| Wylie | e-texts produced with BDRC’s OCR application |
@རྒྱ་གར་། དུ། པྲཛྙཱ་བ་རཱ་མི་ཏ་བྷཱ་བ་ནོ་པ་དེ་ཤ་ཁོང་སྣང་ངུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་པའི་མནངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པའི ་མནཱ་ངག་བྲི་བར་བྱ་སྟེ། རྣལ་འབྱོར་དང་སྒོམ་པ་ནི་མིང་གི་རྣམ་གྲངས་དག་གོ།། ནི་གནས་དང་། ལྷག་མཐོང་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་སྟེ། ཐུན་མོང་གི་རྣལ་འབྱོར་གྱི་རབ་ཏུ་དབྱེ་བའོ།། འདི་ནི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་བསྒོམ་པར་འདོད་པས་རྣལ་འབྱོར་གྱི་ས་གཞི་བཤད་པར་བྱ་སྟེ། དངོས་པོའི་མཐའ་ལ་དམིགས་པ་དང་། སེམས་ཙམ་ཉིད་དུ་དམིགས་པ་དང་། དེ་བཞིན་ཉིད་ལ་དམིགས་པ་དང་། དམིགས་པ་མེད་པའོ།། དེ་ལ་དང་པོར་ཤིག ་བཛྲོད་པར་བྱ་སྟེ། འདིར་ཐོས་པ་དང་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་འདུག་སྟེ། སྐྱིལ་མོ་ཀྲུངས་སུ་བཅས་ཤིང་ལུས་དྲང་པོར་བྱས་ནས། ཧ་ཅང་ཞུམ་པར་ཡང་མ་ཡིན། ཧ་ཅང་རྒོད་པ་སྣང་མ་ཡིན ་པར་དྲན་པོ་དང་ཤེས་བཞིན་དང་ལྡན་པས། རང་བཞིན་གྱིས་གཡེང་བ་མིག་དང་། རཱུ་བ་དང་། སྣ་དང་། ལཱྀ་དང་། ལུས་ཀྱི་རྣམ་པ་དེ་ཤེས་པ་ཡོངས་སུ་སྤངས་ནས་མཉམ་པར་བཞག་སྟེ། ཡོངས་སུ་གསལ་ཞིང་དྲན་པའི་འདུ་ཤེས་ཀྱིས་སྣ་ཚོགས ་ཡིད་ལ་བྱའོ།། འདི་ལྟ་སྟེ། གཟུགས་འདི་ནི་སྔོན་པོ་དང་། སེང་པོ་ལ་སོགས་པའི།། སྒྲ་འདི་ནི་སྙན་པ་དང་། མི་སྙན་པ་ལ་སོགས་པའོ།། དྲི་འདི་ནི་ནིམ་པ་དང་། མི་ཞིམ་པ་ལ་སོགས་པའོ།། རོ་འདི་ནི་མངས་ཟེང་སྒྱུར་ས་མ་སོགས་པ ་@རེག་བྱཱ་འདྲི་ནི་གྲང་བ་དང་དྲོ་བ་ལ་སོགས་པའོ།། ཆོས་འདི་ནི་བདེ་བ་དང་། སྡུག་བསྔལ་བ་དང་། འདོད་ཆགསྣ་དང་། ཞེ་སྡང་། ན་མཁའ་དང་། མྱ་ངན་ལས་འདས་པ་ལ་སོགས་པའོ།། དྲུག་པོ་འདི་དག་ནི ་ཡུལ་གྱི་ཁམས་གཟུང་བ་ཉིད་ཀྱི་སོ་སོ་སོར་སྣང་བའོ།། ནང་གི་གསལ་བའི་ངོ་བོ་རྣམ་པར་ཤེས་པའི་ཁམས་དྲུག་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ་ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་བ་པའོ།། ཁམས་དྲུག་པོ་འདི་དག་གཱི་རྟེན་དུ་གྱུར་པ་དབང་པོ་དྲུག་གི་ཁམས་ཏེ། དེ་ཡང་གཟུགས་དང་བའི་བདག་ཉིད་ལྔ་དང་། གཅིག་ནི ་གཟུགས་མེད་པའོ།། འདི་ལྟ་སྟེ། མིག་འབྲས་ཀྱི་ནང་གྲི་མིག་གི་དབང་པོ་ནི་ཟར་མུའི་མེ་ཏོག་ཁ་བྱེ་བ་ལྟ་བུའོ།། རྣ་བའི་རྩ་བར་རྣ་བའི་དབང་པོ་ནཾ་བྷོ་གའི་མདུད་པ་བཅུས་ཏེ་བཅས་པ་ལྟ་བུའོ།། སྣའི་རྩ་བར་སྣའི་དབང ་ནི་མཱཾ་ཁབྷ་གཞིབས་པ་ལྟ་བུའོ།། ལྕེའི་འདབ་མ་ལ་ལྕེའི་དབང་པོ་སྐྲའི་རྩེ་མོ་ཙམ་དོར་ནས་ཟླ་བ་ཕྱེ་བ་ལྟ་བུའོ།། ལུས་ཐམས་ཅད་ལྷ་ལུས་ཀྱི་དབང་པོ་ནི་ལུས་བཞིན་ནོ།། ཡིད་ནི་མཚུངས་པ་དེ་མྦྷ་ཐག་པའི་འདས་པའི་ཡིད ་བཞིན་ནོ།། བདག་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཡུལ་དང་། དབང་པོ་དང་རྣམ་པ་རོ་ཤེས་པ་དྲུག་གིས་གཟུང་བའི་ཁམས་བཅོ་བརྒྱད་ཅན་ནོ།། ཕྱོགས་བཅུའི་འཇོག་རྟེན་གྱི་ཁམས་ཐམས་ཅད་དུ ་གཏོགས་པ་སྣ་ཚོགས་ཡིད་ལ་བྱ་བ་ནས། དེ་ཉིད་སྣ་ཚོགས་སོ་སོར་སྣང་བའི་སེམས་ལ་དམིགས་ཏེ་ཡིད་ཀྱི་བརྗོད་པ་ཡང་སྤངས་ཏེ་ཞི་གནས་ལཱ་གོམས་པར་བྱའོ།། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་ནི་ཞེ ་གནས་གྲུབ་པའོ།། དེ་ནས་ཞི་གནས་གྲུབ་པ་ལ་བརྟེན་ནས་ས་ཚོགས་ཀྱི་གཟུགས་བརྙན་འདི་དག་ཙམ་ན་ཆོས་ཐམས་ཅད་ངོ་།། འདི་ལྟ་སྟེ། ཇི་སྲིད་གཟུགས་ཀྱི་ཁམས་ནས་སྲིད་ཀྱི་ཁམས་ཀྱི་བར་ལོ་མང་དུ་རྣམ་པར་དབྱེ ་བར་བྱ། ཡོངས་སུ་རྣམ་པར་རྟགས་པཪྵཱ་བྱཱ། ཡོངས་སུ་ང་མྱོང་བའི་ཡིད་ཀྱིས་ལྕུ་མཐོང་རྫོགས་པར་བྱའོ།། དེའི་རྗེས་ལ་དེ་དག་ཉིད་རྣམ་པར་རྟོག་པའི་གཟུགས་བརྡྷ་ནེ་དང་། དེ་ལ་དམིགས་པ་དུ་ཉིད་ཀྱི་སེམས ་གཉི་ག་མཉམ་པར་བར་ཆད་མེད་པར་ཡོད་ལ་བྱེད་པའི་རྒྱུན་ཞི་གནས་དང་ལྷག་མཐོང་དེ་དག་ཉིད་ཟུང་དུ་འབྲེལ་བར་འཇུག་པའི་ལམ་མོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་དངོས་པོ་ཇི་སྲིད་པ་ལ ་དམིགས་པ་དང་པོའི་རྣལ་འབྱོར་གྱི་སའོ།། ། དེ་ནས་གཉིས་པ་ལ་སྣ་ཚོགས་སུ་སྣང་བ་དྭེ་ཉིདདུ་ལུ་སམས་བསྐྱེད་དེ་འདི་ལྟ་རཱ་བ་རྟག་པར་བྱའོ།། མིང་ཙམ་སྟེ། ་གཟུགས་མིང་ཙམ་ནས་ཡིད་ཀྱི་བར་དུའོ།། དེ་བཞིན་དུ་ཆོས་ཐམས་ཅད་མིང་ཙམ་མོ།། མིང་ཉིད་ནི་དོན་མ་ཡིན་ཏེ། ཤིན་ཏེ་ཐ་དད་པའི་ཕྱིར་རོ།། དོན་མ་ངོན་པར་མི་ཤེས་པར་ཡང་མིང་ཙམ་སྣང་བ་དང་། ་མིང་མངོན་པར་མི་ཤེས་པར་ཡང་དོན་སྣང་བས་སོ།། དེའི་ཕྱིར་མིང་ཇི་ལྟ་བ་བཞིན་དོན་མེད་དེ། གཟུགས་ནི་མིང་ཙམ་སྟེ་དོན་མེད་པའོ།། དེ་བཞིན་དུ་ཇི་སྲིད་ཆོས་ཐམས་ཅད་མཱིང ་ཙམ་མོ།། ཡང་གང་ཞིག་འཇིག་རྟེན་ངག་གི་གཟུགས་རྟོགས་པ་འདི་ལྟ་བུར་ཆོས་ཐམས་ཅད་ཀྱང་ཐ་སྙད་ཀྱི་ཕྱིར་བློ་བུར་དུ་མིང་དུ་བཏགས་པའོ།། དེ་ནས་གཟུགས་མེད་པ་ནས་ཇི་སྲིད་ཚེ་སྲ་ཐམས་ཅད་དོ།། འདི ་དྲུག་ནི་སེམས་ཙམ་ཁོ་ན་སྟེ། དོན་བརྫུན་པ་ཡིན་ཡང་དོན་དུ་སྣང་བ་ནི་དོན་དུ་མངོན་པར་ཞེན་པའི་བྲག་ཆགས་ལས་སྐྱེ་བ་ཡོན་ཏེ། རྒྱུན་པོ་ལ་གོམས་པའི་རྒྱུན་པོ་ལ་སོགས་པའི་རྨི་ལམ་བཞིན་ནོ།། དེ་ལ་འདི་དག ་ནི་བློ་བུར་དུ་མིང་དུ་བཏགས་པ་ཙམ་སྟེ། ཡང་སེམས་ལས་ཕྱི་རོལ་ཏུ་གྱུར་པའི་སེམས་ཀྱི་གཟུང་བའི་དོན་ཅི་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཞིང་གཟུང་བ་དང་འཛིན་པར་ཡོད་པ་མ་ཡིན་ནོ།། དེ་ནས་གཟུང་བ་དང་འཛིན ་པ་སྟོང་པ་ཉིད་བརྗེད་པ་མེད་པ་འདི་དག་སེམས་ཙམ་ཉིད་དུ་སྣ་ཚོགས་པས་པར་བྱས་ནས། ཡིད་ཀྱི་བརྗོད་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། ཆོས་ཐམས་ཅད་སེམས་ཙམ་ཉིད་ཡིན་པ་དེ་ཉིད་ལ་སེམས་ཉེ་བར་བཅིངས་ཏེ། ་གཡོ་བ་མེད་པར་བྱས་ནས་བསྡུས་ཏེ་ཞོ་གནས་བསྐྱེད་པར་བྱ་སྟེ། ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པའི་བར་དུའོ།། ཤིན་ཏུ་སྦྱངས་པ་ཐོབ་པ་ལ་བརྟན་ནས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེ་ཉིད་སོ་སོར་སྣ་ཚོགས ་ཡང་དང་ཡང་དུ་རྣམ་པར་དཔྱད་པར་བྱ་སྟེ། ཁམས་བཅཝོ་བརྒྱད་པོ་འདི་དག་ཐམས་ཅད་སྣ་ཚོགས་རང་བཞིན་པ་སེམས་ཙམ་སྟེ། གཟུང་བ་དང་འཛིན་པ་མེད་པའོ།། དེ་བཞིན་དུ་འདི་ཡང་དང་ཡང་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ ་པར་འབྱེད་བ་དང་། ཡོངས་སུ་རྣམ་པར་རྟོག་པ་དང་། ཡོངས་དཔྱོད་པར་འབྱུང་པ་ན། གངྒཱ་གི་ཚེ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་དེའི་ཚེ་ལྷག་མཐོང་ངོ་།། དེའི་རྗེས་ལ་རྣམ་པ་རྟོག་པ་མེད་པ་དེ་ཉིད་ཀྱི་གཟུགས་བརྙན་དང ་དེ་ལ་དམིགས་པ་དེའི་སེམས་གཉི་ག་མཉམ་པར་བར་ཆད་མེད་པར་ཡིད་ལ་བྱེད་པའི་རྒྱུན་ཞི་གནས་དང་ལྷག་མཐོང་དེ་དགུ་ཉིད་ཟུང་དུ་འབྲེལ་པར་འཇུག་པའི་ལམ་མོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཇི་ལྟ ་བ་ལ་དམིགས་པ་གཉིས་པའི་སའོ།། ། དེ་ནས་གསུམ་པ་ལ་དེ་བཞིན་དུ་སྣ་ཚེགས་སོ་སོར་སྣང་བ་ལ་སེམས་བསྐྱེད་ཅིང་འདི་ལྟར་ཉེ་བར་བརྟག་པར་བྱ་སྟེ། ཁམས་བཅོ་བརྒྱད་པོ་འདི་དག་ཐམས ་ཅད་སྣ་ཚོགས་རང་བཞིན་མེད་ལྔ་སེམས་ཙམ་གཟུང་བ་དང་འཛིན་པས་སྟོང་པོའོ།། ཡཱང་གང་ཞིག་མིང་སོ་སོར་སྣང་པཾ་གཟུགས་ཞེས་བྱ་བ་དང་། སྒྲ་ཞེས་བྱ་བ་དང་། དྲི་ཞེས་བྱ་བོ་ནསྟེ་ཇི་སྲིད་ཆོས་ཐམས་ཅད་ཅེས་བྱ་བའོ།། གཱ ་ཡང་དོན་སོ་སོར་སྣང་བ་འདི་ལྟ་སྟེ་ཕུང་པོ་དང་ཁམྦ་དང་སྐྱེ་མཆེད་དུ་སོ་སོར་སྣང་བ་ནས། ཇི་སྲིད་ཆོས་ཐམས་ཅད་དུ་སོ་སོར་སྣང་བ་འདི་ཐམས་ཅད་ནི་ཆོས་ཀྱི་མཚན་མ་སྟེ། ཆོས་ཀྱི་གཟུགས་བརྙན་ཉིད་ཡིན་པའི་ཕྱིར་རོ།། འདི། ་ཐམས་ཅད་ནི་འཁྲུལ་པའི་རྒྱུ་མཚན་སྤྲོས་པའི་མཚན་མ་ཕྱིན་ཅི་ལོག་གི་རྒྱུ་མཚན་ཏེ། འཁྲུལ་པའི་དམིགས་པ་ཉིད་ཡིན་པའི་ཕྱིར་རོ།། དེར་སྣང་བ་ལ་སོགས་པའི་བློ་ཡང་དག་པ ་མཱ་ཡིན་པའི་རྣམ་པ་དེས་བསླད་པས་སྣང་བ་དེ་ལ་དམིགས་པས་ཀུན་ཏུ་སྣང་བ་ཉིད་ཅེས་བྱ་བ་དེ་འཁྲུལ་པ་ལ་དམིགས་པ་ཡིན་པརརླ་བརྗེད།། དེའི་ཕྱིར་འདི་དོག་ཇི་སྲིད་སྣང་བ་དེ་སྲིད་འཁྲུལ་པ་སྟེ། ཡང་དག་པ་མ ་ཡིན་པའི་དོན་མཐོང་བས་དོན་དམ་པ་མི་མཐོང་བ་ཡིན་ནོ།། དེ་ནས་ཆོས་འདི་དགོ་ཐིམས་ཅད་ཀྱི་དོན་དམ་པ་མཐོང་བར་འདོད་པས་དེ་བཞིན་དུ་ཞི་གནས་ལ་བརྟེན་ནས་འཁྲུལ་པའི་རྒྱུ་མཚན་ཐམས་ཅད་མངོན་སུམ་དུ་སྣང ་བ་ཡིད་ལ་མི་བྱེད་པས་ཡོངས་སུ་སྤང་བར་བྱའོ།། འདི་ལྟ་སྟེ། གང་ཞིག་གཅིག་པུ་དབེན་པྲར་འདུག་ནས་བསམ་གཏན་ལ་གནས་ཏེ། གཟུགས་ཀྱི་འདུ་ཤེས་ཐམས་ཅད་ལས་འདས་ཤིང་། འདི་ལྟར་ཐམས ་ཅད་ན་མཁའོ་ཞེས་འདུ་ཤེས་ལ་གནས་ནས་ནི་མཁའ་མཐའ་ཡས་ལ་སྙོམས་པར་ཞུགས་པ་བཞིན་དུ་བྱང་ཆུབ་སེམས་དཔས། ཁམས་བཅོ་བརྒྱད་པོ་སྣ་ཚོགས་སོ་སོར་སྣང་བ་འདི་སེམས་ཙམ་དུ་བྱེད་དེ། ཡིད་ཀྱིས ་བརྗོད་པ་ཐམས་ཅད་ཡོངས་སུ་སྤངས་ནས་འཁྲུལ་པ་དང་རྟོག་པའི་རྒྱུ་མཚན་ཐམས་ཅད་སྤངས་ཤིང་གཟུང་བའི་མཚན་མ་ཐམས་ཅད་ནུབ་ནས་ཞི་གནས་ལ་བརྩོན་པར་བྱའོ།། ཇི་སྲིད་ལུས་དང་སེམས་ཤིན་ཏུ ་སྦྱངས་པའི་བར་དུའོ།། དེ་ནས་ཞི་གནས་དེ་ཉིད་ལ་གནས་ནས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་རྣམ་པར་འབྱེད་དོ།། ཆོས་འདི་དག་ཐམས་ཅད་ལྡན་པ་དང་། བྲལ་བ་དང་། གཟུགས་ཅན ་དང་། བསྟན་དུ་མེད་པ་དང་། ལ་མེད་པ་སྣ[।]!གཅིག་པ་སྟེ། འདི་ལྟར་མཚནྡ་ཉིད་མེད་པའོ།། དེ་ལྟར་རབ་ཏུ་རྣམ་པར་འབྱུང་། ཡོངསུ་རྣམ་པར་རྟོག་པར་བྱེད་། ཡོངས་སུ་དཔྱོད་པར་བྱེད་པ་ན། གང་གི་ཚེ་སིས་དང་ལུས་ཤིན་ཏུ་སྦྱངས་པ་དེའི་ཚེ ་ལྷག་མཐོང་ངེས་པར་གྲུབ་པ་ཡིན་ནོ།། དེའི་རྗེས་ལ་ཏིདྲ་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་མི་རྟོག་པ་དེ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་གཟུགས་བརྙན་དང་། དེ་ལ་དམིགས་པའི་སུམ་དེ་ཉིད་བོར་མེད་ཅིང་བླ་ཚད་མེད་པ ་ཡིད་ལ་བྱེད་པའི་རྒྱུན་ཞི་གནས་དང་ལྷག་མཐོང་དེ་དག་ཉིད་ཟུང་ངུ་འབྲེ་ལ་པར་འཇུག་པའི་ལམ་སྟེ། འདི་ནི་རྣལ་འབྱོར་གསུམ་པའི་སྭའོ།། །། གང་གི་ཚེ་འདི་དག་ཉིད་ཡོངསུ་གྲུབ་པ་ན་མཉམ་པར་བཞགས ་བ་སྔ་མ་བསྒོམས་བའི་སྟོབས་ཀྱིས་འཇུག་པ་ལྷུན་གྱིས་གྲུབ་པ་འདུ་བྱེད་པ་མེད་པར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིསྒོ་སྟོང་པ་ཉིད་ཀྱི་མངོན་སུམ་དུ་ཉམས་སུ་མྱོང་བྲ་མངོན་དུ་བྱེད་པ། རྣམ་བེ་རེ་མི་རྟོག་པའི་ཡེ་ཤེས་གཉིས ་སུ་མེད་པ། འཁྲུལ་པ་མེད་པ། ཆོས་དང་ཆོས་ཉིད་ཀྱི་མཚན་མ་ཤིན་ཏུ་ནུབ་པ། སྣང་བ་མེད་པ། དམིགས་པ་མེད་པ། རྣམ་པར་མི་རྟོག་པའི་ཞི་གནས་དང་ལྷག་མཐོང་གི་བདོག་ཉིད་ཅན་མཆོག་ཏུ་གསལ་བར་སྤྱོད་པ་འཇིག་རྟེན་ལས།། ། ་འདས་པ་ཟག་པ་མེད་པ་ཡང་དག་པའི་ཡེ་ཤེས་མངོན་དུ་འགྱུར་ཏེ། དེ་ནི་རྣལ་འབྱོར་བཞི་པའི་སའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པའི་མན་ངག་སློབ་དཔོ་ཆེན་པོ་རཏྣ་ཀར་ཤཱནྟིས་མཛད ་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་རབ་འབྱོར་ཞི་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཏིང་ངེ་འཛིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་ག་ཏན་ལ་ཕབ་པ།། ་