| Wylie | e-texts produced with BDRC’s OCR application |
རྒྱུ་གཱར་སྐད་དུ། ཡོ་གཱ་བ་ཏ་ར། བོད་སྐད་དུ། རྣལ་འབྱོར་ལ་འཇུག་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བསྟན་བཅོས་རྒྱ་ཆེན་པོ་ནི་ཐོས་ནས་ཀྱང་།། དོན་དམ་དེ ་བཞིན་ཉིད་ནི་ངེས་བྱས་ལ།། དང་ལྡན་དེ་ནི་འཇམ་པའི་སྟན་གནས་ཏེ། ཁྱོ་དང་ལྡན་པས་རྣལ་འབྱོར་བརྩོན་པར་བྱ།། གཟུང་དང་འཛིན་དང་གཉི་ག་གཉིས་མིན་དང་།། བདག་དང་གཞན་དང་མྱ་ངན་འདས་པ་དང་།། འཁོར་བ་ཞེས་བྱའི་རྣམ་རྟོག ་མང་པོ་ནི།། རྟག་ཏུ་སྦྱངས་ལ་ཡིད་ནི་མཉམ་པར་བནག།། སྒྱུ་མ་དྲི་ཟའི་གྲོང་ཁྱེར་ལྟེ་བུ་ནི། ཤེས་བྱ་མོ་ལུས་རྣམ་པར་བལྟས་ནས་སུ།། དེ་བཞིན་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་ཡི།། ལུས་ཀྱི་འཁྲུལ་འཁོར་རབ་ཏུ་གཞིག་པར་བྱ།། རྣམ་པ་ཐོམས་ཅད་དུ ་ནི་རབ་མཛེས་ལ།། ཐིག་དང་ཐ་མའི་ཆ་བྲལ་རྣམ་མི་རྟོག། དྲི་མ་མེད་པའི་འོད་ཟེར་སྟོང་གིས་ནི།། མུན་པ་དེས?་གསལ་མཁའ་དང་མཚུངས་པ་ཡིན། རང་གི་སྣང་བ་ཙམ་གྱི་དེ་བོ་རུ།། གཟོད་ནས་སྐྱེ་བ་མེད་པའི་རང་སེམས་མཐོང་།། གང་གིས ་ཀྱང་ནི་དེ་མཐོང་གྱུར་པ་དག། དེ་ཡང་དེ་བཞིན་དུ་ནི་བལྟ་བར་བྱ།། དམིགས་པ་མེད་དང་བཅས་པའི་སེམས་ཉིད་ནི།། དེ་བཞིན་ཉིད་དང་ཡང་དགྲ་མཐའ་རུ་བཤད་།། དེ་ལྟར་རིམ་གྱིས་བསླབས་པར་གྱུར་པ་ལ་ས།། མིང་དུ་ཤེས་པ་འགོག་པ ་ཐོབ་པར་འགྱུར།། དེ་ལ་ཡང་དག་རེག་པར་སྦྱོར་བ་ལས།། འབད་པ་མེད་པར་མངོན་ཤེས་ལྔར་འགྱུར།། དེ་དང་མངོན་པར་ལྡན་པའི་རྣལ་འབྱོར་པ།། འགྲོ་བའི་དོན་ནི་དཔག་ཏུ་མེད་པར་བྱེད།། འདི་ནི་ཡོངས་སུ་རྫོག་པའི་རྣལ་འབྱོར ་ཁ།། ཤིན་ཏུ་ཡུན་རིང་དུས་སུ་གནས་པར་འགྱུར། ལུས་ནི་རྡོ་རྗེ་ལྟ་བུར་མི་ཤིགས་ཤིང་།། ཉོན་མོངས་བདུད་ལ་སོགས་པས་གཡོན་མི་འགྱུར།། ཤེས་རབ་ཕ་རོལ་ཕྱིན་པ་ཞེས་བྱ་ཡི།། རྣལ་འབྱོར་འདི ་དག་རྟག་ཏུ་རབ་ལྡན་པ།། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན།། མང་པོ་རྣམས་ནི་ཡང་དག་རྫོགས་པར་འགྱུར།། བདག་གིས་རྣལ་འབྱོར་ལྔ་ནི་འཇུག་པ་ཙམ།། ཡང་དག་སྦྱར་བས་དགེ་བ་གང་བསོགས་པ། ་དེས་ནི་འགྲོ་པོ་ཐམས་ཅད་རབ་མྱུར་བར།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་ཤོག། རྣལ་འབྱོར་ལ་འཇུག་པ་ཞེས་བྱེ་བ། སློབ་དཔོན་ཕྱོག་སྤྱི་གླང་པོའི་ཞལ་སྔ་ནས་མཛད་པ་རྫོགསྷོ།། ་རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲི་བྷ་དྲྀ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏོན་ལ་ཕབ་པ། ་