CLOSE WINDOW

GT358: dam tshig lnga pa
Wyliee-texts produced with BDRC’s OCR application

པབ་ཡིས།། རྡོ་རྗེའི་སྟེང་ནས་རྩ་སྐྱེས་ལྷོར།། སློབ་དཔོན་བདག་གིས་བྱིན་གྱིས་རླབས།། རྟོག་གེ་བདག་གིས་བྱས་པའོ།། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་མཚོ་སྐྱེ་རྡོ་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ས་མ་ཡ་པཉྩ། བོད་སྐད་དུ། དམ ་ཚིག་ལྔ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚ་ལོ།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཐུགས་བརྩེ་བ་ལ་ཕྱག་འཚལ་ནས།། ཡང་དག་བདེ་བ་མ་ལུས་དངོས་གྲུབ་རབ་སྟེར་མཛད་པ་ཡི།། དཔལ་ལྡན་གསང་བའི་རྒྱུད་སོགས་ལས་གསུངས་ཤིན་ཏུ་སྦས་པ་ཉིད ་མདོར་བསྡུས་མཛེས་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བཤད་པར་བྱ།། སྔགས་པས་ནུབ་མོ་ཁྱད་པར་ཅན་དུས་ཉི་མ་རེ་རེ་ཡི་ནི་ཇི་སྙེད་པར།། ཟླ་བ་རེ་རེ་ཡི་ནི་ཇི་སྙེད་པར།། ཟླ་བ་རེ་རེའང་ནི་འཁོར་ལོ་ལས་འདས་ཉམས་པར་འགྱུར་བ་ཡིན།། ཉེ་བར ་འཚེ་བ་མེད་པའི་དུར་ཁྲོད་དགོན་པའི་རྫིང་བུའི་འགྲམ་འམ་སྐྱེད་མོས་ཚལ།། མཚོ་ངོགས་ཆུ་ཀླུང་རི་སུལ་རང་གི་ཁྱིམ་སོགས་འབྲས་བུ་སྟེར་བའི་འཁོར་ལོ་བྱ།། ཡང་དག་བརྒྱུད་པ་ཐོབ་འགྱུར་བ།། དཔལ་ལྡན་ཆོག་ཤེས་སྙིང་རྗེ་ལྡན།། འཇིག་རྟེན ་ཆོས་ལ་མི་ཆགས་ཤིང་།། སྲེད་དང་རྒྱུད་སོགས་རྣམ་པར་སྤངས།། སྙན་པར་སྨྲ་ཞིང་འཛུམ་པའི་བཞིན།། བཟོད་ཅན་བརྟན་དང་བརྩོན་འགྲུས་ལྡན།། ཚོགས་ཀྱི་འཁོར་ལོའི་གཙོ་བོ་རུ།། དཔལ་ལྡན་རྡོ་རྗེ་སེམས་དཔས་གསུངས།། འཁོར་ལོ་ཡང་དག ་དེ་ཉིད་ཀྱིས།། སློང་མ་སྲེག་སོགས་རྣམ་པར་སྤངས།། དབང་བསྐུར་ཐོབ་ཅིང་བློ་ལྡན་བཟོད།། བརྩོན་དང་དྲན་པ་ལ་སོགས་ལྡན།། དམ་ཚིག་སྤྱད་བྱ་སྤྱོད་པ་རྣམས།། རྒན་པའི་རིམ་པ་བཞིན་དུ་འདོད།། དབང་མ་ཐོབ་པས་མི་རིགས་པར།། སྒྲུབ་པོས་འཁོར་ལོ་དེ་བྱའོ།། ་མེ་ཏོག་བདུག་པ་བྱུག་པ་མར་མེ་ལྡན།། སྣ་ཚོགས་སྟོན་མོ་བཏུང་བས་རྣམ་བརྒྱན་ཅིང་།། མལ་སྟན་དང་ནི་ཡོན་ཏན་བཅས་པ་ཡིས།། འཕགས་པའི་སྐྱེ་བོ་མང་པོ་འམ་ནི་ཚོགས་པ་ལའོ།། དེ་ནས་ཚོགས་ཀྱི་གཙོ་བོའི་གདན།། རོ་འོ་མ་སྟག་ལྤགས་རོ་ཤུན་ལ ་བྱའོ། རྒྱན་ནི་འདམ་པག་གིས་དང་བྱ་བའོ།། ཕྱི་རོལ་མེད་པའི་ཕྱག་རྒྱས་འཁྱུད།། རང་གི་སློབ་མ་ཡོངསུ་བསྐོར།། དེས་ཀྱང་རང་རིག་མ་ལ་འཁྱུད།། མི་ནུས་བསམ་གཏན་དག་གིས་བྱ།། སློབ་མ་ཆོག་ཤེས་ཤིང་དྲན།། བརྩོན་འགྲུས་བཟོད་དང་ལྡན་པ་དང་།། ་བུ་མ་ལ་གུས་བློ་མཐུན་པ།། ལས་ཀྱི་རྡོ་རྗེ་རབ་ཏུ་བྱ།། དབང་བསྐུར་ཡང་ནི་གདུག་ཅན་དང་།། ཐོབ་དང་རྒྱུན་ཅན་དག་དང་ནི།། དབང་མ་ཐོབ་པར་འཁོར་ལོ་གང་།། རིང་པོ་ནས་ཀྱང་བསྟན་མི་བྱ།། བླ་མས་བདེ་ཆེན་བསྒོམ་བྱས་ནས།། འབྱུང་པོ་ཀུན་ལ་གཏོར་མ་སྦྱིན།། སྟོབས ་ལ་སོགས་པ་སྦྱང་བྱས་ལ།། མེ་ཏོག་གིས་ནི་རང་ལུས་མཆོད།། སྣོད་ནི་རེ་རེ་ཀུན་ལ་སྦྱིན།། བླ་མ་ལ་ནི་སྣོད་གཉིས་དབུལ།། དེ་བཞིན་ནས་མཚན་བཟའ་བཏུང་ལ་སོགས་གཉིས་འགྱུར་རོ།། དེ་ནས་རང་ཞལ་ཐབ་ཁུང་དུ།། རྣམ་རིག་སཱ་ལའི་མཆོད་ཡོན་བྱ།། ་ལག་པ་དག་ནི་དགང་གཟར་བླུགས་གཟར་གྱིས།། ཡིད་ཀྱི་མེ་ལ་སྟོབས་སོགས་བསྲེག། ནང་གི་བདག་ཉིད་སྦྱིན་སྲེག་གིས།། རང་འདོད་ལྷ་ནི་ཚིམ་པར་བྱ།། གླུ་སོགས་ཀྱིས་ནི་མཉེས་བྱ་ཞིང་།། ཡང་དང་ཡང་དུ་བརྡ་ཚིག་སྨྲ།། བདུད་རྩི་ལྔ་དང་སྒྲོན་མ་ལྔ།། ་རིགས་མ་རིགས་བཟང་བརྒྱད་ལ་ནི།། ཆོ་ག་བཞིན་དུ་བརྟེན་ཤེས་བྱ།། ཀོ་ལ་ལ་སོགས་ཅི་ཤེས་དང་།། ཧེ་རུ་ཀ་ཡི་གཟུགས་ཀྱི་གར།། དྲན་པ་རྗེས་མེད་རྣལ་འབྱོར་བྱ།། སྒོམ་ལ་ཆགས་པའི་སེམས་ཀྱིས་ནི།། རྟག་ཏུ་སེམས་ཀྱིས ་གོམས་པར་བྱ།། རྡོ་རྗེ་ཆོས་དང་སངས་རྒྱས་ཀྱིས།། རྣལ་འབྱོར་མ་དང་མ་ཚོགས་ཀྱང་།། གླུ་དང་གར་ལ་གོམས་བྱ་ཞིང་།། མཆོག་ཏུ་གླུ་དང་གར་བྱའོ།། འདི་ཉིད་ཚོགས་ཀྱི་སྲུང་བ་སྟེ།། བདོག་ཉིད་ཀྱང་ནི་དེ་བཞིན་བསྲུང་།། འདི་ཡིས་འཇོག་རྟེན་དབང་དུ་བྱེད།། ་སྔགས་ཀྱི་བཟླས་པ་དེ་ཉིད་ཡིན།། རྒྱུན་ཏུ་གླུ་ནི་ལེན་པ་དང་།། གང་དུ་རྟག་ཏུ་གར་བྱེད་པ།། ཚོགས་ཀྱི་གཙོ་བོ་མདུན་བྱས་ནས།། དེ་ནས་དྲི་ནི་མཚོན་པར་བྱ།། སྒོག་པའི་དྲི་ནི་དང་པོ་སྟེ།། དེ་ནས་བྱ་རྒོད་དྲི་ཡང་ངོ་།། དེ་ནས་ག་པུར་ཙན་དན་དྲི།། གླུ་ཡི་དབྱངས་སུ ་མཚོན་བྱ་བ།། སྒྲ་ནི་ངང་བ་བུང་བའི་སྒྲ།། སྒྲ་ཡིས་མཐའ་རུ་ཐོས་པ་དང་།། ལྕེ་སྟོང་དག་གི་སྒྲ་དབྱངས་ནི།། ཕྱི་རོལ་སྐྱེད་མོས་ཚལ་དུ་མཚོན།། གང་ཡང་དག་ནི་མི་སྙེད་པ་འམ།། སྣོད་མ་ཡིན་པས་འཇིགས་པ་སྤངས།། བདུད་རྩི་ལྔ་དང་ཤ་ལྔ་སོགས།། @ ་གཏན་གྱིས་ཡོངསུ་བརྟག། འཁོར་ལོའི་གཙོ་བོས་བྱིན་བརླབས་པ།། སྣོད་སྐྱོན་རྗེསུ་གཟུང་བྱའི་ཕྱིར།། བདུད་དང་བཅས་པས་སྣོད་དེ་ནི།། ཧ་ཅང་མྱུར་མིན་བུལ་བ་མིན།། བགེགས་སོགས་བརྙས་པ་སྤང་བའི་ཕྱིར།། པདྨའི་ཕྱག་རྒྱས་བླང་བར་བྱ།། ཧུབ་སྒྲ་མེད ་ཅིང་མ་གཡེངས་པས།། ཅུང་ཟད་འཐུངས་ནས་ལེགས་བཀང་སྟེ།། ཕྱག་འཚལ་བ་ཡི་ཁྱད་པར་གྱིས།། གོང་གི་ཕྱག་རྒྱས་དབུལ་བར་བྱ།། སྒྲུབ་པ་པོ་ཡིས་ཡང་དང་ཡང་།། དེ་དག་ཀུན་ལ་ཕྱག་བྱའོ།། སྣོད་ནི་ས་ལ་བཞག་པ་འམ།། གཞན་ལ་བྱིན་པར་གྱུར་པ་ན ་ལག་ན་ས་བོན་ཆད་པས་བཅད།། རང་གི་ཐམས་ཅད་མི་བཏུངོ་།། བཟའ་དང་བཏུང་བ་གང་གིས་ནི།། ཤིན་ཏུ་རྟོགས་ཀྱང་བླང་མི་བྱ།། རྩོད་པ་ལ་སོགས་གང་བྱེད་པ།། དེ་ནས་དེ་ནི་གདོན་པར་བྱ།། ཡང་ན་གདོན་པར་མི་ནུས་ན།། དེའི་ཚེ་སྡིག་པ་ལ་བཏགས ་པས། རང་ཉིད་གཞན་དུ་འགྲོ་བ་འམ།། མི་སྨྲ་བ་ལ་བརྟེན་པར་བྱ།། ལས་ཀྱི་རྡོ་རྗེ་བཏུང་སོགས་ལ།། རང་གིས་བླངས་ཀྱང་ཉེས་པ་མེད།། སྤྱོད་ལམ་ཤུགས་ཀྱི་ཕྱིར་འགྲོ་ན།། དེ་ནི་དགག་པར་མི་བྱའོ།། མངོན་པའི་ང་རྒྱལ་ཞེ་སྡང་གིས།། གཞན་སྨོད་དམ་པ ་མ་ཡིན་པའི།། ཚིག་གིས་སྨད་ཀྱང་རྩོད་པའི་གཏམ།། མི་དགའ་བ་ཡང་སྤང་བར་བྱ།། བཀག་པ་ཡང་ནི་སྤྱོད་གྱུར་ན།། རྩ་བའི་ལྟུང་དང་སྦོམ་པོ་ནི།། མྱུར་དུ་གསོ་བའི་ཆོ་ག་བྱ།། དེ་ནི་ལྡང་བའི་ཆོ་ག་གྲགས།། རྡོ་རྗེ་སློབ་དཔོན་ཚིམ་གྱུར་པས།། བར་གཏོར་མའི ་སྦྱིན་པར་བྱ།། གླུ་དང་གར་ལ་སོགས་རྒྱུན་ནི།། དེ་ཡི་བཀའ་ཡིས་གནང་བར་བྱ།། ཚོགས་ཀྱིས་འདུས་པ་ལ་བྱ་བ།། ལག་པ་རྐང་སོགས་བག་ལྡན་བྱ།། ཤིན་ཏུ་བག་མེད་རྒྱུ་ཡི་ཕྱིར།། བཏུང་བ་མང་པོ་སྤྱད་མི་བྱ།། མང་དག་གིས་ནི་གཡེངས་པར ་འགྱུར།། གཡེངས་པ་རྣལ་འབྱོར་འཁྲུགས་འགྱུར་ཞིང་།། རྣལ་འབྱོར་ཉམས་པས་དངོས་གྲུབ་མེད།། བདུད་ཀྱི་ལས་ནི་བཟློག་པར་དཀའ།། གང་ཡང་སེམས་ནི་བསྲུང་ནུས་པས།། རང་ངམ་གཞན་ཡང་མཆོད་པར་བྱ།། གཟུགས་སོགས་སྣ་ཚོགས ་དག་པ་ཡིས།། དེ་ཡིས་འདི་ནི་དངོས་གྲུབ་འགྱུར།། སྐད་ཅིག་ཙམ་ཡང་གཞན་གཟུགས་ཀྱིས།། མ་རིག་གདུག་ཅན་གྱི་ནི་སེམས།། གྲུབ་འདོད་དངོས་གྲུབ་དོན་གཉེར་བའི།། འབད་པས་མཁས་པས་གནས་མི་བྱ།། ཇི་སྙེད་ལུས་ཀྱི་གཡོ་འགུལ་དང་། ་ངག་གི་བརྗོད་པ་ཇི་སྙེད་པ།། དེ་སྙེད་སྔགས་དང་ཕྱག་རྒྱ་སྟེ།། ཧེ་རུ་ཀ་དཔལ་གོ་འཕངས་གནས།། གང་གིས་དུག་གིས་དུམ་བུ་ཡིས།། སྐྱེ་བོ་རྣམས་ནི་འཆི་འགྱུར་བ།། དུག་གི་དེ་ཉིད་ཤེས་པ་ཡིས།། དུག་གི་དུག་ནི་འཇོམ་པར་བྱེད།། ཁ་ཅིག་བྲེལ ་བ་གཞན་ཡོད་པས།། ཡུན་རིང་འདུག་པར་མི་ནུས་ན།། དེ་ཨིས་ཕྱག་འཚལ་མཁྱེན་གསོལ་ཏེ། བཟོད་གསོལ་ནས་ནི་འགྲོ་བར་བྱ།། འདི་དང་གཞན་གྱིས་རྒྱུད་གསུངས་པའི།། བྱ་བ་རྣམས་ནི་བརྡལ་ལ་བྱ།། གང་ཕྱིར་མྱུར་དུ་བྱས་པ་ཡིས།། རྣལ་འབྱོར་པ་ཡི ་དགའ་ཉམས་བྱེད།། དེ་ལྟར་ཆོ་གས་འཁོར་ལོ་ཆེར།། རང་གི་སློབ་མ་དབང་བསྐུར་ཕྱིར།། སྒོམ་པ་ལ་སོགས་སྟོབས་ཉིད་ཀྱིས།། ཚེ་འདི་ཉིད་ལ་དངོས་གྲུབ་འགྱུར།། སྒོམ་པ་ལ་སོགས་དེ་བཞིན་འདིར།། ཡང་ནི་བཀའ་གསལ་བྱེད་པས་ཀྱང་།། གལ་ཏེ། ་ལྟུང་བ་མེད་འགྱུར་ན།། སྐྱེ་བ་བཅུ་དྲུག་དག་ལ་འགྲུབ།། བླ་མས་ཐ་མའི་གཏོར་མ་སྦྱིན།། དེ་བཞིན་ཕྱི་རོལ་ལྷག་གཏོར་མ།། སྒྲུབ་པ་པོ་ཡི་ཕྱག་འཚལ་ཞིང་།། སྨོན་ལམ་དག་ནི་ཇི་ལྟར་གདབ།། མ་ལུས་རྟོག་པ་ལས་འདས་སྲིད་དང་ཞི་བ་མཉམ་མཐོང་རྟག་ཏུ་མི་འགྱུར་བ།། ་དཔེ་མེད་བདེ་བར་རོ་ཡིས་དགྱེས་པའི་རྣལ་འབྱོར་རྣལ་འབྱོར་མ་ཡི་མཆོག་ལ་ཕྱག་འཚལོ།། རྡོ་རྗེ་ཡན་ལག་མ་དང་སྦྱར་བའི་རྟོགས་པའི་ཕུང་པོ་ཡོངསུ་བཅོམ་གྱུར་པ།། བདག་གིས་དགེ་བ་འོད་ཡིས་དེ་ཡི་ཐབས་ནི་མྱུར་བ་ཉིད་དུ་སྟོན་པར་བྱེད་པར་ཤོག། ་དངོས་པོ་ཀུན་གྱིས་ཕྱག་བྱས་ནས།། དཔལ་ལྗོན་ཚོགས་ཀྱི་འཁོར་ལོ་བསྡུས།། ཅི་བདེ་བས་ནི་གནས་པར་བྱ།། འདི་ནི་བླ་མོའི་རིམ་ཐོབ་པའི།། བདག་ཉིད་དྲན་པར་བྱ་བའི་ཕྱིར།། ཆོ་ག་ཅུང་ཟད་བརྗོད་པ་ལ།། མཁས་པ་རྣམས་ནི་བཟོད་པར་མཛོད།། དངོས་གྲུབ་ཀུན་གྱི ་རྟེན་གྱུར་ཡོན་ཏན་སྔོན་འགྲོ་ཚོགས་ཀྱི་འཁོར་ལོ་ཡི།། ཆོ་ག་གསལ་པོར་བྲིས་པའི་བསོད་ནམས་བདག་གིས་གང་ཐོབ་དེས།། མྱུར་དུ་དཔལ་ལྡན་རྡོ་རྗེ་འཆང་ཡུལ་སྐལ་བཟང་ལ་ཕྱགས་ཤིང་།། སྲིད་པ་ལས་གྲོལ་ཞི་བའི་ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག ་དམ་ཚིག་ལྔ་པ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་རྫོགས་སོ།། ། དཔལ་རིགས་པའི་གནས་བྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ། ཁམས་པ་ལོ་ཙྪ་བ་བ་རི་དྷརྨཱ་ཀཱིརྟྟིས་བསྒྱུར་ཅིང་ཞུས་ཏེ ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་བྷཱ་ཌ་ནཱ་ག་སྟོ་ཏྲ་ནཱ་མ། བོད་སྐད་དུ། རྗེ་བཙུན་དཔལ་ཀྱེ་རྡོ་རྗེའི་བྷ་ཌི་ནཱ་གའི་བསྟོད་པ་ཞེས་བྱ་བ། དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ།། ཐམས་ཅད་དངོས་པོའི་རང་བཞིན ་