CLOSE WINDOW

GT3587: byang chub sems dpa'i sdom pa nyi shu pa'i dka' 'grel
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བོ་དྷི་སཏྭ་སམྦ་ར་བིདྲི་ཀཱ་ཡ་པཉྩི་ཀཱ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པཱའི་དཀའ་འགྲེལ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ ་ཕྱག་འཚལ་ལོ།། སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ།། གང་ཞིག་སྡུག་བསྔལ་ལྡན་རྣམས་སྡུག་བསྔལ་ཞི་ཕྱིར་ཐུགས་རྗེས་སྨན་པའི་བློ།། བདག་ཉིད་མཐར་ནི་རྩཝ་ཡི་ཟིལ་པ་ལྟ་བུར་མ་ཉམས ་གཟིགས་གནས་པས།། ཚོགས་རྫོགས་དོན་དུ་བརྩོན་འགྲུས་ཁྱད་པོར་ཅན་གྱིས་ཡུན་རིང་དཀའ་སྤྱད་མཛད།། སྐྱེ་དགུ་རྣམས་ཀྱི་དཔལ་བསྒྲུབས་ཆེད་དུ་ས་སྟེངས་མགོན་ཅིག་བྱུང་བར་གྱུར།། གང་ཞིག་སྐུར་གནས་གྱུར་ཀྱང་རང ་བཞིན་གྱིས་ངག་ལོག་པར་སྒྲོ་བཏེགས་པའི།། ས་བོན་ལས་བྱུང་ཀུན་ནས་ཉོན་མོངས་དུ་མས་ན་མོ་ཡང་མ་གོས་ཤིང་།། འཁྲུལ་པའི་ཚོགས་ཀྱི་དྲ་བ་མ་ལུས་དེ་ཉིད་འབྱེད་པས་འཇོམས་པར་མཛད།། དེས་ན་སྤྲོས་མེད་ཟབ ་པབྱའི་ཆོས་ནི་ཉིད་ཀྱིས་ཤིན་ཏུ་ཐུགས་ཆུད་གྱུར།། ངོ་བོ་ཉིད་ཀྱིས་བདག་ཉིད་ཆེར་གྱུར་གང་དག་ལ་ནི་མ་ལུས་གསུངས།། དེ་རྟོགས་པ་ལས་ལྷག་པར་གྱུར་པའི་སྙིང་རྗེས་སྟོན་པའི་བཀའ་ཡི་ཚིག་རྣམས་ནི།། བྱང་ཆུབ ་དོན་དུ་བལྟོས་པ་མེད་པས་སྤྱི་བོ་རོ་འཛིན་མཛོད་བློ་བཟང་གང་།། ཞི་བའི་སྤྱོད་ལྡན་ཐུབ་མཆོག་ལས་འཁྲུངས་གཅིག་ཏུ་སེམས་ཅན་དོན་མཛད་པ།། དེ་རྣམས་ཡུལ་དང་ཡུལ་ཅན་དག་ལ་ཞེན་པའི་བཙོན་ར་ཉིད་དུ་ནི།། སྣ ་ཚོགས་བཅིངས་གྱུར་སྐྱབས་མེད་འདོད་པའི་ཁམས་ཀྱི་དབང་ཕྱུག་རྣམས།། གང་ཞིག་དྲན་པའི་རྗེས་སུ་ཞུགས་པ་རིག་པ་མེད་པ་རྣམས་སྒྲོལ་མཛད་ཅིང་།། ཀུན་ཏུ་དྲངས་ནས་འདོད་པ་ལས་རྒྱལ ་གོ་ཆ་དག་གིས་འཆིང་མཛད་པ།། དེ་རྣམས་ཕྱག་འཚོལ་ནས་ནི་གཞན་དྲོན་ཁུར།། བཀུར་ཞིང་མི་ཤེས་མུན་པ་གཞོམ་པའི་ཕྱིར།། བདག་ཉིད་ཆེན་པོ་སྡོམ་པ་ཉི་ཤུ་པའི།། རྣམ་བཤད་ཚིག་གསལ་བ་ནི་བརྩམ་པར་བྱ།། ་འདིར་དཀོན་མཆོག་གསུམ་ལ་གཅིག་ཏུ་སྐྱིབས་སུ་སོང་བ། ཚུལ་ཁྲིམས་དང་ལྡན་པ། དད་པ་དང་ལྡན་པ། སྙིང་རྗེ་དང་ལྗོན་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡོངས་སུ་བཟུང་ཞིང ་ནན་ཏན་བྱེད་པའི་བདག་ཉིད་ཅན་སྡོམ་པོ་འཕེལ་བ་ལ་རབ་ཏུ་སྦྱོར་བ་ནི་རིང་པོ་མི་ཐིགས་པར་ཚོགས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར།། སློབ་དཔོན་ཙནྡོ་གོ་མི་ཞེས་བྱ་བ་གཞན་གྱི་དོན་ལ་གཅིག་ཏུ་སེམས་པ། མཆོག ་ཏུ་འཇིགས་པ་མེད་པ། ས་ཆེན་པོ་ལ་ཞུགས་པ་དེས་སྡོམ་པ་ཡང་དག་པར་བླང་བ་སྔོན་དུ་འགྲོ་བ་ཅན་གྱི་བསླབ་པ་ནི་ལེགས་པར་ནན་ཏོན་དུ་བྱ་བ་ཡིན་པར་ཡང་དག་པོར་མཐོང་ནས་བྱང་ཆུབ་སེམས་དཔའི་འདུལ་བ་ཡང ་དག་པར་བསྡུ་བར་འདོད་པས། བྱང་ཆུབ་སེམས་དཔའི་ཐ་སྙད་ཀྱི་རྒྱུར་གྱུར་པའི་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་མངོན་པར་བཟུང་བར་བསྟོན་པའི་ཕྱིར། རེ་ཞིག་འདི་ལྟར་སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས ་སོགས་སྨོས་པ་ཡིན་ཏེ། སངས་རྒྱས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། འདི་རྣམས་ཉིད་ཀྱི་ཡེ་ཤེས་དང་། ཐུགས་རྗེའི་སྦྱོར་བས་གཞན་གྱི་དོན་ལ་འཇུག་པ་ལ་དཔུང་དུ་གྱུར་པའི་ཕྱིར་རོ།། མང་བ ་ཚིག་ཏུ་བསྟན་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཡོངས་སུ་བསྡུ་བའི་ཕྱིར་ཏེ། དེ་ལ་འདས་པ་ནི་སངས་རྒྱས་བཅོམ་ལྡན་འདས་གང་གི་བསྟན་པ་ཡང་ནུབ་པར་གྱུར་པའོ།། མ་འོངས་པ་ནི་གང་ཞོག་སངས་རྒྱས་པ ་ཆེད་དུ་ཚོགས་ཡོངས་སུ་རྫོགས་པའི་འདུལ་བའི་དུས་ལ་བཞེས་པ་འབའ་ཞི་གློ་ཙམུ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ད་ལྟར་གྱི་ནི་གང་དག་གི་བསྟན་པ་འདི་ཡང་ནུབ་པར་མ་གྱུར་པའོ།། སྲས་དང་བཅས ་པར་ཞེས་བྱ་བ་ནི་སྲས་དང་བཅས་པ་སྟེ། སངས་རྒྱས་རྣམས་འབའ་ཞིག་མ་ཡིན་གྱི་འོན་ཀྱང་ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་སྲས་རྣམས་དང་བཅས་པ་ཡང་ངོ་།། དེ་རྣམས་ཀྱང་འདིར་རྫོགས་པའི ་སངས་རྒྱས་དང་མཉམ་པའི་ཕྱིར་རོ།། དེ་རྣམས་གུས་པ་སྟེ་དེའི་ཡོན་ཏན་རྣམས་ལ་དགའ་བའི་སེམས་ཀྱིས་ཕྱག་འཚལོ་འདུད་ཅེས་བརྗོད་ཅིང་ལུས་ཤིན་ཏུ་འདུད་པས་ཕྱག་འཚལ་བ་བྱས་ནས། ཅི་ནུས་ཞེས་བྱ་བ་ནི་འབྱོར ་པ་དང་རྗེས་སུ་འཐུན་པསོ།། མཆོད་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས་གང་དེ་བླང་བར་བྱ་བ་ཞེས་བྱ་བར་སྦྱོར་རོ།། བདག་དང་གཞན་རྗེས་སུ་བཟུང་བ་ལོ་རབ་ཏུ་འཇུག་པོ་དང་། འགྱོད་པ་མེད་ཅིང་རབ་ཏུ ་དགའ་བའི་སྦྱོར་བས་བསིལ་བའི་ཕྱིར། ཚུལ་ཁྲིམས་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་བྱང་ཆུབ་ནི་རྣམ་པ་ཐམས་ཅད་དུ་ཟག་པ་ཐམས་ཅད་ཟད་པའི་ཡེ་ཤེས་སོ།། སེམ ་དཔའ་ནི་བསམ་པ་སྟེ། འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོར་བའི་དོན་གྱིས་བསམ་པ་གང་ལོ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་རྣམས་ཀྱི་ནི་ཕྱོགས་དུས་ཀུན་ན་བཞུགས་པའི་ཞེས་བྱ་བ་སྟེ། ཤར་ལ་སོགས་པའི་ཕྱོགས ་བཅུ་པོ་ཐམས་ཅད་དང་། དུས་གསུམ་པོ་ཐམས་ཅད་དུའོ།། བཞུགས་པ་ནི་ཀུན་ཏུ་འབྱུང་བ་པ་སྟེ། གཅིག་ཏུ་ཕྱོགས་གཅིག་གི་ཁ་ཅིག་ཏུ་འབའོ་ཞིག་མ་ཡིན་གྱི། འོན་ཀྱང་ཐམས་ཅང་དུས་ཐམས་ཅད་ཀྱི་ཐམས་ཅ་དུ་ཞེས ་བྱ་བའི་དོན་ཏོ།། གང་ཞེས་བྱ་བ་ནི་སྤྱིར་བསྟན་པས་ཚུལ་ཁྲིམས་རྣམ་པ་དགུ་པོ་ཉིད་དུ་ཡོངས་སུ་བཟུང་བའི་ཕྱི་རི་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ནི་རྣམ་པ་དགུར་བསྟན་ཏེ། ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་དང ་ཚུལ་ཁྲིམས་ཐམས་ཅད་དོང། བཀོའ་བ་སྤྱོད་པའི་ཚུལ་ཁྲིམས་དང་། ཐམས་ཅད་ཀྱི་སྒོའི་ཚུལ་ཁྲིམས་དང་། སྐྱེས་བུ་དམ་པའི་ཚུལ་ཁྲིམས་དང་། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཕོངས་པ་འདོད་པའི་ཚུལ་ཁྲིམ ་དང་འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་དང་། རྣམ་པར་དག་པའི་ཚུལ་ཁྲིམས་སོ།། དེ་ལ་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ཞེས་བྱ་བ་ལ། ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ནི་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས ་ཉིད་ཀྱི་རང་བཞིན་ནོ།། དེ་ཡང་ངོ་བོ་ཉིད་ནི་ཡོངས་སུ་འཛིན་དང་རྗེས་སུ་སློབ་པའོ།། དེ་ཡང་རྣམ་པ་བཞི་དང་ལྡན་པར་རིག་པར་བྱ་སྟེ། ཡང་དག་པར་བླངས་པ་དང་། ལྷག་པའི་བསམ་པ་རྣམ་པར་དག་པ་དང་། ཉམས་པར་གྱུར ་ན་ཕྱིར་གསོ་བར་བྱེད་པ་དང་། མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་ནས་དྲན་པ་ཉེ་བར་གནས་པའོ།། དེ་ལ་ཡང་དག་པོར་བླངས་པ་དང་། བསམ་པ་རྣམ་པར་དག་པ་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའ་ལ་བསླབ་པ ་ལས་རྣམ་པར་ཉམོས་པར་གྱུར་ན། ཕ་རོལ་དོང་བདགོ་ལ་བརྟེན་ནས། ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པ་དག་སྐྱེ་བར་འགྱུར་རོ།། ལྟུང་བ་ལས་ཕྱིར་གསོ་བར་བྱེད་པ་དང་། རྣམ་པར་ཉམས་པར་མ་གྱུར་པ་དེ་ཕྱི་མ་གཉིས་ཀྱིས ་འདིའི་ཚུལ་ཁྲིམས་རྣམ་པར་དག་པས་འགྱོད་པ་མེད་པར་འགྱུར་རོ།། དེ་བཞིན་ཏུ་ཡང་ཕ་རོལ་ལས་ཡང་དག་པར་བླངས་པ་དང་། རྣམ་པར་ཉམས་པོར་གྱུར་ན་སླར་གསོ་བས་ནི་ང་རྒྱལ་སྤངས་པ་དང་།། ཉམས་པར ་མི་འགྱུར་བའི་ནན་ཏན་གྱིས་ནི་བསམ་པ་རྣམ་པར་དག་པའོ།། དེ་ཉིད་ཀྱིས་ན་འདི་ཕ་རོལ་དང་བདག་ཉིད་ལས་ཀྱང་ངོ་ཚ་བར་གྱུར་པས་ཚུལ་ཁྲིམས་ཀུན་ཏུ་བསྲུང་བར་འགྱུར་རོ།། བསྲུངས་པས་ན་འགྱོད་པ་མེད་པར་འགྱུར།། ་དེ་ལ་ཆོས་གསུམ་པོ་དེ་རྣམས་ཀྱིས་ནི་ལྟུང་བ་མི་འབྱུང་བ་ཡིན་ལ། གསུམ་པས་ནི་ཚུལ་ཁྲིམས་ཉམས་པ་ལས་ལྡང་བར་རིག་པར་བྱའོ།། སེམས་ལས་བྱུང་བ་ཐམས་ཅད་ཀྱི་ཡོངས་སུ་འཛིན་པ་དང་། ནན་ཏན་དག་བསྟན་པ ་ཡིན་ནོ།། དེ་ལྟར་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ཏེ། ཡང་དག་པར་བླངས་པ་དང་། རྗེས་སུ་སློབ་པས་བདག་དང་གཞན་གྱི་དོན་དང་། ཕན་པ་དང་བདེ་བར ་འགྱུར་བའི་ཕྱིར་དགེ་བའོ།། བྱང་ཆུབ་སེམས་དཔའི་བསླབ་པ་དཔག་ཏུ་མེད་པ་ཡོངས་སུ་བསྡུས་པའི་ཕྱིར་དཔག་ཏུ་མེད་པའོ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་མངོན་པར་གནས་པའི་ཕྱིར་སེམས་ཅན ་ཐམས་ཅད་ལ་ཕན་འདོགས་པའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ལེན་པ་བྱེད་བཱི་ཕྱིར། འབྲས་བུ་ཆེ་མ་དང་ཕཱ་ཆེ་ཏཱ་རིག་པཱ་བྱའོ།། ཚུལ་ཁྲིམས་ཐམས་ཅད་ཅེས་བྱ་བ་ལ། ཐམས་ཅད་ཀྱི་ཚུལ་ཁྲིམས་ནི་ཚུལ་ཁྲིམས ་ཐམས་ཅད་དེ། ཁྱིམས་པ་དང་རབ་ཏུ་བྱུང་བའི་ཕྱོགས་དག་ལ་བརྟེན་པའི་ཕྱིར་རོ།། དེ་ཡང་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུས་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ ་ཁྲིམས་སོ།། དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་རིས་བདུན་བླངས་པའོ།། དེ་ལ་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མའི་དབྱེ་བས་རྣམ་པ་ལྔ་ཡིན་པའོ།། ་ཕྱིར།། རབ་ཏུ་བྱུང་བའི་ཕྱོགས་རྣམ་པ་ལྔའོ།། ཁྱིམ་པའི་ཕྱོགས་རྣམ་པ་གཉིས་ཏེ། དགེ་བསྙེན་དང་། དགེ་བསྙེན་མའི་དབྱེ་བས་རྣམ་པ་གཉིས་ནི་ཁྱིམ་པའི་ཕྱོགས་རྣམ་པ་གཉིས་སོ།། ཉིན་ཞག་ཅིག་པ་ཡང་དག ་ར་བླངས་པ་ནི་དཀའ་བ་སྤྱོད་པ་དང་འདོད་པ་ལས་དབེན་པ་མ་ཡིན་པའི་ཕྱིར་དང་། ཡུན་རིང་པོར་རྗེས་སུ་འབྲེལ་པ་མེད་པའི་ཕྱིར་འདི་ལ་འོས་པ་མ་ཡིན་པས་མ་བསྟན་ཏོ།། འདི་ལྟར་བསྟན་པར་འགྱུར་ཏེ། སོ་སོར་ཐར་པའི་སྡོམ་པ་ནི ་བྱང་ཆུབ་སེམས་དཔའི་སྡོམ་པོའི་ཡན་ལག་ཏུ་གྱུར་པ་ཡིན་ཏེ། ཕྱོགས་གཅིག་ཉིད་དུ་རིག་པར་བྱའོ།། དེའི་ཕྱིར་སོ་སོར་ཐར་པའོ་སྡོམ་པ་གཞན་དང་ལྡན་པ་འདིས་བྱང་ཆུབ་སེམས་དཔའ་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་པ ་ལོ་བསླབ་པའི་ངམ་ཚིག་འདི་ཡང་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ།། འདི་ལ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་ཆོ་ག་གཞན་པ་ཉིད་ནི་མ་ཡིན་ཞིང་། དེ་རྣམས་ལས་ཀྱང་ལྡོག་པ་མ་ཡིན་པ་ལ་ནི་བྱང་ཆུབ་སེམས་དཔའི་སྡོམ ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་པ་ཡང་ཡོད་པ་མ་ཡིན་ནོ།། བསམ་པ་རྣམ་པར་དག་པས་ནི་རྣམ་པར་འཇོམས་པར་འགྱུར་རོ་ཞེས་བྱ་བ་འདི་ཉིད་ལ་དགོངས་ནས་ཚུལ་ཁྲིམས་དང་ལྡན་པ་ཞེས་དང་པོ་བསྟན་ཏོ།། དེ་ལྟར་ན ་བྱང་ཆུབ་སེམས་དཔའི་སྡོམ་པ་འདི་ནི་ཚུལ་ཁྲིམས་ཐམས་ཅད་ཅེས་བསྟན་ཏོ།། དེ་ལྟ་བུའི་སྡོམ་པའི་ཚུལ་ཁྲིམས་འདི་ལ་གནས་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་རོ།། གང་གི་ཚེ་འདི་ནི་འཁོར་ལོས་སྒྱུར ་བོའི་རྒྱལ་སྲིད་ཀྱང་བོར་ནས་རབ་ཏུ་བྱུང་བ་དེ་ལ་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་ལ་རྩཝ་དང་མི་གཙང་བ་ལྟ་བུར་མི་ལྟ་བར་འགྱུར་བ་ནི་བསམ་པ་རྣམ་པར་དག་པས་ཡོན་གྱིས་གཞན་ནི་དེ་ལྟ་མ་ཡིན་ཏེ། དམན་པ་དག་ནི ་འདོད་པ་དང་འཚོ་བའི་དོན་དུ་རབ་ཏུ་བྱུང་བའི་ཕྱིར་རོ།། མ་འོངས་པའི་དུས་སུ་ཡང་བསྒོམ་པ་ལ་དབང་དུ་གྱུར་པས་ཡོངས་སུ་ཐོབ་པའི་འདོད་པ་རྣམས་ལ་ཡང་མངོན་པར་དགའ་བར་འགྱུར་བ་མ ་ཡིན་ཞིང་། དེའི་དོན་དུ་སྨོན་པས་ཚངས་པར་སྤྱད་པ་སྤྱོད་པར་མི་བྱེད་དོ།། འདོད་པ་རྣམས་ལ་འཇིགས་པ་ཆེན་པོ་སྣ་ཚོགས་པ་དང་བཅས་པའི་ནགས་ཚལ་དུ་འཇུག་པ་ལྟ་བུར་ཡང་དག་པའི་ཤེས་རབ་ཀྱི་ཀུན་ཏུ ་མཐོང་ནས་མི་འཇུག་གོ། དེ་ལྟར་གྱི་དུས་ཀྱི་འདོད་པ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱི་རྙེད་པ་དང་བཀུར་སྟི་རྒྱ་ཆེན་པོ་དག་ལ་ཡང་སྐྱུགས་པའི་ཟས་བཞིན་རོ་མྱང་བར་མི་བྱེད་ན། དམན་པ་རྣམས་ཀྱི་དམན་པ་ལ་ལྟ ་སྨོས་ཀྱང་ཅི་དགོས། ཅིག་ཏུ་དབེན་པ་ལ་མངོན་པར་དགའ་བ་ཡིན་ལ། ཚོགས་ཀྱི་ནང་དུ་ཡང་སེམས་དབེན་པས་གནས་པར་འགྱུ་ར་ཏེ། ཚུལ་ཁྲིམས་ཙམ་གྱིས་ཆོག་པོར་མི་འཛིན་གྱིས། འོན་ཀྱང་ཚུལ་ཁྲིམས་ལ་བརྟེན ་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་གང་ཡིན་པ་དེ་དག་མངོན་པར་བསྒྲུབ་པ་དང་། དབང་དུ་གྱུར་པར་བྱ་བའི་ཕྱིར་འབད་པར་བྱེད་དོ།། འདུ་འཛིའི་ནང་དུ་འཇུག་ཀྱང་གཏམ་ངན་པ་དང་། ཚིག ་ངན་པ་ཅུང་ཟད་ཀྱང་དང་དུ་ལེན་པར་མི་བྱེད་ལ། དབེན་པ་ན་འདུག་ཀྱང་རྟོག་པ་ངན་པ་ཅུང་ཟད་ཀྱང་མི་སེམས་སོ།། བརྗིད་ངས་པོས་ཀུན་ཏུ་སྤྱོད་པར་འགྱུར་ན་ཡང་དུས་དུས་སུ་ཤིན་ཏུ་འགྱོད་པ་དང་། ཉེས་པ་མཐོང་བ ་ཡང་སྐྱེད་པར་བྱེད་དེ། གང་གི་ཚེ་གཏམ་ངན་པ་དང་། རྟོག་པ་ངན་པ་ཡང་སྐྱེས་མ་ཐག་ཏུ་མྱུར་བ་ཉིད་དུ་དྲན་པ་སྐྱེད་པར་བྱེད་ཅིང་མི་བྱ་བའི་སེམས་ཀྱང་ཐོབ་པར་འགྱུར་ཏེ། དེས་ན་སྤོང་བར་འགྱུར་རོ།། སྤོང་བ་ལ་གེམ ་པ་ལས་ནི་རིམ་གྱིས་སྔོན་ཇི་ལྟར་དེ་ཀུན་ཏུ་མ་སྤྱོད་པ་ལ་དགའ་བར་འགྱུར་པ་དེ་ལྟར་དེ་ཀུན་ཏུ་མི་སྤྱོད་པ་ལ་དགའ་བ་དང་། ཀུན་ཏུ་སྤྱོད་པོ་དང་རྗེས་སུ་མི་མཐུན་པར་ཡང་གནས་སོ།། ས་ཆེན་པོ་རེ་ཞུགས་པའི་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་རྒྱུ་ཆེ་བ་རྣམས་དང་། དཔག་ཏུ་མེད་པ་རྣམས་དང་། བསམ་གྱིས་མི་ཁྱབ་པ་རྣམས་དང་། ཡུན་རིང་བ་རྣམས་དང་། ཤིན་ཏུ་བྱ་དཀའ་རྣམས་ཐོས་ནས་སྐྲག་པོ་འམ། ་ཞུམ་པར་མི་འགྱུར་གྱི་གཞན་དུ་ན་འདི་ལྟར་དེ་དག་ཀྱང་མིར་གྱུར་པ་ལས་རིམི་གྱིས་བསླབས་ནས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ལུས་དང་ངག་གི་སྡོམ་པ་དང་ལྡན་པར་འགྱུར་ལ། བདག་ཉིད་ཀྱང་མིར ་གྱུར་པས་རིམ་གྱིས་བརླབས་ན་གདོན་མི་ཟ་བར་ལུས་དང་། ངག་གི་སྡོམ་པ་ཕུན་སུམ་ཚོགས་པ་དག་ཐོབ་པར་འགྱུར་སྙམ་དུ་སེམས།། དེས་ན་བདག་ཉིད་ཀྱི་ཉེས་པ་དང་འཁྲུལ་པ་ལ་རྟོགས་པརརུ་བྱེད་ཀྱི་གཞན་གྱི ་མ་ཡིན་ནོ།། སེམས་ཅན་གཞན་དག་གཏུམ་ཞིང་ཚུལ་ཁྲིམས་འཆལ་པ་རྣམས་ཉེ་བར་གནས་པ་ལ་ཀུན་ནས་མནར་སེམས་དང་། ཁོང་ཁྲོ་བར་མི་འགྱུར་གྱི། ང་ལྷག་པར་རྗེས་སུ་བརྩེ་བའི་སེམས་དང་། བྱེད ་པཱུར་འདོད་པའི་སེམས་ཉེ་བར་གནས་པར་འགྱུར་རོ།། ཕ་རོལ་པོ་དག་གི་ལྷག་པ་དང་། བོ་བྱ་དང་། པབྱུག་པ་དང་། མཚན་ཨ་བསྩུ་དྷ་སམས་སྒྱུ་མྱུ་ལྟཁྲུག་པར་མ་བྱ ་ན། སྡིག་པ་ཅན་གྱིས་ཚིག་འབྱིན་པ་ས་སྒྱུར་འཚོགས་པ་ལྟ་གླུལ་བྱེད། དེ་བཞིན་དུ་གསློབ་ས་པཞེས་པའི་སྤྱན་པ་གྱི་རིག་པ་ལས་བྱུང་བ་ཅུང་དད་ཅེམ་རྣཾས་ཀྱང་གནོད་པོར་མོ་ད་།། ཡན ་ལག་སྡེ་དང་ལྡན་པའི་བག་ཡོད་པོ་སྟེ། སྔོན་གྱི་མཐའ་དང་ལྡན་པའི་བགོ་ཡོད་པ་ནི་གང་འདིས་པའི་དུས་སུ་ཉཾ་བར་བླངས་པ་ལས་ལྟུང་བ་འབྱུང་བར་གྱུར་པ་དེ་དེས་རྒྱས་བཞིན་དུ་ཕྱིར་བཙོས་པར་གྱུར་པའོ།། ཕྱི་མཥྚ་མཐ ་དང་ལྡན་པ་ནི་མ་འོངས་པའི་དུས་ན་ལྟུང་བ་གང་འབྱུང་བར་འགྱུར་བ་དེ་དག་ཀྱང་ཆོས་བཞིན་དུ་ཕྱིར་འཚེས་པར་འགྱུར་བའོ།། དབུས་ཀྱི་མཐའ་དང་ལྡན་པ་ནི་ད་ལྟར་གྱི་དུས་སུ་ལྟུང་པོ་གང་བྱུང་བ་དེ་དག་ཀྱང་ཆོསོ་བཞིན་དུ ་ཕྱིར་འཆོས་པར་བྱེད་པའོ།། དུས་སྔ་ནས་བྱ་བ་ནི་གང་འདི་ལྟུང་བའི་སྔོན་རོལ་ཉིད་ནས་ལྟུང་བ་མི་འབྱུང་བར་ཤིན་ཏུ་ནན་ཏན་བྱེད་པའོ།། ཁ་ཅིག་ནི་འདི་ལ་ནེམ་ཡང་ལྟུང་བ་འབྱུང་བར་མྱི་འགྱུར་རོ།། ཞེས་ཟེར་རོ།། ལྷན་ཅིག་རྗེསུ་སྤྱོད ་བོ་ནི་གང་དུས་སྔ་མར་བྱ་བའི་བག་ཡོད་པར་འདི་ཉིད་ལ་གནས་ནས་ཅི་ནས་ཀྱང་འདི་ལ་ལྟུང་བ་འབྱུང་བར་མི་འགྱུར་བའོ།། དག་བ་མི་སྤྱོམས་པ་དང་། སྡིག་པ་མི་འཆབ་པ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྡུག ་བསྔལ་བཟོད་པ་དང་། སྐྱོ་བ་མེད་པའི་ངང་ཚུལ་རྒྱུན་དང་། རྒོད་པ་མྱེད་པ་དང་། མི་གསུང་བ་དང་། སྤྱོད་ལས་རབ་ཏུ་བ་དང་། ཁ་གཕྱག་ལ་སོགས་པ་ལོག་པས་འཚོ་བར་བྱེད་པའི་ཆོས་ཐམས་ཅད་རྣམ་པར་སྤང་བ་སྨྲ། ་དེ་ལྟར་ན་ཡན་ལག་བཅུ་པོ་དེ་རྣམས་དང་ལྡན་པའི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ་སྔ་མ་འོངས་པའི་འདོད་པ་རྣམས་ལ་མི་ལྟ་བ་དང་། མ་འོངས ་བ་རྣམས་ལ་མངོན་པར་དགའ་བར་མི་བྱེད་པ་དང་། དེ་ལྟར་གྱི་རྣམས་ལ་མི་ཆགས་པ་དང་། རབ་ཏུ་དབེན་པ་ལ་མངོན་པར་དགའ་བ་དང་། ངག་དང་རྣམ་པར་རྟོག་པ་ཡོངས་སུ་དག་པར་བྱེད་པ་དང་། བདག་ཉིད་ལ་ཁྱད་དུ་མི ་བསོད་པ་དང་། དེསྨྲ་པ་དང་། བཟོད་པོ་དང་། བག་ཡོད་པ་དང་། ཆོ་ག་དང་འཚོ་བ་རྣམ་པར་དག་པ་ཞེས་བྱའོ།། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་སྡོམ་པ་ཡང་དག་པར་བླང་བའི་འོག་ཏུ་ཡང་དགང་ཅུང་ཟད་ལུས་དང་། ་ངག་དང་ཡིད་དག་གིས་བྱང་ཆུབ་ཀྱི་ཕྱིར་དགེ་བ་བསགས་པ་སྟེ། དེ་ཡང་ཁྱད་བར་དུ་ཐོས་པ་དང་། བསམ་པ་དང་། ཞི་གནས་དང་ལྷག་མཐོང་བསྒོམ་པ་རྣམས་ལ་གཅིག་ཏུ་དགའ་བས་མངོན་པར་སྦྱོར་བའོ།། དེ་བཞིན་དུ་དུས ་དུས་སུ་བླ་མ་རྣམས་ལ་གསོང་པོར་སྤྲོ་བ་དང་། ཕྱག་བྱ་བ་དང་། མངོན་པར་ལྡང་བ་དང་། ཐལ་མོ་སྦྱོར་བ་དང་། ཞེ་ས་དང་བཅས་པས་ཀུན་ཏུ་སྤྱོད་པ་དང་། བསྙེན་བཀུར་བྱེད་པ་དང་། ན་བ་རྣམསོ་ལ་བརྩེ་བས་རིམ་གྲོ ་བྱེད་པ་དང་། ལེགས་པར་སྨྲས་པ་ལེགས་སོ་ཞེས་བྱ་བ་སྦྱིན་པ་དང་། ཡོན་ཏན་དང་ལྡན་པ་ལ་ཇི་ལྟ་བ་ཉིད་ཀྱིས་བསྔགས་པས་བརྗོད་པ་དང་། ཐམས་ཅད་ཀྱིས་བསོད་ནམས་ཐམས་ཅད་ལ་དགའ ་པའི་སེམས་ཀྱིས་ཚིག་གིས་རྗེས་སུ་ཡི་རང་བ་དང་། གཞན་རྣམས་ཀྱིས་ཉེས་པ་བྱས་པ་ཐམས་ཅད་ལྔ་སོ་སོར་བརྟགས་ཏེ་བཟོད་པར་བྱེད་པ་དང་། དག་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་ཡོངས་སུ་བསྔོ་བ་དང་། དུས་དུས་སུ་ཡང་དག་པའི་སྨོན་ལམ་སྣ་ཚོགས་གདབ་པོ་དང་། མཆོད་པའི་རྣམ་པ་རྒྱ་ཆེན་པོ་ཐམས་ཅད་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་དང་། དགེ་པའི་ཕྱོགས་ལ་བརྩོན་འགྲུས ་བརྩམ་པའི་ཕྱིར་རྟག་ཏུ་བག་མེད་པ་སྤངས་པ་དང་། དྲན་པ་དང་ཤེས་བཞིན་དང་ལྡན་པས་བསླབ་པའི་གཞི་རྣམས་ཀུན་ཏུ་བསྲུང་བ་དང་། དབང་པོའི་སྒོ་གདམས་པ་དང་། ཟོས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོང་དང ་དང་ཆ་སྨད་ལོ་མི་ཉལ་བར་རྗེ་སུ་བརྩོན་པ་དང་། སྐྱེས་བུ་དམ་བརྟེན་པ་དང་དགེ་བཱི་ཤས་གཉེན་ལ་བརྟེན་པ་དང་། ཉེས་པ་ཡོངས་སུ་ཤེས་ཤིང་མཐོང་ནས་ཀྱང་ཉེས་པ་རྣམས་ཡོངས་སུ་སྤོང་བ་དང་། ཉེས་པ་རྣམས་ཆོས་བཞིན་དུ་འཆ ་པ་དང་། དེ་ལྟ་བུའི་ཕྱོགས་དང་འཐུན་པའི་དག་པའི་ཆོས་རྣམས་སྒྲུབ་པ་དང་། སྲུང་བ་དང་། སྤེལ་བར་བྱེད་པ་སྟེ། དེ་ལྟར་ན་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་འདི་ལ་རྣམ་པར་གནས་ན། དགེ་བའི་ཆོས་ཀྱི་ཚུལ་ཤིན ་བསྡུས་པར་འགྱུར་ཏེ། གང་འདི་འདོད་པའི་ལྗོངས་སྤྱོད་ལ་ལྟ་བ་ཅུང་ཟད་ཙམྦྷ་སྐྱེས་པ་དང་། ལེན་བྱར་མི་བྱེད་ན། མང་པོ་ལ་ལྷ་སྨྱོས་ཀྱང་ནི་དགོས། ཚུལ་ཁྲིམས་འཆལ་པའི་རྒྱུར་གྱུར་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས ་པ་ཆག་པ་དང་ཞེ་སྡང་ལ་སོགས་པ་དང་། སེར་སྣ་དང་། ཕྲག་དོག་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་ལ་སོགས་པ་དང་དུ་ལོན་པར་མི་བྱེད།། ཕ་རོལ་པ་དག་ཉེ་བར་གནས་པ་ན་ཁོང་ཁྲོ་བ་དང་། ཀུན་ནས་མནར་སེམས ་དང་། ཤར་གཉེར་བའི་སེམས་བྱུང་བ་དང་དུ་ལེན་པར་མི་བྱེད་དོ།། ལེ་ལོ་དང་སྙོམ་ལས་སྐྱེས་པ་ཡང་དང་དུ་ལེན་པར་མི་བྱེད་དོ།། སྙོམས་པར་ཞུགས་པའི་རོ་མྱང་བ་དང་། སྙོམས་པར་འཇུག་པའི་ཉོན་མོངས་པ་བྱུང་བ་ཡང ་དང་དུ་ལེན་པར་མི་བྱེད་དོ།། གནས་ལྔ་ལ་ཡང་དགྲ་བ་ཇི་ལྟར་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུའི་ཕན་ཡོན་དང་། དགེ་བའི་རྒྱུ་དང་དགེ་བའི་འབྲས་བུ་ལ་ཕྱིན་ཅི་ལོག་པ་དང་། ཕྱིནྡ་ཅི་ལོག་པ་དང་། དགེ་བ ་བསྡུ་བ་ལ་བར་དུ་གཅོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལ་དགེ་བའི་འབྲས་བུ་ལ་ཡོན་ཏན་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་དགེ་བ་བསྡུ་བའི་ཕྱིར་དགེ་བའི་རྒྱུ་ཡོངས་སུ་འཆོལ ་བར་བྱེད་དོ།། ཕྱིན་ཅི་ལོག་དང་། ཕྱིན་ཅི་མི་ལོག་པ་ཡིད་དགེ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུ་ཐོབ་ནས་མི་རྟོག་པ་ལ་རྟག་པར་ལྟ་བར་མི་འགྱུར་བ་ནསོ།། བདག་མེད་པ་ལ་བདག་ཏུ་ལྟ་བར ་མི་འགྱུར་བའི་བར་དུའོ།། བར་ཆད་དུ་གྱུར་པ་ཡང་རབ་ཏུ་ཤེས་པ་ནས་ཡོངས་སུ་སྦྱོང་བར་བྱེད་དོ།། དེ་ལྟར་གོ་རིམས་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ནཱན་བྱེད་པ་རྣམ་པ ་བཅུ་པོ་དེ་དག་ཉིད་ཀྱིས་མྱུར་བ་ཉིད་དུ་རྣམ་པ་ཐམས་ཅད་དུ་དགེ་བསྡུད་པ་ཡིན་ནོ།། ཡང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་རྣམ་པ་བཅུ་གཅིག་སྟེ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེ་བའི་ཚུལ་ཁྲིམས ་རྣམ་པ་ཐམས་ཅད་གནས་པ་ནི་རོ་རེ་ཡང་རྣམ་པ་ཐམས་ཅད་ཀྱི་རྣམ་པ་དང་ལྡན་པ་ཡིན་ཏེ། འདི་ལ་སེམས་ཅན་གྱི་དོན་གྱི་བྱ་བའི་ཉེ་བར་གྱུར་པ་སྟེ། ནད་ལ་སོགས་པའི་སྡུག་བསྔལ་བྱུང་ཞིང་སྐྱེས་པར་གྱུར་པ་རྣམས་ལ ་ནད་གཡོག་ལ་སོགས་པའི་གྲོགས་བྱེད་པ་ཡིན་ཏེ། དེ་འདིར་དེ་ལ་སེམས་པས་གྲོགས་བྱེད་པའི་ཆེད་དུ་འགྲོ་བར་བྱེད། དེའི་ཆེད་དུ་ལམ་དུ་འགྲོ་ཞིང་འོང་བ་དང་ཡང་དག་པའི་ལས་ཀྱི་མཐའ་ལོ་སྦྱོར་བ་དང་། ལོངས་སྤྱོང ་རྣམས་ཀུན་ཏུ་བསྲུང་བ་དང་། བྱེ་བ་རྣམས་བསྡུམ་པ་དང་། དགའ་སྟོན་དང་། བསོད་ནམས་བྱེད་པ་དག་གི་གྲོགས་སུ་འགྲོ་བར་བྱེད་དོ།། ནད་ཀྱིས་བཏབ་པ་རྣམས་ཀྱིས་ནད་གཡོག་དང་། ལོང་པོ་རྣམས་ནི་ཁྲིད་ཅིང་ལོམ ་སྟོན་པར་བྱེད་པ་དང་། འོན་པོ་རྣམས་ཀྱི་གོ་བར་བྱ་བའི་ཕྱིར་ལག་བརྡའི་མཚན་མ་ཉེ་བར་བསྟན་པས་དོན་གོ་བར་བྱེད། རྐོང་ལག་མེད་པ་རྣམས་ནི་མགོ་འམ་བཞོན་པས་འཁྱེར་བར་བྱེད། འདོད་པའི་འདུན་པ་ལ ་སོགས་པས་ཀུན་ནས་དཀྲིས་པ་རྣམས་ཀྱི་འདོད་པ་ལ་སོགས་པར་རྣམ་པར་རྟོག་པའི་སྡུག་བསྔལ་སེལ་བར་བྱེད། གཞན་གྱི་སྒྲ་ཕབ་ཅིང་ཕམ་པར་བྱས་པ་རྣམས་ཀྱི་སྨ་ཕབ་པ་དང་ཕམ་པར་བྱས་པའི་སྡུག་བསྔལ ་སེལ་བར་བྱེད། ལམ་གྱིས་ངལ་བར་གྱུར་པ་རྣམས་ལ་གནས་དྲང་བཟའ་བ་སྦྱིན་པ་ལ་སོགས་པ་དང་། ལུས་ཉེ་བས་ཀྱང་ལམ་གྱིས་ངལ་བ་དང་དུབ་པའི་སྡུག་བསྔལ་སེལ་བར་བྱེད་དོ།། འདི་ནི་རྣམ་པ་ཐམས་ཅད་དུ ་གྲོགས་བྱེད་པའོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ལོ་ཆོས་བསྟན་པ་སྔོན་དུ་འགྲོ་བ་ཅན་གྱི་ཐབས་ཉེ་བར་བསྟན་པ་སྔོན་དུ་འགྲོ་བའི་རིགས་པ་སྟོན་པར་བྱེད་དེ། དེ་འདི་ལྟར་གཞན་རྣམས་ལ་རིག ་པ་སྟོན་པར་བྱེད་པ་ནི་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ཀྱི་ཉེས་པར་སྤྱོད་པ་སྤང་བའི་ཕྱིར་ཆོས་སྟོན་པར་བྱེད་པ་འམ། ཐབས་མཁས་པས་ཀྱང་སྟོན་པར་བྱེད་པ་དེ་བཞིན་དུ་སེར་སྣ་ཅན་རྣམས་ཀྱི་སེར་སྣ་སྤང་བར་བྱེད་པ་དང་། ་ཚེ་འདི་ལ་ཡང་ཡང་དག་པ་དང་། ཆེ་གོས་ཆུང་ངུ་ལ་ལོངས་སྤྱོད་རྣམས་བསླབ་པ་དང་། བསྲུང་བ་དང་། བསྟན་པ་འདི་ལ་སྡང་བ་རྣམས་དད་པ་ཐོབ་པར་བྱ་བ་དང་། མཐོང་བ་ཐོབ་པར་བྱ་བ་དང་། ལྟ་བོ་རྣམ་པར ་དག་པས་ངན་སོང་ལས་ཡང་དག་པར་འདས་པར་བྱ་བ་དང་། ཀུན་ཏུ་སྦྱོར་བ་ཐམས་ཅད་ཐར་ཐུག་པས་སྡུག་བསྔལ་བ་ཐམས་ཅད་ལས་ཡང་དག་པར་འདས་པར་བྱ་བའི་ཕྱིར་ཆོས་སྟོན་པ་འམ་ཐབས་མཁས ་པས་ཀྱང་སྟོན་པར་བྱེད་དོ།། འདི་ནི་རིགས་པའི་རྣམས་པ་ཐམས་ཅད་སྟོན་པའོ།། ཕན་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་གཟོ་བར་རྗེས་སུ་འཛིན་པར་བྱེད་ཅིང་རྗེསུ ་འཐུན་པར་ལན་དུ་ཕན་འདོགས་པས་བསྙེན་བཀུར་བྱེད་དོ།། དེ་འདི་ལྟར་བྱས་པ་གཟོ་བ་ལ་དགའ་བ་དང་ལྡན་པས་ཕན་འདོགས་པ་མཐོང་ནས་གུས་པར་བྱ་སྟེ། ཚུར་སྤྱོན་ལེགས་པར་བྱོན་ཏོ་ཞེས་བརྗོད་པས་སྨྲ་ཞིང ་ཀུན་ཏུ་སྨྲ་ལ་ཡང་དག་པར་དགའ་བར་བྱེད། གནས་དང་སྟན་སྟོབས་པས་ཀྱང་བསུ་བར་བྱེད་དེ། རྙེད་པ་དང་བཀུར་སྟིའི་ལནྡ་དེ་དང་མཉམ་པ་འམ་ལྷག་པས་ཉེ་བར་གནས་པར་བྱེད་དོ།། གཞན་ཡང་འདིའི་བྱ་བ ་རྣམས་ལ་མ་བཅོལ་བར་ཡང་གྲོགས་བྱེད་དུ་འགྲོ་ན་བཅོལ་བ་ལ་ལྟ་ཅི་སྨོས། དེ་བཞིན་དུ་འདིར་རྣམ་པ་གཞན་ཡང་བྱ་བ་ཡིན་ནོ།། དེ་ལྟར་ན་འདི་ནི་རྣམ་པ་ཐམས་ཅད་དུ་བྱས་པོ་གཟོ་བའོ།། སེཾན་འཇིག་པ་རྣམ་འཛི ་པའི་གནས་དག་ལས་སྲུང་བྱར་བྱེད་དོ།། སེམས་ཅན་རྣམས་གཅན་ཟན་གྱིས་གནོད་པའི་འཇིགས་པ་ལས་ཀྱང་བསྲུང་ཞིང་།། ཆུའི་ཀློང་དང་ཆུ་སྲིན་འཛིན་ཁྲིའི་འཇིགས་པ་དང་། རྒྱལ་པོའི་འཇིགས་པ་དང་། ཆོམ་རྐུན ་གྱི་འཇིགས་པ་དང་། ཕྱིར་རྒོལོ་བའི་འཇིགས་པ་དང་། རྗེ་བོ་དང་བདག་པོའི་འཇིགས་པ་དང་། འཚོ་བ་མེད་པའི་འཇིགས་པ་དང་། མི་སྙན་པའི་འཇིགས་དང་། འཁོར་དུ་བག་ཚ་བའི་འཇིགས་པ་དང་། མི་མོ ་ཡིན་པ་དང་རོ་ལངས་ཀྱི་འཇིགས་པ་ལ་སོགས་པ་ལས་ཀྱང་ཡོངས་སུ་སྲུང་བར་བྱེད་དོ།། དེ་རྣམས་ནི་འཇིགས་པའི་གནས་ཀྱི་རྣམ་པ་ཐམས་ཅད་ལས་ཀུན་ཏུ་སྲུང་བའོ།། ཡང་གཉེན་བཤེས་དང་ལོངས་སྤྱོད་ཀྱིས་འཕོ། ་པ་རྣམས་ཀྱི་མྱ་ངན་སེལ་བར་བྱེད་དེ། དེ་ཡང་འདི་ལྟར་སྡུག་བསྔལ་གྱི་གནས་རྣམས་ཀྱི་མྱ་ངན་སེལ་བར་བྱེད་པ་སྟེ། གཉེན་བཤེས་ཀྱི་སྡུག་བསྔལ་ལས་བརྩམས་ནས་མ་དང་ཕ་དང་། བུ་དང་ཆུང་མ་དང་། སྤུན་ཟླ་དང ་སྲིང་མོ་དང་། བློན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤེས་འཚོ་བ་དང་། མཛོའ་བ་ཤེས་དང་། ཉེ་དུ་དང་། རྒན་རབྱས་ཤི་བི་དང་། སློབ་དཔོན་དང་། མཁན་པོ་དང་། བླ་མ་ལྟ་བུ་ཤི་ན་ཡང་མྱ་ངན ་སེལ་བར་བྱེད་དོ།། ལོངས་སྤྱོད་ཀྱི་སྡུག་བསྔལ་ལས་བརྩམས་ཏེ། གཞན་དག་གིས་ལོངས་སྤྱོད་རྒྱལ་པོ་དང་། ཆོམ་རྐུན་ལ་སོགས་པས་ཚུལ་མ་ཡིན་པར་ཕྲོགས་པ་རྣམས་རྒྱུ་དེས་མྱ་ངན་དུ་གྱུར་པ་སེལ་བར་བྱེད ་འདི་ནི་རྣམ་པོ་ཐམས་ཅད་ཀྱིས་མྱ་ངན་སེལ་བའོ།། ཕོངས་པ་རྣམས་ལྔ་ཚུལ་བཞིན་དུ་ཕུན་གདགོས་པས་ཉེ་བར་འཛིན་པ་སྟེ། འདི་ལྟར་ཕོངས་པ་རྣམས་ལ་ཕན་གདགས་པས་ཉེ་བར་འཛིན་པ་ནི་ཟླ་འདོད་པས་ཟླ་སྦྱིན་པར ་བཞོན་པ་འདོད་པ་ལ་བཞོན་པ་ནས་ཅི་སྲིད་གང་དོན་བྱེད་པ་དེ་ནི་དེའི་ཕྱིར་རིགས་པའི་རྗེས་སུ་འགྲོ་བར་སྦྱིན་པའི་བར་འདི་ནི་ཕན་གདགས་པའི་རྣམ་པ་ཐམས་ཅད་ཀྱིས་ཉེ་བར་འཛིན་པའོ།། གནས་ཡང་དག ་པར་སྦྱིན་པ་དང་། ཆོས་ཀྱི་ཚོགས་ཡོངས་སུ་སྡུད་པར་བྱེད་དེ། ཀུན་ཏུ་སྨྲ་བ་དང་། ལེགས་པར་སྨྲ་བ་དང་། ཡང་དག་པར་དགའ་བར་བྱེད་པ་དག་གིས་འདས་པ་དང་། གཞན་དག་བཟའ་བ་སྦྱིན་པ་ལ ་སོགས་པས་ཡོངས་སུ་བསྡུས་པ་ལས་འཇིག་རྟེན་པའི་དོན་གྱིས་རྗེས་སུ་རྒྱུན་དུ་འཇུག་ཅིང་དོན་དུ་གཉེར་བ་རྣམས་ལ་འགྲོ་བ་དང་འོང་བར་བྱེད་དོ།། དེ་འདི་ལྟར་སེམས་ཅན་གྱི་ཚོགས་རྣམས་ཡོངས་སུ་བསྡུ་བའི་སྦྱོར་བས་ཡོངས་སུ ་བསྡུད་པར་བྱེད་དེ། སེམས་གང་གིས་སྙིང་རྩེ་བའི་སེམས་ཉེ་བར་བཟུང་ནས། རེ་ཞིག་ཐོག་མར་གནས་སྦྱིན་པར་བྱེད་དོ།། དེ་ནས་ཕོངས་པོ་དེ་དག་གི་དོན་གྱི་ཕྱིར་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་རྣམས་ལོས་ཆོས་བཞིན་དུ ་གོས་དང་ཟས་ལ་སོགས་པ་ཚོལ་བར་བྱེད་དོ།། རང་ཉིད་ཀྱི་གོས་དང་ཟས་ལ་སོགས་པ་ཆོས་དང་འཐུན་ཞི་ངོ་ཆོས་བཞིན་དུ་རྙེད་པ་རྣམས་ཀྱང་ཐུན་མོང་དུ་ལོངས་སྤྱོད་པར་བྱེད་དོ།། སྲིད་ཅིང་སྤྱོད་པ་མ་ཡིན་ནོ།། དུས་དུས་སུ་འཐུན་པའི ་གདུམ་ངག་རྣམ་པ་བརྒྱད་ཀྱང་སྦྱིན་པར་བྱེད་ལ། རྗེས་སུ་སྟོན་པ་ལྔ་ཡང་དག་པར་སྟོན་པར་བྱེད་དོ།། དེ་ལ་གང་དག་ལ་འདོམས་པར་འདོད་པར་གྱུར་ན། ཏིང་འཛིན་ལ་བརྟེན་ནས་སམ། འགྲོགས་པའི་རྒྱུས་ཐོག་མ་ཉིད་དུ་དེ་རྣམས ་ཀྱི་སེམས་འདོད་ཆགས་དང་བཅོས་པ་འམ། གཞན་ཡིན་པ་བཙལ་ནས་མཁྱེན་ཏོ།། དེ་ནས་དབང་པོ་རྟུལ་བ་སོགས་པ་དང་། དེ་ནས་ཁ་ཏོན་ལ་སོགས་པ་གང་ལ་དགའ་བའི་བསམ་པ་དང་། དེ་ནས་འདོད་ཆགས་ལ་སྤྱོད་པ་ལ ་སོགས་པའི་བག་ལ་ཉལ་བ་ཡོངས་སུ་བཙལ་ནས་མཁྱེན་པ་ཏོ།། དེ་ནས་ཅི་རིགས་ཅི་འོས་སུ་འཇུག་པའི་སྒོ་སྣ་ཚོགས་པ་རྣམས་སུ་སྟེ་མི་སྡུག་པ་འམ། བྱམས་པ་འམ། རྟེན་ཅིང་འབྲེལ་པར་འབྱུང་བའམ། ཁམས་ཀྱི་དབྱེ ་པབཔའམ། དབུགས་དབྱུང་བ་འམ། རྔུབ་པ་དྲན་པ་བདག་གིས་འཇུག་པར་མཛད་དོ།། དེ་བཞིན་དུ་རྟག་པ་དང་ཆད་པ་དག་ཏུ་ལྟ་བའི་གཉེན་པོར་དབུ་མིའི་ལམྦ་སྟོན་པ་དང་། མ་བྱས་པ་ལ་བྱས་སོ་སྙམ་པའི་མངོན་པའི ་རྒྱལ་མདོར་དུ་འཇུག་པ་དང་། དེ་བཞིན་དུ་མ་ཐོབ་པ་དང་མ་རེག་པ་དང་། མངོན་སུམ་དུ་མ་བྱས་པ་ལ་མངོན་སུམ་དུ་མ་བྱས་པ་ལ་མངོན་དུ་བྱས་སོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ་འཇུག་པ་དག་གིས་ཀྱང་འཇུག ་པར་མཛད་དོ།། གདམས་ངག་རྣམ་པ་བརྒྱད་པོ་དེ་དག་ཀྱང་གནས་གསུམ་གྱིས་བསྡུས་པར་རིག་པར་བྱའོ།། གནས་གསུམ་པོ་དག་གང་ཞེ་ནི། སེམས་ཀྱི་གནས་པ་སླར་གནས་པར་བྱ་བའི་ཕྱིར་ཐོག་མར་དམིགས་པ་ལ ་ལེགས་པར་གཏོད་པ་སྟེ། སེམས་དང་དབང་པོ་ལ་སོགས་པ་ཤེས་པས་འཇུག་པའི་སྒོར་འཇུག་པ་དང་། སེམས་གནས་པ་ལ་རང་གི་དོན་ཐོབ་པར་བྱ་བའི་ཕྱིར། ཡང་དག་པའི་ཐ་བོས་ཀྱིས་ལམ་སྟོན་པ་ནི་སྟོན་པའི ་དབུ་མའི་ལམ་དང་། རང་གི་དོན་མཐར་མ་ཕྱིན་པ་ལ་བར་མ་དོའི་གནས་འདོར་དུ་འཇུག་པ་སྟེ། མ་བྱས་པ་ལ་སོགས་པ་བྱས་པ་ལ་སོགས་པར་མངོན་པའི་ང་རྒྱལ་བྱེད་པ་འདོར་དུ་འཇུག་པར་རིག་པར་བྱ་སྟེ། གནས་པ ་དང་རྣམ་པར་བསྒྱུར་བ་དང་། སྦྱོར་བ་འདོར་བ་ཞེས་བྱའི་དོན་ཏོ།། དེ་ལ་རྗེས་སུ་བསྟན་པ་རྣམ་པ་ལྔ་ཡང་དག་པར་རྗེས་སུ་སྟོན་ཏེ། ཁ་ན་མ་ཐོ་བ་དང་བཅས་པའི་ཀུན་ཏུ་སྤྱོད་པ་དགག་པ་དང་། ཁ་ན་མ ་ཐོབ་མེད་པའི་ཀུན་ཏུ་སྤྱོད་པ་གནང་པོ་དང་། དགགོ་པ་དང་གནང་བའི་ཆོས་རྣམས་ལ་འཁྲུལ་པར་ཀུན་ཏུ་སྤྱོད་པ་དག་ལ་བསྐུལ་བ་དང་། ཡང་དང་ཡང་དུ་མ་གུས་པར་གྱུར་པས་འཁྲུལ་པ་ལོ་ཕན་པའི་བསམ་པས་སླ ་དབབ་པ་དྲན་པར་བྱེད་དུ་གཞུག་པ་དང་། ཡང་དག་པར་ཞུགས་པ་ལ་དགག་པ་དང་གནང་བའི་ཆོས་རྣམས་ལས་ཡོན་ཏནི་ཡང་དག་པ་དང་། དགའ་བ་བསྙད་པས་ཡང་དག་པར་དགའ་བར་བྱའོ།། རྣམ་པ་འདི་དག་ཐམས ་ཅད་ཀྱིས་ནི་ཚོགས་ཡོངས་སུ་སྡུད་པ་སྟེ། དོན་མ་ཡིན་པ་ཐམས་ཅད་ཉེ་བར་སྤོང་བ་དང་། ཡིད་དུ་མི་འོང་བའི་ཀུན་ཏུ་སྤྱོད་པ་ཡོངས་སུ་སྤང་བས་སོ།། གཞན་གྱི་སེམས་དང་རྗེས་སུ་འཐུན་པར་བྱ་སྟེ། དེ་འདི་ལྟར་གཞན ་དག་གི་སེམས་དང་འཐུན་པར་བྱེད་པར་འདོད་པ་ན་ཐོག་མ་ཁོ་ནར་དེ་རྣམས་ཀྱི་ངོ་བོ་དང་རང་བཞིན་ཤེས་པར་བྱ་བ་དང་། གང་དག་དང་ཇི་ལྟར་ལྷན་ཅིག་གནས་པར་བྱ་བ་དེ་ལྟར་དེ་དག་དང་གནས་སོ།། གྲང་དག་ལ་ཇི་ལྟར ་བསྒྲུབ་པར་བྱ་བ་དེ་ལྟར་དེ་དག་ལ་བསྒྲུབ་པར་བྱེད་དོ།། གང་གི་སེམས་དང་འཐུན་པར་བྱེད་འདོད་པར་གྱུར་པ་དེ་ལ་དེ་དང་འཐུན་པའི་ལུས་དང་ངག་གི་ཀུན་ཏུ་སྤྱོད་པས་དེའི་སྡུག་བསྔལ་དང་། ཡོད་མི་བདེ་བ་སྐྱེས་པ་ལ ་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དེས་ཀྱང་མི་དགེ་བའི་གནས་ལས་བསླང་སྟེ། དགེ་བའི་གནསུ་འཇོག་པར་མི་འགྱུར་ན་ནི་བྱང་ཆུབ་སེམས་དཔའ་སོ་སྔོར་བརྟགས་ཏེ། དེ་བསྒྲིབས་ཏེ་ཡོངས་སུ་སྤོང་ཞིང་ཀུན་ཏུ་སྤྱོད་པར ་མི་བྱེད་དོ།། གལ་ཏེ་སྡུག་བསྔལ་དང་། ཡིད་མི་བདེ་བ་དེས་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འཇིག་པ་མཐོང་ན་ནི་དེ་ཀུན་ཏུ་སྤྱོད་པར་བྱེད་ཀྱི། དེ་ཉིད་ལ་སྙིང་བརྩེ་བའི་ཉེ་བར་བཟུང་ནས་གཞན་གྱིས་སེམས ་དང་འཐུན་པར་ནི་མི་བྱེད་དོ།། ཕྱོགས་གཅིག་པའི་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གང་གིས་གཞན་དག་གི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་སྐྱེས་པར་འགྱུར་ལ། དེ་དག་དང་དེ་ལས་གཞན་པ་རྣམས་མི་དགེ་བའི་གནས ་ནས་ཞེས་བྱ་བ་ལ་སོགས་པ་ནས་སྔ་མ་བཞིན་དུ་དེ་ལས་གཞན་པ་རྣམས་ཀྱི་སེམས་དང་འཐུན་པར་བྱ་བའི་ཕྱིར་ཀུན་ཏུ་སྤྱོད་པར་མི་བྱེད་དོ་ཞེས་བྱ་བའི་བར་དུའོ།། གལ་ཏེ་གཞན་པ་དེ་ལྔ་གཞན་བམྦུ་མི་དགེ་བའི་གནས་ནས ་ཞེས་པ་བ་ལ་སོགས་པས་སྔ་མ་བཞིན་དུ་ཀུན་ཏུ་སྤྱོད་པར་བྱེད་དེ། དེ་དག་ལས་སྙིང་བརྩེ་བའི་སེམས་ཉེ་བོར་བཟུང་ནས་དེ་དག་གི་སེམས་དང་འཐུན་པར་ནི་མི་བྱེད་དོ།། བདག་ཉིད་ལ་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གང ་གི་ཕ་རོལ་དག་ལ་སྡུག་བསྔལ་བ་དང་། ཡིད་མི་བདེ་བོ་སྐྱེ་བར་མཐོང་ལ་ཀུན་ཏུ་སྤྱོད་པ་དེ་ཡང་བསླབ་པའི་གཞིར་གཏོཌ་བ་ཡང་མ་ཡིན་ཞིང་། བླ་ན་མེད་པོའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་མོ་ཡིན ་སྡུག་བསྔལ་བ་དང་ཡིད་མི་བདྲེ་བ་དེས་ཀྱང་གཞན་དགྲ་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་སྟེ། གཞན་གྱི་སེམས་དང་ཐུན་པརུ་བྱ་བའི་ཕྱིར་ཀུན་ཏུ་སྤྱོད་པར་ནི ་མི་བྱེད་དོ།། གལ་ཏེ་ཀུན་ཏུ་སྤྱོད་པ་འདི་བསླབ་པའི་གཞིར་གཏོགས་པ་ཡིན་ཞིང་སྡོམ་པར་གུཏོགས་པ་ཡང་ཡིན་ལ་སྡུག་བསྔལ་པ་དང་ཡིད་མ་བདེ་བ་དེས་ཀྱང་གཞན་དྲག་མི་དགེ་བའི་གནས་ཞེས་བྱ་བོ་ལ་སོགས ་པ་ནི་སྔ་མ་བཞིན་དུ་སྟེ། གཞོན་དག་ལ་སྙིང་བརྩེ་བ་ཉེ་བྲཝ་བཟུང་ནས་ཀུན་ཏུ་སྤྱོད་པར་ནི་མི་བྱེད་དེ། དེ་བཞིན་དུ་བདེ་བ་དང་ཡིད་མ་བདེ་བ་ཡང་དེ་དང་འདྲ་སྟེ། རྒྱས་པར་ནི་ཅི་རིགས་པར་རིག་པར་བྱའོ།། འདི་གཞན་གྱི ་སེམས་དང་འཐུན་པ་རེ་བྱེད་པ་ན་ཕ་རོལ་པོ་ཁྲོ་བའི་ཀུན་ནས་དཀྲིས་པ་ལ་ཁྲོ་བོའི་ཀུན་ནོས་དཀྲིས་པ་ཞི་བར་མ་གྱུར་གྱི་བར་དུ་མངོན་སུམ་དུ་བསྔགས་པ་ཡང་མི་བརྗོད་ལ་ཤས་ཀྱིས་སྦྱང་བ་ཡང་མི་བྱེད་ན་པོསྔགས་པ་མ་ཡིན ་པབ་ལྟ་ཅི་སྨོས། གཞན་མི་སྨྲ་བ་ཡཱསྒྲ་ཞིང་ཡང་དག་པར་དགའ་བར་བྱེད་ན། སྨྲ་བར་བྱེད་པ་ལ་ཡང་དག་པར་དགའ་བར་བྱེད་པ་ལྟ་ཅི་སྨོས།། གཞན་དག་ལ་ནཱམ་ཡང་འཁྲུག་པར་མི་བྱེད་ཀྱི། གཞན་དུ་ན་དེ་དག་ལ་སྙིང་བརྩེ་བའི ་ཕྱིར་སྤང་བབ་པར་འདོད་པར་ཟད་དེ། དབང་པོ་རྣམས་རབ་ཏུ་ཞི་བས་དེ་དོག་སྨ་འབེབས་པར་བྱེད་དོ།། གཞན་དག་ལ་འཕྱ་བར་ཡང་མི་བྱེད། བསྟིང་བར་ཡཱ་མོ་བྱེད་ལ་པོག་འཁུམས་པར་ཡང་མི་བྱེད་དོ།། བདེ་བ ་ལ་རེག་པར་མི་གནས་པའི་ཕྱིར་འགྱོད་པ་བསྐྱེད་པར་ཡང་མི་བྱེད་དོ།། ཆད་པས་བཅད་ཅིང་སྨ་ཕབ་ཟིན་པ་ལ་ཡང་ཆད་པའི་གནས་ཀྱིས་གླེང་བར་མི་བྱེད་དོ།། དགའ་བའི་ཤས་ཆུང་བ་ལ་ཡང་བདག་ཉིད་མཐོ་བར་མི ་སྟོན་ཏོ།། གཞན་དག་ལ་མི་བརྟེན་པར་ཡང་མོ་བྱེད། ཧ་ཅང་བརྟེན་པར་ཡང་མི་བྱེད། དུས་མ་ཡིན་པར་བརྟེན་པར་ཡང་མི་བྱེད། དེ་དག་གི་མདུན་དུ་མཛའ་བོ་ལ་སྨོས་པ་ཡང་མི་བྱེད། མི་མཛའ་བའི་བསྔགས་པ་ཡང ་མི་བརྟོད། མ་འདྲིས་པ་ལ་ཡིད་སྟོན་པར་ཡང་མི་བྱེད། རྒྱུན་ཏུ་སློང་བར་ཡང་མི་བྱེད།། ལེན་པ་ལ་ཆོད་ཤེས་པར་ཡང་བྱེད། ཟས་དང་སྒོམ་ལ་སོགས་པ་མགྲོན་དུ་བོས་ན་ཡང་སྤོང་བར་ཡང་མི་བྱེད་དོ།། ཡང་ན་ཆོས ་དང་འཐུན་པར་བཤད་ཀྱིས་སྦྱོང་བར་མི་བྱེད་དོ།། འདི་ནི་རྣམ་པ་ཐམས་ཅད་དུ་གཞན་གྱི་སེམས་དང་འཐུན་པར་བྱེད་པོའོ།། ཡང་དག་པའི་ཡོན་ཏན་གྱི་དབྱེ་བ་ཉེ་བར་བཟུང་ན་གཞན་དག་ཏུ་གསོལ་བར་སྟོན་པས ་ཡང་དག་པར་དགའ་བར་བྱེད། དེ་འདི་ལྟོར་ཡང་དག་པའི་ཡོན་ཏན་གྱི་གཞན་ཀུན་ཏུ་དགའ་བར་བྱེད་པ་ན། དོད་པ་དང་ཚུལ་ཁྲིམས་དང་གཏོང་བ་དང་། ཤེས་རབ་ལ་སོགས་པ་ཡོན་ཏན་གང་དང་གང་ལྡན་པ་རྣམས ་ལ་དེ་དང་འབྲེལ་བའི་གཏོམ་གྱིས་ཡང་དག་པར་དགའ་བར་བྱེད་དོ།། འདི་ནི་རྣམ་པ་ཐམས་ཅད་དུ་ཡང་དག་པར་དགའ་བར་བྱེད་པའོ།། གཞན་དག་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གན་སེ་ལ་དགོད ་པའི་ཕྱིར་འཛུམ་པ་དྲང་ཕུན་པའི་བསམས་པས་སྨྲ་དབབ་པ་དང་། ཆད་པས་གཅད་པ་འམ་བསྐྲད་པར་བྱ་བ་དག་གི་ཚར་གཅད་པའི་ལས་བྱེད་དོ།། དེ་ཡང་ཉེས་པ་ཆུང་ངུ་ལ་ནི་སྨ་དབབ་པ་ཆུང་ངུས་སྒྲ ་འབེབས་པར་བྱེད་དོ།། ཉེས་པ་འབྲིང་ལྔ་ནི་འབྲིང་གིས་སོ།། ཉེས་པ་ཆེན་པོ་ལ་ནི་ཆེན་པོས་སོ།། ཆད་པའི་ལས་ཀྱང་དེ་བཞིན་དུ་རིག་པ་རོ་བྱའོ།། བསྐྲད་པའི་ལུས་ལ་ཉེས་པོ་ཆུང་ངུ་དང་འབྲིང་དག་ལ་ནི་དུས་རོ་ཤིག་ཏུ་བསྐྲད་ནས ་སླར་དགུག་པོའི་ཚུལ་གྱིས་སྐྲོད་པར་བྱེད་དོ།། ཉེས་པ་ཆེན་པོ་ལ་ནི་དེ་དག་ལ་སྙིང་བརྩེ་བས། དེ་དགྲ་ལ་བསོད་ནམས་མ་ཡིན་པ་ཆོས་མང་པོ་ཡོངསུ་འཛིན་པར་མི་འགྱུར་བར་བྱ་བའི་ཕྱིར་དང་། གཞན་དག་ལ་ཡང་ཕན ་པར་འདོད་པས་རྗེས་སུ་བསྟན་པའི་ཕྱི་རེ་ཇི་སྲིད་འཚོའི་བར་དུ་ཡང་ཕྱིར་མི་དགུག་པའི་ཚུལ་གྱིས་སྐྲོད་པར་བྱེད་ཅིང་ལོངས་སྤྱོད་པར་མི་བྱེད་དོ།། འདི་དག་ནི་རྣཾ་པ་ཐམས་ཅད་དུ་ཚ་རོ་གཅོད་པའོ།། རྫུ་འཕྲུལ་གྱི་སྟོབས་ཀྱི ་གཞན་དག་སྐྲག་པར་བྱེད་འདོད་པ་ནོ། སེམས་ཅན་ཉེས་པར་སྤྱང་པོ་སྤྱོད་པ་འདོད་པ་རྣམས་ལ་ཉེས་པར་སྤྱོད་པའི་རྣམ་པ་རཱི་སྨིན་པའི་འབྲས་བུ་སེམས་ཅན་དམྱལ་བ་རྣམས་དང་། སེམས་ཅན་དམྱལ་བ་ཆེན་པོ་རྣམས ་དང་། གྲང་བའི་དམྱལ་པོ་དང་། ཉི་ཚེ་བའི་དམྱལ་བ་ལ་སོགས་པངན་མེ་གོས་པ་དེ་དག་བརྟེན་ཅིང་བསྙེན་ལ་སྟོན་པར་བྱེད་ཅིང་མིར་གྱུར་པ་དག་གིས་ཉེས་པར་སྤྱོད་པ་བྱས་ཤིང་བསགས་པ་མི་སྡུག་པའི་འབྲས་བུ་རྣམ་པར ་སྨིན་པ་མི་བཟད་ཅིང་མཆོག་ཏུ་ཚ་བ་སོ་སོར་ཉམས་སུ་མྱོང་བ་འདི་ལྟ་བུ་འདི་ལ་ཁྱོད་ལྟོས་ཤིག་ཅེས་བསྒོ་ནས། དེ་དག་གིས་ཀྱང་དེ་ལྟ་བུ་མཐོང་སྟེ། སྐྲག་ཅིང་སྐྱོ་བར་གྱུར་ནས་མི་དགེ་བ་ལས་བཟློག་ཅིང་། བསྟན་པ ་ལ་བཙུད་ནས་འདུན་པར་བྱེད། མགུ་བར་བྱེད། ཡང་དག་པར་དགའ་བར་བྱེད་དོ།། ཡང་ན་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་རྣམ་པ་སྣ་ཚོགས་པ་འདི་ལྟ་སྟེ། འགྲོ་བ་དུ་མིའི་ལུས་ཀྱི་དབང་བྱེད་པའི་བར་གྱི་འདུན་པར་བྱས ་མགུ་བར་བྱས། ཡང་དག་པར་དགའ་བར་བྱོས་ནས་མ་དད་པ་རྣམས་ནི་དང་པོ་ཕུན་སུམ་ཚེག་ས་པཱ་ལ་དགོད་པར་བྱེད། ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ། ཐོས་པ་ཉུང་བ་ནི་ཐོས་པོ ་ཕུནར་སུམ་ཚོགས་པཱ་ལཱ། སེར་སྣ་ཅན་ནི་གཏོང་བ་ཕུན་སུམཱ་ཚོགས་པ་ལ། ཤེས?་རབ་འཆལ་པ་ནི་ཤྲེས་རབ་ཕུན་སུམ་ཚོགས་པ་ལ་དགོད་པར་བྱེད་དོ།། འདི་ནི་རྣམ་པ་ཐམས་ཅད་དུ་སྐྲག་པར་བྱེད་པ་ལ་སོགས ་པའོ།། དེ་ལྟར་ན་འདི་ནི་རྣམ་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ།། འདི་ནི་ཚུལ་ཁྲིམས་ཐཾད་དོ།། དཀའ་བ་སྤྱོད་པའི་ཚུལ་ཁྲིམས་ལ་སོགས་པ་འདི་ཉིད་ཀྱི་རབ་ཏུ་དབྱེ ་བཔ་ཡིན་པར་རིག་པར་བྱའོ།། དེ་ལ་དཀའ་བ་སྤྱོད་པའི་ཚུལ་ཁྲིམསོ་གང་ཡིན་པ་དེ་ནི་ཚོགས་ཆེན་པོས་བྱ་བའོ།། དེ་ལ་ཡང་དག་པར་ལེན་པ་དང་། སྲུང་བ་དང་། འཁྲུལ་པ་མེད་པ་ལས་རྣམ་པ་གསུམ་དུ ་འགྱུར་ཏེ། གང་འདི་ལོངས་སྤྱོད་ཆེན་པོ་དང་། དབང་ཕྱུག་ཆེན་པོ་ལ་དབང་བྱེད་ཅིང་འདུག་པ་ལས་ལོངས་སྤྱོད་ཆེན་པོ་དེ་དང་དབང་ཕྱུག་ཆེན་པོ་ལ་དབང་བྱེད་པ་དེ་རྩ་བ་དང་འདྲ་བར་སྦྱངས ་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་དང་། གང་ཡང་ཚུལ་ཁྲིམས་ཐམས་ཅད་བླངས་ནས་ཉམས་ཐག་སྟེ། སྲོག་ལ་ཐུག་ཀྱང་ཚུལ་ཁྲིམས་དེ་ཉམས་པར་མི་བྱེད་ན་སློར་ཡང་མེད་པར་ལྟ་ག་ལ་བྱེད།། ་གུང་ཡང་ཇི་སྲིད་འཚོའི་བར་དུ་ཇི་ནས་ཉེས་པ་ཕྲ་རབ་ཀྱང་མི་འབྱུང་ཞིང་འཁྲུལ་པ་ཡང་མི་འབྱུང་ན་ལྕི་བ་ལྟ་བུ་འབྱུང་བར་གཾ་ལ་འགྱུར་ཞེས་བྱའོ།། ཐམས་ཅད་ཀྱི་སྒྲོའོ་ཚུལ་ཁྲི་མོས་ནི་ཁྱབ་པའི་ཕྱིར་ཐམས་ཅད་ཀྱི་སྒོའོ།། ་དེ་ནི་རྣམ་པ་བཞི་སྟེ། ཡང་དགེ་བར་བླང་བ་དང་། གོམ་པ་དང་རང་བཞིན་དང་། ཐབས་དང་ལྡན་པའོ།། དེ་ལ་ཡང་དག་པར་བླངས་པ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡང་དག་པརརོ་བླང་བའི་ཕྱིར་རོ།། གོམས་པ་ནི ་སྔོན་གྱི་ཚེ་རབས་གཞན་དག་ཏུ་ཡང་དག་པར་བླངས་པ་ལ་གོམས་པའི་དབང་གིས་ཅི་ནས་ཀྱང་སྡིག་པ་ལ་མངོན་པར་མི་དགའ་ཞིང་དགེ་བ་ཉིད་ལ་མངོན་པར་དགའ་བའོ།། རང་བཞིན་ནི་གང་ཞོག་རང་བཞིན་གྱིས་ཀུན ་སྐྲག་པས་གནས་པས་རྒྱུན་ཏུ་ཡང་རང་བཞིན་གྱིས་དགེ་བ་ཁོ་ན་ཡིན་པའི་ཕྱིར་ལུས་དང་ངག་གི་ལས་ཡོངས་སུ་དག་པར་འཇུག་པའོ།། ཐབས་དང་ལྡན་པ་ནི་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་སེམས་ཅན་རྣམ ་ལ་ལུས་དང་ངག་གི་ལས་དགེ་བ་ལ་འཇུག་པ་གང་ཡིན་པའོ།། སྐྱེས་བུ་དམ་པའི་ཚུལ་ཁྲིམས་ནི་དམ་པ་ཁོ་ནའི་སྤྱོད་པ་ཡིན་པའི་ཕྱིར་རོ།། དེ་ནི་རྣམ་པ་ལྔ་སྟེ། བདག་ཉིད་ཀྱང་ཚུལ་ཁྲིམས་དང་ལྡན་པ་དང་། གཞན་དགྲ ་ཀྱང་ཚུལ་ཁྲིམས་ཡང་དག་པར་ལེན་དུ་གཞུག་པ་དང་། ཚུལ་ཁྲིམས་ཀྱི་བསྔགས་པ་ཡང་བརྗོད་པ་དང་། ཆོས་འཐུན་པའི་གང་ཟག་མཐོང་ན་ཡིད་དགའ་བར་འགྱུར་བ་དང་། ཉེས་པ་བྱུང་ན་མྱུར་བ་ཉིད་དུ་ཆོས་བཞིན ་དུ་འཆིས་པའོ།། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི་དོན་ཆེན་པོ་ཡིན་པའི་ཕྱིར་རོ།། དེ་ནི་རྣམ་པ་བཅུ་གསུམ་སྟེ། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་ཕྱིར་བླ་ན་མེད་པ་དང་། བསླབ་པའི་གཞི་རྒྱུ་ཆེན་པོ ་ཡོངས་སུ་བཟུང་བའི་ཕྱིར་གསུལ་པ་དང་། འདོད་པའི་བསོད་ནམས་དང་བདག་དུབ་པར་བྱེད་པའི་མཐའ་གཉིས་སྤོངས་པོའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་དང་། རབ་ཏུ་དགའ་བའི་གནས་དང་འཐུན་པ་དང་། ཇི་སྲིད་འཚོའི ་བར་དུ་བསླབ་པ་འབུལ་བར་མི་བྱེད་པའི་ཕྱིར་རྟག་ཏུ་བྱེད་པ་དང་། རྙེད་པ་དང་བཀུར་སྟི་དང་ཕས་ཀྱིས་རྒོལ་བ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཟིལ་གྱིས་མི་ནོན་ཅིང་མི་འཕྱོགས་པའི་ཕྱིར་བསྟན ་བ་དང་། རེག་པའི་རང་བཞིན་གྱི་རྒྱན་དོང་ལྡན་པ་མི་ཡིན་པའི་ཕྱིར་དང་། གནས་སྐབས་ཐམས་ཅད་དུ་ཚུལ་ཁྲིམས་ཀྱིས་རྒྱན་གྱིས་བརྒྱན་པའི་ཕྱིར་ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པ་དང་སྲོག་གཅོད་པ་ལ་སོགས ་པ་སྱཱས་པའི་ཕྱིར་ལྡོག་པའི་ཚུལ་ཁྲིམས་དང་དགེ་བ་སྤྱད་པ་དང་། སེམས་ཅན་གྱི་དོན་བྱ་བ་ལ་སྦྱོར་བའི་ཕྱིར་འཇུག་པའི་ཚུལ་ཁྲིམས་དང་རྗེས་སུ་བསྲུང་བའི་ཕྱིར་ཀུནྡ་ནས་བསྲུང ་ཚུལ་ཁྲིམས་དང་། སྐྱེས་བུ་ཆེན་པོའི་མཆིན་རྣམ་པར་སྨིན?་བྱར་བྱེད་པ་དང་། ལྷག་པུའི་སེམས་རྣམ་པར་སྨིན་པརི་བྱེད་པ་དང་། སཱུགྷོ་པའི་འགྲོ་བ་རྣམ་པར་སྨིན་པར་བྱེད་པ་དང་། སེམ་སོ་ཅན་པོ་དོན་རྣམ་པར ་སྨིན་པར་བྱེད་པའོ།། ཕོངས་པ་འདོར་བའི་ཚུལ་ཁྲིམས་ནི་ཕོངས་པོ་སེལ་བའི་དོན་ཡིན་པའི་ཕྱིར་རོ།། འདི་ལ་བྱང་ཆུབ་སེམས་དཔྱིའི་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ལ་སུ་ཡང་སྲོག་འཕྲོགས་པ་དང་། ་མི་བྱིན་པོར་ལེན་པ་དང་། འདོད་པ་རྣམས་ལ་ལོག་པར་གཡེམ་པ་དང་། བརྫུན་པའི་ཚིག་སྤྲོ་བ་དང་། ཕྲ་མ་དོང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་སྨྲ་བ་དང་། ལག་པ་དང་བོང་བ་ལ་སོགས་པས་བསྟན་ཅིང ་རྣམ་པར་འཚེ་བའི་རེག་པ་མི་འདོད་པ་དག་ཀུན་ཏུ་སྤྱོད་པར་མ་གྱུར་ཅིག་སྙམ་དུ་འདོད་ལ། བདག་དེ་ལྟ་བུ་འདོད་བཞིན་དུ་གལ་ཏེ་གཞན་གྱིས་ལོག་པར་ཀུན་ཏུ་སྤྱོད་པར་གྱུར་ན། དེས་བདག་གིས་ཡིད་དུ་མ་འོང ་བར་འགྱུར་པ་ན། གཞན་ཡང་དེ་ལྟར་འདོད་བཞིན་དུ་བདག་གིས་ལོག་པར་ཀུན་ཏུ་སྤྱད་པར་གྱུར་ན་དེས་དེ་དག་ཡིད་དུ་མི་འོང་བར་འགྱུར་པའི་ཕྱིར།། གང་བདགོ་དང་གཞན་དག་གི་ཡང་ཡིད་དུ་མི་འོང་བར ་འགྱུར་བ་དེ་དག་གིས་གཞན་དག་ལྔ་ཅིའི་ཕྱིར་ཀུན་ཏུ་སྤྱོད་པར་བྱ་སྙམ་པ་དེ་ལྟར་སོ་སློར་བརྟགས་ནས་སྲོག་གི་ཕྱིར་ཡང་གཞན་དག་ལྔ་ཡིད་དུ་མི་འོང་བ་རྣམ་པ་བརྒྱད་པོ་ཀུན་ཏུ་སྤྱོད་པར་མི་བྱེད་པའོ།། ཚེ་འདི ་དང་ཕ་རོལ་ཏུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་ནི་བདོག་དང་གཞན་དགྲ་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་བོདྲི་བའི་རྒྱུར་འགྱུར་བའི་ཕྱིར་རོ།། དེ་ཡང་རྣམ་པ་དགུ་སྟེ། གང་འདི་སེམས་ཙོན་དགག་པར་བྱ་བ ་རྣམས་ནི་འགོག་པར་བྱེད། གནང་བར་བྱ་བ་རྣམས་ནི་གནང་བར་བྱེད།། སེམོས་ཅན་བསྔོ་བ་རྣམས་ནི་སྡུད་པོར་བྱེད། ཚོར་བཅད་པར་བྱ་བ་རྣམས་ནི་ཚར་གཅོད་པར་བྱེད་ཅིང་ལུས་དང་དག་གི་ལས་ཡོངསུ ་དག་པར་འགྱུར་ཏེ། གོང་ཡང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དྲང་། བསམ་གཱི་ཏན་དང་། ཤེས་རབ་དང་ལྡནྡོ་པ་འདི་དག་ནི་བདག་ཉིད་དང་། གཞན་དག་ལ་ཚེ་འདྲི་དང་ཕྱི་མྱ་ལ་བདེ ་བར་འགྱུར་བའོ།། རྣམ་པར་དག་པའི་ཚུལ་ཁྲིམས་ནི་ཐམས་ཅད་བཀྲུས་པས་རྣམ་པར་དག་པའི་ཕྱིར་རོ།། དེ་ནི་རྣམ་བྲ་བཅུ་སྟེ། དགེ་སྦྱོང་གི་ཚུལ་དང་། རྫོགས་པའི་བྱང་ཆུབ་འདོང་བའི་ཕྱིར་ཡིན་གྱི་འཚོ་བ་འདོད ་པའི་ཕྱིར་མ་ཡིན་གྱིས་དང་པོ་ཉིད་ནས་ལེགས་པར་བླངས་པ་དང་འགལ་བར་བྱས་པ་ཆུང་ངུ་ལ་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཞུམ་པ་རོ་མ་ཡིན་པ་དང་། གནས་མ་ཡིན་པར་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཡང་ཐལ ་བ་མ་ཡིན་པ་དང་། གཉིད་ཀྱི་བདེ་བ་དང་། ཐོས་འབེབས་པའི་བདེ་བ་དང་། ཉལ་བྱའི་བདེ་བ་ཉམས་སུ་མི་ལེན་པ་དང་། ཉིན་མཚན་དུ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་ཕྱིར། ་ལེ་ལོ་དང་མི་ལྡན་པ་དང་། སྔར་བསྟན་པའི་ཡན་ལག་ལྔའི་བག་ཡོད་པ་ལ་བརྟེན་པའི་ཕྱིར་བག་ཡོད་པསྡུ་ཡོངས་སུ་ཟིན་པ་དང་། རྙེད་པ་དང་བཀུར་སྟི་ལ་ཞེན་པ་མེད་པ་དང་། ལྷ་ཉིད་དུ་སྟོན་པས་ཚངས་པར་སྤྱོད་པ ་ལ་གནས་པར་ཁས་བླངས་པ་མ་ཡིན་པའི་ཕྱིར་སྨོན་ལམ་ལེགས་པར་བཏབ་པ་དང་། སྤྱོད་ལམ་དང་འཕྲུལ་གྱི་བྱ་བ་དང་། དགེ་པའི་ཕྱོགས་ལ་སྦྱོར་བ་རྣམས་ལ་ལུས་དང་ངག་གི་སྤྱོད་པ་ཤིན་ཏུ་ཕུན་སུམ་ཚེགས ་ཤིང་འཚམས་པའི་ཕྱིར་ཆོ་ག་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ་དང་། ཚུལ་འཆོས་པ་ལ་སོགས་པ་ལོག་པས་འཚོ་བར་བྱེད་པའི་ཉེས་པོ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་འཚེ་བ་ཕུན་སུམ་ཚོགས ་པས་ཡོངས་སུ་ཟིན་པ་དང་། འདོད་པའི་བསོད་སྙོམས་དང་། བདག་ཉིད་དུབ་པར་བྱེད་པའི་སྦྱོར་བ་རྣམ་པར་སྤངས་པའི་ཕྱིར་མཐའ་གཉིས་རྣམ་པར་སྤངས་པ་དང་། མུ་སྟེགསོ་ཐམས་ཅད་ཀྱི་ལྟ་བ་རྣམ་པར ་སྤངས་པའི་ཕྱིར་ངེས་པར་འབྱིན་པ་དང་། ཉམས་པར་མི་བྱེད་ཅིང་མེད་པར་མི་བྱེད་པའི་ཕྱིར་ཡང་དག་པར་བླངས་པས་མ་ཉམས་པའོ།། དེ་ལྟར་ན་རྣམ་པ་དགུ་པོ་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི ་ཕུང་པོ་ཆེ་ནོ་སྟེ། བྱང་ཆུབ་ཆེན་པོའི་འབྲས་བུ་སྐྱེད་པའོ།། འདི་ལ་བརྟེན་ནུས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ཇི་སྲིད་དུ་མངོན་པར་རྫོགས་པར་འཚང་མི་རྒྱུ་བ་དེ་སྲིད་དུ་འདི་བྱང་ཆུབ་སེམོས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེཔག་ཏུ་མེད་པ་འདི་ལ་སློབ་བཞིན་པ་ནི། ཕན་ཡོན ་རྣམ་པ་ལྔ་འཐོབ་པར་འགྱུར་ཏེ། སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར་པ་དང་། མཆོག་ཏུ་དགའ་བ་ཆེན་པོ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་པ་དང་། ལུས་ཞིག་ནས་ཀྱང་གང་ན་དེ་དང ་ཚུལ་ཁྲིམས་མཚུངས་པ་འམ། ལྷག་པའི་བྱང་ཆུབ་སེམས་དཔའ་སྐལ་པ་འདྲ་ཞིང་ཆོས་འཐུན་པའི་དགེ་བའི་བཤེས་གཉེན་དུ་འགྱུར་བ་དེར་སྐྱེ་བར་འགྱུར་པ་དང་། ཚེ་འདི་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཡོངས་སུ་རྫོགས་པར་བྱེད་པའི་བསོད་ན་མོས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བ་དང་། ཚེ་ཕྱི་མྱ་ལ་ཡང་རང་འཁྲུངས་ཀྱི་ཚུལ་ཁྲིམས་ཉིད་དེ། ཚུལ་ཁྲིམས་དེའི་བདག་ཉིད་འཐོབ་པར་འགྱུར་པོ་ཞེས ་བྱ་བའོ།། དེ་ལྟར་ན་འོད་ནི་དེའི་མོད་ལ་ངན་སོང་དུ་འགྲོ་བ་རྣམ་པར་བཅད་ཅིང་སྐྱེ་བ་འགྱུར་བ་མ་ཡིན་ནོ།། གཞན་དུ་ན་ཇི་ལྟར་འདི་འདྲ་བའི་ཕན་ཡོན་ཇི་ལྟར་འཐུང་བར་འགྱུར། སེམས་བསྐྱེད་པའི་ཡིན་སྙམ་ན།། ་འདི་ནི་ངན་སོང་རྣམ་པར་བཅད་པར་འདོད་པ་མ་ཡིན་ནོ།། དེ་ལྟ་ན་ཡང་འདི་ངན་སོང་རྣམས་སུ་སྐྱེ་བར་ནི་མི་འགྱུར་ཏེ། གང་གི་ཕྱིར་ཡང་ངན་སོང་རྣམས་རྣམ་པར་བཅད་ཀྱང་འདི་དེར་སྐྱེ་བར ་མི་འདོད་དོ།། དེ་ཉིད་ཀྱི་ཕྱིར་འདི་ལྟ་བུའི་སེམས་སྐྱེད་པའི་ཕན་ཡོན་ཡིན་པར་རིགས་སོ།། གཞན་དུ་ན་སྡིག་པ་དང་མི་ལྡན་པ་ཉིད་དེར་མི་སྐྱེ་ན་ནི་གང་ཞིག་ཕན་ཡོན་དུ་འགྱུར། གང་གིས་དེའི་མདོ་ལ་ངན་སོང་རྣམ་པར ་བཅད་པར་འདོད་པ་ཡོད་འདི་ཐམས་ཅད་དུ་ངནི་སོང་དུ་སྐྱེ་བར་མི་འདོད་པ་ཉིད་ཀྱང་མ་ཡིན་ཏེ། རིང་བ་ཞིག་ན་བརྒྱ་ལམ་ན་སྐྱེ་བར་འགྱུར་ན་ཡང་མྱུར་བ་ཉིད་དུ་དེ་ལས་ཐར་པར་འགྱུར་ཞིང་གནས་པ་ན་ཡང་དམན་པ་དག ་ལྟ་བུར་མི་བཟད་པའི་ཚོར་བ་མྱོང་བར་མི་འགྱུར་ལ། ཤིན་ཏུ་སྐྱོ་བར་འགྱུར་བས་སྔ་རོལ་ཏུ་དེར་སྐྱེས་པའི་སེམས་ཅན་རྣམས་ནུས་པ་ཇི་ལྟ་བས་དགེ་བའི་ཆོས་རྣམས་ལ་ཡོངས་སུ་སྨིན་པར་བྱེད་དོ།། དེ་སྐད་དུ་ཡང་། རིང ་མོ་ཞོག་ནྱ་ངན་སོང་དུ་འགྲོ་ཞིང་མྱུར་དུ་ཐར་པ་དང་། དེར་ཡིང་སྡུག་བསྔལ་ཆུང་ངུ་མྱོང་།། སྨྱོ་བཱཅས་སེམས་ཅན་སྨིན་པར་བྱེད་ཅེས་གསུངས་པ་ལྟ་བུའོ།། གཞན་ཡང་འདི་ལྟ་བུ་ངན་སིང་དུ་སྐྱོ་བར་སྨྲ་བ་རིགས་པ་མ་ཡིན ་ཏེ། གནོད་པར་བྱེད་པ་དང་། གཞན་གྱི་དབང་ལ་སོགས་པ་མི་སྲིད་པས་མི་ཁོམ་པའི་མཚན་ཉིད་དང་འབྲེལ་པ་མེད་པའི་ཕྱིར་རོ།། དེ་དེར་སྐྱེས་ཀྱང་ཉམས་སུ་མྱོང་བར་མི་འགྱུར་ཏེ། བདག་དང་གཞན་གྱི་དོན་གྲུབ་པའི ་ཚོགས་བསགས་པར་འགྱུར་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་ནི་བསམ་བཞིན་དུ་དེར་སྐྱེ་བར་འགྱུར་གྱི། བདེ་འགྲོར་ཡང་བདག་ཉིད་འདི་ལྟ་བུའི་སྲོག་འཕྲོགས་པར་བྱེད་པར་འདོད་དེ། དེ་ལྟ་བུ་དམྱལ་བ་རྣམསུ ་ཡང་ཉེ་བར་དམིགས་པར་མི་འགྱུར་རོ།། གཞན་གྱི་དོན་དུ་མི་འགྱུར་བ་འབྱོར་པ་ཕུན་སུམ་ཚོགས་པ་འམ། བདག་གི་དངོས་པོའི་ཕུན་སུམ་ཚིགས་པ་འམ། རྣམ་པའི་ཐར་པ་འདོད་པ་ནི་མ་ཡིན་ནོ།། དེ་སྐད་དུ་སེམ ་ཅན་ཆེད་དུ་དམྱལ་བའི་སྲིད་པར་གནས་པ་ཡིས།། སྡུག་བསྔལ་མི་བཟོད་ཅིང་ཅིས་ཀྱང་རྒྱལ་སྲས་གནོད་པད་མིན།། ཇི་སྲིད་ཡོན་ཏན་སྐྱོན་གྱིས་ཐག་སྨན་ཞུགས་པ་ཡི།། རྣམ་རྟོག་དགེ་བ་སྣ་ཚོགས་བློ་ལྡན ་གནོད་བྱེད་ཡིན།། བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་ཏུ།། བྱང་ཆུབ་དྲི་མེད་སྤངས་པའི་བཱ་རུ་དུ་གཙད་བྱེད་ཡིན།། ཐེག་པ་གཞན་ལྔ་རབ་བརྩོན་རྣམ་རྟོག་བདག་ཕན་པ།། རབ་ཏུ་བདེ་བར་གནས་ཀྱང་པར ་དུ་གཅོད་པར་བྱེད་ཅེས་གསུངས་པོ་ལྟ་བུའོ།། ཚུལ་ཁྲིམས་རྣམ་པ་དགུ་པོ་དེ་དག་ཐམས་ཅད་ནི་སྡེ་བཱི་ཚུལ་ཁྲིམོ་དང་། དགེ་བ་ཆོས་སྡུད་པཱ་ཎཱི་མྲ་སིན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་རྣམ་པ་གསུམ་གྱིས་བསྡུ ་པར་རིག་པར་བྱའོ།། ཡང་ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ཉིད་ཡང་དག་པར་བླངས་པས་བྱང་ཆུབ་སེམས་དཔའི་བྱ་བ་རྣམ་པོ་གསུམ་བྱེད་དེ། སྡོམ་པའི་ཚུལ་ཁྲིམས་ནི་སེམས་གནས་པར་བྱེད་དོ།། ་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་བདག་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ།། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ།། བྱང ་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ནི་འདི་དག་ཏུ་ཟད་དེ། འདི་ལྟ་སྟེ་ཚེ་འདི་ལ་བདེ་བར་གནས་པའི་ཕྱིར་སེམས་གནས་པ་དང་། ལུས་དང་སེམས་དུབོ་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨོན་པར་བྱ་བ་དང་། སེཾན ་ཡོངས་སུ་སྨིན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་དེ་དག་ཏུ་ཟད་དོ།། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དེ་དག་ཏུ་ཟད་དོ།། བྱང་ཆུབ་སེམས་དཔའི་ཚུ་ལོ་ཁྲིམས་ཀྱི་བྱ ་བ་ཡང་དེ་དག་ཏུ་ཟད་དེ། དེ་ལ་ནི་འདས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེན་པོ་འདོད་པོ་རྣམས་ཀྱིས་ཀྱང་བསླབས།། མ་འོངས་པ་རྣམས་ཀྱང་སློབ་པར་འགྱུར་རོ།། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མོཐ ་ཡས་མུ་མེད་པ་དགུ་ན་གནས་པ་དག་ཀྱང་སློབ་བོ།། དེ་ལྟར་ན་འདི་ནི་བྱོང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་སོ།། ཚུལ་ཁྲིམས་འདི་ལ་གཞན་ལས་ཁྱད་པར་དུ་གྱུར་པོ་ཅོ་ཞིག་ཡོད་གང་གིས་ནི་འདི་མནོད ་པར་བྱ་ཞེ་ན། བསོད་ནམས་ཀུན་གྱི་གཏེར་གྱུར་གང་ཞེས་བྱ་བ་སྨོས་ཏེ། འདིར་བསོད་ནམས་ཀྱི་སྒྲས་ནི་འདི་ལས་གཞན་པའི་ཚུལ་ཁྲིམས་ཀྱི་སྡོམ་པོ་རྣམས་ཡང་དག་པར་བླང་བར་མངོན་པར་སྟོན་ཏོ།། གཏར ་གྱུར་ཅེས་བྱ་བ་ནི་མཆོག་སྟེ། ཇི་ལྟར་ཐམས་ཅད་ལས་ཤིན་ཏུ་ཁྱད་པར་དུ་གྱུར་པའི་ནོར་ཅུང་ཟད་ཉིད་དགོས་པའི་རྣམ་པ་ཐམས་ཅད་ལ་ཡང་ཟད་པ་མེད་པ་དང་། དོན་ཆེ་བ་ཡིན་པའི་ཕྱིར་གཏེར་ཞེས་སྨྲའོ།། དེ ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདི་ནི་རྟོག་པ་དམ་པའི་བསམ་པས་ཀུན་ནས་བླང་བ་དང་། བདག་དང་གཞན་ལ་ཕྲན་པ་ལ་ནནོ་ཏན་དུ་བྱ་བའི་ཐབས་སུ ་གྱུར་པ་དང་། རྣམ་པ་ཐམས་ཅད་དུ་ཉེས་པ་ཐམས་ཅད་ཀྱིས་གཉེན་པོར་གྱུར་པའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་གཞན་ཐམས་ཅད་ཡང་དག་པར་བླངས་པ་ལས་ཤིན་ཏུ་ཁྱད་པར་དུ་གྷུ་རོ་པ་ཉིད་ཀྱིས་གཏི ་དང་འདྲ་བས་ན་གཏེར་དུ་གྱུར་པའོ།། དེའི་ཕྱིར་ཐམས་ཅད་ཁས་བླངས་པ་ནཱི་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མི་ཟད་པ་དང་། སངས་རྒྱས་ཉིད་ཐོབ་པའི་ཡོན་ཏནཱ་ལ་སྦྱོར་བས་དོན་ཆེ་བ་དང་། སེམས་ཅན ་གྱི་ཁམས་མ་ལུས་པའི་དགོངས་པ་ལ་འཇོག་པས་དྲོན་ཆེ་བའི་ཕྱིར་རོ།། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདྲི་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར ་བླངས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བླ་ནི་མེད་པ་དང་ཞེས་བྱ་བ་ནས། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ནི་འདིའི་བརྒྱའི་ཆེར་ཡང་ཉེ་བར་མི་འགྲོའོ་ཞེས ་བྱ་བ་ལ་སོགས་པའི་བར་དུ་རྒྱས་པར་བསྟན་ཏོ།། དེ་ཇི་ལྟར་ན་མངོན་པར་བྱ་ཞེ་ན། དེ་ནི་བསམ་པ་དམ་པ་ཡིས་ཞེས་བྱ་བ་སྨོས་ཏེ། བསམ་པ་དམ་པ་ནི་འགྲོ་བ་ཐམས་ཅད ་ཡོངས་སུ་བསྐྱབ་པའི་བསམ་པ་སྟེ། སྙིང་རྗེར་རོ་གཅིག་པའི་དང་བ་ཆེན་པོ་དང་ལྡན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་རེག་པོར་འདོད་པའི་བྱསམ་པས་ཞེས་བྱ་བའི་དོན་ཏོ།། དེ་སུ་ཞིག ་ལས་བླང་བར་བྱ་ཞེ་ན། བླ་མ་སྡོམ་ལ་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་དང་ལྡན་པ་ཆོས་འཐུན་པ་ལས་ཏེ། སྡོམ་པ་དེ་བཏང་པོ་འམ། ཚུལ་ཁྲིམས ་འཆལ་པ་འམ། དབང་དུ་གྱུར་པ་མ་ཡིན་པའི་ཕྱིར། འཐུན་པ་མ་ཡིན་པ་གཞོན་ལས་ནི་མ་ཡིན་ནོ།། སྡོམ་པ་ལ་གནས་ཀྱང་ཐམས་ཅད་ལྔས་མ་ཡིན་པས་མཁས་ཞེས་བྱ་བུ་སྨོས་ཏེ། གང་ཞིག་བྱང་ཆུབ ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཡང་དག་པར་བླང་བའི་ཆོ་ག་ལ་མཁས་པ་ཉིད་ལས་འདི་གནོད་པར་བྱ་ཞེས་བྱ་བའོ།། དེ་ཉིད་ཀྱི་ཕྱིར་མཁས་པ་མ་ཡིན་པ་ལས་ནི་ཚེ་ག་ཉམས་པས་སྡོམ་པ་ཐོབ ་པར་མི་འགྱུར་རོ།། དེ་ལྟར་ན་ཡང་ཐམས་ཅད་ལས་མ་ཡིན་པས་ནུས་དང་ལྡན་ལ་ཞེས་བྱ་བ་སྨོས་ཏེ། ནུས་པ་ནི་སྟོབས་ཏེ། འབོགས་པར་འོས་ཤིང་འཚམས་པ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱིས་ནི་ཡོན་ཏན ་དང་ལྡན་པ་མ་ཡིན་པ་དང་། བྱུང་བར་འས་པ་མ་ཡིན་པ་དང་། བླང་བར་འོས་པ་མ་ཡིན་པའི་ཕྱིར། གཞན་ལས་ནི་མ་ཡིན་ནོ།། དེ་ལ་བསམ་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་འོས་པ་མ་ཡིན་པར་རིག་པར ་བྱའོ།། དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ནི་དད་པ་ཉིད་དང་། བསམ་པ་ཐག་པས་བྱེད་པ་ཉིད་དང་། མི་ཆགས་པ་དང་། སྙིང་རྗེ་དང་ལྡན་པ་ཉིད་དེ། གང་གིས་རེ་ཞིག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང ་དག་པར་ནོད་པར་ལྷག་པར་མོས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལ་སོགས་པ་ལ་སྐུར་པ་མི་འདེབས་ཤིང་དད་པ་དང་ལྡན་པ་དང་། བསླབ་པ་རྣམས་ལ་གུས་ཤིང་འཇུག་ལ་རྟོག་པ་དང་། རང་བཞིན་གྱིས ་འདོད་པ་ཆུང་བ་དང་། ཆོ་ག་ཤེས་པོ་དང་། ཟང་ཟིང་ལྷུར་ལོན་པ་མ་ཡིན་པ་དང་། སྙིང་རྗེ་དང་ལྡན་པར་གྱུར་པ་དང་། སྐྱོ་བ་མེད་པ་དང་། ཕ་རོལ་གྱི་ཉེས་པ་བཟོད་པ་དང་། ཁྲོ་བ་མེད་པ་དང་། ཁོན་དུ་འཛིན་པ ་མེད་པ་ཞེས་བྱའོ།། སྦྱོར་བ་ཕུན་སུམ་ཚོགས་པ་ནི་དགེ་བའི་ཆོས་རྣམས་ཀྱི་ཕྱིར་རབ་ཏུ་སྤེལ་བ་དང་། གུས་ཤིང་རབ་ཏུ་འཇུག་པ་དང་། ཅི་ནས་ཀྱང་འདི་ལ་བསླབ་པའི་གཞི་གང་ཡང་རུང་བ་རྣམས་རྟོག་པར་བྱ་བ ་ལ་ཡང་རྨོངས་པར་མོ་མི་འགྱུར་བ་དང་། སྤྲོ་བ་དང་བཅས་པ་ཡིན་གྱི་སྙོམ་ལོས་མི་བྱེད་པ་དང་། འདོད་པའི་བདེ་བ་དང་། འདུ་འཛི་ལ་མངོན་པར་མི་དགའ་བ་དང་། སེམས་རྣམ་པར་མ་ཡངས་པའོ།། ནུས་པ་དང ་ལྡན་པཱ་ཡིན་ཡང་ཐམས་ཅད་ལས་ནོད་པ་མ་ཡིན་པས་བླ་མ་ཞེས་བྱ་བར་སྨོས་ཏེ། བླ་མར་བྱ་བའི་གནས་སུ་གྱུར་པ་ཉིད་ལས་མནོད་པར་བྱའི་གཞན་ལས་ནཱི་མ་ཡིན་ཏེ། མཉམ་པ་ཉིད ་ཀྱི་བླ་མྱུར་མི་འཛིན་པས་འདི་དེའི་རྗེས་སུ་སློབ་པའི་ངང་ཚུལ་ཅན་དུ་མི་འགྱུར་ཏེ། དེས་བྱས་པོ་རྣམས་ལུ་གུས་པ་ཆེན་པོས་མི་བྱེད་པའི་ཕྱིར་རོ།། དེ་ལ་སྡོམ་ལ་གནསོ་ཞེས་བྱ་བ་འདིས་ནི་འདིའི་ཚུལ་ཁྲིམས་ཕུན ་སུམ་ཚོགས་པ་བསྟན་ཏེ། མཁས?་ཞེས་བྱ་བས་ནི་མཁས་ཤིང་བྱིང་བའོ།། ནུས་དང་ལྡནོ་ཞེས་བྱ་བས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། གསུམ་པོ་དེ་དག་གི་ཁྱད་པར་རྟོགས་པར་བྱེད་པ་ཉིད་དོ།། བླ་མ་ཞེས ་བྱ་བ་ནི་རྟེན་འཛིན་པ་ཉིད་དོ།། འདི་གཉིས་ལ་རྗེས་སུ་བསླབས་པ་ཉིད་གང་ཡིན་པ་དེའི་རྗེས་སུ་སློབ་པོ་ནི་དགེ་བའི་ཆོས་རྣམས་ཀུན་ཏུ་འཕེལ་བར་འགྱུར་རོ་ཞེས་བྱ་བ་ནི་འདིར་འདིའི་བསྡུས་པའི་དོན་ནོ།། དེ་ལ་བྱང་ཆུབ ་སེམས་དཔའ་ཁྱིམ་པ་འམ། རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་འདོད་ཅིང་། ཇི་སྐད་བསྟན་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་ལ་སློབ་པར་འདོད་པས ་ཐོག་མར་རེ་ཞིག་འདི་ལྟ་བུའི་གང་ཟག་དམ་པ་ངེས་བརྟགས་ཏེ། རྐང་པ་གཉིས་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། བདག་རིགས་ཀྱི་བུ་ཁྱོད་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས ་ཀྱི་སྡོམ་པ་ཡང་དྲུག་པརརྱ་བླུང་བ་མནོད་པར་འཚལ་ལོ།། སྐྱེས་ལན་གསུམ་བརྗོད་པར་བྱའོ།། དེ་ལྟར་གསོལ་བ་བཏབ་ནས་འདི་སྤྱོད་དུ་འགྱུར་བ་བརྟག་པའི་ཕྱིར་འདི་ལ་བྱང་ཆུབ་སེམས་དཔའི་བསྒྲུབ་པའི་གཞི་ཀུན་དུ ་གཞུག་པར་བྱ་ཞིང་ཁྱོད་འདྲི་ལ་བསླབ་པར་སྤྲོ་འམ་ཞེས་བརྗོད་པར་བྱའོ།། དེ་སྐད་ཅེས་སྒྱུ་བུ་ནཱ་གལ་ཏེ་རབ་ཏུ་སྤྲེའོ་ཞེས་བྱ་བའི་ཚི་གླེ་སྐྱེ་ཞིང་གདོང་དང་མིག་འགྱུར་བས་ཉིན་ཞག་དག་འདའ་བར་བྱེད་ན། དེ་ལྟར ་ན་གང་གིས་འདི་དོན་དུ་གཉེར་བྱ་ཡིན་གྱི། ཕ་རོལ་གྱི་ཡང་དག་པོརོ་འཛིན་དུ་བཅུག་པའི་ཕྱིར་ཡང་མ་ཡིན་ཕ་རོལ་དང་འགྲན་པའི་ཕྱིར་ཡང་མ་ཡིན་ན། ལྷག་པར་གནས་པར་བྱའོ།། དེ་ནས་ཆོ་ག་འོད་ནུས་པ་ཅི་ཡོད ་པས་མཆོད་པ་བྱས་ལ། བླ་གོས་ཕྲོག་པ་གཅིག་ལ་གཟར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་ཞུགས་པ་རྣམས་ལ་ལྷག་པའི་བསམ་པས་ཕྱག་བཙལ་བ་བྱས་ནས་དེ་དག ་གིས་ཡོན་ཏན་རྣམས་མངོན་སུམ་དུ་བྱས་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱང་ལེགས་པར་མཆོད་པར་བྱས་ནས། དེས་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བདག་ལ་སྦྲུལ་དུ ་གསོལ་ཞེས་བྱ་བས་བསླང་བར་བྱའོ།། དེའི་འོག་ཏུ་འདིས་ཁྱོད་བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། ཁོ་བོ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ནོད་པར་འདོད་དམ་ཞེས་བྱ་བས་ཁས་ལེན ་པ་གསུམ་དུ་བྱེད་དུ་བཅུག་ནས། སྡིག་པ་བཤགས་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་བ་ཡོངསུ་བསྔོ་བ་རྣམས་སྔོན་དུ་འགྲོ ་བས། འགྲོ་བས་ཐམས་ཅད་ཡོངསུ་བཟུང་ཞིང་ཡོངསུ་བསྐྱབ་པའི་ཕྱིར།། ཚོགས་བསགས་པ་དང་། ཐེག་པ་ཆེན་པོ་དང་འཐུན་པར་རྗེས་སུ་འཇུག་པ་དག་བྱེད་དུ་བཅུག་ནས། དེ་བཞིན་གཤེགས་པའི་སྐུ་གཟུགས ་དེ་ཉིད་ཀྱི་སྤྱན་སྔར་སངས་རྒྱས་དང་བྱང་ཆུབ་སེམས་དཔོའ་རྣམས་ལ་ཕྱག་བྱས་ནས་འདིས་བདག་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྔོ་པ་ཡོང་དག་པར་བླངས་པ་བགྱིས་ལགས་སོ་ཞེས་མཁྱེན་པར ་གསོལ་བར་བྱའོ།། ཕྱག་འཚལ་ཡང་དག་གསོལ་གད་བ་དང་།། སྨོན་ལམ་དོག་དང་བླངས་པ་ནི།། བདག་གིར་བྱེ་དང་སྡིག་བཤགས་པ།། བྱས་ནས་གསུམ་ལ་སྐྱབས་འགྲོ་དང་།། བྱང་ཆུབ་སེམས་ནི་ཡང་དག ་བསྐྱེད།། དགེ་བ་དེའི་ཡོངས་སྔོ་དང་།། སངས་རྒྱས་སྨྲས་ས་བཅས་རྣམས་ལ།། གུས་པས་མཁྱེན་པར་གསོལ་བའོ།། ཞེས་བྱ་བ་ནི་བསྡུ་བའི་ཚོགས་སུ་བཅད་པའོ།། ཡང་དགུ་པར་བླངས་པ་དེ་ཡང་མ་དད་པ་སྔང ་བ་རྣམས་ལ་གྱ་ཚོམ་དུ་སྐྲག་པར་མི་བྱ་སྟེ། གང་གི་ཕྱིར་མི་ཤིས་པའི་སྒྲིབ་པ་ཆེན་པོ་ཐམས་ཅད་དམ། ཕྱོགས་གཅིག་གིས་བསྒྲིབས་པས་མི་མོས་པར་འགྱུར་རོ།། ཕྱི་རོལ་ལས་ཡང་དག་པར་བླང་བར་བསྟེན ་པ་བཞིན་དུ་བདག་ཉིད་ཀྱིས་ཡང་དག་པར་བླང་པར་ཡང་གསུངས་ཏེ། གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མོད་པར་གྱུར་ན་དེའི་ཆུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར། ་རང་ཉིད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པར་བྱ་བ་ཡིན་གྱི། སྡོམ་པ་གཞན་ཞིག་ཏུ་ཕ་རོལ་ཁོ་ན་ལས་ཡང་དག་པར་བླངས་བྱ་ནི་མ་ཡིན་ནོ།། དེ་ལྟར་སོ་སོ་ཐར་པ ་སྡོམ་པ་གཞན་དང་གཞན་དག་ལ་གནས་པ་ལས་ལྷག་པར་འདོད་ཅིང་། དང་དུ་ལེན་པ་ལ་འཇུག་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་ལ་མཁས་པས་རང་ཉིད་ཀྱི་བྱང་ཆུབ ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བྱའོ།། དེ་ལས་གཞན་པ་ཉམས་པར་འགྱུར་བ་ལས་སླར་གསོ་བར་བྱེད་པ་དང་། མགུས་པས་སྡོམ་པ་ལེན་པ་དག་ནི་སྣོད་མ་ཡིན་པའི་ཕྱིར་དེ་ལྟ་མ་ཡིན་ཏེ།། ་སྟསྔར་ཇི་སྐད་པཤད་པ་བཞིན་དུའོ།། ཚུལ་ཁྲིམས་འདི་དང་ལྡན་འགྱུར་དང་།། རྣམ་དག་རྣམ་པར་དབེན་གནས་པ།། དེ་ནི་བླ་མོ་མེད་གྱུར་ན།། རང་ཉིད་ཀྱིས་ཀྱང་བླ་མ་ཡིན་ཞེས་བྱ་བ་ནི་བསྡུ་བའི་ཚོགསུ་བཅད་པའོ།། ་སྡོམ་པ་ཡང་དག་པར་བླང་བའོ་ལས་ཡོངསུ་རྫོགས་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དག་པའི་ཐུགས་ཀྱིས་བསོད་ནམས་མངོན་པར་སྤེལ་བའི་ཕྱིར་རྟག་པར་འདི་ལ་དགོངས་པར ་མཛད་དོ།། གང་ཡང་འདིའི་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་ཡིན་ཏེ། ཉམས་པར་མི་འགྱུར་བ་མཐོང་ནས་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྟེང་ཡང་དག་པར་བླང་བ ་པ་རྫོགས་པའི་དུས་སུ་དུས་དེ་ལས་བརྩམས་ཏེ། དགེ་བའི་ཐུགས་ཀྱིས་དགེ་བར་འགྱུར་བ་ཁོ་ནའི་ཕྱིར་འདི་ལ་དགོངས་པར་མཛོད་ཅེས་བྱ་བར་སྦྱོར་རོ།། རྟག་པར་ཞེས་བྱ་བ་ནི་ནུས་པ་དང་ལྡན་ཞིང་དགྲ་པ་མཚུངས་པ ་རྣམས་ཀྱིས་བྱང་ཆུབ་ལ་ཐུག་གི་བར་དུ་རྒྱུན་མི་འཆད་པར་ཞེས་བྱ་བའི་དོན་ཏོ།། དུས་དེའི་ཚེ་བདོག་དང་གཞན་ལ་ཕན་པ་དང་གུསོ་པ་དང་ལྡན་པའི་ཕྱིར་དེ་ལྟ་བུའི་བྱ་བ་དོན་དང་དུ་བདྲག་ཅག་གི་བྱ་བ་འབྲས་བུ ་དང་བཅས་པའོ།། ཞེས་རབ་ཏུ་དགའ་བའི་སེམས་རྣམས་ཀྱིས་འདི་ཉིད་ལ་དགེ་བའི་ཕྱིར་ཏེ་དགེ་བའི་ཕྱིར་ཏེ་དགེ་བའི་ཆོས་རྣམས་མངོན་པར་འཕེལ་པོའི་ཕྱིར་དགོངས་པོར་མཛད་པ་སྟེ། དེ་ནི་རྗེསྣ་གཟུང་པར་བྱ་བ ་ཡིན་པའི་ཕྱིར་སླར་ཡང་དེ་ལྟ་བུའི་ཉམས་ཐག་པར་ལྷུང་བར་མ་གྱུར་ཅིག་ཅེས་པས་བུ་སྡུག་པ་དང་འདྲ་བར་སྤྱན་རས་ཀྱིས་འཚོ་བར་མཛད་པའོ།། དཔེར་ནོ་ཕའི་བསམ་པ་དང་འཐུན་པར་སྤྱོད་ཙོང་ཡིད་དུ་འོང་པོའི ་བུ་ལ་འདི་ལོ་གང་དུ་ཡང་ཡིད་དུ་མི་འོང་བ་འབྱུང་བར་མ་གྱུར་ཅིག་ཅེས་ཕན་པ་དང་བདེ་བའི་ཆེད་དུ་རྟག་ཏུ་འཚོ་བར་བྱེད་པ་བཞིན་ཏུ་བྱམས་པའི་ཐུགས་ཀྱིས་གཟིགས་པར་མཛད་པའི་ཡུལ་ཙམ་དུ་མངོན ་པར་དགོངས་པའོ།། དེས་ན་འདི་ལ་བུ་སྡུག་ཉིད་དུ་སྟོན་པ་ནི་ཅུང་ཟད་ཀྱང་མེད་དོ།། གང་དེ་ལྟར་སྙིང་རྗེས་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་དམ་བཅའ་བ་བྱས་བྱས་བདག་དྲང་གཞན་དག་ལ་ཇི་ལྟར་བསྒྲུབ་པ ་བྱ་ཞེ་ན། གཞན་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་དང་། ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཕྱི་མ་ལོ་རྣམ་པར་སྨིན་པ་བདོ་བའོ།། བདེ་བ་ནི་ཕན་འདོགས་པར་བྱེད་པ་ཉིད་དུ ་རིག་པར་བྱའོ།། གཉིས་པོ་འདི་དག་བདག་ཉིད་དང་གཞན་རྣམས་ལ་ཡང་བྱ་བ་སྟེ། དེ་གཉིས་ཀྱིས་ཐམས་ཅད་བསྡུས་པའི་ཕྱིར་རོ།། སྡུག་བསྔལ་ནི་ཉེ་བར་འཇོམས་པར་བྱེད་པར་རིག་པར་བྱའོ།། དེ་ཉིད་ཀྱང ་ཕན་པ་སྟེ། ཕྱི་མཱར་བདེ་བར་འགྱུར་པ་ཡིན་ན་བྱ་དགློས་ཏེ། སྨན་ཚ་བ་བཞིན་དུ་མི་ཕན་པ་མ་ཡིན་ནོ།། གང་ཞིག་གླང་ལ་ཕོན་པར་བྱེད་པ་དེ་ནི་འདི་ལ་དྲོན་དམ་པ་ཉིད་ཀྱིས་བདེ་པ་ཉིད་དུ་བྱེད་པོ་ཡིན་ཏེ། ཕྲན ་བ་ནི་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ།། གང་མི་ཕན་པོ་སྟེ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་ནི་སྨན་མ་ཡིན་པ་བཞིན་དུ་ཉོན་མོངས་པ་ཅན་ཡིན་པ་དང་། ཁ་ན་མ་ཐོ་བ་དང་བཅོས་པའི་ཕྱིར་མི་ཕན ་པ་ཡིན་པས་བདེ་བ་ཡིན་ཡང་མི་བྱ་སྟེ། དེ་ལ་ནི་ཕོན་པ་དང་བདེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། སྡུག་བསྔལ་བ་ཡང་ཡིན་ཡང་རང་བཞིན་གྱི་རྗེ་སུ་འཐུན་པ་སྟེ། བཟའ་བ་དང་གཏུང་བ་མི་ཞིམ་པ་ལྟ་བུར་ཕན ་གྱུ་ན་ན།། གཞན་སྨ་ནུ་ན་ཀྱི་ན་པ་སྨན་ཆུ་ཏུ། སྨན་ནུ་། ན་མ་ན་ད་ཕྱུ་ན ་བྱི་བདག་དང་གདྷཱན་ལ་ཕན་པར་འདོད་པས་འདོད་པ་རྣམས་སྡུག་བསྔལ་པ་ཡིན་ཡང་ས་པར་བརྟགས་ནས་ཕན་པ་ཉིད་སྣརོནྱཱནྱ་བྱའོ།། བདེ་བ་ཡིན་ཞིང་མོ་ཕན་པ་སྣང་མ་ཡིན་ན་ཡང་ངོ་།། ཡང་ག ་སྟོན་པ་ཡང་ཡིན་ཞིང་བདེ་བ་དང་སྡུག་བསྔལ་བ་ཡང་ཡིན་ལ་མི་ཕྱིན་པ་ཡང་མ་ཡིན་པ་དེ་ལ་ནི་བརྗོད་དུ་ཡང་ཅི་ཡོད།། འདི་ནི་རེ་ཞིག་འདི་མདོར་བསྡུས་པའི་བྱ་བའོ།། ཡང་འདིའི་ལྟུང་བ་དང་ཉམས་པ་གང ་ཡིན་ཞེ་ན། ལྟུང་བའི་ལུས་ནི་གཉིས་ཏེ། ཕམ་པའི་གནས་ལྟ་བུའི་ཆོས་གང་ཀུན་ཏུ་སྤྱད་པ་ལས་འོང་སྡོམ་པ་གཏོང་ཞིང་བྱང་ཆུབ་སེམས་དཔའ་མ་ཡིན་པར་འགྱུར་བ་དང་། ཉེས་པར་སྤྱད་པའི་ལྟུང་བ་བྱུང ་པསྟེ། གང་གིས་སྣང་བ་དང་བཅུས་པར་གྱུར་པའོ།། འདིར་ཡིད་ལྟུང་བྱ་ཁ་ཅིབྷ་གཞན་ལེ་བ་ཤགས་པར་བྱ་བ་སྟེ། ཟག་པ་འབྲིང་ནི་གསུམ་ལ་བཤཱགས། གཙུག་གི་མདུན་དུ་ལྕུག་མི་རྣམས་ཞེས ་པར་འགྱུར་བའོ།། ཁོ་ཅོག་ནི་རང་ཉིད་ལེགས་པར་སྡོམ་པ་སྟེ། རྟེནི་མོངས་མི་མོངས་བདག་སེམས་བཞིན་ཞེ་ས་འཆང་བར་འགྱུར་བའོ།། ལུང་བ་དེ་རྣམས་ནི་བྱང་ཆུབ་སེམས་པའི་རྫི་སྦྲིད་ཀྱི་མ་མོ་རྣམས་སུ་ཧཱུ~ཾ ་ལྟར་ཉམས་པར་འགྱུར་བ་རྒྱུ་དང་བཅས་པས་བཅའ་བ་མཛད་པ་རྣམས་སོ།། དེ་ལ་ཕམ་པའི་གནས་ལྟ་བུའི་ལུས་བསྟན་པར་འདོད་ནས། མིང་དང་ངེས་པའི་ཚིག་དང་ལྡན་པ་རྣམས་བསྟན་པའི་ཕྱིར། ཉོན་མོང ་དྲག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པར་གྱུར་པ་འདི་ཉིད་ཀྱི་ཉེས་པ་བཞི་པོ་ཉིད་ནི་ཕམ་པ་འདྲ་བར་དུ་གོངས་པ་ཡིན་ཏེ། གང་དེ་རྣམས་ནི་སྡེ་མོ་པ་འཇིག ་པར་བྱེད་པའོ།། ཕ་རོལ་རྒྱལ་ནས་འདི་དག་གིས་སྡོམ་པ་ལས་ཡོངསུ་ཉམས་པར་འགྱུར་བའི་ཕྱིར་ཕས་ཕམ་པའོ་ཞེས་བྱ་བ་ནི་ངེས་པའི་ཚིག་གོ། སྡོམ་པ་ཉམས་པའི་རྒྱུ་ཙམ་དུ་མཚུངས་པས་ཕས་ཕ་མ ་པ་དང་འདྲུ་བ་ཡིན་གྱི། ཐམས་ཅད་དུ་དགེ་སློང་གི་བཞིན་དུ་ནཱི་མ་ཡིན་ཏེ་ཟླ་འདི་ལྟར་དགེ་སློང་ལ་ཕྱས་ཕམ་པའི་ལྟུང་བ་བྱུང་བ་ནི་དགེ་སློང་མ་ཡིན་ཞིང་དགེ་སྦྱོང་མ་ཡིན་ལ། ཚེ་འདི་ལ་སླར་ཡང་དགེ་སློང ་གི་དངོས་པོར་འགྱུར་བའི་སྐལ་བ་མེད་དོ།། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུ་མ་ཡིན་ཏེ། འདི་ནི་སྡོམ་པ་གཏོང་བ་འབའ་ཞིག་ཙམ་མི།། ཚེ་འདི་ཉིད་ལ་སླར་ཡང་སྡོམ་པ་ཡང་དག་པར་ལེན་པའི་སྐལ་བ་དང་ལྡན་པ་ཡིན་ཏེ། ་སྡོམ་པ་སླར་ཡང་བླང་བར་བྱ་ཞེས་འཆད་པར་འགྱུར་བའོ།། ཡང་སྡོམ་པ་འཇིག་པར་བྱེད་པར་འགྱུར་བ་དེ་རྣམས་ཇི་ལྟ་བུ་ཞེ་ན། ཉོན་མོངས་དྲག་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་དྲག་པོ་ལས ་བྱུང་བ་ཡིན་ཞིང་སྐྱེས་པ་གང་དག་ཡིན་པ་དེ་རྣམས་ནི་དེ་ལྟ་བུ་སྟེ། གང་ཉོན་མོངས་པ་ཤས་ཆེན་པོ་མངོན་དུ་རྒྱུ་བའི་གནས་ལས་དེ་རྣམས་བྱུང་བར་གྱུར་པ་དེའི་ཚེ་སྡོམ་པ་ཉམས་པར་འགྱུར་ཞིང ་པས་ཕམ་པ་ཉིད་བྱུང་བར་གྱུར་པ་ཡིན་གྱི་གཞན་དུ་མ་ཡིན་ནོ།། འདི་དག་ལས་གང་ཡང་རུང་བ་ཞིག་བྱུང་ན་ཡང་ཚེ་འདི་ཉིད་ལ་སླར་ཡང་བྱང་ཆུབ་སེམས་དཔའི་ཚོགས་རྒྱ་ཆེན་པོ་ལྟ་སོགས་པ་དང་། ཡོངས་སུ་འཛིན ་པའི་སྐལ་པ་མེད་པར་འགྱུར་ན་ཐམས་ཅད་བྱས་ན་ལྟ་སྨོས་ཀྱང་ཅི་དགོས། ཚེ་འདི་ཉིད་ལ་བསམ་པ་རྣམ་པར་དག་པའི་སྤྲུལ་པ་མེད་དེ། འོད་བྱང་ཆུབ་སེམས་དཔའ་ལྷུར་བཅོས་པ་ཡིན་གྱི་ཡང་དག་པའི་བྱང་ཆུབ་སེམས ་དཔའ་མ་ཡིན་ནོ།། ཉོན་མོངས་པ་དྲག་པོ་ནི་ཟག་པ་རྣམས་ཕྱིར་ཞིང་རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་ཀྱང་གང་འདི་ངོ་ཤེས་པ་དང་། ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་སྐྱེད་པ་དང་། དེ་མགུ་བར་བྱེད་ཅིང་དེ་ལ་དགའ་བ ་དང་། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་དང་། གསོལ་བ་བཻ་ཏྲབ་ཀྱང་མི་ལྡོག་ཅིང་བསམ་པས་མི་གཏོང་བའོ།། གང་གི་ཚེ་སླར་ངོ་ཚ་དང་ཁྲེལ་ཆུང་ངུ་ཙམ་སྐྱེ་བོ་དང་། ཕ་རོལ་གྱིས་གསོལ་བ་བཏུབ་པས་ལྡོག ་བ་དེ་ནི་འབྲིང་ལ་གནས་པའོ།། གང་གི་ཚེ་ཡིང་མྱུར་བ་ཉིད་དུ་ངོ་ཆེ་བར་བྱེད་ཅིང་རང་ཉིད་ཀྱང་རུང་སྟེ། སྐད་ཅིག་གིས་ལྡོག་པ་དེ་ནི་ཆུང་ངུ་ལ་གནས་པར་རིག་པར་བྱའོ།། དེ་ལ་ཀུན་ནས་དཀྲིས་པ་ཆེན་པོས་སྤྱང་ས ་ཉིད་ཀྱིས་ནི་སྡོམ་པ་ཡང་དག་པར་བླངས་པའི་བྱང་ཆུབ་སེམས་དཔའ་ཉིད་ཕམ་པ་བྱུང་བར་གྱུར་པ་ཡིན་པ་ཡིན་ཏེ། ཉེས་པའི་གནས་སུ་གྱུར་པ་ཡིན་པས་དབྱུང་བར་བྱ་ཞེས་བྱ་བའི་དོན་ཏོ།། གང་ཡང་སྡོམ ་པ་མ་བླངས་པ་དང་། སྡོམ་པ་ཕུལ་བ་དེ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་པའི་ཕྱིར་དེ་ལ་ནི་ཆོ་ག་འདི་མེད་དོ།། སྡོམ་པ་ཕུལ་བ་ཡང་དགེ་སློང་གི་བསླབ་པ་ཕུལ་བ་ལྟ་བུརྱ་རིག་པར་བྱའོ།། གང་གིས་བྱང་ཆུབ ་ཀྱི་སེམས་མ་བཏང་ཞིང་ཕམ་པའི་གནས་ལྟོ་བུའི་ཆོས་རྣམས་ཀྱང་མ་བྱུང་ལ་བརྗོད་ངས་པར་ཡང་མ་གྱུར་པ་དེ་ནི་འདུལ་བ་ཡོངས་སུ་མ་བཏང་བར་སྡོམ་པ་དྲན་པས་ཚེ་རྗེས་ཀྱང་སྡོམ་པ་དེ་ནི་རྗེ་སོ་སུ ་འབྲང་བར་རིག་པར་བྱའོ།། དེ་ཉིད་ཀྱི་ཕྱིར་འདི་ལ་ཇི་སྲིད་འཚོའི་བར་དུ་ཞེས་ཡོངས་སུ་གཅོད་པར་བྱེད་པ་ནི་མ་ཡིན་ནོ།། དྲན་པ་བརྗེད་ཀྱང་སྔོན་གོམས་པའི་དབང་དང་། དགེ་བའོ་བྱ་ཤེས་གཉེན་དང་ཕྲེང་པའོ།། ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐོས་པོས་མོས་པ་ཡང་དག་པར་བསྐྱེད་པར་འགྱུར་གྱི། མི་ལེན་པོར་བདེ་བར་འདུག་པ་ནི་མ་ཡིན་གྱི། གཞན་དུ་ན་ཡང་དག་པར་བླངས་པ་ལ་མངོན་པར་ཕྱོགས་པ་ཡིན་ཡང ་རུང་མ་ཡིན་ཡང་རུང་།། གང་གིས་སྡོམ་པའི་རྒྱུན་གྱིས་རྗེས་སུ་བཅིང་བའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པའི་ཆེད་དུ་འབད་པས་ཡང་དག་པར་ལེན་པར་བྱེད་དོ།། འོ་ན་འདིར་ནི་གང་དེ་ལྟར་ཕམ་པར་འགྱུར ་བའི་ལྟུང་བ་བཞི་ཁོ་ནར་བསྟན་ལ། འཕགས་པ་ན་མཁའི་སྙིང་པོའི་མདོ་ལས་ནི་ཕམ་པར་འགྱུར་བའི་ལྟུང་བ་གཞན་མང་དུ་ཡང་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྨྲས་པ་བདེན་མོད་ཀྱི ་དེ་ནི་སྡོམ་པ་འཇིག་པའི་རྒྱུ་ནི་མ་ཡིན་ནོ།། དེ་ལྟ་མོད་ཀྱི་སྡོམ་པ་མ་བླངས་པའི་སྔོན་བསྐྲུན་པའི་དགྲ་བའི་རྩ་བ་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་རྣམ་པར་གཅོད་པའི་རྒྱུ་ཡིན་ཏེ། གྲང་དེ་ཉིད་ལས་རིགས་ཀྱི་བུ་རྒྱལ ་རིགས་སྤྱི་བོར་དབང་བསྐུར་བའི་རྩ་བའི་ལྟུང་བ་ནི་ལྔ་པ་ན་ལྔ་སྟེ། རྩ་བའི་ལྟུང་བ་དེ་དང་ལྡན་ན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྔོན་བསྐྲུན་པའི་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་ཅིང་ལྷ་དང་མིའི་བདེ་བ་རྣམས ་ལསྣ་ཕམ་པར་འགྱུར། དྲན་སོང་དུ་འགྲོ་བར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་སོ།། དེ་ལ་རྩ་བའི་ལྟུང་བ་ཆོས་ལྕི་བ་རྣམས་ནི་འཇིག་པར་བྱེད། འཚེ་བར་བྱེད། མེད་པར་བྱེད་ཅེས་བྱ་བའི་བྱར་དུའོ།། ཕམ་པར་འགྱུར ་བ་ནི་ཡོངས་སུ་ཉམས་པའོ།། གླལ་ཏེ་སྡོམ་པ་བླངས་པ་འད་ལ་ཡང་ལྟུང་བ་འདི་རྣམས་སྡོམ་པ་འཇིག་པའི་རྒྱུ་ཉིད་ཡིན་པས་ཡང་ཕོམ་པ་ཡིན་ནོ་ཞེས་དགོངས་པ་ཡིན་ན་ནི་དེའི་ཚེ་སྡོམ་པ་ལ་གནས་པའི་རིགས ་ཀྱི་བུ་བྱང་ཆུབ་སེམས་དཔའ་འདི་ལ་ཡང་ཕམ་པར་འགྱུར་བའི་ལྟུང་བ་གང་ཡིན་པ་འདི་རྣམས་ལས་གང་ཡ་རུང་བའི་ལྟུང་བ་གཅིག་བྱུང་བས་སྡོམ་པ་གཏོང་བར་འགྱུར་བ་ཡིན་ན། ཐམས་ཅད་ཀྱི་ལྟ་ཅི་སྨོས ་ཞེས་བྱ་བ་རྒྱུ་དང་བཅས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པར་འགྱུར་ན། མ་གསུངས་པ་དང་གང་གི་ཕྱིར་རྒྱལ་རིགས་ལ་སོགས་པའི་སྔོ་པ་བླངས་པ་ཉིད་ཀྱིས་གང་དུ་མ་ཉིད་ཡོད་པའི་དབྱེ་བས་ལྟུང་བ ་སྟོན་པར་བྱེད་པ་ཡིན་ན་ནི་དེ་ལོགས་ན། རྒྱལ་རིགས་ལ་སོགས་པའི་དབྱེ་བས་ལྟུང་བ་བསྟན་པ་ཅུང་ཟད་ཀྱང་མེད་པས། འདི་ལ་འགལ་བ་ཅི་ཞིག་ཡོད། ཡང་ཕམ་པ་འགྱུར་བའི་ལྟུང་བ་དེ་རྣམས་གང་ཡིནོ་ཞེ་ན། རྙེད ་དྲྀདྲིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྙེད་པར་བྱེད་པས་ན་རྙེད་པ་སྟོང་པ་སྟེ། གོས་དང་ཟས་ལ་སོགས་པའོ།། བཀུར་སྟོ་ནི་ལེགས་པར་རོམ་གྲོ་བྱེད་པ་སྟེ། དེ་དག་ལ་ཚུགས་པ་ནི་དེ་ལ་ལྷག་པར་ཞེན་པའོ།། བདག ་ནི་རང་ཉིད་དོ།། བསྟོད་པ་ནི་ཡང་དག་པ་དང་། ཡང་དག་པ་མ་ཡིན་པའི་ཡོན་ཏན་གྱིས་བསྟོད་པར་བྱེད་པ་སྟེ། ལོག་པར་བསྟོད་ཅིང་གཞན་ཡོན་ཏོན་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པར་གྲགས་པ་རྣམས་ལ ་ཡང་སྤྲོས་པ་སྟེ། སྐྱོན་རྣམས་བརྗོད་ཅིང་སྨོས་པའོ།། འདི་སྐད་དུ་ཡོན་ཏན་དང་ལྡན་པར་གྲགས་པ་ནི་བདག་སྟེ། འགྲོ་བ་རྣམས་བདག་ལ་རྗེད་པར་བྱེད་བཀུ་སྟོ་བྱེད་དོ།། གཏོང་བ་དང་ཡོངས་སུ་གཏོང་བ་དག་གིས ་མཆོད་པར་བྱེད་ཅེས་བྱ་བའི་བར་དུའོ།། བདག་ལ་བསྟོད་པར་བྱེད་ཙོང་གཞན་ལ་སྨོད་པར་ཡང་བྱེད་པས་བདག་བསྟོད་ཅིང་གཞན་ལ་སྨོད་པར་བྱེད་པ་ནི་སྦོམ་པོའི་ཚུལ་ཁྲིམས་ལས་ད་ལྟར་བའི་རྙེད་པ་དང་བཀུར་སྟི་ལ་མ ་ཆགས་པ་ལས་ཉམས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་རྙེད་པ་དང་བཀུར་སྟི་བདག་ལ་ཤིན་ཏུ་ཆགས་པས ་བདག་ལ་བསྟོང་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་པ་ནི་ཕམ་པར་འགྱུར་པོའི་ལྟུང་བ་འབྱུང་བ་ཡིན་ནོ།། བྱང་ཆུབ་སེམས་དཔར་གྱུར་པ་ནི་བོདག་ཉིད་ཀྱིས་ཐོབ་པའི་རྙིང་པ་ཡང་གཞན་རྣམས་ལ་སྦྱིན་པར་བྱེད་ཅིང་ལྔ་གསང ་བའི་ཆོས་རྣམས་ཀྱང་གཞན་ལ་སྟོན་པར་བྱེད་པོ་མ་ཡིན་ན། དེ་ཇི་ལྟར་ཆགས་པ་སྐྱེ་བར་འགྱུར། དེས་ན་རྒྱུ་དེས་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་པ ་ལྷ་སྨོས་ཀྱང་ཅི་དགོས། བསྟན་པ་གནས་པར་བྱ་བར་འདོད་པའི་ཕྱིར་མུ་སྟེགས་ཅན་རྣམས་ཟིལ་གྱིས་མནན་པར་འདོད་པ་དང་། ཐབས་དེས་འདུལ་བར་བྱེད་འདོད་ཅིང་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི ་གནས་སུ་འཇོག་པར་འདོད་པ་དང་། མ་དད་པོ་རྣམས་དད་པར་བྱོ་བྱ་དང་། དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བྱའི་ཕྱིར་བྱེད་ན་ཉེས་པ་མེད་དོ།། དོན་འདི་ཉིད་ལ་དགོངས་ནས། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར ་དང་།། སེམས་དགེ་བ་ལ་ཉེས་པ་མེད་ཅེས་མཐར་འཆད་པར་འགྱུར་རོ།། སྡུག་བསྔལ་མགོནོ་མེད་ཅེས་བྱ་བ་ལ་སོགས་པ་ལོ། སྡུག་བསྔལ་བ་དང་། ཕོངས་པ་དང་། མགོན་མེད་པ་དང་། སྐྱབས་མེད་པ་ལོ་ནོར ་འདོད་པ་རྣམས་དང་། ཆོས་འདོད་པས་ལེགས་པར་སློང་ཞིང་འོངས་པ་རྣམས་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོད་ཅིང་བདོག་བཞིན་པ་དང་། ཆོས་ལ་ངེས་པ་ཐོབ་ཀྱང་རང་བཞིན་གྱིས་སེར་སྣ་དང་ལྡན་པས ་གཞན་ཉེ་བར་འབྱོར་པ་ལ་མི་བཟོད་པ་ཉིད་ཀྱིས་ནོན་ཏེ་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་ལཱྀ་སོགསོ་པ་སྦྱིན་པར་འོས་པ་རྣམས་ལ་མི་སྟེར་བ་སྟེ། མི་གཏོང་བ་ནི་དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན ་བྱ་བའི་ཚུལ་ཁྲིམས་དག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ལས་ཉམས་པའི་ཕྱིར་ཕམ་པའི་གྲནསུ་ལྟང་བུའི་ཆོས་གཉིས་པའོ།། བྱང་ཆུབ་སེམས་དཔའི་སྦྱིན་པར་བྱ་བའི་དངོས་པོ་ཡོད་པ་དང་། ཆོས ་རྣམས་ངེས་པ་ཡིན་ཡང་ལེགས་པར་དོན་དུ་གཉེར་ཞིང་འོངས་པ་རྣམས་ལ་སེར་སྣ་ཚོན་པོས་ཟིལ་གྱིས་ནོན་པས་ནོར་དང་ཆོས་མི་སྟེར་པོ་ནི་ཕམ་པར་འགྱུར་པོའི་ལྟུང་པོ་བྱུང་བའོ།། བྱང་ཆུབ་སེམས་དཔར ་གྱུར་པ་ནི་གང་གིས་གཞན་ཕོངས་ཤིང་མངོན་པར་འདོད་པ་དག་ཉེ་བར་རིག་ནས་སློང་བར་མི་ཕྱེད་ཀྱང་བདག་ཉིད་ཀྱིས་ཕ་རོལ་དག་ནོར་ལེན་དུ་གཞུག་པར་བྱེད་ཅིང་ཀུན་ཏུ་བསྐུལ་བྱས་ཀྱང་ཆོས་ཉན་དུ་གཞུག ་པར་བྱེད་པ་ཡིན་ན། དེ་ཇི་ལྟར་དངོས་པོ་ཡོད་ཅིང་ཆོས་ཀྱི་ངེས་པ་ཡོད་ཀྱང་སེར་སྣས་ཀུན་ཏུ་བཅིངས་པས་ལེགས་པར་དོན་དུ་གཉེར་ཞིང་འོངས་པ་རྣམས་ལ་སློང་བར་བྱེད་ཀྱང་མི་སྟེར་བ་འདི་ནི་བྱང་ཆུབ ་སེམས་དཔའི་ཆོས་མ་ཡིན་ནོ།། ལོངས་སྤྱོད་དེ་དག་མེད་པས་མ་བྱིན་པ་དང་། དགེ་འདུན་གྱི་ནང་ཁྲིམས་སྲུང་བར་འདོད་པ་དང་། ཐབས་དེ་འདུལ་བར་བྱེད་འདོད་ཅིང་མི་དགེ་བའི ་གནས་ནས་སྲུང་སྟེ་དགེ་བའི་གནས་སུ་འཇོག་པར་བྱེད་པ་དང་། མི་ཕྲོན་ཞིང་མ་བརྟགས་པོ་དང་། མ་བསླངས་པ་དང་། དེ་རྒྱལ་པོ་ལ་གནོད་པ་ཡིན་ན་ཉེས་པ་མེད་དོ།། མུ་སྟེ་གསོ་ཅན་གླགས་ཚོལ་བ་དང་། ་མ་གུས་ཤིང་ཞེས་མེད་པ་དང་། སྤྱོད་ལམ་ངན་པས་ནོད་པ་དང་། ཆོས་མི་ལེན་པ་དང་། དབང་པོ་བརྟུལ་པོ་ཆོས་རྒྱ་ཆེན་པོ་བསྟན་པ་དང་། སྐྲག་ཅིང་ལོག་པར་ལྟ་བ་དང་ལོག་པར་མངོན་པར་ཞེན་པ་དང་། དེའི ་ལྷག་ཏུ་སོང་ན་གཞན་སྣོད་དུ་མ་གྱུར་པ་རྣམས་ལ་ཆོས་འཕེལ་བས་ཉམས་པ་དང་། གནོད་པར་འགྱུར་དུ་དོགས་པ་དང་། བདག་ཉིད་སྨྲ་མི་ནུས་པར་གྱུར་ཅིང་སྟོབས་དང་མི་ལྡན་པ་དང་། དེ་ཡང་ཆོས་འདི་ལ ་མི་འཇུག་པ་ལ་ཐབས་དེས་འདུལ་བར་འདོད་ན་ལྟུང་བ་མེད་དོ།། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བའི་ཀུན་ནས་དཀྲིས་པས་སྲོག་ཆགས་གཞན་ལ་འཚོག་པ་སྟེ། ལག་པ་འམ། བོང་བ་འམ། དབྱིག་པ ་དག་གིས་རྡེག་པར་བྱེད། རྣམ་པར་འཚེ་བར་བྱེད། རྣམ་པར་ཐོ་འཚམས་པར་བྱེད་ལ། ཁྲོ་བའི་བསམ་པ་ཁོ་ན་ཞི་ལ་བཟུང་སྟེ། གཞན་གནོད་པར་བྱེད་པ་རྣམས་ཀྱིས་བཤགས་ཀྱང་སྟེ་ཤད་ཀྱིས་སྦྱངས་ཀྱང ་མི་ཉན་ཅིང་བཟོད་པར་མི་བྱེད་ལ་བསམ་པས་མི་གཏོང་བ་འདི་ནི་སྡོམ་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ངག་ལ་གཞན་གྱིས་ཉེས་པ་བཟོད་པར་བྱེད་པ་ལས་ཉམས་པའི་ཕྱིར་ཕམ་པའི ་གནས་ལྟ་བུའི་ཆོས་གསུམ་པའོ།། བྱང་ཆུབ་སེམས་དཔའ་ཁྲོ་བ་དྲག་པོས་ཟིལ་གྱི་གནོན་པས་ཕ་རོལ་གྱིས་ལེགས་པར་བཤགས་ཤིང་ཤད་ཀྱིས་སྦྱངས་ཀྱང་མི་ཉན་ཅིང་མི་བཟོད་ལ། རྡེག་པར་བྱེད་པ་ནི་ཕམ ་པར་འགྱུར་བའི་ལྟུང་བ་འབྱུང་བའོ།། བྱང་ཆུབ་སེམས་དཔར་གྱུར་པ་ནི་གང་གིས་ཕ་རོལ་གྱི་ཉེསུ་པར་སྤྱད་པ་ཤིན་ཏུ་དྲག་ཅིང་མཆེད་པར་འགྱུར་ལོ། མང་དུ་བྱ་བ་ལྔལ་ཡང་བཟོད་པར་བྱ་ཞིང་། རྙེངྒ་པའི ་གནས་དང་འདྲ་བྱ་ར་རི་མོརྱ་བྱ་བའི་སེམས་ཀྱིས་རབ་ཏུ་དགུའི་བ་བསྐྱེད་པར་བྱ་བླ་ཡིནྡ་ན། འདི་ནི་དེ་ཙམཽ་གྷིས་ཉེས་པར་སྤྱད་པ་ལ་ཡང་ཅིའི་ཕྱིར་དེ་ལྟ་བུ་ཁྲོ་བོ་ཡང་ཇི་ལྟར་དང་དུ་ལེན་པ་རོ་བྱེད། གང་གི་ཕྱིར ་ཚིག་རྩུབ་མོ་མངོན་པར་བརྗོད་ཅིང་རྡེག་པར་བྱེད་ལ། ངོ་ཚེ་མེད་མེད་པའི་སེམས་ཀྱི་རང་ཉིད་ལྡོག་པར་ཡང་མི་བྱེད། ཤྲད་ཀྱིས་སྦྱངས་པ་བྱས་ཀྱོང་བྲག་ལ་ཉོལ་ལམ་འཆིང་བས་བཟོད་པར་མི་བྱེད་པ་འདི་ནི ་བྱང་ཆུ་བ་སེམས་དཔའི་ཆོས་མ་ཡིན་ནོ།། ཐོབས་དེས་འདུལ་བར་འདོད་ན་ཞེས་བྱ་བ་ལ་སོགས་པ་རྣམས་ནི་སྡོ་མ་བཞིན་དུ་ཉེས་པོ་མེད་པོ་ཡིན་ནོ།། ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ཐེག་པ་ཆེན་པོ ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལ་སོགས་པའོ།། སྤོང་བྱེ་མ་ནཱི་སྐུར་པ་འདེབས་པའོ།། དམ་ཆོས་འདྲར་སྣང་ནི་དེའི་གཟུགས་བརྙན་གྱིས་ཆོས་ལ་གཞན་གྱིས ་གཡམ་ལ་ཡང་རུང་སྟེ། སྟོན་པ་དོང་འཇོག་པ་ནི་དགེ་བའི་ཆོས་སྤྱོད་པའི་ཚུལ་ཁྲིམས་ཀྱིས་བསྡུས་པའི་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་ལྔ་བྱིན་པ་སྤོང་བ་ལས་ཉམས་པའི་ཕྱིར་ཕམ་པའི་གནས་ལྟ ་བུའི་ཆོས་བཞི་པའོ།། བྱང་ཆུབ་སེམས་དཔའ་ལྟ་བ་དྲུག་པོ་ལ་ཀུན་ཏུ་གནས་ཕྱེས་ཐེག་པ་ཆེན་པོ་སྤོང་ཞིང་སྐུར་པ་བཏབ་ནས་དེའི་གཟུགས་བརྙན་གྱིས་ཆོས་སྟོན་པར་བྱེད་པ་ནི་ཕམ་པར་འགྱུར་བའི་ལྟུང་བ་འབྱུང་བའོ།། ་ཆུབ་སེམས་དཔར་གྱུར་པ་ནི་གླེང་གིས་ནུས་པ་ཇི་ལྟ་བས་ཐེག་པ་ཆེན་པོ་འདི་ཉིད་སེམས་ཅན་གྱི་ཚོགས་རྒྱ་ཆེན་པོ་ལ་ཕན་པ་དང་བདེ་བའི་ཐབས་ཡིན་པའི་ཕྱིར་ནུས་པ་ཇི་ལྟ་བས་བསྟན་པ་བྱ་ཞི་ལ་སྠཱ་ཨུ་ཥྚའང ་ལྟར་རྨོངས་པའི་ལོ་མ་གཅོད་པ་བཞིན་དུ་སྐུར་པ་འདེབས་པ་ལ་འཇུག་པར་བྱེད་པ་ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་ནོ།། གང་ཡང་བྱང་ཆུབ་སེམས་དཔའ་འདི་བསླབ་པའི་གཞི་རྣམ ་ལི་མ་བྱེད་པ་འམ། དྲན་པ་མེད་པ་འམ། འཁྲུལ་པ་འམ། གུས་པ་མེད་པས་ཕོམ་པའི་གནོས་ལྟ་བུའི་ཆོས་གང་ཡང་རུང་བ་ཞིག་བྱུང་ན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་པར་འགྱུར་བས། གལ་ཏ་སྥ ་ལེན་པར་འདོད་པར་འདོད་ན་དེས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། སྡོམ་པ་ཞེས་བྱ་བ་ལ་སོགས་པ་སྨྱོས་པ་ལ་ཕམ་པ་བྱུང་བ་ཞེས་བྱ་བ་ལྷག་མྱ་སྟེ། གཞན་གྱི་དབང་དུ་བྱས་ནས་བསྟན་པ་མ་ཡིན་པའི་ཕྱིར་རོ།། ་ཕམ་པ་བྱུང་བའི་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་སླར་ཡང་སྟེ། ཕྱིས་ཡང་སྡོམ་པ་བླིང་བར་བྱ་སྟེ་བཅས་པ་ཚད་མར་གྱུར་པས་སྣོད་དུ་རུང་བའི་ཕྱིར་རོ།། དགེ་སློང་བཞོན་དུ་ཡང་བླང་བར་མི་བྱ་བོ་ནི་མ་ཡིན།། ། ་ཇི་སྐད་དུ་དེ་ཡང་ཀུན་ནས་དཀྲིས་པ་ཆེན་པོས་ཕམ་པའི་གནས་ལྟ་བུའོ་ཚེས་བྱུང་བར་གྱུར་ན་དེས་བཏང་བའི་སྡོམ་པ་སླར་ཡང་བླང་བར་བྱ་ཞེས་གསུངས་པ་ལྟ་བུའོ།། འོ་ན་གང་ཀུན་ནས་དཀྲིས་པ་ཆེན་པོས་བླང་བའི ་ཆོས་དག་གིས་ནི་སྡོམ་པ་གཏོད་པ་ཡིན་ན། གལ་ཏེ་ཆོས་འདི་དག་ཀུན་ནས་དཀྲིས་པ་འབྲིང་གིས་བསྐྱེ་བ་ཡིན། ངེས་གསོལ་བ་ལ་འདིས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཟག་པ་འབྲིང་ནི་ཞེས་བྱ་བ་ལ་སྩོགས་པ ་པ་ལ་སྨོས་ཏེ། ཟག་པ་འབྲིང་ནི་བདག་ལ་བསྟོད་པ་ལ་སོགས་པའི་རྒྱུར་གྱུར་པ་གང་ཡིན་པའི་ཉོན་མོངས་པ་ཉིད་དེ། ཀུན་ནས་དཀྲིས་པ་འབྲིང་གིས་བསྐྱེད་པ་ཞེས་བྱ་བའི་དོན་ཏོ།། བཤགས་པ་ནི་བཤག ་པར་བྱ་བ་སྟེ། ཉེས་བྱས་སུ་ཀུན་ཏུ་བསྡུས་པ་ཉིད་ཡིན་གྱི། སྟོབས་ཆུང་བའི་ཕྱིར་ཉམས་པར་བྱེད་པ་ནི་མ་ཡིན་ནོ།། ལྟུང་བ་དེ་དག་ནི་གསུམ་སྟེ། གང་ཟག་གསུམ་ཉོན་ཐོས་ཀྱི་ཐེག་པ་པ་འམ། ཐེག་པ་ཆེན ་བྲོ་པ་འམ། ལོངས་སྤྱོད་པའི་གང་ཟག་གསུམ་པོ་རྣམས་ཏེ། གང་དག་ཚིག་དེ་བརྡ་ཕྲད་ཅིང་འཛིན་ནུས་པ་རྣམས་ལ་གཤགས་པར་བྱ་བ་ཡིན་གྱི། བཅས་པ་ཚད་མ་ཡིན་པའི་ཕྱིར་གཉིས ་སམ། གཅིག་གི་མདུན་དུ་ནི་མ་ཡིན་ནོ།། དེ་ཡང་དེ་རྣམས་ལ་ཐལ་མོ་སྦྱར་ཏེ་ཕྱག་བྱས་ལ་དམའ་བའི་ཕྱོགས་སུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་ཐོག་མུར་དངོས་པོ་བརྗོད་དེ། འདི་སྐད་ཅེས་ཚེ་དང་ལྡན ་པ་རྣམས་དགོངསུ་གསོལ། བདག་མིང་འདི་ཞེས་པ་པ་ལ་ཇི་སྐད་ཡོངསུ་བརྗོད་པའི་གཞི་ལ་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ། དེ་དག་ཚེ་དང་ལྡན་པ་རྣམས ་ཀྱི་མདུན་དུ་བདགུ་མཐོལ་ལོ་ཆགས་སོ།། མི་འརྒྱབ་བོ།། མཐོལ་ཞིང་བཤགས་ན་བདག་བདེ་བ་ལོ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་པྲ་ཤོགས་ན་ནི་བདེ་བ་ལ་འགྲོ་པར་གནས་པར་མི་འགྱུར་རོ།། ་དེ་རྣམས་ཀྱིས་དེ་ལ་འདི་སྐད་དུ་ཚེ་དང་ལྡན་པ་ཁོད་ཀྱིས་ལྟུང་བ་འདི་ལ་ལྟུང་བར་མཐོང་ངམ་ཞེས་སྨྲ་ནྱ། དེས་མཐོང་དྲོ་ཞེས་སྨྲ་བར་བྱའོ།། དེ་རྣམས་ཀྱིས་ཀྱང་ཕྱིན་ཆད་སྡོམ་པར་བྱེད་དམ་ཞེས་སྨྲ་བར་བྱའོ།། དེས ་དེས་ཀྱང་ཤེས་ཤིང་མཐོང་ལ་དྲན་ན་ཆོས་བཞིན་འདུལ་བ་བཞིན་དུ་ཤིན་ཏུ་ལེགས་པར་སྤྱི་བོས་ནོད་པར་བགྱིའོ་ཞེས་སྨྲ་བར་བྱའོ།། དེ་ལྟར་ལན་གསུམ་དུ་བྱའོ།། ཀུན་ནས་དཀྲིས་པ་ཆུང་ངུས་བསྐྱོད་པའི་ལྟུ ་བཔ་དེ་རྣམས་ཡང་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། གཅིག་གྲི་མདུན་དུ་ལྷག་མ་རྣམས་བྱ་ཞེས་བྱ་བ་སྨོས་སོ།། ལྕུག་མ་ནི་ཟག་པ་འབྲིང་གིས་བསྐྱེད་པའི་ལྟུང་བ་དག་ལས་གཞན་པ་དེ་རྣམས་ཉིད་རྣམས་ཉིད་ཟག་པ་ཆུ་ངུའི ་ལྟུང་བ་རྣམས་ནི་ཇི་སྐད་དུ་བཾ་ཤད་པོའི་གང་ཟག་གཅིག་གི་མདུན་དུ་སྟེ། གན་དུ་བཤིགས་པར་བྱ་བ་ཡིན་ཏེ། གསུམ་པོ་ཁོ་ན་ལ་བཾ་ཤུགས་པར་ཡང་མ་ཡིན་ལ། བདག་ཉིད་ཀྱིས་བསྡམ་པར་བྱ་བ་ཡང ་མེ་ཡིན་ནོ།། འོ་ན་ཉེས་བྱས་ཀྱི་ལྟུང་བ་ལས་གཞན་གང་ཡིན་པ་དེ་རྣམས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བདག་སེམས་ལ་ཞེས་བྱ་བའི་ཚིག་ཏུ་ཡང་ལྟོ་བར་བྱ་སྟེ། ་འཆད་པར་འགྱུར་བའི་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་བྱས་ཀྱིས་ལྟུང་བ་དེ་རྣམས་ཉིད་བདག་གི་སེམས་ཀྱི་མདུན་དུ་ཡང་བཤགས་པར་བྱ་སྟེ། འདི་ནི་འདིའི་སྡིག་པ་ཅན་མ་ཡིན་པོའི ་དོན་ཏོ།། དེ་ལྟར་བསྒྲུབ་པའི་གང་ཟག་མེད་ན་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་ཉིད་ཀྱིས་ཆོས་བྱུང་བ་ན་བསམ་པ་ཐག་པ་ནས་ཕྱིས་ཡང་ཀུན་ཏུ་མི་སྤྱད་པའི་སེམས་བསྐྱེད་བྱ་ཞིང་ཕྱིས་ཡང་འདི་ལྟ་བུ ་བདག་གིས་མི་བྱའོ་ཞེས་ཕྱིན་ཆད་སྡོམ་པར་ཡང་བྱེད་དོ།། དོན་ནི་འདི་ཡིན་ཏེ། ཟག་པ་འབྲིང་གི་ལྟུང་བ་རྣམས་གང་ཟག་གསུམ་ཉིད་ཀྱི་མདུན་དུ་བོཤགས་པས་ལྡང་བར་འགྱུར་ཏེ། གཉིས་དང་གཅིག་གི་མདུན་དུ ་ནི་མ་ཡིན་ནོ།། ཟག་པ་ཆུང་ངུ་ནི་གཅིག་གི་མདུན་དུ་ཡང་བཤགས་པར་བྱའོ།། དེ་ཉིད་དུ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་ཉིད་ནི་རང་གི་སེམས་ལ་བཤགས་པ་དང ་ལེགས་པར་བསྡམས་པས་ཀྱང་ལྡང་བར་འགྱུར་ཏེ། འདི་རྣམས་བཤགས་པའི་ཕྱི་རོ་ཇི་ལྟར་ཟག་པ་ཆུང་ངུ་དང་འབྲིང་གི་ལྟུང་བ་རྣམས་བཞིན་དུ་གཅིག་གམ་གསུམ་ངེས་པར་འཆོལ་བ་མ་ཡིན་ནོ།། འགའ་ཡང་ཞིག་བདག ་སེམས་བཞིན་ཞེས་འདོན་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་མ་གསུངས་པའི་ཕྱིར། བཞིན་ཞེས་བྱ་བ་ནི་མི་རིགས་པའི་ཕྱིར་ལོགས་པར་བརྗོད་པ་ཉིད་ཡིན་ནོ།། བཞིན་ཞེས་བྱ་བ་ཡང་མཉམ་པའི་དོན་དུ་རབ་ཏུ ་གྲགས་ཤིང་བརྗོད་པ་མ་ངེས་པོའི་སྒྲུབ་པའི་དོན་སྦྱོར་བའོ།། དེ་ལ་རེ་ཞིག་བདག་གློ་སེམསྣ་ལ་ལྟུང་པོ་ལས་ལྡང་དྲའི་ཆོ་ག་ནི་རབ་ཏུ་ངེས་པ་མ་ཡིན་ཏཱ། ཇི་སྐད་བསྟན་པའི་གང་ཟག་ཉེ་བ་ན་མེད་ནཱ་དེའི་འོག་ཏུ་ཆོ་ག ་འདི་བྱ་བའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཕ་རོལ་ལ་བརྟེན་ནས་ལྟུང་བ་ལས་ལྷུང་བའི་ཆོ་ག་ནི་རབ་ཏུ་མ་ངེས་པ་མ་ཡིན་ནོ།། གང་གིས་ཇི་ལྟར་རང་གི་སེམས་ཀྱི་མདུན་དུ་བཤགས་པར་བྱ་བ་དེ་བཞིན་དུ་གང་ཟག་ཅིག ་ཉིད་ཀྱོ་མདུན་དུ་བཤགས་པར་བྱ་ཞེས་བསྟན་པ་ཡིན་ན་ནི་ལེགས་ན་དེའི་ཆོ་ག་ནི་སྔར་བསྟན་ཏོ།། དེ་ཡང་བདག་སེམས་བཞིན་ཞེས་བརྗོད་པ་འདི་ནི་བཅོས་མས་ལོག་པར་བཀོད་པ་སྟེ། ལྟུང་བ་ལས་ལྡང་བའི་ཆོ་ག ་གཞན་བསྟན་པ་ལ་ཞུགས་པས་ཡུལ་ཉེ་བར་སྤངས་པས་ཆོ་ག་མ་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་དེ་ནི་ཕ་རོལ་ལ་བྲ་ཤུགས་པ་ཉིད་ཀྱིས་ལྟུང་བ་ལས་ལྡང་བའི་ཕྱིར་ཟག་པ་འབྲིང་དང་ཆུང་ངུའི་ལྟུང་བ་རྣམས་དང ་འདི་ཚུལ་འཐུན་པ་མ་ཡིན་ནོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བཞིན་ཞེས་བྱ་བ་ནི་མ་གསུངས་ཏེ། དེ་ལས་ནི་འདི་སྐད་དུ་དེ་ཡང་ཀུན་ནས་དཀྲིས་པ་འབྲིང་གིས་ཕྲམ་པའི་གནས་ལྟ་བུའི་ཆོས་བྱུང་བར ་གྱུར་པས་དེས་ལྔ་ཟན་གསུམ་འམོ་དེ་ལ་ས་ལྷག་པར་རུང་བའི་མདུན་དུ་བཤུགས་པར་བྱའོ།། ཀུན་ནས་དཀྲིས་པ་ཆུང་ངུས་བྱས་པའི་ཕམ་པའི་གནས་ལྟ་བུའི་ཆོས་ནི་གཙུག་གི་མདུན་དུ་བཤགས་པར་རིག་པར ་བྱེའོ།། ལྟུང་བ་གཞན་རྣམས་ཀྱང་གང་གིས་མདུན་དུ་བཤགས་པར་བྱ་བའི་རྗེས་སུ་འཐུན་པའི་གང་ཟག་མེད་ན། བྱང་ཆུབ་སེམས་དབུས་བསམ་པ་ཐག་པ་ནས་ཕྱིན་ཆད་མི་བྱེད་པའི་སེམས་བསྐྱེད་པར་བྱ་ཞིང་ཕྱིས་ཀྱང ་སྡོམ་པར་བྱེད་པ་འདི་ནི་དེའི་ལྟུང་བ་རྣམས་ལས་ལྡང་བར་བསྟན་པོར་བྱའོ་ཞེས་གསུངས་སོ།། དེ་ལ་གསུམ་ལོ་ཞེས་བསྟན་པ་ནི་ངེས་པར་གཟུང་བ་དང་བཙོས་པར་བལྟ་བར་བྱ་སྟེ། གསུམ་ཁོ་ན་ཡིན་གྱི་གཉིས ་སེམ་གཅིག་གི་མདུན་དུ་ནི་མ་ཡིན་ཏེ། ཉུང་བ་ཉིད་ཀྱིས་ཐ་མལ་པ་ལ་སོགས་པ་བཞིན་དུ་ལྟུང་བ་ལས་ལྡང་བའི་ལས་བྱས་སུ་ཟིན་ཀྱང་མ་བྱས་པར་འགྱུར་རོ།། དེ་ལས་ལྡོག་པ་ཡང་རུང་སྟེ་ཞེས་བྱ་བ་ནི་གསུ ་ལས་ལྷག་པ་སྟེ་བཞི་ལ་སོགས་པའི་མདུན་དུ་སྟེ། ལྷག་པ་ཉིད་ཀྱིས་ལེགས་པར་བྱས་པའི་ཕྱིར་རོ།། གཅིག་གི་མདུན་དུ་ཞེས་བྱ་བ་འདི་ལ་ཡང་གཱི་སྒྲར་བལྟ་བར་བྱ་སྟེ ་བཤགས་པར་བྱ་ཞེས་འདིར་ངེས་པར་བཟུང་བར་བྱའོ།། འདིའི་དོན་ནི་གཅིག་གོ་མདུན་དུ་ཡང་སྟེ། གཉིས་ལ་སོགས་པ་འབོའ་ཞིག་ལ་བཤགས་པར་བྱ་བོ་ནི་མ་ཡིན་ནོ།། རང་གི་སེམས་ཀྱིས་སྡོམ་པ ་ཡང་ལྟུང་བ་གཞོན་རྣམས་ཀྱང་ཞེས་གསུངས་པའི་ཀྱོང་གི་སྒྲ་ནི་གཅིག་མདུན་དུ་བཤགས་པར་རིག་པར་བྱའོ་ཞེས་བྱ་བ་འདི་འདྲེན་པ་ཡིན་ཏེ། ཐུབ་པའི་བཀའ་ནི་རིམ་པ་དང་བྲལ་བ་མ་ཡིན་པར་ལྟེ་བར་བྱའོ།། ་འོ་ན་བཤགས་པར་རིག་པར་བྱའོ།། ཞེས་བྱ་བ་ཡང་ཟག་པ་ཆུང་ངུའི་ལྟུང་བ་དག་ལས་གཞན་པའི་ཉེས་བྱོས་ཀྱི་ལྟུང་པ་རྣམས་གཅིག་གི་མདུན་དུ་བཤགས་པར་རིག་པར་བྱ་བ་ཡིན་ན་ནམ་ཞེ་ན། ཅི ་འདི་རྣམས་བཤགས་པ་ཁོ་ནོར་རིག་པར་བྱ་བ་མ་ཡིན་པར་བསྟན་པའི་ཕྱིར། མེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ནི་འདི་ཡིན་ཏེ། ལྟུང་བ་གཞན་རྣམས་ནི་བོ་ཤུགས་པར་ཡང་བྱ་ཞེས ་བྱ་བར་རིག་པར་བྱ་ལ་བཤགས་པའི་གནས་ཀྱི་གང་ཟག་མེད་ན་ཕྱིས་ཡང་ལྷག་པར་མི་སྤྱོད་པོའི་སེམས་བསྐྱེད་པར་རིག་པར་བྱའོ།། གཞན་དུ་ན་གང་ཟག་གི་གྲངས་ཀྱིས་ཀྱང་སོ་སོར་བསྟན་པ་ལོས ་དོན་ཅི་ཞིག་ཡོད། གལ་ཏེ་ཡང་ཟག་པ་ཆུང་ངུའི་ལྟུང་བ་རྣམས་ཀྱང་ལེགས་པར་སྡོམ་པར་འགྱུར་པ་ཉིད་དུ་དགོངས་པ་ཡིན་ན་ནི། དེའི་ཚེ་ཀུན་ནས་དཀྲིས་པ་ཆུང་ངུས་བྱས་པའི་ཕམ་པའི་གནས་ལྟ་བུ ་ཆོས་ཞེས་ལོགས་ཤིག་ཏུ་བསྟན་པ་ལ་དེན་མེད་དོ།། དེ་ལྟར་ཡང་ཟག་པ་འབྲིང་གི་ལྟུང་བ་རྣམས་ནི་བཤགས་པར་བྱ་བ་ཉིད་དུ་བསྟན་ལ་གཞན་རྣམས་ཀྱང་ཁྱད་པར་མེད་པ་ཡིན་པས་བཤགས་པ་དང ་ལེགས་པར་སྡོམ་པ་ཞེས་བསྟན་པ་ཡང་མི་རིགས་པར་འགྱུར་རོ།། གལ་ཏེ་ཡང་ཟག་པ་འབྲིང་ཡང་བསྡམ་པར་གྱུར་ནོ་དེའི་ཚེ་གསུམ་འམ། དེ་ལས་ལྷག་པའི་གང་ཟག་གི་གྲངས་ནི་དགོས་པ་མེད་པར་འགྱུར ་དེའི་ཕྱིར་བཤེགས་པར་བསྟན་པ་ཉིད་དུ་གྲུབ་བོ།། གང་ཟག་མེད་ན་ཡིད་ཀྱིས་བསྡམ་པར་ཡང་དགོངས་པ་ཡིན་པའི་ཕྱིར་འདིར་གཅིག་ལ་བཤགས་པ་འམ། དུ་མ་བཤེགས་པའང་རུང་སྟེ། འདི་ལ ་པ་མོད་པར་འགྱུར་རོ།། དེ་ལྟར་གང་ཟླགཱི་གི་གྲངས་ནི་རིགས་པ་ཡིན་ནོ།། གལ་ཏེ་དེ་ལས་ཉུང་བའི་བཤགས་པར་བྱ་བའི་ལྟུང་བ་རྣམས་ཀྱང་མ་བྱུང་བ་དེ་ལྟར་ན་རང་གི་སེམས་ཀྱིས་བསྡམ་པའི་གོ། ་སྐབས་ཡོད་པར་ག་ལ་འགྱུར། དེའི་ཕྱིར་ཇི་སྐད་བསྟན་པ་ཉིད་ནི་རིགས་པ་ཡིན་ནོ།། དེ་ལྟ་བུ་ཉིད་དུ་མཐོང་ནས་དོན་མཛད་པས།། ཟག་པ་འབྲིང་ནི་གསུམ་ལ་བཤགས།། གཅིག་གི་མདུན་དུ ་ལྕགས་རྣམས། ན་མོངས་མི་མོངས་བདག་སྣརུམས་ལ།། ཞེསྡུ་མདོགས་ཀྱུ་ཟ་ས་སྦྱོར་བསྟན་པ་ཡིན་ནོ།། གཞན་དུ་ན་བདག་ནནུ་པོ་རྨུགས་ནཱ་རྣོན་པོ་དང་ལྡན་པ་ཟློ་གྲོས་རྣམ་པར། ་དྲུག་པས་དེ་ཇི་ལྟར་ཀུན་ཏུ་རྨོངས་པ་འམ། ཚིག་ལ་མི་མཁས་བྱས་དེ་ལྟ་བུའི་དོན་དུ་བསྟན་པ་ཡིན་ཏེ། ཤིན་ཏུ་སྤྲོས་པས་ཆོ་གོ།། དེ་ནས་ཉོན་མོངས་པ་ཅན་དང་ཉོན་མོངས་བློ་ཅན་མ་ཡིན་པ་ཞེས་བྱ་བའི་ལྟུང་བ་འདི་གང ་ཡིན་ཞེ་ན། ཆགས་པ་དང་། ཀུན་ནས་མནར་སེམས་དང་། ཁོང་ཁྲོ་བ་དང་། ཕྲག་དོག་དང་། ང་རྒྱལ་དང་མ་དད་པ་དང་། མ་གུས་པ་ལ་སོགས་པ་རྣམས་ཀྱི་ཉོན་མོངས་པ་ཅན་གྱི་སེམསོ་པསཀུན་ནས ་བསླང་བའི་ལྟུང་བ་ནི་ཉོན་མོངས་པ་ཅན་ནོ།། ལྕེ་ལོ་དང་སྙོམ་ལས་དང་། བག་མེད་པ་དང་། བརྗེད་ངས་པ་ལ་སྩོགས་པས་བྱུང་བ་ནི་ཉོན་མོངས་པ་ཅནི་མ་ཡིན་པ་སྟེ། དཀོན་མཆོག་གསུམ་ལ་མཆོད་པ་ལས ་གཞན་པ་ལི་ནི་ཉོན་མོངས་པ་ཙཱན་མ་ཡིན་པ་ཡིན་ལ། འདི་ལ་སྙོམ་ལུས་དང་ལེ་ལོ་ལ་སོགས་པ་བྱེད་པ་ནི་ཉོན་མོངས་པ་ཅན་དུ་དགོངས་པའོ།། དེ་ལ་ཀུན་ནས་མན་རཾ་སེམས་ནི་འཁྲུག་པའོ།། ཁོང་ཁྲོ་བ་ནི་ཞེ ་སྡང་ངོ་།། ལེ་ལོ་ན་དགེ་བ་ལ་མི་སྤྲོ་བའོ།། སྙོམས་ལས་ནི་བྱེད་པར་མི་འདོད་པས་ལུས་དང་སེམསོ་སྙོམས་པའོ།། ཆགས་པ་ཁོང་ཁྲོ་ང་རྒྱལ་སོགས།། ཉོན་མོངས་ལྟུང་བར་འདིར་བསྟན་ཏེ།། ལེ་ལྀ་རྗེད་ངས ་ལ་སོགས་པ།། མཆོད་ལ་སྐུ་གཞན་དུ་ཉོན་མོངས་མིན་ཞེས་བྱ་བ་ནི་བསྡུ་བའི་ཚོགས་སུ་བཅད་པའོ།། ཡང་དེ་ལས་གཞན་པའི་ལྒང་བའི་ཆོ་ག་རྣམ་པ་གཉིས་བསྟན་པའི་ལྟུང་བ་དེ་རྣམ་གང་ཡིན་ཞེས་འདྲི་བ ་ལ་ཉེས་བྱས་ཀྱི་ལྟུང་བ་བཞི་བཅུ་རྩ་དྲུག་རྒྱུ་ཇི་ལྟ་བའི་རིམ་པོས་བསྟན་པ་ར་འདོད་ནས། དཀོནྡ་མཆོག་གསུམ་ཞེས་བྱ་བ་ལ་སོགསུ་པ་སྨོས་ཏེ། དཀོན་མཆོག་གསུམ་ལ་ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་། ་དགེ་འདུན་ཏེ། དཀོན་མཆོག་གསུམ་པོ་རྣམས་ལ་གསུམ་སྟེ་ལུས་དང་ངག་དང་ཡོད་དག་གིས་མཆོད་པར་མི་བྱེད་པོ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་དུས་དུས་སུ་རྒྱ་ཆེ་བའི་རྣམ་པ་ཐམས་ཅད་ཀྱིས ་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་ལས་ཉམས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཙོམ་ལྡན་འདས་ཀྱི་མཆོད་རྟེན་དང ་སྐུ་གཟུགས་དང་། དོན་དམ་པའི་ཚོ་ས་དང་། བྱང་ཆུབ་སེམས་དཔེའི་སྡེ་སྣོད་ལྔ་སོགས་པའི་གླེགས་བམ་དང་། ཕྱོགས་བཅུའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་དགེ་འདུན་གང ་ཡིན་པ་ལ་ཅི་འབྱོར་པའི་མེ་ཏོག་ལ་སོགས་པས་མཆོད་པར་བྱ་སྟེ། ཐ་ན་ལུས་ཀྱིས་ཕྱག་གཅིག་ཙམ་འཚལ་བ་དང་། ངག་གིས་དེ་རྣམས་ཀྱི་ཡོན་ཏནི་རྣམས་ལས་བརྩམས་ཏེ་ཚིག་བཞི་པའི་ཚིགསུ ་བཅད་པ་གཅིག་ཙམ་འདོན་པ་དང་། སེམས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་འགྲོ་བའི་དང་པ་གཅིག་ཙམ་ཡང་མུ་བྱས་པར་མ་གུས་པ་དང་། སྙོམ་ལས་དང་ལེ་ལོས་ཉིན་མཚན་ལས ་འདྲའ་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། བསམ་པ་རྣམ་པར་དག་པའི་ས་རུ་ཆུད་པས་མཆོད་པའི་མཆོག་གི་མཆོད་པར་བྱེད་ན་ཉེས་པ་མེད་དོ།། འདོད་པའོ་ཞེས་བྱ་བ་ལ་སོགས་པ་ལ།། འདོད ་པའི་སེམས་ནི་པྲ་རྙེད་པ་དང་། བཀུར་སྟི་ལ་འཆུམས་པ་དང་། མ་ཐོབ་པ་ལ་ཆགས་པའོ།། དེའི་རྗེས་སུ་འཇུག་པ་ནི་རྗེ་སུ་འབྲང་བྱ་སྟེ། སྡོམ་པའི་ཚུལ་ཁྲིམས་ཀྱི་ཤིན་ཏུ་བསྡུམས་པའི་ཚུལ་ཁྲིམས་ལས་རླུང ་པ་དང་བཀུར་སྟི་དང་དུ་ལེན་ཅིང་འདོད་པ་ཆུང་བུ་དང་། ཆོ་ག་ཤེས་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའི་འདོད་པའི་སེམས་སྐྱེས་པ་དང་དུ་ལེན་པར་བྱེད་ན་ཉོན ་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། རང་བཞིན་གྱིས་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་འདོད་པའི་སེམས་ལ་ཉོན་མོངས་པ་ཅན་མ་ཡོན་པའི་ཉེས་པ་མེད་དོ།། སྤང་བར་འདོད་ཀྱང་ཉོན་མོངས་པའི་ཤོས་ཆེ་བའི ་བའི་ཕྱིར་ཟིལ་གྱིས་མནན་ནས་འཇུག་པ་ལ་ཉེས་པ་མེད་དོ།། རྒན་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ། ཆེས་རྒན་པ་ལ་གུས་པར་མི་བྱེད་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་ཤིན་ཏུ་བསྡམས་པའི་ཚུལ་ཁྲིམ ་ལས་སྤྱོད་པ་དག་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་ཆེ་སྣ་རྒན་ཞིང་ཡོན་ཏན་དང་ལྡན་པ་ལ་བཀུར་སྟི་བྱ་བར་འོས་པའི་ཆོས་འཐུན་པའོ་ཆོས་གང་ཟག་མཐོང་། ་ན་ང་རྒྱལ་གྱིས་སམ། ཁོང་ཁྲོ་བ་ལ་སོགས་པོས་གུས་པར་མི་བྱེད་ཅིང་སྟན་པོས་མི་ལྡང་ལ་བསྟན་མི་སྟོབས་ནུ་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན ་པའོ།། ནད་ཚབས་ཆེ་བས་ནུས་པ་ཆུང་པ་དང་། ཐ་མེལ་བ་མ་ཡིན་པ་དང་སེམས་འཁྲུགས་པ་ལ་ཉེས་པ་མྱེད་དོ།། དྲིས་པ་ཞེས་བྱ་བ་ལ་སྡོག་པ་ལ་དྲིས་བཞེ་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཀུན་ཏུ་སྨྲ་བ་དང་ཡང་དག ་པུར་དགའ་བར་བྱེད་པ་ལ་བཾ་ལྟ་བ་བྱའོ།། ལནྡྲ་འདེབས་པཱ་ནཱི་རྗེས་སུ་འཐུན་པའི་ལྀན་མཱི་འདེབས་པའོ།། འདི་ཡང་ཉེ་བར་མཚོན་པ་སྟེ། ཀུན་ཏུ་སྨྲ་བོར་མྱི་བྱེད་པ་དང་། སླར་ཡང་དག་པར་དགྲའ་བར་མི ་བྱེད་པ་ལ་ཡང་བལྟ་བར་བྱ་སྟེ། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱིས་གཞན་གྱིས་སེམས་སྲུང་བ་ལས་ཉམས་པའི་ཕྱིར་ལན་མི་འདེབས་པ་ལ་སོགས་པའི་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། ་བྱང་ཆུབ་སེམས་དཔའ་ཕོ་རོལ་པོ་དག་འདྲི་བ་དང་། ཀུན་ཏུ་སྨྲ་བ་དང་། ཡང་དག་པར་དགའ་བ་དང་བྱེད་པ་ལ་ང་རྒྱལ་ལ་སོགས་པས་ཡང་དག་པར་ལན་མི་འདེབས་པ་དང་ཀུན་ཏུ་མི་སྨྲ་བ་དང་། ་ཡང་དག་པར་དགའ་བར་མི་བྱེད་པ་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ།། དེ་གཉིད་ཀྱིས་ལོག་པ་ལས་གཞནུ་དག ་གིས་འདི་སད་པར་འགྱུར་བའི་འདུ་ཤེས་ཀྱིས་འདྲི་བ་དང་། ཀུན་ཏུ་སྨྲ་བ་དང་། ཡང་དག་པར་དགའ་བར་བྱེད་པ་དང་། ཆོས་སྟོན་པ་དང་། གཞན་ཆོས་དང་འབྲེལ་པའི་གཏམ་སྟོན་པ་ལ་ཉན་པ་དང་། ཆོས ་ཀྱི་གཏམ་ལ་མི་དགའ་བར་འགྱུར་བ་དང་། དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་དང་། གཞན་ཆེས་མང་བློ་རྣམས་ཀྱི་སེམས་བསྲུང་བ་དང་། ཐབས་དེས་འདུལ་བར་འདོད་པ་ལ་ནི་ཉེས་པ་མེད་དོ།། འགྲོན ་བོས་ཞེས་བྱ་བ་ལ་སོགས་པ་ལ། འགྲོན་དུ་བོས་པ་ནི་བདག་གིར་མི་བྱེད་པ་ནི་འདས་མཐུག་པ་ལྟ་བུའི་ཡིན་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའུ་གཞན་གྱི་ཁྱིམ་དང ་གཙུག་ལོག་ཁང་ངམ། ཁྱིམ་པ་དང་གཙུག་ལག་ཁང་གཞན་དུ་ཟས་དང་སྐོམ་དང་། གོ་སྲ་ལ་སོགས་པ་རྣམས་ལོ་ཉེ་བར་བོས་པ་ལས་ང་རྒྱལ་ལ་སོགས་པས་བདག་གིར་མི་བྱེད་པ་ནི་ཉོན་མོངས་པ་ཅན ་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ།། ན་སྟེ་མི་ནུས་པ་དང་། ཐབས་དེས་འདུལ་བར་འདོད་པ་དང་། བསོད་སྙོམས་མ་ཡིན་པ་དང་སླར་གཞན་ལ་ཁས་བླངས་པ ་བ་དང་མཐོ་འཚམ་པའི་བསམ་པས་འབོད་པ་དང་། ཡུལ་ཐག་རིང་བ་དང་། ལམ་ན་འཇིགས་པ་དང་བཅས་པ་དང་། བྱང་ཆུབ་སེམས་དཔའ་དེ་དོན་དུ་གཉེར་བ་མ་ཡིན་ཏེ། བརྫུན་པ་དང་། རྒྱུན་མ་ཆུང ་པར་དགེ་བའི་ཕྱོགས་ལ་བརྩོན་པ་ལ་རྒྱུ་དེས་བྱར་ཆད་དུ་འགྱུར་བ་དང་། སྔོན་མ་ཐོས་པའི་དོན་དང་ལྡན་པའི་ཆོས་ཀྱི་དོན་ལ་སོགས་པ་མཉན་པ་ལས་ཉམས་པར་འགྱུར་བར་མིཐོང་བ་དང་། དགེ ་འདུན་གྱི་ནང་ཁྲོམས་སྲུང་བ་དང་། གཞན་གྱི་སེམས་བསྲུང་བ་རྣམས་ལ་ནི་ཉེས་པ་མེད་དོ།། གསེར་ལ་སོགས་པ་ཞེས་བྱ་བ་ལ། གསེར་ལ་སོགས་པ་སྟོབ་པ་ན། ལེན་པར་མི་བྱེད་པ་ནི་སེམས་ཅན ་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་བསོད་ནམས་ཀྱི་གྲོགས་སུ་འགྲོ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་ཏེ། ཡང་དག་པར་ལྡན་པ་ནི་གྲོགས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ།། བྱང་ཆུབ ་སེམས་དཔའ་ཕ་རོལ་གྱི་གསེར་ལ་སོགས་པ་བསྟབས་པ་ནི། ང་རྒྱལ་ལ་སོགས་པོས་ལེན་པོར་མི་བྱེད་ན་སེམས་ཅན་ཡུལ་བར་འདོད་པའི་ཕྱིར་ཉོན་མོངས་བྱ་ཅན་གྱི་ཉེས་པར་འགྱུར་རོ།། ལེ་ལྀ་ལ ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ།། དེ་བླངས་པས་བདག་ཉིད་ཆགས་པར་འགྱུར་པར་མཐོང་བ་དང་། སྦྱིན་པ་འཁྲུལ་དུ་དོགོས་པ་དང་། འགྱོད་པར་འགྱུར་བར་དོགས་པ་དང་། དེ་དབུ ་ཞིང་ཕོངས་པར་འགྱུར་བར་དོགས་པ་དང་། སྦྱིན་པའི་དངོས་པོ་དེ་དགེ་འདུན་ནུམ་མཆོད་རྟེན་གྱི་ཡིན་དུ་དོགས་པ་དང་། གཞན་ལ་མི་རིགས་པར་འཕྲོག་པར་ཡིན་དུ་དོགས ་པ་དང་། རྒྱུ་དེས་དེ་ལཱ་གནོད་པར་འགྱུར་བྱ་ཞིག་མཉེས་པ་མེད་དོ།། ཆོས་འདོད་པ་ལོ་ཞེས་བྱ་བ་ལ་སོགས་པ་ལ་ཆོས་དོན་དུ་གཉེར་བ་ལ་སྦྱིན་པར་མི་བྱེད་པ་ནི་དགེ་བ་ཆོས་སྡུད་པ་དང་། སེམས་ཅིན་གྱི ་དོན་བྱ་བ་དག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་ཆོས་དོན་དུ་གཉེར་བྱས་ཡང་དག་པར་ཉེ་བར་གནས་པ་ལ་ཁོང་ཁྲོ ་པ་དང་ཕྲག་དོག་ལ་སོགས་པས་ཆོས་སྦྱིན་པར་མི་བྱེད་ན་ཉོན་མོངསོ་པྲ་ཅན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པུ་ཅན་མ་ཡིན་པའོ།། ཉེས་པ་མེད་པ་ནི་ཕམ་པར་འགྱུར་བ་དང་འདྲའོ།། ། ་གང་ཡང་ཕམ་པར་འགྱུར་བའི་ཕྱོགས་དེ་ལས་ཉེས་བྱོས་ཀྱི་ལྟུང་བ་འདི་དབྱེ་སྟེ། དེ་སེར་སྣ་ས་ཀུན་ནས་བསླང་བ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་འོགྲོ་མ་རྣམས་ལ་ཡང་ཉོན་མོངས་པ་དེ་དང་དེས་དབྱེ་བ་བྱས་པས ་ཕམ་པར་ལྟུང་བའི་ཕྱོགས་རྣམས་རྗེས་སུ་དྲན་པར་བྱའོ།། ཕམ་པར་འགྱུར་བའི་སྒོ་ནས་མི་འདྲ་བར་བཤད་པ་ཡིན་ཏེ་རང་བཞིན་ཤེས་པར་མི་འགྱུར་བ་དང་གཞན་མ་ཡིན་པ་དང་། ལྟུང་པོ་གསུམ་པ ་མི་འགྲུབ་པའི་ཕྱིར་ཉེས་བྱས་ཀྱི་ཆོས་ཀྱིས་བསྡུས་པར་གྲུབ་པོ།། ཚུལ་ཁྲིམས་འཚལ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་འཁྱལ་པ་རྣམས་ཡལ་བར་འདོར་བ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི ་ངེས་པ་ལས་ཉ་མོས་པའི་ཕྱིརརུ་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་སེམས་ཅན་ཚུལ་ཁྲིམས་འཆལ་ཅིང་ལོག་པར་སྤྱོད་པ་རྣམས་ལ་ཀུན་ནས་མུན་རྭ་སེམས་ལ་སོགས་པྲས ་ཡལ་བར་འདོར་ཞིང་ཚུལ་ཁྲིམས་འཚལ་པ་ཉིད་ཀྱི་རྐྱེན་གྱིས་དེ་རྣམས་ལ་ཁྱད་དུ་གསོད་ཅིང་དེ་རྣམས་ཕན་པ་དང་བདེ་བ་ལ་གནས་པར་མི་བྱེད་ན། ཉོན་མོང་པ་ཅན་གྱིས་ཉེས་པར་འགྱུར་ཏེ། དེ ་རྣམས་ཉིད་ལ་རྗེས་སུ་བརྩེ་བར་འགྱུར་བའི་ཕྱིར་རོ།། དེ་རྣམས་འདུལ་བར་འདོད་པ་དང་། དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་དང་གཞན་མང་པོ་དག་གི་སེམས་བསྲུང་ན་ཉེས་པ་མེད་དོ།། ཕ་རོལ་ཞེས ་བྱེ་བ་ལྔ་སོགས་པ་ལ་ཉན་ཐོས་ལ་སྩོགས་པོ་གཞན་དག་དད་པར་བྱ་བའི་ཕྱིར་བསླབ་པ་བཅས་པ་རྣམས་ལ་སློབ་པར་མི་བྱེད་པ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས ་པོའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། རབ་ཏུ་བྱུང་བའི་བྱངོ་ཆུབ་སེམས་དཔའ་གཞན་མ་དད་པ་རྣམས་དད་པར་བྱོ་བ་དང་། དད་པ་རྣམས་ཕྱིར་ཞིང་དབྱུང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས ་ཀྱིས་སོ་སོར་ཐུར་པའི་འདུལ་བ་ལས་བཅས་པའི་ཁ་ན་མ་ཐོ་བ་སྤང་བར་བྱ་བའི་ཕྱིར་བསླབ་པའི་གཞི་བཅས་པ་དེ་རྣམས་ལ། མ་དད་པ་དང་མ་གུས་པས་མི་སློབ་པ ་ནི་ཉོན་མོངས་པ་ཅན་གྱིས་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ།། དེ་ལོ་ཆོས་ལྔ་དང་པཱ་ལ་ཀུན་ཏུ་སྤྱོད་པར་བྱེད་པ་དེ་ནི་ཉེས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔས ་ནི་གཞན་རྣམས་ཀྱི་ལ་ཆེས་ལྷག་པར་བསླབ་པར་བྱ་བ་ཡིན་པ་དང་ང་། རབ་ཏུ་བྱུང་བར་གྱུར་པས་ནི་རང་གི་བསླབ་པ་རྣམས་ངེས་པོར་བསྲུང་དགོས་པའི་ཕྱིར་རོ།། གལ་ཏོ་བྱང་ཆུབ་སེམས་དབུ ་ནི་ཉན་ཐོས་ཀྱི་བསླབ་པ་རྣམས་ལ་ཡང་བསླབ་པར་བྱོ་བླ་ཉིད་ཡིན་པ་དེ་ལྟར་ནོ་བྱང་ཆུབ་སེམས་དཔས་ནི་དོན་ཉུང་བ་དང་བྱ་བ་ཉུང་བ་ལ་གོམས་པར་བྱ་བ་ཉིད་དུ་འགྱུར་རོ་ཞེ་ན། བདག་གི་དོན་དུ་ལྷུར ་ལྡན་པའི་ཕྱིར་འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སེམས་ཅན་དོན་ལ་ཞེས་བྱེ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དོན་ལྷུར་བླང་བ་ལ་བྱ་བོ་ཆུང་བ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ ་ཁྲིམས་ཉམོས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལྷུར་ལེན་པ་ལ་ཁོང་ཁྲོ་བ་ལ་སོགོས་པས་དོན་ཉུང་ཞིང་བྱ་བ་ཉུང་ལ་སྔོ་བོ་ཆུང་བས ་གནས་པར་གྱུར་ན་ཉོན་མོངས་པ་ཅནྡ་གྱི་ཉེས་པར་འགྱུར་རོ།། ལྕེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅནྡ་མ་ཡིན་པའོ།། དེ་ལྟར་ན་ཡང་བྱང་ཆུབ་སེམས་དཔས་གཞན་གྱི་དོན་དུ་ཉེ་དུ་མ་ལྡན་བྲམ་དྷ། ་དང་ཁྱིམ་བདག་རྣམས་ལས་གོ་བརྒྱ་སྟོང་རྙེད་ཀྱང་བཅིལ་བར་བྱ་སྟེ། དེས་ཀྱང་བརྟགས་ནས་ཇི་ཙམ་དགོངས་པ་བླང་པར་བྱའོ།། དེ་བཞིན་དུ་གཞན་དག་ལ་ཡང་བསྒྲུབ་པུར་བྱའོ།། ཉེས་པྲ་མི་འགྱུར་བ ་ཡལ་བར་དོར་བ་དང་འཐུན་ནོ།། སྙིང་བརྩེར་བཅས་ན་ཞེས་བྱ་བ་ལ་སོགས་པ་ཕ་རོལ་དང་ཕྱིར་སློང་མི་བྱེད་ཅེསུ་བྱ་བ་ལས་དམིགས་ཀྱིས་བསལ་བའོ།། སྙིང་བརྩེར་བཅས་ཞེས་བྱ་པ་ནི་སྙིང་རྗེ་དང་ལྡན་ཞིང་རྗེ་སུ་བརྩེ་བ ་དང་ལྡན་པ་སྟེ། དེ་ལྟ་བུའི་རང་བཞིན་ཅན་གྱི་ཐབས་ལོ་མཁས་པས་མའི་སྲོག་གཅོད་པ་དང་། གཞན་གྱིས་བདག་གིར་བྱ་བ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་སྤྱོད་པ་དང་། བརྫུན་དུ་སྐྱེ་བ་དང་། མཛའ ་བོཔོ་དབྱི་བ་དང་། ཚོག་རྩུབ་པོས་གཤེ་བ་དང་། ངག་ཁྱལ་པ་སྨྲ་བ་དང་། དེ་ལྟ་བུའི་རང་བཞིན་ཅན་གྱི་ཁ་ན་མ་བྷྱོ་བ་དང་བཅས་པའི་ལས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཐུབས་ལ་མཁས་པ་དེ་ལྟ་བུ་ཀུན ་ཏུ་སྤྱོད་ན་ཉེས་པར་མི་འགྱུར་ལ་ཉེས་པ་མེད་པར་འགྱུར་ཞིང་། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་བ་ཡིན་ན། བཅས་པའི་ཁ་ན་མི་ཐོ་བ་དང་བཅས་པ་རྣམས་ལྟ་ཅི་སྨོས། དེ་ལྟ་བླ་ན་རྫུ་འཕྲུལ་ཆེན ་པོ་དང་ལྡན་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ན་བྱས་པ་རྣམས་ནི་བྱིས་པ་རྣམས་རྗེས་སུ་བསྲུང་བའི་ཕྱིར་འཁྲིག་པའི་ཆོས་ཀྱང་རབ་ཏུ་བརྟེན་པར་བྱ་བ་ཡིན་ན་གཞན ་རྣམས་ལྟ་སྨོས་ཀྱང་ཅི་དགོས་གང་གིས་ཕྱིར་བྱིས་པ་རྣམས་ནི་རེ་ཞིག་རང་ཉིད་ཀྱི་བགོ་ལ་ཉལ་བ་མ་སྤོངས་ཤིང་། རྒྱུན་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པས་ཇི་ལྟར་འདོད་པའི་ཡུལ་ཡང ་ལེན་པར་བྱེད་དེ། དམན་པ་ལ་ཤིན་ཏུ་ཞེན་པོའོ།། ལས་འདི་ཡང་ཤིན་ཏུ་རིང་མོ་ནས་གོམས་པའི་ཕྱིར་རང་གི་དང་གིས་འདོད་པར་འགྱུར་པ་དྲང་། ཤིན་ཏུ་ཡིད་ལ་འདོད་པ་དང་། མྱུར་དུ་རྐྱེན་ཉེ་བར་གནས ་པ་ལ་ཡང་ཕ་རོལ་ལ་སྙིང་བརྩེ་བས་འཇུག་ཀྱང་ཉེས་པ་མེད་དོ།། ཞེས་བྱ་བའོ།། རྟོག་པ་ལས་ཉེ་བོར་གནས་པའི་སེམས་སུ་བྱས་ནས་འཁྲིག་པ་ཀུན་ཏུ་སྤྱོད་པ་ནི་ལྟུང་བར་འགྱུར་ཞིང་བོར་མཆོད་པར ་དམྱལ་བར་འགྲོ་བར་འགྱུར་བ་དང་། འདུལ་བར་འོས་པ་མང་པོ་ཡང་བསྟན་པ་ལ་མི་དད་པར་འགྱུར་པ་དང་། འཇིག་རྟེན་པོ་རྣམས་དེའི་གནས་སྐབས་ཁོ་ན་ལི་གནས་པར་འགྱུར་བའི་ཕྱིར་རྗེསུ ་འཇུག་པར་གཟིགས་ནས་བདག་ཉིད་ཆེན་པོ་ཡང་འཁྲིག་པ་ལ་རྟེན་པར་སྦྱོར་བར་མི་མཛད་དོ།། དེ་བཞིན་དུ་མིའི་སྲོག་གཅོད་པ་ལ་སོགས་པ་ཡང་དེ་རྣམས་བྱེད་པ་མ་ཡིན་ཏེ། དེ་ལྟ་བུའི་རྟོག་པ ་ཉེ་བར་གནས་པར་འཇུག་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ།། དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་ཆོམ་རྐུན་དང་། རྐུན་པོས་སྲོག་ཆགས་ཆེ་བའི་བདག་ཉིད་ཅན་དགྲ་བཅོམ་པ་དང་། རང་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་མང་པོ་དགེ་ཟང་ཟིང་ཅུང་ཟང་ཙམ་གྱི་ཕྱིར་བསད་པོར་བྱ་སྟེ། མཚམས་མེད་པའི་ལས་མདོ་པོ་བྱེད་པ་ལ་ཞུགས་པ་བྱང་ཆུབ་སེམས་དཔའ་མཐོང་ནས་ཀྱང་འདི་སྙམ་དུ་སེམས ་ཀྱིས་མངོན་པར་འདུ་བྱེད་དེ། གལ་ཏེ་ཡང་བདག་གིས་སྲོག་ཆགོས་དེ་བསད་ན་བོདག་སེམས་ཅན་དམྱལ་བ་རྣམསུ་སྐྱེ་བར་འགྱུར་མོད་ཀྱི། བདག་སེམས་ཅན་དམྱལ་བར་སྐྱེ་བ་ནི་བླའི། སེམས་ཅེན ་འདིས་མི་མང་པོའི་སྲོག་བཅད་ཅིང་མཚམས་མེད་པའི་ལས་ཀྱང་བྱས་ནས་དམྱལ་བར་འགྲོ་བ་ནི་མི་རུང་ངོ་སྙམ་པའི་བསམ་པས་འཛེམ་བཞིན་དུ་སྙིང་བརྩེ་བའི་སེམས་ཁོ་ནས་སྲོག་དཔྲལ་བར་བྱས་ན ་ཉེས་པར་ཡང་མི་འགྱུར་ལ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ།། རྐུན་པོ་གཞན་གྱི་ནོར་འཕྲོག་པ་གང་དག་གིས་དགེ་འདུན་དང་མཆོད་རྟེན་གྱི་དཀོར་ཕྲོག་ཞྭ་དག་གི་བྱས་ཏེ་ཡང་རྗོད་པར་ད་པདེ་དོནས་ནས ་ས་ཀྱི་ཞེན་ཁྱོད་པ་ཏེ་དེ་ཞ་ལ་ཡུན་རིང་པོར་དོན་མ་ཡིན་པ་དང་། ཕན་པ་མ་ཡིན་པ་དང་བདེ་བ་མ་ཡིན་པར་འགྱུར་ན་མི་རུང་སྙམ་ནས་སླར་འཕྲོགས་ཏེ། དགེ་འདུན་ལ་འབུལ་བར་བྱེད། མཆོད་རྟེན་གྱི་ནི ་མཆོད་རྟེན་ལ་འབུལ་བར་བྱེད། དེ་ལྟ་བུས་ནི་མ་བྱིན་པར་ལེན་བཞིན་དུ་ཉེས་པར་ཡང་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ།། དེ་བཞིན་དུ་རྒྱལ་པོའི ་བློན་པོ་དག་དྲུག་ཤུལ་ཆེན་པོས་གཞན་ལ་འཚེ་བ་བྱེད་པ་རྣམས་སམ། དགེ་འདུན་དང་མཆོད་རྟེན་གྱི་ཞལ་ཏུ་བྱེད་པ་འམ། ཀུན་དགའ་ར་པ་བསྲུང་དེ་གང་དག་གིས་དགེ་འདུན་ནཱ་མ་ཨེ་ཆོད་རྟེན ་གྱི་དཀོར་མི་རིགས་པར་ཆུད་གཟོན་པར་བྱེད་པ་དག་ནི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་སོགས་པ་ལས་འབྱིན་པར་བྱེད་པར་ཡང་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་ཡང་བདག་གི་སྲོག་གི་ཕྱིར ་ཡང་ཤེས་བཞིན་གྱི་བརྫུན་གྱི་ཚིག་མི་སྨྲ་ནོ་ཡང་། གཞན་རྣམས་ཀྱི་སྲོག་ཐར་པར་བྱ་བ་དང་། ཆད་པས་གཅོད་པ་ལས་བསྐྱབ་པའི་ཕྱིར་ཟང་ཟིང་མེདོ་པའི་སེམསྲ་དང་། སྙིང་བརྩེ་བའི་སེམས་ཁོ་ནས་བརྫུན་དུ ་སྨྲ་བར་བྱེད་ལ། དེ་ལྟར་སྨྲ་བཞིན་དུ་ཡང་ཉེས་པར་ཡང་མི་འགྱུར་ཞིང་། བསོད་ན་མོས་མང་པོ་འཕེལ་བར་ཡང་འགྱུར་རོ།། སེམསོ་ཅན་གང་དག་མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དེ ་དག་ལ་སྙིང་བརྩེ་བའི་སེམས་ཁོ་ནས་འདི་དག་སྡིག་པའི་གྲོགས་པོ་དང་བརྟེན་པས་ཡུན་རིང་པོར་གནོད་པ་དང་། དོན་མེད་པར་གྱུར་ན་མི་རུང་ངོ་སྙམ་ནས། དེ་དག་དང་དབྱེ་བའི་ཕྱིར་ཅི་ནུས་ཀྱིས་ཅི་ནས ་ཀྱང་དེ་དེ་དག་དང་། འབྱེ་བར་འགྱུར་ཞིང་མྱི་མཐུན་པར་བྱེད་པའི་ཚིག་སྨྲ་བར་བྱེད་དེ། དེ་ལྟ་བུས་མཛའ་བོའི་དབྱེན་བྱས་ཀྱུང་ཉེས་པར་མི་འགྱུར་ལ་བསོད་ནམས་མང་པོ་ཡང་འཕེལ་བྱར་འགྱུར་རོ།། ཡང་སེ། ་ཙཅན་གྲང་ལམ་ལོག་པ་རོ་ཞུགས་ཤིང་མོ་རིགས་པར་བྱེད་པ་དག་ལྔ་དེ་དག་དྲོ་ལས་སླར་བཟློག་པའི་ཕྱིར་ཅི་ནོས་ཀྱང་འདི་རིམ་གྱིས་ཉེས་པ་ལས་ལོག་པར་གྱུར་གྱི་བར་དུ་རྟག་ཏུ་ཚིག་རྩུབ་པོས་སྨྲ་འབེབ ་པར་བྱེད་དོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ཚིག་རྩུབ་པོ་སྐྱེས་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ།། ཡང་སེམས་ཅན་གླེང་གྲར་དང་གླུ་དང་། རོལ་མོའི་སྒྲ་དང་། རྒྱལ ་པོ་དང་ཆོམ་རྐུན་དང་། ཟས་དང་། སྐོམ་དྲང་། སྨད་འཚོང་མ་དང་། ལམ་སྲང་གི་གཏམ་ལ་སོགས་པ་ལ་མོས་པ་རྣམས་ལ་དེ་དག་གི་གཏམ་རྣམས་ཀྱིས་ཅི་ནས་དེ་མིགུ་བར་བྱས་ཤིང་འདུན་པ ་བྱས་ཤིང་འདུན་པར་ཏེ་དབང་དུ་བྱས་ཤིང་ཉན་དུ་བཅུག་ནས་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་ལ་འགོད་པར་བྱེད་དོ།། དེ་ལྟར་སྣ་ཚོགས་པའི་ཚིག་ཀྱལ་པ་སྨྲ་བོ་ཡང་ཉེས་པར་མི ་འགྱུར་ལ། བསོད་རྣམས་ཀྱང་མོང་དུ་འཕེལ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ལ་རྟོག་པ་དང་བཅས་པས་སྲོག་གཅོད་པ་ལ་སོགས་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། འཁྲིག་པ་ནི་ཡོད ་པ་མ་ཡིན་ཏེ། ལེགས་པར་བྱསམས་ནས་རྐྱེན་གཞན་ཡང་ཉེ་བར་མཐོང་བ་ཡོད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་ཁྱིམ་པ་གཞན་གྱི་བུད་མེད་མི་ཚངས་པར་སྤྱོད་པས ་གཟིར་བའི་སེམས་ཀྱིས་བཅིངས་པ་འཁྲིག་པ་འདོད་པ་འདི་སྐད་དུ་བདག་ལ་ཇི་ལྟར་འདོད་པ་བཞིན་དུ་བྱེད་པོ་མ་ཡིན་ནོ་ཁྱེད་ཀྱིས་དབང་དུ་གྱུར་གྱི། གཞན་དུ་ནུ་ངེས་པར་བདག་སྲོག་ཀྱང་ཡོངསུ ་འདོར་བར་བྱེད་དོ་ཞེས་ཟེར་ན། འདི་སྙམ་དུ་འདི་ཁོ་བོ་ལ་ཀུན་ནས་མུནར་སེམས་སྐྱེ་བར་གྱུར་ནས་བསོད་ནོམས་མ་ཡིན་པ་མིང་དུ་འཕེལ་བར་གྱུར་ན་མི་རུང་ལ། འདོད་པ་ཐོབ་པར་གྱུར་པ་ལས་ནི་ཇི་ལྟར ་འདོད་པ་བཞོན་དུ་དགེ་བ་ལ་ཡང་དག་པར་སྦྱར་བ་དང་། མི་དགེ་བ་ཡོངས་སུ་འདོར་པོ་ལ་དབང་དུ་འགྱུར་རོ་སྙམ་སྟེ། སྙིང་བརྩེ་བའི་སེམས་ཁོ་ནས་དེ་ལ་ལོག་པར་གཡེམ་པ་བསྟེན་ཀྱང་ཉེས་པར་མི་འགྱུར་ལ། ་བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་པོ་ལྟ་བུའོ།། འདི་ལྟ་བུ་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དྲ་བས་ཞེ་སྡང་གིས་ཀུན་ནས་བསླང་བའི་ལྟུང་པ་སྤང་བ་བྱའོ།། ཆགས་པ ་ཀུན་ནས་བསླང་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་རྣམས་གྲངས་དུ་མར་གསུངས་སོ།། དེ་ལ་ཆགས་པ་ལྔ་བྱུང་བའི་ལྟུང་བ་བསྟན་པའི་ཕྱིར་ཆགས་པའི་སྒྲ་ནི་འདིར་བྱམས་པའི་དོན་ཏེ། བྱེམོས་པ་དེ་ཡང ་གུང་འདི་གཅིག་ཏུ་འདི་རྣམས་ལ་ཕན་པ་ཉིད་ཀྱིས་འཇུག་པས་རྗེས་སུ་ཞུགས་པ་སྟེ། གང་ཡང་འདི་ཉིད་བརྩེ་བ་དང་བཅས་པ་ཡིན་པའི་ཕྱིར་རྣམ་པར་སྣང་བ་ནི་མ་ཡིན་ནོ།། ཇི་སྐད་དུ་བྱང་ཆུབ ་སེམས་དཔའ་སེམས་ཅན་ལ།། བུ་གཅིག་པ་ལ་བྱ་བ་བཞིན།། རྐང་གི་ཁང་ནས་བྱམས་པ་ཆེ།། དེ་ལྟས་རྟག་ཕན་བྱེད་པར་འདྲོད་།། སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར།། དེ་ལྟས་ཆགས་སྐྱེས་ལྟུང་མ ་འགྱུར།། འདི་ནི་ཞེ་སྡང་རྣམ་ཀུན་ཏུ།། སེམས་ཅན་ཀུན་དང་འགལ་བར་འགྱུར།། ཇི་ལྟར་ཕུག་རོན་རང་གི་བུ་མཆོག་པ་མོས།། རང་གི་བུ་དེ་ཉེ་བར་འཁྱུད་ནས་འདུག། དེ་འདྲོ་བ་ལ་ཁོང་ཁྲོ་འགལ་པོ་ལྟར།། བརྩེར ་བཅས་ལུས་ཅན་བུ་ལའང་དེ་དང་འདྲ་ཞེས་གསུངས་པ་ལྟ་བུའོ།། སྙིང་རྗེ་ལས་གཞན་པ་ནི་གཞན་དང་འདྲ་པོར་རིག་པར་བྱའོ།། འཚོ་བ་ལོག་པས་ཞེས་བྱ་བ་ལ་སོགས་པ་ལ་འཚོ་བ་ནི་འཚེ་བྱར ་འགྱུར་བའི་ཐབསྡུ་སྦྲེལ་བྱར་བྱེད་པ་ཞེས་བྱ་བའི་དོན་ཏོ།། ལོག་པའི་སྒྲས་ནི་ལོག་པར་སྤྱོད་པ་ཡིན་པའི་ཕྱིར་སྨད་པོའི་ཚིག་གོ།། དམན་པ་སྡུ་ཀུན་ཏུ་འཚོ་བ་ནི་ལོག་པར་འཚོ་བ་སྟེ། འཚོ་བ ་ལག་པར་བྱེད་པའི་ཆོས་ནི་འཚོ་བ་ལོག་པའི་ཞེས་བྱ་བར་ཉེ་བར་བཏགས་ནས་བསྟན་པའོ།། དེ་ཡང་ཆགས་པོ་ལས་བྱུང་བའི་ལུས་དང་ངག་གི་ལས་སོ།། དེ་ཡང་ཚུལ་འཆོས་པ་དང་། ཁ་གསག ་དང་། གཱཞོག་སློངས་དང་། འཐོབ་ཀྱིས་འཇལ་བ་དང་རྙེད་པས་རྙེད་པར་བྱེད་འདོད་པ་དང་། ཆང་དང་མཚོན་ཆ་དང་། དུག་དང་སྲོག་ཆགས་དང་། རྒྱ་སྐྱེགས་ལ་སོགས་པའི་ལས ་བྱེད་པ་དང་། མ་བཏགས་པའི་ཏིལ་དང་ཉུངས་ཀར་འཚིར་བའོ།། ཞིང་ལ་སོགས་པ་ནི་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ལོགས་པར་འཚོ་བ་དང་དུ་ལེནྡ་པར་བྱེད་པ་ནི་སྡོམོ་པའི་ཚུལ་ཁྲིམས་ཀྱི་འཚོ་བ ་དོག་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་ལོག་པས་འཚོ་བར་བྱེད་པའི་ཆོས་བྱུང་བ་རྣམས་དང་དུ་ཡིན་ཅིང་མི་འཇོམས་ལ་སེལ་བར་མི་བྱེད་ན་ཉོན་མོངས ་པ་ཅན་གྱི་ཉེས་པར་འགྱུརརོ།། དེ་བསལ་པོའི་ཕྱིར་འདུན་པ་བསྐྱེད་ཀྱང་དེས་སླར་ཟིལ་གྱིས་མནན་པས་ཀུན་ཏུ་སྤྱད་པ་ལ་ནི་ཉེས་པ་མེད་དོ།། འཕྱར་གནས་ཞེས་བྱ་བ་ལ་སོགས་པ་ལ་འཕྱར་བ་ནི་ཀུན་ཏུ་རྒོད ་པའོ།། སོགས་པའི་སྒྲས་ནི་ཀུན་ཏུ་རྩེ་བ་དང་ཀུན་ཏུ་ཅ་ཅོ་འདོན་པོ་དག་བསྡུའོ།། རྒོད་པ་ཏེ་རྣམ་པར་མེ་ཞི་བའོ་སེམས་ཀྱིས་རབ་ཏུ་རྒོད་པ་ལ་སོགས་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་རྒོད་པ་མ་ཡིན ་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་རྒོད་པས་གཞན་དག་རྒོད་དུ་གཞུག་པར་འདོད་ཅིང་། ཆེས་རྒོད་པར་བྱེད་རྩེ་བར་བྱེད་ཅ་ཅོ་འདོན་པར་བྱེད་དུ ་གཞུག་པར་འདོད་ཅིང་། རྣམ་པ་སྣ་ཚོགས་པའི་སྨྲ་བར་འདོད་ན་འོངས་པ་ཅན་གྱི་ལྷ་ཆུ་བ་མ། དེ་བསལ་བར་འདོད་ཀྱང་ཟིལ་གྱིས་ནོན་པས་ཀུན་ཏུ་སྤྱོད་པ་ནི་ཉེས་པ་མེད་དོ།། གཞན་དག་གིས་ཀུན་ནས ་མནར་སེམས་སམ་མྱ་ངན་སྐྱེས་པ་བསལ་བར་འདོད་པ་དང་། རྩེ་མོ་ལ་དགའ་བའི་རང་བཞིན་ཅན་རྣམས་བསྡུ་བ་དང་། མདུད་པར་བྱེད་པ་རྣམས་ཀྱི་སེམས་བསྲུང་བ་དང་། རྗེས་སུ་འབྲང་བ་རྣམས ་མི་དགའ་བ་དང་། ཀུན་ནས་མནར་སེམས་པ་དང་། རྒྱབ་ཀྱིས་ཕྱོགས་པར་གྱུར་དུ་དོགས་པ་རྣམས་བདག་ཉིད་ལ་མངོན་དུ་ཕྱོགས་པོ་དང་། བསམ་པ་དག་པས་ཀུན་ཏུ་སྨྲ་བ་ལ་ཉེ་བ་མེད་དོ།། འཁོར ་བ་ཞེས་བྱ་བ་ལ་སོགས་པ་འཁོར་བ་ལ་སེམས་མངོན་པར་དགོའ་བ་ཉིད་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་གཅིག་ཏུ་དབེན་པར་གནས་པ་ལ་དགའ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱིས་གནས་ལྟ་བུ ་ཆོས་སོ།། བྱང་ཆུབ་སེམས་དཔའ་གང་ཞིག་བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པར་མངོན་པར་དགའ་བས་གནས་པར་མི་བྱའི། མྱ་ངན་ལས་འདས་པ་ལ་རྒྱབོ་ཀྱིས་ཕྱོགས་ཏེ་གནས་པར་བྱའོ།། ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་འཇིགས་པར་མི་བྱའོ།། དེ་དག་ལ་སེམས་ཀྱང་ཤིན་ཏུ་དབེན་པར་མི་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔོས་ནི་བསྐོལ་པ་གྲངས་མེད་པོ ་གསུམ་དུ་འཁོར་བ་ན་འཁྲོར་ཞིང་བྱང་ཆུབ་ཡང་དག་པར་བསྒྲུབ་པར་བྱ་དགོས་སོ་སྙམ་དུ་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ཉན་ཐོས་ཀྱང་རེ་ཞིག་བདག ་གཅིག་པུའི་དོན་དུ་མྱ་ངན་ལས་འདས་པ་ལ་གཅིག་ཏུ་མངོན་པར་དགའ་བར་ཀུན་ཏུ་སྟོན་པ་ར་བྱེད་ཅིང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ལས་ཀྱང་སྐྱོ་བར་བྱེད་པ་ཡིན་ན། གང་བྱང་ཆུབ ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བྱུང་བ་འདི་ལྟ་སྨོས་ཀྱང་ཅི་དགོས། འདིས་དེ་ལྟ་བུའི་སེམས་ཀུན་ནས་ཉོན་མོངས་པ་མེད་པ་ལ་གོམས་པར་བྱ་བ་ཡང་དག་པར་སྒྲུབ་དགོས་ཏེ། དེ་ནི་འདི། ་ལྟར་དགྲ་བཅོམ་པ་མ་ཡིན་དུ་ཟིན་ཀྱང་དེ་ལས་ཁྱད་པར་དུ་ཀུན་ནས་ཉོན་མོངས་པ་མེད་པ་དང་ལྡན་པས་ཟག་པ་དང་བཅས་པའི་དངོས་པོ་བཅོད་པའི་ཕྱིར་རོ།། ཇི་སྐད་དུ་མགོ་ལ་སེམས་ཅན་ཞུར་ཆེན་ཁྱེར་བ ་ཡོ།། སེམས་དཔའ་མཆོག་ནི་དལ་གྱིས་འགྲོ་མོ་མཛེས།། བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པ།། བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བ་རིགས་ཞེས་གསུངས་པ་ལྟ་བུའོ།། གྲགས་པ་མ་ཡཽ་ནི་ཞེས ་བྱ་བ་ལ་སོགས་པ་ལ་གྲགས་པ་མ་ཡིན་པ་ནི་བསྔགས་པ་མ་ཡིན་པ་སྒྲོགས་པའོ།། དེ་ནི་མི་སྤོང་བ་སྟེ། རྗེས་སུ་འཛིན་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་དྲན་པ་དང་ཤེས་བཞིན་དུ་སྤྱོད ་པ་ལས་ཉམས་པ་དང་། བདག་གྲི་འཁྲུལ་པ་རྣམས་ཡོངས་སུ་ཤེས་ཤིང་ངེས་པར་མཐོང་བྱ་དང་། ངེས་པར་མཐོང་ནས་ཀྱང་སྤོང་བ་ལུས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ ་སེམས་དཔའ་བདག་གི་ཚིག་མི་བཙུན་པར་འགྱུར་བའི་གཏམ་ངན་པ་བདེན་པའི་དངོས་པོ་སེལ་བར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། བདེན་པོའི་དངོས་པོ་མ་ཡིན་པ་སེལ་བ་རོ་མི་བྱིད ་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའོ།། རབ་ཏུ་བྱུང་བ་དང་། སྐྱོངས་མོ་སྤྱོད་པའི་རྒྱུས་མི་སྙན་པ་བརྗོད་པོ་དང་། གཞན་མུ་སྟེགས་ཅན་མངོན་པར་ཞེན་པ་འམ། ཁྲོ་བས་ཟིལ་གྱིས་ནོན་ཅིང་སེམས་ཕྱིན ་ཙི་ལོག་ཏུ་གྱུར་པས་མི་སྙན་པ་རྗོད་ན་ཉེས་པ་མེང་ངོ་།། ཉོན་མོང་པ་བཅུས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་ཉོན་མོངས་པ་དང་བཅས་པ་ནི་དྲག་པོའི་སྦྱོར་བའོ།། དེ་འབའ་ཞིག་གིས་མ་ཡིན་གྱི་འཇམ་པོའི ་སྦྱོར་བས་ཀྱང་ཞེས་བྱ་བ་ནི་ཀྱང་གི་སྒྲའི་དེན་ཏེ།། འཆོས་པར་མི་བྱེད་པ་ནི་ཉེས་པར་སྣང་བར་བྱ་བའི་དོན་ཏོ།། རིགས་པས་སྟོན་པར་མི་བྱེད་ཅིང་སླ་འབེབས་པར་མི་བྱེད་རྭ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས ་རྗེས་སུ་བསྟན་པ་རྣམ་པ་ལྔ་ལྭ་ཡཱ་དང་ཡང་དུ་མ་གུས་པར་གྱུར་པསོ་འཁྲུལ་པ་ལས་ཕན་པའི་བསམ་པས་སྨྲ་དབབ་པས་དྲན་པར་བྱེད་དུ་གཞུག་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གཽནཱ་ལྟ་བུའོ་ཆོས་སོ།། ་བྱང་ཆུབ་སེམས་དཔའ་གཞན་དག་ཡིད་མི་བདེ་བར་འགྱུར་བ་བསྲུང་བའི་ཕྱིར་འཇམ་པ་དང་དྲག་པར་ཐབས་དག་གིས་སྟོན་པར་མི་བྱེད་ཅིང་ཡལ་བར་དོར་ན་ཉོན་མོངས་པ་ཅན ་གྱི་ཉེས་པར་འགྱུར་རོ།། ཐབས་དྲག་པོ་དག་གིས་ཀྱང་གཞན་དག་ལ་བསྟན་པར་བྱའོ།། གལ་ཏེ་དེ་ལྟར་དོན་འདི་དག་བསྟན་པ་ན་འདི་རྣམས་ཡིད་མི་བདེ་བར་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཉེས ་པར་མི་འགྱུར་རོ།། བསྟན་པའི་དོན་ཟབ་པའི་རྒྱུ་ཡིས་མི་བདེ་བ་ཆེན་པོར་གྱུར་ན་ཡོང་ཉེས་པ་མེད་དོ།། གཤི་ལ་ལན་དུ་ཞེས་བྱ་བ་ལ་སོགས་པ་ལ། གཤ་བར་བྱེད་པ་ལ་སླར་གཤེ་བ་ནི་ལན་དུ ་གྲ་ཤེ་བའོ།། སྩོགས་པའི་སྒྲ་ནཱི་སླར་ཁྲོ་བ་དང་སྨ་རཱི་རྡེག་པ་དང་སླར་འཚང་འབྲུ་བ་རྣམས་བསྟུ་ཏེ། སླར་ག་ཤྲཱི་བ་བཞིན་དུ་སླར་ཁྲོ་བ་ལ་སོགས་པ་ཡང་རོག་པར་བྱོའོ།། གངྒ་སྐཱར་ཁྱོ་བ་ལ་སོགས་པ ་དེ་རྣམས་ནི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དག་གིས་གཞན་ལ་ཕན་པ་དོན་དུ་གཉེར་པོ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས ་དཔའི་གཞན་དག་ག་ཤི་བ་དང་། ཁྲོ་བ་དང་། རྡེག་པ་དང་། འཚང་འབྱེ་བ་བྱེད་པ་དག་ལ་ཁྲོ་བས་ཟིལ་གྱིས་ནི་ནི་པས་སླར་བརྙས་པར་འདོད་པོས་གཤོ་བར་བྱེད། སླར་ཁྲོ་བར་བྱེད། སློར་རྡེག་པར ་བྱེད། སླར་འཚང་འབྲུ་བར་བྱེད་ན། ཉོན་མོངས་ཅན་གྱི་ཉེས་པར་འགྱུར་རོ།། ཁྲོས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལནཱགཞན་དག་ཁྲོས་ཤིང་འཁྲུགས་པ་རྣམས་ཀྱང་ཡལ་བར་འཇོག་ཅིང་བཟོད ་པོ་གསོལ་བར་མི་བྱེད། ཤས་ཀྱིས་སྦྱོང་བར་མི་བྱེད་པ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་འཆལ་པའི་གཞིར་གྱུར་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་དུ་ལེན་མི་ལེན ་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་གཞན་དག་ལ་ཉེས་པ་བྱས་སུ་དོག་ཀྱང་རུང་ཀུན་ནས་མནར་སེམས་ཀྱིས་སམ་ང་རྒྱལ་གྱིས་ནོན་པས་འཐུན་པར ་ཤད་ཀྱིས་སྦྱོང་བར་མི་བྱེད་དོ་ཡུལ་བར་འདོར་ནུ་ཉོན་མོང་པ་ཅན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ།། ཐབས་དེས་འདུལ་བར་བྱ་བར་འདོད་པ་དང་། གཞན་མུ ་སྟེགས་ཅན་ཡིན་པ་དང་རོང་བཞིན་གྱིས་འཐབ་ཀྲོལ་ཅན་ཡིན་པ་དང་། རུང་བ་མ་ཡིན་པ་ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད་པས་ཤས་ཀྱིས་སྦྱང་བར་བྱེད་དུ་གཞུག་པོར་འདོད་པ་དང་། ཤད་ཀྱིས ་སྦྱང་བར་བྱས་ན་ཤས་ཆེས་འཁྲུགས་ཏེ་ཤེད་སྐྱེ་བར་འགྱུར་བ་དང་། ཕ་རོལ་བཟོད་པའི་ངང་ཚུལ་ཅན་ཡིན་ཞིང་ཀུན་ནས་མན་རོ་སེམས་མེད་པའི་ངང་ཚུལ་ཅན་ཡིན་དུ་རྀ་ལ། གཞན་ཤད་ཀྱིས་སྦྱོང་བར ་བྱེད་པ་སྣ་ཤིན་ཏུ་ཆུ་བྱར་བྱེད་བྱ་ཞུག་སཉེས་པ་མེད་དོ།། རོལ་ཤཱད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། འགའ་ཞག་ལ་ཡིདདུ་མ་འོང་བར་རྒྱུས་གཞན་དག་ཤཱད་ཀྱི ་སྦྱོསྤྱོད་བར་བྱེད་པ་སྤྱང་བ་ནི་ཉེསོ་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་རྩོད་པ་བྱུང་བ་འགའ་ཞོག་ལས་གཞན་དག་ལ་འཁྲུགས་པར་གྷུ་ར་བྷྱས་དེ་རྣམས་དུས་སུ་ཆོས་བཞིན་དུ་ཤད ་ཀྱིས་སྤྱོད་ཟེར་བྱེད་ཀྱང་ཀུན་ནུསོ་མནར་སེམས་སམ། མཐོ་འཚམ་པའི་བསམ་པས་ཤད་ཀྱིས་སྦྱོང་པ་མཱི་ཉན་ནུམོངས་བཙུན་གྱི་ཉེས་པར་འགྱུར་རོ།། མི་བཟོད་པའི་ངང་ཚུ་ལེ་ཅན་ཡིན་ཞིང་ཉོན་མ ་པཱ་ཅན་མི་ཡིན་པའོ།། ཐབས་དེས་འདུལ་བར་འདོད་པ་དང་། གཞན་མུ་སྟེགསྭཱ་ནཱ་ན་ཡིན་པ་དང་། རང་བཞིན་གྱིས་ཐབ་ཀྲོལཱ་ཅན་ཡིན་པ་དང་། ཆོས་བཞིན་མ་ཡིན་པ་དང་། དུས་མ་ཡིན་པར་བྱ་ཤད ་ཀྱིས་སྦྱོང་བར་བྱེད་ན་ཉེས་པ་མེད་དོ།། ཁྲོ་བྲ་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བའི་སེམས་ཀྱིས་རྗེས་སུ་འཇུག་པ་སྟེ། ཀུན་ཏུ་འཛིན་ན་འདས་མ་ཐག་པ་བཞིན་དུ་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱ ་ཆུབ་སེམས་དཔའ་གཞན་དག་ལ་ཁྲོ་བའི་བསམོ་པ་བྱུང་བ་དང་དུ་ལེན་པར་བྱེད། འཛིན་པར་བྱེད་རྗེས་སུ་འཇུག་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། དེ་སྤང་བར་འདོད་ཀྱང་ཟིལ ་ནོན་པས་མངོན་དུ་རྒྱུ་བ་ལ་ནི་ཉེས་པ་མེད་དོ།། བསྙེན་བཀུར་འདོད་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། བསྙེན་བཀུར་གྱི་ཆེད་དུ་འཁོར་རྣམས་སྡུད་པར་བྱེད་པར་འདོད་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ ་ཁྲིམས་ཀྱི་ཆོ་སྡེ་བཞིན་དུ་ཚོགས་ཡོངས་སུ་སྡུད་པ་ལས་ཉམས་པོའི་ཕྱིར་ཉོས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའི་རིམ་གྲོ་དང་། བསྙེན་བཀུར་ལ་ཡོངས་སུ་ཞེན་པོས་ཟང་ཟིང ་དྲིདྲེད་བཅས་པའི་སེམས་ཀྱིས་འཁོར་སྡུད་པར་བྱེད་ན་ཉོན་མོངས་པ་ཅན་གྱིས་ཉེས་པར་འགྱུར་རོ།། སྙིང་བརྩེ་བས་སྡུད་པར་བྱེད་པ་དང་། རིགས་པ་དང་ལྡན་པའི་བསྙེན་བཀུར་བདག་གིར་བྱེད་པ་ལ ་ནཱི་ཉེས་པ་མེད་དོ།། ལེ་ལྲྀ་ལ་སོགས་ཞེས་བྱ་བྲོ་ལ་སོགས་པ་ལཱ། ལེ་ལོ་ལཱ་ནི་ལུས་དྲུང་སེམས་ཀྱི་སྒོམ་པའོ།། སོགས་བྱའི་སྒྲས་ནི་སྙོམ་ལས་དྲུང་གཉིས་ཀྱི་བདེ་བ་ད་། ཉྲལ་བའི་བདཱི་བོ་དང་། ་གློས་འབེབས་པའི་བདེ་བ་རྣམས་བསྡུ་སྟེ། དེ་དག་སེལ་བར་མི་བྱེད་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་ལེ་ལོ་དང་སྙོམ་ལས་སྐྱོས་སྟེ། གཉིད་ཀྱི་བདེ་བ་འམ། ཉལ་བའི་བདེ་བ་འམ། གློས་འབེབས་པའོ་བདེ་བ་དག་ཏུ་མ་ཡིན་པ་དང་།། ཆོད་མི་འཛིན་པར ་ཉམས་སུ་མྱོང་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ན་སྟེ་མི་ནུས་པ་དང་། ལམ་གྱིས་དུབ་པ་དང་། དུ་སུ་དྲང་ཚོད་ཟིན་པས་ཉམས་སུ་མྱོང་བར ་བྱེད་པ་དང་། དེ་སྤང་བར་འདོད་ཀྱངྐུ་ཟོལ་གྱིས་ནོན་པས་ཀུན་ཏུ་སྤྱོད་པ་ལ་ནི་ཉེས་པ་མེད་དོ།། ཆགས་པས་ཞེས་བྱ་ལྔ་སོགས་པ་ལ། འདུ་འཛིའི་གཏམ་གྱིས་དུས་འདའ་བར་བྱེད་པ་ནི་སྡོམ་པའི ་པོའི་ཚུལ་ཁྲིམས་ཀྱིས་འདུ་འཛིའི་ནང་ན་གནས་ཀྱང་གཏམ་པ་དང་དུ་མོ་ལེན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའོ་ཆོས་སོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་ཆགས་པས་བྲེ ་མོའི་གཏམ་ལ་བརྟོན་པས་དུས་འདའ་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། བརྗེད་ངསྔོ་པས་ནི་ཉོན་མོངས་པ་ཅནི་མ་ཡིན་པའོ།། ཕ་རོལ་པོའི་ངོར་སྒྲུ་ཅིག་ཙེམྦེ་ཉནྨ་པ་དང་། ་ཡཱ་མཚན་དུ་འཛིན་ཏེ་འདྲི་བཱ་དང་དྲིས་པའི་ལོན་འདེབས་པ་ཙམ་ལ་ནི་ཉེས་པ་མེད་དོ།། ཏིང་ངེ་འཛིན་གྱི་ཞེས་བྱ་བ་ལ་སོགས་པ་ལ། གདམས་ངག་ཅེས་བྱ་བ་ལྷག་མཱའོ།། ཏིང་ངེ་འཛིན་གྱི་དོན་མི་ཚལ ་བབ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་ལ་བརྩོན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔལ་ཏིང་ངེ་འཛིན་གྱི་དོན་ལ་སེམས་ས ་གནས་པར་འདོད་ལ། ཁོང་ཁྲོ་བ་དང་། ང་རྒྱལ་གྱི་ནོན་པས་དགེ་བའི་བཤེས་གཉེན་གྱི་ཐམས་ཅད་དུ་གདམས་དགྲ་ཚོལ་དུ་མྱི་འགྲོ་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པ ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ།། ན་སྟེ་མི་ནུས་པ་དང་། གདམས་ངག་ལོག་པར་བྱུང་དོགས་པ་དང་། བདག་ཉིད་མང་དུ་ཐོས་པ་ཡིན་ཏེ་སེམས་མཉམ་པར་འཇོག་ནུས་སམ། གདམས་ངག་གིས ་གདམས་པར་བྱ་བ་བྱས་ཟིན་ན་ཉེས་པ་མེད་དོ།། བསམ་གཏན་སྒྲིབ་པ་ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་ལ་སྦྱོར་བའི་སྒྲིབ་པ་དང་དུ་ལེན་པ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་རྟོག་པ་ངན་པ་སེལ ་བ་ལས་ཉམསོ་པ་དོང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་སྙོམས་པར་འཇུག་པའི་ཉོན་མོངས་པ་དང་དུ་ལེན་པར་མི་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ ་སེམས་དཔའ་བསམ་གཏན་ལ་སྦྱོར་བས་བསམ་གཏན་གྱི་སྒྲིབ་པ་སྟེ་བར་དུ་གཅོད་པར་འགྱུ་བའི་ཆོས་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་།། རྨུ་གསོ་པ་དང་། གཉིད་དང་། རྒོད་པ་དོང་། ་འགྱོད་པ་དང་། ཐེ་ཚོམ་སྟེ། དེ་རྣམས་བྱུང་བ་ཉམ་སུ་མྱོང་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། དེ་སྤང་བར་འདོད་ཀྱང་ཉོན་མོངས་པ་དྲག་པོས་ཟིལ་གྱིས་ནོན་ཏེ། ཀུན་ཏུ་སྤྱོད ་@ན་ཉེས་པ་མེད་དོ།། བསམ་གཏན་རེ་ལ་ཞེས་བྱ་བ་ལ་སོགསྡུ་པ་ལ། བསམ་གཏན་གྱི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་དེ་ལ་ཡོན་ཏནྡ་དུ་ལྟ་བ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི ་སྙོམས་པར་འཇུག་པའི་རོ་མྱང་བ་དང་དུ་མི་ལེན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་བསོམ་གཏན་གྱི་བདེ་བའི་རི་མྱང་བར་བྱེད་ཅིང་། དེ་ལ་ཡོན་ཏན་དུ་ལྟ་བར ་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ཉེས་པ་མེད་པ་ནི་འདས་མོ་ཐག་པ་བཞིན་ནོ།། ཉན་ཐོས་ཐོག་པ་ཞེས་བྱ་བ་ལ་སོགས་པ་ལ། ཉན་ཐོས་ཀྱི་ཐོག་པ་ལྷོག་པར་སྤོང་བྱར་བྱེད་པ་ནི་དགེ་བའི ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་བསྡུས་པའི་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱིས་ལོག་པར་ལྟ་བ་རྣམ་པར་སྤངས་པོ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ ་གང་བྱང་ཆུབ་སེམས་དཔས་ཉན་ཐོས་དང་ལྡན་པའོ་ཆོས་མཉན་པར་མི་བྱ། བཟུང་བར་མི་བྱ། དེ་ལ་བསླབ་པར་ཡང་མི་བྱའོ།། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་མཉན་པ་དང་། ་འཛིན་པ་དང་། དེ་ལ་བསླབ་པས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྤྲོ་ན་ཉོན་མོངས་པ་ཅན་གྱི་ཉེས་པོར་འགྱུར་རོ།། འདི་ལྟར་བྱང་ཆུབ་སེམས་དཔས་ནི་མུ་སྟེགས་ཅན་གྱི་བསྟན་བཅོས ་རྣམས་ལ་ཡང་རེ་ཞིང་བརྩོན་པར་བྱ་དགོས་ན་སངས་རྒྱས་ཀྱི་བཀའ་ལྟར་ཅི་སྨོས། གཅིག་ཏུ་དེ་འདུན་པ་བཟློག་པའི་ཕྱིར་ན་ཉེས་པ་མེད་དོ།། རང་ཚུལ་ཡོད་བཞིན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་བརྩོན་ཞེས ་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལ་ཞེས་བྱ་བར་སྦྱར་རོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལྔ་མི་སློབ་པར་ཉན་ཐོས་ཀྱི་ཐེག་པོ་ལ་བརྩོན་པ་ནི་དགྲ་པ་ཆོས་སྡུད་པའི་ཁྲིམས་ཀྱིས་ཐོས་པ་དང་བསམ་པ་ལ་མངོན་པར་སྦྱོར་བ་ལྔ ་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟོ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་རང་གི་ཐེག་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོད་བཞིན་དུ་དེ་ལ་བརྩོན་པར་མི་བྱེད་པར་དེ་ཐམས་ཅད་དུ་ཡལ་བར་བོར་ནས་ཉན་ཐོ ་ཀྱི་སྡེ་སྣོད་ལོ་བརྩོན་པོར་སྦྱོར་ཞིང་གོམས་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། བྱང་ཆུབ་སེམས་དཔོའི་སྡེ་སྣོད་མེད་པ་དང་། དེ་ལ་གོམས་པོ་ཉིད་དུ་བྱས་པ་དང་། རྒྱུན་ཏུ་བྱང་ཆུབ་སེམས ་དཔའི་སྡེ་སྣོད་བཟུང་པ་ཡིན་ན་ཉེས་པ་མེད་དོ།། བརྩོན་མིན་ཞེས་བྱ་བ་ལ་སྔགས་པ་ལ་སོགས་པ་ལོ་བརྩོན་པར་བྱེད་པ་ཞེས་བྱེ་བི་རྗེས་སུ་འཇུག་པའོ།། བརྩོན་པ་ནི་གོམས་པའོ།། བརྩོན་མིན་ཞེས་བྱ་བ་ནི་བརྩོན་པར ་བྱ་བ་མ་ཡིན་པ་སྟེ། དེའི་གཞུང་མངོན་པར་ཤེས་པར་བྱ་བ་མ་ཡིན་པའི་ཕྱི་རོལ་གྱི་བསྟན་བཅོས་དག་ལ་བརྩོན་པོར་བྱེད་པ་ནི་འདས་མ་ཐག་པ་ལྟ་བུ་ཡིན་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉིད་མེད་ཀྱང་སངས་རྒྱས་ཀྱི་བཀའ་གཞན་ཡོད་བཞིན་དུ་ཕྱི་རོལ་གྱི་བསྟན་བཅོས་ཏེ་མ་སྟེགས་ཅན་གྱི་བསྟན་བཅོས་ལ་བརྩོན་པར་བྱེད ་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ཤིན་ཏུ་ཡིད་གཞུངས་པ་དང་ལོབ་སྐྱེན་པོ་དང་། ཡུན་རིང་པོར་ཡང་མི་བརྗེད་པོ་དང་། དོན་སེམས་དང་རྟོག་པར་བྱེད་ནུས་པ་དང་། སངས་རྒྱས་ཀྱི་གསུང་རི་བོ་ལ ་རེག་པས་ཉེ་བར་རྟོག་པ་དང་། ལྡན་པས་བློ་མི་འགྱུར་པ་དང་ལྡན་ཞིང་ཉིན་གཅིག་བཞིན་དུ་ཆེས་ལྷག་པར་སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་བྱེད་པ་ཡིན་ན་ཉེས་པ་མེད་དོ།། བརྩོན་པ་བྱས་ཀྱང་ཞེས ་བ་པ་ལ་སོགས་པ་ལ། བརྩོན་པར་བྱ་བ་ལགོམས་པ་དེས་ཀྱང་ཕྱི་རོལ་གྱི་བསྟན་བཅོས་དག་ལ་མཁས་པར་བྱེད་པ་ན་དེ་ལ་མངོན་པར་དགའ་བའི་ཚུལ་གྱོས་བྱེད་ཅིང་དེ་དགའ་བར་བྱེད་ཅིང་དེས་དགོའ་བར་འཛིན ་པ་དེས་རངས་པར་བྱེད་དེ། སླན་ཚབ་ལོ་བརྟེན་པ་བཞིན་དུ་ཉེས་པར་མི་འཛིན་པ་བདག་ཉིད་འདོད་པར་བྱེད་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ཐེག་པ་ཆེན ་པའི་ས་འབའི་ཞིག་ལ་འཇུག་པ་ནི་འདིར་ཐེག་པ་ཆེན་པོའི་སྒྲའོ།། ཐེག་པ་ཆེན་པོ་དང་ལྡན་པ་གོང་ལ་ལ་ཞིག་ཟབ་པའི་གནས་དག་སྤོང་བ་ནི་འདས་མ་ཐག་པ་ལྟ་བུ་དང་། ལྟ་བ་ངན་པ་སྤོང་བ་ལས ་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་དེ་ཁོ་ནའི་དོན་ནམ། བྱང་ཆུབ་སེམས་དཔའི་མཐུ་ལས་བརྩམས་ཏེ། ཟབ་པ ་མཆོག་ཏུ་ཟབ་པའི་གནས་ངག་ཐོས་ནས་བདག་ཉིད་མོ་མོསེ་ཤིང་གཞན་གྱི་རྗེས་སུ་འབྲང་ནསཽ་བསྐུར་པ་འདེ་བས་ཏེ། འདི་དག་ནི་དོན་དང་ལྡན་པ་མ་ཡིན། ཆོས་དང་ལྡན་པ་མ་ཡིན་དེ་བཞིན་གཤེགས ་པས་གསུངས་པ་མ་ཡིན། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་འགྱུར་པ་མ་ཡིན་ནོ།། ཞེས་ཟེར་ཞིང་སྤོང་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། གང་ཡང་ལས་དང་པོ་པཱ་ལ་ལ་ཞིག ་ཟད་པའི་གནས་དག་ལ་སེམས་མོས་པར་མ་གྱུར་པ་དེ་ལྟ་ན་ཡང་དྲི་ལ་དད་པ་གཙོ་བོར་གྱུར་པ་ཉིད་ཀྱིས་འདི་ནི་བདག་དང་མི་མཐུན་པ་མ་ཡིན་ནོ་ཞེས་བསླབ་པར་བྱ་སྟེ། འདི་ལྟར་བདག་ནི་ལོང་བར་གྱུར ་པ་སྟེ། མིག་མེད་པས་ཆོས་ཡོངས་སུ་སྤོང་བ་ནི་བདག་གི་ཆ་མ་ཡིན་ནོ་ཞེས་ཡང་དག་པར་བརྟགས་པར་བྱའོ།། བདག་ལ་ཞེས་བྱས་པ་ལ་སོགས་པ་ལ་བདག་ལོ་བསྟོད་པར་བྱེད་ཅིང་གཞན་ལ་སྨོད ་པར་བྱེད་པ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་འཆལ་པའི་རྒྱུའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པོ་དང་དུ་མི་ལེན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི ་ཆོས་སོ།། བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་དམ་པ་ཡིནྡྲ་པའི་རློམ་སེམས་ཀྱིས་བདག་ལ་ཆགས་པ་དང་། གཞན་ལ་ཁྱོད་བྱས་བརྙས་པ་དང་བཅས་པ་དང་། གཱ་ཤྩེ་བྲཱ་དང་། ་བཅས་པས་བདག་ལ་བསྟོད་པར་བྱེད་ཅིང་གཞན་ལ་སྤྱོད་པར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ཉེས་པ་མེད་པ་ནི་ཕམ་པར་འགྱུར་པ་བཞིན་ནོ།། ཆོས་ཀྱི་དོན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཉན ་བའི་དོན་དུ་འགྲོ་བར་མི་བྱེད་པ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཐོས་པ་ལ་མངོན་པར་སྦྱོར་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམོས་དཔའ་ཆོས་སྒྲོགས་པ་དང་།། ་ཆོས་དང་འབྲེལ་བའི་གཽཏམ་རྣམ་པར་གཏན་ལ་འབེབྱས་པ་ནི་ང་རྒྱལ་ལམ། ཁོང་ཁྲོ་བྱའི་སེམས་ཀྱིས་མི་འགྲོ་ན་ཉོན་མོངས་པ་ཅོན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལོ་སོགས་པས་ཉོན་མོངས་པ་ཅན་མ་ཡིན ་བའོ།། མེ་ཚོར་བ་དང་ལོག་པར་སྟོན་ཏུ་དོགས་པ་དང་། ཆོས་སྨྲ་བའི་སེམས་བསྲུང་བར་འདོད་པ་དང་། ན་སྟེ་མྱི་ནུས་པ་དང་། ཡང་དང་ཡང་དུ་ཐོས་ཤིང་བཟུང་ལ་ཤེས་པའི་དོན་གྱི་གཏམ་ཡིན་པར་ཤེས་པ་དང ་མང་དུ་ཐོས་པ་དང་། ཐོས་པ་འཛིན་པ་དང་། བོས་པ་བསགས་པ་ཡིན་པ་དང་། བྱང་ཆུབ་སེམས་དཔའོ་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་ལ་བརྩོན་པོ་དང་། ཤིན་ཏུ་ཤེས་རབ་རྟུལ་ཏཱ་ལེན་པ་ལ་ཞན་འཛིན། ་པ་ལ་ཞན་ཅིང་དམིགས་པ་ལ་སེམས་རྣམ་པར་འཇོག་པ་ལ་ཞུན་པ་ཞིག་ན་ཉེས་པ་མེད་དོ།། དེ་ལ་སྨོད་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ནི་ཆོས་སྟོན་པའི་གང་ཟག་ལའོ།། སྤྱོད་པ་ནི་བརྙས་པའོ།། ཡི་གེ་དང་ཚིག། ་འབྲུ་བརྟེན་ནས་ཚིག་འབྲུ་ལ་སྟོན་པ་ཉིད་དོ་ཞེས་དེ་ལ་སྨོད་པའི་དོན་དུ་ཡཱི་གེ་བརྟེན་པ་ནི་དེ་ལ་སྨོད་དང་ཡི་གེ་རྟོན་ནོ།། ཡང་དག་པ་ཇི་ལྟ་བའི་དོན་ནི་བཟུང་ལ་ཆོས་སྨྲ་བ་ལ་ཁྱད་དུ་གསོད་པའི་ཆེད་དུ་ཚིག་འབྲུ་ཀུན ་ཏུ་བཟུང་ནས་ཞེས་བྱས་པའི་དོན་ཏེ། ཆོས་སྨྲ་བ་ལ་ཁྱེད་དུ་གསུད་པའི་ཆེད་དུ་ཚིག་འབྲུ་ལ་བརྟེན་པ་ཉིད་ནི་དག་པ་ཆོས་སྤྱད་པའི་ཚུལ་ཁྲིམས་ཀྱི་བླ་མཱ་ལ་རིམ་གྲོ་བྱུང་པ་ལས་ཉམས་བྱའི་ཕྱིར་ཉེས་བྱས ་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བའི་གང་ཟག་ལ་བསམས་བཞིན་དུ་ཁྱད་དུ་གསོད་ཅིང་བཀུརཱི་སྟི་མི་བྱེད་ལ་འཕྱ་བར་བྱེད་ཅིང་ཚིག་འབྲུ་ལ་རྟོན་གྱི་དོན་ལ་རྟོན་པོར་མི་བྱེད་ན་ཉོན ་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། དེ་ལྟར་རེ་ཞིག་ཚུལ་ཁྲིམས་རྣམ་པ་གསུམ་གྱི་དབང་དུ་བྱས་ཏེ་བསླབ་པའི་གཞི་རྣམ་སོ་བསྟནྡ་ནརྀས། དེའི་འོག་ཏུ་ཡོངས་སུ་རྫོགས་ཀྱི་བཱརྻ་དུ་སེམས་ཅན་གྷི ་དོན་བྱ་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་ཡིན་པར་བྱའོ།། དགོས་པའི་གྲོགས་སུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ལ། དགོས་པའི་གྲོགས་བྱེད་པ་སྟེ། དེར་འགྲོ་བོར་མི་བྱེད་པའོ།། ཇི་སྐད་སྨྲས་པའི ་བྱ་བ་ཉེ་བར་གནས་པ་ལ་གཞན་གྱི་གྲོགས་མི་བྱེད་པ་ནི་སེམས་ཅན་གྱི་སྨོན་པ་པ་རྣམས་ཀྱི་གྲོགས་བྱེད་པ་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ ་སེམས་དཔའ་སེམས་ཅན་གྱི་དོན་བྱ་བའི་དོན་ཉེ་བར་གནས་ཤིང་བཅོལ་བ་ལ་ཁོང་ཁྲོ་བ་འམ། ང་རྒྱལ་གྱིས་གྲོགས་བྱེད་དུ་མི་འགྲོ་ན་ཉོན་མོངས་པ་ཅན་གྱི་ཉེས་པོར་འགྱུར་རོ།། ལེ་ལོ་ལ་སོགསོ་པ་ནི་ཉེན ་མོངས་པ་ཅན་མ་ཡིན་པའོ།། ན་སྟེ་མི་ནུས་པ་དང་། གཞན་ལ་སྔར་ཁས་བླངས་ཟིན་པ་དང་། རྒྱུན་མི་འཆད་པས་དགེ་པའི་ཕྱོགས་ལ་བརྩོན་པ་དང་ཡིད་རྟུལ་པ་ཞིག་སྟེ་མི་མཁས་པ་ཡིན་པ་དང་། མས ་དེས་འདུལ་པར་འདོད་པ་དང་། དགེ་འདུན་གྱི་ནང་ཁྲིམས་བསྲུང་བར་འདོད་པ་དང་། གཞན་མང་པོ་དག་གིས་སེམས་པོ་སྲུང་བར་འདོད་པ་དང་། མ་བཙལ་བ་དང་བཅོལ་བར་གྱུར་ཀྱང་གཞན་ཞག ་ཡང་བཅོལ་བ་དང་། གནོད་པ་དང་ལྡན་པ་འམ། ཆོས་དང་ལྡན་པ་མ་ཡིན་པའི་བྱ་བ་ཡིན་པ་དང་། འཁོལྔ་པོ་རང་ཉིད་བྱེད་ནུས་པ་དང་། རྟེན་ཡོད་པ་ཉིད་ཡིན་ན་ཉེས་པ་མེད་དོ།། ནང་པའི་ཞེས་བྱ་བ་ལ ་གས་པ་ལ། ནང་པའི་རིམ་གྲོ་མི་བྱེད་པ་ནི་ནང་པའི་རིམ་གྲོ་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཚེས་སོ།། བྱང་ཆུབ་སེམས་དཔའ་ནད་ཀྱི་ཐེབས་པའི་སེམས་ཅནོ་ད་ང ་པ་ནུ་ཁོང་ཁྲོ་བ་འམ། ང་རྒྱལ་གྱི་རིམ་གློ་དང་བསྙེན་བཀུར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ།། ནད་ཡུན་རིངས་ཀྱིས་ཐེབས ་ཏེ་སོ་ཙམ་དུ་འདུག་པ་ནི་ཉོས་པ་མེད་དོ།། ལྷ། མཾ་རྣམས་ཀྱང་གྲོགས་སུ་འགྲོ་བ་བཞིན་དུ་ཅི་རིགས་སུ་སྦྱར་རོ།། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་བར་གྱུར་པ་རྣམས་ཀྱི ་ཞེས་ལྷག་མའོ།། གཞན་སྡུག་བསྔལ་པ་རྣམས་ཇི་སྐད་བསྟན་པས་སྡུག་བསྔལ་སེལ་བར་མི་བྱེད་པ་ནི་གཞོན་གྱི་སྡུག་བསྔལ་སེལ་བར་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི ་ཆོས་སོ།། བྱང་ཆུབ་སེམས་དཔའ་སྡུག་བསྔལ་པར་གྱུར་པའི་སེམས་ཅན་དང་ཕྲེད་ན་ང་རྒྱལ་གྱིས་སམུ་ཁོང་ཁྲོ་བས་སྡུག་བསྔལ་དེ་སེལ་བར་མི་བྱེད་ཅིང་ཡལ་བར་འཇིག་ལ་རྒྱོབ་ཀྱིས་ཕྱོགས་པར་བྱེད ་ནན་ཉོན་མོངས་པོ་ནྡན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ།། ཉེས་པ་མེད་པ་ནི་འདས་མ་ཐག་པ་བཞིན་ནོ།། བག་མེད་ཅེས་བྱ་བོ་ལ་སོགསོ་པ་ལྔ། བགྲོ ་མེད་པ་རྣམས་ལ་ཇི་སྐད་བསྟན་པའི་རིག་པ་མི་སྟོན་པའི་རག་པ་མ་སྙན་པ་ནི་རིག་པ་སྟོན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་ཚེ་འདི་དང་ཚེ་ཕྱི་མའི་དོན ་ལུ་ཚུལ་བཞིན་མ་ཡིན་པར་ཞུགས་པའི་སེམས་ཅན་དག་མཐོང་ན་ཀུན་ནས་མནར་སེམས་ཀྱིས་རིག་པ་སྟོན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ལྡེ་ལོ་ལ་སོགས་པས་ནི་ཉོན ་མོངས་པ་ཅན་མ་ཡིན་པའོ།། བདག་ཉིད་མི་ཤེས་པ་དང་གཞན་དག་ལ་བཅོལ་ན་ཉེས་པ་མེད་དོ།། བྱས་ཞེས་བྱ་བ་ལ་སོགས་པ་ལ། བྱས་པ་ནི་ཕ་རོལ་གྱིས་ཕན་འདོགས་པའོ།། དེའི་ཕྱིར་དེ་ལ་ཕན་གདགས་པས་སླར ་འདོགས་པར་བྱེད་པ་ཉིད་ནི་ལན་དུ་ཕན་འདོགས་པ་ཉིད་དོ།། གཞན་ཕན་འདོགས་པར་བྱེད་པ་ལ་རྗེས་སུ་འཐུན་པས་སླར་ཕན་འདོགས་པར་མི་བྱེད་པ་ནི་བྱས་པ་གཟོ་བ་རྗེས་སུ་བསྲུང་བ་ལས་ཉམས་པའི་ཕྱིར ་ཉེས་བྱས་ཀྱི་གོནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་དེ་རང་ཉིད་ནུས་པ་དང་ལྡན་ནམ་མི་ལྡན་ཡང་རུང་། ཀུན་ནས་མནར་སེམས་དང་ལྡན་པ་དང་། སྙིང་བརྩེ་བ་དང་ཞེ་ས་དང་བྲེལ་བས་ཡོན་ལག་པར་མི་བྱེད ་པ་དང་། དམུ་རྒོད་ཀྱི་རང་བཞིན་ཅན་དང་། དགེ་བའི་བཤེས་གཉེན་གཞན་གྱིས་ཡོངས་སུ་ཟིན་པ་དང་། གཞན་གྱིས་ཕན་བརྟགས་པ་བྱས་པའང་རུང་། སེམས་ཅན་ཕན་འདོགས་པ་དེ་མཐོང་ན་བྱས་པ་མ་གཟོ་སྟེ། ་ང་རྒྱལ་ཁོང་ཁྲོ་བས་མཉམ་པ་འམ། དེ་བས་ལྷག་པའི་འཐུན་པའི་ཕན་གདགས་པས་ལན་དུ་ཕན་མི་འདོགས་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པས་ཉོན་མོངས་པོ་ཅན་མ་ཡིན་པའོ།། ་ལན་དུ་ཕན་གདགས་པའི་ཕྱིར་འབད་ཀྱང་མ་ནུས་པ་དང་། དེ་ཉིད་ལྔ་ཕན་གདགས་པར་མི་འདོད་པ་དང་། ཐབས་དེས་འདུལ་བར་འདོད་པ་ལ་ནི་ཉེས་པ་མེད་དོ།། གཞན་གྱི་ཞེས་བྱ་བ་ལ་སྩོགས་པ་ལ། གཞན་རྣམས་ཀྱི་མྱ་ངན།། ་བསང་བར་མི་བྱེད་པ་ནི་མྱ་ངོན་བསད་བར་བྱེད་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་ཉེ་དུ་དང་ལོངས་སྤྱོད་ལས་གྱུར་པའི་སྡུག་བསྔལ་གྱིས་ཉམས་ཐག་ཅིང་མྱ་ངན་བྱུང ་བབ་རྣམས་ལ་ཀུན་ནས་མན་རིམས་ཀྱིས་ཀྱིས་མྱ་ངན་བསང་བར་མི་བྱེད་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པསྲ་ནོ་ཉོན་མོངས་པྲ་ཅན་མ་ཡིན་པའོ།། ཉིས་པ་མེད་པ་ནི་གྲོགས་སུ་འགྲོ་བ་བཞིན ་ནོར་འདོད་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། ནོར་འདོད་པ་རྣམས་ལ་ནོར་སྦྱིན་པར་མི་བྱེད་པ་ནི་ཕན་འདོགས་པ་སྦྱིན་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་སེམས་ཅན། ་ཕོངས་པ་རྣམས་ཟས་དང་སྐོམ་ལ་སོགས་པ་ལ་ཡོ་བྱད་འདོད་པ་རྣམས་ཡང་དག་པར་སློང་བ་ལ་ཀུན་ནས་མནར་སེམས་ཀྱི་སེམས་ཀྱིསོ་ཟསྣ་དྲང་སྐོམ་ལ་སོགས་པ་སྦྱིན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས ་པར་འགྱུར་རོ།། ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པོ་ཅན་མ་ཡིན་པའོ།། ཉེས་པ་མེད་པ་ནི་ཕམ་པར་འགྱུར་བ་བཞིན་ནོ།། འཁོར་རྣམས་ཀྱི་ནི་ཞེས་བྱ་བ་ལ་སོགས་པོ་ལ། འཁོར་རྣམས་ཀྱི་དོན་མི་བྱེད་པ་ནི་ཆོས ་དང་ཟང་ཟིང་གིས་བསྡུས་པའི་བྱ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་འཁོར་འདུས་པ་ལ་ཀུན་ནས་མནར་སེམས་ཀྱི་སེམས་ཀྱི ་ཆོས་ཀྱི་དུས་དུས་སུ་ལེགས་པར་མི་འདོམས་ཤིང་ལེགས་པར་རྗེས་སུ་མཱི་སྟོན་པོ་དང་། བྱུང་ཟིང་གོ་སྒོ་ནས་ཕོངས་པ་རྣམས་ལ་གོས་དང་ཟས་ལ་སོགས་པ་ཡོངས་སུ་བསྔལ་བས་དོན་མི་བྱེད་ན་ཉོན་མོངས་པ་ཅན་གྱིས ་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ།། ན་སྟ་མི་ནུས་པ་དང་། ཐབས་དེས་འདུལ་བར་འདོད་པ་ཉིད་དང་། དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་དང་། གཞན་གང་ཡང་རུང ་བཱ་ལ་བཅོལ་བ་དང་། འཁོར་ཡང་བསོད་ནམས་ཆེན་པོ་དང་ལྡན་པར་ཤེས་པ་དང་། རང་ཉིད་གློས་ལ་སོགས་པ་འཚེལ་བའི་ནུས་པ་དང་ལྡན་པ་དང་། གདམས་ངག་དང་རྗེས་སུ་བསྟན་པའི་བྱ་བ་དག་རང་ཉིད ་ཀྱིས་བྱས་ཟིན་པ་དང་། མུ་སྟེགས་ཅན་ཡིན་པ་ལས་ཆོས་རྐུར་འོངས་ལ་དེ་ཡང་འདུལ་བའི་སྐལ་བ་མེད་པ་ཞིག་ཡིན་ན་ཉེས་པ་མེད་དོ།། གཞན་གྱི་ཞེས་བྱ་བ་ལ་སོགས་པ་ལ་གཞན་གྱིས་བློ་དང་འཐུན ་པར་མི་འཇུག་པ་ནི་གཞན་གྱི་བློ་དང་འཐུན་པར་འཇུག་པ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་ཀུན་ནས་མ་ནིར་སེམས་ཀྱི་སེམས་ཀྱིས་གཞན་གྱི་སེམས་དང ་འཐུན་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ།། ན་སྟེ་མི་ནུས་པ་དང་འདུལ་བར་འདོད་པ་དང་། བྱ་བ་དེ་གནོད་པ་དང་ལྡན་པ་ཡིན་པ ་དང་། དགེ་འདུན་གྱི་ནང་ཁྲིམས་བསྲུང་པ་དང་། གཞན་མང་པོ་དག་གི་སེམས་སྲུང་བར་འདོད་པ་དང་། མུ་སྟེགས་ཅན་ཚར་གཅད་པའི་ཕྱིར་ནི་ཉེས་པ་མེད་དོ།། ཡོན་ཏན་ཞེས་བྱ་བ་ལ་སོགས་པ་ལ་གཞན་དག་གི ་ཡོན་ཏན་གྱི་བསྔགས་པ་སྨྲ་བར་མི་བྱེད་པ་ནི་ཡོན་ཏན་གྱི་བསྔགས་པ་སྨྲ་བ་ལས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས་ཀྱི་སེམས་ཀྱིས་ཡང ་དྲག་པའི་ཚུལ་ཁྲིམས་དང་། ཐོས་པོ་དང་གཏོང་བ་ལ་སོགས་པ་ཡང་དག་པའི་ཡོན་ཏན་བརྗོད་པར་མི་བྱེད་ཅིང་ཡང་དག་པའི་བསྔགས་པ་མི་བརྗོད་པ་དང་། ལེགས་པར་སྨྲས་པ་ལ་ལེགས་སོ་ཞེས་བྱ་བ་མ ་བྱིན་ན་ཉོན་མོངས་པ་ཅན་གྱིས་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པས་ནི་ཉོན་མོངས་པ་ཅན་མ་ཡིན་ནོ།། ཕ་རོལ་པོ་རང་བཞིན་གྱིས་འདོད་པ་ཆུང་ངུ་ཡིན་པར་དཔགས་ཏེ། ཡོན་ཏནྡ་གྱི་བསྔགས་པ་བརྗོད ་པོའི་རྒྱུ་དེས་འདིས་ཀུན་ནས་ཉོན་མོངས་པར་འགྱུར་དུ་དོགས་པ་དང་། གཏམ་རྫོགས་རྫོགས་སུ་སྡོད་པ་དང་། དེའི་ཡོན་ཏན་རྣམས་ཡོན་ཏན་ལྟར་བཅས་པ་ཡིན་ཏེ་ཡང་དག་པ་མ་ཡིན་པ་དང་། ལེགས་པར ་སྨྲ་བ་ཡང་ལེགས་པར་སྨྲ་བ་ལྟར་བཅོས་པ་ཡིན་ཏེ། ཡང་དག་པ་མ་ཡིན་པ་དང་། འདུལ་བར་འདོད་པ་དང་གཞན་གྱི་སེམས་སྲུང་བར་བྱེད་པ་ལྔ་ནི་ཉེས་པ་མེད་དོ།། རྐྱེན་དུ་མཚམས་པ་ཞེས་བྱ་བ ་སོགས་པ་ལ་གཞན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པ་དག་ལ་ཇི་ལྟར་འཚམས་པར་ཚར་མི་གཅོད་པ་ནི་ཚར་བཅོད་པའི་བྱ་བ་ལས་ཉམས་པའི་ཕྱིར་ཉེས་བས་ཀྱི་གནས་ལྟ་བུའི་ཆོས་སོ།། བོང ་སེམས་དཔའ་སེམས་ཅན་སྨྲ་དབབྱ་པར་རིག་པ་དང་། ཆད་པས་གཅད་པར་རིག་པ་དང་། བསྐྲང་པར་རིག་པ་རྣམས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་སྨྲ་འབེབས་པར་མི་བྱེད་དམ། ཆད་པས་གཅོད་པས་ཕྱིར་འཆོས ་པར་མི་བྱེད་ན་སྐྲོད་པར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། ལེ་ལོ་ལ་སོགས་པས་ནི་ཉོན་མོངས་ཅན་མ་ཡིན་པའོ།། བཅོས་སུ་མི་རུང་བའི་རང་བཞིན་ཅན་ཞིག་སྟེ། གཏམ་བྱར་མི་རུང་ལ་བཀའ་བློ་མི་བདེ ་ཞིང་མནོར་སེམས་ཀྱི་ཤས་ཆེ་བ་ཡལ་བླར་བོར་པ་དང་། དུས་ལ་ག་ཞེས་པ་དང་། གཞི་དེ་ལས་འཐབ་པ་དང་། འཚང་འབྲུ་བ་དང་། འགྱེད་པ་དང་བརྩོད་པར་འགྱུར་བ་མཐོང་བ་དང་། དགེ་འདུན་བྱེ་ཏར་དོགས་པས་ཡལ་བར ་བོར་བ་དང་། སེམས་ཅན་དེ་དག་རང་བཞིན་གྱིས་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པས་མྱུར་བ་ཉིད་དུ་རང་ཉིད་ཕྱིར་འཆོས་པ་ཞིག་ཡིན་ན་ནི་ཉེས་པ་མེད་དོ།། རྫུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། རྫུ་འཕྲུལ་སྣ ་ཚོགས་པ་དང་ལྡན་ཞིང་བསྡིག་པར་འོས་པ་རྣམས་ལ་བསྡིགས་པ་ལ་སོགས་པ་མི་བྱེད་པ་ནི་བསྡིགས་པ་ལ་སོགས་པ་བྱ་བ་ལྔས་ཉམས་པའི་ཕྱིར་ཉེས་བྱས་ཀྱི་གནས་ལྟ་བུའི་ཆོས་སོ།། བྱང་ཆུབ་སེམས་དཔས་རྫུ་འཕྲུལ། ་རྣམ་པ་མང་པོའི་ནུས་མཐུ་དང་ལྡན་ལ། སེམས་ཅན་སྐྲག་པར་བྱ་བ་རིགས་པ་རྣམས་རྫུ་འཕྲུལ་རྣམ་པ་དུ་མས་སྐྲག་པར་མི་བྱེད་པ་དང་། སེམས་ཅན་འདུན་པར་བྱ་བའི་རིགས་པ་རྣམོས་འདུན་པར་མི་བྱེད་དྲིན། ་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། སེམས་ཅན་རྣམསཽ་གང་དུ་ཤས་ཆེར་མངོན་པར་ཞེན་པར་གྱུར་པ་མུ་སྟེགས་ཅན་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དང་། ལོག་པར་ལྟ་བ་དང་ལྡན་པ་ཞིག་ན་མུ ་བསྟན་ཀྱང་ཉེས་པ་མེད་དོ།། དེ་ལྟར་རོ་ཞིག་ཉེས་བྱས་ཀྱི་རབ་ཏུ་དབྱེ་བ་བསྟན་ནས་ཡང་ཉེས་པར་མི་འགྱུར་པ་ཇི་ལྟར་རིགས་པར་བྱ་ཞེ་ན། སྙིང་རྗེར་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་རེ་སྒྲུབ་པའི་སྒོ ་དང་། དགག་པའི་སྒོ་ནས་བྱང་ཆུབ་སེམས་དཔེའོ་བྱ་བ་གང་ཅུང་ཟོད་བསྟན་པ་དེ་ལས་མི་འདའ་བས་ལྟུང་བར་མི་འགྱུར་རོ།། ཞེས་བྱ་བ་འདི་ནི་ལྟུང་བ་མི་འགྱུར་བ་གསལ་བར་བསྟན་པའོ།། འདུས་པའི་རང་བཞིན ་ཡིན་ན་ཡང་ཉེས་པ་མེད་པ་ཉིད་ནི་འདི་ལྟར་སེམས་དགེ་བ་སྟེ། དགེ་བའི་བསམ་པ་དང་བསམ་པ་མ་ཉམས་པ་དང་། འབྲས་བུ་གཅིག་པའི་དབང་གིས་རྗེས་སུ་འཐུན་པའི་འབྲས་བུ་ལས་དེ་དང་འདིར་ཇི་སྐད་དུ ་བསྟན་པ་ལས་མ་ཉམས་པར་བརྩེ་བ་དང་ལྡན་པར་སྙིང་རྗེ་དང་ལྡན་པ་སེམས་ཅན་རྣམས་ལ་བྱམས་པ་སྟེ། ཕན་པར་འདོད་པ་དང་། དུལ་བར་འདོད་པ་དང་། གདུལ་བར་བྱ་བར་འདོད་པས ་འདའ་བར་བྱས་པ་ནི་ཉེས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དང་གི་སྒྲས་ནི་སེམས་ཤིན་ཏུ་འཁྲུགས་པ་དང་། ཚེར་པོ་དྲག་པོས་ཉེན་པ་དང་། གཉིད་ལོག་པ་དང་། ཐ་མལ་པ་མ་ཡིན་པ་དང་། སྤོང་བར་འདོད་ཀྱང་ཉོན ་མོངས་པ་དྲག་པོས་ཀུན་ནས་དཀྲིས་པ་ལ་སོགས་པ་དག་གིས་སླར་ཡང་འཇུག་པ་དག་གིས་འདས་པ་ལས་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ།། སེམས་ནི་ཤིན་ཏུ་ཉོན་མོངས་དང་།། སྡུག་བསྔལ་ཚེར ་བས་ཉེན་པོ་དང་།། གཉིད་དང་མྱོས་པ་དག་ལ་ནི།། བྱུང་བ་ལ་ཡང་ཉེས་པ་མེད་ཅེས་བྱ་བ་ནི་ཚིག་སུ་བཅུད་པ་གཞན་ནོ།། དོན་ནི་འདི་ལྟར་བསྟན་པར་འགྱུར་ཏེ། ཆགས་པ་དང་ཁོང་ཁྲོ་བ་དང་ཕྲག་དོག་དང་ཁྲོ་བ་དང་། ་ཁོན་དུ་འཛིན་པ་དང་། ང་རྒྱལ་དང་། རྒྱགས་པ་ལ་སོགས་པས་འདས་པར་གྱུར་པ་ནི་ཉེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དེས་ན་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་བཞི་རྣམས་དངོས་སུ ་བྱུང་བ་འདི་དག་ནི་མདོར་བསྡུས་པོ་སྟེ། གཞན་བྱང་ཆུབ་སེམས་དཔའ་ངག་གིས་སྤྱོད་པ་རྣམས་ནི་དཔག་ཏུ་མེད་ཅིང་མཐར་ཐུག་པ་མེང་པའི་ཕྱིར་ཏེ། དེ་རྣམས་སུ་བསྟན་པའོ་རྗེས་སུ་འབྲངས་ནས་ཉེས་པར ་འགྱུར་བ་དང་ཉེས་པར་མི་འགྱུར་བ་དག་རིག་པར་བྱའོ།། དེ་ལྟར་ན་རང་གི་འདུལ་བའི་བསླབ་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་འདི་ནི་ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱིས་བདེན་པ་ལ་རེག་པར་གནས། ་པར་འགྱུར་ཏེ། སྦྱོར་བ་ཕུན་སུམ་ཚོགས་པ་དྲང་། བསམ་པ་ཕུན་སུམ་ཚོགས་པ་དང་། སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པའོ།། དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ནི་གང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དག ་འདྲ་བར་མི་བྱེད་ཅིང་། ལུས་དང་དྲག་དང་ཡིད་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་དག་པ་དང་། ཉེས་པ་རྒྱུན་ཏུ་མི་བྱེད་པ་དང་། སྡིག་པ་འཆགས་པའོ།། བསམ་པ་ཕུན་སུམ་ཚོགས་པ་ནི་གང་ཡང་འདི་ནི་ཆོས ་ཀྱི་བསམ་པསྔོ་རབ་ཏུ་བྱུང་བ་ཡིན་གྱི་འཚེ་བའི་བསམ་པ་མི་ཡིན། བྱང་ཆུབ་ཆེན་པོའི་དོན་དུ་གཉེར་པོ་ཡིན་གྱི་དོན་ཏུ་མི་གཉེར་བ་མ་ཡིན། དགེ་སྦྱོང་གི་ཚུལ་དང་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ཡིན་གྱི ་དོན་ཏུ་མི་གཉེར་བ་མོ་ཡིན་པ་དང་། དེ་དེ་ལྟར་དོན་ཏུ་གཉེར་བས་ལེ་ལོས་གནས་པ་མ་ཡིན། བརྩོན་འགྲུས་མི་ཞེན་པ་དང་། ཀུན་ནས་ཉོན་མོངས་པ་དང་།། ཡང་འབྱུང་བ་དང་རིམས་ནང་དང་བཅས་པ་དང་། རྣམ ་པར་སྨིན་པ་སྡུག་བསྔལ་བ་དང་། ཕྱི་མ་ལ་སྐྱེ་བ་དང་། རྒ་ཤིར་འགྱུར་བའི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པའོ།། སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔས་སྔོན ་གྱི་ཚེ་རབས་གཞན་དག་ཏུ་བསོད་ནམས་བྱས་ཤིང་དགེ་བ་བྱས་ཏེ། དེས་ད་ལྟར་བདག་ཉིད་དགོས་དྲང་ཟས་དང་མལ་ཆ་དང་སྟན་དང་ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཀྱིས་འཕོངས་པར་མི་འགྱུར་ལ། གཞན ་དག་ལ་ཡང་བགོ་བ་ཤྲའ་བྱེད་ནུས་པ་སྟེ། ཕུན་སུམ་ཚོགས་པ་གསུམ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔས་ནི་བདེ་པ་ལ་རེག་པར་གནས་པར་འགྱུར་རོ།། རྫོགས་སངས་སྲས་མཆོག་རྣམས་ཀྱི་སྡོམ་པ་ཉི་ཤུ་པ།། བཤད་པའི། ་བསོད་ནམས་རྡོ་རྗེས་སྒྲིབ་པོའི་རི་བོའི་ཚོགས།། ཕུག་ནས་བསལ་ཏེ་རྒྱལ་དང་ལྷན་ཅིག་རྣམ་དག་ཙོང་།། དྲི་མེད་མིག་གིས་དངོས་པོའི་དེ་ཉིད་མཐོང་བར་ཤོག། འདི་ལྟར་འདིས་ནི་བྱིས་པའི་སེམས་ཉིད་རང་བཞིན་གཡོ་བ་འདི།། རྣམ ་འཕྲུལ་ཉོན་མོངས་སྣ་ཚོགས་ལས་བརྒལ་བྱང་ཆུབ་མཆོག་བཟུང་ནས།། བཅད་པར་དཀའ་བ་གཉིས་ཀུན་སྤྱོང་གཉིས་འཛིན་བཅང་མཁས་ཤིང་།། འཇིག་རྟེན་འདི་ཡི་འཕོངས་པ་ཞི་བྱེད་བྱང་ཆུབ་བཟང་པོར་བདག་གྱུར་ཅིག། བྱུང ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་སློབ་དཔོན་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛོད་པ་རྫོགས་སོ།། ། རྒྱོ་གར་གྱི་མཁན་པོ་པཎྜི་ཏ་ཀྵི་ལ་ཀ་གོ་ན ་དོདང་། ལོ་ཙཱ་བ་མང་འོར་དགེ་སློང་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་