| Wylie | e-texts produced with BDRC’s OCR application |
@རྣལ་འབྱོར་སྤྱོད་པའི་བསྒོམ་པའི་དོན་མདོར་བསྡུས་ཏེ་བསྟན་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཇི་སྐད་དུ་རྗོད་པའི་ཡེ་ཤེས་དེ་ནི་རྟག་པ་དང་ཆད་པར་ལྟ་བ་རྣམས་ཀྱིས་ཐོབ་པ ་ནུས་ཏེ། འདི་ལྟར་གལ་ཏེ་ཡཽང་པོར་རྣམ་པར་རྟོག་ན་ནི་དེའི་ཕྱིརུ་རྟག་པ་ཉིད་དུ་འཛིན་པའི་མཐར་ལྟུང་བ.རའི་གྱུར། ཇི་སྟེ་མེད་པར་རྣམ་པ་རྟོཀྵ་ན་ནི་དེ་ལྟ་ན་ཡང་ཆང་པར་ལྟ་བའི་མཐར་ལྟུང་བར་འགྱུ་ར་ཏེ། དེ་བས་ན་འདི། ་ནི་དབུ་མཱ་ལམ་གྱིས་འབྱུང་བའི་དུང་ཚུལ་ཅན་ཡིན་པས་ཡེ་ཤེས་དེ་ཉིད་དེ་ལྟ་བུར་ལྟ་བ་རྣམས་ཀྱིས་ཐོབ་པར་མི་ནུས་སོ།། དེ་བས་ན་དབུ་མོའི་ལམ་ལ་བརྩོན་པར་བྱའོ།། ཞེས་བསྟན་པའི་ཕྱིར། དབུ་མའི་ལཱམ་ལས ་བྱུང་བ་ཡི། ཡེ་ཤེས་རྣམ་པར་མི་ཏོ་ག་རཱི། རྟག་དང་ཆད་པ་ལྟ་རྣམས་ཀྱི།། ཐོབ་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ།། དབུ་མའི་ལམ་དེ་ཡང་དཔྱད་ན་རྣམ་པར་རིག་པ་རློམ་ཉིད་དེ། རྣམ་པར་རིག་པ་ཙམ་ཉིད་ནི་གཙེ ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་མཚན་མའོ།། གཞན་གྱི་དབང་འཁྲུལ་པ་ཙམ་ཡིན་པས་གཟུང་བ་དང་འཛིན་པ་ཉིད་དུ་སྣང་བའི་ཕྱིར། གལ་ཏེ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་ན་ནི་རྟག་པའི་མཐར་འགྱུར་རོ།། ་ཅི་སྟེ་ཅི་ཡང་མེད་ན་ནི་དེ་ལྟ་ན་ཆད་པར་འགྱུར་ཏེ། དེ་ལྟ་བས་ན་གདགས་པའི་གཞི་ཡོད་པར་ཁས་བླང་བར་བྱ་དགོས་ཏེ། དེའི་ཕྱིར། དབུ་མའི་ལམ་ཞེས་བྱ་བ་ཡང་། རྣམ་རིག་ཙམ་ཉིད་མ་གཏོགས་པར།། རིག་པས་བརྟ། ་ན་འདིར་གཞན་ནི།། རྣམ་པ་ཀུན་ཏུ་མི་མཐང་དོ་ཞེས་བྱ་བ་སྨོས་སོ།། འོ་ན་པང་ས་དང་རིགས་མཐུན་པའི་མདོ་ལས། ཀུན་དགའ་བོ་ཡོད་ཅེས་བྱ་བ་ནི་རྟག་པར་འགྱུར་རོ།། མེད་ཅེས་བྱ་བ་ཆད་པར་འགྱུར་རོ།། དེ་ལྟ་བས་ན ་དེ་བཞིན་གཤེགས་པ་དབུ་པའི་ལམ་གྱི་ཆོས་སྟོན་ཏོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ནི་ཉེས་པ་མེད་དེ། གཙོ་བོར་གང་ཟག་དགག་པའི་ཕྱིར་གསུངས་ཀྱི། གཞན་གཙོ་བོར་བྱེད་པ་ནི་མ་ཡིན་ཏེ། གཞན་གཙོ་བོར ་མཛད་པ་མ་ཡིན་པ་དེ་ཡང་གང་ཟག་གསལ་བ་མཛད་པས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ་ལྟར་རྣམ་པར་རིག་པ་ཙམ་ཉིད་དུ་དགུ་མའི་ལམ་དུ་བསྒྲུངས་ནས། དེ་ལ་གཟུད་པའི་ཕྱིར། རྫོགས་པའི་བྱང་ཆུབ་འདོད་རྣམ ་ཀྱི།། མི་རྟོག་ཡེ་ཤེས་བསྐྱེད་པའི་ཕྱིར།། དེ་བྱས་རྣམ་པར་རིག་ཙམྦ་དུ།། བསྒོམ་པ་རྟག་ཏུ་སྦྱར་བར་བྱ་ཞེས་བྱ་བ་སྨོས་སོ།། གང་དག་བླ་ནཱ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཆ་ངོ་རྒྱ་བར་འདོད་པ ་དེ་དག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་བསྒྲུབ་པའི་ཕྱིར། འདི་ཐམས་ཅད་རྣམ་པོར་རིག་པ་ཙམ་མཽ་ཞེས་རྣམ་པར་རིག་པ་ཙམ་ཉིད་དུ་བསྒོམ་པ་ལ་རྟག་ཏུ་སྦྱར་བར་བྱའོ།། དེ་ལྟར་རྣམ་པར་རིག་པར་སྣང་བ་མཐོ ་སྐྱེས་ཏེ། ཐམས་ཅད་ལ་དངོས་པོའི་ངོ་བོ་མི་མཐོང་ན། གཟུང་བ་མེད་པར་འཛིན་པ་ཡང་མེད་དོ་ཞེས་རྣམ་པར་རིག་པ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེའི་ཕྱིར་གཟུང་བ་དང་འཛིན་པར་རྟོག་པ་དང་བྲལ་བས། ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བསྒོམ་པ་ལ་རྟག་ཏུ་སྦྱར་བར་བྱ་ཞེས་བྱ་བ་སྨོས་ཏེ། འདི་ནི་ཕན་ཡོན་ཡིན་པས་དེའི་ཕྱིར་བསྒྲིབས ་ཤིག་ཅེས་སྟོན་ཏེ། དེ་ལྟར་དེ་བསྒོམ་པ་ལ་མངོན་པར་བརྩོན་པོའི་བློ་གྲོས་དང་ལྡན་པ་ནི་ས་བཅུ་རིམ་གྱིས་རྣམ་པོར་རྟོག་པ་རྣམ་པར་འཇིག་པོས་མི་རྟོག་པའི་ངོ་བོ་ཉིད་མཐོང་སྟེ། བཟུང་བ་དང་འཛིན་པའི་བདག་ཉིད་གཉིས་པོ ་གང་ཡིན་པ་དེ་ཡང་གཉིས་མེད་ཀྱི་ངོ་བོ་ཉིད་དུ་རྟོག་ཅིང་། འདི་ན་བརྟག་པར་བྱ་བ་ཡང་མེད་ལ། རྟོག་པ་ཡང་མེད་དེ། འདི་ཐམས་ཅད་མེད་པ་ལ་སྒྲོ་བཏགས་པ་ཡིན་པས། འདི་ཀུན་ནི་རྨི་ལམ་དང་འདྲའོ་ཞེས་ངེས་པར ་བྱེད་དེ། དེའི་ཕྱིར་རྣམ་རྟོག་མི་རྟོག་བདག་ཉིད་ཡིན།། གཉིས་དང་གཉིས་མེད་བདག་ཉིད་དེ། འདི་དག་ཐམས་ཅད་རྨི་ལམ་བཞིན།། འདི་ལ་རྟག་བྱ་མེད་རྟོག་མེད་ཅེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ་ཕྱིན་ཅི་ལོག ་ཏུ་གྱུར་པ་མ་གཽཏོགས་པར་ཆོས་ཕྲ་རབ་ཙམ་ཡང་མེད་ད།། དེ་བས་ན་ཕྱིན་ཅི་ལོག་སྦྱངས་ཙམ་ཞིག་བྱ་བར་ཟད་དོ་ཞེས་བསྟན་པར་འགྱུར་རོ།། དངོས་པོ་གང་ཡང་བསྣན་མེད་ཅིང་། གསལ་བ་མེད་དེའི་ཕྱིར་ཞེས་བྱ་བས ་ནོ། དེ་ཉིད་སྒྲུབ་པར་བྱེད་དེ། འདི་ལ་གསལ་བྱ་ཅི་ཡང་མེད།། གཞོག་པར་བྱ་བ་ཅི་ཡང་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང་བས་རྣམ་པར་གྲོལ།། ཞེས་བྱ་བ་དེ་དེའི་ཕྱིར། ཆོས་ཀྱི་རང་གི ་བོ་ཉིད།། དེ་བཞིན་ཉིད་ཙམ་མཐོང་བས་གྲོལ།། ཞེས་བྱ་བ་སྨོས་སོ།། རྣལ་འབྱོར་སྤྱོད་པའི་བསྒོམ་པའི་དོན་མདོར་བསྡུས་ཏེ་བསྟན་པ། སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པ་རྫོགས་སྷོ།། ་རྩ་བ་སློབ་དཔོན་ཀླུ་ཡི་བཤེས་གཉེན་གྱིས་མཛད་པ་ལགས་སོ།། རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ ་བ་བནྡེ་ཡེ་ཤེས་སྔས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་