CLOSE WINDOW

GT3585: byang chub sems dpa'i sdom pa nyi shu pa
Wyliee-texts produced with BDRC’s OCR application

@#རྒྱ་གར་སྐད་དུ། བོ་དྷི་སཏྭ་ས་མ་བ་ར་བིདྦི་ཀ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། སངས་རྒྱས་སྲས་དང་བཅས་པ་ལ། གུས་པས་ཕྱག ་འཚལ་ཅི་ནུས་མཆོད།། ཕྱོགས་དུས་ཀུན་ན་བཞུགས་པ་ཡི།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས།། བསོད་ནམས་ཀུན་གྱི་གཏེར་གྱུར་གྲང་།། དེ་ནི་བསམ་པ་དམ་པོ་ཡིས།། བླ་མ་སྡོམ་ལ་གནས་ཤིང་མཁས།། ནུས་དང་ལྡན་ལ ་བླང་བར་བྱ།། དེ་ཚེ་དེ་ལ་དགེ་བའི་ཕྱིར།། རྒྱལ་བ་སྲས་དང་བཅས་རྣམས་ཀྱིས།། དགེ་བའི་ཐུགས་ཀྱིས་རྟག་པརྭ་ཡང་།། བུ་སྡུག་འདྲ་བར་དགོངས་པར་འགྱུར།། གཞན་རྣམས་དང་ནི་བདེག་ལའང་རུང་།། སྡུག་བསྔལ་ཡིན་ཡང་གངྒཱ་ཕན ་དང་།། ཕྱིན་པ་བདེ་བ་རྣམས་བྱ་སྟེ།། བདེ་ཡང་མི་ཕན་མི་བྱའོ།། ཉོན་མོངས་དྲག་ལས་བྱུང་བ་ཡི།། སྡོམ་པ་བཞིག་པར་གང་གྱུར་པ།། དེ་ཡི་ཉེས་པ་བཞི་པོ་ནི།། འཕམ་པ་འདྲ་བར་དགོངས་པ་ཡིན།། རྙི་ད་དང་བཀུར་སྟི་ཆགས་པ་ཡིས། ་བྱདག་བསྟོད་གཞན་ལ་སྤྱོད་པ་དང་།། སྡུག་བསྔལ་མགོན་མ་བྱུར་བ་ལསེར་སྣས་ཆོས་ནོར་མི་སྐྱེར་དང་།། གཞན་གྱིས་བཤགས་ཀྱང་མྱི་ཉན་བུརྱ།། ཁྲོས་ནས་གཞན་ལཱུ་འཆོག་པ་དང་།། ཐེག་པ་ཆེན་པོ་སྟོང་བྱེད་ཅིང་།། དམ་ཆོས་འདུར་སྨད ་སྟོན་པའོ།། སྡོམ་པ་སླར་ཡང་བླང་བར་བྱ།། ཐེག་པ་འབྲེའི་མོ་གསུམ་ལ་བ་ཤགས།། གཅིག་གི་མདུན་དུ་ལྷག་མ་རྣམས།། ཉོན་མོངས་མི་མོངས་བདག་སེམས་བཞིན།། དཀོན་མཆོག་གསུམ་ལ་གསུམ་མོ་མཆོད།། འདོད་པའི་སོས་ཀྱི་རྗེས ་སུ་འཇུག། རྒན་པ་རྣམ་ལ་གུས་མི་བྱེད།། དྲིས་པ་ལ་ནི་ལན་མི་འདེབས།། མགྲོན་པོས་བཱདག་གིར་མི་བྱེད་ཅིང་།། གསེར་ལ་སོགས་པ་ལེན་མི་བྱེད།། ཆོས་འདོད་པ་ལ་སྦྱིན་མི་བྱེད།། ཚུག ་ཁྲིམས་འཆལ་རྣམས་ཡལ་བར་འདོར།། ཕ་རོལ་དང་ཕྱིར་སློབ་མི་བྱེད།། སེམས་ཅན་དོན་ལ་བྱ་བ་ཆུང་།། སྙིང་བརྩེར་བཅས་ན་མི་དགེ་མེད།། འཚེ་བ་ལོག་པ་དང་དུ་ལེན།། འཕྱར་ནས་རབ་ཏུ་རྒོད་ལ་སོགས།། འཁོར་གཅིག་པུ ་འགྲོད་པར་སེམས།། གྲགས་པ་མ་ཡིན་མི་སྤོང་བ།། ཉོན་མོངས་བཅས་ཀྱང་ཆོས་མི་བྱེད།། གཤི་ལ་ལེན་དུ་གཤེ་ལ་སོགས། ཁྲོས་པ་རྣམས་ནི་སྟྲ་བྷྱ་འཇོག། ཕ་རོལ་ཤད་ཀྱིས་འཆགས་པ་སྦེང་།། ཁྲོ་བའི་སེམས་ཀྱི་རྗེས་སུ ་འཇུག། བསྙེན་དཀུར་འདོད་ཕྱིར་འཁོར་རྣམས་བསྡུད།། ལེ་ལོ་ལ་སོགས་སལ་མི་བྱེད།། ཚུགས་པས་བྲེ་མོའི་གཏམ་ལ་བརྟན།། ཏིང་ངེ་འཛིན་གྱི་དོན་མི་ཚོལ།། བསམ་གཏན་སྒྲིབ་པ་སློང་བར་བྱེད།། བསམ་གཏན་རོ་ལྔ་ཡོན ་ཏནར་ལྟ།། ཉན་ཐོས་ཐེག་པ་སྤོང་བར་བྱེད།། ང་ང་ཚུལ་ཡོད་བཞིན་དེ་ལ་བརྩོན།། བརྩོན་མིན་ཕྱི་རོལ་བསྟན་བཅྡོཾས་བརྩོན།། བརྩོན་པར་བྱས་ཀྱང་དེ་ལ་དགའ།། ཐེག་པ་ཆེན་པོ་སྤོང་བར་བྱེང་།། བདག་ལ་བསྟོད་ཅིང་གཞན ་ལ་སློབ་ཆོས་ཀྱི་དོན་དུ་འགྲོ་མི་བྱེང་།། དེ་ལ་སློང་དང་ཡི་གེ་རྟོན།། དགོས་པའི་གྲོགས་སུ་འགྲོ་མི་བྱེད།། ནད་པའི་རིམ་གྲོ་བྱ་བ་སྤོང་།། སྡུག་བསྔལ་སེལ་བར་མི་བྱེད་པ།། བག་མེད་རྣམསོ་ལ་རིགས་མི་སྟོ་ནི།། བྱས་པ། ་ལན་དུ་ཕན་མཱི་འདོགས།། གཞན་གྱི་མྱ་ངན་བསང་མི་བྱེད།། ནོར་འདོད་པ་ལ་སྦྱིན་མི་བྱེད།། འཁོར་རྣམས་ཀྱི་ད་ནི་དོན་མི་བྱེད།། གཞན་གྱི་བློ་དང་མཐུན་མི་འཇུག།། ཡཱནརྀ་ཏཱན་བསྩགས་པ་སྨྲ་མི་བྱེད།། རྐྱེན་དུ་འཚམ ་བར་མི་ཚུར་མི་གཅོད།། རྫུ་འཕྲུལ་སྡིག་ལ་སོགས་མི་བྱེད།། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་།། སེམས་དགེ་བ་ལ་ཉེས་པ་མེང་།། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ། ་ཙནྡྲ་གོ་མིས་མཛད་པ་རྫོགས་རིན། ་