| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་བྷཱི་ར་ས་དྷ་ནཾ་ན་མ། བོད་སྐད་དུ། དཔལ་དཔའ་བོ་གཅིག་པ་ཞེས་བྱ་བའི་སྒྲུབ་པའི་ཐབས།། ཀྱེ་རྡོ་རྗེ་ལ་ཕྱག་འཚལོ།། སྙིང་རྗེ་ཤེས་རབ་གཉིས་མེད་བདག། ཧེ་རུ་ཀ་དང་བདག་མེད་དང་།། རྡོ་རྗེ་སློབ་དཔོན ་ཞབས་པདྨ།། ཕྱག་འཚལ་དཔའ་བོ་གཅིག་པར་བྲི།། བྱ་མང་རྒན་པོ་བློ་དམན་པས།། དངོས་གྲུབ་ཐོབ་ཕྱིར་རབ་ཏུ་བསྡུས།། དང་པོ་ཁོ་ནར་རྣལ་འབྱོར་པས།། རྡོ་རྗེ་སློབ་དཔོན་ཡང་དག་པ་ལ་ཀྱེ་རྡོ་རྗེ་ལས་གསུངས་པའི་རིམ་པས་སེམས་ལེགས་པར་སྦྱངས་པས ་ཇི་སྐད་གསུངས་པའི་གསུངས་ཉམས་དགའ་བར་ལེགས་པར་སྦྱངས་པའི་ཤེས་རབ་དང་། འདོད་པའི་ལོངས་སྤྱོད་ཀྱིས་བདེ་བར་གནས་པར་བྱའོ།། དེ་ནས་ཕྱི་ནང་གི་ཁྲུས་དང་མཆོད་པ་དང་གཏོར་མ་ཚོགས་པ་དང་། རང་གི་སྙིང་གར་ཉི་མ་ལ་ཧཱུཾ་དཀོར་པོ ་འོད་ཟེར་ལྔ་དང་ལྡན་པའི་འོད་ཀྱི་སྣང་བས་ན་མཁའ་ལ་བླ་མ་དང་སངས་རྒྱས་ཡང་དག་པར་གསལ་བ་ལ། ལྷ་མོ་བརྒྱད་ཀྱི་ཕྱག་ན་བདུད་རྩི་ལྔ་དང་། རོའི་བཅུད་དང་། ཅང་ཏེའུ་དང་། འཁྱུད་པས་མཆོད་པ་དང་། དེའི་མདུན་ན་སྡིག་པ་བཤགས་པ ་དང་། བྱེད་པ་སྡོམ་པ་དང་། རྗེ་སུ་ཡི་རང་བ་དང་། བསྔོ་བ་དང་། དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། ཚངས་པའི་གནས་བཞི་བསྒོམ་པར་བྱའོ།། དེ་ནས་སྣོད་བཅུད་ཐམས་ཅད་སྙིང་གའི་འོད་ཟེར་གྱིས་བསྲེགས་ལ། ་ཨོཾ་ཤྲཱི་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་པས་མི་དམིགས་པར་བསྒོམ།། དེ་ནོས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ན་མཁའ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡོངསུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེར་གྱུར། དེ་ནས་འོད་འཕྲོས ་འདུས་པ་ལས་རྡོ་རྗེ་ར་བ་དང་། གུར་དང་། ས་གཞི་ལ་སོགས་པ་རྒྱས་པར་བསྒོམ། དེའི་དབུས་སུ་ཤེས་རབ་ཨེའི་དབྱིབས་འདྲ་བ་བསྒོམོ།། དེར་ཡཾ། རཾ། བཾགཾ་ལཾ། རྣམས་ལས། རླུང་དང་། མེ་དང་། ཆུ་དང་། སའི་དཀྱིལ་འཁོར་ཟླ་ཁམ་དང་། གྲུ་གསུམ ་དང་། ཟླུམ་པོ་དང་། གྲུ་བཞི་རྣམས་དང་། བདག་ཉིད་གཅིག་ཏུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་རྟ་བབས་བཞི་པ། ཀ་བ་བརྒྱུད་པ། དྲ་བ་དྲ་ཕྱེད་དང་། ཉི་ཟླ་དང་སྣ་ཚོགས་པའི་ངར་དང་། མེ་ཏོག་ལ་སོགས་པ་འདོད་པའི་ཡོན་ཏན་ལྔས་བརྒྱན་པ་ངུར ་ཁྲོད་བརྒྱད་ཀྱི་དབུས་སུ་བསྒོམ་མོ།། དེའི་དབུས་སུ་པདྨ་དམར་པོ་དང་། ཉི་མའི་དབུསུ་ཚངས་པ་དང་དབང་པོ་ཁྱབ་འཇུག་དང་། དྲག་པོའི་སྙིང་གར་དབྱངས་དང་། གསལ་བྱེད་གཉིས་ཡོངསུ་གྱུར་པ་ལས། ཟླ་བ་དང་ཉི་མ། དེའི་དབུས་སུ་ཨཾ་དང་ཧཱུཾ་ལས་གྲི་གུག་དང་ཐོང ་པ། ཨཾ་ཧཱུཾ་གིས་མཚན་པ་སྤྲོ་བ་དང་། བསྡུ་བའི་མཚན་ཉིད་ཅན་པས་མོ།། ཐམས་ཅད་ཅིག་ཏུ་གྱུར་པ་ལས། བདག་ཉིད་དཔལ་ཀྱེ་རྡོ་རྗེ་བདག་མེད་མ་དང་བདེ་བ་སྡོམ་པ། ཞལ་བརྒྱད་པ། ཕྱག་བཅུ་དྲུག་པ་ཞབས་བཞི་པ། སྐུ་མདོག་ཟླ་བ་དང་ཤེལ་ལྟ་བུ་དང་། ་རྩ་བའི་ཞལ་སྐུ་ལྟ་བུ། གཡས་སྟོན་པོ་གཡོན་དམར་པོ་གཞན་བུང་བ་ལྟ་བུ་གཙིགས་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ན། རིམ་པར་གླང་པོ་དང་། རྟ་དང་། བུང་བུ་དང་། གླང་དང་། རྔ་མོ་དང་། མི་དང་། སེང་གེ་དང་། བྱི་ལ་བསྣམས་པ། དེ་བཞིན་དུ། ་གཡོན་པ་བརྒྱད་ན། ས་དང་། ཆུ་དང་། རླུང་དང་མེ་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། གནོད་སྦྱིན་བསྣམས་པ། ཐོད་པའི་དབུ་རྒྱན་དང་། དོ་ཤལ་དང་། ཕྱག་རྒྱ་ལྔ་དང་། སྟག་ལྤགས་ཀྱི་ཤམ་ཐབས་དང་། ཐལ་བ་དང་། ཚངས་སྐུ་དང་ལྡན་པ། སྒྲ་སེར ་གྱེན་དུ་འབར་བ་ལ། སྣ་ཚོགས་རྡོ་རྗེས་མཚན་པ། སྤྱན་ཉི་ཤུ་རྩ་བཞིས་ཕྱུག་པ། ཕྱེད་ཀྲུང་བཅས་པས་བདུད་ཀྱི་སྟེང་ན་རོལ་པ། བདག་མེད་མ་ནག་མོ་ཞལ་ཅིག་ཕྱག་གཉིས་མ། སྐྲ་སེར་པོ་གྱེན་དུ་འབར་བ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། ལག ་གདུབ་དང་། སྐ་རགས་ཀྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་གིས་གཙོ་བོའི་མགུལ་ནས་འཁྱུད་པ། གཉིསུ་མེད་པའི་མན་ངག་གིས་གནས་པར་བྱའོ།། དེ་ནས་སྙིང་གའི་ས་བོན་ལས། འོད་ཟེར་ལྕགས་ཀྱུ ་གཟུགས་ཀྱི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། མཆོད་པ་དང་། བསྟོད་པ་བྱས་ལ། གཉིསུ་མེད་པར་བསྟིམ་པར་བྱའོ།། ཨོཾ་ཧཱུཾ་ཏྲཱཾ་ཧྲི་ཁཾ་ཧཱུ~ཾ། མིག་དང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཏི་མུག་རྡོ་རྗེ་ལ་སོགས་པ། དཀར་པོ། སྔོན་པོ། ་སེར་པོ། དམར་པོ། ལྗང་གུ་ནག་པོ་དང་། གྲི་གུག་དང་། ཐོད་པ་དང་། ཁ་ཊྭཱཾ་ག་བསྣམས་པར་བསྒོམ་པར་བྱའོ།། དེ་ནས་ཐུགས་ཀའི་འོད་ཟེར་གྱི་ལྕགས་ཀྱུས་དེ་བཞིན་གཤེགས་པ་སྤྱན་དྲངས་ལ་མཆོད་པ་བྱ་སྟེ། ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ ་བ་བཏབ་པས། དེ་དག་ཧེ་རུ་ཀའི་གཟུགསུ་གྱུར་པས། བདུད་རྩིའི་བུམ་པས་དབང་བསྐུར་བས། རིགས་ཀྱི་བ་དག་པོས་སྤྱི་བོར་གནས་པར་བསམ་མོ།། དེ་ནས་གཏུམ་མོའི་རྣལ་འབྱོར་བླ་མའི་མན་ངག་གིས་བསྒོམས་པས། བརྟགས་པའི་མཚན་མ་ལ་སོགས ་པའི་རིམ་པས་དངོས་གྲུབ་ཐོབ་བོ།། བསྐྱེད་པའི་རིམ་ལ་དགའ་བ་ཡིས།། རྩ་སོགས་གསང་སྔགས་བཏུ་བཟླས་ནས།། འབྱུང་པོ་ཆེ་ལ་གཏོར་མ་བྱིན།། དཀྱིལ་འཁོར་ལ་སོགས་ལས་རྣམས་བྱ།། ཀོ་ལ་རི་གླུ་བླང་འདོད་ལོངས་སྤྱོད་།། དཀའ་ཐུབ་མི་སྤྱད་བདེ ་བས་བསྒྲུབ།། བདུད་རྩི་ལྔ་པོ་རྟག་ཏུ་བཟའ།། ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད།། བཅུ་དྲུག་ཕྱག་ནི་སྟོང་པ་སྟེ།། ཞབས་བཞི་བསྡུ་བའི་དངོས་པོ་བཞི།། སྤྱན་གསུམ་པོ་ནི་སྐུ་གསུམ་ཡིན།། སྙིང་རྗེ་ཅན་ནི་དམར་པོ་སྟེ།། ཡན་ལག ་ནག་པོ་བྱམས་པའི་སེམས།། གུག་ཀྱེད་རྣམ་དག་སངས་རྒྱས་ལྔ།། ཁྲོ་བོ་གདུག་པ་འདུལ་བ་པོ།། ཕུང་པོ་ལྔ་ནི་མདོར་བསྡུས་ན།། རྡོ་རྗེ་མ་སོགས་ལྷ་མོ་ལྔ།། ཁམས་བཞི་དག་པས་ལྷ་མོ་བཞི།། མིག་སོགས་གཏི་མུག་རྡོ་རྗེ་སོགས།། ཡུལ་སོགས ་དག་པ་ལྷ་མོ་དྲུག། ཡང་དག་པར་ནི་རང་བཞིན་མེད།། དག་པས་དུག་མེད་བྱས་ནས་ནི།། བསྟེན་བྱ་འདི་དག་བསྟེན་པར་བྱ།། སྐྱེད་ལམ་བདག་ནི་ཅི་སྤྱང་དང་།། རྟག་ཏུ་དེ་ཉིད་དྲན་བྱས་ན།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཤེས་རབ་རྒྱུད་ཀྱི་སྙིང་པོ ་ཀྱེ་རྡོ་རྗེ་རྒྱ་མཚོ་ལས།། དེ་ཉིད་བསྡུས་པ་དཔའ་བོ་གཅིག་པའི་སྒྲུབ་ཐབས།། གསལ་བར་བྱས་པའི་དགེ་བ་གང་ཡིན་དེས།། འགྲོ་བ་མ་ལུས་དངོས་གྲུབ་ཐོབ་པར་ཤོག། དཔལ་དཔའ་བོ་གཅིག་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། སློབ་དཔོན་རྡོ་རྗེ་དྲིལ་བུས ་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ག་ཡ་དྷཱ་ར་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ནཱ་མ་སཱ་དྷ་ནཱཾ། ་