| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀྲ་ཁྱཱ་ན་ཀནྟོ་ནཱ་མ་པྲ་ཀཱ་རཎ། བོད་སྐད་དུ། དགེ་བའི་སྡོང་པོ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འཁོར་བ་དང་མྱ་ངན་ལས་འདས ་པ་དང་། སྡུག་བསྔལ་དང་བདེ་བ་དང་།། ངན་འགྲོ་དང་བདེ་འགྲོ་དང་དེ་དག་གི་རྒྱུད་རྣམས་རྟོགས་པར་བྱས་ལ། དེ་ནས་དོར་བ་དང་བླང་པོར་བྱ་བ་ཡང་དག་པར་རིག་པར་བྱའོ།། དེ་ལ་ངནི་འགྲོ་ནི་དམྱལ་བ་དང་ཡི་དགས་དང་། དུད་འགྲོའི ་འགྲོ་བ་རྣམས་སོ།། སྡུག་བསྔལ་ནི་ཡིད་དུ་མི་འོང་བ་ཉམས་སུ་མྱོང་བའོ།། ཐོབ་པར་བྱེད་པའི་རྒྱུ་ནི་ཆོས་མ་ཡིན་པ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་སྤྱོད་པ་དང་། བརྫུན་དུ ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ངག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་། མྱོས་པར་འགྱུར་བ་འཐུང་བ་དང་། ལོག་པས་འཚེ་བ་དང་། རྣམ་པར་འིཚེ་བ་དང་། སྡེར་སྣ་དང་། ་མུ་སྟེགས་པ་རྣམས་ལ་མཆེད་ཅིང་གུས་པས་ཕྱག་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་མེད་པ་སྟེ། ཉོ་བར་སྤྱོད་པ་བཅུ་དྲུག་པ་དེ་རྣམས་ཀྱང་རང་གིས་ཡིང་མ་དུ་བཅས་ཏེ་བྱེད་པ་དང་། ཡིད་དམ ་དུ་བཅས་པ་མེད་པར་རེས་འགའ་བྱེད་པ་དང་། གཞན་དུ་འཇུག་པ་དང་། གཞན་བྱེད་པ་ལ་རྗེས་སུ་ཡི་རང་བའི་དབྱེ་བས་རེ་རེ་ཡང་རྣམ་པ་བཞི་བཞིར་དུ་བྱེ་བ་སྟེ་ཆོས་མ་ཡིན་པའོ།། དེ་རྣམས་ཀྱི་དུས་ཡུན་རིང་པོའི ་དག་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་བར་དུ་སྤང་བར་བྱའོ།། གཞན་རྣམས་ཀྱང་ཡོངས་སུ་གཞུག་པར་བྱའོ།། བདེ་འགྲོ་ནི་ལྷ་དང་མི་དང་ལྷ་མ་ཡིན་གྱི་འགྲོ་བ་རྣམས་སོ།། བདེ་བ་ནི་ཡིད་དུ་འོང་བ ་ཉམས་སུ་མྱོང་བའོ།། དེ་ཐོབ་པར་བྱེད་པའི་རྒྱུ་ནི་དགེ་བའི་ཆོས་ཏེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདིང་པས་ལོག་པར་གཡེམ་པ་སྤྱོད་པ་སྤོང་བ་དང་། བརྫུན་དུ་སྨྲ་བ་སྤངས་པ་དང་། དབྱེན་བྱེད་པ་སྤངས་པ་དང་། ་ཚིག་རྩུབ་པོ་ལས་ལོག་པ་དང་། ངག་འ། ལ་པ་སྤངས་པ་དང་། བརྣབ་སེམས་སྤངས་པ་དང་། གནོད་སེམས་སྤངས་པ་དང་། ལོག་པར་ལྟ་བ་སྤངས་པ་དང་། མྱོས་པར་འགྱུར་བ་འཐོད་པ་སྤངས་པ་དང་། ལོག་པོས་འཚོ་བ་སྤངས་པ་དང་། ་རྣམ་པར་འཚེ་བ་སྤངས་པ་དང་། སེར་སྣ་སྤངས་པ་དང་། མུ་སྟེགས་པ་རྣམས་ལ་གུས་པར་མཆོད་པ་དང་། ཕྱག་བྱེད་པ་སྤངས་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་མེད་པཱ་སྤངས་ཏེ། ཉེ་བར་སྤྱོད་པ་བཅུ་དྲུག ་ལས་ལྡོག་པའོ།། དེ་རྣམས་ཀྱང་ཡི་དམ་བླངས་པ་དང་། རེས་འགའ་འབྱེད་པ་དང་། གཞན་བྱེད་དུ་འཇུག་པ་དང་། གཞན་བྱེད་པ་ལ་རྗེས་སུ་ཡི་རང་བ་དེ། རེ་རྀ་ཡང་བཞི་བཞིར་ཕྱེ་བ་ནི་བྱིན་རྫི་མ་ལོག་པའི་ཆེས་སོ། ་ཡང་དགེ་བའི་བཤེས་གཉེན་མཆོས་ཉིད་དེ་ཡིན་པས་ནམ་བྱང་ཆུབ་ཀྱི་བར་དུ་དང་དུ་བླང་བར་བྱའོ།། གཞན་རྣམས་ཀྱང་དེ་ལ་ག་ཞུག་པར་བྱའོ།། དེ་བཞིན་དུ་གཞན་གྱི་སྲེག་བསྲུང་བ་དང་། རང་གི་སྲོག་ཀྱང་སྟེར་བ་དང་། གཞན ་གྱི་རྫས་བསྲུང་བ་དང་། རང་གི་རྫས་སྦྱོར་བའོ།། གཞན་གྱི་བུད་མེད་བསྲུང་བ་དང་། རང་གི་བུད་མེད་སྟོར་བའོ།། བདེན་པའི་ཚིག་སྨྲ་བ་དང་། གཞན་བསྲུང་བའི་ཚིག་སྨྲ་བ་དང་། སྙན་པའི་ཚིག་སྨྲ་བ་དང་། སྡིག་པ་མེད་པའོ ་ཚིག་དང་། སེམས་ཅན་ཐམས་ཅད་ལ་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་སྟོར་བར་འདོད་པ་དང་། གསོད་པ་དང་། འཚོང་བ་དང་། བརྡེག་པ་ལ་སོགས་པ་མི་འདོད་པ་ཐམས་ཅད་ལ་སེམས་ཅན་གྱི་ཐམས་ཅད་ཡོངས་སུ་སྒྲོལ ་བར་འདོད་པ་དང་། དགེ་བ་དང་མི་དགེ་བའི་ལས་དེའི་འབྲས་བུ་དག་ཡོད་པར་ཡང་དག་པར་ཡིད་ཆེས་པའོ།། དེ་བཞིན་གཤེགས་ཆོས་བདུད་རྩི་འཐུང་བ་དང་། འཚེ་བ་རྣམ་པར་དག་པ་དང་། སེམས་ཅན་རྣམས་ལ ་བསྙེན་བཀུར་བྱེད་པ་དང་། ཇི་ལྟར་ནུས་པ་བཞིན་དུ་རབ་ཏུ་སྟོར་བ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ལས་སྟོན་པ་གཞན་མེད་པར་གུས་པས་ཡི་སྐྱབས་སུ་འགྲོ་བ་སྔོན་དུ་སེང་བས་གུས་པས་མཆོད་ཅིང་ཕྱག་འཚལ་བ ་ལ་དངོས་པོ་ཐམས་ཅད་བདག་ཉིད་ཀྱི་རབ་ཏུ་འཇུག་པ་དང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཅན་གྱི་བྱམས་པ་དང་། འཚོད་པར་འགྱུར་བའི་ཕ་རོལ་ཏུ་ཕྱིན་པ་བཅུའོ།། དེ་རྣམས་ཀྱང་ཡིད་དམ་དུ ་བླངས་པ་དང་། རེས་འགའ་བྱེད་པ་དང་། གཞན་བྱེད་དུ་འཇུག་པ་དང་། གཞན་དག་བྱེད་པ་ལ་རྗེས་སུ་ཡི་རང་བ་སྟེ། རེ་རེ་ཡོང་རྣམ་པ་བཞི་བཞིར་སོ་སོར་དབྱེ་བ་ནི་འཇུག་པར་བྱ་བའི་ཆོས་སོ།། དེ་ཡང་དགེ ་@བའི་བཤེས་གཉེན་ཏེ་མཆོག་ཉིད་ཡིན་པའི་ཕྱིར་ནམ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁས་བླངས་པར་བྱའོ།། གཞན་རྣམས་ཀྱང་དེ་ལ་གཞུག་པར་བྱའོ།། འཁོར་བའི་ཕུང་པོ་ནི་སྡུག་བསྔལ ་གྱི་བདེན་པ་ཡིན་ཏེ། སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ།། དེ་ཐོབ་པར་བྱེད་པའི་རྒྱུ་ནི་ཕུང་པོ་རྣམས་ལ་བཱརྟབ་པ་དང་། བདེ་བ་དང་། བདག་དང་། བདག་གི་བརྙེས་པར་སྔོན་དུ་སོང་པ་ཅན་གྱི་འདོད་ཆགས་དང ་ཞེ་སྤྱང་དང་། གཏི་མུག་དང་། ང་རྒྱལ་དང་། ཐེ་ཚོམ་དང་།། འཇིག་ཚོགས་ལོ་ལྟེ་བ་ཨོཾ་དང་། མཐར་འཛིན་པའི་ལྟ་བུ་དང་། ལོག་པར་ལྟ་བ་དང་། ལྟ་བུ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ ་འཛིན་པ་སྟེ། ཉོན་མོངས་པ་རྣམས་དང་། དགེ་བ་དང་། མི་དགེ་བ་ལ་སོགས་པའི་ལུས་རྣམས་ནི་ཀུན་འབྱུང་སྟེ། ཀུན་འབྱུང་ནི་འཁོར་བར་འགྲོ་བ་རིས་དྲུག་དུ་ཉོན་མོངས་པ་དང་བཅས་པའི་ཕུང་པོ་སྐྱེ་བ་སྟེ། སྤ ་བར་བྱའོ།། བྱེ་བྲག་ཏུ་སྨྲ་བའི་ལྟ་བ་ལ་གནས་པའི་མྱ་ངན་ལས་འདས་བྱ་རྣམ་པ་གཉིས་ཏེ། ལྕུག་མ་བཅས་པའི་མྱ་ངནི་ལས་འདས་པ་དང་། ལྕུག་མ་མེད་པའི་མྱ་ངན་ལས་འདས་པའོ།། དེ་ལྟ་གང་ཟག་ཡོད ་པར་སྨྲ་བ་ནི་དེའི་ཡོངསུ་དག་པའི་ཕུང་པོ་ཁྱད་པ་དུ་འཕགས་པ་ཙམ་ཡོད་ཅིང་། ལས་དང་ཉོན་མོངས་པ་དང་སྐྱེ་བ་རྣམས་ཟག་པ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ།། ཡོངས་སུ་དག་པའི་ཕུ ་པོ་ཡང་ཟད་ནས་གང་ཟག་ཙམ་དུ་གནས་པ་ནི་ཕུང་པོ་ཟད་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ།། གང་ཟག་མེད་པར་སྨྲ་བ་ནི་ཡོངས་སུ་དག་པའི་ཕུང་པོ་ཙམ་གྱི་བདག་ཉིད་ཀྱི་འཕགས་པ་ལས་དང་ཉོན་མོ ་བ་དང་སྐྱེ་བ་ཟད་པ་ནི་ལྷག་མྱ་དང་བཅས་པའི་མྱ་ངན་ལས་འདས་པའོ།། མར་མེ་ཟོད་པ་བཞིན་ཡོངས་སུ་དག་པའི་ཕུང་པོ་ཟད་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། ཐར་པུ་དང་འགོག་པའི་བདེན་པའོ།། འགོག ་པ་ནི་མངོན་དུ་བྱ་བའོ།། དེ་ཐོབ་པར་བྱེད་པའི་རྒྱུ་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་དགྲ་དང་། ཡང་དྲག་པའི་ལས་ཀྱི་མཐའ་དང་། ཡང་དག་པོའི་འཚེ་བཱ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན ་པུ་དང་། ཡང་དྲུག་པའི་ཏིང་ངེ་འཛིན་སྟེ། ཆུ་ལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་འཕགས་པའི་ལམ་ཡན་ལག་བརྒྱད་དེ་ལཱམུ་གྱི་བདེན་པའོ།། ལམ་ནི་བསྒོམ་པར་བྱའོ།། ཐེག་པ་ཆེན ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གནས་པ་ནི་སྣ་ཚོགས་གཉིས་སུ་མེད་པའི་ཡེ་ཤེས་གསལ་བའི་རང་བཞིན་ཆོས་དང་སྤྲུལ་པའི་སྐུ་གཉིས་ཀྱི་རྟེན་དུ་གྱུར་པ་དང་། མཚན་དའི་དཔེ་བྱད་འབར་བའི་དཔ ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་སྣ་ཚོགས་པའི་སྤྲུལ་པས་ཇི་སྲིད་ནམ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་བྱེད་པ་དང་ལྡན་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བག་ཆགས ་དང་བཅས་པའི་ཉོན་མོངས་པ་དང་། ལས་དང་སྐྱེ་བ་རྣམས་ཟད་པ་ནི་ཐར་པ་དང་། སངས་རྒྱས་དྲང་ཡོངས་སུ་མྱ་ངན་ལས་འདས་པ་དང་། འགོག་པའི་བདེན་པ་སྟེ། འགོག་པ་ནི་མངོན་དུ ་བྱ་བའོ།། དེ་ཐོབ་པར་བྱེད་པའི་རྒྱུ་ནི་འགྲོ་བ་མཐའ་དག་སྡུག་བསྔལ་རྣམ་པོ་གསུམ་གྱི་མེ་རབ་ཏུ་འབར་བར་བལྟ་སྟེ། སྙིང་རྗེ་དང་། བྱམས་པ་དང་། དགའ་བ་དང་། བཏང་སྙོམས་དང་། དཀོན་མཆོག་གསུམ་ལ ་སྐྱོབསུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཟིང་ཟིང་གི་སྦྱིན་པ་དང་། མོ་འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ།། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས ་དང་། སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ།། སྡུག་བསྔལ་ལ་ཇི་མོ་སྙམ་པའི་བཟོད་པ་དང་གཞན་གྱི་གི་ནོད་པ་དང་དུ་ལྡན་པའི ་བཟོད་པ་དང་ཆོས་ཉིད་ཟབ་མོ་ལ་མི་སྐྱུག་པའི་བཟོད་པ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ།། དགེ་བའི་ལས་རྣམས་ལ་སྦྱོར་བའི་བརྩོན་འགྲུས་དང་གོ་ཆའི་བརྩོན་འགྲུས་དང་། བརྩམ་པ་མཐར་ཕྱིན་པའི ་བརྩོན་འགྲུས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ།། རང་གི་སྐྱོན་སེལ་བར་བྱེད་པའི་བསམ་གཏན་དང་། རྫུ་འཕྲུལ་ཐོབ་པར་བྱེད་པའི་བསམ་གཏན་དང་། མཐོང་བའི་ཆོས་ལ་བདེ་བར ་གནས་པར་བྱེད་པའི་བསམ་གཏན་སྟེ་བསམ་གཏན་གྱི་ཕ་རོལ་ཕྱིན་པ་གསུམ་མོ།། ཐོབ་པ་ལས་བྱུང་བའི་ཤེས་རབ་དང་། བསམས་པ་ལས་བྱུང་བའི་ཤེས་རབ་དང་། བསྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་རྣམ་པོ་གསུམ་མོ།། སེམས་ཅན་ཐམས་ཅད་ཀྱི་སྐྱོན་ཐམས་ཅད་སལ་བར་བྱེད་པའི་ཐབས་དང་། བསེམས་ཅན་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་བྱེད་པའི་ཐབས་དང་། བདེ་བར་མྱུར་དུ་ཡང་དག་པར་རྫོགས་པའི ་པོའི་བྱང་ཆུབ་སྒྲུབ་པར་བྱེད་པའི་ཐབས་ཏེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ།། སོངྒེ་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་སྨོན་ལམ་དང་། སངས་རྒྱས་ཀྱིང་ཞིང་ཡོངས་སུ་དག་པར ་བྱེད་པའི་སྨོན་ལམ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུན་མི་གཅོད་པའི་སྨོན་ལམ་སྟེ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ།། ལས་ཐམས་ཅད་འཇོམས་པར་བྱུང་པའི་སྟོབས་དང་། ཉོན་མོངས་པ ་འཇོམས་པར་བྱེད་པའི་སྟོབས་དང་། བདུད་དང་ཕས་ཀྱི་རྒོལ་བ་ལ་སོགས་པ་རབ་ཏུ་འཇོམས་པར་བྱེད་པའི་སྟོབས་ཏེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ།། རྣམ་པར་རྟོག་པ་སེལ་བར་བྱེད་པའི་ཡེ་ཤེས་དང་། རྟོག་དང་མི ་རྟོག་པ་མཉམ་པ་ཉིད་དུ་བྱེད་པའི་ཡེ་ཤེས་དང་། སེམས་ཅན་གྱི་དོན་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས་ཏེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ངག་བསྡུས་པའི་རང ་བཞིན་ནི་ཕ་རོ་། ཕྱིན་པ་བཅུའི་བདག་ཉིད་ཀྱི་ལམ་སྟེ། ལམ་གྱི་དདྲེན་པའི་ལཱམ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་གྱིས་དངོས་སུ་ཀུན་ཏུ་སྦྱང་བར་བྱའོ།། གསང་སྔགས་ཀྱི་ཐེག་པ་ལ་གནས་པ་ནི ་སྣ་ཚོགས་གཉིས་སུ་མེད་པའི་ཡེ་ཤེས་ཤིན་ཏུ་གསོལ་བའི་རང་བཞིན་བདེ་བ་ཆེན་པོ་དང་། ཆོས་དང་ངོ་བོ་ཉིད་ཀྱི་སྐུ་བཞི་མཉམ་པོར་བརྟེན་པ་དཔལ་གསང་བ་འདུས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་བདག་པོའི་རང་བཞིན་མཚམ ་ང་དཔེ་བྱད་ཀྱིས་འབར་བའི་དཔལ་ལོངས་སྟོང་རྫོགས་པའི་སྐུའི་བདག་ཉིད་ཇི་སྲིད་དུ་རབ་ཏུ་ཕྱེ་བའི་སྤྲུལ་པས་ཇི་སྲིད་དུ་ནམ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་བྱེད་པ་པོ་ཡང་དག་པར་རྫོགས་པའི་སངས་རྒྱས ་རྣམས་ནི་བག་ཚུགས་དང་བཅས་པའིཉོན་མོངས་པ་དང་སྐྱེ་བ་རྣམས་ཟད་པ་ནི་ཐར་པོ་དང་། སྤངས་རྒྱས་དང་།། མྱ་ངན་ལས་འདིས་པ་དང་། འགོག་པའི་འདྲེན་པ་སྐྱེ། འགོག་པ་ནི་མངོན་དུ་བྱ་བའོ།། དོ་ཐོབ་པར ་བྱིང་པའི་རྒྱུ་ནི་ཇི་ལྟར་གསུངས་པའི་བསོད་ནི་དང་ཡེ་ཤེས་ཀྱི་ཚིག་རྗེས་མཐའ་དག་བསྡུས་པའི་རང་བཞིན་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་བདག་ཉིད་ཆེ་གྲཝ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་རྟོགས་པ་རྣམ་པར་རྟོག་པས་བྱས ་ལ། དཔའ་ཚོགས་བ་འདུས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདགི་ཉིད་ཀྱི་ལམ་གྱི་བདེན་པ་སྟེ། ལམ་ནི་བསྒོམ་པར་བྱ་ཞེས་པའོ།། ཇི་ལྟར་གསུངས་པ་མ་ལུས་པ་འདི་ཀུན་ཡོངས་སུ་ཤེས་པའི་ཤེས་རབ ་གང་གིས་ཡོངས་སུ་སྦྱངས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྫོགས་པར་འགྱུར་རོ།། དུ་ནི་མདོར་བསྡུས་ཏེ་བྱེ་བྲག་ཏུ་སྨྲས་པ་ལ་སོགས་པའི་ལྟ་བཱ་ལ་གནས་པས་སྣ་ཚོགས་དང་དེ་ཁོ་ན་ཉིད་རིམ་པར་སྨྲ་བ་ཉེ་བར ་བསྟན་པར་བྱ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་བདག་ཉིད་ཀྱི་འདས་པའི་ཕུང་པོ་ལྔ་དང་། མ་འོངས་པའི་ཕུང་པོ་ལྔ་དང་། ཇི་ལྟར་གྱི་ཕུང་པོ་ལྔ་དང་། མྱ་ངན་ལས་འདས་པ ་དང་། གང་ཐོག་སྟེ། ངོ་བོ་ལྔའི་བདག་ཉིད་ནི་སྣ་ཚོགས་སོ།། ཕུང་པོ་རྣམས་ནི་རྟག་པ་དེ་ཁོ་ན་ཉིད་དང་། མྱ་ངན་ལས་འདས་པ་རྟག་པ་ནི་དེ་ཁོ་ན་ཉིད་དང་། གང་ཟག་མི་རྟག་པ་སྔ་མ་ཡིན་རྟག་པ་སྐུ་མྱ་སྨཻ་བཱ་ནི་དེ་ཁོ་ན་དཱི ་བའི་བྱེ་བྲགཱ་ཏུ་སྐྱེ་བྱ་རྣམས་ཀྱིས་རྟོགས་པའི་སྣ་ཚོགས་དང་། དེ་ཁོ་ན་ཉིད་དོ།། ད་ལྟར་གྱི་ཕུང་བློ་དང་། ན་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ། སོར་བརྟགས་པ་མ་ཡིན་པའི་འགོག་པ་སྟེ། ངོ་བོ་ཉིད་བཞིའི ་བདག་ཉིད་ནི་སྟེ་ཚོགས་སོ།། ཕུང་པོ་རྣམས་མི་རྟག་བཱ་ནཱི་དུ་ཁོ་ན་ཉིད་དང་། ནམཁའ་དང་། སོ་སེ་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་བྱ་མ་ཡིན་པའི་འགུག་པ་རྣམས་རྟག་པ་ནཱི་དེ་ན་ཉིད་དོ།། ཁ ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྟོགས་པའི་སྣ་ཚོགས་དང་དེ་ཁོ་ན་ཉིད་དོ།། རྣམ་པ་དང་བཅས་པའི་ཤེས་པ་ནི་ཕྱི་རོལ་གྱི་ཡུལ་འཛིན་ཅིང་ད་ལྟར་གྱི་ཕུང་པོ་ལྔ་པོ་ཙམ་མོ་ཞེས་དངོས་པོ་གཅིག་གི་བདག་ཉིད་ནི་སྣ་ཚོགས་སོ།། དེ་ང ་རང་གི་རྒྱུར་བྱས་པ་ནས་བཟུང་ཏེ་ཇི་སྲིད་རྒྱུན་གནས་པ་དེ་སྲིད་དུ་རབ་ཏུ་འཇུག་པའི་བདག་ཉིད་ཙམ་ནི་སྐད་ཅིག་མ་ཉིད་དང་བདག་མེད་པཱ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དེ། མདོ་སྡེ་པའོ ་ལྟ་བ་ལ་གནས་པ་རྣམས་ཀྱིས་རྟོག་སོ་པའི་སྐུ་ཚོགས་དང་དེ་ཁོ་ན་ཉི་ད་དོ།། དོན་དམ་བཻརྱ་སྟན་ཀའི་ན་མཁའ་སྲིང་མེད་པ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་གཉིད་གཅིག་པུའོ།། ཡང་མ་རིག་པའི་དབེ་གིས ་བརྫུན་པ་འདི་ལྟ་བུ་གཟུང་བར་འཛིན་པའི་བདག་ཉིད་ཀྱི་སྔོན་པོ་ལ་སོགས་པའི་རྣམ་པའི་འཁོར་ལོར་གསལ་བ་ཞེས་པ་རྣལ་འབྱོར་སྦྱོང་པའི་གཞུང་གཅིག་གོ།། བདེ་བ་ཆེན་པོ་རང་བཞིན་གསལ་བ་ཙམ་ནི ་བདེན་པའོ།། མི་རིགྲོ་བའི་བག་ཆགས་ཀྱི་དབང་གིས་སྒྱུ་མ་བཞིན་བརྫུན་པའི་རྣམ་པའི་འཁོར་ལོར། རིགས་པའི་རྗེས་སུ་འབྲོངས་པ་རྣམས་དོན་འདི་དག་གི་ཁྱད་པར་བསྟན་པར་འདོད་པ་རྣམས་ལ ་མཉམས་པའི་སྤྱན་གྱིས་ཚད་མུས་གཞན་དག་ཏུ་བ་སྒྲུབས་ཟིན་ཏོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་སྣ་ཚོགས་དང་དེ་ཁོ་ན་རྣམ་པ་དུ་མྱུར་བརྗོད་དུ་ཟིན་ཀྱང་འགྲོ་བ་མ་ལུས་པ་ལ་ཕྲན་པར་འདིང་པཱར། 2 ་པ་བྱམས་པས་གསུངས་པའི་དབུ་མ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པའི་ཐབས་ཉིད་ལ་སེམས་ཅན་ཀུན་གཞུག་པར་བྱའོ།། དེ་ལ་སྣ་ཚོགས་རྣམས་ཇི་སྲིད་དུ་སོ་སོར་སྣང་བ་དེ་སྲིད་ལུས ་དཱུ་། ལངྱས་སྐྱེད་དང་གཱནཱསཱ་ལ་སོགས་པའི་དྷཱམྦྷ་བཱ་ནྱཱ་མྦྷས་བུ་རང་རང་གི་སེམས་ཀྱི་སྣང་བརྣམ་སྠཱ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཉིས་སུ་སྒོ་བཏྟ་གྷས་པ་ནི་འཁོར་བ་སྟེ།། དེ་ཟང་བ་ནི་ཐར་པའོ།། དེ་སྦྱར ་ཚོགས་གཉིས་མེད་པར་གུས་ལ་བའི་རྒྱུན་གྱི་བདག་ཉིད་ཀྱི་ཆོས་ཐམས་ཅད་བརྟག་ས་པའི་གཟིང་བ་དང་འཛིན་པས་སྟོང་པ་ཉིད་ནི་སྣ་ཚོགས་དེ་དེ་ཁོ་ན་ཉིད་དོ།། དེ་དག་ཀྱང་ཤིན་ཏུ་རྣམ་པར་གྱུར་པ་ནཱི ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུའོ།། དེ་ཉིད་བེམས་པོ་ལ་ལོག་པའི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་སུམ་དུ་མཛད་པ་ནི་འབྲས་བུའི་གནས་སྐབས་ཉིད་དོན་དམ་པའི་ཤེས་རབ་ཀྱི་ཕྱི་རོལ་ཏུ་ཕྱིན་པའོ།། ་དེས་པ་ཙམ་དུ་བྱས་པ་རྒྱུའི་གནས་སྐབ་ཀྱི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། སྡུག་བསྔལ་བ་གསུམ་གྱི་མེས་རབ་ཏུ་འབར་བར་འཁོར་བའི་སེམས་ཅན་ཐམས་ཅད་ལ་བཟླས་པའི་སྙིང་རྗེ་ཆེན་པོའི་ང ་གིས་སེམས་ཅན་དེ་རྣམས་ཀུན་ལ་མཉམ་པའི་སེམས་དང་། ཕན་བུའི་སེམས་དང་། གནོད་སེམས་མེད་པའི་སེམས་དང་། བྱམས་པའི་སེམས་དང་། མི་སློང་པའི་སེམས་དང་། ཕ་དང་མའི་སེམས་དྲང་།། བུ་དང་བུ་མོའི་ས ་དང་། མཛའ་བཤས་ཀྱི་སེམས་དང་། སྣག་གི་གཉེན་མཚམས་ཀྱི་སེམས་སུ་བྱ་བ་སྟེ། རང་གི་སྲོག་ལས་ཀྱང་ལྷག་པའི་བྱམས་པ་དང་པོར་བྱ་ཞིང་། སེམས་ཅན་དེ་རྣམས་ཀུན་འཁོར་བ་ལས་བསྒྲལ་ཞིང་སངས་རྒྱས་ཉིདལ ་རབ་ཏུ་ཞག་པ་བྱ་མྦྷ། ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་བྱུང་ཅིག་ཅེས་བྱང་ཆུབ་ས་མས་བརྒྱད་བར་ཤཱ་ཡྀ། ཀུན་མཆོག་གསུ་མྦྷ་ཀྵ་དྷ་བངྱ་སུ་ས་སྐང་མི་དག་པ་རྒྱ་ལ་ལགས ་ཉེས་པར་སྤྱོད་པ་མཐའ་དག་ལས་ལྡོག་ཅིང་། སྦྱིན་པཱ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གོམས་པར་བྱ་ཞིང་། བསྟོད་ནམས་དང་ཡེ་ཤེས་ཀྱི་ཚེགས་མཐའ་དག་གི་རྒྱ་མཚོའི་ཕྲ་རོལ་ཏུ་ཕྱིན་པ་ཆོས་དདཱ་ལོ་སྤྱོད ་རྫོགས་པ་དང་སྦྲུལ་པའི་སྐུ། གསུམ་གྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པར་གྱུར་ནས་ཇི་སྲིད་ནམ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་རྣམས་སྒྲོལ་བར་བྱེད་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལིཾ་གནས་པའི་རིམ་པའོ།། ་བི་པྲ་མ་ཤཱི་ལའི་པཎྜི་ཏི་རི་ཏྣ་ཀཱིརྟིས་མཛད་པ་དགེ་བའི་སྡོང་པོ་ཞེས་བྱའི་རྫོགས་སོ།། ། བིཎྜི་ཏ་བི་དྷི་ཀ་པོས་དྷི་གེ་ལོ་ནྡ་བ་མཙྪ་ཤྲཱི་ཝརྨས་བསྒྱུར་བའོ།། ་