CLOSE WINDOW

GT3574: sum cu pa'i 'grel bshad
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། ཏྲིངྒི་ཀ་ཊཱི་ཀཱ། བོད་སྐད ་དུ། སུམ་ཆུ་འི་འགྲེལ་བ་ཤིང་། བམ་པ་དང ་#འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཆོས་དང་གང་ཟག་བདག་མེད་པར། ་ཡང་དག་མཁྱེན་གྱུར་ཐུབ་པ་གང་།། ཉེས་པ་མ་ལུས་སྤངས་པ་ཡི།། ཐུགས་རྗེའི་བདག་ལ་ཕྱག་འཚལ་ལོ།། གང་ཞིག་གཞན ་དོན་རྟག་ཏུ་བརྩོན།། རང་དོན་ཞོར་ལ་བསྒྲུབས་པ་གང་།། འགྲོ་གཉེར་དེ་ལ་ཕྱག་འཚལ་ཏེ།། སུམ་ཅུ་པ་ནི་གསལ་བཤད་བྱ།། ་གང་ཟག་དང་ཆོས་ལ་བདག་མེད་པར་མ་རྟོགས་པ་རྣམས་དང་ལོག་པར་རྟོགས་པ་རྣམས་ལ་ཞེས་བྱ་བ་ཚིག་དང་པོ་འདིས་ནི་ཡུལ་དང་། འབྲེལ་པ་ཅན་དང་། བརྗོད་པར་བྱ་བ ་དང་། དགོས་པ་དང་། འབེལ་པ་དང་། དངོས་པོ་ལྔ་པོ་དག་བཞག་སྟེ། རབ་ཏུ་བྱེད་པའི་འབྲེལ་པ་དང་བརྗོད་པར་བྱ་བ་དང་དགོས་པ་རྣམས་གདོན་མི་ཟ་བར་ཐོག་མར་བརྗོད་དགོས ་སོ།། གཞན་དུ་ན་འབྲེལ་པ་མེད་པ་དང་། བརྗོད་པར་བྱ་བ་མེད་པ་དང་དགོས་པ་མེད་པའི་རབ་ཏུ་བྱེད་པ་ནི་ཉན་པ་པོ་རྟོག་པ་སྔོན་དུ་གཏོང་བ་རྣམས་ཉན་པར་ཁས་མི་ལེན་ཏེ་དེའི་ཕྱིར ་ཉན་པ་པོའི་སྐྱེ་བོ་སྤྲོ་བ་བསྐྱེད་པའི་དོན་དུ་འདི་གསུམ་བརྗོད་པར་བྱའོ།། དེ་ལ་གང་ཟག་དང་ཆོས་ལ་བདག་མེད་པར་ཞེས་བྱ་བ་འདིས་ནི་ཡུལ་བསྟན་ཏོ།། མ་རྟོགས་པ་དང་ལོག་པར་རྟོགས་པ ་རྣམས་ལ་ཞེས་བྱ་བ་འདིས་ནི་འབྲེལ་པ་ཅན་བརྗོད་དོ།། གང་ཟག་དང་ཆོས་ལྔ་བདག་མེད་པ་མ་ལོག་པར་ཞེས་བྱ་བ་འདིས་ནི་བརྗོད་པར་བྱ་བཱ་བསྟན་ཏོ།། རྣམ་པར་རིག་པའི་རབ་ཏུ་བྱེད ་པ་སུམ་བཅུ་བརྩམས་སོ།། ཞེས་བྱ་བ་འདིསཽ་ནི་འབྲེལ་པ་བསྟན་ཏོ།། དེ་ལ་གླེང་ཟུག་དང་ཆོ་སཱ་ལ་བདག་མེད་པར་རཱིགས་པ་དང་ལུང་གིས་མ་ལོག་པར་བསྟན་པར་བྱ་བོ་དེ་ནི་བརྗོད་བྱའོ།། དེ་རྟོགས་པྲ་ནི་དགོས་པཱའི། ་དགོས་པ་དེ་ཡང་རབ་ཏུ་བྱེད་པ་འདིས་བྱེད་པས་ན། རབ་ཏུ་བྱེད་པ་འདི་ནི་དགོས་པ་འདིའི་ཐབས་ཡིན་ཏེ། དེའི་ཕྱིར་རབ་ཏུ་བྱེད་པ་དང་དགོས་པ་གཉིས་ནི། ཐབས་དང་ཐེ་བོས་ལས་བྱུང་བའི་མཚན་ཉིད་ཀྱིས ་འབྲེལ་ཏོ།། གང་དག་ལོ་གང་ཟག་དང་ཆོས་ལ་བདག་མེད་པོ་དེ་མ་ལོག་པར་བསྟན་སྙམ་དུ་དེ་ལྟར་དོག་པ་ལ། མྲྀ་རྟོགས་བྱ་དོད། ལྕོག་པར་རྟོགས་པ་རྣམསཱ་ལ་ཞེས་བྱ་བ་འདི་སྨྲས་སོ།། ཅི་ཞིག་མྱ་རྟོགས་ཤིང ་ལོག་པར་རྟོགས་སྙམ་པའི་དོགས་པ་དེ་བསལ་བའི་ཕྱིར། གང་ཟག་དང་ཆོས་ལ་བདག་མེད་པ་ཞེས་བྱ་བ་འདིས་བསྟན་ཏོ།། འདི་ནི་རེ་ཞིག་བསྡུས་པའི་དོན་ཏེ། ཡན་ལོག་གི་དེན་བརྗོད་པར་བྱའོ།། གང་ཟག ་དང་ཆོས་ལ་བདག་མེད་པ་ཞེས་བྱ་བ་ལ། གང་ཟག་དངངོ་ཆོས་རྣམས་ནི་གང་ཟག་དང་ཆོས་རྣམས་སོ།། གོང་ཞིང་ཟག་པས་ནི་གང་ཟག་སྟེ། དོ་ནི་སྔོན་མེད་པའི་ལས་བརྩམས་པའི་ཕྱིར་གང་པོའོ།། སྔོན་བྱ ་བའི་ལས་ཡོངས་སུ་སྤྱད་པས་ཟད་པའི་ཕྱིར་ཟག་པའོ།། ཡང་དང་ཡང་འགྲོ་བ་དེ་དང་དེར་འགྲོ་བས་ན་གང་ཟག་གོ།། ཡང་ན་གང་ངམ་བལྟས་ནས་འཕེན་པ་དང་རྫོགས་པར་བྱེད་པའི་ལས་རྣམས་ཀྱིས་འགྲོ་བ ་འགྲོ་བས་ན་གང་ཟག་གོ།། རང་གི་ངོ་བོ་འཛིན་པས་ཆོས་རྣམས་སོ།། འདི་ལྟར་བདག་དང་བྱུལ་པ་དེ་ནི་བདག་མེད་དེ།། དེའི་དངོས་པོ་ནི་བདག་མེད་པའོ།། བདག་མེད་བྱ་དོང་བདག་མེད་པ་ནི་བདག་མེད་པ ་སྟེ། གང་ཟག་དང་ཆོས་རྣམས་ལ་བདག་མེད་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པའོ།། དེའི་ཕྱིར་དེ་དག་ནི་གང་ཟག་དང་། ཆོས་ལ་བདག་མེད་པ་དག་གོ།། མ་རྟོགས་པ་དྲང་ལོག་པར་རྟོག་པ་རྣམས ་ཞེས་བྱ་བ་ནི་མ་རྟོགས་པ་རྣམས་དང་། ལོག་པར་རྟོགས་པ་རྣམས་ཞེས་ཚིག་སྡུད་པའོ།། མ་རྟོགས་པོ་རྣམས་ཞེས་བྱ་བ་ནི་གང་དག་གིས་གང་ཟག་དང་ཆོས་ལ་བདག་མེད་པར་མ་རིག་པའོ།། ལོག་པར་རྟོག ་པ་དག་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནཱི་གང་ཟག་དང་ཆོས་ལྔ་བྱེ་དག་མེད་པར་ཕྱིན་ཅི་ལོག་དུ་རྟོགས་ཏེ། གང་གིས་ཕྱིན་ཅི་ལོག་ཅེས་བྱ་བ་དག་གོ།། ཁ་ཅིག་གིས་རྣམ་པ་གཉིས་སུ་རྟོགས་ཏེ། གང་གྲིས་ཐཾ ་ཆོམ་ཟ་ཞེས་བྱ་བ་དག་གོ། དེའི་ཕྱིར་མི་ཤེས་པ་དང་ཕྱིན་ཅི་ལོག་དང་ཐེ་ཚོམ་གྱི་བློ་ཅན་རྣམས་ལ་ཞེས་བྱ་བར་བསྟོན་པར་འགྱུར་རོ་། གང་ཟག་དང་ཆོས་བདག་མེད་པ་མ་ལོག་པར་བསྟན་པའི་ཕྱིར་ཞེས ་བྱ་བ་ནི་གང་ཟུག་དང་ཆོསྲ་ལ་བདག་མེད་པ་དེ་དག་ཕྱིན་ཅི་མ་ལོག་པར་ཞེས་བྱ་བར་ཚིག་རྣམ་པར་སྦྱར་བ་སྟེ། དྭེ་གཉིས་བསྟན་པར་བྱ་བའི་ཕྱིར་རོ་ཞེས་ཚོགས་སྡུད་པའོ།། ཁ་ཅིག ་ནི་གང་ཟག་ལ་བདག་མེད་པ་ཕྱིན་ཅི་ལོག་ཏུ་འདོད་དེ། འདི་ལྟ་སྟེ་ཀུན་གྱིས་བཀུར་བ་རྣམས་ཏེ། འདི་ལྟར་དེ་དག་ནི་བདག་མེད་པར་འདོད་ཀྱི་གཟག་མེད་པར་ནི་མོ་ཡིན་ནོ།། ཁ་ཅིག་ནི་ཆོས་ལ་བདག་མེད ་པ་ཡང་ཕྱིན་ཅི་ལོག་ཏུ་འདོད་དེ་འདི་ལྟ་སྟེ་དབུ་མ་པ་རྣམས་སོ།། དེ་དགེ་ནི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་མེད་པར་འདོད་དེ། བརྟགས་པའི་བདག་ཉིད་ཀྱིས་མེད་པར་ནི་མི་འདོད་དོ་ཞེས་གྲག་གོ།། དེའི་ཕྱིར ་དེའི་གཉེན་པོར་ཆོས་དང་གང་ཟག་ལ་བདྲག་མེད་པ་ཕྱིན་ཅི་ལོག་པར་བསྟན་པར་བྱ་སྟེ། དེའི་ཕྱིར་ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་སྨོས་སོ།། རྣམ་པར་རིག་པའི་རབ་ཏུ་བྱེད་པ་སུམ་ཅུ་པ་བརྩམས་ས ་ཞེས་བྱ་བ་ནི་དེ་སུ་ཊུ་ལྔ་ཡིན་ལ། རྣམ་པར་རིག་པའི་རབ་ཏུ་བྱེད་པ་ཡིན་ནོ།། ཞེས་ཚིག་རྣམ་པར་སྦྱར་བའོ།། རབ་ཏུ་བྱེད་པ་དེའི་ཚིག་ལེའུར་བྱས་པ་སུམ་བཅུ་ཡོད་པས་འདི་ནི་ཚིག་ལེའུར་བྱས་པ་སུམ་ཅུ་པའོ ་རྣམ་པར་རིག་པ་ཙམ་དུ་ཡོངས་སུ་སྟོན་པར་བྱེད་པའི་རབ་ཏུ་བྱེད་པ་ཡིན་པས་རྣམ་པར་རིག་པའི་རབ་ཏུ་བྱེད་པའོ།། དེ་བརྩམས་པོ་ནི་རྣམ་པར་རིག་པའི་རབ་ཏུ་བྱེད་པ་སུམ་ཅུ་པ་བརྩམོས་པ་སྟེ། དེ་ནི ་འདི་སྐད་དུ་སེམས་ཅན་གང་དགྲ་གླང་ཟག་དང་ཆོས་ལ་བདག་མེད་པར་མི་ཤེས་པ་རྣམས་དང་། གང་དག་དོགས་པ་རྣམས་དང་། གང་དག་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་དག་ལ་གང་ཟག་དང་ཆོས་ལ་བདག ་མེད་པ་མ་ལོག་པར་བསྟན་པའི་ཕྱིར་རྣམ་པར་རིག་པའི་རབ་ཏུ་བྱེད་པ་སུམ་ཅུ་པ་བརྩམསོ་ཞེས་བསྟན་པར་འགྱུར་རོ།། ཅིའི་ཕྱིར་གང་ཟག་དང་ཆོས་ལ་བུ་དག་མྱེད་པ་བསྟན་པ་མཛད་སྙམ་པ་ལ། དེ་ལ ་ཟུག་དང་ཆོས་ལ་བདག་མེད་པར་བསྟན་པ་ཡང་། ཞེས་བྱ་བ་ལ་སྩོགྲོས་པ་སྨྲས་སོ།། གང་ཡང་འདིར་གང་ཟག་དང་ཆོས་ལ་བདག་མེད་པར་བསྟན་པར་བྱེད་པ་དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་སྤང་བའི ་ཕྱིར་ཏེ། གང་ཟག་ལ་བདག་མེད་པར་བསྟན་པའི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ།། ཆོས་ལ་བདག་མེད་པར་བསྟན་པ་ནི་ཤེས་བྱའི་སྒྲི་བོ་པ་སྤང་བའི་ཕྱིར་རོ།། ཉོན་མོངས་པ་རྣམས་དང་ཤེས་བྱའི ་སྒྲིབ་པ་སྤང་ཞེས་བྱ་བར་ཚིག་རྣམ་པར་སྦྱར་བར་བྱ་སྟེ། དེ་དག་སྤང་ངོ་ཞེས་བྱ་བར་ཚིག་བསྟོད་པའོ།། གང་ཟག་ལ་བདག་མེད་པར་བསྟན་པ་ནི་ཉོན་མོངས་པ་སྤངས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཇི་ལྟ་བུ་སྙམ་པ་ལོ། འདི ་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ནི་བདག་ཏུ་ལྟ་བ་ལས་བྱུང་ངོ་ཞེས་སྨྲས་སོ།། འདི་ལྟར་འདོད་ཆགས་ལ་སོགས་པ་ནི་འཇིག་ཚོགས་ལ་ལྟ་བ་ལས་འབྱུང་ངོ་།། དེ་ལྟར་ན་བཞི་འམ། ངའི་ཞེས ་ཡང་དག་པར་རྗེས་སུ་ལྟ་བ་དང་མཐུན་པ་དང་། མི་མཐུན་པ་རྣམས་ལ་རྗེས་སུ་ཆགས་པ་དང་ཞེ་སྡང་ལ་སོགས་པ་སྐྱེའོ།། བདག་དང་བདག་གིར་ལྟ་བ་སྤངས་པ་འདོད་ཆགས་དང་བྲལ་པ། སྟཊ། ་དང་ཙན་དན་དུ་འདྲ་བ་རྣམས་ནི་གང་ལ་ཡང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་མི་སྐྱེའོ།། གལ་ཏེ་བདུག་ཅེས་བྱ་བ་ལས་འདོད་ཆགས་ལ་སོགས་པ་འབྱུང་ན་དེ་ཇི་ལྟ་བུ་ཞིག་སྙམ་པ་ལྔ། དེའི་ཕྱིར་གང ་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་པ་དག་ཏུ་ལྟ་བ་ལས་འདོད་ཆགས་ལ་སོགས་པ་འབྱུང་སྟེ། གང་ཟག་ལ་བདག་མེད་པ་ཁོང་དུ་ཆུད་པ་ནི་བདག་དུ་ལྟ ་པ་དེའི་དངོས་ཀྱི་གཉེན་པོ་ཡིན་ནོ།། དེའི་ཕྱིར་གང་ཟག་ལ་བདག་མེད་པར་མཐོང་ན་བདག་ཏུ་ལྟོ་བ་སྤོང་ངོ་།། དེ་སྤངས་ན་དེ་ལས་བྱུང་བའི་འདོད་ཆགས་ལ་སོགས་པ་ཐམས་ཅད་སྤང་བར་འགྱུར་རོ།། དེ་བས་ན ་གང་ཟག་ལ་བདག་མེད་པར་བསྟན་པོ་ནི་ཉོན་མོངས་པ་སྤངས་པའི་ཕྱིར་རོ།། ཆོས་ལ་བདག་མེད་པ་བསྟན་པས་ཇི་ལྟར་ཤེས་བྱའི་སྒྲིབ་པ་སྤོང་སྙམ་པ་ལ། ཆོས་ལ་བདག་མེད་པར་ཤེས་པ་ཡང་ཞེས་བྱ ་བཔ་ལ་སོགས་པ་སྨྲས་སོ།། འདི་ལྟར་ཆོས་ལ་བདག་མེད་པ་ཤྲཱི་བ་ནི་ཤེ་བྱའི་སྒྲིབ་པའི་གཉེན་པོ་སྟེ། དེའི་ཕྱིར་ཆོས་ལ་བདག་མེད་པར་ཤེས་པས་ཤེས་བྱའི་སྒྲིབ་སྦྱོང་བར་འགྱུར་རོ།། ཉོན་མོངས་པ ་དང་ཤེས་བྱའི་སྒྲིབ་པ་སྤང་བ་འདིས་ཅི་ཞིག་བྱ་སྙམ་པ་ལ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདོད་ཆགས་ལྔ་སོགས་པ་ཉོན་མོངས་པ་རྣམས་སྤྱང ་བ་ནི་ཐར་པཱ་ཐོབ་པ་བྱ་བའི་ཕྱིར་རོ།། ཤེས་བྱའི་སྒྲིབ་པ་སྦྱང་བ་ནི་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བའི་ཕྱིར་རོ།། ཉོན་མོངས་པ་སྤོང་བ་ནི་ཐར་པ་ཐོབ་པར་བྱ་བཱི་ཕྱིར་ཞེས་བྱ་བ་དེ་ཇི་ལྟ་བུ་སྙམ་པ་ལ། ཉོན་མོང ་པ་སྤང་བ་ནི་ཞེས་བྱ་བོ་ལ་སོགས་པ་སྨྲསོ།། འདི་ལྟར་འདོད་ཆགས་ལ་སོགས་པོ་ཉོན་མོངས་པ་རྣམས་ནི་ཐར་པ་ཐོབ་པ་ལ་སྒྲིབ་པར་བྱེད་དེ། དེའི་ཕྱིར་འདོད་ཆགས་ལ་སོགས་པ་དེ་དག་སྤངས་ན་ཐར་པ་ཐོབ ་པར་འགྱུར་རོ།། འོ་ནི་ཤེས་བྱའི་སྒྲིབ་པའི་རང་བཞིན་ཇི་ལྟ་བུ་ཞིག། དེ་སྦྱངས་པས་ཐམས་ཅད་མཁྱེན་པ་ཐོབ་པར་ནི་ཇི་ལྟར་འགྱུར་སྙམ་པོ་ལ། དེའི་ཕྱིར་ཤེས་བྱའི་སྒྲིབ་པ་ནི་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས ་པ་སྨྲས་སོ།། ཤཱས་བྱ་ཐམས་ཅང་ལ་ཡ་ཤེས་འཇུག་པའི་བར་དུ་གཅོད་པར་བྱེད་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཟུང་བ་དྲང་། འཛིན་པ་ལ་མངོན་པར་ཞེན་པའི་བག་ཆགས་ཞེས་བྱ་བ་གང ་ཡིན་པ་དེ་ནི་འདིར་ཤེས་བྱའི་སྒྲིབ་པ་འདོད་དོ།། ཤེས་བྱའི་སྒྲིབ་པ་རྣམ་པ་དེ་ལྟ་བུ་དེ་སྤངས་པར་གྱུར་ན་འདི་ལྟར་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཤེས་བྱའི་རྣམ ་པ་ཐམས་ཅད་ཀུན་ལ་ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་འཇུག་སྟེ། དེའི་ཕྱིར་ཤེས་བྱའི་སྒྲིབ་པ་སྤངས་ན་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་རོ།། ཤེས་བྱའི ་རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་རྣམ་པ་ཐམས་ཅད་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་། བདག་མེད་པར་ཤེས་པར་བྱ་བ་གང་ཡིན་པ་སྟེ། དེ་ནི་ཤེས་པའི་རྣམ་པ་ཐམས་ཅད་ཅེས་བྱའོ།། ཆགས ་མེད་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཞེས་བྱ་བ་ལ། གང་རེས་འགའ་འཇུག་ལ་རེས་འགའ་མི་འཇུག་པ་དེ་ནི་རྒྱུ་གཞན་ལ་བལྟོས་པའི་ཕྱིར་ཆགས་པ་ཞེས་བྱའོ།། གང་རྒྱུ་གཞན་ལ་བལྟོས་པ་མེད་པར ་འཇུག་པ་དེ་ནི་ཆགས་པ་མེད་པ་ཞེས་བྱའོ།། གང་ལ་ལར་འཇུག་ལ་ལ་ལར་མི་འཇུག་པ་ཞེས་བྱ་བ་དེ་ནི་ཐོགས་པ་ཞེས་བྱའོ།། གང་ཐམས་ཅད་དུ་འཇུག་པ་དེ་ནི་ཐོགས་པ་མེད་པ་ཞེས་བྱའོ།། དེ་ལྟར ་ཞིག་དགོས་པའོ་ཡང་དགོས་པ་བཤུད་པ་རྣམ་གཅིག་གོ།། ཡང་དགོས་པའི་ཡང་དགོས་པ་གཞན་དུ་རྣམ་པ་གཞན་གྱིས་བསྟན་པའི་ཕྱིར་ཡང་ན་ཆོས་དེང་གང་ཟག་ལ་མངོན་པར་ཁྱེན་པ་དག་ཅེས་བྱ་བ་ལ་སོགས ་པབ་སྨྲས་སོ།། སྨྲ་བ་ཁ་ཅིག་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་བརྟགས་པའི་ཆོས་རྣམས་ལའང་རྫས་སུ་མངོན་པར་ཞེན། ཁ་གཅིག་ནི་གང་ཟག་ལའང་མངོན་པར་ཞེན་ཏེ། གོང་དག་དེ་ལྟར ་གང་དག་དེ་ལྟར་ཆོས་དང་གང་ཟག་ལ་མངོན་པར་ཞེན་པ་དེ་དག་འདི་ལྟར་སེམས་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ། དེའི་ཕྱིར་དེ་དག་ལ་ཆོས་དང་གང་ཟག་ལ་བདུག་མེད་པར་སྟོན་ཏེ།། ་ཅི་ནས་ཀྱང་དེ་དག་རྣམ་པར་རིག་པ་ཙམ་འབྲས་བུ་དང་བཅས་པ་ལ་མཐར་གྱི་འཇུག་པར་བྱ་བ་དེའི་དོན་དུ་ཆོས་དང་གང་ཟག་ལ་བདག་མེད་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་བརྩམ་སོ།། རྣམ་པར་རིག་པ ་ཙམ་འབྲས་བུ་དང་བཅས་པ་ཞེས་བྱ་བ་ལ་གཟུང་བ་དང་། འཛིན་པ་དང་བྲལ་བའི་སེམས་དྲང་སེམས་ལས་བྱུང་བ་རྣམས་ནི་རྣམ་པར་རིག་པ་ཙམ་མོ།། དེའི་འབྲས་བུ་ནོས་རབ་ཏུ་དགའ་བ་ལ་སོགས་པའོ།། མཐུར་གྱིས ་འཇུག་པར་བྱ་བའི་ཕྱིར་ཞེས་བྱ་བྱ་ནི་ཐོག་མར་གཟུང་བ་དང་། འཛིན་པ་རྣམ་པར་གཞིག་པའི་ཐབས་སུ་གྱུར་པ་རབ་ཏུ་བྱེད་པ་སུམ་ཅུ་པ་ལ་སོགས་པ་ཉན་ཏོ།། ཐོས་ནས་དེའི་འོག་ཏུ་ཕྱིན་ཅི་མ་ལོག་པར་རིག ་བས་སེམས་སོ།། བསམས་ནས་དེའི་འོག་ཏུ་གཟུང་བ་རྣམ་པར་གཞིག་པར་ཐོག་མར་དྲན་པ་ཉེ་བར་གཞག་པ་ནས་བརྩོམས་ཏེ། བཟོད་པའི་བར་དུ་གོམས་པར་བྱེད་དོ།། དེ་ནས་གཟུང་བ་རྣམ་པར ་བཤིག་ནས་གཟུང་བ་མེད་པས་འཛིན་པ་ཡང་མེད་དོ།། ཞེས་ཆོས་ཀྱི་མཆོག་གི་དུས་ན་འཛིན་པ་ཡང་རྣམ་པར་འཇིག་གོ།། རྣལ་འབྱོར་པས་དེ་ལྟར་གཟུང་བ་དང་འཛིན་པ་རྣམ་པར་བ་ཤིགས་པའི་ཕྱིར ་ཆོས་ཀྱི་དབྱིངས་སྒྲིབ་པ་རེ་རེ་བྲལ་བསྡུ་སཱ་རབ་ཏུ་དགའ་བ་ལ་སོགས་པ་ལ་སྦྱར་ཏེ། དེ་ལྟར་རྣམ་པར་རིག་པ་ཙམ་འབྲས་བུ་དང་བཅས་པ་ལ་མཉྫུ་རུ་གྱིས་འཇུག་པ་ཡིན་ནོ།། ཡང་དགོས ་པའི་ཡང་དགོས་པ་གཞན་དུ་རྣམ་པ་གཞན་གྱིས་བསྟན་པའི་ཕྱིར། ཡང་ན་རྣམ་པར་ཤེས་པ་བཞིན་དུ་ཤེས་བྱ་ཡང་ཞེས་བྱ་བ་ལ་སོགས་པ་སྐྱེས་སོ། ཕྱི་རོལ་གྱི་དོན་དུ་སྨྲ་བ་ཁྭ་ཅིག་ནི་ཇི་ལྟར ་རྣམ་པར་ཤེས་པ་རྫས་སུ་ཡོད་པ་དེ་བཞིན་དུ་ཤེས་བྱ་ཡང་རྫས་ཉིད་དུ་ཡོད་དོ།། སྙམ་དུ་སེམས། དབུ་མ་པ་ཁ་ཅིག་ནི་ཇི་ལྟར་ཤེས་བྱ་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་པར་མེད་པ་དེ་བཞིན་དུ། རྣམ་པར ་ཤེས་པ་ཡང་ཀུན་རྫོབ་ཉིད་དུ་ཡོད་ཀྱི། དོན་དྲིམ་པར་ནི་མེད་དོ་སྙམ་དུ་སེམས་ཞེས་གྲགས་སྟེ། དེའི་ཕྱིར་མཐའ་གཅིག་ཏུ་སྨྲ་བ་འདི་རྣམ་གཉིས་དགག་པར་གང་ཟག་དང་ཆོས་ལ་བདག་མེད་པར ་བསྐྲུན་པའི་ཕྱིར་རབ་ཏུ་བྱེད་པ་བརྩམས་སོ།། མཐའ་གཅིག་ཏུ་སྨྲ་བཾ་འདི་རྣམ་པ་གཉིས་ཞེས་བྱ་བ་ནི་ཐམས་ཅད་ཡོད་པར་སྨྲ་བ་དང་། ཐམས་ཅད་མེད་པར་སྨྲ་བ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟརར ་ཏུ་བྱེད་པ་བརྩོམས་པའི་དགོས་པ་བརྗོད་དོ།། །། འོ་ན་ཇི་ལྟར་ཆོས་དང་གང་ཟག་ལ་ལ་བདག་མེད་པར་ཤེས་པར་བྱ་སྙམ་པ་ལ། བདག་དོང་ཆོས་སུ་ཉེར་འདོགས ་བ།། ཞེས་བྱ་བྱ་ལ་སོགས་པ་སྨྲས་ཏེ། འདི་ལྟར་བདག་ཏུ་ཉེ་བར་འདོགས་པ་དང་ཆོས་སུ་ཉེ་བར་འདོགས་པ་རྣམ་པ་དུ་མ་གྱངྒ་འབྱུང་བ་ཞེས་མདོར་བྱས་པའི་དོན་ཏོ།། ནི་ཞེས་བྱ་བ་ནི་འདི་ལྟར་ཞེས ་བྱ་བའི་དོན་ཏོ།། དོགས་པ་དང་བཅས་པ་ཡིན་པས་ཚིག་ཁོང་ནས་དབྱུང་བ་བསྟན་པའི་ཕྱིར། འཇིག་རྟེན་དང་བསྟན་བཅོས་ལའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་དང་པོ་སྟན་བཅོས་ལས ་བོདག་ཏུ་ཉེ་བར་འདོགས་པ་དང་ཆོས་སུ་ཉེ་བར་འདོགས་པ་རྣམ་པ་དུ་མ་གང་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ།། གང་ལ་བལྟ་བར་བྱ་སྙམ་པ་ལ། དེ་ནི་རྣམ་པར་ཤེས་པར་གྱུར་ཞེས་བྱ་བ་སྨོས་ཏེ། དེ ་ནི་རྣམ་པར་ཤེས་པའི་གཟུང་བའི་ཆ་ལ་འབྱུང་ངོ་ཞེས་མདོར་བྱས་པའི་དོན་ཏོ།། དེ་ཞེས་བྱ་བའི་སྒྲ་གང་དུང་སྦྱར་སྙམ་པ་ལ། དེའི་ཕྱིར་བདག་དང་ཆོས་སུ་ཉེ་བར་འདོགས་པ་ཞེས་བྱ་བ་ད་སྦྱར་ཞྭ་བྱ་བ་སྨོས་ཏེ། དེ་ཐ ་བྱ་བའི་སྒྲ་ནི་བདག་དང་ཆོས་སུ་ཉེ་བར་འདོགས་པ་ལ་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། དེ་ལས་ནི་ཚིག་གི་དོན་འདི་འབྱུང་སྟེ། བདོག་དང་ཆོས་སུ་ཉེ་བར་འདོགས་པ་འཇིག་རྟེན་དོང་བསྟན་བཅོས་ལས ་རྣམ་པ་དུ་མ་གང་འབྱུང་བ་དེ་ནི་རྣམ་པར་ཤེས་པའི་གཟུང་བའི་ཚེ་ཉིད་ལ་འབྱུང་སྟེ། ཕྱི་རོལ་གྱི་བདག་གམ་ཆོས་རྣམས་ལ་ཉེ་བར་འདོགས་པ་འབྱུང་བ་ནི་མ་ཡིན་ནོ།། དེ་བས་ན་གང་ཟག་དང་ཆོས ་རྣམས་བདག་མེད་པར་ཤེས་པར་བྱའོ།། འགྲེལ་པ་བྱེད་པས་ཡན་ལག་གི་དོན་དགྲོལ་ཕྱིར་བདག་དང་ཆོས་སུ་ཉེ་བྱར་འདོགས་པས་ཞེས་བྱ་བ་ལ་སོགས་པས་སྨྲས་ཏེ། གང་གིས ་བདག་ཏུ་ཉེ་བར་འདེགས་པ་དེ་ནི་བདག་དུ་ཉེ་བར་འདོགས་པའོ།། དེ་བཞིན་དུ་གང་གིས་ཆོས་སུ་ཉེ་བྱར་འདོགས་པ་ནི་ཉེ་བར་འདོག་སྔ་པའོ།། ཉེ་བར་འདོགས་པའོ་སྒྲའི་དོན་བསྟན་པའི་ཕྱིར། དེ་ཡང་ཞེས ་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་ཏུ་ཉེ་བར་འདོགས་པའི་སྒྲ་ནི་བདག་ཏུ་བཏགས་པར་རིག་པར་བྱའོ།། ཆོས་སུ་ཉེ་བར་འདོགས་པའི་སྒྲ་ཡང་ཆོས་སུ་བཏགས་པའོ།། ཉེ་བར་འདོགས་པོ་དང་། བཏགས་པ ་དོདང་ཐ་སྙད་ཅེས་བྱ་བའི་རྣམ་གྲངས་སུ་གཏོགས་པ་སྟེ། ཤེས་པ་དང་བརྗོད་པ་ཞེས་བྱ་བའི་ཐ་ཚིག་གོ།། སྣ་ཚོགས་ཀྱི་སྒྲའི་དོན་བསྟན་པའི་ཕྱིར། སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁ་ཅིག ་བདག་ཅེས་ཐ་སྙོད་འདོགས་པ་ནས་ཁ་ཅིག་ཤེད་བུ་ཞེས་ཐ་སྙད་འདོགས་པའི་བར་དུ་སྟེ། དེ་ལྟ་བུ་ནི་བདག་ཏུ་ཉེ་བར་འདོགས་པ་ཡང་རྣམ་པ་དུ་མའོ།། ཆོས་སུ་ཉེ་བར་འདོགས་པ་ཡང་ནོམ་པ་དུ་མ་ཡིན་པར་བསྟན་པའི ་ཕྱིར་ཕུང་པོ་དང་ཁམས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། དེ་ལ་གཞན་གྱིས་སླར་བརྒལ་བའི་ཚིག། ཉེ་བར་འདོགས་པ་འདི་རྣམས་གཉིས་ནི་ཞེས་བྱ་བ་ལ་སོགས་སྨྲས་སོ།། ཉེ་བར་འདོག ་པ་ནི་རྣམས་གཉིས་རྣམ་པར་ཤེས་པའི་གཟུང་བའི་ཆ་ཉིད་དེ། བདག་གམ་ཆོས་རྣམས་དངོས་ལ་ཉེ་བར་འདོགས་པ་ནི་མ་ཡིན་ནོ་ཞེས་བྱ་བར་དེ་ཇི་ལྟར་ཤེས་པར་བྱ། དངོས་ཞེས་བྱ་བ་ནི་དོན་དམ་པའོ།། ་བདག་ལ་སོགས་པར་ཐ་སྙད་འདོགས་པ་དངོས་སུ་ཡུལ་ཉིད་མ་ཡིན་པར་བསྟན་པའི་ཕྱིར། ཆོས་རྣམས་དང་བདག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་རྣམ་པར་ཤེས་པ་གྱུར་པ་ལས་ཕྱི་རོལ་ན ་བདག་དང་ཆོས་རྣམས་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བདག་དང་ཆོས་སུ་ཉེ་བར་འདོགས་པོ་འདིའི་དངོས་སུ་ཡུལ་མ་ཡིན་ནོ།། མུ་སྟེགས་ཅན་གྱི་འགྱུར་པ་ཡིན་དུ་དོགས་ནས་དྲི་བའི་ཕྱིར། གྱུར་ཅེ་སོ་བྱ་བ་དེ་གང ་ཞེ་ན་ཞེས་སྨྲས་ཏེ། ཅི་གང་གྲངས་ཅན་རྣམས་ཀྱིས་ཡོངས་སུ་བརྟགས་པ་རྣམ་པར་གནས་པའི་རྫས་ཀྱི་ཆོས་གཞན་ལོག་ན་གཞན་འབྱུང་ཞེས་བྱ་བའི་འགྱུར་པ་དེ་འདིར་འགྱུར་བར་འདོད་དོམ། འོན་ཏེ་གཞོན་འགའ ་ཞིག་ཅེས་བྱས་པ་དང་། གྲུབ་པཱ་མཐའ་སྐྱེས་པས། གྱུར་པའི་རང་གི་ངོ་བོ་བསྟན་པའི་ཕྱིར་གཞན་དུ་གྱུར་པ་སྟེ། ཞེས་བྱ་བ་སྨྲས་སོ།། གྱུར་པའི་སྒྲ་ནི་གཞན་དུ་གྱུར་པ་ལ་བྱའི། གྲངས་ཅན་གྱིས་ཡོངསུ་བརྟགས ་པ་ནི་ཡིན་ནོ།། དེ་ཉིད་བསྟན་པའི་ཕྱིར་རྒྱུའི་སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྨྲས་སོ།། གང་གི་ཚེ་རྒྱུའི་སྐད་ཅིག་འོགག་ལ། དེ་འགགས་པ་དང་དུས་མཉམ་དུ་རྒྱུའི་སྐད་ཅིག་དང་མི་འདྲ་བ་འབྲས་བུའི ་བདག་ཉིད་ཐོབ་པ་གང་ཡིན་པ་དེ་གྱུར་པར་འདོད་དོ།། དེ་ནི་འདི་སྐད་དུ་རྒྱུ་དང་མི་འདྲ་བའི་འབྲས་བུ་ཉིད་ལ་གྱུར་པའི་སྒྲར་བརྗོད་དོ་ཞེས་བསྟན་པར་འགྱུར་རོ།། དེ་ལྟར་གྱུར་པའི་རང་གི་ངོ་བོ་བསྟན་ནས། རྣམ ་པར་ཤེས་པར་གྱུར་པ་ལ་ཇི་ལྟར་བདག་དང་ཆོས་སུ་ཉེ་བར་འདོགས་པ་དེ་བསྟན་པའི་ཕྱིར། དེ་ལ་བདག་ལ་སོགས་པར་རྣམ་པར་རྟོག་པའི་བག་ཆགས་ཡོངས་སུ་རྟས་ཤིང་། ཞེས་བྱ་བ་ལ་སོགས་པ་སྨྲསོ།། ། ་བདག་ལ་སྩོགས་པར་རྣམ་པར་རྟོགས་པ་སྣ་བག་ཆགས་གང་བསྐྱེད་པ་དེ་དག་གི་ཚེ་ཡོངས་སུ་རྟས་པར་གྱུར་པ་དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ལས་བདག་ལ་སོགས་པའི་རྣམ་པའི་རྣམ་པར་རྟོགས་པ་སྐྱེའོ།། ་བདག་ལ་སོགས་པའི་རྣམ་པ་གཟུང་བའི་ཆ་དེ་ཡང་རྣམ་པར་རྟོག་པ་དེ་ལས་ཕྱི་རོལ་ཏུ་གྱུར་པ་ལྟ་བུར་རྟོགས་ནས། ཕྱི་རོལ་ན་བདག་མེད་པར་ཡང་། ཐོག་མ་མེད་པའི་དུས་ནས་བདག་ལ་སོགས་པར་ཉེ་བར ་འདོགས་པར་འཇུག་གོ།། དེ་བཞིན་དུ་གཟུགས་ལ་སོགས་པར་རྣམ་པར་རྟོག་པོས་བྲག་ཆགས་གང་སྐྱེད་པ་དེ་ཡང་གོང་གི་ཚེ་ཡོངས་སུ་རྟགས་པར་གྱུར་པ་དེའི་ཚེ། ཀུན་གཞི་རྣམ་པར་ཤེས་པ་ལས་གཟུ ་ལ་སོགས་པའི་རྣམ་པའི་རྣམ་པར་རྟོག་པ་འབྱུང་ངོ་།། གཟུགས་ལ་སོགས་པའི་རྣམ་པ་གཟུང་བའི་ཆ་དེ་ཡང་རྣམ་པར་རྟོག་པ་དེ་ལས་ཕྱི་རོལ་ཏུ་གྱུར་པ་ལྟ་བུར་རྟོགས་ནས། ཕྱི་རོལ་ན་ཆོས་རྣམས་མེད ་པར་ཡང་གཟུགས་ལ་སོགས་པ་ཆོས་སུ་ཉེ་བར་འདོགས་པ་ཐོག་མ་མེད་པའི་དུས་ནས་འཇུག་གོ།། བྲག་ཆགས་ཡོངས་སུ་རྟས་པ་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་ཏུ་འབྲས་བུ་བསྒྲུབ་ནུས་པ་ལ་བྱའོ།། སྣང ་བ་ཞེས་བྱ་བའི་སྒྲ་ནི་གཟུང་བའི་ཆུ་ལ་བྱའོ།། འདིར་དཔེ་སྨོས་པ། དཔེར་ན་ར་བ་རི་བ་ནྡན་གྱི་སྐྱ་ཤད་འཛིངས་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྟེ། དཔེར་ན་རབ་རབ་ཅན་གྱི་སྐྲ་ཤ་ལ་སོག་སྭ་པའི་རྣ ་པ་གཟུང་བའི་ཆ་ལ་སྐྲ་བ་ཤད་འཛིངས་པ་ལ་སོགས་པར་ཉེ་བར་འདོགས་པ་དེ་བཞིན་དུ་འདིར་ཡང་བདག་དང་ཆོས་ཀྱི་རྣམ་པ་གཟུང་བྱའི་ཚིལ་བདག་དང་ཆོས་སུ་ཉེ་བར་འདོགས་སོ་སྐུ་ཤད་འཛིངས་པ ་སྒྲ་ནི་སྐུའི་ཚོགས་ལ་བྱེའོ།། དེ་ལ་འདིར་འགྱུར་ཏེ། འདི་ལྟར་གཟུང་བའི་ཆ་ཉིད་དངོས་སུ་བདགེ་དང་ཆོས་སུ་འགྱུར་ཏེ། དེའི་ཕྱིར་བདག་དྲུང་ཆོས་རྣམས་དངོས་སུ་གྲུབ་པོ་སྙམ་དུ་སེམས་སུ་དོགས་ནས། ཉྫ་བཱི ་འདོགས་པ་ཞེས་བྱ་བ་ནི་གང་ལ་གང་མེད་པ་དེ་ལ་དེ་ཉེ་བུར་འདོགས་ཏེ། ཞེས་བྱ་བཱ་ལ་སོགས་པ་སྨྲས་སོ།། བདག་དང་ཆོས་རྣམས་ནི་གཟུང་བའི་ཆ་ལ་ཉེ་བྱ་རེ་འདི་གླས་སོ། གལ་ཏེ་དེ་དག་དེ་ནུ་དངོས་སུ་ཡོད ་དུ་ཟིན་ན་ཅིའི་ཕྱིར་ཉེ་བར་འདོགས། གང་ལ་གང་མེད་པ་དེ་ལ་དེ་ཉེ་བར་འདོགས་པ་ནི་དཔེར་ན་མི་བླུན་པོ་ལ་བ་ལང་ཞེས་བྱ་བ་ལྟ་བུ་སྟེ། བ་ལང་ཞེས་མ་ཡིན་ཡང་མི་བླུན་པོ་ལ་བ་ལང་ཞེས་ཉེ་བར་འདོགས ་པ་ལྟ་བུའོ།། ཉེ་བར་འདོགས་པ་ཞེས་བྱ་བྱ་ནི་སྒྲོ་འདོགས་པ་ཡིན་ན་དེ་ཇི་ལྟར་དངོས་སུ་དངོས་པོ་ཡུལ་དུ་འགྱུར། དེ་ལྟར་བདྲུག་དང་ཆོས་སུ་ཉེ་བར་འདོགས་པའི་དངོས་ཀྱི་ཡུལ་བཀག ་ནས་འཇུག་བསྡུ་བའི་ཕྱིར། དེ་ལྟར་རྣམ་པར་ཤེས་པའི་རང་གི་ངོ་བོ་དང་ཕྱི་རོལ་ན་ཡང་བདག་དང་ཆོས་རྣམས་མེད་པས་ཞེས་བྱེ་བ་ལ་སོགས་པ་སྨོས་སོ།། འདི་ལྟར་རྣམ་པ་དེ་ལྟ་བུ་བསྟན་པས་རྣམ་པར་ཤེས ་པའི་གཟུང་བའི་ཆ་དང་ཤེས་པ་ལས་ཕྱི་རོལ་ན་བདག་དང་ཆོས་རྣམས་དངོས་སུ་ཡོད་པ་མ་ཡིན་ནོ།། དེ་བས་ན་བདག་དང་ཆོསོ་རྣམས་ཀུན་བརྟགས་པ་ཉིད་དོ།། དོན་དམ་པར་དེ་དག་གང་ན་ཡང་ཡོད་པ་མ་ཡིན། ་དེའི་ཕྱིར་གང་འདྲི་ཤེས་བྱ་ཡང་རྣམ་པར་ཤེས་པ་བཞིན་དུ་རྫས་ཉིད་དོ་ཞེས་མཐའ་གཅིག་ཏུ་སྨྲ་བ་འདི་ཁས་མི་བླང་ངོ་།། མཐའ་ཅིག་ཏུ་སྨྲ་བ་ཅིག་ཤོས་བསལ་བའི་ཕྱིར། ཉེ་བར་འདོགས་པ་ནི་ཞེས་བྱ་བ་ལ ་སོགོས་པ་སྨྲས་ཏེ། ཉེ་བོར་འདོགས་པ་ནི་འདི་ལྟར་གཞི་མེད་པར་མི་སྲིད་དོ།། དེ་བས་ན་གང་ལ་བདག་དང་ཆོས་ཉེ་བར་འདོགས་པ་འབྱུང་བའི་རྣམ་པར་ཤེས་པ་གྱུར་པ་ཉིད་རྫས་ཉིད་དུ་ངེས་པར་ཁས་བླང་ངོ་།། ད་ལྟར ་ད་ལྟར་ན་རྣམ་པར་ཤེས་པ་ཡང་ཤེས་བྱ་བཞིན་དུ་ཀུན་རྫོབ་ཉིད་དེ། དོན་དམ་པར་མེད་དོ་ཞེས་ཁས་ལེན་པ་དེ་རིགས་པ་ལ་མི་མཇེད་པར་མི་ནུས་སོ།། ཅིའི་ཕྱིར་རིགས་པ་མི་མཉམ་པ་ལ་ཀུན་རྫོབ་དུའང་དངོས ་པོ་མེད་པར་འགྱུར་བའི་ཕྱིར་རོ།། ཞེས་བྱ་བ་སྨྲས་སོ།། དེ་ཉིད་དགྲོལ་བའི་ཕྱིར། རྟེན་མེད་ན་ཀུན་རྫོབ་ཏུ་མི་རུང་སྟེ། ཞེས་བྱ་བ་སྨྲས་སོ།། འདི་ལྟར་རྟེན་མེད་པར་ནི་ཀུན་རྫོབ་ཏུ་མི་རུང་སྟེ། གདོན་མི་ཟ་བར་འགའ ་ཞིག་ལ་བརྟེན་ནས་འགའ་ཞིག་གང་གོས་པར་འགྱུར་རོ།། གཞན་དུ་ནི་ནི་ངེས་པ་མེད་པས་ཐམས་ཅད་ལ་ཐམས་ཅད་གདགས་པར་ཐལ་བར་འགྱུར་རོ།། དེ་ཡི་ཕྱིར་ཐལ་ཆེས་བྱ་བའི་སྐྱོན་དུ་གྱུར་ཏ་རེ་ཞེས་ཀུན ་རྫོབ་ཏུ་གཞི་ཅི་ཞིག་ཅིག་ཁས་བླང་བར་བྱའོ།། དེའི་གཞི་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའོ།། དེ་བས་ན་རྣམ་པར་ཤེས་པ་རྫས་ཉིད་དུ་ཁས་བླང་ངོ་།། རྟེན་མེད་ཅེས་བྱ་བ་ནི་གཞོ་མྱེད་ཅེས་བྱེ་བ་ནས་རྒྱུ་མཚན ་ཅིས་བྱ་བའི་བར་དུའོ།། གོང་དུ་བཤོད་པའི་མཇུག་བསྡུ་བའི་ཕྱིར།། དེ་བས་ན་མཐའ་གཅིག་ཏུ་སྨྲ་བ་རྣམ་པ་འདི་གཉིས་ཀ་ཡང་མི་རིགས་པའི་ཕྱིར་བཏང་ངོ་ཞེས་སློབ་དཔོན་གྱི་ཚིག་གོ་ཞེས་བྱ་བ་སྨྲསོ།། ་འདྲི་ལྟོར་ཕྱོགས་འདི་ལྟ་བུ་གཉིས་ཀ་ལ་ཡང་རིགས་པ་མེད་དོ། དེ་བས་ན་མཐའ་གཅིག་ཏུ་སྨྲ་བ་རྣམ་པ་འདི་གཉི་ག་ཡང་རིགས་པ་མེད་པས་གཏང་བར་བྱ་བར་སློབ་དཔོན་རྣམས་ཀྱིས་བཤད་དོ་ཞེས་འགྲོལ ་པ་བྱེད་པོས་རང་མ་གཏོགས་པར་གསངས་ནས་སློབ་དཔོན་རྣམས་ལ་ཁུངས་ཕྱུང་ངོ་།། དེ་ལྟར་མཐའ་གཅིག་ཏུ་སྨྲ་བ་དེ་བཀག་ནས་རང་གྱི་ཕྱོགས་བརྗོད་པོའི་ཕྱིར། དེ་ལྟར་ནི་ཤེས་བྱ་ཐམས་ཅད་ཀུན་བརྟག ་པའི་ངོ་བོ་ཉིད་ཡིན་པས་དངོས་པོ་མེད་དོ་ཞེས་བྱ་བ་སྨྲས་སོ།། གང་གཱ་ཕྱིར་འདི་ལྟར་ཤེས་བྱ་ནི་རྣམ་པར་ཤེས་པའི་རང་གི་ངོ་བོ་ཁོ་ན་ཡིན་པས། ཕྱི་རོལ་ན་བདག་དྲང་ཆོས་ཀྱི་དངོས་པོ་མེད ་བ་རྟེན་མེད་པར་ནི་ཀུན་རྫོབ་ཏུ་ཡང་མི་རུང་བས་དེ་བས་ན་ཤེས་བྱ་ཐམས་ཅད་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་བཱི་ཧཱུ~ཾ་དངོས་པོར་ཡོད་པ་མ་ཡིན་ནོ།། འདི་ལྟར་རྟེན་མེད་པའི་ཀུན་རྫོབ་མེད་དེ། དེའི་ཕྱིར་རྣམ་པར ་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་སུ་རྫས་སུ་ཡོད་ཅེས་བྱ་བ་དེ་ཁས་བླང་པར་བྱའོ།། རྣམ་པར་ཤེས་པ་རྟེན་ཅིང་འགྲེལ་པར་འབྱུང་བ་ཞེས་བྱ་བ་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། རྣམ་པར་ཤོས་པ་རྟེན ་ཅིང་འབྲེལ་པར་འབྱུང་བ་ནི་ཞེས་བྱེད་པ་ལ་སོགས་པ་སྨྲས་སོ།། རྣམ་པར་ཤེས་པ་རྟེནི་ཙོང་འབྲེལ་པར་འབྱུང་བ་ནི་གྱུར་པའི་སྒྲ་ཉིད་ཀྱིས་བསྟེན་ཏེ། འདི་ལྟར་རྒྱུ་དང་མི་འདྲ་བ་འབྲས་བུའི་བདག་ཉིད་ཐོབ་པར་ནི་གྱུར་པའོ།། ་ཞེས་བསྟན་པའོ།། དེ་ལྟར་དངོས་སུ་བདག་དང་ཆོས་རྣམས་བཀག་པ་དང་། ཕྱི་རོལ་གྱི་དོན་དུ་སྨྲ་བས་ཕྱིར་བརྒལ་བའི་ཕྱིར། ཕྱི་རོལ་གྱི་དོན་མེད་པར་རྣམ་པ་ར་ཤེས་པ་ཉིད་དོན་གྱི་རྣམ་པར་འབྱུང་བ་འདི་ཇི་ལྟར་ཤེས ་པར་རུང་ཞེ་ན། ཞེས་བྱ་བ་སྨྲས་སོ།། ཕྱི་རོལ་གྱི་དོན་གཟུགས་ལ་སོགས་པ་མེད་པར་རྣམ་པར་ཤོས་པ་ཉིད་གཟུགས་ལ་སོགས་པའི་དོན་གྱི་རྣམ་པར་འབྱུང་བ་དེ་ཇི་ལྟར་ཤེས་ཤེ་ན། གྲུབ་པའི་མཐའ་སྨྲ་བས། ་ཕྱི་རོལ་གྱི་དོན་ནི་ཞེས་བྱ་བ་ལ་སོག་པ་སྨྲས་ཏེ། འདི་ལྟར་ཕྱི་རོལ་གྱི་དོན་གང་གི་ཚེ་བདག་གི་རྣམ་པའི་རྣམ་པར་ཤེས་པ་བསྐྱེད་པ་དེའི་ཚེ་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་དུ་འདོད་ཀྱི། བྱེད་རྒྱུ་ཙམ་འབའ ་ཞིག་ཏུ་འདོད་པ་ནི་མ་ཡིན་ནོ།། གལ་ཏེ་བྱེད་རྒྱུ་ཙམ་གྱིས་དམིགས་པ་ཉིད་དུ་འགྱུར་ན་ནི། དེའི་ཚེ་རྒྱུ་དང་དེ་མ་ཐག་པ་དང་། བདགྲ་པོའི་རྐྱེན་དང་བྱེ་བྲག་མེད་པར་འགྱུར་ཏེ། འདི་ལྟར་དེ་དག་ནི་བྱེད་རྒྱུ་ཙམ་དུ ་རྣམ་པར་འཇོག་གོ།། གལ་ཏེ་འདི་ཡང་བྱེད་རྒྱུ་ཙམ་དུ་རྣམ་པར་གཞག་ན་ནི་དེའི་ཚེ་དེ་དག་དང་བྱེ་བྲག་མེད་པར་འགྱུར་རོ།། དེ་ནི་འདི་སྐད་དུ་གོང་ལ་བྱེད་རྒྱུ་ཁོ་ན་དང་རང་གི་རྣམ་པ་བསྐྱེད་པ་ཁོ་ན་ཡོད་པ་ང་ནི ་ཆོས་ཉིད་གཉིས་དང་ལྡན་པ་ཡུལ་དུ་འདོད་དོ།། ཞེས་བསྟན་པར་འགྱུར་རོ།། བྱེད་རྒྱུ་ཙམ་གྱི་ཕྱིར་ཡུལ་ཉིད་དུ་འདོད་ན་ནི་དྲི་མ་ཐག་པའི་རྐྱེན་ལ་སོགས་པ་རྐྱེན་ལ་སོགས་པ་རྐྱེན་རྣམས་ཀྱང་དམིགས་པ་ཉིད་དུ ་འགྱུར་རོ།། ཆོས་ཉིད་གཉིས་དང་ལྡན་པའི་ཡུལ་དུ་གྱུར་དུ་ཟིན་ཀྱང་འདིས་ཅིར་འགྱུ་རོ་ཞེ་ན། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དགྲ་ནི་བསྩགས་པ་ལ་དམིགས་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་བསགས་པ་ལ་དམིགས་པར་གཞན་འདོད་དེ། འདི་ལྟར་དེ་དག་ནི་བསམས་པ་རྣམ་པ་ངག་རིག་པའོ།། བསགས་པའི་སྒྲ་ནི་འདུས་པ་ལ་བྱའོ།། དེའི་ཕྱིར་རྣམ་པར ་ཤེས་པའི་ཚོགས་ལྔ་པོ་དག་རགས་པའི་རྣམ་པར་སྣང་བར་བཤད་པ་ཡིན་ནོ།། བསགས་པའི་རྣམ་པར་གྱུར་ན་ཅི་ཉེས་ཞེ་ན། དེའི་ཕྱིར་བསགས་པ་ནི་རྒ་ཤས་འདུས་པ་ཙ་ཝ་གུད ་ན་མེད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཆེ་ཤེས་བསགས་པ་རྣམས་འདུས་པ་ཙམ་ལས་བསགས་པ་བསགས་པ་གུང་ནི་མེད་དོ།། ཇི་ལྟར་མེད་ཅེ་ན། ཆ་ཤས་དེ་དག་བསལ་ན་ཞེས་བྱ་བ་ལ་སོགས་པ ་སྨྲས་ཏེ། འདི་ལྟར་ཆ་ཤཱས་རེ་རེ་ནཱས་བསལ་ན་བསགས་པའི་རྣམ་པའི་རྣམ་པར་ཤེས་པ་མྱི་འབྱུང་ངོ་།། གལ་ཏེ་དེ་ན་འདུས་པ་ཞེས་བྱ་བ་རྫས་ཅོ་ཡང་རུང་བ་ཞིག་ཡོད་ན་ནི།། དེའོ་ཚེ་ཆ་ཤས་རེ་རེ་ནས ་བསལ་ན་ཡང་འདུས་པའི་རྣམ་པའི་བློ་སྐྱེ་བ་ཞིག་ན། ཆ་ཤཱས་ཅན་གྱི་རྫས་ཡོད་པ་ནི་སློབ་དཔོན་རྣམས་ཀྱི་དགུག་པ་མང་དུ་བརྗོད་དོ།། དེ་ལྟར་འདུས་པའི་རྫས་ཡོད་པ་བཀུག་ནས་མཇུག་སྨྲ་བའི་ཕྱིར། དེ་བ ་ནཱ་ཕྱི་རོལ་གྱི་དོན་མེད་པར་རྣམ་པར་ཤོས་པ་བསགས་པའི་རྣམ་པ་འབྱུང་ངོ་ཞེས་བྱ་བ་སྨྲས་སོ།། གང་གི་ཕྱིར་དེ་ལྟར་བསགས་པ་ནི་ཚེ་ཤས?་འདུས་པ་ཙམ་ལས་གུད་ན་ཡོད་པ་མ་ཡིན་པརི་ཡང་བོ་སོགས ་པཔོའི་རྣམ་པའི་རྣམ་པར་ཤེས་པ་འདི་མྱོང་སྟེ། དེ་བས་ནི་ཕྱི་རོལ་གྱི་བསགསོ་པའི་དོན་མེད་པར་སྤྲོས་པའི་བགས་ཆགས་ཡོངས་སུ་སྨིན་པོའི་དབང་གིས་རྣམ་པར་ཤེས་པ་བསགས་པའི་རྣམ་པར ་འབྱུང་བར་གྲུབ་པོ།། འདུས་པའི་རྫས་མེད་པ་དམིགས་པར་མི་རུང་དུ་ཟིན་ཡང་རྡུལ་ཕྲ་རབ་རྣམས་འདུས་པའི་རྣམ་པར་ཤེས་པ་དེའི་དམིགས་པར་འགྱུར་རོ་ཞེ་ན་ཡང་དེའི་ཕྱིར། རྡུལ་ཕུ་རབ་བྱས ་པ་དག་ཉིད་ནི་ཞེས་བྱ་བ་སོགས་པ་སྨྲས་ཏེ། རྡུལ་ཕྲ་རབ་འདུས་པ་དག་ཀྱང་རྣམ་པརཤེས་པ་དེའི་དམིགས་མ་ཡིན་ནོ།། པསགས་པ་ཞེས་བྱ་བ་ནི་འདུས་པ་ཞེས་བྱ་བའི་ཐ་ཚིག་གོ།། ་ཅིའི་ཕྱིར་དམིགས་པོ་མ་ཡིན་ཞེ་ན། རྡུལ་ཕྲ་རབ་དག་ནི་དེའི་རྣམ་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་གང་འདི་ཤེས་པ་ལོ་རགས་པའི་རྣམ་པརོ་སྣང་བ་རྣམ་པ་དེ་དག ་རྡུལ་ཕྲ་རབ་སོ་སོ་ལ་ནི་མ་ཡིན་ནོ།། སོ་སོ་དེའི་རྣམ་པ་མཱ་ཡིན་ཡང་འདུས་པ་དེ་ནོ་དཱིའི་རྣམ་པོར་འགྱུར་རོ་ཞེ་ན། དེའི་ཕྱིར། རྡུལ་ཕྲ་རབ་རྣམ་པ་མ་བསྔགས་པའི་དུས་ལས ་ཞི་ས་བྱེ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་མཱ་བྱཱ་སྔགས་པའི་དུས་ན་རགས་པའི་རྣམ་པ་མེད་པ་དེ་ལྟར་རྡུལ་ཕྲ་རབ་རྣམས་བསགས་པའི་དུས་ན་ཡང་རགས་པའི་མཚན་ཉིད་དུ་འགྱུར་བཱར ་རང་བཞིན་བྱེ་བྲག་ཏུ་གྱུར་པ་ཅི་ཡང་མེད་དོ།། དེའི་ཕྱིར་ཇི་ལྟར་རྡུལ་ཕྲ་རབ་བསགས་པ་མ་ཡིན་པ་དག་དམིགས་པར་མི་འགྱུར་པ་དེ་བཞིན་དུ་བསགས་པ་རྣམས་ཀྱང་དམིགས་པར་མི་འགྱུར ་ཏེ། དེ་མ་འདུས་པ་བཞིན་དུ་འདུས་པ་ཡང་དམྱིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་འདི་སྐད་དུ། ཇི་ལྟར་དེ་དག་མ་འདུས་ན་རགས་པ ་མེད་དེ། དེའི་ཕྱིར་དམིགས་པར་མ་གྱུར་པ་དེ་བཞིན་དུ་འདུས་སུ་ཟིན་ཀྱང་རིགས་པར་མི་འགྱུར་རོ།། དེ་བས་ན་དམིགས་པར་ཇི་ལྟར་འགྱུར་ཏེ། འདི་ལྟར་དེ་དག་ཐ་དད་དམ་འདུས་ཀྱང་རུང་ཟླུམ ་རིལ་མོ་འདོར་རོ་ཞེས་བསྟན་པར་འགྱུར་རོ།། ཡང་ལ་ལ་རྡུལ་ཕྲ་རབ་རྣམས་དམིགས་པ་ཡིན་པར་རྣམ་པ་གཞན་དུ་འདོད་དེ་དེའི་ཕྱིར་དེའི་ལུགས་བསྟན་པར་གཞན་དགྲ་རྡུལ་ཕྲ་རང་རེ་རོ་ཞེས་བྱ ་བ་ལ་སོགས་པ་སྨྲས་ཏེ། རྡུལ་ཕྲ་ར་བ་རེ་རེ་རྡུལ་ཕྲ་རབ་གཞན་ལ་མཱི་བལྟོས་པ་ནི་དབང་པོའི་ཡུལ་དུ་མི་འགྱུར་གྷི། གང་གི་ཚེ་ཕན་ཚུན་བལྟོས་པ་བརླ་དེདབང་པོའི་ཡུལ་དུ་མི་འགྱུར་བར་སེམས་ཞེས་གྲལ ་སྟེ། ཕྱོགས་སྔ་མོའོ།། ཕྱོགས་འདི་ཡང་རིགས་པ་བཟོད་པ་མ་ཡིན་པར་བསྟན་པའི་ཕྱིར། དེ་དག་གི་ཡང་ཞེས་བྱ་བ་ལ་སོགས་པ་སྐྱེས་ཏེ། དེ་སྐད་སྨྲ་བ་དེ་དག་གི་གཙུག་འ་ནཱ་ཡང་རྡུལ་ཕྲར ་རྣམས་ཉམས་སུ་འོང་ཞེས་རྡུལ་ཕྲ་རབ་རྣམས་བལྟོས་པ་དང་བཅས་པ་དང་མི་བལྟོས་པོའི་དུས་ན་ཡང་རགས་པའི་མཚན་ཉིད་དུ་འགྱུར་བར་རང་བཞིན་བྱེ་བྲག་དུ་གྱུར་པ་མེད་དོ།། དེའི་ཕྱིར ་རང་བཞིན་བྱེ་བྲག་དུ་གྱུར་པ་མེད་པས་ཡང་ན་ནི་དུས་ཐམས་ཅད་དུ་དབང་པོས་གཟུང་བ་ཉིད་དུ་འགྱུར་རོ།། ཡང་ན་ནི་ནམས་ཀྱང་དབང་པོས་མི་རྟོགས་པར་འགྱུར་རོ།། ཡང་དེ་ཉིད་ལ་ཉེས་པ་གཞན ་བསྟན་པའི་ཕྱིར། གལ་ཏེ་ཕན་ཚུན་བལྟོས་པའི་རྡུལ་ཕྲ་རབ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ།། གལ་ཏེ་ཕན་ཚུན་བལྟོས་པའི་རྡུལ་ཕྲ་རབ་དག་ཉིད་རྣམ་པར་ཤེས་པའི་ཡུལ་དུ ་འགྱུར་དུ་ཟིན་ན་ནི། དེ་ལྟར་ན་པུམྦྷ་པ་དང་ཟངས་པུམྦྷེ་དཱང་རྫ་མྱ་དང་ཁམོསཾ་པོ་རཱ་ལ་སོགས་པའི་རྣམ་པ་ཐ་དད་པ་གང་ཡིན་པ་དཾ་རྣམ་པར་ཤེས་པ་ལ་སྣང་བ་ར་མི་འགྱུར་ཏེ། འདི་ལྟར་རྡུལ ་ཕྲ་རབ་དེག་བུམ་པ་ལ་སོགས་པའི་རྣམ་པ་མ་ཡིན་པའི་ཕྱིར་རོ།། འདི་ལ་འདིར་འགྱུར་ཏེ།། རྡུལ་ཕྲ་རབ་རྣམས་ཉིད་བུམ་པ་ལ་སོགས་པ་ཤེསཱི་པའི་དམིགས་པར་འགྱུར་རོ་སྙམ ་པ་ལ། དེའི་ཕྱིར་རྣམ་པར་ཤེས་པ་ལ་སྣང་བ་ཡང་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། པུམ་པ་དང་རྫ་མ་ལ་སོགས་པའི་རྣམ་པ་ཡིན་པ་ས། ཕྲ་མོའི ་རྣམ་པ་ནི་རགས་པའི་རྣམ་པ་ཤེས་པའི་ཡུལ་དུ་མི་རུང་སྟེ་ཧ་ཅང་ཐལ་བར་འགྱུར་རོ།། དེ་ལྟ་ན་ནི་སྦྲང་བུ་ཡང་གླང་པོ་ཆེ་ལ་སོགས་པའི་རྣམ་པ་རྣམ་པར་ཤེས་པའི་ཡུལ་དུ་འགྱུར་རོ།། ་དེ་ལྟར་རེ་ཞིག་རྡུལ་ཕྲ་རབ་དག་ཡོད་པར་ཁས་བླངས་ཏེ། དམིགས་པར་བཀག་གོ།། དེ་ནི་དེ་དག་ཀྱང་། ཡོད་པར་མི་འཐད་པར་བསྟན་པའི་ཕྱིར། ཕྲ་རབ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། རྡུལ་ཕྲ་རཔ་ཀྱང་ཚུ་རོལ་དང་ཕ ་རོལ་དང་དཔུང་གི་ཆ་ཡོད་པས་ཀ་བ་ལ་སོགས་པ་བཞིན་དུ་དོན་དམ་པར་ཡོད་པ་མ་ཡིན་ཏེ། ཀ་བ་ལ་སོགས་པ་ནི་བཏགས་པའི་ཡོད་པའོ།། ཚོར་བ་ལ་སོགས་པ་ནི་མི་འདྲ་བའི་ཆོས་སོ།། བརྒྱ་ལ་གཞན་གཏན་ཚིགས་མ་གྲུབ་ཅེས་ཟེར་དུ་དོགས་པའི་ཕྱིར། ་དེ་ཁས་མི་ལེན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གལ་ཏེ་རྡུལ་ཕྲ་རབ་རྣམས་ཀྱི་ཚུ་རོལ་དང་ཕ་རོལ་དང་དཔུང་གི་ཆ་ཤས་ཁས་མི་ལེན་ན་ནི། དེའི་ཚེ་རྡུལ་ཕྲ་རབ་ལས་བལྟོས་ནས་འདི་ནི་ཤར་ཕྱོགས། འདི་ནི་བྱང་ཕྱོགས་ཞེས་བྱ་བ་ལ་སོགས་ཕྱོགས ་ཐ་དད་པ་དག་རྡུལ་ཕྲ་རབ་རྣམས་ཀྱི་ཡིན་པར་མི་འགྱུརརོ།། དེ་མེད་པར་གྱུར་ན་ཤར་དང་བྱང་ལ་སོགས་པ་ཡང་རྡུལ་ཕྲ་རབ་ཀྱི་ཆར་མི་འགྱུར་རོ།། དེ་ལྟར་གྱུར་ན་ཅི་ཉེས་ཤེ་ན། དེའི་ཕྱིར་རྣམ་པར་ཤེས་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲ་སོ།། གལ་ཏེ་རྡུལ་ཕྲ་རབ་ཀྱི ་ཕྱོགས་ཆ་ཐ་དད་པ་ཁས་མི་ལེན་ན་དེ་ཚེ་ཇི་ལྟར་རྣམ་པར་ཤེས་པ་ལུས་མེད་པ་དང་། ཡུལ་ན་མི་གནས་པ་བཞིན་དུ་རྡུལ་ཕྲ་རབ་ཀྱི་དག་ཀྱང་ད་ལྟར་འགྱུར་རོ།། དེ་ལྟར་ཕྱི་རོལ་གྱི་དོན་བཀག་ནས་མཇུག་བསྡུ་བའི་ཕྱིར་དེ་ལྟར་ན་ཕྱི་རོལ་གྱི་དོན་མེད་པའི ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས།། གང་དེ་སྐད་བསྟན་པའི་རྣམ་པས་ཕྱི་རོལ་གྱི་དོན་མི་འཐད་དེ། དེ་བས་ན་སྤྲོས་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་རྣམ་པར་ཤེས་པ་ཉིད་གཟུགས་ལ་སོགས་པའི་དོན་གྱི་རྣམ་པར་འབྱུང་སྟེ། དཔེར་ན་རྨི་ལམ ་གྱི་རྣམ་པར་ཤེས་པ་བཞིན་དུ་ཁས་བླང་བར་བྱའོ།། དེ་ལྟར་ན་རེ་ཞིག་རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཀྱི་ཡུལ་བཀག་གོ།། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡང་དགག་པའི་ཕྱིར། ཚོར་བ་ལ་སོགས་པ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲསོ།། ཚོར་བ ་ལ་སོགས་པ་དག་ནི་དུས་གསུམ་དུ་གཏོགས་པ་སྟེ། དེ་ལ་རེ་ཞིག་གང་དག་འདས་པ་དང་མ་འོངས་པ་དེ་དག་ནི་རང་གི་རྣམ་པའི་རྣམ་པར་ཤེས་པ་སྐྱེད་པ་མ་ཡིན་ཏེ། འདས་པ་རྣམས་ནི་འགག་པའི་ཕྱིར་རོ།། མ་འོངས་པ་རྣམས་ནི་མ་སྐྱེས་པའི་ཕྱིར་རོ།། འགགས ་བ་དང་མ་སྐྱེས་པ་ནི་རྫས་སུ་ཡོད་པ་མ་ཡིན་ན། ཇི་ལྟར་རྣམ་པར་ཤེས་པ་སྐྱེད་པར་འགྱུར། དེ་ལ་འདིར་འགྱུར་ཏེ། ད་ལྟར་གྱི་དག་སྐྱེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར། ད་ལྟར་གྱི་དག་ཀྱང་ད་ལྟར་གྱི་རྣམ་པར་ཤེས་པར་སྐྱེད་པ་མ་ཡིན་ཏེ་ཞེས་བྱ་བ་སྨྲསོ།། ད་ལྟར ་ཀྱི་ཚོར་བ་ལ་སོགས་པ་དག་ཀྱང་རང་གི་རྣམ་པའི་རྣམ་པར་ཤེས་པ་མི་སྐྱེད་དོ།། ཅིའི་ཕྱིར་ཞེ་ན། སྐྱེ་བའི་ཚེ་ན་ནི་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས།། དེ་ལ་སྐྱེ་བའི་ཚེ་ན་སྐྱེད་བ་འགྱུར་རམ། སྐྱེས་པའི་ཚེ་སྐྱེད་པར་འགྱུར་ཞེས་གཉིས་སུ་བརྟག་གྲང་ན། སྐྱེ་བའི་ཚེན་ནི ་ཚོར་བ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཡོད་པ་མ་ཡིན་པས་སྐྱེད་པར་ཇི་ལྟར་འགྱུར། གང་གི་ཚོར་བ་ལ་སོགས་པ་སྐྱེས་པའི་ཚེ་ན་ནི་རྣམ་པར་ཤེས་པ་ཡང་དེའི་རྣམ་པར་སྐྱེས་པ་ཉིད་དོ།། དེའི་ཕྱིར་དེ་ལ་བྱ་བ་ཅུང་ཟད་ཀྱང་མེད་པས་དེ་དག་ནི་དེའི་སྐྱེད ་བ་མ་ཡིན་ནོ།། དེ་བས་ན་ཡིད་ཀྱིས་རྣམ་པར་ཤེས་པའི་དམིགས་པ་ཡང་ཅི་ཡང་མེད་པར་གྲུབ་པོ།། དེ་ལྟར་ན་གཟུང་བ་མེད་པས་རྣམ་པར་ཤེས་པ་འཛིན་པར་མི་འགྱུར་ཏེ། གཟུང་བ་དང་འཛིན་པ་མེད་པའི་མཚན་ཉིད་ཆོས་ལ་བདག་མེད་པར་གྲུབ་པོ།། ་གང་ཟག་ལ་བདག་མེད་པ་ནི་རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་བསྟན་པས་བསྟན་པ་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ཡོད་དོ།། གལ་ཏེ་གང་ཟག་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང ་བར་འདོད་ན་ནི་དེའི་ཚེ་མི་རྟག་པར་འགྱུར་རོ།། མི་རྟག་པ་ལ་བདག་ཏུ་རྟོག་པ་ནི་དོན་མེད་དེ་ལུས་དང་མཚུངས་པའི་ཕྱིར་རོ།། ཇི་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བར་མི་འདོད་ན་ནི་དེ་ལྟ་ན་རྟག་པར་འགྱུར་རོ།། རྟག་པ་ནི་དགེ་བ་དང་མི་དགེ་བའི་ལས་བྱེད་པ་དང་དེའི་འབྲས་བུ ་ལ་སྤྱོད་པར་མི་ནུས་ཏེ། འགྱུར་བ་མེད་པའི་ཕྱིར་རོ།། ལྷན་ཅིག་བྱེད་པ་ལ་བལྟོས་ཤེས་བྱར་ནི་བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར་མི་འདོད་དོ།། དེའི་ཕྱིར་ཅུང་ཟད་ཀྱང་བྱེད་པ་མེད་པ་ཡོངསུ་བརྟགས་པ་འདིས་ཅི་ཞིག་བྱ་སྟེ། གང་ཟག་ལ་བདག་མེད་པ་ཡང་གྲུབ་བོ།། ་དེ་ནི་སློབ་དཔོན་སྔ་མ་དག་གིས་ཀྱང་མང་དུ་བསྟན་ཟིན་ཏེ། དེ་བས་ན་འདིར་མངོན་དུ་མ་བཤད་དོ།། འདིར་བརྡ་སྤྲོད་པ་པ་ལ་སོགས་པས་ཕྱིར་རྒོལ་བ་སྟོན་སྟེ། གཞན་དག་ན་རེ་ཞེས་བྱ་བ་ལ་སོགས་པའོ།། གལ་ཏེ་བདག་དང་ཆོས་དངོས་སུ་མེད་ན་དེའི་ཚེ་རྣམ་པར ་ཤེས་པའི་གཟུང་བའི་ཆ་ལ་དེ་ཉེ་བར་འདོགས་པར་མི་རུང་སྟེ། འདི་ལྟར་ཉེ་བར་འདོགས་པ་ནི་གསུམ་ཡོད་ན་འགྱུར་གྱི་གསུམ་པ་དག་ལས་གང་ཡང་རུང་བ་ཞིག་མེད་ན། མི་འགྱུར་རོ་གསུམ་གང་ཞེ་ན། དོན་གྱི་དངོས་དང་ཞེས་བྱ་བ་ལ་སོགས་པ་སྨྲསོ།། གལ ་ཏེ་དོན་གྱི་དངོས་ཡོད་པ་དང་། གལ་ཏེ་དངོས་དང་འདྲ་བ་གཞན་འགའ་ཞིག་ཡོད་པ་དང་། དངོས་དང་དེ་དང་འདྲ་བ་གཉིས་ག་དང་འདྲ་བ་ཡང་ཡོད་དེ། གལ་ཏེ་འདྲ་ཅི་ཡང་རུང་བ་ཞིག་ཡོད་ན་ནི་དེའི་ཚེ་ཉེ་བར་འདོགས་པར་བྱེད་དོ།། འདིར་དཔེ་སྨོས་པ་དཔེར ་ན་དངོས་མེད་དང་ཞེས་བྱ་བ་ལ་སོགས་པའོ།། དངོས་མེད་ཡོད་ལ་མེད་དང་འདྲ་བ་བྲམ་ཟེའི་ཁྱེའུ་དང་མེ་དང་བྲམ་ཟེའི་ཁྱེའུ་གཉིས་ཀའི་ཐུན་མོང་གི་ཆོས་ཡང་ན་སེར་བ་ཉིད་དམ། ཡང་ན་རྣོ་བ་ཉིད་ཡོད་ན་འཇིག་རྟེན་ན་བྲམ་ཟེའི་ཁྱེའུ་ལ་མེར་ཉེ་བར་འདོགས་པར་བྱེའོ།། ་གལ་ཏེ་དེ་ལྟར་རྣམ་པར་ཤེས་པ་གྱུར་པ་ལ་བདག་དང་ཆོས་ཉེ་བར་འདོགས་པར་བྱེད་ན། ཡང་དེའི་ཚེ་བདག་དང་ཆོས་རྣམ་དངོས་སུ་ཡོད་པར་འགྱུར་ཏེ། གཞན་དུ་ན་ནི་ཉེ་བར་འདོགས་པར་མི་འགྱུར་རོ་ཞེས་ཕྱོགས་སྔ་མའོ།། གྲུབ་པའི་མཐའ་སྨྲ་བས་ཐོག་མ་ཉིད ་དུ་དཔེ་སུན་དབྱུང་བའི་ཕྱི་བུ་འདི་ལ་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་འདྲོགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས།། གང་འདི་བྲམ་ཟེའི་ཁྱེའུ་ལ་མེ་ཞེས་དཔེར་བཞག་པ་འདི་ལ་རིགས་མེ་ཉིད་ཅེས་བྱ་བ་འམ། འོན་ཏེ་མེའི་རྫས་བྲམ་ཟེའི་ཁྱེའུ་ལ་ཉེ་བར་འདོགས། ་ནི་འདི་སྐད་དུ། ཅི་འདི་ལ་མའི་སྤྱིའམ་འོན་ཏེ་མེའི་རང་གི་མཚན་ཉིད་ཉེ་བར་འདོགས་ཤེས་བསྟན་པར་འགྱུར་རོ།། དེ་ལྟ་ན་དེ་ལ་ཉེས་པ་ཅི་ཡོད་ཅི་ན་དེའི་ཕྱིར་ཉེ་བར་འདོགས་པ་གཉི་ག་ཡང་མེདོ་ཞེས་བྱ་བ་སྨྲས་ཏེ། ཕྱོགས་གཉི་ག་ཡང་ཉེ་བར་འདོགས་པར་མི་རུང་།། ་རིགས་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས། དེ་ལ་རེ་ཞིག་ཐུན་མོང་སེར་པ་ཉིད་དམ། རྣོ་བ་ཉིད་ནི་རིགས་ཀྱི་མ་ཡིན་ནོ་ཞེས་བྱ་བ་སྨྲས།། བྲམ་ཟེའི་ཁྱེའུ་དང་མཐུན་མོང་པ་སར་པ་ཉིད་དམ་རྣོ་བ་ཉིད་ནི་རིགས་མེ་ཉིད་ལ་མེད་དེ། འདི་ལྟར་གཞན་དག་རིགས་ནི་སེར་བ ་འམ་རྣོ་བར་མི་འདོད་དོ།། འདི་ལྟར་ཡོན་ཏན་འདི་དག་ནི་རྫས་ཀྱི་ཡིན་གྱི་རིགས་ཀྱི་ནི་མ་ཡིན་པར་འདོད་དོ།། དེ་ལ་འདིར་འགྱུར་ཏེ། ཐུན་མོང་གི་ཆོས་མེད་ཀྱང་རིགས་ཉེ་བར་འདོགས་པར་འགྱུར་རོ་ཞེ་ན། དེའི་ཕྱིར། ཐུན་མོང་གི་ཆོས་མེད་པར་ཞེས་བྱ་བ་ལ་སོགས ་པ་སྨྲས་ཏེ། ཐུན་མོང་གི་ཆོས་མེད་པར་ནི་བྲམ་ཟེའི་ཁྱེའུ་ལ་རིགས་ཉེ་བར་འདོགས་པར་མི་རུང་ངོ་།། ཅིའི་ཕྱིར་མི་རུང་སྙམ་པ་ལ། ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་སྨྲསོ།། གལ་ཏེ་ཐུན་མོང་གི་ཆོས་མེད་པར་ཡང་ཉེ་བར་འཛག ་བར་བྱེད་ན་ནི་དེའི་ཚེ་ཐམས་ཅད་ལ་ཐམས་ཅད་ཉེ་བར་འདོགས་པར་ཐལ་བར་འགྱུར་རོ།། དེ་ནི་འདི་སྐད་དུ། འདྲ་བ་ནི་ཉེ་བར་འདོགས་པའི་གཞི་ཡིན་ནོ།། གལ་ཏེ་འདྲ་བ་མེད་པར་ཡང་ཉེ་བར་འདོགས་པར་བྱེད་ན་ནི་དེའི་ཚེ་ངེས་པར་བྱེད་པ་མེད་པས་ཐམས་ཅད་ལ་ཐལ ་འགྱུར་རོ་ཞེས་བསྟན་པར་འགྱུར་རོ།། བརྒྱ་ལ་གཞན་ཉེ་བར་འདོགས་པའི་གཞི་གཞན་སྨྲ་བར་དོགས་ནས་རིགས་ཆོས་ཉིད་དེ་གཉིས་དང་ལྡན་པ་མ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་སྨྲསོ།། རིགས་ནི་རྣོ་བ་ལ་སོགས་པའི་ཆོས་ཅན་མ་ཡིན་དུ་ཟིན་ཀྱང་། རྣོ་བ་ཉིད་དང ་སེར་པ་ཉིད་རིགས་མ་ཉིད་མེད་ན་མེད་དེ། དེའི་ཕྱིར་རྣོ་བ་ཉིད་དང་སེར་བ་ཉིད་རིགས་མེད་ན་མེད་པས་བྲམ་ཟེའི་ཁྱེའུ་ལ་རིགས་མེད་ཉིད་ཉེ་བར་འདོགས་པར་འགྱུར་རོ།། དེ་ནི་འདི་སྐད་དུ་ཐུན་མོང་གི་ཆོས་མེད་དུ་ཟིན་ཀྱང་མེད་ན་ནི་འབྱུང་བ་ནི་འདིར་ཉེ་བར་འདོགས་པའི ་རྒྱུ་ཡིན་ཏེ། དེའི་ཕྱིར་ཧ་ཅང་ཐལ་ནཱ་མི་འགྱུ་རོ་ཞེས་བསྟན་པར་འགྱུར་རོ།། ཆོས་ཉིད་དེ་གཉིས་དང་ལྡན་པ་མ་ཡིན་ཡང་ཞེས་བྱ་བ་ལ། རྣོ་བ་ཉིད་དང་སེར་བ་ཉིད་དེ་གཉིས་ནི་ཆོས་སོ།། རིགས་ཡང་ཡིན་པ་དེ་ནི་ཆོས་དེ་གཉིས་དང་ལྡན་པའོ།། དེའི་དངོས་པོ་ནི་དེའི་ཆོས ་ཉིད་དོ།། ཆོས་དེ་ཉིད་དེ་གཉིས་དང་མི་ལྡན་པ་ནི་ཆོས་ཉིད་དེ་གཉིས་དང་ལྡན་པ་མ་ཡིན་པའོ།། དེའི་ཕྱིར་ཆོས་ཉིད་དེ་གཉིས་དང་ལྡན་པ་མ་ཡིན་པ་དེ་ནི་རིགས་ལ་རྣོ་བ་ཉིད་དང་སེར་བ་ཉིད་ཀྱི་ཆོས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ།། མེད་པར་མི་འབྱུང་བ་ཡང་འདིར་མེད ་པར་བསྟན་པའི་ཕྱིར། རིགས་མེད་པར་ཡང་རྣོ་བ་ཉིད་དང་སེར་བ་ཉིད་བྲམ་ཟེའི་ཁྱེའུ་ལ་མཐོང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣོ་བ་ཉིད་དང་སེར་བ་ཉིད་ནི་རིགས་མེ་ཉིད་མེད་པར་ཡང་བྲམ་ཟེའི་ཁྱེའུ་ལ་སྣང་སྟེ། དེ་བས་ན་མེད་པར་མི་འབྱུང་བ། ་དེ་གཉིས་ཀྱང་མི་རིག་སོ།། འདི་ལྟར་རིགས་མེ་ཉིད་ནི་བྲམ་ཟེའི་ཁྱེའུ་ལ་མེད་ལ་རྣོ་བ་ཉིད་དང་སེར་བ་ཉིད་ནི་དེ་ལ་ཡོད་ན། དེ་གཉིས་རིགས་མི་ཉིད་མེད་པར་མི་འབྱུང་བར་ཇི་ལྟར་འགྱུར། བརྒྱ་ལ་ཉེས་པ་དེ་ཉིད་ཀྱིས་འཇིགས་ནས་གཞན་བྲམ་ཟེའི་ཁྱེའུ་ལ་ཡང ་རིགས་མེད་པར་མི་འབྱུང་བ་དེ་གཉིས་ཡོད་པར་འདོད་ན་དེའི་ཕྱིར། མེད་པར་མེ་འབྱུང་བ་ནི་ཉེ་བར་འདོགས་པ་མེད་དེ་ཞེས་བྱ་བ་སྨྲསོ།། གལ་ཏེ་བྲམ་ཟེའི་ཁྱེའུ་ལ་ཡང་རྣོ་བ་ཉིད་དང་སེར་པ་ཉིད་རིགས་མེད་པར་མི་འབྱུང་བ་ཡང་ཡོད་པར་འདོད་ན་ནི་དེའི་ཚེ་བྲམ་ཟེའི ་ཁྱེའུ་ལ་རིགས་ཉེ་བར་གདགས་པར་མི་བྱའོ།། ཅིའི་ཕྱིར་ཞེ་ན། མེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲསོ།། འདི་ལྟར་ཇི་ལྟར་མེ་ལ་རིགས་མེ་ཉིད་དངོསུ་ཡོད་པ་དེ་བཞིན་དུ། བྲམ་ཟེའི་ཁྱེའུ་ལ་ཡང་ཡོད་ན་ན་དེའི་ཕྱིར་ཉེ་བར་གདགས་ཅི་དགོས། དེ་ནི་འདི་སྐད་དུ། ་གལ་ཏེ་བྲམ་ཟེའི་ཁྱེའུ་ལ་ཡང་རྣོ་བ་ཉིད་དང་སེར་བཉིའི་མེད་པར་མི་འབྱུང་བ་ཡང་ཡོད་པར་འདོད་ན་ནི། དེའི་ཚེ་དེ་ལ་ཡོད་པ་ཉིད་དུ་ཁས་བླངས་པ་ཡིན་ཏེ། དེའི་ཕྱིར་ཡོད་པས་ཉེ་བར་གདགས་ཅི་དགོས་ཏེ། གང་ལ་གང་མེད་པ་དེ་ལ་དེ་ཉེ་བར་འདོགས་པ་ནི་རིགས ་ཞེས་བསྟན་པར་འགྱུརརོ།། དེ་ལྟར་ཉེ་བར་འདོགས་པའི་གཞི་བསལ་ནས་མཇུག་བསྡུ་བའི་ཕྱིར། དེ་བས་ན་བྲམ་ཟེའི་ཁྱེའུ་ལ་རིགས་ཉེ་བར་གདག་སུ་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཉེ་བར་གདགས་པའི་གཞི་དེ་ལྟ་བུ་རྣམ་པ་གཉིས་ཀ་ཡང ་རིགས་ལ་མི་འཐད་པས་དེའི་ཕྱིར་བྲམ་ཟེའི་ཁྱེའུ་ལ་རིགས་ཉེ་བར་འདོགས་པ་མི་སྲིད་པར་གནས་སོ།། རིགས་ཉེ་བར་འདོགས་པར་མི་འགྱུར་དུ་ཟིན་ཀྱང་རྫས་ཉེ་བར་འདོགས་པར་འགྱུར་རོ་ཞེ་ན། དེའི་ཕྱིར། རྫས་ཀྱང་ཉེ་བར་གདགས་སུ་མི ་སྟེ། ཞེས་བྱ་བ་སྨྲས་ཏེ། མེའི་རྫས་ཀྱང་བྲམ་ཟེའི་ཁྱེའུ་ལ་ཉེ་བར་འདོགས་མི་སྲིད་དོ།། ཅིའི་ཕྱིར་ཞེ་ན། སྤྱིའི་ཆོས་མེད་པའི་ཕྱིར་རོ།། ཞེས་བྱ་བ་སྨྲས་ཏེ། འདི་ལྟར་མེ་དང་བྲུམ་ཟེའི་ཁྱེའུ་ཡི་ཐུན་མོང་གི་ཚེས་ནི་གང་ཡང་མེད་དོ།། ཡོན་ཏན་རྣོ་བ་དང་སེར ་ཐུན་མོང་པ་ཡོད་པ་མ་ཡིན་ན་དུ་སྟེ་ན། ཐུན་མོང་གི་ཆོས་མེད་ཅེས་སྠཱ་ཝཱ་ན། དེའི་ཕྱིར་མེའི་ཡོན་ཏན་བ་དང་ཞེས། བྱ་བ་ལ་སོགས་པ་སྨྲ་སོ།། ཡོན་ཏན་རྣོ་བ་དང་སེར་བ་ནི་དེ་གཉིས་ཀྱི་ཐུད་མེང་མ་ཡིན་ཏེ། འདི་ལྟར་མེའི་ཡོན་ཏན་རྣོ་བ་འམ་སེར་བ་གང ་ཡིན་པ་དེ་ཉི་ནི་བྲམ་ཟེའི་ཁྱེའུའི་ཡིན་པར་མི་འདོད་དོ།། དེའི་ཕྱིར་བྲམ་ཟེའི་ཁྱེའུའི་ཡོན་ཏན་རྣོ་བ་འམ་སེར་བ་ནི་ལས་གཞན་ནོ།། དེ་དེ་ལས་གཞན་པར་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་བྱེ་བྲག་ནི་རང་གི་གནས་དང་འབྲལ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ།། འོད ་ལྟར་བྱེ་བྲག་གང་ཡིན་པ་དེ་དག་ནི་རང་གི་གནས་དང་འབྲེལ་པ་ཡིན་གྱི། གནས་གཞན་དུ་འགྲོ་བར་མི་ནུས་ཏེ། འདི་ལྟར་མེ་ནི་ཤིང་བསྲེགས་པར་ནུས་པས་རྣོ་བའི་སྒྲར་བརྗོད་དོ།། བྲམ་ཟེའི་ཁྱེའུ་ནི་བྱེད་པ་རྣམས་ལ་གཡེར་བས་རྣོ་བའི་སྒྲར་བརྗོད་དོ།། དེ་བཞིན་དུ་ཡོན་ཏན ་སོར་བ་ཡང་ཐ་དད་དུ་བརྗོད་པར་བྱའོ།། དེ་ལ་འདིར་འགྱུར་ཏེ། བྲམ་ཟེའི་ཁྱེའུ་ཡི་ཡོན་ཏན་རྣོ་བ་འམ་སེར་བ་གང་ཡིན་པ་དེ་ཉིད་ལ་བརྟེན་ཏེ། བྲམ་ཟེའི་ཁྱེའུ་ལ་མེར་ཉེ་བར་འདོགས་སོ་ཞེ་ན། དེའི་ཕྱིར། མེའི་ཡིན་ཏན་མེད་པར་བྲམ་ཟེའི་ཁྱེའུ་ལ་མ་ཉེ་བར་གདགས་པའི་མི ་རིགས་སོ་ཞེས་བྱ་བ་སྨྲས་སོ།། བྲམ་ཟེའི་ཁྱེའུའི་ཡོན་ཏན་རྣོ་བའམ་སེར་བ་གང་ཡིན་པ་དེ་ནི་མེའི་ཡོན་ཏན་མ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་གཞན་གྱི་ཡོན་ཏན་གྱིས་བྲམ་ཟེའི་ཁྱེའུ་ལ་མེར་ཉེ་བར་གདགས་པར་རུང་། དེ་ལྟར་གྱུར་ན་ནི་ཧ་ཅང་ཐལ་བར་འགྱུརརོ།། ་བརྒྱ་ལ་གཞན་གྱིས་དེ་གཉིས་ཀྱི་འདྲ་བ་གཞན་དུ་བརྗོད་དུ་དོགས་པས། གལ་ཏེ་མེའི་ཡོན་ཏན་དང་འདྲ་བས་རིགས་སོ་ཞེ་ན་ཞེས་བྱ་བ་སྨྲས་སོ།། ཡོན་ཏན་རྣོ་བའམ་སེར་བ་གཉིས་རང་གི་གནས་ལ་ངེས་པའི་ཕྱིར་བྲམ་ཟེའི་ཁྱེའུ་ལ་མེར་ཉེ་བར་གདགས་སུ་མི་རུང ་ཡང་མེའི་ཡོན་ཏན་དང་འདྲ་བས་ཉེ་བར་འདོགས་པར་འགྱུར་ཏེ། འདི་ལྟར་མའི་ཡོན་ཏན་རྣོ་བ་འམ་སེར་བ་གང་ཡིན་པ་དང་། བྲམ་ཟེའི་ཁྱེའུ་ཡོན་ཏན་རྣོ་བ་འམ་སེར་བ་གང་ཡིན་པ་དེ་དག་ནི་འདྲ་བ་ཡོད་པས་དེའི་ཕྱིར་འདྲ་བ་དེ་ལ་བརྟེན་ཏེ་བྲམ་ཟེའི་ཁྱེའུ་ལ་མེར་ཉེ་བར ་འདོགས་པར་འགལ་བ་མེད་དོ།། མེའི་ཡོན་ཏན་དང་འདྲ་བས་རིགས་སོ་ཞེས་བྱ་བ་འདི་ལ་ཡོན་ཏན་དང་འདྲ་བ་ཞེས་བྱ་བའི་སྒྲ་ནི་ཡོན་ཏན་གྱི་རིགས་སུ་འདོད་དོ།། འདྲ་བ་རྣམ་པ་འདི་ལྟ་བུ་འདི་ནི་སྐབས་ཀྱི་སྐྱབས་སུ་ཅུང་ཟད་ཀྱང་མི་འགྱུར་བར་བསྟན ་པའི་ཕྱིར། དེ་ལྟ་ན་ཡང་འདྲ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲསོ།། གལ་ཏེ་ཡོན་ཏན་འདྲ་བ་དེ་ཡོད་དུ་ཟིན་ཀྱང་དེ་དག་ཡོན་ཏན་འདྲ་བའི་ཕྱིར། མེའི་ཡོན་ཏན་རྣོ་བ་ཉིད་དམ་སེར་པ་ཉིད་བྲམ་ཟེའི་ཁྱེའུའི་ཡོན་ཏན་རྣོ་བ་ཉིད་དམ་སེར་བ་ཉིད་ལ་ཉེ་བར་གདག ་སུ་ནི་རུང་གི་བྲམ་ཟེའི་ཁྱེའུ་ལ་མེ་ཉེ་བར་གདགས་སུ་ནི་མི་རུང་ཏེ། འདི་ལྟར་མི་ནི་ཡོན་ཏན་གྱི་རིགས་དང་འབྲེལ་པ་ཉིད་མེད་དོ།། འདི་ལྟར་ཡོན་ཏན་གྱི་རིགས་ནི་ཡོན་ཏན་རྣམས་དང་ལྡན་གྱི། རྫས་དང་ནི་མ་ཡིན་ནོ།། དེ་ལྟར་རྫས་ཉེ་བར་གདགས་པ་བཀག་ནས ་མཇུག་བསྡུ་བའི་ཕྱིར། གང་གི་ཕྱིར་འདི་རྫས་ལ་ཡང་ཐུན་མོང་གི་ཆོས་གང་ཡང་མེད་དེ། དེ་བས་ན་བྲམ་ཟེའི་ཁྱེའུ་ལ་མེའི་རྫས་ཉེ་བར་གདགས་སུ་ཡང་མི་རུང་ངོ་ཞེས་བྱ་བ་སྨྲས།། དེ་ལྟར་དཔེ་ལ་ཉེ་བར་འདོགས་པ་བཀག་ནས། དོན་གྱི་དངོས ་དགག་པའི་ཕྱིར་དོན་གྱི་དངོས་ཀྱང་མེད་དེ་ཞེས་བྱ་བ་སྨྲསོ།། དངོས་ཡོད་ན་ཉེ་བར་འདོགས་པར་འགྱུར་རོ་ཞེས་གང་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་དོན་གྱི་དངོས་ཉིད་གང་ཡང་མེད་དོ།། ཅིའི་ཕྱིར་མོད་སྙམ་པ་ལ་དེའི་རང་གི་ངོ་བོ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས ་ཏེ། འདི་ལྟར་དངོས་ཀྱི་རང་གི་ངོ་བོ་གང་ཡིན་པ་དེ་ནི་ཤེས་པ་ཐམས་ཅད་དང་བརྗོད་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར་རོ།། ཅིའི་ཕྱིར་འདས་ཞེ་ན་དེའི་ཕྱིར་གཙོ་བོ་ལ་ཞེས་བྱ་བ་ལ་སོགས་པ་སྨྲསོ།། འདི་ལྟར་གཙོ་བོ་ལ་ཤེས་དང་བརྗོད་པ་ཡོན་ཏན་ཅན ་གྱི་ཚུལ་གྱིས་རྟག་ཏུ་འཇུག་བཟེད། དེའི་རང་གི་ངོ་བོ་ལ་མི་རེག་གོ།། འདི་ལྟར་གཙོ་བོ་ལ་ནི་རྟག་ཏུ་ཡོན་ཏན་དང་ལྡན་ན་རྟོགས་ཀྱི། རང་གི་ངོ་བོ་ནི་མི་རྟོགས་སོ་ཞེས་འདི་ནི་ཕ་རོལ་གྱི་གྲུབ་པའི་མཐའོ།། གཙོ་བོའི་སྒྲ་ནི་འདིར་བྱེ་བྲག་གི་གཞིར་བརྗོད་པ ་ཡིན་ཏེ་རྫས་ལ་སོགས་པའོ།། ཡོན་ཏན་གྱི་སྒྲ་ནི་འདིར་བྱེ་བྲག་ཏུ་བརྗོད་པ་ཡིན་ཏེ། དཀར་པོ་ལ་སོགས་པའོ།། དེ་ལ་འདིར་འགྱུར་ཏེ། གཙོ་བོའི་རང་གི་ངོ་བོ་ལ་ཡང་ཤེས་པ་དང་བརྗོད་པ་གཉིས་ཀྱི་རེག་གོ།། སྙམ་པ་ལ་དེའི་ཕྱིར། གཞན་དུ་ན་ཡོན་ཏན་དོན ་མེད་པར་འགྱུར་རོ་ཞེས་བྱ་བ་སྨྲསོ།། གལ་ཏེ་གཙོ་བོའི་རང་གི་ངོ་བོ་ལ་ཡང་ཤེས་པ་དང་བརྗོད་པ་གཉིས་ཀྱིས་རེག་པར་ནུས་ན། དེའི་ཚེ་ཅིའི་ཕྱིར་ཡོན་ཏན་རྣམས་ཡོངས་སུ་བརྟག། གལ་ཏེ་གཙོ་བོ་ལ་ཤེས་པ་དང་། བརྗོད་པ་གཉིས་དངོས་སུ་འཇུག ་པ་མེད་ན་ནི་དེའི་ཚེ་གཙོ་བ་ནི་ཡོན་ཏན་གྱི་ངོ་བོར་གྱུར་པ་ཤེས་ཏེ། ཡོན་ཏན་ཡོངསུ་བརྟགས་པ་རིགས་སོ།། གང་གི་ཚེ་གཙོ་བོའི་རང་གི་ངོ་བོ་ཤེས་པ་དང་བརྗོད་པ་གཉིས་ཀྱིས་མངོན་སུམ་དུ་ཤེས་ན་ནི་ངའི་ཚེ་ཡོན་ཏན་རྣམས་ཅི་དགོས།། དེ་ལ་འདིར་འགྱུར་ཏེ། ་ཤེས་པ་དང་བརྗོད་པ་གཉིས་གཙོ་བོའི་རང་གི་ངོ་བོ་ལ་མངོན་སུམ་དུ་འཇུག་པ་ནི་མེད་མོད་ཀྱི། འོན་ཀྱང་ཐབས་གཞན་འགའ་ཞིག་གི་གཙོ་བོའི་རང་གི་ངོ་བོ་ཤེས་པར་བྱེད་དོ་སྙམ་པ་ལ་དེའི་ཕྱིར། ཤེས་པ་དང་བརྗོད་པ་མ་གཏོགས་པར་ཞེས་བྱ་བ ་ལ་སོགས་པ་སྨྲསོ།། བློ་དང་སྒྲ་མ་གཏོགས་པར་གང་གིས་གཙོ་བོ་དཱི་ཤིས་པའི་གཙོ་བོའི་རང་གི་ངོ་བོ་ཡོངསུ་གཅོད་པའི་ཐབས་གཞན་མེད་དོ།། དེ་ལྟར་གཙོ་བོའི་རང་གི་ངོ་བོ་ཡོངསུ་གཅོད་པའི་ཐབས་མེད་པར་བསྟན་ནས་མཇུག་སྡུ་བའི་ཕྱིར། དེའི་ཕྱིར ་གཙོ་བོའི་རང་གི་ངོ་བོའི་ཡུལ་ཞེས་བྱ་བ་ལ་སོགས་པ་སྨྲསོ།། གང་གི་ཕྱིར་འདི་ལྟར་གཙོ་བོ་དེའི་རང་གི་ངོ་བོ་ཡོངསུ་གཅོད་པའི་ཐབས་གཞན་ནི་གང་ཡང་མེད་ལ། ཤེས་པས་དང་བརྗོད་པ་གཉིས་ནི་དེ་ལ་མི་འཇུག་པ་དེའི་ཕྱིར་དོན་གྱི་དངོས་མེ་ལ་སྲོག ་པ་གང་ཡང་མེད་པར་ཁོང་དུ་ཆུད་པར་བྱའོ།། མེའི་རྫས་ལ་བློ་དང་སྒྲ་མངོན་སུམ་དུ་འཇུག་པ་མེད་པས།། དེ་དངོས་ཉིད་མ་ཡིན་དུ་ཟིན་ཀྱང་མེ་ཉིད་ཀྱི་རིགས་ལ་བློ་དང་སྒྲ་མངོན་སུམ་དུ་འཇུག་སྟེ། དེའི་ཕྱིར་དེ་ཉིད་དངོས་སུ་འགྱུར་རོ་ཞེ་ན། ཀྱེ་དེ་ཡང་རྫས་ཉིད། ་དུ་མི་རུང་སྟེ། འདི་ལྟར་དེ་ཡང་སྒྲའི་རང་གི་ངོ་བོས་བསྒྱུར་ནས་ཤེས་པ་དང་བརྗོད་པ་གཉིས་ཀྱིས་ཤེས་ཀྱི་རང་གི་ངོ་བོ་ནི་མི་ཤེས་ན། དེ་ཇི་ལྟར་དངོས་ཉིད་དུ་འགྱུར། སྒྲ་ལ་བློ་དང་སྒྲ་གཉིས་མངོན་སུམ་དུ་འཇུག་སྟེ། དེའི་ཕྱིར་སྒྲ་དེ་ཉིད་དངོས་སུ་འགྱུར་རོ།། སྙམ་པ་ལ། ་དེའི་ཕྱིར་དེ་བཞིན་དུ་སྒྲའི་བར་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཇི་ལྟར་རྫས་དང་རིགས་ལ་ཤེས་པ་དང་བརྗོད་པ་གཉིས་མངོན་སུམ་དུ་འཇུག་པ་དེ་བཞིན་དུ། སྒྲ་ལ་ཡང་དེ་གཉིས་མངོན་སུམ་དུ་འཇུག་པ་མེད་པ་ཉིད་དེ། འདི་ལྟར་སྒྲའི་རང ་གི་ངོ་བོ་དང་བརྗོད་པ་ནི་འབྲེལ་པ་མེད་དེ། སྒྲའི་རང་གི་ངོ་བོ་དང་བརྗོད་པ་ཐ་དད་པ་མེད་པའི་ཕྱིར་རོ།། ཐ་དད་པ་ནི་འབྲེལ་པའི་གནས་ཡིན་ན་ནི། ཐ་དད་པ་མེད་པས་དེ་ཇི་ལྟར་རུང་བར་འགྱུར། གཞན་དག་ནི་འབྲེལ་པ་མེད་པར་གང་དུ་ཡང་བརྗོད་པ་མི་འཇུག་སྟེ། ་གང་དུ་བརྗོད་པ་འཇུག་པ་མེད་པ་དེར་ཤེས་པ་ཡང་མི་འཇུག་པར་འདོད་དོ།། འདི་ལྟར་གཞན་དག་ནི་ཤེས་པ་ཐམས་ཅད་རྣམ་པར་རྟོག་པ་དང་བཅས་པར་འདོད་པས། དེ་ཇི་ལྟར་མངོན་པར་བརྗོད་པ་ལ་མི་བལྟོས་པར་འཇུག། རིགས་དང་ཡོན་ཏན་དང་ཁྱེད ་པ་ཡང་སྒྲའི་རང་གི་ངོ་བོ་ལ་མི་བལྟོས་པར་ཤེས་པས་མི་འཛིན་ཏོ།། དེའི་ཕྱིར་རྟོག་པ་དེ་དག་ཀྱང་གཞན་ལ་མི་སྲིད་དོ།། དེ་ལྟར་ཤེས་པ་དང་བརྗོད་པ་མེད་པར་བསྟན་ནས་མཇུག་བསྡུ་བའི་ཕྱིར། ད་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི ་ཕྱིར་དེ་ལྟར་ཤེས་པ་དང་། བརྗོད་པ་གང་དུ་ཡང་མངོན་སུམ་དུ་མི་འཇུག་པ་དེའི་ཕྱིར། རྗོད་པ་དང་བརྗོད་པར་བྱ་བ་མེད་པས་དོན་གྱི་དངོས་མེད་པར་གྲུབ་བོ།། དེ་ལྟར་དངོས་ཉིད་བཀག་ནས་བཏེགས་པ་མངོན་སུམ་དུ་བསྟན་པའི་ཕྱིར། ཡང་འདི་དག་ཐམས་ཅད ་ནི་བཏགས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྤྲོསོ།། ཁྱེད་ཀྱི་གཞུང་ལྟར་ན་དངོས་པོ་གང་ཇི་སྙེད་པ་ཐམས་ཅད་ནི་བཏགས་པ་ཁོ་ན་ཡིན་གྱི། དངོས་ནི་མིང་དེ་འདི་ལྟར་གང་ན་གང་མེད་པའི་ཚུལ་གྱིས་འཇུག་པ་དེ་ནི་བཏགས་པ་ཞེས་བྱའོ།། སྒྲ་ཐམས ་འཇུག་པ་ན་གཙོ་བོ་མེད་པར་བཏགས་པའི་ང་བ་གང་ཡིན་པའི་བཏགས་པའི་ངོ་བོ་དེས་དེ་ལ་འདུག་གོ།། དེ་ནི་འདི་སྐད་དུ་གཙོ་བོ་ནི་བཏགས་པའི་ངོ་བོར་གྱུར་ནས་སྒྲས་ཤེས་པར་བྱེད་ཀྱིས་རང་གི་དྲི་ངས་ཤེས་པར་བྱེད་པ་ནི་མ་ཡིན་མདེ་དངོས་སུ་ཇི་ལྟར ་འགྱུར་ཞེས་བསྟན་པར་འགྱུར་རོ།། དྲང་པོ་ནས་མཇུག་བསྡུ་བའི་ཕྱིར། དེ་ལ་བདག་དྲང་ཆོས་དང་བུ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲའོ།། དེ་ལྟར་ཁྱེད་ཀྱི་གཞུང་ལྟར་ན་དངོས་པོ་གང་ཡང་མེད་དེ། དེ་བས་ན་བདག་དང་ཆོས་དངོསུ་མེད་ན་ཉེ་བར་འཇོགས ་པར་མི་རིགསོ་ཞེས་གང་སྨྲས་པ་དེ་མི་རིགས་སོ།། །། བམ་པོ་གཉིས་པ། དེ་ལྟར་སྐབསུ་བཤད་པ་རྫོགས་པར་བྱས་ཏེ་དཀྱུས་མ་བརྗོད་པའི་ཕྱིར། རྣམ་པར་ཤེས་པ་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨྲསོ།། རྣམ་པར་ཤེས་པ་གྱུར ་བ་གོང་དུ་བསྟན་པ་གང་ཡིན་པ་དེའི་དབྱེ་བ་མི་ཤེས་པས་དེའི་ཕྱིར་དེ་སྟོན་ཏོ།། ཚིག་གང་གིས་བསྟན་ཞེས་དྲིས་པ་དང་དེའི་ཕྱིར་གྱུར་པ་དེ་ཡང་རྣམ་པ་གསུམ་སྟེ་ཞེས་བྱ་བ་སྨྲསོ།། རྣམ་པར་ཤེས་པ་གྱུར་པ་གང་ལ་བདག་ཉེ་བར་འདོགས་པ་དང་ཆོས ་ཉེ་བར་འཇིགས་པར་བྱེད་པ་དེ་རྣམ་པ་གསུམ་དུ་ལྟ་བར་བྱའོ།། རྣམ་པ་གསུམ་པོའི་རབ་ཏུ་དབྱེ་བ་ཡང་བསྟན་པའི་ཕྱིར་རྒྱུའི་དངོས་པོ་དང་འབྲས་བུའི་དངོས་པོས་ཐ་དད་དོ་ཞེས་བྱ་བ་སྨྲའོ།། རྣམ་པར་ཤེས་པ་གྱུར་པ་རྣམ་པ་གསུམ་པོ་དེ་ནི་རྒྱུ་ལེ་ན་དང་འབྲས ་བུ་ཁོ་ནས་ཐ་དད་དེ། རྒྱུར་གྱུར་པ་དང་འབྲས་བུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ།། དང་པོ་པ་བསྟན་པའི་ཕྱིར། དེ་ལ་རྒྱུ་གྱུར་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པའི་བག་ཆགས་དང་རྒྱུ་མཐུན་པའི་བག་ཆགས ་རྒྱས་པ་གང་ཡིན་པ་རྒྱུ་གྱུར་པ་ཞེས་བྱ་སྟེ། བག་ཆགས་ཡོངས་སུ་རྟས་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལ་རྒྱུ་གྱུར་པ་ལ་ཞེས་བྱ་བའི་ཐ་ཚིག་གོ། རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ལོ་རྒྱུས་རྣམ་པ་གསུམ་སྟེ། ཁ་ཅིག་ནི་སྔོན་མེད་པ་ཉིད་ཀྱི་བག་ཆགས ་སྐྱེད་དེ་ཞེས་ཟེར། གཞན་དག་ན་རེ་བག་ཆགས་ནི་དུས་ཐམས་ཅད་ན་ཡོད་ལ་དེ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱིས་ཡོང་སུ་རྟས་པར་བྱེད་པར་ཟད་དེ་ཡོངསུ་རྟས་ནས་དེའི་འབྲས་བུ་མངོན་པར་བསྒྲུབ་ནུས་སོ་ཞེས་ཟེར། གཞན་དག་ནི་སྔ་མ་ནས་ཡོད ་བའི་བག་ཆགས་ཀྱང་ཡོངསུ་རྟས་པར་བྱེད་ལ་སྔོན་མེད་པས་ཀྱི་སྐྱེད་དོ་སྙམ་དུ་སེམས་སོ།། འདི་ནི་འགྲེལ་པ་བྱེད་པས་ཕྱོགས་པར་མ་བཞག་གོ།། གྱུར་པ་གཉིས་པ་བསྟན་པའི་ཕྱིར་འབྲས་བུ་གྱུར་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲསོ།། སྔོན་གྱི་ལས་ཀྱི་རིགས ་མཐུན་པ་གང་དུ་ཀུན་གཞི་རྣམ་པར་ཤེས་པ་འཕངས་པར་གྱུར་པ་དེ་ཡོངསུ་རྫོགས་ལ། རྣམ་པར་སྨིན་པའི་བག་ཆགས་འབྱུང་བ་རྙེད་ནས་རིས་མཐུན་པ་གཞན་དག་ཏུ་ཀུན་གཞིའི་རྣམ་པར་ཤེས་པ་མངོན་པར་འགྲུབ་པ་གང་ཡིན་པ་དེ་འབྲས་བུ་གྱུར ་པའོ།། དེ་བཞིན་དུ་རྒྱུ་མཐུན་པའི་བག་ཆགས་འབྱུང་བ་རྙེད་ནས་འཇུག་པའི་རྣམ་པར་ཤེས་པ་དག་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་རྣམ་པར་ཤེས་པ་ལས་མངོན་པར་འགྲུབ་པ་གང་ཡིན་པ་དེ་འབྲས་བུ་གྱུར་པའོ།། འབྱུང་བ་རྙེད་ཅེས་བྱ་བའི་སྒྲ་ནི་དེ ་མ་ཐག་ཏུ་འབྲས་བུ་སྐྱེད་ནུས་པ་ལ་བྱའོ།། རྣམ་པར་ཤེས་པ་གྱུར་པ་གསུམ་པོ་དེ་དག་གི་ནང་ནས་གང་ཞིག་གིས་བག་ཆགས་གང་སྐྱེད་ཅེ་ན། དེའི་ཕྱིར། དེ་ལ་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་ནི་ཞེས་པ་ལ་སོགས་པ་སྨྲས་སོ།། འཇུག་པའི ་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་སྒྲུབ་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ལ་རྣམ་པ་སྨིན་པའི་བག་ཆགས་སྐྱེད་དོ།། དེ་ལས་གཞན་པ་དགེ་བ་དང་མི་དགེ་བའི་རྣམ་པར་ཤེས་པ་སྒྲུབ་པའི་ཕྱིར་རྒྱུ་མཐུན་པའི་བག་ཆགས་སྐྱེད་དོ།། དེའོ ་སྟོབས་ཀྱིས་ཚེ་འདི་ཉིད་དང་གཞན་ན་དེའི་རིགས་ཀྱི་སེམས་འབྱུང་ངོ་།། འཇུག་པའི་རྣམ་པའི་ཤེས་པ་ལུང་དུ་མ་བསྟན་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དེ་གཉིས་ནི་རང་དང་མཐུན་པའི་འབྲས་བུ་བསྒྲུབ་པའི་ཕྱིར། རྒྱུ་མཐུན་པའི་བག་ཆགས་ཉིད་སྐྱེད་དོ།། ཚིག ་ལེའུར་བྱས་པའི་གཞི་གདིང་བའི་ཕྱིར། གྱུར་པ་རྣམ་གསུམ་བཤད་པ་གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་པ་སྨྲས།། གྲངས་ཙམ་བསྟན་པས་བྱེ་བྲག་མི་ཤེས་ཏེ། དེ་བས་ན་བྱེ་བྲག་བསྟན་པའི་དོན་དུ་རང་གི་མིང་གིས་གྱུར་པ་གསུམ་པོ་བསྟན་པའི་ཕྱིར། ་རྣམ་པོར་སྨིན་དང་ངར་སེམས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་དགྲོལ་བའི་ཕྱིར་གྱུར་པ་རྣམ་པ་གསུམ་པོ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་བླ་བས་མ་བཤད།། རྣམ་པར་ཤེས་པ་གྱུར་པ་གསུམ་པོ་རྣམས་ཀྱི་རང་གི་ངོ་བོ་མདོར་བསྟན ་པར་བྱ་བའི་ཕྱིར། དེ་ལ་ལས་དགེ་བ་དང་མི་དགེ་བའི་བག་ཆགས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ལས་དགེ་བ་དང་མི་དགེ་བའི་བག་ཆགས་ཡོངས་སུ་སྨིན་པ་རྣམས་ཀྱི་འབྲས་བུ་མངོན་པར་བསྒྲུབས་པ་གང་ཡིན་པ་དེ་རྣམ་པར་སྨིན་པ་ཞེས་བྱའོ།། ཉོམ་མོངས ་པ་ཅན་གྱི་ཡིད་གང་ཡིན་པ་དེ་ནི་དུས་ཐམས་ཅད་དུ་ངར་སེམས་པའི་ངོ་བོ་ཉིད་ཡིན་པས། ངར་སེམས་པ་ཞེས་བྱའོ།། གཟུགས་ལ་སོགས་པའི་ཡུལ་ལྟར་སོ་སོར་སྣང་བས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་པོ་གང་ཡིན་པ་དེ་ནི་ཡུལ་ལ་རྣམ་པར་རིགས་པ ་ཞེས་བྱའོ།། གཟུགས་ལ་སོགས་པ་ཡུལ་ལྟར་སོ་སོར་སྣང་བ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡུལ་གྱི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ།། ཚིག་ལེའུར་བྱས་པའི་གཞི་གདིང་བའི་ཕྱིར། དེའི་རང་གི་ངོ་བོ་བཤད་པ་མེད་པར་ཞེས ་བྱ་བ་ལ་སོགས་པ་སྨྲས་སོ།། ཇི་ཙམ་དུ་དེ་དག་གི་རང་གི་ངོ་བོ་རྒྱ་ཆེར་མ་བཤད་པ་དེ་ཙམ་དུ་མི་ཤེས་ཏེ། དེ་བས་ན་གང་གི་རང་གི་ངོ་བོ་གང་ཡིན་པ་དེ་རབ་ཏུ་བསྟན་པའི་ཕྱིར་དེ་ལ་ཀུན་གཞི་རྣམ་ཤེས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཀུན་གཞི་རྣམ་པར་ཤེས་པ ་ས་བོན་ཐམས་ཅད་པ་གང་ཡིན་པ་དེ་རྣམ་པར་སྨིན་པ་གྱུར་པའོ་ཞེས་མདོར་བྱས་པའི་དོན་ཏོ།། དེ་ལ་ཞེས་བྱ་བའི་སྒྲའི་དོན་བསྟན་པའི་ཕྱིར་དེ་ལ་ཞེས་བྱ་བ་ནི་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླབས་མ་བཤད་དོ།། འདི་ཅིའི་ཕྱིར་ཀུན་གཞི་ཞེས་བྱ་སྙམ་པ་ལ། ཀུན་གཞི ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་ཀུན་གཞི་ཞེས་བྱའོ།། དེ་སྐད་ཅེས་བྱ་བའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་གྱུར་པའོ།། འོ་ལ་ཅིའི་ཕྱིར་རྣམ་པར་ཤེས་པ་འདི་ལ་ཀུན་གཞི་ཞེས་བྱ། ་སྙམ་པ་ལ། དེ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱིས་དོན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣམ་པར་ཤེས་འདི་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་སྟེ། དེ་བས་ན་ཀུན་གཞི་ཞེས་བྱའོ།། འདི་ལྟར་ཀུན་གཞི་དང་གནས ་འབ་བྱ་བ་འདི་གཉིས་ནི་རྣམ་གྲང་སུ་གཏོགས་པའོ།། འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། ཡང་ན་དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྦསོ།། རྣམ་པར་ཤེས་པ་འདི་ལ་ཆོས་ཐམས་ཅད་འབྲས་བུ་ཉིད་དུ་འཇུག་སྟེ། དེའི་ཕྱིར་ཀུན་གཞིའོ།། ་འཇུག་ཅེས་བྱ་བ་ནི་འབྲེལ་པ་དང་འདྲེ་བ་ཞེས་བྱ་བའི་བར་དུའོ།། ཡང་ན་རྣམ་པར་ཤེས་པ་དེ་ཉིད་ཆོས་ཐམས་ཅད་ལ་རྒྱུ་ཉིད་དུ་འཇུག་སྟེ། དེའི་ཕྱིར་ཀུན་གཞིའོ།། འཇུག་པའི་དོན་ནི་མསྔ་མ་བཞིན་ནོ།། ཅིའི་ཕྱིར་འདི་རྣམ་པར་ཤེས་པ་ཞེས་བྱ་སྙམ་པ་ལ།། རྣམ་པར། ་ཤེས་པར་བྱེད་པས་རྣམ་པར་ཤེས་པའོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཡུལ་ལ་རྣམ་པར་ཤེས་པར་བྱེད་པས་དེ་བས་ན་རྣམ་པར་ཤེས་པའོ།། འོ་ན་ཀུན་གཞི་རྣམ་པར་ཤེས་པ་ཅིའི་ཕྱིར་རྣམ་པར་སྨིན་པ་ཞེས་བྱ་བ་སྙམ་པ་ལ། ཁམས་དང་། འགྲོ་བ་དང་སྐྱེ་གནས ་དང་། རིགས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཁམས་གསུམ་དང་། འགྲོ་བ་ལྔ་དང་། སྐྱེ་གནས་བཞི་དང་། བྲམ་ཟེའི་རིགས་ལ་སོགས་པ་ཐམས་ཅད་དུ་ཀུན་གཞི་རྣམ་པར་ཤེས་པོ་ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པོར་འགྱུར ་ཏེ། དེ་བས་ན་རྣམ་པར་སྨིན་པ་ཞེས་བྱའོ།། ཅིའི་ཕྱིར་འདི་ས་བོན་ཐམས་ཅད་པ་ཞེས་བྱ་སྙམ་པ་ལ། ཆོས་ཐམས་ཀྱི་ས་བོན་ཞེས་བྱ་བ་སོགས་པ་སྨྲསོ།། འདི་ལྟར་འདི་ནི་ཆོས་ཐམས་ཅད་ཀྱི་ས་བོར་གྱི་གནས་ཡིན་ཏེ། དེ་བས་ན་ས་བོན་ཐམས་ཅད་པའོ།། འདིར་མདོ་སྡེ ་བས་ཕྱིར་བརྒལ་བའི་ཕྱིར། གལ་ཏེ་འཇུག་པའི་རྣམ་པར་ཤེས་པ་ལས་གུད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འཇུག་པའི་རྣམ་པར་ཤེས་པ་མ་གཏོགས་པར། རྣམ་པར་ཤེས་པ་གཞན་ནི་མི་རིག་གོ།། གལ་ཏེ་དེ་དག་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས ་བ་གཞན་ཞིག་འདོད་ན། དེའི་ཚེ་དེའི་དམིགས་པ་ཡང་བརྗོད་དགོས། རྣམ་པ་ཡང་བརྗོད་དགོས་ཏེ། འདི་ལྟར་དམིགས་པ་མེད་པ་དང་། རྣམ་པ་མེད་པའི་རྣམ་པར་ཤེས་པ་ནི་མི་རུང་ངོ་།། གྲུབ་པའི་མཐའ་སྨྲས་པས། དེ་དམིགས་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ ་སྨྲས་ཏེ། ཀུན་གཞིའི་རྣམ་པར་ཤེས་པར་ཤེས་པ་དམིགས་པ་མེད་པ་དང་། རྣམ་པ་མེད་པར་ནི་ཁོ་བོ་ཡང་མི་འདོད་མོད་ཀྱི། འོན་ཀྱང་དེ་ནི་དམིགས་པ་ཡོངས་སུ་མི་གསལ་བ་དང་། རྣམ་པ་ཡོངས་སུ་མི་གསལ་བ་སྟེ། དེའི་ཕྱིར་དེ་འཇུག ་པའི་རྣར་ཤེས་པ་ལས་གཞན་ཡོད་པར་མི་རིག་གོ།། རྣམ་པར་ཤེས་པ་ནི་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པར་མི་སྲིད་པས། ཅིའི་ཕྱིར་ཞེས་དྲིས་པ་དང་། གྲུབ་པའི་མཐའ་སྨྲ་བས་གཏན་ཚིགས་བསྟན་པའི་ཕྱིར། འདི་ལྟར་ཀུན་གཞི་རྣམ་པར་ཤེས ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་ནང་གི་ཉེ་བར་ལེན་པར་སྣང་བ་དང་། ཕྱི་རོལ་གྱི་རྣམ་པ་ཡོངས་སུ་མི་གསལ་བ་སྣོད་དུ་སྣང་བ་དང་རྣམ་པ་གཉིས་སུ་འབྱུང་ངོ་།། རྣམ་པར་རིག་པ་ཞེས་བྱ་བ་ནི་སྣང་བ་དང་རྣམ་པ་ཞེས་བྱ་བའི ་བར་དུའོ།། ནང་གི་ཉེ་བར་ལེན་པ་དེ་ཇི་ལྟ་བུ་སྙམ་པ་ལ། དེ་ལ་ནང་གི་ཉེ་བར་ལེན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲསོ།། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་གང་ཡིན་པ་དང་། གནས་དང་བཅས་པའི་དབང་པོའི་གཟུགས་གང་ཡིན་པ་དང་། མིང ་གང་ཡིན་པ་འདི་ནི་ནང་གི་ཉེ་བར་ལེན་པའོ།། ཀུན་བརྟགས་པའི་ངོ་བོ་ཉིད་རྣམས་ལ་མངོན་པར་ཞེན་པ་གང་ཡིན་པ་དེས་བག་ཆགས་གང་བསྐྱེད་པ་དེ་ཉིད་བརྗོད་དོ།། གནས་དང་བཅས་པ་ཞེས་བྱ་བ་ལ་གནས་ནི་ལུས་ལ་བྱའོ།། མིང་ཞེས་བྱ་བ་ནི་ཚོར་བ་ལ་སོགས ་པ་ཕུང་པོ་བཞི་པོ་རྣམས་སོ།། དམིགས་པའི་རང་གི་ངོ་བོ་བཤད་ནས་མི་གསལ་བ་ཉིད་ཀྱི་གཏན་ཚིགས་བསྟན་པའི་ཕྱིར། དེའི་དམིགས་པ་ཤིན་ཏུ་ཕྲ་བའི་ཕྱིར་ཞེས་བྱ་བ་སྨྲསོ།། དེའི་དམིགས་པ་རྣམ་པ་གཉིས་གང་བཤད་པ་དེ་ཤིན་ཏུ་ཕྲ་བས་ཀུན་གཞི་རྣམ་པར ་ཤེས་པ་དེ་ནི་ལེན་པ་མི་རིག་པ་དང་། གནས་སུ་རྣམ་པར་རིག་པ་མི་རིག་པར་འདོད་ངོ་།། འགྲེལ་པའི་ཚིག་རྣམས་ནི་ཚིག་སྡུད་པ་སྔོན་དུ་བཏང་ནས་དོན་ཁོང་དུ་ཆུད་པར་འགྱུར་བས། ཚིག་སྡུད་པ་བསྟན་པའི་ཕྱིར་སྨྲས་པ། ཀུན་གཞི་རྣམ་པར་ཤེས་པ་གང་ལ་ཉེ་བར་ལེན ་བའི་རྣམ་པར་རིག་པ་མི་རིག་པ་དང་། གནས་ཀྱི་རྣམ་པར་རིག་པ་མི་རིག་པ་མི་རིག་པ་ཡོད་པའི་ཀུན་གཞི་རྣམ་པར་ཤེས་པ་དེ་ལེན་པ་དང་གནས་ཀྱི་རྣམ་པར་རིག་པ་མི་རིག་པར་འདོད་དོ།། གནས་ཀྱི་རྣམ་པར་རིག་པ་ནི་གནས་ཀྱི་རྣམ་པ་དང་། གནས་སུ་སྣང་བ་ཞེས་བྱ ་བའི་བར་དུའོ།། ལེན་པ་ཞེས་བྱ་བ་འདི། གང་ཡིན་སྙམ་པ་ལ། ལེན་པ་དེ་ནི་ལེན་པར་བྱེད་པའོ་ཞེས་བྱ་བ་སྨྲས་ཏེ། ནང་གི་ཉེ་བར་ལེན་པ་བསྟན་པ་གང་ཡིན་པ་དེ་ཉིད་ལེན་པའི་སྒྲར་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཉིད་བསྟན་པའི་ཕྱིར་དེ་ཡང་བདག་ལ་སོགས ་པར་རྣམ་པར་རྟོག་པའི་བག་ཆགས་ཞེས་བྱ་བ་ལ་སོགས་པ་སྨྲསོ།། བདག་ལ་སོགས་པར་རྣམ་པར་རྟོག་པ་རྣམས་ཀྱིས་བག་ཆགས་བསྐྱེད་པ་གང་ཡིན་པ་དང་། གཟུགས་ལ་སོགས་པ་ཆོས་རྣམས་སུ་རྣམ་པར་རྟོག་པ་རྣམས་ཀྱིས་བག་ཆགས་སྐྱེད་པ་གང་ཡིན་པ་དེ ་འདིར་ལེན་པ་ཞེས་བྱའོ།། ཅིའི་ཕྱིར་བག་ཆགས་དེ་ལེན་པ་ཞེས་བྱ་ཞེ་ན། དེའི་ཕྱིར་དེ་ཡོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་བག་ཆགས་རྣམ་པ་འདི་ལྟ་བུ་ཡོད་པས་ཀུན་གཞི་རྣམ་པར་ཤེས་པས་བདག་ལ་སོགས་པར་རྣམ་པར་རྟོག་པ་དང་། གཟུགས ་ལ་སོགས་པ་ཆོས་སུ་རྣམ་པར་རྟོག་པ་འབྲས་བུར་ལེན་པས་དེའི་ཕྱིར་བདག་ལ་སོགས་པར་རྣམ་པར་རྟོག་པ་དང་། གཟུགས་ལ་སོགས་པ་ཆོས་སུ་རྣམ་པར་རྟོག་པ་དེ་དག་གི་བག་ཆགས་དེ་ནི་ལེན་པ་ཞེས་བྱའོ།། དེ་ལས་ཚིག་གི་དོན་འདི་འབྱུང་སྟེ། དེ་ཡོད་ན་ཇི་སྐད་བརྗོད ་བའི་འབྲས་བུ་ལེན་པར་བྱེད་དེ། དེ་བས་ན་བག་ཆགས་ལ་ལེན་པ་ཞེས་བྱ་བའོ།། ལེན་པ་བཤད་ནས་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལེན་པ་མི་རིག་པ་ཞེས་བྱ་བ་དེ་བསྟན་པའི་ཕྱིར། དེ་ནི་འདི་ལ་འདིའོ་ཞེས་ཚོར་བའི་རྣམ་པར་མ ་རིག་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལེན་པ་ཞེས་བསྟན་པ་གང་ཡིན་པ་དེ་ཀུན་གཞི་རྣམ་པར་ཤེས་པས་འདི་ལ་འདིའོ་ཞེས་སོ་སོར་རང་གིས་རིག་པའི་རྣམ་པར་མི་རིག་སྟེ། དེ་བས་ན་ཀུན་གཞི་རྣམ་པར་ཤེས་པ་དེ་ལེན་པ་མ་རིག་པ་ཞེས་བྱའོ།། ་ལེན་པ་གཉིས་པའི་དོན་ལེན་པ་ལ་སྦྱར་བའི་ཕྱིར། ཡང་ན་གནས་ཉེ་བར་ལེན་པས་ལེན་པའོ་ཞེས་བྱ་བ་སྨྲས་སོ།། གནས་ཞེས་བྱ་བ་ཡང་ཉེ་བར་ལེན་པས་ལེན་པ་ཞེས་བྱའོ།། གནས་ཞེས་བྱ་བ་དེ་གང་ཡིན་སྙམ་པ་ལ། གནས་ནི་ལུས་སོ་ཞེས་བྱ་བ་སྨྲས།། ་ལུས་ཉིད་གནས་སུ་བསྟན་ཏོ།། གནས་དེ་ཡང་གནས་དང་བཅས་པའི་དབང་པོའི་གཟུགས་དང་མིང་དུ་རིག་པར་བྱའོ།། དེའི་ཕྱིར་ཕུང་པོ་ལྔ་པོ་དག་ནི་གནས་ཞེས་བསྟོན་པ་ཡིན་ནོ།། ཇི་ལྟར་ན་གནས་ལེན་པ་ཞེས་བྱ་སྙམ་པ་ལ། དེའི་ཉེ་བར་ལེན་པ ་གང་ཡིན་པ་ནི་ཉེ་བར་འགྲོ་བ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲསོ།། གནས་དེའི་ལེན་པ་གང་ཡིན་པ་དེ་ནི་ཉེ་བར་འགྲོ་བ་སྟེ། དོ་གྲུབ་པ་དང་བདེ་བ་གཅིག་པས་ལེན་པའོ།། ལེན་པ་ཉེ་བར་འགྲོ་བའི་སྒྲར་བསྟན་ཏེ། འདི་ལྟར་ཉེ་བར་ལེན་པ་དང་། ཉེ་བར་འགྲོ། ་བ་དང་། འབྱུང་བ་ནི་རྣམ་གྲངས་སུ་གཏོག་པའོ།། དེ་ལས་ཚིག་གི་དོན་འདི་འབྱུང་སྟེ། ཕུང་པོ་ལྔ་པོ་དག་གྲུབ་པ་དང་བདེ་བ་གཅིག་པས་ལེན་ཏེ་ཉེ་བར་འགྲོ་བ་དང་འབྱུང་བའོ།། ཁམས་ཀྱི་བྱེ་བྲག་གིས་གནས་ཉེ་བར་ལེན་པ་ཐ་དད་པར་བསྟན་པའི་ཕྱིར། དེ་ལ ་འདོད་པ་དང་གཟུགས་ཀྱི་ཁམས་ན་ནི་གཉི་ག་ལེན་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲསོ།། འདོད་པ་དང་གཟུགས་ཀྱི་ཁམས་ན་ནི་མིང་དང་གཟུགས་གཉི་ག་གྲུབ་པ་དང་བདེ་བ་གཅིག་པས་ཉེ་བར་འགྲོ་སྟེ། འདི་ལྟར་དེ་ན་མིང་དང་གཟུགས་མདུང་ཁྱིམ་ལྷ ་བུར་ཕན་ཚུན་བརྟན་ཏེ་འབྱུང་ངོ་།། གཟུགས་ཀྱི་འདོད་ཆགས་དང་བྲལ་བས་གཟུགས་མེད་པའི་ཁམས་ན་ནི་གཟུགསུ་རྣམ་པར་སྨིན་པ་མངོན་པར་མི་འགྲུབ་སྟེ། དེའི་ཕྱིར་དེ་ནི་མིང་ཞེས་བྱ་བ་ཕུང་པོ་བཞི་པོ་དག་ཕན་ཚུན་གྲུབ་པ་དང་། བདེ་བ་གཅིག ་པས་ཉེ་བར་འགྲོ་བའོ།། དེ་ན་གཟུགས་ཐམས་ཅད་དུ་ཐམས་ཅད་མེད་པ་ནི་མ་ཡིན་གྱི། བག་ཆགས་ཀྱི་དུས་ཉིད་དེ་གཟུགས་རྣམ་པར་སྨིན་པའི་དུས་ནི་མ་ཡིན་ནོ།། དེ་ལྟར་གནས་ཉེ་བར་ལེན་པ་བཤད་ནས་དེའི་མི་རིག་པ་བསྟན་པའི་ཕྱིར། ལེན་པ་དེ་ལ ་འདིའོ་ཞེས་རིག་པར་མི་ནུས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནས་ཉེ་བར་ལེན་པ་དེ་ལ་འདིའོ་ཞེས་རིགས་པར་མི་ནུས་པས་དེའི་ཕྱིར་མི་རིག་པ་ཞེས་བྱའོ།། འདིའོ་ཞེས་བྱ་བ་ནི་རཱ་ལ་འཛིན་པ་ལྟ་བུའོ།། ལེན་པ་མི་རིག་པ་བཤད་ནས། གནས་ཀྱི་རྣམ ་པར་རིག་པ་བཤད་པའི་ཕྱིར། གནས་ཀྱི་རྣམ་པར་རིག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྣོད་ཀྱི་འཇིག་རྟེན་གནས་པའི་རྣམ་པར་རིག་པ་གང་ཡིན་པ་དེ་འདིར་གནས་ཀྱི་རྣམ་པར་རིག་པ་ཞེས་བྱའོ།། དེའི་མི་རིག་པ་བསྟན་པའི་ཕྱིར་དེ་ཡང་མིགས་པ ་དང་རྣམ་པ་ཡོངསུ་མ་ཆད་པར་འབྱུང་བས་ཞེས་བྱ་བ་ལ་སོགས་པོ་སྨྲས།། གནས་ཀྱི་རྣམ་པར་རིག་པ་བཤད་པ་གང་ཡིན་པ་དེ་ཡང་འདི་ལྟར་དམིགས་པ་དང་། རྣམ་པ་ཡོངསུ་མ་ཆད་པར་འབྱུང་སྟེ། དེའི་ཕྱིར་མི་རིག་པ་ཞེས་བྱའོ།། ཡང་མདོ་སྡེ་པས་ཕྱིར ་བརྒལ་བའི་ཕྱིར། ཇི་ལྟར་ན་རྣམ་པར་ཤེས་པ་དམིགས་པ་དང་རྣམ་པ་ཡོངསསུ་མ་ཆད་པར་འགྱུར་ཞེས་བྱ་བ་སྨྲས་ཏེ། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའི་རྣམ་པར་ཤེས་པ་ལ་སུ་ཞིག་ཡིད་ཆེས་པར་འགྱུར། འདི་ལྟར་རྣམ ་པར་ཤེས་པ་ནི་དུས་ཐམས་ཅད་དུ་ཡུལ་གྱི་རྣམ་པའི་ངོ་བོར་འབྱུང་བས་དེ་ནི་རང་རིག་པའི་རང་གི་ངོ་བོ་ཡིན་ན་དེ་ཇི་ལྟར་ན་དེའི་དམིགས་པ་དང་། རྣམ་པ་ཡོང་སུ་མི་གཅོད་པར་འགྱུར། གྲུབ་པའི་མཐའ་སྨྲ་བས་ཉེས་པ་མཚུངས་པར་སྒྲུབ་པའི་ཕྱིར། འདི་ནི་རྣམ་པར ་ཤེས་པར་སྨྲ་བ་གཞན་དག་གི་ཞེས་བྱ་བ་ལ་སོགས་པ་སྨྲསོ།། གང་དག་རྣམ་པར་ཤེས་པ་དྲུག་པོ་རྣམ་ཉིད་འདོད་ཀྱི། ཀུན་གཞི་རྣམ་པར་ཤེས་པ་ནི་མི་འདོད་པ་རྣམ་པར་ཤེས་པར་སྨྲ་བ་གཞན་མདོ་སྡེ་པ་ལ་སོགས་པ་དེ་དག་གི་འགོག་པའི་སྙོམས་པར་འཇུག་པ་ལ ་སོགས་པའི་དུས་དང་། རྒོལ་བ་འདི་མཚུངས་ཏེ། འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་ན་ཡིད་ཀྱི་རྣམ་པར་ཤེས་པ་དམིགས་པ་དང་། རྣམ་པ་ཡོང་སུ་མི་ལུསལ་བར་ཇི་ལྟར་འགྱུར། ཅི་སྟེ་གཞན་དག་ན་རེ། དེའི་ཚེ་རྣམ་པར ་ཤེས་པ་གཞན་མེད་ཅེས་ཟེར་བ་ལྟར་ན། དེའི་ཕྱིར་འགོག་པ་ལ་སོགས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་ན། རྣམ་པར་ཤེས་པ་མེད་པར་ཡང་རྟོགས་པར་མི་ནུས་ཏེ། ཞེས་བྱ་བ་སྨྲས།། ཅིའི་ཕྱིར་མི་ནུས ་སྙམ་པ་ལ། རིགས་པ་དང་འགལ་བ་དང་མདོ་དང་འགལ་བའི་ཕྱིར་རོ་ཞེས་བྱ་བ་སྨྲསོ།། གལ་ཏེ་དུས་དེ་ན་རྣམ་པར་ཤེས་པ་ཐམས་ཅད་དུ་ཐམས་ཅད་མེད་པར་གྱུར་ན། དེའི་ཚེ་སྙོམས་པར་འཇུག་པ་ལས་ལངས་པ་ན་གང་ལས་འབྱུང་བར་འགྱུར། དབང་པོ་དང་བཅས ་ལུས་ནི་རིགས་མི་མཐུན་པའི་ཕྱིར། ས་བོན་མ་ཡིན་ནོ།། ས་བོན་མེད་པར་འབྱུང་བ་མི་རིགས་ཏེ། འདི་ནི་རིགས་པའོ།། ཆོས་བྱིན་གྱི་མདོ་སྡེ་དང་ཡང་འགལ་ཏེ་དེ་ལས་ནི་རྣམ་པར་ཤེས་པ་ལུས་ལས་མི་བདའོ་ཞེས་འབྱུང་ངོ་།། ཚིག་ལེའུར་བྱས་པའི་གཞི ་གདིང་བའི་ཕྱིར། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་ཞེས་བྱ་སྨོས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། དེ་ལྟར་གྲངས་དྲིས་པ་དང་།། དུས་དྲིས་པ་དང་། རྟག་ཏུ་རེག་དང་ཡིད་བྱེད་དང་། ཞེས་བྱ་བ་ལ་སོགས་པ་སྨྲསོ།། རྟག་ཏུ་དེ་ཉིད ་དགྲོལ་བའི་ཕྱིར། རྟག་ཏུ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཇི་སྲིད་དུ་གནས་དེ་སྲིད་དུ་རེག་པ་ལ་སོགས་པ་ཀུན་ཏུ་འགྲོ་བའི་ཆོས་ལྔ་པོ་འདི་དག་དང་མཚུངས་པར་ལྡན་ནོ།། རིག་ཅེས་བྱ་བའི་སྒྲ་རྣམ་པར་བསྒྲུབ་པར་བྱ ་བའི་ཕྱིར། རིག་པ་ནི་ཚོར་བ་ཞེས་བྱ་བ་སྨྲསོ།། རིག་པ་ཞེས་བྱ་བའི་སྒྲ་ནི་འདིར་ཚོར་བ་ལ་བྱ་བར་བསྟན་པ་དགོངས་པའོ།། རེག་པ་ཞེས་པ་འདི་གང་ཡིན་སྙམ་པ་ལ། དེ་ལ་རེག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས ་པར་གྱུར་ནས་དབང་པོའི་འགྱུར་བ་ཡོངསུ་གཅོད་པ་གང་ཡིན་པ་དེ་ནི་རེག་པ་ཞེས་བྱའོ།། འདིའི་བྱེད་པ་བསྟན་པའི་ཕྱིར། ཚོར་བའི་བརྟེན་བྱེད་པའི་ལས་ཅན་ནོ།། ཞེས་བྱ་བ་སྨྲས་ཏེ།། རེག་པ་ནི་ཚོར་བའི་བརྟེན་གྱི་དངོས་པོར་འགྱུར་ཏེ། འདི་ནི་འདིའི་ལས་སོ།། གསུམ ་བོ་འདི་དག་གང་ཡིན་སྙམ་པ་ལ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཉིད་གསུམ་མོ་ཞེས་བྱ་བ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། འདུས་པ་གང་ཡིན་སྙམ་པ་ལ། རྒྱུ་དང་འབྲས་བུའི་དངོས་པོར་སྙམ་དུ་གནས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ་དབང་པོ་ལ་སོགས་པ་གསུམ་པོ་དེ་རྒྱུ་དང་འབྲས་བུ་ཉིད་དུ་སྙམ་པར་གནས་པ་གང་ཡིན་པ་དེ་ནི་གསུམ་འདུས་པའོ།། རེག་པ་ཇི་ལྟར་འབྱུང་བ་དེ་བསྟན་པའི་ཕྱིར། དེ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གསུམ་འདུས་པ་དེ་ཡོད ་མདོ་དང་དུས་མཚུངས་པ་ཉིད་ན་བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བ་དང་མཐུན་པ་དབང་པོའི་འགྱུར་བ་གང་ཡིན་པ་དེ་དང་འདྲ་བ་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་ཡུལ་གྱི། འགྱུར་བ་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་རྣམ་པ་དེ་ཡོངསུ་གཅོད ་པ་གང་ཡིན་པ་དེ་རེག་པའོ།། བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་ཞེས་བྱ་བ་ནི། བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བ་དང་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ།། དབང་པོའི་འགྱུར་བ་གང་ཡིན་སྙམ་པ་ལ་དབང་པོ་ཡང་བྱེ་བྲག་དགིས་ཞེས་བྱ་བ་ལ་སོགས་པ་སྨྲས ་ཏེ། དབང་པོ་བྱེ་བྲག་གང་དང་ལྡན་ན་བདེ་བ་ལ་སོགས་པ་རྒྱུ་ཉིད་དུ་འགྱུར་བ་དེ་ནི་དེའི་འགྱུར་བ་ཞེས་བྱའོ།། ཅིའི་ཕྱིར་འདི་རེག་པ་ཞེས་བྱ་སྙམ་པ་ལ། རེག་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རེག་པ་འདི་དབང་པོའི་འགྱུར་བ་དང་འདྲ་བས་དབང་པོ་ལ ་རེག་པ་འམ། དབང་པོ་དེ་དང་འདྲ་བའི་འགྱུར་བས་རེག་པ་སྟེ། དེ་བས་ན་རེག་པ་ཞེས་བྱའོ།། དབང་པོའི་འགྱུར་བ་དང་འདྲ་བས་དབང་པོ་ལ་རེག་པ་ཞེས་བྱ་བ་ནི། ཇི་ལྟར་དབང་པོ་བདེ་བ་ལ་སོགས་པ་འབྱུང་བ་དང་མཐུན་པ་དེ་བཞིན་དུ། རེག་པ་ཡང་བདེ་བ་ལ་སོགས ་བ་འབྱུང་བ་དང་མཐུན་པ་སྟེ། དེའི་ཕྱིར་འགྱུར་བ་དང་འདྲ་བས་ཕན་ཚུན་རེག་པ་དང་མཚུང་སོ།། རེག་པ་ནི་ཡུལ་གྱི་འགྱུར་བ་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་ཡོངསུ་གཅོད་པ་སྟེ། དེ་ལ་དམིགས་པའི་ཕྱིར་རོ།། དེ་ལ་མ་དམིགས་པའི་ཕྱིར་དབང་པོའི ་འགྱུར་བ་ཡོང་སུ་གཅོད་པ་ནི་མ་ཡིན་པ་སྙམ་ནུ་རེག་པ་དེ་དབང་པོའི་འགྱུར་བ་ཡོངསུ་གཙད་པ་ཞེས་ཇི་སྐད་དུ་བྱ་ཞེ་ན། དེའི་ཕྱིར་ཡུལ་གྱི་འགྱུར་བ་ཡོངསུ་གཅོད་པའི་བདག་ཉིད་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས།། འདི་ལྟར་འགྱུར་བ་དང་འདྲ་བྱས། ་དབང་པོ་ལ་རེག་པ་འམ། དེས་རེག་པ་ཉིད་ཀྱི་ཕྱིར། ཡུལ་གྱི་འགྱུར་བ་ཡོངསུ་གཅོད་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་། དབང་པོའི་འགྱུར་བ་ཡོངསུ་གཅོད་པ་ཞེས་བཤད་དོ།། དེ་ལྟར་རག་པའི་རང་གི་ངོ་བོ་བརྗོད་ནས་བྱེད་པ་བསྟན་པའི་ཕྱིར། འདིའི་ལས་ནི་ཚོར་བའི ་རྟེན་ཏེ་ཞེས་བྱ་བ་སྨྲས་ཏེ། དོན་དེ་ནི་འདྲ་ཕྲང་བར་ཟད་དོ།། ལས་དེ་སྲུང་ལུང་གིས་བསྟན་པའི་ཕྱིར། དེ་ཐུང་དུ་མང་ལྔས་ཀྱང་ཞེས་བྱ་བ་ལ་སྔགས་སྤྲུས་ཏེ། མདྲོ་ལས་ནི་བདེ་བ་མྱོང་བར་འགྱུར་བའི་རེག་པ་ནི་བདེ་བའི་ཚོར་བ་འབྱུང་བའི་རྒྱུའོ་ཞེས་གསུངས་ཏེ། དེ་བས ་ན་འདིའི་ལས་ནི་ཚོ་རྟེན་ཉིད་དོ།། ཁོང་དུ་ཆུད་སླ་བར་བྱ་བའི་ཕྱིར། སེམས་ལས་བྱུང་པོ་རྣམས་ཀྱི་ལས་འདི་བརྗོད་དེ། འདི་ལྟར་འདི་ལྟར་འདི་དག་གིས་ལས་བརྗོད་ན་སོ་སོར་ངེས་པའི་ངོ་བོ་བད་བླག་ཏུ་རྟོག་པར་ནུས་སོ།། སེམས་ལས་བྱུང་བ་གཉིས་པ ་དགྲོལ་བའི་ཕྱིར། ཡང་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ་ཞེས་བྱ་བ་སྨྲསོ།། དེ་ཉིད་དགྲོལ་བའི་ཕྱིར། འཇུག་པར་བྱེད་པས་འཇུག་པ་སྟེ་ཞེས་བྱ་བ་ལ་སྨྲསོ།། འཇུག་པར་བྱེད་པས་ན་འཇུག་པ་སྟེ་ཞེས་བྱ་བ་འདིས་ནི་ངེས་པའི་ཚིག་བསྟན་ཏོ།། དམིགས་པ་ལ ་གང་གིས་སེམས་མངོན་དུ་ཕྱོགས་པར་བྱེད་པ་དེ་ཡོད་ལ་བྱེད་པ་ཞེས་བྱ་སྟེ། འཛིན་འདོད་པའི་ཡུལ་ལ་གང་གིས་སེམས་གཏོང་ཞེས་བྱ་བའི་ཐ་ཚིག་གོ།། དེའི་ཁྱད་པ་བསྟན་པའི་ཕྱིར། ད་ནི་དམིགས་པོ་ལ་སེམས་འཛིན་པའི་ལས་ཅན་ཏེ་ཞེས་བྱ་བ་སྨྲས་ཏེ། ་བདིའི་ལས་ནི་དམིགས་པ་ལ་སེམས་འཛིན་པའོ།། ཇི་ལྟར་འཛིན་སྙམ་པ་ལ་སེམས་འཛིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།། མངོན་པར་འདོད་པའི་དམིགས་པ་དེ་ཉིད་ལ་སེམས་ཡང་དང་ཡང་གཏད་པ་ནི་འཐོན་པའོ།། ་དེ་ཅི་ཡིད་ལ་བྱེད་པ་ཐམས་ཅད་ཀྱི་ལས་སམ། བེན་ཏེ་འགའ་གཞིག་གི་ལས་ཡིན་ཞེ་ན། དེའི་ཕྱིར་ལས་དེ་ཡང་། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དམིགས་པ་གཅིག་ལ་སེམས་ཀྱི་རྒྱུན་ངེས་པའི་མཚན་ཉིད་དེ་ནི་ལས་སུ་བསྟན་ཏོ།། དེ་ནི་ཡིད་ལ་བྱེ་བ་བྱ ་བྲག་ཅན་གྱི་དབང་དུ་བྱས་ཏེ་བཤད་ཀྱི་དེ་སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇུག་པ་ནི་མ་ཡིན་ཏེ། འདི་ལྟར་དེ་ནི་སེམས་ཀྱི་སྐད་ཅིག་གཅིག་ཉིད་ལ་ལས་བྱེད་པ་ཡིན་གྱི། སྐད་ཅིག་གཞན་ལ་ནི་མ་ཡིན་ནོ།། ཡིད་ལ་བྱེད་པ་བྱེ་བྲག་ཅན་གྱི་དབང་དུ་བྱས་ཞེས་བྱ ་བ་ནི་བསམ་གཏན་པོ་རྣམས་ཀྱི་ཡིད་ལ་བྱེད་པ་གང་ཡིན་པ་དེའི་དབང་དུ་བྱས་ཞེས་བྱ་བའི་ཐ་ཚིག་གི། སེམས་ལས་བྱུང་བ་གསུམ་པ་བསྟན་པའི་ཕྱིར། ཚོར་བ་ནི་མྱོང་བའི་རང་བཞིན་ནོ་ཞེས་བྱ་བ་སྨྲསོ།། ཡུལ་ཡིད་དུ་འོང་བ་ལ་སོགས་པའི་རང་གི་ངོ་བོ་མྱོང ་བའི་ངོ་བོ་ཉིད་ནི་ཚོར་བ་སྟེ། གང་ཡི་ཡུལ་ཡིད་དུ་འོང་བ་ལ་སོགས་པ་མྱེད་པར་བྱེད་པ་དེ་ནི་ཚོར་བ་ཞེས་བྱ་བའི་ཐ་ཚིག་གོ། འདིའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་ཡང་ཡུལ་སིམ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་དེས་ཡུལ་སིམ་པར་བྱེད་པ་དང ་གདུང་བར་བྱེད་པ་དང་གཉིས་ཀའི་རྣམ་པ་ལས་དབེན་པའི་རང་གི་ངོ་བོ་མངོན་དུ་བྱེད་དེ། དེའི་ཕྱིར་བདེ་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་དུ་འགྱུར་རོ།། འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲསོ།། ཁ་ཙ ་ནི་ནིདེ་ལྟར་ལས་དགེ་བ་དང་མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པོ་འདིས་མྱོང་བར་བྱེད་པས་དེ་ངོས་ན་མྱོང་བའོ།། སྙམ་དུ་སེམས་སོ།། ལས་གང་གི་འབྲས་བུ་གང་ཡིན་པ་དེ་བསྟན་པའི་ཕྱིར། དེའི་བདོ་བ་མྱོང་པོ་ནི་ལོས་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨོན་པོའོ།། ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ལས་དགེ་མི་དག་གཉི་གའི་ཞེས་བྱ་བ་ནི་འདིར་ཆུང་ལ་ལ་སྟེ། གང་དག་ལས་དགེ་བ་ཉིད་ཀྱི་ཆུང་བ་ན་རྣམ་པར་སྨིན་པ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པར་འདོད་པ་དེ་དག་གི་ཞུང་ལྟར་ན་གཉིས་ཀའི་ཞེས་ནི་བརྗེད ་པར་མི་བྱའོ།། ལྷག་མ་ནི་གི་སླ་བས་མ་བཤད་དོ།། དེ་ལྟར་ཚོར་བ་གསུམ་པོ་དེ་དག་གི་ལས་ཀྱི་རྣམ་པར་སྨིན་པ་ཉིད་བཤད་དོ།། ད་ནི་བྱེ་བྲག་ཏུ་བསྟན་པའི་ཕྱིར། འདི་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་སྟེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས ་པ་ཉིད་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་སྟེ། དེའི་ཕྱིར་ཡང་དག་པའི་དོན་དུ། ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་བཏང་སྙོམས་ཉིད། ལས་དགེ་བ་དང་མི་དགེ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པའོ།། བདེ་བ་དང་སྡུག་བསྔལ ་ནི་ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར། རྣམ་པར་སྨིན་པ་ཞེས་ཉེ་བར་འདོགས་པར་བྱེད་དོ།། བདེ་བ་ལ་སོགས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་མེད་པ་མྱོང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཚོར་བ་གང་བྱུང་ན་བྲལ་བར་མངོན ་དུ་འདོད་བར་མི་འགྱུར་ཏེ། བདག་འདི་དང་ནམ་ཡང་འབྲེལ་བར་མོ་གྱུར་ཅིག་སྙམ་པ་དང་། གང་འགགས་ན་འཕྲོད་པར་མངོན་དུ་འདོད་པ་སྐྱེ་སྟེ། བདག་གི་འདིའི་ཡང་སྐྱོ་བར་གྱུར་ཅིག་སྙམ་པའི་མྱོང་པོ་དེ་ནི་བདེ་བ་ཞེས་བྱའོ།། དེ་ལས་བཟློག་པ་ནི་སྡུག་བསྔལ་རྒྱ ་དང་ལུང་དུ་མ་བསྟན་པ་ཡང་ཡོད་དེ། དེ་དག་ནི་འདོད་ཆགས་དང་འོ། སྡང་དང་། མཚུངས་པར་ལྡན་པ་མ་ཡིན་ན། ཇི་ལྟར་ན་བདེ་བ་དང་སྡུག་བསྔལ་དེ་དག་ཐམས་ཅད་འདོད་ཆགས་དང་ཞེ་སྡང་བག་ལ་ཉལ ་བྱེད་པར་འགྱུར། ད་ནི་ལུང་དུ་མ་བསྟན་པ་ཉིད་དུ་བསྟན་པའི་ཕྱིར། དེ་ནི་མ་པསྒྲི་བས་ལུ་མ་བསྟན། ཞེས་བྱ་བ་སྨྲས་ཏེ། ཀུན་གཞི་རྣམ་པར་ཤེས་པ་དེ་ནི་མི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། དེ་ཞེས་བྱ་བ་ནི་ཀུན་གཞི་རྣམ ་པར་ཤེས་པ་དུ་སྦྱར་ཏེ། འདི་ལྟར་དེའི་སྐབས་ཡིན་པའི་ཕྱིར་རོ།། བྱེ་བྲག་གཉིས་ཉེ་བར་གཟུང་བའི་འབྲས་བུ་བསྟན་པའི་ཕྱིར། དེ་ལ་མ་བསྒྲིབས་པ་སྨོས་པས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མོ་བསྒྲིབས་པ་སྨོས་པས་ནི། བསྒྲིབས་པ ་ཡས་རྣམ་པར་འབྱེད་དོ།། ལུང་དུ་མ་བསྟན་པ་སྨོས་པས་ནི་དག་པ་དང་མི་དགེ་བ་ལས་རྣམ་པར་འབྱེད་དེ། འདི་ལྟར་ཀུན་གཞི་རྣམ་པོར་ཤེས་པ་ནི་དགེ་བ་མ་ཡིན་ཏེ། དགེ་པའི་རྩ་བ་ཆད་པ་རྣམས་ལ་ཡང་ཡོད་པའི་ཕྱིར་རོ།། འདིར་མི་དགེ་བ.རཡང་གཟུང ་པར་མི་བྱཱ་སྟེ། འདི་ལྟར་མི་དགེ་བའི་ཆོས་རྣམས་ནི་མ་བསྒྲིབས་པ་མ་ཡིན་ནོ།། འདི་ཅིའི་ཕྱིར་མཽ་བསྒྲིབས་སྙམ་པ་ལ། ཡིད་ཀྱི་ས་པའི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་ཡིད་ཀྱི་བློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་བསྒྲིབས་པ་མ ་ཡིན་ཏེ། དེའི་ཕྱིར་མ་བསྒྲིབས་པ་ཞེས་བྱའོ།། མ་བསྒྲིབས་པ་ཞེས་བྱ་བ་ནི་རྙོག་པ་ཅན་དུ་མ་བྱིས་པ་འམ། མ་གཡོགས་པའི་ཕྱིར་རོ།། འདིའི་ལུང་དུ་མ་བསྟན་པའི་གཏན་ཚིགས་སྨོས་པ། རྣམ་པར་སྨིན་པ་ཡིན་པས་ཞེས་བྱ་བ་ལ་སོགས་པའོ།། རྣམ ་འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་འདི་ནི་རང་གི་རྣམ་པར་སྨིན་པའི་ངོ་བོ་ཉིད་དོ།། དེའི་ཕྱིར་རྣམ་པར་སྨིན་པ་ནི་ལུང་དུ་མི་སྟོན་ཏེ། རྣམ་པར་སྨིན་པ་ལས་རྣམ་པར་སྨིན་པ་གཞན་མི་འབྱུང་ངོ་།། དེ་བས་ན་ལུང་དུ་མ་བསྟན་པ་ཞེས་བྱའོ།། རྣམ ་པར་སྨིན་པའི་ངོ་བོ་ཉིད་ཧྲཱི་རྦ་མས་ཥྚྲྀཿདེའི་ཕྱིར་ཡང་ལུང་དུ་མ་བསྟན་པ་ཞེས་བྱའོ།། ཀུན་གཞི་རྣམ་པར་ཤེས་པ་ལ་དཔྱད་པ་བྱས་པ་ཇི་སྙེད་པ་ཐམས་ཅད་རེག་པ་ལ་སོགས་པ་ལ་ཡང་བསྟན་པའི་ཕྱིར། རེག་པ་ལ་སོགསོ་བའང་དེ ་བཞིན་ནོ་ཞེས་བྱ་བ་སྨྲས་སོ།། དེ་ཉིད་དགྲོལ་བའི་ཕྱིར། ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་གཅིག་ཏུ་རྣམ་པར་སྨིན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། རེག་པ་ལ་སོགས་པ་སྦྱར་བའི་ཕྱིར། དེ་བཞིན་དུ་རེག་པ་ལ་སོགས ་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་དེ་ཡང་གོ་སླ་བས་མ་བཤད་དོ།། ཅིའི་ཕྱིར་རེག་པ་ལ་སོགས་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་སྙམ་པ་ལ། རྣམ་པར་སྨིན་པ་དང་མཚུངས་པར་ལྡན་པ་རྣམས། རྣམ་པར་སྨིན་པ་མ་ཡིན ་པ་དང་། དམིགས་པ་དང་རྣམ་པ་ཡོངསུ་མ་ཆད་པ་ཡང་དམིགས་པ་དང་རྣམ་པ་ཡོངསུ་ཆད་མི་སྲིད་དེ་ཞེས་བྱ་བ་སྨྲས་སྟེ། དེ་ཡང་གོ་སྨྲ་བས་མ་བཤད་དོ།། གཞན་དུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། ཞེས་བྱ་བ་ལ་རེག་པ་ལ་སོགས་པ་དང་། མཚུངས ་ལྡན་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་རྣམ་ནི་རེག་པ་ལ་སོགས་པ་དང་མཚུངས་པར་མི་ལྡན་པ་མ་ཡིན་ནོ།། དེ་ལྟར་བཏང་སྙོམས་དང་མཚུངས་པར་ལྡན་པའི་ཀུན་གཞི་རྣམ་པར་ཤེས་དང་མཚུངས་པར་ལྡན་པ་རྣམས་ནི་ཚེར ་བར་རིག་པར་བྱའོ།། གང་བྱུང་ངམ་འགགས་ཀྱང་རུང་། འབྲལ་བ་དང་འཕྲད་པར་མངོན་དུ་འདོད་པ་མི་སྐྱེ་བ་དེ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བ་ཞེས་བྱའོ།། སེམས་ལས་བྱུང་བ་བཞི་པ་བསྟན་པའི་ཕྱིར། འདུ་ཤེས ་ནི་ཡུལ་ལ་མཚན་མར་འཛིན་པའོ་ཞེས་བྱ་བ་སྨྲས་སོ།། དེ་ཉིད་དགྲོལ་བའི་ཕྱིར། ཡུལ་ནི་དམིགས་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དམིགས་པ་ནི་ཡུལ་གྱི་སྒྲར་བསྟན་ཏོ།། ཡུལ་དེའི་བྱེ་བྲག་ནི་མཚན་མའི་སྒྲར་བསྟན་ཏེ། སྔོན་པོ་དང་སེར་པོ་ལ་སོགས ་པ་དམིགས་པ་རྣམ་པར་བཞག་པའི་བྱང་རྒྱ་གང་ཡིན་པ་དེ་ནི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ།། འདི་ནི་སྔོན་པོ་ཉིད་དེ་སེར་པོ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་རྣམ་པ་ལ་རྟོག་པ་གང་ཡིན་པ་དེ་ནི་དེ་ལ་མཚན་མར་འཛིན་པའོ།། དེ་ནི་འདི་སྐད་དུ་སྔོན་པོ་དང་པ་སེར་པོ་ལ་སོགས་པ་རྣམ ་པར་བཞག་པའི་རྒྱུ་གང་གིས་འཛིན་པ་དེ་ནི་འདུ་ཤེས་སོ་ཞེས་བསྟན་པར་འགྱུར་རོ།། སེམས་ལས་བྱུང་བ་ལྟ་བ་བསྟན་པའི་ཕྱིར། སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་ལ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཀྱི་ཆོས་སེམས ་གཡོ་བར་བྱེད་པའི་ངོ་བོ་གང་ཡིན་པ་དེ་སེམས་པའོ།། མངོན་པར་དུ་པྱད་ཅེས་བྱ་བ་ནི་བྱེད་པའོ།། གཡོ་བར་བྱེད་ཅེས་བྱ་བ་ནི་བསྐྱེད་པ་དང་། བྱེད་པ་ཞེས་བྱ་བའི་བར་དུའོ།། བྲས་བུའི་སྒོ་ནས་འདིའི་རང་ཡི་ངོ་བོ་བསྟན་པའི་ཕྱིར། གང་ཡོད་ན་ཞེས་བྱ་བ་ལ་སོགས་པ ་སྨྲས་ཏེ། དཔེར་ན་ཁབ་ལོང་གི་དབང་གིས་ལྕགས་གཡོ་བར་འགྱུར་བ་དེ་བཞིན་དུ་གང་ཡོད་ན་དམིགས་པའོ། མས་དཡོ་བོར་འགྱུར་བ་དེ་སེམས་པ་ཞེས་བྱ་བ་ནི། གཡོ་བ་ཞེས་བྱ་བ་ནི་འགུལ་བའོ།། དེ་ནི་འདི་སྐད་དུ་གོང་གི་དབང་གིས་ཡུལ་ལ་འཛིན་པར ་སེམས་ཀྱི་བྱེད་འབྱུང་བ་དེ་སེམས་པའོ་ཞེས་བསྟན་པར་འགྱུར་རོ།། ཚིག་ལེའུར་བྱས་པ་དང་སྦྱར་བར་བྱ་བའི་ཕྱིར། ཚོར་བ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲ་ས་ཏེ། གསུང་རབ་ལས་ནི་ཚོར་བ་རྣམ་པ་གསུམ་འབྱུང་ན། ཀུན་གཞི་རྣམ་པར་ཤེས ་པ་ལ་ཅིའི་ཕྱིར་སྤྱིར་བཤད། དེ་བས་ན་དེ་ལ་ཚོར་བ་གང་ཡིན་པ་ཡང་མི་ཤེས། དེ་བཞིན་དུ་གསུདོ་རབ་ལས་དག་པ་ལ་སོགས་པའི་བྱེ་བྲག་གིས་ཆོས་རྣམ་བཞི་འབྱུང་ན། ཀུན་གཞི་རྣམ་པར་ཤེས་པ་ལ་གང་འདུ་བར་འགྱུར་བ་ཡང་མི་ཤེས་པས་ངའི་ཕྱིར། དེ ་ལ་ཚོར་པོ་བཏང་སྙོམས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། ཀུན་གཞི་རྣམ་པར་ཤེས་པ་དེ་ལ་ཚེར་བ་བཏང་སྙོམས་འབའ་ཞིག་སྟེ། བདེ་བ ་ཡང་མེད་སྡུག་བསྔལ་ཡང་མེད་དོ།། ཅིའི་ཕྱིར་སྙམ་པ་ལ། དེ་གཉིས་ཀྱི་དམིགས་པ་དང་རྣམ་པ་ཡོངསུ་ཆད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་བདེ་བ་དང་སྡུག་བསྔལ་དག་གི་དམིགས་པ་དང་རྣམ་པ་ནི་གསལ་བ་ཡིན་ལ། ཀུན་གཞི་རྣམ ་པར་ཤེས་བའི་དམིགས་པ་དང་། རྣམ་པ་ཡོངསུ་མི་གསལ་ན། ཇི་ལྟར་དེ་ཉིད་གཉིས་དང་མཚུངས་པར་ལྡན་པར་འགྱུར། སུ་དག་འདོད་ཆགས་དང་ཞེ་སྡང་བག་ལ་ཉལ་བར་བྱེད་པའི་ཕྱིར་རོ་ཞེས་འདོད་པ་དེ་དག་ནི་འབྲེལ་པ་མེད་པར་འདོད་པའོ།། བདེ་བ་དང ་སྡུག་བསྔལ་ཐམས་ཅད་ནི་མཚུངས་པར་ལྡན་པས། འདོད་ཆགས་དང་ཞེས་སྡང་བག་ལ་ཉལ་བར་བྱེད་པ་མ་ཡིན་ཏེ། འདི་ལྟར་དགེ་པ་དང་ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པའི་བདེ་བ་དང་ཡང་ཡོད་དོ།། དེ་བཞིན་དུ་སྡུག་བསྔལ་ཡང་དགེ་བ ་པ་གཞན་དང་མཚུངས་པར་ལྡན་ཏེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་མུ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་མཚུངས་པར་ལྡན་པ་ནི་རྣམས་ནི་དགེ་པ་དང་མི་དགེ་བ་ཉིད་དུ་མི་རུང་ངོ་།། ཀུན་གཞི་རྣམ་པར ་ཤེས་པ་རྟག་གམ་མི་རྟག་པ་ལ་རྨོངས་ནས། ལ་ལ་ཅི་ཀུན་གཞི་རྣམ་པར་ཤེས་པ་དེ་ཞེས་བྱ་བ་ལ་སོགས་པ་འདྲི་སྟེ། ཀྱེ་ཅི་ཀུན་གཞི་རྣམ་པར་ཤེས་པ་དེ་གཅིག་པུ་ཞིག་འཁོར་བའི་མཐའ་ཇི་སྲིད་པ་དེ་སྲིད་དུ་མི་འཇིག་པར་འཇུག་གམ། འོན ་ཏེ་སྐད་ཅིག་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་གྱི་འཁོར་བ་ཇི་སྲིད་པའི་རྗེ་སུ་འཇུག་པ་ཞིག་ཅ་ན། གྲུབ་པའི་མཐའ་སྨྲ་བས། དེ་གཅིག་པུ་ཐ་དད་པ་མེད་པར་འཇུག་པ་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཀྱེ་ཀུན་གཞི་རྣམ་པར་ཤེས་པ་དེ ་གཅིག་པུ་ཐ་དད་པ་མེད་པར་ཇི་སྲིད་འཁོར་གྱི་བར་དུ་རྗེ་སུ་འཇུག་པ་ནི་མཱ་ཡི་ཏེ། དེ་ནི་སྐད་ཅིག་མ་གཅིག་པུ་རྗེ་སུ་འཇུག་པའོ།། གཅིག་པུ་ཐ་དད་པ་མེད་པ་ཞེས་བྱ་བ་ལ་ཐ་དད་པ་མེད་པའི་སྒྲ་ནི་འདྲ་བ་ཡང་བསྙེགས་ཏེ། དེའི་ཕྱིར་གཅིག་ཅེས་བྱ་བ ་སྨོས་སོ།། གཅིག་པུའི་སྒྲ་ཡང་དོན་གཞན་གྱི་ཚིག་ཏུ་མཐོང་སྟེ། དའི་ཐ་དད་པ་མེད་པ་སྨྲས་སོ།། དེ་བས་ན་མི་འཇིགས་པ་མ་ཡིན་པའི་རང་གི་ངོ་བོར་འཇུག་གོ་ཞེས། དེ་སྐད་བསྟན་པར་འགྱུར་རོ།། ཇི་ལྟར་འཇུག་སྙམ་པ་ལ། དེ་ནི་རྒྱུན ་འབབ་ཆུ་བོ་བཞིན་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ཏེ་ཆུ་བོའི་རྒྱུན་བཞི་ནི་འབབ་པའོ།། དངོས་པོ་གཅིག་པོ་ཐ་དད་པ་མེད་པ་དེ་བསྟན་པའི་ཕྱིར།། དེ་ནི་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་དང་ཞེས་བྱ་བ་སྨྲས་ཏེ།། ་དེནི་གོ་སླ་བས་མ་བཤད་དོ།། རྒྱུན་གྱི་རང་གི་དྲཝ་བ་བསྟན་པའི་ཕྱིར། དེ་ལ་རྒྱུན་ནི་ཞེས་བྱ་ཟླ་ལ་སོགས་བྱ་སྨྲས་སོ།། རྒྱུ་དང་འབྲས་བུ་བར་ཆད་མེད་པ་རྒྱུན་ཏུ་འབྱུང་བྱ་ནི་རྒྱུན་ཞེས་བྱ་\ུ0f7fའོ།། ཆུ་བའི་རང་བང་པོ་བསྟན་པའི་ཕྱིར། ཆུང། ་ཚོགས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆུ་བོའི་ཚོགས་ཀྱི་སྔ་ཕྱིའི་ཆུ་རྒྱུན་མཱི་ཆད་པ་གང་ཡིན་པ་དེ་ནི་ཆུ་བོ་ཞེས་བྱའོ།། དེ་ལྟར་ཚིག་གི་དོན་བཤད་ནས་མདོར་བྱས་པའི་དོན་བསྟན་པའི་ཕྱིར། ཇི་ལྟར་ཆུ་བོ་རྩ་དང་ཞེས་བྱ་བ་ལ་སོགས་པ ་སྨྲས་ཏེ། ཇི་ལྷོར་ཆུ་བོ་རྩ་ལ་སོགས་པ་དད་ཅིང་འབབ་པ་དེ་བཞིན་དུ། ཀུན་བཞི་རྣམ་པར་ཤེས་པ་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་ཀྱི་བག་ཆགས་དང་ལྡན་པ་ཡང་རག་པ་ལ་སོགས་པ་བསྡུས་ནས། རྒྱུན་མི་ཆད་པར་རྒྱུན་དུ་འབྱུང་།། ་ཡང་གཞན་དེ་ལྟར་རྒྱུན་དུ་འབྱུང་བ་དེ་ཞེས་བྱ་བ་ལ་སོགས་པ་འདྲི་སྟེ། ཀུན་གཞི་རྣམ་པར་ཤེས་པ་ད་ལྟར་རྒྱུན་དུ་འབྱུང་བ་གང་གིས་དུས་ན་ལྡོག་པར་འགྱུར་བ་བརྗོད་དགོས་སོ།། གྲུབ་པའི་མཐའ་སྨྲ་བའི། དགྲ་བཅོམ་པ་ཉིད་ན་དེ་ལྡོག་གོ།། ཞེས ་བྱ་བ་ལ་སོགས་པ་སྨོས་སོ།། དགྲ་བཅོམ་པ་ཉིད་ཐོབ་པའི་དུས་ན་དེ་ལྡོག་པར་འགྱུར་རོ།། དགྲ་བཅོམ་པ་ཉིད་ཀྱི་ང་མི་ཤེས་ནས། དགྲ་བཅོམ་པ་ཉིད་ཅེས་བྱ་བ་ཅི་ཞེ་ན། ཞེས་འདྲིའོ།། གྲུབ་པའི་མཐའ་སྨྲ་བས། གང་དང་ལྡན་ན་དགྲ་བཅོམ་པ་ཞེས་བྱ་བ། ་ཞེས་བྱ་བ་སྨྲས་ཏེ། ཆོས་གང་དང་ལྡན་ན་སྲོག་ཆགས་འདི་དགྲ་བཅོམ་པའོ་ཞེས་བྱ་བ་དེ་དགྲ་བཅོམ་པ་ཉིད་ཅེས་བྱའོ།། གཞན་གྱིས་ཆོས་དེ་ཡང་མ་ཤེས་ནས། ཅི་དང་ལྡན་ན་ཞེས་བྱ་བ་ལ་སོགས་པ་འདྲི་སྟེ། ཆོས་གང་དང་ལྡན་ན་དགྲ་བཅོམ་པ ་ཞེས་བྱ་ཞེ་ན། གྲུབ་པའི་མཐའ་སྨྲ་བས། བང་པ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་ཐོབ་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱའོ།། ཀུན་གཞི་རྣམ་པར་ཤེས་པ་དེ་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། དེའི ་ཚེ་ཀུན་གཞི་རྣམ་པར་ཤེས་པ་ལ། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་དགྲ་བཅོམ་པའི་དུས་དེ་ན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའི་གནས་ངན་ལེན་གང་ཅི་སྲོང་པོ་དེ་ཐམས་ཅད་མ་ལུས་པར་སྤོང་ངོ་།། དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས ་པལྡོག་པར་འགྱུར་ཏེ། དེའི་ཚེ་དེ་ཉོན་མོངས་པའི་ས་བོན་གྱི་གཞི་ཉིད་དང་བྲལ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། གང་གིས་དུས་ན་ཀུན་གཞི་རྣམ་པར་ཤེས་པ་ལྡོག་པ་དེ་ཉིད་ཀྱི་དུས་ན་དགྲ་བཅོམ་པ་ཞེས་བྱ་སྟེ། འདི་ལྷོར་རྣམ་པར་གྲོལ་བ ་སྐུའམ། ཆོས་ཀྱི་སྐུ་ཐོབ་པ་ན་དགྲ་བཅོམ་པ་ཞེས་བསྟན་ཏོ།། དེ་ལྟར་རྣམཱ་བྱུར་སྦྱིན་པ་ཞེས་བྱ་བའི་གྱུར་པ་རྒྱ་ཆེར་བཤད་ཟིན་ཏོ།། ། རྣམ་པར་འབྱུང་བ་དང་བཅས་པ་ཞེས་བྱ་བྱཱ་ནི་རྒྱུ་ཚོར་རོ།། གྱུར་པ་གཉིས་པ་དང་སྦྱར་བའི ་ད་ནི་ངར་སེམས་ཞེས་བྱ་བ་གྱུར་པ་གཉིས་པ་སྟེ། ཞེས་བྱ་བ་སྨྲས་ཏེ། ད་ནི་གོ་སླ་བས་མ་བཤོད་དོ།། དྲི་གང་ཞིག་ཡིན་སྙམ་པ་ལ། དེ་ལ་གྲནས་ཏེ་རབ་འབྱུང་ཞིང་ཞེས་བྱ་བ་ལོ་སོགས་པ་སྨྲས་ཏེ། འདི་ནི་ཕྱིས་འཆད་པར་འགྱུར་རོ།། ད་ནི་འདིར་ཚིག་ལེའུ ་བྱས་པ་དང་སྦྱར་བ་བསྟན་པའི་ཕྱིར། དེ་ལ་ཇི་ལྟར་མི་ལ་སོགོས་པའི་རྣམ་པར་ཤེས་པ་རྣམས་ཀྱི་གནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་གནས་དང་དམིགས་པ་གྲགས་པ་དེ་བཞིན་དུ། ཉོན་མོང ་བ་ཅན་གྱི་ཡིད་ཀྱི་དེ་གཉིས་མ་གྲགས་ཏེ། གནས་དང་དམིགས་པ་ལ་མི་བལྟོས་པར་འཇུག་པ་ནི་མི་རུང་ངོ་།། དེ་བས་ན་དེའི་གནས་དང་དམིགས་པ་བསྟན་པ་དང་། ངེས་པའི་ཚོགས་བསྟན་པའི་ཕྱིར་དེ་ལ་གནས་ཏེ་རབ་འབྱུང་ཞིང་ཞེས་བྱ་བ་ལ། ་སོགས་པ་ཚིག་ལེའུར་བྱས་ལ་སྨོས་སོ།། ཉོན་མོངས་པ་ཅན་གྱི་ཡིད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ཅིང་དམིགས་ནས་འབྱུང་སྟེ། དེ་ནི་ངར་སེམས་པའི་བདག་ཉིད་ཡིན་པས་ཡིད་ཅེས་བརྗོད་དོ་ཞེས་མདོར་བྱས་པའི་དོན་ཏོ།། ་ཡན་ལག་ཤད་པར་བྱ་བའི་ཕྱིར། དེ་ལ་གནས་ཏེ་རབ་འབྱུང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལ་ཞེས་བྱ་བ་ནི་འདིར་ཀུན་གཞི་རྣམ་པར་ཤེས་པ་དངདུ་ལྟར་དེ་ཞེས་བྱ་བའི་ཐ་ཚིག་གོ།། དྷི་ལྟར་ཀུན་གཞི་རྣམ་པ་ཤཱས་པ་འདིའི་གནས ་ཡིན་སྙམ་པ་ལ། དེའི་བག་ཆགས་ཀྱི་གནས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་བག་ཆགས་གང་ཡིན་པ་དེའི་གནས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་རྣམ ་པར་ཤེས་པ་ལ་གནས་བཅས་ནས་འབྱུང་ཞེས་བྱའོ།། འབྱུང་ཞེས་བྱ་བ་དེའི་བཤད་པ་ནི་རྒྱུན་གྱི་སྐྱེ་ཞེས་བྱ་བ་སྟེ། སྐད་ཅིག་གཅིག་ནས་གཅིག་ཏུ་བརྒྱུད་པས་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ།། འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། ཡང་ན་ཁམས ་སེམས་གང་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདོད་པ་ལ་སོགས་པའི་ཁམས་གོ་དང་། བསམ་གཏན་དང་པོ་ལ་སོགས་པ་ས་གང་དུ་ཀུན་གཞི་རྣམ་པོར་ཤེས་པ་རྣམ་པར་སྨིན་པ་ཐོབ་པ་དེར། ཉོན་མོངས་པ་ཅན་གྱི་ཡིད་དེ་ཡང ་རྣམ་པར་སྨིན་པ་འཐོབ་སྟེ། གྲང་གི་ཕྱིར་ཁམས་དེ་དང་། སྣ་པ་ཡིན་པ་དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་དང་འབྲེལ་བར་འབྱུང་བས་ན་དེ་ལ་གནས་ཏེ་འབྱུང་བ་ཞེས་བྱའོ།། འདིའི་དམིགས་པ་བསྟན ་བའི་ཕྱིར། དེ་ལ་དམིགས་པ་ཞེས་བྱ་བ་སྨྲས་སོ།། དེ་ཉིད་དགྲོལ་བའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པོ་ཉིད་ལ་དམིགས་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ནི་པོ་རྡེག་ཚོགས་ལ་ལྟ་བ་ལ་སོགས ་བ་དངངོ་མཚུངས་པར་ལྡན་པ་སྟེ། དེའི་ཕྱིར་ང་དང་ངའི་ཞེས་བྱ་བའི་རྣམ་པ་འདྲིས་ཀུན་གཞི་རྣམ་པར་ཤེས་ཉིད་ལ་དམིགས་སོ།། གནས་ཉིད་ལ་དམིགས་པ་མི་སྲིད་དོ་ཞེས་ཏེ་གཞན་གྱིས་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་དྲིས་ཏེ། གནས ་སུ་གྱུར་པའི་སེམས་གང་ལས་ཉོན་མོངས་པ་ཅན་གྱི་ཡིད་བྱུང་བ་དེ་ཉིད། དེའི་དམིགས་པར་ཇི་ལྟར་འགྱུར། དམིགས་པའི་དོན་ཡང་གཞན་ལ། གནས་ཀྱི་དོན་ཡང་གཞན་ཡིན་ན་དེ་གཉིས་གཅིག་ཏུ་ཇི་ལྟར་རུང་། གྲུབ་པའི་མཐའ་སྨྲ ་བས་མཚུངས་པར་བསྒྲུབ་པའི་ཕྱིར་ཇི་ལྟ་ཁ་ཅིག་དེ་མི་འདོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གང་དག་ཉོན་མོངས་པ་ཅན་གྱི་ཡིད་མི་འདོད་པ་དེ་དག་གི་གཞུང་ལྟར་ན་ཡང་། ཇི་ལྟར་འགའ་ཞིག་འགགས་མ་ཐག་ཏུ་རང་གི་སེམས ་ལ་སོ་སོར་རྟོག་པའིའི་དུས་ན་ངོ་མ་ཐག་པའི་རྐྱེན་དུ་གྱུར་པའི་སེམས་གང་ལས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་སེམས་དེ་ཉིད་དམིགས་པ་ཡིན་ཞིང་། ཡིད་ཀྱི་རྣམ་པར་ཤེས་པ་དྲི་འབྱུང་སྟེ། ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དེ་རང ་གི་གནས་ལ་དམིགས་པ་དེ་བཞིན་དུ། ཉོན་མོངས་པ་ཅན་གྱི་ཡང་རང་གི་གནས་ལ་དམིགས་པར་འགྱུར་རོ།། ཡང་རང་གི་གནས་ལ་དམིགས་པའི་རྣམ་པར་ཤེས་པ་དེ་མིང་ཅི་ཞེས་བྱ་སྙམ་པ་ལ། ཡིད་ཅེས་བྱ་བའི་རྣམ་པར་ཤེས ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། དེ་ལྟར་ཚིག་གི་དོན་བཤད་ནས་མདོར་བྱས་པའི་དོན་བསྟན་པའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་དེ་ལ་བརྟེན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡིད ་ཅེས་བྱ་བའི་རྣམ་པར་ཤེས་པར་བརྗོད་པ་གང་ཡིན་པ་དེ་ཀུན་གཞི་རྣམ་པར་ཤེས་པ་ལ་རྟེན་ནས་འབྱུང་ངོ་།། དམིགས་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡིན་ནོ།། ཡིད་ཅེས་བྱ་བའི་སྒྲའི་རྣམ་པར་བཅད་པ་བསྟན་པའི་ཕྱིར། དེ་ལ་དམིགས ་པ་ཡོད་ཅེས་བྱ་ཞེས་བྱ་བ་འདིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡིང་སྨོས་པས་ནི་རྣམ་པར་ཤེས་བྱ་འདི་ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་ལས་རྣམ་པར་འབྱེད་པར་བྱེད་དོ།། འདིའི་ངོ་བོ་ཉིད་དྲི་བའི་ཕྱིར། ཡང་དེའི་རང ་གཞིན་གང་ཡིན་སྙོམ་པ་ལ་ཞེས་བྱ་བོ་སྨྲས་སོ།། ང་སེམས་བདག་ཉིད་རྐུན་ཞེས་བྱ་བ་ནི་ངའོ་སྙམ་པ་དང་ངའི་སྙམ་དུ་རྟག་ཏུ་རློམ་སེམས་པ་སྟེ། དེའི་དོ་ན་ངར་སེམས་པའི་ངོ་བོ་ཉིད་དོ།། འདིའི་ངེས་པའི་ཚིག་བསྟནྡོ་པའི་ཕྱིར། དེ ་ལྟར་ངང་སེམས་པའི་བདག་ཉིད་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ང་གི་ཕྱི་དེ་སེམས་པའི་བདག་ཉིད་ཡིན་པ་དེའི་ཡིད་ཅེས་བྱའོ།། ངེས་པའི་ཚིག་གི་ཚུལ་གྱིས་ཞེས་བྱ་བ་ནི་ངེས་པའི་རིག་གིས་རིགས་པས་ས།། ཚིག་ལོའུར་བྱས ་@#པ་དང་སྦྱར་བའི་ཕྱིར། རྣམ་པར་ཤེས་པའི་རང་གིང་བ་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། སེམས་ལས་བྱུང་བ་རང་གི་ངོ་བོ་དང་། གྲངས་དང་དུས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ་བསྒྲིབས་ལ་ལུང་དུ་མ་བསྟན་པའི།། ཉོན་མོངས་བཞི་དང་རྟག་ཏུ་འགྲོགས་ཞེས་བྱ་བ་སྨྲས་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ངོ་བོ་ཉིད་ཀྱི་ཉོན་མོངས་པ་རྣམས་དང་དུས་ཐམས་ཅད་དུ་རྟག་ཏུ་མཚུང་སོ་བར ་ལྡན་ནོ་ཞེས་མདོར་བྱས་པའི་དོན་ཏོ།། ཉོན་མོངས་པ་ཞེས་སྨོས་པའི་རྣམ་པར་བཅད་པ་བསྟན་པའི་ཕྱིར། སེམས་ལས་བྱུང་བ་དག་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གེ་སླ་བས་མ་བཤད་དོ།། གྲངས་ཀྱི་བྱེ་བྲག་གི ་རྣམ་པར་བཅད་པ་བསྟན་པའི་ཕྱིར། ཉོན་མོངས་པའང་དྲུག་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཡང་གོ་སླ་བས་མ་བཱིཤད་དོ།། འགྲོགས་ཞེས་བྱ་བའི་སྒྲ་ནི་དགའ་བ་ལ་ཡང་བྱའོ་སྙམ་པ་ལ། འགྲོགས་ཞེས་བྱ་བ་ནི་ཞེས་བྱ ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། བསྒྲིབས་ལ་ལུང་དུ་མ་བསྟན་པ་སྨོས་པའི་རྣམ་པར་བཅད་པའི་བསྟན་པའི་ཕྱིར། ཉོན་མོངས་པ་དང་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོ་ཡང་གོ་སླ་བོས་མ ་བཤད་དོ།། ཅིའི་ཕྱིར་དེ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམ་དང་མཚུངས་པར་ལྡན་སྙམ་པ་ལ། བསྒྲིབས་པའི་རྣམ་པར་ཤེས་པ་ནི་ཞིས་བྱ་བ་ལ་སོགས་པ་སྨྲས་སོ།། ཉོན་མོངས་ཅན་གྱི་ཡིད་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཏེ། དེ་བས ་ནབསྒྲིབས་པའི་རྣམ་པར་ཤེས་པ་རྣམས་པ་དང་མི་དག་བར་མཚུངས་པར་ལྡན་དུ་མི་རུང་།། ཅིའི་ཕྱིར་དེ་དག་བསྒྲིབས་ཞེས་བྱ་སྙམ་པ་ལ། བསྐྱོབས་པ་དག་ནི་ནན་མོངས་པ་ཅན་གྱི་ཕྱིར་རོ་ཞེས་བྱ་བ་སྨྲསྭཱ་ཏཱཾ། གང་གི་ཕྱིར་ཉོན་མོངས ་བཱ་ཅན་ཡིན་པ་དེའི་ཕྱིར་བསྒྲིབས་པ་ཞེས་བྱ་བའི་ཐ་ཚིག་གོ།། གལ་ཏེ་བསྒྲིབསུཾ་པཱ་ཡིན་ན་ཅིའི་ཕྱིར་ལུང་དུ་མ་བསྟན་ཞེས་བྱ་སྒོམ་པ་ལ། ལུང་དྲི་མ་བསྟན་པ་ནི་ཞེས་བྱ་བ་ལ་སོགསོ་པ་སྨྲས་ཏེ། གླང་གི་ཕྱིར་དགེ་བ་ཉིད་དང་མི་དགེ་བ ་ཉིད་དུ་ལུང་བསྟན་དུ་མེད་པ་དེའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བྱའོ།། འདིའི་དུས་བསྟན་པོའི་ཕྱིར། རྟག་ཏུ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྐྱེས་ཏེ། ཇི་སྲིད་དུ་ཉོན་མོངས་པ་ཅན་གྱི་ཡིད་དེ་ཡོད་པ་དེ་སྲིད་དུ་དེ་དག་དྲང་དུས ་ཐམས་ཅད་མཚུངས་པར་ལྡན་ནོ།། ཚིག་ལེའུར་བྱིས་པ་དང་སྦྱོར་བའི་ཕྱིར། སྤྱིར་བསྟན་པའི་ཁྱད་པར་མི་ཤེས་ནས་ཁྱད་པར་སྟོན་ཏེ་ཞེས་བྱ་བ་སྨྲས་ཏེ། ཉོན་མོངས་པ་བཞི་ཞེས་སྤྱིར་བསྟན་པས། བཞི་གང་ལ་བྱ་བའི་བྱེ་བྲག་མི་ཤེས་ཏེ། ་དེའི་ཕྱིར་བྲག་བསྟན་པའི་ཕྱིར། བདག་ཏུ་ལྟ་དང་བདག་དུ་རྨོངས་ཞེས་བྱ་བ་ལ་སོགས་པ་སྤྲོས་ཏེ། བདག་དུ་ལྟ་བ་དང་། བདག་དུ་རྨོངས་པ་དང་། བདག་དུ་ང་རྒྱལ་དང་། བདག་ལ་ཆགས་པ་བཞི་པོ་འདི་དག་དང་མཚུངས་པར་ལྡན ་ནོ་ཞེས་མདོར་བྱས་པའི་དོན་ཏོ།། བདག་ཏུ་ལྟ་བ་ལ་སོགས་པ་བསྟན་པའི་ཕྱིར། ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉེ་བར་ལོན་པའི་ཕུང་པོ་ལྔ་པོ་དག་ལ་བདག་ཏུ་འཛིན་པ་གང་ཡིན་པ་དེ་འདིར ་བདག་ཏུ་ལྟ་བའོ།། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་འདིས་ནི་དེ་ཉིད་རབ་ཏུ་སྒྲུབ་པའི་རྣམ་གྲངས་སྟོན་ཏོ།། རྨོངས་པ་ནི་མི་ཤེས་པའི་སྒྲར་བརྗོད་དོ།། ཁང་གི་ཡུལ་ལ་རྨོངས་པ་ནི་བདག་ཏུ་རྨོངས་པའོ།། བདག ་ལ་ང་རྒྱལ་འབྱུང་བ་གང་ཡིན་པ་དེ་ནི་བདག་ང་རྒྱལ་ཞེས་བྱའོ།། ངའོ་སྙམ་པའི་ང་རྒྱལ་ཞེས་བྱ་བ་འདིས་ནི་དེ་ཉིད་རབ་ཏུ་སྒྲུབ་པའི་རྣམ་གྲངས་སྟོན་ཏོ།། བདག་ལ་ཆགས་པ་འབྱུང་བ་གང་ཡིན་པ་དེ་ན་བདག་ལ་ཆགས་པ་ཞེས་བྱའོ།། བདག་ལ ་དགའ་ཞེས་བྱེ་བ་འདིས་ནི་དེ་རབ་ཏུ་སྒྲུབ་པའི་རྣམ་གྲངས་སྟོན་ཏོ།། འདི་དག་ཀུན་གཞི་རྣམ་པར་ཤེས་པ་ལ་ཇི་ལྟར་དམིགས་སྙམ་པ་ལ། དེ་ལ་ཀུན་གཞི་རྣམ་པར་ཤེས་པའི་རང་གི་ངོ་བོ་ལ་རྨོངས་པར་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ་ཀུན་གཞི་རྣམ་པར་ཤེས་པའི་རང་གི་ངོ་བོ་མི་རྟག་པ་ལ་སོགས་པ་མི་ཤེས་པ་གང་ཡིན་པ་དེ་ནི་དེ་ལ་འདི་ནི་ངའི་བདག་གོ་སྙམ་དུ་བདག་འཛིན་པར་བྱེད་དེ། མི་ཤེས་པ་གང་ཡིན་པ་དེ་བདག་དུ་རྨོངས་པའོ།། བདག་དུ་འཛིན་པ་གང་ཡིན་པ་དེ ་ནི་འཇིག་ཚོགས་ལ་བལྟ་བའོ།། བདག་ཏུ་ལྟ་བའི་འོག་ཏུ་ཆོས་ཉིད་ཀྱི་དབང་གིས་སེམས་ཁེངས་པ་འབྱུང་བ་གང་ཡིན་པ་དེ་ངའོ་སྙམ་པའི་ང་རྒྱལ་ལོ།། བདག་ཏུ་རྨོངས་པ་ལ་སོགས་པ་གསུམ་པོ་དེ་དག་ཡོད་ན། དེའི་འོག་ཏུ་བདག ་དུ་བསམ་པའི་དངོས་པོ་ལ་མངོན་པར་ཆགས་པ་འབྱུང་བ་གང་ཡིན་པ་དེ་བདག་ལ་ཆགས་པ་ཞེས་བྱའོ།། བཤད་ཟིན་པའི་དོན་སྡུད་པའི་ཚིག་སུ་བཤད་པ་སྨྲས་པ་ཡང་སྨྲས་པ་ཞེས་བྱ་བ་ལ་སོགས་པའོ།། ངར་སེམས་པའི་མཚན་ཉིད ་ཡིད་གང་ཡིན་པ་དེ་ནི་མ་རིག་པ་ལ་སོགས་པ་ཉིན་མོངས་པ་བན་པོ་དག་གིས་ཀུན་ནས་ཉོན་མངས་པ་ནཱ་དུ་གྱུར་ཏ་ནས་ཚོག་སུ་བཅད་པའི་དོན་ཏོ།། ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་བྱ་བ་ནི་དྲི་མ་ཅན་དུ་བྱས་པན། ་ཚིགས་སུ་བཅད་པ་འོག་མས་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པར་རིགས་པས་བསྟན་པའི་ཕྱིར། ཕྱིན་ཅི་ལོག་གི་རྒྱུ་བྱེད་པའང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཉོན་མོངས་བཙུན་གྱི་ཡིད་ནི་དུས་ཐམས་ཅད་དུ་ཕྱིན་ཅི་ལོག ་གི་རྒྱུ་ཡིན་ཏེ། དེའི་ཕྱིར་དེ་ཡོད་པར་ཁོང་དུ་ཆུད་པར་བྱའོ།། ཕྱིན་ཅི་ལོག་གང་གི་རྒྱུ་ཡིན་སྙམ་པ་ལ། སེམས་དག་ལུང་དུ་མ་བསྟན་ཚེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དགེ་བའི་སེམས་ཀྱི་དུས་ན་ངར་འཛིན་པའི་དུས་ནི་ང་སྦྱིན ་པ་སྦྱིན་ནོ་སྙམ་པ་ལ་སོགས་པའོ།། ལུང་དུ་མ་བསྟོན་པའི་སེམས་ཀྱི་དུས་ན་ངར་འཛིན་པའི་རྒྱུ་ནཱི་ད་གླེགས་བམ་འདྲི་བ་ལ་སོགས་པ་བྱེད་དོ་སྙམ་པའོ།། དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་བདག་མ་ཡིན་པ་ལ་བདག་གོ་སྙམ ་དུ་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་རྒྱུར་བསྟན་པ་ཡིན་ནོ།། ཚིག་ལེའུར་བྱས་པ་དང་སྦྱར་བར་བྱ་བའི་ཕྱིར། བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ས་དགུ་ནི་འདིར་འདོད་པའི ་ཁམས་དང་བསམ་གཏན་བཞི་དང་། གཟུགས་མེད་པ་བཞིར་རིག་པར་བྱའོ།། ལྷག་མོ་ནི་གོ་སློབས་མོ་བཤད་དོ།། ཐེ་ཚོམ་བཟློག་པའི་ཕྱིར། གང་དུ་སྐྱེས་པའི་དེའི་ལོ་ཞེས་བྱ་བ་སྨྲས་སོ།། དགྲོལ་བའི་ཕྱིར་གང་དུ་སྐྱེས་པ་ནི་ཞེས ་བྱ་བ་ལ་སོགས་པ་སྨྲས་ཏེ། ཁམས་གང་དང་ས་གང་དུ་སྲོག་ཆགས་སྐྱེས་པར་གྱུར་པའི་ཁམས་དེ་པ་དང་། ས་དེ་པ་ཉིད་ཀྱི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དེ་མཚུངས་པར་ལྡན་ཏེ། ཁམས ་གཞན་དང་ས་གཞན་གྱི་དང་ནོ་མ་ཡིན་ནོ།། མདོར་བྱས་པ་དང་སྦྱར་བ་བྱ་བའི་ཕྱིར། ཙོ་ཉོན་མོངས་པ་བཞི་ཉིད་དང་མཚུངས་པར་ལྡན་ནམ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། བཤད་པ་བྱེད་པས་སྨྲས་པ་མ་ཡིན་ནོ་ཞེས ་བྱ་བ་ལ་སོགས་པ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། གཞན་རེག་སོགས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་ནི་གོ་སླ་བས་མ་བཤད་དོ།། ཀྱང་ཞེས་བྱ་བ་ལ་སོགས་པ་ནི། ཀྱང་གི་སྒྲའི་དོན་སྟོན་ཏེ། དེའི་ཕྱིར་ཉོན་མོངས་པ་ཅན ་གྱིགྱི་ཡིད་བདག་ཏུ་ལྟ་བ་ལ་སོགས་པ་ཉི་ཚེ་དང་མཚུངས་པར་ལྡན་པ་མ་ཡིན་གྱི། རེག་པ་ལ་སོགས་པ་གཞན་དག་དང་ཡང་མཚུངས་པར་ལྡན་ནོ་ཞེས་དེ་སྐད་བསྟན་པར་འགྱུར་རོ།། རེག་སོགས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པས་ནི།། ་རེག་པ་ལ་སོགས་པའི་སྒྲའི་དོན་སྟོན་ཏོ།། ཅིའི་ཕྱིར་རེག་པ་ལ་སོགས་པ་དང་མཚུངས་པར་ལྡན་སྙམ་པ་ལ། ཆོས་ལྔ་པོ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་རེག་པ་ལ་སོགས་པ་ཆོས་ལྔ་པོ་འདི་དག་ཐམས་ཅད ་དུ་འགྲོ་བར་འདོད་པ་དེའི་ཕྱིར། རྣམ་པར་ཤེས་པ་ཐམས་ཅད་དང་མཚུངས་པར་ལྡན་ནོ།། འདི་དག་གི་ཁམས་དང་ས་ངེས་པར་བསྟན་པའི་ཕྱིར། དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། འདིར་བཤད ་པ་གཞན་བྱ་བའི་ཕྱིར་ཡང་ན་གཞན་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྩ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་རེག་པ་ལ་སོགས་པ་གང་ཡིན་པ་དེ་དག་ལས་རྣམ་པར་དབྱེ་བའི་ཕྱིར། གཞན་རེག་སོགས་ཞེས་བྱ་བ ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྩ་བའི་རྣམ་པར་ཤེས་པ་ལ་རིགས་པ་ལ་སོགས་པ་མ་བསྒྲིབས་ལ་ལུང་དུ་མ་སྟོན་པར་འདོད།། ཉོན་མོངས་པ་ཅན་གྱི་ཡིད་ལ་ནི་ཡིད་བཞིན་དུ་བསྒྲིབས་པའི་ལུང་དུ་མ་བསྟན་པའོ།། མདོར་བྱས་པ་དོང ་སྦྱར་བར་བྱ་བའི་ཕྱིར། གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གལ་དེ་དགེ་བ་དང་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་དུས་ཐམས་ཅད་དུ་ཉོན་མོངས་པ་ཅན་གྱི་ཡིད་བྱེ་བྲག་མེད་པར་འཇུག ་ན་ནི་འོ་ན་དེ་ལྡོག་པ་མེད་པར་འགྱུར་ཏེ། ཇི་སྲིད་དུ་དེ་མི་ལྡོག་པ་དེ་སྲིད་དུ་ཐར་པར་ག་ལ་འགྱུར། དེ་བས་ན་སྲོག་ཆགས་རྣམས་ཐར་པ་མེད་པར་འགྱུར་རོ་སྙམ་པ་ལ། གྲུབ་པའི་མཐའ་སྨྲ་བས་མི་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ ་སྨྲས་སོ།། ཐར་པ་མེད་པར་འགྱུར་བ་མ་ཡིན་ཏེ། འདི་ལྟར་དགྲ་བཅོམ་པ་ལ་ཉོན་མོངས་པ་ཅན་གྱི་ཡང་མེད་དོ།། འགོག་པའི་སྙོམས་པར་འཇུག་པའི་དུས་ན་མེད་དོ།། འཇིག་རྟེན་ལས་འདས་པའི་ལམ་ན་མེད་དོ།། ཅིའི་ཕྱིར ་དགྲ་བཅོམ་པ་ལ་དེ་མེད་སྙམ་པ་ལ། དགྲ་བཅོམ་པ་ནི་ཞེས་བྱ་བ་ལ་ལ་སོགས་པ་སྨྲས་སོ།། འདི་ལྟར་དགྲ་བཅོམ་པ་ནི་ཉོན་མོངས་ཐམས་ཅད་སྤངས་པ་སྟེ། དེའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་མེད་པ་ཉིད་དོ།། ཇི་ལྟར་སྲིད་པའི་རྩོ ་པའི་ཉོན་མོངས་པསྒོམ་པས་སྤང་བར་བྱུ་བ་རྣམ་པ་དགུ་པ། དགྲ་བཅོམ་པ་ཉིད་ཐོབ་པ་ན་བར་ཆང་མེད་པའི་ལམ་རྡོ་རྗེ་ལྟ་བུ་ཞེས་བྱ་བས་སྤྱོད་པ་དེ་བཞིན་དུ་ཉོན་མོངས་པ་ཅན་གྱི་ཡིད་དེ་ཡང་བར་ཆང་མྱེད ་བའི་ལམ་དེ་ཉིད་ཀྱི་ཐམས་ཅད་དུ་ཐམས་ཅད་སྤོང་ངོ་།། དེའཾ་ཕྱི་ཇི་ལྟར་སྟོང་མོངས་པ་དེ་དག་དགྲ་བཅོམ་པ་ན་མེད་པ་དེ་བཞིན་དུ། འདི་ཡང་མེད་དོ།། ཕྱིར་མི་འ་པ་ལ་ཅིའི་ཕྱིར་མེད་སྣུམ་པཱ་ལ། ཙྭི་ཡང་མེད་པའི་སྒྱུ་མཆེད ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཕྱིར་མི་འོང་བ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ལ་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་གང་ཡིན་པ་དེའི་འགོག་པའི་སྒོམ་པར་འཇུག་པའི་དུས ་ནཉོན་མོངས་པ་ཅན་གྱི་ཡིད་མིང་ངོ་།། འདི་ལྟར་ལམ་གྱི་སྟོབས་ཀྱིས་འགོག་པའི་སྙོམས་པར་འཇུག་པ་ཐོབ་སྟེ། དེའི་ཕྱིར་ལམ་བཞིན་དུ་དེ་ནཱ་ཡང་དུས་དེ་ཙམ་དུ་མེད་དོ།། འོ་ན་ལངས་ན་དེ་གང་ལས་འབྱུང་སྙམ་པ་ལ།། བགོག ་པ་ལས་ལངས་ནས་ཡང་ཞེས་བྱ་བ་སྨྲས་སོ།། གང་གི་ཆ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པར་འགྱུར་བ་དེའི་ཚེ་ཡང་། ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་སྟེ། དེ་ལ་དེའི་བག་ཆགས་ཡོད་པའི་ཕྱིར་རོ།། ་ཕམ་ལ་དེ་མེད་པར་བསྟན་པའི་ཕྱི། འཇིག་རྟེན་འདས་པའི་ལས་ནའང་མེད་ཅེས་བྱ་བ་སྨྲས་ཏེ། དེའི་དྲ་ནི་བཤད་ཟིན་ཏོ།། ལ་མ་སྟེ་འཛི་པས་མི་རྩེག་གས་རྗེན་། འཇིག་རྟེན་ལས་འདས་པ་སྤོས་སྟུལ་པོ་པ ་འཇིག་རྟེན་ལས་འདས་པ་སྨོས་པ་ནི་འཇིག་རྟེན་པ་རྣམ་པར་བཅད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ།། དེ་ནི་གོ་སླ་བས་མ་བཤད་དོ།། ཅིའི་ཕྱིར་འཇིག་རྟེན་པ་རྣམ་པར་བཤད་སྙམ་པ་ལ། འཇིག་རྟེན་པའི་ལམ་ལ་ནི་ཞེས་བྱ་བ་ལ ་སོགས་པ་སྨྲས་སོ།། ནི་ཞེས་བྱ་བའི་སྒྲ་ནི་འདི་ལྟར་ཞེས་བྱ་བའི་ཐ་ཚིག་ཏོ།། འདི་ལྟར་འཇིག་རྟེན་པའི་ལམ་ན་ཉོན་མོངས་པ་ཅན་གྱི་ཡིད་འབྱུང་བར་འདོད་པ་ཉིད་དོ།། ཅིའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་ནི་མི་འབྱུང་སྙོམ་པ་ལ། ་བདག་མེད་པར་མཐོང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་བདག་མེད་པར་མཐོང་བ་ནི་བདག་ཏུ་འཛིན་པའི་གཉེན་པོ་སྟེ། དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་ན་ཉོན་མོངས་པ་ཅན་གྱི་ཡིད་འབྱུང་མི་ནུས་ཏེ། མི་མཐུན་པའི་ཕྱོགས ་དང་པོ་ཅིག་ཅར་མི་འབྱུང་ངོ་།། དེའི་ཕྱིར་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཅིག་ཅར་མི་འབྱུང་བས།། འཇིག་རྟེན་ལས་འདས་པའི་ལམ་ན་དུས་དེ་ཙམ་དུ་ཉོན་མོངས་པ་ཅན་གྱི་ཡིད་མི་འབྱུང་ངོ་།། གང་གི་ཚེ་འཇིག་རྟེན་ལས་འདས་པའི་ལམ་ལས ་ལངས་པར་གྱུར་པ་དེའི་ཚེ་ཡང་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་ངོ་།། མཇུག་བསྡུ་བའི་ཕྱིར། འདི་ནི་གྱུར་པ་གཉིས་པའོ་ཞེས་བྱ་བ་སོགས་པ་སྨྲས་ཏེ། གོང་དུ་བསྟན་པ་དེ་བཤད་ཟིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ།། ་འམ་པོ་གསུམ་པ། གྱུར་པ་གསུམ་པ་དང་། སྦྱར་བ་བསྟན་པའི་ཕྱིར། གྱུར་གཉིས་པའི་འོག་ཏུ་ཞེས་བྱ་བ་ལ་སོགོ་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། དེ་གང་ཡིན་སྙམ་པ་ལ། གསུམ་པ་ཡུལ་རྣམ ་དྲུག་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡུལ་རྣམ་པ་དྲུག་ལ་དམིགས་པ་གང་ཡིན་དེ་ནི་རྣམ་པར་ཤེས་པ་གྱུར་པ་གསུམ་པའོ་ཞེས་མདོར་བྱས་པའི་དོན་ཏོ།། ཁོང་ནུས་དབྱུང་བ་བསྟན་པའི་ཕྱིར། ་གསུམ་པ་ནི་རྣམ་པར་ཤེས་འགྱུར་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྣམ་པར་ཤེས་པ་གྱུར་པའི་སྒྲ་ཁོང་ནས་དབྱུང་ཞེས་བྱ་བའི་ཐ་ཚིག་གོ།། ཚིག་གི་དོན་ཁོང་དུ་ཆུད་པ་ནི་ངག་གི་དོན་ཁོང་དུ་པའི་སྔོན་དུ་འགྲོ་བས་ཚིག་གི་དོན་པ་སྟོན་པའི་ཕྱིར། ་རྣམ་དྲུག་ཅེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདིའི་རབ་ཏུ་དབྱེ་བ་འདྲི་བ་སྟེ། གྲུབ་པའི་མཐའ་སྨྲ་བས་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། ངག་དང་མི་དགེ་གཉི་ག་མིན་ཞེས་བྱ ་བ་སྨྲས་སོ།། དེ་དགྲོལ་བའི་ཕྱིར་དགེ་བ་དང་མི་དགེ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཉིས་ག་མུ་ཡིན་པ་སྨོས་པ་ནི་ལུང་དུ་མ་བསྟན་པ་ལ་བྱའོ།། ལྷག་མ་ནི་དོན་གོ་སློ་བས་མ་བཤད་དོ།། དགེ་བ་ལ་སོགས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར ་མ་ཆགས་པ་དང་ཞེས་སྲུང་མེད་པ་དང་གཏི་མུག་མེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཡང་གོ་སླ་བས་མ་བཤད་དོ།། སེམས་ལས་བྱུང་པོའི་རང་གི་ངོ་བོ་དང་དེའི་གྲངས་ལ་ཐེ་ཚོམ་ཟ་ནས།། དེ་ཡང་སེམས་ལས་བྱུང་བ་ཅི་འདྲ་བ་དང་ཞེས ་བྱ་བ་ལ་སོགས་པ་འདྲི་སྟེ། ཐེ་ཚོམ་གཉིས་གསལ་བའི་ཕྱིར། ཀུན་དུ་འགྲོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་ཏུ་འགྲོ་བ་ལ་སོགས་པ་དང་མཚུངས་པར་ལྡན་ནོ་ཞེས་མདོར་བསྡུས་ཏེ་མདོར་བྱས་པའི་དོན་ཏོ།། ཀུན་ཏུ་འགྲོ་བ་ལ་སོགས ་བ་ལ་ཡང་གཞན་ཐེ་ཚོམ་ཟ་ནས་དྲི་བའི་ཕྱིར། ཀུན་ཏུ་འགྲོ་བ་ལ་སོགས་པ་གང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། གྲུབ་པའི་མཐའ་སྨྲ་བས་དེ་རབ་ཏུ་བསྟན་པའི་ཕྱིར། དང་པོའི་རེག་ལ་སོགས་པ་དང་ཞེས་བྱ་བ་སྨྲས་ཏེ། ་རེག་པ་ལ་སོགས་པ་ནི་འདིར་ཀུན་ཏུ་འགྲོ་བར་འདོད་དོ།། ཅིའི་ཕྱིར་ཀུན་ཏུ་འགྲོ་བ་དག་དང་པོར་བརྗོད་སྙམ་པ་ལ། ཐོག་མར་བཤད་པས་དང་པོ་སྟེ་ཞེས་བྱ་བ་སྨྲས་སོ།། དེ་དགྲོལ་བའི་ཕྱིར་འདི་ལྟར་ཀུན་ཏུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ་འདི་ལྟར་ཀུན་ཏུ་འགྲོ་བ་རྣམས་ནི་ཚིག་ལེའུར་བྱས་པ་སྔར་འདས་མ་ཐག་པ་ལས། ཐོག་མ་ཉིད་དུ་བསྟན་ཏེ། དེའི་ཕྱིར་དང་པོ་ཞེས་བྱའོ།། གང་དག་རེག་པ་ལ་སོགས་པ་ལ་དང་པོ་ཞེས་འཆད་པར་བྱེད་དཔ་དེ་དག་ནི། ཤིན་ཏུ་འབྲེལ་པ་མེད་པར ་སྨྲ་བ་སྟེ་འདི་ལྟར་ཆོ་ག་ལེའུར་བྱས་པ་འདས་མ་ཐག་ལས་ནི་ཀུན་དུ་འགྲོ་བ་རྣམས་ཐོག་མར་བསྟན་གྱི། རེག་པ་ལ་སོགས་པ་ནི་མ་བསྟན་ཏོ།། འདིར་རེག་པ་ཞེས་བྱ་བ་ལ་སོགས་པའི་ཚིག་སྡུད་པར་བྱ་བའི་ཕྱིར། དེ་དག་གི་དང་པོ་ནི་རེག་པ་ཡིན ་བས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། ཅིའི་ཕྱིར་དེ་དག་ཀུན་ཏུ་འགྲོ་བ་ཞེས་བྱ་བ་སྙམ་པ་ལ། རེག་པ་དང་ཡིད་ལ་བྱེད་པ་ལ་སོགསོ་བ་ཆོས་ལྔ་པོ་དེ་དག་ནི་ཞེས་བྱ་བ་ལོ་སོགས་པ་སྨྲས་སོ།། འདི་ལྟར་རེག་པ ་ལ་སོགས་པ་དེ་དག་ཐམས་ཅད་ནི་སེམས་ཐམས་ཅད་ཀྱི་རྗེ་སུ་འགྲོ་བ་སྟེ། དེའི་ཕྱིར་ཀུན་ཏུ་འགྲོ་བ་ཞེས་བྱའོ།། ཇི་ལྟར་ཤེས་སྙམ་པ་ལ་འདི་ལྟར་དེ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་ཀུན་གཞི ་དང་། བྷཱུ་ཡ་ད་། འཇུན་ན་རྣམས་ལ་ལུང་། 8་རྣམས་ཐམསས་མྦྷ་ཨུ་5། ཐཱག་ས་པ ་ནུས་ཞེས་བྱ་བ་འདིས་ནི་ཚིག་ལེའུར་བྱས་པ་དང་སྦྱར་བ་བསྟན་ཏོ།། འདུན་མོས་དྲན་དང་ཅས་པ་དང་ཞེས་བྱ་བ་ལ་སོགས་པས་ནི་ཙི་དྷྲྀག་ཏུ་ངེས་པར་སྟོན་ཏེ། བདུན་པ་ལ་སོགས་པ་ལྔ་ནི་སྡེ་ཁྲག་ཏུ་ངོས་པའོ་ཞེས་མདོར་བྱས་པ ་དོན་ཏོ།། ཅིའི་ཕྱིར་དེ་དག་བྱེ་བྲག་ཏུ་ངེས་ཞེས་བྱ་སྙམ་པ་ལ། བྱེ་བྲག་ཅན་ལྔ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་དེ་དག་ནི་བྱེ་བྲག་ཅན་ལ་ངེས་པ་ཏེ། དེའི་ཕྱིར་བྱེ་བྲག་ཏུ་ངེས་པ་ཞེས་བྱའོ།། འདི་ལྟར་དེ་དག་གི་ཡུལ་ནི་བྱ ་བྲག་ཅན་ཉིད་ཡོན་གྱི་ཐམས་ཅད་ནི་མ་ཡིན་ནོ།། འདུན་པ་ཞེས་བྱ་བ་འདི་གང་ཡིན་སྙམ་པ་ལ། དེ་ལ་བདུན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བསམ་པའི་དངོས་པོ་ལ་འདོད་པ་གང་ཡིན་པ་དེ་འདུན་པའོ།། བསམ་པ་སྨོས་པས་ནི་ཡུལ་སོ ་སོར་ངེས་པར་བསྟན་པ་ཡིན་ཏེ། འདི་ལྟར་མ་བསམས་པ་ལ་བདུན་པ་མི་འབྱུང་དེ།། བསམས་པ་ཇི་ལྟ་བུ་སྙམ་པ་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། བདུན་པའི་རྣམ་གྲངས་གཞན་བསྟན་པའི་ཕྱིར། ་དེ་ལ་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མཐོང་བ་དང་ཐོས་པ་ལ་སོགས་པར་སྨོན་པ་གང་ཡིན་པ་དེ་འདུན་པ་དང་འདོད་པ་ཞེས་བྱའོ།། འདིའི་ལས་བསྟན་པའི་ཕྱིར་དེ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ་བ་ལས་ན་ངཙུནུ་འགྲུས་རྣམ་པའི་རྒྱུའི་དངོས་པོར་ཉེ་ར་འགྲོ་བའི་ཤེས་བྱ་བའི་ཟླ་ཚིག་པ། ལྟོས་པ་གང་ཡིན་སྙམ་པ་ལཱ། མསྨྲ་བ་ནི་ངེས་པའི་དངས་པ་ལ་ཞེས་བླ་པཱ་ལ་ལགས་པ་སྨྲབ་ཏེ། ཆད་མས་ཡང་སུ་མཐོང་བའི་དང ་ཡིད་ནུས་པ་གང་ཡིན་པ་དེ་ནཱི་མོས་པ་ཞེས་བྱའོ།། ཞེས་མདོར་བྱས་པའི་དོན་ཏོ།། ཅིའི་ཕྱིར་ངེས་པ་སྨོས་སྙམ་པཱ་ལ། ངེས་པ་སྤྲོས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། ངེས་པ་ཞེས་བྱ་བ་འདྲི་ཇི་ལྟ་བུ་ཞིག་ཡིན་སྒྲ ་པ་ལ། རིག་པ་འམ་ཡིད་ཆེས་རྨི་ལུང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་དང་རྒྱོ་སུ་དཔག་པའམ་ཡིད་ཆེས་པའི་ལུང་གི་ཐེ་ཚོམ་མེད་པར་བྱས་པའི་དངོས་པོ་གང་ཡིན་པ་དེ་ངེས་པ་ཞེས་བྱའོ།། གང་གིས་དངོས་པོ་མི་རྟག་པ་ལ་སོགས ་པའི་རྣམ་པར་ངེས་པའི་རྣམ་པ་དེ་ཉིད་ཀྱི་དངོས་པོ་དེ་ལ་སེམས་འཇོག་སྟེ། འདི་ནི་དེ་བཞིན་གྱི་གཞན་དུ་ནི་པ་ཡིན་ནོ་ཞེས་ངེས་པར་འཛིན་པ་གང་ཡིན་པོ་དེ་མོས་པ་ཞེས་བྱའོ།། འདིའི་ལས་བསྟན་པོའི་ཕྱིར། དེ་ནི་མི་འཕྲོག་པ་ཉིད་ཀྱི་ལས་ཅན་ཏེ། ཤེས ་བྱ་བ་ལ་སོགས་པ་སྨྲས་ཏེ། འདིའི་ལས་ནི་གྲུབ་པའི་མཐའ་ལས་མི་འཕྲོགས་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཇི་ལྟར་འདིའི་ལས་ཡིན་ཞེ་ན། དེའི་ཕྱིར། མོས་པ་གཅེསུ་བྱེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་མོས་པ་གཅེསུ་བྱེད་པ་དེ་ནི ་པས་ཀྱི་རྒོལ་བ་རྣམས་ཀྱིས་རང་གི་གྲུབ་པའི་མཐའ་ཕྲོགས་པར་མི་ནུས་ཏེ། དེའི་ཕྱིར་དེ་ནི་ལས་ཅན་ནོ།། དྲན་པ་དེ་གང་ཡིན་སྙམ་པ་ལ་དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། སྔོན་མྱོང་བའི་དངོས་པོ་ལས ་སེམས་མི་ཉམས་པ་གང་ཡིན་པ་དང་། ཡང་སྔོན་དུ་རྐྱང་པ་གང་ཡིན་པ་དེ་དྲན་པའོ།། འདྲིས་པ་ཞེས་བྱ་བ་འདི་ལྟ་ཇི་ལྟ་བུ་ཞིག་སྙམ་པ་ལ། འདྲིས་པའི་དངོས་པོ་ནི་སྔོན་མྱོང་བའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི ་གོ་སླ་བས་མ་བཤད་དོ།། ཅིའི་ཕྱིར་དྲན་པ་ལ་མ་བརྗེད་པ་ཞེས་བྱ་སྙམ་པ་ལ། དམིགས་པ་ལ་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།། འདི་ལྟར་དམིགས་པ་ལ་འཛིན་པ་སྔོན་བྱུང་བ་གང་ཡིན་པ་དེ། ཆུད་མི་ཟ་བའི་རྒྱུ་ནི་དྲན་པ་ཡིན་ཏེ། ་དེ་བས་ན་མ་བརྗེད་པ་ཞེས་བྱའོ།། དེའི་ཕྱིར་མ་བརྗེད་པའི་རྒྱུ་ཡིན་པས་མ་བརྗེད་པ་ཞེས་བསྟན་པ་ཡིན་ནོ།། མངོན་པར་བརྗོད་པའི་རང་གིངངོ་བོ་བསྟན་པའི་ཕྱིར། སྔོན་གཟུང་བའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔོན་གཟུང་བའི་དངོས ་པོ་གང་ཡིན་པ་དེ་ལ་དམིགས་པའི་རྣམ་པ་ཡང་དང་ཡང་དྲན་པར་བྱེད་པ་གང་ཡིན་པ་དེ་ནི་མངོན་པར་བརྗོད་པ་ཉིད་དོ།། རང་གི་དོན་ལ་དངོས་པོའི་རྐྱེན་བསྟན་པའི་ཕྱིར། མངོན་པར་བརྗོད་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ ་བས་མ་བཤད་དོ།། འདིའི་ལས་བསྟན་པའི་ཕྱིར། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདིའི་ལས་ནི་དམིགས་པ་ལས་མི་གཡེང་བར་བྱེད་པ་སྟེ། འདི་ལྟར་གང་གི་ཚེ་དམིགས་པ་ལ་སེམས་མངོན་དུ་གྱུར་པ་དེའི་ཚེ། དམིགས་པ ་གཞན་ནམ་རྣམ་པ་གཞན་ལ་སེམས་རྣམ་པར་གཡེང་བར་མི་འགྱུར་ཏེ། དེའི་ཕྱིར་དྲན་པ་ནི་རྣམ་པར་གཡེང་བ་མེད་པའི་ལས་ཅན་ཞེས་བྱའོ།། ཏིང་ངེ་འཛིན་དེ་གང་ཡིན་པ་ལ། ཏིང་ངེ་འཛིན་བརྟག་པའི་དངོས་པོ་ལ་ཞེས་བྱ་བ་ལ ་སོགས་པ་སྨྲས་ཏེ། དཔྱད་པར་བྱ་བའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་གང་ཡིན་པ་དེ་ཏིང་ངེ་འཛིན་ཏོ།། ཅིའི་ཕྱིར་བརྟག་པ་ཞེས་བྱ་བ་སྙམ་པ་ལ། བརྟག་པའི་དངོས་པོ་ནི་ཡོན་ཏན་དུ་བམ་ཉེས་པར་བརྟག་པར་བྱ་བའོ་ཞེས་བྱ་བ་སྨྲས་ཏེ། ཡོན་ཏན ་དུ་འམ་ཉེས་པར་བརྟག་པར་བྱ་བའོ།། འགོག་པ་དང་ལམ་གྱི་བདེན་པ་ལ་ནི་ཞི་བ་དང་། གྱ་ནོམ་པ་ལ་སོགས་པའི་རྣམ་པར་ཡོན་ཏན་དུ་བརྟག་པར་བྱ་བའོ།། སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་ལ་ནི་མི་བརྟག་པ་ལ་སོགས་པའི་རྣམ་པར་ཉེས་པར་བརྟག ་བར་བྱའོ།། དེ་ལ་དམིགས་པ་གཅིག་པ་ཉིད་གང་ཡིན་པ་དེ་རྩེ་གཅིག་པ་ཞེས་བྱའོ།། འདིའི་ལས་བསྟན་པའི་ཕྱིར་ཤེས་པའི་བརྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲསོ།། འདིའི་ལུས་ནི་ཤེས་པའི་རྒྱུའི་དངོས་པོ་ཉེ་བར་འགྲོ་བ་སྟེ། འདི་ལྟར་སེམས ་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་རོ།། བློ་ཞེས་བྱ་བ་དེ་གང་ཡིན་སྙམ་པ་ལ། བློ་ནི་ཤོས་རབ་པོ་ཞེས་བྱ་བ་སྨྲས་སོ།། དེ་དགྲོལ་བའི་ཕྱིར་དེ་ཡང་བརྟག་པའི་དངོས་པོ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། ་བརྟག་པའི་དངོས་པོ་ཉིད་ལ་རིགས་པས་བསྐྱེད་དང་། རིགས་པ་མ་ཡིན་པས་བསྐྱེད་པ་དང་། བཞན་པའི་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་དེ་ཤེས་རབ་པོ།། རྣམ་པར་བསྒྲུབ་པོ་བྱ་བའི་ཕྱིར། རབ་ཏུ་རྣམ་པར་འབྱེད་པར་བྱེད་པས་ཞེས་བྱ་བ་ལ་སོགས ་བ་སྤྲས་ཏེ། རབ་ཏུ་རྣམ་པར་འབྱེད་པའི་དོན་བསྟོན་པའི་ཕྱིར། རང་དང་སྤྱིའི་མཚན་ཉིད་འདྲེས་པ་ལྟ་བུའི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རང་དང་སྤྱིའི་མཚན་ཉིད་འདྲེས་པ་ལྟ་བུའི་ཆོས་རྣམས་ལ་ཡང་དག་པའོམ། ལོགས་པོ་སོ་སོར་རྟོག ་བ་གང་ཡིན་པ་དེ་རབ་ཏུ་རྣམ་པར་འབྱེད་པའོ།། རིགས་པས་བསྐྱེད་པ་གང་ཡིན་སྙམ་བྲ་ལ། རིགས་པ་ནི་གཤའ་བ་སྟེ་ཞེས་བྱ་བ་སྨྲས་ཏེ། རིག་པ་ནི་གཤབ་པའི་སྒྲར་བརྗོད་དོ།། དེ་ཉིད་རབ་ཏུ་དབྱེ་བས་བསྟན་བརྡ་ཕྱིར། དེ་ཡང ་ཡིད་ཆེས་པའི་ལུང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ད་ནི་གོ་སླ་བས་མ་ཤད་དོ།། བསྐྱེད་པའི་དོན་བསྟན་པའི་ཕྱིར། རིགས་པ་རྣམ་པ་དེ་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བརྟག་པའི་དངོས་པོ་ལ་རབ་ཏུ་རྣམ་པར་འབྱེད་པས་བསྐྱེད་པ་གང་ཡིན ་པ་དེ་རིགས་པས་བསྐྱེད་པ་ཞེས་བྱའོ།། དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་ཡང་ཐོས་པ་ལས་བྱུང་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སྐབས་མ་བཤད་དོ།། ཐོས་པ་ལས་བྱུང་བ་ལ་སོགས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་ཡིད ་ཆེས་པའི་གསུང་རོབ་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡིད་ཆེས་པ་ཚད་མར་བྱེད་པའི་ཁོང་དུ་ཆུད་པ་སྐྱེ་བུ་གང་ཡིན་པ་དེ་ནི་ཐོ་པ་ལས་བྱུང་བ་ཞེས་བྱའོ།། རིགས་པས་རྟོགས་ཀྱི་ཁོང་དུ་ཆུད་པ་སྐྱེ་བ་གང་ཡིན་པ་དེ་ནཱ~ཾ། བསམས་པ་ལས ་བྱུང་བ་ཞེས་བྱའོ།། ཏིང་འཛིན་གྱི་སྟོབས་ཀྱིས་བསྐྱད་པ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བ་ཞེས་བྱའོ།། ཚད་མར་གྱུར་བའི་སྐྱེས་བུ་ནི་ཡིད་ཆེས་པོ་ཞེས་བྱའོ།། ངེས་པར་སེམས་པ་ནི་སྤྱོད་པའི་རིགས་པ་མ་ཡིན་པའི་རབ་ཏུ་དབྱེ་བ་བསྟན ་པའི་ཕྱིར། རིགས་པ་མ་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཡང་དག་པ་མ་ཡིན་པ་ལ་བཅུག་པའི་ཏིང་ངེ་འཛིན་ནི། ལོག་པར་བསམས་པ་ཞེས་བྱའོ།། ལྷག་མ་ནི་གོ་སླ་བས་མོ་བཤད་དོ།། བསྐྱེད་པའི་དོན་བསྟན་པའི་ཕྱིར། རིགས ་བཱ་མ་ཡིན་པ་དེས་བསྐྱེད་པ་ནི་ཞེས་བྱ་བ་ལ་སོགས་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། རྣམ་པ་གསུམ་པ་བསྟན་པའི་ཕྱིར། སྐྱེ་བས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལྷན་ཅིག་སྐྱེ་བའི་ཤེས་རབ་ཀྱིས་དངོས་པོ་ཁོང་དུ་ཆུད་པ་གང ་ཡིན་པ་དང་། འཇིག་རྟེན་པའི་ཐ་སྙད་ལྟོ་བ་དང་། འཚེད་པ་ལ་སོགས་པ་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་རིགས་པས་བསྐྱེད་པ་ཡང་མ་ཡིན། མི་རིགས་པས་བསྐྱེད་པ་ཡང་མ་ཡིན་པ་ཞེས་བྱའོ།། སྐྱེ་བས་འཐོབ་པ་ཞེས་བྱ་བ་ནི། སྐྱེས ་ནས་འཐོབ་པས་སྐྱེ་བས་འཐོབ་པ་སྟེ། དེ་འདི་ལ་ཡོད་པས་སྐྱེས་པས་འཐོབ་པ་སྟེ། ལྷན་ཅིག་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ།། བསྐྱེད་ཅེས་བྱ་བ་ནི་བསྐྲུན་པ་དང་བྱས་ཤེས་བྱ་བའི་བར་དུའོ།། འདི་བ་ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས ་པབསྨྲས་སོ།། འདིའི་ལས་ནི་ཐེ་ཚོམ་ཟློག་པ་སྟེ། འདི་ལྟར་ཤེས་རབ་ཀྱིས་ཆོས་རྣམས་རབ་ཏུ་རྣམ་པར་ཕྱེ་ནས་ངེས་པ་འཐོབ་བོ།། ངེས་པ་འཐོབ་ནས་ཐེ་ཚོམོ་ལྡོག་གོ།། ཅི་འདི་དག་ལྷན་ཅིག་འབྱུང་ངམ། འོན་ཏེ་རེརེ་འབྱུང་སྙམ་པ་ལ། ཆོས་ལྔ་པོ་དེ་དག་ནི་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ལྔ་པོ་དེ་དག་ཕན་ཚུན་ཐ་དད་དུ་གྱུར་ནས་སྐྱེ་བ་ཡིན་གྱི། ལྷན་ཅིག་སྐྱེས་པའི་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་ན་གང་ལ་སེམས་མོས་པ་དེར་གཞན་དག་གདོན་མི་ཟ་བར་འབྱུང་བ་མ་ཡིན་ནོ།། དེ་བཞིན་དུ་གཞན ་དག་ལ་ཡང་བརྗོད་པར་བྱའོ།། བསམས་པ་དང་། ངེས་པ་དང་། འདྲིས་པ་དང་། བརྟག་པ་མོས་པས་ནི་འདི་དག་གི་ཡུལ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡིན་ཏེ། འདི་ལྟར་མ་བསམས་པ་ལ་འདུན་པ་མེད་དོ།། ངེས་པ་མ་ཡིན་པ་ལ་མོས་པ་མེད་དོ།། ་མ་དྲིས་པ་ལ་དྲན་པ་མེད་དོ།། བརྟག་པ་མ་ཡིན་པ་ལ་ཏིང་ངེ་འཛིན་དང་ཤེས་རབ་མེད་དོ།། ཁ་ཅིག་ནི་ཚིག་འདི་གཞན་དུ་འདོད་དེ། ཆོས་ལྔ་པོ་དེ་དག་ནི་ཕན་ཚུན་ཐ་དད་པ་མ་ཡིན་པར་གྱུར་ནས་འབྱུང་ངོ་།། དེ་ལྟར་ན་གང་དུ ་མོས་པ་དང་གཞན་དག་ཀྱང་གདོན་མི་ཟ་བར་འབྱུང་ངོ་ཞེས་དྲི་སྐདདུ་ལོག་པར་འདུན་ཏེ། འདི་ལྟར་གང་གི་ཚེ་མ་འོངས་པའི་དངོས་པོ་ལ་འདོད་པ་སྐྱེ་བ་དེའི་ཚེ་དེ་ལ་དྲན་པ་མེད་དེ། དེའི་ཡུལ་ནོ་མྱོང་བ་ཡིན་པའི་ཕྱིར་རོ།། གང་གི་ཚེ་བརྟག་པ་མ་ཡིན་པའི ་དངོས་པོ་ལ་འདུན་པ་ལ་སོགས་པ་འབྱུང་བ་དེའི་ཚེ། དེ་ལ་ཏིང་ངེ་འཛིན་མེད་དེ། དེའི་ཡུལ་ནི་བརྟག་པའི་དངོས་པོ་ཡིན་པའི་ཕྱིར་རོ།། གང་གི་ཚེ་ངེས་པའི་མ་ཡིན་པའི་དངོས་པོ་ལ་བདུན་པ་ལ་སོགས་པ་དང་འབྱུང་བ་དེའི་ཚེ། དེ་ལ་མོས་པ་མེད་དེ། ་དེའི་ཡུལ་ནི་ངེས་པའི་དངོས་པོ་ཡིན་པའི་ཕྱིར། དེའི་ཕྱིར་ཕན་ཚུན་ཐ་དད་པ་མ་ཡིན་པར་གྱུར་ནས་འབྱུང་ངོ་།། ཞེས་བྱ་བ་ཇི་ལྟར་འགྱུར། འོག་མ་དང་མཚམས་སྦྱར་བ་བསྟན་པའི་ཕྱིར། བྱེ་བྲག་ཏུ་ངེས་པ་རྣམས་བཤད་ཟིན་ཏོ་ཞེས་བྱ་བ་ལ་སོགས ་པ་སྨྲས་ཏེ། ད་ནི་གོ་སླ་བས་མྲ་བཤད་དོ།། དགེ་བ་དགྲ་བསྟན་པའི་ཕྱིར། དང་དང་ངོ་ཚ་ཁྲེལ་ཡོད་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་དག་གི་གྲངས་བསྟན་པོའི་ཕྱིར། ད་དྲག་ནི་ཆོས་བཅུ་གཅིག་གོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ན་གོ ་སླ་བས་མ་བཤད་དོ།། དད་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་དང་པོ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དགེ་བ་དང་མི་དགེ་བའི་ལས་རྣམས་དང་། འདོད་པ་དང་མི་འདོད་པའི་འབྲས་བུ་རྣམས་དང་། སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་དང་། ་རྫོགས་པའི་སངས་རྒྱས་ལ་སོགས་པ་དཀོན་མཆོག་རྣམས་ལ་ཡིད་ཆེས་པ་གང་ཡིན་པ་དང་། དང་པ་གང་ཡིན་པ་དང་། འདོད་པ་གང་ཡིན་པ་དེ་དང་པ་སྟེ། འདི་ལྟར་དད་པ་ནི་རྣམ་པ་གསུམ་དུ་འགྱུར་རོ།། ཡིད་ཆེས་པ་ལ་སོགས་པའི་ཡུལ་གྱི་རྣམ ་པར་དབྱེ་བ་བསྟན་པའི་ཕྱིར། དངོས་པོ་ཡོད་པ་ཡོན་ཏན་ཅན་ནམ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡོན་ཏན་ཅན་ནམ་ཡོན་ཏན་ཅན་མ་ཡིན་པའང་རུང་སྟེ། དངོས་པོ་ཡོད་པ་གང་ཡིན་པ་དེ་ལ་ཡོད་པ་ཉིད་དུ་ཡིད་ཆེས་པའི་རྣམ་པའི་དད་པ་དང་། དངོས ་པོ་ཡོད་པ་ཡོན་ཏན་དང་ལྡན་པ་གང་ཡིན་པ་དེ་ལ་དང་བའི་རྣམ་པ་དང་། དངོས་པོ་ཡོད་པ་ཡོན་ཏན་ཅན་ཐོབ་པར་བྱེད་དམ། སྐྱེད་ནུས་པ་གང་ཡིན་པ་དེ་ལ་འདོད་པའི་རྣམ་པའོ།། དང་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། སེམས་དང་བ་ཞེས་བྱ་བ་ལ་སོགས་པ ་སྨྲས་སོ།། འདི་ལྟར་དང་བ་ནི་སེམས་ཀྱི་རྙོག་པ་དང་མི་མཐུན་པ་སྟེ། དེའི་ཕྱིར་དེ་དང་མཚུངས་པར་ལྡན་ན་ཉོན་མོངས་པ་དང་ཉེ་བར་ཉོན་མོངས་པ་ཞེས་པའི་དྲི་མའི་རྙོག་པ་མེད་པས། སེམས་དང་བ་ལ་བརྟེན་ཏེ་དང་བར་འགྱུར་རོ།། དེ་ལྟ་བས་ན་སེམས ་དང་བཱ་ཞེས་བྱའོ།། སེམས་ཀྱི་རྙོག་པའི་སྒྲ་ནི་ཉོན་མོངས་པའི་བག་ཆགས་ལ་བྱའོ།། འདིའི་ལསྡེ་བསྟན་པའི་ཕྱིར། དེ་ནི་འདུན་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་སོ།། འདི་ནི་འཇུག་པར་འདོད་པ་བསྐྱེད་པའི་ལས་ཅན་ཏེ། འདི་ལྟར་ཡིད་ཆེས་པར ་གྱུར་ཅིང་། ནུས་པའི་དངོས་པོ་འདོད་པ་སྐྱེས་ནས་འཇུག་པ་ལ་འདུན་པར་བྱེད་དོ།། ངོ་ཚ་ཤེས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། ངོ་ཚ་ཤེས་པ་ནི་ཞེས་བྱ་བ་ལ་སོ་གོས་པ་སྨྲས་ཏེ། བདག་དང་ཆོས་ལ་བལྟོས་ནས་ཁ་ན་མ་ཐོ་བས་མཛེམ་པ་སྐྱེ་བ་གང ་ཡིན་པ་དེ་ངོ་ཚ་ཤེས་པ་ཞེས་བྱའོ།། ཁ་ན་མ་ཐོ་བ་ཇི་ལྟ་བུ་ཞིག་སྙམ་པ་ལ། དམ་པ་རྣམས་ཀྱིས་སྨད་པ་ཞེས་བྱ་བ་ལ་སོགས་པ་སྨྲསོ།། འདི་ལྟར་དམ་པ་རྣམས་ཀྱིས་སྨད་པ་དང་། རྣམ་པར་སྨིན་པ་མི་འདོད་པ་ཡིན་ཏེ། ་དེའི་ཕྱིར་སྡིག་པ་ཉིད་ཁ་ན་མ་ཐོ་བ་ཞེས་བྱ་བའོ།། བྱས་ཀྱང་རུང་མ་བྱས་རུང་། ཁ་ན་མ་ཐོ་བས་དེས་སེམས་ཞུམ་པ་སྐྱེ་བ་གང་ཡིན་པ་དེ་འཛེམ་པ་སྟེ། དེ་ཉིད་ངོ་ཚ་ཤེས་པ་ཞེ་བྱའོ།། འདིའི་ལས་བསྟན་པའི་ཕྱིར། འདི་ནི་ཞེ་བྱ་བ་ལ་སོགས ་བ་སྨྲས་ཏེ། ཉེས་པར་སྤྱད་པ་ཟློག་པའི་ལམ་ཅན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། ཁྲེལ་ཡོད་པའི་རང་གི་ངོ་བསྟན་པའི་ཕྱིར། ཁྲེལ་ཡོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འཇིག་རྟེན་ལ་བལྟོས་ནས་ཁ་ན་ཐོ་བས་འཛེམ་པ་གང་ཡིན་པ་དུ ་ནི་འཁྲེལ་ཡོད་པའོ།། འདི་ལྟར་འཇིག་རྟེན་ན་འདི་སྨད་པ་སྟེ། བདག་ལས་འདི་ལྟ་བུ་བྱེད་པར་རིག་ན་འཇིག་རྟེན་སྨད་པར་འགྱུར་ཏེ། དེའི་ཕྱིར་མི་སྙན་པའི་འཇིག་པས་ཁ་ན་མ་ཐོ་བ་ལ་འཛེམ་མོ།། སྨད་པ་ནི་བཤུང་བའོ།། ཚིགསུ་བཅད་པ་མ་ཡིན། ་པ་ནི་མི་སྙན་པའི་སྒྲར་བརྗོད་དོ།། ལས་བསྟན་པའི་ཕྱིར་འདི་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། མ་ཆགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆགས་པའི་གཉེན་པོར་གྱུར་པའི་ཆོས་གང་ཡིན་པ་དེ་ནི་མ་ཆགས ་བའོ།། ཆགས་པ་ཞེས་བྱ་བ་གང་ཡིན་པ་སྙམ་པ་ལོ།། ཆགས་པ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འཁོར་བ་དང་། འཁོར་བའི་ཡོ་བྱད་ལ་ཆགས་པ་དང་། སྨོན་པ་གང་ཡིན་པ་དེ་ཆགས་པའོ།། དེའི་གཉེན་པོ་ནི་མ་ཆགས་པའོ།། དེའི་ཕྱིར ་འཁོར་བ་དང་དེའི་ཡོ་བྱད་གླང་པོ་ཆེ་དང་། རྩཝ་ལ་སོགས་པ་ལ་མ་ཆགས་པ་དང་། མི་ཕྱོགས་པ་དང་མི་འདོད་པ་དང་། མི་སྨོན་པ་ནི་མ་ཆགས་པའོ་ཞེས་བསྟན་པར་འགྱུར་རོ།། ཞེ་སྡང་མེད་པ་བསྟན་པའི་ཕྱིར། ཞེ་སྡང་མེད་པ་ནི་ཞེས་བྱ་བ་ལ་སོགས་པ ་སྨྲས་ཏེ། ཀེ་སྡང་གི་གཉེན་པོར་གྱུར་པའི་ཆོས་བྱམས་པའི་ངོ་བོ་ཉིད་ནི་ཞེ་སྡང་མེད་པའོ།། ཞེ་སྡང་ཉིད་གང་ཡིན་སྙམ་པ་ལ། ཞེ་སྡང་ནི་ཞེས་བྱ་བ་ལ་སོགས་པ་། གནོད་པ་བྱེད་པའི་སེམས་ཅན་རྣམས་དང་། སྡུག་བསྔལ་རྣམས་དང་། སྡུག་བསྔལ ་གྱི་རྒྱ་དུག་དང་། ཆེར་མ་ལ་སོགས་པ་ལ་ཀུན་ནས་མནར་སེམས་པ་གང་ཡིན་པ་ཞེ་སྡང་ངོ་།། ཞེ་སྡང་མེད་པ་ནི་ཞེ་སྡང་གི་གཉེན་པོ་ཡིན་པས་སེམས་ཅན་རྣམས་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་རྣམས་ལ་ཀུན་ནས་མནར་སེམས་པ་མེད ་པོའི་ངོ་བོར་བལྟའོ།། ལས་བསྟན་པའི་ཕྱིར། འདི་ཡང་ཞེས་བྱ་བ་སོགས་པ་སྨྲས་ཏེ། དོན་ད་ནི་བརྡ་ཕྲད་པར་ཟད་དོ།། གཏི་མུག་མེད་པར་བསྟན་པའི་ཕྱིར། གཏི་མུག་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཏི་མུག་གི་གཉེན་པོར་གྱུར ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ངོ་བོ་ཉིད་ཀྱི་ཆོས་ལངོ་ཡིན་པ་དེ་ནི་འདིར་གཏི་མུག་མེད་པའོ།། གཏི་མུག་ཉིད་གང་ཡིན་སྙམ་པ་ལ། ཀཽ་ཏི་མུག་ནི་ལས་དང་འབྲས་བུ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལས་ལ་སོགས་པ་མི་ཤེས ་པ་གང་ཡིན་པ་དེ་ནི་གཏི་མུག་གོ།། གཏི་མུག་མེད་པ་ནི་དེའི་གཉེན་པོ་ཡིན་པས། བདེན་པ་ལ་སོགས་པ་རྟོགས་པའི་ངོ་བོ་ཉིད་དུ་བལྟ་བར་བྱའོ།། འདི་ཡང་ཞེས་བྱ་བ་ལ་སོགས་པས་ནི་ལས་སྟོན་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། བརྩོན་འགྲུས་ཀྱི ་རང་གི་ངོ་བོ་བསྟན་པའི་ཕྱིར། བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ལེ་ལོའི་གཉེན་པོར་གྱུར་པ་དག་པའི་ལས་ལ་སེམས་སྔོ་བ་གང་ཡིན་པ་དེ་བརྟུན་འགྲུས་ཡིན་གྱི།། ཉོན་མོངས་པ་ཅན་གྱི་ཁམ ་ལ་སྤྲོ་བ་ནི་བརྩོན་འགྲུས་མ་ཡིན་ཏེ། གང་ཉོན་མོངས་པོ་ཅན་གྱི་ལས་ལ་སྤྲོ་བ་ནི་སྨོད་པའི་ཕྱིར། ལེ་ལོ་ཉིད་ཡིན་གྱི། བརྩོན་འགྲུས་མ་ཡིན་ནོ།། སྤྱད་པའི་དངོས་པོ་ལ་ཆགས་པའི་ཕྱིར་དེ་ཡིད་ལེ་ལོ་ཉིད་དོ།། དེའི་ཕྱིར་ལེ་ལོ་ནི་རྣམ་པ ་གཉིས་ཏེ། སྙོམས་ལས་ཀྱི་མཚན་ཉིད་ཉོན་མོངས་པ་ཅན་ལ་སྤྲོ་བའོ།། ལས་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལས་ནི་དགེ་པའི་ཕྱོགས་ཡོངས་སུ་རྫོག་པར་བྱེད་པ་དང་། ཡོངས་སུ་སྒྲུབ་པའོ།། ཤིན་ཏུ་སྦྱངས་པ ་ནི་གང་ཡིན་སྙམ་པ་ལ་ཤིན་ཏུ་སྦྱངས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནས་ངན་ལེན་གྱི་གཉེན་པོར་གྱུར་པ་ལུས་དང་སེམས་ལས་སུ་རུང་བ་ཉིད་གང་ཡིན་པ་དེ་ཤིན་ཏུ་སྦྱངས་པའོ།། གནས་ངན་ལེན་དེ་ཇི་ལྟ་ཞིག་སྙམ་པ་ལ། གནས ་ངན་ལེན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལུས་དང་སེམས་སུ་མི་རུང་བ་གཉིད་གནས་ངན་ལེན་ཅེས་བྱའོ།། ཡང་ན་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ས་བོན་ནི་གནས་ངན་ལེན་ཏོ།། ཅིའི་ཕྱིར་སྙམ་པ་ལ་དེ་མེད་ན་ཞེས་བྱ་བ་ལ ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་མེད་པར་གྱུར་ན་ཤིན་ཏུ་སྦྱང་བར་འགྱུར་ཏེ། དེའི་ཕྱིར་དེ་ཡང་གནས་ངན་ལེན་ཏོ།། ལུས་ལས་སུ་རུང་བ་ཉིད་གང་ཡིན་སྙམ་པ་ལ། དེ་ལ་ལུས་ལས་སུ་རུང་བ་ནི་ཞེས་བྱ་བ་ལ ་སོགས་པ་སྨྲས་ཏེ། ལུས་རང་གི་དགོས་པ་རྣམས་ལ་ལྡང་བ་ཡང་བ་གང་ལས་འབྱུང་བ་དེ་ལུས་ལས་སུ་རུང་བ་ཉིད་ཅེས་བྱའོ།། ལྡང་བ་ཡང་བ་ཞེས་བྱ་བ་བདེ་བའོ།། སེམས་ལས་སུ་རུང་བ་བསྟན་པའི་ཕྱིར། སེམས་ལས་རུང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ་ཡང་དག་པ་ཡིད་ལ་བྱེད་པ་ལ་ཞུགས་པའི་རྣལ་འབྱོར་པའི་སེམས་གང་ཡིན་པ་བསིམ་པ་དང་ཡང་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་གང་ཡིན་པ་དེ་སེམས་ལས་སུ་རུང་བ་ཉིད་དོ།། སིམ་པ་ནི་བདེ་བའོ་ཡང་བ་ནི་གསལ་བའོ།། ཅིའི་ཕྱིར་སྙམ་པ་ལ་དེ་དང ་ལྡན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སེམས་ལས་བྱུང་བ་དེང་ལྡན་ན་དམིགས་པ་ལ་སེམས་འཇུག་སྟེ། དེའི་ཕྱིར་དེ་མ་སེམས་ལས་སུ་རུང་བ་ཉིད་ཅེས་བྱའོ།། འདིར་ནི་སེམས་ལས་བྱུང་བའི་ཆོས་གཞན་ཤིན་ཏུ་སྦྱངས་པ་ཡིན་ན། ལུས་ཤིན་ཏུ་སྦྱངས ་པ་ཞེས་ཇི་སྐད་དུ་བྱ་ཞེ་ན། ལུས་ཀྱི་རག་བྱའི་ཁྱད་པར་ཞེས་བྱ་བ་ལ་སོགས་སྨྲས་ཏེ། ལུས་ཀྱི་རེག་བྱའི་ཁྱད་པར་ཉིད་འགའ་ཞིག་དགའ་བས་ཟིན་པ་ལ་ལུས་ཤིན་ཏུ་སྦྱངས་པར་བྱའོ།། སོའི་ཕྱིར་སྙམ་པ་ལ་ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས ་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གང་གི་ཚེ་ཡིད་དགའ་བར་གྱུར་པ་དེའི་ཚེ་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་མདོ་ལས་གསུངས་སོ།། འདིའི་ལས་བསྟན་པའི་འདི་ནི་དེའི་དབང་གིས་ཞེས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཤིན་ཏུ ་སྦྱངས་པའི་དབང་གི་གནས་འགྱུར་ཏེ། ངོ་ཕྱིར་འདིར་ལས་ནི་པ་ཡིས་པ་ལུས་པར་སེལ་བའོ།། ངག་ཡོད་བཅས་པ་ནི་ཞེས་བྱ་བ་ལ་སོགས་པཟླས་ཏེ། ད་ནི་གོ་རྨ་བས་མ་བཤད་དོ།། རྣམ་པར་སྒྲུབ་པ་ཙམ་གྱིས་འདིའི་རང་གང་བ་མ་ཤེས ་པས། དེ་ཡང་གང་ཞེ་ན་ཞེས་འདྲིའོ།། གྲུབ་པའི་མཐད་སྨྲ་བས་བཏང་སྙོམ་སོ་ཞེས་སྨྲས་ཏེ། བཏང་སྙོམས་ནི་འདྲིར་བག་ཡོད་པ་དང་བཅས་པར་འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ།། གཞན་གྱིས་གཏན་ཚིག་འདྲི་བའི་ཕྱིར། ་དེ་ཅིའི་ཕྱིར་ཞེས་སྨྲས་པ་དང་། གྲུབ་པའི་མཐའ་སྨྲ་པ་གཏན་ཚིགས་བསྟན་པའི་ཕྱིར། གཅིག་ཏུ་དགལ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་བཏང་སྙོམས་ནི་གཅིག་ཏུ་དགེ་བ་དང་། འདིར་སེམས་ལས་བྱུ་ལ་དགེ་བ་ཐམས་ཅན་བསྟན ་པའི་དབང་དུ་བྱས་པ་དང་། དད་པ་ལ་སོགས་པ་བཞིན་དུ་འདིར་དངོས་སུ་མ་བསྟན་པ་དང་། སེམས་ལས་བྱུང་བ་དགེ་ཅུ་གཅིག་ལ་མ་གཏོགས་པར་སེམས་ལས་བྱུང་བ་དགེ་པ་གཞན་མི་སྲིད་པས། དེའི་ཕྱིར་ལྷག་ལོ་མ་ལུས་པ་ནི་བཏང་སྙོམས ་ཉིད་དེ། བག་ཡོད་པ་དང་བཅས་པའི་སྒྲར་བརྗོད་དོ།། དེ་ནི་འདི་སྐད་དུ་ཡོངས་ནི་བཏང་སྙོམས་གཏོགས་པ་དགེ་བ་བཅུ་གཅིག་ཡོད་ན། དེ་ལ་བཅུ་ནི་དྲང་ནས་བཟུང་བའི་ཚུལ་གྱིས་བཤད་ཟིན་ལ། བཏང་སྙོམས་ནི་འདིར་རང་གི་མིང་གིས་མ་བསྟན་ཏེ། དེའི ་ཕྱིར་དེ་ཉིད་འདིར་བག་ཡོད་པ་དང་བཅས་པའི་སླར་བརྗོད་དོ་ཞེས་བསྟན་པར་འགྱུར་རོ།། བག་ཡོད་པ་གང་ཡིན་སྙམ་པ་ལ་དེ་ལ་བག་ཡོད་པ་ནི་བག་མེད་པའི་གཉེན་པོའོ་ཞེས་བྱ་བ་སྨྲས་སོ།། དེ་ཉིད་དགྲོལ་བའི་ཕྱིར་མ་ཆགས་པ་ནས་བརྩོན་འགྲུས ་ཀྱི་བར་ནི་བག་ཡོད་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་མ་ཆགས་པ་ལ་སོགས་པ་ལ་གནས་ནས་མི་དགེ་བའི་ཆོས་རྣམས་སྤོང་ཞིང་མི་དག་པའི་ཆོས་ཀྱི་གཉེན་པོར་གྱུར་པ། དགེ་བའི་ཆོས་རྣམས་ཀྱང་སྒོམ་པ་མ་ཆགས་པ ་ལ་སོགས་པ་དེ་དག་ནི་བག་ཡོད་པའི་སྒྲར་བརྗོད་དོ།། དེ་བས་ན་འདི་ནི་བག་མེད་པའི་གཉེན་པོ་ཉིད་ཡིན་ནོ།། འདི་ལྟར་དེ་ནི་བག་མེད་པ་ལས་བཟློག་པ་སྟེ་འདིའི་བཟློག་པ་བརྗོད་དོ།། ལས་བསྟན་པའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཡོང་སུ་རྫོགས་པར་བྱེད་པའོ།། བཏང་སྙོམས་གང་ཡིན་སྙམ་པ་ལ། བཏང་སྙོམས་ནི་སེམས་མཉམ་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བྱིང ་བ་དང་རྒོད་པ་དང་བྲལ་ནས་སེམས་མཉམ་པ་ཉིད་གང་ཡིན་པ་དང་། བསྟིམ་མི་དགོས་པར་སེམས་རང་གི་རང་གིས་རྣལ་དུ་འདུག་པར་འཇུག་པ་གང་ཡིན་པ་དང་། བླང་བ་དང་རྒོད་པའི་གཉེན་པོ་མཆོག་ཏུ་དགའ་བ་དང་། ཀུན་ཏུ་སྐྱོ་བ་ཡིད་ལ་བྱེད་པ་དག ་ལ་རྩོལ་མི་བྱེད་དེ། སེམས་ལྷུན་གྱིས་གྲུབ་པ་གང་ཡིན་པ་དེ་བཏང་སྙོམས་སོ།། ཚིག་འདི་ཉིད་ཅི་དགོས་སྙམ་པ་ལ། ཚིག་འདི་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། སེམས་མཉམ་པ་ཉིད་ཅེས་བྱ་བ་འདི་གང་ཡིན ་སྙམ་པ་ལ། དེ་ལ་བྱིད་པ་དང་རྒོད་པ་ནི་སེམས་མི་མཉམ་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་སེམས་བྱིང་བ་འམ་རྐེད་པར་གྱུར་པ་དེའི་ཚེ་མི་མཉམ་པ་ཞེས་བྱའོ།། གང་གི་ཚེ་བྱིང་པ་དང་རྒོད་པ་མེད་དེ། ཐོག་མར་སེཾས་བྱིང་བ་སྔམ་ཡིད་རྒོད་པ་ཡང་མ ་ཡིན་པར་གྱུར་པ་དེའི་ཚེ་མཉམ་པ་ཞེས་བྱ་སྟེ། འདི་ནི་སེམས་མཉམ་པ་ཉིད་དོ།། སེམས་རྣལ་དུ་འདུག་པ་ཉིད་བསྟན་པའི་ཕྱིར། དེའི་འོག་ཏུ་མངོན་པར་འདུ་བྱེད་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་མཉམ་པ་ཉིད་ཀྱི་ལོག་ཏུ་བསྒྲིམ་མི ་དགོས་པར་སེམས་མཉམ་པར་བཞག་པའ་རྣལ་འབྱོན་གྱི་རྗེ་སུ་མཐུན་པར་མཉམ་པ་ཉིད་དུ་འཇུག་པ་གང་ཡིན་པ་དེ་སེམས་རྣལ་དུ་འདུག་པ་ཉིད་དོ།། དེའི་དུས་ན་རྣལ་འབྱོར་བ་ལ་བྱིང་བ་དང་རྒོད་པ་མི་མཉམ་པ ་ཉེས་པའི་བདག་ཉིད་དེ་དག་ཡང་འབྱུང་བར་མི་འགྱུར་གྲང་སྙམ་དུ་དེ་ལྟ་བུའི་ངོགས་པ་ཡོད་དེ། འདི་ལྟར་མཉམ་པ་ཉིད་དེ་ནི་གདོད་ཐོབ་མ་ཐུག་སྟེ། རིང་པོར་གོམ་པར་བྱས་པས་དེའི་ཕྱིར་དོགས་པ་ཡོད་པ་སྲིད་དོ།། སེམས་ཀྱིས་ལྷུན་གྱིས་གྲུབ་པ་བསྟན་པའི་ཕྱིར།། ་དེའི་འོག་ཏུ་སྒོམ་པ་ཁྱད་ཞུགས་པར་གྱུར་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེའི་འོག་ཏུ་གང་གི་ཚེ་སྒོམ་པ་ཁྱད་ཞུགས་པར་གྱུར་པ་དེའི་ཚེ་དེའི་མི་མཐུན་པའི་ཕྱོགས་བྱིང་བ་དང་རྒོད་པ་ཐག་རིང་དུ་གྱུར་པས་མི་མཉམ་པའི་དོགས་པ་མི་འབྱུང་ངོ་།། དེའི་ཕྱིར ་བྱིང་པ་དང་རྒོད་པའི་གཉེན་པོའི་རྒྱུ་མཆོག་ཏུ་དགའ་བ་དང་། ཀུན་དུ་སྐྱོ་བ་ཡིད་ལ་བྱེད་པ་རྣམས་ལ་རྣལ་འབྱོར་པ་རྩོལ་བར་མི་བྱེད་དོ།། རྣལ་འབྱོར་པ་རྩོལ་བར་མི་བྱེད་དེ། སེམས་ལྷུན་གྱིས་གྲུབ་པར་གནས་པའི་དུས་གང་ཡིན་པ་དེ་སེམས་ལྷུན་གྱིས་གྲུབ་པ་ཉིད་ཅེས ་བྱའོ།། བདིའི་ལས་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིའི་ལས་ནི་ཉོན་མོངས་པོ་དང་ཉེ་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་སྐབས་མི་འབྱེད་པའི་རྟེན་བྱེད་པའོ།། རྣམ་པར་མི་འཚོ་བ་གང་ཡིན་སྙམ་པ་ལ། རྣམ ་པར་མི་འཚེ་བ་ནི་རྣམ་པར་འཚེ་བའི་གཉེན་པོ་སྟེ་ཞེས་བྱ་བ་སྨྲས།། དེ་དགྲོལ་བའི་ཕྱིར་གསོད་པ་དང་འཆིང་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བསོད་པ་དང་འཆིང་བ་ལ་སོགས་པ་གནོད་པའི་རྒྱུ་རྣམས་ཀྱིས་སེམས་ཅན་རྣམས་ལ་གནོད་པ་མི་བྱེད་པ་ནི་མཐོ་མ་འཚམ ་པས་རྣམ་པར་འཚེ་བ་ཞེས་བྷ་གཱ། དེ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་བའོ།། འདིའི་རྣམ་པར་བསྒྲུབ་པར་བྱ་བའི་ཕྱིར། བསོད་ཉམས་སེལ་བས་སྙིང་རྗེ་བའོ་ཞེས་བྱ་བ་སྨྲ་སོ།། བསོད་ཉམས་ཀྱི་སྠ་ནི་ད་པ་ལ་བྱཱ་སྠཱ། དེའི་ཕྱིར་འད་པ་པ་ལ་ཅོས་བརྟན་པ་ཡིན་ན། ་སེལ་ཅེས་བྱ་བ་ནི་སྤོང་བའོ།། དེ་ཇི་ལྟར་ཤེས་སྙམ་པ་ལ། སྙིང་རྗེ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སྙིང་རྗེ་ཅན་གང་ཡིན་པ་ནི་ཕ་རོལ་གྱི་སྡུག་བསྔལ་ཐམས་ཅད་ཀྱིས་སྡུག་བསྔལ་བར་འགྱུར་ཏེ། དེའི་ཕྱིར་སྙིང་རྗེས་བདེ་བ་སལ་ཏོ།། འདིའི་ལས་བསྟན་པའི ་ཕྱིར་འདི་ནི་རྣམ་པར་མཐོ་མི་མཚམ་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། འདིའི་ལོས་ནི་སེམས་ལ་རྣམ་པར་མཐོ་མི་མཚམས་པའོ།། འོག་མ་དང་མཚམས་སྦྱར་བའི་ཕྱིར། དགེ་པ་བཅུ་གཅིག་བཤད་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། ཉོན་མོངས་པ་རྣམ ་བསྟན་པའི་ཕྱིར་ཉོན་མོངས་ནི་འདོད་ཆགས་ཁོང་ཁྲོ་གཏི་མུག་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཚིག་སྡུད་པ་བསྟན་པའི་ཕྱིར། འདོད་ཆགས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། འདོད་ཆགས་གང་ཡིན་སྙམ་པ་ལ་དེ་ལ ་འདོད་ཆགས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྲིད་པ་དང་ལོང་སྤྱོད་རྣམས་ལ་ལྷག་པར་ཆགས་པ་གང་ཡིན་པ་དང་། སྨོན་པ་གང་ཡིན་པ་དེ་འདོད་ཆགས་ཞེས་བྱ་སྟེ། དེ་ལྟར་བྱུང་བ་རྣམས་ལ་ལྷག་པར་ཆགས་སོ།། མ་འོངས་པ་རྣམས་ལ་ནི ་སྨོན་ཏོ།། འདིའི་ལ་པོ་སྟན་པའི་ཕྱིར།། དེ་ནི་སྡུག་བསྔལ་སུནི་སྐྱེད་པོའི་ལས་ཅན་ཏེ་ཞེས་བྱ་བ་སྨྲས་སོ།། དེ་ཉིད་དགྲོལ་བའི་ཕྱིར། སྡུག་བསྔལ་ནི་འདིར་ཞེས་བྱ་བོ་ལ་སོགས་པ་སྨྲས་ཏེ། སྡུག་བསྔལ་གསུམ་དང་ལྡན་པའི་ཕྱིར། ཕུང་པོ་ལྔ་ནི ་གསུམ་དུ་ཅི་རིགས་པར་སྡུག་བསྔལ་བར་འདོད་དོ།། འདིས་སྲིད་པ་གསུམ་དུ་སྐྱེ་བ་འམ། ཡང་སྲིད་པའི་ལས་འབྱུང་བར་བྱེད་པས། སྲེད་པ་ལ་ཉེ་བར་ལེན་པ་ཞེས་བྱ་སྟེ། ཉེ་བར་ལེན་པ་དེས་བསྐྱེད་པ་འམ། དེ་ལ་རགས ་ལས་ཏེ་འབྱུང་བའམ། དེ་དག་ལས་ཉེ་བར་ལེན་པ་འདི་འབྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱའོ།། ཕུང་པོ་དེ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པའི་ད་བང་གིས་མངོན་པར་འགྲུབ་པས། དེའི་ཕྱིར་འདོད་ཆགས་ཀྱི ་ལས་ནི་སྡུག་བསྔལ་ཀུན་སྐྱེད་པར་བཤད་དོ།། ཁོང་ཁྲོ་བ་གང་ཡིན་སྙམ་པ་ལ་ཁོང་ཁྲོ་བ་ནི་སེམས་ཅན་ཀུན་ལ་ཀུན་ནས་མནར་སེམས་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་ཅན་རྣམ་ལ་ཀུན་ནས་མནར་སེམས་པ་གང་ཡིན་པ་དང་། སེམས ་ཅན་རྣམས་ལ་སེམས་རྩུབ་པ་གང་ཡིན་པ་དང་། གང་གིས་ནོན་ན་སེམས་རྣམས་ལ་གསད་པ་དང་བཅིང་པ་ལ་སོགས་པས་གནོད་པར་བྱ་བར་སེམས་པ་དེ་ཁོང་ཁྲོ་བའོ།། འདིའི་ལས་བསྟན་པའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲསོ།། དེ་དགྲོལ ་བའི་ཕྱིར་རེག་པ་ནི་བདེ་བ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ད་ནི་གོ་སླ་བས་མ་བཤད་དོ།། དེ་ཇི་ལྟར་ཤེས་སྙམ་པ་ལ་ཀུན་ནས་མནར་སེམས་ཀྱི་སེམས་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སྡང་བའི་སེམས་ཡོད ་ན་གདོན་མི་ཟ་བར་སྡུག་བསྔལ་དང་ཡིད་མི་བདེ་བ་ཀུན་ཏུ་འབྱུང་ངོ་།། དེ་ཀུན་ཏུ་བྱུང་ན་སེམས་ལ་གདུང་བར་འགྱུར་རོ།། སེམས་ལ་གདུང་བར་གྱུར་ན་དེའི་རྗེ་སུ་འགྱུར་བའི་ཕྱིར་ལུས་ལ་ཡང་གདུང་བ་འགྱུར་ཏེ། དེའི་ཕྱིར་དེ་སྤྱོད་ལམ་ཐམས ་ཅད་དུ་སྡུག་བསྔལ་དང་བཅས་ཤིང་འཕོངས་དང་བཅས་པར་གནས་པར་འགྱུར་རོ།། ཞེས་འགྲས་པའི་སེམས་གང་ཡིན་པ་དེ་ནི་ཉེས་པར་སྤྱོད་པ་གང་དང་ཡང་རིང་བ་མ་ཡིན་ཏེ། དེའི་ཕྱིར་ཇི་སྐད་བརྗོད་པ་དེ་ནི་ཁོང་ཁྲོ་བའི་ལས་སུ་བཤད་དོ།། ་གཏི་མུག་གང་ཡིན་སྙམ་པ་ལ། གཏི་མུག་ནི་ངན་སོང་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ངན་སོང་ལ་སོགས་པ་མི་ཤེས་པ་གང་ཡིན་པ་དེ་གཏི་མུག་གོ། རྒྱུ་དང་འབྲས་བུར་འབྲེལ་པ་ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་ལ། དགེ་བའི ་འབྲས་བུ་འདོད་པ་དང་མི་དགེ་བའི་འབྲས་བུ་མི་འདོད་པ་ནི་ཕྱིན་ཅི་མ་ལོག་པ་ཉིད་དོ།། འདིའི་ལས་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། དེ་ལ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་བདག་ཉིད་ནི་ཞེས་བྱ་བ ་ལ་སོགས་པ་སྨྲས་ཏེ། ཉོན་མོངས་པའི་བདག་ཉིད་དང་། ལས་ཀྱི་བདག་ཉིད་དང་སྐྱེ་བའི་བདག་ཉིད་ནི་ཀུན་ནས་ཉོན་མོངས་པོ་རྣམ་པ་གསུམ་མོ།། ཀུན་ནས་ཉོན་མོངས་པ་དེ་རྣམ་པ་གསུམ་ལས། ཀུན་ནས་ཉོན་མོངས་པ་སྔ་མ་སྔ་མར་རྒྱུར ་གྱུར་པ་ལས། ཀུན་ནས་ཉོན་མོངས་པ་ཕྱི་མ་ཕྱི་མའི་བདག་ཉིད་རྙེད་པ་དེ་འབྱུང་བ་ཞེས་བྱ་བ་བརྗོད་དོ།། དེ་འབྱུང་བའི་རྟེན་བྱེད་པ་ནི་འདི་ལྟར་རིག་པར་བྱ་སྟེ། འདི་ལྟར་རྨོངས་པར་གྱུར་ན་ལོག་པར་ཤེས་པ་ལ་སོགས་པ་ཀུན་ནས་ཉོན་མོངས་འབྱུང་གི། ་རྨོངས་པར་མ་གྱུར་ན་མི་འབྱུང་ངོ་།། ང་རྒྱལ་གང་ཡིན་སྙམ་པ་ལ། ང་རྒྱལ་ཞེས་བྱ་བ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། ང་རྒྱལ་ཞེས་བྱ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ང་རྒྱལ་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས ་འབྱུང་ངོ་།། འདིའི་ངོ་བོ་ཉིད་ནི་སེམས་ཁེངས་པའི་ངོ་བོ་ཉིད་དོ།། འཇིག་ཚོགས་ལ་ལྟ་བ་ལ་ང་རྒྱལ་གནས་ཞེས་བྱ་བ་འདི་ཅིའི་ཕྱིར་སྙམ་པ་ལ། འདི་ལྟར་ཕུང་པོ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར ་ཕུང་པོ་རྣམས་ལ་བདག་གམ་བདག་གི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས་འདི་ནི་ང་སྟེ་འདི་ལྟར་མཁས་སོ།། འདི་ནི་ངའི་སྟེ་འདི་ལྟར་ཕྱུག་གོ་སྙམ་པ་ལ་སོགས་པའི་བྱེ་བྲག་གི་བདག་ཁེངས་ཤིང་གཞན་དག་ལ་ལྷག་པར་རློམ་སེམས་པ་སྟེ། དེའི་ཕྱིར་ང་རྒྱལ ་ནི་འཇིག་ཚོགས་ལ་གནས་ཞེས་བྱའོ།། འདིའི་ལས་བསྟན་པའི་ཕྱིར། དེ་ནི་མི་གུས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིའི་ལས་ནི་མི་གུས་པ་དང་། སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའོ།། མི་གུས་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞིག་སྙམ་པ་ལ། ་མི་གུས་པ་ནི་བླ་མ་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སློབ་དཔོན་ལ་སོགས་པ་བླ་མ་རྣམས་དང་། དེ་ལས་གཞན་པ་གང་ཟག་ཡོན་ཏན་ཅན་རྣམས་ལ་འགྱིང་ཞིང་། ལུས་དང་ངག་གི་སྲི་ཞུ་མི་བྱེད་པ་གང་ཡིན་པ་དེ་ནི་མི་གུས་པའོ།། འགྱིང་པ ་ཞེས་བྱ་བ་ནི་མི་འདོད་པའོ།། སྲི་ཞུ་མི་བྱེད་ཅེས་བྱ་བ་ནི་ལུས་མི་ལྡང་བ་དང་། ཚིག་གིས་ལེགས་པར་འོངས་སམ་ཞེས་བྱ་བ་ལ་སོགས་པ་མི་ཟེར་བའོ།། སྡུག་བསྔལ་འབྱུང་བ་ཞེས་བྱ་བ་འདི་གང་ཡིན་སྙམ་པ་ལ།། སྡུག་བསྔལ་འབྱུང་བ་ནི་ཞེས་བྱ་བ་ལ་སོགས ་པསྨྲས་ཏེ། ཚེ་གཞན་འབྱུང་བ་གང་ཡིན་པ་དེ་ནི་འདིར་སྔགས་བསྔལ་འབྱུང་ཞེས་བྱ་བར་འདོད་དོ།། འདིའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་དེ་ནི་དེ་སེམས་ཁེངས་པའི་རང་གི་ངོ་བོར་བྱེ་བྲག་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་ཁེངས་པའི་རང་གི་ངོ ་ངོར་བྱེ་བྲག་མེད་ཀྱང་། དེའི་རྒྱུའི་བྱེ་བྲག་གིས་རྣམ་པ་བདུན་དུ་ཐ་དད་དེ། ང་རྒྱལ་དང་ཆེ་ངའི་ང་རྒྱལ་དང་ཞེས་བྱ་བ་ལ་སོགས་པ་དེའི་དབྱེ་བ་སྟོན་ཏོ།། ང་རྒྱལ་གང་ཡིན་པ་ལ། རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་དམའ་བ་བས་ཞེས་བྱ་བ་ལ་སོགས་པ་སྨྲས། ་རིགས་ལ་སོགས་པས་དམའ་བ་བས་བདག་ཆེའོ་སྙམ་པ་འམ། རིགས་ལ་སོགས་པས་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་ང་རྒྱལ་ལོ།། རིགས་ལ་སོགས་པས་མཚུངས་པ་བས། གཏོང་བ་འམ་ཚུལ་ཁྲིམས་ལ་སོགས་པས་བདག་ཆེའོ། ་སྙམ་པ་འམ། རིགས་ལ་སོགས་པས་ཆེ་བ་ལ་ཤེས་རྒྱ་དང་ནོར་ལ་སོགས་པ་བདག་དང་མཚུངས་སོ་སྙམ་དུ་དེ་ལྟར་སེམས་ཁེངས་པ་གང་ཡིན་པ་དེའི་ཆེ་བའི་ང་རྒྱལ་ལོ།། རིགས་ལ་སོགས་པས་ཆེ་བ་བས་ཀྱང་། ཤེས་རྒྱ་དང་ནོར་ལ་སོགས་པས་བདག ་ཆེའོ་སྙམ་དུ་ད་ལྟར་སེམས་ཁེང་པ་གང་ཡིན་པ་དེ་ནི་ང་རྒྱལ་ལས་ཀྱང་ང་རྒྱལོ།། གསུམ་པ་དེ་དག་ནི་དངོས་པོ་བཅས་པ་སྟེ། འདི་ལྟར་དེ་དག་ནི་རིགས་ལ་སོགས་པ་ཡོད་པ་རྣམས་ལས་འབྱུང་ངོ་།། གཞན་དུ་ན་ནི་ལོགས་པའི་ང་རྒྱལ་དང་བྱེ་བྲག་མེད ་པར་འགྱུར་རོ།། དང་པོ་ནི་ཆུང་ངུ་ལས་བལྟོས། གཉིས་པ་ནི་མཚུངས་པ་ལས་བལྟོས།། གསུམ་པ་ནི་ཁྱད་པར་འཕགས་པ་ལས་བལྟས་ནས། བདག་ཁྱད་ཞུགས་པར་སེམས་པ་སྟེ། བྱེ་བྲག་གོ། ཤེས་རྒྱ་ནི་འདིར་རི་མོ་ལ་སོགས་པ་ལ་མཁས་པ་ལ ་བྱའོ།། ནོར་གྱི་སྒྲ་ནི་རྫས་ལ་བྱའོ།། ངའོ་སྙམ་པའི་ང་རྒྱལ་གང་ཡིན་སྙམ་པ་ལ། ངའོ་སྙམ་པའི་ང་རྒྱལ་ནི་ཞེས་པ་ལ་སོགས་པ་སྨྲས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཡང་དག་པའི་དོན་དུ་ན། བདག་དང་བདག་གི་མེད་པ་རྣམས་ལ་བདག ་དང་བདག་གིར་མངོན་པར་ཞེན་ནས། སེམས་ཁེངས་པ་གང་ཡིན་པ་དེ་ངའོ་སྙམ་པའི་ང་རྒྱལ་ཞེས་བྱའོ།། མངོན་པའི་ང་རྒྱལ་གང་ཡིན་སྙམ་པ་ལ། མངོན་པའི་ང་རྒྱལ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདོད་ཆགས ་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་དེ་ལས་བྱུང་བའི་ལུས་དང་ཡིད་ཀྱི་ལས་ནི་མེའི་ཆོས་སོ།། དེའི་གཉེན་པོར་གྱུར་པ་གང་བསམ་གཏན་དང་སྙོམ་པར་མཇུག་པ་ལ་སོགས་པ་ནི་མིའི་ཆོས་དེ་དག་ལས་བླ་མར་གྱུར་པ་དེ་ལས་ཁྱད་པར་ཞེས ་བྱ་སྟེ། ཁྱད་པར་དེ་ལྟ་བུ་མ་ཐོབ་པར་བདག་གིས་ཡང་དག་པར་ཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་མངོན་པའི་ང་རྒྱལ་ཞེས་བྱའོ།། ཅུང་ཟད་སྙམ་པའི་ང་རྒྱལ་གང་ཡིན་སྙམ་པ་ལ། ཅུང་ཟད་སྙམ་པའི་ང་རྒྱལ་ནི་ཞེས་བྱ་བ་སོགས་པ་སྨྲས ་ཏོ། རིགས་ལ་སོགས་པ་ཁྱད་ཆེས་འཕགས་པ་པས་རིགས་ལ་སོགས་པ་ཅུང་ཟད་ཅིག་གིས་བདུག་ཆུང་ངུ་སྙམ་དུ་སེམས་ཁེངས་པ་སྐྱེ་བ་གང་ཡིན་པ་དེ་ཆུང་ཟད་སྙམ་པའི་ང་རྒྱལ་ཞེས་བྱའོ།། ལྡོག་པའི་ང་རྒྱལ་གང་ཡིན་སྙམ་པ་ལ ་ལོག་པའི་ང་རྒྱལ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡོན་ཏན་མ་ཡིན་པ་དང་ལྡན་ལ། བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པ་སྐྱེ་བ་གང་ཡིན་པ་དེ་ལོག་པའི་ང་རྒྱལ་ཞེས་བྱའོ།། ཅིའི་ཕྱིར་ལོག་པའི་ང་རྒྱལ་ཞེས་བྱ་སྙམ་པ ་ལ། ཡོན་ཏན་མ་ཡིན་པ་ལ་ཞེས་བྱ་བ་ལ་སོགས་སྨྲས་ཏེ། ཚུལ་ཁྲིམས་འཆལ་པ་ལ་སོགས་པ་ནི་ཡོན་ཏན་མ་ཡིན་པ་སྟེ། དེ་ང་མི་སུ་ལ་ཡོད་པ་དེ་ཡོན་ཏན་མ་ཡིན་པ་དང་ལྡན་པའོ།། དེའི་ཕྱིར་བདག་ཡོན་ཏན་དང་ལྡན་ནོ་སྙམ་པ ་འདིས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་མེད་ཀྱང་། འདི་ལྟར་ཡོན་ཏན་དང་ལྡན་པར་ཁས་བླངས་པ་ཡིན་ཏེ། དེ་བས་ན་དངོས་པོ་མེད་པའི་ཕྱིར་ལོག་པའི་ང་རྒྱལ་ཞེས་བྱའོ།། ཉེས་པ་རྣམས་ཀྱི་གཞི་ཡིན་དུ་ཟིན་ཀྱང་། དེ་དག་ཡོན ་ཏན་མ་ཡིན་པས་ཡོན་ཏན་རྣམས་ལ་བལྟོས་ནས། དངོས་པོ་མེད་པ་ཉིད་ཡོད་པ་ཁོ་ནའོ།། དངོས་པོ་མེད་པས་ན་ཞེས་བྱ་བས་ནི་གཞི་མེད་པས་ནཱི་ཞེས་བྱ་བའི་ཐ་ཚིག་གོ། ལྟ་བ་གང་ཡིན་སྙམ་པ་ལ། ལྟ་བ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ ་སྨྲས་སོ།། ལྟ་བ་ཞེས་བྱ་བའི་སྤྱིར་བཤད་པ་བྱས་སུ་ཟིན་ཀྱང་ལྔ་ཁོ་ན་སྟེ། འཇིག་ཚོགས་ལྟ་བ་ཞེས་བྱ་བ་ལ་སོགས་པའི་ལྟ་བ་ལྔ་དང་སྦྱར་ཏེ། འདི་ལྟར་འདིར་ཉོན་མོངས་པ་སྐཔས་ཡིན་པའི་ཕྱིར་རོ།། དེ་དག་ནི་ཉོན་མོངས་པའི་ངོ་བོ་ཉིད་དེ། འཇིག་རྟེན ་པའི་ཡང་དག་པའི་ལྟ་བ་འམ་ཟག་པ་མེད་པ་ནི་མི་བཟུང་ངོ་།། ཅིའི་ཕྱིར་འདི་དག་གི་བྱེ་བྲག་འདི་བྱ་སྙམ་པ་ལ། དེ་དག་ནི་ཉོན་མོངས་པ་ཅན་དང་རྟོག་པའི་ཚུལ་དུ་བྱེ་བྲག་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དག་ཉོན་མོངས་པ་ཅན་དང་རྟོགསའི ་ཚུལ་དུ་བྱེ་བྲག་མེད་དུ་ཟིན་ཀྱང་། དམིགས་པའི་བྱེ་བྲག་དང་རྣམ་པའི་བྱེ་བྲེགས་གིས་ཕན་ཚུན་ཐ་དད་དོ།། འཇིག་ཚོགས་ལ་ལྟ་བ་གང་ཡིན་སྙམ་པ་ལ། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉེ་བར་ལེན་པའི་ཕུང་པོ ་ལྔ་པོ་དག་ལ། བདག་གི་རྣམ་པ་དང་། བདག་གི་བའི་རྣམ་པར་མཐོང་བ་གང་ཡིན་པ་དེ་འཇིག་ཚོགས་ལ་ལྟ་བའོ།། ཟག་པ་དང་བཅས་པའི་ཕུང་པོ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱའོ།། མཐར་འཛིན་པར་ལྟ་བ་གང་ཡིན་སྙམ་པ་ལ། ་མཐར་འཛིན་པར་ལྟ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ། བདག་དང་བདག་གིར་སྔར་བཟུང་བ་རྣམས་ལ་ཕྱིས་ཆད་པའི་རྣམ་པའམ། རྟག་པའི་རྣམ་པར་མཐོང་བླ་གང་ཡིན་པ་དེ་མཐར ་འཛིན་པར་ལྟ་བའོ།། འཛིན་པ་སྔོན་དུ་གཏོང་བའི་ལྟ་བ་ནི་མཐོར་འཛིན་པའི་ལྟ་བྱས་ཏེ། འཇིག་ཚོགས་ལ་ལྟ་བ་སྔོན་དུ་བཏང་ཞེས་བྱ་བའི་ཐ་ཚིག་གོ།། མཐའ་གཉིས་པར་ལྟ་བ་ནི་མཐར་འཛིན་པར་ལྟ་བའོ།། ལོག་པར་ལྟ་བ་གྲང་ཡིན་སྙམ་པ་ལ། ལོག ་པར་ལྟ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལྟ་བ་གང་གི་སྦྱིན་པ་དང་མཆོད་སྦྱིན་དང་། སྦྱིན་བསྲེག་དང་ལེགས་པར་སྦྱོང་བ་དང་། ཉེས་པར་སྤྱོད་པའི་མཚན་ཉིད་ཀྱི་རྒྱུ་ལ་སྐུར་པ་འདེབས་པ་དང་། འབྲས་བུ་རྣམ་པར་སྨིན་པ་འཇིག་རྟེན་འདི་དང་། འཇིག ་རྟེན་ཕ་རོལ་གྱི་མཚན་ཉིད་ཀྱི་འབྲས་བུ་ལ་སྐུར་པ་འདེབས་པ་དང་། ཕ་མའི་བྱེད་པ་ལ་སྐུར་པ་འདེབས་པ་དང་། ལྟ་བ་གང་གིས་དགྲ་བཅོམ་པ་ལ་སོགས་པ་ཡོད་པའི་དངོས་པོ་འཇིག་པ་དེ་ནི་ལྟ་བ་ཐམས་ཅད་པས་ཆེས་སྡིག་པའི་ཕྱིར་ལོག་པར་ལྟ་བ་ཞེས ་བྱའོ།། ལྟ་བ་མཆོག་ཏུ་འཛིན་པ་གང་ཡིན་སྙམ་པ་ལ། ལྟ་བ་མཆོག་ཏུ་འཛིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་མཆོག་དང་། ཁྱད་པར་དུ་འཕགས་པ་དང་། གཙོ་བོ་དང་དམ་པའི་རྣམ་པར་ལྟ་བ་ཡང ་ཡིན་པ་དེ་ལྟ་བ་མཆོག་ཏུ་འཛིན་པ་སྟེ། ཕུལ་དུ་ཕྱིན་པས་མཆོག་གོ། གཞན་དག་ལས་ཀྱང་ཁྱད་ཞུག་པས་ཁྱད་པར་དུ་འཕགས་པའོ།། ལྷག་མ་མེད་པས་གཙོ་བོའོ།། མཚུངས་པ་མེད་པས་དམ་པའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག ་ཏུ་འཛིན་པ་གང་སྙམ་པ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་འདགས་པ་དང་འགྲོལ་བ་དང་། ངེས་པར་འབྱིན་པའི་རྣམ་པར་ལྟ་བ་གང་ཡིན་པ་དེ་ནི ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། སྡིག་པའི་མ་དྲི་མ་འཁྲུ་བས་འདགས་པའོ།། ཉོན་མོངས་པའི་འཆིང་བ་དང་བྲལ་ཁསྡུ་འགྲོལ་བའོ།། མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པས་ངེས་པར་འབྱིན་པའོ།། ཐེ་ཚོམ་གང་ཡིན ་སྙམ་པ་ལ། ཐེ་ཚོམ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལས་རྣམས་དང་འབྲས་བུ་རྣམས་དང་། བདྲེན་པ་རྣམས་དང་། དཀོན་མཆོག་རྣམས་ལ་ཡིད་གཉིས་ཟ་བ་གང་ཡིན་པ་དེ་ཐེམ་ཚེམ་མོ།། རྣམ་པར་སྒྲུབ་པ་བསྟན་པའི་ཕྱིར། བློ་སྣ་ཚོགསུ་བྱེད་པ ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། གལ་ཏེ་བློ་སྣ་ཚོགསུ་བྱེད་པ་ལ་ཡིད་གཉིས་ཞེས་བྱ་ན་ནི། དེ་ལྟར་ན་ཤེས་རབ་ཏུ་འགྱུར་རོ་སྙམ་པ་ལ་འདི་ནི་ཤེས་རབ་ལས་རང་བཞིནི་གཞན་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཤེས ་རབ་ནི་རབ་ཏུ་རྣམ་པ་འབྱེད་པའི་ངོ་བོ་ཉིད་དོ།། འདི་ནི་རྣམ་པ་གཉིསུ་འཇུག་པ་སྟེ། དེའི་ཕྱིར་ཤེས་རབ་ལས་དོན་གཞན་ནོ།། འོག་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར། ཉོན་མོངས་པ་དྲུག་བཤད་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། དོན་དེ་ནི་བཛྲི་ཕུད་པར་ཟད།། ། ་ཉེ་བའི་ཉོན་མོངས་པ་རྣམས་བསྟན་པའི་ཕྱིར། ཁྲོ་དང་ཁོན་དུ་འཛིན་པ་དང་ཞེས་བྱ་བ་ལ་སྩོགས་པ་སྨྲས་སོ།། གཉིས་རྣམ་གཉིས་ཞེས་བྱ་བ་ནི་གཉིས་གཉིས་པ་རྣམ་གཉིས་ཏེ། དེའི་ཕྱིར་གཞི་ལུ་རྣམ་པ་གཉིསུ་བསྟན་པ་ཡིན་ནོ།། ཁྲོ་བ ་གང་ཡིན་སྙམ་པ་ལ། དེ་ལ་ཁྲོ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འཕྲལ་དུ་གནོད་པར་བྱེད་པ་ལ་གནས་ཏེ། སེམས་ཀྱི་ཀུན་ནས་མནར་སེམས་སྐྱེ་བ་གང་ཡིན་པ་དེ་ཁྲོ་བའོ།། ཁྲོ་བ་འདི་ནི་ཀུན་ནས་མནར་སེམས་ཀྱི་ངོ་བོ་ཉིད་ཡིན་པ ་ཁོང་ཁྲོ་བ་དང་ཐ་དད་པ་མ་ཡིན་མོད་ཀྱི། ཁོང་ཁྲོ་བ་དེ་ཉིད་ཀྱི་གནས་སྐབས་ཀྱི་བྱེ་བྲག་འགའ་ཞིག་ལ་གདགས་སོ།། དེ་ལྟར་ན་ཁོང་ཁྲོ་བའི་ཆར་གཏོགས་པ་དེ་ཉིད་དེ་གུད་ན་མེད་།། གནས་སྐབས་ཀྱི་བྱེ་བྲག་གང་ལ་གདགས ་སྙམ་པ་ལ། འཕྲལ་དུ་གནོད་པ་བྱེད་པ་བྱེད་པ་ལ་གནས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཇི་སྲིད་དུ་གནོད་པར་བྱེད་པ་མི་ལྡོག་པའི་དེ་སྲིད་དུ་སེམས་ཅན་དང་། སེམས་ཅན་མ་ཡིན་པའི་ཡུལ་ལ་སེམས་ཀྱི་ཀུན་ནས་མནར་སེམས་སྐྱེ་བ་གང་ཡིན་པ་དེ་ཁྲོ་བ་ཞེས ་གདགས་སོ།། དེའི་ལས་ནི་ཆད་པས་གཅོད་པ་ལ་སོགས་པའི་རྟེན་བྱེད་པའོ།། སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་ཞེས་བྱ་བ་ནི་ཡུལ་སྲོག་ཆགས་དང་། ཡུལ་དུག་དང་། མཚོན་ཆ་དང་། ཚེར་མ་ལ་སོགས་པའོ།། ཞེས་བྱ་བའི་ཚིག་གོ། ཆང ་པས་གཅོད་པ་ཞེས་བྱ་ནི་ནོར་འབུལ་དུ་འཇུག་པ་ལ་བྱའོ།། སོགས་པ་བྱ་བ་ནི་གསོད་པ་དང་། འཆིང་བ་ལ་སོགས་པའོ།། ཁོན་དུ་འཛིན་པ་གང་སྙམ་པ་ལ། ཁོན་དུ་འཛིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲསོ།། དེ་དགྲོལ་བའི་ཕྱིར། ཁྲོས་པའི་འོག་ཏུ ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁྲོས་པ་ཞི་ནས་བདག་ནི་མི་འདི་ལྟ་བུ་ཡིན་ན་འདིས་བདག་ལ་གནོད་པ་འདི་ལྟ་བུ་བྱས་ཀྱི་གལ་ཏེ་བདག་གིས་འདི་ལ་ཤཱ་མ་བླན་ན་གསོན་པའི་མི་གྲངས་ཏེ། མིར་ཡང་མི་རྩིའོ་སྙམ་དུ་སེམས་མདུད་པར་འཛིན་པས་བདག ་ཉིད་ཤར་གཉེར་བའི་རྣམ་པ་དེ་ལྟ་བུ་དེ་མི་གཏོང་བར་རྒྱུན་དུ་འབྱུང་བ་གང་ཡིན་པ་དེ་ཁོན་དུ་འཛིན་པ་ཞེས་བྱའོ།། འདི་ཡི་ལས་བསྟན་པའི་ཕྱིར། འདི་ནི་མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། འདིའི་ལས་ནི་མི་བཟོད་པའི་རྒྱུ་ཉིད་དོ།། ་མི་བཟོད་པ་བསྟན་པའི་ཕྱིར། གནོད་པར་བྱེད་པ་ལ་ཙི་མི་མཉམ་པར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལན་དུ་གནོད་པ་བྱེད་འདོད་པ་ནི་མི་བཟོད་པ་ཞེས་བརྗོད་དོ།། འདི་བརྟགས་པའི་ཡོད་པ་བསྟན་པའི་ཕྱིར། འདི་ཡང་ཁྲོ་བའི་བཞིན་དུ་ཞེས་བྱ་བ་ལ་སོགས ་པ་སྨྲས་སོ།། ད་ནི་གོ་སློ་བས་མ་བཤད།། འཆབ་པ་གང་ཡིན་སྙམ་པ་ལ། འཆབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།། དེ་དགྲོལ་བའི་ཕྱིར། འདུན་པ་དང་། ཞེ་སྡང་དང་འཇིགས་པ་ལ་སོགས་པ་ལ་བསལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གླེང ་བ་པོ་གང་འདུན་པ་ལ་སོགས་པས་འགྲོ་བར་བྱ་བ་མ་ཡིན་པར་མི་འགྲོ་བ་གླེང་བར་བྱ་བ་ལ་ཕན་པར་འདོད་པའི་གླེང་བ་པོ་རྣམ་པ་དེ་ལྟ་བུ་དེས་གླེང་བའི་དུས་ཤེས་ནས་ཁྱོད་འདི་ལྟ་བུ་བྱེད་པའོ་ཞེས་སྨྲས་ཤིང་། གླེང་ན་གཏི་མུག་གི་ཆར་གཏོགས་པས། ་ཁ་ན་མ་ཐོང་མཁྱུད་པ་སྐྱེ་བ་གང་ཡིན་པ་དེ་འཆབ་པ་ཞེས་བྱའོ།། འདི་ཇི་ལྟར་གཽཏི་མུག་གི་ཆར་གཏོགས་སྙམ་པ་ལ། འཆབ་པ་ནི་གཏི་མུག་གི་འཆར་གཏོགས་པ་ཉིད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་འཆབ་པ་ནི་མཁྱུད་པའི་རྣམ་པ་ཡིན། ་ཏེ། དེའི་ཕྱིར་གཏི་མུག་གི་ཆར་གཏོགས་པའོ།། འདིའི་ལས་བསྟན་པའི་ཕྱིར། འདི་ནི་འགྱོད་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། འདི་ནི་ཆོས་ཉིད་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ནི་སྐྱེ་བོ་འམ ་ཆོས་རྣམས་ཀྱི་རང་བཞིན་ཡིན་ཏེ། འདི་ལྟར་སྡིག་པ་མཁྱུད་པའི་མི་ལ་འགྱོད་པ་སྐྱེའོ།། འགྱོད་པ་ནི་གདོན་མི་ཟ་བར་ཡིད་མི་བདེ་བ་དང་མཚུངས་པར་ལྡན་ནོ།། དེའི་ཕྱིར་ཡིད་མི་བདེ་བ་དང་མཚུངས་པར་ལྡན་ན་འོག་པར་མི་གནས་པར་འགྱུ་རོ།། ། ་འཚིག་པ་གང་ཡིན་སྙམ་པ་ལ། འཚིག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཚིག་བརླང་པོ་ཞེར་འདེབས་པ་ནི་འཚིག་པའོ།། ཚིག་བརླང་པོ་བསྟན་པའི་ཕྱིར། ཚིག་བརླང་པོ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ་འཚང་འབྲུ་བའི་ཚུལ་གྱིས་ཞེ་གཅོད་པ་དང་དྲག་པ་གང་ཡིན་པ་དེ་ཚིག་བརླང་པོའོ།། དྲག་པ་ཞེས་བྱ་བ་ནི་འདྲེབས་པའོ།། ཞེར་འདེབས་པ་ཉིད་བསྟན་པའི་ཕྱིར། ཞེར་འདེབས་པར་བྱེད་པའི་ངང་ཚུལ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། སེམས་ལས ་འབྱུང་བ་འདི་ནི་ཞེར་འདེབས་པའི་རང་བཞིན་ཏེ། དེའི་ཕྱིར་ཞེར་འདེབས་པའོ།། དེའི་དངོས་པོ་ནི་ཞེར་འདེབས་པ་ཉིད་དོ།། དེ་བས་ན་སེམས་ལས་བྱུང་བ་དེ་ཉིད་ཚིག་བརླུང་པོ་ཟ་བ་དང་འདྲ་བས་ཚིག་བརླང་པོས་ཞེར་འདེབས་པ་ཉིད་ཀྱི་སླར་བརྗོད་དོ།། འདི་བཏག ་བའི་ཡོད་པར་བསྟན་པའི་ཕྱིར། འདི་ཡང་ཁྲོ་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁྲོ་བ་དང་ཁོན་དུ་འཛིན་པ་སྔོན་དུ་འགྲོ་བ་ནི་ཁྲོ་བ་དང་ཁོན་དུ་འཛིན་པ་རྒྱུ་ཡིན་ནོ།། ལྷག་མ་ནི་གོ་སླ་བས་མ་བཤད་དོ།། འདིའི་ལས་བསྟན་པའི་ཕྱིར། འདི་ནི་ངག ་གི་ཉེས་པར་སྤྱོད་པ་སྐྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། ལས་ཅིག་ཤོ་སྤྱི་གཏན་ཚིགས་བསྟན་པའི་ཕྱིར། དེ་དང་ལྡན་པའི་གང་ཟག་དང་འགྲོགས་པར་དཀའ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ།། འདི་ལྟར་གང་ཟག ་གང་ཞེར་འདེབས་པ་དང་ལྡན་པ་དེ་ལྷན་ཅིག་གནས་པར་དཀའ་ཏེ། དེའི་ཕྱིར་ཞེར་བདེབས་པ་ནི་རིག་པར་མི་གནས་པའི་ལས་ཅན་ནོ།། ཕྲག་དོག་གང་ཡིན་སྙམ་པ་ལ། ཕྲག་དོག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་དགྲོལ་བའི་ཕྱིར་འཐོ ་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། རང་གི་འཐོབ་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་གཞན་དག་གི་འཐོབ་པ་དང་། བཀུར་སྟི་དང་རིགས་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་གྱི ་ཁྱད་པར་དམིགས་ནས། ཞེ་སྡང་གི་ཆར་གཏོགས་པ་མི་བཟོད་པར་བྱས་པའི་སེམས་ཁོང་ནས་འཁྲུགས་པ་སྐྱེ་བ་གང་ཡིན་པ་དེ་ཕྲག་དོག་གོ།། རྣམ་པར་སྒྲུབ་པ་བསྟན་པའི་ཕྱིར། རང་གི་གནས་ལ་ཁྱབ་པར་འཁྲུགས་པས་ཁོང་ནས ་འཁྲུག་པ་སྟེ། ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། འདིའི་ལས་བསྟན་པའི་ཕྱིར། ཡིད་མོ་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གི་ང་གི་ཕྱིར་ཡིད་མི་བདེ་བ་དང་མཚུང་པར་ལྡན་པ་དང་། གང་གི་ཕྱིར་ཡིད ་མི་བདེ་བ་སྔོན་དུ་འགྲོ་བ་ནི་རེག་པར་མི་གནས་པས། དེའི་ཕྱིར་ནཱ་གཉི་གའི་ལས་ཅན་ཞེས་བྱའོ།། སེར་སྣ་གང་ཡིན་སྙམ་པ་ལ། སར་སྣ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྦྱིན་པ་དང་མི་མཐུན་པ་སེམས་ཀྱི་ཀུན་ཏུ་འཛིན ་པ་གང་ཡིན་པ་དེ་སེར་སྣའོ།། སྦྱིན་པ་བསྟན་པའི་ཕྱིར། ཟིན་པའི་དངོས་པོ་ཞེས་བྱ་བ་ལ་སོགས་སྨྲས་ཏེ། ཆོས་དང་ཟང་ཟིང་དང་མཁས་པའི་བདག་ཉིད་ཀྱི་དངོས་པོ་བདག་གིར་ཡོངསུ་བཟུང་བ་རྣམས་སེམས་གང་གིས་མཆོད་པའི ་ཕྱིར་རམ། ཕན་གདགས་པའི་ཕྱིར་འདོད་པ་འམ་མི་འདོད་པ་ཡང་རུང་སྟེ། སྦྱིན་པར་བྱེད་པ་དེ་ནི་སྦྱིན་པའོ།། ཇི་ལྟར་ན་སྦྱིན་པ་དང་མི་མཐུན་པ་ཞེས་བྱ་སྙམ་པ་ལ། དེ་ལ་ཡོད་ན་སྦྱིན་པ་མེད་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ལ་སོགས ་བ་སྨྲས་སོ།། འདི་ལྟར་སེར་སྣ་ཡོད་ན་སྦྱིན་པ་མེད་པར་འགྱུར་ཏེ། དེའི་ཕྱིར་དེ་དང་མི་མཐུན་པ་ཞེས་བྱའོ།། འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། རྙེད་པ་དང་བཀུར་སྟི་ལ་ཆགས་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ་རྙེད་པ་དང་བཀུར་སྟི་འམ་མཆེ་བའི་ཡོད་བྱད་རྣམས་ལ་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་ཀྱི་ཀུན་ཏུ་འཛིན་པ་དང་།། ཡོངསུ་མི་གཏོང་བར་འདོད་པའི་མཚན་ཉིད་གང་ཡིན་པ་དེ་སེར་སྣའོ།། འདིའི་ལས་བསྟན་པའི་ཕྱིར། དེ་ནི་ཞེས་བྱ ་བ་ལ་སོགས་པ་སྨྲས།། དེ་དགྲོལ་བའི་ཕྱིར། ཡོ་བྱད་མ་བསྙུངས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མི་མཁོ་བའི་ཡོ་བྱད་ལྷག་པ་གང་ཡིན་པ་དེ་དག་སར་སྐུས་སོགས་པ་གང་ཡིན་པ་དེ་ནི་འདིར་ཡོ་བྱད་མ་བསྙུངས་པའོ།། སྒྱུ་གང ་ཡིན་སྙམ་པ་ལ། སྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་དགྲོལ་བའི་ཕྱིར།། རྙེ་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྙེད་པ་ལ་ལྷག་པར་ཆགས་པས་གཞོན་དག་བསྡུའོ་སྙམ་པའི་བས ་པ་དེས་ཚུལ་ཁྲིམས་དང་རིགས་ལ་སོགས་པ་གཞན་དུ་གནས་ལ། གཞན་དུ་སྟོན་པར་བྱེད་པ་གང་ཡིན་པ་དེ་རྒྱུ་སྟེ། བསླུ་ཞེས་བྱ་བའི་ཐ་ཚིག་གོ།། འདི་བཏགས་པའི་ཡོད་པ་བསྟན་པའི་ཕྱིར།། འདི་ནི་འདོད་ཆགས་དང་གཏི་མུགས་འདུས ་བས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་འདོད་ཆགས་དང་གཏི་མུག་འདུས་ལས་ཡང་དག་མ་ཡིན་པའི་ཡོན་ཏན་རྣམས་སྟོན་ཏེ། དེའི་ཕྱིར་དེ་གཉིས་འདུས་པ་ལ་གདག་སོ།། དེ་བས་ན་ཁྲོ་བ་ལ་སོགས་པ་བཞིན་དུ་བཏགས་པ ་ཉིད་དུ་ཡོད་ཀྱི་རྫས་སུ་ནི་མེད་དོ།། འདིའི་ལས་བསྟན་པའི་ཕྱིར།། ལོག་པས་འཚོ་བའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། འདིའི་ལས་ནི་ལོག་པས་འཚོ་བའི་རྒྱུ་ཉིད་དོ།། གཡོ་གང་ཡིན་སྙམ་པ་ལ།། གཡོ་ནཽ་ཞེས ་བྱ་བ་ལ་སོགས་པ་སྨྲས་ཏེ། རང་གི་ཉེས་པ་རྣམས་མཁྱུད་པོའི་ཐབས་གྲང་ཡིན་པ་དེར་གཏོགས་པའི་སེམས་གྱ་གྱུ་བ་གང་ཡིན་པ་དེ་གཡོའོ།། ཐབས་གང་ཡིན་སྙམ་པ་ལ། རང་གི་ཉེས་པ་བཅབས་པའི་ཐབས་ནི་ཞེས་བྱ་བ་ལ ་སོགས་པ་སྨྲས་ཏེ། རྣམ་པ་གང་གི་གཞན་མགོ་རྨོངས་པར་བྱེད་པ་དེ་རང་གི་ཉེས་པ་མཁྱུད་བའི་ཐབ་སོ།། ཅིའི་ཕྱིར་གཞན་མགོ་རྨོངས་པར་བྱེད་པ་ཞེས་སྙམ་པ་ལ། དེ་ཡང་གཞན་ནས་གཞན་དུ་བསྒྱུར་བ་དང་། ཞེས་བྱ་བ་ལ ་སོགས་པ་སྨྲས་ཏེ། གཞན་ནས་གཞན་དུ་བསྒྱུར་བ་དང་། གཏམ་རླུང་བསྐུར་བ་དང་། གོས་ལ་མི་བྱེད་པ་གང་ཡིན་པ་དེ་གཞན་མགོ་རྨོངས་པར་བྱེད་པའོ།། གཞན་ནས་གཞན་དུ་བསྒྱུར་བ་ཞེས་བྱེ་བ་ནི་གཞན་དྲིས་ན་གཞུན ་གྱིས་ལན་འདྲེ་བས་ཤེས་བྱ་བའི་ཐ་ཚིག་གོ།། གཏམ་རླུང་བསྐུར་ཞེས་བྱ་བ་ནི་གུཏམ་དེ་གཞན་དུ་སྦྱར་བའོ།། གསལ་བར་མི་བྱེད་ཅེས་བྱ་བ་ནི་ངས་བྱས་སོ་ཞེས་རློག་ནོག་པོའི་ཚུལ་དུ་སྨྲ་བའོ།། དེ་ནི་འདི་སྐད་དུ་ནི་དྲིས ་ཀྱང་བདག་གི་ཉེས་པ་མི་སྤྲོ་བ་དང་། གསལ་པོར་མི་སྨྲ་བའི་ཚུལ་དུ་བྱེད་པའོ་ཞེས་བསྟན་པར་འགྱུར་རོ།། འཆབ་པ་དང་འདིའི་བྱེ་བྲག་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཡོན་ནི་གཏི ་རླུང་འསྐུར་བུ་དང་། གསལ་བར་མི་བྱེད་པ་ཡིན་གྱི། གཅིག་ཏུ་འཆབ་པར་མི་བྱེད་དེ། དེའི་ཕྱིར་དེ་འཆབ་པ་དང་ཐ་དད་དོ།། འཆབ་པ་ནི་འདི་ལྟར་གསལ་པོར་མཁྱུད་པར་བྱེད་ཀྱི། ཐབས་ཀྱིས་ནི་མ་ཡིན་ནོ།། ཟུར་གྱིས ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཐབས་ཀྱིས་མ་ཡིན་ནོ།། ཞེས་བྱ་བའི་ཐ་ཚིག་གོ།། འདིའི་བཏགས་པའི་ཡོད་པ་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྙེད་པ་དང་དཀུར་སྟི་ལ་ལྷག་པ་ཆགས་ནས་ཆགས་དང་གཏི་མུག་དེ་གཉིས་ཀྱི་རང་གིས ་ཉེས་པ་མབྱུང་བའི་ཕྱིར། གཞན་མགྲོ་རྨོངས་པར་བྱེད་པས་དེ་གཉིས་འདུས་པ་ཉིད་ལ་གདགས་སོ།། འདིའི་ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། ཡང་དག་པའི་གདམ་ངག་ནི་ཞེས་བྱ་བ་ལ་སོགས ་པ་སྨྲས་ཏེ། གཡོ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཡང་དག་པའི་གདམས་ངག་རྙེད་པ་དེ་ལ་བར་ཆད་བྱེད་དོ།། དེ་ལྟར་གཡོ་ནཱི་ཡང་དག་པའི་གདམས་ངག་ཚུལ་བཞིན་ཡིད་ལ་བྱ་བ་དེ་ཐོབ་པའི་བར་ཆད་བྱེད་པར་རུང་སྟེ། འདི་ལྟར་གང་དག་གཡོ་མེད་པ་དེ་དག་བླ་མ ་རྣམས་ཡང་བའི་ལུང་འབོག་གོ།། ། བམ་པོ་བཞི་པ།། རྒྱགས་པ་གང་ཡིན་སྙམ་པ་ལ། རྒྱགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་གི་ཕུན་སུམ་ཚོགས་པ་ལ་ལྷག་པར་ཆགས་པའི་དགའ་བའི ་ཁྱད་པར་གྱིས་སེམས་བདག་གི་དབང་དུ་བྱེད་པ་གང་ཡིན་པ་དེ་རྒྱགས་པའོ།། བདག་གི་ཕུན་སུམ་ཚོགས་པ་དེ་གང་ཡིན་སྙམ་པ་ལ། རིགས་དང་ནད་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རིགས་ལ་སོགས་པ་མཆོག་དུ་གྱུར་པ་གང་ཡིན་པ་དེ་བདག ་གི་ཕུན་སུམ་ཚོགས་པའོ།། རབ་ཏུ་དགའ་བ་དེ་གང་ཡིན་སྙམ་པ་ལ། རབ་ཏུ་དགའ་བ་ནི་ཞེས་བྱ་བ་སོགས་པ་སྨྲས་ཏེ། དགའ་བའི་ཀྱེ་བྲག་ཉིད་འགའ་ཞིག་ལ་རབ་ཏུ་དགའ་བ་ཞེས་བྱའོ།། ཡོངསུ་འཛིན་པ་དེ་ཇི་ལྟ་བུ་ཞིག་སྣུམ་པ་ལ། དགའ་བན། ་ཧཱུཾ་བླག་གང་གྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དགྲའ་བྱེ་བྲག་གང་གིས། སེམས་རང་གི་དབང་དུ་བྱེད་ཅི་། དགེ་བའི་ཕྱོགས་ཀྱི་བྱ་བ་ལ་འཇུག་མི་རྙིང་བའི་དགའ་བའི་བྱེ་བྲག་གོས་སེམས་དེ་བདག་གི་དབང་དུ་བྱེད་པས་ཡོངསུ་ཟིན་པར་འགྱུར ་བྱ་སེམས་ཡོང་སུ་འཛིན་པའོ།། ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདིའི་ལས་ནི་ཉོན་མོངས་པ་དང་། སྐྱེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུ་ཉིད་དེ། འདི་ལྟར་རྒྱགས་པ་ལས་ནི་ཉོན་མོངས་དང་ཉེ་བའི་ཉོན ་མོངས་པ་ཐམས་ཅད་འབྱུང་ངོ་།། རྣམ་པར་འཚེ་བ་གང་ཡིན་སྙམ་པ་ལ། རྣམ་པར་འཚེ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། གསང་བ་དང་བཅིང་བ་དང་བརྡེག་པ་དང་སྡིག་པ་ལ་སོགས་པ་སྣ་ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པ ་སྨྲས་ཏེ། གསང་པ་དང་བཅིང་བ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་འཚེ་བས་རྣམ་པར་འཚེ་བའོ།། རྣམ་པར་མཐོ་འཚམ་པོ་ཇི་ལྟ་བུ་ཞིག་སྙམ་པ་ལ། འདིས་གསང་བ་དང་བཅིངས་པ་ལ་སོགས་པས་སེམས་ཅན་རྣམས་ལ་རྣམ་པར ་མཐོ་འཚམ་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། འདི་བཏགས་པའི་ཡོད་པར་བསྟན་པའི་ཕྱིར། དེ་ནི་ཁོང་ཁྲོ་བའི་ཆར་གཏོགས་པས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ནི་ཁོང་ཁྲོ་བའི་ཆར་གཏོགས་པ་སྟེ། ་སེམས་ཅན་རྣམས་ལ་སྙིང་རྗེ་མེད་པ་དང་། སེམས་རྩུབ་པ་འདི་གཉིས་ནི་དེའི་རྣམ་གྲངསུ་གཏོགས་པའོ།། ལས་བསྟན་པའི་ཕྱིར། སེམས་ཅན་རྣམས་ལ་རྣམ་པར་མཐོ་འཚམ་པའི་ལས་ཅན་ཞེས་བྱ་བ་ལ ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། ངོ་ཚ་མེད་པ་གང་ཡིན་སྙམ་པ་ལ། ངོ་ཚ་མེད་པ་ནི་ཁ་ན་མ་ཐོ་བས་བདག་ལ་མི་འཛེམ་པའོ།། ཞེས་བྱ་བ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། ལས་དེ་དག་གི་ཆ་མ་ཡིན་པར་ཤེས་བཞིན་དུ ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྡིག་པའི་ལས་གང་བྱེད་པར་འདོད་པ་དེ་དག་ལ་མི་འོས་ཤིང་བདག་གི་ཆ་མ་ཡིན་པར་ཤེས་ལ། ཤེས་བཞིན་དུ་ཡང་ཁ་ན་མ་ཐོ་བ་དེས་མི་འཛེམ་པ་གང་ཡིན་པ་ངོ་ཚ་མེད་པ་སྟེ། འདི་ནི་ངོ་ཚ་ཤེས་པའི་མི ་མཐུན་པའི་ཕྱོགས་སུ་གྱུར་པའོ།། ཤེས་བཞིན་དུ་ཡང་ཞེས་བྱ་བ་ནི་མཐོང་བཞིན་དུ་ཡང་ཞེས་བྱ་བའི་ཐ་ཚིག་གོ།། ཁྲེལ་མེད་པ་གང་ཡིན་སྙམ་པ་ལ། ཁྲེལ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་དགྲོལ་བའི་ཕྱིར། འཇིག་རྟེན་དང ་བསྟན་བཅོས་དང་མི་མཐུན་པ་འདི་དག་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་ལས་བྱེད་པར་ཞུགས་པ་གང་ཡིན་པ་འདི་ནི་འཇིག་རྟེན་དང་། བསྟན་བཅོས་དང་མི་མཐུན་པ་ཡིན་པར་དེ་ལྟར་ཤེས་བཞིན་དུ་ཡང་སྡིག་པ་བྱེད་པ་དེས་མི་འཛམ་པ ་གང་ཡིན་པ་དེ་ཁྲེལ་མེད་པ་སྟེ། འདི་ནི་འཁྲེལ་ཡོད་པའི་མ་མཐུན་པའི་ཕྱོགས་སུ་གྱུར་པའོ།། འདི་གཉིས་ཀྱི་ལས་བསྟན་པའི་ཕྱིར་དེ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་གཉིས་ཀྱི་ལས་ནི་ཉོན་མོངས་པ་དང་། 1 ་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའོ།། བཏགས་པའི་ཡོད་པ་བསྟན་པའི་ཕྱིར། འདོད་ཆགས་དང་ཞེ་སྡང་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། བྱ་བ་མ་ཡིན་པ་ཐམས་ཅད་འབྱུང་བའི་རྒྱུ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གང ་ཡིན་པ་དེ་དག་ཉིད་ལ་འདི་གཉིས་གདགས་ཏེ་རང་གི་རྒྱུད་མེད་དོ།། དེ་ལ་ཡང་འདོད་ཆགས་དང་ཞེ་སྡང་གཉིས་ནི་ཅིག་ཆར་འབྱུང་མི་སྲིད་པས་ཇི་ལྟར་མཐུན་མཐུན་དུ་གདགས་ཤེས་བསྟན་པའོ།། རྨུགས་པ་གང་ཡིན་སྙམ་པ་ལ་རྨུགས་པ་ནི་ཞེས་བྱ ་བ་ལ་སོགས་པ་སྨྲས་ཏེ། སེམས་ལས་སུ་མི་རུངས་པ་གང་ཡིན་པ་དང་། བློང་བ་ཉིད་གང་ཡིན་པ་དེ་རྨུགས་པའོ།། བློང་བ་ཉིད་གང་ཡིན་སྙམ་པ་ལ། བློང་པའི་དངོས་པོ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། བློང་བའི་དངོས་པོ་ནི་སློང་བ་ཉིད་དེ། འདི ་ལྟར་དེ་དང་ལྡན་ན་སེམས་བླུན་པའི་ཕྱིར་རྨོང་བར་འགྱུར་ཏེ། དམིགས་པ་རྟོགས་པར་མི་ནུས་པས་དང་ཕྱིར་བློང་བ་ཉིད་ཅེས་བྱའོ།། ལས་བསྟན་པའི་ཕྱིར། འདི་ནི་ཉོན་མོངས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། ་འདི་བརྟགས་པའི་ཡོད་རྫ་བསྟེན་པའི་ཕྱིར། གཏི་མུག་གི་ཆ་ལ་བཏགས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་ཀོ་སྨྲ་བས་མ་བཤད་དོ།། རྒོད་པ་གང་ཡིན་སྣུམ་པ་ལ། རྒོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་རྣམ་པ ་མ་ཞི་བ་གང་ཡིན་པ་དེ་རྒོད་པའོ།། ཅིའི་ཕྱིར་སྙམ་པ་ལ། རྣམ་པར་ཞི་བ་ནི་ཞི་གནས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་རྣམ་པར་ཞི་བའི་སྒྲ་ནི་ཞི་གནས་ལ་བྱ་སྟེ། དེ་དང་མི་མཐུན་པ་དེ་ནི་རྣམ་པར་མ་ཞི་བའོ།། དེ་ནི་འདོད་ཆགས་མཐུན་པ ་སྔོན་རྒོད་རྒོད་པ་དང་དགའ་དགའ་བ་དང་། རྩེ་རྩེ་བ་ལ་སོགས་པ་རྗེས་སུ་དྲན་པས་སེམས་རྣམ་པར་མ་ཞི་བའི་རྒྱུའོ།། མཚན་ཉིད་ཀྱི་ཚོགས་ཀྱང་རྣམ་ཐལ་ཞི་བའི་རྒྱུ་ཡིན་པས་རྣམ་པར་མ་ཞི་བ་ལ་རྒོད་པ་ཞེས ་བཤད་དོ།། ལས་བསྟན་པའི་ཕྱིར། ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ་ཞེས་བྱ་བ་ལ་སྨྲས་སོ།། ཞི་གནས་ནི་ཏིང་ངེ་འཛིན་ཏེ།། དེ་ལ་དེ་སྒྲིབ་པར་བྱེད་དོ།། མ་དད་པ་གང་ཡིན་སྙམ་པ་ལ། མ་དོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལས ་ལ་སོགས་པ་ལ་ཡིད་མི་ཆེས་ཤིང་དད་པའི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་ནི་མ་དད་པའོ།། ཅིའི་ཕྱིར་དེ་དད་པའི་མི་མཐུན་པའི་ཕྱོགས་ཡིན་སྙམ་པ་ལ། དད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། མ་དད་པ ་ནི་དེ་ལས་ཟློག་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་གོ་སླ་བས་མ་བཤད་དོ།། ལས་བསྟན་པའི་ཕྱིར། ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་སོ།། དེ་དགྲོལ་པོའི་ཕྱིར། མ་དད་པ་ནི་སྦྱོར་བ་ལ་འདུན་པ་མེད་པའི་ཕྱིར་ཞེས་བྱ་བ་ལ ་སོགས་པ་སྨྲས་ཏེ། འདི་ལྟར་ཇི་སྲིད་དུ་ངོ་བོ་འགའ་ཞིག་ལ་ཡིད་ཆེས་པ་དང་། འདོད་པ་མ་སྐྱེས་པ་དེ་སྲིད་དུ་སྦྱོར་བ་ལ་འདུན་པ་ཉིད་མི་སྐྱེ་སྟེ། དེའི་ཕྱིར་འདིའི་ལས་ནི་ལེ་ལོའི་རྒྱུ་ཉིད་དོ།། ལེ་ལོ་གང་ཡིན་སྙམ་པ་ལ། ལོ་ལོ་ནི་དགེ་བ་ལ ་སེམས་མངོན་པར་མི་སྤྲོ་བ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། ཉལ་བ་དང་གཉིས་པ་དང་འཕྲོས་པའི་བདེ་བ་ལ་བརྟན་ནས་གཏི་མུག་གི་ཆར་གཏོགས་པས་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་ལ་སེམས ་མངོན་པར་སྤྲོ་བ་མེད་པ་གང་ཡིན་པའོ།། ཞེས་བྱ་བ་སྨྲས་ཏེ། ཉལ་བའི་བདེ་བ་དང་། གཉིས་པ་དང་། འཕྲེས་པའི་བདེ་བ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པ་ལུས་ལ་སོགས་པའི་ལས་དག་པ་ལ་སེམས་མངོན་པར་སྤྲོ་བ་མི་སྐྱེ་བ་གང ་ཡིན་པ་དེ་ལ་ལོའོ།། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དགེ་བའི་ཕྱོགས་ལ་སྤྲོ་བ་གང་ཡིན་པ་དེ་ལ་སྒྲིབ་པར་བྱེད་དོ།། བག་མེད་པ་གང་ཡིན་སྙམ་པ་ལ། བག་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆགས་པ་ལ་སོགས་པ་གང ་ཡིན་པ་དག་གིས་ཟིན་ན། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལ་སེམས་མི་ལྡོག་ཅིང་འདོད་ཆགས་ལ་སོགས་པའི་གཉེན་པོར་གྱུར་པ་དག་པ་ལ་གོམས་པར་མི་བྱེད་དེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ལོ་ལོ་དག་ལ་བག ་མེད་པ་བཏགས་སོ།། ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མི་དགེ་བ་འཕེལ་བ་དང་དགེ་བ་འགྲིབ་པའི་རྒྱུ་ཉིད་དོ།། བརྗེད་ངས་པ་གང་ཡིན་སྙམ་པ་ལ། བརྗེད་ངས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉོན་མོངས་དང ་མཚུངས་ལྡན་པའི་དྲན་པ་གང་ཡིན་པདེ་བརྗིད་ངས་པའོ།། ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། རྣམ་པར་གཡེང་བ་གང་ཡིན་སྙམ་པ་ལ། རྣམ་པར་གཡེང་བ་ནི་ཞེས་བྱ་བ་ལ་སོང ་པ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། འདིས་སེམས་སྣ་ཚོགསུ་གཡེང་བར་བྱེད་པས་རྣམ་གཡེང་བའོ་ཞེས་བྱ་བ་སྨྲས་ཏེ། འདིས་རྣམ་པ་མང་པོ་དག་གིས་དམིགས་པ་ལ་སེམས་རྣམ་པར་གཡེང་བར་བྱེད་པས་སེམས་རྣམ་པར་གཡེང་བའོ།། ་གཏགས་པབ་སོད་པར་བསྟན་པའི་ཕྱིར། དང་ཆགས་དང་ཞེ་སྡང་གཏི་མུག་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདོད་ཆགས་ལ་སོགས་པ་གང་དག་གིས་ཏེ་ངེ་འཛིན་གྱི་དམིགས་པ་ལས་སེམས་ཏུ ་རོལ་དུ་ཁྲིད་པ་དེ་དག་ལ། ཇི་ལྟར་མཐུན་མཐུན་དུ་རྣམ་པར་གཡོང་བ་གདགས་པར་བྱའོ།། ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། སེམས་རྣམ་པར་གཡེངས་པ་ལ་འདོད་ཆགས་དང་བྲལ་བ་ཉིད་མེད་པའི་ཕྱིར། འདོད་ཆས ་དང་བྲལ་བ་ལ་སྒྲིབ་པར་བྱེད་དོ།། ཤེས་བཞིན་མ་ཡིན་པ་གང་ཡིན་སྙམ་པ་ལ། ཤེས་བཞིན་མ་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉོན་མོངས་པ་ཅན་གྱི་ཤེས་རབ་ལ་ཤེས་བཞིན་མ་ཡིན་པ་ཞེ་བྱའོ།། ཉོན་མོངས་པ་ཅན་གྱི་ཤེས ་རབ་བསྟན་པའི་ཕྱིར། དེ་ལུས་དང་ངག་སེམས་ཀྱི་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤེས་རབ་གང་གིས་འོང་བ་དང་འགྲོ་བ་ལ་སོགས་ལ། ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་མི་ཤེས་བཞིན་དུ་འབྱུང་བ་གང་ཡིན་པ་དེ་ཉོན་མོངས ་པ་ཅན་གྱི་ཤེས་རབ་ཅེས་བྱ་སྟེ། དེ་ནི་ཤེས་བཞིན་མ་ཡིན་པའོ།། ལས་བསྟན་པའི་ཕྱིར་བྱ་བ་མ་ཡིན་པ་མི་ཤེས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཤེས་བཞིན་མེད་པར་བྱེད་པ་ནི། བྱ་བ་དང་བྱ་བ་མ་ཡིན་པ་ལ་རྟོགས་པར་མི་བྱེད་དེ། ་དེའི་ཕྱིར་འདིའི་ལས་ནི་ལྟུང་བའི་རྒྱུ་ཉིད་དོ།། འགྱོད་པ་གང་ཡིན་སྙམ་པ་ལ། འགྱོད་པ་ནི་ཡིད་ལ་གཅགས་པའོ་ཞེས་བྱ་བ་སྨྲས།། དེ་དགྲོལ་བའི་ཕྱིར། སྨད་པ་བྱས་པས་འགྱོད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དངོས་པོ་གང་ཇི ་ལྟ་བཞིན་དུ་བྱ་བ་དེ་གང་གི་ཚེ་རྣམ་པ་གཞན་དུ་བྱེད་པ་དེའི་ཚེ་ཉེས་པར་བྱས་པ་ཞེས་བྱའོ།། ང་ལ་བྱེད་པ་སྨད་པ་གང་ཡིན་པ་དེ་ཡང་དག་པའི་དོན་དུ་ན་འགྱོད་པའོ།། འདིར་ངན་པར་བྱས་པའི་དངོས་པོའི་ཡུལ་ལ་སེམས་མི་དགའ་བ་དང་ཡིད ་ལ་གཅགས་པ་གང་ཡིན་པ་དེ་འགྱོད་པ་སྟེ། འདི་ལྟར་སེམས་ལས་བྱུང་བ་རྣམས་ཀྱི་སྐྱབས་ཡིན་པའི་ཕྱིར་རོ།། ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། སེམས་གནས་པཱ་ནི་ཏིང་ངེ་འཛིན་ཏེ། དེ་ལ་སྒྲིབ་པར་བྱེད་དོ།། ་གཉིད་གང་ཡིན་སྙམ་པ་ལ། གཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། འཇུག་པ་ནི་དམིགས་པ་ལ་འཇུག་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་དབང་གིས་དམིགས་པ་ལས། སེམས་རིང་དབང ་མེད་པར་འཇུག་ཏེ་གཉིད་ཅེས་བྱའོ།། དེ་ཉིད་ལ་བཤད་པ་བཞིན་བྱ་བའི་ཕྱིར། ལུས་འཛིན་མི་ནུས་པའི་སེམས་ཀྱི་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་ཀྱི་འཇུག་པ་གང་གིས་ལུས་འཛིན་པ་དེ་རང་དབང་མེད་པར་གང་ལས ་འགྱུར་བ་དེ་གཉིད་དོ་སྡུད་པ་བསྟན་པའི་ཕྱིར། སེམས་སྡུད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་མིག་ལ་སོགས་པ་དབང་པོའི་སྒོ་ནས་རྣམ་པར་ཤེས་པ་རྣམས་མི་འབྱུང་བ་དེ་དག་ནི་སྡུད་པའོ།། འཇུག་པ་རང་དབང་མེད་པ་སྨོས་པ་ནི ་ཏིང་ངེ་འཛིན་ལས་དབྱེ་བ་སྟོན་ཏོ།། སྡུད་པ་སྨོས་པས་ནི་རྨུགས་པ་ལས་དབྱེ་བ་སྟོན་ཏོ།། བཏགས་པའི་ཡོད་པ་བསྟན་པའི་ཕྱིར། དེ་ནི་གཏི་མུག་གི་ཆ་ལ་གདགས་པ་གཏི་མུག་གི་ཆར་གཏོགས་པ་ཞེས་བྱ་བ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པ ་ཟད་དོ།། ལས་བསྟན་པའི་ཕྱིར། བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། ཉལ་བ་ནི་བྱ་བ་ཉམས་པར་འགྱུར་རོ།། རྟོག་པ་གང་ཡིན་སྙམ་པ་ལ། རྟོག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ་འདི་ཅི་ཡིན་དེ་ལྟར་རྟོག་པའི་རྣམ་པར་ཞུགས་པ་ཤེས་རབ་དང་སེམས་པའི་བྱེ་བྲག་གི་བདག་ཉིད་ཀྱི་བརྗོད་པ་གང་ཡིན་པ་དེ་རྟོག་པའོ།། ཡིད་ཀྱི་བརྗོད་པ་བསྟན་པའི་ཕྱིར། ཡིད་ལ་བརྗོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སྐབས་མ ་བཤད་དོ།། བརྗོད་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། བརྗོད་པ་ནི་དོན་བསྟན་པའོ་ཞེས་བྱ་བ་སྨྲས་ཏེ། སེམས་ཀྱི་དོན་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། སེམས་པ་ལ་སོགས་པ་ཇི་ལྟར་འདིའི་ངོ་བོ་ཉིད་ཡིན་སྙམ་པ་ལ། སེམས་པ་དང་ཤེས་རབ ་ཀྱི་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སེམས་པ་ནི་སེམས་ཀུན་ཏུ་གཡོ་བར་བྱེད་པའི་ངོ་བོ་ཡིན་ལ། ཤེས་རབ་ནི་ཡོན་ཏན་དང་ཉེས་པ་ལ་རྟོག་པའི་རྣམ་པར་ཞུགས་པ་ཡིན་ཏེ། དེ་གཉིས་ཀྱི་དབང་གིས་སེམས ་འཇུག་པས་ན། དེའི་ཕྱིར་བར་འགའ་ནི་སེམས་དང་སེམས་པ་གཉིས་ལ་རྟོག་པ་ཞེས་གདགས་ཏེ། གང་གི་ཚེ་ཡང་མངོན་པར་མི་རྟོག་པའོ།། བར་འགའ་ནི་ཤེས་རབ་དང་སེམས་གཉིས་ལ་གདགས་ཏེ། གང་གི་ཚེ་མངོན་པར་རྟོག་པའོ།། ་འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། ཡང་ན་སེམས་པ་དང་ཤེས་རབ་གཉིས་ཁོ་ན་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡང་ན་སེམས་པ་དང་ཤེས་རབ་གཉིས་ཁོ་ན་ལ་རྟོག་པ་གདགས་པར་བྱ་ཡི། སེམས་ལ་ནི་མ་ཡིན ་ཏེ། འདི་ལྟར་ཤེས་རབ་དང་སེམས་དཔའི་དབང་གིས་སེམས་དེ་ལྟར་མངོན་པར་རྟོག་པ་དང་། མངོན་པར་མི་རྟོག་པའི་རྣམ་པར་འཇུག་པར་འགྱུར་རོ།། འདིའི་རྣམ་གྲངས་བསྟན་པའི་ཕྱིར། དེ་ཉིད་སེམས་རྩིང་བའོ་ཞེས་བྱ་བ་སྨྲས་ཏེ། ་དེ་ནི་གོ་སྨྲ་བས་མ་བཤད་དོ།། རྩིང་བ་ཞེས་བྱ་བ་གང་ཡིན་སྙམ་པ་ལ། རྩིང་བ་ཞེས་བྱ་བ་ནི་ཆེ་ལོང་སྟེ། ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཆེ་ལོང་ནི་རྩིང་བ་ཉིད་དེ། འདི་ལྟར་དངོས་པོ་ཙམ་ཀུན་དུ་འཚེལ་བ་ཡིན་གྱིས། བྱེ་བྲག ་དུ་ཀུན་དུ་འཚལ་བ་མ་ཡིན་ནོ།། རིག་པ་འདི་གཞན་ལ་ཡང་བསྟན་པའི་ཕྱིར། ཚུལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཕོ།། དེ་ཉིད་བསྟན་པའི་ཕྱིར། དཔྱོད་པ་ཡང་སེམས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར ་སྤྱོད་པ་ཡང་ཤེས་རབ་དང་སེམས་པའི་བྱེ་བྲག་གི་ངོ་བོ་ཉིད་དེ། སོ་སོར་རྟོག་པའི་རྣམ་པར་རྟོག་པའི་ཡིད་ཀྱི་བརྗོད་པ་ཉིད་དོ།། ཅིའི་ཕྱིར་སོ་སོར་རྟོག་པ་ལ་སྤྱོད་པ་ཞེས་བྱ་སྙམ་པ་ལ། སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་ཉིད་དེ ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་སྔར་ཁོང་དུ་ཆུད་པའི་དོན་ལ་འདིའོ་ཞེས་དཔྱོད་པའི་རྣམ་པར་ཞུགས་པ་ནི་སྤྱོད་པ་སྟེ། དེའི་ཕྱིར་སྤྱོད་པ་སེམས་ཞིབ་པོ་ཞེས་བྱའོ།། འདི་གཉིས་ཀྱི་ལས་བསྟན་པའི་ཕྱིར། འདི་གཉིས་ནི ་རེག་པར་གནས་པ་དང་། ཞེས་བྱ་བ་སོགས་པ་སྨྲས་ཏེ། མངོན་པར་འབྱུང་བ་ལ་རྟོག་པ་ལ་སོགས་པ་ནི་རེག་པ་གནས་པའི་རྒྱུ་དག་གོ།། འདོད་པ་ལ་རྟོག་པ་ལ་དག་ལ་སོགས་པ་ནི་རེག་པར་མི་གནས་པའི་རྒྱུ་དག་གོ། གལ་ཏེ་འདི ་གཉི་ག་ཡང་ཤེས་རབ་དང་སེམས་པའི་ངོ་བོ་ཉིད་ཡིན་ན། ཅིའི་ཕྱིར་ཐ་དད་དུ་བཤད་ཅེ་ན། འདི་གཉིས་ནི་རྩིང་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་འདི་གཉིས་རྩིང་པ་དང་ཞིབ་པར་དབྱེ ་སྟེ། དེའི་ཕྱིར་ཐ་དད་དུ་བཤད་དོ།། གཉིས་རྣམ་གཉིས་ཤེས་གང་སྨོས་པ་འདིའི་དོན་གང་ཡིན་སྙམ་པ་ལ། གཉིས་རྣམས་གཉིས་ཞེས་བྱ་བ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། གཉིས་གཉིས་པ་གཉིས་ཞེས་བྱ་བ་སྨྲས་ཏེ། གཉིས་པ ་རྣམ་གཉིས་ཞེས་བྱ་བའི་ཐ་ཚིག་གོ།། གཉིས་དེ་དག་གང་ཡིན་སྙམ་པ་ལ། དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འགྱོད་པ་དང་གཉིད་ནི་གཉིས་པ་གཅིག་གོ། རྟོག་པ་དང་སྤྱོད་པ་ནི་གཉིས་པ་གཅིག་གོ།། འདི་དག་ནི་རྣམ་པ་གཉིས་སུ ་བསྟན་པའི་ཕྱིར། ཆོས་དེ་བཞི་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། ཉོན་མོངས་པ་ཅན་རྣམ་ནི་གང་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ནི་གང་ཡིན ་སྙམ་པ་ལ། དེ་ལ་མི་དགེ་བ་མ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། སྲོག་ཆགས་ད་མ་བསད་པ་དང་། སྦྱིན་པ་སྦྱིན་པ་ནི་བདག་གིས་མ་ལེགས་པ་ཞིག་བྱས་སོ་སྙམ་དུ་ད་ལྟར་ཡིད་ལ་གཅགས་པ་སྐྱེ་བ་གང་ཡིན་པ་དེ་ནི་འདོན ་པ་ཉོན་མོངས་པ་ཅན་ནོ།། དེ་ལས་བཟློག་པ་ནི་འགྱོད་པ་ཉོན་མོངས་པ་ཅན་མ་ཡིན་པར་རིག་པར་བྱའོ།། གཉིད་ཀྱང་ཉོན་མོངས་པ་ཅན་གྱི་སེམས་དང་མཚུངས་པར་ལྡན་པོ་འམ། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་འཕངས་པ་གང་ཡིན་པ་དེ ་ཉོན་མོངས་པ་ཅན་ནོ།། དེ་ལས་ཟློག་པ་ནི་ཉོན་མོངས་པ་ཅན་མ་ཡིན་པར་རིགས་པར་བྱའོ།། དེ་བཞིན་དུ་རྟོག་པ་ཡང་འདོད་པ་ལ་རྟོག་པ་ལ་སོགས་པ་གང་ཡིན་པ་དེ་དག་ནི་ཉོན་མོངས་པ་ཅན་རྣམས་སོ།། གང་དག་མངོན་པར་འབྱུང་བ ་ལ་རྟོག་པ་ལ་སོགས་པ་དེ་དག་ནི་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་སོ།། དེ་བཞིན་དུ་དཔྱོད་པ་ཡང་བདག་གིས་གཞན་ལ་གནོད་པར་བྱ་བའི་ཐབས་སྤྱོད་པ་དེ་ནི་ཉོན་མོངས་པ་ཅན་ནོ།། གང་གིས་གཞན་ལ་ཕན་གདགས་པའི་ཐབས་དཔྱོད ་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ།། དེ་དག་གི་ནང་ན་ཉོན་མོངས་པ་གང་ཡིན་པ་ལ། དེ་ལ་འགྱོད་པ་དང་གཉིད་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སློ་བས་མ་བཤད་དོ།། རབ་ཏུ་བྱེད་པའི་དོན་མཐའ་དག་འཇུག་སྡུ་བའི་ཕྱིར། དེ་ལ་ཇི ་ལྟར་གཟུགས་དང་སྒྲ་ལ་སོགས་པ་དམིགས་པ་དྲུག་པོ་དག་ཅེས་བྱ་བ་ལ་སོགས་པ་སྨྲས་སོ།། ཡིད་བདེ་བའི་གནས་ཞེས་བྱ་བ་ལ་ས་གནས་ཞེས་བྱ་བའི་སྒྲ་ནི་འདིར་རྗེས་སུ་མཐུན་པ་འམ་རྒྱུ་ལ་བྱའོ།། ལྷག་མ་ནི་གོ་སླ་བས་མ་བཤད་དོ།། གོང ་དུ་སྨོས་པའི་དོན་གྱི་འཇུག་སྡུ་པ་འདི་ནི་བདེ་བླག་དུ་དྲན་པར་བྱ་བ་དང་། ཟིན་པར་བྱ་བའི་ཕྱིར་བྱས་སོ།། དེ་ལྟར་སྐབས་རྫོགས་པར་བྱས་ནས་སྐབས་གཞན་བྱ་བའི་ཕྱིར། ད་ནི་འདི་བསམ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གང་གི་ཚེ ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་པོ་དག་ཅིག་ཅར་དམིགས་པའི་རྐྱེན་དང་ཕྲད་ཀྱང་དེའི་ཚེ། ཅི་ཀུན་གཞི་རྣམ་པར་ཤེས་པ་ལས་རྣམ་པ་ཤེས་པ་གཅིག་ཁོ་ན་འབྱུང་བར་འགྱུར་གྱི། གཉིས་དང་མང་པོ་ནི་མི་འབྱུང་ངམ་སྙམ་པ་ལ། ་ཕྱོགས་འདི་ཡོད་པའི་དབང་བསྟན་པའི་ཕྱིར། ཇི་ལྟར་ཁ་ཅིག་སེམས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མདོ་སྡེ་པ་ལ་སོགས་པ་ནི་རྣམ་པར་ཤེས་པ་གཉིས་དང་། མང་པོ་དག་ཅིག་བྱར་འཁྲུང་དུ་དེ་མ་ཀྵྨ ་པའི་རྐྱེན་མེད་དེ། དེའི་ཕྱིར་རྣམ་པར་ཤེས་པ་ཅིག་ཁོ་ན་འབྱུང་བར་འགྱུར་ཏེ། གང་གི་མང་པོ་ཅིག་ཅར་འབྱུང་བར་འགྱུར་བ་རྣམ་པར་ཤེས་པ་མང་པོ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་རྣམ་པར་ཤེས་པ་གཅིག་གིས་མི་ནུས་སོ་སྙམ་དུ་སེམས་སོ། ་ཕྱོགས་གཉིས་པ་བསྟན་པའི་ཕྱིར། འོན་ཏེ་ངེས་པ་མེད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གལ་ཏེ་རྐྱེན་གཅིག་དང་ཕྲད་ན། རྣམ་པར་ཤེས་པ་གཅིག་ཁོ་ན་འབྱུང་ལ། གལ་ཏེ་གཉིས་དང་མང་པོ་དག་གི་རྐྱེན་དང་ཕྲད་པར་གྱུར་ན་ཡང ་དེའི་ཚེ་གཉིས་དང་མང་པོ་དག་འབྱུང་བར་འགྱུར་རོ་ཞེས་ཕྱོགས་སྔ་མའོ།། གྲུབ་པའི་མཐའ་སྨྲ་བས། ལྔ་རྣམས་རྩ་བའི་རྣམ་ཤེས་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྣམ་པར་ཤེས་ལྔ་པོ་དག་ནི་ཙྪིནཱ་ཇི་ལྟ་པོ་བཞིན་དུ་རཱུ་པའི་རྣམ་པར ་ཤེས་པ་ལས་འབྱུང་བར་འགྱུར་ཏེ། རེས་འགའ་ནི་ཙོག་ཅར་རེས་འགའ་ནི་རིམ་གྱིས་སོ།། དཔེར་ན་རྐྱེན་ཇི་ལྟ་བ་བཞིན་དུ་ཆུ་ལ་རླབས་རྣམ་འབྱུང་བ་དང་མཚུངས་སོ་ཞེས་མདོར་བྱས་པའི་དོན་ཏོ།། ཚིག་གི་དོན་རྣམས་ནི་ངག་གི་དོན་རྟོགས ་པའི་སྔོན་དུ་འགྲོ་བས། ཚིག་གི་དོན་བསྟན་པའི་ཕྱིར། ལྔ་རྣམས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། རྩ་བའི་རྣམ་པར་ཤེས་པ་ཇི་ལྟ་བུ་ཞིག་ཅིའི་ཕྱིར་དེ་ལ་དེ་སྐད་ཅེས་བྱ་སྙམ་པ་ལ ་ལྔ་པོ་རྣམས་ཀྱི་ས་བོན་གྱི་གནས་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ལྔ་པོ་དག་གིས་ས་བོན་གྱི་གནས་ཡིན་པ་དང་། འདི་ལྟར་ཡང་དེ་ནི་འགྲོ་བ་རྣམས་སུ་སྐྱེ་བ་ཡོངསུ ་འཛིན་པར་བྱེད་དེ། དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ནི་རྩ་བའི་རྣམ་པར་ཤེས་པ་ཞེས་བྱའོ།། དེ་ལས་སྐྱེ་བས་ན་དེ་ནི་ས་བོན་གྱི་གནས་ཉིད་དེ་རྒྱུ་ཡིན་ནོ།། རྐྱེན་གྱི་རྗེས་སུ་མཐུན་པར་བསྟན་པའི་ཕྱིར། ཇི་ལྟར་རྐྱེན་ལས་ཞེས་བྱ་བ་ནི་ཞེས་བྱ་བ ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། བདག་ཐོབ་པའི་སྒྲས་ནི་སྐྱེས་པར་བསྟན་ཏོ།། ལྷན་ཅིག་གམ་མ་ཡིན་ཞེས་བྱ་བའི་དེས་ནི་ཅིག་ཆར་དང་རིམ་གྱིས་ཤེས་བསྟན་ཏོ།། ཅིག་ཅར་དང་རིམ་གྱིས་ཇི་ལྟར་འབྱུང་སྙམ་པ་ལ། ཆུ་ལ ་རླབས་རྣམས་ཇི་བཞིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ད་ནི་གོ་སླ་བས་མ་བཤད་དོ།། དཔེ་འདི་གང་ནས་འབྱུང་སྙམ་པ་ལ། ཇི་སྐད་དུ་བློ་གྲོས་ཡངས་པ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ ་བློ་གྲོས་ཡངས་པ་ཞེས་བྱ་བ་ལ་ས་བོན་ནས་དཔེ་འདི་དག་གསུངས་སོ།། རྒྱུ་ནི་འབབ་པའི་སྒྲར་བསྟན་ཏོ།། ཆད་པ་ནི་རྒྱུན་ཆད་པའི་སྒྲར་བསྟན་ཏོ།། ཡོངས་སུ་ཟད་པ་ནི་ཟད་པའི་སྒྲར་བསྟན་ཏོ།། མདོར་བྱས་པའི་དོན་ལྷག་མ་ནི་གོ་སླ་ངས་མ་བཤད།། ་ཀུན་བཞི་རྣམ་པར་ཤེས་པ་ཆུ་བོ་དང་མཚུངས་པ་ཉིད་དུ་རབ་ཏུ་སྒྲུབ་པའི་ཕྱིར། ལུངས་གཉིས་པ་འདི་ལ་ཚིག་སུ་བཅད་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ལེན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཟབ་ཅིང་ཕྲ་བ་སྟེ། ཆུ་བོ་ལྟར་དུས་ཐམས་ཅད་དུ ་འཇུག་གོ། ས་བོན་ཐམས་ཅད་ཀྱི་གནས་ཀྱང་དེ་ཡིན་ནོ།། སོ་སོའི་སྐྱེ་བོ་དག་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་དུ་འཛིན་པར་གྱུར་ན་མི་རུང་ངོ་།། ཞེས་སོ་སོའི་སྐྱེ་བོའི་ཁོར་གྱི་ནང་དུ་ངས་དེ་མ་བསྟན་ཏོ།། ་བྱིས་པ་རྣམས་ཀྱི་ཡུལ་མ་ཡིན་པས་ཟབ་པའོ།། འཕག་སྦ་རྣམས་ཀྱི་ཡུལ་ཡང་མ་ཡིན་པས་ཕྲ་བའོ།། དེ་ལྟར་རེ་ཞིག་ལུང་གིས་རྣམ་པར་ཤེས་པ་མང་པོ་དགྲ་ཅིག་ཅར་འབྱུང་བར་བསྟན་ནས། རིགས་པས་ཀྱང་བསྟན་པའི་ཕྱིར། རྣམ་པར ་ཤེས་པ་དམིགས་པའི་རྐྱེན་སོར་སོར་ངེས་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་དམིགས་པའི་རྐྱེན་སོ་སོར་ངེས་པ། མིག་གི་རྣམ་པར་ཤེས་པའི་གཟུགས་དང་། དེ་བཞིན་དུ ་རྣ་བའི་རྣམ་པར་ཤེས་པའི་སྒྲ་ཉིད་ཅེས་བྱ་བ་ལ་སོགས་པ་དེ་བཞིན་དུ། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་དེ་མ་ཐག་པའི་རྐྱེན་ནི་སོ་སོར་ངེས་པར་མི་འདོད་དེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ལ་རྣམ་པར་ཤེས་པ་དྲུག ་ངག་ཀྱང་རིམ་གྱིས་དེ་མ་ཐོག་པའི་རྐྱེན་གྱི་དངོས་པོ་བྱེད་དོ།། དེ་བཞིན་དུ་དྲུག་པོ་དག་ནི་རིམ་གྱིས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་དེ་མ་ཐག་པའི་རྐྱེན་དུ་ཁས་ལེན་ཏོ།། དེའི་ཕྱིར་གང་གི་ཚེ་དམིགས་པའི་རྐྱེན་དང་ཕྲད་པར་གྱུར་པ་དེའི་ཚེ། ་དེ་མ་ཐག་པའི་རྐྱེན་གཅིག་པུ་ལས་ཀྱང་རྣམ་པར་ཤེས་པ་གཉིས་དང་མང་པོ་འབྱུང་སྟེ། འཀལ་བ་མེད་དོ།། ཅི་སྟེ་དེ་ལྟར་མི་འདོད་ན་དེའི་ཚེ་དེ་མ་ཐག་པའི་རྐྱེན་ཀྱང་ངེས་པ་མཽད་མེད་ལ། ལྔ་པོ་དག་གི་དམིགས་པའི་རྐྱེན་དང་ཅིག་ཅར་ཕྲང ་ཀྱང་རྣམ་པར་ཤེས་པ་ཅིག་ཁོ་ན་འབྱུང་གི། ལྔ་ཆར་མི་འབྱུང་ངོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ཅི་ཡོད་བརྗོད་དགོས་སོ།། དེ་ལྟར་འདི་ལ་ངེས་པའི་གཏན་ཚིགས་ཅུང་ཟད་ཀྱང་མི་སྣང་སྟེ། དེ་བས་ཀྱང་དམིགས་པ་ཡོད་པར་གྱུར་ན། ཡང་ན་ནི་རྣམ ་པར་ཤེས་པ་ལྔ་ཆར་འབྱུང་བར་འགྱུར་རོ།། ཡང་ན་ནི་གཅིག་ཀྱང་འབྱུང་བ་མི་འགྱུར་རོ།། ཡང་སྐབས་གཞན་བྱ་བའི་ཕྱིར། ད་ནི་འདི་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ནི་འདྲི་བའི་དོན་ཏེ།། དོན་དེ་ནི་གོ་སླུ་བས་མ་བཤད།། ་གྲུབ་པའི་མཐུའ་སྨྲ་བས་ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདུ་ཤེས་མེད་པ་ལ་སོགས་པ་མ་གཏོགས་པར་དུས་ཐམས་ཅད་དུ་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་མདོར་བྱས་པའི་དོན་ཏོ།། ཚིག་གི ་དོན་བསྟན་པའི་ཕྱིར་རྟག་ཏུའོ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་ན་ཡིད་ཀྱི་རྣམ་པར་ཤེས་པ་མི་འདོད་པ་དེར་བཟློག་པའི་ཕྱིར་སྤྱི་བཏང་བ་འདིའི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཡིད་ཀྱི་རྣམ་པར་ཤེས་པ་དུས་ཐམས ་ཅད་དུ་འབྱུང་བར་ཁས་བླངས་མོད་ཀྱི་འོན་ཀྱང་འདུ་ཤེས་མེད་པ་པ་མ་གཏོགས། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཉིས་མ་གཏོགས། སེམས་མེད་པའི་གཉིད་དང་། སེམས་མེད་རྫི་བརྒྱལ་པ་མ་གཏོགས་པར ་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་འདོད་དོ།། སྤྱི་བྱ་བ་ནི་སྤྱིར་བཏང་བ་ཞེས་བྱའོ།། བྱེ་བྲག་དུ་བྱ་བ་ནི་དམིགས་ཀྱིས་བསལ་བ་ཞེས་བྱའོ།། འོ་ན་འདུ་ཤེས་མེད་པ་པ་ཞེས་བྱ་བ་དེ་གང་ཡིན་སྙམ་པ་ལ། དེ་ལ་འདུ་ཤེས་མེད་པ་པ ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདུ་ཤེས་མེད་པ་པའི་སེམས་ཅན་དག་ནི་ལྷ་རྣམས་ལྔ་ཁ་ཅིག་གོ་ཞེས་འབྱུང་སྟེ། དེ་དག་གི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་གང ་ཡིན་པ་དེ་འདུ་ཤེས་མེད་པ་པ་ཞེས་བྱའོ།། སུས་འདོད་པའི་ཁམས་སུ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་པ་དེ་ནི་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ།། སུས་འདོད་པའི་ཁམས་སུ་འགོག་པའི་སྙོམས་པར ་འཇུག་པ་བསྐྱེད་པ་དེ་ནི་སྲིད་པའི་རྩེ་མོར་སྐྱེའོ།། འདུ་ཤེས་མེད་པ་པ་ནི་ཅི་ཡང་མེད་ཤེས་ཏེ། དོན་མེད་པར་གནས་སོ།། སྙོམས་པར་འཇུག་པ་གཉིས་གང་ཡིན་སྙམ་པ་ལ། སྙོམ་པར་འཇུག་པ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས ་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཡིན་སྙམ་པ་ལ། དེ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། བསམ་གཏན་གསུམ་པའི་འདོད་ཆགས ་དང་བྲལ་ལ་གོང་མའི་འདོད་ཆགས་དང་མ་བྲལ་བའི་རྣལ་འབྱོར་པའི་ཐར་པའི་ལམ་སྙམ་དུ་འདུ་ཤེས་སྔོན་དུ་གཏང་པའི་ཡིད་ལ་བྱེད་པས། ཡིད་ཀྱི་རྣམ་པར་ཤེས་པ་དང་དེ་དང་མཚུངས་པར་ལྡན་པའི་སེམས ་ལས་འབྱུང་བ་རྣམས་འགོག་པ་གང་ཡིན་པ་སྟེ། གསུངས་པ་འདི་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ།། རྣམ་པར་བསྒྲུབ་པ་བསྟན་པའི་ཕྱིར། འདིས་འགོག་པར་འགྱུར་བས་འགོག་པའོ།། ཞེས་བྱ་བ་སྨྲས་ཏེ། ་དོ་ནི་དེ་ཉིད་ཀྱིས་བཤད་ཟིན་ཏོ།། དེ་འདྲ་བ་དེ་གང་ཡིན་སྙམ་པ་ལ། དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་ཅས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་འཁོར་དང་བཅས་པར་འབྱུང་བ ་གང་གིས་འགོག་པ་ཞེས་བྱའོ།། དེ་ནི་གནས་སྐབས་ཀྱི་བྱེ་བྲག་འགའ་ཞིག་ཡིན་གྱི། ཇི་ལྟར་ཁ་ཅིག་གིས་ཡོངས་སུ་བཏགས་པ་ལྟར་རྫས་ནི་མེད་དོ།། དགེ་བ་ལས་སེམས་རྩེ་གཅིག་པ་ཉིད་སྙོམས་པར་འཇུག་པ་ཞེས་མི་བྱའམ ་འོ་ན་ཇི་ལྟར་སེམས་དང་སེམས་ལས་བྱུང་བ་འགོག་པ་ལོ་སྙོམས་པར་འཇུག་པ་ཞེ་ན། དེའི་ཕྱིར་སྙོམས་པར་འཇུག་པ་དེ་ཡང་སེམས་ཀྱི་འོག་ཏུ་ཞེས་བྱ་བ་ལྔ་སོགས་པ་སྨྲས་ཏེ། འདི་ལྟར་སྙོམས་པར་འཇུག་པ་ནི་སེམས་ཀྱི་འོག་ཏུ ་སེམས་གཞན་འབྱུང་བ་དང་མི་མཐུན་པའི་གནས་ཐོབ་པར་བྱེད་དེ། དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་འགོག་པ་དེ་སྙོམས་པར་འཇུག་པ་ཞེས་བྱའོ།། གཉིས་པ་སྟན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཅི་ཡང་མེད ་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་རྣལ་འབྱོར་པའི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་གཏོང་བའི་ཡིད་ལ་བྱེད་པས། ཡིད་ཀྱི་རྣམ་པར་ཤེས་པ་འཁོར་དང་བཅས་པ་དང་ཉོན་མོངས་པ་ཅན་གྱིས་ཡིད་འགག་པ་གང་ཡིན་པ་དེ། ་འགོག་པའི་སྙོམ་པར་འཇུག་པ་ཞེས་བྱའོ།། ཞི་བོར་གནས་པའི་འདུ་ཤེས་སྔོན་དུ་བཏང་བ་ཞེས་བྱ་བ་ནི་གནས་པ་འདི་ནི་ཞི་བའོ་སྙམ་དུ་རྣམ་པ་དེ་ལྟ་བུའི་བློ་སྔོན་དུ་བྱས་ནས། ཕྱིས་སྙོམས་པར་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ།། འདི ་ཡང་བཏགས་པའི་ཡོད་པར་བསྟན་པའི་ཕྱིར། འདི་ཡང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པར་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་འདུ་ཤེས་མེད་པའི་སྙོམས་པར་འཇུག ་པ་གནས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་གདགས་པ་དེ་བཞིན་དུ།། འདི་ཡང་དེ་ལ་གདགས་ཞེས་བྱ་བའི་ཐ་ཚིག་གོ།། སེམས་མེད་པའི་གཉིད་ཇི་ལྟ་བུ་ཞིག་ཡིན་སྙམ་པ་ལ། སེམས་མེད་པའི་གཉིད་ནི་ཞེས་བྱ་བཱ་ལ་སོ ་པ་སྨྲས་ཏེ། འདི་ལྟར་གང་གི་ཚེ་གནས་གཉིད་སྟུག་པོས་ནོན་པར་གྱུར་པ་དེའི་ཚེ། དུས་དེ་སྲིད་གཅིག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་མི་འབྱུང་སྟེ། དེའི་ཕྱིར་སེམས་མེད་པ་ཞེས་བྱའོ།། སེམས་མེད་པའི་བརྒྱལ་པ ་ཇི་ལྟ་བུ་ཞིག་ཡིན་གང་ལྔ་རྣམ་པར་བཞག་སྙམ་པ་ལ། སེམས་མེད་པའི་བརྒྱལ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བློ་བུར་དུ་སྣང་བ་དང་། ཡང་ན་ཁམས་ཤེས་མ་མཉམ་པས་དུས་དེ་སྲིད་ཅིག་ཏུ་ཡིད་ཀྱི་རྣམ་པར་ཤེས ་པ་འབྱུང་བ་དང་། མི་མཐུན་པའི་ལུས་མ་སྙོམས་པར་འགྱུར་བ་གང་ཡིན་པའི་གནས་མི་མཉམ་པ་དེ་ལ་སེམས་མེད་པའི་བརྒྱལ་བ་ཉེ་བར་འདོགས་སོ།། མཇུག་བསྡུས་ཏེ་བསྟན་པའི་ཕྱིར། གནས་སྐབས་ལྔ་པོ་དག ་མ་གཏོགས་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ནི་འཇུག་བསྡུ་བའི་དོན་ཏེ་གོ་སླ་བས་མ་བཤད་དོ།། ཡིད་ཀྱི་རྣམ་པར་ཤེས་པའི་དབང་དུ་བྱས་ཏེ་འདྲི་བའི་ཕྱིར། དེ་ལྟར་འདུ་ཤེས་མེད་པ་པོ་ལ་སོགས་པ་སྨྲས་ཏེ། གང་པོ་ཆེ ་འདུ་ཤེས་མེད་པ་པ་ལ་སོགས་པ་དང་བྲལ་བ་དེའི་ཚེ། གང་གི་རྣལ་འབྱོར་པ་དེ་ཐལ་བྱུང་དུ་འཆི་བའི་དུས་བྱེད་པར་མི་འགྱུར་བའི་རྣམ་པར་ཤེས་པ་དེ་གང་ལས་འབྱུང་ཞེ་ན། གྲུབ་པའི་མཐའ་སྨྲ་བས་དེ་ནི་ཀུན་གཞི་རྣམ་པར་ཤེས་པ ་ཉིད་ལས་འབྱུང་སྟེ། ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདུ་ཤེས་མེད་པ་ལ་སོགས་པ་ལས་ལངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་སྟེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ ་དེ་ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ས་བོན་དང་ལྡན་པའོ།། འོག་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར་རྣམ་པར་ཤེས་པར་གྱུར་པ་གང་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་གོ་སླ་བས་མ་མ་བཤད་དོ།། དེ་ནི་བདག ་དང་ཆོས་རྣམས་རྣམ་པར་ཤེས་པ་གྱུར་པ་ལས་ཕྱི་རོལ་ན་མེད་དོ་ཞེས་གང་དམ་བཅས་པོ་དེ་རབ་ཏུ་སྒྲུབ་པོའི་ཕྱིར། རྣམ་པར་ཤེས་པ་གྱུར་པ་འདི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། རྣམ་པར་ཤེས་པ་གྱུར་པ་གང་ཡིན་པ་དེ་ནི ་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པ་དེས་དངོས་པོ་གང་ཅི་རྣམ་པར་བརྟགས་པ་དེ་ཐམས་ཅད་ནི་མེད་པའོ།། དེ་བས་ན་འགྲོ་བ་འདི་ཐམས་ཅད་ནི་རྣམ་པ་རིག་པ་རྩམ་མོ་ཞེས་མདོར་བྱས་པའི་དོན་ཏོ།། ཡན་ལག་གི་དྲོན་བསྟན་པའི་ཕྱིར། ་རྣམ་པར་ཤེས་པ་གྱུར་པ་རྣམ་པ་གསུམ་བཤད་མ་ཐག་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། རྣམ་པར་རྟོག་རང་གི་ངོ་བོ་བསྟན་པའི་ཕྱིར་སྒྲོ་བརྟགས་པའི་དོན་གྱིས་རྣམ་པ་ཞེས ་བྱ་བ་ལ་སོགས་པ་སྨྲས་ཏེ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་སྒྲོ་བཏོགས་པའི་དོན་གྱི་རྣམ་པར་འབྱུང་བ་གང་ཡིན་པ་དེ་དག་རྣམ་པར་རྟོག་པའི་སྒྲར་བརྗོད་དོ།། འདིར་དབུས ་དང་མཐའ་རྣམ་པར་འབྱེད་པ་ཁུངས་སུ་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལས་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཞེས ་འབྱུང་ངོ་།། ཅིའི་ཕྱིར་རྣམ་པར་ཤེས་པོ་གྱུར་པ་རྣམ་རྣམ་པར་རྟོག་པའི་སྒྲར་བརྗོད་སྙམ་པ་ལ། རྣམ་པར་རྟོག་པ་རྣམ་པ་གསུམ་ས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས ་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དང་བཅས་པ་རྣར་རྟོག་པ་རྣ་བ་བཅུ་པོ་དེ་སྣང་ལ་སོགས་པའི་དངོས་པོ་གང་རྣམ་པར་བརྟགས་པ་དེ་ཡང་དག་པའི་དམ་དུ་ན་མེད་དོ།། དེ་བས་ན་རྣམ་པར་ཤེས་པ་གྱུར་པ་དེ་ནི་རྣམ་པར ་རྟོག་པ་ཞེས་བྱ་སྟེ། འདི་ལྟར་དེ་ནི་དམིགས་པ་ནི་དངོས་པོར་ཡོད་པ་མ་ཡིན་ནོ།། ཕྱི་རོལ་གྱི་དོན་དུ་སྨྲ་བ་ཡིད་མ་ཆེས་ནས། དེའི་དམིགས་དེ་མེད་པར་ཇི་ལྟར་ཤེས་ཞེ་ན་ཞེས་འདྲི་སྟེ། རྣམ་པར་རྟོག་པའི་དམིགས་པ་དངོས ་པོ་མེད་པ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟར་ཤེས། གྲུབ་པའི་མཐའ་སྨྲ་བས་གང་གི་རྒྱུ་གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གང་གི་རྒྱུར་གང་འདོད་པ་དེ་ཚོགསྦ་དང་འགལ་བ་ཡང་མེ་དམ་དེ་འབྱུང་བར་འགྱུར་གྱི།། ་གཞན་དུ་ན་ནི་མ་ཡིན་ཏེ། འདི་ནི་འདི་ལྟ་བུའི་ཚུལ་དུ་གནས་པའོ།། རྣམ་པར་ཤེས་པ་ནི་སྒྱུ་མ་ལ་སོགས་པ་དོན་མེད་པར་ཡང་འབྱུང་སྟེ། དེ་བས་ན་དོན་གྱི་ཁར་མ་ལུས་པར་རྣམ་པར་ཤེས་པ་འབྱུང་བས་ཁོ་བོས་ཤེས་སོ།། གལ ་ཏེ་རྣམ་པར་ཤེས་པ་འབྱུང་བ་དམིགས་པའི་ཁར་ལས་པ་ཡིན་ན་ནི། དེའི་ཚེ་སྒྱུ་མ་ལ་སོགས་པ་དག་ལ་དོན་མེད་པས་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་རོ།། མཇུག་བསྡུ་བའི་ཐབ་ཀྱིས་རྣམ་པར་ཤེས་པའི་གཏན་ཚིག ་བསྟན་པའི་ཕྱིར། དེ་བས་ན་སྒྱུ་མ་འགགས་པ་དེ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་རྣམ་པར་ཤེས་པ་ཕྱིའི་དོན་གྱི་ཁར་རག་ལས་པ་མ་ཡིན་ནོ།། དེ་བས་ན་སྔ་མ་འགགས་པ་དང་འདྲ་བའི་རྣམ་པ་ཉིད་ལས་རྣམ ་པར་ཤེས་པ་འབྱུང་གིས། ཕྱིའི་དོན་ལས་ནི་འབྱུང་བ་མ་ཡིན་ཏེ། འདི་ལྟར་ཕྱིའི་དོན་མེད་ཀྱང་རྣམ་པར་ཤེས་པ་དེ་འབྱུང་བའི་ཕྱིར་རོ།། དེ་ལྟར་རེ་ཞིག་མ་ཚངས་པ་བསྟན་ནས། འགལ་བསྟན་པའི་ཕྱིར། དོན་ཐ་དད་པ་མ་ཡིན ་པ་ལ་ཡང་རྟོག་པར་བྱེད་པ་རྣམས་ཤེས་བྱ་བ་ལ་སོགས་པ་སྨྲས་ཏེ། དངོས་པོ་གཅིག་ལ་ཡང་རྟོག་པར་བྱེད་པ་རྣམས་ཀྱི་རྟོག་པ་ལ་རོ་དང་འདོད་པ་ཅན་དང་། བཟའ་བ་ལ་སོགས་པའི་རྣམ་པ་ཕན་ཚུན་མི་མཐུན་པ་སྣང་ངོ་།། འདི ་ལ་འདི་ལྟར་འགྱུར་ཏེ། དངོས་པོ་གཅིག་ཁོ་ན་ལ་དུ་མའི་རྣམ་པར་རིག་པ་འབྱུང་ངོ་ཞེ་ན། དེའི་ཕྱིར། གཅིག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དངོས་པོ་གཅིག་ནི་ཕན་ཚུན་འགལ་བ་དུ་མེའི་བདག་ཉིད་དུ་མི་རུང་ངོ་།། ་དེ་ལྟར་ན་དེའི་ཕྱིར་སྒྲོ་བཏགས་པའི་རྣམ་པ་ཡིན་པས་རྣམ་པར་རྟོག་པའི་དམིགས་པ་མེད་པར་ཁོང་དུ་ཆུད་པར་བྱའོ།། འཇུག་བསྡུ་བ་བསྟན་པའི་ཕྱིར་འདིས་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ།། ་རྣམ་པར་རྟོག་པའི་ཡུལ་མེད་པའི་ཚིག་གིས་སྒྲོ་བཏགས་པའི་མཐའ་སྤངས་སོ།། ད་ནི་སྐུར་པ་འདོབས་པའི་མཐའ་སྤངས་པར་འདོད་ནས། དེས་ན་འདི་ཐམས་ཅད་རྣམ་པར་རིག་ཙོམ་ཞེས་བྱ་བ་ལ་སོགས་པ་སོག་སྨྲས་སོ།། དེ་དགྲོལ ་བའི་ཕྱིར་དེས་ན་ཞེས་བྱ་བ་ནི་དེ་བས་ནའོ་ཞེ་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གྱུར་པའི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པས་བདག་ལ་སོགས་པ་དངོས་པོ་གང་རྣམ་པར་བཏགས་པ་དེ། ཡང་དག་པའི་དོན་དུ་ན་མེད་དོ།། རྣམ་པར་རྟོགས་པ་དེ ་ནི་ཡོད་དོ།། དེ་བས་ན་ཡུལ་ནི་མེད་ལ་རྣམ་པར་རྡོ་ལ་ནཱི་ཡོད་པ་ཐམས་ཅད་རྣམ་པར་རིག་པ་ཙམ་མོ།། ཡན་ལག་གི་དོན་བསྟན་པའི་ཕྱིར། ཐམས་ཅད་ཅེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁམས་སུམ་པ་དང་འདུས ་མ་བྱས་ནི་ཐམས་ཅད་ཀྱི་སྒྲར་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། ཙམ་གྱི་སྒྲ་གང་ཡིན་པ་དེ་ནི་རྣམ་པར་རིག་པ་ལས་ལྷག་པའི་ཡུལ་རྣམ་པར་གཅད་པའི་ཕྱིར་རོ།། པ་ཞེས་བྱ་བ་ནི་འདིར་ཆུང་ངུ་དང་ཐུང་ངུ་དང་སྣང་བ་དང་བསྔགས ་པའི་དོན་མ་ཡིན་གྱི། ཚིགས་སུ་བཅད་པའི་རྩ་བ་ཁ་བསྐང་པའི་དོན་ཏོ།། ཕ་རོལ་གྱི་ཚིག་གི་གླག། ས་སུ་འགྱུར་དུ་ངོགས་ནས་གལ་ཏེ་ཐམས་ཅད་རྣམ་པར་རིག་པ་ཙམ་ཁོ་ནས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲསོ།། གལ ་ཏེ་ཡང་དག་པའི་དོན་དུ་ན་ཐམས་ཅད་རྣམ་པར་རིག་པ་ཙམ་ཉིད་དེ་རྣམ་པར་རིག་པ་ཙམ་དེ་ལས་བྱེད་པ་པོ་འམ་བྱེད་པ་གཞན་མེད་ན། རྩ་བའི་རྣམ་པར་ཤེས་པ་བྱེད་པ་པོ་གང་གིས་ཀྱང་བྱིན་གྱིས་མ་བརླབས་པ་ལས་བྱེད་པ་མེད ་པར་རྣམ་པར་རྟོག་པ་སྣ་ཚོགས་དག་ཇི་ལྟར་འབྱུང་བ་བརྗོད་དགོས་སོ་སྙམ་པ་ལ། འདིར་གྲུབ་པའི་མཐའ་སྨྲ་བས་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཉིད་ཕན་ཚུན་གྱི ་སྟོབས་ཀྱིས་དེ་ལྟ་དེ་ལྟར་འགྱུར་བར་འགྲོ་སྟེ། བྱེད་པ་པོ་དང་བྱེད་པ་མེད་པར་ཡང་དེ་ལ་རྣམ་པར་རྟོག་པ་དེ་དང་དེ་དག་སྐྱེའོ་ཞེས་མདོར་བྱས་པའི་དོན་ཏོ།། འགྲོལ་བ་བྱེད་པས་ཡན་ལག་གི་དོན་བསྟན་པའི་ཕྱིར། དེ་ལ་ཆོས་ཐམས་ཅད ་སྐྱེད་ནུས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་ཆོས་ཐམས་ཅད་སྐྱེད་ནུས་པ་དང་ལྡན་ཏེ། དེའི་ཕྱིར་ས་བོན་ཐམས་ཅད་པ་ཞེས་བྱའོ།། བྱེ་བྲག་གཉི་ག་སྨོས་པའི་དགོས་པ་བསྟན་པའི ་ཕྱིར། རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་ས་བོན་ཐམས་ཅད་པ་མ་ཡིན་པའི་རྣམ་པར་ཤེས་པ་ཡང་ཡོད་དོ།། འཇུག་པའི་རྣམ་པར་ཤེས་པ་ཞེས་བྱའོ།། དེ་བས་ན་དེ་ལས་རྣམ་པར་དབྱེ་བའི་ཕྱིར། ་ས་བོན་ཐམས་ཅད་ཅེས་བྱེ་བྲག་འདི་བྱས་སོ།། རྣམ་པར་ཤེས་པ་ནི་མེ་ཏོག་པར་གཙོ་བོ་ལ་སོགས་པ་ལ། ས་བོན་ཐམས་ཅད་པར་ཁ་ཅིག་ཀུན་ཏུ་རྟོག་སྟེ། དེ་བས་ན་དེ་རྣམ་པར་གཅད་པའི་ཕྱིར་རྣམ་པར་ཤེས་པ་སྨོས་སོ།། འདི ་@ཉིད་ལ་བཤུད་པ་གཞན་བྱ་བའི་ཕྱིར། ཡང་ན་ཚིག་གཅིག་ལ་འཁྲུལ་པ་ཡོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དཔེར་ན་ཨུཏྤ་སྔོན་པོ་ཞེས་བྱ་བ་འདི་ལ་ནི་ཚིག་གཉི་ག་འཁྲུལ། ་པ་ཡོད་པས་བྱེ་བྲག་དང་བྱེ་བྲག་གི་གཞིའི་དངོས་པོར་འགྱུར་ཏེ། ཐམས་ཅད་ལ་དེ་ལྟ་མ་ཡིན་ནོ།། ལ་ལར་ནི་ཚིག་གཅོག་ལ་འཁྲུལ་པ་ཡོད་ཀྱང་བྱེ་བྲག་དང་བྱེ་བྲག་གི་བཞི་ཉིད་དུ་འགྱུར་ཏེ། དཔེར་ན་སའི་རྫས་དང་ཆུའི ་རྫས་ཞེས་བྱ་བ་ལྟ་བུའོ།། འདི་ལྟར་ཚུ་ལ་ནི་རྫས་སུ་འཁྲུལ་པ་མེད་མོད་ཀྱི། འོན་ཀྱང་བྱེ་བྲག་རྫས་སྨོས་སོ།། དེ་བཞིན་དུ་འདིར་ཡང་ས་དོན་ཐམས་ཅད་ནི་རྣམ་པར་ཤེས་པ་ཉིད་ཡོན་པར་འཁྲུལ་པ་མེད་ཀྱིང་། འོན ་ཀྱང་རྣམ་པར་ཤེས་པས་བྱེ་བྲག་དུ་དབྱིའོ།། ཡན་ལག་གཞན་པ་ཤད་པ་བྱ་བའི་ཕྱིརདེ་དྲི་ལྟར་འགྱུར་བར་འགྲོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། སྔ་མའི། གནས་སྐབས་དང་མཚན་ཉིད་མི་འདྲ་བར་འགྱུར་བ་ནི ་འགྱུར་བ་སྟེ། དེ་ནི་རྣམ་པར་རྟོག་པ་དེ་དང་དེའི་འོག་མ་སྐྱེད་ནུས་པའི་གནས་སྐབས་ཐོབ་པའི་མཚན་ཉིད་དོ།། ཕན་ཚུན་དབང་གིས་ཞེས་བྱ་བ་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པས་བརྗོད་དོ།། མིག་ལ་སོགས་པའི ་རྣམ་པར་ཤེས་པ་གང་གི་ཚེ་རང་གི་ནུས་པ་ཡོངས་སུ་གསོ་བའི་ཕྱིར་འཇུག་པ་དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ནུས་པ་ཁྱད་པར་ཅན་གྱི་རྒྱུའི་དངོས་པོར་འགྱུར་རོ།། ཀུན་གཞི་རྣམ་པར་ཤེས་པ་འགྱུར་བ་དེ་ཡང་མིག ་ལ་སོགས་པའི་རྣམ་པར་ཤེས་དེའི་རྒྱུར་འགྱུར་རོ།། དེ་ལྟར་ན་གང་གི་ཕྱིར་ཕན་ཚུན་གྱི་སྟོབས་ཀྱིས་གཉི་ག་འཇུག་པ་དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་སུས་ཀྱང་བྱིན་གྱིས་མ་བརླབས་པ་ཉིད་ལས་རྣམ་པར་རྟོག་པ ་དུ་མ་དེ་དང་དེ་སྐྱེ་བར་གནས་སོ།། འགྲོ་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར། འདིར་ནི་ད་ལྷུར་གྱི་ཚེ་ལུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་དག་རྒྱུ་དང ་འབྲས་བུའི་དངོས་པོར་བསྟན་པ་གང་ཡིན་པ་དེའི་ཚེ་འདི་ཉིད་ལ་ལྟས་ཏེ་བསྟན་པའོ།། ད་ནི་ད་ལྟར་གྱི་ཚེ་ལས་མ་འོངས་པའི་ཚེ་ཇི་ལྟར་འབྱུང་བར་འགྱུར་བ་དེ་རབ་ཏུ་བསྟན་པའི་ཕྱིར། ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་རྣམ་པར་སྨིན་པ་སྔོན་གྱི་ལས་རྣམས་ཀྱིས་འཕངས་པར་འགྱུར་བ་གང་ཡིན་པ་དེ་ཟད་ནས། ལས་ཀྱི་བག་ཆགས་དང་འཛིན་པ་གཉིས་ཀྱི་བག་ཆགས ་དང་བཅས་པས་རྣམ་པར་སྨིན་པ་གཞན་ཀུན་གཞི་རྣམ་པར་ཤེས་པ་ཉིད་སྐྱེད་དོ་ཞེས་མདོར་བྱས་པའི་དོན་ཏོ།། འགྲེལ་པ་བྱེད་པས་ཡན་ལག་གི་དོན་བསྟན་པའི་ཕྱིར། བསོད་ནམས་དང་བསོད་ནམས་མ་ཡིན་པ་ཞེས་བྱ་བ་ལ ་སོགས་པ་སྨྲས་ཏེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་སེམས་པ་གང་ཡིན་པ་དེ་ནི་ལས་སོ།། རྣམ་པ་དེ་བོ་ལྟ་བུའི་ལས་དེས་མ་འོངས་པའི་ལུས་མངོན་པར་འགྲུབ་པར་ཀུན་གཞི་རྣམ་པར་ཤེས་པ་ལ་ནུས་པ། ་སྐུད་པ་གང་ཡིན་པ་དེ་ལས་ཀྱི་བག་ཆགས་ཞེས་བརྗོད་དོ།། འཛིན་པ་གཉིས་བསྟན་པའི་ཕྱིར། འཛིན་པ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཟུང་བར་མངོན་པར་ཞེན་པ་དང་། འཛིན ་པར་མངོན་པར་ཞེན་པ་དེ་ནི་འཛིན་པ་གཉིས་སོ།། འདི་གཉིས་ཀྱི་སོ་སོ་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་རྣམ་པར་ཤེས་པ་ལས་གུད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྣམ་པར་ཤེས་པ་མ་གཏོགས་པར་རང་ཡོད ་པས་གནས་པའི་བཟུང་བ་བདག་ཉིད་ཀྱིས་ཡོད་པར་ལྷག་པར་ཆགས་པ་གང་ཡིན་པ་དེ་ནི་བཟུང་བར་འཛིན་པའོ།། བཟུང་བ་རྣམ་པ་དེ་ལྟ་བུ་དེ་ཡང་རྣམ་པར་ཤེས་པས་འཛིན་པར་ངེས་པ་གང་ཡིན་པ་དེ་ནི་འཛིན་པར ་འཛིན་པའོ།། དེའི་བག་ཆགས་བསྟན་པའི་ཕྱིར་སྔོན་དུ་བྱུང་བའི་འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔོན་བྱུང་བའི་འཛིན་པ་གཉིས་ཀྱིས་བཏབ་པ་མ་འོངས་དེའི་རིགས་ཀྱི་འཛིན་པ་གཉིས་འབྱུང་བའི་ས་བོར ་གང་ཡིན་པ་དེ་འཛིན་པ་གཉིས་ཀྱི་བྲག་ཆགས་སོ།། དེ་ལྟར་བག་ཆགས་དེ་བཤོད་ནས་དེ་ཉིས་ཀྱི་ལུས་རབ་ཏུ་བསྟན་པའི་ཕྱིར། དེ་ལས་ཀྱི་བག་ཆགས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དགེ་པའི ་ལས་ཀྱི་བག་ཆགས་རྣམས་ཀྱིས་མི་ལ་སོགས་པའི་འགྲོ་བ་ཐ་དད་པར་ལུས་ཐ་དད་པར་འགྱུར། མི་དགེ་བའི་ལས་ཀྱི་བག་ཆགས་ཀྱི་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་ཐ་དད་པར་ལུས་ཐ་དད་པར་འགྱུར་ཏེ། ་དཔེར་ན་འབྲས་ས་ལུ་ལ་སོགས་བྷི་ས་དོན་པ་དད་པས་མྱུ་གུ་ཐ་དད་པར་འགྱུར་བ་བཞིན་ནོ།། འདི་ལ་འཛིན་པ་གཉིས་ཀྱི་བག་ཆགསུ་གང་ཡིན་པ་དེ་ནི་ལུས་ཀྱི་བག་ཆགས་ཇི་ལྟར་རང་གིས་འཕང་བའི་ལུས་སྐྱེད་པ་ལ ་ཞུགས་པ་ཐམས་ཅད་ཀྱི་ལྷན་ཅིག་བྱེད་པ་ཉིད་དུ་འགྱུར་ཏེ། དཔེར་ན་ས་བོན་གྱི་མྱུ་གུ་སྐྱེ་བ་ནས་དང་ཆུ་ལ་སོགས་པ་ལྷན་ཅིག་བྱེད་པའི་རྐྱེན་དུ་འགྱུར་བ་བཞིན་ནོ།། མཇུག་བསྡུ་བ་བསྟན་པའི་ཕྱིར། དེ་ལྟར་ནཱ་ལས་ཀྱི་བ ་ཆགས་འབའ་ཞིག་མ་ཡིན་གྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ལུས་ཀྱི་འོག་ཆགས་འཕེན་པར་བྱེད་པ་འཛིན་པ་གཉིས་ཀྱི་བག་ཆགས་ཀྱི་ལྷན་ཅིག་བྱེད་པ་གང་ཡིན་པ་དེ་ལས་ཚིག་གི་དོན་འདི་འབྱུང་སྟེ། འཛིན ་པ་གཉིས་ཀྱི་བག་ཆགས་མེད་པར་ལས་ཀྱི་བག་ཆགས་འབའ་ཞིག་གིས་རྣམ་པར་སྨིན་པ་སྐྱེད་མི་ནུས་སོ་ཞེས་བྱ་བར་འགྱུར་རོ།། དེའི་ཕྱིར་ཉེ་བྱ་བ་ལ་སོག་པ་ནི་དོན་དེ་ཉིད་བསྟན་པར་བྱེད་དོ།། ཡང་ཡན་ལག ་གཞན་བཤད་པར་བྱ་བའི་ཕྱིར། སྔ་མའི་རྣམ་པར་སྨིན་པ་ཟད་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔོན་གྱི་ཚེ་རབས་དྲག་ན་བསགས་པའི་ལས་གང་ཡིན་པའི་ལས་དེས་ཚེ་འདི་ལ་རྣམ་པར་སྨིན་པ་བསྒྲུབས ་པ་གང་ཡིན་པ་དེ་འཕངས་པའི་དུས་ཀྱི་མཐའ་ལ་གནས་པ་ནས་ལས་ཀྱི་བག་ཆགས་སྟོབས་དང་ལྡན་པར་གྱུར་པ་གང་ཡིན་པ་དེ། དེའི་ཚེ་འཛིན་པ་གཉིས་ཀྱི་བག་ཆགས་དང་བཅས་པས་རྣམ་པར་སྨིན་པ་ཡུངས་སུ ་བཅད་པ་ལས་རྣམ་པར་སྨིན་པ་གཞན་ཀུནྡ་གཞི་རྣམ་པར་ཤེས་པ་དེ་ཉིད་སྤྱད་དོ།། དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མ་གཏོགས་པར། རྣམ་པར་སྣུན་པ་གཞན་མེད་དོ།། ཚི ་ལེའུར་བྱས་པའི་དོན་གྱི་མཇུག་བསྡུ་བསྟན་པའི་ཕྱིར། སྔ་མའི་རྣམ་པར་སྨིན་པ་ཟད་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གི་སླ་བས་མ་བཤད་དོ།། འདིར་མདོ་སྡེ་པས་ཕྱིར་བརྒལ་བའི་ཕྱིར། མིག་ལ ་སོགས་པའི་རྣམ་པར་ཤེས་པ་མ་གཏོགས་པར་ཞེས་བྱ་བ་སོགས་པ་སྨྲས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཡོད་དེ། ས་བོན་ཐམས་ཅད་པ་ཡིན་ན་ནི་རིག་པ་བརྗོད་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ།། གྲུབ ་པའི་མཐའ་སྨྲ་བས། གཉི་ག་ཡང་སྒྲུབ་པའི་ཕྱིར། ལུང་དང་རིགས་པས་ཡོད་པར་མངོན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཐེག་པ་ཆེན་པོའི་ཆོས་མངོན་པའི་མདོ་ལས། བཅོམ་ལྡན་འདས་ཀྱི་ཐོགས ་མ་མེད་པའི་དུས་ཀྱི་དབྱིངས་དང་། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་གནས་ཏེ་དེ་ཡོད་ན། འགྲོ་བ་ལྔ་པོ་ཐམས་ཅད་ཡོད་དོ།། ཡོད་ནཱ་མྱ་ངན་ལས་འདས་པ་ཡང་ཐོབ་པར་འགྱུར་རོ་ཞེས་གསུང་ཏེ། དེའི་ཕྱིར ་ཀུན་གཞི་རྣམ་པར་ཤེས་པ་ཡོད་དེང་ཡང་ས་བོན་ཐམས་ཅད་པར་གྲུབ་བོ།། ཀུན་གཞི་རྣམ་པར་ཤེས་པ་མ་གཏོགས་པར་ནི་ཐོག་མ་མེད་པའི་དུས་ཀྱི་དབྱིངས་དང་། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་གནས་སུ ་གང་ཡང་མི་འཐད་དོ།། དབྱིངས་ནི་འདིར་རྒྱུའི་སྒྲར་བསྟན་ཏོ།། ས་བོན་ཐམས་ཅད་པ་ནི་ཆོས་ཐམས་ཅད་ཀྱི་གནས་ཀྱི་སྒྲར་བསྟན་ཏོ།། རིགས་པ་བསྟན་པའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཞེས་བྱ ་པ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་དེ་ས་མ་བཤད་དོ།། འཇུག་པ་དང་ལྡོག་པ་གཉིས་ཀྱི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་འཁོར་བར་འཇུག་པ་ནི་ཞེས་བྱ་བ་སོགས་པ་སྨྲས་ཏེ། རིགས་འཐུན་པ ་གཞན་དྲག་ཏུ་མཚམས་སྦྱར་བར་བྱེད་པ་གྲང་ཡིན་པ་དེ་ནི་འཁོར་བར་འཇུག་པའོ།། ཕུང་པོའི་ལྷག་མ་དང་བཅས་པ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་གང་ཡིན་དེ་ནི་འཁོར་བ་དེ་ལྡོག་པའོ།། ། ་ཕུང་པོའི་ལྷག་མ་དང་བཅས་པ་ནི་ཕུང་པོའི་ལྕུགྲ་མ་དང་ལྷན་ཅིག་པའོ།། འོདི་ལྟར་ཕུང་པོའི་ལྷག་མ་དང་བྲལ་བ་དེ་ནི་ཕུང་པོའི་ལྷག་མ་མེད་པའོ།། ཕུང་པོའི་སྒྲ་ནི་ཕུང་པོ་རྣམས་བྱའོ།། ལྕུག་མའི་སྒྲ་ནི་ཆ་ལའོ།། ཆ ་ནི་གཉིས་ཏེ། ཉོན་མོངས་པའི་ཆ་དང་། ཕུང་པོའི་ཆའོ།། དེའི་ཕྱིར་ཕུང་པོའི་ཆ་ཡོད་བཞིན་དུ་ཉོན་མོངས་པའི་ཆ་སྤངས་པའོ་ཞེས་བསྟན་པ་ཡིན་ནོ།། བཅས་པའི་སྒྲ་ནི་ཡོད་པ་ལ་བྱ་བར་ཡང་མཐོང་སྟེ། དཔེར་ན་བོང་མོ་བོང ་ཕྱག་བཅུ་དང་བཅས་པ་ལྷན་ཅིག་ཁ་ལ་ཁྱེར་རོ་ཞེས་བྱ་བ་ལྟ་བུ་སྟེ།། དེ་ལ་ཡོད་པར་བཤད་དོ།། ཇི་ལྟར་ན་འཇུག་པ་མེད་པར་འགྱུར་སྙམ་པ་ལ། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ལས། གཞན་ཞེས་བྱ་བ་ལ་སོགས་པ་སྨྲས ་ཏེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་འབྱུང་བ་གང་ཡིན་པ་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་གཏོགས་པར་གཞན་མི་སྲིབ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མེད ་པར་ནི་འཇུག་པ་མི་འཐད་ངོ་།། རྣམ་པར་ཤེས་པ་གཞན་འདུ་བྱེད་ཀྱི་རྐྱེན་ལས་འབྱུང་བར་ཅིའི་ཕྱིར་མི་རུང་སྙམ་པ་ལ། ཀུན་གཞི་རྣམ་པར་ཤེས་པ་ཁས་མི་ལེན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་དག་ཀུན ་གཞི་རྣམ་པར་ཤེས་པ་ཁས་མི་ལེན་པ་དེ་དག་ཉིང་མཚམས་མི་སྦྱོར་བར་རྣམ་པར་ཤེས་པ་ནི་དདུ་བྱེད་ཀྱི་རྐྱེན་ལས་འབྱུང་བར་རྟོག་སྟེ། དཔེར་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་བཏགས་པ་ལྟ་བུ་འམ་འདུ་བྱེད་ཀྱིས ་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་ཡིན་པར་ཡོངས་སུ་རྟོག་སྟེ། དཔེར་ན་མདོ་སྔ་པོ་ལྟ་བུ་ཡིན་གྲང་ན། རྣམ་པར་རྟོག་པ་དང་པོའི་དབང་དུ་བྱས་ཏེ། དེ་ལ་འདུ་བྱེད་གང་ཡིན་པ་དེ་དག་ནི་ཞེས་བྱ་བ ་ལ་སོགས་པ་སྨྲས་ཏེ། འདུ་བྱེད་གང་ཡིན་པ་དེ་དག་ནི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་རྐྱེན་ཉིད་དུ་མི་འདོད་དེ། དེ་དག་ནི་འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་རོ།། དེ་བས་ནཱ་རྫས་སུ་ཡོད་པ་མ་ཡིན་ནོ།། ་མེད་པ་ནི་རྐྱེན་དུ་མི་འཐད་དོ།། དེ་ལྟ་བས་ན་འདུ་བྱེད་ནི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་རྐྱེན་དུ་མི་རུང་ངོ་།། འདི་ཉིད་ལ་ཉེས་པ་གཞན་བསྟན་པའི་ཕྱིར། ཉིང་མཚམས་སྦྱོར་བའི་ཚེ་ནི་ཞེས་བྱ་བ་ལ་སོགས ་པ་སྨྲས་སོ།། ཉིང་མཚམས་སྦྱོར་བའི་དུས་ནི་མིང་དང་གཟུགས་མཐའ་དག་ཀྱང་ཡོད་དེ། རྣམ་པར་ཤེས་པ་འབའུ་ཤིག་ནི་མཱ་ཡིན་ན། དེ་ལ་ཉིང་མཚམས་སྦྱོར་བའི་ཆ། འདུ་བྱེད་རྣམ་པ་ལ་ཤེས་པ་ཉིད་ཀྱི་རྒྱུན ་ཡིན་གྱིས། མིང་དང་གཟུགས་ཀྱི་རྐྱེན་ནི་མ་ཡིན་ནོ།། ཞེས་བྱ་བ་འདི་ལ་རིགས་པ་གང་ཡང་མེད་དོ།། དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཉིད་ཡིན་གྱིས། དེ་རྣམ་པར་ཤེས་པའི་རྐྱེན་ནི་མ་ཡིན་ནོ་ཞེས ་བརྗོད་པར་བྱའོ།། བརྒྱ་ལ་གཞན་ཉིང་མཚམས་སྦྱོར་བའི་མིང་དང་གཟུགས་ཀྱི་རྐྱེན་རྣམ་པར་ཤེས་པ་ཡིན་པར་མི་འདོད་དོ།། ཞེ་ན། དེའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་གཞན་གང་ཡིན ་ཞེས་བྱ་བ་སྨོས་སོ།། ཇི་སྟེ་དེ་ལྟར་མི་འདོད་ན་དེའི་ཚེ་རྣམ་པ་ཤེས་པ་མིང་དང་གཟུགས་ཀྱི་རྐྱེན་གང་ཡིན་པ་བརྗོད་དགོས་སོ།། གཞན་གྱི་ཚིག་གི་གླགས་སུ་གྱུར་དུ་དོགས་ནས། གལ་ཏེ་དུས་ཕྱི་མ་པ་གང་ཡིན་པ་དེའི་རྐྱེན་ཏོ། ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། ཉིང་མཚམས་སྦྱོར་བའི་སྐད་ཅིག་པའི་འོག་གི་དུས་ཀྱི་མིང་དང་གཟུགས་གང་ཡིན་པ་དེ་རྣམ་པར་ཤེས་པའི་རྐྱེན་གྱིས་བྱུང་བའོ།། གྲུབ་པའི་མཐའ་སྨྲ་བས། དེ་ཉིང་མཚམས་སྦྱོར་བའི་མིང་དང ་གཟུགས་ལས་རང་བཞིན་བྱེ་བྲག་ཏུ་གྱུར་པ་ཅི་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དུས་ཕྱི་མའི་མིང་དང་གཟུག་དེ་དང་ཉིང་མཚམས་སྦྱོར་བ་པའི་མིང་དང་གཟུགས་བྱེ་བྲག་ཅི་ཡོད་ན། ཁྱོད་གང་གི་ཕྱིར་ཕྱི་མའི ་མིང་དང་གཟུགས་གང་ཡིན་པ་དེ་ཉིད་ནི་རྣམ་པར་ཤེས་པའི་རྐྱེན་ལས་བྱུང་བར་འདོད་ལ། སྔ་མ་ནི་མ་ཡིན་སྔ་མ་འདུ་བྱེད་ཀྱི་རྐྱེན་ལས་བྱུང་བར་འདོད་ལ། ཕྱི་མ་ནི་མ་ཡིན་མཇུག་བསྡུས་ནས ་བསྟན་པའི་ཕྱིར། དེའི་ཕྱིར་འདུ་བྱེབྱད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཉིད་དུ་གྱུར་གྱི་ཞེས་པ་ལ་སོགས་པ་སྨྲས་སོ།། གང་གི་ཕྱིར་མིང་དོང་གཟུགས་བྱེ་བྲག་མེད་པ་དེའི་ཕྱིར། འདུ་བྱེད་ཀྱི་རྐྱེན་གྱིས་མི་དེ་དང་གཟུགས ་ཉིད་དུ་གྱུར་ནོ།། ཉིང་མཚོམས་སྦྱོར་དུའི་རྣམ་པར་ཤེས་པའི་ཡན་ལག་གཞན་ཡོངས་སུ་བརྟག་ཅིང་དགོས། རྣམ་པར་རྟོག་པ་སྔ་མ་མཇུག་བསྡུ་བའི་ཕྱིར། དེ་བས་ན་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི།། ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ནས། རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཡོངས་སུ་བསྒོས་པ་དགྲ་ཀྱང་བྱ་བ་ལ་སོགས་པ་སྐྱེས་ཏེ། ་དོན་ད་ནི་བརྡ་ཕྲད་པར་ཟད་དོ།། མདོ་སྔ་པ་ཡིད་མ་ཆིས་ནས། ཅིའི་ཕྱིར་ཞ་ན་ཞེས་འདྲི་བ་ལ། གྲུབ་པའི་མཐའ་སྨྲ་བས། རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་བདག ་ཉིད་ལ་རྣམ་པར་སྨིན་པའི་བག་ཆགས་སམ་རྒྱུ་འཐུན་པའི་བག་ཚོགས་སྐྱེད་མི་ནུས་ཏེ། འདི་ལྟར་བདག་ཉིད་ལ་བྱུང་པ་འགལ་བའི་ཕྱིར་རོ།། དེ་ལ་འདི་སྙམ་དུ་ཕྱི་མ་ལ་སྐྱེད་པར་འགྱུར་རོ་སྙམ་པ་ལ་དེའི་ཕྱིར། ་མཇུག་ཐོགས་སུ་འབྱུང་བ་ཡང་མཱ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མཇུག་ཐོགས་སུ་འབྱུང་བའི་རྣམ་པར་ཤེས་པ་ལ་ཡང་བག་ཆགས་རྣམ་པ་གཉིས་མི་སྐྱེད་དེ། འདི་ལྟར་དེའི་ཚེ་ན་མི་འབྱུང་ངོ་།། དེ་མ ་བྱུང་བའི་ཕྱིར་དེ་རྗེས་སུ་ཡོད་པ་མ་ཡིན་ནོ།། གང་གི་ཚེ་བྱུང་བ་དེའི་ཚེ་སྐྱེད་པར་འགྱུར་རོ་ཞེ་ན་དེའི་ཕྱིར། འབྱུང་བ་ན་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ས་སོ།། མཇུག་ཐོགས་སུ་བྱུང་བ་དེ་ལ་ཡང་མི་སྐྱེད་དེ། འདི ་ལྟར་རྣམ་པར་ཤེས་པ་སྔ་མ་བག་ཆགས་སྐྱེད་པར་བྱེད་པ་དེ་ནི་སྐད་ཅིག་ཡིན་པས་དེའི་ཚེ་འགགས་སོ།། དེའི་ཕྱིར་གང་དུ་བག་ཆགས་སྐྱོང་པར་འགྱུར། འདི་ཉིད་ལ་ཉེས་པ་གཞན་བསྟན་པའི་ཕྱིར། སེམས་མེད་པའི ་སྙོམས་པར་འཇུག་པ་ལ་སོགས་པའི་དུས་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་མེད་པཱི་འགོག་པོའི་སྙོམས་པར་འཇུག་པོ་ལ་སོགས་པའི་དུས་གང་ཡིན་པ་དྲི་དག་ན། འདུ་བྱེད་རྣམས་ཀྱིས་ཡོངས་སུ་བསྒོས ་པའི་སེམས་འབྱུང་མཱི་སྲིད་དེ། དེ་བས་ན་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་མེད་པར་འགྱུར་རོ།། མྱིང་དང་གཟུགས་མེད་པས་སྐྱེ་མཆེད་དྲུག་ལ་སོགས་པ་རྒ། ཤི་ལ་ཐུག་གི་པར་དུ་མེད་པར་འགྱུར་རོ།། དེའི་ཕྱིར ་འཁོར་བར་འཇུག་པ་ཉིད་མེད་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་བསྒྲིམ་མི་དགོས་པར་གྲོལ་བར་འགྱུར་རོ།། དེ་ལྟར་གཞན་གྱི་ཕྱོགས་བཀག་ནས་མཇུག་བསྡུ་བའི་ཐབས་ཀྱིས་རང་གི་ཕྱོགས་བསྟན་པའི་ཕྱིར། དེ་བས ་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམསོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་གཞན་གྱི་ཕྱོགས་རྣཾ་བ་གཉི་ག་ལ་འཁོར་བར་འཇུག་པ་མི་རུང་བ་དེའི་ཕྱིར། མ་རིག་པའི ་རྐྱེན་གྱིས་འདུ་བྱེད་རྣམས་ཏེ། དེ་དག་གིས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཀྱི་རྐྱེན་འདུ་བྱེད་དོ།། ཀུན་གཞི་རྣམ་པར་ཤེས་པའི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་ཚེ། མིང་དང་གཟུགས་ཞེས་བྱ་བ་ལ་སོགས ་པ་སྟེ། འདི་ལོ་ཉེས་པ་མེད་དོ།། ལྡེག་པ་མི་འཐད་པར་བསྟན་པའི་ཕྱིར། འཁོར་བ་ལྡོག་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་མེད་ན། དེའི་ཚེ་འཁོར་བ་ལྡོག་པར་མི་རུང་ངོ་།། ་ཅིའི་ཕྱིར་མྱི་རུང་སྙམ་པ་ལ། འཁོར་བའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་འཁོར་བའི་རྒྱུ་ནི་ལས་དང་ཉོན་མོངས་པ་རྣམས་སོ།། དེ་གཉིས་ཀྱི་ནང་ན་ཡང་ཉོན་མོངས་པ་རྣམས་ནི་རྒྱུའི་གཙོ་བོའོ།། ཅིའི་ཕྱིར། ་དེ་དག་གཙོ་བོ་ཡིན་སྙམ་པ་ལ། འདི་ལྟར་ཉོན་མོངས་པའི་དབང་གིས་ནི་ཞེས་པ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཉོན་མོངས་པའི་སྟོབས་ཀྱིས་ལས་ཡང་སྲིད་པ་འཕེན་ནུས་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་མོ ་དེ་ལྟར་ལས་གང་གིས་ཡང་སྲིད་པ་འཕེན་པར་འགྱུར་བ་དེ་ཡང་། ཉོན་མོངས་པ་ཉིད་ཀྱི་རབང་གིས་འགྱུར་གྱིས་གཞན་གྱི་ནི་མ་ཡིན་ནོ།། དེའི་ཕྱིར་ཉོན་མོངས་པ་ཉིད་གཙོ་བ་ཡིན་པས་འཁོར་བར་འཇུག་པའི ་རྩ་བའི་རྒྱུ་ཡིན་ནོ།། དེ་ལྟ་བས་ན་དེ་དག་སྤངས་ནས་འཁོར་བའང་ལྡོག་པར་འགྱུར་ཏེ། དེའི་ལྡོག་པ་གཞན་དུ་མ་ཡིན་ནོ།། གལ་ཏེ་དེ་ལྟ་ཡིན་ན་ཡང་དེས་ཅིར་འགྱུར་སྙམ་པ་ལ། ཀུན་གཞི་རྣམ་པར་ཤེས་པ་མེད་པར ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་མི་འདོད་ན། དེའི་ཚེ་ཉོན་མོངས་པ་རྣམས་སྤང་དུ་མི་རུང་ངོ་།། ཡིད་མ་ཆེས་ནས་ཇི་ལྟར་མི་རུང་ཞེ་ན་ཞེས་འདྲི་བ་ལ། གྲུབ་པའི་མཐའ་སྨྲ་བས། ་ཉོན་མོངས་པ་མངོན་དུ་གྱུར་པའམ། ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་ནི་གོ་སླ་བས་མ་བུ་ཤུད་དོ།། རྣམ་པར་རྟོག་པ་དང་པོའི་དབང་དུ་བྱས་ནས། དེ་ལ་མངོན་དུ་གྱུར་པ་སྤོང་ངོ་ཞེ་ན་ནི་ཞེས་བྱ་བ་ལ ་སོགས་པ་སྨྲས་སོ།། གང་གི་ཚེ་རྣལ་འབྱོར་པོ་ལཱ་ལམ་ལ་སྙོམས་པར་ཞུགས་པར་གྱུར་པ་དེའི་ཚེ། ཉོན་མོངས་པ་རྣམས་མངོན་དུ་ག་ལ་འགྱུར་ཏེ། འདི་ལྟར་མངོན་དུ་འགྱུར་བ་སྤོང་ངོ་ཞེས་བྱ་བ་འོདི་ནི་འདོད་པ ་མ་ཡིན་པ་ཉིད་དོ།། རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ཏཱ། དེ་སྤོང་བའི་ལམ་ལ་གནས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣལ་འབྱོར་པ་ནི་ཉོན་མོངས་པ་སྦྱོང་བའི་ལམ་ལ་གནས ་ཏེ། དེའི་ཕྱིར་ས་བོན་གྱི་ཚེ་ཡང་མི་སྤོང་།། ཅིའི་ཕྱིར་སྙམ་པ་ལ་དེའི་ཚེ་ན་ནི་གཉེན་པོ་ལས་གཞན་ཅི་ཡང་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གང་ལ་ཉོན་མོངས་པའི་ས་བོན་གམ ་པ་དེ་ནི་དེའི་གཉེན་པོས་སྤོང་ན། ཁྱུད་ནི་དྲིའི་ཆོ་གཉན་པོ་མ་རྟོགས་པར་གཞན་ཅི་ཡང་ཁྲུས་མ་ལེན་ཏོ།། གཞན་གྱི་ཚིག་གཱི་གླགསུ་འགྱུར་དུ་དོགས་ནས། ཅི་སྟེ་གཉེན་པོའི་སེམས་ཉིད་ཅེས ་བྱ་བ་ལ་སོགས་པ་སྨྲས་སོ།། གལལཱ་ཏེ་གཉེན་པོའི་སེམས་ཉིད་ཉོན་མོངས་པའི་ས་བོན་དང་ལྡན་པར་འདོད་ན་དེ་ནི་མི་རིགས་སོ།། འདི་ལྟར་ཉོན་མོངས་པའི་ས་བོན་དང་ལྡན་པ་ཉིད་ཉོན་མོངས་པ། དེའི་གཉེན་པོར་འགྱུར་། ་ནི་མཱི་རིགས་ཏེ། དྲི་མིས་དྲི་མ་བཀྲུར་མི་རུང་བ་དང་འདྲའོ།། ཉོན་མོངས་པའི་ས་བོན་མ་སྤང་པ་དེས་ཅིར་འགྱུར་སྙམ་པ་ལ། ཉོན་མོངས་པའི་ས་བོན་མྱ་སྤངས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་སྲིད་དུ་ཉོན་མོང ་པའི་ས་བོན་མ་སྤངས་པ་དེ་སྲིད་དུ། འཁོར་བཱ་ལྡོག་མི་སྲིད་དོ།། མཇུག་བསྡུ་བའི་ཐབས་ཀྱིས་རང་གི་ཕྱོགས་བསྟན་པའི་ཕྱིར། དེ་ལྟ་བས་ནཱ་གདོན་མི་ཟ་བར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གིང་གི་ཕྱིར་ངོ་ཝཱར་ཀུན ་གཞི་རྣམ་པར་ཤེས་བླ་མེད་པར་ས་བོན་གྱི་གཞི་གང་ཡང་མེདན་དྲིའི་ཕྱིར་གདི་ན་མི་ཟ་བར་ཀུན་གཞི་རྣམ་པར་ཤེས་པ་ལ། དེ་ལས་གཞན་པའི་རྣམ་པར་ཤེས་པ་དྲོད་ལྷན་ཅིག་འབྱུང་བའི་ཉོན་མོངས་པ་དང་། ཉེ་བའི ་ཉོན་མོངས་པ་རྣམས་ཀྱིས་རང་གི་ས་དོན་ཡོངས་སུ་གསོ་བའི་ཕྱིར་བག་ཆགས་བསྒོ་བར་ཁས་བླངས་པར་བྱའོ།། དེ་ཁས་བླངས་ན་དེས་ཅི་ཞིག་འགྲུབ་ཅེ་ན། དེའི་ཕྱིར་བག་ཆགས་སྟོབས་ཇི་ལྟ་བ་བཞིན་དུ། འཇུག ་བདེ་ནང་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གླང་གི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ལ། གང་ཉན་མོངས་པ་དང་ཉོ་བ་འི་ཉོན་མོངས་པ་རྣམས་ཀྱི་བག་ཆགས་བསྒོས་པར་གྱུར་པ་དེའི་ཕྱིར། སྟོབས་དང་ལྡན་པའི་བག་ཆགས་རྣམས ་འཇུག་པ་རྙེད་པར་གྱུར་ན་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་རྒྱུར་གྱུར་པའི་བྱེ་བྲག་རྙེད་པའི་སེམས་ཉིད་ལས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་དག་འབྱུང་བ་དག་གིས་ས་བོན་ཀུན་གེཞི་རྣམ་པར་ཤེས་པ ་ལ་གནས་པ་ནི་ཀུན་བཞི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ། ཉོན་མོངས་པའི་གཉེན་པོས་སེལ་ཏོ།། དེ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་ཉོན་མོངས་པ་སྤྱོང་པ་འགྲུབ་པར་འགྱུར་རོ།། ཉོན་མོངས་པའི་ས ་བོན་དེ་བས་པ་ན་གནས་ངེས་པ་ཡང་ཉོན་མོངས་པ་རྣམས་མི་སྐྱེ་སྟེ། དེའི་ཕྱིར་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདྲེས་པའི་དབྱིངས་ཐོབ་བོ།། ང་ཐོབ་ནས་གང་གི་ཚེ། སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ ་ཟད་པར་གྱུར་པ་དེའི་ཚེ། གཞན་དང་ཉིང་མཚམས་སྦྱོར་བ་མོད་པསྣ། ཕུང་པོའི་ལྷག་མ་མྱེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་བོ།། ཉོན་མོངས་པ་རྣམས་སྲུངས་སུ་ཟིན་ཀྱང་། ལས་ཡོད་ན་དེ་སྐྱེ་བ་གཞན ་དང་ཉིང་མཚམས་སྦྱོར་བར་འགྱུར་རོ་ཞེ་ན་དེའི་ཕྱིར། ལས་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་ཉོན་མོངས་པ་རྣམས་སྤངས་པར་གྱུར་པ་དེའི་ཚེ། ལས་ཡོད་དུ་ཟིན་ཀྱང་ལྷན་ཅིག་བྱེད་པའི ་རྒྱུ་མེད་པས། ཡང་འབྱུང་བའི་ཉིང་མཚམས་སྦྱོར་བའི་མཐུ་མེད་དོ།། དེའི་ཕྱིར་དེའི་ཚེ་སྐྱེ་བ་གཞན་དང་མཚམས་སྦྱར་བར་མི་འགྱུར་རོ།། རང་གི་ཕྱོགས་ཀྱི་མཇུག་བསྡུས་ནས་བསྟན ་བའི་ཕྱིར། དེ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དེ་ལྷོར་ཀུན་གཞི་རྣམ་པར་ཤེས་པ་ཡོད་མ་འཁོར་བར་འཇུག་པ་དང་ལྡོག་པ་ཡོད་པར་འགྱུར་ཏེ། གཞན་དུ་མི ་ཡིན་པོ་དེའི་ཕྱིར། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལས་གུད་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་དེ། དེ་ཉིད་ས་དོན་ཐམས་ཅད་པར་འདོད་པར་བྱ་ཡི་གཞན་ནི་མ་ཡིན་པར་གདོན་མི་ཟླ་བར་ཁྱས་བླངས་པར ་བྱའོ།། རྒྱ་ཆེར་སྤྱད་པ་གང་ཡིན་པ་དེ་ནི་ཕུང་པོ་ལྔ་པོའི་བཤང་སྦྱར་གནས་བརྟན་བློ་བརྟན་གྱིས་བྱས་པ་ལས་རིག་པར་བྱའོ།། །། བམ་པོ་ལྔ་པ་སྟེ་ཐ་མའོ།། འོག་མ་དང་མཚམས ་སྦྱོར་བར་བྱ་བའི་ཕྱིར།། གལ་ཏེ་འདི་དག་རྣམ་པར་རིག་པ་ཙམ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། གྲུབ་པའི་མཐའ་སྨྲ་བས་རྣམ་པར་རིག་པ་ཙམ་ཉིད་ལ་ངོ་བོ་ཉིད་གསུམ་རྣམ་པར་བཞག ་པས་འགལ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་རྣམ་པར་རིག་པ་ཙམ་ཉིད་ལ་ངོ་བོ་ཉིད་གསུམ་པོ་དེ་དག་རྣམ་པར་བཞག་སྟེ། དེའི་ཕྱིར་འདིར་མདོ་དང་འགལ་བ་མེད་དོ།། གཅིག་ལ་གསུམ་རྣམ་པར་བཞག་པ ་ཡིད་མ་ཆེས་ནས་ཇི་ལྟ་བུ་ཞེ་ན་ཞེས་འདྲི་བ་ལ། གྲུབ་པའི་མཐའ་སྨྲ་བས་རྣམ་པར་རྟོག་པས་གང་གིས་བྱ་བ་ལ་སོགས་པ་སྨྲས་སོ།། རྣམ་པར་རྟོག་པ་གང་ཡང་རུང་བ་གང་གིས། དངོས་ཅི་ཡང་བ་རུང་བ་གང་རྣམ་པར ་བརྟན་པ་དེ་ཐུམས་ཅད་ཀུན་བརྟག་པའི་ངོ་བོ་ཉིད་དུ་བལྟ་བར་བྱ་སྟེ། འདི་ལྟར་དེ་ཡང་དངོས་པོ་མེད་དོ་ཞེས་མདོར་བྱས་པའི་དོན་ཏོ།། འགྲེལ་པ་བྱེད་པས་ཡན་ལག་གི་དོན་བསྟན་པའི་ཕྱིར། ནང་དང་ཕྱིའི་དངོས་པོ་རྣམ་པར ་བརྟག་པའི་བྱེ་བྲག་གིས་ཞེ་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་རྣམ་པར་བརྟག་པར་བྱ་བ་ཁ་ཅིག་ནི་ནང་གི་ཡིན་ཁ་ཅིག་ནི་ཕྱི་རོལ་གྱི་ཡིན་ཏོ། དེའི་ཕྱིར་དེའི་བྱེ་བྲག་གིས་རྣམ་པར་རྟོག་པ་དག་མཐའ་ཡས་པར་བསྟན་པའི ་ཕྱིར། སློབ་དཔོན་གྱིས་རྣམ་པར་རྟོག་པ་གང་གིས་ཞེས་བྱ་བ་སྨྲས་སོ།། གཉིས་པའི་ཡན་ལག་གི་དོན་བསྟན་པའི་ཕྱིར། དངོས་པོ་གང་གང་རྣམ་བ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གལ་ཏེ་རྣམ་པར་བརྟག ་པོར་བྱ་བ་ནང་གི་དངོས་པོ་འམ། འོན་ཏེ་ཕྱིའི་དངོས་པོ་འམ། ཐ་ནི་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རྣམ་པར་བརྟག་པར་བྱ་བ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དུ་ལྟ་བར་བྱའོ།། བརྒྱ་ལ་འགའ་ཞིག་ཡིད་མ་ཆེས་པར ་འགྱུར་བས་དེའི་ཕྱིར་འདི་སློ་དཔོན་གྱིས་ཀུན་བརྟག་པའི་ངོ་བོ་ཉིད་ཀྱི་བཏན་ཚིགས་སྨྲས་ཏེ་དེ་མེད་དོ་ཞེས་བྱའོ།། དེ་དགྲོལ་བའི་ཕྱིར་རྣམ་པར་བརྟག་པའི་ཡུལ་གྱི་དངོས་པོ་གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་པ ་སྨྲས་ཏེ། འདི་ལྟར་ལུས་ལ་སོགས་པའི་དངོས་པོ་གཅིག་ཁོ་ན་ལ་རོ་དང་འདོད་པ་ཅན་གྱི་བྱེ་བྲག་གིས་རྣམ་པར་རྟོག་པ་ཕན་ཚུན་མི་མཐུན་པ་རྣམ་པ་དུ་མ་འབྱུང་བར་མཐོང་སྟེ། དཔེར་ན་སྟ་གུ་ལ་སྲོག ་པ་མེད་པར་སྟག་འོངས་སོ་ཞེས་ཐོས་ནས། དཔའ་བ་དང་སྔར་མ་ལ་སོགས་པ་རྒོལ་འདོད་པ་དང་། འཇིགས་པ་ལ་སོགས་པ་སྐྱེ་བ་ལྟ་བུའོ།། དེ་ལ་འདི་སྙམ་དུ་དངོས་པོ་ཉིད་ཀྱིས་དེ་རྣམ་པ་དེ་ལྟར་འགྱུར་རོ་ཞེ་ནི། དེའི་ཕྱིར། ་དངོས་པོ་གཅིག་པའི་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དངོས་པོ་གཅིག་པོ་དེ་ཉིད་ནི་ཕན་ཚུན་མི་མཐུན་པ་དུ་མའི་ངོ་བོ་ཉིད་དུ་མི་རུང་ངོ་།། དེ་མེད་པ་ཡང་རྣམ་པ་དེ་ལྟ་བུ་མི་རུང་ངོ་།། མཇུག་བསྡུ་བའི་ཕྱིར་དེ་བས་ནི་འདི ་ངག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་རྣམ་པར་རྟོག་པ་རྣམས་ཀྱི་དམིགས་པ་དངོས་པོ་མེད་པ་དེའི་ཕྱིར་འགྲོ་བ་འདི་དག་ཐམས་ཅད་རྣམ་པར་རྟོག་པ་ཙམ་ཁོ་ན་སྟེ། རྣམ་པར་རྟོག་པ ་ཡུལ་སྒྲོ་བཏགས་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ།། འདིར་ཁུངས་སྨྲ་པ། མདོ་སྡེ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཟུགས་ལ་སོགས་པ་དེ་དག་ལ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན ་པར་ཞེན་པ་དེ་བཞིན་དུ་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་མདོར་བྱས་པའི་དོན་ཏོ།། འོག་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར། ཀུན་བརྟགས་པའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་གང་ཡིན་སྙམ་པ་ལ། ་གཞན་དབང་གི་ངོ་བོ་ཉིད་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་རྣམ་པར་རྟག་པར་བྱ་བ་ཡིན་པས་རྣམ་པར་རྟོག་པ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་སོ།། རྣམ་པར་རྟོག་པའི་ངོ་བོ་ཉིད་ནི་གཞན་གྱི་དབང། ་དུ་བལྟ་བར་བྱ་སྟེ། འདི་ལྟར་དེ་ནི་རྐྱེན་རྣམས་ལས་འབྱུང་ངོ་།། ཞེས་མདོར་བྱས་པའི་དོན་ཏོ།། རྣམ་པར་རྟོག་པ་དང་རྐྱེན་ལྔས་འབྱུང་ཞེས་བྱ་བའི་སྒྲ་གཉིས་ཀྱིས་ཅི་ཞིག་སྟོན་སྙམ་པ་ལ། རྣམ་པར་རྟོག་པ་ཞེས ་བྱ་བ་ནི་འདིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིར་ཞེས་བྱ་བ་ནི་མཚན་ཉིད་ཀྱི་ཚིག་ལ་བྱའོ།། རྣམ་པར་རྟོག་པའི་སྒྲས་ནི་གཞན་གྱི་དབང་གི་རང་གི་ངོ་བོ་ཉིད་བསྟན་ཏོ།། རྐྱེན་ལས་བྱུང་བའི་སྒྲ་སྲ་ནི་གཞན་གྱི ་དབང་ཞེས་བརྗོད་པ་འབྱུང་བའི་རྒྱུ་བསྟན་ཏོ།། ཀུན་རྟོག་པ་དེ་གང་ཡིན་སྙམ་པ་ལ། དེ་ལ་ཀུན་རྟོག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དགེ་བ་ལ་སོགས་པའི་བྱེ་བྲག་གིས་ཁམས་གསུམ་པའི་སེམས་དང ་སེམས་ལས་བྱུང་བ་ཐ་དད་པ་དྲག་ནི་ཀུན་རྟོག་པའི་སྒྲར་བརྗོད་དོ།། འདིར་ཁུངས་སྨོས་པ་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་། ཁམས་གསུམ་པའི་སེམས་དང ་སེམས་ལས་བྱུང་བ་རྣམས་ནི་ཡང་དག་མ་ཡིན་པ་ཀུན་རྟོག་པ་ཞེས་བཤད་དེ། རྣམ་པར་རྟོག་པ་ཞེས་བྱ་བ་དང་ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་དོན་གཅིག་གོ།། ཅིའི་ཕྱིར་རྣམ་པར་རྟོག་པ་དེ་གཞན་གྱི་དབང་ཞེས་བྱ ་སྙམ་པ་ལ། རྒྱུ་དང་རྐྱེན་གཞན་ངག་གིས་ཞེས་བྱ་བ་ལ་ས་པ་སྨྲས་ཏེ། འདི་ལྟར་རྒྱུ་དང་རྐྱེན་གཞན་དགུ་གིས་དབང་བྱས་པས་ན་གཞན་གྱི་དབང་ཞེས་བྱ་སྟེ། དབང་ཞེས་བྱ་བ་ནི་སྐྱེང ་པ་དང་བསྣུན་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཉིད་གསལ་བ.རའི8། བདག་ལས་གཞན་རྒྱུ་རྐྱེན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མི་བཤད་དོ།། འོག་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར་གཞན ་གྱི་དབང་བ་ཤང་ཟིན་ཏེ་ཞེས་བྱ་བ་ལ་སོགས་པ་ཨུས་ཏེ། དོན་དེ་ནི་བཅུ་ཕྲད་པར་ཟད་དོ།། དེ་གང་ཡིན་སྙམ་པ་ལ། གྲུབ་ན་ནི་དེ་ལ་སྔ་མ་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་བརྟགས་པ་དང་གཞན་གྱི་དབང་དུ་ཐམས ་ཅད་དུ་བྲལ་བ་གང་ཡིན་པ་དེ་ཡཽ་ངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་མདོར་བྱས་པའི་དོན་ཏོ།། ཇི་ལྟར་ན་ཡོངས་སུ་གྲུབ་པ་ཞེས་བྱ་སྙམ་པ་ལ། མི་འགྱུར་བར་ཡོངསུ་གྲུབ་བྲས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར ་དེ་ལ་འགྱུར་བ་མེད་དེ་དེའི་ཕྱིར་ཡོང་སུ་གྲུབ་པའོ།། ཡན་ལག་གཱི་དོན་བསྟན་པའི་ཕྱིར་དེ་ལ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལ་ཞེས་བྱ་བ་འདི་ནི་གཞན་གྱི་དང་སྦྱར་རོ།། སྔ་མ་པོ་ཞེས་བྱ་བ་འདི་ནི་ཀུན་བརྟག ་པར་སྦྱར་ཏེ། གང་གི་ཕྱིར་རྣམ་པར་རྟོག་པ་དེ་ལ་གཟུང་བ་དང་འཛིན་པའི་ད་པོ་བརྟག་པ་དེའི་ཕྱིར་དེ་ལྟར་སྦྱར་རོ།། ཅིའི་ཕྱིར་གཟུང་བ་དང་འཛིན་པ་ལ་ཀུན་པརྟགས་པ་ཞེས་པ་སྙམ་པ་ལ། དེ་ལ་འདི་ལྟར་དེ་ལ་ཞེས་བྱ ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣམ་པར་རྟོག་པ་ལ་གཟུང་བ་དང་འཛིན་པ་གཉིས་མེད་བཞིན་དུ་ཀུན་ཏུ་རྟོགས་པ་སྟེ། དེའི་ཕྱིར་གཉི་ག་ཡང་བརྟགས་པ་ཞེས་བྱའོ།། ཡན་ལག་གི་དོན་བཤད་ནས་མ་དོར་བྱས ་པའི་དོན་བསྟན་པའི་ཕྱིར། བཟུང་བ་དང་འཛིན་པ་དེ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བཤད་མ་ཐེག་པའི་གཟུང་བ་དང་འཛིན་པ་དེ་དང་གཞན་གྱི་དབང་དུས་ཐམས་ཅད་དུ་གཏན་དུ་བྲལ་བ་གང་ཡིན་པ་དེ་ཡོངས་སུ ་གྲུབ་པའི་ངོ་བོ་ཉིད་ཅེས་བྱའོ།། དེ་ལྟར་རྣམ་པར་རིག་པ་ཙམ་ཁོ་ན་ལཱ་ངོ་བོ་ཉིད་གསུམ་སྟེ། འདི་ལྟར་རྣམ་པར་རིག་པཱ་ཙམ་ནི་བདག་ཉིད་ཀྱིས་གཞན་གྱིས་དབང་གི་ངོ་བོ་ཉིད་དོ།། དེ་ལ་བཟུང་བ་དང་འཛིན་པར ་སྒྲོ་བཏགས་པ་གང་ཡིན་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ།། དེ་ཉིད་དེ་གཉིས་དང་གཏན་དུ་བྲལ་བ་གང་ཡིན་པ་དེ་ནི་ཡོངསུ་གྲུབ་པཱའི་ངོ་བོ་ཉིད་དོ།། ཅི་ཡོངས་སུ་གྲུབ་པ་འདི་གཞན་གྱི་དབང་ལས་གཞན་ནམ ་འོན་ཏེ་གཞན་མ་ཡིན་སྙམ་པ་ལ། དེའི་ཕྱིར་དེ་ཉིད་གཞན་དབང་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཉིད་དགྲོལ་བའི་ཕྱིར། དྲིའི་ཕྱིར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་དརྟགས་པའི་དྲོ་བོ ་ཉིད་དང་། གཞན་གྱི་དབང་རྟག་ཏུ་བྲལ་བ་ཉིད་གང་ཡིན་པ་དེ་ཡོངས་སུ་གྲུབ་པར་འདོང་ངོ་།། བྲལ་བ་ཉིད་ནི་ཆོས་ཉིད་ཅེས་བྱའོ།། ཆོས་ཉིད་དོ་ཡང་དཔྱད་ན་གཞན་དུ་ཡང་མི་རུང་ངོ་།། ཡོངས་སུ་གྲུབ་པ་འདི་ནི་གཞན་གྱི ་དབང་གི་ཆོས་ཉིད་དེ། དེའི་ཕྱིར་གཞན་གྱི་དབང་ལས་ཡོངསུ་གྲུབ་པ་གཞན་ཡང་མ་ཡིན་ལ། གཞན་མ་ཡིན་པའང་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། ཅིའི་ཕྱིར་སྙམ་པ་ལ། གལ་ཏེ ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྷུར་གལ་ཏེ་ཡོངས་སུ་གྲུབ་པ་གཞན་གྱི་དབང་ལས་གཞན་ཡིན་ན་ནི་དེ་ལྟ་ན་གོ་ཀུན་བརྟགས་པས་གཞན་གྱི་དབང་སྟོང་པར་མི་འགྱུར་ཏེ། དེ་ལྟ་ན་དངོས་པོ་གཞན་དུ་འགྱུརརོ།། ་དེའི་ཕྱིར་ཇི་ལྟར་དེ་ལ་བསྡུ་བར་བྱ་ཆོས་ཉིད་ནི་བསྡུ་བར་བྱ་བ་ཡིན་ཏེ། སྒྲ་ལ་སོགས་པ་ལ་མི་རྟོག་པ་བསྡུ་བར་བྱ་བ་ལྟ་བུའོ།། ཕྱོགས་གཉིས་པ་ལ་ཉེས་པར་བསྟན་པའི་ཕྱིར། ཇི་སྟེ་གཞན་མ་ཡིན་ན་དེ་ལྟ་ན་ཡང ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡོངསུ་གྲུབ་པ་གཞན་གྱི་དབང་ལས་གཞན་མ་ཡིན་པར་གྱུར་ན་ནཱི་དེ་ལྟ་ན་ཡང་ཡོངསུ་གྲུབ་པ་རྣམ་པར་དག་པའི་དམིགས་པར་མི་འགྱུར་ཏེ། ཇི་ལྟར་གཞན་གྱི་དབང་ཀུན་ནས ་ཉོན་མོངས་པའི་བདག་ཉིད་ཡིན་པའི་ཕྱིར། དེའི་དམིགས་པ་མ་ཡིན་པ་ལྟར་ཡོངས་སུ་གྲུབ་པ་ཡང་དེ་བཞིན་ནོ།། ཇི་སྟེ་གཞན་གྱི་དབང་ཡང་ཀུན་ནས་ཉོན་མོངས་པའི་བདག་ཏུ་མི་འགྱུར་ན་ནི་ཡོངསུ་གྲུབ་པ་ལས ་གཞན་མ་ཡིན་པའི་ཕྱིར་ཡོངསུ་གྲུབ་པ་དང་འདྲའོ།། ལམ་ནི་འདིར་རྣམ་པར་དག་པའི་སྒྲོས་བསྟན་ཏོ།། དེ་ཉིད་དམ་གཞན་ཉིད་དུ་མི་བརྗོད་པའི་དཔེ་སྨོས་པ། མི་རྟག་ལ་སོགས་བཞིན་དུ་བརྗོད་ཅེས་བྱ་བ་ལ་སོགས་པའོ། ་དེ་དགྲོལ་བའི་ཕྱིར། དཔེར་ན་མི་རྟག་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མཱ་བཤད་དོ།། མྱི་རྟག་པ་འདི་ཉིད་དམཱ་གཞན་ཉིད་ཡིན་པ་ལ་ཉེས་པ་བསྟན་པའི་ཕྱིར། གྲལ་ཏཱི་འདུ་བྱེད་རྣམས ་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གལ་ཏེ་མི་གརྟག་པ་ཉིད་འདུ་བྱེད་རྣམས་ལས་གཞན་ཡིན་ན་ནཱི་དེ་ལྟ་ནཱ་གོ་འདུ་བྱེད་རྣམས་མི་རྟག་པ་ཉིད་མི་འགྱུར་ཏེ། དེ་དག་ལ་དེ་བསྡུ་བར་མི་བྱའོ་ཞེས་བྱ་བའི་ཐ ་ཚིག་གོ། ཙཽ་སྟེ་གཞན་མ་ཡིན་པར་གྱུར་ན་དེ་ལྟ་ན་ཡང་འདུ་བྱེད་རྣམས་ཞིག་ནས་མེད་པའི་ངོ་བོར་གྱུར་ཏེ། ཇི་ལྟར་མི་རྟག་པ་ཉིད་འཇིག་པའི་ངོ་བོ་ཉིད་ཡིན་པ་དང་འདྲའོ།། རིག་པ་འདི་ནི་སྡུག་བསྔལ་ཉིད་ལ་སོག ་པ་ལ་ཡང་བརྗོད་པར་བྱ་སྟེ། འདི་ལྟར་གལ་ཏཱ་སྡུག་བསྔལ་ཉིད་འདུ་བྱེད་རྣམས་ལས་གཞན་ཡིན་ན་ནི་དེའི་ཚེ་འདུ་བྱེད་རྣམས་སྡུག་བསྔལ་ཉིད་མི་འགྱུར་རོ།། ཇི་སྟེ་གཞན་མ་ཡིན་ན་ཡང་དེའི་ཚེ་འདུ་བྱེད་རྣམ ་སྡུག་བསྔལ་ཉིད་ཀྱི་ངོ་བོར་འགྱུར་རོ་ཞེས་ཕྱོགས་ནི་དེའོ།། ཚིག་ལེའུར་བྱས་པ་དང་མཚམས་སྦྱར་བའི་ཕྱིར། གལ་ཏེ་གཞན་གྱི་དབང་ལ་བཟུང་བ་དང་འཛིན་པ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གལ་ཏེ ་གཞན་གྱི་དབང་ལ་གཟུང་བ་དང་འཛིན་པོ་ཡང་དག་པའི་དོན་དུ་མེད་ནི་ཇི་ལྟར་གང་གིས་འཛིན་མི་འཛིན་ན་ཡང་དེ་ཡོད་པར་ཇི་ལྟར་ཤེས་པར་བྱ་བ་བརྗོད་དགོས་སོ་ཞེ་ན་དེའི་ཕྱིར། དེ་མ་མཐོང་བར་དེ་མི་མཐོང་ཞེས ་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་སྲིད་དུ་ཡོངས་སུ་གྲུབ་པ་མ་མཐོང་བ་དེ་སྲིད་དུ་གཞན་གྱི་དབང་མི་མཐོང་ངོ་ཞེས་མདོར་བྱས་པའི་དོན་ཏོ།། ཡན་ལག་གི་དྲོན་བསྟན་པའི་ཕྱིར། ་དེ་མ་མཐོང་བར་བྱ་བ་ནི་ཞེས་བྱ་བ་ལ་སོགས་པོ་སྨྲས་ཏེ། དེ་མ་མཐོང་བར་ཞེས་བྱ་བ་འདི་ནི་ཡོངས་སུ་གྲུབ་པ་དང་སྦྱར་བར་བྱའོ།། དེ་མི་མཐོང་ཞེ་བྱ་བ་འདི་ནི་གཞན་གྱི་དབང་དང་སྦྱོར་བར་བྱའོ།། དེ་མ་མཐོང་བར་ཅིའི་ཕྱིར་མི་མཐོང ་སྙམ་པ་ལ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཇི་སྲིད་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས་མཐོང་ཐ་བྱ་བ་ཡོང་སུ ་གྲུབ་པའི་ངོ་བོ་ཉིད་མ་མཐོང་བ་དེ་སྲིད་དུ། ཤེས་པ་གཞན་གྱིས་དབང་མི་འཛིན་ཏེ། འདི་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པ་འཇིག་རྟེན ་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ།། དེ་མ་མཐོང་བ་ནི་དེ་མ་རྟོགས་པ་དང་། མངོན་སུམ་དུ་མ་བྱས་པའོ་ཞེས་བྱ་བ་ལ་མ་མཐོང་བ་ནི་འཕགས་པའི་ཤེས་རབ་ཀྱི་མིག་གིས་མ་མཐོང་བའོ།། མ་རྟོགས་པ ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཐུར་མས་མ་ཕིགས་པའོ།། མངོན་སུམ་དུ་མ་བྱས་པ་ནི་འཇིག་རྟེན་ལོས་འདས་པའི་མངོན་སུམ་གྱིས་མངོན་སུམ་མ་བྱས་པའོ།། ཡང་ན་ཕྱི་མས་སྔ་མ་བཤད་དོ།། དེའི་རྗེས ་ལ་ཐོབ་པ་དག་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ཞེས་བྱ་བ་ནི་དེའི་རྗེས་ལ་ཐོབ་བྱས་དེའི་རྗེས་ལས་ཐོབ་པའོ།། དེ་ཞེས་བྱ་བ་ནི་འཇིག་རྟེན་ལུས་འདས་པའི་ཡེ་ཤེས་ལ་བྱའོ།། རྗེས་ཞེས་བྱ་བ་ནི་སྟོབས ་ལྔ་བྱའོ།། འདི་ནི་དག་པ་ཡང་ཡིན་པ་འཇིག་རྟེན་པ་ཡང་ཡིན་པས་དག་པོ་འཇིག་རྟེན་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྙེད་པའི་ཕྱིར་དག་པའོ།། གཟུང་བ་དང་འཛིན་པའི་རྣམ་པར་འབྱུང་བ ་འཇིག་རྟེན་པའོ།། ད་ནི་དེའི་རྗེས་ལ་ཐོབ་པ་ཡང་ཡིན་ལ། དག་པ་འཇིག་རྟེན་པ་ཡང་ཡིན་ནོ་ཞེས་ཚིག་བསྡུད་པའོ།། དེའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྙེད་པ་དག་པ་འཇིག་རྟེན་པའི་ཡེ ་ཤེས་ཀྱིས་གཞན་གྱི་དཔུང་འཛིན་ཏོ་ཞེས་བསྟན་པཱ་ཡིན་ནོ།། གང་དག་གཞན་གྱི་རབ་དུ་འཇིག་རྟེན་ལྔས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་འདོད་པ་དེ་དག་གིས་ནི་གཞན་གྱིས་དབང་གི་མཚན་ཉིད་མ་རྟོགས་ཏེ། ་ཇི་ལྟར་གཞན་གྱི་དབང་ནི་རྣམ་པར་རྟོག་པའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ན། དེ་འཇིག་རྟེན་ལས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ག་ལོ་འགྱུར། གལ་ཏེ་འདི་སྐད་དུ་འཆད་དེ། ངརྒྱལ་ལ་ལ་ཞིག་དེའི་རྗེས་ལ་ཐོབ་པ་དག་པ ་འཇིག་རྟེན་པ་དེ་ཉིད་ཐ་མལ་ཕལ་པ་ཀུན་རྫོབ་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་སྤྱོད་པར་འགྱུར་བས་དེ་ལ་རྣམ་པར་དབྱེ་བའི་ཕྱིར། འཇིག་རྟེན་ལས་འདས་པ་ཞེས་བྱ་བ་འདས་ཐ་མལ་པ་ངོ་བོ་མ་ཡིན་པར་བསྟན་པའི་ཕྱིར་བྱེ་བྲག ་ཏུ་བྱས་སོ་ཞེ་ན། དེའི་ཚེ་ཉེས་པ་མེད་དོ།། མཇུག་བསྡུས་ནས་བསྟན་པའི་ཕྱིར། དེའི་ཕྱིར་ཡོངསུ་གྲུབ་མ་མཐོང་བར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་འདི་ལྟར་གཞན་གྱི ་དབང་འཇིག་རྟེན་ལས་འདསོ་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་དེའི་ཕྱིར་ཡོངསུ་གྲུབ་པ་མ་མཐོང་བར་དེ་མི་མཐོང་གི། རྣམ་པ་ཐམས་དུ་མི་མཐོང་བ་ནི་མ་ཡིན་ནོ།། ་འདིར་ཁུངས་སྨྲས་པ་རྣམ་པར་མི་རྟོག་འཇུག་པའི་གཟུངས་ལས་ལས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པའོ།། དེ་ལས་ན་ང་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་མཚུངས ་པར་རྟོགས་སོ་ཞེས་གསུངས་སོ།། ད་ནི་འདི་སྐད་དུ། ཇི་ལྟར་ཤིང་ལ་སོགས་པ་ལ་གླང་པོ་ཆེ་ལ་སོགས་པའི་རྣམ་པ་དང་། སྨིག་རྒྱུ་ལ་ཆུའི་རྣམ་པ་དང་། བྲག་ཆ་ལ་སྒྲའི་རྣ་བ་དང་། རྒྱུ་ཟླ་ལ་ཟླ་བཱི་རྣམ་པ་དང་། སྤྲུལ་བ་ལ་སེཾན་གྱི་རྣམ་པར ་རྟོག་པ་དེ་དག་ཀྱང་རྣམ་པ་དྲིས་མེད་པར་རྟོག་པ་པོ་རྣམས་ཀྱིས་ཤེས་སོ།། དེ་བཞིན་དུ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཀྱང་སེམས་དང་སེམ་ལས་བྱུང་བ་གཟུང་བ་དང་འཛིན་པར་སྣང་བ་རྣམས་དམ་པ་དེ་དང་བྲལ ་བར་རྟོགས་སོ།། ཡང་ན་ཇི་ལྟར་སྒྱུ་མ་ལ་སོགས་པ་རྐྱེན་གཞན་གྱིས་བྱུང་བ་དེ་བཞིན་དུ། གཞན་གྱི་དབང་ཡང་རྐྱེན་གཞན་གྱི་དབང་གིས་བྱུང་བ་སྟེ། དེའི་ཕྱིར་སྒྱུ་མ་ལ་སོགས་པ་དག་དང་མཚུངས་ཞེས་བྱའོ།། ཇི་ལྟར ་ན་དེས་གཞན་གྱི་དབང་བསྟན་པར་འགྱུར་ཞེ་ན། དེའི་ཕྱིར་ཆོས་ནི་འདིར་ཞེས་བྱ་བ་ལ་སོགས་པ་སྨྲ་སོ།། གཟུང་ལས་འབྱུང་བའི་ཆོས་རྣམས་ནི་གཞན་གྱི་དབང་དུ་བསྡུས་པ་རྣམས་སུ་བཞེས་དེ། འདི་ལྟར་ཐེག་པ་ཆེན་པོར་སྒྱུ་མ ་ལ་སོགས་པར་གང་ཇི་སྙེད་བཤད་པ་དེ་དག་ཐམས་ཅད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་བཤད་པ་སྟེ། དེ་ལྟར་གཞན་གྱི་དབང་ནི་དག་པ་འཇིག་རྟེ་པའི་ཡེ་ཤེས་ཀྱི་འཛིན་པར་བསྟན་ཏོ།། ཡོངས་སུ་གྲུབ ་པ་ཇི་ལྟར་བུ་ཞིག་སྙམ་པ་ལ། ཡོངས་སུ་གྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ན་མཁའ་ཡེ་ཤེས་རོ་གཅིག་པའོ།། དེར་ཡེ་ཤེས་རོ་གཅིག་པས་ཡེ་ཤེས་རོ་གཅིག ་པའོ།། རོ་གཅིག་པ་ཞེས་བྱ་བ་ནི་རྣམ་པ་གཅིག་པ་སྟེ། དཔེར་ན་ན་མཁའ་སྣ་ཚོགས་མ་ཡིན་པའི་ཕྱིར་རྣམ་པ་གཅིག་པཱའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་ལྟར་ཡོངས་སུ་གྲུབ་པ་ཡང་དེ་བཞིན་ནོ།། ཞེས་བྱ་བའི་ཐ་ཚིག་གོ། ཡི་གེ ་ཁ་ཅིག་ལས་ཡོངསུ་གྲུབ་པ་དང་། ཡེ་ཤེས་ནི་ནམ་མཁའ་ལྟར་རོ་གཅིག་པ་ཞེས་འབྱུང་ངོ་།། དེ་ལ་འདིའི་དོན་ནི་འདི་ཡིན་ཏེ། ཡོངསུ་གྲུབ་པའི་ངོ་བོ་ཉིད་ནི་ནཱ་མཁའ་ལྟར་རོ་གཅིག་པ་སྟེ་རྣམ་པ་གཅིག་པའོ།། ཡེ་ཤེས་ཀྱང ་དེར་རོ་གཅིག་པ་སྟེ། རྣམ་པ་གཅིག་པ་ཞེས་བྱའོ།། བཤད་པ་ནི་འདི་ལ་ནི་ཚུལ་གྱིས་སྔར་སྨོས་པ་ཉིད་ཀྱི་དོན་དུ་བསྟན་པ་ཡིན་ནོ།། འདི་གཁུངས་སྨོས་པ། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བཤད་མ་ཐག་པའི ་ཆོས་དེ་དག་ཐམས་ཅད་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས་ནམཁྭའི་དཀྱིལ་དང་འདྲ་བར་མཐོང་ཞེས་གཟུངས་དེ་ཉིད་ལས་གསུངས་སོ།། ཇི་ལྟར་ཆོས་དག་ད་ལྟར་ཐ ་ཞེ་ན། དེའི་ཕྱིར་གཞན་གྱི་དབང་གི་ཆོས་རྣམ་ཀྱི་དེ་བཞིན་ཉིད་ཙམ་མཐོང་བའི་ཕྱིར་རོ།། ཞེས་བྱ་བ་སྨྲས་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱིས་དབང་ཞེས་བྱ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཙམ ་ཞིག་མཐོང་ངོ་།། དེ་བཞིན་ཉིད་ཙམ་དེ་ནི་ནམ་མཁའ་ལྟར་གཅིག་པུའི་ངོ་བོ་སྟེ། སེམས་དང་སྙོམས་ལས་བྱུང་བ་ཐམས་ཅད་ལ་གཟུང་བ་དང་འཛིན་པའི་དངོས་པོ་མེད་པར་མཚུངས་པའི་ཕྱིར་དེ་བཞིན་ཉིད་ལ་ནི་སྣ་ཚོགས་མེད་དོ།། ། ་ཡང་མདོ་དང་འགལ་བ་གཞན་གྱི་ལན་གདབ་པར་འདོད་ནས་ཕྱོགས་སྔ་མ་བཞག་པའི་ཕྱིར། གཞན་གྱི་དབང་རྫས་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གལ་ཏེ་གཞན་གྱི་དབང་ངོ་བོ་ཉིད་གཅིག་ཏུ་རྫིས་སུ་འདོད་ན ་མདོ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་ཇི་སྐད་དུ་བཤད། མ་སྐྱེས་པ་དང་མ་འགོགས་པ་ཞེས་ཀྱང་ཇི་སྐད་དུ་བཤད་སྙམ་པོ་ལ། གྲུབ་པའི་མཐའི་སྨྲ་བས། འགལ་བ་མེད་དེ་ཞེས་བྱ་བ་སྨྲས་ཏེ། མདོ་སྡེ་དང་འགལ ་བཅི་ཡང་མེད་དོ།། ཇི་ལྟར་མེད་ཅེས་ན་འདི་ལྟར་ངོ་བོ་ཉིད་ནི་རྣམ་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གཞན་གྱི་དབང་ལ་སོགས་པ་ངོ་བོ་ཉིད་རྣམ་གསུམ་གྱི་ངོ་བོ་ཉིད་མེད་པ་རྣམ་གསུམ་ལ་དགོངས ་ནུས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཏོ།། ཞེས་མདོར་བྱས་པའི་དོན་ཏོ།། ཡན་ལག་གི་དོན་བསྟན་པའི་ཕྱིར། ངོ་བོ་ཉིད་རྣམ་གསུམ་ཁོ་ན་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། རྫས་སུ ་ཡོད་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ནི་རིགས་གྲང་ན། གཞན་གཉིས་ཇི་ལྟར་རང་གི་ངོ་བོ་ཉིད་དུ་འགྱུར་ཞེ་ན། རང་རང་གི་མཚན་ཉིད་ཀྱིས་ཡོད་པ་ལྟ་བུར་འགྱུར་བས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་མཚན་ཉིད ་དུ་གང་བསྟན་པའི་རང་གི་མཚན་ཉིད་དེས་དེ་དག་ཐམས་ཅད་ཡོད་པ་དང་འདྲ་བས། ཡོད་པས་ཕྱིར་གསུམ་པོ་ཡང་ངོ་བོ་ཉིད་ཅེས་བྱའོ།། ངོ་བོ་ཉིད་མེད་པ་རྣམ་གསུམ་གྱི་མིང་བསྟན་པའི་ཕྱིར། ངོ་བོ་ཉིད་མེད་པ་རྣམ་གསུམ་ནི། ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ།། ཆོས་ཐཾད་གང་ཡིན་ཞེ་ན། ཆོས་ཐ~ཾད་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་ཡན་ལག་བརྗོད་ནས། དེ་ནི་ངོ་བོ་ཉིད་རྣམ་གསུམ་ནི་ངོ་བོ་ཉིད་མེད་པ་ཅི་འདྲ་བསྟན་པའི་ཕྱིར། ་དང་པོ་པ་ནི་མཚན་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དང་པོ་པ་ནི་མཚན་ཉིད་ཁོ་ནཱས་ངོ་བོ་ཉིད་མེད་པའོ། གཉིས་པ་ནི་རང་མི་འབྱུང་དུས་ངོ་བོ་ཉིད་མེད་པའོ།། གསུམ་པ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་སྟེ། དེ་ཉིད་དེ ་བཞིན་ཉིད་ཅེས་བྱའོ།། ཞེས་མདོར་བྱས་པའི་དོན་ཏོ།། འགྲེལ་པ་བྱས་པས་དེ་དགྲོལ་བའི་ཕྱིར། དང་པོ་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཀུན་བ་རྟགས་པའི་ང་བ་ཡིན་པ་དེ་ནི ་ཉིད་ཁོ་ནས་ངོ་བོ་ཉིད་མེད་པ་སྟེ། དེའི་མཚན་ཉིད་ཅི་འདྲ་བར་སྐྱེས་པ་དེ་ཉིད་ཀྱིས་དེ་དེ་བོ་ཉིད་མེད་པ་དེ་ཉིད་དུ་བསྟན་ཏེ། འདི་ལྟར་དེའི་མཚན་ཉིད་ནི་བརྟགས་པའོ།། བརྟགས་པའི་མཚན་ཉིད་དེ ་བསྟན་པའི་ཕྱིར། གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་ཡོད་པའོ།། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྐྱེ་བོ་མི་ཤེས་པ་ལ་བསྟན་པའི་ཕྱིར། འདི་ལྟ་སྟེ། གཟུགས་ཀྱི་མཚན་ཉིད་ནི་གཟུགསུ་ཡོད་པའོ།། ་ཚོར་བའི་མཚན་ཉིད་ནི་མྱོང་བའོ་ཞེས་བྱ་བ་ལ་སོགས་པ་དངོས་པོ་རྣམས་རྟོགས་པར་བྱ་བའི་ཐབ་རྣམ་པ་དེ་ལྟ་བུ་འདི་བྱས་ཀྱི། དེ་རྣ་ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ཉིད་མ་ཡིན་ནོ།། འདི་ལྟར་སྤྱིའི་མཚན་ཉིད་དུ་བྱེད ་སྦྱིན་དངོས་པོ་ཡོད་པ་མ་ཡིན་ནོ།། དཔེར་ན་ཁྱིམ་ལ་སོགས་པ་མཚོན་པའི་ཕྱིར་རྒྱལ་མཚན་ལ་སོགས་པས་མཚོན་པར་བྱེད་ཀྱང་། རྒྱལ་མཚན་ལ་སོགས་པ་དེ་དག་ནི་ཁྱིམ་ལ་སོགས་པའི་ངོ་བོ་ཉིད ་མ་ཡིན་ནོ།། དེ་བཞིན་དུ་གཟུགསུ་ཡོད་པ་ལ་སོགས་པ་ཡང་དངོས་པོ་རྣམས་རྟོགས་པར་བྱ་བའི་ཕྱིར་མཚན་ཉིད་དུ་བྱེད་ཀྱི། དེ་དག་དེའི་ངོ་བོ་ཉིད་ནི་མ་ཡིན་ནོ།། དེའི་ཕྱིར་གཟུགས་ལ་སོགས་པ་ནི་རང་གི་ངོ ་བོ་མེད་པས་ཀུན་བརྟགས་པ་ནི་ནམ་མཁའི་མེ་ཏོག་བཞིན་དུ་རང་གི་ངོ་བོ་ཉིད་མེད་པའོ།། གཞན་གོང་ཡིན་སྙམ་པ་ལོ། གཞན་གྱི་དབང་གི་ངོ་བོ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་འདི་ལྟར་གཞན་གྱི ་སྟོབས་ཀྱིས་འབྱུང་གི་དེ་རང་གི་དངོས་པོ་ཡོད་པ་ནི་མ་ཡིན་ཏེ། དེ་བས་ན་ངོ་བོ་ཉིད་མེད་པའོ།། དེའི་ཕྱིར་འདི་ལས་རང་གི་དངོས་པོ་དང་བྲལ་བས་ངོ་བོ་ཉིད་མེད་ཅེས་བསྟན་པ་ཡིན་ནོ།། དངོས་པོའི་སྒྲ་ནི་འདིར་སྐྱེ་བ་ལ ་བྱའོ།། འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། འདི་ལྟར་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་ཇི་ལྟར་སྣང་བ་དེ་བཞིན་དུ་གཞན་གྱི་དབང་དེ་སྐྱེ་བ་མེད་དེ། དེའི་ཕྱིར ་དེ་བས་ན་ཡང་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ།། དེའི་ཕྱིར་དེ་ནི་སྣང་བའི་རྣམ་པ་དང་བྲལ་བའི་ངོ་བོ་ཉིད་ཡིན་པས། ངོ་བོ་ཉིད་མེད་པར་བསྟན་པ་ཡིན་ནོ།། འདིར་ངོ་བོ་ཉིད་ཀྱི་སྒྲ་ནི་སྐྱེ་བ་ལོ་བྱའོ།། ངོ་བོ་ཉིད་མེད ་པ་གསུམ་པ་བསྟོན་པའི་ཕྱིར། ཆོས་ཀྱི་དོན་གྱི་དམ་པ་ཡིད་དེ་ཞེ་སུཾ་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གཞན་གྱི་དབང་གི་ཆོས་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཡོངསུ་གྲུབ་པའི་ངོ་བོ་ཉིད་དེ། དེ་བསྣུ་ན ་གཟུང་བ་དང་འཛིན་པ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ངོ་བོ་ཉིད་མེད་པའོ།། འོ་ན་ཅིའི་ཕྱིར་ཡོངསུ་གྲུབ་པ་དོན་དམ་པ་ཞེ་བྱ་སྙམ་པ་ལ། དམ་པ་ནི་ཞེས་བྱ་བ་ལ་སོགས་པ་སྐྱེས་སོ།། འདི་ལྟར་བླ་ན་མེད་པའི ་ཕྱིར་དམ་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ།། དེ་ནི་དེའི་དོན་ཡིན་ཏེ། དེའི་ཕྱིར་དོན་དམ་པའོ།། འདིར་དོན་ནི་དམིགས་པ་ལ་བྱའོ།། འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། ཡང་ནི་ནམ་མཁའ་ལྟར་ཞེས ་བྷཱ་བ་ལ་སོགས་པ་སྨྲས་ཏེ། དཔེར་ན་ན་མཁའ་ནི་ཐམས་ཅད་དུ་རོ་གཅིག་པ་རྣམ་པ་གཅིག་པའོ།། དེ་བཞིན་དུ་ཡོངསུ་གྲུབ་པུ་ཡུད་དྲི་མ་མེད་པ་ཉིད་དང་མི་འགྱུར་དུ་ཉིད་དུ་རོ་གཅིག ་ཅིང་རྣམ་པ་གཅིག་པའོ།། དེའི་ཕྱིར་དོན་དམཱ་པ་ཞེས་བྱ་སྟེ། དེ་ནི་དོན་ཀྱང་ཡིན་ལ་དམ་པ་ཡང་ཡིན་པའི་ཕྱིར་རོ།། དེ་བས་ན་དྲག་པ་དང་བསྟན་པའི་ཕྱིར་དོན་དམ་པ་ཞེས་བསྟན་པ་ཡིན་ནོ།། ཡན་ལག་གི་དོན ་བཤད་ནས་མདོར་བྱས་པའི་དོན་བསྟན་པའི་ཕྱིར། འདི་ལྟར་ཡོངསུ་གྲུབ་པའི་ངོ་བོ་ཉིད་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཡོངསུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་བདག་ཉིད ་ཀྱི་ཆོས་ཐམས་ཅད་ཀྱི་དོན་དམ་པ་ཡིན་ཏེ། དེའི་ཕྱིར་ཡོངསུ་གྲུབ་པའི་ངོ་བོ་ཉིད་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བྱའོ།། དེའི་ཆོས་ཉིད་ཅེས་སྨོས་པས་ནི་ཡོངསུ་གྲུབ་པས་གཞན་གྱི་དབང་དང་འབྲེལ་པའི ་གཏན་ཚིགས་བསྟན་པ་སྟེ། འདི་ལྟར་དེ་ནི་གཞན་གྱི་དབང་རྣམས་ཀྱི་ཆོས་ཉིད་ཡིན་ཏེ། དེའི་ཕྱིར་དེ་དག་གི་དོན་དམ་པའོ།། དེ་གྲལ་ཏེ་དྭེ་དགྲ་གི་དོན་དམ་པ་ཡིན་ན་ཅིའི་ཕྱིར་དངོས་པོ་མེད་པར་འགྱུར ་ཞེ་ན་དེའི་ཕྱིར་ཡོངསུ་གྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟར་ཡོངསུ་གྲུབ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱའོ།། ཡང་ན་དངོས་པོ་མེད་པའི་སྒྲ ་ནི་གཞན་དང་བྲལ་བའི་སྟོང་པ་ཉིད་དེ། དངོས་པོའི་ངོ་བོ་ལ་བྱའོ།། ཚིག་ལེའུར་བྱས་པ་ལྷག་མ་བཤད་པར་འདོད་དེ་མཚམས་སྦྱར་བར་བྱ་བའི་ཕྱིར་ཅིའི་དོན་དུམ་པ་ཞེས་བྱ་བ་འབའ་ཞིག་གིས་ཞེས་བྱ་བ་ལ་སོགས་པ ་སྨྲས་པ་ནི་འདྲི་བའི་དོན་དེ་གོ་སླ་བས་མ་བཤད་དོ།། གྲུབ་པའི་མཐའ་སྨྲ་བས། སྨྲས་པ་མ་ཡིན་ཏེ། དེ་བཞིན་ཉིད་ཀྱང་དེའོ་ཞེས་བྱ་བ་སྨོས་སོ།། དེ་བཞིན་ཉིད་ཀྱི་སྒྲ་ནི་ཡོངསུ་གྲུབ་པ་དེ་ལ་བྱ་སྟེ། དོན་དམ་པའི་སྒྲ་འབའ་ཞིག་ཁོ ་ནོར་ནི་མ་ཡིན་ནོ།། ཀྱང་ཞེས་བྱ་བའི་སྒྲའི་དོན་བསྟན་པའི་ཕྱིར། ཀྱང་གྲི་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བརྗོད་པ་འདི་འབའ་ཞིག་ཏུ་བརྗོད་པར་བྱ་བ་མ་ཡིན་གྱི་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངསུ་གཏོགས་པ་ཇི་སྲིད་པ་དེ་དག ་ཐམས་ཅད་དུ་བརྗོད་པར་བྱ་སྟེ། འདི་ལྟར་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་མཚན་མ་མེད་པ་དང་། མི་གཉིས་པ་ཉིད་དང་། རྣམ་པར་མི་རྟོག་པའི་དབྱིངས་དང་། བརྗོད་དུ་མེད་པ་ཉིད་དང་། མི་འགག་པ་དང་མི་སྐྱེ་བ་དང་། འདུས་མ ་བྱས་པ་དང་མྱ་དྲན་ལྔས་འདས་པ་ཞེས་བྱ་བ་ལ་སོགས་པར་ཡང་བརྗོད་པར་བྱའོ།། འོ་ནཱ་ཎྜཱིའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་སྙམ་པ་ལ། དུས་ཐམས་ཅད་ན་དེ་བཞིན་དུ་ཡོད་པས་དེ་བཞིན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ་དོ་དགྲོལ་བའི་ཕྱིར་འདི་ལྟར་སོ་སོའི་སྐྱེ་བོ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་སོ་སོའི་སྐྱེ་བོ་ལ་སོགས་པའི་དུས་དག་ན་དུས་ཐམས་ཅད་དུ་དེ་བཞིན་དུ་ཡོད་པ་དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ།། དེ་ནི་འདི་སྐད་དུས ་སོ་སྐྱེ་བོ་དང་སློབ་དང་མི་སློབ་པའི་དུས་དག་ན། དུས་ཐམས་དུ་སེམས་དང་སེམས་ལས་བྱུང་བ་རྣམས་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་སྟེ། རང་བཞིན་དེ་ནི་དེ་དྲག་གིས་ནམ་ཡང་ཡོད་མི ་འདོར་བས་དེའི་ཕྱིར་གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་དེ། དེ་དག་ལ་དེ་བཞིན་དུ་ཡོད་ཅིང་ནམ་ཡང་གཞན་དུ་མི་འགྱུར་བས་དེ་བཞིན་ཅེས་བྱ་སྟེ། དཔེར་ན་ཆུ་ལ་སོགས་པ་ནི་རྙོག་པ་ལ་སོགས་པའི་དུས་ན་ཡང་རང་གི་ངོ་བོར་གན ་པ་ལྟ་བུའོ་ཞེས་བསྟན་པར་འགྱུར་རོ།། འོག་མ་དང་མཚམས་སྦྱར་བའི་དོན་དུ་དྲི་བ་བྱ་བའི་ཕྱིར་དང་། ཅི་དེ་བཞིན་ཉིད་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་ཡོངསུ་གྲུབ་པའི་ངོ་བོ་ཉིད་དེ་བཞིན་ཉིད་ཅེས་བྱ ་པ་དེ་བཞིན་དུ། ཅི་རྣམ་པར་རིག་པ་ཙམ་ཉིད་ཀྱང་དེ་བཞིན་ཉིད་ཅེ་འོམ། འོན་ཏེ་རྣམ་པར་རིག་པོ་ཙམ་ཉིད་ཀྱང་གཞན་ལཱ། ཡོངསུ་གྲུབ་པའི་ངོ་བོ་ཉིད་ཀྱང་གཞན་ནམ་ཞེ་ན་གྲུབ་པའི་མཐའ་སྨྲ་བས། དེ་ཉིད་རྣམ་པར་རིག ་པ་ཙམ་ཞེས་བྱ་བ་སྨྲས་ཏེ། ཡོང་སུ་གྲུབ་པའི་ངོ་བོ་དེ་ཉིད་རྣམ་པར་ཙམ་ཉིད་ཞེས་བྱ་བའི་གཞན་དུ་མ་ཡིན་ནོ།། ཅིའི་ཕྱིར་སྙམ་པ་ལ། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས ་ཏེ། འདི་ལྟར་ཡོངསུ་གྲུབ་པའི་ངོ་བོ་ཉིད་ཁོང་དུ་ཆུད་པས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཁོང་དུ་ཆུད་པར་འགྱུར་ཏོ།། དེའི་ཕྱིར་དེ་ཉིད་རྣམ་པར་རིག་པ་ཙམ་ཉིད་དོ།། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཁོང ་དུ་ཆུད་པའི་གཏན་ཚིགས་སྨོས་པ། འདི་སྐད་དུ། དེའི་ཚེ་དེ་ཙམ་མཐོང་བའི་ཕྱིར། མིང་ལ་སེམས་དེ་གྲནས་པ་ཡིན་ཞེས་བྱ་བ་ལ་སོགས་པཱ་སྨྲས་ཏེ། གང་གི་ཚེ་རྣལ་འབྱོར་པ་དྲོ་བར་གྱུར་པ་དང་། རྩེ་མོའི་དུས ་དག་ནི་གཟུང་བ་རྣམ་པར་བཤིག་པར་གྱུས་ངའི་ཚེ། བཟོད་པའི་དུས་ན་མིང་ལོ་སེམས་ཏེ་གནས་ཏེ། འདི་ལྟར་གཟུང་བའི་རྣམ་པ་དང་བྲལ་བ་དེའི་ཚེ་མིང་ཙམ་དུ་མཐོང་ངོ་།། དོ་ནི་འདི་སྐད་དུ་གང་གི་ཚེ། གཟུང ་རྣམ་པར་བཤིག་པར་གྱུར་པ་དེའི་ཚེ་རྣམ་པར་རིག་པ་ཙམ་ལ་སེམས་གནས་ཏེ། རྣམ་པར་རིག་པ་འདི་ཙམ་ཉིད་གཟུགས་ལ་སགས་པར་སྣང་བར་འབྱུང་གི། གཟུགས་ལྔ་སོགས་པའི་དོན་ནི་མེད་པར་ཤེས་པའི་ཕྱིར ་རོ་ཞེས་བསྟན་པར་འགྱུར་རོ།། མིང་ཞེས་བྱ་བའི་སྒྲ་ནི་འདིར་རྣམ་པར་རིག་པ་ཙས་ལ་བྱ་སྟེ། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་རྣམ་ལ་སོ་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་མིང་ལ་སེམས་གནས ་པས་ཆོས་ཀྱི་ཆོག་གི་དུས་ན་རྣམ་པར་རིག་པ་ལ་དམིགས་པ་སྤོང་བར་འགྱུར་ཏེ། བཟུང་བ་མི་དམིགས་ན་འཛིན་པ་མི་དམིགས་པའི་ཕྱིར་རོ།། རྣམ་པར་རིག་པའི་སྒྲ་ནི་འཛིན་པ་རྣམ་པ་ལ་བྱའོ།། གང་གི་ཚེ་དེ་ལྟར ་གཟུང་བ་དང་འཛིན་པ་རྣམ་པར་བཤིག་པར་གྱུར་དེའི་འོག་ཏུ་མཐོང་བའི་ལམ་འབྱུང་བ་དེའི་ཚེ་སྐེམ་པའི་སྟོབས་ཀྱི་དམིགས་པ་མེད་པའི་དབྱིངས་ལ་རེག་སྟེ། ཆོས་ཀྱི་དབྱིངས་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། དམིགས ་ཁྭ་མེད་བཱི་དབྱིངས་ཀྱི་སྒྲ་ནི་ཆོས་ཀྱི་དབྱིངས་ལ་བྱའོ།། རེག་ཅེས་བྱ་བ་ནི་རྟོག་པ་དང་། མངོན་སུམ་བྱེད་ཅེས་བྱ་བའི་བར་དུའོ།། བསྒོམས་པའི་རྒྱུ་ཡིས་ཞེས་བྱ་བ་ནི་སྒོམས་པའི་སྟོབས་ཀྱིས་ཤེས ་བྱ་བའི་ཐ་ཚིག་གོ། གང་གི་ཚེ་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པོར་གྱུར་པ་དེའི་ཚེ། གོང་ནས་གྲོང་དུ་ཁྱད་པར་དུ་འགྲོ་བས། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་པོ་འཐོབ་བོ།། ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་རྣམས ་ལ་དབང་འབྱོར་པ་ཡང་ཐོབ་བོ།། དེའི་ཚེ་དམིགས་པ་མེད་པའི་དབྱེངོས་ལ་རེག་ཅེས་བྱ་བ་དེ་ནི་འདིར་ཁུང་སོ།། དེ་ཉིད་རྣམ་པར་རིག་པ་ཙམ་ཞེས་བྱ་བ་འདིས་ཅི་བསྟན་པར་འགྱུར་ཞེ་ན། དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཉིད ་རྣམ་པར་རིག་པ་ཙམ་ཞེས་བྱ་བ་འདིས་ནི་མངོན་པར་རྟོགས་པའི་དུས་བསྟན་ཏོ།། ཡོང་ན་ལམ་ཡང་ཡོངསུ་གྲུབ་པའི་ངོ་བོ་ཉིད་ཡིན་པས། དེ་ཉིད་རྣམ་པར་རིག་པ་ཙམ་ཉིད་དུ་བསྟན་ཏེ། དེའི་ཕྱིར་འཇིག་རྟེན་ལས་འདས་པའི ་ཡེ་ཤེས་ནི་རྣམ་པར་རིག་པ་ཙམ་ཉིད་ཀྱི་སྒྲར་བསྟན་པ་ཡིན་ནོ།། འདི་ལྟར་དེས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཁོང་དུ་ཆུད་པར་འགྱུར་ཏེ། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཆོས་ཀྱི་དབྱིངས་རྟོགས་ཞེས་བྱ་བའི ་ཚིག་གོ།། དོན་འདི་ཉིད་བསྟན་པའི་ཕྱིར་ཚིག་སུ་བཅད་པ་གཉིས་ཏེ། ཚིག་སུ་བཅད་པའི་དོནི་འདི་སྔ་མ་བཞིན་ནོ།། བཤད་པ་འདི་ལ་ནི་མངོན་པར་རྟོགས་པའི་དོན་གསལ་བར་འཐད་དེ།། འོག་མ་དང་མཚམས་སྦྱར་བྱ་བའི་དོན་དུ ་དྲི་ངའི་ཕྱིར། གལ་ཏེ་འདི་དག་རྣམ་པར་རིག་པ་ཙམ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་རྣམ་པར་རིག་པ་ཙམ་གཟུང་བ་དང་འཛིན་པ་དང་བྲལ་བ་ཡིན་ན། ཅིའི་ཕྱིར་འགྲོ་བ་འདི་མཐའ་དག་མིག་ལ་སོགས་པས ་གཟུགས་ལ་སོགས་པ་འཛིན་ཏོ་སྙམ་དུ་ལྷག་པར་ཆགས་པར་འགྱུར་ཞེ་ན། གྲུབ་པའི་མཐའ་སྨྲ་བས། ཇི་སྲིད་ནུམ་རིག་ཙམ་ཉིད་ལ་ཞེས་བྱ་བ་ལྔ་སོགས་པ་སྨྲས་ཏེ། ཇི་སྲིད་དུ་སྲོག་ཆགས་རྣམས་ཀྱི་རྣམ་པར་ཤེས ་པ་རྣམས་རྣམ་པར་རིག་པ་ཙམ་ཉིད་ལ་མི་གནས་པ་དེ་སྲིད་དུ། དེ་དག་གི་འཛིན་པ་གཉིས་ཀྱི་བག་ལ་ཉལ་མི་ལྡོག་སྟེ། དེ་མ་ལོག་ན་འདྲིས་འདི་འཛིན་ཏོ་སྙམི་དུ། ལྷག་པར་ཆགས་སོ།། ཡང་ཚིག་ལེའུར་བྱས་པའི ་མཚམས་སྦྱར་བ་གཞན་བྱ་བའི་ཕྱིར། ཡང་ན་གང་ཞེས་བྱ་བ་ལ་སོགས་པ་སླས་ཏེ། དེའི་དོན་ནི་བཤད་ཟིན་ཏོ།། གྲུབ་པའི་མཐའ་སྨྲ་བཱས། ཇི་སྲིད་རྣམ་རིག་ཙམ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་དགྲོལ་བའི ་ཕྱིར། ཇི་སྲིད་དུ་སེམས་ཀྱི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་ཀྱི་ཆོས་ཉིད་རྣམ་པར་རིག་པ་ཙམ་ཉིད་ཅེས་བྱ་བ་ལཾ། ཇི་སྲིད་དུ་རྣལ་འབྱོར་པའི་རྣམ་པར་ཤེས་པ་མི་གནས་ཀྱི། གཟུང་བ་དང་འཛིན་པ ་མངོན་པར་ཞེན་པ་དེ་སྲིད་དུ་འཛིན་པ་གཉིས་ཀྱི་བག་ཆགས་མི་སྤོང་ངོ་།། འཛིན་པ་གཉིས་གང་ཡིན་སྙམ་པ་ལ། འཛིན་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཟུང་བ་ལ་མངོན་པར་ཞེན་པ་དང་། འཛིན་པ ་ལ་མངོན་པར་ཞེན་པ་དེ་ནི་འཛིན་པ་གཉིས་སོ།། བག་ལ་ཉལ་བསྟན་པའི་ཕྱིར། དེའི་བག་ལ་ཉལ་ནི་ཞེས་བྱ་བ་ལ་སོགས་སྨྲས་ཏེ། མ་འོངས་པའི་འཛིན་པ་གཉིས་སྐྱེ་བར་བྱ་བའི་ཕྱིར་འཛིན་པ་གཉིས ་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ལས་ས་བོན་བཏབ་པ་གང་ཡིན་པ་དེ་བག་ལ་ཉལ་ཏེ། བག་ཆགས་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་ཚིག་གི་དོན་བརྗོད་ནས་ཚིག་ལེའུར་བྱས་པའི་དོན་བསྟན་པའི་ཕྱིར། ཇི་སྲི་དུ་གཉིས་མེད་པའི ་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཟུང་བ་དང་འཛིན་པའི་མཚན་ཉིད་གཉིས་དང་དྲལ་བའི་རྣམ་པར་རིག་པ་ཙམ་ལ་ཇི་སྲིད་དུ་རྣལ་འབྱོར་པའི་སེམས་གནས་པར་མ་གྱུར་པ་དེ་སྲིད་དུ་འཛིན་པ་གཉིས་ཀྱི་བག་ཆ ་མི་སྤོང་ངོ་།། ཚིག་ལེའུར་བྱས་པའི་དོན་གཉིས་པ་བསྟན་པའི་ཕྱིར། འདིར་ནི་ཕྱི་རོལ་གྱི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བཤད་པ་རྣམ་པ་འདི་ལྟ་བུ་འདིར་ནི་དོན་འདི་བསྟན་པ་ཡིན་ཏེ། ཇི་སྲིད་དུ་ཕྱིའི་ཡུལ་ལ ་དམིགས་པ་མ་སྤངས་པ་དེ་སྲིད་དུ་ནང་གི་འཛིན་པའི་དམིགས་པ་ཡང་སྤོང་བར་མི་འགྱུར་ཏེ། དེའི་ཕྱིར་སྲོག་ཆགས་དེ་འདི་སྙམ་དུ་བདག་ནི་མིག་ལ་སོགས་པས་གཟུགས་ལ་སོགས་པ་འཛིན་ཏོ་སྙམ་དུ་སེམས་སོ།། ་འོག་མ་དང་མཚམས་སྦྱར་བའི་དོན་དུ་དྲི་བའི་ཕྱིར། ད་ནི་འདི་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གང་གི་ཚེ་རྣལ་འབྱོར་པས་དོན་དང་བྲལ་བའི་སེམས་ཙམ་དམིགས་པ་དེའི་ཚེ་ཅི་སེམས་ཀྱི་ཆོས་ཉིད ་ལ་གནས་པ་ཡིན་ནམ་ཞེ་ན། གྲུབ་པའི་མཐའ་སྨྲ་བས། སྨྲས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་ལྟ་བུ་ནི་སེམས་ཀྱི་ཆོས་ཉིད་ལ་གནས་པ་མ་ཡིན་པར་རིག་པར་བྱ་སྟེ། གང་གི་ཚེ་འདི་དག་རྣམ་པར་རིག་པ ་ཙམ་ཉིད་དོ་སྙམ་པ་དེ་ལྟ་བུ་དེའི་རྣམ་པ་འབྱུང་བས་འཛིན་པ་དེའི་ཚེ་དམིགས་ཙཱ་ཡང་རུང་བ་ཞིག་མདུན་དུ་འཇོག་གོ། ཅི་ཡང་རུང་བ་ཞིག་མདུན་དུ་འཇོག་ན་སེམས་ཙམ་ལ་གནས་པ་མ་ཡིན་ཏེ། འདི་ལྟར་འདི་དམིགས ་པ་གཞན་ཐམས་ཅད་བཀག་ནས་སེམས་ཙམ་དེ་ཉིད་ལ་དམིགས་པ་བྱས་པའི་ཕྱིར་རོ།། ཇི་སྲིད་དུ་ནང་གི་འམ་ཕྱིའི་ཡང་རུང་སྟེ། དམིགས་པ་ཅི་ཡང་རུང་བ་ཞིག་ལ་རྟོག་པ་དེ་སྲིད་དུ་སེམས་ཀྱི་ཆོས་ཉིད་ལ་གནས་པར ་ག་ལ་འགྱུར་ཡང་ཚིག་ལེའུར་བྱས་པའི་མཚམས་སྦྱར་བ་གཞན་བྱ་བའི་ཕྱིར་ཡང་ན་མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། རྣལ་འབྱོར་སྤྱོད་པ་ཉེས་པར་བསླབས་པ་གང་རྣམ་པར་རིག་པ་ཙམ་ཡོངས ་བརྗོད་པའི་རབ་ཏུ་བྱེད་པ་ཐོས་པ་ཙམ་གྱིས་བསྒོམས་ནས་ང་ནི་རྣམ་པར་རིགས་པ་ཙམ་ཉིད་དག་པ་ལ་གནས་ཏེ། ད་གཟུང་བ་འམ་འཛིན་པ་གཅིག་ལ་ཡང་ཀུན་ཏུ་མི་རྟོག་གོ་སྙམ་དུ་སེམས་པ་དེའི་ལོག་པའི་ང་རྒྱལ ་གསལ་བའི་ཕྱིར་འདི་དག་རྣམ་རིག་ཙམ་ཉིད་ཅེས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཡང་རྣམ་པར་རིག་པ་ཙམ་ཉིད་ལ་དམིགས་པ་བྱ་སྟེ། མདུན་དུ་བཞག་པས་དེ་ལ་གནས་པ་མ་ཡིན་གྱི་གཙམ་བུ་གཟུང་པོ་དང ་འཛིན་པ་ལ་དམིགས་པ་གསལ་བ་ལ་སྤྱོད་པའོ།། ཇི་ལྟར་དམིགས་སྙམ་པ་ལ། འདི་དག་རྣམ་རིག་ཙམ་ཉིད་ཅེས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། འདི་དག་རྣམ་པར་རིག་པ་ཙམ་ཞེས་བྱ ་བའི་རྣམ་པ་འདིས་དམིགས་པར་ཟད་དོ།། འདིའི་རྣམ་གྲངས་བསྟན་པོའི་ཕྱིར། འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འཛིན་པ་མཚན་མར་བྱེད་པ་དང་། མངོན་པར་ཞེན་པ་དང་། དེའི་རྣམ་པ་འབྱུང་ཞེས་བྱ་བའི་བར་དུའོ།། ་མདུན་དུ་ཞེས་བྱ་བ་འདི་ནི་མངོན་དུ་ཞེས་བྱ་བ་འདི་ཡིན་ཏེ། སེམས་ལ་མངོན་དུ་ཞེས་བྱ་བའི་ཐ་ཚིག་གོ། འཇོག་ན་ཞེས་བྱ་བ་འདིའི་བཤད་པ་ནི་ཇི་ལྟར་ཐོས་པ་བཞིན་དུ་ཡིད་ཀྱིས་འཇོག་པ་ཞེས་བྱ་བ་འདི་ཡིན་ཏེ། ཇི་ལྟར་ཐོས ་པ་བཞིན་དུ་རྣམ་པར་རིག་པ་ཙམ་ཉིད་ལ་ཡིད་ཀྱིས་དམིགས་པ་བྱས་ནས། མདུན་དུ་འཇོག་པ་ཞེས་བྱ་བའི་ཐ་ཚིག་གོ། ཡང་ཡན་ལག་གཞན་བཤད་པར་བྱ་བའི་ཕྱིར། རྣལ་འབྱོར་སྤྱོད་པའི་དམིགས་པ་རྣམ་པ་མང་བས་ཞེས་བྱ། ་བ་ལ་སོགས་ཏེ། འདི་ལྟར་དམིགས་པ་མང་བས་དེའི་ཕྱིར་ཅི་ཡང་རུང་བ་ཞེས་བྱ་བ་སྨོས།། གལ་ཏེ་རྣམ་པར་རིག་པ་ཙམ་ཉིད་ཀྱི་རྒྱུའི་ཆ་ཙམ་ཞིག་དམིགས་པ་བྱས་ཏེ། མདུན་དུ་འཇོག་ན་ཡང་དེ་ལ་གནས་པ་མ་ཡིན་ཏེ། དོན་དེ་བསྟན ་པའི་ཕྱིར་ཅི་ཡང་རུང་བ་ཞེས་བྱ་བ་སྨོས་སོ་ཞེས་བྱ་བའི་ཐ་ཚིག་གོ། གང་དག་འདིར་ཀེང་རུས་ལ་སོགས་པ་འདོན་པ་དེ་དག་གིས་ནི་སྐབས་མ་རྟོགས་ཏེ། འདི་ལྟར་རྣམ་པར་རིག་པ་ཙམ་ཉིད་ཀྱི་ཅི་ཡང་རུང་བ་ཞིག་མདུན་དུ་འཇོག ་ན་ཞེས་བྱ་བའི་སྐབས་ཡིན་པས། སྐབས་འདི་ལ་ཀེང་རུས་ལ་སོགས་པ་དང་འབྲེལ་པ་ཅི་ཞིག་ཡོད་ན། དེས་དེ་དག་ཉེ་བར་དགོས། འདི་ལྟར་དེ་དག་ནི་ཕྱི་རོལ་གྱི་བཞིན་དུ་དམིགས་པར་སྣང་སྟེ། དེ་ནི་འདིས་སྔར་བསལ་ཟིན་ཏོ།། ་དེ་མ་ཡིན་པའི་ཡན་ལག་གཞན་བསྟན་པའི་ཕྱིར། དེ་ནི་ཙམ་ལ་མི་གནས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣམ་པར་རིག་པ་ཙམ་གྱི་དམིགས་པ་མ་སྤངས་ན། རྣམ་པར་རིག་པ་ཙམ་ཉིད་དུ་དམིགས་པ་ཉིད་དེ། ་དེའི་དེ་ལ་མི་གནས་སོ།། འོག་མ་དང་མཚམས་སྦྱར་བའི་དོན་དུ་གཞན་གྱིས་དྲི་བའི་ཕྱིར། ནམ་ཞིག་ན་རྣམ་པར་ཤེས་པའི་འཛིན་པ་སྤངས་ཤིང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་དེ་ལྟར་ཤེས་པ་ཡང་རྣམ་པར་ཤེས ་པ་འཛིན་པ་མ་ལོག་ཅིང་རྣམ་པར་རིག་པ་ཙམ་ལ་ཡང་མི་གནས་པ་དེའི་ཚེ། ནམ་ཞིག་རྣམ་པར་ཤེས་པའི་འཛིན་པ་སྤོང་བར་འགྱུར་བ་དང་། ནམ་ཞིག་ན་ཆོས་ཉིད་ལ་སེམས་གནས་པར་འགྱུར་བ་བརྗོད་དགོས་སོ་སྙཿ ་བུབཱ་ལུ། གྲུབ་པའི་མཐའ་སྨྲ་བས། ནམ་ཞིག་ཤེས་པས་དམིགས་པ་རྣམས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་དམིགས་པ་ཡོངསུ་བསལ་ནས་སེམས་ལས་ཕྱི་རོལ་ཏུ་རྣམ་པར་ཤེས་པས་མི་དམིགས ་དེའི་ཚེ། སེམས་དེ་རྣམ་པར་རིག་པ་ཙམ་ལ་གནས་པ་ཡིན་ཏེ། འདི་ལྟར་གཟུང་བ་མེད་ན་འཛིན་པའང་མེད་དོ་ཞེས་བསྡུས་ཏེ་མདོར་བྱས་པའི་དོན་ཏོ།། འགྲེལ་པ་བྱེད་པས་རྒྱ་ཆེར་བསྟན་པའི་ཕྱིར། གང་གི་ཚེ་བསྟན་པ་ལ ་དམིགས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་བསྟན་པ་ལ་སོགས་པ་ལ་དམིགས་པའི་ས་མས་ལས་ཕྱི་རོལ་གྱི་རྣམ་པར་ཤེས་པས་མི་མཐོང་མི་འཛིན་ཅིང་མངོན་པར་ཞེན ་པ་མེད་ལ། གལ་ཏེ་དེ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་སྟེ་མི་དམིགས་ཀྱང་། དམུས་ལོང་བཞིན་དུ་མཐུ་མེད་པ་ནི་མ་ཡིན་པ་དེ་ཚེ་རྣམ་པར་ཤེས་པའི་འཛིན་པ་སྤངས་ཤིང་། སེམས་ཀྱི་ཆོས་ཉིད་ལ་ཡང་སེམས་གནས ་པ་ཡིན་ནོ།། རྣམ་པར་ཤེས་པའི་སྒྲ་ནི་འདིར་འཛིན་པ་ལ་བྱའོ།། འཛིན་པའི་སྒྲ་ནི་མངོན་པར་ཞེན་པ་ལ་བྱ་སྟེ། དེའི་ཕྱིར་དེའི་ཚེ་ན་འཛིན་པ་ལ་མངོན་པར་ཞེན་པ་སྤང་སོ་ཞེས་བསྟན་པར་འགྱུར་རོ།། ཅིའི་ཕྱིར་དེའི་ཚེ་སེམས ་ཀྱི་ཆོས་ཉིད་ལ་སེམས་གནས་པར་འགྱུར་ཞེ་ན། འདིར་གཏན་ཚིགས་སྨོས་པ། གཟུང་བ་མེད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་དགྲོལ་བའི་ཕྱིར། གཟུང་བ་ཡོད་ནུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏོ།། འདི་ལྟར་གཟུང ་བ་ཡོད་ན་ནི་འཛིན་པར་འགྱུར་གྱི། གཟུང་བ་མེད་ན་ནི་མ་ཡིན་ཏེ། དེའི་ཕྱིར་གཟུང་བ་མེད་ན་འཛིན་པ་ཡང་མེད་པར་རྟགས་ཀྱི་གཟུང་བ་མེད་པ་འབའ་ཞིག་ཏུ་རྟོག་པ་ནི་མ་ཡིན་ནོ།། གཟུང་བ་དང་འཛིན་པ་རྣམ་པར་བཤིག ་པས་ཡོན་ཏན་ཅི་ཞིག་འཐེབ་སྙམ་པ་ལ། དེ་ལྟར་ན་དམིགས་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་ན་གཟུང་བ་དང་འཛིན་པ་རྣམ་པར་བཤིག་པར་གྱུར་པ་དེའི་ཚེ། དམིགས་པར་བྱ་བ་དང་དམིགས་པར ་བྱེད་པ་ལ་རྣམ་པར་མི་རྟོགས་པས་མཉམ་པ་ཉིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འབྱུང་སྟེ། གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའི་བག་ལ་ཉལ་ཡང་སྤོང་ཞིང་། རང་གི་སེམས་ཀྱི་ཆོས་ཉིད་རྣམ་པར་རིག ་པོ་ཙམ་ཞེས་བྱ་བ་ལ་སེམས་གནས་པར་འགྱུར་རོ།། དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པས་མཉམ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། ཇི་ལྟར་དམིགས་པར་བྱ་བ་ལ་རྣམ ་པར་མི་རྟོག་ཅིང་མངོན་པར་ཞེན་པ་མེད་པ་དེ་བཞིན་དུ། དམིགས་པར་བྱེད་པ་ལཱ་ཡང་རྣམ་པོར་མི་རྟོག་ཅིང་། མངོན་པར་ཞེན་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། མཉམ་པས་མཉམ་ཞེས་བྱ་བ་ནི་ཤིན་ཏུ་མཚུངས་པ་ལ་བྱ། ་འོག་མ་དང་མཚམས་སྦྱར་བའི་དོན་དུ་དྲི་བའི་ཕྱིར། གལ་ཏེ་དེ་ལྟར་རྣམ་པར་རིག་པ་ཙམ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་གཟུང་བ་དང་འཛིན་པ་རྣམ་པར་བཤིག་ནས་རྣམ་པར་རིག་པ་ཙམ་ཉིད ་ལ་སེམ་ས་གནས་པ་དེའི་ཚེ། སེམས་དེ་ལ་ཇི་སྐད་ཅེས་བྱ་ཞེ་ན། གྲུབ་པའི་མཐའ་སྨྲ་བས། དེ་ནི་སེམས་མེད་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེ་མཱ་མེད་པ་དང་མི་དམིགས་པ་དང་། འཇིག་རྟེན་ལས་འདས ་པའི་ཡེ་ཤེས་དང་། གནས་གྱུར་པ་དང་། ཟག་པ་མེད་པའི་དབྱིངས་དང་། བསམ་གྱིས་མི་ཁྱབ་པ་དང་། དགེ་བ་དང་བརྟན་པ་དང་བདེ་བ་དང་། རྣམ་པར་གྲོལ་བའི་སྐུ་དང་ཆོས་ཀྱི་སྐུ་ཞེས་བྱའོ་ཞེས་བསྡུས་ཏེ་མདོར་བྱས་པའི ་དོན་ཏོ།། འགྲེལ་པ་བྱེད་པས་ཚིག་སུ་བཅད་པ་གཉིས་ཀྱིས་བསྡུས་པའི་དོན་བསྟན་པའི་ཕྱིར་ཚིག་སུ་བཅད་པ་འདི་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཚིགསུ་བཅད་པ་འདི་གཉིས་ཀྱིས་རྣམ་པར ་རིག་པ་ཙམ་ཉིད་ལ་ཞུགས་པའི་རྣལ་འབྱོར་པའི་མཐོང་བའི་ལམ་ལ་བརྟེན་ནས། གོང་ནས་གོང་དུ་བྱེ་བྲག་ཏུ་འགྲོ་བས་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ།། སེམས་མེད་པ་དང་མི་དམིགས་པ་དང་། འཇིག་རྟེན་ལས་འདས་པའི་ཡེ ་ཤེས་ལ་སོགས་པ་ནི་མཐོང་བའི་ལམ་གྱི་ཚེའོ།། གནས་གྱུར་པ་ལ་སོགས་པ་ནི་གོང་ནས་གོང་དུ་བྱེ་བྲག་ཏུ་འགྲོའོ།། སྐུ་གཉིས་ནི་འབྲས་བུ་ཕུན་སུམ་ཚོགས་པའོ།། སེམས་ཉིད་ནི་རྟོགས་པ་ཡིན་དོན་དེ་སེམས་མེད་པ ་དང་མི་དམིགས་པ་ཞེས་ཇི་སྐད་དུ་བྷ་སྣུམ་པ་ལ། དེ་ལ་འཛིན་པའི་སེམས་མེད་ཞེས་བྱ་བཱ་ལཱ་སོགས་པ་སྨྲས་ཏེ། འདི་ལྟར་འཇིག་རྟེན་ལས་འདྲ་འི་སེཾས་དེ་ལ་འཛིན་པའི་སེམས་གཞན་མེད་པས་དེའི་ཕྱིར་སེམས་མེད་པའོ།། ་འདི་ལྟར་འཇིག་རྟེན་ལས་འདས་པའི་སེམས་དེས་གཟུང་པ་ཅི་ཡང་མི་དམིགས་པས། དེའི་ཕྱིར་མི་དམིགས་པའོ།། འོ་ན་ཅིའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱ་སྙམ་པ་ལ། འཇིག་རྟེན་འདྲིས་པར་མ་བྱས་པ་ཞེས ་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་འདྲིས་པར་མ་བྱས་ཏེ། མ་གོམས་པ་དང་། འདི་ལྟར་ཡང་འཇིག་རྟེན་ན་ཀུན་ཏུ་འབྱུང་བ་མེད་པ་དང་། འདི་ལྟར་ཡང་རྣམ་པར་མི་རྟོག་པས། དེའི་ཕྱིར་འཇིག་རྟེན་ལས་བརྒལ་བ་སྟེ། དེ་བས ་ན་འཇིག་རྟེན་ལས་བརྒལ་བའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ།། གནས་གྱུར་པ་བསྟན་པའི་ཕྱིར། ཡེ་ཤེས་དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི ་འོག་ཏུ་གནས་འགྱུར་བས།། དེའི་ཕྱིར་གནས་འགྱུར་བའི་སྒྲས་དེ་ཉིད་བརྗོད་དོ།། གནས་ནི་གང་ཡིན་འགྱུར་བ་ནི་གང་ཡིན་ཞེ་ན། དེའི་ཕྱིར་གནས་ཀྱང་ཞེ་བྱ་བ་ལ་སོགས་པས་སོ།། སྐངས་འདིར་ནི་གནས་ཀྱི་སྒྲ་ཀུན་གཞི་རྣམ་པར ་ཤེས་པ་ས་བོན་དང་བཅས་པ་ལ་བྱ་བར་ལྷའོ།། གནས་རྣམ་པ་དེ་ལྟ་བུའི་གནས་ངན་ལེན་གྱི་ངོ་བོ་དང་། རྣམ་པར་སྨིན་པའི་ངོ་བོ་དང་། གཟུང་བ་དང་འཛིན་པ་གཉིསུ་སྣང་བའི་ངོ་བོ་ལོག་པ་གྱུར་ན། གོ་རིམས་བཞིན་དུ་ལས་སུ་རུང ་བའི་ངོ་བོ་དང་། ཆོས་སྐུའི་ངོ་བོ་དང་མི་གཉིས་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་དེ་ནི་གནས་གྱུར་པ་ཞེས་བྱའོ།། གནས་དྲན་ལེན་ལོག་ན་ལས་སུ་རུང་བའི་དངོས་པོར་འགྱུར་རོ།། རྣམ་པར་སྨིན་པ་ལོག་ན་ཆོས་ཀྱི་སྐུར་འགྱུར་རོ།། གཉིསུ ་སྣང་བ་ལག་ན་མེད་པའི་ཡེ་ཤེས་ཀྱི་དངོས་པོར་འགྱུར་རོ།། གནས་ངན་རིན་གྱི་སྒྲ་ནི་ཉོན་མོངས་པའི་ས་བོན་ཏེ་ལ་སུ་མི་འདུ་བ་ལ་བྱའོ།། གཉིས་སྣང་བའི་སྒྲ་ནི་གཟུང་བ་དང་འཛིན་པར་སྣང་བ་ལ་བྱའོ།། གཉིས་མེད་པའི་སྒྲ་ནི་རྣམ ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ།། འདི་ཇི་ལྟར་འཐོབ་ཅེ་ན། དེའི་ཕྱིར། གནས་གྱུར་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནས་གྱུར་པ་ཞེས་གང་བཤད་པ་དེ་གང་སྤངས་ན་འཐོག་པར་པོ་འགྱུར་བ་བརྗོད་དགོས་སོ།། གྲུབ ་པའི་མཐའ་སྨྲ་བས། གནས་ངན་ལེན་གཉིས་སྤངས་པས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གནས་ངན་ལེན་རྣམ་པ་གཉིས་སྤངས་ན་དེ་ཐོབ་པར་འགྱུར་རོ།། རྣམ་པ་གཉིས་བསྟན་པའི་ཕྱིར། ་གཉིས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉོན་མོངས་པའི་སྒྲིབ་པའི་གནས་དྲན་ལེན་དང་། ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ནཱི་འདིར་གནས་ངན་ལེན་གཉིས་བཞེད་དོ།། གནས་ངན་ལེན་ཅེས་བྱ་བ ་ཞིག་སྙམ་པ་ལ། གནས་ངན་ལེན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནས་ལས་སུ་མི་རུང་བ་ནི་གནས་ངན་ལེན་ཅེས་བྱའོ།། ཡང་དག་པའི་དོན་དུ་ན་གནས་ངན་ལེན་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་ས ་འོན་ལ་བྱའོ།། འདིའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་གནས་སུ་གྱུར་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། གཅིག་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ལ་ཡོད་པའི་གནས་ངན་ལེན་སྤངས་པས་འཐོབ ་སྟེ། གང་རྣམ་པར་གྲོལ་བའི་སྐུ་ཞེས་སྨོས་པའོ།། གཅིག་ཤོས་ནི་བྱང་ཆུབ་སེམས་དཔའ་ལ་ཡོད་པའི་གནས་ངན་ལེན་སྤངས་པས་འཐོབ་སྟེ། གང་ཐུབ་པ་ཆེན་པོའི་ཆོས་ཞེས་བྱ་བ་སྨོས་པའོ།། དེ་ཉིད་འདིའི་སྒྲིབ་པ་རྣམ ་པ་གཉིས་སྤྱོད་པའི་བྱེ་བྲག་གོས་གནས་གྱུར་པ་བླ་ན་ཡོད་པ་དང་། བླ་ན་མེད་པ་བསྣུན་པར་རིག་པར་བྱའོ།། སྒྲིབ་པ་རྣམ་གཉིས་བསྟན་པའི་ཕྱིར་ཁུངས་སྨོས་པ། འདིར་ཚིག་སུ་བཅད་པ་ཞེས་བྱ་བ་ལ་སོགས་པའོ།། ་སྒྲིབ་པ་གཉིས་ཀྱི་ངོ་བོ་ཉིད་ནི་ལེན་པའི་རྣམ་པར་ཤེས་པ་སྟེ། འཆིང་བར་ཤེས་པར་བྱའོ།། སུ་འཆིང་བ་སྙམ་པ་ལ། དེར་ནི་གཉིས་ལ་གཉིས་འཆིང་ངོ་ཞེས་བྱ་བ་སྨྲས་སོ།། ཀུན་གཞི་རྣམ་པར་ཤེས་སྒྲིབ་པའི ་མཚན་ཉིད་དེས་ནི་ཉན་ཐོས་ལ་སོགས་པའི་རིགས་དང་། བྱང་ཆུབ་སེམས་དཔའ་གཉིས་ལ་འཆིང་ངོ་ཞེས་བྱ་བའི་ཐ་ཚིག་གོ། ཉོན་མོངས་ས་བོན་ཀུན་ས་བོན་ཞེས་བྱ་བ་འདིས་སྒྲིབ་པ་གཉིས་བསྟན་ཏོ།། ཀུན་གཞི་རྣམ ་པར་ཤེས་པ་གང་ལ་སྒྲིབ་པ་ལ་གཉིས་ཀྱི་ས་བོན་ཡོད་པ་དེ། དེ་སྐད་བརྗོད་དེ། ཀུན་གཞི་རྣམ་པར་ཤེས་པ་དེ་ཀུན་གྱི་ས་བོ་ན་ཡོད་པ་དང་། དེ་ལ་ཉོན་མོངས་པའི་ས་བོན་ཡོད་པས་དེ་ལ་དེ་སྐད་ཅེས་བྱའོ།། འགྲེལ་པ་བྱེད ་པས་ཡན་ལག་གི་དོན་བསྣུན་པའི་ཕྱིར། གཉིས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉོན་མོངས་པའི་ས་བོན་ནི་ཉན་ཐོས་ལ་སོགས་པའི་རིགས་ཀྱི་འཆིང་བའོ།། སྒྲིབ་པ་གཉིས་ཀྱི་ས་བོན་ནི་བྱང་ཆུབ ་སེམས་དཔའི་འཆིང་བའི་སྒྲིབ་པ་གཉིས་ཀྱི་ས་བོན་གྱི་སྒྲ་ནི་ཀུན་གྱི་ས་བོན་དུ་བསྟན་ཏྲྀ།། ཅིའི་ཕྱིར་འདྲི་བྱང་ཆུབ་སྡེ་མ་སྭ་དཔའི་སྒྲིབྷཱ་བ་ཞེས་བྱ་ཞེ་ན། དེའི་ཕྱིར་དེ་དག་བཅོམ་པ་ཞེས་བྱ་བ་ལ་སོགས་པ ་སྨྲས་ཏེ། འདི་ལྟར་སྒྲིབ་པ་གཉིས་སྦྱངས་ན། ཐམས་ཅད་ཁྱེན་པ་ཉིད་འཐོབ་པས་དེའི་ཕྱིར་སྒྲིབ་པ་གཉིས་ནི་དེའི་འཚོང་པའོ།། ཚིགསུ་བཅོད་པ་བཤད་ནས། གོང་མའི་སྐབས་ཀྱི་འཕྲོ་ལུས་པ་བཤད་པ་བྱ། ་པའི་ཕྱི་ག་པ་མེད་པ་དང་ས་པ་ཞེས་བྱ་བ་ནི་ན་གྱུར་པར་གཉིས་ཀྱི་བྱེ་ཁྲག་ལྭ་རྦ་བ་མེད་པ་དང་ས་ཞེས་བྱ་སྟེ། འདྲི་དྷར་གན ་ཐམྦ་ལ་མ་དུ་དུ་མེད་པའོ།། དེ་ཡང་འཇིགས་པའི་ཆོས་ཀྱི་རྒྱུ་ཡིན་པས་དབྱིས་ཞེས་ཅི་ཤད་དོ།། འདི་ལྟར་རྒྱུའི་དོན་ནི་འདིར་དབྱིངས་ཀྱི་སྒྱུར་གཟུང་སྟེ། དེ་ནི་འཕག་པ་པའི་ཆོ་པ ་དྲཉྩ་ཡིན་ནོ།། ཇི་ལྟར་དེས་མ་ཀྱིས་མི་ཁྱེ་ཞྭརྠ། དེའི་ཕྱིར་བསམ་བྷིས་མི་རྒྱུ་པཱ་ནི་ཞེས་བྱ་བ་ལ་སྲོགས་པ་སྨྲས་ཏེ། འདི་ལྟར་རྟོག་གེ་བིའི་སྤྱོད་ཡུལ་མ་ཡིན་པ་དང་། འདི་ལྟར་འཕགས་པ་རྣམས་ཀྱིས་སོ་སོ་རང ་གི་རིག་པ་དང་། འདི་ལྟར་དེ་ལ་དཔེ་མེད་པས་དེའི་ཕྱིར་པོསམ་གྱིས་མི་ཁྱབ་པའོ།། ཇི་ལྟར་དགེ་ཞེ་ན། དེའི་ཕྱིར་དགེ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྣམ་པར་དག་པའི་དམིགས་པ་དང་། འདི་ལྟར་བདེ་བ་དང་། ་འདི་ལྟར་ཟག་པ་མེད་པའི་ཆོས་ཉིད་ཡིན་པས་དེའི་ཕྱིར་དགེ་བའོ།། ཇི་ལྟར་བརྟན་ཞེ་ན་དེའི་ཕྱིར་བསྟན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་བདེ་བར་གཤེག་པ་བསྟན་པ་དང་། མི་ཟད་པས་དེའི་ཕྱིར་བསྟན ་པའོ།། ཇི་ལྟར་བདེ་ཞེ་ན་དེའི་ཕྱིར་བདེ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་རྟག་པ་དེའི་ཕྱིར་བདེ་བའོ།། འདི་ལྟར་གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ།། འདི་ནི་རྟག་པ་སྟེ་དེའི་ཕྱིར་བདེ་བའོ།། ་གང་དག་གི་བྱེ་བྲག་གི་གནས་གྱུར་པའི་བྱེ་བྲག་བསྟན་པའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཞེས་བྱ་བ་ལྔ་སྩོགས་པ་སྨྲས་ཏེ། གནས་གྱུར་པའི་བྱེ་བྲག་དེ་ནི་ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུ ་ཞེས་བྱ་སྟེ། འདི་ལྟར་དེ་དག་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཙམ་གྱི་དེ་དག་རྣམ་པར་གྲོལ་བ་ཐོབ་པར་བྱེད་དེ། དེའི་ཕྱིར་གནས་རྣམ་པར་གྲོལ་བ་ནི་རྣམ་པོར་གྲོལ་བའི་སྐུར་བསྟན་པ་ཡིན་ནོ།། གནས་གྱུར་པའི་མཚན ་ཉིད་དེ་ནི་ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ་ཞེས་བྱའོ།། དེའི་ཕྱིར་བཅོམ་ལྡན་འདས་དེ་ཆོ་སྟེ་སྐྲ་ཞེས་བྱ་སྙམ་པ་ལ། སོ་དང་ཕ་རོལ་ཏུ་ཕྱིན་པ་སྒོམས་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ས་རྣམས་དང་། ཕ་རོལ་ཏུ་ཕྱིན ་པ་རྣམས་བསྒོམས་པས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤོང་བར་འགྱུར། གནས་གྱུར་པ་ཡང་ཡང་དག་པར་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ་ཞེས་བྱའོ།། དེ་ནི་འདི་སྐད་དུ་འདི་ལྟར་ས་དང་ཕ་རོལ་ཏུ ་ཕྱིན་པའི་ཆོས་རྣམས་ཀྱིས་བསགས་པས་ཆོས་ཀྱི་སྐུ་ཞེས་བྱའོ།། ཞེས་བསྟན་པར་འགྱུརརོ།། འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། འཁོར་བ་ཡོངསུ་མི་གཏོང་ཞིང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་འདི ་གནས་གྱུར་པ་རྙེད་ན་བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ཡོངསུ་མི་གཏོང་ཞིང་། འཁོར་བའི་ཉེས་པ་རྣམས་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་ལ། ཆོས་ཐམས་ཅད་ལ་དབང་འབྱོར་པ་ཡང་ཐོབ་སྟེ། དེའི་ཕྱིར ་ཆོས་ཀྱི་སྐུ་ཞེས་བྱའོ།། ཆོས་དེ་དག་གི་གནས་ཡིན་པས་ན་ཆོས་ཀྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། བཅོམ་ལྡན་འདས་ལ་ཅིའི་ཕྱིར་ཐུབ་པ་ཆེན་པོ་ཞེས་བྱ་ཞེ་ན་དེའི་ཕྱིར། ཐུབ་པ་ཆེན་པོ་ཞེས་བྱ ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ལུས་དང་ངག་དང་ཡིད་ཐུབ་པ་མཆོག་དང་ལྡན་པས། དེའི་ཕྱིར་བཅོམ་ལྡན་འདས་ལ་ཐུབ་པ་ཆེན་པོ་ཞེས་བྱ་སྟེ། ཉོན་མོངས་པ་དང་ཉེ་བའོ་ཉོན་མོངས་པས་བྱས་པའི་སྨྲ ་བ་དང་བྲལ་བའི་ཕྱིར་ཐུབ་པ་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ།། འཇིག་རྟེན་ནའང་སུ་དག་ཚིག་བསྡམས་ཏེ་འདུག་པ་དེ་ཐུབ་པ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱང་ཉོན་མོངས་པས་ནོན་པའི་ཚིག་ཅུང་ཟད་ཀྱང་མི་གསུང་སྟེ། དེ་བས ་ན་ཉོན་མོངས་པ་ལས་བྱུང་བའི་ཚིག་ལེགས་པར་སྦམས་པས་དེ་བཞིན་གཤེགས་པ་ནི་ཐུབ་པ་ཆེན་པོ།། ཐུབ་པའི་དབང་པོ།། ཐུབ་པའི་མཆོག། ཐུབ་པའི་རྒྱལ་པོ།། ཐུབ་པའི་དབང་ཕྱུག་ཅེས་བྱའོ།། བདག་གི་བློ་གྲོས ་བརྟན་པ་ཡི།། སུམ་ཅུའོ་བཤད་པ་རྣམ་ཕྱེ་བས། དགྲ་བླ་ཐོབ་པ་གང་ཡིན་དེས།། འགྲེ་བ་སངས་རྒྱས་གྲུབ་གྱུར་ཅིག། མི་ཤེས་དབང་གིས་འདི་དག་ཏུ།། མི་འདྲར་ཆུང་ཟད་གང་སྨྲས་ཏེ།། འདི་ལྟར་བདག་ནི་ཁྲོད་བླུན་པ།། ་མཁས་པ་རྣམས་ཀྱིས་བཟོད་པར་མཛོད།། འདི་འདྲིའི་བསྟན་བཅོས་ལམ་ལ་ནི།། འཁྲུལ་གང་མཚར་མི་སྟེ།། དཔེར་ན་ལོང་བ་གཅིག་པུ་ཞིག། ཉམ་ངོའི་ལམ་ལ་རྒྱུག་པ་བཞིན། བདག་འདྲའི་བློ་ལས ་འགའ་ཙམ་ནི་གྲཝ། ལེགས་པར་སྨྲས་ན་དེ་རབ་མང་།། དཔེར་ན་ཕུང་ཁྲོད་སྐུ་ལུ་མོ།། འབྲུམ་གཅིག་ན་ཡང་མང་དང་མཚུངས།། སློབ་དཔོན་དུལ་བའི་ལྷས་སུམ་ཅུ་པའི་འགྲེལ་བཤད་བྱས་པ་རྫོག་སོ།། ་རྒྱ་གར་གྱི་མཁན་པོ་ཛ་ནི་མི་ཏྲ་དང་། ཤི་ལེནྡྲ་བོ་དྷ་དང་། དཱ་ན་ཤི་ལ་དང་ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྔས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕ ་