| Wylie | e-texts produced with BDRC’s OCR application |
ལ་ཕབ་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མིན་ངག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ།། དེ་ལྟར་ཐོས་པ་དང་བསམ ་པ་ལས་བྱུང་བའི་ཤེས་རབ་བཤད་ཟིན་ཏོ།། དེ་དག་རྙེད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་ཞེས་སྔར་བསྟན་པས། དེ་ནས་འདིའི་སྒོམ་པ་བརྗོད་པར་བྱའོ།། ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམས་ཀྱི་རབ་ཏུ ་སྦྱོར་བ་ནི་གཉིས་ཏེ། གུས་པར་སྦྱོར་བ་དང་། རྒྱུན་ཏུ་སྦྱོར་བའོ།། རབ་ཏུ་སྦྱོར་བ་ནི་གོམས་པར་སྦྱོར་བའོ།། གུས་པ་དང་དགའ་བ་དང་སྤྲོ་བས་སྦྱོར་བ་ནི་གུས་པར་སྦྱོར་བ་ཡིན་ལ། བར་མ ་ཆད་པར་སྦྱོར་བ་ནི་རྒྱུན་ཏུ་སྦྱོར་བའོ།། བསྒོམ་པ་ཡང་རྣམ་པ་གསུམ་སྟེ། ཞི་གནས་དང་ལྷགྲ་མཐོང་དང་།། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་སྒོམ་པའོ།། དེ་ལ་ཇི་སྙེད་ཡོད་པར་གྱུར་པ་དང་། ་ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ནི་གནས་ཀྱི་དམིགས་པའོ།། ཇི་སྙེད་ཡོད་པར་གྱུར་པ་དང་། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ ་གྱུར་པ་ནི་ལྕུ་གུ། མང་གི་དམིགས་པའོ།། འདྲེ་ནི་བྱང་ཆུབ་སེམས་དཔའི་གཅིག་པུ་དབེན་པར་གནས་བཅས་ལ། ཇི་ལྟར་བསམ་པའི་དོན་ཡིད་ལ་བྱ་སྟེ། ཡིད་ཀྱི་བཛྲོད་པ་སྤངས་ནས་སེམས་ཉིད་དེ་ལྟར་སྣང་བ་ལྡ་ན་མ ་དུ་ཡིད་ལ་བྱ་སྟེ། ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱ་དྲིས་པ་མ་སྐྱེས་ཀྱི་བཱར་དུ་ཞི་གནས་དང་རྗེ་སཱ་སུ་མཐུན་པ་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ཞི་གནས་ཡིན་ནོ།། ལུས་དང་སེམས་ཤིན་ཏུ ་སྦྱངས་པ་ཐོབ་པ་ཡིན་ལ་དེ་ཉིད་ལ་གནས་ཏེ། ཇི་ལྟར་བསམ་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་ངེ་འཛིན་གྱི་གཟུགས་བརྙན་གྱི་སྤྱོད་ཡུལ་ལ་ལྷག་པ་རོ་མོས་པས་སོ་སོར་བརྟག་པར་བྱ་སྟེ། ཇི་སྲིད་དུ་ལུས་དང ་སེམས་ཤིན་ཏུ་སྦྱངས་པ་མུ་སྐྱེས་པ་དེ་སྲིད་དུ་ནི་ལྷག་མཐོང་དང་རྗེས་སུ་མཐུན་པ་ཡིན་ལཊཱགང་གི་ཚེ་སྐྱེས་པ་དེའི་ཚེ་ལྷག་མཐོང་ཡིན་ནོ།། དེའི་འོག་ཏུ་རྣམ་པར་རྟོག་པ་དེ་དང་བཅས་པའི་གཟུགས་བརྙན་ཉིད་ལ་དམིགས ་ཏེ། སེམས་དེ་ཉིད་ལ་གླང་གི་ཚེ་རྒྱུན་མི་ཆད་པ་དང་། བར་མ་ཆད་པའི་ཡིད་ལ་བྱེད་པའི་རྒྱུན་གྱིས་གཉིས་ཀ་ཡང་ཉམས་སུ་མྱོང་བ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་ངུ་འབྲེལ་པའི་ལམ་ཞེས་བརྗོད་དེ། དྲི་ལ་ཞི་གནས ་དང་ལྷག་མཐོང་ནཱི་ཟུང་ཡིན་ལ། འབྲེལ་པ་ནི་ལྡན་པ་སྟེ་ཕན་ཚུན་བཅིང་སཱ་ནས་འཇུག་པརྗེའོ།། འདིར་སྒྲིབ་པ་ལྔ་རྣམས་ཀྱི་ནཱང་ནས། རྒོད་པ་དང་འགྱོད་པ་རྣམས་ནི་ཞི་གནས་ལ་སྒྲིབ་པའོ།། རྨུགས་པ་དང་གཉིད་དང་ཐེ་ཚོམ ་ནི་ལྕུག་མཐོང་ལ་སྒྲིབ་པའོ།། འདོད་པ་ལ་འདུན་པ་དང་གནོད་སེམས་ནི་གཉིས་ཀ་ལ་སྒྲིབ་པའོ།། གླིང་གི་ཚེ་རྨུགས་པ་གཉིད་ཡང་དག་པར་གསལ་བར་འགྱུར་བ་དེའི་ཚེ་ཞི་གནས་ཡོངས་སུ་དག་པར་གྱུར་པ་ཡིན་ལ། གང ་གི་ཚེ་རྒོད་པ་དང་འགྱོད་པ་ཤིན་ཏུ་གསལ་བར་གྱུར་པ་དེའི་ཚེ་ལྷག་མཐོང་ཡོངས་སུ་དག་པར་གྱུར་པ་ཡིན་ནོ།། དེ་ལ་བཅོམ་ལྡན་འདས་ཀྱིས་ཞི་གནས་ནི་རྣམ་པ་དགུར་བཀའ་སྩལ་ཏེ། ཇི་ལྟ་བ་བཞིན་དུ་སེམས་དེ་ནང་དུ་འཇོག ་པར་བྱེད། ཀུན་ཏུ་འཇོག་པར་བྱེད། ཡོངས་སུ་འཇིག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་པར་བྱེད། སེམས་མཉམ་པར་འཇོག་པར་བྱེད་ཅེས་གསུང་སོ།། ་@དེ་ལ་དང་པོ་ཕྱི་རོལ་གྱི་དམིགས་པ་རྣམས་ལས་སེམས་བླན་ཏེ་ནང་དུ་རབ་ཏུ་བསྡུས་ནས་སེམས་དང་པོར་བརྟགས་པ་ནི་ནང་དུ་འཇོག་པའོ།། དེ་ནས་རང་བཞིན་གྱིས་གཡོ་བའི་སེམས་དེ་ཉིད་རྒྱུན་ཏུ ་གཏོད་ཅིང་འཇོག་པ་ནི་ཀུན་ཏུ་འཇོག་པའོ།། དེ་ནས་དྲན་པ་ཉམས་པས་ཕྱི་རོལ་ཏུ་རྣམ་པར་གཡེང་བ་ཤེས་པར་བྱས་ལ་བླན་ནས་སེམས་དེ་ལ་འཇོག་པ་ནི་ཡོངས་སུ་འཇོག་པའོ།། དེ་ནས་སེམས་རང་བཞིན་གྱི་རྒྱ་ཆེ་བ་ལས ་ཡང་དང་ཡང་དུ་བསྡུས་ཏེ་ཕྲ་བར་བྱས་ནས་གོང་ནས་གོང་དུ་འཇོག་པ་ནི་ཉེ་བར་འཇོག་པའོ།། དེ་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བལྟས་ཏེ་དེ་ཉིད་ལ་དགའ་བ་ནི་འདུལ་བའོ།། དེ་ནས་རྣམ་པར་གཡོ་བའི་སྐོན་བལྟས་ནས་ཡིད ་ཕྱིར་ཕྱོགས་པ་རའི་ཏུ་ཞི་བར་བྱེད་པ་དེ་ནི་ཞི་བའོ།། ཆགས་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་རྣམས་ཞི་བར་བྱེད་པ་དེ་ནི་ཉེ་བར་ཞི་བའོ།། དེ་ནས་དམིགས་པ་གཅིག་ལ་རང་གི་ངང་གིས་འཇུག་པ་ནི་རྒྱུད་གཅིག་པ ་སྟེ། ཡང་དག་པ་མུ་ཡིན་པར་འགྱུར་པ་ལས་འབད་པས་ཡང་དག་པར་བྱེད་པ་ནི་རྒྱུད་གཅིག་ཏུ་བྱེད་པའོ།། དེ་ནས་རྒྱུན་གཅིག་ཏུ་བྱེད་པ་གོམས་པ་ལྷུན་གྱི་གྲུབ་པས་རང་གི་ངང་གིས་འཇུག་པ་ཡང་དག་པར་རང་དབང་ཐོབ ་པས་འཛིན་པ་ནི་སེམས་ས་མཉམ་པར་འཇོག་པའོ།། དེ་སྐད་དུ་མདོ་སྡེ་རྒྱན་ལས། སེམས་ནི་དམིགས་པ་ལ་སྦྱར་ཏེ། རྒྱུན་དེ་ལ་སྟི་གཡངས་མི་བྱེད།། རྣམ་པར་གཡེང་བ་ཤེས་ནས་སུ།། དེར་ནི་སླར་ཡང ་མྱུར་བླན་ནས།། ནང་དུ་སེམས་ནི་བསྡུས་པར་བྱ།། བློ་ལྡན་གོང་ནས་གོང་དུ་སྦྱོར།། ཏིང་འཛིན་ཡོན་ཏན་ལ་བལྟས་ནས།། དེ་ཉིད་ལ་ནི་དགའ་བར་བྱེད།། རྣམ་པར་གཡེངས་པའི་སྐྱོན་བལྟས་ནས།། ཕྱིར་ཕྱོགས་པ་ནི་ཞི་བར་བྱ།། ཆུ ་སེམས་ཡིད་ནི་མི་འདྲ་ལ།། ལ་ངས་པ་དེ་བཞིན་དུ་ནི་འདུལ།། དེ་ནས་མངོན་པར་འདུ་བྱེད་པས།། སེམས་ནི་རྣལ་དུ་འཇུག་པར་བྱ།། སྡོམ་བརྩོན་ཅན་གྱིས་གུས་བྱས་ནས།། འབད་དེ་འཇུག་པར་ཐོབ་པར་གྱུར་ཞེས་གསུངསོ།། ་ལྷག་མཐོང་ཡང་བཞིར་གསུངས་ཏེ།། ཇི་ལྟར་ཡང་དེ་ཆེས་རྣམས་རྣམ་པར་འབྱེད་དོ།། རབ་ཏུ་རྣམ་པར་འབྱེད་དོ།། ཡོངས་སུ་རྟོག་གོ། ཡོངས་སུ་དཔྱོད་པར་བྱེད་དོ་ཞེས་གསུངས་སོ།། དེ་ལ་ཇི་སྙེད་ཡོད་པར་གྱུར་པ་ལ་སོ ་སོར་རྟོག་པ་ནི་རྣམ་པར་འབྱེད་པའོ།། ཇི་ལྟ་བ་བཞིན་དུ་གྱུར་པ་ལྔ་སོ་སོར་རྟོག་པ་ནི་རབ་ཏུ་རྣམ་པར་འབྱེད་པའོ།། རྣམ་པར་མི་རྟོག་པ་ཡིད་ལ་བྱེད་པ་ཤེས་རབ་དང་ལྷན་གཅིག་ཏུ་གྱུར་པས་མཚན་མའི་རྣམ་པ་བཟུང་བ་ནི་ཡོངས་སུ ་རྟོག་པའོ།། ཀུན་ཏུ་དཔྱོད་པ་ནི་ཡོངས་སུ་དཔྱོད་པའོ།། འདི་དག་གི་བཤད་པ་ནི་འཕགས་པ་བྱམས་པོས་ཐེག་པ་ཆེན་པོ་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ལྷག་མཐོང་གང་ཞེ་ན། ཇི་ལྟར་ཡང་དེ་ཆོས་རྣམས་རྣམ་པར ་འབྱེད། རབ་ཏུ་རྣམ་པར་འབྱེད། ཡོངས་སུ་རྟོག་པར་བྱེད། ཡོངས་སུ་དཔྱོད་པར་བྱེད། གནས་ངན་ལེན་གྱི་མཚན་མའི་གཉེན་པོར་བླང་བ་དང་། ཕྱིན་ཅི་ལོག་ངེས་པར་བསལ་བ་དང་། ཕྱིན་ཅི་མ་ལོག་པ་ལ་སེམས་མཉམ་པར་བཞག ་བ་དག་ཉེ་བར་བླངས་ནས་སོ་ཞེས་གསུངས་སོ།། འདིར་ཚིག་འདི་དག་གི་དོན་ནུ་གནས་དྲན་ལེན་ནི་ཕྱིན་ཅི་ལོག་གི་བག་ཆགས་ཏེ། དེ་ཡང་ཕྱིན་ཅི་ལོག་གོང་ནས་གོང་དུ་སྐྱེད་པར་བྱེད་པའི་ནུས ་པ་སེམས་ཀྱི་རྒྱུད་ལ་གནས་པའི་མཚན་ཉིད་དོ།། དེའི་མཚན་མ་ནི་གང་གི་ཕྱིར་དེ་ཡོངས་སུ་གསྔོ་བར་བྱེད་པ་སྟེ། ཕྱིན་ཅི་ལོག་ལོ་མངོན་པར་ཞེན་པ་སྔ་མ་སྔ་མ་དག་གོ།། དེ་ཟད་པས་གནས་ངན་ལེན་ཟེང་དེ། ཕྱིན་ཅི་ལོག་ཏུ་སྐྱེ ་བར་མི་འགྱུར་ཏེ། མཚན་མའི་གཉེན་པོ་གོམས་པ་ལས་མཚན་མ་ཟད་པ་ཡིན་ཏེ། གཉེན་པོ་དེ་ནི་འབྱོད་པ་དང་། ར་བོ་ཏུ་རྣམ་པར་འབྱེད་པ་སྟེ། དེ་བས་ན་འདི་གཉིས་ནི་གནས་ངན་ལེན་གྱི་མཚན་མའི་གཉེན་པོ་ཉེ་བར་བླངས་ཏེ།། ་བསྟན་ཏོ།། ཡོངས་སུ་རྟོག་པ་ནི་ཕྱིན་ཅི་ལོག་ངེས་པར་བསལ་བ་ཉེ་བར་བླངས་ནས་བསྟན་ཏོ།། གང་གི་ཕྱིར་དེ་ནི་ཇི་ལྟ་བ་བཞིན་དུ་རྣམ་པར་ཕྱེ་བས་ཕྱིན་ཅི་ལོག་གི་དགོངས་པ་གཅིག་ཏུ་བསལ་ནས། བརྗེད་པ་མེད་པ་ཡིདེ་ལ ་བྱེད་པས་ཡོངས་སུ་སྩལ་ནས་ལྷོག་པར་དམིགས་པ་སྟེ། དེ་བས་ན་འདི་ནི་ཕྱིན་ཅི་ལོག་ངེས་པར་བསལ་བ་ཞེས་བྱའོ།། དེ་ལྟར་འདིས་ཕྱིན་ཅི་ལོག་ངེས་པར་བསལ་བས་ཕྱིན་ཅི་མ་ལོག་པར་བྱས་ལ། ཕྱིན་ཅི་མ་ལོག་པར ་དོར་མངོན་སུམ་བཞིན་དུ་མཐོང་བའི་དོན་ལ་སེམས་གཞག་ནས་སོ་སོར་རྟོག་པ་ནི་ཡོངས་སུ་དཔྱོད་པ་སྟེ། དེ་བས་ན་འདི་ཕྱིན་ཅི་མ་ལོག་པ་ལ་སེམས་གཞག་པ་ཉེ་བར་བླངས་ཏེ་བསྟན་པའོ་ཞེས་བྱ་བ་ཡིན་ནོ།། དེ་ལྟར ་ལྷག་མཐོ་དུ་རྣམ་པ་བཞིའི་བསྒོམ་པཱ་ཡོངས་སུ་རྫོགས་པས་ལྷག་མཐོ་གྱི་གནས་ངན་ལེན་གྱི་འཆིང་བ་ལས་གློལ་བ་ཡིན་ནོ།། ཞི་གནས་རྣམ་པ་དགུའི་བསྒོམ་པ་ཡོངས་སུ་རྫོགས་པས་ནི་མཚན་མའི ་འཚོང་པ་ལ་གྲོལ་བར་འགྱུར་ཏེ། ཕྱིན་ཅི་ལོག་གི་མཚན་མ་ཕྱིན་ཅི་ལོག་གི་དོན་གྱིས་རྣམ་པ་འགགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ།། དེ་སླད་དུ་ཡང་། ཞི་གནས་དང་ནི་ལྷག་མཐོང་དག། བསྒོམས་པས ་གནས་ངན་ལེན་དང་ནི།། མེ་ཚན་མ་ཡིན་ནི་འཆིདྲ་བ་ལས།། རྣལ་འབྱོར་པ་ནི་གྲོལ་བར་འགྱུར་ཞེས་གསུངས་ཏེ། ཚིགས་སུ་བཅད་པོ་འདྲིའི་དོན་དོན་ནཱི་ཅི་རིགས་པར་སྦྱར་ལྔ། གོ་རིམས་བཞིན་དུ་མ་ཡིན་ནོ།། དེ་བས་ན ་རྣལ་འབྱོར་དང་བསྒོམ་པ་ནི་རྣམ་གྲངས་ཡིན་ལ། ཞི་གནས་དང་། ལྷག་མཐོང་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ནི་རྣལ་འབྱོར་གྱི་ཐུན་མོང་གི་དབྱེ་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག ་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་ཤཱནྟི་བྷ་ཏྲ་དང་། ནུ ་ཆེན་གྱི་ལེ་ཙྪ་བ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་