ཕྱིར་དེར་སྐྱེས་པ་རྣམས་ལ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་ཆེ་བ ་རྣམས་སུ་སྐྱེས་པ་རྣམ་ལ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཡོད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དེ་ལན་གྲངས་ཀྱང་ཡིན་ལ་གཞན་ཡང་ཡིན་པས་ལན་གྲངས་གཞན་ནོ།། དེ་འདོད་པ་ཡང་ཡིན་ལ་ལན ་གྲངས་གཞན་ན་མྱོང་བར་འགྱུར་བ་ཡང་ཡིན་པས་འདོད་པར་གཏོགས་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། ཚེ་གཉིས་ལ་སོགས་པ་ན་སྤྱོད་པར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ།། ་དེ་ནི་འདི་སྐད་དུ་འདོད་པའི་ཁམས་སུ་རྣམ་པར་སྨིནྡ་པ་འཕེན་པའི་ལས་ཡོད་པའི་ཕྱིར་རོ་ཞེས་པ་བ་བསྟན་པར་འགྱུར་རོ།། སྲོག་གྲི་དབང་པོ་གང་ཞེ་ན། ཁྲིམས་གསུམ་པའི་ཚེ་ཡིན་ནོ།། ཞེས་བྱ་བ་ལ་ཁམས ་རྣམ་པ་གསུམ་ནི་ཁམ་ས་གསུམ་པའོ།། འགྲོ་བའི་ཕྱིར་ཚེ་ཞེས་བྱ་སྟེ། ཤིན་ཏུ་མྱུར་འགི་ཞེས་བྱབའ་ཐ་ཚིག་གོ།། ཇི་སྐད་དུ་ཚེའི་འདུ་བྱེད་ནི་ལྷའི་བུ་འགྲོ་བའི་སྙིང་པོ་ཅན་རྣམས་ཀྱི་ཤུགས་པས་ཀྱང་ཆོས་མྱུར་དུ་འཕག ་ཞེས་མདོ་ལས་འབྱུང་བའི་ཕྱིར་རོ།། སྔོན་གྱི་ལས་ཞེས་བྱ་བ་ལ་སོགས་པ་ནི་ཚེ་རབས་སྔ་མ་དག་ན་ལས་གང་བྱས་པ་དེས་འཕགས་པ་ནི་སྐྱེད་དེ་བཏང་བའོ།། དྲི་གང་ཞེ་ནི། སྐྱེ་མཆེད་དྲུག་མིག་ལ་སོགས་པའོ།། སྐྱེ ་མཆེད་དྲུག་གི་རྒྱུན་ཅེས་བྱ་བ་འདིས་སྟོན་ཏོ།། རྒྱུན་ནི་རབ་ཏུ་འབབ་པ་སྟེ་རྒྱུད་དོ།། རིམ་མཐུན་པ་མ་བསྡུས་པ་འདྲ་བའི་ཕུང་པོ་འབྱུང་ངོ་།། དེའི་འབྲེལ་པ་ནི་རྒྱུན་མི་འཆད་པའོ།། དེའི་གནས་པ་ནི་འབྲེལ་པས་བསྡུས་པ་རབ ་ཏུ་འབབ་པ་གནས་པའོ།། དེའི་རྒྱུར་གྱུར་པ་ནི་བྱེད་རྒྱུར་གྱུར་པའོ།། འགྲོ་བར་གདགས་པའི་ཚེ་ཞེས་བྱ་བ་ལ། འགྲོ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ།། དེ་གདགས་པ་ནི་འགྲོ་བར་གདགས་པའོ།། འདགེ་ས་པའི ་ཕྱིར་འདོགས་བྱ་དང་། གདུགས་པར་བྱ་བའི་ཕྱིར་དེ་གདགས་པ་སྟེ་འགྲོ་བ་བསྟན་པའོ།། གང་དང་ལྡན་ན་འབྱུང་བ་དང་འཇིག་པ་སྐད་ཅིག་ལ་གནས་པའི་འདུ་བྱེད་རྣམས་ལ་ཡང་སེམས་ཅན་དམྱལ་བ་ལ་སོགས་པར ་བསྟན་པ་འཐོབ་པ་དེ་ནི་སྲེག་གི་དབང་པོ་ཞེས་བྱའོ།། འདིར་ཆོས་མངོན་པ་ལས་ཀྱང་ཞེས་བྱ་བས་ན་ལུང་གིས་བསྟན་ཏོ།། སྐྱེ་མཆེད་དྲུག་གི་རྒྱུན་འབྲེལ་པ། གནས་པའི་རྒྱུ་དེ་ནི། ཚེ་དང་དྲོད་དང་རྣམ་པར་ཤེས་ཞེས ་བྱ་བ་འདིས་བསྟན་ཏོ།། འགྲོ་བར་གདགས་པའི་རྒྱུ་ཉིད་བསྟན་པའི་ཕྱིར། རྣམ་པར་སྨིན་པོ་མངོན་པར་གྲུབ་ན་ཞེས་བྱ་བ་སྨོས་ཏེ། འདིར་རྣམ་པར་སྨིན་པའི་སྒྲ་ནི་སྲོག་གི་དབང་པོར་བསྟན་ཏོ།། རིགས་པས་སྲོག ་གི་དབང་པོ་རྫས་སུ་ཡོད་པར་བསྟན་པར་འདོད་ནས་སྲོག་གི་དབང་པོ་མ་གཏོགས་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དབང་པོ་གཞན་ཞེས་བྱ་བ་ནི་མིག་ལ་སོགས་པ་སྟེ། དེ་དག་ནི་གཟུགས་མེད་པའི ་ཁམས་ན་མེད་པའི་ཁམས་གསུམ་པ་ལ་ཁྱབ་པ་མ་ཡིན་ནོ།། དད་པ་ལ་སོགས་པའི་དབང་པོ་ཁམས་གསུམ་པ་ལི་ཁྱབ་པ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་ཅན་ལ་སོགས་པའི་སེམས་ཀུན་ཏུ་འབྱུང་བ་ན་དེ ་ངག་མེད་པའི་ཕྱིར་ཚེའི་རྒྱུན་མི་འཆད་པར་འཇུག་པ་མ་ཡིན་ནོ།། ཚེ་ནི་ཁམས་གསུམ་པ་ལ་ཁྱབ་པ་ལ་སྐྱེ་བ་ལ་རྒྱུན་མི་འཆད་པར་ཡང་འཇུག་པ་སྟེ། དེའི་ཕྱིར་དེའི་དབང་པོ་གཞན་དག་ལས་དོན་གཞན་རྫས་སུ ་ཡོད་པ་ཉིད་དོ།། གཟུགས་མྱེད་པར་སྐྱེས་པ་རྣམ་ཤེས་བྱ་བ་ལ་སོགས་ལ་དགེ་བའི་སེམས་མངོན་དུ་བྱེད་པ་ནི་དད་པ་ལ་སོགས་པའོ།། བསྒྲིབས་པའི་སེམས་མངོན་དུ་བྱེད་པ་ནི་འདོད་ཆགས ་ལ་སོགས་པའི་སེམས་མངོན་དུ་བྱེད་པའོ།། ས་འོག་མ་པོའོ་ཟག་པ་མེད་པའི་སེམས་མངོན་དུ་བྱེད་པ་ནི་སྲིང་བའི་རྩེ་མོར་སྐྱེས་པ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་པའི་ཟག་པུ་མེད་པའི་སེམས་མངོན་དུ་བྱེད་པའོ།། ། ་འགྲོ་བར་གདགས་པའི་རྒྱུའི་ཆོས་ཉིད་འགྲོ་བར་གདགས་པའི་རྒྱུའི་ཆོས་ཉིད་ཏེ་སྲོག་གི་དབང་པོའོ།། མེང་དུ་ཟིན་ཞེས་བྱ་བ་ནི་གལ་ཏེ་སྲོག་གི་ངོ་པོ་མེད་པར་གྱུར་ནཱ་དེའི་ཚེ་གཟུགས་མེད་པའི་ཁམས་ཀྱི་དགེ ་བ་ལ་སོགས་པའི་གནས་སྐབས་ན་འཇིག་པ་དང་སྐྱེ་བར་ཐལ་བཱ་རཱི་འགྱུར་རོ།། འདོད་པ་དང་གཟུགས་ཀྱི་ཁམས་སུ་ལུས་ཀྱི་དབང་པོ་ལ་སོགས་པ་འཐོབ་པ་དང་། དེའི་རྒྱུན་འཆད་པའི་གཉིས་ཀྱིས་སྐྱེ་བ་དང ་འཆི་འཕོ་བ་བརྟག་པར་ནུས་ལ། གཟུགས་མེད་པ་ན་མ་ཡིན་པས་དེའི་ཕྱིར་གཟུགས་མེད་པ་བརྗོད་དོ།། །། ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་ག་བམ ་པོ་ལྔ་པ་སྟེ་ཐ་མེ།། སྐལ་པ་མཉམ་པ་ཉིད་ནི་སེམས་ཅན་རྣམས་ཀྱི་དོན་གཅིག་ལ་འདོད་པའི་རྒྱུའོ་ཞེས་བྱ་བ་ལ། སེམས་ཅན་རྣམས་ཞེས་བྱ་བ་འོངས་ནི་སེམས་ཅན་ཞེས་བརྗོད་པ་མ་ཡིན་པ་རྩ་ལ་སོགས་པ ་སེལ་ཏོ།། དེ་ནི་དོན་ཀྱང་ཡིན་ལ་གཅིག་ཀྱང་ཡིན་པས་དོན་གཅིག་སྟེ། དེ་ནི་བདག་ལྔ་ཆགས་པ་ལ་སོགས་པའོ།། དེ་ལ་འདོད་པ་ནི་མངོན་པར་འདོད་པའོ།། འདོད་པའི་རྒྱུ་གང་ཡིན་པ་ཉིད་ནི་སྐལ་བ་མཉམ་པ་ཉིད་དོ།། དེ ་ལ་སྟེན་པ་མཐུན་པ་ནི་སྤྲུལ་པ་མཉམ་པ་སྟེ་སྤྱོད་པ་མཐུན་པའི་རང་བཞིན་ནོ།། དེའི་དབང་པོ་ནི་སྐལ་བ་མཉམ་པ་ཉིད་དེ་འགྲོ་བ་གཅིག་ཏུ་སྐྱེས་པི་སེམས་ཅན་རྣམས་ཀྱི་ལུས་དྲང་དབང་པོ་དང་དབྱིབས་དང་སྤྱོད་པ་དང་། ་ཟས་ལ་སོགས་པ་འདྲ་བའི་རྒྱུ་སྟེ། ཕན་ཚུན་མངོན་པར་དགའ་བ་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ།། བདག་ལ་ཆགས་པ་ཞེས་བྱ་བ་ནི་བྲེདག་ལྔ་སྐྱེད་པའོ།། ཁ་ཟས་ནི་རྣམ་པ་བཞི་སྟེ། ཁམ་གྱིས་ཟོ་བ་དེར་གས་པ་དང ་ཕྲ་བའོ།། རགས་པ་ནི་ཁྲམ་དུ་བྱས་ནས་ཟ་བའོ།། ཕྲ་བ་ནི་བཀྲུ་བ་དང་བསྐུ་བ་དང་གཽ་ཏོར་བ་ལ་སོགས་པ་སྟེ། དེ་ནི་དྲི་དང་རོ་དང་རོག་བྱའི་ངོ་བོ་ཉིད་དོ།། དེ་ནི་རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལས་སྐྱེས ་པའི་རེག་པའོ།། ཡིད་ཀྱིས་ཀུན་ཏུ་སེམས་པ་ནི་ཡིད་ཀྱི་ལས་སྟེ། གདགས་པ་ལས་ཇི་སྐད་དུ་སྒོ་དྲ་གང་དག་མ་ལ་དྲན་པ་བརྗོད་པ་མེད་པ་དེ་དག་རུལ་བར་མི་འགྱུར་རོ།། རྣམ་པར་ཤེས་པ་ནི་གང་སྲིད་པ་མངོན་པར་འགྲུབ། ་པར་བྱེད་པའོ།། དེ་ལ་ཁམ་གྱིས་ཟ་བ་ནི་དབང་པོ་རྣམས་རྒྱས་པར་བྱེད་པའོ།། རེག་པ་ནི་རྟེན་པའི་རྣམ་པར་ཤེས་པ་རྒྱས་པར་བྱེད་པའོ།། དེ་གཉིས་ཀྱིས་བཅས་པར་འགྱུར་བ་ལ་ཕན་པར་བྱེད་པའི་ཕྱིར་མ་མ་ལྟ་བུའོ།། ། ་ཡིད་ཀྱིས་ཀུན་ཏུ་སེམས་པ་ནི་ཡང་སྲིང་བྱ་འཕེན་པའོ།། དེ་ལྟར་འཕངས་པར་བྱུད་ལ་ཐོབ་པ་ནི་མ་ཡིན་ཏེ། རྒྱུན་ལ་ཡོངས་སུ་བསྒོས་པའི་ཕྱིར་ཡང་སྲིད་པར་སྐྱེ་བར་རྣམ་པར་ཤེས་པའི་ནུས་པ་སྐྱེ། ་དེ་གཉིས་ནི་སྐྱེད་པའི་མཱ་ལྕི་བུ་སྟེ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ།། ཁུ་ཟས་འདོད་པར་སེམས་ཅན་སོ་སོར་མཐུན་པ་ཞེས་བྱ་བ་འདིས་ནི་སེམས་ཅན་སྤྲུལ་པོ་མཉམ་པ་ཉིད་ཐ་དད་པ་མ་ཡིན་པར་སྡུད་དོ།། སོ་སོར་ཞེས་བྱ་བའི ་སྒྲ་ནི་ཁྱབ་པར་འདོད་པའི་ཚིག་སྟེ། སེམས་ཅན་སེམས་ཅན་ཞེས་སོ་སོར་གནས་པའོ།། གལ་ཏེ་གཅིག་པར་གྱུར་དུ་ཟིན་ན་ནི་སེམས་ཅན་རྣམས་ཀྱི་འགྲོ་བ་འདྲེན་པར་འགྱུར་རོ།། ཐ་དད་པ་ནི་ཞེས་བྱ་བ་ནི་སེམས་ཅན་ཁྲིམས ་ལ་སོགས་པ་ཐ་དད་པ་རྣམས་ཀྱི་སོ་སོ་བ་སྟེ་རྣམ་པར་སྨིན་པ་ལྔས་བྱུང་བའི་སྤྱོད་པ་སྟོན་པའོ།། དགེ་སློང་ལ་སོགས་པའི་བྱེ་བྲག་གི་ཐ་དད་པ་དེ་རྣམས་ཀྱི། ཞེས་བྱ་བ་ནི་རྒྱུ་མཐུན་པ་སྟོན་ཏོ།། དྲོ་ན་གཅིག་ལ་འདོད་པའི་ངེས ་བཛྲི་རྒྱུའོ་ཞེས་བྱ་བ་ནི་ཐམས་ཅད་ལ་ཐམས་ཅད་འདོད་པ་མ་ཡིན་ཏེ། དཔེར་ནོ་བྲམ་ཟེ་རྣམས་ནི་མཆོད་སྦྱིན་ལ་སོགས་པའི་ཆོ་ག་འདྲོད་ཀྱི། གཞན་དག་ནི་མ་ཡིན་པ་ལྟ་བུའོ།། རྣམ་པར་དབྱེ་བའི་རྒྱུ་ནི་སྐལྔ་བ་མཉམ་པའི ་ཉིད་དོ།། དེ་མེད་དུ་ཟིན་ན་ནི་འཕགས་པ་དང་འཕགས་པ་མ་ཡིན་པ་བྱེ་བྲག་མེད་པར་འགྱུར་རོ།། འཕགས་པའི་སྐལ་བ་མཉམ་པ་ཉིད་ནི་འཕགས་པ་མ་ཡིན་པ་རྣམས་ལ་མེད་དེ།། དེའི་ཕྱིར་འཕགས་པ་མ་ཡིན་པ་འཕགས ་གླངསྔ་སུ་མྱི་ཆུད་དོ།། སོ་སོའི་སྐྱེ་བོ་ཉིད་ནི་སྐྱེ་བོ་རྣམས་ཀྱི་ཡིན་གྱི་འཕགས་པ་རྣམས་ཀྱི་ནི་མ་ཡིན་ནོ།། སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ཀྱང་སོ་སོའི་སྐྱེ་བོ་རྣམས་ཉིད་ཀྱི་ཡིན་གྱི་འཕགས་པ་རྣམས་ཀྱི་མ་ཡིན་ཏེ། ་དེའི་ཕྱིར་སྔོ་སོའི་སྐྱེ་བོ་ཉིད་དོ།། སོ་སོའི་སྐྱེ་པོ་རྣམས་ཀྱི་སྐལ་བར་མཉམ་པར་འགྱུར་རོ།། དེའི་སྐལ་བ་མཉམ་པ་ཉིད་བསྟན་པའི་ཕྱིར། དོན་གཅིག་ལ་འདོད་པའི་ངེས་པའི་རྒྱུའི་ཞེས་བྱ་བ་སྨོས་ཏེ། མཐུན་པའི་བྱེད་པའོ།། དེ ་ཞེས་བྱ་བ་ནི་སྐལ་བ་མཉམ་པ་ཉིད་དོ།། མོང་དུ་ཟིན་ན་ཞེས་བྱ་བ་ནི་ཡོད་པར་མ་གྱུར་ནའོ།། འཕགས་པ་ཞེས་བྱ་བ་ལ་འཕགས་པ་ནི་སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཏེ། སྡིག་པ་མི་དགེ་བའི་ཆོས་རྣམས་ལ ་རིང་དུ་སྲོད་པས་འཕགས་པ་ཞེས་བྱའོ།། འཕགས་པ་མ་ཡིན་པ་ནི་སོ་སོའི་སྐྱེ་བོ་རྣམས་སོ།། འཇིག་རྟེན་གྱི་ཐ་སྙད་ལ་གནས་པ་ཟག་པ་དང་བཅས་པའི་སེམས་ཡོད་པ་རྣམས་འདྲེས་པའི་སྐྱོན་དུ་འགྱུར་རོ།། ། དེ་བས་ན་འཆི ་འཕོ་ཞིང་སྐྱེ་ལ། དེ་སྐལ་བ་མཉམ་པ་ཉིད་མི་འདོར་ཡང་ཡོད་དེ། གང་དུ་ཤི་བོ་དེ་ཉིད་དུ་སྐྱེ་བའོ།། འཆི་འཕོ་བ་ཡང་མེད་ཅིང་སྐྱེ་བ་ཡང་མེད་ལ། དེ་སྐལ་བ་མཉམ་པ་ཉིད་མའི་འདོར་བྱ་ཡང་ཡོད་དེ་ངེས་པར་གྱུར་པ་ལ་ཞུག ་པའོ།། དེ་ནི་སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་བོར་ཏེ། འཕགས་པའི་སྐལ་བ་མཉམ་པ་ཉིད་ཐོབ་པའོ།། འཆི་འཕོ་ཞིང་སྐྱེ་ལ་སྐལ་བ་མཉམ་པ་ཉིད་འདོར་བ་ནི་མིའི་ནང་ནས་ཤི་འཕོས་ནས་ལྷའི་ནང་དུ་སྐྱེའོ།། འཆི་འཕོ་ཡང ་མེད་ཅིང་སྐྱེ་བ་ཡང་མེད་ལ་སྐལ་བ་མཉམ་པ་ཉིད་ཀྱང་མི་འདྲོར་ཞིང་། འཐོབ་པ་ཡང་མེད་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་གསུངས་སོ།། བསྟན་བཅོས་ལས་ངེས་པར་གྱུར་པ་ལ་ཞུགས་པ་ནི ་སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་མདོར་ཞིང་འཕགས་པའི་སྐལ་བ་མཉམ་པ་ཉིད་འཐོབ་བོ་ཞེས་འབྱུང་བས་དེའི་ཕྱིར། སོ་སོའི་སྐྱེ་བོ་དང་། སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ལ་ཐ་དད་དུ་བྱེད་པ་ཅི་ཡོད་ཅེསྣ་དྲིས་སོ།། ་འདོད་པ་མཐུན་པ་ནི་འདོད་པ་འདྲུ་བ་སྟེ། སྐལ་བ་མཉམ་པ་ཉིད་ཅེས་བཤད་དོ།། སོ་སོའི་སྐྱེ་བོ་ཉིད་ནི་གནོང་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ་ཞེས་བྱ་བ་ནི་རིགས་སུ་གྱུར་པའོ།། དོན་དེ་ཉིད་བསྟན་པའི་ཕྱིར། དགེ ་སློང་དག་བྱིས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གཞན་ནས་ཀྱང་གལ་ཏེ་འདིར་འོང་ནཱ་ནི་ཞེས་འབྱུང་བ་ནི་འཇིག་རྟེན་འདིར་འོང་བ་སྟེ། ལྷའི་སྐལ་བ་མཉམ་པ་ཉིད་བོར་ནུས་ལྷའི་ནང་ནས་ཤྲཱི་འཕོས་ནས་མིའི་སྐལ་བ་མཉམ ་པ་ཉིད་འཐོབ་བོ།། དེ་ལྟར་སྐལ་བྱ་མཉམ་པ་ཉིད་ནི་ཐོབ་ཅིང་འདོར་རོ།། སོ་སོའི་སྐྱེ་བོ་ཉིད་ནི་སྐལ་བ་མཉམ་པ་ཉིད་གཞན་ཐོབ་པ་འམ། ཐོབ་པར་འདོར་བ་འམ། མ་ཐོབ་པ་འཐོབ་པ་མེད་དེ། སོ་སོའི་སྐྱེ་བོ་ཉིད་འདུས་བྱས་ཐམས ་ཅད་ལ་ཁྱབ་པའི་ཕྱིར་རོ།། དེ་ནི་རིགས་མཐུན་པ་ཉིད་བཏང་བས་གཏོང་བ་མེད་དོ།། དེའི་ཕྱིར་སྐལ་བ་མཉམ་པ་ཉིད་དང་། སོ་སོའི་སྐྱེ་བོ་ཉིད་བྱེ་བྲག་ཆེར་ཡོད་པར་ཤེས་པར་བྱའོ།། མཚན་ཉིད་ཀྱི་སྟོབས་སུ་བབ་སྟེ། ཆོས་སྐྱེ ་བའི་ནང་གི་ཡན་ལག་སྐྱེ་ཞེ་བྱ་བ་ལ། སྐྱེ་བ་ནི་མ་འོངས་པ་སྐྱེ་བར་མངོན་དུ་ཕྱོགས་པའོ།། དེ་ནི་སྐྱེ་བ་འང་ཡིན་ལ་ཆོས་ཀྱང་ཡིན་པས་ཆོས་སྐྱེ་བའོ།། ཆོས་ཀྱི་སྒྲས་ནི་གཟུགས་ལ་སོགས་པ་ཡོངས་སུ་འཛིན་ཏོ།། དེ་ནི་རང་ཡང ་ཡིན་ལྔ་ནུས་པ་ཡང་ཡིན་ལྔ་རང་གི་ནུས་པ་སྟེ། མ་འོངས་པའི་ཆོས་སྐྱེད་ནུས་པའོ།། རང་གི་ནུས་པ་འཐོབ་པ་ནི་རང་རང་གི་ནུས་པ་རྙེད་པའོ།། དེའི་རྒྱུ་ནི་ནུས་པ་འཐོབ་པའི་རྒྱུ་སྟེ། མ་འོངས་པའི་ཆོས་ད་ལྟར་བྱུང་བའི་གནས ་སུ་འབྱིན་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གྲོ། དེ་ནི་ནང་གི་ཡན་ལག་ཀྱང་ཡོན་ལ་རླུང་གི་ནུས་པ་འཐོབ་པའི་རྒྱུ་ཡིན་པས་ནང་གྲྀ་ཡན་ལག་སྟེ། རང་གི་ནུས་པ་འཐོབ་པའི་རྒྱུའོ།། ཐུན་མོང་གི་རྒྱུ་མ་ཡིན་པས་ནང་གི་ཡན་ལག ་སྟེ། ཆོས་སྐྱེ་བྲིའི་ནང་གི་ཡན་ལག་གི་ནུས་པ་འཐོབ་པའི་རྒྱུའོ།། ཆོས་སྐྱེ་བའི་ནང་གི་ཡན་ལག་རླུང་གཱི་ནུས་པ་འཐོབ་བྱའི་རྒྱུ་གྲང་ཡིནཱ་པ་དེ་ནི་སྐྱེ་བའོ།། ཕྱིའི་ཡན་ལག་ནི་རྒྱུ་དང་རྐྱེན་རྣམས་ཏེ་འོག་ནས་འབྱུང་ངོ་།། རྒྱུ་དྲུང ་རྐྱེན་རྣམས་ནི་ཕྱིའི་ཡན་ལག་རྒྱུའི་དངོས་པོ་སྟེ། དེ་དག་གཟུགས་ལ་སོགས་པའི་སྐྱེ་བའི་ཐུན་མོང་གི་རྒྱུ་ཡིན་པས་གཙོ་བོ་མ་ཡིན་ནོ།། རིགས་པས་ཡོད་པ་ཉིད་དུ་བསྟན་པའི་ཕྱིར། དེ་མེད་དུ་ཟིན་ན་བྱ་བ་ལ་སོགས་པ་སྨོས ་སོ།། སྐྱེ་བ་མེང་དུ་ཟིན་ན་རྒྱུ་དང་རྐྱེན་རྣམས་ཡོད་ཀྱང་ན་མཁའ་བཞིན་དུ་ཆོས་སྐྱེ་བོར་མི་འགྱུར་བ་དང་། ནམཁའ་ལ་སོགས་པ་ཡང་ཞེས་བྱ་བ་ནི་ཇི་ལྟར་སྐྱེ་བ་མེད་ན། གཟུགས་ལ་སོགས་པ་འདུས་བྱས་ཉིད་ཡིན་པ ་དེ་བཞིན་དུ་ན་མཁའ་ལ་སོགས་པ་ཡང་འདུས་བྱས་ཉིད་དུ་འགྱུར་རོ།། སྐྱེ་བ་མེད་དུ་འདྲ་ན་ཅིའི་ཕྱིར་གཟུགས་ལ་སོགས་པ་ནི་འདུས་བྱས་ཡིན་ལ། ན་མཁའ་ལ་སོགས་པ་ནི་མ་ཡིན་པ་དེ་བས ་སྐྱེ་བ་ཉིད་དུ་གྲུབ་བོ།། གནས་པའི་མཚན་ཉིད་བྱུང་བའི་ཕྱིར། འབྲས་བུ་གཞན་འཕེན་པ་ཞེས་བྱ་བ་ལ་སོགས་བླ་སྨྲས་ཏེ། འབྲས་བུ་འདི་ལས་འབྲས་བུ་གཞན་ནི་འབྲས་བུ་གཞན་ནོ།། འབྲས་བུ་གཞན་གྱི་འབེམ་པ ་ནི་འབྲས་བུ་གཞན་འཕེན་པའོ།། འཕྲིན་པར་བྱེད་པས་འཕེན་པ་སྟེ། ཆོས་སྐྱེ་བ་ཡོངས་སུ་འཛིན་པའོ།། དེའི་དབང་གིས་ཆོས་སྐྱེ་བའི་སྐྱེ་བ་ལ་བགེགས་སུ་མ་གྱུར་བའོ།། འབྲས་བུ་གཞན་འཕེན་པའི་དུས་དེའི་གནས་ནི ་འབྲས་བུ་གཞན་འཕེན་པའི་དུས་ཀྱི་གནས་ཏེ་དུས་ཇི་སྲིད་དུ་འབྲས་བུ་གཞོན་འཕེན་ནུས་པར་གྱུར་པའོ།། གནས་པར་མ་གྱུ་རློན་འབྲས་བུ་འཕེན་མི་ནུས་སོ།། གནས་པར་འགྱུར་བ་དེའི་རྒྱུ་གང་ཡིན་པ་དེ་ནི་གནས་པ་ཞེས ་བྱའོ།། གང་གི་དབང་གིས་ཞེས་བྱ་བ་ནི་གང་གིས་མཐུས་སོ།། རྒ་བའི་མཚན་ཉིད་བརྗོད་པར་བྱ་བ་དྲི་བརྗོད་དེ་འབྲས་བུ་གཉིས་པ་འཕེན་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་གཉིས་པ་འཕེན་ནུས་པ་ལ་གནོད་པའི་རྒྱུ ་ནི་ཉམ་ཆུང་བར་བྱེད་པ་སྟེ་རྒ་བའོ།། དེ་ལྟ་ན་ནི་སྐད་ཅིག་པར་མི་འགྱུར་རོ།། ཞེས་བྱ་བ་ནི་ཆོས་དེ་སྐད་ཅིག་དུ་མར་ཡང་འདུག་པའོ།། རྒ་བའི་དབབོང་གིས་འབྲས་བུ་གཅིག་འཕེན་པའི་ནུས་པ་ཡོངས་སུ་ཉམས་ན་འབྲས་བུ ་གཞན་འཕེན་པའི་དུས་སུ་གནས་པ་མི་ཐོབ་བོ།། མི་རྟག་པའི་མཚན་ཉིད་ཀྱི་སྐབས་སུ་བབ་ནས། གནོད་པ་བྱེད་ནུས་ཞེས་བྱ་བ་ལ་སོགས་པ་འདི་སྨོས་ཏེ། རྒ་བས་འབྲས་བུ་གཉིས་པ་ལ་སོགས་པ་འཕེན་པ་ལ་གནོད ་པར་བྱེད་ནུས། ཆོས་འདས་པའི་དུས་སུ་འཕྱིན་པའི་རྒྱུ་ནི་མི་རྟག་པ་ཉིད་དོ།། འདུས་བྱས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་རྣམས་འདུས་ཏེ་ཚོགས་ནས་བྱས་པས་འདུས་བྱས་སོ།། དེ་ནི་གཟུགས་ལ་སོགས་བུའི་དངོས་པོ་སྟེ་གང་དག ་གྲིས་གཟུགས་ལ་སོགས་པར་རྟོག་པ་ཡོངས་སུ་གཅོད་པ་དེ་དག་ནི་འདུས་བྱས་ཀྱི་མཚན་ཉིད་རྣམས་ཞེས་བྱའོ།། འདུས་བྱས་ཀྱི་མཚན་ཉིད་རྣམས་ཞེས་བྱ་བའི་དོན་འདི་ལ་ཁོང་སུ་མདོ་སྡེ་འབྱིན་ཏེ། གསུམ་པོ་འདི་དག ་ནི་ཞེས་བྱ་བ་ལ་སོགས་པའོ།། གནས་པ་དང་གཞན་དུ་འགྱུར་པ་ནི་གནས་པ་དང་གཞན་དུ་འགྱུར་བ་སྟེ་རྒ་བའོ།། གནས་པོ་དང་གཞན་དུ་འགྱུར་བྱ་དེ་ནི་མཚན་ཉིད་གཅིག་བསྟན་ཏོ།། ཅིའི་ཕྱིར་ཞེ་ན་གན་ས་པ་ནི་ཀུན ་ཏུ་ཆགས་པའི་གནས་ཡིན་པའི་ཕྱིར་རོ།། རྒ་བས་གནས་པ་ཟིན་ན་དེ་ལ་ཀུན་ཏུ་ཆགས་པ་ལག་པར་འགྱུར་རོ།། དཔལ་ཅན་མ་དང་ཞེས་བྱ་བ་ལ་སོགས་པ་ལ་སྣ་ནག་མ་ཞེས་བྱ་བའི་སྒྲས་ནི་རྒྱུད་པ་བསྟན་ཏོ།། དེ་སྐད་དུ ་འབྱོར་པ་ཐམས་ཅད་ཀྱི་མཐའ་ནི་རྒུད་པ་ཞེས་ཀྱང་གསུངས་སོ།། ཆོས་ནི་གཟུགས་ལ་སོགས་པའོ།། བདག་ཉིད་དུ་གྱུར་པ་མ་ཡིན་པ་ནི་དོན་གཞན་དུ་གྱུར་པ་དག་གི། དེ་ནི་འདི་སྐད་དུ་གཟུགས་ལ་སོགས་པ་ཉིད་སྐྱེ་བ་ལ་སོགས། ་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། གལ་ཏེ་བདག་ཉིད་དུ་གྱུར་ན་ནི་གཞན་ཡིན་པར་འགྱུར་ཏེ། འདིས་ནི་གཞན་མ་ཡིན་པར་སྨྲ་བ་རི་ཉེས་པ་བརྗོད་དོ།། མཚན་ཉིད་ཀྱི་གཞ་ན་གཟུགས་ལ་སོགས་པའོ།། ་མཚན་ཉིད་རྣམས་ནི་སྐྱེ་བ་ལ་སོགས་པའོ།། ཐ་དད་པ་མ་ཡིན་པ་ནི་གཅིག་པའོ།། དེ་ལྟར་ན་ནི་རྒ་བ་དང་གནས་པ་ཡང་གཅིག་ཏུ་འགྱུར་ཏེ། ཐ་དད་པ་མ་ཡིན་པ་ཉིད་དོ།། དེ་ནི་མ་མཐོང་སྟེ་འགལ་བའི་ཕྱིར་རོ།། མེ་སྐྱེ་བ་ཁོ་ནར ་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་ཡོད་པར་མ་གྱུར་ན་ཆོས་སྐྱེ་བར་ཇི་ལྟར་འགྱུར་ཏེ་རྒྱུ་མེད་པར་འབྲས་བུ་འབྱུང་བ་མ་མཐོང་ངོ་།། དེ་ལ་སྐྱེ་བས་ནི་ཆོས་སྐྱེད། གནས་པས་ནི་གནས་པར་བྱེད། རྒ་བསྲི་རྒ་བར་བྱེད། མི་རྟགས ་པས་ནི་རྣམ་པརརོ་འཇིག་པར་བྱེད་ན་མཚན་ཉིད་ཀྱི་གཞི་དང་ལྷན་ཅིག་སྐྱེས་པའི་མཚན་ཉིད་རྣམས་ཇི་ལྟར་བྱ་བ་བྱེད། དེའི་ཚེ་འདི་སྐྱེ་འམ། གནས་སོམ། རྒའམ་རྣམ་པར་འཇིག་གམ། ཇི་ལྟ་བུ་ཞིག་སྨྲས་པ་མྱ་འོངས ་པའི་སྐྱེ་བས་བྱ་བ་བྱེད་དེ། བྱ་བ་ཞེས་བྱ་བ་ནཱི་ནུས་པ་ལ་བྱའོ།། དེ་ལ་ཆོས་གསུམ་ནི་མ་འོངས་པའི་བྱ་བར་འདོད་དོ།། སྡུག་བསྟ་ལྲྀ་ལ་ཆོས་ཤེས་པའི་བཟེད་པ་དང་མར་མེ་དང་སྐྱེ་བའོ།། སྟྭཾགྨ་བཱསྫ་ལ་ལ་ཆོས ་ཤེས་པའི་བཟོང་པོ་སྤྱི་བོའི་ཚན་སོ་སོའི་སྐྱེ་བོ་ཉིད་རྣམ་པར་སྤོང་ངོ་།། སྐྱེས་པའི་མཚནི་རྣམ་པར་སྤངས་སོ།། མར་མེ་སྐྱེ་བའི་ཚེ་ནི་མུར་པ་སལ་ཏོ།། སྐྱེས་པའི་མཚོན་བསལ་ཏོ།། སྐྱེ་བ་སྐྱེ་རྗེའི་ཚེ་ནི་ལྷན་ཅིག་འཐུང ་བ་རྣམས་ལ་སྐྱེ་བ་དང་མཐུན་པའི་དངོས་པོས་བསྐྱེད་པར་བྱ་བ་སྐྱེད་དོ།། སྐྱེ་བ་སྐྱེ་བའི་ཚེ་ནི་སྐྱེས་སོ།། སྐྱེས་པར་གྱུར་པ་ནི་སྐྱེ་བས་བསྐྱེད་།། གནས་པའི་དབང་གིས་ནི་གནས་སོ།། གནས་པའི་དབང་གིས་གནས་པ་རྒ་བས་ནི་རྒ ་བར་བྱེད། མི་རྟོག་པས་ནི་རྣམ་པར་འཇིག་གི། རྒས་ནས་མ་ཡིན་རྣམ་པར་ཞིག་ནས་མ་ཡིན་ཏེ་རྒའོ།། འཇིག་གི་དེའི་ཕྱིར་དེ་ལྟར་གནོས་པ་ལ་སོགས་པ་དུས་གཅིག་ཏུ་བྱ་བར་འགལ་བ་མེད་དེ། གནས་པའི་རྒ་བས་རྒ་བར་བྱེད ་མི་རྟག་པས་རྣམ་པར་འཇིག་གོ།། མཚན་ཉིད་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་ལྔ་སོགས་པ་མཚན་ཉིད་རྣམས་ཀྱི་སྐྱེ་བའི་སྐྱེ་བ་སྐྱེ་བའོ།། སོགས་པ་གང་དག་གི་ཡིན་པ་དེ་དག་སྐྱེ་བའི་སྐྱེ་བ་ལ་སོགས་པ་དག་གོ།། ་སོགས་པས་སྨོས་པས་ནི་གནས་པའི་གནས་པ་དང་། རྒ་བའི་རྒ་བ་དང་། མི་རྟག་པ་ཉིད་ཀྱི་མི་རྟག་པ་ཡོངས་སུ་སྡུད་ངོ་།། བཞི་པོ་དེ་དག་ནི་མཚན་ཉིད་རྣཾས་ཀྱི་རྗེས་འགྲོ་བ་རྗེས་མཐུན་པའི་མཚན་ཉིད་རྣམས་སོ།། གལ་ཏེ་རྒ་བ་ལ་ཡང ་རྒ་བ་འདོད་ན་དེ་ལྟ་ན་ནི་དེའི་ཡང་གཞན་ཏེ་ཐུག་པ་མེད་པར་འགྱུར་རོ།། དེ་ལྟ་བས་ན་འདི་ལས་ཐུག་པ་མེད་པར་ཡང་མི་འགྱུར་ཏེ། ཞེས་བྱ་བ་སྨོས་སོ།། ཅིའི་ཕྱིར་ཞེ་ན་སྨྲས་པ། འདི་ལྟར་རྩ་བའི་མཚན་ཉིད་དག་ནི་ཞེས་བྱ་བ་ལ་ནི་ཆོས ་ཀྱི་མཚན་ཉིད་རྣམས་སོ།། ཆོས་བརྒྱད་པོ་དག་ལ་འཇུག་གོ་ཞེས་བྱ་བ་ནི་རྐྱེན་གྱི་དངོས་པོར་གནས་སོ།། རྩ་བའི་ཆོས་དང་མཚན་ཉིད་གསུམ་པོ་རྣམས་དང་རྗེས་སུ་མཐུན་པའི་མཚན་ཉིད་བཞི་པོ་རྣམས་ལའོ།། ཞེས་བྱ་བ་ལྟ ་བུ་བརྒྱད་པོ་དག་ལ་འཇུག་གོ།། རྗེས་སུ་མཐུན་པའི་མཚན་ཉིད་རྣམས་ནི་རེ་རེ་ལའོ་ཞེས་བྱ་བ་ནི་འཇུག་གོ་ཞེས་བྱ་བར་སྙེགས་སོ།། ཇི་ལྟར་ཞེ་ན། སྐྱེ་བའི་སྐྱེ་བ་ནི་སྐྱེ་བ་ཉིད་ཀྱི་ཡིན་ཞེས་བྱ་བ་ལ་སོགས ་པ་སྨོས་སོ།། མཚན་ཉིད་རྣམས་ནི་རྩ་བའི་ཆོས་ལ་གནས་སོ།། རྗེས་སུ་མཐུན་པའི་མཚན་ཉིད་དག་ནི་མཚན་ཉིད་རྣམས་ལ་གནས་སོ།། འདི་ལྟར་དེའི་ཕྱིར་ཞེས་བྱ་བ་འདིས་ཐུག་པ་མེད་པོའི་སྐྱོན་མེད་པས་ཇི་སྐད་དུ་སྨྲས་པ ་རིགས་པ་ཉིད་དུ་བསྟོན་ཏོ།། མིང་གི་ཚོགས་ལ་སོགས་པ་བརྗོད་པར་བྱ་བ་དེ་བརྗོད་དེ། མིང་གི་ཚོགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཡོངས་སུ་སྡུད་དོ།། མི་ལྡན་པ། ་དེ་དག་ཀྱང་དོན་གོ་བར་བྱེད་པའོ།། ཅིའི་ཕྱིར་སྒྲ་དོན་གོ་བར་བྱེད་པ་མ་ཡིན་ཞེ་ན། མི་ནུས་པའི་ཕྱིར་རོ།། ཡི་གེའི་འབྲུའམ་ཚིག་ཡོངས་སུ་བཅད་པའི་སྒྲ་དོན་གོ་བར་བྱེད་པར་འགྱུར་གྲང་ན། དཔེར་ན་གོ་ཞེས་བྱ་བ་ཉིད་ཀྱི་སྒྲ་ནི་དོན ་དགུ་ལ་འཇུག་སྟེ། ཚིག་དང་། ཕྱོགས་དང་། ས་དང་འོད་ཟེར་དང་། རྡོ་རྗེ་དང་། མིག་དང་། བྷག་དང་། མཐོ་རིས་དང་། ཆུ་རྣམས་དོན་དགུ་ལ་འཇུག་སྟེ། གཽ་ཞེས་བྱ་བོའི་སྒྲ་ནི་མཁས་པས་གཟུང་ངོ་།། དེ་ལ་ཡི་གེའི་འབྲུ་ན་དོན་གོ ་བར་བྱེད་པ་མ་ཡིན་ཏེ། ཡི་གེའི་འབྲུ་སོ་སོ་ལ་དོན་མེད་པ་དང་། ཅིག་ཅར་དུ་འབྱུང་བ་མེད་པའི་ཕྱིར་རོ།། ཚིག་ཡོངས་སུ་བཅད་པའི་སྒྲ་ཡང་མ་ཡིན་ཏེ། དེ་ལ་ཡང་ཚིགས་ཀྱི་སྒྲ་གཞན་བརྗོད་པ་འབྱུང་སྟེ། དེ་ལ་ཡང་སྒྲ ་གཞན་གྱི་བརྗོད་པ་འབྱུང་བས་ཐུག་པ་མེད་པར་འགྱུར་རོ།། ཇི་ལྟར་ཚིག་གིས་མིང་བརྗོད་ནུས་པ་དེ་བཞིན་དུ་དོན་ཀྱང་བརྗོད་པར་འགྱུར་རོ་ཞེས་བྱ་བ་དང་། སྒྲ་རྣམས་ནི་ཚོགས་པ་མེད་དོ་ཞེས་བྱ་བ་དེའི་ཕྱིར་སུས་ཡི་གེ་འབྲུ་གཅིག་པོ ་དེ་ཐོས་པ་དེས་དོན་དེ་ཉིད་རྟོགས་པར་འགྱུར་རོ།། འདི་ནི་སྐྱོན་དུ་མི་འགྱུར་ཏེ་ཆོས་རྣམས་ཀྱི་ནུས་པ་སོ་སོར་ངེས་པར་སྣང་ངོ་།། དཔེར་ན་རོ་ལས་མདུའུ་རྒྱུ་སྐྱེའི་དེ་ལས་ཙན་ངན་མི་སྐྱེ་བ་ལྟ་བུའོ།། གང་ཚོགས་པ་མེད་པས་སུས ་གཅིག་པོ་དེ་ཐོས་པ་དེས་དོན་དེ་ཉིད་རྟོགས་པར་འགྱུར་རོ་ཞེས་སྨྲས་པ་དེ་དང་སྒྲས་དོན་རྟོགས་པར་འགྱུར་རོ་ཞེས་བྱ་བ་དེ་ནི་མཚུངས་པ་ཉིད་དེ། དེའི་ཕྱིར་གོ་བར་བྱེད་པ་ནི་དོན་དུ་གྱུར་པས་བྱེད་དོ།། དེ་ལ་གང་དག་ཅེས་བྱ་བ་ནི་མིང་དང་། ་ཚིག་དང་ཡི་གེ་རྣམས་སོ།། ངག་རྣམས་ལ་རག་ལས་ཏེ་སྐྱེ་བོ་ཞེས་བྱ་བ་ལ། ངག་གི་བདག་ཉིད་ཀྱི་སྒྲ་ནི་དྲག་གོ།། ངག་དག་ངག་ལ་རག་ལས་ཏེ་སྐྱེ་བ་དེ་དག་ནི་ངག་ལ་རག་ལས་ཏེ་སྐྱོ་བྱ་དག་གོ།། རག་ལྔས་པ་ནི་ཁ་ན་ལས ་བཔའོ།། དྲི་ན་འདི་སྐད་དུ་དྲག་ཡོད་ན་འདི་དག་འབྱུང་ངོ་ཞེས་བསྟན་པར་འགྱུར་རོ།། ཤེས་པ་བཞིན་དུ་དོན་གྱི་ཚུལ་གྱི་གནས་ལྟ་བུ་ཞེས་བྱ་བ་ལ་དོན་ནི་གཟུགས་ལ་སོགས་པ་སྟེ་ཡུལ་ལོ།། ཚུལ་ནི་རང་བཞིན་ཏེ་ངོ་བོ་ཉིད་ཅེས་བྱ། ་བའི་ཐ་ཚིག་གོ། དོན་གྱི་ཚུལ་གྱི་གནས་ནི་ངག་ལས་དོན་གྱི་ཚུལ་འབྱུང་བའོ།། དོན་གྱི་ཚུལ་གྱི་གནས་དང་འདྲ་བས་དོན་གྱི་ཚུལ་གྱི་གནས་ལྟ་བུའོ།། དེས་ན་འདི་ལྟར་དོན་གྱི་ཚུལ་གནས་ལྟ་བུའི་རྣམ་པ་གང་དག་ཡིན་པ་དེ ་དག་དོན་གྱི་ཚུལ་གྱི་གནས་ལྟ་བུའི་རྣམ་པ་དག་སྟེ། དོན་ལྟ་བུར་སྣང་ཞེས་བྱ་བའི་ཐ་ཚིག་གོ།། ཤེས་པ་དང་མཚུངས་བསྲ་ཤེས་པ་བཞིན་ནོ།། དཔེར་ན་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་ཡུལ་གྱིས་བསྒྱུ ་བའི་རྣམ་པར་ཤེས་པ་སྐྱེ་བ་ལྟར་དེ་དག་ཀྱང་དེ་བཞིན་ཏེ། བུམ་པ་ལ་སོགས་པའི་མིང་ལ་སོགས་པ་ནི་མགུལ་གྱེན་དུ་འདུག་པ་ལ་སོགས་པའི་རྣམ་པའི་གཟུགས་བརྙན་ཉིད་དོ།། དེ་བས་ནུ་ཤེས་པ་རྣམས་ཀྱང་ཤེས་པ ་བཞིན་ནོ།། རང་གི་དོན་ཁོང་དུ་ཆུད་པར་བྱེད་པ་ཞེས་བྱ་བ་ལ། དེ་ནི་རང་ཡང་ཡིན་ལ་དོན་ཡང་ཡིན་པས་རང་གི་དོན་ཏེ། ཕྱི་རོལ་ཀྱི་ཡུལ་ལོ།། ཁོང་དུ་ཆུད་བ་ནི་རྟོགས་པ་སྟེ་ངེས་ཞེས་བྱ་བའི་ཐ་ཚིག་གོ། རང་གི་དོན་ག་ཁོང་དུ ་ཆུད་པ་ཉིད་བྱེད་པ་གང་ཡིན་པ་དེ་དག་གོ།། དེ་ནི་འདི་སྐད་དུ་མིང་ལ་སོགས་པ་ནི་སྐད་ཅིག་པའི་ཕྱིར་བྱེད་པ་དག་ཀྱང་དེ་ལས་གུད་ན་མེད་དེ། དེ་དག་གི་སྐྱེ་བ་ཙམ་ནི་བྱེད་པའོ་ཞེས་བསྟན་པོར་འགྱུར་རོ།། དེ་སྐད་དུ་འདུ་བྱེད་ཐམས་ཅད ་སྐད་ཅིག་པོ། མི་བརྟན་བྱེད་པ་ག་ལ་ཡོད་།། གང་དག་འབྱུང་བ་དེ་བྱེད་དེ། བྱེད་པའོ་ཞེས་དེ་ལ་བྱ། ཞེས་གསུངས་སོ།། འདུ་ཤེས་དང་ངག་དང་ཡི་གོའི་འབྲུ་ཞེས་རྣམ་གྲངས་གཞན་གྱིས་བརྗོད་པར་བྱ་བ་ཞེས་བྱ་བ་ལ། འདུ ་ཤེས་དང་ངག་དང་ཡི་གེའི་འབྲུ་རྣམས་ནི་འདུ་ཤེས་དང་ངག་དང་ཡི་གེའི་འབྲུ་རྣམས་སོ།། དེ་ནི་རྣམ་གྲངས་ཀྱང་ཡིན་ལ་གཞན་ཀྱང་ཡིན་པས་རྣམངས་གཞན་ཏེ། མིང་གཞན་ཞེས་བྱ་བའི་ཐ་ཚིག་གོ།། འདུ་ཤེས་དང་། ་དྲདྲུག་དང་ཡི་གེའི་འབྲུ་རྣམས་ཉིད་རྣམ་གྲུངས་གཞན་ལ་ཡིན་པས་འདུ་ཤེས་དང་ངག་དང་ཡི་གེའི་འབྲུའི་རྣམ་གྲངས་གཞན་ནོ།། འདུ་ཤེས་དང་དྲག་དང་ཡི་གེའི་འབྲུའི་རྣམ་གྲངས་གཞན་དག་གིས་བརྗོད་པར་བྱ་བ་དག ་ནི་འདུ་ཤེས་དང་ངག་དྲང་ཡི་གེའི་འབྲུའི་རྣམ་གྲངས་གཞན་གྱིས་བརྗོད་པ་དག་གོ། གླང་དག་ཅེ་ན། དེ་དག་ཅེས་བྱ་བ་རྣམས་ཏེ་མྲྀང་དང་ཚིག་དང་ཡི་གེའི་འབྲུ་རྣམས་སོ།། དེ་དག་ཀྱང་རྣམ་གྲངས་འདི་བཞིན་དུ་ཁོང་དུ་ཆུད ་པར་བྱའོ།། དེས་ན་མིང་དང་འདུ་ཤེས་ནི་གཅིག་ཏུ་བརྗོད་དོ།། ཚིག་ནི་དག་གོ། ཡི་གེ་ནི་ཡི་གེའི་འབྲུ་རྣམས་སོ།། སྔར་སྨོས་པའི་དོན་དེ་ཉིད་དཔེས་བརྟན་པོར་བྱ་བའི་ཕྱིར། དབེཪྵ་ན་མིག་ལ་སོགས་པ་ལ་རེག་ལས་ཏེ།། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་སོགས་པ་ལ་རག་ལས་ཏེ་རྣམ་པར་ཤེས་པ་དེ་དག་སྐྱེ་བ་ནི་གཉི་གའི་ཁ་ན་ལྔས་ཏེ་རྣམ་པར་ཤེས་པ་འབྱུང་མོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པས་དབང་པོ་རྣམས་ཀྱི ་བརྗོད་དོ།། གཟུགས་ལ་སོགས་པའི་དོན་ཅེས་བྱ་བ་ལ་སོགས་པའི་སྒྲས་ནཱི་སྒྲ་ལ་སྩོགས་པ་སྡུད།། ཚུལ་གྱི་གནས་ལྟ་བུའི་རྣམ་པ་ཞེས་བྱ་བ་གང་དག་ཅེ་ན། རྣམ་པར་ཤེས་བླ་རྣམས་སོ།། རང་གི་དོན་ཁོང་དུ་ཆུད་པར ་བྱེད་པ་ནི་གཟུགས་ལ་སོགས་པ་ཁོང་དུ་ཆུང་པོར་བྱེད་པ་དག་གོ།། ངག་གི་སྒྲས་ནི་དོན་བརྗོད་པར་མི་འགྱུར་ཏེ། ཞེས་བྱ་བ་ལ། ངག་ཉིད་སྒྲ་ཡིན་པས་ངག་གི་སྒྲ་སྟེ་ངག་གི་སྒྲ་ངེས་དོན་བརྗོད་པར་མི་འགྱུར་ཏེ་བསྐད ་བར་མི་འགྱུར་རོ།། ཙྭིའི་ཕྱིར་ཞེ་ན། མེ་ཞེས་བརྗོད་པས་ཚིག་པཱཪྵ་འགྱུར་ཏ་རེ་འདི་ལ་དགྲ་གི་སྒྲ་ནི་མངོན་པར་བརྗོད་པའོ།། བརྗོད་པར་བྱ་བ་ནི་མིང་ངོ་།། དོན་ནི་བརྗོད་པར་བྱ་བ་ཡང་མཱ་ཡིན་པར ་བརྗོད་པར་ཡང་མ་ཡིན་ནོ།། གལ་ཏེ་དགུ་གྲི་སྒྲ་བརྗོད་པར་བྱ་བ་དོན་དུ་གྱུར་ན་ནི་དེའི་ཕྱིར་ཚིག་པར་འགྱུར་རོ།། ཇི་ལྟ་ཞེ་ན་འདི་ལྟ་སྒྲས་དྲོན་ཕྲད་ནས་འཛིནྡ་ཏཱམ་མོ་ཕྲད་པར་འཛིན། དེ་ལ་མ་ཕྲད་པོར་དོན་འཛིན་པར་མི ་རུང་སྟེ། སྒྲ་ནི་ཐོགས་པ་དང་བཅས་པའི་ཕྱིར་ལག་པ་ལ་སོགས་པ་བཞིན་ནོ།། ལག་པ་ལ་སྔོགས་པ་ནུ་མེ་ཕྲད་པར་རེག་པ་འཛིན་པའི་མཐུ་མེད་དོ།། ཅི་སྟེ་སྣ་ལ་སོགས་པ་བཞིན་དུ་ཕྲད་ནས་དོན་འཛིན་པར་འདོད་ན། ་དེ་ལྟ་ན་ནི་མེ་དང་ཕྲད་པཱས་སྒྲ་ཚིག་པའི་སྐྱོན་དུ་འགྱུར་ཏེ། སྒྲ་ནི་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ།། དེ་བས་ན་ངག་གི་དོན་བརྗོད་པརླ་མི་འགྱུར་བ་གྲུབ་བོ།། གླལ་ཏེ་དོན་བརྗོད་པར་བྱ་བ་མཱ་ཡིན་ན་གང ་ཡིན་སྙམ་པ་ལ་དེའི་ཕྱིར་ངག་ཅེས་བྱ་བ་སྨོས་ཏེ། ངག་གི་སྒྲ་ས་ན་མཱི་བརྗོད་དོ།། མིང་གིས་ནི་དོན་གོ་བཱར་བྱེད་དེ། དེའི་བློ་བསྐྱེད་པའི་ཕྱིར་རོ།། མིང་ནི་བརྗོད་པར་བྱེད་པ་མ་ཡིན་པར་བརྗོད་པ་མ་ཡིན་ནོ།། མིང་གིས་རྣམ ་པར་ཤེས་པ་ལ་སོགས་པ་བཞིན་དུ་ཐོགས་པ་མེད་པའི་ཕྱིར་མིང་གིས་དོན་ཁོང་དུ་ཆུད་པར་བྱེད་པ་ནི་རིགས་ཀྱི་སྒྲས་ནི་མ་ཡིན་ཏེ། མིག་ལ་སོགས་པ་ལྟར་ཐོག་པ་དང་བཅས་པའི་ཕྱིར་རོ།། དེ་ལས་གཞན་དུ་ཞེས་བྱ ་བ་ནི་སྒྲ་ལས་གཞན་དུ་སྟེ། སངས་རྒྱས་པ་ལ་རྟག་པར་མ་གྲུབ་པའི་ཕྱིར་རོ།། ཆོས་བཞི་པོ་འདི་དག་ནི་ཞེས་བྱ་བ་ནི་བུམ་པའི་སྒྲ་དྲང་། བུམ་པའི་མིང་དྲང་། བུམ་པའི་དོན་དང་། བུམ་པ་ཤེས་པའོ།། ཐ་སྙད་འདོངས་པའི ་དུས་ན་ནི་དྲོ་བོ་དུ་མ་ཡང་ངོ་བོ་གཅིག་པུ་དང་འདྲ་བ་རུ་ཐ་དད་པ་མེད་པ་ཉིད་དུ་རྟོགས་སོ།། རྣམ་པར་ཕྱེ་ན་ནི་ཐ་དད་པར་རྟོགས་སོ།། མིང་གི་དཔེ་བསྟན་པའི་ཕྱིར། དེ་ལ་མིང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དོན་རྣམས ་ལ་ཚིག་གིས་གཞོལ་བར་བྱེད་པ་སྲ་མང་སྟེ། དོན་གྱི་ཡུལ་ལ་གཞོལ་བར་བྱེད་ཅེས་བྱ་བུའི་ཐ་ཚི་གོ་གོ། འདི་ལྟ་སྟེ་གཟུགས་སྒྲ་ཞེས་བྱ་བའོ།། ཚིག་ཅེས་བྱ་བ་ནི་འདི་བརྗོད་པར་འདོད་པའི་དོན་རྟོགས་པར་བྱེད་པས་ཚིག་སྟེ ་ཁོང་དུ་ཆུད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། འདོད་པའི་དོན་ནི་བརྗོད་པར་འདོད་པའི་དོན་ཏོ།། ཡོངས་སུ་རྫོགས་པར་འགྱུར་བ་ནི་ཡོངས་སུ་ཆུད་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ།། འདིར་སྡིག་པ་ཐམས་ཅད་མི་བྱ ་ཞེས་བྱ་བ་ནི་རང་གི་གྲུབ་པའི་མཐའ་ལས་དཔེ་བསྟན་པའོ།། གཉིས་པ་ལྷ་བྱིན་པ་དཀར་མོ་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་པ་ལུས་དཔེར་བཀོད་པའོ།། ཡི་གེ་ཞེས་བྱ་བྱ་ནི་དེ་ཡོད་ན་དོན་གསལ་བར་འགྱུར་བ་དང་།། ་འདིས་བྱེད་པར་བྱེད་པས་ན་ཡི་གེའོ།། འདི་ལྟ་སྟེ་ཨང་ཞེས་བྱ་བའོ།། སོ་སོ་ན་ཞེས་བྱ་བ་གཅིག་གཅིག་མིང་སོ་སོ་ན་འདུག་པས་སོ་སོའོ།། ཚོགས་ཞེས་བྱ་བའི་སྒྲ་ནི་མང་པོའི་དོན་ཏེ། དེས་ན་མིང་གི་ཚོགས་དང་། ཚིག་གི ་ཚོགས་དང་། ཡི་གེའི་ཚོགས་རྣམས་ཞེས་བྱའོ།། ལཱ་དིཪྻ་དྲང་སྲོང་ཆེན་བློས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་ལུང་ལས་འབྱུང་བ་སྟོན་ཏོ།། དེ་བཞིན་གཤེགས་པ་རྣམས་བྱུང་བ་ཡང ་རུང་མ་བྱུང་ཡང་རུང་སྟེ། མ་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཤེས་པ་ཉིད་ཡིན་ན་དེ་དག་ན་དེ་བཞིན་གཤེགས་པ་བྱུང་ནས་ཤེས་སོ་ཞེས་བྱ་བ་དེ་ལ་དགོངས་པ་ནི་འདི་ཡིན་ཏེ། ཕུང་པོ་དང་སྐྱེ་མཆེད་ལ་སོགས ་པའི་མིང་དང་ཚིག་གི་ཆགས་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་བྱུང་ནས་ཤས་སོ་ཞེས་དགོས་པའོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་བཞི་ནི་དགེ་སྦྱོང་གི་འབྲས་བུ ་ཞེས་བྱའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས ་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་ཕྱེ། སྐྱེད་པའི་རྐྱེན་གྱིས་སྐྱེ་བ ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབྲའི་འབྱུང་བར་འགྱུར ་ཞེས་བྱ་བའོ།། འདུ་བྱེད་ཀྱི་དངོས་པོ་ནི་འདི་སྙེད་དོ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བརྗོད་པའོ།། ཇི་ལྟར་བསྟན་པ་དེ་ལྟར་བཤད་པར་བྱ་སྟེ། དེའི་ཕྱིར་ད་ནི་རྣམ་པར་ཤེས་པ་བརྗོད་པར་བྱའོ་ཞེས་བྱ ་བྱ་བ་སྨོས་སོ།། གཟུགས་ལ་སོགས་པ་ཡུལ་གྱི་དངོས་པོ་ཞེས་བྱ་བ་ལ། དངོས་པོ་སྨོས་པས་ནི་རྣམ་པར་ཤེས་པ་དམིགས་པ་མེད་པ་མ་ཡིན་ནོ།། ཞེས་དེ་སྐད་སྟོན་ཏོ།། གང་ཟླ་བ་གཉིས་མཐོང་བ་ཡང་ཡིན་ནམ། དེ་ནི ་ཟླ་བའི་གཟུགས་ལྔ་སོགས་པ་དེ་ཉིད་ལ་དམིགས་ནས་འཁྲུལ་པོའི་རྣམ་པར་ཤེས་པ་འབྱུང་ངོ་།། གལ་ཏེ་དམིགས་པ་ལ་མི་བལྟོས་པར་རྣམ་པར་ཤེས་པ་འབྱུང་ན་དེ་ལྟར་གྱུར་ན་ནི་གནས་ལ་མི་བལྟོས་པར་འབྱུང་བ ་འགྱུར་ཏེ། དེ་ལྟ་ན་ནི་རྣམ་པར་ཤེས་པ་དྲུག་རྣམ་པར་བཞག་པ་མེད་པར་འགྱུར་རོ།། མདོ་ལས་གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ།། དེ་ལ་འབྱུང་བ་དང་ཡང་འགལ་བར་འགྱུར་རོ།། ཙམ་ཞེས་བྱ་བ ་སྨོས་པ་ནི་སྤྱིའི་མཚན་ཉིད་བྱས་ལ་བསལ་བའི་དོན་ཏོ།། དེས་ན་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཡུལ་ནི་རང་གི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་དོན་དེར་འགྱུར་རོ།། སོ་སོར་ཞེས་བྱ་བའི་ཚིག་ནི་ཁྱབ་པར་འདོད་པའི ་ཐ་ཚིག་གོ།། དོན་དང་དོན་སོ་སོར་དམིགས་པ་ནི་སོ་སོར་རྣམ་པར་རིག་པའོ་ཞེས་གལ་ཏེ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཡུལ་རང་གི་མཚན་ཉིད་ཡིན་ན། ཆོས་མངོན་པ་ལས་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པས ་སྔོན་པོའོ་ཞེས་རྣམ་པར་ཤེས་སོ་ཞེས་འབྱུང་བ་དེ་ཇི་ལྟ་བུ་འདུ་ཤེས་དང་ལྡན་པས་དེ་སྐད་དུ་སྟོན་ཏོ།། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་སྐྱོན་འདི་ཇི་ལྟར་མི་འབྱུང་ཞེ་ནུ། འདུ་ཤེས་ཞན་པའི ་ཕྱིར་རོ།། དེ་ཉིད་ཀྱི་དོན་ནི་འགྲེལ་པ་ལས་སྟོན་ཏེ། མིག་ལ་སོགས་པ་ལྷན་ཅིག་བྱེད་པ་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་དང་། སྣང་བ་ལ་སོགས་པ་གང་དུ་བྱུང་བའོ།། དེ་ཡོངས་སུ་ཟིན་ན་འབྱུང་བ་ནི་དཔེར་ན་གཟུགས་བརྙན ་ནུས་པ་ལྟ་བུའོ།། གཟུགས་དང་། སྒྲ་དང་དྲི་དང་། རོ་དང་རེག་བྱ་དང་། ཆོས་རྣམས་ལ་དངོས་པོ་ཙམ་ཁོང་དུ་ཆུད་པའི་ཆོས་གང་ཡིན་པ་ནི། རང་གི་སེམས་ཉིད་ཙམ་ཁོང་དུ་ཆུད་པའོ།། ད་བྱེ་བྲག་ཁོང་དུ་ཆུད་པ་ནི་མ་ཡིན་ནོ།། ་སྲོག་ཁོང་དུ་ཆུད་པར་བྱེད་པ་ནི་ཚོར་བ་ལ་སོགས་པ་ཆོས་རྣམས་ཀྱི་གནས་སུ་གྱུར་པ་སྟེ། ད་ལྟར་གྱི་དུས་ཀྱི་སྐད་ཅིག་ཙམ་ལ་དམིགས་པ་ཞེས་བྱ་བ་ལ། འདུ་བྱེད་ཐམས་ཅད་ཀྱང་ད་ལྟར་གྱི་དུས་ཀྱི་སྐད་ཅིག་ཙམ་ལ་དམིགས ་པ་ཡིན་ན། ཅིའི་ཕྱིར་རྣམ་པར་ཤེས་པབྱེ་བྲག་ཏུ་སྨོས། འདི་ནི་དེ་ལྟར་གྱི་སྐད་ཅིག་སྐལ་བ་མཉམ་པ་མ་ཡིན་པ་ཡོད་དེ། སྡུག་བསྔལ་ལྔ་ཆོས་ཤེས་པའི་བཟོད་པའི་དུས་ན་སྟེ་གཟུགས་ནི་དེ་ལྟ་མ་ཡིན་ནོ།། ཟག་པ་མེད་པའི ་སྡོམ་པས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་ཡང་སྐལ་བ་མཉམ་པ་མ་ཡིན་པའི་སྐད་ཅིག་ཡོད་པ་མེ་ཡིན་ནམ། དེ་ལྟ་ཡིན་དུ་ཟིན་ཀྱང་དེ་ཡོད་ན་ནི་ཡོད་པར་རྣམ་པར་ཤེས་པ་གཙོ་བོ་ཡིན་ནོ།། ་ཡང་ན་ཡོངས་སུ་མྱ་དྲན་ལས་འདས་པའི་དུས་ན་རྣམ་པར་ཤེས་པའི་སྐད་ཅིག་པ་གཅིག་སྟེ། གཟུགས་ནི་རྒྱུ་མཐུན་པ་མ་ཡིན་པས་འགལ་བ་མེད་དོ།། དགེ་བ་དང་མི་དགེ་བའི་ཁམས་རྣམས་ཀྱིས་རྒྱས་པར་སེམས ་སོ།། ཤེས་པས་ན་ཡིད་དོ།། སྣ་ཚོགས་ཤེས་པས་རྣམ་པར་ཤེས་པ་སྟེ། དཔེར་ན་ལྷག་པ་དང་མཐོར་བྱེད་དང་། མཐུ་བྱེད་ཅེས་བྱ་བ་ལྟ་བུའོ།། ཡང་ན་གང་འདས་པ་དེ་ནི་ཡོད་དོ།། གང་ད་ལྟར་བྱུང་བ་དེ་ནི་རྣམ་པར་ཤེས ་བའོ།། གང་མ་འོངས་པའི་དེ་ནི་སེམས་སོ།། དང་པོའི་སེམས་ཀྱི་རྫས་གདགས་པའི་རྒྱུ་ཞེས་བྱ་བ་ནི་སེམས་ཅན་གདོགས་པ་ཞེས་བྱ་བར་སྦྱར་རོ།། དང་པོའི་སེམས་ཅན་གྱི་རྫས་གང་ཡིན་པ་ནི་ཐོག་མིའི་སེམས་ཅན ་གྱི་རྫས་ཏེ། ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་མ་ཞུགས་ན། ཁུ་ཆུ་དང་ཁྲག་མེར་མེར་པོར་ཆགས་པར་འགྱུར་རམ། ཞེས་གསུངས་པའི་ཕྱིར་རོ།། ཡང་ན་སེམས་ཅན་ཉིད་རྫས་ཡིན་པས་སེམ ་གྱི་རྫས་སོ།། འདོགས་པས་ན་གདགས་པ་སྟེ། འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ།། སེམས་ཅན་གྱི་རྫས་གདགས་པ་དེའི་རྒྱུ་ནི་བྱེད་རྒྱུའོ།། དང་པོ་ནི་གཙོ་བོ་ཞེས་བྱ་བའི་ཐ་ཚིག་གོ། ད་ནི་སེམས་ཅན་གྱི་རྫུས ་གདགས་པའི་རྒྱུ་ཡང་ཡིན་ལ་དང་པོ་ཡང་ཡིན་པས་སེམས་ཅན་རྫས་ཀྱི་གདགས་པའི་དང་པོའི་རྒྱུའོ།། དེ་ནི་འདི་སྐད་དུ་མིག་ལ་སོགས་པ་ཡང་སེམས་ཅན་དུ་གདགས་པའི་རྒྱུར་གྱུར་པ་ཡིན་མོད་ཀྱི། འོན་ཀྱང་དངོས ་སུ་ནི་རྣམ་པར་ཤེས་པ་ཉིད་དེ་གདགས་པའི་རྒྱུ་ཡིན་གྱི་མིག་ལ་སོགས་པ་ནི་མ་ཡིན་ཏེ། དེ་དང་མི་ལྡན་ཡང་སེམས་ཅན་དུ་གདགས་པའི་ཐ་སྙད་འདོགས་ཏེ། རྣམ་པར་ཤེས་པར་ཤེས་པ་མེད ་ན་སེམས་ཅ་ནཱ་དུ་གདགས་པའི་ཐ་སྙད་འདོགས་པ་མེད་དོ།། གཟུགས་ལྔ་སོགས་པ་ཡུལ་སོ་སོར་རྣམ་པར་རིག་པ་ནི་གཟུགས་ལ་སོགས་པ་སོ་སོར་ཡོངས་སུ་གཅོད་ཅེས་བྱ་བའི་ཐ་ཚིག་གོ།། སོ་སོར་རྣམ་པར ་རིག་པར་བྱེད་པ་ཉིད་ག་ཡིན་དེ་སོ་སོར་རྣམ་པར་རིག་པར་བྱེད་པ་སྟེ། འདི་ལྟར་མིག་གིས་བལྟས་ནས་རྣམ་པར་ཤེས་པས་རྣམ་པར་ཤེས་སོ།། རྣམ་པར་ཤེས་པ་དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་པ་དྲུག་ཏུ་འགྱུར ་ཏེ། དཔེར་ནི་བུད་ཤིང་ག་བྱེ་བྲག་ཐ་དད་ཏེ། རྩཝ་དང་སོགས་མིའི་མེ་ཞེས་བྱ་བ་ལྟ་བུའོ།། དེའི་མཚན་ཉིད་ནི་བཅོམ་ལྡན་འདས་ཉིད་ཀྱི་སྟེ། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་གང ་ཞེ་ན། སྣ་ཚོགས་ཤེས་པས་རྣམ་པར་ཤེས་པའོ་ཞེས་སྨོས་པའོ།། མཚན་ཉིད་བསམ་པའི་སྐབས་སུ་སྨོས་པ། ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་མཚན་ཉིད་བསམ་པའི་སྐབས་སུའོ།། ཅི་སྨོས་ཞེ་ན། ནང་གི་ཡན་ལག་ནི ་སྐྱེ་བའོ།། ཕྱིའི་ཡན་ལག་ནི་རྒྱུ་དང་རྐྱེན་རྣམས་སོ།། ཞེས་སྨོས་སོ།། དེ་ལ་རྒྱུ་དེ་དག་ནི་གང་། རྐྱེན་རྣམས་ནི་གང་ཞེ་ན། དེ་དག་པ་རྗོད་པ་རྒྱུན་དྲུག་སྟེ། ཞེས་བྱ་བའོ།། མདོ་ལས་རྐྱེན་བཞི་སྟེ། རྒྱུའི་རྐྱེན་དང་། དེ་མ་ཐག ་བའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོ་རྐྱེན་ཏེ། རྐྱེན་བཞི་ནི་གསུངས་ཀྱི། རྒྱུ་རྣམས་ནི་མ་གསུངས་བུ་མ་ཡིན་ནམ། འདི་ནི་ཉེས་པ་མ་ཡིན་ཏེ། དྲུག་པུའི་སྐབས་སུ་རྒྱུའི་མདོ་གསུངས་པ་ལས་དེ་ནི་ནུབ་པར་འགྱུར ་ཏེ། ལྷ་རྣམས་ཀྱིས་བསྐྱེད་དོ།། ཡང་ན་མདོ་གཞན་དག་ལས་རྒྱུ་རྣམས་གསུངས་ཏེ། མཚུངས་པར་ལྡན་པའི་རྒྱུ་གསུངས་པ་ནི་མཐོང་བའི་རྩ་བ་ལས་བྱུང་བའི་ངང་པ་ནི་རྟོགས་ནས་ཤེས་པ་དང་མཚུངས་པར་ལྡན་ནོ། ་ཞེས་འབྱུང་བའི་དད་པ་ནི་རྟོགས་ནས་ཤེས་པ་དང་མཚུངས་པར་ལྡན་ནོ་ཞེས་འབྱུང་བའོ།། དེ་བཞིན་དུ་ལྷན་ཅིག་འབྱུང་བའི་རྒྱུ་བསྟན་ཏེ།། གཟུགས་གང་ཅི་ཡང་རུང་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་ཅེས་འབྱུང ་བའོ།། སྐལ་བ་མཉམ་པའི་རྒྱུ་ཡང་གསུངས་ཏེ། དེ་དགེ་བའི་རྩ་བ་ཆུ་དེ་རབ་ཙམ་དང་ལྡན་པ་ཡོད་དེ། དེའི་དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་གཞན་འབྱུང་ཞེས་བྱ་བའོ།། ཀུན་ཏུ་འགྲོ་བའི་རྒྱུ་ཡང་གསུངས་ཏེ། ལག ་པར་ལྟ་བ་ལ་སོགས་པ་ལོ་རིག་པར་རྟོག་པ་འབྱུང་ངོ་ཞེས་བྱ་བའོ།། རྣམ་པར་སྨིན་པའི་རྒྱུ་ཡང་གསུངས་ཏེ། དགེ་སློང་དག་ཁྱེད་ཀྱིས་སྲོག་གཅོད་པའི་སེམས་ཅན་མཐོང་ན་དེ་ལ་ཁྱེད་ཀྱིས་ཀྱེ་མའོ།། སེམས་ཅན་དམྱ ་བའམ་སེམས་ཅན་དམྱལ་བ་གང་ཡང་རུང་བ་ཞིག་མཐོང་ངོ་སྙམ་དུ་ངེས་པར་ཤེས་པར་བྱའོ།། དགེ་སློང་དག་ཁྱེད་ཀྱིས་སྲོག་གཅོད་པ་སྤངས་པའི་སེམས་ཅན་མཐོང་ན། དེ་ལ་ཁྱེད་ཀྱིས་ལྷ་འམ་ལྷ་གང་ཡང་རུང ་བ་ཞིག་མཐོང་ངོ་སྙམ་དུ་སེམས་པར་ཤེས་པར་བྱའོ་ཞེས་འབྱུང་བའོ།། བྱེད་པའི་རྒྱུ་ཡང་གསུངས་ཏེ། མིང་དང་གཟུགས་ལྔ་སོ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། དགེ་སློང་དག་དེ ་ལྟར་ན་མིག་ནི་བདག་པོའོ།། གཟུགས་རྣམས་ནི་དམིགས་པའོ་ཞེས་འབྱུང་བའོ།། དེ་ལ་སེམས་དང་སེམས་ལ་བྱུང་བ་རྣམས་ནི་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཡིན་པས་སེམས་དང་སེམས ་ལས་བྱུང་བ་རྣམས་སོ།། ཕན་ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་གོ། མཚུངས་པར་ལྡན་པའི་ཡུལ་འཛིན་པའི་ཕྱིར་མཉམ་དུ་འཇུག་པས་དེའི་ཕྱིར་མཚུངས་པར་ལྡན་པ་དག་གོ།། མཚུངས་པར་ལྡན་པ་ཉིད་མ ་མཚུངས་པར་ལྡན་པ་སྟེ། དེ་ནི་མཚུངས་པར་ལྡན་པ་ཡང་ཡིན་ལ། རྒྱུ་ཡང་ཡིན་པས་མཚུངས་པར་ལྡན་པའི་རྒྱུའོ།། དཔེ་བསྟན་པའི་ཕྱིར། འདི་ལྟ་སྟེ་སེམས་ནི་ཚོར་བ་ནས་ཤེས་རབ་ཀྱི་བར་དག་གིའོ།། ཞེས ་བྱ་བ་སྨོས་ཏེ་མཚུངས་པར་ལྡན་པའི་རྒྱུའོ།། བར་དག་གི་ཞེས་བྱ་བའི་སྒྲས་ནི་སེམས་ལ་སོགས་པ་ཡོངས་སུ་སྡུད་དོ།། ཚོར་བ་ལ་སོགས་པ་དེ་དག་ཀྱང་སེམས་ཀྱི་མཚུངས་པར་ལྡན་པའི་རྒྱུའོ།། དཔེར་ན་ཉི་མའི ་དཀྱིལ་འཁོར་ནི་འོད་ཟེར་དང་བྲལ་བར་མི་འབྱུང་ངོ་།། དེ་བཞིན་དུ་སེམས་ཀྱང་ཚོར་བ་ལ་སོགས་པ་དང་བྲལ་བར་མི་འབྱུང་ངོ་།། ཕན་ཚུན་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལ། གང་དག་ཕན་ཚུན་དུ་འབྲས་བུ ་ཡིན་པ་དེ་དག་ནི་ཕན་ཚུན་འབྲས་བུ་སྟེ། གཅིག་གི་འབྲས་བུ་གཅིག་གོ་ཞེས་བསྟན་པར་འགྱུར་རོ།། ལྷན་ཅག་འབྱུང་བས་ལྷན་ཅིག་འབྱུང་བ་སྟེ། ལྷན་ཅིག་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ། ལྷན་ཅིག་འབྱུང་བ་ཉིད་རྒྱུ ་ཡིན་པས་ལྷན་ཅིག་འབྱུང་བའི་རྒྱུའོ།། འདིར་དཔེར་བསྟན་པའི་ཕྱིར། འདི་ལྟ་སྟེ་འབྱུང་བ་རྣམས་གཅིག་གྲི་རྒྱུ་གཅིག་ཡིན་པ་ཞེས་བྱ་བ་སྨོས་ཏེ། དེ་ལ་སྱའི་ཁམས་ནི་ཆུ་ལ་སོགས་པ་གསུམ་ལ་བལྟོས་ཏེ ་འབྱུང་ངོ་།། ཆུ་ལ་སོགས་པ་ཡང་ས་ལ་བལྟོས་ནས་འབྱུང་སྟེ། དེ་དག་གི་འདི་ནི་རྒྱུ་དང་འབྲས་བུའི་དངོས་པོའོ།། མཚན་གྱི་གཞི་ནི་གཟུགས་ལ་སོགས་པའོ།། མཚན་ཉིད་རྣམས་ནི་སྐྱེ་བ་ལ་སོགས་པའོ།། སེམས ་ཀྱང་སེམས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིའོ་ཞེས་བྱ་བ་ལ་སེམས་ཀྱི་རྗེས་སུ་འབྲང་བའི་ངང་ཚུལ་ཅན་དེ་དག་ནི་སེམས་ཀྱི་རྗེས་སུ་འབྲང་བའོ།། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་འདྲ་མོད་ཀྱི་འོན ་ཀྱང་ཁྱད་པར་བསྟན་པའི་ཕྱིར་ཕན་ཚུན་གྱི་སྟོབས་ཀྱིས་ཞེས་བྱ་བ་སྨོས་ཏེ། གཅིག་གི་སྟོབས་ཀྱིས་གཅིག་གོ།། དཔེར་ན་འགྲོན་པོ་མང་པོ་དག་གཅིག་ལེ་གེཅིག་མི་བལྟོས་པར་ལམ་གྱི་དགོས་པ་ལས་འདའ་བར་མི་ནུས ་པ་དེ་བཞིན་དུ་ཆོས་འདི་དག་ཀྱང་སྐད་ཅིག་པའི་ཕྱིར་གཅིག་ལ་གཅིག་མ་བལྟོས་པར་སྐྱེ་མི་ནུས་ཏེ། དེ་ནི་ལྷན་ཅིག་འབྱུང་བའི་རྒྱུའོ།། འགྲོན་པོ་མང་པོ་ནི་ལམ་གྱི་དགོན་པ་ལས་འབྱུང་བར་ཞུགས་པ་དེ་དག་ཉིད་གཅིག ་ལ་གཅིག་ལམ་རྒྱགས་ཀྱིས་འཐུད་པའི་ཚུལ་དུའོ་ཞེས་བྱ་བ་ནི་གཅིག་ལ་གཅིག་ལམ་རྒྱགས་ཀྱིས་འཐུང་བ་དང་། གཞན་དང་གཞན་ལའོ།། དེ་ལྟར་གཅིག་ལ་གཅིག་ཉེ་བར་སྒྲུབ་པར་བྱེད་པ ་ལྟ་བུས་འབྱུང་བ་སྟེ། དེ་ལྟར་ན་དེ་དག་ནི་ལམ་རྒྱགས་ཀྱིས་འཐུང་བའི་ཆོས་དང་མཐུན་པའོ།། ད་ནི་འདི་སྐད་དུ་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཕན་ཚུན་ཉེ་བར་གནས་པའི་ཕྱིར་ཡིད་བཅུགས་པས་ལུས་གཅིག་པ ་ལྟ་བུར་གྱུར་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ལས་ཁོང་དུ་ཆུད་དོ་ཞེས་སྟོན་པར་འགྱུར་རོ།། དེ་བས་ན་དེ་དག་ནི་མཚུངས་པར་ལྡན་པའི་ཞེས་བརྗོད་ཀྱི་སྐྱེ་བ་ལ་སོགས་པ་ནི་མ་ཡིན་ནོ།། དེ་དག་ནི་མི་ལྡན་པའི་ཕྱིར་ཡིད ་བཙུགས་པ་མ་ཡིན་པ་ལྟར་གཅིག་ལ་གཅིག་ཉེ་བར་སྒྲུ་བ་ཅིང་ཕན་འདོགས་པ་ལ་མི་བལྟོས་པའོ།། འདིར་ནི་ལྷན་ཅིག་འབྱུང་བ་ཙམ་འབའ་ཞིག་གིས་རྒྱུར་ཁོང་དུ་ཆུད་དོ།། སེམས་ཀྱི་རྗེས་སུ་འབྲང་བ་རྣམས་ཞེས་སྨོས་པ ་དེ་དག་གང་ཞེ་ན། དེའི་ཕྱིར་སེམས་ལས་བྱུང་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚོར་བ་ལ་སོགས་པའོ།། འདུ་སུ་བྱས་ཀྱི་མཚན་ཉིད་དུ་ཅེས་བྱ་བ་ན་སྐྱེ་བ་ལ་སོགས་པའོ།། འདུས་བྱས་ཀྱི་མཚན་ཉི ་སེམས་ཀྱི་རྗེས་སུ་འབྲང་བ་གང་དག་ཡིན་སྙམ་པ་ལ། དེའི་ཕྱིར་གང་དག་སེམས་དེའི་ཡིན་དག་གོ་ཞེས་བྱ་བ་སྨོས་ཏེ། གོང་དུ་བརྗོད་མ་ཐག་པའི་སེམས་ལས་བྱུང་བ་རྣམས་དང་། བསམ་གཏོན་དང་ཟག་པ་མིད ་པའི་སྡོམ་པ་རྣམས་དང་། སེམས་དེའི་སྐྱེ་བ་ལ་སོགས་པའོ།། གང་གི་ཕྱིར་དེ་དག་སེམས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྙམ་པ་ལ། དེ་དག་གི་སེམས་དང་ལྷན་ཅིག་ཏུ་ཞེས་བྱ་བ་ལ་སོགས་སྨོས་ཏེ། དུས་གཅིག་པ་དང ་སྐྱེ་བ་གཅིག་པ་དང་གནས་པ་གཅིག་པ་དང་། འགག་པ་གཅིག་པའོ།། དེས་ལ་དུས་གཅིག་ཅེས་བྱ་བ་ལ་སོགས་པ་ལ། འདས་པའི་སེམས་ནི་འདས་པ་རྣམས་དང་། ད་ལྟར་བྱུང་བ་རྣམས་ནི་ད་ལྟར་བྱུང་བ་རྣམས་དང་། མ་འོངས་པ ་རྣམས་ནི་མ་འོངས་པ་རྣམས་དང་སྟེ། དེ་དག་ནི་དུས་གཞན་ན་འཇུག་པ་མ་ཡིན་ནོ།། དུས་གཅིག་ཏུ་སྐྱེ་བས་སྐྱེ་བ་གཅིག་པ་དང་། དུས་གཅིག་ཏུ་གནས་པ་དང་། དུས་གཅིག་ཏུ་འགག་པ་ནི་དུས་དང་སྐྱེ་བ་དང་གནས ་པ་དང་འགག་པ་གཅིག་སྟེ། དེ་དག་གླང་དག་ལྔ་ཡོད་པ་དེ་དག་དུས་དང་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པའོ།། འབྲས་བུ་གཅིག་པ་རྣམས་དང་། རྒྱུ་མཐུན་པ་གཅིག་པ་རྣམས་དང་། རྣམ་པརོ་སྨིན་པ་གཅིག་པ ་རྣམས་ཏེ། དེ་ལ་འབྲས་བུ་གཅིག་པ་ནི་སེམས་ཀྱི་འབྲས་བུ་གང་ཡིན་པ་དེ་དག་དེ་ཉིད་དེ་དག་གིའོ།། དེ་དག་གི་གང་ཡིན་པ་དེ་ཉིད་སེམས་ཀྱིའོ།། འདི་ལྟ་སྟེ་སེམས་ཀྱི་འབྲས་བུ་ཚོར་བ་ལ་སོགས་པ་གང་ཡིན་པ་དེ་ཉིད་དེའི་རྗེས་སུ ་འབྲང་བ་རྣམས་ཀྱིའོ།། རྒྱུ་མཐུན་པ་གཅིག་པ་གང་དག་ཡིན་པ་དེ་དག་ནི་རྒྱུ་མཐུན་པ་གཅིག་པ་སྟེ། འབྲས་བུ་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་འདི་སྐད་དུ་སེམས་ཀྱི་རྒྱུ་ཐུན་པ་དགེ་བ་ལ་སོགས་པ་གང་ཡིན་པ་དེ་ཉིད ་དེའི་རྗེས་སུ་འབྲང་བུ་རྣམས་ཀྱིའོ་ཞེས་བསྟན་པར་འགྱུར་རོ།། རྣམ་པར་སྨིན་པ་གཅིག་པ་གང་དག་ཡིན་པ་དེ་དག་རྣམ་པར་སྨིན་པ་གཅིག་པ་དྲུག་སྟེ། རྣམ་པར་སྨིན་པ་ནི་མི་ཉིད་ལ་སོགས་པའོ།། སེམས ་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཉིད་དེའི་རྗེས་སུ་འབྲང་བ་རྣམས་ཀྱིའོ།། སྐལ་བ་མཉམ་པ་གང་ཞེ་ན། རང་གི་ས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ས་པ་རྣམས་ནི་རིང་གིས་པ་རྣམས་ཉིད་ཀྱི། དེ་ལྔ་གང་ད ་འདོད་པར་གཏོགས་པའི་ཆོས་དེ་དག་ནི་འདོད་པར་གཏོགས་པ་རྣམས་ཀྱི་རྒྱུའོ།། དེ་བཞིན་དུ་གཟུགས་དང་གཟུགས་མེད་པར་གཏོགས་པའི་ཆོས་རྣམས་ནི་གཟུགས་དང་གཟུགས་མེད་པར་གཏོགས་པ་རྣམས་ཀྱིའོ།། རིས ་རིས་སྨོས་པ་ནི་རིས་ལྔ་ཡོངས་སུ་བསྡུད་དེ།། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ནས་བསྒོམ་པས་སྤང་བར་བྱ་བཱའི་བཱར་དུའོ།། དེ་ལ་སྡུག་བསྔལ་མཐོང་བས་སྲུང་བར་བྱ་བ་ནི། སྡུག་བསྔལ་མཐོང་བས་སྤང ་བར་བྱ་བའི་ཆོས་རྣམས་ཀྱི་སྐུ། དེ་དག་སྟིར་སྐྱེས་པ་རྣམས་ཀྱིས་རྩེ་བ་རྣམས་ཀྱིའོ།། ཆོས་འདྲ་བ་ནི་དགེ་བ་ཡང་དགེ་བ་རྣམས་ཀྱི་ཡིན་པ་ལ་སོགས་པའོ།། ས་བོན་གྱི་ཆོས་ཀྱི་ཚུལ་གྱིསྟེ་ཞེས་བྷ་བཱ་ནི་དཔེར་ན་འབྲས་སཱ་ལུ ་ས་བོན་ལས་སཱ་ལུའི་མྱུ་གུ་ཉིད་འབྱུང་བ་ལྟ་བུ་སྟེ། ས་བོན་གྱི་ཆོས་ཀྱི་ཚུལ་འདིས་འདྲ་བར་ཁོང་དུ་ཆུད་པར་བྱའོ།། སྐལ་བ་མཉམ་པ་ནི་སྐལ་བ་མཚུངས་པ་སྟེ་འདྲ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ནི་སྐལ་བ་མཉམ་པ ་ཡང་ཡིན་ལ་རྒྱུ་ཡང་ཡིན་པས་སྐལ་བ་མཉམ་པའི་རྒྱུའོ།། རང་གི་ས་པ་ཞེས་བྱ་བ་ལ། ས་ནི་དགུ་སྟེ་འདོད་པའི་ཁམས་དང་། བསམ་གཏན་དང་། གཟུགས་མེད་པ་རྣམས་སོ།། ཀུན་ཏུ་འགྲོ་བ་ཞེས་བྱ་བ་ནི་ཐམས་ཅད་དུ ་འགྲོ་བས་ཀུན་ཏུ་འགྲོ་བའོ།། དེ་དག་ཀྱུ་སྔར་བཤད་པ་ཡིན་ཏེ། ཐམས་ཅད་ལ་དམྱིགས་པའི་དངོ་སྔ་པོར་འགྲོ་བའི་ཕྱིར་རོ།། ཉོན་མོངས་པ་ཅན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་རྣམས་ཉིད་ཀྱིའོ།། ཀུན་ཏུ་འགྲོ ་བ་རྣམས་ཉིད་རྒྱུ་ཡིན་པས་ཀུན་ཏུ་འགྲོ་བའི་རྒྱུའོ།། སྐལ་བུ་མཉམ་པའི་རྒྱུ་ནི་རང་གི་རིས་པ་རྣམས་ཉིད་ཀྱིའོ།། འདི་ནི་རིས་ཐ་དད་པ་རྣམས་ཀྱི་ཡང་ཡིན་ཏེ། འདི་ནི་དེ་གཉིས་ཀྱི་བྱེ་བྲག་གོ། མི་འདྲ་བར་སྨིན་པ་ནི་རྣམ་པར ་སྨིན་པ་སྟེ་མི་ཉིད་ལ་སོགས་པའོ།། དེའི་རྒྱུ་ནི་རྣམ་པར་སྨིན་པའི་རྒྱུའོ།། དེ་ཡང་མི་དགེ་བ་རྣམས་ནི་འདོད་ཆག་ལ་སོགས་པའོ།། དགེ་བ་ནི་དང་པ་ལ་སོགས་པའོ།། དེ་དག་ནི་དགེ་བ་ཡང་ཡིན་ལ་ཟག་པ་དང་བཅས་པ་ཡང ་ཡིན་པས་དགེ་བ་ཟག་པ་དང་བཅས་པ་རྣམས་ཏེ། འདོད་ཆགས་ལ་སོགས་པ་རྒྱས་པར་འགྱུར་བས་ཟག་པ་དང་བཅས་པ་རྣམས་སོ།། ཅིའི་ཕྱིར་ལུང་དུ་མི་བསྟོན་པ་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ཞེ་ན། མཐུ་ཆུང་བའི ་ཕྱིར་ཏེ་ས་བོན་རུལ་བ་བཞིན་ནོ།། ཟག་པ་མེད་པ་ཅིའི་ཕྱིར་མ་ཡིན་ཞེ་ན། སྲིང་པོས་མ་བསླན་པའི་ཕྱིར་ཏེ། ས་བོན་དྲུང་པོ་བཞིན་ནོ།། དེ་དག་ཅེས་བྱ་བ་མི་དགེ་ལ་སོགས་པའོ།། རྣམ་པར་སྨིན་པར་འགྱུར་བའི་ཆོས་དངག ་གི་རྣམ་པར་སྨིན་པར་འགྱུར་པའི་ཆོས་ལ་རྣམ་པར་སྨིན་བུར་ཞེས་བརྗོད་པས་རྣམ་པར་སྨིན་པར་འགྱུར་བའི་ཆོས་ཅན་ནོ།། ཆོས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྟེ། དེ་དག་སྐྱེ་བ་ན ་རང་བཞིན་མ་གཏོགས་པ་ཞེས་བྱ་བ་ནི་བདག་ལ་བདག་ཉིད་བྱེད་པ་འགུལ་བའི་ཕྱིར་ངོ་བོ་ཉིདྲི་མྦྷ་གཏོགས་ཏེ། དྲི་ཉིད་དེའི་སྐྱེད་པ་པོར་མ་མཐོང་ངོ་།། ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང ་མ་བྱས་རྣམས་སོ།། ཅིའི་ཕྱིར་རྒྱུ་ཞི་བྱ་སྙམ་པ་ལ། དེའི་ཕྱིར་སྨྱོ་བ་ལུ་བྲུ་གླེགས་མི་བྱེད་ཅིང་མི་སྒྲིབ་པའི་དངོས་པོས་ཞེས་བྱ་བྲི་སྨོས་ཏེ། བགེགས་ནི་བར་དུ་གཅོད་པའོ།། བགེགས་བྱེད་པ་མ་ཡིན་པ་ནི་དགེ་གས་མཱི ་བྱེད་པའོ།། སྒྲིབ་པ་ནི་ཆོང་པོ་སྟེ་འགག་པའོ།། སྒྲིབ་པར་མོ་བྱེད་པ་ནི་མི་སྒྲིབ་པའོ།། སྤྱི་བ་ལྔ་སྒྲིབ་པར་མི་བྱེད་པས་སྐྱེ་བ་ལོ་མི་སྒྲིབ་པའོ།། བགེགས་མེད་པར་སྐྱེ་ཞིང་སྒྲིབ་པ་མེད་པོ་སྐྱེ་བ་ལ་བགེགས་མེད་ཅིང་མི ་སྐྱོབ་པ་སྟེ། སྐྱེ་བ་ལྔ་བགླེགས་མི་བྱེད་ཅིང་མི་སྒྲིབ་པའི་གྲཝནས་སྐབས་ངེས་སོ།། དེ་ནི་འོདི་འདྲི་སྐད་དུ། ཛཱི་སྣོད་ཚྭས་སྐྱེ་བའི་བགེགས་མི་བྱེད་པ་དེ་དག་ཐམས་ཅད་བྱེད་པའི་རྒྱུ་ཞེས་བྱའོ་ཞེས་བསྐྲུན་པར་འགྱུར།། གང་གི ་ཚེ་བྱེད་པ་ཉིད་རྒྱུ་ཡིན་པའི་ཕྱིར་རྒྱུ་ཐམས་ཅད་ཀྱང་བྱེད་པའི་རྒྱུའི་སྒྲར་བརྗོད་པར་གྱུར་ན་ཅིའི་ཕྱིར་འདི་ཁོ་ན་ལ་བྱེད་པོའི་རྒྱུ་ཞེས་བྱ། སྨྲས་པ་དེ་དག་ནི་མིང་གཞན་གྱིས་བརྗོད་དོ།། གང་ལ་མིང་གཞན་མེད་པ་དེ་ནི ་སྒྲ་ཉིད་ཀྱིས་བརྗོད་དོ།། གཟུགས་ཀྱི་སྐྱེ་མཆེད་བཞིན་ནོ།། རྒྱུ་རྣམས་ནི་བཤད་ཟིན་ཏོ།། འབྲས་བུ་དེ་དག་བཤད་པར་བྱའོ།། གང་གྲི་ཡིན་གང་ཡིན་སྙམ་པ་ལ། དེའི་ཕྱིར་དེ་ལ་ལྷན་ཅིག་འབྱུང་བ་དང་མཉམ་དུ་ལྡན་པའི ་རྒྱུའི་ནི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ་ཞེས་བྱ་བ་སྨོས་ཏེ། རྣམ་པར་བཞག་པའོ།། ཇི་ལྟར་ཞུ་ན། ན་ཞེས་བྱ་བ་སྨོས་ཏེ། འི་སྒོ་ནཱི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་གང་གི་སྟོབྱས་ཀྱི་ནུས་པས་གང་སྐྱེ་བ་དེ་ངོའོ་སྟེ། ་འཇིག་རྟེན་ན་སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་སྟོན་ཏོ།། དཔེར་ན་འབྲས་བུ་ལ་སོགས་པ་ནི་ཞིང་པ་རྣམས་ཀྱི་སྐྱེས་བུའི་བྱེད་པའི་འབྲས་བུ་ཡིན་པ་དེ་བཞིན་དུ་སེམས་ལ་སོགས་པའི་སྟོབས་ཀྱིས་བྱུང་བ་རྣམས་སྐྱེས་བུ་བྱེད ་པའི་འབྲས་བུར་རྣམ་པར་བཞག་གོ།། མི་འདྲ་བ་སྨིན་པ་ནི་རྣམ་པར་སྦྱིན་པ་སྟེ། མི་འདྲ་བ་ཇི་ལྟ་བུ་ཞེ་ན། དགེ་བྱ་དང་། མི་དགེ་ངའི་རྒྱུ་ལས་ལུང་དུ་མ་བསྟན་ཅེས་བྱ་བའི་ཐ་ཚིག་གོ། སེམས་ཅན་མི་ལ་སོགས་པོ་སྟེ། ་ལ་སེམས་ཅན་ཞེས་བརྗོད་པ་དེ་སེམས་ཅན་ཞེས་བྱའོ།། མ་བསྒྲིབས་ལ་ལུང་དུ་སྟོན་ཏོ་ཞེས་བྱ་བ་ནི་ཉོན་མོངས་བས་མ་ནོན་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་ངོ་བོ་ཉིད་དོ།། སྐྱེས་བུའི་བྱེད་པ་དང་། བདག་པོའི་འབྲས ་བུ་གཉིས་ལ། བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ་སྐྱེས་བུའི་བྱེད་པའི་འབྲས་བུ་ནི་བྱེད་པའི་འོ།། བོདག་པོའི་འབྲས་བུ་ནི་བྱེད་པ་མ་ཡིན་པའི་ཡང་ཡིན་ནོ།། དཔེར་ན་བཟོ་བོ་རྣམས་ཀྱི་བཟོ་ནི་སྐྱེས་བུ་བྱེད་པའི་འབྲས་བུ ་དང་། བདག་པོའི་འབྲས་བུ་ཡང་ཡིན་པ་དང་། དེ་མ་ཡིན་པ་གཞན་ནི་བདག་པོའི་འབྲས་བུ་ཉིད་ཡིན་པ་ལྟ་བུའོ།། དེ་ལྟར་བསྐྱེད་པར་བྱ་བ་དང་། སྐྱེད་པའི་དངོས་པོས་རྒྱུ་དང་འབྲས་བུ་རྣམ་པར་བཞག ་བ་བཤད་ཟིན་ཏོ།། ད་ནི་ཐོབ་པར་བྱ་བ་དང་། ཐོབ་པར་བྱེད་པའི་རྒྱུ་དང་འབྲས་བུའི་དངོས་པོས་འབྲས་བུ་གཞན་བརྗོད་པར་བྱ་བའི་ཕྱིར། མྱ་ངན་ལས་འདས་པ་ནུ་བྲལ་པ་ནི་འབྲས་བུ་ཞེས་བྱ་སྟེ། ཞེས་བྱ་བ་སྨོས་སྟེ།། འབྲལ ་བས་ན་བྲལ་བ་སྟེ། ཉོན་མོངས་པོ་གཏན་དུ་མི་འབྱུང་པོ་ཞེས་བྱ་བའི་ཐ་ཚིག་གོ། བྲེལ་པའི་འབྲས་བུ་ཉིད་བྲལ་བའི་འབྲས་བུའོ།། དེ་ནི་ཐོབ་པར་བྱ་བ་ཡིན་གྱི། ཞེས་བྱ་བ་ནི་ལམ་གྱིས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ།། ། ་སྐྱེད་པར་བྱ་བ་མ་ཡིན་པ་ནི་རྟག་པའི་ཕྱིརརོ།། རྐྱེན་བརྗོད་པར་བྱ་སྟེ། དེའི་ཕྱིར་རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། དཔག་པོའི་རྐྱེན་ཏོ་ཞེས་བྱ་བ་སྨོས་སོ།། རྟོགས་པར་བྱེད་པས ་རྐྱེན་ཏེ། རང་གིས་དགོས་པ་སྐྱེ་བ་གསོལ་བར་བྱེད་པའི་ཕྱིར་རོ།། འདས་པ་དང་ད་ལྟར་བྱུང་བའི་སེམས་དང་སེམས་ལས་བྱུང་བའི་རྣམས་སོ།། མ་འོངས་པ་རྣམས་ནི་མ་ཡིན་ཏོ། མི་འོངས་པ་ནི་འཁྲུག་པོའི་ཕྱིར ་སྔ་ཕྱི་མེད་དོ།། དེ་མ་ཐག་པའི་རྐྱེན་ཅེས་བྱ་བ་ལ། དེ་ནི་མ་ཐག་པའི་ཡིན་པས་དེ་མི་ཐག་པ་སྟེ། དེ་ནི་འདི་སྐད་དུ་སེམས་ལ་སོགས་པའི་རྫས་གཅིག་ལས་སེམས་ལ་སོགས་པའི་རྫས་གཅིག་འབྱུང་གི་དུ་མ་ནོམ ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། དེ་མ་ཐག་པ་ཞེས་བྱ་བ་ནི་རིགས་གཅིག་པའི་རྫས་ཀྱིས་བར་དུ་གཅོད་ཅེས་བྱ་བའི་ཐ་ཚིག་གོ།། དམིགས་པའི་རྐྱེན་ཅེས་བྱ་བ་ནི་དེ་དམིགས་པར་བྱ་བ་ཡིན་པས་དམིགས་པའོ།། དམིགས ་པ་ཉིད་རྐྱེན་ཡིན་པས་དམིགས་པའི་རྐྱེན་ཏེ། དེ་ལ་དམིགས་ནས་སེམས་དང་སེམས་ལས་བྱུང་བ་དག་འབྱུང་བའི་ཕྱིར་རོ།། ཆོས་ཐམས་ཅད་དོ་ཞེས་བྱ་བ་ནི་འདུས་བྱས་དྲང་འདུས་མ་བྱས་རྣམས་སོ།། བྱེད་པའི་རྒྱུ ་རང་བཞིན་ནོ་ཞེས་བྱ་བ་དེ་ནི་འདི་སྐད་དུ་རྒྱུའི་རྐྱེན་གྲང་ཡིན་པ་དེ་ཉིད་བདག་པོའི་རྐྱེན་ཅེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པར་འགྱུར་རོ།། ནམ་མཁའ་ནི་བསོགས་པའི་རྫས་ཀྱི་གོ་འབྱེད་པའི་མཚན་ཉིད་དེ། ཞེས་བྱ་བ ་ལཱ་བསགས་པའི་རྡུལ་ཕྲ་མོ་འདུས་པོའི་བདག་ཉིད་དོ།། དེ་ནི་བྱསགས་པ་ཡང་ཡིན་ལ་རྫས་ཀྱང་ཡིན་པས་བསགས་པའི་རྫས་སོ།། བསགས་པའི་རྫས་ཀྱི་གོ་འབྱེད་པས་བསྔགས་པའི་རྫས་ཀྱི་གློ་འབྱེད་པའོ།། དེ་ཉིད ་དེའི་མཚན་ཉིད་དེ།། དེ་ནི་ནམ་མཁའ་ཞེས་བྱའོ།། དེའི་ནང་དུ་དངོས་པོ་ཤིན་ཏུ་གསལ་བས་ནེམ་མཁའོ།། གསལ་བ་ནི་སལ་སེལ་པོ་སྟེ། མངོན་ནོ་རབ་ཏུ་གསལ་ལྷོ་ཞེས་བྱ་བའི་ཐ་ཚིག་གོ།། གང་གི་དབང་གིས་ཞེས་བྱ ་པ་ནི་གང་གི་མཐུས་དངོས་པོ་ཐམས་ཅད་ན་མཁའ་ལ་གནས་པའོ།། ཐོགས་པ་དང་བཅས་པ་རྣམས་ནི་ཡུལ་གནོན་པས་གནས་སོ།། ཐོགས་པ་མེད་པ་རྣམས་ནི་ཉེ་བར་གནས་པས་གནས་སོ།། གལ་ཏེ་ན་མཁའ ་སྒྲིབ་པའི་བདག་ཉིད་དུ་གྱུར་ན་ནི་དེ་ལྔ་ཐོགས་པ་དང་བཅས་པ་རྣམས་དང་ཐོག་པ་མེད་པ་རྣམས་འབྱུང་བ་དང་གནས་པ་མེད་པར་འགྱུར་རོ།། འདིར་བྱང་བར་གཤེགས་བྲུས་ཀྱང་གསུངས་ཞེས་བྱ་བ་ལྔ ་སོགས་པས་ནི་ལུང་ལས་འབྱུང་བས་སྟོན་ཏོ།། ཟམ་བྲེ་རླུང་ནི་ན་མཁའ་ལ་བརྟེན་ཏོ།། ཞེས་བྱ་བས་ནི་ན་མཁའ་ཡོད་པར་བརྗོད་དེ། འདི་ལྟར་དངོས་པོ་མེད་པ་ནི་དངོས་པོ་མེད་པའི་རྟེན་དུ་མི་རུང་ངོ་།། སྣང་བའི་རྟགས་ཀྱི ་ཀྱང་ཡིན་ཏེ། སྣང་བ་ཡོད་པས་ན་ན་མཁའ་ཤེས་སོ་ཞེས་གསུངས་པའི་ཕྱིར་རོ།། དེའི་དོན་ནི་འདི་ལྟ་སྟེ། རླུང་ནི་ན་མཁའ་ལ་བརྟེན་པ་གསུང་གི།། ནས་ནིག་ཡང་སྔ་གསུ་།། དེ་བྱེ་བྲི་བ་གང་རླུང་རྟེན་པར་བརྟགས་པའི་ན་མཁའ་དེ ་དེ་ཡོད་པར་ཅི་མངོན་སྙམ་དུ་གྱུར་དུ་འོང་ཞེས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྣང་བ་ཡོད་པས་ན་ན་མཁའ་ཤེས་སོ་ཞེས་གསུངས་ཏེ་དེ་ནི་ཡོད་དོ།། སྣང་བ་ན་གཟུགས་ཅན་ཏེ་བསྟན་དུ་ཡོད་པ་ཐོགས་པ་དང་བཅས ་པའོ།། གལ་ཏེ་ན་མཁའ་དེ་མེམིང་དུ་ཟིན་ན་དེ་གོ་སྐབས་འབྱེད་པ་ཡང་མེད་པར་འགྱུར་ཏེ། དེའི་ཕྱིར་སྣང་བ་ནི་དེ་ཡོད་པའི་རྟགས་ཡིན་ནོ།། སོ་སོར་རྟགས་པས་འགོག་པ་ནི་སྡུག་བསྔལ་སྤོང་བའོ་ཞེས་བྱ་བ་ནི་ཇི་ལྟར་བསྟན ་པ་དེ་བཞིན་བཤད་པས་དེའི་ཕྱིར་སོ་སོར་བརྟགས་པ་མོ་ཡིན་པས་འགོག་པའི་རིམ་པ་ལ་བབ་པ་ལས་གོ་བསྣོར་ཏེ། སོ་སོར་བརྟགས་པས་འགོག་པའི་རང་གི་ངོ་བོ་ཡོངས་སུ་ཤེས་པའི་འོག་ཏུ་དེ་དགག་པ་རྣམ་པར ་སྤྲོ་བ་བླ་བར་འགྱུར་བས་དེའི་ཕྱིར་སོ་སོར་བརྟགས་པས་འགོག་པ་སྔར་བཤད་དོ།། སྡུག་བསྔལ་འདོར་བ་ནི་སྡུག་བསྔལ་སྤོང་བའོ།། མདོར་བསྡུ་ན་ཞེས་བྱ་བ་ནི་ན་བ་ལ་སོགས་པ་སྡུག་བསྔལ་རྣམ་པ་མང་དུ་ཡོད ་ཡོད་མོད་ཀྱི་ཐམས་ཅད་ཀྱང་སྐྱེ་བ་ལས་བྱུང་བའི་ཕྱིར་མདོར་ན་སྐྱེ་བ་ཉིད་སྡུག་བསྔལ་ལོ་ཞེས་སྨོས་སོ།། སྲིད་པ་མངོན་པར་འགྲུབ་བོ་ཞེས་བྱ་བ་དང་། འཇུག་པ་ཞེས་བྱ་བ་ལ་སྲིད་པ་ནི་སྐྱེ་བའོ།། དེ་མངོན་པར་འགྲུབ་པ ་ནི་མངོན་པར་འགྲུབ་པ་སྟེ། སྲིད་པ་འབྱུང་བའོ།། དེའི་འཇུག་པ་ནི་འཇུག་པ་སྟེ་ཡང་དང་ཡང་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ།། དེའི་འཇུག་པ་མེད་པ་ནི་སྐྱེ་བ་དང་འབྲལ་བའོ།། སྤོང་བ་ཞེས་བྱ་སྟེ་ཞེས་བྱ་བ་ནི་སྤོང་བ་ཞེས ་མིང་དུ་གདགས་པའོ།། ཆུ་འབབ་པ་བཅད་པ་ལྟ་བུ་ནི་འདྲ་བའོ།། རླུང་རྒྱུ་བ་ལ་ཐོགས་པར་བྱེད་པ་ནི་རླུང་རྒྱུ་བོ་ལ་ཐོགས་པ་བྱེད་པ་སྟེ། འདིས་ཐོགས་པར་བྱེད་པོས་ཐོགས་པར་བྱེད་པའོ།། དེ་ནི་རླུང་རྒྱུ་བོ་ཐོགས་པར་བྱེད་པ་ཡང་ཡིན ་ལ་བྲག་ཀྱང་ཡིན་པས་རླུང་རྒྱུ་བ་ཐོགས་པར་བྱེད་པའི་བྲག་གོ། དཔེར་ནི་བྲག་ནི་རླུང་རྒྱུ་བ་ཐོགས་པར་བྱེད་པའོ།། དེ་བཞིན་དུ་སྐྱེ་བའི་རྒྱུད་གཅོད་པར་བྱེད་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པསྲོ་འགོག་པ་ཞེས་བྱའོ།། འདིས་ནི ་རྫས་སུ་ཡོད་པ་ཉིད་རབ་ཏུ་སྟོན་ཏོ།། བརྟགས་འགོག་པ་ནི་ཤེས་རབ་སྟེ་འདིས་རྟོགས་པས་རྟགས་པའོ།། ཐ་དད་དུ་ཡོངས་སུ་བགྲང་བས་བརྟགས་པའོ།། དཔེར་ན་གཅིག་ལ་སོགས་པའི་གྲངས་ཀྱིས་དངོས་པོ་ཡོངས་སུ ་གཅོད་པར་འགྱུར་བ་དེ་བཞིན་དུ་ཤེས་རབ་འདིས་ཀྱང་དངོས་པོ་ཡོངས་སུ་གཅོད་དོ།། ཇི་ལྟར་དངོས་པོ་ཡོངས་གཅོད་ཅེ་ན། སོ་སོར་ཞེས་བྱ་བའི་སྒྲར་ཁྱབ་པར་འདོད་པའི་ཚིག་གི་བདེན་པ་བཞི ་བ་ལ་མི་རྟག་པ་ལ་སོགས་པའི་རྣམ་པར་དམིགས་པ་སྟེ། དེའི་ཕྱིར་སོ་སོར་བརྟགས་པའོ།། བློའི་བྱེ་བྲག་དགེ་བའོ་ཞེས་བྱ་བ་འདིས་ནི་ལམ་རྗོད་པར་བྱེད་དེ། ལམ་གྱིས་འདྲི་འཐོབ་བོ།། དེས་ཞེས་བྱ་བ་ནི་བློས་སོ།། འཐོབ་པ ་ཞེས་བྱ་བ་ནི་རྙེད་པའོ།། དེ་གང་ཡིན་སྙམ་པ་ལ། འགོག་པ་ཞེས་བྱ་བ་སྨོས་ཏེ། ཞོའི་བུམ་པ་བཞིན་དུ་ཆོག་པར་མ་མི་མངོན་པར་བྱས་པའོ།། རྟག་པའི་ཕྱིར་བསྐྱེད་པར་བྱ་བ་ནི་མ་ཡིན་ནོ།། སྤང་བར་བྱ་བ་མཐའ་ཡས་པ ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་འདོད་ཆགས་ལ་སོགས་པ་སྤང་བར་བྱ་བ་དྲག་མཐའ་ཡས་པ་དེ་བཞིན་དུ་སྤོང་བའི་རྫས་དེ་ཡང་མཐའ་ཡས་པར་བལྟ་བར་བྱའོ།། གྲལ་ཏོ་གཅིག་པ་ཞིག་པ་ཡིན་ཏེ། སྤང་བར་བྱ་བ་བཞིན ་དུ་མཐའ་ཡས་པར་མ་གྱུར་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། འཕགས་པའི་ལམ་གྱི་སྐད་ཅིག་སྔ་མ་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཉིད་ཀྱིས་སོ།། དེ་ཞེས་བྱ་བ་ནི་འགོག་པའོ།། མུ ་སུམ་དུ་བྱས་ཞེས་བྱ་བ་ནི་ཐོབ་པ་མངོན་སུམ་དུ་བྱས་པའི་ཕྱིར་རོ།། ཕྱི་མ་ཞེས་བྱ་བ་འདིས་ནི་ཀུན་འབྱུང་བ་ལ་སོགས་པ་སྡུད་དོ།། འགོག་པ་གཅིག་པུ་ཞིག་ཡོད་ན་ནི་དེ་སྔ་མ་ཉིད་ཀྱིས་མངོན་སུམ་དུ་བྱས་པས་ནི་དེ ་སྤང་བར་བྱ་བའི་ཕྱིར་ལམ་བསྒོམ་པ་དོན་མེད་པར་འགྱུར་ཏེ། དེ་བས་ན་དུ་ཉིད་དུ་བ་གྲུབ་བོ།། ཅུ་བ་ཟང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། རྫ་སྔ་གཅིག་པུ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་འཕགས་པའི་ལམ་གྱི་སྐད ་ཅིག་སྔ་མོས་མ་ལུས་པ་མངོན་སུམ་དུ་བྱེད་པ་མ་ཡིན་གྱི་ལམ་བསྒོམ་པ་ཕྱི་མ་དྲུག་གིས་མ་ལུས་པར་མངོན་སུམ་དུ་བྱེད་པར་འདྲོད་ན་དེ་ལྟ་ནི་ནི་ཅུང་ཟད་ཀྱང་མངོན་སུམ་དུ་བྱེད་བྱས་མྱ་ང་ན་ལས་འདས་པ་སྟེ། ་ཡན་ལག་དང་བཅས་པར་འགྱུར་ཏེ། རྟག་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་ཡིན་པས་ཡན་ལག་མེད་པར་འདོད་དོ།། འབྲས་བུའི་བྱེ་བྲག་གིས་ཞེས་བྱ་བ་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུའི་བྱེ་བྲག ་གིས་སྔོ།། སྤོང་བའི་ཁམས་དང་། འདོད་ཆགས་དང་བྲལ་བའི་ཁམས་དྲུང་། འགོག་པའི་ཁམས་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་མོ།། དེ་ལ་འདོད་ཆགས་མ་གཏོགས་པ་ཉོན་མོངས་པ་རྣམས་སྤོང་བ་ནི ་སྤོང་བའི་ཁམས་སོ།། འདོད་ཆགས་སྤོང་བ་ནི་འདོད་ཆགས་དང་བྲལ་བའི་ཁམས་སོ།། སྔར་བཤད་པོ་མ་གཏོགས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དགྲ་སྤོང་བ་ནི་འགོག་པའི་ཁམས་སོ།། བདེན་པ་གཉིས ་པོ་སྤོང་བའི་བྱེ་བྲག་ཅེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་སྤོང་བའི་བྱེ་བྲག་གིས་སོ།། ཕུང་པོ་དང་བཅས་པ་དང་ཕུང་པོ་ལྷག་མ་མེད་པའི་དབྱིངས་ཀྱི་བྱེ་བྲག་གིས་ཡང་རྣམ་པ་གཉིས་སོ་ཞེས་བྱ་བ་ལ། ཕུང ་གནས་བྱུ་ནཱི་རྣམས་སོ།། རླུ་བ་རྣམས་ང་ཀཱ་སྨྲམས་པན་རླུང་བ་རྫུ་གགས་དང་བརྩས་པམྦུ། དྷཱན་འདུསྐ་དུ་རྒྱན་ས་སྨྲ་བ་ཐམས་པདྨ་སྨྲས་པས་ཟླང་ཐོ་མམ་འི་ལུས་པ ་བྱུ་ན་ཚིག་ས་ར་རོ།། ད་པ་རྣམས་སྤྲུ་བ་ངྒེ་འི་ལྕུག་མ་མེད་པའི་ངྱན་ས་ས་འངས་པ་སྨྲ་སྷོ།། དེ་ནི་ཕྲེང་སྐྱེད་པ་ཡང་ཡི་གསུས་ཕྱུང་ཡིན་པ་རླུ ་མྱོང་བ་ལྷག་མྱི་སྟེ། ཟུང་ཐ~ཾ་ད་། དེ་ཙམ་ཞིག་ལུས་སོ་ཞེས་བྱ་བའི་ཚིག་གོ།། མཱ་མས་སྦྱོར་བ་མེད་བུ་ཞེས་བྱ་བ་ལ། ས་སོར་མཆིམ་སྦྱོར་བ་ནཱི་མན་མ་སྦྱར་། སྨྲ་བ་ཡོངས་སུ་འཛིན ་xxx ་xxx ་xxx ་ནི་འཆི་བ་མེད་པའོ།། ནུབ་པ་ནི་སྡུག་བསྔལ་དང་བྲལ་བ་ལ་སོགས་པ་མེད་པའོ།། ཡང་ན་འདུལ་བའི་བྱེ་བྲག་གིས་ཚིག་ཕྱི་མ་ནི་སྔ་མའི་བཤད་པའོ།། དེའི་རྣམ་གྲངས་ཀྱི་སྒྲ་ནི་ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ ་བྱ་ལ་སོགས་པ་འདི་དག་ཉི་ཚེ་རྣམ་གྲངས་སུ་གཏོགས་པ་མ་ཡིན་གྱི། མདོ་གཞན་ལས་ཇི་སྙེད་བསྟན་པའོ།། དེ་བསྟན་པའི་ཕྱིར་དེ་སྐད་དུ། ཞེས་བྱ་བ་སྨོས་སོ།། ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་ནི་ཚོར་བ ་ལ་སོགས་པའོ།། མྱིག་གི་དབང་པོ་གཟུགས་ཀྱི་ཕུང་བྲོ་ཞེས་བྱ་བའི་ཐ་ཚིག་གོ།། འདི་ལ་འདི་ནི་དམ་བཅཝའ་བའོ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དེ་དག་ལ་བདག་གིས་མཐོང་དྲོ་ཞེས་བརྗོད་པའོ།། ཚེ་དང་ལྡན་པ་དེའི་ཞེས་བྱ་བ་ནི་ཕུང ་པོ་ལྔ་ཡོངས་སུ་འཛིན་ཏོ།། དགེ་སློང་དྲག་དེ་ལྟར་ན་འདི་ནི་མིང་ཙམ་མོ།། ཞེས་བྱ་བ་ལ་སོགས་པྲས་ནི་བདག་བས་ལོ་སྟོན་ཏོ།། དགེ་སློང་དག་ཆོས་ཐམས་ཅད་ནི་མི་རྟགྲ་པ་ཞེས་བྱ་བ་ནི་སྐྱེ་བ་དང་ལྡན་པའི་ཕྱིར་རོ།། སེམ ་པས་འཕངས་པའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ།། འདུས་བྱས་ནི་མཚན་ཉིད་ལྡན་པའི་ཕྱིར་རོ།། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྒྱུ་དྲང་རྐྱེན་ལས་འབྱུང་བའི་ཕྱིར་རོ།། མི་རྟག་པ་ནས་ཞེས་བྱ་བ་དང་། སྡུག་པ ་བསྔལ་སྐྱེ་བ་ཡང་སྡུག་བསྔལ་ཞེས་བྱ་བ་ནི་སྔོན་གྱི་དུས་ན་རྒྱུ་ལས་བྱུང་བའི་ཕྱིར་རོ།། གནས་པ་ནི་སྐྱེ་བ་ལ་སོགས་པ་ལ་གནས་པའི་ཕྱིར་རོ།། མངོན་པར་གྲུབ་པ་ནི་མཚམས་སྦྱོར་བའི་སྐད་ཅིག་གི་རྒྱུ་ལས་བྱུང ་བཱའི་ཕྱིར་རོ།། འབྱུང་བ་ཡང་སྡུག་བསྔལ་ཞེས་བྱ་བ་ནི་རྒྱུན་ཏུ་གནས་པའི་ཕྱིར་རོ།། འདི་ཡོད་ན་ཕུང་པོ་ཐམས་ཅད་སོ་སོར་འདོར་ཏེ་གཏོང་ཞེས་བྱ་བའི་ཐ་ཚིག་གོ།། མྱ་ངན་ལས་འདས་པ་དངོས ་པོ་མེད་པ་ཡིན་ན། ཅིའི་ཕྱིར་རྟག་པ་ཞེས་བསྟན་ལ། དངོས་མྱེད་པ་གཞན་ནི་མ་ཡིན་ནོ།། ཚིགས་སུ་བཅད་པ་ལས། རྟག་པ་གང་ཡིན་མྱ་ངན་འདས་པའོ།། མི་རྟག་པ་གོང་ཡིན་འདུས་བྱས་ཆོས་ཀུན་ནོ།། དྲང་པོ་གང ་ཡིན་འཕགས་པའི་ལམྲ་ཡི་ནཽ། གྱ་གྱུ་གང་ཡིན་སྡིག་ཅན་ལྟ་བའོ།། ཞེས་གསུངས་ཏེ། དེ་བྱས་ན་མྱ་ངན་ལས་འདས་པ་རྟག་པར་གྲུབ་བོ།། སོ་སོར་བརྟགས་པས་འགོག་པ་བཤད་ཟིན་ཏོ།། དྲ་ནི་སོ་སོར་བརྟགས་པ་མ ་ཡིན་པས་འགོག་པ་བརྗོད་པར་བྱའོ།། དེ་ལས་གཞན་པ་ཞེས་བྱ་བ་གང་ལས་ཞེ་ན། སོ་སོར་བརྟགས་པས་འགོག་པ་ལས་སོ།། གཞན་པ་ཞེས་བྱ་བ་ནི་འགོག་པའོ།། མ་འོངས་པའི་ཆོས་ནི་གཟུགས་ལ་སྩོགས་པའོ།། ་སྐྱེ་བ་ལ་ཤིན་ཏུ་བགེགས་སུ་གྱུར་པ་ནི་གཅོད་པར་གྱུར་པའོ།། མ་འོངས་པ་སྨོས་པ་ནི་མི་རྟག་པ་ཉིད་ཀྱི་འགོག་པ་བསལ་བྱ་སྟོན་ཏོ།། གཏན་དུ་ཞེས་བྱ་བ་སྨོས་པས་ནི་འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར ་འཇོག་པ་དང་། སྐྱེ་བའི་འགོག་པ་དསལ་བ་སྟོན་ཏོ།། དེ་ནི་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་ངེས་པ་རྣམས་ལ་འཐོབ་བོ།། སོ་སོར་བརྟགས་པས་འགོག་པ་ནི་དུས་གསུམ་ཆར་ལས་འཐོབ་བོ།། སོ་སོར་བརྟགས་པས ་འགོག་པ་མེད་པར་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་བ་མེད་ཅེས་བྱ་བའི་ཐ་ཚིག་གྲོ། རྐྱེན་འཚང་བས་ཞེས་བྱ་བ་ནི། དྲི་མ་ཐག་པའི་རྐྱེན་མེད་པའོ།། དེ་ནི་དཔེར་བྱས་ཏེ་བསྟན་པ་སྟེ། དཔེར་ན་མིག་དང་ཡིད་གཟུགས་ཞིག་ལ ་ཡེངས་ན་ཞེས་བྱ་བ་ལ་སོགས་པ་ལ། མིག་དང་ཡིད་ཅེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་མ་ཡིན་པ་ཞེས་བྱ་བ་ལ། གཟུགས་དེ་ལས་གཞན་དུ་གྱུར་པ་ནི་དེ་མ་ཐག་པ་ནི་དེ་མ་ཡིན་པ་གཞནོ།། ། ་ཆོས་རྣམས་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའོ།། གཟུགས་ལ་སོགས་པ་དེ་དག་ལ་དམིགས་པ་གང་ཡིན་པ་དེ་དག་ནི་དེ་ལ་དམིགས་པའོ།། དམིགས་པའི་སེམས་དང་སེམས་ལུས་བྱུང་བ་དེ་དག་བསྐྱེད་པར་བྱ་བ ་ཞེས་བྱ་བ་ནི་ཡུལ་ངེས་པར་གཟུང་བར་བྱའོ།། དེ་དག་གིས་དེ་ཐོབ་པ་ན་ཞེས་བྱ་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་ནའོ།། མི་སྐྱེ་སྟེ་དེས་དག་འགག་པར་འགྱུར་བའོ་ཞེས་བྱ་བུ་ན་བགེགྲོས་སུ་གྱུར ་ཅེས་བྱ་བའི་ཐ་ཚིག་གོ།། དེའི་ཚོར་བ་གཉིས་འགྲག་གོ་ཞེས་བྱ་བ་ནི་འདི་ལ་བོདེ་བ་ལ་སོགས་པ་ཚོར་བ་གསུམ་པོ་དེ་དྲག་མྱི་མཐུན་པས་ཅིག་ཅོར་མངོན་དུ་གྱུར་པར་མི་འབྱུང་ངོ་།། དེ་ལ་གང་གི་ཚེ་བདེ་བའི་ཚོར་བ་ད་ལྟར ་བྱུང་བར་གྱུར་པ་དེའི་ཚེ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པས་ཚོར་བ་གཉིས་འགག་པར་འགྱུར་རོ།། ཅི་མངོན་ཞེ་ན། དགོངས་པ་ནི་འདི་ཡིན།། འགོག་པ་ནི་གསུམ་སྟེ། མི་རྟག་པ་ཉིད་ཀྱི་འགོག་པ་དང་། སོ་སོ ་བརྟགས་པ་མ་ཡིན་པས་འགོག་པ་དང་། སོ་སོར་བརྟགས་པས་འགོག་པའོ།། དེ་ལ་མི་རྟག་པ་ཉིད་ཀྱིས་འགོག་པ་ནི་བྱུང་བའི་ཆོས་རྣམས་ཀྱི་སྟེ། བྱུང་ནས་མི་རྟག་པས་རྣམ་པར་འཇིག། མ་བྱུང་བ་རྣམས ་ཀྱི་ས་ཡིན།། སོ་སྔོར་བརྟགས་པས་འགོག་པ་ནི་དུས་གསུམ་ཆར་གྱི་ཟག་པ་དང་བཅས་པ་རྣམས་ཀྱི་འགོག་པའོ།། དེ་བས་ན་དེ་ལྟ་བུ་གཉིས་མེད་པའི་སོ་སོར་བརྟགསྡེ་པ་མ་ཡིན་པས་འགྲོག་པ་ཉིད་འདིར་གཟུང་བར་རིགས་སོ། ་རྣམ་པར་ཤེས་པའི་ཚོགས་ལྔ་ཉི་ཚེ་སོ་སོར་བརྟག་པ་མ་ཡིན་པས་འགོག་པ་མ་ཡིན་གྱི། ཕུང་པོ་ལྔ་པོ་དེ་དག་ཀྱང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབོ།། ཇི་སྐད་དུ་དགེ་སློང་འདིའི་སེམས་ཅན་དམྱལ་བ་རྣམས་ཟད། ་དུད་འགྲོ་རྣམས་ཟདདོ།། ཡི་དགས་རྣམས་ཟདོ་ཞེས་གསུངས་པ་སྟེ། བཟོད་པ་ཐོབ་པས་རྒྱུན་ཏུ་ཞུགས་པ་གྱུར་པའི་དབང་དུ་བྱས་ཏེ་གསུངས་ཀྱི། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་དེ་སེམས་ཅན་དམལ་པ་ལ་སོགས ་པ་མེ་སྤངས་པ་ནི་མུ་ཡིན་ཏེ། དེའི་འདྲིད་ཆགས་དང་བྲལ་ནས་དྲན་སོང་རྣམས་སྤོང་ངོ་།། དེ་ལ་མ་སྐྱེས་པའི་ཕྱིར་ཡིན་གྱི་མི་རྟག་པ་ཉིད་ཀྱི་འགྲོག་པས་ཟད་པ་ནི་མ་ཡིན་ནོ།། དེ་བས་ན་ཆེས་གང་ལྀ་ཡ་ཐེབ་པས་ངན་སེད་རྣམས་སྤྱོད་དོ།། ་དེ་ལ་མ་སྐྱེས་པའི་ཕྱིར་མི་རྟག་པ་ཉིད་ཀྱི་འགོག་པས་ཟད་པ་ནི་མ་ཡིན།། དེ་བས་ན་ཆོས་གང་ལོ་ལ་ཐོབ་པོས་ངན་སེང་རྣམས་མི་སྐྱེ་བའི་ཆོས་ཉིད་དུ་ཆོས་དེ་ཡང་། དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ།། ཅིའི་ཕྱིར་དེ ་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་ཟློས་བུ་བསྟན་ཅེ་ན། ངན་སོང་ཞེས་བྱ་བའི་སྒྲས་ནི་མཚམས་མེད་པ་ལྔ་མི་བྱེད་པའོ།། ངན་འགྲོ་ཞེས་བྱ་བའི་སྒྲས་ནི་ལྟ་བ་ལྔ་ཀུན་ཏུ་མི་འབྱུང་བའོ།། ལོག་པར་ལྟུང་བའི་སྒྲས་ནི་ཕ་མ་དང་། མ ་ནིང་དང་། མཚན་གཉིས་པ་དང་། བུད་མེད་དང་། སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་ཡོངསུ་སྤངས་པ་ཡིན།། འདིར་མཐའ་བཞི་པར་འགྱུར་ཏེ། ཆོས་གང་སོ་སོར་བརྟགས་པས་འགོག་པ་ཉིད་ཐོབ་པ་དེ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ་འདས་པ་དང་ད་ལྟར་བྱུང་བ་དང་། འབྱུང་བའི་ཆོས་ཟག་པ་དང་བཅས་པ་རྣམསོ།། གང་དག་སོ་སོར་བརྟགས་པ་མ་ཡིན་པས་འགྲོག་པ་ཉིད་ཀྱང་ཡོད་དེ།། འདི་ལྟ་སྟེ་མི་འབྱུང་བའི་ཆོས་ཟག་པ་མེད་པའི་འདུས་བྱས་རྣམས་སོ།། ། ་གང་དག་གཎྜཱི་གར་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ་ཟག་པ་དང་བཅས་པ་ལ་སྐྱེ་བའི་ཆོས་རྣམས་སོ།། གང་དག་གཉི་ག་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ་འདས་པ་དང་ད་ལྟར་བྱུང་བ་དང་། འབྱུང་བའི་ཆོས་ཟག་པ་མེད ་པ་རྣམས་སོ།། ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེརཱི་འགྲེལ་པ། སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ ་ཙཱ་བི་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྦྱོར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། བཀྲ་ཤིས ་