CLOSE WINDOW

GT3570: phung po lnga'i rab tu byed pa bye brag tu bshad pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པཉྫ་སྐནྡྲ་པྲ་ཀ་ར་ཎ་བི་བྷ་ཎྱ ་བོད་སྐད་དུ། ཕུང་པོ་ལྔའི་རབ་ཏུ་བྱེད་པ་བེ་དག་ཏུ་བཤད་པ། ་བམ་པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཕུང་པོ་ལྔ་ཞེས ་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པ་ཅིའི་ཕྱིར་རྩོམ་ཞེ་ན། ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར ་རོ།། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པའི་བསྟན་བཅོས་དག་ལས་ཆོས་ཀྱི་མཚན་ཉིད་དཔྱད་ཟིན་ན་ཡང་དེ་དཔྱད་པ་དོན་མེད ་པར་མི་འགྱུར་རམ། དོན་མེད་པར་མི་འགྱུར་ཏེ། མགོ་སྨོས་པས་གོ་བ་གདུལ་བའི་དོན་གྱི་ཕྱིར་རོ།། མགོ་སྨོས་པས་གོ་བ་ནི་ཕྱོགས་ཙམ་གྱིས་དེ་རྟོགས་པའི་ཁྱད་པར་རྣམས་མ་ལུས ་པར་ཁོང་དུ་ཆུད་པར་ནུས་པས་མདོར་བཤད་པ་ཉིད་ལ་དགའི།། རྒྱ་ཆེར་བཤད་པ་ལ་ནི་མ་ཡིན་ནོ།། དེའི་ཕྱིར་མདོར་བསྡུས་པ་འདོད་པའི་སེམས་ཅན་ལ་ཕན་གདགས་པའི ་ཕྱིར་རབ་ཏུ་བྱེད་པ་འདི་བརྩམསོ།། ཡང་ན་ཁྱིམ་ན་གནས་པ་རྣམས་བྱ་བ་མང་པོ་ལ་ཞུགས་པའི་ཕྱིར་ལེའུ་གྲངས་རྒྱ་ཆེར་བྱས་པ་རྣམས་ལ་མངོན་པར་བརྩོན་མི་སྲིད་པ་དང་། ་རབ་ཏུ་བྱུང་བ་ཡིད་ལ་བྱེད་པ་ལ་མངོན་པར་བརྩོན་པ་རྣམས་ཀྱང་ལེའུ་གྲངས་རྒྱ་ཆེར་བྱས་པ་ལ་མངོན་པར་བརྟོན་པར་བྱས་ད་གསེས་པར་འགྱུར། དེ་གཉི་གས་ཆོས་ཀྱི་མཚན་ཉིད ་རྟོགས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདིར་ཆོས་ཀྱི་མཚན་ཉིད་མདོ་བཤད་དེ། དེ་ལྟར་དེ་བརྩམས་པ་དོན་མེད་པར་མི་འགྱུར་རོ།། ཡང་ན་ཆོས་ཀྱི་མཚན་ཉིད་མདོར་བསྡུས་པ་རྟོགས་ནས་ཆོས་ཀྱི་མཚན ་ཉིད་རྒྱས་པ་ཡང་བསྒྲིམ་མི་དགོས་པར་རྟོགས་ནུས་པར་འགྱུར་ཏེ། དེའི་ཕྱིར་སློབ་དཔོན་གྱི་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པའི་ལེའུ་གྲངས་རྒྱ་ཆེར་བྱས་པ་རྣམས་ལ་འཇུག་པར་འགྱུར་བའི་རྒྱུར་རབ་ཏུ་བྱེད་པ་འདི་མཛད་དོ།། ཆོས་ཀྱི ་མཚན་ཉིད་རྟོགས་པ་མེད་པར་ཅི་ཞིག་མི་འགྲུབ་ན། འདི་ལྟར་སློབ་དཔོན་གྱིས་ཆོས་ཀྱི་མཚན་ཉིད་བསྟན་པར་ཀླས་པར་མཛད་ཅེ་ན། སེམས་རྩེ་གཅིག་ཏུ་བྱ་བ་དང་། འབེལ་བའི་གཏམ་བསལ་བར་ངེས་པ་རྣམས་ལ་དྲིས་པ་ལུང ་བསྟན་པ་ལ་མཁས་པར་བྱ་བའི་ཕྱིར་ཏེ། འདི་ལྟར་ཆོས་ཀྱི་མཚན་ཉིད་ལ་བྱང་བར་བྱས་ན་ཐེ་ཚོམ་མེད་པའི་ཕྱིར་ཇི་ལྟར་འདྲོད་པ་བཞིན་དུ་དམིགས་པ་ལ་སེམས་རྩེ་གཅིག་ཏུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ།། ཆོས་ཀྱི་མཚན་ཉིད ་རབ་ཏུ་རྣམ་པར་འབྱེད་པས་ཀྱང་ཤེས་རབ་མཆོག་ཏུ་འགྱུར་བས་མི་འཇིགས་པ་ཐོབ་སྟེ། འཇིགས་པ་མེད་པོ་ནི་འབེལ་བའི་གཏམ་རྣམ་པར་ངེས་པ་རྣམས་ལ་དྲིས་པ་དེ་ཐམས་ཅད་དུ་ལུང་བསྟོན་ནུས་པར་འགྱུར་གྱི་གཞན་དུ་ནི་མ ་ཡིན་ནོ།། ཕུང་པོ་ལྔ་ཞེས་བྱ་བ་ནི་མང་ཉུང་དགག་པའི་ཕྱིར་གྲངས་ངེས་པར་གཟུང་བའོ།། ཕུང་པོའི་སྒྲ་བྱེ་བྲག་མེད་པར་སྨོས་པས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཕུང་པོ་གཟུང་བར་བྱའོ།། ཕུང་པོ་ནི་ལྔ་ཁོ་ན་སྟེ ་བདག་དང་བདག་གིར་འཛིན་པའི་གཞི་རབ་ཏུ་བསྟན་པའི་ཕྱིར། མདཔའ་མ་ཐུང་བ་མ་ཡིན་ཏེ། བྱིས་པ་དག་ནི་ང་ཚུར་རྣམ་པར་ཤེས་པ་ཉིད་ལ་ནི་བདག་ཏུ་འཛིན། གཟུགས་ལ་སོགས་པ་ལྕུག་མཱ་རྣམས་ལ་ནི་བདག་གྷི་འཛིན་དྷེ། འདི་ལྟར། ་པྱིདང་རླུང་གི་གཟུགས་ནི་བྱེད་པ་དང་ལས་སུ་བྱ་བར་པོདག་དང་འབྲེལ་ཏོ་སྙམ་དུ་གཟུགས་ཀྱི་ཕུང་པོ་ལ་བདག་གིར་འཛིན་ཏོ།། ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པའི་ཚོར་བ་དེ་བདག་གིས་ཡང་དག་པར་མྱོང་བར་བྱེད་དོ་སྙམ ་ཚོར་བའི་ཕུང་པོ་ལ་བདག་གིར་འཛིན་ཏེ། དེ་ལ་བདེ་བ་མྱོང་བ་ནི་ལས་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པའོ།། སྡུག་བསྔལ་ནི་ལས་མི་དགེ་བ་རྣམས་ཀྱིའོ།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་གཉི་གའི་འོ།། འདིར་ནི་ཀུན ་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་བཏང་སྙོམས་ཉིད་ཡང་དག་པར་ན་ལས་ཀྱི་རྣམ་པར་སྨིན་པ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་དགེ་བ་དང་། མི་དགེ་བའི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ།། བདེ་བ་དང་སྡུག་བསྔལ ་གགཉིས་ནི་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པ་གདགས་པའོ།། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་རྣམས་ལ་བདག་ཏུ་འདུ་ཤེས་པའི་སྒོ་ནས་ཐ་སྙད་འདོགས་པར་བྱེད་དོ།། སྙམ་དུ་འདུ ་ཤེས་ཀྱི་ཕུང་པོ་ལ་བདག་གིར་འཛིན་ཏོ།། བདག་ཏུ་འདོད་པའི་སེམས་ནི་འདུ་བྱེད་རྣམས་ཀྱིས་དགེ་བ་དང་མི་དགེ་བ་ལ་སོགས་པ་ལ་འཇུག་པར་བྱེད་པས་འདུ་བྱེད་ཀྱི་ཕུང་པོ་ལ་བདག་གིར་འཛིན་ཏེ། ཕུང་པོ་ལྔ་ནི་ཁོ་ནའོ།། འོ་ན་ཕུང་པ་རྣམས ་ཀྱི་གོ་རིམས་འདི་ཅིའི་ཕྱིར་ཞེ་ན། ཇི་ལྟར་རགས་པའི་རིམ་བཞིན་ཏེ། དེ་ལ་གཟུགས་ནི་ཐོགས་པ་དང་བཅས་པ་དང་། རྣམ་པར་ཤེས་པའི་ཚོགས་ལྔའི་གནས་སུ་གྱུར་པ་དང་། རྣམ་པར་ཤེས་པ་དྲུག་གི་ཡུལ་ཡིན་པའི ་ཕྱིར་ཐམས་ཅད་པས་ཆེས་རགས་ཏེ། དེ་བས་ནུ་གཟུགས་དང་པོར་བརྗོད་དོ།། ཚོར་བ་ནི་གསུམ་པོ་དག་བྱས་རྒྱུ་བ་རགས་པའི་ཕྱིར་ཆེས་རགས་པ་སྟེ། འདི་ལྟར་འདུ་ཤེས་ལ་སོགས་པ་བཞིན་དུ་ཨུ་ལྡན་མི་གནས་ཀྱང་ངའི་ལག་པར་ཚོར་རོ།། ངའི་གླང ་པོར་ཚོར་རོ་ཞེས་རྒྱུ་བ་རགས་པའི་ཕྱིར་ཡུལ་ཡོངསུ་ཆད་པས་དེ་ཉིད་ལ་བརྗོད་ཀྱི། འདུ་ཤེས་ལ་སོགས་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་གཟུགས་ཀྱི་འོག་ཏུ་བརྗོད་དོ།། དུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཡིན་པས་རྟོགས་པར་སླ་བའི ་ཕྱིར་གཉིས་པོ་དག་པས་ཆེས་རགས་སོ།། འདུ་བྱེད་ནི་འདུ་བྱེད་པའི་མཚན་ཉིད་ཡིན་པས་ཁོང་དུ་ཆུད་པར་སྨྲ་བའི་ཕྱིར། རྣམ་པར་ཤེས་པ་བས་ཆེས་རགས་སོ།། རྣམ་པར་ཤེས་པ་ནི་ཐམས་ཅད་པས་ཕྱེ་བའི་ཕྱིར་ཀུན་གྱི་ཐ་མར་བརྗོད་དོ།། དེ་ལ་གཟུགས ་ཀྱི་ཕུང་པོ་ཞེས་བྱ་བ་གཞི་མཐུན་པ་འམ། དེའི་སྐྱེས་བུའི་ཀྱི་ཞེས་བྱ་བར་འགྱུར་གྲང་ན། གཞི་མཐུན་པ་ནི་མ་ཡིན་ཏོ།། ཕུང་པོ་རྫ་སུ་མེད་པའི་ཕྱིར་རོ།། གང་གི་ཕྱིར་ཕུང་པོའི་སྒྲ་སྤུངས་པའི་རྣམ་གྲངས་སུ་རྟོགས་པའི་ཚིག་ཡིན་པ་དེའི་ཕྱིར་ཕུང་པོ་རྣམས་ནི ་སྤུངས་པ་བཞིན་དུ་བཏགས་པའི་ཡོད་པ་སྟེ། དེའི་ཕྱིར་ན་གཞི་མཐུན་པ་ཉིད་མེད་དོ།། དེའི་སྐྱེས་བུའི་ཅིར་ཡང་མི་འགྱུར་ཏེ། ཕན་ཚུན་ཐ་དང་པོའི་ངོ་བོ་ཉིད་ཡོད་ན་འབྲེལ་པར་འགྱུར་བས། ལྷས་བྱིན་གྱི་ནང་པོ་ཞེས་བྱ་བ་ལྟ་བུ་ཡིན་ལ། གཟུགས་ཀྱི་ཕུང་པོ ་ཞེས་བྱ་བའི་སྤྱི་འདི་ནི་འབྲེལ་བའི་དོན་ཡང་ཡིན་པས་གཟུགས་ལས་ཕུང་པོ་གཞན་ཉིད་དུ་འགྱུར་ན། བཏགས་པའི་ཡོད་པ་ནི་ག་རྟེན་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་ཡོང་བའི་ཕྱིར་དེབང་མི་འདོད་དོ།། འདི་ནི་ཉེས་པ་མེད་དོ།། ཐ་དད་པ་མ་ཡིན་པ་དང་། ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ལ་ཡང་དྲུག་པ་མཐོང་སྟེ། གཟུགསུ་བྱས་པའི་ལུས་དང་། གཟུགས་ཀྱི་སྔ་ན་མེད་པ་ཞེས་བྱ་བའོ།། གཟུགསུ་བྱས་པ་ནི་ལུས་ལས་གཞན་མ་ཡིན་ནོ།། སྔོན་མེད་པ་ཡང་དངོས་པོ་མེད་པའི་ཕྱིར་གཟུགས་ལས་དེ་ཉིད་དང་གཞན ་དུ་བསྟན་དུ་མེད་དོ།། དེ་ཉིད་དང་གཞན་ཡིན་པ་གཉིས་ཀྱི་རྒྱུ་ནི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ།། རང་བཞིན་མེད་པའི་ཕྱིར་དངོས་པོ་གཞན་འཛིན་པ་ལོང་ལྟོས་པ་སྟེ། ཞིག་གང་ལ་འཛིན་པ་དང་བརྗོད་པ་འཇུག་པ་དེ་ནི་རྟེན་དང་ཐ་དད་པའི་རང་བཞིན་མེད་པས་བཏག་། ་པའི་ཡོད་པ་ཉིད། དོན་དུ་མ་ཡིན་པ་བཏགས་པའི་ཡོད་པ་ཉིད་ཅེས་བྱའོ།། དེའི་ཕྱིར་རང་གི་རྟེན་ལས་དེ་ཉིད་དོང་གཞན་དུ་བརྗོད་དུ་མེད་ཀྱད་ཀྱི་འགལ་བ་མེད་དོ།། དེའི་ཕྱིར་འདི་ན་དེའི་སྐྱེས་བུས་ཀྱི་ཉིད་དོ།། གཟུགས་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་དང་། ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བྱ་བ་ལ་ཕུང་པོ་སྤྲོས་པའི་སྐབསུ་གཟུགས་གང་ཞེ་ན་ཞེས་བྱ་བའི་འདྲི་བ་འདི་འབྲེལ་པ་མེད་དོ་ཞེ་ན། འབྲེལ་པ་མེད་པ་མ་ཡིན་ཏེ། ཕུང་པོ་རྣམས་ངོ་བོ་ཉིད་མེད་པའི་ཕྱིར། དེའི་ངོ་བོ་ཉིད་བརྗོད་པས་ན ་དམིགས་ཀྱིས་དབྱེ་བར་མི་ནུས་ཀྱི་འོན་ཀྱང་དེའི་རྟེན་དམིགས་ཀྱིས་ཕྱེ་བས་འགྱུར་ཏེ། དེའི་ཕྱིར་གཟུགས་གང་ཞེ་ན་ཞེས་འདྲི་ཡི། གཟུགས་ཀྱི་ཕུང་པོ་ནི་མ་ཡིན་ནོ།། རྒྱུ་དང་འབྲས་བུའི་དངོས་པོར་གཟུགས་ཀྱི་དབྱེ་བར་བསྟན་པའི་ཕྱིར། འབྱུང་བན ་བཞི་དག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འབྱུང་བ་ཆེན་པོ་བཞི་པོ་ཐམས་ཅད་ནི་རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱི་རྒྱུ་ཡིན་ལ། རྒྱུར་བྱས་པའི་གཟུགས་ཐམས་ཅད་ནི་འབྱུང་བ་ཆེན་པོ་ཐམས་ཅད་ཀྱི་འབྲས ་བུ་ཡིན་ནོ།། འབྱུང་བ་རྣམས་ཀྱི་ཆེན་པོ་ནི་རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱི་རྟེན་ཡིན་པས་གཏོས་ཆེ་བའི་ཕྱིར་རོ།། ཡང་ན་གཟུགས་ལ་སོགས་པ་འདུས་པ་ཐམས་ཅད་ལ་སློ་བོ་ལ་སོགས་པ་ཡོད་པའི་ཕྱིར་རམ། གནས་པ་ཐ་གུ་ཆེ་བའི་ཕྱིར་ཆེན་པོའོ།། ་དེ་དག་གི་འབྱུང་བ་ནི་རྒྱུར་བྱས་པའི་གཟུགས་སྣ་ཚོགས་འགྲུབ་པ་ན་དེ་དང་དེ་དག་གི་རྣམ་པར་འབྱུང་བས་འབྱུང་བ་རྣམས་སོ།། ཡང་ན་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་ཐོག་མ་མེད་པའི་འཁོར་བ་ནས་ནམ་ཡང་མ་བྱུང་བ་མ་མྱོང་བས་འབྱུང་བ ་རྣམས་སོ།། གཞན་དག་ལ་ཡང་འབྱུང་བ་ཉིད་ཐལ་བར་མི་འགྱུར་ཏེ། མིང་གྲགས་པ་ཡིན་པས་སྟེང་ཉལ་ལ་སོགས་པ་བཞི་ནོ།། དེ་དག་ནི་བཞི་ཁོ་ན་སྟེ། མི་ནུས་པ་དང་མི་དགོས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་མང་བ་འམ་ཉུང་བ་མ་ཡིན་ནོ།། འབྱུང་བའི ་བྱ་བ་ནི་བརྟེན་པ་དང་། སྡུད་པ་དང་། སྨིན་པར་བྱེད་པ་དང་། སྐྱིང་པར་བྱེད་པ་ཙམ་དུ་ཟད་དེ། དེ་དག་ཉིད་ཀྱིས་དེའི་བྱ་བ་ཡོངསུ་པ་དང་། བྱ་བ་གཞན་མེད་པའི་ཕྱིར་འབྱུང་བ་དག་ནི་གཞི་ཁོ་ནའོ།། བརྟེན་པ་ལ་སོགས་པ་བཞིན་དུ་ན་མཁའི་བྱ་བ་ནི་གོ་འབྱེད་པ ་ཡིན་ཏེ། དེ་ཡང་ན་མཁས་བྱེད་པས་ནས་ལ་སོགས་པ་བཞིན་དུ་ན་མཁའ་ཡང་འབྱུང་བ་ཆེན་པོ་ཉིད་དུ་ཐལ་བར་འགྱུར་རམ། དེ་ནི་དེ་ལྟར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཐོགས་པ་དང་བཅས་པའི་གཟུགས་མེད་པ་ཙམ་མ་གཏོགས་པར་ན་མཁའ་ཞེས་བྱ་བ ་ཅི་ཡང་མེད་དོ།། ཐོགས་པ་དང་བཅས་པའི་རང་གི་ངོ་བོ་ཉིད་དེ་ནས་སོང་སྟེ། རང་གི་གོ་དེར་ཐོགས་པ་དང་བཅས་པ་ལ་གོ་འབྱེད་པར་ཟད་ཀྱིས་ན་མཁས་ནི་མ་ཡིན་ཏེ། གཟུགས་ལྟར་ན་མཁའ་ཕྱོགས་དེ་ནས་སོང་བ་མེད་པས་དེ་གོ་འབྱེད་ཅེས་བྱར་མི་རུང་ངོ་།། ་ཐོགས་པ་དང་བཅས་པའི་གཟུགས་ནི་རང་གི་ཕྱོགས་སུ་གཟུགས་གཞན་འབྱུང་བའི་བགེགས་བྱེད་ཀྱི་ནམ་མཁའ་ནི་མ་ཡིན་ནོ།། དེ་ལྟ་བས་ན་འདིར་གང་ན་གང་ཡོད་ན་ནི་གི་ཕྱེ་བ་མེད་ལ། དེ་ན་དེ་མེད་ན་ནི་དེར་གོ་ཕྱེ་བ་ཡོད་པས་དེའི་ཕྱིར་དེ་ཉིད་གནས་དེ་ནས ་སོང་ནས་དེ་ལ་གོ་ཕྱེ་བ་ཡིན་གྱིས་ན་མཁས་ནི་མ་ཡིནོ།། དེ་བས་ན་ན་མཁའ་ནི་ས་ལ་སོགས་པ་ལྟར་འབྱུང་བ་ཆེན་པོ་མ་ཡིནོ།། འཐུང་བ་བཞི་དག་རྒྱུར་བྱས་པ་ཞེས་བྱ་བ་ནི་འགྱུག་ཆེན་པོ་བཞི་དག་གི་གཟུགས་དང་འཐུང་བ་ཆེན་པོ་བཞི་དག་རྒྱུར་བྱས ་གཟུགས་ཞེས་བྱ་བའི་སྒྲ་གཉི་གར་ཡང་སྦྱར་རོ།། སྐྱེད་པ་དང་བརྟེན་པ་དང་གནས་པ་དང་རྟོན་པ་དང་འཕེལ་བར་བྱེད་པ་རྣམས་ཀྱི་རྒྱུའི་དངོས་པོ་རྣམས་པ་ལྔས་འབྱུང་བ་རྣམས་ཀྱིས་འབྱུང་བ་ལས་གྱུར་པ་གཟུང་ངོ་།། རྒྱུར་བྱས་པའི་སྒྲ་ནི་རྒྱུ་འདོན་ཏེ། ་དཔེར་ན་ཤིང་རྒྱུར་བྱས་ནས་མེ་བྱུང་།། ཞེས་བྱས་ན་རྒྱུ་དེ་ལས་བྱུང་བར་ཤེས་པ་ལྟ་བུའོ།། དེ་ལ་སྐྱེད་པའི་རྒྱུ་ནི་དེ་དག་དེ་མེད་པར་དེ་མི་འབྱུང་བའི་ཕྱིར་རོ།། རྟེན་གྱི་རྒྱུ་ནི་འབྱུང་བ་གྱུར་ན་དེ་ལ་བརྟེན་པ་རྒྱུར་བྱས་པའི་གཟུགས་ཀྱང་རྗེསུ་འགྱུར་བའི་ཕྱིར་རོ།། ་གནས་པའི་རྒྱུ་ནི་འབྱུང་བ་རྣམས་རྒྱུན་འདྲ་བར་འབྱུང་བ་ན་འབྱུང་བ་ལས་གྱུར་པ་ཡང་འདྲ་བའི་རྒྱུན་མི་འཆད་པའི་ཕྱིརརོ།། རྟོན་པའི་རྒྱུ་ནི་དེའི་སྟོབས་ཀྱིས་རྒྱུན་མི་འཆད་པའི་ཕྱིར་རོ།། འཕེལ་བར་བྱེད་པའི་རྒྱུ་ནི་འབྱུང་བ་འཕེལ་ན་དེ་ལ་རྟོན་པ་རྒྱུར་བྱས་པའི ་གཟུགས་ཀྱང་འཕེལ་བའི་ཕྱིར་རོ།། སའི་ཁམས་ཞེས་བྱ་བ་ལ་སོགས་པ་བཤད་པ་ལ་རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པའི་ཕྱིར་ས་ལ་སོགས་པ་ཉིད་ཁམས་སོ།། ས་ལ་སོགས་པ་སྨོས་པ་ནི་ཕན་ཚུན་དང་མིག་ག ་ཁམས་ལ་སོགས་པ་དག་ལས་རྣམ་པར་དབྱེ་བའི་ཕྱིར་རོ།། ཁམས་སྨོས་པ་ནི་འཇིག་རྟེན་པའི་ས་ལ་སོགས་པ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་རོ།། ས་ལ་སོགས་པ་ནི་འཇིག་རྟེན་པ་དང་བསྟན་བཅོས་ལས་གླགས་པའི་བྱེ་བྲག་གིས་རྣམས་པ་གཉི་སུ་འགྱུར་ཏེ། ་དེ་ལ་འཇིག་རྟེན་པའི་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་ཀུན་ཏུ་ཐ་སྙད་འདོགས་པའི་ཡིན་པའི་ཕྱིར་ཁམས་མ་ཡིནོ།། བསྟན་བཅོས་ལས་བྱུང་བ་རྣམས་ལ་ནི་སྲ་བ་ལ་སོགས་པའི་ངོ་བོ་ཉིད་ཡོད་པའི་ཕྱིར་ཡང་དག་པར་ན། ཁམས་ཡིནོ།། འབྱུང་བ་བཞིན ་དུ་སའི་ཁམས་ལ་སོགས་པའི་རང་གི་ངོ་བོ་ཉིད་ཀྱང་མ་བཤད་པར་མི་ཤེས་པས་ཡང་སའི་ཁམས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་དྲིསོ།། སྲ་བ་ཉིད་དོ་ཞེས་བྱ་བ་ལ་ཉིད་ནི་སྲབ་ཁོ་ན་སྲ་བ་ཉིད་དེ་འདི་ལ་དོན་གཞན་ནི་མེད་དོ།། སྲ་བ་དང་མཁྲང་བ་དང་མཐས།། ་བ་ནི་རྣམ་གྲངསུ་གཏོགས་པའོ།། ཆུའི་ཁམས་གང་ཞེ་ན། གཤེར་བ་ཉིད་དོ་ཞེས་བྱ་བ་ནི་འདུ་བར་བྱེད་པའི་བདག་ཉིད་ཡིན་པ་དང་རླན་པར་བྱེད་པས་གཤུར་བའོ།། མེའི་ཁམས་ནི་སྲེག་པར་བྱེད་པ་ཡིན་པས་ཚའོ།། རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་ཉིད།། ་ཞེས་བྱ་བ་ལ་ཡང་བ་ཉིད་རླུང་གི་ཁམས་ཡིན་ནོ་ཞེས་བརྗོད་ན་ནི་རྒྱུར་བྱས་པའི་གཟུགས་ལ་ཡང་འབྱུང་བ་ཉིད་ཐལ་བར་འགྱུར་རོ།། རླུང་གི་ཁམས་གཡོ་བའོ་ཞེས་བརྗོད་པ་ནི་དེའི་ལས་ཉིད་བསྟན་པར་འགྱུར་གྱི། རང་གི་ངོ་བོ་ནི་མ་ཡིན་ཏེ། དེའི་ཕྱིར ་དེ་ཡང་རྒྱུར་བྱས་པའི་ག་པ་དང་ལས་རྣམ་པར་བཅད་པའི་ཕྱིར་རླུང་གི་ཁམས་ནི་ཡང་ཞིང་གཡོ་དུའོ་ཞེས་དེ་སྐད་ཅེས་བསྟོད་དོ།། གཡོ་བ་ནི་དངོས་པོའི་རྒྱུན་ཡུལ་གཞན་དུ་འབྱུང་བར་བྱེད་དེའི་རྒྱུ་ཡི་ནོ།། ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་དེ་དག ་རྒྱུར་བྱས་པའི་གཟུགས་པ་ན་མུན་ཐ་དད་དུ་མི་འཇུག་པར་ཅི་མངོན་ཞེ་ན། ལས་ལས་མངོན་ཏེ། དེའི་ཕྱིར་དེ་དག་གི་ལས་ནི་བརྟེན་པ་དང་། སྡུད་པ་དང་། སྨིན་པར་བྱེད་པ་དང་། སྐྱོད་པར་བྱེད་པ་བརྗོད་དོ།། དེ་དག་གི་རང་གི་ངོ་བོ་མི་དམིགས་ཀྱང་རྡོ་ལ་སོགས ་པི་ལ་ཡོད་པར་ལས་ལས་ཇི་རྗེསུ་དཔག་ཅེ་ནི། འདི་ལྟར་རྡོ་ལ་སོགས་པ་ལ་འདུས་པ་དང་། སྐམས་པ་དང་། གཡོ་བ་རྣམས་ཡོད་པ་ལས་ཆུ་དང་། མེ་པོང་། རླུང་གི་རྣམོས་སའི་ཁམས་དང་ལྷན་ཅིག་འཇུག་པར་མངོན་ནོ།། ཚུ་ལ་ཡང་ཤི ་བདེག་པ་དང་། པདྨའི་འདབ་མ་རྒྱས་པ་དང་། ཆུ་གཡོ་བ་རྣམས་ཡོད་པ་ལས་ས་དང་། མེ་དང་། རླུང་རྣམས་ཆུའི་ཁམས་དང་ལྷན་ཅིག་རྒྱུ་བར་མངོན་ནོ།། མེ་ལ་ཡིད་མེ་ལྕེས་འདེགས་པ་དང་། འདུས་པ་དང་། གཡོ་བ་རྣམས་ཡོད་པ་ལས་ས་དང ་ཆུ་དང་རླུང་རྣམས་མེ་དང་ལྷན་ཅིག་འཇུག་པར་མངོནོ།། རླུང་ལ་ཡང་འདེག་པ་དང་། མི་འགྱེས་པ་དང་། གོས་ལ་སོགས་པ་སྐམ་པར་བྱེད་པ་ཡོད་པ་ལས། ས་དང་ཆུ་དང་མེ་རྣམས་རླུང་གི་ཁམས་དང་ལྷན་ཅིག་འཇུག་པར་མངོན་ནོ།། ལས ་དང་རང་གི་ངོ་བོ་གཉིས་བྱེ་བྲཡ་ཅི་ཡོད་ཅེ་ན། བྱ་བ་ལ་བལྟོས་ནས་ལས་རྣམ་པར་གཞག་སྟེ། འདི་ལྟར་བརྟེན་པར་བྱ་བའི་རྫས་བརྟེན་པོ་ལ་བལྟོས་ནས། སའི་ཁམས་ཀྱི་ལས་ནི་བརྟེན་པ་ཞེས་བྱའོ།། བསྡུ་བར་བྱ་བ་ལ་བལྟོས་ནས་ཆུའི་ལས་ནི ་སྡུད་པའོ།། སྦྱིན་པར་བྱ་བ་ལ་བལྟོས་ནས། མེའི་ལས་ནི་སྨིན་པར་བྱེད་པའོ།། འཕེལ་བར་བྱ་བ་ནུར་ནུར་པོ་དང་། མྱུ་གུ་ལ་སོགས་པ་ལ་བལྟོས་ནས་རླུང་གཱི་ལས་ནི་སྤྱོད་པར་བྱེད་པའོ།། བསྐྱོད་པ་ནི་འཕེལ་བར་བྱེད་པ་དང ་འགྱུར་བར་བྱེད་པའོ།། ངོ་བོ་ཉིད་ནི་དངོས་པོ་གཞན་ཐམས་ཅད་ལ་མི་བལྟོས་པ་སྟེ། འདི་ནི་ལས་དང་ངོ་བོ་ཉིད་ཀྱི་བྱེ་བྲག་གོ།། འབྱུང་བ་རྣམས་ཀྱི་སྤྱི་དང་ཁྱད་པར་གྱི་མིང་དང་། རང་བཞིན་བཤད་ཟིན་ཏོ།། འབྱུང་བ་རྣམས་ཀྱི་འོག་ཏུ་བསྟན་པ་རྒྱུར ་བྱས་པའི་གཟུགས་ཀྱི་རབ་ཏུ་དབྱེ་བ་དང་། རང་གི་ངོ་བོ་མི་ཤེས་ཏེ། དེའི་ཕྱིར་རྒྱུར་བྱས་པའི་གཟུགས་གང་ཞེ་ན་ཞེས་དྲིས་ཏེ། རྣམ་པ་ནི་དུ་ཞིག་རང་གི་ངོ་བོ་ནི་ཅི་འདྲ་ཞེས་བྱ་བའི་ཐ་ཚིག་གོ།། མིག་གི་དབང་པོའི་རང་གི་ངོ་བོ་ཅི་འདྲ་ཞེ་ན། ཡུལ་ཁ་དོག ་གཟུགས་དང་བའོ་ཞེས་བྱ་བས་རང་གི་ངོ་བོར་སྟོན་ཏེ། སྐབས་ཡིན་པས་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་དང་སྦྱར་རོ།། ཁ་དོག་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་རྣམ་པ་བཞིའོ།། ཁ་དོག་ལ་ལྟ་བ་དང་ཁ་དོག་ཏུ་སྣང་བའི་རྣམ་པར་ཤེས་པའི་ཐུན ་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་ཁ་དོག་ནི་དེའི་ཡུལ་ཡིན་པས་ཡུལ་ཁ་དོག་ཅེས་བྱའོ།། འདི་ནི་འདིར་དང་པའི་དོན་ཏེ། དཔེར་ན་གཟུགས་ལ་བརྟེན་ནས་དེ་ལྟར་སྣང་བའི་གཟུགས་བརྙན་མེ་ལོང་ངམ། སྣོད་ཀྱི་ཆུ་ངང་བའི་ནང་དུ་འབྱུང་བ་དེ་བཞིན་དུ ་གཟུགས་དང་སྒྲ་ལ་སོགས་པ་ལ་བརྟེན་ནས། དེ་ལྟར་སྣང་བའི་རྣམ་པར་རིག་པ་མིག་ལ་སོགས་པ་གཟུགས་དང་བའི་བདག་ཉིད་ལྔ་པོ་དག་ལས་འབྱུང་།། འདིར་ནི་མིག་ལ་སོགས་པ་ཕན་ཚུན་དང་། ཡུལ་གཟུགས་ཀྱི་བདག་ཉིད་དང་བ་དང་། ་ཡིད་དང་། དད་པ་ལས་རྣམ་པར་དབྱེ་བར་བྱ་སྟེ། གཟུགས་དང་བའི་བདག་ཉིད་དུ་བྱེ་བྲག་མེད་པ་དང་། ཡུལ་ཁ་དོག་ཡིན་པར་བྱེ་བྲག་མེད་པའི་ཕྱིར་ཡུལ་ཁ་དོག་གཟུགས་དྲང་བའོ་ཞེས་གཉིས་ག་བརྗོད་དོ།། དེ་ལ་ཡུལ་ཁ་དོག་ཅེས་བྱ་བས་ནི་རྣ་བ ་ལ་སོགས་པ་དང་། ཡུལ་གྱི་གཟུགས་དང་བ་ལས་རྣམ་པར་འབྱེད་དེ་རྣ་བ་ལ་སོགས་པ་དང་ཡུལ་ནི་དང་བ་ཡིན་ཡང་ཁ་དོག་ཡུལ་མ་ཡིནོ།། གཟུགས་དང་བདག་ཉིད་ཀྱིས་ནི་ཡིད་ལས་རྣམ་པར་འབྱེད་དེ། དེའི་ཡུལ་ཁ་དོག་ཡིན་ཡང་གཟུགས་དང ་བའི་བདག་ཉིད་ནི་མ་ཡིནོ།། གཟུགས་སྨོས་པས་ནི་དད་པ་དང་བའི་བདག་ཉིད་ལས་རྣམ་པར་འབྱེད་དོ།། དད་པ་ནི་དང་བའི་བདག་ཉིད་ཀྱང་ཡིན་ལ་ཡུལ་ཁ་དོག་ཀྱང་ཡིན་ཏེ། དེའི་ཕྱིར་གཟུགས་སྨོསོ།། མིག་གི་དབང་པོ་ནི་དང་བ་ཡུལ་ཁ་དོག་གོ་ཞེས་བརྗོད་ན་དང ་པ་ལ་ཡང་ཐལ་བར་འགྱུར་བས་དེའི་ཕྱིར་གཟུགས་སྨོས་ཏེ་དད་པ་ནི་གཟུགས་ཀྱི་བདག་ཉིད་མ་ཡིན་པའི་ཕྱིར། མིག་ལ་སོགས་པ་ནི་དབང་བྱེད་པའི་ཕྱིར་དབང་པོ་རྣམས་ཏེ། ཚོགས་པ་འདི་ལ་བདག་པོ་བྱེད་ཅེས་བྱ་བའི་ཐ་ཚིག། དེ་བས་ན་བདག་པོའི་དོན་ནི ་དབང་པོའི་དོན་ཏེ། ཇི་ལྟར་མིག་ལ་སོགས་པ་ཡུལ་ཅན་རྣམས་ཕན་ཚུན་ཡུལ་ཐུ་དད་པས་ཐ་དད་པར་བརྗོད་དོ།། མིག་གི་དབང་པོ་གང་ཞེ་ན། ཡུལ་ཁ་དོག་གཟུགས་དང་བའོ།། རྣ་བའི་དབང་པོ་གང་ཞེ་ན། ཡུལ་སྒྲ་གཟུགས་དང་བའོ་ཞེས་བྱ་བ་ལ་སོགས་པ་ཐ ་དད་པར་བརྗོད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ཡུལ་རྣམས་ཀྱང་མིག་ལ་སོགས་པ་ཡུལ་ཅན་རྣམས་ཐ་དད་པས་ཐ་དད་པར་བརྗོད་དེ། གཟུགས་མི་མིག་ཉིད་ཀྱི་ཡུལ་ཡིན་ཏེ། རྣ་བ་ལ་སོགས་པའི་མ་ཡིན་ཏེ། དེ་དག་གི་ཡུལ་རྣམས་ནི་སྒྲ་ལ་སོཊཌ་བ། ་རྣམ་པར་བཞག་པའི་ཕྱིར་རོ།། འདིར་ཡིད་ནི་སྐྱབས་མ་ཡིན་པའི་ཕྱིར་སྒྲུབ་པ་ཡང་མེད། དཔག་པ་ཡང་མེདོ།། དེ་ལྟར་ན་གཟུགས་ལ་སོགས་པ་ཕན་ཚུན་ཐ་དད་པར་བརྗོད་པ་ཡིན་ནོ།། མིག་གི་ཡུམ་ནི་གཟུགས་ཉིད ་ཡིན་གྱི། གསུགས་མ་ཡིན་པ་ནི་མ་ཡིན་ཏེ། དེ་ལྟར་ན་མིག་གི་དབང་པོའི་ཡུལ་སྔོན་པོ་དང་སེར་པོ་ལ་སོགས་པ་ཕན་ཚུན་མི་འདྲ་བ་རྣམས་ཀྱང་གཟུགསུ་ཐ་དད་པ་མེད་པར་བསྟན་པ་ཡིནོ།། གལ་ཏེ་གཟུགས་མིག་གི་ཡུལ་ཉིད་ཀྱིས་པ་བླག ་ཏུ་བྱས་པ་ཡིན་ན་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དོ་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཞེ་ན། གཟུགས་རབ་ཏུ་དབྱེ་བ་ལ་ཐེ་ཚོམ་ཟ་བ་དང་ནོར་པ་དང་མི་རྟོགས་པ་རྣམ་ལྡ་པ་ཏྲ་དབྱེ་བ་བསྟན་ན་ཐེ་ཚོམ་ཟ་བ་དང་ནོར་བ་དང་མི་རྟོགས་པ་སེལ ་འགྱུར་རོ།། ཁ་དོག་ནི་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའོ།། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣ་དང་། གྲིབ་མཱ་ད་ཉི་མ་དང་། སྣང་བ་དང་། མུན་པ་དང་། མངོན་པར་སྐབས་ཡོད་པ་དང་།། ་ནུ་མལ་བ་ཞེས་བྱ་བ་འདི་རྣམས་འདིར་ཅིའི་ཕྱིར་མ་སྨོས་ཞེ་ན། ཁ་དོག་དང་དབྱིབས་བཞིན་དུ་གཟུགས་ཀྱི་བྱེ་བྲག་ཏུ་འདིར་མ་སྨོས་ཏེ། སྦྱིན་ལ་སོགས་པའི་ཡུལ་ཡོངས་སུ་ཆད་པྲ་དང་། ཡུལ་ཡོངས་སུ་མ་ཆད་པའོ།། དེ་ལ་གང་དག ་ཡོངས་སུ་ཆད་པ་དེ་དག་ནི་དབྱིབས་ཀྱི་ནང་དུ་འདུས་པ་ཉིད་དེ་གང་རག་ཡུལ་ཡོ་སུ་ཚང་བ་དེ་དག་ནི་ཁ་དོག་གི་བྱེ་བྲག་ཡིན་པས།། བདེག་དང་དབྱིངས་གཉིས་ལས་ཐ་དད་པའི་རྣམ་པར་ཕོདག་མི་ནུས་ཏེ། ངོ་ཕྱིར་འདིར་ལོགས་ཤིག་ཏུ་མ་སྨྲས།། དེ ་མངོན་པར་སྐབས་ཡོད་པ་ནི་དེ་ལས་གཞན་བྷཱུ་ཐོགས་པར་བྱེད་པའི་རེག་བྱ་བ་དང་པཱལ་འི་ཕྱོགས་གང་ཡིན་པའོ།། ན་མཁའ་ནི་སྟེང་ན་སྟོན་སྟོར་སྣང་བ་ཡིན་པའོ།། དབྱིངས་ནི་རིང་པོ་དང་། བྷུ་རུ་དང་། ཀྵ་མུ་པ་དང་། ཟླུམ་པོ་དང་། མཐོ་བ་དང ་དམའ་བ་དང་། ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པའོ།། དབྱིང་སྟེ་ལྕེས་བྱ་འ་མ་ག། བྲི་ཞེས་བྱ་བ་ལ་སོགས་པ་མ་སྨྲས་ས། མི་སོཞེ་ན། གངྒཱལ་རིང་པོ་ལ་སོགས་པའི་ཟླའི་བྱུང་བྱ་དེ་རིང་པོ་ལུ་སོ་ནས་པའི་དབྱིང་སོ།། དེ་ལྟ ་ན་ཁ་དོག་ལ་སོགས་པ་ལས་གུདོ་ན་དབྱིབས་མེད་པར་འགྱུརརོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁ་དོག་ལ་སོགས་པ་འདུས་པ་མང་པོ་ཕྱོགས་བཅིག་ན་གནས་པ་ལ་རིང་པོའི་བློ་འབྱུང་། ཆུང་ངུ་ལ་ནི་ཐུང་རྗེ་བློ་འཐུང་། ཕྱོགས་བཞིར་མཉལ་བ་ལ་ནི་ལྷྭམ ་པའི་བློ་འབྲང་། ཀུན་ནས་མཉམས་ས་ནི་ཟླུམ་པོའི་བློ་འབྱུང་། དབུས་སུ་ཕལ་ཆེ་བ་ལ་ནི་མཐོ་བའི་བློ་འབྱུང་། ཉུང་བ་ལ་ནི་དམའ་བོའི་བློཕྱོགས་གཅིག་གི་ངོས་ལ་ནི་བྱ་ལྕེ་བའི་བློ་འབྱུང་། ཕྱོགས་ཐ་དད་པའི་ངོས་ལཱ་ནཱི་ཕྱཝ་ལེ་བ་མ་ཡིན་པའི ་བློ་འབྱུང་བའི་ཕ་རོ།། ཁ་དོག་པ་ལ་སོགས་པ་འདུས་པ་ལ་རིང་པོ་ལ་སོགས་པའི་བློ་འབྱུང་བར་ཟད་ཀྱི། དབྱིབས་དོན་གཞན་དུ་གྱུར་པ་མེད་པར་ངོ་ཇི་ལྟར་ཤེས་ཞེ་ན། རེག་པའི་སྒོ་ནས་ཀྱང་རིང་པོ་ལ་སོགས་པའི་བློ་འབྱུང་བའི་ཕྱིརརོ།། མང་པོ་གཞན ་གྱི་ཡུལ་ལ་དབང་པོ་གཞན་གྱི་སྒོ་ནས་བློ་འབྱུང་དུ་མི་རུང་སྟེ། དབང་པོ་དུ་མ་དོན་མེད་པར་ཐལ་བར་འགྱུརརོ།། དེ་ནི་དབང་པོའི་ཤེས་པ་ལ་མ་ཡིན་གྱི། རྗེས་སུ་དཔག་པའི་ཤེས་པ་སྟེ། དྲི་ལས་མེ་ཏོག་གི་ཁ་དོག་ཤེས་པ་བཞི་ནོ།། དྲི་མེ་ཏོག ་ཁ་དོག་ལ་ངས་པ་ལྟར་རག་པ་ན་དབྱིབས་ལ་དེ་ལྟར་མ་ཡིན་ཏེ། གཞུག་པ་འདི་ནི་མཐུན་པ་མ་ཡིནོ།། དེ་ལྟ་བས་ན་དབང་པོ་གཉིས་ཀྱི་སྒོ་ནས་བུམ་པ་ལ་སོགས་པ་བཞིན་དུ་རིང་པོར་ལ་སོགས་པའི་དབྱིངས་ལ་ཤེས་པ ་འཇུག་པའི་ཕྱིར་དེ་ཁ་དོག་ལ་སོགས་པ་ལས་དོན་གཞན་མ་ཡིན་ནོ།། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་རིང་པོ་ལ་སོགས་པའི་ངོ་བོར་ན་ཕན་ཚུན་ཐ་དད་པར་ཡང་མི་རིག་གོ།། དེ་ལྟ་བས་ན་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་ལྟར་རིང ་པོ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཡོད་པ་མ་ཡིནོ།། དེའི་ཕྱིར་དབྱིབས་ཀྱི་རྡུལ་ཕྲ་རབ་རྣམས་འདུས་པ་ལ་རིང་པོ་ལ་སོགས་པའི་དབྱིབས་ཞེས་བྱར་ཡང་མི་རུང་སྟེ། དབྱིབས་ཀྱི་རྡུལ་ཕྲ་རབ་མེད་པའི་ཕྱིར་རོ།། དབྱིབས་ནི་རྫས་གཅིག་པ་མ་ཡིན ་ཏེ། ཚུ་རོལ་དང་དབུས་དེང་ཕ་རོལ་གྱི་ཆ་ཡོད་པའི་ཕྱིརརོ།། དེ་དག་ཐ་དད་པ་མེད་པ་མ་ཡིནྟ། ཅིག་ཅར་དུ་མངོན་སུམ་དང་། མངོན་སྙམ་དུ་མ་གྱུར་པ་དང་། འབྲེལ་པ་ཅན་ཐ་དད་པའི་ཕྱིར་དེ་དག་གདོན་མི་ཟ་བྱར་ཐ་དད་པར་འགྱུརརོ།། ཅི་སྟེ་ཐ་མི་དད་ནཱ་ཡང་དེ་དང ་འབྲེལ་པ་ཅན་རྣམ་ཀྱང་ཕྱོགས་ཐ་དད་པ་མེད་པར་ཐལ་བར་འགྱུ་རོ།། དེ་ལྟ་བས་དབྱིབས་ནི་རྗེ་སུ་ཡོད་པ་མ་ཡིན་ཏེ། འོན་ཀྱང་ཁཱ་དོག་ལ་སོགས་པ་དེ་ལྟ་དེ་ལྟར་གནས་པ་རྣམས་ལ་རིང་པོ་ལ་སོགས་པར་འདོགས་སོ།། འོ་ན་རྣམ་པར་རིག་བྱེད་ཅེས ་པའི་མོས་འདི་གང་ཞིག་ཡིན། དེ་ལ་དམིགས་པའི་སེམས་ལ་ས་སྐྱེས་པ་ལུས་ཀྱི་འཐུང་བ་ཆེན་པོ་ལ་བརྟེན་ནས་འབྱུང་བ་ལུས་ཀྱི་དབྱབས་ཏེ། རང་ཀུན་ནས་སློང་བའི་སེམས་རྣམ་པར་རིག་པར་བྱེད་པས་རྣམ་པར་རིག་བྱེད་ཅེས་བྱའོ།། ལོ ་སྨྲན་སེམ་ས་གང་ཡིན་པ་སྤྱོད་རྒྱུ་གཞན་ལ་ས་ནས་། ན་མ་དུ་གྱུ་ནི་དུ་འ་བྱུག་སས་སྒྱུ་ས་ནུ་དང་། ཙྪ་ལས་སྨྲས ་བཀྲུ་པ་ཡིན།། དེ་ནི་སྨོན་ལམ་གྱི་སེམས་དང་གཱཞན་རྣམ་པར་སྲིན་པའི་རྒྱུའི་སེམས་ལས་ཀྱུང་སྐྱེས་པ་ཡིན་ཏེ། དེའི་ཕྱིར་རྣམ་པར་རིག་ཀྱང་དུ་མི་འདོང་ངོ་།། དེ་ལ་ག་ལ་དྷེ་རྣམ་པར་རིག་བྱེད་རྒྱས་བྱ་བའི་དབྱིབས་གཅིག་པུས་ལུས་ཀྱི་སྤྱིར་ཁྱབ་པོ་ཡིན་ན ་གཅིག་ཡིན་པའི་ཕྱིར་དང་། ཁྱབ་པ་ཡིན་པའི་ཕྱིར་ཏེ་ཐམས་ཅད་ན་ཡོད་པས་ཡན་ལག་སོ་སོ་ལ་ཡང་གཟུང་བར་འགྱུར་རོ།། ཡང་ནཱ་ཆ་ཤས་སྨྲ་རྣམ་པར་གནས་པའི་ཕྱིར་གཅིག་ཏུ་མི་རུང་ངོ་།། སྐྱེ་མཆེད་བཅུ་ནི་རྡུལ་ཕྲ་བ་བསགས་པའོ་ཞེས་འབྱུང ་བའི་གྲུབ་པའི་མཐའ་ལྔའང་གནོད་པར་འགྱུར་རོ།། དེ་ལྟ་བས་ན་དབྱིབས་ཞེས་བྱ་བ་རྫས་གཞན་དུ་གྱུར་པ་མེད་དེ། དེའི་ཕྱིར་དབྱིབས་ནི་རྣམ་པརེ་རིག་བྱེད་མ་ཡིན་ནོ།། གལ་ཏེ་ལུས་ལས་དོན་གཞོན་དུ་གྱུར་པའི་དབྱིབས་རྣམ་པར་རིག་བྱེད་མ་ཡིན་ན་འོན ་དེ་གང་ཡིན། དེ་ལ་དམིགས་པའི་སེམས་པའི་རྒྱུ་མཚན་ཅན་ལུས་ཀྱི་རྒྱུད་རྒྱུན་མ་ཆད་པར་ཡུལ་གཞན་དུ་འབྱུང་བའི་རྒྱུ་ཡིན་ནོ།། སེམས་པ་རྒྱུར་གྱུར་པ་ནི་ལུས་ཀྱི་རྒྱུད་ཡུལ་གཞན་དུ་འབྱུང་བའི་རྒྱུ་རླུང་གི་ཁམས་སྒྲུབ་པའི་ཕྱིར་རོ།། ལུས་ཡུལ ་གཞན་དུ་འབྱུང་བ་དེ་ནི་རང་གི་རྒྱུ་སེམས་པ་རྣམ་པར་རིག་པར་བྱེད་པའི་ཕྱིར་རྣམ་པར་རོག་བྱེད་དོ།། དེ་ནི་དགེ་བའི་ངང་མི་དགེ་བའི་ངོ་བོ་ཉིད་མ་ཡིན་ཏེ། འོན་ཀྱང་དེ་དགེ་བ་དང་མི་དགེ་བའི་སེམས་སྐྱེད་པའི་ཕྱིར་འབྲས་བུ་ལ་རྒྱུ་བཏགས་ཏེ། དགེ་བ་དང ་མི་དགེ་བ་ཉིད་དུ་འདོགས་སོ།། འདིར་གཟུགས་རྣམ་པར་གཞག་པ་ནི་ངོ་བོ་ཉིད་དང་གནས་པ་དང་། བྱེད་པའི་མཚན་ཉིད་ཀྱི་རྣམ་པར་བཞག་སྟེ། ངོ་བོ་ཉིད་སྔོན་པོ་ལ་སོགས་པ་ཁ་དོག་བཞི་པོ་རྣམས་ཏེ། དེའི་ངོ་བོ་ཡིན་པའི་ཕྱིར།། ་གནས་པ་ནི་རིང་པོ་ལ་སོགས་པ་དབྱིབས་རྣམ་པ་བརྒྱད་དེ། ཁ་དོག་དེ་ལྟ་དེ་ལྟར་གནས་པའི་ཕྱིར་རོ།། བྱེད་པའི་མཚན་ཉིད་ནི་རྣམ་པར་རིག་བྱེད་དེ། ལུས་གཡོ་བའི་བདག་ཉིད་ཡིན་པའི་ཕྱིར་རོ།། རྫ་སུ་ཡོད་པ་ནི་མིག་ལ་སོགས་པའི་ཡུལ་ཡིན་ལ། དབྱིབས ་དང་རྣམ་པར་རིག་བྱེད་ནི། བཏགས་པའི་ཡོད་པའི་ཕྱིར་མིག་གི་ཡུལ་མ་ཡིན་པ་སྙམ་ན་ཇི་ལྟར་གཟུགས་མིག་གི་ཡུལ་ཞེས་བརྗོད། འདིར་འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་དབྱིབས་ཀྱི་ཁྱད་པར་དང་བཅས་པའི་ཁ་དོག་མིག་གི་ཡུལ་དུ་འདོད་དེ། འདི་ལྟར ་དབྱིངས་ཀྱི་ཁྱད་པར་ཅན་དུ་གྱུར་པའི་ཁ་དོག་ལ་མིག་གི་འཛིན་གྱི། དབྱིབས་སམ་ཁ་དོག་གཅིག་པུ་ལ་ནི་མ་ཡིན་ཏེ། རིང་པོ་ལྔ་སོགས་པའི་དབྱིབས་ཀྱི་ཁྱད་པར་དུ་གྱུར་པའི་ཁ་དོག་ཏུ་སྣང་བའི་མིག་གི་རྣམ་པར་ཤེས་པ་བསྐྱེད་པའི་ཕྱིར་རོ།། དེའི་ཕྱིར་ཁ་དོག་ད ་དབྱིབས་ནི་མིག་གི་ཡུལོ།། ཞེས་འཇིག་རྟེན་ན་གྲགས་སོ།། དེ་བཞིན་དུ་ཡུལ་གཞན་དུ་འབྱུང་བས་ཁྱད་པར་དུ་གྱུར་པའི་ལུས་ཀྱི་རྒྱུད་འཛིན་པའི་ཕྱིར་རྣམ་པར་རིག་བྱེད་ཀྱང་མིག་གི་ཡུལ་ཞེས་གྲག་སོ།། དོན་དམ་པར་ནི་དབྱིབས་བཞིན་དུ་ཁ་དོག་ཀྱང་མིག་ཡུལ ་མ་ཡིན་ཏེ། དབྱིངས་བཞིན་དུ་རྡུལ་ཕྲ་རབ་མ་གྲུབ་པའི་ཕྱིར་དང་། ཕྱི་རོལ་གྱི་དོན་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིརརོ།། དེ་བས་ནི་སློབ་དཔོན་གྱིས་འདིར་འཇིག་རྟེན་དང་བསྟན་བཅོས་ལས་གྲགས་པ་དང་མཐུན་པར་མཛད་པར་ཤེསོ།། གཟུགས་ཀྱི་འོག་ཏུ་སྒྱུ ་བསྟན་པའི་ཕྱིར་དེ་བཤད་མ་ཐག་ཏུ་སྒྲ་བཤད་པར་རིག་པས་ནུ།། སྒྲ་གང་ཞེ་ན་ཞེས་དྲིས་པ་དང་། རྣ་བའི་ཡུལ་ཏེ་ཞེས་བྱ་བ་སྟེ། རྣ་བ་ཉིད་ཀྱི་ཡུལ་ཡིན་ཏེ། བང་པོ་གཞན་མ་ཡན་ནོ།། དེ་ལྟར་ན་རྒྱུར་བྱས་པ་རི་གཟུགས་ཡིན་པར་ཁྱད་པར་མེད་ཀྱང་དབང་པོ་གཞན་གྱི ་ཡུལ་གཟུགས་ལ་སོགས་པ་ལས་དེ་བྱེ་བྲག་ཏུ་བསྟན་པ་ཡིན།། རྣ་བའི་ཡུལ་ནི་སྒྲ་ཉིད་དོ་ཞེས་བྱ་བས་ཀྱང་སྒྲའི་བྱེ་བྲག་ཕཊ་ཚུན་ཐ་དད་པ་རྣམས་སྒྲའི་སྤྱང་མཆེད་དུ་བྱེ་དག་མེད་པར་བསྟན་པོ་ཡིནོ།། དེའི་དབྱེ་བ་བསྟན་བཱིའི་བྷཻར། ཟིན་པ་དང་མ་ཟིན་བྱ་དང ་གཉི་གའི་སྟེ། འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ་ཞེས་བྱ་བ་སྨོས་སོ།། དེ་ལ་ཟིན་པའི་ལུས་སུ་གཏོགས་པ་རྣམས་ཏེ། སེམས་དང་སེམས་ལ་སྦྱང་རྣམས་ཀྱི་གནས་ཀྱི་དངོས་པོར་གཟུང་བ་རྣམས།། བཟློག་པ་རོ་འདི། ཡིན་པས་འབྱུང་བ་ཆེན་པོས ་པ་དང་མ་ཟིན་པ་དང་གཉི་གའི་སྟེ། འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ།། དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་ལག་པ་དང་ངག་གི་སྒྲ་ལ་སོགས་པའོ།། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་རླུང་དང་ནགས་ཚལ་དང་འབབ་ཆུའི་སྐུ ་ལ་སོགས་པའོ།། གཉི་གའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་རྗེའི་སྒྲ་ལ་སོགས་པའོ།། དྲི་གང་ཞེ་ན། སྣ་ཉིད་ཀྱི་འཤུལ་ཞེ་ས་བྱ་བ་དང་། སྣའི་ཡུལ་ནི་དྲ་ཉིད་དོ་ཞེས་བྱ་བ་ཡང་སྔ་མ་བཞིནོ།། དྲི་མཉམ་པོ་ནི། དབང་པོ་འབྱུང་བ་ཆེན་པོ་རྣམས་ལ་ཕན་ཡང་མི ་འདོགས་པ་གནོད་པ་ཡང་མི་བྱེད་པའོ།། དྲི་ནི་ལྷན་ཅིག་སྐྱེས་པ་དང་སྦྱར་བ་ལས་བྱུང་བ་དང་གྱུར་པ་ལས་བྱུང་བའོ།། དེ་ལ་ལྷན་ཅིག་སྐྱེས་པ་ནི་ཅན་དན་དང་གུར་གུམ་ལ་སོགས་པའོ།། སྦྱར་བ་ལས་ཐུང་བ་ནི་འདུག་སྤོས་རི་ལུ་ལ་སོགས་པའི་དྲིའོ།། གྱུར་པ ་@#ལས་བྱུང་བ་ནཱི་ཨ་མྲ་སྨིན་པ་ལ་སོགས་པ་རྣམས་ཀྱིའོ།། རོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལྕེ་ཉིད་ཀྱི་ཡུལ་ཞེས་བྱ་བ་དང་། ལྕེའི་ཡུལ་ནི་རོ་ཉིད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་དུ་རྒྱ་ཆེར་བརྗོད་པར་བྷའོ།། ང་བཞིན་གྱི་ཐ་ད་པའི་ཧྲཱི་མ ་དྲུག་སྨོས་ཏེ། གཞན་དུ་དབྱེ་ན་ནི་དེའི་སྦྱར་བ་ཐ་དད་པ་མཐའ་ཡས་པར་འགྱུར་རོ།། འདིར་ནི་རྒྱུར་བྱས་པའི་གཟུགས་བརྙན་པའི་སྐབས་ཡིན་པས་རོའི་འོག་ཏུ་རྒྱུར་བྱས་པའི་གཟུགས་རེག་བྱའི་ཕྱོགས་གཅིག་བསྟན་པས། དེའི་ཕྱིར་ར་བཤད་པའི་འོག ་ཏུ་རེག་བྱའི་ཕྱོགས་གཅིག་བཤད་པར་འདོད་ནས། རེག་བྱའི་ཕྱོགས་གཅིག་གང་ཞེ་ན་ཞེས་དྲིས་སོ།། རེག་བྱ་ནི་རྣམ་པ་གཉིས་ཏེ། འབྱུང་བ་རྣམས་དང་། དེ་དག་རྒྱུར་བྱས་པའི་གཟུགསོ།། འབྱུང་བ་རྣམས་ནི་སྔར་བསྟན་པ་དང་། བཤད་པ་རྣམ་སོ།། འདིར་ནི ་རྒྱུར་བྱས་པའི་གཟུགས་ཀྱི་སྐབས་ཡིན་པས་དེའི་ཕྱིར་རེག་བྱའི་ཕྱོགས་གཅིག་གང་ཞེ་ན་ཞེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་ཞེས་བྱ་བ་དང་སྦྱར་རོ།། ལུས་ཀྱི་ཡུལ་ཏོ་ཞེས་བྱ་བ་ནི་ལུས་ཉིད་ཀྱི་ཡུལ་ཡིན་གྱི། མིངྒ་ལ་སོགས་པའི་ནི་མ་ཡིནོ།། དེ་ལྟར་ན་གཟུགས ་དདེང་སྒྲ་ལྔ་སོགས་པ་ལས་དེ་ཐ་དད་པར་བསྟན་པ་ཡིན་ནོ།། ལུས་ཉིད་ཀྱི་ཡུལ་རེག་བྱ་ཉིད་ཅེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལྔ་གྱུར་པ་གཉིས་ཕན་ཚུན་མི་པདྨ་ཡང་རེག་བྱ་ཉིད་དུ་བྱེ་བྲག་མེད་པར་བསྟནྡ་པ་ཡིནོ།། ལུས་ཀྱི་ཡུལ་ཏེ་ཞེས་བྱ་བ་འབྱུང་བ་རྣམས་ཀྱང་ལུས་ཀྱི ་ཡུལ་ཡིན་པས་རྒྱུར་བྱས་པའི་གཟུགས་སུ་ཐལ་བར་འགྱུར་རོ།། དེའི་ཕྱིར་འབྱུང་བ་ཆེན་པོ་རྣམས་གཞག་སྟེ་ཞེས་སྨོས་སོ།། རེག་བྱའི་ཕྱོགས་གཅིག་རབ་ཏུ་བསྟན་པའི་ཕྱིར། འཇམ་པ་ཉིད་དང་། རྩུབ་པ་ཉིད་དང་།། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ལུས ་ཀྱི་དབང་པོར་རེག་པར་བྱ་བས་ན་འཇམ་པ་ཉིད་ལ་སོགས་པ་རེག་བྱ་ཞེས་བརྗོད་ན་ནི། གང་གིས་གང་ལ་རེག་པ་དེས་ཀྱང་དེ་ལ་རེག་པར་གདོན་མི་ཟ་བར་འགྱུར་བས་ལུས་ཀྱི་དབང་པོ་ཡང་རེག་བྱར་ཐལ་བར་མི་འགྱུར་རམ། གང་གིས་ཀྱང་རྩིལ་ཡང་རེག་པ་མེད་དེ། ་བདག་ཉིད་ཐམས་ཅད་ཀྱིས་རེག་ན་ནི་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་འགྱུར་རོ།། ཕྱོགས་ཀྱིས་རེག་ན་ནི་རྡུལ་ཕྲ་རབ་རྣམས་ཆ་ཤས་དང་འ་ལྟར་ཐལ་བ་འགྱུར་བས་རྡུལ་ཕྲ་རབ་ཉིད་ཉམས་པར་འགྱུར་རོ།། དེ་བས་ན་ཡུལ་དང་དབང་པོ་གཉིས་བརླམ ་ཆད་པར་སྐྱེ་བ་ན་གང་ལ་བརྟེན་ནས་རྣམ་པར་ཤེས་པས་ཡུལ་དམིགས་པ་དེས་ཡུལ་ལ་རེག་ཅེས་བྱ་བར་གདགས་ཀྱི། ཡུལ་གྱིས་རྣམ་པར་ཤེས་པའི་གནས་ལ་ནི་མ་ཡིན་ནོ།། དེའི་ཕྱིར་ལུས་ཀྱི་དབང་པོས་འཐུང་བ་རྣམས་ཉིད་ལ་རེག་གོ་ཞེས་བདགས་ཀྱི། དེ ་དག་ལ་གནས་པའི་གཟུགས་ལ་སོགས་པ་ལ་ནི་མ་ཡིན་ཏེ། ལུས་ཀྱི་རྣམ་པར་ཤེས་པས་མི་འཛིན་པའི་ཕྱིར་རོ།། མེ་ཏོག་ལ་སོགས་པའི་ཁ་དོག་ལ་སོགས་པ་ལ་གནོད་པ་ནི་དེའི་གནས་ལ་གནོད་པའི་ཕྱིར་གྱིས་ལུས་ཀྱིས་རེག་པའི་ཕྱིར་ནི་མ་ཡིནོ།། ཁ ་དོག་ལ་སོགས་པའི་གནས་ལ་ཡང་ལུས་ཀྱིས་རེག་པ་མ་ཡིན་ན་ཇི་ལྟར་གནོད་པར་འགྱུར་ཞེ་ན། འདི་ནི་བསམ་པར་བྱ་བ་སྟེ། དེ་ལྟ་བས་ན་འདིར་འཇིག་རྟེན་གྱི་ཐ་སྙད་དུ་འབྲང་བར་བྱའི་དོན་དམ་པར་ནི་མ་ཡིན་ནོ།། འཇམ་པ་ཉིད་ནི་མཉེན་པ་དང་། མི་རྩུབ་པ ་དང་། སྤྱད་དུ་བཟོད་པ་ཞེས་བྱ་བའི་ཐ་ཚིག་གོ།། འཇམ་པ་ཁོ་ན་འཛམ་པ་ཉིད་དོ།། རྩུབ་པ་ཉིད་ཅེས་བྱ་བ་ནི་འདི་ལ་རྩུབ་པ་ཡོད་པས་རྩུབ་པ་ཞེས་བྱ་བ་སྟེ། སྤུ་ཅན་བཞིན་ནོ།། རྩུབ་པ་ཞེས་བྱ་བ་ནི་སྟོབས་ཞེས་བྱ་བའོ།། རྩུབ་པ་ཁོ་ན་རྩུབ་པ་ཉིད་དེ། རུང ་རུང་པོ་དང་། དྲུང་དྲུང་པོ་དང་། ཤིན་ཏུ་འཇམ་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ།། ལྕི་བ་ནི་ལྗིད་གནོན་ཞེས་བྱ་བའི་ཐ་ཚིག་གོ།། ལྕི་ག་ཁོན་ལྟེ་བ་ཉིད་དེ། དངོས་པོ་རྣམས་འཇམ་པ་ན་གང་གིས་དམབ་པར་བྱེད་པའོ།། ཡང་བ་ཉིད ་ནི་གང་གིས་དངོས་པོ་རྣམས་འཇམ་པ་དམའ་བར་མི་འགྱུར་བ་སྟེ། དབྱིབས་ཆེར་ཟིན་ཀྱང་གང་ཡོད་ན་གདེག་བླ་བ་སྟེ། སྲང་མངའི་རྩེ་མོ་དམའ་བར་འགྱུར་བའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ།། གང་གིས་ཉེན་ན་དྲོ་བ་འདོད་པ་དེ་ནི་གྲང་བ་ཉིད་དོ།། དཔྱིད་དང་སྟོན ་གྲང་བ་ཡོད་ཀྱང་དྲོ་བ་མི་འདོད་པ་མ་ཡིན་ནམ། དྲོ་བ་འདོད་པ་ནི་གཞན་དུ་མི་འབྱུང་བས་གྲང་བ་ཉིད་དྲོ་བ་འདོད་པར་བྱེད་པ་ཞེས་ངེས་པར་གཟུང་ངོ་།། དེ་ལྟར་ན་དེའི་འབྲས་བུ་ཡང་དེ་དང་རིགས་གཅིག་པའི་ཕྱིར་མཚན་ཉིད་པ་རྣམས་ཀྱིས་རྟོག་སོ།། བཀྲེས་པ་ནི ་ཟས་འདོད་པར་བྱེད་པའོ།། སྒོམ་པ་ནི་སྐོམ་འདོད་པར་བྱེད་པའོ།། སེམས་ལས་བྱུང་བའི་ཆོས་ནི་ལུས་ཀྱི་དབང་པོའི་ཡུལ་མ་ཨི་ནོ་ཞེ་ན། དེའི་ཕྱིར་རྒྱུ་ལས་འབྲས་བུ་གདགས་པ་བྱས་ནས་འདྲིར་བཀྲེས་པ་དང་སྐོམ་པ་བསྟན་ཏེ། རླུང་གི་ཁམས་ཀྱི་ཤས ་ཆེ་བ་ནི་བཀྲེས་པའི་རྒྱུ་རེག་བྱའི་བྱེ་བྲག་འགའ་ཞིག་འབྱུང་བ་དེ་ནི་བཀྲེས་པའི་རྒྱུ་ཡིན་པའི་ཕྱིར། བཀྲེས་པ་ཞེས་བརྗོད་དོ།། དེ་བཞིན་དུ་མེའི་ཁམས་ཀྱི་ཤས་ཆེན་སྐོམ་པའི་རྒྱུ་ཡིན་པའི་ཕྱིར་སྐོམ་པ་ཞེས་བརྗོད་དོ།། གཞན་ནས་རྒྱལ་བ་དང་། ཉམ ་ཡོད་པ་དང་ཉམ་ཆུང་བ་ལ་སོགས་པ་རེག་བྱའི་བྱེ་བྲག་སྨོས་པ་རྣམས་ཀྱང་འདི་དག་གི་ནང་དུ་འདུས་པས་ལོགས་ཤིག་ཏུ་མ་བརྗོད་དོ།། བརྒྱལ་བ་ནི་འཇམ་པ་ཉིད་ལས་གུད་ན་མེ་།། ཉམ་ཡོད་པ་ནི་རྩུབ་པ་དང་ལྕི་བ་ཉིད་ལས་ལོགས་ཤིག་ན་མེད་དེ། ་དེ་ལྟར་གཞན་ནས་རེག་བྱའི་བྱེ་བྲག་འབྱུང་བ་རྣམས་ཀྱང་འདི་དག་གི་ནང་དུ་མཐུན་མཐུན་དུ་བསྡུ་བར་བྱའོ།། འཇམ་ལ་སོགས་པ་ཡང་གནས་ཀྱི་བྱེ་བྲག་གིས་ཕན་ཚུན་ཐ་དད་དེ། ཆུ་དང་མེའི་ཁམས་ཀྱི་ཤས་ཆེན་ནི་འཇམ་པ་ཉིད་དོ།། ས་དང་རླུང་གི་ཁམས ་ཀྱི་ཤས་ཆེ་བ་ནི་རྩུབ་པ་ཉིད་དོ།། ས་དང་ཆུའི་ཁམས་ཀྱི་ཤས་ཆེ་བ་ནི་ལྕི་བ་ཉིད་དོ།། མེ་དང་རླུང་གི་ཁམས་ཀྱི་ཤས་ཆེ་བ་ནི་ཡང་བ་ཉིད་།། དེ་ཉིད་ཀྱི་ཕྱིར་ཤི་བའི་ལུས་ལ་ལྕི་བ་ཉིད་ཀྱི་ཤས་ཆེ་བའོ།། ཆུའི་ཁམས་ཀྱི་ཤས་ཆེ་བ་ནི་གྲང་བའོ།། རླུང་གི་ཁམས་ཀྱི ་ཤས་ཆེ་བ་ནི་བཀྲིས་པའོ།། མེའི་ཁམས་ཀྱི་ཤས་ཆེ་བ་ནི་སྐོམ་པའོ།། དེ་བཞིན་དུ་གནས་ཀྱི་བྱེ་བྲག་གིས་ཕན་ཚུན་བྱེ་བྲག་ཏུ་གྱུར་པར་རྒྱུར་བྱས་པའི་གཟུགས་གཞན་ལ་ཡང་ཇི་ལྟར་མཐུན་མཐུན་དུ་ཁོང་དུ་ཆུད་པར་བྱ་སྟེ། འདིར་ནི་ཚིག་མང་དུ་འགྱུར་བ། ་སྤང་བའི་ཕྱིར་ཕྱོགས་ཙམ་ཞིག་བསྟན་ཏོ།། གཟུགས་ཀྱི་ཕུང་པོ་འམ་རྒྱུར་བྱས་པའི་གཟུགས་ལས་རྣམ་པར་རིག་བྱེད་མ་ཡིན་པ་འབའི་ཞོག་ལུས་པས། རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན་ཞེས་དྲིས་པ་དང་། རྣམ་པར་རིག་བྱེད་དང་། ཏིང་འཛིན ་ལས་བྱུང་བའི་གཟུགས་ཏེ། བསྟན་དུ་མེད་པ་ཐོགས་པ་མེད་པའོ་ཞེས་བྱ་བས་དེ་བསྟན་ཏོ།། དེ་ལ་རྣམ་པར་རིག་བྱེད་ནི་རྣམ་པ་གཉིས་ཏེ། ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་དོ།། དེ་རེ་རེ་ལ་ཡང་དགེ་བ་དང་། མི་དགེ་བ་དང ་ལུང་དུ་མི་སྟོན་པའི་བྱེ་བྲག་གི་རྣམ་པ་གསུམ་གསུམ་དུ་འགྱུརོ།། རྣམ་པར་རིག་བྱེད་མ་ཡིན་པ་ཡང་རྣམ་པ་གསུམ་ཉིད་དེ། འདོད་པར་གཏོགས་པ་དང་། གཙུན་སུ་གཏོགས་པ་དང་། ཟག་པ་མེད་པའོ།། དེ་ལ་འདོད་པ་ན་སྤྱོད་པའི་རྣམ་པར་རིག ་བྱེད་མ་ཡིན་པ་ནི་དགེ་བ་དང་། མི་དགེ་བའི་རྣམ་པར་རིག་བྱེད་ལས་བྱུང་བ་སྟེ། དེ་ཡང་སོ་སོར་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། དེ་དག་མ་གཏོགས་པའོ།། དེ་ལ་སོ་སོར ་ཐར་པའི་སྡོམ་པ་ནི་དགེ་སློང་དང་དགེ་ཚུལ་དང་། དགེ་བསྙེན་དང་། བསྙེན་གནས་ལ་གནས་པའི་བྱེ་བྲག་གི་རྫ་སུ་རྣམ་པ་བཞིའོ།། དགེ་སློང་དང་དགེ་སློང་མ་ལ་སོགས་པའི་བྱེ་བྲག་གི་མིང་དུ་ནི་རྣམ་པ་བརྒྱད་དོ།། དེ་ལ་སོ་སེར་ཐར་པའི་སྡོམ ་པ་ནི་གཞན་ལ་གནོད་པ་བྱེད་པ་ལས་གཞི་དང་བཅས་པར་རྣམ་པ་ཐམས་ཅད་དུ་ལྡོག་པའོ།། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ལུས་དང་སྲོག་གིས་བསྡུས་པའི་དངོས་པོ་ལ་ནི་ལྟ་བར། ལུས་དང་ངག་དང་སེམས་ཀྱི་རྣམ་པ་ཐམས་ཅད་དུ་གཞན ་ལ་ཕན་འདོགས་པར་ཞུགས་པའོ།། སྡོམ་པ་མ་ཡིན་པ་ནི་རྣམ་པ་ཐམས་ཅད་དུ་གཞན་ལྔ་གནོད་པ་བྱེད་པར་ཞུགས་པའོ།། ཕྱོགས་གཅིག་གི་ཕར་འདོགས་པ་དང་གནོད་པར་བྱེད་པར་ཞུགས་པ་ནི་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང ་མ་ཡིན་པའོ།། དེ་ལ་གཟུགསུ་གཏོགས་པ་དང་། ཟག་པ་མེད་པ་ནི་ཏིང་འཛིན་ལས་བྱུང་བ་སྟེ། དེ་ཡང་བསམ་གཱ་ཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་གོ་རིམས་བཞིན།། དེ་ལ་བསམ་གཏན་བཞི་པོ་དག་དང་། མི་ལྕོགས་པ་མེད་པ་དང་། ་བསམ་གཏན་ཁྱད་པར་ཅན་དག་ན་ཟག་པ་དང་བཅས་པའི་ཏིང་འཛིན་དང་ལྷན་ཅིག་བྱུང་བ་ནི་བསམ་གཏན་གྱི་སྡོམ་པའོ།། ཟག་པ་མེད་པའི་ཏིང་འཛིན་དང་ལྷན་ཅིག་བྱུང་བ་ནི་ཟག་པ་མེད་པའི་སྡོམ་པའོ།། དེ་ཡང་འཐུང་བ་རྣམས་ལ་བརྟེན་པས ་འཟླ་པ་དང་། རྒྱུས་སྨྲ་འཇུག་པ་གྱུར་རྒྱུད་བསྡུ་པའི་ག་ཟུས་།། རྣམ་།། ལྡན་ན་ན་ན་སྤྱན་པག། ས་ས་རྒྱུན་ང་། གཕྱོགས་གཞན་གྱུ་གས་ཀྱང་བན་བ ་པའི།། རྣམ་པར་རིག་བྱེད་མ་ཡིན་པ་སེཾམྦ་ན་མི་གནས་པ་ང་ས་ཐགས་པ་།། རྦཱ་མྦྷ་སྨི་ནིས་རྡེག་། བ་དུ་མེད་པ་ནིགས་པ་དང་བྱམས་པ་དང་བསྟན་དུ་མང་གྱི་ལི་སོགས་པ་དང་བཅས་པ ་བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་དུའོ།། དེ་ལ་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་ནི་མིག་གི་དབང་པོའི་ཡུལོ།། བསྟན་དུ་མེད་པ་ཐོགས་པ་དང་བཅས་པ་ནི་མིག་ལ་སོགས་པ་ལྔ་དང་། སྨྲེ་དང་། དྲི་དང་། རོ་དང་། རེག་བྱ་བཞིའོ།། ་བསྟན་དུ་ཡང་མེད་པ་ལྔ་ཐོགས་པ་ཡང་མེད་པ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུག་སོ།། དེ་ཡང་རྣམ་པ་ལྔ་སྟེ། བསྡུས་པ་ལས་གྱུར་པ་དང་། མངོན་པར་སྐབས་ཡོད་པ་དང་། ཡང་དག་པར་བླངས་པ་ལས་བྱུང་བ་དང་། ཀུན་བརྟགས་པ་དང་། ་བང་འབྱོར་པའོ།། འདིར་གཟུགས་ཀྱི་ཕུང་པོ་ནི་རྫས་བསུ་གཅིག་པར་འདོད་པས་ཡང་དྲུག་པར་བླངས་པ་ལས་བྱུང་བའི་གཟུགས་ཉིད་བསྐྲུན་དུ་ཡང་མྱེད་ལ་ཕྱོགས་པ་ཡང་མེད་པར་བཤད་དེ། གཞན་ནི་མྱ་ཡིན།། ཅིའི་ཕྱིར་དེ་དག་མི ་བསྟན་ཅེ་ན། བསྡུས་པ་ལས་གྱུར་པ་ནི་རྡུལ་ཕྲ་རབ་རྣམས་ཉིད་དེ། དེ་དག་ནི་སྔོན་པོ་ལ་སོགས་པའི་ཁ་དོག་ལས་གུད་ན་མེད་དེ། སྔོན་པོ་ལ་སོགས་པའི་ཁ་དོག་ལས་ཁ་དོག་ཏུ་སྣང་བ་གཞན་ནི་མེད་དོ།། མངོན་པར་སྐབས་ཡོད་པ་ཡང་རྡུལ ་ཕྲ་རབ་རྣམ་ཉིད་དེ། དེ་ལས་གཞན་པ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བ་རྣམས་སོ།། དེ་དག་ཀྱང་ཁ་དོག་གི་བདག་ཉིད་ཡིན་པའི་ཕྱིར་འདིར་འདུས་པ་ཉིད་པས་ཡང་མ་བཤང་ངོ་།། ཀུན་བརྟགས་པ་ནི་གཟུགས་བརྙན ་གྱི་གཟུགས་ཀེང་རུས་ལ་སོགས་པའོ།། དབང་འབྱོར་པ་ནི་རྣམ་པར་ཐར་པ་ལ་བསམ་གཏན་པའི་སྤྱོད་ཡུལ་གྱི་གཟུགས་གང་ཡིན་པ་སྟེ། དེ་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་པས་འདིར་མ་འདུས་ཏེ། དེ་ནི་དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ལ་སོ། ་སོར་སྣང་བ་ལས་ཕྱི་རོལ་ན་མེད་དོ།། གཟུགས་བརྙན་ཡང་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་ཉིད་དེ། རྣམ་པར་ཤེས་པ་ལས་གཟུགས་བརྙན་ནམ་གཟུགས་བརྙན་ལས་རྣམ་པར་ཤེས་པ་གུད་ན་མེ་དོ།། དེ་ལྟ་བས་ན་ཡང་དག་པར་བླངས་པ་ལས ་བྱུང་བ་ཉིད་འདིར་བཤད་ཀྱི། གཞན་ནི་མ་ཡིནོ།། མཐུ་སྟོབས་ཀྱི་ཆེ་བའི་བློས་བསྐྱོད་པ་ནི་བདག་ལྟ་བུ་གང་གིས་ཀྱང་རྟོགས་པར་ག་ལ་ནུས་ཏེ། དེ་ལྟ་བས་ན་དེ་དག་མ་བཤད་པ་ནི་སློབ་དཔོན་གྱི་དགོངས་པ་བཙལ་བར་བྱའོ།། དེ་ནི་འདི་སྐད་དུ་རྣམ ་པར་རིག་བྱེད་དང་ཏིངེ་འཛིན་ལས་བྱུང་བ་དགེ་བ་དང་མི་དགེ་བ་ལས་བྱུང་བ་རྒྱུར་བྱས་པའི་གཟུགས་ནི་སེམས་གཡེངས་པ་དང་། སེམས་མེད་པ་ན་ཡང་རྗེ་སུ་འབྱུང་བ་གང་ཡིན་པ་སྟེ། དེ་སྟོང་པའི་རྒྱུ་མེད་ན་ཡོད་པ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། ་ཞེས་བསྟན་པར་འགྱུར་རོ།། གཟུགས་དང་བྱེད་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་རང་ཀུན་ནས་སློང་བའི་སེམས་རྣམ་པར་རིག་པར་བྱེད་པ་བཞིན་དུ་གཞན་ལ་རྣམ་པར་རིག་པར་མི་བྱེད་པས་རྣམ་པར་རིག་བྱེད་མ་ཡིན་པའོ།། འདིར་ནི་བྱེ་བྲག་ཏུ་སྨྲ་བས་ཀུན ་བརྟགས་པའི་རྣམ་པར་རིག་བྱེད་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་ཡང་མེད་དེ། ཆང་མའི་ཡུལ་དུ་མ་གྱུར་པའི་ཕྱིར་རོ།། སོ་སོར་ཐར་པའི་སྡོམ་པའི་སྒོམ་པ་ལ་སོགས་པ་ནི་མེད་པ་མ་ཡིན་ཏེ། འདི་ལྟར་སེམས་པས་བྱ་བར་ཁས་བླངས་ནྱ ་བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པའི་ཆོ་ག་སྔོན་དུ་བཏང་སྟེ། སེ་མྦ་པ་ག་གྱི་ལུས་དང་གི་ལླ་བཀག་པ་ལས་སྡོམ་པའི་སེམས་པ་དེས་མ་བོངས་པ་ན་དེ་དང་རིགས་གཅིག་པ་བསྐྱེད་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ལ་ས་བོན་བཏབ་ནས། དེ ་འོག་ཏུ་བདག་ནི་སྲོག་གཙང་བ་ལ་སོགས་པ་སྤངས་པའོ་ཞེས་ཡང་དག་པར་བླངས་པ་དྲན་པ་འབྱུང་སྟེ། དེ་བྱུང་ནས་གང་འཇོམ་པ་དེ་བསླབ་པ་མི་འདྲལོ།། དེ་ལྟར་ན་ཡ་དག་པར་བླངས་པའི་སེམས་པ་རྒྱུན་ཆགས་པ་དང་བཅས་པ་ནི་སྡོམ་པ ་བསྟན་པ་ཡིན་ནོ།། དེ་བཞིན་དུ་བསམ་གཏནྡ་ནམ་ལམ་ལ་སྙོམས་པར་ཞུགས་ན་རྣམ་པར་རིག་བྱེད་མ་ཡིན་པོ་མེད་པར་ཡང་གང་ཐོབ་ན་ལངས་ནས་ལོག་པའི་ངག་ལ་སོགས་པ་ལ་མི་འཇུག་པ་དང་། ཡ་དག་པའི་ངག་ལ་སོགས་པ་ལ་འཇུག་པ་ད། ་ལྟ་བུའི་བསམ་པ་དང་གནས་ཐོབ་སྟེ། དེའི་ཕྱིར་རྒྱུ་ལ་རྒྱུ་ཅན་གདགས་པར་བྱས་ནས་ལམ་གྱི་ཡན་ལག་བརྒྱད་རྣམས་དང་། བསམ་གཏན་གྱི་སྡོམ་པ་ཡང་རྣམ་པར་བཞག་གོ།། སྡོམ་པ་མ་ཡིན་པ་ཡང་དེའི་རིག་སུ་སྐྱེས་པ་རྣམས་ཀྱི་གསད་པར་སྦྱོར་བ ་བྱ་བའི་སེམས་པ་དང་། གཞན་གྱི་རིགསུ་སྐྱེས་པ་རྣམས་ཀྱི་ལས་དེ་བྱ་བར་ཁས་ལེན་པའི་སེམས་པ་སྟེ། སེམས་པ་དེ་མེད་ཀྱང་སྡོམ་པ་མ་ཡིན་པ་བཏང་བ་མ་ཡིན་ཏེ། སེམས་ཅན་རྣམས་ལ་གནོད་པ་བྱ་བར་བསམ་པོ་ལས་མ་ལོག་པའི་ཕྱིར།། དེ་ལྟར ་བྱ་བའི་སེམས་པ་དང་། ཁས་ལེན་པའི་སེམས་པ་སེམས་ཅན་རྣམས་ལ་གནོད་པ་རུ་ཧཱ་བཱའི་བསམ་པ་དང་ལྡན་པ་ནི་སྡོམ་པ་མ་ཡིན་པའོ་ཞེས་བསྟན་པ་ཡིནོ།། འདིར་རྣམ་པར་རིལ་བྱེད་དང་། ཏིང་འཛིན་ལས་བྱུང་བ་ཉིད ་ནི་བརྡ་སྲིད་པར་སླ་བས་ཡང་མ་སྤྲོས་སོ།། སྡོམ་པ་དང་སྡོམ་པ་མ་ཡིན་པའི་སེམས་པ་རྣམས་ཀྱི་དགེ་བ་དང་མི་དགེ་བ་ནི་བདག་ཉིད་ཁོ་ནས་སོ།། དེ་བ་རྒྱུན་ཆགས་པ་ནི་དགེ་བ་དང་མི་དགེ་བའི་སེམས་བྱས་པས་ངས་པ་དང་། དགེ་བ་དང་མི་དགེ་བའི་སེམས ་པའི་འབྲས་བུ་ཡིན་པའི་ཕྱིར་རོ།། བསམ་གཏན་དྲང་ཟུག་པ་མེད་པའི་སྡོམ་པ་ཡང་བསམ་གཏན་དང་ཟག་པ་མེད་པའི་ལམ་རྒྱུ་ཡིན་པཱ་དང་། ཡང་དག་པའི་ངག་ལྔ་སོགས་པ་འབྲས་བུ་ཡིན་པའི་ཕྱིར་དགེ་བའོ།། གཟུགས་ནི་ལུས་དང་ངག་ཡུལ་ཡིན ་པའི་ཕྱིར་ཏེ། ཡུལ་ཅན་ལ་ཡུལ་བཏགས་པའི་ཕྱིར་རོ།། བསྟན་དུ་མེད་པ་ཐོགས་པ་མེད་པས་ནི་བརྡ་ཕྲད་པ་སླ་བས་མ་བཤད་དོ།། ཅིའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཐུག་པའི་གཟུགས་ཀྱི་ཕུང་པོ་འདི་གཟུགས་ཞེས་བྱ་ཞེ་ན། བཅོམ་ལྡན་དང ་ཀྱིས་ཀྱང་དགེ་སློང་དག་གཟུག་སུ་རུང་བས་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་པའོ།། ཅི་གཟུགས་ཞེ་ན། ལག་པའི་འདུས་ཏེ་རེག་པས་རེག་ན་གཟུག་སུ་རུང་བའོ་ཞེས་རྒྱ་ཆེར་གསུང་སོ།། མདོ་ལས་ཀྱང་ལག་པ་ལ་སོགས་པའི་འདུས་ཏེ་རེན་ཏྲ། ་གཟུགས་ཡོད་པའི་ཕྱིར་གཟུགས་སོ་ཞེས་གསུངས་སོ།། གཟུགས་ཀྱི་གཟུགསུ་ཡོད་པ་འདི་གང་ཞེ་ན། ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་སྔ་མའི་གནས་ལས་གཞན་དུ་བསྐྱེད་པ་སྟེ། འདི་ཡང་རྒྱུན་གྱི་དབང་དུ་བྱས་ཏེ་བརྗོད་ཀྱི། སྐད་ཅིག ་ནི་མ་ཡིན་ཏེ། སྐད་ཅིག་ནི་སྐྱེ་བླ་དང་འཇིག་པའི་དུས་ཀྱི་དབྱུང་དུ་བྱས་པ་དང་། གནས་པ་མེད་པའི་ཕྱིར།། གཟུགས་ཀྱི་ཕུང་པོའི་འོག་ཏུ་གྱུར་པའི་ཕུང་པོ་བཤད་པའི་སྐབས་ཡིན་ཏེ། དེའི་འོག་ཏུ་བསྟན་པས་རོའི་ཕྱིར། ཚོར་བས་གང་ཞེ་ན་ཞེས་དྲིས་པ ་དང་། མྱེད་པ་རྣམ་པ་གསུམ་སྟེ། ཞེས་བྱ་བས་བསྟན་ཏོ།། ཉམ་སུ་མྱོང་བ་ནི་སྤྱོད་པ་སྟེ། དངོས་པོའི་སིམ་པ་ད་གདུང་བ་དང་གཉི་གའི་རྣམ་པར་མ་གཏོགས་པའི་རང་གི་ངོ་བོ་མངོན་སུམ་དུ་བྱེད་པའོ།། ཡང་ན་སིམ་པ་དང་། གདུང་བ་དང་ག ་ཀའི་རྣམ་པར་མ་གཏོགས་པའི་དངོས་པོའི་རང་གི་ངོ་བོ་མྱོང་བར་བྱེད་པས་མྱོང་བའོ།། དེ་ཡང་ངོ་བོ་ཉིད་ཀྱི་བྱེ་བྲག་གི་རྣམ་པ་གསུམ་སྟེ། བྱེད་པ་དང་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་མ་ཡིན་པའོ།། བདེ་བ་དང་སྡུག་བསྔལ་མ་གཏོགས ་གཏོགས་པར་མྱོང་བ་གསུམ་པ་ཡོད་པ་ཇི་ལྟར་ཞེ་ན། ལུང་དང་རིགས་པས་མངོན་ཏེ། མདོ་ལས་ཚོར་པོ་རྣམ་པ་གསུམ་ཞེས་གསུངསོ།། ཡང་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཏེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ཞེས ་གསུང་སོ།། རིགས་པ་ནི་ཚོར་བ་དང་བྲལ་བའི་སེམས་སྐྱེ་བ་མེད་པ་དང་། བདེ་བ་དང་སྡུག་བསྔལ་དང་བྲལ་བའི་སེམས་ཀྱང་དམིགསོ།། རེག་པ་མྱོང་བ་ནི་ཚོར་བ་ཞེས་སློབ་དཔོན་འདུས་བཟང་གསུང་སྟེ། འདོད་པ་དང་། མི་འདོད་པ་དང་། གཉི་ག ་ས་ལྡོག་པའི་རེག་པ་རྣམས་མྱོང་བ་གང་ཡིན་པ་དེ་ཚོར་བའོ།། དེ་ནི་འདི་སྐད་དུ། བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས་བདེ་བའི་ཚོར་བ་འབྱུང་ངོ་ཞེས་རྒྱ་ཆེར་གསུང་སོ།། བདེ་བ་ལ་སོགས་པ་བསྐྱེད་པ་ཡིན་པས་དེ་རྣམ་པར་དབྱེ། ་བའི་ཕྱིར་རོ།། གལ་ཏེ་ཡུལ་མྱོང་བ་ཚོར་བ་ཡིན་དུ་ཟིན་ན་དམིགས་པ་གཅིག་པ་རྣམས་ལས་འདི་ཁྱད་པར་གྱི་ཡོད་དེ། དེའི་ཕྱིར་རེག་པ་མྱོང་བ་ནི་ཚོར་བའོ་ཞེས་རྣམ་པར་བཞོག་གོ།། དེ་ལྟ་ན་འོ་ན་ནི་འདུ་ཤེས་དང་མོས ་པ་དང་། དྲན་པ་དང་ཤེས་རབ་ལ་སོགས་པ་ཡང་ཚོར་བ་བཞིན་དུ་དམིགས་པའི་སྒོ་ནས་ངོ་བོ་ཉིད་བརྗོད་པར་མི་བྱའོ།། ཇི་སྟེ་འདུ་ཤེས་ལ་སོགས་པ་མཚན་མར་འཛིན་པོ་ལ་སོགས་པས་དམིགས་པ་གཅིག་པ་རྣམས་ལས་ཁྱད་པར་དུ་འདོད་ན་ནི་ཚོར ་པ་ཡང་ཡུལ་མྱོང་བར་ཅིའི་ཕྱིར་མི་འདོད། དེ་ལ་དམྱིགས་པར་མི་སྲིད་པའི་ཕྱིར་རེག་པ་མྱོང་བ་ཡང་མཚུངས་པར་ལྡན་པའམ། རྒྱུའི་དངོས་པོར་ཡོངས་སུ་བརྟག་གླང་ན། དེ་ལ་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། སེམས་ལས་བྱུང་བ་ཐམས་ཅད་རེག ་པ་དང་མཚུངས་པར་ལྡན་པོར་བྱེ་བྲག་མེད་པའི་ཕྱིརརོ།། རྒྱུའི་དངོས་པོར་ཡང་མི་རུང་སྟེ། སེམས་ལས་བྱུང་བ་ཐམས་ཅད་ཀྱི་རྒྱུ་རེག་པ་ཡིན་པར་བྱེ་བྲག་མེད་པའི་ཕྱིར།། འཇིག་རྟེན་དང་བསྟན་བཅོས་ལས་མྱོང་བའི་སྒྲ་ནི་འབྲས་བུའམ་རྒྱུར་གྲགས་པ ་མེད་ཀྱི་མངོན་སུམ་དུ་བྱེད་པར་གྲགསོ།། འདི་སྙམ་དུ་སེམས་ཏེ། ལས་དགེ་བ་དང་། མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམས་པར་སྨིན་པ་འདིས་མྱོང་བ་སྟེ། དེ་ལ་བདེ་བ་མྱོང་བ་ནི་ལས་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པའོ།། སྡུག ་བསྔལ་ནི་མི་དགེ་བ་རྣམས་ཀྱིའོ།། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ནི་གཉི་གའི་འོ་སྙམོ།། འདིར་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་སྟེ། དོན་དམ་པར་ན་དེ་དང་མཚུངས་པར་ལྡན་པའི་བཏང ་སྙོམས་ཉིད་ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པའོ།། བདེ་བ་དང་སྡུག་འསྔལ་ནི་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པ་ཞེས་བཏགས་པའོ།། དེ་ལ་བདེ་བ་མྱོང་བ་ནི་གང་འགགས་ན་ཞེས་བྱ་བ་ལ་སོགས་པ་ཡིན་ན། འོ་ན་རྟེན་ཅིང ་འབྲེལ་པར་འབྱུང་བ་ལས་གང་བྱུང་ན་བྲལ་བར་མི་འདོད་པ་སྐྱེ་བ་དེ་བདེ་བའི་ཚོར་བའོ་ཞེས་འབྱུང་བ་དེ་ཇི་ལྟ་བུ། འདི་ལྔ་འགལ་བ་མེད།། དོན་དུ་ན་ཅིག་ཤོས་ཀྱང་ཟིན་པའི་ཕྱིར།། གང་བྱུང་ན་འབྲལ་བར་མི་འདོད་པ་སྐྱེ་བ་ཞེས་བྱ་བ་ནི་དོན་དུ་ན་དེ་འགོགས་ན ་ཕྲད་པར་འདོད་པར་ཡང་འགྱུ་རོ་ཞེས་བསྟེན་པ་ཡིན་ནོ།། ག་འགུགས་ན་ཕྲད་པར་འདོད་པར་འགྱུར་རོ་ཞེས་བྱ་བ་ཡང་འདིར་དོན་དུ་ན་དེ་རྒྱུ་ན་འདྲལ་བར་མི་འདོད་པའོ་ཞེས་བསྟིན་པ་ཡིནོ།། འོ་ན་དཀའ་ཐུབ་ཅན་རྣམས་མི་འདོད་བཞིན་དུ་འདོད་ཆགས་ཀྱི་ཀུན ་ནས་དཀྲིས་པ་དང་ཕྲད་པ་རྣམས་འདོད་ཆགས་ལས་བྱུང་བའི་བདེ་བ་སྐྱེས་པའི་ཚེ་འབྲལ་བར་འདོད་པ་སྐྱེ་ཞིང་འགགས་པ་ན་ཕྲད་པར་མི་འདོད་པ་གང་ཡིན་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་སུན་འབྱིན་པའི་ཕྱིར་དེ་ཉིད་ལས་སྐྱེ་བ་མ་ཡིན་ཏེ། བདེ་བ་དེ་ཚུལ་ཁྲིམས ་དང་ཏིང་འཛིན་གྱི་བར་དུ་གཅོད་པར་མཐོང་བ་རྣམས་ལ་གཉི་ག་མི་འབྱུང་བས་འགལ་བ་མེདོ།། སྡུག་བསྔལ་ནི་གང་ཐུང་ན་བྲལ་བར་འདོད་པའི་ཞེས་བྱ་བ་ནི་གང་འགགས་པ་ན་ཡང་ཕྲད་པར་མི་འདོད་པའོ།། བྲལ་བ་ནི་དེའི་རྒྱུན་ཆད་པའོ།། འདོད་པ་ནི་མངོན་པར་འདོད། ་པ་དང་སྨོན་པའོ།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་གང་བྱུང་ན་གཉི་གར་འདོད་པར་མི་འགྱུར་བའོ།། དེ་ལ་ལུས་དང་སེམས་རྒྱས་པར་བྱེད་པ་དང་། ཡིད་དུ་འོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། བདེ་བ་མྱོང་བ་ནི་གང་འགགས་ན་དེ་དང་ཕྲད་པར་བདོ། ་པའོ།། ལུས་དང་སེམས་ཉམས་དམས་པར་བྱེད་པ་དང་། ངོ་བོ་ཉིད་ཀྱི་མི་མཐུན་པའི་ཕྱིར། སྡུག་བསྔལ་མྱོང་བ་ནི་དེ་བྱུང་ན་དེ་དང་བྲལ་བར་འདོད་པ་ཡིན།། གཉི་ག་ནི་མི་འབྱུང་བ་ལ་ཡང་མྱོང་བ་གང་ཡིན་པ་དེ་ཡོད་དེ། བདེ་བ་ཡང་མ་ཡིན ་སྡུག་བསྔལ་ཡང་མ་ཡིན་པ་སྟེ། ནག་པོ་ཡང་མ་ཡིན་དཀར་པོ་ཡང་མ་ཡིན་པའི་ལས་དང་འདྲའོ།། དེའི་ཕྱིར་ཕན་འདོགས་པ་ཡང་མེད་ལ་གནོད་པ་བྱེད་པ་ཡང་མེད་པར་ཞུགས་པའི་ཕྱིར། དེ་བྱུང་ན་གཉི་གར་འདོད་པ་མེད་དོ།། མྱོང་བ་རྣམས་པ་གསུམ་པོ་འདི་ནི་རེ ་རི་ལ་ཡང་གནས་ཀྱི་བྱེ་བྲག་གིས་རྣམ་པ་དྲུག་དྲུག་ཏུ་འགྱུར་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཕྱིརརོ།། ཡང་བརྟེན་པར་བསྡུ་ན་ནཱི་རྣམ་པ་གཉིསུ་འགྱུར་ཏེ། ལུས་ཀྱི་དང་སེམས་ཀྱིའོ།། དེ་ལ་མིག་དང་རྣམ ་དང་། སྣ་དང་། ལྕེའི་དབང་པོ་རྣམས་ནི་ལུས་ལ་ཐ་དད་དུ་མི་འཇུག་པ་དང་། ཐོགས་པ་དང་བཅས་པ་དྲང་བསྔགས་པ་ཡིན་པའི་ཕྱིར་ལུས་ཀྱི་ནང་དུ་བསྡུས་ཏེ་ལུས་ཀྱི་སྒྲར་བརྗོད་དོ།། དེའི་ཕྱིར་མིག་དང་རྣ་བ་དང་སྣ་དང་ལྕེ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང ་བའི་མྱོང་བ་ནི་ལུས་ཀྱི་ཞེས་བསྟན་ཏོ།། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བ་ནི་ཡིད་ཙམ་ལ་གནས་པ་ཡིན་པའི་ཕྱིར་སེམས་ཀྱི་ཞེས་བྱའོ།། ཡང་མི་མཐུན་པའི་ཕྱོགས་དང་གཉེན་པོའི་བྱེ་བྲག་གི་མྱོང་བ་རེ་རེ་ལ་ཡང་རྣམ་པ་གཉིས་གཉིསུ་འགྱུར་ཏེ། ཟང་ཟིང ་དང་བཅས་པ་དང་ཟང་ཟིང་མེད་པ་དང་ཞེན་པ་བརྟེན་པ་དང་། མངོན་པར་འབྱུང་བ་བརྟེན་པའོ།། ཟང་ཟིང་ནི་ལུས་ལ་སྲིད་པའོ།། ལུས་ནི་ནང་གི་ཉེ་བར་ལེན་པའི་ཕུང་པོའོ།། དེ་ལ་སྲེད་པ་བུ་གཅིག་པ་ཕངས་པ་ལ་འཁྱུད་པའི་ཚུལ་གྱིས་མི་འབྲལ་བར་འདོད་པ་ལྟ་བུར ་འཇུག་པ་གང་ཡིན་པ་དེ་ནི་ཟང་ཟིང་སྟེ། དེ་དང་ལྡན་པས་ཟང་ཟིང་དང་བཅས་པའོ།། སྲེད་པ་དེ་དང་ལྡན་པ་མ་ཡིན་པ་དང་བྲལ་བའི་རྗེསུ་མཐུན་པ་ནི་ཟང་ཟིང་མེད་པའོ།། གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་སྡུག་བལྔ་ལ་ལྟ་བ་དང་། མངོན་པར་ཆགས་པ་དང་སྨིན ་པའི་མཚན་ཉིད་ཀྱི་འདོད་པས་ཟློས་ཤིང་ཡང་དང་ཡང་གོམས་པར་བྱེད་པས་འདོད་པའི་ཡོན་ཏན་རྣམས་ཏེ་དེ་དག་ལ་མངོན་པར་ཆགས་པ་དང་སྨོན་པ་ནི་ཞེན་པའོ།། དེ་ལ་བརྟེན་པའམ་ཞེན་པ་དེ་བརྟེན་པས་ཞེན་པ་བརྟེན་པའོ།། མངོན་པར་འབྱུང་བ་ནི་འདོད་པའི་ཡོན་ཏན ་ལས་འདོད་ཆགས་དང་བྲལ་བ་འམ་དེའི་ལམ་སྟེ། དེ་ལ་བརྟེན་པའམ་དེ་བརྟེན་པས་མངོན་པར་འབྱུང་བ་ལ་བརྟེན་པའོ།། དེ་ལ་འཇིག་ཚོགས་དང་འདོད་ཆགས་དང་བྲལ་བའི་དབང་དུ་བྱས་ཏེ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་དངོས་པོར་ཟང་ཟིང་དང་བཅས་པ་དང་ཟང ་ཟིང་མེད་པ་གཉིས་རྣམ་པར་གནསོ།། འཇིག་རྟེན་པ་དང་། འདོད་ཆགས་དང་བྲལ་བའི་དབང་དུ་བྱས་ཏེ་ཞེན་པ་བརྟེན་པ་དང་། མངོན་པར་འབྱུང་བ་ལ་བརྟེན་པ་རྣམ་པར་བཞག།། ཅིའི་ཕྱིར་འདིར་རང་གི་ངོ་བོའི་བྱེ་བྲག་བསྟན་གྱི་ཇི་ལྟར་གཞན་ནུས་འབྱུང་བ་བཞིན་དུ ་གནས་ལ་སོགས་པའི་བྱེ་བྲག་གིས་མ་ཡིན་ཞེ་ན། འདིར་ནི་མདོར་བསྡུས་པར་བཞེད་པ་དང་ཐ་དད་པ་ཐམས་ཅད་ཀྱང་རང་གི་ངོ་བོ་ལས་གུད་ན་མེད་པའི་ཕྱིར། འདིར་གནས་ལ་སོགས་པའི་བྱེ་བྲག་མ་བཤད་དོ།། ཚོར་བའི་ཕུང་པོ་བཤད་པའི་འོག་ཏུ་འདུ་ཤེས་ཀྱི་ཕུང ་པོ་བཤད་པའི་སྐབསུ་བབ་སྟེ། དེའི་ཕྱིར་འདུ་ཤེས་གང་ཞེ་ན་ཞེས་དྲིས་པ་དང་། ཡུལ་མཚན་མར་འཛིན་པ་ཞེས་བྱ་བ་དེ་བསྟན་ཏོ།། ཡུལ་ནི་དམིགས་པའོ།། མཚན་མ་ནི་ཡུལ་གྱི་བྱེ་བྲག་སྔོན་པོ་དང་སེར་པོ་ལ་སོགས་པ་དམིགས་པ་རྣམ་པར་བཞག་པའི་རྒྱུའོ།། དེ ་ལ་མཚན་མར་འཛིན་པ་ནི་འདི་ནི་སྔོན་པའོ།། འདི་ནི་སེར་བའོ་ཞེས་རྟོག་པའོ།། དེ་ལྟ་ན་པ་ན་ནི། མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས་བྱེ་བྲག་རྟོག་པ་མེད་པའི་ཕྱིར་ཡུལ་ལ་མཚན་མར་འཛིན་པར ་བདག་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ནི་མཚན་མཱར་འཛིན་པའི་བདག་ཉིད་ཁོ་ན་ཡིན་པར་ཤེས་པར་ཡིན་གྱི། ཞན་པའི་ཕྱིར་ཡོངསུ་གཅོད་པ་ནི་མ་ཡི་ནོ།། གཞན་དུ་ན་སྔར་མ་ཟིན་པའི་བྱེ་བྲག་ལས་ཕྱིས་ཀྱང་འདི་ནི་སྔོན་པོའོ།། འདི་ནི་སེར་པོའོ་ཞེས་རྟོག་པར་མི ་འགྱུརརོ།། རང་གི་ཐ་དད་པ་མེད་ཀྱང་གནས་དང་དམིགས་པས་འདུ་ཤེས་ཐ་དད་པར་རིག་པར་བྱའོ།། གནས་ལས་འདུ་ཤེས་ཀྱི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་དང་། དེ་བཞིན་དུ་ཡིད་ཀྱི་བར་དུ་འདུས་ཏེ་རེག་པ་ལས་བྱུང་བའི ་འདུ་ཤེསོ།། དམིགས་པ་ནི་མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། ཆུང་ངུ་དང་རྒྱ་ཆེན་པོར་གྱུར་པ་དང་། ཚད་མེད་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དོ།། དེ་ལ་སྒྲའི་སྒོ་ནས་གང་དོན་གྱི་ངོ་བོར་སྒྲོ་བཏགས་པ་དེ་ནི་མཚན་མ་སྟེ། མཚན་མ་དེ ་དང་ལྷན་ཅིག་པའི་དངོས་པོའི་རང་གི་ངོ་བོ་ནི་མཚན་མ་དང་བཅས་པའོ།། དངོས་པོ་དེ་ལ་སྒྲོ་བཏགས་པའི་ངོ་བོ་དེ་དང་། འདི་ནི་སྒྲའོ་སྙམ་པའི་འདུ་ཤེས་གང་ཡིན་པ་དེ་ནི་མཚན་མ་དང་བཅས་པ་ལ་དམིགས་པའོ།། མཚན་མ་མེད་པ་ནི་སྒྲོ་བཏགས་པའི ་མཚན་མ་མེད་པ་སྟེ། དངོས་པོའི་རང་གི་ངོ་བོ་དང་། མྱ་ངན་ལས་འདས་པ་དང་། སྲིད་པའི་རྩེ་མོའོ།། དེ་ལ་སྒྲོ་བཏགས་པའི་མཚན་མ་མེད་པ་དང་། གཟུགས་དང་ཚོར་བའི་མཚན་མ་མེད་པ་དང་། གསལ་བ་མ་ཡིན་པའི་ཕྱིར། འདི་གསུམ་ནི་མཚན་མ་མེད ་བར་ཞེས་བྱའོ།། སྒྲ་དང་དོན་དུ་འགལ་ཡེ་ཤེས་པ་ནི་ངོ་བོ་ལ་རང་གི་ངོག་ཅན་འདུ་ཤེས་འཐུང་མེད་ཀྱི། གཟུགས་མིན་ན་ཞེས་བྱ་བར་ནི་མ་ཡིན་ཏེ། དེའི་ཕྱིར་ཡུལ་དེ་ལ་འདུ་ནུས་པ་ནི་མཚན་མ་མེད་པ་ལ་དམིགས་པའོ།། མྱ་ངན་ལས་འདས་པའི་དབྱངས་ཀྱ ་འདུས་བྱས་ཀྱི་མཚན་མར་འི་ངོ་བོ་ཡིན་པས་དེ་ལ་དམིགས་པའི་ཏིང་ཛིན་པ་མ་ཚུངས་པར་ལྡན་པའི་འདུ་ཤེས་ནཱི་མཚན་མ་མེད་པ་ལ་དམིགས་པའོ།། སྒྱིད་པའི་རྩེ་མེ་ནི་གསལ་མ་ཡིན་པའི་ཕྱིར་མཚན་མ་མེད་པ་སྟེ། དེ་ལ་སྙོམས་པར་ཞུགས་པར ་འདུ་ཤེས་ནི། དཱཀྱི་ལས་པ། ཚན་མར་མི་བྱེད་ལས་མཚན་མས་དམིགས་པའོ།། འ་ནི་མཚན་མ་གསལ་བ་མ་ཡིན་པའི་ཕྱིར། དེ་ལ་དམིགས་པ་ཡང་བུ་མོ་ལྷ་མེད་ཅེས་བྱ་བའི་ཚེ་མཚན་མ་མེད་པ་ཞེས་བྱའི་དོནི་མཚན་མ་མེད་པ་ཉིད་ཀྱི་ཕྱིར་མཚན ་མ་མེད་པ་ཞེས་ནི་མི་བྱའོ།། གཞན་དུ་ན་ནི་འདུ་ཤེས་མེད་པར་ཐལ་བར་འགྱུར་ཏེ། མཚན་མ་མེད་པས་མཚན་མར་འཛིན་པ་ཡང་མེད་པར་འགྱུརརོ།། ཆུང་ངུ་ནི་འདོད་པའི་ཁམས་ཏེ་ངན་པའི་ཕྱིར་རོ།། རྒྱ་ཆེན་པོར་གྱུར་པ་ནི་གཟུགས་ཀྱི་ཁམས་ཏེ། མཆོག་ཏུ ་གྱུར་པའི་ཕྱིར།། ཚད་མེད་པ་ནི་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་སྟེ། མུ་ཐུག་པ་མེད་པའི་ཕྱིརརོ།། ཡོངསུ་གཟུང་བ་ཅི་ཡང་མེད་པའི་ཕྱིར་ཅི་ཡང་མེད་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དོ།། དེ་ལྟ་བས་ན་འདོད་པའི་ཁམས་ལ་སོགས ་པ་ལ་དམིགས་པའི་ཆུང་ངུ་ལ་སོགས་པའི་འདུ་ཤེས་ཞེས་བྱའོ།། ། འདུ་ཤེས་ཀྱི་ཕུང་པོ་བཤད་པའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོ་བཤད་པར་རིགས་ཏེ། དེའི་འོག་ཏུ་བསྟན་པས་མ་དེའི་ཕོར། འདུ་བྱེད་རྣམས་གང་ཞེ་ན་ཞེས་དྲིས་པ་དང་། ཚོར་བ ་དང་། འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་དང་། སེམས་དང་ལྡན་པ་མ་ཡིན་པ་རྣམས་སོ་ཞེས་བྱ་བས་དེ་བསྟན་ཏོ།། རྐྱེན་རྣམས་འདུས་ཤིང་ཚོགས་ནས་བྱས་པའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོར་བསྡུས་པའི་ཆོས་ཐང ་དུ་བྱེད་རྣམས་ཞེས་བྱའོ།། འདྲིར་ནི་འདུ་བྱེད་ཀྱི་ཕུང་པོར་བསྡུས་པ་ཉིད་འདུ་བྱེད་རྣམ་སུ་འདོད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་ཀྱི་ཕུང་པོར་བསྡུས་པ་རྣམས་ནི་བཤད་ཟིན་ལ། རྣམ་པར་ཤེས་པའི་ཕུང་པོར་བསྡུས་པ་རྣམས་ནི་འོག་ནས་འབྱུང་པོ་དེའི་ཕྱིར་ཚོར་བ ་དང་འདུ་ཤེས་གཉིས་རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་རྣམས་དང་། སེམས་ལས་བྱུང་བ་ཉིད་དུ་བྱེ་བྲག་མེད་ཀྱང་། ཚོར་བ་དང་། འདུ་ཤེས་ལས་གཞན་པའི་སེམས་ལས་བྱུང་བ་རྣམས་ཞེས་སྨོས་པ་ནི། ཚོར་བ་དང་། འདུ་ཤེས་གཉིས་སེམས་ལས་བྱུང་བ་ཉིད་ཡིན ་དུ་ཟིན་ཀྱང་ཚོར་བ་དང་འདུ་ཤེས་གཉིས་ཕུང་པོར་བསྡུས་པས་འདུ་བྱེད་ཀྱི་ཕུང་པོར་མ་བསྡུས་པར་བསྟན་པའི་ཕྱི་རོ།། ཚོར་བ་ནི་ཉེ་བར་དཔྱོད་པའི་དངོས་པོ་སྟེ། འདི་ལྟར་ཚོར་བས་ནི་ལས་དགེ་བ་དང་། མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་བྱེད། འདུ་ཤེས་ནི ་ཐ་སྙད་འདོགས་པའི་གཞི་སྟེ། འདུ་ཤེས་ཀྱིས་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་ཤེས་པའི་དོན་རྣམས་ལ་མཚན་མར་བཟུང་ནས་མཐོང་བ་ལ་སོགས་པ་ལ་མཐོང་ངོ་།། ཐོས་སོ།། བྱེ་བྲག་བྱེད་དོ།། རྣམ་པར་ཤེས་སོ་ཞེས་འཇིག་རྟེན་པའི ་ཐ་སྙད་ལ་འཇུག་སྟེ། དེའི་ཕྱིར་ཚོར་བ་དང་། འདུ་ཤེས་ཉིད་སོ་སོར་ཕུང་པོར་བྱས་ཀྱི་སེམས་ལས་བྱུང་བ་གཞན་རྣམས་ནི་མ་ཡིནོ།། གལ་ཏེ་ཚོར་བ་དང་འདུ་ཤེས་ལས་གཞན་པ་རེག་པ་ལ་སོགས་པ་སེམས་ལས་བྱུང་བའི་ཆོས་སྤྱོད་པ་ལ་ཐུག་པ་རྣམས་དང་། ་སེམས་དང་ལྡན་པ་མ་ཡིན་པ་ཐོབ་པ་ལ་སོགས་པ་འདུ་བྱེད་ཀྱི་ཕུང་པོར་བསྡུ་ན། དེ་ལྟ་ན་འོ་ན་ནི་མདོ་དང་འགུལ་ཏེ། མདོ་ལས་ནི་འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་གོ་ཞེས་གསུངསོ་ཞེ་ན། དེ་ནི་གཙོ་བོ་བསྟན་པའི་ཕྱིར་འགལ་བ ་མེད་དེ། སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ནི་གཙོ་བོ་ཡིན་ལ། ཡིད་ལ་བྱེད་པ་ལ་སོགས་པ་ནི་དེའི་རྗེ་སུ་འབྲང་བ་ཡིན་པས་སེམས་པ་ཉིད་འདུ་བྱེད་ཀྱི་ཕུང་པོར་གསུངས་ཏེ། འདི་ལྟར་གང་དགེ་བ་ཡང་སེམས་འཇུག་པར་བྱེད། མི་དགེ་བ་དང་། ་ལུང་མ་བསྟན་པ་དང་། བདེ་བ་དང་སྡུག་བསྔལ་གྱི་གནས་རྣམས་ལ་ཡང་སེམས་འཇུག་པར་བྱེད་པའི་ཕྱིརརོ།། འདུ་བྱེད་བཞིན་དུ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མི་ཤེས་པའི་ཕྱིར་དྲིས་པ་དང་། ཆོས་གང་དག་སེམས་དང་མཚུངས་པར་ལྡན ་པ་རྣམསོ་ཞེས་བྱ་བས་སྟོན་ཏོ།། དེ་དག་ཀྱང་མི་ཤེས་པས་དེའི་ཕྱིར་དྲིས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་ཞེས་རྒྱ་ཆེར་སྨོས་སོ།། རེག་པ་ལ་སོགས་པ་དཔྱོད་པ་ལ་ཐུག་པ་དེ་དག་ཀྱང་གནས་དང་། དམིགས་པ་དང་རྣམ་པ་དང་། དུས་དང་རྫས ་མཚུངས་པ་ཉིད་རྣམ་པ་ལྔས་སེམས་ཀྱི་རྫ་སུ་འབྲང་བའི་ཕྱིར་མཚུངས་པར་ལྡན་པས་མཚུངས་པར་ལྡན་པ་རྣམ་སོ།། སེམས་དང་མཚུངས་པར་ལྡན་པ་བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་ཀྱང་སེམས་ཐམས་ཅད་དང་མཚུངས་པར་ལྡན་པར་ཐལ་བར་འགྱུར ་ཎྱཻ་བསལ་བའི་ཕྱིར། དེ་རྣམས་ལས་ལྔ་ནི་ཀུན་ཏུ་འགྲོ་བའོ།། ལྔ་ནི་ཡུལ་སོ་སོར་ངེས་པའོ།། བཅུ་གཅིག་ནི་དགེ་བའོ།། དྲུག་ནི་ཉོན་མོངས་པའོ།། ལྷག་མ་རྣམས་ནི་ཉེ་བའི་ཉོན་མོངས་པའོ།། འགྱོད་པ་ལ་སོགས་པ་བཞིནི་གཞན་དུ་ཡང་ངོ་ཞེས་བྱ་བ་སྨོས།། ་ངག་གི་ནང་ནས་དང་པོའི་རེག་པ་དང་། ཡིད་ལ་བྱེད་པ་དང་ཚོར་བ་དང་། འདུ་ཤེས་དང་། སེམས་པ་གང་ཡིན་པ་དེ་དག་ནི་ཀུན་ཏུ་འགྲོ་བ་སྟེ། ཆོས་ལྔ་པོ་འདི་དག་ནི་སེམས་ཐམས་ཅད་ཀྱི་རྗེ་སུ་འགྲོ་བས་ཀུན་ཏུ་འགྲོ་བའོ།། འདི་ལྟར ་འདི་དག་ནི་ཁམས་གསུམ་པའི་དགེ་བ་དང་། ཟག་པ་མེད་པའི་སེམས་དང་ཡང་མཚུངས་པར་ལྡན་ལ། འདོད་པར་གཏོགས་པའི་མི་དགེ་བ་དང་། ཁམས་གསུམ་པའི་ཉོན་མོངས་པ་ཅན་དང་། ལུང་དུ་མི་སྟོན་པ་དང་ཡང་མཚུངས་པར་ལྡན་ནོ།། སེམས་ཀྱི ་འཇུག་པ་ཐམས་ཅད་ལ་གདོན་མི་ཟ་བར་གསུམ་འདུས་པ་འབྱུང་སྟེ། གསུམ་འདུས་པ་ཡང་རེག་པ་ལས་འཁྲུལ་པ་མེད་པས། དེའི་ཕྱིར་རེག་པ་ནི་ཀུན་ཏུ་འགྲོ་བ་ཉིད།། སེམས་ཀྱི་འཇུག་པ་མེད་པར་དཱ་ནི་ཉི་བས་འ་འི་སྲིད་པས་ཡིད་ལ་བྱེད་པ་ཡང་ཀུན་ཏུ་འགྲོ་བ ་ཉིད་དོ།། མྱོང་བ་མེད་པ་དང་མཚན་མར་འཛིན་པ་ལ་མི་བལྟོས་པའི་སེམས་མེད་པས་ན་ཚོར་བ་དང་། འདུ་ཤེས་ཀྱང་ཀུན་ཏུ་འགྲོ་བ་ཉིད།། སེམས་པ་ནི་ཡིད་ཀྱི་ལས་ཉིད་ཡིན་པས་དེ་ཡང་གདོན་མི་ཟ་བར་སེམས་ཐམས་ཅད་ལ་འབྱུང་བས་དེའི་ཕྱིར་ཆོས ་ལྔ་པོ་འདི་དག་ནི་ཀུན་ཏུ་འགྲོ་བའོ།། ལྔ་ནི་ཡུལ་སོ་སོར་ངེས་པའོ་ཞེས་བྱ་བ་ནི་འདི་དག་ཡུལ་སོ་སོར་ངེས་པ་ཡིན་གྱི་ཐམས་ཅད་ལ་མ་ཡིན་པས་ཡུལ་སོ་སོར་ངེས་པའོ་ཞེས་བྱའོ།། དེ་དག་ཀྱང་འདུན་པ་དང་། མོས་པ་དང་། དྲན་པ་དང་ཏིངངེ་འཛིན་དང་ཤེས ་རབ་བོ།། བཅུ་གཅིག་ནི་དགེ་བ་སྟེ། དེ་དག་ཀྱང་དད་པ་ལ་སོགས་པ་ནས་རྣམ་པར་མི་འཚེ་བ་ལ་ཐུག་པ་ཡན་ཆད་།། དེ་དག་ནི་མ་དད་པ་ལ་སོགས་པའི་གཉེན་པོ་ཡིན་པ་དང་། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཕྱིར་དགེ་བ་རྣམས་ཏེ། དེ་དང ་མཚུངས་པར་ལྡན་པའི་སེམས་ཀྱང་དགེ་བའོ།། ཉོན་མོངས་པ་དྲུག་ནི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་སྟེ། དེ་དག་ནི་སེམས་ཉོན་མོངས་པར་བྱེད་པས་ཉོན་མོས་པ་རྣམས་སོ།། ལྷག་མ་རྣམས་ནི་ཉེ་བའི ་ཉོན་མོངས་པའོ་ཞེས་བྱ་བ་ནི་དེ་དག་ཀྱང་ཁྲོ་བ་ནས་ཤེས་བཞིན་མ་ཡིན་པ་ལ་ཐུག་པ་ཡན་ཆད།། འགྱོད་པ་ལ་སོགས་བཞི་ནི་གཞན་དུ་ཡོང་ཞེས་འབྱུང་བ་དེའི་ཕྱིར་ལྷག་མ་རྣམས་ནི་ཉེ་བའི་ཉོན་མོངས་པའོ་ཞེས་ཁྱད་མེད་པར་བརྗོད་ཀྱང་ཤེས་བཞིན་མ་ཡིན་པའི ་ཐར་ཐུག་པ་ཁོ་ན་ཡིན་པར་མངོན་ནོ།། ཉོན་མོངས་པའི་ཆར་གཏོགས་པ་དང་། སེམས་ཉོན་མོངས་པར་བྱེད་པ་དང་། ཉོན་མོངས་པ་དང་ཉེ་བའི་ཕྱིར་ཉེ་བའི་ཉོན་མོངས་པ་རྣམ་སོ།། འགྱོད་པ་ལ་སོགས་པ་བཞི་ནི་ཞེས་བྱ་བ་ནི་འགྱོད་པ་དང་གཉིད་དང་རྟོག་པ་དང ་དཔྱོད་པའོ།། གཞན་དུ་ཡང་ངོ་ཞེས་བྱ་བ་ནི་འདི་དག་ཉེ་བའི་ཉོན་མོངས་པ་འབའ་ཞིག་ཡིན་པར་མ་ཟད་ཀྱི། དགེ་བ་ཡིན་པ་དང་། ལུང་དུ་མི་སྟོན་པ་ཡང་ཡིན་པའི་ཕྱི་རོ།། སེམས་ལས་བྱུང་བ་རྣམས་ཀྱི་སྡོམ་འདི་ནི་བསྡུ་ན་ལྔ་བཅུ་རྩ་གཅིག་གོ།། འདི་དག་གི་སོ ་སའི་རང་གི་ངོ་བོ་མི་ཤེས་པས། རེག་པ་གང་ཞེ་ན། ཡིད་ལ་བྱེད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་དྲིསོ།། འདིར་ནི་མཚན་ཉིད་ཁོ་ན་བསྟན་གྱི་མདོར་བསྡུ་བར་འདོད་པས་གཞན་ནས་འབྱུང་བ་བཞིན་དུ་ལས་ནི་མ་ཡིནོ།། བདག་གོ་ནི་བདེ་བླག་ཏུ་རྟོགས་པར ་བྱ་བའི་ཕྱིར། ལས་ཀྱང་བཤད་པར་བྱའོ།། དེ་ལ་རང་གི་ངོ་བོ་ནི་སྔར་བསྟན་པའི་ཕྱིར་སྔར་བཤད་དེ། དེ་བཞིན་དུ་གཞན་ཡང་ཇི་ལྟར་མཐུན་མཐུན་པར་བརྗོད་པར་བྱའོ།། གསུམ་འདུས་ནས་ཡོངསུ་གཅོད་པའོ་ཞེས་བྱ་བ་ནི་སྐབས་ཡིན་པས་དབང་པོ་དང་ཡུལ་དང་རྣར ་ཤེས་པ་གསུམ་པ་ཉིད་གསུམོ།། དེ་རྒྱུ་དང་འབྲས་བུའི་དངོས་པོར་གནས་པ་ནི་འདུས་པ་སྟེ། དེ་ཡོད་ན་དེའི་དུས་ཉིད་ན་བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བ་དང་མཐུན་པ་དབང་པོའི་འགྱུར་བ་འདི་གང་ཡིན་པ་དེ་དང་འདྲ་བ་བདེ་བ་ལ་སོགས ་ང་བར་འགྱུར་བའི་ཡུལ་གྱི་རྣམ་པ་ཡོངསུ་གཅོད་པ་གང་ཡིན་པ་དེ་རེག་པའོ།། དབང་པོ་ཡང་བྱེ་བྲག་གང་གིས་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པའི་རྒྱུར་འགྱུར་པ་དེ་ནི་དེའི་འགྱུར་པ་སྟེ། དབང་པོའི་འགྱུར་བ་དང་འདྲ་བས་དབང་པོ་ལ་རེག་པ་འམ། དབང་པོས ་རེག་པས་རེག་པའོ།། འདིའི་ལས་ནི་ཚོར་བའི་རྟེན་བྱེད་པའོ།། དེ་སྐད་དུ་མདོ་ལས་ཀྱང་བདེ་བ་མོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས་བདེ་བའི་ཚོར་བ་འབྱུངངོ་ཞེས་གསུང་སོ།། ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་འཇུག་པའོ་ཞེས་བྱ་བ་ནི་འཇུག་པར་བྱེད་པས་འཇུག ་པ་སྟེ། དམིགས་པ་ལ་གང་གིས་སེམས་མངོན་དུ་ཕྱོགས་པར་བྱེད་པ་དེ་སེམས་ཀྱི་འཇུག་པའོ།། དེ་ནི་དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ཏེ། སེམས་འཛིན་པ་ནི་དམིགས་པ་དེ་ཉིད་ལ་ཡང་དང་ཡང་གཏོད་པའོ།། ལས་དེ་ཡང་སེམས་ཀྱི་རྒྱུན་གྱི་དམིགས ་པ་ངོས་པས་ཡིད་ལ་བྱེད་པ་བྱེ་བྲག་ཅན་གྱི་དབང་དུ་བྱས་ཏེ་བཤད་ཀྱི། དེ་སེམས་ཀྱི་སྐད་ཅིག་རེ་རེ་ལ་ནི་མ་ཡིན་ཏེ། ཡིད་ལ་བྱེད་པ་ཐོབ་པ་ནི་ཏིང་འཛིན་ཐོབ་པའོ་ཞེས་གང་སྨོས་པ་ནི་འདིར་དཔེར་བརྗོད་པ་སྟེ། དེར་ཡང་ཡིད་ལ་བྱེད་པ་ཁྱད་པར་ཅན་ཐོབ ་པས་ཡིད་ལ་བྱེད་པ་ཐོབ་པའོ་ཞེས་བརྗོད་དོ།། གཞན་དུ་ན་ནི་ཐམས་ཅད་ཀྱི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡིད་ལ་བྱེད་པ་ཐོབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་ཡིད་ལ་བྱེད་པ་ཐོབ་པ་ཉིད་དུ་འགྱུར་རོ།། སེམས་པ་གང་ཞེ་ན་ཡོན་ཏན་དང་། ཉེས་པ་དང་། གཉི་ག ་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སོ་ཞེས་བྱ་བ་ལ་ཡོན་ཏན་ནི་དགེ་བའི་ཆོས་རྣམ་སོ།། ཉེས་པ་ནི་མི་དགེ་བ་རྣམསོ།། གཉི་ག་མ་ཡིན་པ་ནི་ལུང་དུ་མ་བསྟན་པ་རྣམ་སོ།། ཡང་ན་ཡོན་ཏན་ནི་ཕན་འདོགས་པ་རྣམ་སོ།། ཉེས་པ་ནི་གནོད། ་པར་བྱེད་པ་རྣམ་སོ།། གཉི་ག་མ་ཡིན་པ་ནི་བར་མ་དོ་རྣམ་སོ།། སེམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་ཡིད་གཡོ་བར་བྱེད་པ་སྟེ། གང་ཡོད་ན་ཁབ་ལོང་གི་དབང་གིས་ལྕགས་གཡོ་བ་བཞིན་དུ་དམིགས་པ་ལ་སེམས་གཡོ་བར་བྱེད་པའོ།། སྐད ་ཅིག་གཞན་དུ་མི་གནས་ཤིང་།། བྱེད་མེད་ཡིད་ཀྱང་དབང་གིས་ནི།། བྱེད་དང་བཅས་ལྟར་སྣང་བྱེད་པ།། སེམས་པ་དེ་ནི་ཡིད་ཀྱི་ལས། ཞེས་གསུངསོ།། སེམས་མངོན་པར་འདུ་བྱེད་པ་ཞེས་དེ་སྐད་ཅེས་བསྟན་ན། ཡིད་ཀྱི་ལས་ཞེས་ཅིའི་ཕྱིར་བྱ་ཞེ ་ན། སེམས་ལས་བྱུང་བ་ཐམས་ཅད་ཀྱིས་ཀྱང་སེམས་མངོན་པར་འདུ་བྱེད་པས་དེའི་ཕྱིར་གཞན་དག་ལས་རྣམ་པར་དབྱེ་བའི་དོན་དུ་ཡིད་ཀྱི་ལས་ཞེས་བྱ་བ་སྨོ་སོ།། རྣམ་པར་ཤེས་པ་ཀུན་ཏུ་གཡོ་བ་ལྟར་བྱེད་པའི་ཆོས་གང་ཡིན་པ་དེ་ནི་སེམས་པ་ཡིན ་གྱི་གཞན་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱི་རོ།། ཡོན་ཏན་དང་ཉེས་པ་དང་གཉི་ག་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་སྐྱེ་བྱ་བ་ལས་བསྟན་པའོ།། ཡིད་ཀྱི་ལསོ་ཞེས་བྱ་བ་ནི་སེམས་པའི་རང་གི་ངོ་བོ་བསྟན་ཏོ།། བདུན་པ་གང་ཞེ་ན། བསམས ་བའི་དངོས་པོ་ལ་འདོད་པའོ་ཞེས་བྱ་བ་ལ། མ་བསམས་པ་ལ་འདུན་པ་མདོ་ཞེས་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ལྟར་ན་མདུན་པ་ཡུལ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡི་ནོ།། ལྟ་བ་དང་། མཉན་པ་ལ་སོགས་པའི་བྱ་བའི་ཡུལ་དུ་གྱུར་པ་ལ་བསམས་པའི ་དངོས་པོ་གང་ཡིན་པ་དེ་ནི་བསམས་པའོ།། དེ་ལ་བལྟ་བ་དང་མཉན་པར་འདོད་པ་ནི་དོན་དུ་གཉེར་བའོ།། གལ་ཏེ་འདུན་པ་འདོད་པའི་བདག་ཉིད་ཡིན་ན་དེའི་ཚེ་སྲེད་པ་དང་འདུན་པ་གཉིས་བྱེ་བྲག་ཅི་ཡོད་ཅེ་ན། སྲེད་པ་ནི་མངོན་པར ་ཆགས་པའི་མཚན་ཉིད་ཡིན་ལ། འདུན་པ་ནི་འདོད་པའི་མཚན་ཉིད་ཡིན་པས་བྱེ་བྲག་ཡོད་དེ། འདི་ནི་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅནོ།། མོས་པ་གང་ཞེ་ན། ངེས་པའི་དངོས་པོ་ལ་དེ་བཞིན་དུ་ངེས་པར་འཛིན་པའོ་ཞེས་བྱ་བ་ལ་ངེས་པ་སྨོས་པ ་ནི་མོས་པའི་ཡུལ་ཡང་ཐམས་ཅད་མ་ཡིན་པར་ཤེས་པར་བྱ་བའི་ཕྱིར་ཏེ། ངེས་པ་མེད་པའི་དངོས་པོ་ལྔ་དེ་བཞིན་དུ་ངེས་པར་འཛིན་མི་སྲི་དོ།། རིགས་པའམ་ཡིད་ཆེ་སུ་དའི་ལུང་གི་དངོས་པོ་དེ་ལ་ཐེ་ཚོམ་མེད་པ་གང་ཡིན་པ་དེ་ངེས་པ་སྟེ། མི་རྟག་པ་དང་། ་སྡུག་བསྔལ་བ་ལ་སོགས་པའི་རྣམ་པར་གང་གིས། དེ་རྣམ་པར་ངེས་པོའི་རྣམ་པ་དེ་ཉིད་ཀྱི་དངོས་པོ་དེ་ལ་སེམས་འཇོག་པ་སྟེ། འདི་ནི་དེ་བཞིན་ཏེ་གཞན་དུ་མ་ཡིནོ་ཞེས་ངེས་པར་འཛིན་པ་ནི་མོས་པའོ།། འདི་ནི་མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ཏེ། མོས ་པ་གཅེསུ་བྱེད་པ་ནི་ཕས་ཀྱི་རྒོལ་བ་རྣམས་ཀྱི་རང་གི་གྲུབ་པའི་མཐའ་ལས་འཕྲོགས་པར་མི་ནུསོ།། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་མ་བརྗོད་པ་སྟེ། སེམས་ཀྱི་མངོན་པར་བརྗོད་པ་ཉིད་དོ་ཞེས་བྱ་བ་ལ་འདྲིས་པ་སྨོས་པ་ནི་མ་འདྲིས་པ་ལ་དྲན་པ ་མདོ་ཞེས་བསྟན་པའི་ཕྱིར་རོ།། འདྲིས་པའི་དངོས་པོ་ནི་སྔོན་མོང་བའོ།། མ་བརྗོད་པ་ནི་དམིགས་པ་ལ་འཛིན་པ་ཆུད་མི་ཟ་བར་བྱེད་པའི་རྒྱུ་སྟེ། དེ་ནི་སྔོན་བཟུང་བའི་དངོས་པོ་ལ་དམིགས་པའི་རྣམ་པ་ཡང་དང་ཡང་དུ་དྲན་པའོ།། མངོན་པར་བརྗོད་པ་ཉིད ་ནི་མངོན་པར་བརྗོད་པ་དང་འདྲ་བས་མངོན་པར་བརྗོད་པའོ།། མངོན་པར་བརྗོད་པ་ཁོ་ན་མངོན་པར་བརྗོད་པ་ཉིད།། དེ་ནི་དམིགས་པ་མངོན་པར་བརྗོད་པ་ཡོད་ན་དམིགས་པ་གཞན་ནམ་རྣམ་པ་གཞན་ལ་སེམས་གཡེང་བ་མེད་པས་དེའི་ཕྱིར་མི་གཡེང་བའི་ལས་ཅནོ།། ་ཏི་འཛིན་གང་ཞེ་ན། བརྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་ལ་བརྟག་པ་ཞེས་བྱ་བ་ནི་གཞན་དུ་མ་ཡིན་ཏེ། དེ་ལྟར་ན་ཏིང་འཛིན་ཀྱང་ཡུལ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡི་ནོ།། བརྟག་པའི་དངོས་པོ་ནི་ཡོན་ཏཱན་དང་ཉེས་པའོ།། སེམས ་གཅིག་པ་ནི་དམིགས་པ་གཅིག་པ་ཉིད་དེ། འདིར་རྩེ་ནི་དམིགས་པ་ལ་བྱའོ།། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཡོངསུ་ཤེས་པའི་ཕྱིར་ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ།། དེ་ལ་བརྟག་པའི་དངོས་པོའི་བདེན་པ་བཞི་སྟེ། འགོག་པའི ་བདེན་པ་ལ་ཞི་བ་ལ་སོགས་པའི་རྣམ་པ་དང་། ལམ་གྱི་བདེན་པ་ལ་ངེས་པར་འབྱིན་པ་ལ་སོགས་པའི་རྣམ་པར་བརྟག་པ་འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་ནི་ཡོན་ཏན་ནོ།། སྡུག་བསྔལ་གྱི་བདེན་པ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་དང་། ཀུན ་འབྱུང་བའི་བདེན་པ་ལ་ནི་རྒྱུ་ལ་སོགས་པའི་རྣམ་པར་བརྟགས་པས་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་ནི་ཉེས་པའོ།། དེ་བཞིན་དུ་ས་དགུ་ལ་འོག་མ་ལ་ནི་ཉེས་པར་ལྟ་གོང་མ་ལ་ཡོན་ཏན་དུའོ།། དེ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཀྱི་དམིགས་པ་གཞན ་རྣམས་ལ་ཡང་ཇི་ལྟར་མཐུན་མཐུན་དུ་བརྗོད་པར་བྱའོ།། ཤེས་རབ་གིང་ཞེ་ན། དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིགས་པ་དང་རིགས་པ་མ་ཡིན་པས་བསྐྱེད་པ་དང་། གཞན་པའོ་ཞེས་བྱ་བ་ལ། དེ་དག་ཉིད་ལ་ཞེས་བྱ་བ་ནི་བརྟག་པའི་དངོས་པོ ་ཉིད་ལ་སྟེ། དེ་ལྟར་ན་ཏིང་འཛིན་བཞིན་དུ་ཤེས་རབ་ཀྱང་ཡུལ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡིན་ནོ།། རབ་ཏུ་རྣམ་པར་འབྱེད་པས་ཀྱང་རབ་ཏུ་རྣམ་པར་འབྱེད་པ་སྟེ། རང་དང་སྤྱིའི་མཚན་ཉིད་འདྲེས་པ་ལྟ་བུའི་ཆོས་རྣམས་ཡང་དག ་པ་འམ། ལོག་པར་སོ་སོར་རྟོག་པའོ།། རིགས་པ་ནི་གཤའ་བ་སྟེ། ཡིད་ཆེས་པའི་ལུང་དང་། རྗེ་སུ་དཔག་པ་དང་མངོན་སུམ་མོ།། རྣམ་པ་དེ་གསུམ་གྱིས་བསྐྱེད་པ་གང་ཡིན་པ་དེ་ནི་རིག་པས་བསྐྱེད་པའོ།། དེ་ཡང་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས ་བྱུང་བ་དང་། བསྒོམ་པ་ལས་བྱུང་བ་སྟེ། དེ་ལ་ཡིད་ཆེས་པའི་གསུང་རབ་ལས་སྐྱེས་པའི་རྟོག་པ་ནི་ཐོས་པ་ལས་བྱུང་བའོ།། རིགས་པ་ངེས་པར་བསམས་པ་ལས་སྐྱེས་པ་ནི་བསམས་པ་ལས་བྱུང་བའོ།། ཏིང་འཛིན་ལས་སྐྱེས་པ་ནི་བསྒོམས་པ་ལས་བྱུང་བའོ།། ་རིགས་པ་མ་ཡིན་པ་ནི་ཡིད་ཆེས་པ་མ་ཡིན་པའི་ལུང་དང་། རྗེ་སུ་དཔག་པ་ལྟར་སྣང་བ་དང་། ལོག་པར་བསམས་པའི་ཏིང་འཛིན་ཏེ། རིགས་པ་མ་ཡིན་པ་དེས་བསྐྱེད་པ་ནི་རིགས་པ་མ་ཡིན་པས་བསྐྱེད་པའོ།། དེ་ལ་གྲངས་ཅན་དང་བྱེ་བྲག་པ་ལ་སོགས་པའི ་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་ནི་ཡིད་ཆེས་པ་མ་ཡིན་པའི་ལུང་གིས་བསྐྱེད་པ་དང་། རྟོག་གེ་དྲན་པས་བསྐྱེད་པའི་ཕྱིར་རིགས་པ་མ་ཡིན་པས་བསྐྱེད་པའོ།། འདོད་ཆགས་དང་བྲལ་བ་རྣམས་ཀྱི་རྟག་པ་དང་ཆད་པར་སྨྲ་བ་རྣམས་ཀྱི་དང་། ་ཅིག་རྟག་པ་རྣམས་ཀྱི་ཡང་ལོག་པར་བསམས་པའི་ཏིང་འཛིན་ལས་སྐྱེས་པའི་ཕྱིར་རིགས་པ་མ་ཡིན་པས་བསྐྱེད་པའོ།། སྐྱེ་བས་ཐོབ་པ་དང་། འཇིག་རྟེན་པའི་ཐ་སྙད་ཤེས་པ་ནི་རིགས་པའི་བསྐྱེད་པ་ཡང་མ་ཡིན། མི་རིགས་པས་བསྐྱེད་པ་ཡང་མ་ཡིན་པའོ།། ་འདི་ནི་སོམ་ཉི་བཟློག་པའི་ལས་ཅན་ཏེ། སོམ་ཉི་བཟློག་པ་ནི་ཤེས་རབ་ཀྱིས་ཆོས་རབ་ཏུ་ཕྱེ་ནས་ངེས་པར་ཐོབ་པའི་ཕྱིར་རོ།། ། ཕུང་པོ་ལྔའི་རབ་ཏུ་བྱེད་བྱེ་བྲག་ཏུ་བཤད་པ། བམ་པོ་གཉིས་པ། དད་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན ་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། འདོད་པ་དང་། སེམས་དང་བའོ་ཞེས་བྱ་བ་ལས་ནི་རྣམ་པ་གསུམ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའོ།། དེ་ལ་བསོད་ནམས་མ་ཡིན་པ་ནི་མི་དགེ་བ་དང་མཚུངས་པར་ལྡན་པའི ་ཕྱིར་འདོད་པར་གཏོགས་པ་ཉིད།། བསོད་ནམས་ནི་རྣམ་པར་སྨིན་པ་ངེས་པ་མེད་པའི་ཕྱིར་འདོད་པར་གཏོགས་པ་ཉིད།། རྣམ་པར་སྨིན་པར་འགྱུར་བ་ལ་གཡོ་བ་མེད་པའི་ཕྱིར་མི་གཡོ་བའོ།། བསོད་ནམས་མ་ཡིན་པའི་རྣམ་པར་སྨིན་པ་ནི་འདོད་པའི་ཁམས་ན་མི ་འདོད་པའོ།། བསོད་ནམས་ཀྱི་ནི་འདོད་པའོ།། མི་གཡོ་བའི་རྣམ་པར་སྨིན་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ན་འདོད་པ་ཉིད་དོ།། དེ་ལ་ལས་དང་འབྲས་བུ་གཉིས་ཡོད་པར་མངོན་པར་ཡིད་ཆེས་པའི་རྣམ་པའི་དད་པ་ནི་ལས་དགེ་བ་དང་མི་དགེ ་ཡོད་པ་དང་། དེ་ཡང་འབྲས་བུ་འདོད་པ་དང་མི་འདོད་པ་དང་གོ་རིམས་བཞིན་ནོ།། དེ་ཡང་དགེ་བ་དང་མི་དགེ་བའི་ལས་ཀྱི་རྒྱུ་ལས་བྱུང་བ་སྟེ། དབང་ཕྱུག་ལ་སོགས་པས་སྤྲུལ་པ་ནི་ལ་ཡིན་ནོ་ཞེས་དེ་ལྟར་ལས་དང་འབྲས་བུའི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པ་ལས ་དང་འབྲས་བུའི་རྣམ་པར་སྨིན་པ་གཉིས་རྒྱུ་དང་འབྲས་བུར་འབྲེལ་བར་མངོན་པར་ཡིད་ཆེས་པ་གང་ཡིན་པ་དེ་ནི་ལས་དང་འབྲས་བུ་གཉིས་ཡོད་པ་ཉིད་དུ་ཡིད་ཆེས་པའི་རྣམ་པའི་དད་པའོ།། བདེན་པ་ནི་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་ད་། ་ལམ་རྣམས་ཏེ། འཕགས་པ་རྣམས་དང་མི་མཐུན་པ་དང་། མི་རྟག་པ་ལ་སོགས་པ་ཉིད་དུ་མ་ནོར་བའི་ཕྱིར་འབྲས་བུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་གྱི་བདེན་པའོ།། སྡུག་བསྔལ་གྱི་རྒྱུར་གྱུར་པ་དང་།། ་རྐྱེན་ལ་སོགས་པའི་རྣམ་པར་ཕྱིན་ཅི་མ་ལོག་པའི་ཕྱིར་རྒྱུར་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ཀུན་འབྱུང་བའི་བདེན་པའོ།། སྡུག་བསྔལ་རྒྱུ་དང་བཅས་པ་ཉེ་བར་ཞི་བའི་བདག་དང་། ཞི་བ་ལ་སོགས་པའི་རྣམ་པར་ཕྱིན་ཅི་མེ་ལོག་པའི ་ཕྱིར་སྡུག་བསྔལ་འགོག་པ་ནི་འགོག་པའི་བདེན་པའོ།། སྡུག་བསྔལ་འགོག་པ་ཐོབ་པར་བྱེད་པ་དང་། ངེས་པར་འབྱིན་པ་ལ་སོགས་པའི་རྣམ་པར་ཕྱིན་ཅི་མེ་ལོག་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་བདེན་པའོ།། དེ་ལ ་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་གཉིས་ལ་སྡུག་བསྔལ་ཡོད།། ཀུན་འབྱུང་བ་ཡོད་ཞེས་ཡོད་པར་མངོན་པར་ཡིད་ཆེས་པའི་རྣམ་པ་ཉིད་དང་པོའོ།། འགོག་པ་དང་ལམ་གྱི་བདེན་པ་གཉིས་ལ་བདག་གི་འགོག་པ་ཐོབ་པར་བྱ་བ་དང་། ལམ་བསྐྱེད ་པཱ་ནུ་སོ།། སྙམ་དུ་འདོད་པའི་རྣམ་པ་ནི་དད་པའོ།། དཀོན་མཆོག་ནི་གསུམ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་རྣམ་སོ།། དཀོན་པ་ཉིད་དང་། རིན་ཆེན་ཉིད་དང་། དགའ་བར་བྱེད་པ་དང་། ཕན་འདོགས་པ་དང་མི་མ་ཡིན་པ་ལ་སོགས་པ་གནོད་པར་བྱེད། ་བའི་གཉེན་པོར་གྱུར་པའི་ཕྱིར་རིན་པོ་ཆེ་དང་འདྲ་བས་ན་དཀོན་མཆོག་གོ།། དེ་ལ་དཀོན་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སྲིད་པ་དང་ལོངས་སྤྱོད་ལ་མ་ཆགས་པས་ལུས་དང་སྲོག་ལ་མི་ལྟ་བ་རྒྱུན་མི་འཆད་པར་བྱང་ཆུབ་ཀྱི་ཚོགས་ལ་ཞུགས་པ་རྣམས་ཀྱིས ་ཀྱང་སངས་རྒྱས་ཉིད་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པར་བྱ་བ་ཡིན་པས་ན་དཀོན་པ་ཉིད་།། དེའི་ཕྱིར་སངས་རྒྱས་འབྱུང་བ་ཉིད་ནི་ཨུ་དུམྦ་ར་དང་འདྲ་བར་དཀོན་པ་ཞེས་བྱའོ།། སངས་རྒྱས་འབྱུང་བ་དཀོན་བྱས་ན། སངས་རྒྱས་འབྱུང་བ་ལ་རག་ལས ་པའི་ཕྱིར་ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་དཀོན་པ་ཉིད།། རིན་ཆེ་བ་ཉིད་ནི་འདོད་དགུ་མཐར་ཕྱིན་པའི་གནས་ཐོབ་པ་རྣམས་ཀྱི་བསོང་རྣམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀས་ཐོབ་པོར་བྱ་བ་ཡིན་པའི་ཕྱིརོ།། དེ་ལ་བསོད་ནམས་ཀྱི་ཚིགས་ནི་སྦྱིན་པ་དང ་ཚུལ་ཁྲིམས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་གསུམ་མོ།། ཡེ་ཤེས་ཀྱི་ཚོགས་ནི་ཤེས་རབ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཡན་ལག་གི་དངོས་པོར་གྱུར་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ ་ཕྱིན་པ་ནི་ཚོགས་གཉིས་ཀར་གཏོགས་པའོ།། ཆོས་དཀོན་མཆོག་ནི་འདུས་བྱས་ཐམས་ཅད་ཡོངསུ་བཏང་བས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རིན་ཆེ་བའོ།། དགེ་འདུན་དཀོན་མཆོག་ནི་འཁོར་བའི་འབྲས་བུ་འགྲུབ་པ་ལས་ཁྱད་པར་དུ་གྱུར་པའི་ཕྱིར། ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་ཐོབ་པར་བྱ་བ་ཡིན་པས་རིན་ཆེ་བའོ།། དཀོན་མཆོག་གསུམ་ནི་མཐོང་བ་དང་། ཐོས་པ་དང་། རྗེ་སུ་དྲན་ན་དགའ་བར་བྱེད་པའི་ཕྱིར་དགའ་བའི་རྒྱུར་འགྱུར་བས་དགའ་བར་བྱེད་པའོ།། འདི་ལྟར་བསུ་བ་དང་། ་བསྙེན་བཀུར་བྱ་བ་དང་། བརྩལ་བ་དང་། ཡོངསུ་ཤེས་པར་བྱ་བ་རྣམས་ཀྱི་སེམས་ཅན་རྣམས་ལ་ཕན་འདོགས་པ་ཡིན་པས་ཕན་འདོགས་པ་སྟེ། ཇི་སྐད་དུ་ཁྱོད་ལ་བཞུ་བས་དཔལ་དུ་བྱེད།། བསྙེན་བཀུར་བྱས་ན་བདེ་བར་བྱེད།། ཀུན་ཏུ་ཚལ་བར་བློ་གྲོས་བྱེད ་ཡོངསུ་ཤེས་བྱེད་རྣམ་པར་སྦྱོང་ཞེས་བྱ་བ་བརྗོད་པ་ལྟ་བུའོ།། མི་མ་ཡིན་པ་ལ་སོགས་པ་གནོད་པར་བྱེད་པ་ཞི་བར་བྱེད་པ་ནི་མདོ་ལས་ཇི་སྐད་དུ། དགེ་སློང་དག་གལ་ཏེ་ཁྱོད་དགོན་པ་ན་གནས་ཀྱང་རུང་ཞེས་བྱ་བ་ནས། འཇིགས་མ་བག་ཚ་འམ ་སྤུ་ཟིང་ཞེས་བྱེད་པའི་བར་དུ་འགྱུར་བ་དེ་ཞི་བར་འགྱུར་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ།། དེ་བཞིན་དུ་ཆོས་དཀོན་མཆོག་རྗེ་སུ་དྲན་པ་དང་། དགེ་འདུན་དཀོན་མཆོག་རྗེས་སུ་དྲན་པ་ལ་ཡང་བརྗོད་པར་བྱའོ།། དེ་ལ་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་ཅིང་ཐོགས ་པ་མེད་པར་མཁྱེན་པའི་མཐུ་བརྙེས་པས་གནས་གྱུར་པ་ནི་སངས་རྒྱས་ཏེ། དེ་ནི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ས་བོན་དང་བྲལ་བ། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་ས་བོན་རྒྱས་པ། མཐུ་སྟོབས་མཐའ་ཡས་པས་ཡོངས་སུ་བཟུང་བའི་ཕྱིར ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ལྷུན་གྱིས་གྲུབ་པར་སེམས་ཅན་མ་ལུས་པའི་དོན་མཛད་པར་སྤྱོད་པའོ།། ཆོས་ནི་རྣམ་པ་གསུམ་སྟེ། བསྟན་པའི་ཆོས་མདེའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་དང་། སྒྲུབ་པའི་ཆོས་འཕགས་པའི་ལམ་ཡོན ་ལག་བརྒྱད་པ་འཁོར་དང་བཅས་པ་དང་། དོན་དམ་པའི་ཆོས་མྱ་ངན་ལས་འདས་པའོ།། དེ་ཡང་རྣམ་པ་གཉིས་ཏེ། ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པའོ།། དེ་ལ་ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང ་བཅས་པའོ།། དེ་ལྟར་གྱི་སྐྱེ་བ་འགགས་ནས་མ་འོངས་པའི་སྐྱེ་བ་མི་བྱུང་བ་ནི་ཕུང་པོའི་ལྷག་མ་མེད་པའོ།། དགེ་འདུན་ནི་སྐྱེས་བུ་གང་ཟག་བརྒྱད་དེ། འཇུག་པ་བཞི་དང་འབྲས་བུ་ལ་གནས་པ་བཞིའོ།། ཕན་ཚུན་མི་ཕྱེད་པ་དང་སྟོན་པ་མི་ཕྱེད་པའི་ཕྱིར ་དགེ་འདུན་ནོ།། ཡོན་ཏན་དང་ཉེས་པ་ཐམས་ཅད་མཆོག་ཏུ་ཕྱིན་པ་དང་། བསལ་བའི་མཐར་ཕྱིན་པའི་གནས་པ་ཡིན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་དེ་ལ་སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་འབྱུང་བ་ལ་སོགས་པས་མཚོན་པའི་དང་བའི ་མཚན་ཉིད་ནི་དད་པའོ།། རྒྱུ་དང་བཅས་པའི་སྡུག་བསྔལ་ཐམས་ཅད་ཞི་བའི་བདག་ཉིད་དང་། ཐོབ་པར་བྱེད་པ་དང་། གསལ་བར་བྱེད་པའི་ཕྱིར་དང་བའི་མཚན་ཉིད་ནི་ཆོས་ལ་དད་པའོ།། འཁོར་བའི་འདམ་རྫབ་ལས་བརྒལ་བ་དང་། འཁོར་བའི་འདམ་རྫབ་ལས ་བརྒལ་བའི་ལམ་ལས་གནས་པའི་ཕྱིར། དགེ་འདུན་ལ་དད་པའི་བདག་ཉིད་ནི་དད་པའོ།། དད་པ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། དངོས་པོ་ཡོད་པ་ཡོན་ཏན་ཅན་ནམ་ཡོན་ཏན་མ་ཡིན་པ་ལ་ཡིད་ཆེས་པའི་རྣམ་པ་དང་། ཡོད་པའི་ཡོན་ཏན་ཅན་ལ་དང་། ་བའི་རྣམ་པ་དང་། ཡོད་པ་ཡོན་ཏན་ཅན་ཐོབ་པ་འམ། སྐྱེད་ནུས་པ་ལ་འདོད་པའི་རྣམ་པའོ།། དེ་ལྟར་ན་འདོད་པའི་རྣམ་པ་ཡིན་པའི་ཕྱིར་སྲེད་པ་འམ། འདུན་པ་གང་ཡང་རུང་བ་ཅིག་ཏུ་མི་འགྱུར་རམ། དེ་ནི་དེ་ལྟར་མ་ཡིན་ཏེ། དགེ་བ་ཡུལ་ཡིན་པའི ་ཕྱིར་སྲེད་པ་མ་ཡིནོ།། འདུན་པ་ནི་དད་པ་སྔོན་དུ་འགྲོ་བ་ཡིན་པས་འདུན་པ་མ་ཡིནོ།། སེམས་དང་བ་ཞེས་བྱ་བ་ལ་དད་པ་ནི་སེམས་ཀྱི་རྙོག་པ་དང་མི་མཐུན་པ་སྟེ། དེའི་ཕྱིར་དེ་དང་མཚུངས་པར་ལྡན་པ་ན་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི ་རྟོག་པ་མ་མི་འབྱུང་སྟེ། དད་པ་ལ་བརྟེན་ནས་སེམས་དང་བར་འགྱུར་བས་སེམས་དང་བ་ཞེས་བྱ་སྟེ། ཆུ་དང་བར་བྱེད་པའི་ནོར་བུ་དང་འདྲ་བའི་ཆོས་གཞན་སེམས་ལས་བྱུང་བ་ལ་དད་པ་ཞེས་བྱའི་གཟུགས་དང་བའི་བདག་ཉིད་ནི་མ་ཡིནོ་ཞེས་བསྟན་པའི་ཕྱིར ་སེམས་དང་བ་ཞེས་བྱ་བ་སྨོས་ཏེ། གཟུགས་ནི་མ་ཡིན་ནོ།། དེ་ནི་འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ།། ངོ་ཚ་ཤེས་པ་གང་ཞེ་ན། བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ། ཁ་ན་མ་ཐོ་བས་འཛེམ་པའོ།། ཞེས་བྱ་བ་ནི་གང་ལ་བརྟེན་ནས་སུ་ཞིག ་བྱ་བ་རྣམས་ལ་འཇུག་པ་དང་། ལྡོག་པ་དེ་ནི་དེའི་དབང་དུ་བྱེད་པ་སྟེ། བདག་པོར་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། དམ་པ་རྣམས་ཀྱིས་སྨད་པ་དང་། རྣམ་པར་སྨིན་པ་མི་འདོད་པ་ཡིན་པས་སྡིག་པ་ཉིད་ཁ་ན་མ་ཐོ་སྟེ། བྱས་ཀྱང་རུང་མ་བྱས་ཀྱང་རུང་བདག་གམ་ཆོས་ཀྱི ་དབང་བདག་པོར་བྱས་ནས། ཁ་ན་མ་ཐོ་བ་དེས་སེམས་བགོ་འཁུམས་པ་ནི་འཛེམ་པའོ།། རིགས་དང་ཤེས་རྒྱ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་སྡིག་པ་བྱ་བར་མི་རིགས་པར་ཤེས་པས་བདག་འདི་ལྟ་བུར་གྱུར་པས་སྡིག་པ་འདི་ལྟ་བུ་ག་ལ་བྱ་ཞེ་འམ། བྱེད་པར ་འགྱུར་བ་ལྟ་ག་ལ་རུང་སྙམ་པ་དང་། མི་འདོད་པའི་རྣམ་པར་སྨིན་པར་འགྱུར་བ་དང་། གཞན་ལ་གནོད་པར་བྱེད་པར་ཞུགས་པའི་ཕྱིར། ཆོས་ལས་ཀྱང་སྨད་པའོ་ཞེས་དེ་ལྟར་ཇི་ཙམ་དུ་བདག་གོམ་ཆོས་སལྟ་ཞིང་ཁ་ན་མ་ཐོ་བས་འཛེམ་པ་གང་ཡིན་པ་དེ་ངོ་ཚ ་ཤེས་པའོ།། འདི་ནི་ཉེས་པར་སྤྱོད་པ་ཡང་དག་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅནོ།། ཁྲེལ་ཡོད་པ་གང་ཞེ་ན། འཇིག་རྟེན་གྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བས་འཛེམ་པའོ་ཞེས་བྱ་བ་ནི་འཇིག་རྟེན་ན་འདི་ནི་སྨད་པ་སྟེ། བདག་ལ་ལས་འདི་ལྟ་བུར་རིག་ན་སྨོད ་པར་འགྱུར་རོ་ཞེས་ཚིག་སུ་བཅད་པ་མ་ཡིན་པ་ལ་སོགས་པའི་འཇིགས་པས་ཁ་ན་མ་ཐོ་བ་ལ་འཛེམ་པའོ།། འདི་ཡང་ཉེས་པར་སྤྱོད་པ་ཡང་དག་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ཉིད་དོ།། ངོ་ཚ་ཤེས་པ་དེ་ནི་ཉེས་པར་སྤྱོད་པར་བྱས་ན་ཡང་གདོན ་མི་ཟ་བ་སྤོང་བས་ཡང་དག་པར་སྡོམ་པ་ཡི་ནོ།། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་ཉེས་པར་སྤྱོད་པ་བྱས་ན་ཡང་གདོན་མི་ཟ་བར་དེ་སྤོང་བས་ཡང་དག་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅ་ནོ།། ཁྲེལ་ཡོད་པ་ནི་ཉེས་པར་སྤྱོད་པར་མ་བྱས་ནས་ཡང་དག ་པར་སྡོམ་པས་འདི་གཉིས་ནི་དེའི་རྟེན་བྱེད་པའི་ལས་ཅན་ཏེ། སྔོན་དུ་འདྲེན་པ་ཉིད་།། མ་ཆགས་པ་གང་ཞེ་ན་ཞེས་བྱ་བ་ལ་མ་ཆགས་ཞེས་བྱ་བ་ནི་དོན་རྣམ་པ་གསུམ་ལ་འཇུག་སྟེ། མེད་པ་དང་། གཞན་པ་དང་། གཉེན་པོ་ལའོ།། འདིར་ནི་གཉེན་པོ ་ཉིད་ལ་འཇུག་གི་མེད་པ་དང་། གཞན་ལ་ནི་མ་ཡི་ནོ་ཞེས་བསྟན་པའི་ཕྱིར། ཆགས་པའི་གཉེན་པོ་སྟེ་ཞེས་བྱ་བ་སྨོས་སོ།། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། ཡིད་བྱུང་ཞིང་མི་ལེན་པའོ་ཞེས་བྱ་བ་ནི་དེའི ་རངདྭ་གཱི་དྲོ་བོ་ལ་རྟོག་པ་མཛད་པའོ།། ཆགས་པ་ཞེས་བྱ་བ་ནི་སྲིད་པ་དང་ལོངས་སྤྱོད་རྣམས་ལ་ཀུན་ཏུ་ཆགས་པ་དང་སྨོན་པ་གང་ཡིན་པའོ།། དེའི་གཉེན་པོ་ནི་མ་ཆགས་པ་སྟེ། སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་མ་ཆགས་པ་དང་མི་ཕྱོགས ་པའོ།། ཡིད་བྱུང་བ་ནི་སྲིད་པ་དང་ལོངས་སྤྱོད་ནི་ཉེས་དམིགས་ཡོངསུ་ཤེས་པའི་ཕྱིར་སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་མི་ཕྱོགས་པའོ།། མི་ལེན་པ་ནི་སྲིད་པ་དང་ལོངས་སྤྱོད་གཉི་ག་ལ་མ་ཆགས་པའོ།། ཡང་ན་མི་ལེན་པའི་བྱེ་བྲག་གི་ཕྱིར ་ཡིད་བྱུང་བ་སྨོས་ཏེ། སྲིད་པ་དང་། སྲིད་པའི་ཡོ་བྱད་རྣམས་ལ་མི་ཕྱོགས་པའི་རྣམ་པ་གང་ཡིན་པའི་མི་ལོན་པ་དེ་མ་ཆགས་པོ་ཞེས་བྱའོ།། འདི་ནི་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅ་ནོ།། ཞེ་སྡང་མེད་པ་གང་ན་ནི། ཞེ་སྡང་གི། ་གཉེན་པོ་སྟེ། བྱམས་པའོ་ཞེས་བྱ་བ་ལ་ཞེ་སྡང་ནི་སེམས་ཅན་རྣམས་དང་། སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། དེའི་གཉེན་པོ་ནི་ཀུན་ནས་མནར་སེམས་པ་མེད་པའོ།། ་ཞེ་སྡང་གི་གཉེན་པོ་ནི་གཞན་དག་ཀྱང་ཡོད་པས་དེའི་ཕྱིར་བྱམས་པ་སྨོས་ཏེ། ཞེ་སྡང་གི་གཉེན་པོ་བྱམས་པའི་བདག་ཉིད་གང་ཡིན་པ་དེ་ནི་ཞེ་སྡང་མེད་པ་སྟེ། གཞན་ནི་མ་ཡིན་ནོ།། ཉེས་པར་སྡོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ།། ་གཏི་མུག་མེད་པ་གང་ཞེ་ན། གཏི་མུག་གི་གཉེན་པོ་སྟེ། ཡང་དག་པ་ལ་ཡང་དག་པར་རྟོག་པའོ་ཞེས་བྱ་བ་ལ། དགེ་བའི་ཆོས་ཐམས་ཅད་ནི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀུན་ཏུ་འབྱུང་བ་དང་མི་མཐུན་པ་ཡིན་པས་གཉེན་པོ་ཡིན་ཏེ། ་དེའི་ཕྱིར་ཡང་དག་པ་ལ་ཡང་དག་པ་རྟོགས་པའི་ཞེས་བྱ་བ་སྨོས་ཏེ། ཡང་དག་པ་ཕྱིན་ཅི་མ་ལོག་པར་རྟོགས་པའོ།། དེ་ཡང་བྱ་བྲག་གི་རྣམ་པ་གཉིས་ཏེ། ཤེས་པ་དང་སོ་སོར་རྟོག་པའོ།། ཤེས་པ་ཡང་རྣམ་པར་སྨིན་པ་དང་། ལུས་དང་བསམས ་པ་དང་། རྟོགས་པའི་རྒྱུའི་བྱེ་བྲག་གིས་རྣམ་པ་བཞིའོ།། ས་སོར་རྟོག་པ་ནི་ཤེས་རབ་བརྟན་པ་དང་བཅས་པ་ཉིད།། བརྟན་པ་ཞེས་བྱ་བ་ནི་ཤེས་རབ་དང་། བརྩོན་འགྲུས་དང་། ཏིང་འཛིན་རྣམས་ལ་བྱའོ།། དེ་ལ་ཤེས་རབ་ཀྱི་རྫས་གཉིས་འགྲོགས་མི་སྲིད། ་པས་བརྩོན་འགྲུས་སམ། ཏིངེ་འཛིན་དང་མཚུངས་པར་ལྡན་པའི་ཤེས་རབ་ལ་སོ་སོར་རྟོག་པ་ཞེས་བྱ་སྟེ། གང་གི་སྟོབས་ཀྱིས་ཉོན་མོངས་པའི་ས་བོན་མ་བཏོན་མ་བཅོམ་ཡང་ཉོན་མོངས་པ་རྣམས་ཀྱི་སྐབས་མི་འབྱེད་པའོ།། འདིར་ཚིག་གི་དོན་ནི་འདི་ཡིནྟེ། ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་བདག་ཉིད་དང་། སོ་སོར་རྟོག་པའི་བདག་ཉིད་ཀྱི་ཤེས་པ་ཁྱད་པར་ཅན་ནི་གཏི་མུག་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་གཏི་མུག་མེད་པ་ནི་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅནོ།། བརྩོན་འགྲུས ་གང་ཞེ་ན། ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྒྲོལ་པའོ་ཞེས་བྱ་བ་ལ་སྦྱོར་བ་དམན་པ་ནི་ལེ་ལོ་སྟེ། སྙོམས་ལས་བྱེད་ཅེས་བྱ་བའོ་ཐ་ཚི་གོ།། ད་ནི་དགེ་བ་དང་མི་དགེ་བ་ལ་སེམས་མི་སྤྲོ་བའོ།། དེའི་གཉེན་པོ་ནི་བརྩོན་འགྲུས་ཡིན་པས ་དེདེའི་ཕྱིར་ལེ་ལོ་བཞིན་དུ་གཉི་གར་ཐལ་བ་གྱུར་པ་རྣམ་པར་གཅད་པའི་ཕྱིར། བརྩོན་འགྲུས་ནི་དགེ་བ་ལ་སེམས་མངོན་པར་སྤྲོ་བའོ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་ཅན་ལ་སྤྲོ་བ་ནི་མ་ཡི་ནོ།། ཉོན་མོངས་པ་ཅན་ལ་སྤྲོ་བ་ནི་སྨད་པ་ཡིན་པའི ་ཕྱི་ལི་ལོ་ཉིད་།། ཉོན་མོངས་པ་ཅན་ལ་ནི་ཨཱིན་ནི་གོམས་པའི་ཕྱིར། རདྭ་གཽ་དང་གིས་འཇུག་བཞིན་དུ་དེ་ལ་སྤྲོ་བར་བྱ་ཅི་དགོས་ཞེ་ན། ཕལ་ཚར་ནི་དེ་ལྟ་མོད་ཀྱི། གང་དུ་སྤྲོ་བ་ལ་བལྟོས་པ་ཡང་ཅུང་ཟད་ཡོད།། དེ་ཡང་གང་དང་མཚུངས་པར་ལྡན་ན ་གོ་ཆ་དང་། སྦྱོར་བ་དང་། མི་འགོང་པ་དང་། ལྡོག་པ་དང་། ཆོག་པར་མི་འཛིན་པ་དང་། དགེ་བའི་ཆོས་གཞན་རྣམས་ལ་ཡང་སེམས་མངོན་པར་སྤྲོ་བ་དེ་ནི་བརྩོན་འགྲུས་ཏེ། དགེ་བའི་ཕྱོགས་ཡོངསསུ་རྫོགས་པར་བྱེད་པ་དང་། ཡོངསུ་སྒྲུབ་པའི་ལས ་ཉནོ།། ཡོངསུ་རྫོགས་པར་བྱེད་པ་ནི་ཇི་ལྟར་དངོས་གཞི་ལ་འཇུག་པ་ལྟ་བུའོ།། ཡོངསུ་སྒྲུབ་པ་ནི་དེ་ཉིད་ལེགས་པར་ཡོངསུ་སྦྱང་བར་བྱས་པའོ།། ཤིན་ཏུ་སྦྱངས་པ་གང་ཞེ་ན། གནས་ངན་ལེན་གྱི་གཉེན་པོ་སྟེ། ལུས་དང་སེམས་ལསུ་རུང་བ་ཉིད་དོ།། ཞེས་བྱ་བ ་ལ། ལུས་དང་སེམས་ཀྱི་གནས་ངན་ལེན་ནི་ལུས་དང་སེམས་ལ་སུ་མི་རུང་བ་ཉིད་དང་། ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་རྣམས་ཏེ་གོ་རིམས་བཞི་ནོ།། དེ་མེད་ན་ནི་ཤིན་ཏུ་སྦྱངས་པ་ཡོད་པའི་ཕྱིར་གཉེན་པོའོ།། ཤིན་ཏུ་སྦྱང ་པའི་མཚན་ཉིད་ནི་ལུས་དང་སེམས་ལ་སུ་རུང་བ་ཉིད།། དེ་ལ་ལུས་ལས་སུ་རུང་བ་ནི་ལུས་ཀྱི་རང་གི་བྱ་བ་རྣམས་ལ་ལྡང་བ་ཡང་བ་གང་ཝ་འབྱུང་བའོ།། སེམས་ལ་སུ་རུང་བ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ལ་ཞུགས་པའི་སེམས་ཀྱི་སྡོམ་པ་དང་ཡང་བར་ཡོད ་འགྱུར་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་དུ་གྱུར་པ་གང་ཡིན་པ་སྟེ། དེ་དང་ལྡན་ན་དམིགས་པ་ལ་སེམས་ཐོགས་པ་མེད་པར་འཇུག་པས་དེའི་ཕྱིར་སེམས་ལསུ་རུང་བ་ཞེས་བྱའོ།། ལུས་ཀྱི་རེག་བྱའི་ཁྱད་པར་དགའ་བས་ཟིན་པ་ལ་ལུས་ཤིན་ཏུ ་སྦྱངས་པར་རིག་པར་བྱ་སྟེ། ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་མདོ་ལས་གསུངས་པའི་ཕྱིརརོ།། འདིར་ལུས་ཤིན་ཏུ་སྦྱངས་པ་སེམས་ལས་བྱུང་བ་མ་ཡིན་དུ་ཟིན་ཀྱང་སེམས་ལས་བྱུང་བའི་སྐབས་ཡིན་པས་ཤིན་ཏུ་སྦྱངས་པ་ཡང ་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤདདོ།། ཡང་ན་ལུས་ལསུ་རུང་བ་ཉིད་ནི་སེམས་ལ་སུ་རུང་བ་སྒྲུབ་པར་བྱེད་པའི་ཕྱིར་ཏེ། དེའི་ཕྱིར་སེམས་ལས་བྱུང་བ་མ་ཡིན་དུ་ཟིན་ཀྱང་། འདིར་ལུས་ལས་སུ་རུང་བ་ཉིད་དུ་བརྗོད།། འདི་ནི་དེའི་དབང་གིས་གནས་འགྱུར ་བའི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་མ་ལུས་པ་སེལ་བའི་ལས་ཅནོ།། བག་ཡོད་པ་གང་ཞེ་ན། བག་མེད་པའི་གཉེན་པོ་སྟེ། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ལ་གནས་ནས་མི་དགེ་བའི་ཆོས་སྤོང་ཞིང་དེའི་གཉེན་པོ་དགེ་བའི་ཆོས་རྣམས ་ཀྱང་བསྒོམ་པའོ།། ཞེས་བྱ་བ་ལ་བག་མེད་པ་ནི། གང་གིས་ཉོན་མོངས་པ་རྣམས་ལས་སེམས་མི་སྲུང་ཞིང་དགེ་བ་རྣམས་འབྲི་བར་བྱེད་པའོ།། བག་ཡོད་པ་ནི་ཉོན་མོངས་པ་རྣམས་སྤོང་ཞིང་དེའི་གཉེན་པོའི་ཆོས་རྣམས་ཀྱང་བསྒོམ་པ་སྟེ། དེའི་ཕྱིར་བག་ཡོད་པ ་ནི་བག་མེད་པའི་གཉེན་པོར་བསྟན་པའོ།། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་ཞེས་བྱ་བ་ནི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་བཅས་པར་གཟུང་།། མ་ཆགས་པ་ལ་སོགས་པ་ནི་བརྩོན་འགྲུས་ལ་ཐུག་པའི་བར ་དེ་དག་ལ་གནས་པ་ནི་བརྟེན་པ་དང་། གནས་བཅས་ནས་མི་དགེ་བའི་ཆོས་རྣམས་སྤོང་བ་སྟེ། འདིས་ནི་མ་ཆགས་པ་ལ་སོགས་པ་ཐམས་ཅད་བག་ཡོད་པར་བསྟན་པ་ཡིནོ།། མི་དགེ་བའི་ཆོས་རྣམས་ནི་ཟག་པ་དང་། ཟག་པའི་གནས་ཡུལ་རྣམ་སུ་རིག་པར ་བྱའོ།། དེ་ལ་ཟག་པ་རྣམས་སེལ་བ་དང་། རྣམ་པར་གནོན་པ་དང་ས་བོན་ཡང་དག་པར་འདོན་པའི་བདག་ཉིད་ནི་སྤོང་བའོ།། ཡུལ་རྣམས་ནི་ཡོངསུ་སྤངས་པས་སྤོང་ངོ་།། དེའི་གཉེན་པོ་ཞེས་བྱ་བ་ནི་མི་དགེ་བའི་ཆོས་ཀྱི་གཉེན་པོ་རྣམས་ཏེ། དེ་དག་ཀྱང་དགེ ་པ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་སོ།། སྒོམ་པ་ནི་དེ་དག་གོམས་པར་བྱེད་པ་སྟེ། ཡང་དང་ཡང་མངོན་དུ་བྱེད་པའོ།། འདི་ལྟར་བརྩོན་འགྲུས་དང་བཅས་པའི་མ་ཆགས་པ་ལ་སོགས་པ་ལ་བརྟེན་ནས་མི་དགེ་བའི་ཆོས་རྣམས་སྤོང་ཞིང ་དེའི་གཉེན་པོ་དགེ་བའི་ཆོས་ཀྱང་བསྒོམ་པའི་ཕྱིར། བརྩོན་འགྲུས་ཡན་ཆད་དང་བཅས་པའི་མཆར་བ་ལ་སོཌབས་བག་ཡོད་པ་གདགས་ཏེ། འདིས་ནི་གནས་དང་བཅོས་པའམ། རྒྱུ་དང་བཅས་པ་ལ་བག་ཡོད་པ་གདགས་པར་བསྟན་པ་ཡི་ནོ།། འདི་ནི་འཇིག་རྟེན ་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོང་སུ་རྫོགས་པར་བྱེད་པའི་ལས་ཅནོ།། དེ་ལ་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ནི་སྲིད་པ་དང་། ལོངས་སྤྱོད་ཀྱི་ཁྱད་པར་རྙེད་པའོ།། འཇིག་རྟེན་ལས་འདས་པའི ་ཕུན་སུམ་ཚོགས་པ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཐོབ་པའོ།། བཏང་སྙོམས་གང་ཞེ་ན། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ཉིད་ལ་གནས་ཤིང་ཞེས་བྱ་བ་ལ་སོགས་པ་བག་ཡོད་པ་བཞིན་དུ་འདིར་ཡང་བཤད་པར་བྱའོ།། སེམས་མཉམ་པ ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་ནི་བཏང་སྙོམས་ཀྱི་ཐོག་མ་དང་བར་དང་ཐ་མའི་དུས་བསྟན་ཏོ།། དེ་ལ་བྱིང་བ་དང་རྒོད་པ་ནི་སེམས་མི་མཉམ་པ་སྟེ། དེ་མེད་པས་ཐོག་མར་སེམས་མཉམ་པ་ཉིད།། དེའི་འོག་ཏུ་མངོན་པར་འདུ་བྱེད་པ་མེད་ཅིང་སྒྲི་མ ་མི་དགོས་པར་མཉམ་པར་བཞག་པའི་སེམས་ཀྱིས་ཅི་རིགས་པར་མཉམ་པར་འཇུག་པ་ནི་རྣལ་དུ་འདུག་པའོ།། དེའི་དུས་ནི་བསྒོམས་ནས་རིང་པོ་མ་ལོན་པའི་ཕྱིར་བྱིང་བ་དང་རྒོད་པ་འབྱུང་བར་འདོགས་པ་དང་ལྡ་ནོ།། དེའི་འོག་ཏུ་བསྒོམ་པ་ཁྱད་ཞུགས་པར་གྱུར་པས་དེའི ་མི་མཐུན་པའི་ཕྱོགས་ཐག་རིང་དུ་གྱུར་པའི་ཕྱིར་དེ་གཉིས་འབྱུང་དུ་དོགས་པ་མེད་དེ། བྱིང་བ་དང་རྒོད་པའི་གཉེན་པོའི་རྒྱུ་རྣམས་ལ་བརྩོལ་བ་མི་བྱེད་པས། སེམས་ལྷུན་གྱིས་གྲུབ་པར་གནསོ།། གང་གིས་ཉོན་མོངས་པ་ཅན་གྱི་ཆོས་རྣམས་བསལ་ནས་ཞེས་བྱ་བ་ལ ་གང་གིས་ཞེས་བྱ་བ་ནི་བཏང་སྙོམས་ཉིད་དང་སྦྱ་རོ།། ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དག་དང་བཅས་པ་དག་གོ།། དེ་དག་བསལ་ན་ཡང་མི་སྐྱེ་བའོ།། བཏང་སྙོམས་ནི་ཉོན་མོངས་པ་ཅན་དུ་གནས་པ་དང་། མི་མཐུན་པས ་གདོན་མི་ཟ་བར་དེས་འདོད་ཆགས་པ་ལ་སོགས་པ་འབྱུང་བའི་གནས་མདོ།། དེའི་ཕྱིར་དེས་བསལ་ཅེས་བརྗོད།། འདི་ལྟར་ཉོན་མོངས་པ་ཅན་དུ་གནས་པ་ནི་བཏང་སྙོམས་དང་མི་མཐུན་པས་དེའི་ཕྱིར་བཏང་སྙོམས་ལ་གནས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པར་གནས ་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པའི་སྐབས་མི་འབྱེད་པའི་རྟེན་བྱེད་པའི་ལས་ཅནོ།། རྣམ་པར་མི་འཚེ་བ་གང་ཞེ་ན། རྣམ་པར་འཚེ་བའི་གཉེན་པོ་སྟེ། སྙིང་རྗེ་བའོ་ཞེས་བྱ་བ་ལ་གསོད་པ་དང་འཆིང་བ་ལ་སོགས་པས་ཐོ་མི་འཚམ ་ཞིང་སེམས་ཅན་རྣམས་ལ་གནོད་པ་མི་བྱེད་པ་ནི་རྣམ་པར་མི་འཚེ་བའོ།། རྣམ་པར་འཚེ་བའི་གཉེན་པོ་ནི་སྙིང་རྗེ་བ་སྟེ། བསོད་ནམས་སེལ་བའོ།། བསོད་ཉམས་ཞེས་བྱ་བ་ནི་བདེ་བ་སྟེ། པདེ་པ་སེལ་བ~ཾ་ཞེས་བྱ་བའི་ཐ་ཚིགོ། སྙིང་རྗེ་ཅན་གྱི་ཕ་རོལ་སྡུག་བསྔལ ་ན་སྡུག་བསྔལ་བར་འགྱུར་བའི་ཕྱིར།། འདི་ཡང་བག་ཡོད་པ་བཞིན་དུ་བཏགས་པ་ཉིད་དོ།། ཞེ་སྡང་མེད་པའི་ཆ་ལ་བཏགས་པའི་ཕྱིར་རྫ་སུ་ཡོད་པ་ནི་མ་ཡིནོ།། ཐོ་མི་འཚམ་པའི་ལས་ཅནོ།། དགེ་བ་བཅུ་གཅིག་བཤད་ཟིན་ཏོ།། ཉོན་མོངས་པ་དྲུག་བརྗོད ་པར་བྱ་བ་དེ་དག་བརྗོད་པར་བྱའོ།། འདོད་ཆགས་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཞེན་པ་དང་ལྷག་པར་ཆགས་པའོ་ཞེས་བྱ་བ་ལ་ཟག་པ་དང་བཅས་པའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལྔ་ནི། ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་རྣམ་སོ།། དེ་ལ་གཟུགས་ཉེ་བར་ལེན་པའི་ཕུང་པོ་ནི་ཁམས་གཉིས་ཀྱི་གཟུག་སོ།། ཚོར་བ་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་བཞི་ནི་ཁམས་གསུ ་པའི་ཚོར་བ་ལ་སོགས་པའོ།། འདིས་སྲིད་པ་གསུམ་དུ་སྲིད་པ་སྐྱེད་པའམ། ཡང་སྲིད་པའི་ལས་ལེན་པས་ན། སྲེད་པ་ལ་ཉེ་བར་ལེན་པ་ཞེས་བྱའོ།། ཉེ་བར་ལེན་པ་ལས་བྱུང་བ་དང་། ཉེ་བར་ལེན་པ་ལ་རག་ལུས་པ་དང་། དེ་དག་ལས་ཉེ་བར ་ལེན་པ་རྣམས་འབྱུང་བས་ཉེ་བར་ལེན་པའི་ཕུང་པོ་རྣམསོ།། འཛེམ་པ་དང་འདྲ་བས་ཞེན་པ་སྟེ། ཇི་ལྟར་འབྲུ་མར་ལ་སོགས་པའི་སྣརུམས་རས་ལ་སོགས་པའི་གནས་ལ་ཞུགས་ཏེ་མཆེད་པ་ཤིན་ཏུ་བསྒྲིམས་ཀྱང་རང་གི་གནས་ནས་འབྱུང་བར་དཀའ་བ་དེ་བཞིན ་དུ། འདོད་ཆགས་ཀྱང་རང་གི་དམིགས་པ་ལ་ཞུགས་ནས་མཆེད་པ་ནི་འབྲལ་བ་ཆེན་པོས་ཀྱང་དམིགས་པ་དེ་དང་དཔྲལ་བར་དཀའ་བས་ཞེན་པ་ཞེས་བྱའོ།། ལྷག་པར་ཆགས་པ་ནི་དེའི་རང་བཞིན་ཉིད།། ཡང་ན་རེག་བྱའི་ཁྱད་པར་ལ་ཡང་སྣུམ་པ་ཞེས་བྱ་བ་ཡོད ་པ་དེ་དང་རྣམ་པར་དབྱེ་བའི་ཕྱིར་ལྷག་པར་ཆགས་པ་ཞེས་བྱ་བ་སྨོས་སོ།། འདི་ནི་སྡུག་བསྔལ་ཀུན་བསྐྱེད་པའི་ལས་ཅནོ།། སྡུག་བསྔལ་ཉིད་གསུམ་དང་ལྡན་པའི་ཕྱིར་ཇི་ལྟར་མཐུན་མཐུན་དུ་ཁམས་གསུམ་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་དུ་བརྗོད་དོ། སྡུག ་བསྔལ་དེ་ཡང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པའི་དབང་གིས་མངོན་པར་འགྲུབ་པ་དེའི་ཕྱིར་འདོད་ཆགས་ཀྱི་ལས་ནི་སྡུག་བསྔལ་ཀུན་བསྐྱེད་པར་བཤདདོ།། ཁོང་ཁྲོ་བ་གང་ཞེ་ན། སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པའོ།། ཞེས་བྱ་བ ་ལ་ཀུན་ནས་མནར་སེམས་པའི་སེམས་ཅན་རྣམས་ལ་སེམས་རྩུབ་པ་སྟེ། དེས་ནོན་ན་སེམས་ཅན་རྣམས་ལ་གསོད་པ་དང་། བཅིང་བ་ལ་སོགས་པའི་གནོད་པ་བྱ་བར་སེམས་པའོ།། འདི་ནི་རེག་པར་མི་གནས་པ་དང་། ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅནོ།། ་རེག་པ་ནི་བདེ་བ་སྟེ། དེ་དང་ལྷན་ཅིག་གནས་པ་ནི་རེག་པར་གནས་པའོ།། རེག་པར་གནས་པ་མ་ཡིན་པ་ནི་རེག་པར་མི་གནས་པ་སྟེ། སྡུག་བསྔལ་དང་ལྷན་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། ཀུན་ནས་མནར་སེམས་ཀྱི་སེམས་ཡོད་ན་གདོན་མི་ཟ་བར་ཡིད་མི་བདེ་བ་ཀུན ་ཏུ་འབྱུང་བའི་ཕྱིར་སེམས་ལས་གདུང་བར་འགྱུར་རོ།། སེམས་ཀྱི་རྗེ་སུ་འགྱུར་བའི་ཕྱིར་ལུས་ལ་ཡང་གདུང་བར་འགྱུར་བ་ཉིད་དེ། དེ་ལྟར་དེ་སྤྱོད་ལམ་ཐམས་ཅད་དུ་སྡུག་བསྔལ་དང་བཅས་ཤིང་ཕོངས་པ་དང་བཅས་པར་གནས་པ་འགྱུར་རོ།། ཞེས་འགྲས་པའི་སེམས་དང ་ལྡན་པ་སྟེ། ཉེས་པར་སྤྱོད་པ་གང་དང་ཡང་རིང་བ་མ་ཡིན་པས་ཁོང་ཁྲོ་བ་ནི་རེག་པར་མི་གནས་པ་དང་ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་དུ་བཤད།། ང་རྒྱལ་གང་ཞེ་ན། ང་རྒྱལ་རྣམ་པ་བདུན་ཏེ་ཞེས་བྱ་བ་ལ། ང་རྒྱལ་ནི་ཐམས་ཅད་ཀྱང་འཇིག་ཚོགས་ལ ་ལྟེ་བ་ལ་བརྟེན་ནས་འབྱུང་བའི་སེམས་ཁེངས་པའི་མཚན་ཉིད་དེ། འདི་ལྟར་ཕུང་པོ་ལྔ་པོ་དག་ལ་བདག་དང་བདག་གིར་དངོས་པོར་སྒྲོ་བཏགས་ནས་འདི་ནི་བདག་གོ་འདི་ནི་བདག་གིའོ་ཞེས་དེ་དང་དེའི་ཁྱད་པར་གྱིས་བདག་ཁེངས་ཤིང་གཞན་དག་ལས་ལྷག་པར་རློམ ་སོམས་པའོ།། འདི་ནི་མུ་གུས་པ་དང་། སྡུག་བསྔལ་འབྱུང་བའི་རྟེན་བྱེད་པོའི་ལས་ཅནོ།། མི་གུས་པ་བླ་མ་རྣམས་དང་། གང་ཟག་ཡོན་ཏན་ཅན་རྣམས་ལ་འགྱིང་ཞིང་ལུས་དང་ངག་གི་སྲི་ཞུ་མེད་པའོ།། སྡུག་བསྔལ་འབྱུང་བ་ནི་འདིར་ཡང་སྲིད་པ་འབྱུང་བར་རིག་པར་བྱའོ།། ། ་དེ་ནི་སེམས་ཁེངས་པའི་ངོ་བོ་ཉིད་དུ་བྱེ་བྲག་མེད་ཀྱང་སེམས་ཁོངས་པོའི་རྒྱུའི་བྱེ་བྲག་གིས་རྣམ་པ་བདུན་དུ་ཐ་དད་དེ། ང་རྒྱལ་དང་། ཚེ་བའི་ང་རྒྱལ་དང་ཞེས་བྱ་བ་ལ་སོགས་པའོ།། རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་དམའ་བ་བས་རིགས་དང་ཤེས་རྒྱ་དང་ནོར་ལ ་སོགས་པས་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་འམ། རིགས་ལ་སོགས་པས་མཚུངས་པ་ཉིད་ལ་དེ་དག་དང་བདག་མཚུངསོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་ང་རྒྱལོ།། ཆེ་བའི་ང་རྒྱལ་ནི་རིགས་དང་ཤེས་རྒྱུ་དང་ནོར་ལ་སོགས ་པས་མཚུངས་པ་བས་གཏོང་བ་དང་ཚུལ་ཁྲིམས་དང་ཉམས་རྩལ་ལ་སོགས་པས་བདག་ཆེའོ་སྙམ་པའམ། རིགས་དང་ནོར་ལ་སོགས་པས་ཆེ་བ་ལ་ཤེས་རྒྱ་དང་ནོར་ལོ་སོགས་པས་བདག་དང་མཚུང་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་ཆེ་བའི་ང་རྒྱལ་ཞེས ་བྱའོ།། ང་རྒྱལ་ལས་ཀྱང་ང་རྒྱལ་ནི་རིགས་དང་ཤེས་རྒྱུ་དང་ནོར་ལ་སོགས་པས་ཆེ་བ་བས་ཀྱང་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་སྟེ། འདི་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ།། ངབོ་སྙམ་པའི་ང་རྒྱལ་ནི་ཉེ་བར་ལེན ་བའི་ཕུང་པོ་རྣམས་ལ་ཞེས་བྱ་བ་ལ། བདུན་པ་དང་འདོད་ཆགས་ནི་ཉེ་བར་ལེན་པ་སྟེ། མ་འོངས་པའི་ལུས་འདོད་པ་ནི་འདུན་པའོ།། ལྷག་པར་ཆགས་པ་ནི་འདོད་ཆགསོ།། དེ་ལ་མ་འོངས་པའི་ལུས་ནི་འདུན་པའི་སྒོ་ནས་ལེན་པའོ།། ད་ལྟར་གྱི་ཕུང་པོ་རྣམས་ལ་ནི་འདོད ་ཆགས་ཀྱི་སྒོ་ནས་ཡོངསུ་མི་གཏོང་བར་ལེན་ཏོ།། དེའི་ཕྱིར་འདི་གཉིས་ནི་ཉེ་བར་ལེན་པ་ཞེས་བྱ་སྟེ། འདི་དག་དང་ལྡན་པའི་ཕུང་པོ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམསོ།། ཉེ་བར་ལེན་པའི་ཕུང་པོ་བདག་དང་བདག་གི་དང་བྲལ་བ་དེ་དག་ལ་བདག་དང་བདག་གིར་མངོན ་པར་ཞེན་ནས་སེམས་ཁེངས་པ་གང་ཡིན་པ་ནི་ངའོ་སྙོམ་པའི་ང་རྒྱལ་ལོ།། མངོན་པའི་ང་རྒྱལ་གང་ཞེ་ན། གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབོ།། སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ།། ཞེས་བྱ་བ་ལ་མིའི་ཆོས་ནི་འདོད་ཆགས་དང་། ཞེ་སྡང ་དང་། གཏི་མུག་ལ་སོགས་པ་དང་། དེས་བསྐྱེད་པའི་ལུས་དང་ངག་དང་ཡིད་ཀྱི་ལསོ།། དེའི་གཉེན་པོར་གྱུར་པ་ནི་བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་གང་ཡིན་པ་སྟེ། དེ་དག་ནི་མིའི་ཆོས་རྣམས་ལས་གོང་མའི་ཁྱད་པར་ཞེས་བྱའོ།། དེ་དག་ཐོབ་པར་བྱ་བ་ནི་རྙེད་པར་བྱ། ་པའོ།། དེ་མེད་པར་བདག་གིས་གོང་མའི་ཁྱད་པར་ཐོབ་པར་བྱ་བ་འཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་མངོན་པའི་ང་རྒྱལ་ལོ།། ཅུང་ཟད་སྙམ་པའི་ང་རྒྱལ་ནི་རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པ་ཁྱད་ཆེས་འཕགས་པ་བས་རིགས་པ་ལ་སོགས་པས ་བདག་ཅུང་ཟད་གཅིག་གིས་ཆུ་ངོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ།། རེ་ཞིག་མཚུངས་པ་དང་མཚུངསོ་སྙམ་པ་དང་མཚུངས་པ་བས་ཁྱད་པར་འཕགསོ་སྙམ་པའམ། ཁྱད་པར་ཅན་བས་ཀྱང་འཕགསོ་སྙམ་པ་ནི་སེམས་ཁེངས་པའི་གནས་ཡིན་པས་ང་རྒྱལ ་དུ་རིགས་ན། བདག་ཆུང་བར་མཐོང་བ་ཁེངས་པའི་གནསུ་ཅིའི་ཕྱིར་འགྱུར་ན་འདི་ལྟར་དེ་ལ་ང་རྒྱལ་ཞེས་བྱ་ཞེ་ན། ཁྱད་ཆེས་འཕགས་པ་བས་བདག་ཅུང་ཟད་གཅིག་གིས་དམའ་བར་འཛིན་གྱི་ཇི་ལྟར་ཁྱད་ཆེ་བ་བཞིན་དུ་དམའ་བར་ནི་མི་འཛིན་པའི་ཕྱིར་དེ་ཉིད་ཁེངས ་པའི་གནསོ།། ཡང་གང་དག་སེམས་ཅན་མཆོག་དམ་པའི་ཚོགས་ཀྱི་ནང་ན་བདག་དམའ་བར་འགྱུར་ནའང་ཐ་ཚི་གོ་སྙམ་དུ་སེམས་ཁེངས་པ་དག་ཀྱང་ཡོད་དོ།། ལོག་པའི་ང་རྒྱལ་གང་ཞེ་ན། ཡོན་ཏཱན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏཱན་དང་ལྡན་སྙམ་དུ་སེམས ་གང་ཡིན་པའོ་ཞེས་བྱ་བ། ཡོན་ཏན་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་ལ་སོགས་པ་སྟེ། དེ་དག་སུ་ལ་ཡོན་ཏན་དང་མི་ལྡན་པའོ།། ཡང་ན་ཡོན་ཏན་མ་ཡིན་པ་ནི་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་སྟེ། སུ་ལ་ཡོད་པ་དེ་ཡོན་ཏན་མ་ཡིན་པ ་དང་ལྡན་པའོ།། དེ་ལྟ་བས་ན་ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡནོ་སྙམ་པའོ།། ཡོན་ཏན་མ་ཡིན་པ་དང་ལྡན་པ་ཞེས་བྱ་བ་འདི་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་མེད་པར་ཡོན་ཏན་དང་ལྡན་པ་ཉིད་དུ་ཁས་བླངས ་པ་ཡིན་ཏེ། དེའི་ཕྱིར་དངོས་པོ་མེད་པས་ན་ལོག་པའི་ང་རྒྱལ་ཞེས་བྱའོ།། མ་རིག་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་རྣམས་མི་ཤེས་པ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའོ་ཞེས་བྱ་བ་དེ་ལ་ལྷན་ཅིག་སྐྱེས་པ་ནི་ཉོན ་མོངས་པ་དང་གཞན་དང་མཚུངས་པར་ལྡན་པ་མ་ཡིན་གྱིས་མ་འདྲེས་པའོ།། ཀུན་བརྟགས་པའི་ཐེ་ཚོམ་དང་། ལོག་པར་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལ་སོགས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའོ།། ལས་མི་ཤེས་པ་ནི ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་ཡོད་པར་མི་ཤེས་པ་གང་ཡིན་པ་སྟེ། མི་རྟོགས་པ་དང་། ཁོང་དུ་ནི་ཆུད་པའོ།། འདི་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ།། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས ་ཡོད་པ་ཉིད་ལ་ཐེ་ཚོམ་པའམ།། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་མེད་དོ་ཞེས་སྐུར་པ་འདེབས་པ་དང་། བསོད་ནམས་ལ་བསོད་ནམས་མ་ཡིན་པར་འདུ་ཤེས་པ་རྣམས། ཕྱུག་གསོད་ཅིང་མེར་འཇུག་པ་ལ་སོགས་པ་བྱེད་པ ་དང་། བསོད་ནམས་མ་ཡིན་པ་ལ་བསོད་ནམས་སུ་འདུ་ཤེས་པ་རྣམས་ཕྱུག་གསོད་ཅིང་མེར་འཇུག་པར་བྱེད་པ་དང་། ཐེ་ཚོམ་ཟ་བ་དང་། ལོག་པར་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་གང་ཡིན་པ་དེ་ནི། ཀུན་ཏུ་བརྟག་པའོ།། འདི་ནི་ཆོས་རྣམས་ལ་འོག་པར ་ངེས་པ་དང་། ཐེ་ཚོམ་དང་ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅནོ།། རྟོག་པའི་བདག་ཉིད་ཀྱི་ཤེས་རབ་ནི་ལྟ་བ་ཞེས་བྱ་སྟེ། དེའི་ཕྱིར་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ཐལ་བར་འགྱུར་བས། འདིར་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་ལ ་བྱ་བར་བཞེད་པར་བསྟན་པའི་ཕྱིར་ལྟ་བ་ལྔ་སྟེ་ཞེས་བྱ་བ་སྨོས་སོ།། དེ་དག་ཀྱང་ཉོན་མོངས་པ་ཅན་ཉིད་དུ་བྱེ་བྲག་མེད་ཀྱང་དམིགས་པ་དང་རྣམ་པའི་བྱེ་བྲག་གིས་ཐ་དད་པར་བསྟན་པའི་ཕྱིར། འཇིག་ཚོགས་ལྟ་བ་ཞེས་བྱ་བ་རྒྱ་ཆེར་སྨོས།། འཇིག་པར་འགྱུར ་བས་འཇིག་པའོ།། བསགས་པས་ཚོགས་ཏེ། འཇིག་པའི་ངང་ཅན་མང་པོ་ལ་ལྟ་བ་འདི་ནི་བདག་དང་བདག་གི་བ་དང་མེད་པར་མིང་ཉིད་ཀྱིས་བསྟན་པ་ཡིན་ཏེ། བདག་ནི་རྟག་པ་དང་། གཅིག་པུ་ཡིན་པར་བདག་ཏུ་སྨྲ་བ་རྣམས་ཁས་ལེན་ལ། འདི་ནི་མི ་རྟག་པ་དང་དུ་མའི་ཡུལ་དུ་གྱུར་པའི་ཕྱིར་བདག་ཡུལ་མ་ཡིན་པར་བསྟན་པ་ཡིནོ།། ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ནི་དགེ་སྦྱོང་མ་བྲམ་ཟེ་གང་ལ་ལ་དག་བདག་དང་བདག་གིར་རྗེ་སུ་ལྟ་བ་དག་ནི་ཉེ་བར་ལེན་པའི་ཕུང་པོ ་ལྔ་པོ་འདི་དག་ལའོ་ཞེས་མདོ་ལས་གསུང་སོ།། དེ་དག་གིས་ཀྱང་རང་གི་ངོ་བོར་བ་མ། འབྲས་བུའི་སྒོ་ནས་བདག་ཏུ་འདོགས་གྲངས་ན། གྲངས་ཅན་རྣམས་ནི་བདག་ཤེས་པ་ཡོད་པའི་རང་གི་ངོ་བོ་ཡིན་པར་སེམས་ཏེ། དེ་དག་ཀྱང་སེམས་དང་སེམས་ལས ་བྱུང་བའི་རབ་ཏུ་དབྱེ་བ་ལ་མི་མཁས་པས་སེམས་དང་སེམས་ལས་བྱུང་བའི་ཆོ་གས་ཉིད་ཀྱི་སྤྱིར་ཤེས་པ་ཡོད་པ་ཞེས་ཟེར་ཏེ། དེའི་ཕྱིར་དེ་དག་གི་ཕུང་པོ་བཞི་ལ་ནི་བདག་ཡིན་པ་དང་། གཟུགས་ཀྱི་ཕུང་པོ་ལ་ནི་བདག་གིས་ཡིན་པར་རྟོགས་སོ།། བློའི་འཇུག ་མ་རྟོགས་པར་ཤེས་པ་སོང་གཞན་ཞིག་ཡོད་པར་ནི་སེམས་ཀྱི་ཉམས་ཐ་མལ་པས་བརྗོད་པའམ། རྟོགས་པར་མི་ནུསོ།། ཚོར་བ་ལ་སོགས་པ་ཡང་དེ་བཞིན་ནོ།། གཅེར་བུ་པ་ཁ་ཅིག་ནི་ཤེས་པའི་རང་གི་ངོ་བོ་བདག་ཡིནོ་ཞེས་ཟེར ་ཏེ། དེ་དག་གི་དང་བདག་གི་རོ་འཛིན་པ་ཡང་གོང་དུ་བཤད་པ་བཞིན་དུ་བལྟ་བར་བྱའོ།། བྱེ་བྲག་པ་ལ་སོགས་པ་ནི་བལྟ་བ་ནས་སེམས་པའི་བར་གང་ཡིན་པ་དང་། དེ་བཞིན་དུ་ཚོར་བར་བྱེད་པ་དང་། འདུས་ཏེ་ཤེས་པར་བྱེད་པ་དང་། དྲན་པར་བྱེད་པ་དང་། ་སེམས་པར་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་གང་ཡིན་པ་དེ་བདག་ཡིནོ་ཞེས་འབྲས་བུའི་སྒོ་ནས་བདག་ཏུ་སྟོན་ཏོ།། དེ་དག་ཀྱང་མིག་ལ་སོགས་པ་ཉིད་ལ་བདག་ཏུ་མངོན་པའི་ང་རྒྱལ་བྱེད་དེ། འདི་ལྟར་དེ་མེད་པའི་ཕྱིར་མིག་མ་རྟོགས་པར་ལྟ་བ་གཞན་ནི། ་མོད་དོ།། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་མཐོང་བ་ལ་སོགས་པ་ཞེས་བྱ་སྟེ། དེའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་མིག་གིས་མཐོང་ངོ་ཞེས་སྟོན་ཏོ།། དཔེར་ན་སྒྲའི་ཐུན་མེང་མ་ཡིན་པའི་རྒྱུ་ཡིན་པས་དྲིལ་བུ་འཁྲོལ་ལོ་ཞེས་བྱ་བ་ལྟ་བུའོ།། ་འོ་ན་གང་ལས་མིག་གི་གཟུགས་མཐོང་ཡང་ཡིད་དགའ་བར་ཡང་མི་འགྱུར་ཡིད་མི་དགའ་བར་ཡང་མི་འགྱུར་ཞེས་འབྱུང་བ་དེ་ལ་ཇི་སྐད་བྱ། དེར་ཡང་འདུས་པའི་མ་རྒྱུད་གང་ལ་བདག་གདགས་པ་དེ་ཉིད་ལ་མིག་གིས་གཟུགས་རྣམས་མཐོང་ཞེས་བྱའོ།། ་གཟུགས་སུ་སྣང་བ་ཉིད་ལ་གཟུགས་མཐོང་ངོ་ཞེས་བྱ་སྟེ། འདི་ལྟར་དེ་ཡོད་པ་དང་མེད་པ་ལས་གཟུགས་མཐོང་བ་དང་། མི་མཐོང་བར་རྣམ་པར་བཞགོ།། ཐོས་པ་ཡི་སོགས་པ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། གང་ནས་ཚོར་བར་བྱེད་པས་ཚོར་བ་ཞེས་བྱ་བ ་ནས། དེ་བཞིན་དུ་རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པ་ཞེས་འབྱུང་བ་དེར་ཡང་རྣམས་པར་ཤེས་པ་མ་གཏོགས་པར་རྣམ་པར་ཤེས་པ་པོ་དགག་པའི་ཕྱིར་དངོས་པོ་ཙམ་ལ་བྱེད་པ་པོར་བསྟན་ཏོ།། ཚོར་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བརྗོད ་པར་བྱའོ།། ཡང་ན་ཇི་ལྟར་གོང་དུ་བསྟན་པ་བཞིན་དུ་ཡུལ་དུ་སྣང་བའི་ཕྱིར་བྱེད་པ་པོར་བསྟན་ཏོ།། དངོས་པོ་ཐམས་ཅད་ནི་སྐད་ཅིག་མ་ཡིན་པས་བྱེད་པའི་དུས་ན་མི་གནས་པའི་ཕྱིར་བདག་ཐོབ་པ་མ་གཏོགས་པར་བྱེད་པ་གཞན་མེདདོ།། བྱེད་པ་པོ་མེད་པར་ནི་བྱ་བ ་བ་མེད།། དངོས་པོ་རྣམས་བདག་ཐོབ་མ་ཐག་ཏུ་གལ་ཏེ་འཇིག་པར་མི་འགྱུར་ན་ནི་རྒྱུ་མེད་པའི་ཕྱིར་ཕྱིས་ཀྱང་འཇིག་པར་མི་འགྱུར་ཏེ། འཇིག་པ་པོ་དང་། འཇིག་པ་ནི་ཕྱིས་ཀྱང་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར་རོ།། འཇིག་པ་རྒྱུ་དང་བཅས་པར་ཡོངསུ ་རྟོག་ན་ཡང་འཇིག་པ་པོ་ཉིད་དམ། དེ་ལས་གཞན་པ་ཞིག་འཇིག་པའི་རྒྱུར་ཡོངསུ་བརྟག་གྲང་ན། ཕྱོགས་སྔ་མ་ལྟར་ན་ནི་དངོས་པོ་རྣམས་བདག་ཐོབ་མ་ཐག་ཏུ་འཇིག་པའམ། འཇིག་པ་མེད་པར་ཐལ་བར་འགྱུར་ཏེ། གང་གཞན་ལ་མི་བལྟོས་པ་དེ་ནི་སྐུར ་གང་གི་རྒྱུར་མ་གྱུར་པ་དེ་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་པས་ཕྱིས་ཀྱང་དེའི་རྒྱུར་མི་འགྱུར་བ་ཉིད།། ཕྱོགས་ཅིག་ཤོས་ལྟར་ན་ཡང་འཇིག་པའི་རྒྱུ་ངེས་པ་མེད་པར་འགྱུར་རོ།། འབྲས་བུ་བཞིན་དུ་འཇིག་པ་རྣམས་ཀྱི་རྒྱུ་ལ་ཡང་ངེས་པ་ཡོད་དོ་ཞེ་ན། དེ་ནི་དེ ་ལྷ་མ་ཡིན་ཏེ། འབྲས་བུ་རྣམས་ནི་ཕན་ཚུན་ཐ་དད་པའི་རང་གི་ངོ་བོ་ཡིན་པས་དེ་དག་གི་རྒྱ་རྣམས་ཀྱི་ནུས་པ་ཡང་ཐ་དད་པས་ངེས་པ་ཡོད་པར་འགལ་བ་མེད་ཀྱི། འཇིག་པ་ནི་དངོས་པོར་བརྗོད་པ་མེད་པས་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་ན་ངེས་པ་འདི་སུས་བྱས། དེ ་ལྟ་བས་ན་འཇིག་པ་ཐམས་ཅད་ཀྱི་རྒྱུ་ཐམས་ཅད་ཡིན་པའམ། འཇིག་པ་ལ་རྒྱུ་མེད་པ་གཅིག་ཏུ་ཤེས་པར་བྱའོ།། ཡང་གལ་ཏེ་འཇིག་པ་འཇིག་པའི་རྒྱུའི་སྔ་རོལ་ན་ཡོད་པ་དེ་ལྟ་ན་ནི་འཇིག་པའི་རྒྱུ་དོན་མེད་པ་དང་། དངོས་པོ་རྣམས་ཀྱང་ཞིག ་བཞིན་དུ་སྐྱེ་བས་ཞིག་ཟིན་པ་རྣམས་སྐྱེ་བར་ཐལ་བར་འགྱུར།། ཇི་སྟེ་འཇིག་པ་འཇིག་པའི་རྒྱུ་རྣམས་ཀྱི་སྔ་རོལ་ན་མེད་པ་ན་དེ་ལྟ་ན་ཡང་དངོས་པོ་བཞིན་དུ་དངོས་པོ་མེད་པ་ཡང་སྔ་ན་མེད་པར་ཐལ་བར་འགྱུརརོ།། གང་ལ་སྔོ་ན་ཡོད་པ་དེ་ནི་གདོན་མི་ཟ་བར་དངོས་པོ་ཡིན ་བའི་ཕྱིར་ཞིག་ནས་མེད་པར་ཡང་འགྱུརརོ།། དེ་ལྟ་ན་དངོས་པོ་དང་དངོས་པོ་མེད་པ་གཉིས་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་དངོས་པོའི་བདག་ཉིད་དམ། དངོས་པོ་མེད་པའི་བདག་ཉིད་དུ་ཐལ་བར་འགྱུར་རོ།། ཇི་སྟེ་ཞིག་ནས་མེད་པ་ཡང་ཞིག་ནས་མེད་པར་འགྱུར་ན། དེ་ལྟ་ན་ནི ་ཞིག་ནས་མེད་པ་རྣམས་ཐུག་པ་མེད་པར་འགྱུར་བའི་ཕྱིར་དེའི་རྒྱུ་རྣམས་ཀྱང་འགྱུར་རོ།། དེ་ལྟར་མི་འདོད་ན་ནི་གཉི་ག་ཡང་རབ་བཞིན་བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར་དངོས་པོ་ཞིག་ནས་མེད་པར་ཡང་འདོད་པར་མི་བྱའོ།། བྱ་བ་ཡང་དངོས་པོ་གཞན་ནམ་གཞན་མ་ཡིན་པར ་བརྟག་གྲང་ན། གལ་ཏེ་གཞན་མ་སྨིན་ནི་པ་གཉི་ག། ཉིད་ཀྱི་བྱེད་པ་པོ་དང་ལས་སུ་མ་རིག་སོ།། གལ་ཏེ་བདག་ཐོབ་ནས་བྱ་བ་བྱེད་ན་དེའི་བདག་ཉིད་དུ་གྱུར་པ་ཡིན་ཏོ། གང་ཞིག་གང་མེད་པར་འབྱུང་བ་དེ་ནི་དེའི་བདག་ཉིད་དུ་གྱུར་པར་མི་རུའོ།། བྱ་བས་སྟོང་ན་ཡང་བྱེད་པ་པོ ་མི་རུང་།། བྱ་བ་དང་བྲལ་བ་ནི་བྱ་བ་དང་ལྡན་པ་ལས་གཞན་ཉིད་ཡིན་ན་བྱ་བ་བྱེད་པ་པོ་འམ། ལས་ཀྱི་བདག་ཉིད་དུ་ཇི་ལྟར་འགྱུར། བྱ་བ་དང་བྲལ་བ་དང་དེ་དང་ལྡན་པ་གཉིས་ཅིག་ཅར་དུ་མ་མཐོང་བའི་ཕྱིར་སྔ་མ་འཇིག་ལ་ཕྱི་མ་སྐྱེ་བར་ཁས་བླང་བར་བྱའོ།། ཇི་སྟེ་བདག ་མ་ཐོབ་ན་དེ་ལྟར་ན་ཡང་བྱེད་པ་པོ་དང་། བྱ་བ་ཡང་དེའི་བདག་ཉིད་དུ་འགྱུར་བར་མི་རུང་སྟེ། གཉིག་མེད་པའི་ཕྱིར་ཅི་ཡང་མ་ཡིན་ནོ།། གཞན་ཡང་གཙུག་ནི་བྱ་བ་དང་བྲལ་བ་ཡིན་ལ། ཅག་ཤོས་ནི་བྱ་བ་དང་ལྡན་པར་ཕྱིར་བྱེད་པ་པོ་མདོ།། བྱེད་པ་པོ་མེད་ན་བྱ་བ་ཡང་མེད།། ། ་དེ་ལྟར་རང་གི་ངང་གིས་འཇིག་པའི་ཕྱིར་སྐད་ཅིག་པ་ཉིད་དུ་ཁས་བླངས་པ་ཡིནོ།། བྱེད་པ་པོ་དང་ལས་གཉིས་ལས་བྱ་བ་གུད་ན་ཡང་མེད་དེ། བྱེད་པ་པོ་རྣམས་ཀྱི་བྱ་བ་བྱས་ལ། བསྐྱེད་པར་བྱ་བ་ཡིན་པས་ནི་ལས་ཉིད་ཡིནོ།། བྱ་བ་མེད་པར་ཡང་ལས་དང་བྱེད་པ་པོར་མི་རུང་སྟེ། ་གདོན་མི་ཟ་བར་དེར་བྱ་བ་གཞན་ཡོད་པར་འགྱུར་རོ།། དེ་ལ་ཡང་གཞན་ཡོད་པར་འགྱུར་བས་བྱ་བ་དང་བྱེད་པ་པོ་རྣམས་ཐུག་པ་མེད་པར་འགྱུར།། ཇི་སྟེ་བྱ་བ་གཞན་ལ་མི་བལྟོས་པར་བྱ་བ་བསྐྱེ་བོ་ཞེ་ན། དེ་ལྟར་ན་ནི་བྱ་བ་གཞན་དང་བྲལ་བའི་རྫས་ཉིད་སྐྱེད་པར་ཅིའི་ཕྱིར་མ ་འདོད་ལ། དོན་གཞན་དུ་གྱུར་པ་རང་གི་ངོ་བོ་དང་ནུས་པ་ཡུམ་མཐོང་བའི་བྱེ་བ་ཡོངས་སུ་བརྟགས་པོས་ཅི་ཞིག་བྱ། གལ་ཏེ་ཡང་བྱེད་པ་པོ་རྣམས་ཀྱིས་བྱ་བ་བསྐྱེད་ཀྱི་རྫས་ནི་མ་ཡིན་ན། དེ་ལྟ་ན་ནི་སྔ་ན་མེད་པ་དང་ཞིག་ནས་མེད་པ་གཉིས་བྱ་བ་ལ་ཡོད་ཀྱི། རྫས་ལ ་མེད་པར་འགྱུར་ཏེ། རྫས་ཐམས་ཅད་ནི་རྟག་པ་འམ་མེད་པ་ཉིད་དུ་ཁས་བླང་བར་བྱའོ།། གལ་ཏེ་ཡང་བྱེད་པ་པོ་རྣམས་ལས་བྱ་བ་གཞན་ཞིག་ཡིན་ན་བསྒྲུབ་པ་བྱ་བ་དང་བྲལ་བར་འགྱུར་ཏེ། དེ་ལྟར་ནུ་ནི་བྱ་བ་ལ་ཐུག་པ་མེད་པ་དང་སྒྲུ་བ་པཱ་ཡང་མེད་པར་འགྱུར་རོ།། ་སྒྲུབ་པ་མེད་པའི་ཕྱིར་བྱ་བ་ཡང་མེད་པར་འགྱུར་ཏེ། སྒྲུབ་པ་མེད་ནི་བྱ་བ་མེདདོ།། ཡང་གལ་ཏེ་འགྲོ་བ་པོ་ལས་འགྲོ་བ་གཞན་པ་དང་། འབྲས་བུ་རྣམས་ལས་ཆོས་པ་གཞན་དུ་གྱུར་ན།། དེ་ལྟ་ན་ནི་སྔོན་གྱི་གནས་ལས་འགྱུར་བ་མེད་པའི་ཕྱིར་འགྲོ་བ་པོ་ཡུལ ་གཞན་དུ་ཕྱིན་པ་མེད་པ་དང་། འབྲས་ཀྱང་གནས་པ་མེད་པར་འགྱུ་རོ།། ཇི་སྟེ་ཡང་བྱ་བ་ཉིད་རང་གི་གཞིར་འགྱུར་བའི་རྒྱུ་ཡིན་པས་སྔོན་གྱི་གནས་ལས་འགྱུར་བ་མ་བཀག་གོ་ཞེ་ན། འགྱུར་བ་ཞེས་བྱ་བ་ནི་སྔོན་ལས་རང་བཞིན་བྱེ་བྲག ་ཏུ་གྱུར་པ་ཡིན་ལ། དེ་ཡང་གཞན་དུ་གྱུར་པ་མེད་པར་མི་འབྱུང་སྟེ། དེ་ལྟ་བས་ན་སྔ་མ་དང་ཕྱི་མ་གཉིས་ཅིག་ཅར་ཡོད་པ་མ་ཡིན་པས་གདོན་མི་ཟ་བར་སྔར་ཞིག་ལ་དུས་ཐ་དད་པ་མེད་པར་ཕྱི་མ་སྐྱེ་བར་ཁས་བླང་བར་བྱའོ།། དེ་ལྟར་ན་བྱ་གཞི་མེད་པ་དང་མི ་གནས་པའི་ཕྱིར་འགྱུར་བའི་རྒྱུར་ག་ལེ་འགྱུར། དེ་ལྟ་བས་ན་བདག་ཐོབ་མ་ཐག་ཏུ་འཇིག་པ་ཅན་གཡོ་བ་མེད་པ་ནང་ན་བྱེད་པའི་སྐྱེས་བུ་མེད་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཉིད་ཡོད་པ་ཙམ་གྱིས་སྔ་མ་མེད་པའི་ཕུང་པོ་གཞན་རྣམས་ལ་རྟག་པ་དང་། ་བྱེད་པ་པོ་དང་ཟ་བ་པོར་འཛིན་པ་སྔོན་དུ་གཏང་བའི་བདག་དང་བདག་གིར་འཛིན་གྱི། འདི་བདག་དང་བདག་གི་ལ་ནི་མ་ཡིནོ།། བདག་དང་བདག་གིར་ཞེས་བྱ་བ་ནི་མཐར་འཛིན་པའི་ལྟ་བ་རྣམ་པར་གཅོད་པའོ།། ཡང་དག་པར་ཎྜེ་སུ་ཞེས་བྱ་བ་ནི་རྣམ་པར ་འབྱེད་པའོ།། ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ་ཞེས་བྱ་བ་ནི་རྨོངས་པར་མི་གྱུར་ན། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་མི་འགྱུར་ཏེ། དེའི་ཕྱིར་གཏི་མུག་དང་མཚུངས་པར་ལྡན་པ་དང་ཕྱིན་ཅི་ལྡོག་ཏུ་གྱུར་པའི་ཕྱིར་ཏྲོན་མོངས་པ་ཙནྡོ།། དེ་ལ ་རང་གི་རྒྱུད་དུ་གྱུར་པ་རྣམས་ལ་ནི་བདག་ཏུ་ཡང་དག་པར་རྗེ་སུ་ལྔ། གཞན་གྱི་རྒྱུད་དུ་གྱུར་པ་དང་མ་ཟིན་པ་རྣམས་ནི་བདག་གིར་ཡང་དག་པར་རྗེ་སུཾཙྪའོ།། གང་གི་ཚེ་བདག་གི་རྒྱུན་དུ་གྱུར་པ་རྣམས་ཀྱི་ཕྱོགས་གཅིག་ལ་བདག་ཏུ་ལྟོ་བའི་ཚེ་གཞན་ལ་ནི་བདག ་གིར་ལྟའོ།། འདི་ནི་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅ་ནོ།། དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་བ་ན་འཇུག་ཚོགས་ལ་ལྟ་བ་སྟེ། འཇིག་ཚོགས་ལ་ལྟ་བའི་སྟོབས་ཀྱིས་དེ་འབྱུང་བའི་ཕྱིར་འཛག་ཚོགས་ལ་ལྟ་བ་ནི་དེ་ལ་དབང་བྱེའོ།། རྟག་པའམ་ཆང ་པ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བས་དངོས་པོ་གང་ལ་བདག་ཏུ་དམིགས་པ་དེ་ཉིད་ལ་སྟེ། རྟག་པ་ནི་ཐེར་ཟུག་གོ།། ཆད་པ་ཞེས་བྱ་བ་ལ་ཆད་པ་ནི་འདིར་ཉིང་མཚམས་སྦྱོར་བ་མེང་པར་འཇིག་པའོ།། ཡང་དག་པར་རྗེ་སུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན ་གང་ཡིན་པའོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ།། འདི་ནི་དབུ་མའི་ལམ་གྱིས་ངེས་པར་འབྱུང་བའི་བར་དུ་གཅོད་པའི་ལས་ཅ་ནོ།། དབུ་མའི་ལམ་ནི་རྟག་པ་དང་ཆུད་པར་འཛིན་པ་སྦྱངས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།། རྒྱུ ་འབྲས་བུ་འམ་བྱེད་པ་ལ་སྐུར་པ་བདེབས་པ་དང་ཡོད་པའི་དངོས་པོ་འཇིག་པ་སྟེ་ཞེས་བྱ་བ་ལ་སོགས་པ་དེ་ཡང་ཁྱད་པར་ཅན་ལ་བྱའི། ཐམས་ཅན་ལ་ནི་མ་ཡིནོ།། འདི་ནི་དགེ་བའི་རྩ་བ་གཅོད་པའི་ལས་ཅན་དང་། མི་དགེ་བའི་རྩ་བ་དམ་དུ་འཛིན་པའི ་རྟེན་བྱེད་པའི་ལོས་ཅ་ནོ།། ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན་ཞེས་བྱ་བ་ནི་ལྟ་བ་ལ་སོགས་པ་ལ་དམ་པར་འཛིན་པས་ལྟ་བ་མཆོག་ཏུ་འཛིན་པའོ།། ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་ཅེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར ་ལྟ་བ་དང་། ལོག་པར་ལྟ་བའོ།། ཞེས་བྱ་བ་ནི་ལྟ་བ་པོའི་ལུས་ཞེས་བྱ་བ་གང་ཡིན་པ་དག་སྟེ། གང་དག་ལ་བརྟེན་ནས་ལྟ་བ་ལ་སོགས་པ་རྣམས་འབྱུང་བའོ།། དེའི་གནས་ལ་མཆོག་དང་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང་དམ་པ་ཞེས་བྱ་བ་ནི་མཆོག་ལ ་སོགས་པའི་སྒྲ་དེ་དག་དོན་མཚུངས་མོད་ཀྱི་གཅིག་གི་གཅིག་བཤད་པའི་ཕྱིར་སྨོསོ།། འདི་ནི་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ལས་ཅན་ཏེ། ལྟ་བའི་མཚན་ཉིད་ལ་མངོན་པར་ཞེན་པ་ཡོན་ཏན་གྱི་ངོ་བོར་འཛིན ་པས་དེ་ཡོངསུ་མི་གཏོང་བའི་སྒོ་ནས་འདི་ནི་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པར་བཤད་པ་ཡིནོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། དེའི་གནས་ཕུང་པོ་རྣམས་ལོ་ཞེས་བྱ་བ་ལ། འཆལ་པའི་ཚུལ་ཁྲིམས་སྤོང་བ་ནི་ཚུལ་ཁྲིམསོ།། ཆ་བྱད་དང་། ཚུལ ་དང་། ལུས་དང་། ངག་གི་འཇུག་པ་ངེས་པར་བྱེད་པ་ནི་བརྟུལ་ཞུགསོ།། ཕུང་པོ་གང་དག་ལ་བརྟེན་ནས་ཚུལ་ཁྲིམས་སམ་བརྟུལ་ཞུགས་འབྱུང་བའི་ཕུང་པོ་དེ་དག་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་གནསོ།། ལྟ་བ་ངན་པ་ལ་ཡོན་ཏན་དུ་བཟུང་ནས་དེ་སྔོན ་དུ་འགྲོ་བའི་ཚུལ་ཁྲིམས་དང་། བརྟུལ་ཞུགས་ལ་དམ་པར་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། དེའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་མཆོག་ཏུ་འཛིན་པ་སྔར་བཤད་།། ཚུལ་ཁྲིམས་དང་བརྟུལ ་ཞུགས་འདྲིས་སྡིག་པའི་དྲི་མ་སེལ་ཅིང་དག་པར་བྱེད་པས་དག་པའོ།། འོངས་ཉོན་མོངས་པའི་འཆིང་བ་ལས་གྲོལ་བར་བྱེད་པས་གྲོལ་བའོ།། འདིས་འཁོར་བ་ལས་ངེས་པར་འབྱིན་པར་བྱེད་པས། ངེས་པར་འབྱུང་བའོ།། ངེས་པར་འབྱིན་པ་ནི་ཐར་པའི་ལམ་ཞེ། ་བྱ་བའི་ཐ་ཚིགོ། ཡང་དག་པར་རྗེ་སུ་ལྟ་བ་ཞེས་བྱ་བ་ནི་རྟོག་པའོ།། ཚུལ་ཁྲིམས་སམ་བརྟུལ་ཞུགས་ལ་བདག་པོ་ལ་སོགས་པའི་རྣམ་པར་མངོན་པར་ཞེན་པའི་བདག་ཉིད་ཀྱི་ཤེས་རབ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། ཉོན་མོངས་པ ་ཅན་ནི་ཕྱིན་ཅི་ལོག་ཏུ་དམིགས་པའི་ཕྱིརོ།། འདི་ནི་དྲལ་བ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཐེ་ཚོམ་གང་ཞེ་ན། བདེན་པ་ལ་སོགས་པ་ལ་གང་ཡིད་གཉིས་ཟ་བའོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བས་ནི་ལས་དང་འབྲས་བུ་དང་། དཀོན་མཆོག་རྣམ ་བསྡུའོ།། ཡིན་ནམ་མ་ཡིན་ཞེས་སོམ་ཉི་ཡོད་པ་ནི་ཡིད་གཉིས་ཟ་བའོ།། འདི་ཤེས་རབ་ལས་རང་བཞིན་ཐ་དད་པར་བལྟ་བར་བྱ་སྟེ། འདི་ནི་དགེ་བའི་ཕྱོགས་ལ་མི་འཇུག་པའི་རྟེན་བྱེད་པའི་ལུས་ཅནོ།། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས ་ལ་དུ་ཞིག་ནི་ཀུན་བརྟགས་པ་ཁོ་ན་ཡིན། དུ་ཞིག་ནི་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པ་ཡིན་ཞེ་ན། ལྟ་བ་གསུམ་པོ་དེ་དག་ནི་གོང་མ་ལ་ཡང་འགྲོལ་བས་དེའི་ཕྱིར། ལོག་མ་ཞེས་བྱ་བ་སྨོསོ།། དེ་དག་ཀྱང་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། འདི་དག་ཉི་ཚེ་ཀུན་ཏུ་བརྟགས་པ་ཡིན་པར་མ་ཟད་ཀྱི། ཐེ་ཚོམ་ཡང་ཀུན་ཏུ་བརྟགས་པའོ།། ལྷག་མ་ནི་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའོ་ཞེས་བྱ་བ་ནི་གཉི་གའོ།། ལྷག་མ་རྣམས ་གང་ཞེ་ན། འདོད་ཆགས་དང་། ཁོང་ཁྲོ་བ་དང་། གཏི་མུག་དང་། ང་རྒྱལ་རྣམས་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བའོ།། ཉོན་མོངས་པ་རྣམས་བཤད་ཟིན་ཏོ།། ཉེ་བའི་ཉོན་མོངས་པ་རྣམས་བརྗོད་དགོས་པས་དེ་དག་བཤད་པར ་བྱའོ།། འཕྲལ་དུ་ཞེས་བྱ་བ་ནི་དེ་ལྟར་བྱུང་བ་ལ་བྱ་སྟེ། མ་འོངས་པ་དང་། འདས་པ་ལ་ནི་མ་ཡིནོ།། གནོད་པར་བྱེད་པ་ལ་གནས་ཏེ་ཞེས་བྱ་བ་ནི་མོ་གནོད་པར་བྱེད་པ་གཟུང་སྟེ། འདིས་ནི་ཁྲོ་བོའི་ཡུལ་བསྟན་ཏོ།། ཁྲོ་བ་ནི་ད་ལྟར་ཉིད་གནོད་པར་བྱེད་པའི་དངོས་པོ ་ལ་འཇུག་གི། གཞན་དུ་ནི་མ་ཡི་ནོ།། སེམས་ཀྱི་ཀུན་ནས་པནར་སེམས་པའོ།། ཞེས་བྱ་བ་འདིས་ནི་རྣམ་པར་ཤེས་པ་དང་འབྲེལ་བ་ཅན་དང་རང་གི་ངོ་བོ་ཡང་སྟོན་ཏོ།། འདི་ནི་ཀུན་ནས་མནར་སེམས་པའི་རང་བཞིན་ཡིན་པས་ཁོང ་ཁྲོ་བ་དང་ཐ་དད་པ་མ་ཡིན་མོད་ཀྱི། འདི་ནི་ཁོང་ཁྲོ་བའི་ཆའི་ཁྱད་པར་ལ་བཏགས་པའི་ཕྱིར་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་དེ་འཕྲལ་དུ་གནོད་པར་བྱེད་པའི་དབང་དུ་བྱས་ནས་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་སེམས་ཀྱི་ཀུན་ནས་མནར ་སེམས་པའོ།། དབྱུག་པ་ལེན་པ་ལ་སོ། ཥའི་ན་ངྒེ་ཁྲིམས་ཅན་གང་ཡིན་པ་དེ་ཁྲོ་བ་ཞེས་གདུགས་སོ།། ཁྲོས་པའི་འོག་ཏུ་འདིས་བདག་ལ་གནོད་པ་འདིས་བྱས་སོ་ཞེས་ཤར་གཉེར་བའི་བདག་ཉིད་དེའི་མདུད་པར་འཛིན་པ་མི་གཏོང་བ་རྒྱུན་ཏུ་འབྱུང་བ་ནི ་ཁོན་དུ་འཛིན་པ་སྟེ། མི་བཟོད་པ་ནི་གནོད་པ་བྱེད་པ་ལ་མི་སྙམ་པར་མི་བྱེད་ཀྱི། ཕྱིར་གནོད་པ་བྱེད་པ་འདོད་ཅེས་བྱ་བའི་ཐ་ཚི་གོ། འདི་ཡང་ཁྲོ་བ་བཞིན་དུ་ཞེ་སྡང་གི་གནས་ཀྱི་ཁྱད་པར་ལ་བརྟགས་པ་ཡིན་པས་བརྟགས་པའི་ཡོད་པར་རིག་པར་བྱའོ།། ་འཆབ་པ་ནི་འདུན་པ་དང་ཞེ་སྡང་དང་། འཇིག་པ་ལ་སོགས་པ་གསལ་ཏེ། དེ་ལ་ཕན་པར་འདོད་པའི་གླེང་བར་བྱེད་པས་དུ་སུ་ཁྱོད་འདི་ལྟ་བུ་བྱེད་པའོ། ཞེས་བསྙད་པ་ལ་གཏི་མུག་གི་ཆར་གཏོགས་པས། ཁ་ན་མ་ཐོ་མ་ཁྱད་པའོ།། འཆ་བྱ་བ་ནི་ཁ ་ན་མ་ཐོ་བ་མཁྱུད་པའི་རྣམ་པ་ཡིན་པའི་གཏི་མུག་གི་ཆར་གཏོགས་པ་ཉིད་དེ། འདི་ནི་འགྱོད་པ་དང་རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅནོ།། འདི་ནི་ཆོས་ཉིད་ཡིན་ཏེ། འདི་ལྟར་ཁ་ན་མ་ཐོ་བ་མཁྱུད་ན་འགྱོད་པར་འགྱུརརོ།། འགྱོད་ན་གདོན་མི་ཟ ་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པར་འགྱུར་བས་རེག་པར་མི་གནསོ།། ཚིག་བརླང་པོ་ཞེས་བྱ་བ་ནི་འཚང་འབྲུ་བའི་ཚུལ་གྱིས་ཞེ་གཅོད་པ་དང་། ཚིག་རྩུང་པོ་ཞེའ་འདེབས་པར་བྱེད་པའི་ངང་ཚུལ་ནི་ཞེར་འདེབས་པ་སྟེ། དེའི་དངོས་པོ་ནི་ཞེར་འདེབས ་པ་ཉིད།། ཚིག་བརླང་པོས་ཟ་བ་དང་འདྲ་བར་ཚིག་བརླང་པོར་ཞེར་འདེབས་པ་ཉིད་ནི་འཚེག་པའོ།། འདི་ཡང་ཁྲོ་བ་དང་། ཁོན་དུ་འཛིན་པ་སྔོན་དུ་འགྲོ་བ་སེམས་ཀྱི་ཀུན་ནས་མནར་སེམས་པའི་རང་བཞིན་ཡིན་པས་ཁོང་ཁྲོ་བའི་ཆ་གཏོགས་པ་ཉིད་དེ། རྫས ་ཡོད་པ་ནི་མ་ཡི་ནོ།། འདི་ནི་ངག་གི་ཉེས་པར་སྤྱོད་པ་སྐྱེད་པའི་ལས་ཅན་དང་། རེག་པར་མི་གནས་པའི་ལས་ཅན་ཏེ། དེ་དང་ལྡན་པའི་གང་ཟག་དང་འགྲོགས་པར་དཀའ་བའི་ཕྱིརརོ།། བྲག་དོག་ནི་རྙེད་པ་དང་། བཀུར་སྟི་དང་། ཚིག་སུ་བཅད་པ་དང་། རིགས་དང་། ་ཚུལ་ཁྲིམས་དང་། ཐོས་པ་ལ་སྔོགས་པའི་ཡོན་ཏན་མཐོང་ནས་ཞེ་སྡང་གི་ཆར་མངོན་པར་གཏོགས་པའི་སེམས་ཁོང་ནས་འཁྲུགས་པ་སྟེ། རང་གི་བསམ་པ་ལ་ཁྱད་པར་འཁྲུག་པས་ཁོང་ནས་འཁྲུག་པའོ།། འདི་ནི་ཡིད་མི་བདེ་བ་དང་། རོག ་པར་མི་གནས་པའི་ལས་ཅནོ།། ཟིན་པའི་དངོས་པོ་ཆོས་དང་ཟང་ཟིང་དང་མཁས་པའི་བདག་ཉིད་རྣམས་གང་གི་ཕྱིར་མཆོད་པ་དང་། ཕན་འདོགས་པར་འདོད་པས་འདོད་པའམ། མི་འདོད་པ་ལ་ཡང་རུང་སྟེ། སྦྱིན་པར་བྱེད་པ་དེ་ནི་སྦྱིན་པའོ།། དེ ་ཡོད་ན་སྦྱིན་པ་མེད་པར་འགྱུར་བའི་ཕྱིར་དེ་དང་མི་མཐུན་པ་ཞེས་བྱའོ།། རྙེད་པ་དང་བཀུར་སྟི་ལ་ཞེན་ནས་འཚོ་བའི་ཡོ་བྱད་རྣམས་ལ་འདོད་ཆགས་ཀྱི་ཤས་ཀྱི་སེམས་ཀྱི་ཀུན་དུ་འཛིན་པ་དང་། ཡོངསུ་མི་གཏོང་བར་འདོང་པ་ནི་སོར་སྣའོ།། འདི་ནི་ཡོ་བྱད་མ ་བསྙུངས་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཡོ་བྱད་མ་བསྙུངས་པ་ནི་སེར་སྣས་ཡོ་བྱད་མི་མཁོ་པ་རྣམས་ཀྱང་སོགས་པའི་ཕྱིརརོ།། སྒྱུ་གང་ཞེ་ན། གཞན་ལ་སླུ་བའི་ཡང་དག་པ་མ་ཡིན་པའི་དོན་སྟོན་པའོ་ཞེས་བྱ་བ་ནི་རྙེད་པ་དང ་བཀུར་སྟི་ལ་ལྷག་པར་ཆགས་པས་གཞོན་ལ་བསླུ་བའི་བསམ་པས་ཚུལ་ཁྲིམས་ལ་སོགས་པའི་དེན་གཞན་དུ་སྤེན་པ་སྟེ། འདི་ནི་འདོད་ཆགས་དང་གཏི་མུག་གཉིས་ཀྱིས་ཡང་དག་པར་མ་ཡིན་པའི་ཡོན་ཏན་སྟོན་པས་ན་དེ་གཉིས་འདུས་པ་ལ་གདག ་ཏེ། ཁྲོ་བ་ལ་སོགས་པ་བཞིན་དུ་བཏགས་པ་ཉིད་ཡིན་གྱི། རྫ་སུ་ནི་མེད་དོ།། ལོག་པས་འཚེ་བའི་རྟེན་བྱེད་པའི་ལས་། ལུས་དང་ངག་གི་ཚུལ་འཆོས་པའི་ཟིན་པའི་མལ་ཨ་ལ་སོགས་པ་ཉེ་བར་འཚོའི། ཡང་དག་པའི་རྩོལ་བུས་རྙེད་པ་ནི་མ་ཡིན ་རྙེད་པས་ནི་མ་ཡིན་པས་ནི་ལོག་པས་འཚོ་བ་ཞེས་བྱའོ།། གཡོ་གང་ཞེ་ན། བདག་གི་ཉེས་པ་དམ་པོའི་ཐབས་བཟུང་བ་སྟེ། སེམས་གྱ་གྲུ་བའོ།། ཞེས་བྱ་བ་ལ་འད། གི་ཉེས་པ་བཅབ་པའི་ཐབས་ནི་གཞན་མགོ་རྨོངས་པར་བྱེད་པ་སྟེ། དེ་ཡང་གཞན ་ནས་གཞན་དུ་བསྒྱུར་ཞིང་གཏམ་རླུང་སྐུར་བ་དང་། གསལ་བར་མི་བྱེད་པའོ།། དེའི་ཕྱིར་གཡོ་དང་འཆབ་པ་གཉིས་ཐ་དད་དེ། དེ་ནི་དངོས་སུ་མཁྱུད་པར་བྱེད་པའོ།། འདི་ནི་བདག་གི་ཉེས་པ་བཅབ་པའི་ཐབས་བཟུང་བ་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་རོ།། ་སེམས་གྱ་གྱུ་བོ་ནི་མི་དྲང་བ་སྟེ། དེ་དང་ལྡན་ན་སེམས་ལམ་དྲང་པོར་མི་འཇུག། འདི་ནི་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་འདོད་ཆགས་དང་གཏི་མུག་དེ་ཉིད་ཀྱིས་བདག་གི་ཉེས་པ་བཅབ་པའི་ཕྱིར་གཞན་མགོ་རྨོངས་པར་བྱེད་པས་དེ་གཉིས ་འདུས་པ་ལ་དེ་གདགས་སོ།། འདི་ནི་ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅ་ནོ།། ཡང་དག་པའི་གདམས་ངག་ནི་གང་རྙེད་ན་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེའི་བར་ཆད་བྱེད་པའོ།། རྒྱགས་པ་གང་ཞེ་ན། བདག་གི་ཕུན་སུམ་ཚོགས ་བ་ལ་ཆགས་པའི་རབ་ཏུ་དགའ་བ་སྟེ། སེམས་ཡོངས་སུ་འཛིན་པའོ་ཞེས་བྱ་བ་ནི་རིགས་དང་ནད་མེད་པ་དང་། གཟུགས་དང་། ལང་ཚོ་ལ་བབ་པ་དང་། སྟོབས་དང་། ཕྱུག་པ་དང་། བློ་དང་། ཡིད་གཞུངས་པ་ལ་སོགས་པ་མཆོག་ཏུ་གྱུར་པ་ནི་རང་གི་ཕུན ་སུམ་ཚོགས་པའོ།། རབ་ཏུ་དགའ་བ་ནི་དགའ་བའི་བྱེ་བྲག་གོ།། སེམས་ཡོངསུ་འཛིན་པ་ཞེས་བྱ་བས་ནི་དགའ་བའི་བྱེ་བྲག་ཉིད་སྟོན་ཏེ། དགའ་བའི་བྱེ་བྲག་གང་གི་སེམས་རང་དབང་མེད་པར་བྱེད་པ་དེས་དེ་བདག་གི་དབང་དུ་བྱེད་པས་ཡོངསུ་འཛིན་པར ་འགྱུར་ཏེ། དེའི་ཕྱིར་སེམས་ཡོངསུ་འཛིན་པ་ཞེས་བཤད་དོ།། འདིར་ནི་འདོར་ནུ་དགའ་བའི་བྱེ་བྲག་དང་ལྡན་པའི་སྲིད་པའི་རྣམ་པ་ལ་རྒྱགས་པ་ཞེས་བྱའོ།། འདི་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅནོ།། རྣམ་པར ་འཚེ་བ་ནི། གསད་པ་དང་། བཅིངས་པ་དང་། བརྡེག་པ་དང་། བསྡིགས་པ་ལ་སོགས་པ་གནོད་པ་སྣ་ཚོགས་ཀྱིས། སེམས་ཅན་རྣམས་ལ་འཚེ་བས་རྣམ་པར་འཚོ་བ་སྟེ། འདིས་གསད་པ་དང་། བཅིང་བ་ལ་སོགས་པས་སེཾན་རྣམས་ལ་རྣམ་པར་ཐོ་འཚམ ་པས་སྡུག་བསྔལ་དང་ཡིད་མི་བདེ་བ་སྐྱེད་པའི་ཕྱིར། རྣམ་པར་ཐོ་འཚམ་པའོ།། དེ་ནི་ཁོང་ཁྲོ་བའི་ཆར་གཏོགས་པ་སྟེ། སྙིང་བརྩེ་བ་མེད་པ་དང་། སྙིང་རྗེ་མེད་པ་དང་། བརྩེ་བ་མེད་པའོ།། སྙིང་བརྩེ་བ་མེད་པ་ལ་སོགས་པ་འདི་དག་ཀྱང་གསོད་པར་ལ་སོ་པ ་བདག་ཉིད་ཀྱིས་བྱེད་པ་དང་། བྱེད་དུ་འཇུག་པ་དང་གཞན་དག་བྱེད་པ་མཐོང་ངམ། ཐོས་ན་རྗེ་སུ་ཡི་རང་བ་རྣམས་དང་གོ་རིམས་བཞིན་དུ་སྦྱར་བར་ཤེས་པར་བྱའོ།། ཡང་ན་གཅིག་གི་སྐུ་གཅིག་བཤད་དོ།། འདི་ནི་མདོར ་ནུ་ཁོང་ཁྲོ་བའི་ཆར་གཏོགས་པ་སྟེ། སེམས་ཅན་རྣམས་ལ་སེམས་རྩུབ་པ་དང་། སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམ་པའི་ལས་ཅན་ནི་རྣམ་པར་འཚེ་བ་ཞེས་བྱའོ།། ངོ་ཚ་མེད་པ་ནི་འདི་ལ་ངོ་ཚ་མེད་པའི་ངོ་ཚ་མེད་པ་སྟེ། དེ་གང་དང་ལྡན་ན་དེ་སྐད་ཅེས་བྱ་བ ་ངོ་ཚ་ཤེས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ནི་ངོ་ཚ་མེད་པ་སྟེ། ལས་དེ་བདག་གི་ཆ་མ་ཡིན་པར་ཤེས་ཀྱང་གང་ཁ་ན་མ་ཐོ་བས་མི་འཛེམ་པ་དེ་ངོ་ཚ་མེད་པའོ།། འདིས་ཁྲེལ་ལྟས་བྱེད་པས་ཁྲེལ་ཡོད་པ་སྟེ། དེ་ལས་བཟློག་པ་ནི་ཁྲེལ་མེད་པའོ།། ། ་འདི་གཉིས་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅནོ།། བྱ་བ་ངན་པ་ཐམས་ཅད་ཀྱི་རྒྱུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྣམ་པ་རྣམས་ཇི་ལྟར་མཐུན་མཐུན་དུ་གདགས་ཏེ། འདོད་ཆགས་དང་། ཞེ ་སྡང་གཉིས་ཅིག་ཅར་མི་འབྱུང་བའི་ཕྱིརརོ།། འདི་གཉིས་ནི་རང་གི་རྒྱུད་ནི་མེདོ།། རྨུགས་པ་གང་ཞེ་ན། སེམས་ལུས་མི་རུང་བ་སྟེ། སློང་བ་ཉིདདོ་ཞེས་བྱ་བ་ལ་སློང་བ་ཉིད་ནི་རྣམ་གྲངས་གཞན་གྱིས་བསྟན་པའོ།། སློང་བའི་དངོས་བློ་ནི་སློང་བ་ཉིད་དེ། དེ ་དང་ལྡན་ན་སེམས་བླུན་པར་གྱུར་ནས་མི་གཡོ་བ་བཞིན་དུ་དམིགས་པཱ་ནི་ནུས་པའོ།། འདི་ཡང་ཉོན་མོང་བ་དང་། ཉེ་བཱི་ཉྀངྒ་པ་ཟོད་ཀྱི་གྲོགས་བྱེད་པའི་ལས་ཅན།། གཏི་མུག་གི་ཚལ་གདགས་པས་བཏགས་པ་ཉིད་ཡིན་གྱི། རྫ་སུ་ནི་མ་ཡི་ནོ།། རྒོད་པ་གང་ཞེ་ན། ་སེམས་མ་ཞི་བའོ་ཞེས་བྱ་བ་ལ་ཞི་བ་ནི་ཞི་གནས་ཏེ། དེ་དང་མི་མཐུན་པ་ནི་མ་ཞི་བའོ།། དེ་ཡང་འདོད་ཆགས་དང་མཐུན་པ་སྔོན་རྒོད་རྒོད་པ་དང་། རྩཝ་རྩེ་བ་ལ་སོགས་པ་དྲན་པའི་འདོད་ཆགས་ཀྱི་ཆར་གཏོགས་པ་སེམས་མ་ཞི་བའི་རྒྱུ་སྟེ། སྐེ་གནས་ཀྱི་བར ་དུ་གཅོད་པའི་ལས་ཅ་ནོ།། དད་པའོ་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ལ། དད་པ་ནི་ཡོད་པ་དང་། ཡོན་ཏན་དང་ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང་། དང་བ་དང་འདོད་པའོ།། དེ་ལས་བཟློག་པ་ནི་མ་དད་པ་སྟེ། དད་པ་མེད་པ་ནི་སྦྱོར་བ་ལ ་བདུན་པ་མེད་པས་ལེ་ལོའི་རྟེན་བྱེད་པའི་ལས་ཅནོ།། ཉལ་བ་དག་བ་དུ་འཕྲེས་པའི་བདེ་བ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པས་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་ལ་སེམས་མི་སྤྲོ་བ་དེ་ནི་ལེ་ལོ་སྟེ། ངན་པ་ལ་སྦྱོར་བས་ནི་ལེ་ལའོ།། བརྩོན ་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ལ་བརྩོན་འགྲུས་ནི་དགེ་པའི་ཕྱོགས་ལ་སྦྱོར་བ་ལ་སེམས་མངོན་པར་སྤྲོ་བའོ།། དེ་མི་མཐུན་པའི་ཕྱོགས་ཡིན་པས་ལེ་ལོ་སྟེ། དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ།། བག་མེད ་པ་ནི་ཆགས་པ་དང་ཞེ་སྡང་དང་གཏི་མུག་ཇི་སྐད་དུ་བཤད་པ་རྣམས་ལ་གདོགས་ཏེ་མི་དགེ་བ་འཕེལ་བ་དང་དགེ་བ་འགྲིབ་པའི་རྟེན་བྱེད་པའོ་ལས་ཅོ་ནོ།། བརྗེད་ངས་པ་གང་ཞེ་ན། དྲན་པ་ཉོན་མོངས་པོ་ཅན་དེ་ཞེས་བྱ་བ་ལ་ཉོན་མོངས་པ་ཅན་ཞེས་བྱ་བ་ནི། ་ཉོན་མོངས་པ་དང་མཚུངས་པར་ལྡན་པའོ།། དགེ་བ་ལ་མི་གསལ་བ་ཞེས་བྱ་བ་ལ། ཉོན་མོངས་པ་དང་མཚུངས་པར་ལྡན་པ་ནི་ཉོན་མོངས་པ་དང་། ཡུལ་ཐ་དད་པ་མ་ཡིན་པས་དགེ་བ་ལ་སེམས་གསལ་བར་བྱེད་མི་ནུས་ཏེ། གཡེང་བའི་རྟེན་བྱེད་པའི་ལས་ཅན ་རྣམ་པར་གཡེང་བ་ནི་འདིས་སེམས་སྣ་ཚོགསུ་གཡེང་བར་བྱེད་པའོ།། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་གིས་སེམས་ཏིང་འཛིན་གྱི་དམིགས་པ་ལས་ཕྱི་རོལ་དུ་འཕྲོ་བར་བྱེད་པ་སྟེ། དེ་དག་ལ་ཇི་ལྟར་མཐུན་མཐུན་དུ ་ཉེ་བའི་ཉོན་མོངས་པའི་བདག་ཉིད་ཀྱི་གཡེང་བ་གདག་སོ།། འདོད་ཚིགས་དང་བྲལ་བའི་བར་དུ་གཅོད་པའི་ལས་ཅནོ།། ཤེས་བཞིན་མ་ཡིན་པ་གང་ཞེ་ན། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེས་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་འགྲོ་བ་དང ་ལྡོག་པ་ལ་སོགས་པ་ལ་མི་ཤེས་བཞིན་དུ་འཇུག་པ་སྟེ། བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་ལྟུང་བའི་རྟེན་བྱེད་པའི་ལས་ཅནོ།། ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ།། །། བམ་པོ་གསུམ་པ། འགྱོད ་པ་གང་ཞེ་ན། ཡིད་ལ་གཅགས་པའོ་ཞེས་བྱ་བ་ལ་ངན་པ་བྱས་པས་འགྱོད་དེ། དེའི་དངོས་པོ་ནི་འགྱོད་པ་ཉི་།། ངན་པ་བྱས་པའི་ཡུལ་ལ་སེམས་མི་དགའ་བ་སྟེ། སེམས་ལས་བྱུང་བའི་སྐབས་ཡིད་པས་འགྱོད་པ་ཞེས་བྱའོ།། འདོད་པ་དང་མི་འདོད་པ་དང་། ་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། དུས་དང་དུས་མ་ཡིན་པ་དང་། རིགས་པ་དང་མི་རིགས་པ་བྱས་སྙམ་མ་བྱས་ཀྱང་རུང་སྟེ། གཏི་མུག་གི་ཆར་གཏོགས་པའི་སེམས་ཀྱི་ཡིད་ལ་གཅགས་པ་ན་འགྱོད་པ་སྟེ། འདི་ནི་སེམས་གན ་པའི་བར་དུ་གཅོད་པའི་ལས་ཅནོ།། མངོན་པར་དགའ་བ་སྔོན་དུ་འགྲོ་བའི་བྱེད་པ་གང་ཡིན་པ་དེ་ནི་འདོད་པའོ།། མི་འདོད་པ་ནི་གཞན་དག་གིས་ནན་གྱིས་བྱེད་དུ་བཅུག་པ་གང་ཡིན་པ་དང་། ཉོན་མོངས་པའི་ཟིལ་གྱིས་ནོན་ནས་བྱེད་པ་གང་ཡིན་པའོ།། ་དུས་ན་སིང་དུ་མ་སྤངས་པའོ།། དུས་མ་ཡིན་པ་ནི་དེ་ལས་ཐལ་བའོ།། རགས་པ་ནི་གནས་ཡིན་པའོ།། མ་རིགས་པ་ནི་གནས་མ་ཡིན་པའོ།། དེ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ།། འདིར་ནི་གཏི་མུག་གི་ཆར་གཏོག ་པའི་ཉེ་བའི་ཉོན་མོངས་པ་བསྡུས་པ་ཁོ་ན་བཟུང་ངོ་།། གཉིད་གང་ཞེ་ན། འཇུག་པ་དང་དབང་མེད་པར་སེམས་སྡུད་པའོ་ཞེས་བྱ་བ་ལ་འཇུག་པ་ནི་དམིགས་པ་ལ་འཇུག་པའོ།། དེ་ཡང་སེམས་ཀྱི་རང་དབང་མེད་པ་གང་ལས་འབྱུང་བ་ཉིད་ཅེས་བྱའོ།། ཡང་ན་ལུས ་འཛིན་མི་ནུས་པའི་སེམས་ཀྱི་འཇུག་པ་རང་དབང་མེད་པ་དེ་གང་ལས་བྱུང་བ་དེ་ཉིད་ཅེས་བྱའོ།། གཞན་གྱིས་ཀྱང་སེམས་ཀྱི་འཇུག་པ་རང་དབང་མེད་པར་འགྱུར་བས་དེའི་ཕྱིར་སེམས་སྡུད་པ་ཞེས་བྱ་བ་སྨོས།། གཞན་གྱིས་ཀྱང་སེམས་སྡུད་པར་འགྱུ ་བས་སེམས་ཀྱི་འ་། རང་དབང་མེད་པ་ཞེས་བྱ་བ་སྨོས།། སེམས་སྡུད་པ་ནི་མིག་ལ་སོགས་པའི་དབང་པོའི་སྒོ་ནས་མི་འཇུག་པའོ།། དེ་ཡང་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའོ།། གཉིད་ཀྱི་རྒྱུ་ནི་ཉམ་ཆུང་བ་དང་། ངལ་བ་དང་ལུས་ལྕི་བ ་དང་། མུན་པ་མཚན་མ་ཡིད་ལ་བྱེད་པ་ལ་སོགས་པ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པ་འབྱུང་སྟེ། བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅནོ།། འདིར་ནི་མི་དགེ་བ་ཉིད་གཏི་མུག་གི་ཆར་གཏོགས་པ་ཡིན་གྱི་གཞན་ནི་མ་ཡི་ནོ།། རྟོག་པ་དང ་ཞེ་ན། ཀུན་ཏུ་འཚོལ་བའི་ཡིད་ཀྱི་བརྗོད་པ་སྟེ། སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ཅེས་བྱ་བ་ཀུན་ཏུ་ཚོལ་བ་ནི་འདི་ཅི་ཡིན་ཞེས་ཀུན་ཏུ་རྟོག་པའི་རྣམ་པར་ཞུགས་པའོ།། ཡིད་ཀྱི་རང་བཞིན་གྱིས་བརྗོད་པ་ནི་ཡིད་ཀྱིས་བརྗོད་པའོ།། བརྗོད་པ་དང་འདྲ ་པས་བརྗོད་པ་སྟེ་དོན་བརྗོད་པའོ།། སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ཅེས་བྱ་བ་ལ་སེམས་པ་ནི་གང་གིས་སེམས་ཀུན་ཏུ་གཡོ་བར་བྱེད་པའི་བདག་ཉིད་ཡིན་ལ་ཤེས་རབ་ནི་ཡོན་ཏན་དང་ཉེས་པ་འབྱེད་པའི་རྣམ་པ་ཡིན་པས་དེའི ་དབང་གིས་ཀྱང་སེམས་འཇུག་པས་ན་བར་འགའ་སེམས་དང་སེམས་པ་ལ་རྟོག་པ་གདགས། བར་འགའ་ནི་ཤེས་རབ་དང་སེམས་ལ་སྟེ། མངོན་པར་མི་རྟོག་པ་དང་། མངོན་པར་རྟོག་པའི་དུས་དང་གོ་རིམས་བཞི་ནོ།། ཡོད་ན་སེམས་པ་དང་ཤེས་རབ་ཉིད ་ལ་གདགས་ཏེ། དེའི་དབང་གིས་སེམས་དེ་ལྟར་འཇུག་པའི་ཕྱིརརོ།། ཚུལ་འདི་ནི་དཔྱོད་པ་ལ་ཡང་བལྟ་བར་བྱའོ།། སེམས་རྩིང་བའོ་ཞེས་བྱ་བ་ལ་ཆེ་ལོང་སྟེ། དངོས་པོ་ཙམ་ཀུན་ཏུ་འཚོལ་བའི་རྣམ་པ་ཡིན་པའི་ཕྱིརརོ།། དཔྱོད་པ་གང་ཞེ་ན། སོ་སོར་རྟོག ་པ་ཡིད་ཀྱི་དཔྱོད་པ་སྟེ། ཞེས་བྱ་བ་ནི་སྔར་ཁོང་དུ་ཆུད་པ་ལ་འདི་ནི་འདིའོ།། ཞེས་དཔྱོད་པའི་རྣམ་པ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་གང་སེམས་ཞིབ་པའོ།། ཞེས་བྱ་བ་ལ་དེ་བཞིན་དུ་ཞེས་བྱ་བ་ནི་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གོ།། དངོས་པོ་ལ ་སོ་སོར་རྟོག་པའི་རྣམ་པ་ཡིན་པས་ཞིབ་པ་ཞེས་བྱའོ།། འདི་གཉིས་ནི་རེག་པར་གནས་པ་དང་། རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅནོ།། འདི་གཉིས་ནི་སེམས་རྩིང་པ་དང་ཞིབ་པར་རྣམ་པར་གནས་པ་ཐ་དད་དུ་དབྱེའོ།། འདུ་བྱེད་ཀྱི་ཕུང་པོ་ནི ་ཚོར་བ་དང་འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་བདག་ཉིད་དང་། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་བདག་ཉིད།། ཞེས་བཤད་པ་དེ་ལ་སེམས་ལས་བྱུང་བ་རྣམས་བཤད་ཟིན་ཏོ།། ད་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམ ་བརྗོད་དགོས་པས་དེའི་ཕྱིར། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་གང་ཞེ་ན་ཞེས་བྱ་བ་སྨོས་ཏེ། དྲིས་པ་བཞིན་དུ་གང་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་གདགས་པ་སྟེ། དེ་ཉིད་དང་གཞན་དུ་མི་གདག་སོ།། ་ཞེས་དེ་དག་སྤྱིར་བསྟོན་ཏྲེ། དེ་དག་ནི་མི་ལྡན་པའི་འདུ་བྱེད་ཡིན་པོར་སྐབས་ཀྱིས་སྦྱར་རོ།། གཟུགས་ལ་སོགས་པའི་གནས་སྐབས་ལས་རང་གི་ངོ་བོ་གུད་ན་མེད་པས། དེ་དག་ནི་གཟུགས་ལ་སོགས་པའི་གནས་སྐབས་ལ་ཐ་སྙད་གདག་པའི་ཕྱིར ་བརྟགས་པའོ།། དེའི་ཕྱིར་རྟེན་དང་བཅས་པ་ཡིན་པས་གོནས་སྐབས་བཞིན་དུ་དེ་ཉིད་དང་གཞན་དུ་མི་གདགས་ཏེ། གནས་སྐབས་དང་གནས་སྐབས་ན་ནི་གཅིག་དང་། དུམ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། གནས་སྐབས་ཅན་ལ་འབྲས་བུ་རྟག ་པར་ཐལ་བར་འགྱུར་བའི་ཕྱིརརོ།། དེ་ལྟར་སྤྱིར་བསྟན་ནས་ཁྱད་པར་ཁོང་དུ་ཆུད་པར་འདོད་ན། དེ་དག་ཀྱང་གང་ཞེ་ན་ཞེས་དྲིས་པ་དང་ཐོབ་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་ཞེས་བྱ་བ་དེ་དག་གི་ཁྱད་པར་རྒྱ་ཆེར་བསྟན་ཏོ།། དེ་ལྟ་བུའི ་དང་མཐུན་པ་དག་གོ་ཞེས་བྱ་བ་ནི་དེ་ལྟ་བུའི་རང་བཞིན་ཅན་དག་སྟེ། གཞན་གང་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་གདགས་པ་སྟེ། དེ་དག་ཀྱང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམསུ་རིག་པར་བྱའོ།། དེ་དག་ཀྱང་གང་ནི ་ན་འཇུག་པ་དང་། སོ་སོར་ངེས་པ་དང་། འབྱོར་པ་དང་། འགྱོགས་པ་དང་། གོ་རིམས་དང་། དུས་དང་། ཡུལ་དང་། གྲངས་དང་། ཚོགས་པ་ཞེས་བྱ་བ་ལ་སོགས་པའོ།། དེ་ནི་ཚོགས་པའི་རང་གི་ངོ་བོ་སོ་སོར་དམིགས་ཀྱིས་དབྱེ་བའི་ཕྱིར། ཐོབ་པ་གང་ཞེ་ན ་ཞེས་བྱ་བ་ལ་སོགས་པ་དྲིས་པ་དང་། རྙེད་པ་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པ་སྨོས།། སྔོན་མ་ཐོབ་པ་ཐོག་མ་ཉིད་དུ་ཐོབ་པ་ནི་རྙེད་པའོ།། རྙེད་པ་རྣམས་སྐད་ཅིག་གཉིས་ལ་སོགས་པར་ཡོད་པ་ནི་ལྡན་པ་སྟེ། ཡང་དག་པ ་རྗེས་སུ་འགྲོ་བ་ནི་ལྡན་པ་ཞེས་བྱའོ།། དེ་ལྟར་ན་ཐོབ་པའི་སྒྲ་ནི་རྙེད་པ་དང་ལྡན་པ་ལ་ཡང་སྟེགས་པར་བསྟན་པ་ཡིནོ།། དེ་ཡང་ས་བོན་དང་དབང་དང་མངོན་དུ་གྱུར་པ་དང་། རྣམ་པ་གསུམ་དུ་དབྱེའོ།། ཅི་རིགསུ་སྦྱར་རོ་ཞེས་བྱ་བ་དེ་ལ་རིགས་པ་ནི་འདི་ཡིན ་ཏེ། སྐད་ཅིག་དང་པོ་ལ་ཐོབ་པ་ནས་བརྩམས་ཏེ་དབང་གི་དུས་ཀྱི་བར་དུ་ས་བོན་ཞེས་བྱ་སྟེ། དེ་ལྟར་ན་ས་བོན་ནི་རྙེད་པ་དང་ལྡན་པ་གཉི་གར་བརྗོད་པ་ཡི་ནོ།། དབང་དང་མངོན་དུ་གྱུར་པ་ནི་ལྡན་པ་ཡི་ནོ།། ས་བོན་ཅི་ལ་བྱ་བ་ཞི་ན། དགེ་བ་དང་མི་དགེ་བ་དང་། ་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱིས་རྣམ་པར་ཤེས་པ་ལ་མ་འོངས་པོ་ནི་དེ་དང་རིགས་གཅིག་དེའི་རྒྱུ་བསྐྱེད་པའི་རྣམ་པའི་བྱེ་བྲག་ནི་ས་བོན་ནོ།། ས་བོན་རྙེད་ནས་དེ་ལ་རག་ལས་པའི་ཕྱིར་མངོན་དུ་མ་གྱུར་ཀྱང་དེའི་ས་བོན་གང་ཡིན་པ་དེ་ཐོབ་པ་ཞེས་བྱའོ། ་དབང་ན་དེའི་རྐྱེན་ལ་བལྟོས་ནས་རྒྱུན་གྱི་འབྲས་བུ་བསྒྲུབ་པའི་གནས་སྐབ་སོ།། སྔོན་དུ་གྱུར་པ་ནི། དེའི་འབྲས་བུ་གྲུབ་པའི་དུསོ།། འདུ་ཤེས་མེད་པའམ་འདུ་ཤེས་མེད་པ་རྣམས་ཀྱི་སྟེ། འདུ་ཤེས་མེད་པར་སྙོམས་པར་པར་བྱ་པའམ། འདུ་ཤེས་མེད་པ ་པ་རྣམས་ཀྱི་སྙོམས་པར་འཇུག་པ་ནི། འདུ་ཤེས་མེ་པའི་སྙོམས་པར་འཇུག་པའོ།། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ནི་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་ཟེའོ།། བསམ་གཏན་གསུམ་པ་ནི་དགེ་ཆུང་དང་ཆད་མེད་དགེ་དང་ང ་རྒྱས་སོ།། དེ་ལ་གང་དགེ་རྒྱས་ལས་འདོད་ཆགས་དང་བྲལ་བ་དེ་ནི་བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བའོ།། གོང་མ་མ་ཡིན་པ་ནི་བསམ་གཏན་གསུམ་པ་ལས་གོང་དུ་གྱུར་པ་བསམ་གཏན་བཞི་པ་སྟེ། བསམ་གཏན་བཞི་པ་ལ་འདོད ་ཆགས་དང་མ་བྲལ་ཞེས་བྱ་བའི་ཐ་ཚིག་གོ།། འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བ་ཞེས་བྱ་བ་ནི་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པ་སུ་ལཱ་ཡོད་པ་འཇུང་བའི་འདུ་ཤེས་སྔོན་དུ་བཏང་བ་སྟེ། འདུ་ཤེས་མེད་པ་ལ་ཐར་བར་འདུ་ཤེས ་པའམ། སྙོམས་པར་འཇུག་པ་ལ་དེའི་ལམ་དུ་འདུ་ཤེས་པ་རྣམས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ།། དེའི་ཕྱིར་འབྱུང་བའི་འདུ་ཤེས་ནི་ཐར་པའི་འདུ་ཤེས་སམ། དེའི་ལམ་འདུ་ཤེས་པའོ།། འདིར་ནི་སུན་འབྱིན་པའི ་རྣམ་པ་ལ་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིང་ལ་བྱེད་པ་ཞེས་བྱ་བར་འདོད་དེ། དེ་ཉིད་ཀྱི་ཕྱིར་སེམས་དང་སེམས་ལས་བྱུང་བ་འགག་སུ་ཟིན་ཀྱང་འདུ་ཤེས་མེད་པ་ཉིད་ལ་འདུ་ཤེས་མེང་བའི་སྙོམས་པར་འཇུག་པ་ཞེས་བསྟན་ཏེ། འདི་ལྟར་འདུ་ཤེས ་ཉིད་ལ་སུན་འབྱིན་པས་སེམས་དང་སེམས་ལས་བྱུང་བ་མ་ལུས་པར་འགག་པའི་གནས་སྐབས་སུ་འགྱུརརོ།། སེམས་དང་སེམས་ལས་བྱུང་བའི་ཆོས་བསྟན་པ་མ་ཡིན་པ་རྣམས་གང་འགོག་པའོ་ཞེས་བྱ་བ་ལ་བརྟེན་པ་མ་ཡིན་པ་ནི་འཇུག་པའི་རྣམ་པར ་ཤེས་པར་བསྡུས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་སྟེ། གང་གི་ཕྱིར་སེམས་མེད་པའི་དུས་ཐམས་ཅད་ན་མེད་པ་དང་། སེམས་དང་བཅས་པའི་དུས་རྣམས་ན་ཡང་གང་གི་ཕྱིར་ནི་རྟག་ཏུ་ཡོད་པ་མ་ཡིན ་དེ་དག་བརྟན་པ་མ་ཡིན་པ་རྣམས་སོ།། བརྟན་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་མཚུངས་པར་ལྡན་དང་བཅས་པ་སྟེ། རྟག་ཏུ་ཡོད་པའི་ཕྱིརརོ།། ཟག་པ་མེད་པའི་ལམ་གྱི་བདེན་པ་ལ་སྙོམས་པར་འཇུག་པའི ་དུས་དང་། འགོག་པ་ལ་སྙོམས་པར་འཇུག་པའི་དུས་དང་། མི་སློབ་པའི་དུས་མ་གཏོགས་པར་དུས་གཞན་ཀུན་ན་ཡོད་པའི་ཕྱིར་བརྟན་པ་མ་ཡིན་པ་རྣམས་ཤེས་བྱེ་བྲག་སྨོསོ།། གང་འགོག་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་སེམས་ཀྱིས་བྱས་པ་སྟེ། ་འདིས་འགག་པར་བྱེད་པས་ན་འགོག་པའོ།། དུས་གཞན་ན་སེམས་དང་སེམས་ལས་བྱུང་བ་བརྟན་པ་མ་ཡིན་པ་ཀུན་ཏུ་འགྱུང་བ་དང་མི་མཐུན་པའི་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་བྱ་སྟེ། ད་ལྟར་ན་ལུས་ཀྱི་གནས་སྐབས་ཀྱིས་བྱེ་བྲག་ལ་བྱ་སྟེ། དེ་ལྟར ་ལུས་ཀྱི་གནས་སྐབས་ཀྱིས་བྱེ་བྲག་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་གདགས་པར་བསྟན་པ་ཡིནོ།། སྙོམས་པར་འཇུག་པའི་སེམས་ཀྱིས་དེ་མ་ཐག་པའི་སེམས་གཞོན་སྐྱེ་བ་དང་མི་མཐུན་པའི་ལུས་བསྐྱེད་པའི་ཕྱིར་སྙོམས་པར་འཇུག་སྟེ ་སེམས་ཀྱིས་བྱས་པ་ཞེས་བྱའོ།། འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བསྲིད་པའི་རྩེ་མོ་ལས་གྱེད་དུ་བསྐྱོད་པའོ་ཞེས་བྱ་བ་ནི་སྲིད་པའི་རྩེ་མོ་ལས་གྱོན་དུ་མ་བསྐྱོད་ཀྱང་ཅི་ཡང་མེད་པའི ་མཆེད་ཀྱིས་འདོད་ཆགས་དང་བྲལ་ངའི་སོ་སོ་སྐྱེ་བོའི་ཡང་ཡོད་པས་དེའི་ཕྱིར་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞེས་པ་བ་སྨོསོ།། སྲིད་པའི་རྩེ་མོ་ལས་གྱེད་དུ་བསྐྱོད་པ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཁ་ཅིག་འབྲས་བུ ་ལ་གནས་པ་དང་འཇུག་པ་ཡང་ཡོད་པས། དེའི་ཕྱིར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་སྨོས་སོ།། གེ་མའི་འདོད་ཆགས་དང་མ་བྲལ་བ་ཞེས་པ་བརྗོད་པ་ནི་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ཡང་འགོག ་པ་ལ་སྙོམས་པར་འཇུག་པ་ཡོད་པའི་ཕྱིརརོ།། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་དང་སྲིད་པའི་རྩེ་མོ་ལས་རྐྱེན་དུ་བསྐྱོད་པ་ཞེས་བྱ་བ་གཉི་ག་སྨོས་པས་ནི། འདི་འཕགས་པ་ཕྱིར་མི་བོང་བའམ། དགྲ་བཅོམ་པའི་སྙོམས་པར་འཇུག་པ་ཡིན་གྱི ་སོ་སོའི་སྐྱེ་བོ་ནི་མ་ཡིན་པར་བསྟན་པ་ཡིནོ།། སོ་སོའི་སྐྱེ་བོ་ནི་སྲིད་པའི་རྩེ་མོ་ལས་གྱེན་དུ་མི་བསྐྱོད་དེ། སྲིད་པའི་རྩེ་མོའི་གཉེན་པོ་འཇིག་རྟེན་ལས་འདས་པའི་ལམ་མེད་པའི་ཕྱིརརོ།། མཐོང་བའི་ལྷ་མ་ཐག་པ་མེད་པ་ནི་སྲིད་པའི་རྩེ་མོའི་གཉེན་པོ་ཡིན་ཏེ། དེའི་ཕྱིར ་འཕགས་པ་ཉིད་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ཕྱིར་མ་ཆགས་པས་སྲིད་པོའི་རྩེ་མོ་ལས་བསྐྱེད་པའོ།། གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་ཞེས་བྱ་བ་ལ་འགོག་པའི་སྙོམས ་པར་འཇུག་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བཞིན་དུ་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སྙོམས་པར་འཇུག་པ་མ་ཡིན་གྱི་གནས་པའི་འདུ་ཤེས་སྔོན་དུ་བཏང་བས་སོ།། བགོག་པའི་སྙོམས་པར་འཇུག་པ་ནི་སྲེད་པའི་རྩེ་མོ་པ ་སྟེ། འཕགས་པ་རྣམས་ནི་སྲིད་པ་ལས་བྱུང་བའི་འདུ་ཤེས་མི་འཇུག་གི། འདུ་ཤེས་དང་ཚོར་བས་ཡོངསུ་སྐྱོ་ནས་དེ་མེད་པའི་འགོག་པའི་སྙོམས་པར་འཇུག་པ་ལ་ཞི་བར་གནས་པའི་འདུ་ཤེསུ་འགྱུར།། གནསོ་སྙམ་པའི་འདུ་ཤེས་ནི་གནས་པའི་འདུ་ཤེས་སོ།། ་འདིས་གནས་པར་བྱེད་པས་གནས་པ་སྟེ། དུས་གཞན་དུ་སྡོད་ཅེས་བྱ་བའི་ཐ་ཚིག་གོ།། སྙོམས་པར་འཇུག་པའི་ཁྱད་པར་མྱ་ངན་ལས་འདས་པ་དང་འདྲ་བས་གནས་པར་བྱའོ་སྙམ་པའི་འདུ་ཤེས་མངོན་པར་འདུ་བྱེད་པའི་སྡི ་བྱེད་པ་ནི་གནས་པའི་འདུ་ཤེས་མངོན་དུ་གཏང་བའི་ཡིད་ལ་བྱེད་པ་ཞེས་བྱའོ།། སྲིད་པའི་རྩེ་མོ་པ་དེ་ནི་ཕྲ་བའི་ཕྲ་བ་སྟེ། དེ་མ་ཐག་ཏུ་འགོག་པའི་སྙོམས་པར་འཇུག་པ་མངོན་དུ་འགྱུར་བའི་ཕྱིརརོ།། བརྟན་པ་མ་ཡིན་པ་རྣམས་ཞེས་བྱ་བ་ནི་འགོག་པ་ལ་སྙོམས ་བར་འཇུག་པ་རྣམས་ཀྱི་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་བཞི་དང་གཅིག་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་རྣམསུ་གོ་རིམས་བཞི་ནོ།། བརྟན་པ་རྣམས་ལས་ཀྱང་ཁ་ཅིག་ཅེས་བྱ་བ་ལ་བརྟན་པ་ནི་རྣམ་པར་སྨིན་པའི་རྣམ་པར ་ཤེས་པར་བསྡུས་པ་དག་ཀྱང་ཡོད་པས་དེའི་ཕྱིར་ཁ་ཅིག་ཅེས་བྱ་བ་སྨོས།། ཉོན་མོངས་པ་ཅན་གྱི་ཡིད་ནི་འགོག་པའི་སྙོམས་པར་འཇུག་པ་དང་། མི་སློབས་པའི་དདུས་མ་གཏོགས་པར་ཟག་པ་དང་བཅས་པའི་སྤྱོད་པ་ཐམས་ཅད་ན་གནས་པའི་ཚུལ་ཅན ་ཡིན་པས་བརྟན་པའོ།། འགོག་པ་གང་ཡིན་པའོ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པས་བྱས་པ་སྟེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་པའི་རྣམ་པར་ཤེས་པ་རྣམས་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའི་ས་བོན ་ལ་གནོད་པ་བྱེད་པ་གང་ཡིན་པ་སྟེ། འདིས་འཇུག་པའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དུས་གཞན་ན་མི་འབྱུང་བར་འགོག་པས་འགོག་པ་ཞེས་བྱའོ།། དེ་ལྟར་ན་སྙོམས་པར་འཇུག་པའི་སེམས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ལ ་ས་བོན་ཉམས་པར་བྱས་པའི་གནས་སྐབས་ལ་འགོག་པའི་སྙོམས་པར་འཇུག་པ་གདག་སོ།། འདུ་ཤེས་མེད་པ་གང་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འབྲས་བུ་སྟེ། འདུ་ཤེས་མང་བའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེད་པའི་སེམས་དང ་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་གང་འགོག་པའོ་ཞེས་བྱ་བ་ལ་ལྷ་དེ་དག་ནི་འབྲས་བུ་ཆེ་བ་ཞེས་བྱ་བ་རྣམས་ཏེ། བསམ་གཏན་བཞི་པའི་གནས་གཞན་གསུམ་པའོ།། དེ་དག་གི་གོང་ན་ཁང་ཁྱིམ་ལྟ་བུར་འདུ་ཤེས་མེད་པའི་སེམས་ཅན ་ལྷ་རྣམས་ཀྱི་གནས་ཡོད་པ་དེར་སྐྱེས་པའི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་རྣམ་པར་སྨིན་པའི་འབྲས་བུའོ།། སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་གང་འགོག་པའོ་ཞེས་བྱ་བ་ནི་འདིའི་རང་བཞིན་ངེས་པར་བཟུང་བ་སྟེ། ་ངོདེ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་རང་གི་གནས་ལ་རང་གི་རིགས་ཀྱི་སེམས་དང་སེམས་ལས་བྱུང་བའི་ས་བློན་ལོ་གནོད་པར་བྱེད་པ་ནི་སྲབ་པ་པས་ཀྱང་ཆེས་སློབ་པར་འགྱུར་ཞིང་ཐ་མར་ཤིན་ཏུ་སྲབ་པའི ་དུ་གྱུར་ནས་རང་གི་གནས་ལ་ས་བོན་ཉམས་པར་བྱས་པའི་ཕྱིར་སེམས་གཞན་དང་སྦྱོར་མི་ནུསོ།། དེའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་བརྟེན་པ་མ་ཡིན་པ་རྣམས་དེའི་ཚེ་གནས་ལས་མི་འབྱུང་སྟེ། གནས་ལས་ས་བོན་ཉམས་པར་གྱུར་པའི་དུས་དེ་ན ་གོགནས་པ་ལ་འདུ་ཤེས་མེད་པ་པ་གདག་སོ།། དེ་ལྟར་ན་གནས་ཀྱི་དུས་ཉིད་ལ་བྱ་སྟེ། འོདས་འགོག་པར་བྱེད་པས་ན་འགོག་པའོ།། སྲོག་གི་དབང་པོ་གང་ཞེ་ན། རིས་མཐུན་པ་རྣམསུ་སྔོན་གྱི་ལས་ཀྱིས་འཕངས་པས་འདུ་ཤེས་རྣམས་ཀྱི་གནས་པའི་དུས་ངེས་པའོ།། ་ཞེས་བྱ་བ་ནི་འདིས་འཚོ་བར་བྱེད་པས་སྲོག་གོ།། རིས་མཐུན་པ་དེ་ཉིད་དུ་གནས་པར་དབང་བྱེད་པའི་ཕྱིར་དབང་པོ་ཞེས་བྱའོ།། རས་ནི་སེམས་ཅན་གྱི་ཚོག་སོ།། སྐལ་བ་མཚུངས་པ་ནི་མཐུན་པ་སྟེ། འདྲ་ཞེས་བྱ་བའི་ཐ་ཆེ་གོ།། རིས་མཐུན ་པས་རིས་མཐུན་པ་སྟེ། འགྲོ་བ་ཐ་དད་པ་དང་། ལས་ཐ་དད་པར་འགྱུར་བའི་རིས་མཐུན་པ་དེ་དག་ཏུ་སོ་སོའི་ཚེ་གཅིག་གི་ཕུང་པོའི་རྒྱུན་གང་ཡིན་པ་དེ་རིས་མཐུན་པ་ཞེས་བྱའོ།། དེ་ཡང་སྔོན་བསགས་པའི་དགེ་བ་དང་མི་དགེ་བ་དང་། མི་གཡོ་བའི་ལས་ཀྱི ་འཕངས་པ་ནི་ལས་ཀྱིས་བསྐྱེད་པའོ།། གང་གནས་པའི་དུས་ངེས་པ་ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་པའི་རིས་མཐུན་པས་བསྡུས་པའི་འདུ་བྱེད་རྣམས་ཀྱི་འཇུག་པ་ལ་གནས་པ་ཞེས་བྱའོ།། གནས་པ་དེའི་དུས་ངེས་པ་ནི་འདིས་རིས་མཐུན་པ་དེར་ལོ་བརྒྱ་འམ། ་ལོ་སྟོང་ངམ། དུས་ཇི་སྲིད་དུ་གནས་པར་འགྱུར་བ་དེ་གནས་པའི་དུས་ངེས་པའོ།། དེ་ལྟར་ན་གནས་པའི་དུས་ངེས་པའི་རང་བཞིནི་ལ་ཚེ་ཞེས་བསྟན་པ་ཡིན་ནོ།། དེའི་གནས་ནི་སྔོན་བསགས་པའི་ལས་ཀྱིས་འཕངས་པས་ནུས་པའི་ཁྱད་པ་ཅན་གྱི་འདུ་ཤེས་བརྟན ་པ་ཀུན་གཞི་རྣམ་པར་ཤེས་པ་སྔོན་དུ་འགྲོ་བ་རྣམསོ།། རིས་མཐུན་པ་གང་ཞེ་ན། གང་སེམས་ཅན་རྣམས་ཀྱི་ལུས་འདྲ་བའོ་ཞེས་བྱ་བ་ལ་སེམས་ཅན་ནི་ལྷ་དང་མི་ལ་སོགས་པ་འགྲོ་བ་ལྔར་གཏོགས་པ་རྣམས་སོ།། དེ་དག་གི་ཕ་གི་དངོས་པོར་ག། ་ལ་འཛིན་པ་དེ་སེམས་ཅན་རྣམས་ཀྱི་ལུས་ཡིན་ཏེ། དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཉིད་དམ། ཕུང་པོ་བཞིའི་བདག་ཉིད།། འདྲ་བ་ཞེས་བྱ་བ་ནི་མཚུངས་པའོ།། དེ་ནི་འདི་སྐད་དུ་འགྲོ་བ་དང་གནས་དང་ལུས་ལ་སོགས་པ་ཐ་དད་པ་ནི་སེམས་ཅན་རྣམས་ཀྱི་འགྲོ ་བ་དང་། གནས་དང་ལུས་ཐ་དད་པའི་གཞི་སེམས་ཅན་རྣམས་ཀྱི་ལུས་ཕན་ཚུན་འདྲ་བ་གང་ཡིན་པ་དེ་ལ་རིས་མཐུན་པ་གདག་སོ།། ཞེས་བསྟན་པ་ཡིནོ།། སྐྱེ་བ་གང་ཞེ་ན། རིས་མཐུན་པར་གང་འདུ་བྱེད་རྣམས་མ་བྱུང་བས་ལས་བྱུང་བའོ་ཞེས ་བྱ་བ་ལ་རིས་མཐུན་པ་སྨོས་པ་ནི་འདུ་བྱེད་ཙམ་གྱི་འབྱུང་བ་ལ་སྐྱེ་བ་ཞེས་མི་བྱའི། རིས་མཐུན་པར་གྱུར་པའི་འདུ་བྱེད་གང་ཡིན་པ་དེ་དག་ཉིད་མ་བྱུང་བྱུང་བ་ལས་སྐྱེ་བ་ཞེས་བྱ་སྟེ། ཐམས་ཅད་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིརརོ།། གང་དག་དངོས ་པོ་ལ་སྐྱེས་པ་མེད་པ་དང་། ཞིག་པ་མེད་པ་རྣམས་ཀྱི་སྐྱེ་བ་དོན་གཞན་དུ་གྱུར་པ་དང་བྱེད་པ་ལས་དུས་རྣམས་པར་བཞག་པར་འཛིན་པ་རྣམས་ཀྱི་འདོད་པ་དེ་བསལ་པོའི་ཕྱིར། མ་བྱུང་བ་ལས་བྱུང་བ་ཞི་བ་པ་སྨོས་ཏེ། འདུ་བྱེད་རྣམས་ཀྱི་རང་བཞིན་མ་བྱུང་བ ་ལས་བྱུང་བ་ནི་སྐྱེ་བ་ཞེས་བྱའི།། དོན་གཞན་གྱུར་པ་ཡང་མེད། བྱེད་པ་ལས་དུས་རྣམ་པར་བཞག་པ་ཡང་མ་ཡིནོ།། རྒ་བ་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་གཞན་དུ་འགྱུར་བའོ་ཞེས་བྱ་བ་ལ་དེ་ལྟར་དེ་དག་གི་ཞེས་བྱ་བ་ནི་རིས་མཐུན་པར་གྱུར་པའི་འདུ་ཤེས ་རྣམས་ཉིད་ཀྱིའོ།། རྒྱུན་གཞན་དུ་འགྱུར་བའོ་ཞེས་བྱ་བ་ནི་སྐྱེ་བོའི་སྲིད་པ་ནས་འཆི་བའི་སྲིད་པའི་བར་དུ་སྟེ། བར་དེར་རྒྱུ་དང་འབྲས་བུའི་དངོས་པོར་གནས་པའི་འདུ་བྱེད་རྣམས་རྒྱུན་མི་འཆད་པར་འབྱུང་བ་ལ་རྒྱུན་ཅེས་བྱའོ།། དེའི་གཞན་དང་གཞན་དུ ་གྱུར་པའི་དངོས་པོ་ནི་གཞན་དུ་འགྱུར་བ་སྟེ། འདི་ལྟར་ནུར་ནུར་པོའི་དུས་ལས་མེར་མེར་པོར་འགྱུར་བའི་དུས་དང་། དེ་བཞིན་དུ་དར་ལ་བབ་པའི་དུས་ལས་རྒས་པའི་དུས་ཀྱི་བར་དུའོ།། ནུར་ནུར་པོ་ལ་སོགས་པའི་དུས་རྣམས་ལ་ཡང་སྔ་མ་ལས་ཕྱིར་རམ་འགྱུར་བའི ་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་ལ་རྒ་བ་གདགས་ཏེ། སྐད་ཅིག་གཅིག་ལ་ཡང་མ་ཡིན་པ་དྲོན་གཞན་དུ་གྱུར་པ་ཡང་མེད་དོ།། གནས་པ་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་རྒྱུད་ཆགས་པའོ་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་རིས་མཐུན ་གཅིག་ནའོ།། ཤི་བ་ལ་ཐུག་གི་བར་དུ་འདུ་བྱེད་རྣམས་ཀྱི་རྒྱུན་རྒྱུད་ཆགས་པ་ལ་གནས་པ་གདགས་ཏེ། སྐད་ཅིག་གཅིག་ལ་ཡང་མི་བྱ་ཞིང་དོན་གཞན་དུ་གྱུར་པ་ཡང་མེད་པར་བརྟན་པ་ཡིནོ།། མི་རྟག་པ་ཉིད་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་ཆད་པའི་ཞེས ་བྱ་བ་ལ་དེ་ལྟར་དེ་དག་གི་ཞེས་བྱ་བ་ནི་རིས་མཐུན་པ་གཅིག་ཏུ་འདུ་བྱེད་རྣམས་ཀྱི་རྒྱུན་ཆད་པ་ལ་མི་རྟག་པ་གདགས་ཏེ། སྐད་ཅིག་རེ་རེ་ལ་ཡང་མ་ཡིན་དོན་གཞན་དུ་གྱུར་པ་ཡང་མེད་པར་བསྟན་པ་ཡིནོ།། རྒྱུན་ཆད་པ་ནི་འདིར་འཆི་བ་ལ་བྱེ་བར་རིག་པར་བྱའོ།། ་ཕྱི་རོལ་གྱི་གཟུགས་ལ་ཡང་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་ཉིད་ཡོད་པར་ངེས་ན། ཅིའི་ཕྱིར་རིས་མཐུན་པ་ཉིད་ཀྱི་འདུ་བྱེད་ཀྱི་རྒྱུན་ལ་སྐྱེ་བ་ལ་སོགས་པར་བཤད་ཀྱི། ཕྱི་རོལ་གྱི་གཟུགས་ཀྱི་ནི་མ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བོ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་ཉིད་གང་དག་བཤད་པ་དེ་དག་ནི་སེམས་ཅན་དུ་བརྗོད་པ་ཉིད་ཀྱི་འདུ་བྱེད་ཀྱི་དང་དུ་མཛད་པ་ཡིན་གྱི། ཕྱི་རོལ་གྱི་མ་ཡིན་པར་བསྟན་པའི་ཕྱིརརོ།། གཉི་ག་ལ་ཡང་སྐྱེ་བ་ལ་སོགས ་བ་ཡོད་པར་མཚུངས་ན་ཟིན་པའི་འདུ་བྱེད་ཀྱི་དབང་དུ་མཛད་དེ། བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཀྱི་མཚན་ཉིད་བཤད་པ་ཅིའི་ཕྱིར་ཞེ་ན། ཕྱི་རོལ་གྱི་གཟུགས་ནི་འཇིག་པ་དང་ཆགས་པས་རབ་ཏུ་ཕྱེ་བ་ཡིན་ལ། ནང་གི་འདུ་བྱེད་རྣམས་ནི་སྐྱེ་བ་དང་། རྒ་བ ་ལ་སོགས་པས་རབ་ཏུ་ཕྱེ་བའི་ཕྱིརརོ།། དེ་ནི་འདི་སྐད་དུ་འཇིག་རྟེན་ན་ཕྱིའི་གཟུགས་ཀྱི་འཇིག་པ་དང་། སྐྱེ་བུ་ལ་འཇིག་པ་དང་། ཆགས་པའི་སྒྲར་གྲགས་པས་བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་དང་མཐུན་པར་དེ་སྐད་དུ་བཤད་དེ། སྐྱེ་བ་ལ་སོགས་པའི་སྒྲར་ནི ་མ་ཡིན་ནོ།། ནང་གི་འདུ་བྱེད་རྣམས་ནི་སྐྱེ་སོ།། རྒས་སོ།། གནས་སོ།། ཞིག་གོ་ཞེས་སྐྱེ་བ་དང་རྒ་བ་ལོ་སོགས་པས་རབ་ཏུ་ཕྱེ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་དང་མཐུན་པར་དེ་དག་གི་འབྱུང་བ་ལ་སོགས་པ་ལ་སྐྱེ་བ་ལ་སོགས་པའི་སྒྲ་རཱ་བསྟན ་ཞེས་བཤད་པ་ཡི་ནོ།། མིང་གི་ཚོགས་གང་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་སོ།། ཞེས་བྱ་བ་ནི་བརྗོད་པར་བྱ་བ་དང་བརྗོད་པ་ལ་རྣམ་པར་ཤེས་པ་གཞོལ་བར་བྱེད་པས་མོང་ངོ་།། དེ་ཡང་དོན་རྣམས་ལ་བརྡ་སྤྲོང་པོའི་ཡི་གེ་འདུས་པ་སྟེ། མིང་ངས ་ཡི་གེ་རྣམས་འདུས་པ་ལ་མིང་གི་ཚོགས་ཞེས་བྱའོ།། ཆོས་རྣམས་ཀྱི་ངོ་བོ་ཉིད་བརྗོད་དུ་མེད་པའི་ཕྱིར་སྒྲོ་བཏགས་པའི་ཚིག་ལ་ཚིག་བླ་དགས་ཞེས་བྱའོ།། ངོ་བོ་ཉིད་ནི་རང་གི་མཚན་ཉིད་དོ།། ཆོས་རྣམས་ཀྱི་རང་གི་ངོ་བོ་བརྗོད་དུ་མེད་ཀྱང་རང་གི་ངོ་བོ་བསལ ་བར་བྱེད་པའི་བརྗོད་པ་དེ་མིང་ཞེས་བྱ་སྟེ། དཔེར་ན་མིག་རྣ་བ་གཟུགས་སྒྲ་ཞེས་བྱ་བ་ལྟ་བུའོ།། ཚིག་གི་ཚོགས་གྲང་ཞེ་ན། ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དག་སོ་ཞེས་བྱ་བ་ནི་འདིས་ཁྱད་པར་གྱི་དོན་ཤེས་པར་བྱེད་པས་ཚིག་སྟེ། དེ་ལྟ་ན་མིང་དང་འཇིག ་རྟེན་པའི་ཚིག་ལས་ཚིག་བྱེ་བྲག་ཏུ་བྱས་པ་ཡིནོ།། མིང་དང་ཚིག་གཉིས་ཡི་གོ་འདུས་པའི་བདག་ཉིད་ཡིན་པར་བྱེ་བྲག་མེད་ཀྱང་དོན་གྱི་བྱེ་བྲག་གིས་བྱེ་བྲག་དུ་དབྱེ་སྟེ། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་པ་ནི་མིང་ཡིན་ལ། ཁྱད་པར་གྱི་གཞི་ནི ་ངོ་བོ་ཉིད་ཡིན་པས་སྔར་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སྨོསོ།། ཁྱད་པར་ནི་མི་རྟག་པ་ལ་སོགས་པའོ།། འཇུག་པ་དང་ལྡོག་པའི་བདག་ཉིད་དང་གཞན་དུ་མི་སྙེགས་པའི་ངོ་བོ་ཉིད་ལས་བྱེ་བྲག་ཏུ་བྱེད་པ་ནི་ཁྱད་པར་ཏེ། དཔེར་ན་འདུ ་བྱེད་ཐམས་ཅད་ནི་མི་རྟག་པའོ།། ཆོས་ཐམས་ཅད་ནི་བདག་མེད་པའོ།། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལྟ་བུའོ།། དེ་ནི་འདི་སྐད་དུ་དངོས་པོའི་ངོ་བོ་ཉིད་བརྗོད་པ་ཙམ་ནི་མིང་ཡིན་ལ། དངོས་པོའི་ངོ་བོ་ཉིད་ཀྱི་ཁྱད་པར་བརྗོད་པ་ནི་ཚིག་ཡིནོ་ཞེས་བསྟན་པ ་ཡིན་ནོ།། ལྷག་མ་ནི་མིང་བཤད་པ་བཞིན་དུ་ཤེས་པར་བྱའོ།། ཡི་གེའི་ཚོགས་གང་ཞེ་ན། ཡི་གེ་རྣམས་ཏེ། དེ་གཉི་ག་བསལ་བར་བྱེད་པའི་ཕྱིརརོ།། ཞེས་བྱ་བ་ནི་འདིས་བསལ་བར་བྱེད་པ་ཡི་གེའོ།། ཡི་གེ་རྣམས་ཀྱི་ཚོགས་ནི་ཡི་གེའི་ཆོགསོ།། ཚོགས་སྨོས་པ་ནི ་ཡི་གེ་ཐམས་ཅད་བསྡུ་བའི་ཕྱིརརོ།། དེ་ཞེས་བྱ་བའི་སྒྲ་འབའ་ཞིག་སྨོས་ན་ནི་གོང་མ་ཉིད་ལ་སྦྱོར་དུ་དོགས་ལ། གཉི་ག་ཞེས་བྱ་བ་ཉི་ཚེ་སྨོས་ན་ཡང་གཉི་ག་གང་ལ་བྱ་བར་གཏོལ་མེད་དེ། དེའི་ཕྱིར་དེ་གཉི་ག་ཞེས་གཉིས་ཀ་སྨོས་སོ།། དེ་ན་བཤད་མ་ཐག་པའི ་མིང་དང་ཚིག་གསལ་བར་བྱེད་པའི་ཕྱིར་ཡི་གཱི་ཞེས་བཤད་པ་ཡིན་ནོ།། ཇི་ལྟར་ན་ཡི་གེ་རྣམས་ཀྱིས་མིང་དང་ཚིག་གསལ་པོར་བྱེད་ཅེ་ན། ངོ་བོ་ཉིད་དང་ཁྱད་པར་གྱི་ཚིག་བླ་དགས་ཀྱིས་གནས་སྐབས་སུ་གྱུར་པའི་ཡི་གེ་འདུས་པ་རྣམས་ལ་མིང་དང་ཚིག་གདགས ་པའི་ཕྱིར་ཏེ། དེ་ལྟར་ན་ཡི་གེ་རྣམས་ཀྱིས་མིང་དང་ཚིག་གསལ་བར་བྱེད།། ཡི་གེ་རྣམས་ཀྱི་ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། ཡི་གེ་ཨ་ལ་སོགས་པ་ནི་བརྗོད་པའོ་ཞེས་འཇིག་རྟེན་ན་གྲག་སོ།། དེ་དག་ནི་མིང་དང་ཚིག་གི་གནས་ཀྱིས་དོན་ཡང ་དག་པར་བརྗེདདེ་འི་ཕྱིར་བརྗོད་པ་ཞེས་བྱའོ།། དོན་གྱི་གནས་གང་དག་ལ་བསྟན་པའི་གནས་དེ་དག་མིང་དང་ཚིག་གདགས་པ་དེ་དག་ནི་དེའི་གནས་ཞེས་བྱའོ།། ཡི་གེ་ཡང་དེ་དག་གི་རྣམ་གྲངསུ་གཏོགས་པ་གཞན་དུ་མི་འགྱུར་བར་བྱེད་པའི་ཕྱིར་ཏེ། འདི་ལྟར ་གདང་འདྲེན་ཕྱེད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་སུ་གཏོགས་པ་གཞན་དག་ཏུ་འགྱུར་པ་སྟེ། བརྗོད་པར་བྱ་བ་ཉིད་རྣམ་གྲང་སུ་གཏོགས་པ་གཞན་གྱི་ཤེས་སོ་ཞེས་བྱ་བའི་ཐ་ཚིགོ།། གང་གིས་ཨ་ཞེས་བརྗོད་པ་མ་གཏོགས་པར་ཨོཾ་ཞེས་བྱ་བ་ཤེས ་བུ་འགྱུར་བ་ཨོཾ་ཞེས་བྱ་བའི་རྣམ་གྲངས་དེ་ལྟ་བུ་གཞན་མེདདོ།། ཐམས་ཅད་ནི་འདི་ལྟ་སྟེ། ངོ་བོ་ཉིད་དང་ཁྱད་པརྭ་དང་དེ་གཉི་གའི་ཐ་སྙད་ཙམ་དུ་ཟད་དེ། དེ་དག་ཐམས་ཅད་ནི་འདི་དག་གིས་ཎཱ་སུ་ཐ་སྙད་གདགས་པ་ཡིན་པས་དེའི་ཕྱིར་དང་ཚིག་དང་ཡི་གེའི ་ཚོགས་དེ་དག་རྣམ་པར་གཞག་གོ།། དེ་བཞིན་དུ་ལྡན་པ་མ་ཡིན་པ་གཞན་དག་ཀྱང་ཚིག་དང་ཡི་གེའི་ཚོགས་བཞིན་དུ་དགོས་པ་ལ་བལྟོས་ནས་རྣམ་པར་བཞག་པར་རིག་པར་བྱའོ།། སོ་སོར་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ། ་ཞེས་བྱ་བ་ནི་ཆོས་གང་དང་ལྡན་ན་སོ་སོའི་སྐྱེ་བོ་ཞེས་བརྗོད་པ་དེ་སོ་སོའི་སྐྱེ་བོ་ཉིད་དོ།། སྡིག་པའི་མི་དགེ་བའི་ཆོས་རྣམས་ལས་རིང་དུ་སོང་བྲས་འཕགས་པ་རྣམསོ།། དེ་དག་ཀྱང་སློབ་པ་དང་མི་སློབ་པ་རྣམས་ཏེ། དེ་དག་གི་ཆོས་རྣམས་ནི་མཐོང་བ་དང་སྒོམ་པ ་དང་མི་སློབ་པའི་ལམ་རྣམས་ཏེ། དེ་དག་མོ་ཐོབ་པ་ནི་སོ་སོའི་སྐྱེ་བོ་ཉིད་དོ།། མ་ཐོབ་པ་ནི་འདིར་འཕགས་པའི་ཆོས་མ་སྐྱེས་པ་སྟེ། འདིར་ལྟར་འཕགས་པའི་ཆོས་མ་སྐྱེས་པའི་སེམས་ཅན་གྱི་རྒྱུད་ལ་སོ་སོའི་སྐྱེ་བོ་ཞེས་བྱའོ།། འཕགས་པའི་ཆོས་སྐྱེས་པ ་ལ་ནི་འཕགས་པ་ཞེས་བྱའོ།། འཇུག་པ་གང་ཞེ་ན། རྒྱུ་དང་འབྲས་བུ་རྒྱུན་མི་འཆུད་པ་ལ་འཇུག་པ་ཞེས་བྱ་སྟེ། སྤྱད་ཅིག་གཅིག་ལའམ། རྒྱུན་ཆད་པ་ལ་ནི་འཇུག་པ་གདགས་པ་མ་ཡིནོ།། སོ་སོར་ངེས་པ་གང་ཞེ་ན། རྒྱུ་དང་འབྲས་བུ ་ཐ་དད་པ་ཉིད་ལ་སོ་སོར་ངེས་པ་རྣམ་པར་གཞག་སྟེ། རྒྱུ་དང་འབྲས་བུ་ཐ་དད་པ་ཡང་འདོད་པའི་ཡུལ་གྱི་ནི་ལེགས་པར་སྤྱད་པའོ།། མི་འདོད་པ་ནི་ཉེས་པར་སྤྱད་པའོ་ཞེས་བྱ་བ་ལ་སོགས་པའི་ནི་འབྲས་བུ་སོ་སོ་བ་རྣམས་ཀྱི་རྒྱུ་ཐ་དད་བའོ།། འབྱོར་པ་གང་ཞེ ་ན། རྒྱུ་དང་འབྲས་བུ་འཚམ་པ་ལ་འབྱོར་པ་གདགས་ཏེ། དཔེར་ན་སྦྱིན་པ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་འཚམ་པར་རིགས་པས་སྦྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྟ་བུའོ།། མགྱོགས་པ་གང་ཞེ་ན། རྒྱུ་དང་འབྲས་བུ་མྱུར ་དུ་འབྱུང་བ་ལ་མགྱོགས་པ་ཞེས་གདག་སོ།། གོ་རིམས་གང་ཞེ་ན། རྒྱུ་དང་འབྲས་བུ་རེ་རེ་ནས་འབྱུང་བ་ལ་གོ་རིམས་ཞེས་གདགས་ཏེ། རེ་རེ་ནས་འབྱུང་གི་ཅིག་ཅར་དུ་འབྱུང་བ་ནི་མ་ཡིནོ།། དུས་གང་ཞེ་ན། རྒྱུ་དང་འབྲས་བུ་རྒྱུན་ཏུ་འབྱུང་བ་ལ་དུས། ཞེས ་གདགས་ཏེ། རྒྱུ་དང་འབྲས་བུ་འབྱུང་བ་ལ་དེ་ལས་རྒྱུ་དང་འབྲས་བུ་བྱུང་ནས་འགགས་པ་གང་ཡིན་པ་དེ་འདས་པའི་དུས་ཞེས་གང་གིསོ།། གང་མ་བྱུང་བ་དེ་མ་འོངས་པའི་དུས་སོ།། གང་བྱུང་བ་འ། གས་པ་དེ་དེ་ལྟར་བྱུང་བའི་དུས་སོ།། ཡུལ་གང་ཞེ་ན། ཤར་དང ་ལྷོ་དང་། ནུབ་དང་། བྱང་དང་། འོག་དང་སྟེང་དང་ཕྱོགས་བཅུ་ཐམས་ཅད་རྒྱུ་དང་འབྲས་བུ་ཡོད་པ་ཉིད་ལ་ཡུལ་ཞེས་གདགས་ཏེ། རྒྱུ་དང་འབྲས་བུས་ཕྱོགས་ཁྱབ་པ་ལ་ཡུལ་ཞེས་གངག་སོ།། གཟུགསུ་བསྡུས་པོ་ནི་རྒྱུ་དང་འབྲས་བུར་རིག་པར་བྱ་སྟེ། གཟུག ་མེད་པ་རྣམས་ནི་ཕྱོགས་ལ་ཁྱབ་པར་བྱེད་པར་མི་ནུས་པའི་ཕྱིར་རོ།། གྲངས་གང་ཞེ་ན། འདུ་བྱེད་རྣམས་ཀྱི་སོ་སོ་ཐ་དད་པ་ལ་གྲངས་ཞེས་གདགས་ཏེ། ཐ་དད་པ་ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་ཞིང་གཅིག་པའི་བདག་ཉིད་ལ་གཉིས་ཞེས་བྱ་བ་གྲངས ་མི་འཐད་པའི་ཕྱིར་རོ།། ཚོགས་པ་གང་ཞེ་ན། རྒྱུ་དང་རྐྱེན་འདུས་པ་ལ་ཚོགས་པ་ཞེས་གདག་སོ།། དེ་ལྟར་ན་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་འདི་དག་ནི་ཆོས་རྣམས་ཀྱི་གནས་སྐབས་ཀྱི་ཁྱད་པར་གདགས་པས་བརྟགས་པའི་ཡོད་པར་རིག་པ ་བྱའོ།། འདུ་བྱེད་ཀྱི་ཕུང་པོ་བཤད་ཟིན་ཏོ།། འདུ་བྱེད་ཀྱི་ཕུང་པོའི་འོག་ཏུ་རྣམ་པར་ཤེས་པའི་ཕུང་པོ་བཤད་པར་བྱ་སྟེ། དེའི་ཕྱིར་རྣམ་པར་ཤེས་པ་གང་ཞེ་ན། དམིགས་པ་རྣམ་པར་རིག་པའོ་ཞེས་བྱ་བ་སྨོས།། དམིགས་པ་ནི་སེམས་དང་སེམས་ལས ་བྱུང་བའི་ཡུལ་ཏེ། དེ་ཡང་གཟུགས་ནས་ཆོས་ཀྱི་བར་དུ་རྣམ་པ་དྲུག་གོ།། དེ་ཡང་རྣམ་པར་རིག་པ་ནི་འཛིན་པ་དང་། རྟོགས་པ་དང་ཁོང་དུ་ཆུད་པ་ཞེས་བྱ་བའི་ཐ་ཚིགོ། དེ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ ་པར་ཤེས་པའི་བར་དུའོ།། དེ་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་གི་དབང་པོ་ལ་བརྟེན་ནས་ཡུལ་སོ་སོར་རྣམ་པར་རིག་པའོ།། དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་ཡང་ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཆོས་ཐམས་ཅད་སོ་སོར་རྣམ་པར་རིག ་བའོ།། རྣམ་པར་ཤེས་པའི་རང་གི་ངོ་བོ་བཤད་ནས། དེའི་རྣམ་གྲངས་བསྟན་པའི་ཕྱིར། སེམས་དང་ཡིད་ཀྱང་དེ་ཡིན་ཏེ། ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་དེ་ནི་སེམས་ཞེས་ཀྱང་བྱ། ཡིད་ཅེས་ཀྱང་བྱའོ།། རྣམ་གྲངས་ཀྱི་དོན་བསྟན་པའི་ཕྱིར། སྣ ་ཚོགས་པ་དང་ཡིད་བརྟེན་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྣ་ཚོགས་པའི་ཕྱིར་སེམས་ཤེས་བྱའོ།། དེ་མ་ཐུག་པའི་སེམས་ཀྱི་རྟེན་བྱེད་པས་ཡིད་ཅེས་བྱའོ།། དེ་ལ་འཇུག་པའི་རྣམ་པར་ཤེས་པ་ནི་དམིགས་པ་སོ་སོར་རིག་པའི་རང་བཞིན ་ཡིན་པ་དང་། དམིགས་པ་སོ་སོར་རྣམ་པར་རིག་པ་ཡོད་རྣམ་པར་དུ་མ་ཡིན་པའི་ཕྱིར། མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་སྣ་ཚོགས་ཞེས་བྱའོ།། དེའི་ཕྱིར་དེ་དབང་པོ་ལ་བརྟེན་ནས་འབྱུང་བ་ན་ཡུལ་རྣམ་པར་ཤེས་པ་ཞེས་བྱའི། དབང་པོ་རྣམས་ནི་མ་ཡིནོ།། ་འདི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་པོ་གང་དགང་ལ་འགགས་པ་དེ་དང་ནི་མ་ཐག་པའི་རྣམ་པར་ཤེས་པ་འབྱུང་བའི་རྟེན་གྱི་དངོས་པོར་གནས་ཏེ། དེའི་ཕྱིར་དེ་མ་ཐག་པའི་སེམས་ཀྱི་རྟེན་བྱེང་པས་ཡིད་ཅེས་བྱའོ།། སྣ་ཚོགས་པའི་ཕྱིར་སེམས ་ཞེས་བྱའོ་ཞེས་གང་བཤད་པ་དེ་ནི་རིགས་ཀྱི་དབང་དུ་བྱས་པ་ཡིན་གྱི་སྐད་ཅིག་ལ་ནི་མ་ཡིནོ།། སྐད་ཅིག་ནི་དམིགས་པ་སོ་སོར་ངེས་པའི་རྣམ་པ་ཡིན་པས་སྣ་ཚོགས་ཞེས་མི་བྱ་སྟེ། ད་ནི་དངོས་སུ་སེམཔ་མ་ཡིནོ།། དངོས་ནི་སེམས་ནི་ཀུན་གཞི་རྣམ་པར ་པ་སྟེ། འདིར་རྒྱུ་བསྟན་པའི་ཕྱིར། འདི་ལྟར་དེ་ནི་འདུ་བྱེད་ཐམས་ཅད་ཀྱི་ས་བོན་བསགས་པའོ་ཞེས་བྱ་བ་སྨོས་སོ།། སྐད་ཅིག་རེ་ར་ལ་འདུ་བྱང་ཐམས་ཅད་ཀྱི་ས་བོན་བསགས་པས་སེམས་ཞེས་བྱ་སྟེ། དངོས་ན་དེ་ཉིད་སེམསོ།། བསགས་པ་ནི་ཡང ་དང་ཡང་ས་བོན་ཡོངསུ་གསོས་པའམ། འདུ་བྱེད་ཀྱི་ས་བོན་རྗེསུ་འབྲེལ་པའོ།། འདུ་བྱེད་རྣམས་ནི་འདིར་ཟག་པ་དང་བཅས་པའི་ཆོས་རྣམསུ་འདོད་དེ། དེ་དག་ཀྱང་རྐྱེན་བཞི་ལས་འབྱུང་།། དེ་ལ་རྒྱུའི་རྐྱེན་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའི་བག ་ཆགས་ཏེ། ཡང་དང་ཡང་འདུ་བྱེད་རྣམས་ཀུན་ཏུ་འབྱུང་བས་ས་བོན་རྟས་པ་ལ་བག་ཆགས་ཞེས་བྱའོ།། བདག་པོའི་རྐྱེཊ་ནི་མིག་ལ་སོགས་པའི་དབང་པོ་རྣམ་སོ།། དེ་མ་ཐག་པའི་རྐྱེན་ནི་རྣམ་པར་ཤེས་པ་འགགས་མ་ཐག་པའོ།། དམིགས་པའི་རྐྱེན་ནི་གཟུགས ་ལ་སོགས་པའོ།། འདི་ལྟར་མོད་ཀྱི་ལས་ཀྱང་མིག་ཉམས་པར་མ་གྱུར་ལ་གཟུགས་རྣམས་ཀྱང་སྣང་བར་གྱུར་པ་དང་། དེ་སྐྱེད་པ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་གྱུར་ན་དེ་ལས་བྱུང་བའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེས་གསུངསོ།། ང ་བཞིན་དུ་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ལ་ཡང་ཇི་ལྟར་མཐུན་མཐུན་དུ་བརྗོད་པར་བྱའོ།། རྒྱུའི་རྐྱེན་རྟག་ཏུ་གནོས་པ་དང་། ཤེས་པར་དཀའ་བའི་ཕྱིར་མ་སྨོས་སོ།། དེའི་འོག་ཏུ་ཀུན་ཏུ་ཚོལ་བའི་ཡིད་ཀྱི་རྣམ་པར་ཤེས་པའོ།། ཀུན་ཏུ་ཚོལ་བའི་འོག་ཏུ་རྣམ ་པར་འཇོག་པའོ།། རྣམ་པར་འཇོག་པའི་འོག་ཏུ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་སྟེ། དེའི་ཚེ་ཡུལ་ལས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱེང་བར་འགྱུར།། དེའི་ཆུ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད ་སེམས་པའི་བདག་ཉིད་ཅན་རྣམས་མངོན་པར་འདུ་བྱེདའོ།། མངོན་པར་འདུ་བྱས་པ་དེ་དག་འགག་པ་ནི་ཀུན་གཞི་རྣར་ཤེས་པ་ལ་རྣར་སྨིན་པའི་བག་ཆགས། རྒྱུ་མཐུན་པའི་བག་ཆགས་གསོ་བར་བྱེད།། དེ་ལ་རྒྱུ་མཐུན་པའི་བག་ཆགས་ལ་རྟེན་ནས་ཀུན་གཞི་རྣམ ་པར་ཤེས་པ་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་འབྱུང་།། རྣམ་པར་སྨིན་པའི་བག་ཆགས་ལ་བརྟེན་ནས་ཀུན་གཞི་རྣམ་པར་ཤེས་པ་ལས་རིས་མཐུན་པ་གཞན་དག་ཏུ་ཀུན་གཞི་རྣམ་པར་ཤེས་པ་ཉིད ་རྣམ་པར་སྨིན་པའི་བདག་ཉིད་དུ་འགྲུབ་བོ།། དེ་ལ་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པའི་ཆོས་གཞན་གང་ཡིན་པ་དེ་དག་ལ་ཡང་ཚུལ་འདི་ཉིད་དོ།། ལུང་དུ་མ་བསྟན་པའི་རྒྱུ་མཐུན་པའི་བག་ཆགས་ཉིད་གསོ་བར་བྱེད ་ཀྱི། རྣམ་པར་སྨིན་པའི་བག་ཆགས་ནི་མ་ཡིན་ཏེ། དེ་དག་ལ་རྣམ་པར་སྨིན་པ་མེད་པའི་ཕྱིརརོ།། དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་དེ་རྣམ་པར་གཉིས་ཏེ། རྒྱུ་མཐུན་པའི་བག་ཆགས་ལ་བརྟེན་ནས་རྒྱུ་དང་འབྲས་བུ་སྟེ། འདི་ལྟར་འདུ་བྱེད་ཐམས ་ཅད་རང་གི་ས་བོན་སྐྱེད་པ་ནི་ཀུན་གཞི་རྣམ་པར་ཤེས་པ་རང་བཞིན་བྱེ་བྲག་ཏུ་འགྱུར་བའི་རྒྱུའི་དངོས་པོར་གནས་པར་དེ་ནི་འདུ་བྱེད་རྣམས་ཀྱི་འབྲས་བུའོ།། འདུ་བྱེད་ཐམས་ཅད་དེ་དག་གི་ས་བོན་ཉེ་བར་ལེན་པའི་ཀུན་གཞི་རྣམ་པར་ཤེས་པ་ལས ་འབྱུང་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ནི་འདུ་བྱེད་ཐམས་ཅད་ཀྱི་རྒྱུ་ཡི་ནོ།། རྣམ་པར་སྨིན་པའི་བག་ཆགས་ཀྱི་དབང་དུ་བྱས་ཏེ། དགེ་བ་དང་མི་དགེ་བའི་བདུ་བྱེད་རྣམས་ཀྱི་འབྲས་བུ་ཡིན་གྱི་རྒྱུ་ནི་མ་ཡིནོ།། རྒྱུ་ནི་རྣམ་པར་སྨིན་པའི་བག ་ཆགས་ལ་བརྟེན་ནས་རིས་མཐུན་པ་གཞན་དག་ཏུ་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་རྒྱུའོ།། འཇུག་པའི་རྣམ་པར་ཤེས་པ་ནི་གཟུགས་དང་སྒྲ་ལ་སོགས་པ་ལ་དམིགས་པ་དང་། རང་དང་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར་དམིགས་པ་ཡོང་སུ ་ཆད་པ་དང་། རྣམ་ཤེས་ཡོངསུ་ཆད་པའོ།། ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་དང་། རྣམ་པར་ཡོང་སུ་མ་ཆད་པ་སྟེ། འདིའི་དམིགས་པ་དང་རྣམ་པ་ཡོངསུ་བཅད་པར་མི་ནུ་སོ།། ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་གཉིས ་འཇུག་པ་སྟེ། ནང་གི་ཉེ་བར་ལེན་པའི་རྣམ་པར་རིག་པ་དང་། ཕྱི་རོལ་གྱི་སྣོད་ལ་རྣམ་པར་རིག་པ་རྣམ་པ་ཡོངསུ་མ་ཆད་པའོ།། དེ་ལ་ནང་གི་ཉེ་བར་ལེན་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང་། གནས་དང་བཅས་པའི་དབང ་པོའི་གཟུགས་སོ།། དམིགས་པ་འདི་གཉིས་ནི་ཕྲ་བའི་ཕྱིར་འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བས་དེའི་ཕྱིར་དམིགས་པ་དང་རྣམ་པར་ཡོངསུ་མ་ཆང་བ་ཞེས་བྱའི། དམིགས་པ་མེད་པ་ཉིད་ནི་མ་ཡིན་ནོ།། འཇུག་པའི་རྣམ་པར་ཤེས་པ ་ནི་དགེ་བ་དང་། ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་རང་བཞི་ནོ།། ཀུན་གཞི་རྣམ་པར་ཤེས་པ་ནི་རིགས་གཅིག་པ་ཡིནོ།། དེ་ལ་དགེ་བ་དང་མི་དགེ་བའི་རང་བཞིན་ནི་མ་ཡིན་ཏེ། དེ་དགེ་བ་དང་མི་དགེ་བ་རྣམས་དང་མཚུངས་པར་ལྡན་པ་མ་ཡིན་པའི ་ཕྱིར་རོ།། དེ་ནི་སེམས་ལས་བྱུང་བ་ཀུན་ཏུ་འགྲོ་བ་ཡིད་ལ་བྱེད་པ་དང་། རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་ལྔ་པ་ཁོ་ན་དང་མཚུངས་པར་ལྡནོ།། ཀུན་གཞི་རྣམ་པར་ཤེས་པ་ནི་མཚུངས་པར་ལྡན་པ་དང་བཅས་པར་སྔོན་གྱི་ལས་ཀྱི་འདུ་བྱེད ་ཀྱི་རྒྱུ་ལས་བྱུང་བས་གཅིག་ཏུ་རྣམ་པར་སྨིན་པ་ཉིད་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པའི་རིག་སོ།། རྒྱུན་ཆགས་པར་འཇུག་པའོ།། དེ་ལ་ཀུན་གཞི་རྣམ་པར་ཤེས་ནི་རིས་མཐུན་པ་གཞན་དག་ཏུ་ཉིང་མཚམས་སྦྱོར་བ་ནས་བཟུང་སྟེ། ཇི་ཙམ་ན་འཆི ་ཡི་བ་དེའི་བར་དུ་སྐད་ཅིག་རྒྱུན་མི་འཆད་པར་འཇུག་གི་འཇུག་པའི་རྣམ་པར་ཤེས་པ་བཞིན་དུ་བར་སྐབས་པར་སྐངསུ་ཆད་པ་ནི་མ་ཡིན་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པའི་འོག་ཅརྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་འབྱུང་བ་དང་། ་རྣ་བའི་རྣམ་པར་ཤེས་པའི་འོག་ཏུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་འབྱུང་བ་དང་། དེ་བཞིན་དུ་སྣ་ལ་སོགས་པའི་རྣམ་པར་ཤེས་པའི་འོག་ཏུ་ཞེས་བྱ་བར་རྒྱ་ཆེར་བརྗོད་པར་བྱའོ།། དེ་བཞིན་དུ་དགེ་བའི་འོག་ཏུ་མི་དགེ ་བ་འབྱུང་བ་དང་། མི་དགེ་བའི་འོག་ཏུ་དགེ་བ་དང་། དེ་གཉི་གའི་འོག་ཏུ་ལུང་དུ་མི་སྟོན་པ་དང་། ཁམས་དམན་པའི་འོག་ཏུ་ཁམས་བར་པ་དང་། ཁམས་པར་མའི་འོག་ཏུ་ཁམས་གྱ་ནོམ་པ་དང་། ཁམས་གྱ་ནོམ་པའི་འོག་ཏུ་གྱ་ནོམ་པ་མ་ཡིན་པ་དང་། ་ཁམས་གྱ་ནོམ་པ་མ་ཡིན་པའི་འོག་ཏུ་ཁམས་བར་མ་ཞེས་བྱ་བ་རྒྱ་ཆེར་བརྗོད་པར་བྱ་སྟེ། ཤི་བ་ལ་ཐུག་གི་བར་དུ་རྫས་གཅིག་ཏུ་འཇུག་པ་ནི་མ་ཡིནོ།། འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་མ་གཏོགས་པར་གཞན་ཀུན་གཞི་རྣམ་པར་ཤེས་པ་ཡོད ་པར་ཅི་མངོན་ཞེ་ན། ལུང་དང་རིགས་པས་མངོན་ནོ།། དེ་ལ་འདི་ནི་ལུང་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལ། ཐོག་མ་མེད་པའི་དུས་ཀྱི་དབྱིངས།། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ།། དེ་ཡོད་པས་ན་འགྲོ་ཀུན་དང་།། མྱ་ངན ་འདས་པའང་ཐོབ་པར་འགྱུར་ཞེས་གསུང་སོ།། ཡང་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཀྱང་། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།། ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ།། བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས།། འདི་ནི་བྱིས་པ ་རྣམས་ལ་ངས་མ་བསྟན།། ཞེས་གསུངས་སོ།། རིག་པའི་དབང་དུ་བྱས་ཏེ། འདི་ལྟར་འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་པ་རྣམས་ལས་ལངས་ནས་ཡང་ཡུལ་རྣམ་པར ་རིག་པ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་འབྱུང་ཞེས་བྱ་བ་སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལས་དོན་གཞན་དུ་གྱུར་པའོ་ཞེས་བྱ་བའི་ཚིག་གི་ལྷག་མའོ།། འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར ་འཇུག་པ་དང་། འདུ་ཤེས་མེད་པ་པར་གྱུར་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་མ་ལུས་པར་འགག་པ་ཡང་ལྡང་བའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་མེད་ན་འཇུག་པའི་རྣམ་པར་ཤེས་པ་འབྱུང་དུ་མི་རུང་།། སྙོམས་པར་འཇུག་པའི་སེམས་ལས ་དེ་འབྱུང་དུ་མི་རུང་སྟེ། དེ་འགགས་ནས་རང་དུ་ལོན་པ་དང་། འགགས་པ་དེ་མེད་པའི་ཕྱིརརོ།། མེད་པ་ནི་རྒྱུར་ཡང་མི་རུང་འབྲས་བུ་ཡང་མི་རུང་སྟེ། གཙོ་བོ་དང་བདག་ལ་སོགས་པ་བཞི་ནོ།། གང་ཡང་འདི་སྙམ་དུ་དངོས་པོའི་རང་གི་ངོ་བོ་ལ་སྐྱེ་བ་དང་། ་འཇིག་པར་འགྱུར་བའི་དངོས་པོ་མེད་ཀྱི་མ་འོངས་པ་དང་། ད་ལྟར་དང་། འདས་པའི་ནི་དངོས་པོ་རྣམས་ཀྱི་བྱེད་པའི་སྒོ་ནས་ཡིན་ཏེ། འདི་ལྟར་བཱ་བ་མི་བྱེད་པ་ནི་མ་འོངས་པའོ།། བྱ་བ་བྱེད་པ་ནི་ད་ལྟར་རོ།། བྱེད་པ་རྒྱུན་ཆད་པ་ནི་འདས་པའོ་ཞེས་བྱའོ་སྙམ ་དུ་སེམས་པ་དེ་ལྟ་བུ་ཡིན་ན་ནི་བྱེད་པ་ལས་དངོས་པོ་གཞན་ཡིན་པར་ཁས་བླང་བར་བྱ་སྟེ། འདས་པ་དང་མ་འོངས་པ་གཉིས་ཀྱི་དུས་ན་བྱེད་པ་མེད་ཀྱང་དངོས་པོ་ཁས་ལེན་པའི་ཕྱིར།། དེ་ལྟར་ན་མེད་པ་ལས་འབྱུང་བ་དང་། བྱུང་ནས་ཀྱང་མེད་པར་འགྱུར ་བའི་ཕྱིར། འབྱུང་བ་དང་འཇིག་པ་ནི་བྱེད་པའི་ཡིན་གྱིས། དངོས་པོ་རྣམས་ཀྱི་ནི་མ་ཡིན།། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པོ་རྣམས་ཀྱིས་མ་ཡིན་པ་ཉིད་དེ། རྟག་ཏུ་རང་གི་ངོ་བོ་དང་ལྡན་པ་དང་། དེ ་ཡང་འབྱུང་བ་དང་། འཇིག་པ་མེད་པའི་ཕྱིར་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནི་འགོག་པ་བཞིན་དུ་མི་རྟག་པ་མ་ཡིན་པར་འགྱུརོ།། དེའི་ཕྱིར་སྡུག་བསྔལ་བར་ཡང་མི་འགྱུར་ཏེ། མདོ་ལས་ནི་མི་རྟག་པ ་གང་ཡིན་པ་དེ་སྡུག་བསྔལ་བའོ་ཞེས་གསུངས་སོ།། དེ་ལྟར་ན་ཕུང་པོ་རྣམས་ལ་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དུ་སེམས་པ་ཕྱིན་ཅི་ལོག་ཏུ་འགྱུརརོ།། ཕྱིན་ཅི་ལོག་གིས་ཉོན་མོངས་པ་སྤང་བར་མི་རིགས་ཏེ། མི་རྟག་པ་དང་། སྡུག ་བསྔལ་བ་ལ་རྟག་པ་དང་བདེ་བར་ཕྱིན་ཅི་ལོག་པ་ཡིནོ།། བྱེད་པ་ལ་ནི་འབྱུང་བ་དང་། འཇིག་པ་ཡོད་པས་འདུས་བྱས་ཉིད་ཡིན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་སུ་ནི་མ་འདུས་པས་ཕུང་པོ་དྲུག་པར་ཁས་བླང་བར་བྱའོ།། ཡང་ཉེ་བར་ལེན ་པའི་ཕུང་པོ་རྣམས་ཀྱིས་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་དང་། ཕུང་པོ་རྣམས་ཀྱི་འདུས་བྱས་ཐམས་ཅད་བསྡུསོ་ཞེས་མ་ཟེར་ཅིག། ཡང་གཞན་ན་རེ་བྱེད་པ་ཞེས་བྱ་བ་ནི་འབྲས་བུ་ཡོང་སུ་འཛིན་པའོ།། ཆོས་གང་ཞིག་ཆོས་གང་གི་རྒྱུའི་དང། ་པོར་གནས་པ་སྟེ། ཆོས་དེས་ཆོས་དེ་འབྲས་བུར་འཛིན་པ་དེའི་ཕྱིར་རྒྱུའི་དངོས་པོར་གནས་པ་ནི་དངོས་པོ་རྣམས་ཀྱི་འབྲས་བུ་ཡོང་སུ་འཛིན་ཏེ། ཆོས་དེ་ཉིད་ཙྪབ་དངོས་པོར་གནས་པས་ན་ཆོས་རྣམས་ལས་བྱེད་པ་གཞན་མ་ཡིན་ནོ།། དེ་བས་ན་གོང་དུ ་སྨོས་པའི་སྐྱོན་དུ་མི་འགྱུརརོ་ཞེས་ཟེར་རོ།། གཞན་མ་ཡིན་ཞེས་བྱ་བ་ནི་དེ་ཉིད་དེ། དེ་ཉིད་འདི་སྐད་དུ་ཆོས་ལས་བྱེད་པ་གཞན་མ་ཡིན་ཏེ། ཆོས་ཉིད་བྱེད་པའོ།། དེ་བཞིན་དུ་བྱེད་པ་ལས་ཀྱང་ཆོས་གཞན་མ་ཡིན་ཏེ། བྱེད་པ་ཉིད་ཆོས་ཡིན་ཞེས་བསྟན་ཏེ ་འགྱུརརོ།། དེ་ལྟ་ན་ནི་འདས་པ་དང་། མ་འོངས་པ་གཉིས་ཀྱིས་ཆོས་རྣམས་བྱེད་པ་བཞིན་དུ་མེད་པར་འགྱུར་ཏེ། དེའི་ཕྱིར་འདས་པ་དང་། མ་འོངས་པ་ཡོད་དོ་ཞེས་སྨྲ་བ་བཏུང་བ་ཡིན་ནོ།། ཡང་ན་བྱེད་པ་ཡང་ཆོས་ཀྱི་རང་གི་ངོ་བོ་བཞིན་དུ་ཆོས་ལས ་གཞན་མ་ཡིན་པའི་ཕྱིར་དུས་གསུམ་པར་ཁས་བླང་དགོས་ཏེ། དེ་ལྟ་ན་ཡང་བྱུང་བ་ལས་དུས་རྣམས་རྣམ་པར་བཞག་པར་སྨྲ་བ་ཉམས་པར་འགྱུ་རོ།། བྱ་བ་བྱེད་པ་ནི་དེ་ལྟར་དུ་འདོང་དེ། གཞན་ནི་གཞན་གྱིས་བྱེད་ལ། དེ་བྱས་ཟིན་པའི་ཕྱིར ་ཀྱིས་ནི་མ་ཡིནོ།། མ་བྱས་པ་ནི་བྱེད་དགོས་ཀྱི་བྱས་ཟིན་པ་ལ་ནི་མ་ཡིན།། དེའི་ཕྱིར་བྱེད་པ་དང་ཆོས་གཉིས་ནི་བྱས་པ་དང་། མ་བྱས་པ་ཡིན་པས་ཐ་དད་པར་མངོན་ནོ།། དེ་ལྟ་བས་ན་གོང་དུ་སྨོས་པའི་སྐྱོན་དེ་ཡོད་དོ།། ཆོས་དང་བྱེད་པ་གཉིས ་ཀྱང་ཐ་དད་པ་མ་ཡིན་ན་ནི་རྒྱུ་དང་འབྲས་བུ་མེད་པར་འགྱུར་ཏེ། འདི་ལྟར་འབྲས་བུ་ཡང་རྒྱུ་བཞིན་དུ་ཐོག་མ་ཉིད་ནས་ཡོངསུ་གྲུབ་པའི་ཕྱིར་འབྲས་བུ་ལ་ཇི་ཞིག་བྱེད་ན་རྒྱུར་འགྱུར། ཨོཾ་ཧཱི་དེ་བེ་ན་ཡང་རྒྱུ་ཞེས་ཇི་སྐད་དུ་བྱ། འབྲས་བུ་ཡང་དེས་མ། ་བྱས་ན་དེའི་འབྲས་བུར་ཇི་ལྟར་འགྱུར། བྱེད་པ་རྣམས་ཉིད་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་གྱི། ཆོས་རྣམས་ཀྱི་ནི་མ་ཡིན་ཏེ། འདི་ལྟར་བྱེད་པ་ཡོད་ན་བྱེད་པ་གཞན་འབྱུང་གི་མེད་ཊཱ་ནི་མ་ཡིན་ཏེ། རྣོ་ཀྱི་རང་བཞིན་ལ་ནི་མ་ཡིན།། ནྡོ་ཀྱི་ར་ཤཱི ་ལས་ཀྱང་རློ་ཀྱི་རང་བཞིན་མ་ཡིནྟེ། རྟག་ཏུ་ཡོད་བཱི་ཕྱིའོ། དེ་ལྟར་ན་གང་ཡོད་ན་གང་འབྱུང་གི་མེད་ན་ནི་མི་འབྱུང་བ་དེ་ནི་དེའི་རྒྱུ་ཡི་ནོ།། ཅིག་ཤོས་ནི་འབྲས་བུ་ཡིནོ་ཞེས་བྱ་བ་འདི་ནི་འཇིག་རྟེན་གྲགས་པའོ།། དེ་ལྟར་ཆས་ནི་རང་བཞིན་ནི་རྒྱུ་ཡང་མ་ཡིན་འབྲས ་བུ་ཡང་མ་ཡིན་པ་ནི་འཇིག་རྟེན་པ་དང་བསྟན་བཅྡོཾས་དུང་འགའོ།། གཞན་དག་ན་རེ་ཆོས་རྣམས་ལས་བྱུང་བ་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་ཞེས་ཟར་ཏུ། ཅིའི་ཕྱིར་དེ་ཉིད་ཅེས་མི་བརྗོད་ཅེ་ན། ཆོས་ཀྱི་རང་བཞིན ་མ་ཡིན་པའི་ཕྱིརརོ།། ཅིའི་ཕྱིར་གཞན་ཞེས་མི་བརྗོད་ཅེ་ན། ཆོས་ཀྱི་རང་བཞིན་དེའི་ངོ་བོ་ཉིད་ཡང་མ་ཡིན་པས་གཞན་ཞེས་མི་བྱའོ།། དེ་ལྟ་ན་ནི་གང་དེའི་ངོ་བོ་ཉིད་ཀྱང་མ་ཡིན་ལ་གཞན་གྱི་ངོ་བོ་ཉིད་ཀྱང་མ་ཡིན་པ་དེ་ནི་རི་བོང་གི་རྭ་བཞིན་དུ་ངོ་བོ་ཉིད ་མེད་པའི་ཕྱིར་མེད་པ་ཉིད་ཡིན་ཏེ། མེད་པ་ནི་དུས་རྣམ་པར་བཞག་པའི་རྒྱུར་ཇི་ལྟར་འགྱུར། དེ་ལྟར་ན་བྱེད་པ་ལས་དུས་རྣམ་པར་བཞག་པ་ནི་རྣམ་པར་ཐམས་ཅད་དུ་མི་འགྲུབ་བོ།། དེ་ལྟ་བས་ན་དངོས་པོ་མ་བྱུང་བ་ནི་མ་འོངས་པ་ཡིན། འགགས ་པ་ནི་འདས་པ་ཡིན་བྱུང་ལ་མ་འགགས་པ་ནི་དེ་ལྟར་ཡིན་པར་ཁས་བླང་བར་བྱའི།། བྱ་བ་མི་བྱེད་པ་ནི་མི་འོངས་པ་དང་། བྱ་བ་བྱེད་པ་ནི་ད་ལྟར་བྱེད་པ་རྒྱུན་ཆད་པ་ནི་འདས་པའོ་ཞེས་ཁས་བླངས་པར་མི་བྱའོ།། ཡང་གཞན་པ་དབང་པོ་དང ་བཅས་པའི་གཟུགས་དུང་སེམས་ནི་གཅིག་གི་ས་བོན་གཅིག་ཡིན་ཏེ། དེའི་ཕྱིར་འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་པ་ལས་ལྡང་བ་ན་དབང་པོ་དང་བཅས་པའི་གཟུགས་ལས་སེམས་འབྱུང ་སྟེ། དཔེར་ན་གཟུགས་མེད་པའི་ཁམས་ནས་འཆི་འཕོ་བའི་སེམས་ལས་ཀྱང་འགགས་པ་ནས་རིང་དུ་ལོན་པ་དབང་པོ་དང་བཅས་པའི་གཟུགས་འབྱུང་བ་ལྟ་བུའོ།། དེ་ལྟ་བས་ན་འདི་ལ་ཀུན་གཞི་རྣམ་པར་ཤེས་པ་ཅི་དགོས་ཞེས་ཟེར་ཏེ། དེ་ལྟར ་ན་སེམས་ཅན་རེ་རེའི་སེམས་ཀྱི་རྒྱུད་ཀྱང་གཉིས་གཉིས་སུ་འགྱུར་ཏེ། གཅིག་ནི་དབང་པོ་དང་བཅས་པའི་གཟུགས་ལས་འབྱུང་། ཅིག་ཤོས་ནི་སེམས་ལས་འབྱུང་བར་འགྱུརརོ།། གཟུགས་མེད་པའི་སེམསུ་འགོག་པ་ལ་སྙོམས་པར་ཞུགས་པ་ནི ་གཟུགས་མེད་པས་ལྡང་བ་ཡང་མེད་དོ།། དེའི་ཕྱིར་འདི་ནི་ཡོངསུ་མྱ་ངན་ལས་འདས་པ་ཉིད་དུ་འགྱུར་བས་རྟོག་པ་འདི་ནི་མི་རུང་།། རྒྱུ་ནི་བདག་ཡོད་པ་དང་ལྡན་ཞིང་གཡོ་བ་མེད་ལ་མི་རྟག་ཅིང་ནུས་པ་ཡོད་པ་གཅིག་པུར་འདོད་ཀྱི། བཟློག་པ་ནི་མ ་ཡིན།། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་འདི་ཡོད་པའི་ཕྱིར་འོདི་འབྱུང་། འདི་སྐྱེ་བའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་གསུངས་ཏེ། དེ་ལྟ་བས་ན་རྒྱུ་རྟག་པ་ཡིན་ཞིང་མེད་པ་ཡང་མ་ཡིན་ལ། བྱེད་པ་ཡོད་པ ་ཡང་མ་ཡིན་ཞིང་ནུས་པ་མེད་པ་ཡང་མ་ཡིན།། ཀུན་གཞི་རྣམ་པར་ཤེས་པ་ནི་འདུ་བྱས་ཀྱི་ཆོས་ཐམས་ཅད་ས་བོན་དང་ལྡན་པ་སྟེ། ཤི་བ་ལ་ཐོག་གི་བར་དུ་རྒྱུན་ཆགས་པར་འབྱུང་བའོ།། སེམས་མེད་པའི་གནས་ལས་ལྡང་བ་ན་ཀུན་གཞི་རྣ ་ཤེས་པ་ཉིད་ལས་འཇུག་པའི་རྣམ་པར་ཤེས་པ་འབྱུང་སྟེ། མདོ་ལས་ཀྱང་འགོག་པའི་སྙོམས་པར་འཇུག་པའི་རྣམ་པར་ཤེས་པ་ལུས་ལས་མི་འདའོ་ཞེས་གསུངས།། སྙོམས་པར་ཞུགས་པའི་དུས་ན་རྣམ་པར་ཤེས་པ་ལུས་ལས་མ་འདའ་བ་ནི ་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་མི་རུང་ངོ་།། ཅིའི་ཕྱིར་ཞེ་ན། གལ་ཏེ་འགོག་པ་ལ་སྙོམས་པར་ཞུགས་པའི་རྣམ་པར་ཤེས་པའི་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་ཞིག་ཀུན་ཏུ་འབྱུང་བར་འདོད་ན། དེ་ལྟ་ན་ནི་གསུམ་འདུས་པའི ་རེག་པ་དང་། རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཞེས་མདོ་ལས་གསུངས་པའི་ཕྱིར་འདུ་ཤེས་དང་ཚོར་བ་གཉིས་ཀྱང་ཀུན་ཏུ་འབྱུང་བ་ཁས་བླངས་དགོ་སོ།། དེའི་ཕྱིར་འདུ་ཤེས་དང་། ་ཚོར་བ་ཡོད་པས་འདུ་ཤེས་དང་། ཚོར་བ་འགོག་པ་ཉིད་དུ་མི་འགྱུར་རོ།། གང་ཡང་མདོ་ལས་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་པ་ཡང་ཚོར་བ་ཐམས་ཅད་སྲིད་པའི་རྐྱེན་མ་ཡིན་ཏེ། དེ་བཞིན་དུ་རེག་པ་ཐམས་ཅད་ཀྱང་འདུ་ཤེས་དང་ཚོར་བའི ་རྐྱེན་མ་ཡིན་པས་ཉེས་པ་མེདོ་སྙམ་དུ་སེམས་པ་དེ་ཡང་དེ་ལྟ་མ་ཡིན་ཏེ། མདོ་གཞན་ལས་མ་རིག་པ་དང་ལྡན་པའི་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས་སྲེད་པ་འབྱུང་ངོ་།། ཞེས་བྱེ་བྲག་ཏུ་མཛད་ཀྱི་རེག་པ་ནི་གང་དུ་ཡང་དེ་ལྟར་བྱེ་བྲག་མ་མཛད ་པས་འདི་མཚུངས་པ་མ་ཡིནོ།། དེ་ལྟ་བས་ན་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་པ་པ་རྣམས་ལས་ལྡང་བ་ན་གདོན་མི་ཟ་བར་ཀུན་གཞི་རྣམ་པར་ཤེས་པས་ས་བོན་ཐམས་ཅད་གནས་སྐབས་ཀུན་ཏུ་འབྱུང ་པ་ལས་སྐྱེ་བར་ཁས་བླངས་པར་བྱའོ།། དམིགས་པའི་རྐྱེན་ལ་བལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་ཀྱི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ལས་ཀུན་གཞི་རྣམ་པར་ཤེས་པ་གཞན་ཡོད་པར་ཁོང་དུ་ཆུད་པར་བྱའོ།། ཕྱིར་རོ་ཞེས་ཐ་མྱུར ་བསྟན་པ་ནི་འདི་ཡང་སྦྱར་རོ།། དམིགས་པའི་རྐྱེན་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་དང་ཡུལ་གཟུགས་ལ་སོགས་པ་ལྔའི་ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཐམས་ཅད་དོ།། གཟུགས་ལ་སོགས་པའི་རྣམ་པ་ལས་སྒྲ་ལ་སོགས ་པའི་རྣམ་པ་ནི་རྣམ་པ་གཞནོ།། དེ་བཞིན་དུ་སྒྲ་ལ་སོགས་པའི་རྣམ་པ་ལས་གཟུགས་ལ་སོགས་པའི་རྣམ་པ་དང་། སེར་པོ་ལ་སོགས་པའི་རྣམ་པ་ལས་སྔོན་པོ་ལ་སོགས་པའི་རྣམ་པ་ནི་རྣམ་པ་གཞནོ།། དེ་ལྟར་ཀུན་ཏུ་ཡང་རྒྱ་ཆེར་བརྗོད ་པར་བྱའོ།། རྣམ་པ་གཞན་དུ་འཇུག་པ་བདག་ཐོབ་པ་ནི་རྣམ་པར་ཤེས་པ་འདིའི་ཡིན་པས་རྣམ་པར་ཤེས་པ་དེ་ནི་རྣམ་པར་གཞན་དུ་འཇུག་པ་ཉིད་དོ།། དེ་དམིགས་པའི་རྐྱེན་ལས་བལྟོས་པའི་རྒྱུས་རྣམ་པ་གཞན་དུ་འཇུག་པ་གང་གི་ཡིན ་པ་དེ་དམིགས་པའི་རྐྱེན་ལ་བལྟོས་པའི་རྒྱུས་རྣམ་པ་གཞན་དུ་འཇུག་པ་གང་གི་ཡིན་པ་དེ་དམིགས་པའི་རྐྱེན་ལ་བལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་།། ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་བཟུང་ནས་འཇུག་པའི་རྣམ་པར་ཤེས་པ་ལས་ཀུན ་གཞི་རྣམ་པར་ཤེས་པ་གཞན་ཡོད་པར་ཤེས་སོ།། འདིར་ནི་རྣམ་པར་ཤེས་པ་རྣམས་དམིགས་པ་སོ་སོར་སྣང་བ་ཐ་དད་པས་ཕན་ཚུན་ཐ་དད་པ་ཀྱི་དེ་མ་ཐག་པ་དང་། བདག་པོའི་རྐྱེན་ཐ་དད་པས་ནི་མ་ཡིན་ནོ།། དེའི་ཕྱིར་འདི་སྐད་དུ ་དམིགས་པའི་རྐྱེན་ལས་བལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་ཀྱི་ཕྱི་རོ་ཞེས་བཤད་དོ།། རྣམ་པ་གཞན་དུ་འཇུག་པ་ཉིད་དེ་ཡང་ཇི་ལྟར་དམིགས་པ་ལྔ་ནི་མི་བལྟོས་པར་མི་རུང་བ་དེ་བཞིན་དུ་རྒྱུའི་རྐྱེན་ལ་མི་བལྟོས་པར་མི་རུང་བ་ཉིད ་དོ།། གང་དག་གི་ས་བོན་རྣམས་དང་ལྡན་པ་གང་ཡིན་པ་དེ་ན་དེ་དག་གི་སྤྱིའི་རྐྱེན་ཏེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་གཅིག་གི་ས་བོན་དུ་གཅིག་མི་རུང་ངོ་།། དགེ་བ་དང་མི་དགེ་བ་དང་། ལུང་དུ་མི་བསྟན་པ་རྣམས་དང་། དམན་པ ་དང་། འབྲིང་དང་། གྱ་ནོམ་པའི་ཁམས་པ་རྣམས་དང་། འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་རྣམ་པར་ཤེས་པ་རྣམས་ལ་རིམ་པ ་ཡོད་པའི་ཕྱིར་རོ།། དེ་ཉིད་ཀྱི་བག་ཆགས་བསྒོ་བ་ཡང་མ་མཐོང་ལ། གཞན་གྱི་དུས་གཞན་ཡང་མ་ཡིན་ཞིང་འབྲེལ་པ་མེད་པར་ཡང་མ་ཡིནོ།། འོན་ཀྱང་ལྷན་ཅིག་འབྱུང་བ་དང་། འཇིག་པ་ཉིད་ཀྱི་མེ་ཏོག་ལ་སོགས་པས་འབྲུ་མར ་རྣམས་ལ་བསྒོ་བར་མཐོང་སྟེ། དེའི་ཕྱིར་རྣམ་པར་སྨིན་པའི་བག་ཆགས་ཀྱི་རྣམ་པར་ཤེས་པ་དང་། དུས་མཚུངས་པ་དེ་ཉིད་ལས་འབྱུང་བ་དང་། འགག་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་རང་དང་མཐུན་པའི་འབྲས་བུ་སྐྱེད ་ནུས་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་བྱེད་དོ།། དེའི་ནུས་པ་ནི་བག་ཆགས་ཞེས་བྱའོ།། འཇུག་པའི་རྣམ་པར་ཤེས་པ་དང་། དུས་རྣམ་པ་གཞན་དུ་འཇུག་པ་དེ་དག་གི་བསྒོས་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལས ་ཡང་དམིགས་པ་ལ་བལྟོས་པ་དགེ་བ་དང་མི་དགེ་བ་ལ་སོགས་པ་གཞན་དུ་འཇུག་པ་འཇུག་པའི་རྣམ་པར་ཤེས་པ་རྣམས་འབྱུང་བར་གདོན་མི་ཟ་བར་ཁས་བླང་བར་བྱའོ།། དེའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་རྣམས་ལས་རྣམ་པར ་སྨིན་པའི་རྣམ་པར་ཤེས་པ་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་པ་གཞན་ཡིན་པར་གྲུབ་པའོ།། ཆད་ནས་འབྱུང་བའི་ཕྱིར་འཇུག་པའི་རྣམ་པར་ཤེས་པོ་རྣམས་ལས་ཀུན་གཞི་རྣམ་པར་ཤེས་པ་གཞན་ཡིན་པར་ཁོང་དུ་ཆུད་པ ་བྱའོ།། སེམས་མེད་པའི་གཉིད་ཀྱིས་ལོག་པ་དང་། བརྒྱལ་བ་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་རྒྱུན་ཆད་པ་ལས་ཡང་སེམས་མེད་པའི་གཉིད་ཀྱིས་ལོག་པ་དང་། བརྒྱ་ལྔ་བ་ལས་སངས་པ་ན་ཀུན་གཞི་རྣམ་པར་ཤེས་པ་མེད་པར་འཇུག ་པའི་རྣམ་པར་ཤེས་པ་འབྱུང་བར་ནི་མི་རུང་ངོ་།། འགོག་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་སེམས་དང་འདྲ་བར་འདིར་ཡང་དཔྱད་པར་བྱའོ།། འཁོར་བར་འཇུག་པ་དང་ལྡོག་པའི་ཕྱིར་ཞེས་བྱ་བ་ནི་གང་གི་རྒྱུ་ལས་བྱུང་བའི་འཁོར་བར་འཇུག་པ ་དང་། ལྡོག་པ་ཡོད་པས་འཇུག་པའི་རྣམ་པར་ཤེས་པ་ལས་ཀུན་གཞི་རྣམ་པར་ཤེས་པ་གཞན་ཡིན་པར་ཤེསོ།། སྐད་ཅིག་ཀྱང་མི་གནས་པར་རིས་མཐུན་པ་རྒྱན་མི་འཆད་པར་རྒྱུན་གྱི་ཉེ་བར་ལེན་པའི་ཕུང་པོ་འབྱུང་བ་ནི་འཁོར་བ་ཞེས་བྱའོ།། དེའི ་འཇུག་པ་ནི་རིས་མཐུན་པ་གཞན་དག་ཏུ་ཉིང་མཚམས་སྦྱོར་བའོ།། ལྡོག་པ་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིང་སོ།། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ཁས་མི་ལེན་ན་འདུ་བྱེད་ཀྱི་རྒྱུ ་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་མེད་པའི་ཕྱིར་འཁོར་བར་འཇུག་པ་མི་རུང་ངོ་།། ཀུན་གཞི་རྣམ་པར་ཤེས་པ་ཁས་མི་ལེན་ན། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་འབྱུང་བ་ཉིད་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འམ། འདུ ་བྱེད་ཀྱིས་ཡོངསུ་བསྒོས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་འདུ་བྱེད་ཀྱི་རྐྱེན་ལས་བྱུང་བར་བརྟག་གྲང་ན། དེའི་ཚེ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་ཚེ་སྔ་མ་ལ་བསགས་པའི་འདུ་བྱེད་ཀྱི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། ཚེ་སྔ་མ་ལ་བསགས ་པའི་འདུ་བྱེད་ནི་འགགས་ནས་རིང་དུ་ལོན་པའི་ཕྱིར།། འགགས་པ་ནི་མེད་པའི་ཕྱིར།། མེད་པ་ནི་རྐྱེན་དུ་མི་འགྱུར་བའི་ཕྱིརརོ།། གལ་ཏེ་འགགས་པ་རྐྱེན་དུ་མི་འདོད་ན་དེ་ལྟར་ན། ད་ལྟར་གྱི་ལས་ལས་ནི་རྣམ་པར་སྨན ་པ་མངོན་པར་མི་འགྲུབ་པ་ལས་ཀྱི་འབྲས་བུ་མེད་པ་ཉིད་དུ་འགྱུ་རོ།། དེ་ནི་དེ་ལྟ་མ་ཡིན་ཏེ། དེ་ལས་བྱུང་བའི་བསྒོས་པ་གནས་པའི་ཕྱིར།། གང་ལས་འགྱུར་བ་བྱེ་བྲག་ཏུ་གྱུར་ནས་རྣམ་པར་སྨིན་པ་འགྲུབ་པའི་བག་ཆགས་ལས་ཀྱིས་བསྐྱེད་པ་སེམས་ཀྱི ་རྒྱུད་ལ་ཡོད་དོ།། དེ་ལྟ་བས་ན་ལས་ཀྱི་འབྲས་བུ་མེད་པ་མ་ཡིན་ལ། ལས་འགགས་པ་ལས་རྣམ་པར་སྨིན་པ་འབྱུང་བ་ཡང་མ་ཡིནོ།། ཉིང་མཚམས་སྦྱོར་བའི་ཚེ་ནི་མིང་དང་གཟུགས་ཀྱི་ཡིན་ཏེ། རྣམ་པར་ཤེས་པ་འབའ་ཞིག་ནི་མོ་ཡིན་ན། དེ་ལ ་རྣམ་པར་ཤེས་པ་ཉིད་འདུ་བྱེད་ཀྱི་རྐྱེན་གྱིས་བྱུང་གི། མིང་དང་གཟུགས་ནི་མ་ཡིནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད། དེ་ལྟ་བས་ན་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཞེས་བརྗོད་པར་བྱའི། རྣམ་པར་ཤེས་པ་མཱ་ཡི་ནོ་ཞེས་བརྗོད་པར ་བྱའོ།། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་གཞན་གང་ཞེ་ན། ཉིང་མཚམས་སྦྱོར་བའི་སྐད་ཅིག་ལས་དུས་ཕྱི་མ་གང་ཡིན་པའོ་ཞེ་ན། དེ་ཉིད་མཚམས་སྦྱོར་པོའི་མིང་དང་གཟུགས་རང་བཞིན་བྱེ་བྲག་ཏུ་གྱུར་པ་ཅི ་ཡོད་ན། འདི་ལྟར་དེ་ཉིད་རྣམ་པར་ཤེས་པའི་རྐྱེན་གྱིས་བྱུང་བ་ཡིན་ལ། སྔ་མ་ནི་མ་ཡིན་སྔ་མ་ནི་འདུ་བྱེད་ཀྱི་རྐྱེན་གྱི་འབྱུང་བ་ཡིན་ལ། ཕྱི་མ་ནི་མ་ཡིན་དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཉིད་དུ་འགྱུར་གྱི། ཉིང་མཚམས་སྦྱོར་བའི་རྣ ་ཤེས་པའི་ཡན་ལག་གཞན་ཀུན་ཏུ་བརྟགས་པས་ཅི་ཞིག་བྱ། དེ་ལྟ་བས་ན་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྒྱན་གྱིས་བྱུང་བར་མི་རུང་།། དདུ་བྱེད་རྣམས་ནི་མ་རིག་པ་བིནྡྷན་གྱིས་བྱུང་བ་ཡིན་ལ་ངེས་བསྐོས་པའི་རྣམ་པར་ནས ་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་བྱུང་བ་དང་། དེའི་རྐྱེན་གྱིས་བྱུང་བ་ཉིད་མཚམས་སྦྱོར་བ་ནི་མིང་དང་གཟུགས་ཉི་དོ་ཞེས་བྱ་བའི་ཚུལ་འདི་ལ་ནི་ཉེས་པ་མེད་དོ།། རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདུ་བྱེད་ཀྱིས་ཡོངསུ་བསྒོས་པ་དག་འདུ་བྱེད་ཀྱི་རྒྱུན་གྱིས་རྣར ་ཤེས་པ་ཞེས་བྱ་བའི་ཕྱོགས་འདི་ཡང་སྦྱར་མ་ལེགས་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་རྣམ་པར་སྨིན་པའི་བགྲ་ཆགས་དང་། རྒྱུ་མཐུན་པའི་བག་ཆགས་བདག་ལ་སྐྱེད་པར་མི་ནུས་ཏེ། བདག་ལ་བྱེད་པ་འགལ་བའི་ཕྱིརརོ།། དེ་མ ་ཐག་པ་ལ་ཡང་མ་ཡིན་ཏེ། དེ་ནི་དེའི་ཚེ་མ་བྱུང་བའི་ཕྱིར་རོ།། མ་བྱུང་བ་ནི་མེད་པའི་ཕྱིརརོ།། བྱུང་བ་ལ་ཡང་མ་ཡིན་ཏེ། དེ་ནི་དེའི་ཚེ་སྔར་འགགས་པའི་ཕྱིར།། སེམས་མེད་པའི་ག་ཉིད་ཀྱིས་ལོག་པ་ལ་སོགས་པའི་དུས་ན་ནི་འདུ་བྱེད་ཀྱིས་ཡོངསུ ་བསྒོས་པའི་སེམས་འབྱུང་མི་སྲིད་པའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་མེད་པར་འགྱུ་རོ།། དེ་མེད་པར་སྐྱེ་མཆེད་དྲུག་ཀྱང་མེད་པར་འགྱུརརོ།། དེ་བཞིན་དུ་རྒ་ཤིའི་བར་དུ་ཡང་མྱེད་པར་འགྱུརོ།། དེའི་ཕྱིར་འཁོར་བར་འཇུག ་པ་ཉིད་དང་འགལོ།། འཁོར་བ་ལས་ལྡོག་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་མེད་ན་མི་འཐད་དེ། འཁོར་བའི་རྒྱུ་ནི་ལས་དང་ཉོན་མོངས་པ་རྣམ་སོ།། དེ་གཉིས་ལས་ཀྱང་ཉོན་མོངས་པ་ནི་གཙོ་བོ་སྟེ། འདི་ལྟར་ཉོན་མོངས་པའི་དབང་གིས་ན ་ལས་ཀྱིས་ཡང་སྲིད་པ་འཕེན་ནུས་པར་འགྱུར་གྱི་གཞན་དུ་ནི་མ་ཡི་ནོ།། དེའི་བདེན་པ་མཐོང་བ་རྣམས་ཀྱི་ལས་ལས་ཡང་སྲིད་པ་མི་འཕེན་ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མེད་པའི་ཕྱིརརོ།། དེ་བཞིན་དུ་ཡང ་སྲིད་པ་འཕངས་པའི་ལས་ཀྱང་ཉོན་མོངས་པ་མེད་ན་ཡང་སྲིད་པ་འབྱུང་བར་མི་འགྱུར་ཏེ། འདི་ལྟར་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཡང་སྲིད་པ་འཕངས་པའི་ལས་ཀྱང་ཉོན་མོངས་པ་མེད་པའི་ཕྱིར་ཡང་སྲིད་པ་འབྱུང་བར་བྱེད་མི ་ནུས་སོ།། དེའི་ཕྱིར་དེ་དག་གི་ཡང་སྲིད་པ་མངོན་པར་མི་འགྲུབ།། དེ་ལྟར་ན་གཙོ་བོ་ཡིན་པའི་ཕྱིར་ཉོན་མོངས་ཉིད་མངོན་པར་འཇུག་པའི་རྩ་བ་སྟེ། དེའི་ཕྱིར་དེ་དགྲ་སྤངས་ན་འཁོར་བ་ལས་ལྡོག་པར་འགྱུར་གྱི་གཞན་དུ་ནི་མ་ཡིནོ།། ཀུན་གཞི་རྣམ ་པར་ཤེས་པ་མེད་པར་དེ་དག་སྦྱང་དུ་མི་རུང་སྟེ། ཉོན་མོངས་པ་མངོན་དུ་གྱུར་པ་འམ། ས་བོན་གྱི་ཚེ་སྤང་གྲང་ན། དེ་ལ་མངོན་དུ་གྱུར་པ་སྤྱང་ངོ་ཞེ་ན་ནི། དེ་མི་འདོད་པ་ཉིད་དེ། དེའི་ཚེ་དེ་དག་སྤོང་བའི་ལམ་མེད་པའི་ཕྱི་རོ།། ས་བོན་གྱི་ཚེ་ཡང ་སྤང་དུ་མི་རུང་སྟེ། གང་ལ་ཉོན་མོངས་པའི་ས་བོན་གནས་པ་དེ་གཉེན་པོས་སྤོང་ན། དེའི་ཚེ་ནི་གཉེན་པོ་ལས་ཅི་ཡང་ཁས་མ་བླངས་པའི་ཕྱིརརོ།། ཇི་སྟེ་གཉེན་པོའི་སེམས་ཉིད་ཉོན་མོངས་པའི་ས་བོན་དང་འདྲེས་ན་ནི་ཉོན་མོངས་པའི་ས་བོན་དང ་འདྲེས་པ་ཉིད་པས་གཉེན་པོར་མི་རུང་སྟེ། ཉོན་མོངས་པའི་ས་བོན་མ་སྤངས་པ་རྣམས་ནི་འཁོར་བ་ལས་ལྡོག་མི་སྲིད།། དེ་ལྟ་བས་ན་གདོན་མི་ཟ་བར་ཀུན་གཞི་རྣམ་པར་ཤེས་པ་ལ་དེ་ལས་གཞན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་རང་གི་ས་བོན་གསོ་བར་བྱ་བའི་ཕྱིར་བག་ཆགས་བསྒོ་བར་ཁས་བླང་ངོ་།། རྒྱུན་འགྱུར་བའི་བྱེ་བྲག་གི་སྟོབས་ཇི་ལྟ་བ་བཞིན་དུ་བསྒོས་པ་འཇུག་པའི་སྟེང་ནས། ཡང་དེ་ཉིད་ལས་ཉོན་མོངས་པ ་དང་ཉེ་བའི་ཉོན་མོངས་པ་རྣམས་འབྱུང་སྟེ། དེ་དག་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ནི་དེ་དང་ལྷན་ཅིག་འབྱུང་བ་ཉོན་མོངས་པའི་གཉེན་པོ་ལམ་གྱིས་སེལ་ཏོ།། དེ་བསལ་བས་གནས་དེ་ནས་ཉོན་མོངས་པ་རྣམས་མི་འབྱུང་བ ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་བོ།། སྔོན་གྱི་ལས་ཀྱིས་འཕངས་པའི་སྐྱེ་བ་ནི་འགགས་ལ། དེ་ལས་གཞན་པའི་སྐྱེ་བ་དང་ཉིང་མཚམས་མི་སྦྱོར་བ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། ལས ་ཡོད་དུ་ཟིན་ཀྱང་ཉོན་མོ་བ་རྣམས་སྤངས་ན་ལྷན་ཅིག་བྱེད་པའི་རྒྱུ་མེད་པའི་ཕྱིར་ཡང་སྲིད་པ་མངོན་པར་འགྲུབ་པར་བྱེང་མི་ནུསོ།། དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་འཁོར་བར་འཇུག་པ་དང་ལྡོག་པར་རུང་གི་གཞན་དུ་ནི་མ་ཡིན་ཏོ།། གདོན ་མི་ཟ་བར་ཀུན་གཞི་རྣམ་པར་ཤེས་པ་ཁས་བླང་བར་བྱའོ།། ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་འདི་ནི་ས་བོན་ཐམས་ཅད་ཀྱི་གཞི་ཉིད།། ཕྱིརརོ་ཞེས་བྱ་བ་ཐ་མར་གང་བསྟན་པ་དེ་ནི་ཐམས་ཅད་དུ ་སྦྱར་བར་བྱའོ།། ཀུན་གཞི་རྣམ་པར་ཤེས་པའི་དངོས་པོ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད།། དེ་ནི་ཀུན་གནོ་ཤེས་པ་ཞེས་བྱ་བ་འཇུག་པའི་རྒྱུའོ།། དེ་ལ་རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པ་སྟེ། དེ་ལས་མ་གཏོགས་པར་ཤེས་པར ་བྱེད་པ་པོ་མེད་པར་བསྟན་པའི་ཕྱིར་དངོས་པོ་ཙམ་ལ་བྱེད་པར་བསྟན་ཏོ།། ས་བོན་ཐམས་ཅད་ཀྱི་གཞི་ཉིད་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་ཐམས་ཅད་ཀྱི་གནས་ཉིད།། གཞི་ནི་གནས་ཀྱི་རྣམ་གྲངསུ་གཏོགས་པའོ།། ཡང ་ན་འདིར་ཆོས་ཐམས་ཅད་འབྲས་བུའི་དངོས་པོར་སྦྱོར་ཞིང་ཉེ་བར་འབྲེལ་པའམ། དེ་ཆོས་ཐམས་ཅད་ལ་རྒྱུའི་དངོས་པོར་སྦྱོར་ཞིང་ཉེ་བར་འབྲེལ་པ་ཀུན་གཞིའོ།། ལུས་ཀྱི་ཀུན་གཞི་ཉིད་དང་རྒྱུ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་ལུས་ནི་མིང་དང་གཟུག་སོ།། དེར ་ལུས་སྦྱོར་ཏེ། དེའི་སྟོབས་ཀྱིས་འབྱུང་བས་ཀུན་གཞི་ཉིད་དོ།། དེའི་དངོས་པོ་ནི་ཀུན་གཞི་ཉིད།། ལུས་ཀྱི་རྒྱུ་ནི་དེའི་ས་བོན་ཡོངསུ་གསོས་པས་ཉིང་མཚམས་སྦྱོར་བ་ནི་ལུས་མངོན་པར་འགྲུབ་པའི་ཕྱིར་ཏེ། ལུས་ཀྱི་གཞི་ཉིད་དང་། ལུས་ཀྱི་རྒྱུ་ཉིད ་ཡིན་པ་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཁས་བླང་བར་བྱའོ།། གཞན་ནས་དེ་གཞན་དུ་འབྱུང་སྟེ། བདག་ཏུ་ང་རྒྱལ་གྱི་གཞི་དང་། རྒྱུ་ཉིད་ཀྱི་ཕྱི་རོ་ཞེས་འབྱུང་།། ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་དམིགས་པའི་ང་རྒྱལ་གང་ཡིན་པ་དེ་བདག་ཏུ ་ང་རྒྱའོ།། བདག་ཏུ་རྒྱལ་ནི་འདི་ལ་ཡུལ་ཅན་གྱི་དངོས་པོར་སྦྱོར་བས་ཀུན་གཞི་རྣམ་པར་ཤེས་པ་ནི་བདག་ཏུ་ང་རྒྱལ་གྱི་ཀུན་གཞིའོ།། ཡང་ན་དེ་བདག་ཏུ་ང་རྒྱལ་ལ་རྒྱུའི་དངོས་པོར་སྦྱོར་བས་ཀུན་གཞི་ཞེས་བྱའོ།། ལྷག་མ་ནི་སྔ་མ་བཞི་ནོ།། ལུས་ལ་གནས ་པ་ཉིད་ཀྱི་ཡང་ཕྱིར་རོ་ཞེས་བྱ་བ་ལ་ཡང་ཞེས་བྱ་བ་ནི་བསྡུ་བའི་དོན་ནོ།། ལུས་ནི་འདིར་དབང་པོ་དང་བཅས་པའི་ཁོག་པའོ།། ཀུན་གཞི་རྣམ་པར་ཤེས་པ་ནི་ཁོག་པ་ཐམས་ཅད་ལ་ཁྱབ་པའོ།། དེའི་ཕྱིར་ལུས་དང་འབྲེལ་པར་འཇུག་པས་ལུས་ལ ་གནས་པའི་ཕྱིར། ལུས་ལ་གནས་པའོ།། དེའི་དངོས་པོ་ནི་ལུས་ལ་གནས་པ་ཉིད་དེ། ལུས་ལ་གནས་པ་ཉིད་ཀྱི་ཕྱིར་གཟུང་ནས་འདི་ཀུན་གཞི་རྣམ་པར་ཤེས་པ་ཁོང་དུ་ཆུད་པར་བྱའོ།། དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་འ ་ཞིག་ཏུ་མ་ཟད་ཀྱི། ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། ཅིའི་ཕྱིར་དེ་ལྡན་པའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་ལུས་ལེན་པའི་ཕྱིར་རོ་ཞེས་རྒྱུ་སྨོསོ།། འདིས་ལུས་ལེན་པས་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་སྟེ། ་སེམས་ཀྱིས་ལུས་ལེན་གྱི་བདག་གིས་ནི་མ་ཡིནོ་ཞེས་བྱ་བར་རབ་ཏུ་གྲུབ་བོ།། དེ་ཡང་སྔོན་གྱི་འདུ་བྱེད་ཀྱི་རྒྱུ་ལས་འབྱུང་བ་སྟེ། ཁུ་བ་དང་ཁྲག་གི་ནང་དུ་བརྒྱལ་བའི་དུས་ན་སྲིད་པ་ལེན་ཏེ། དེ་ཉིད་ཤི་བ་ལ་ཐུག་གི་བར་ལུས་ལེན་པར་བྱེད ་པར་འདོད་ཀྱི། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དང་། དེའི་རྗེས་ལས་བྱུང་བ་ཡིད་ཀྱི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། དེ་དག་ནི་དེའི་འོག་ཏུ་མིག་ལ་སོགས་པ་རྐྱེན་རྒྱུ་ཡིན་པའི་ཕྱིརརོ།། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་གཞན ་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བ་ནི་མ་ཡིན་ཏེ། དེ་དག་དགེ་བ་དང་མི་དགེ་བའི་ཕྱིརརོ།། འདུ་བྱེད་ཀྱི་རྒྱུ་ལས་བྱུང་བ་ནི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་གཅིག་ཏུ་ལུང་མ་བསྟན་པའོ།། རྣམ་པར་སྨིན་པ་ལ་ཡང་མིག་ལ་སོགས་པའི་བཞིན་དུ་རྒྱུན ་ཆད་ནས་ཡང་ཉིང་མཚམས་སྦྱོར་བའི་མ་ཡིནོ།། གང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཉིད་ཀུན་ཏུ་རྟག་ཏུ་བརྟགས་པ་གཅིག་ཏུ་ལུང་མ་བསྟན་པའི་རང་བཞིན་ཅན་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་མ་མཐོང་།། ཡང ་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ནི་གནས་སོ་སོར་ངེས་པཱ་ལས་འབྱུང་བ་དང་། རྒྱུན་ནས་འབྱུང་བའི་ཕྱིར་གནས་ཐམས་ཅད་ལེན་པར་མི་རུང་སྟེ། འདི་ལྟར་གནས་གང་དང་གང་ལས་རྣམ་པར་ཤེས ་པ་གང་འབྱུང་བ་དེས་དེ་ཉིད་ཟིན་པར་འགྱུར་གྱི། ལྷག་མ་ནི་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ཟིན་པ་མ་ཡིན་ནོ།། དེ་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྒྱུན་ཆད་ནས་ཡང་དང་ཡང་འབྱུང་བའི་ཕྱིར་གནས་དེ་ཡང་དང་ཡང་ཉེ་བར ་ལེན་པའི་སྐྱོན་དུ་འགྱུར་རོ།། དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཉིང་མཚམས་སྦྱོར་བའི་དུས་ནས་ལུས་བཟུང་ནས་ཤི་བ་ལ་ཐུག་གི་བར་དུ་ལུས་མཐའ་དག་ལ་བརྟེན་ཏེ་འབྱུང་བས་དེ་ཉིད་ཉིང་མཚམས་སྦྱོར་བ་ནས་ཤི་བ་ལ་ཐུག ་བར་དུ་ལུས་འབྱུང་བས་ན་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ།། དངོས་སུ་ན་ཡིད་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་རྣམ་པར་ཤེས་པ་ལ་རྟག་པ་ལ་རྟག་པར་བདག་ཏུ་དམིགས་ཏེ། བདག ་ཏུ་རྨོངས་པ་དང་། ལྟ་བ་དང་། ང་རྒྱལ་དང་། ཆགས་པར་དམིགས་པ་རྣམས་དང་མཚུངས་པར་ལྡན་པའི་ཕྱིརརོ།། དེ་ཡང་རྟག་པར་རློམ་སེམས་པའི་བདག་ཉིད་ཡིན་པས་ཡིང་ངོ་། དངོས་ནི་དེ་ཡིད་ཅེས་བྱའོ།། མིག་ལ་སོགས་པའི་རྣམ་པར་ཤེས ་པའི་ཚོགས་དྲུག་པོ་ངག་འགགས་མ་ཐག་པའི་རྣམ་པར་ཤེས་པ་ལ་ཡིད་ཅེས་བརྗོད་པ་གང་ཡིན་པ་དེ་ནི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་གནས་བསྒྲུབ་པའི་ཕྱིར་ཡིན་གྱི། ངར་སེམས་པའི་རྣམ་པའི་ཕྱིར་ནི་མ་ཡིནོ།། དེའི་ཕྱིར་དངོས་ན་དེ་ནི ་ཡིད་ཉིད་མཱ་ཡིནྟོ།། དེ་ཡང་བདག་ཏུ་རྨོངས་པ་དང་། བདག་ཏུ་ལྟ་བ་དང་། བདག་ཏུ་བཎྜ་ལ་དང་། བདག་ལ་ཆགས་པ་སྟེ། ཉོན་མོངས་པ་བཞི་དང་། རྟག་པར་མཚུངས་པར་ལྡན་ཏེ། དེ་ལ་བདག་ཏུ་རྨོངས་པ་ནི་གཏི་མུག་ཙམ་དང་མཚུངས་པར ་ལྡན་པ་མ་ཡིན་གྱིས། བདག་ཏུ་རྨོངས་པ་གང་ཡིན་པའོ།། དེ་བཞིན་དུ་བདག་ལ་ཆགས་པའི་བར་དག་ལ་ཡང་བརྗོད་པར་བྱའོ།། སོགས་པ་ནི་རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཀུན་ཏུ་འགྲོ་བ་ལྔ་པོ་དག་དང་ཡང་རབ་ཏུ་མཚུངས་པར་ལྡན ་པའོ།། དེ་ཡང་མ་གྲགས་པ་དང་། སེམས་ལས་བྱུང་བ་རྣམས་དང་མཚུངས་པར་ལྡན་པས་ན་དེའི་རང་གི་ངོ་བོ་དམིགས་ཀྱིས་དབྱེ་བའི་ཕྱིར། རྣམ་པར་ཤེས་པ་ཞེས་བྱ་བ་སྨོས།། རིགས་གཅིག་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་རིགས་ཡོན ་གྱི། དགེ་བ་འམ། ལུང་མ་བསྟན་པ་ནི་མ་ཡིན་ཏེ། བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་བཞི་དང་། རྟག་ཏུ་མཚུངས་པར་ལྡོན་པའི་ཕྱིརརོ།། རྒྱུན་ཆགས་པར་འཇུག་པ་སྟེ། ཞེས་བྱ་བ་ནི་རྒྱུན་མི་ཆད་པར་རྗེ་སུ་འབྱུང་བ་ཞེས་བྱ་བའི་ཐ་ཚིག། ་སྤྱིར་བཏང་བ་འདིའི་དམིགས་ཀྱི་བསལ་བ་རྩོམ་སྟེ། དགྲ་བཅོམ་པ་དང་། འཕགས་པའི་ལམ་དང་། འགོག་པའི་སྙོམས་པར་འཇུག་པའི་དུས་མ་གཏོག་སོ།། དགྲ་བཅོམ་པ་ནི་ཁམས་གསུམ་པའི་ཉོན་མོངས་པ་ཅན་གྱི་ཆོས་སྤངས་པའི་ཕྱིར ་དགྲ་བཅོམ་པའི་དུས་ནི་མི་འབྱུང་ངོ་།། འཕགས་པའི་ལམ་གྱི་དུས་ན་ཡང་མི་འབྱུང་སྟེ། དོན་དམ་པ་ཤེས་པ་ནི་བདག་ཏུ་ལྟ་བ་ཀུན་ཏུ་འབྱུང་བ་དང་ཤིན་ཏུ་མི་མཐུན་པའི་ཕྱིརརོ།། དེའི་འོག་ཏུ་དེ་ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་སྟེ། སློབ་པའི་དུས ་ནཱ་མཱ་སྤངས་པའི་ཕྱིརོ།། འགོག་པའི་སྙོམས་པར་འཇུག་པའི་དུས་ན་ཡང་མི་འབྱུང་སྟེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བས་འགོག་པའི་སྙོམས་པར་ཞུགས་པ་ཆེས་ཞི་བའི་ཕྱིར། དེ་ཀུན་ཏུ་མི་འབྱུང་བར ་རིག་པར་བྱའོ།། འདིར་ནི་ངེས་པའི་ཚིག་དང་། དམིགས་པ་དང་མཚུངས་པར་ལྡན་པ་དང་། འབྱུང་བའི་དུས་ཀྱི་ཡང་བསྟན་པར་རིག་པར་བྱའོ།། ཅིའི་ཕྱིར་ཕུང་པོ་ཞེས་བྱ་ཞེ་ན། སྲུངས་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སྤུངས་པ་ནི་ཕུང་པོ་ཞེས་བྱ་བའི་གྲང ་སུ་གཏོགས་པའོ།། དེ་ནི་འདི་སྐད་དུ་གཟུགས་སྤངས་པ་ནི་གཟུགས་ཀྱི་ཕུང་པོ་སྟེ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྲུངས་པ་ལ་རྣམ་པར་ཤེས་པའི་ཕུང་པོ་ཞེས་བསྟན་པར་འགྱུརརོ།། འདི་ལྟར་མདོ་ལས་དུས་དང་རྒྱུ་དང་། རྣམ་པ ་དང་། འགྲོ་བ་དང་། ཡུལ་ཐ་དད་པའི་གཟུགས་ལ་སོགས་པ་མདོར་བསྡུས་པའི་ཕྱིར། གཟུགས་ལ་སོགས་པ་ཕུང་པོར་བསྟན་ཏེ། གཟུགས་གང་ཡིན་པ་ཅི་ཡང་རུང་བདས་པའམ། མེ་འོངས་པའམ། ད་ལྟར་བྱུང་བའི་ནང་གིའམ། ཕྱི་འམ ་རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་ཉེ་བ་གང་ཡིན་པའམ། རྒྱང་རིང་བ་གང་ཡིན་པ་ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངསུ་འགྲོའོ།། དེ་བཞིན་དུ་རྣམ་པར་ཤེས་པའི་བར ་དུའོ་ཞེས་འབྱུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་བྱ་བའི་བྱེ་བྲག་གི་དུས་ཐ་དད་པའོ།། ནང་ངམ་ཕྱི་ཞེས་བྱ་བ་ནི་རྒྱུ་ཐ་དད་པས་སོ།། འདི་ལྟར་ནང་གི་རྣམས་ནི་རང་གི་རྒྱུད་དུ་གཏོགས་པ་དག་གོ།། ཕྱིའི་རྣམས་ནི་དེ་ལས ་གཞན་པ་དག་གོ།། རགས་པ་འམ། ཕྲ་བ་ཞེས་བྱ་བ་ནི་རྣམ་པའི་བྱེ་བྲག་གིས་སོ།། དེ་ལ་གཟུགས་ཀྱི་རགས་པ་དང་། ཕྲ་བ་ཉིད་ནི་བལྟོས་པ་ཅན་ནོ།། ཡང་ན་ཐོགས་པ་དང་བཅས་པ་ནི་རགས་པའོ།། ཐོགས་པ་མེད་པ་ནི་ཕྲ་བའོ།། ཚོར ་པ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་དབང་པོ་ལ་བརྟེན་ཏེ། བྱུང་བ་དག་ནི་རགས་པའོ།། ཡིད་ལ་བརྟེན་ཏེ་བྱུང་བ་དག་ནི་ཕྲ་བའོ།། ངན་པ་འམ་གྱ་ནོམ་པ་ཞེས་བྱ་བ་ནི་འགྲོ་བའི་བྱེ་བྲག་གིས་ཐ་དད་པ་རྣམས ་ཏེ། འདི་ལྟར་འགྲོ་བ་དྲན་པས་ཟིན་པ་དག་ནི་ངན་པ་རྣམསོ།། འགྲོ་བ་གྱ་ནོམ་པས་ཟིན་པ་དག་ནི་གྱ་ནོམ་པ་རྣམསོ།། ཐག་ཉེ་བ་གང་ཡིན་པ་འམ། རྒྱང་རིང་པོ་གང་ཡིན་པ་ཞེས་བྱ་བ་ནི་ཡུལ་གྱི་བྱེ་བྲག་གིས་ཐ་དད་པ་རྣམསོ།། ཚོར་བ་ལ ་སོགས་པ་ནི་གནས་ཀྱི་དབང་གིས་ཉེ་བ་དང་རིང་བའོ།། གཟུགས་ལ་སོགས་པ་ཞེས་བྱ་བ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམསོ།། མདོར་བསྡུས་པ་ཉིད་ཀྱི་ཕྱིརརོ།། ཞེས་བྱ་བ་ནི་དུས་དང ་རྒྱུ་དང་། རྣམ་པ་དང་། འགྲོ་བ་དང་། ཡུལ་ཐ་དད་པ་རྣམས་ཀྱི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སོ་སོར་མདོར་བསྡུས་པ་ནི་མདོར་བསྡུས་པའོ།། དེའི་དངོས་པོ་ནི་མུ་དཱར་བསྡུས་པ་ཉིད ་དེ་དག་མདོར་བསྡུས་པའི་ཕྱིར་མདོ་ལས་སྤུངས་པའི་ཛིན་ཅེས་འབྱུང་བ་ནི་ཕུང་པོའི་དོན་ནི་ཞེས་བྱ་བ་ཤེས་ཏེ། འདི་ལྟར་འདས་པ་ལ་སོགས་པའི་གཟུགས་དེ་དག་ཐམས་ཅད་ནི་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱི་བའི་གྲཝ ་འགྲོ་བ་ཞེས་བྱ་བ་ནས། དེ་བཞིན་དུ་རྣམ་པར་ཤེས་པ་ཞེས་བྱ་བའི་བར་དུ་བསྟན་ཏོ།། ཕུང་པོ་ལྔ་པོ་རྣམས་དང་། ཕུང་པོའི་དོན་བཤད་ཟིན་ཏོ།། ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ།། ་བམ་པོ་བཞི་པ་སྟེ་ཐ་མའོ།། འདུས་བྱས་ཐམས་ཅད་ནི་ཕུང་པོ་ལྔས་བསྡུས་ལ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེ་མཆེདད་དང་། ཁམས་སུ་བསྡུས་པར་བསྟན་པ་དེ་ལ་དཕུང་པོ་བཤད་པའི་འོག་ཏུ་སྐྱེ་མཆེད་རྣམས ་བརྗོད་དགོས་པས་དུ་ཞིག། གང་དང་གང་སྐྱེ་མཆེད་ཀྱི་དོན་ནི་ཅི་ཞེ་ན། དེའི་ཕྱིར་སྐྱེ་མཆེད་བཅུ་གཉིས་ཞེས་བྱ་བ་སྨོསོ།། དེ་དག་གང་གང་ཞེ་ན། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། ཞེས་བྱ་བ་ལ་སོགས་པ་ནས། ཡིད་ཀྱི་སྐྱེ ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དོ་ཞེས་བྱ་བའི་བར་དུའོ།། མིག་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་ཕྱེ་བ་ནི་ཇི་ལྟར་མིག་ལ་སོགས་པའི་རང་གི་ངོ་བོ་བསྟན་པ་དེ་བཞིན་དུ་འདིར་ཡང་རང་གི་ངོ ་བསྟན་པར་བྱའོ།། དེ་ལ་མིག་གི་དབང་པོ་ནི་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་སྟེ། ཡུལ་ཁ་དོག་གཟུགས་དང་བའོ་ཞེས་བསྟན་ཏོ།། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཡང་ཡུལ་ཏེ། གོ་རིམས་བཞིན་ནོ།། རྣ་བ་ལ་སོགས་པ ་ཡང་གཟུགས་ཀྱི་བདག་ཉིད་དང་བའོ།། གཟུགས་དང་སྒྲ་དང་། དྲྀ་དང་། རོའི་སྐྱེ་མཆེད་རྣམས་ཀྱང་སྔ་མ་བཞིན་དུ་བཤངོ་ཞེས་བྱ་བར་སྦྱརརོ།། སྔར་ནི་མིག་གི་ཡུལ་ནི། ཁ་དོག་དང་། དབྱིངས་དང་། རྣམ་པར་རིག་བྱེད་ཀྱི་གཟུག་སོ།། རྣ་བའི ་ཡུལ་ནི་སྒྲ་སྟེ། ཟིན་པ་དང་མ་ཟིན་པ་དང་། གཉི་གའི་སྟེ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། འབྱུང་བ་ཆེན་པོ་དག་དང་། གང་རེག་བྱའི་ཕྱོགས་གཅིག་བཤད་པ་སྟེ། འབྱུང་བ་ཆེན་པོ་རྣམས་དང་བཅས་པ ་ནི་རེག་བྱའི་སྐྱེ་མཆེད་དེ། དེ་ཡང་འཇམ་པ་ཉིད་ལ་སོགས་པའོ།། ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པའོ་ཞེས་བྱ་བ་ལ་རྣམ་པར་ཤེས་པ་བརྒྱད་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། འཇུག་པའི་རྣར་ཤྭེ་བ་དྲུག་དུ། ཀུན་གའི་རྣར་ཤེས ་པ་དང་། ཉོན་མོང་པ་ཅན་གྱི་ཡི་།། སྐྱེ་མཆེད་རྣམ་པར་བཞག་པ་ལ་ནི་རྣམ་པར་ཤེས་པའི་ཕུང་པོ་ཉིད་ལ་ཡིད་ཀྱི་སྐྱེ་མཆེད་ཅེས་བྱའོ།། ཆོས་ཀྱི་སྐྱེ་མཆེད་ནི་རྣམ་པ་བརྒྱད་དེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་རིག ་བྱེད་མ་ཡིན་པ་དང་། འདུས་མ་བྱས་བཞིའོ།། དེ་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་རིག་བྱེད་མ་ཡིན་པ་ནི་ཕུང་པོ་རྣམ་པར་ཕྱེ་བར་བཤད་པ་ཡིནོ།། འདུས་མ་བྱས་ནི་མ་བཤད་དེ། དེའི་ཕྱིར་དེ་དག་རབ་ཏུ་དབྱེ ་བར་འདོད་ནས། འདུས་མ་བྱས་གང་ཞེ་ན་ཞེས་དྲིས་སོ།། གང་རྒྱུ་དང་རྐྱེན་ལ་རག་ལས་པ་མ་ཡིན་པའི་བདག་ཉིད་ཀྱི་རང་གི་ངོ་བོ་ནི་འདུས་མ་བྱས་ཞེས་བྱ་སྟེ། ན་མཁའ་དང་སོ་སོར་བརྟག་པ་མ་ཡིན་པའི་འགོག་པ་དང་། སོ་སོར་བརྟགས་པ ་འགོག་པ་དང་། དེ་བཞིན་ཉིད།། འདུས་མ་བྱས་ཀྱི་རབ་ཏུ་དབྱེ་བ་སྟོན་ཏེ། ན་མཁའ་གང་ཞེ་ན། ཞེས་བྱ་བ་ནི་ན་མཁའི་རང་གི་ངོ་བོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདྲི་བའོ།། གང་གཟུགས་ཀྱི་གོ་འབྱེད་པའོ་ཞེས་བྱ་བ་ནི་དེའི་རང་གི་ངོ་བོ་བཤད ་པའོ།། དེ་བཞིན་དུ་སོ་སོར་བརྟགས་པ་མ་ཡིན་པ་ལ་སོགས་པ་ལ་སོ་སོར་བརྗོད་པར་བྱའོ།། ཕྱོགས་གླང་དུ་ཐོགས་པ་དང་བཅས་པའི་གཟུགས་ལ་ཐོགས་པར་མི་བྱེད་པ་ནི་གོ་འབྱེད་པའོ།། དེའི་ཕྱིར་དངོས་པོ་གཟུག ་ཅན་རྣམས་ལ་སྐབས་འབྱེད་པ་ན་མཁའ་ཞེས་བྱའོ།། ན་མཁའི་འོག་ཏུ་བསྟན་པའི་ཕྱིར་དེ་བཤད་པའི་འོག་ཏུ་སོ་སོར་པོ་རྟགས་པ་མ་ཡིན་པའི་འགོག་པའི་རང་གི་ངོ་བོ་ཁོང་དུ་ཆུད་པར་འདོད་ནས། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་གང་ཞེ ་ན་ཞེས་དྲིས་སོ།། བརྟགས་པ་དང་། གཞལ་བ་དང་། རྣམ་པར་འབྱེད་པ་དང་། ཤེས་རབ་ཅེས་བྱ་བ་ནི་དོན་གཅིག་གོ། སོ་སོར་ཞེས་བྱ་བ་ནི་སྤྱིར་བསྙག་པའི་དོན་ཏེ། དེ་ནི་འདི་ལྟར་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ ་སོར་རྟོག་པ་ནི་སོ་སོར་བརྟགས་པ་སྟེ། ཤེས་རབ་ཀྱི་ཁྱད་པར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པར་འགྱུརརོ།། སོ་སོར་མ་བརྟགས་པ་ནི་སོ་སོར་བརྟགས་པ་མ་ཡིན་པ་སྟེ། དེ་ཡང་གང་ཞེ་ན། རྐྱེན་མ་ཚང་བའོ།། དེ་ནི་འདི་སྐད་དུ་རྒྱུན་མ ་ཚད་པོའི་ཕྱིར་མཱ་འོངས་པའི་ཆོས་རྣམས་གཏན་དུ་མི་སྐྱེ་བ་གང་ཡིན་པ་དེ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ་ཞེས་བསྟན་པར་འགྱུརརོ།། གང་འགོག་པ་འབྲལ་བ་མ་ཡིན་པ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་འདྲི་བའི་ལ་ནི།། འགོག། ་པ་ཞེས་བྱོས་ན་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་བཞིན་དུ་སོ་སོར་བརྟགས་པ་དང་། སྙོམས་པར་འཇུག་པ་དང་། སྐྱེ་བ་དང་། མི་རྟག་པའི་འགོག་པ་རྣམས་ལ་ཡང་སྙེགས་པས་འདིར་སོ་སོར་བརྟགས་པའི་འགོག་པ་ལས ་རྣམ་པར་དབྱེ་བའི་ཕྱིར་འབྲལ་བ་མ་ཡིན་པ་ཞེས་བྱ་བ་སྨོས་ཏེ། འབྲལ་བ་མ་ཡིན་ཞེས་བྱ་བ་ནི་ས་བོན་ཡོད་ན་དེ་དག་འབྱུང་བའི་ཆོས་ཉིད་ཡིན་པའི་ཕྱིར་མ་འོངས་པའི་ཆོས་རྣམས་དང་ཕྲད་པར་རྣམ་པར་བཞག་སྟེ། དེའི་གཉེན་པོས་རང་གི་གནས ་ནས་དེ་དག་གི་ས་བོན་བཏོན་བཞིན་གཏན་མི་སྐྱེ་བ་གང་ཡིན་པ་དེ་འགོག་པའོ།། དེ་ནི་འདི་སྐད་དུ་ས་བོན་བཏོན་ལ་བློ་སྔོན་དུ་མ་བཏང་ཡང་རྐྱེན་མ་ཚོང་བས་མ་འོངས་པའི་ཆོས་རྣམས་གཏན་མི་སྐྱེ་བ་གང་ཡིན་པ་དེ་སོ་སོར་བརྟགས་པ་མ ་ཡིན་པའི་འགོག་པའོ་ཞེས་བསྟན་པར་འགྱུརརོ།། དགྲ་བཅོམ་པ་ལ་ནི་རིས་གཞན་དང་འབྲེལ་པའི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཕུང་པོ་རྣམས་ཀྱི་ས་བོན་ཡོད་བཞིན་དུ་གཏན་མི་སྐྱེ་བ་ཐོབ་པས། དེ་ཡང་སོ་སོར་བརྟགས་པ་མ་ཡིན ་པའི་འགོགས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་ནི་གང་ཉོན་མོངས་པའི་གཉེན་པོ་མེད་པར་ཕུང་པོ་རྣམས་གཏན་དུ་མི་སྐྱེ་བའོ་ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ། འདི་ལ་དགེ་བ་དང་ལུང་དུ་མ་བསྟན་པའི་ཕུང་པོའི་ས་བོན་ཡོད་དུ་ཟིན་ཀྱང་།། ་ཉོན་མོངས་པའི་གཉེན་པོ་མེད་པར་མི་ཐོབ་པས་སོ་སོར་བརྟགས་པའི་འགོག་པ་ཉིད་དེ། འདི་ནི་སོ་སོར་མ་བརྟགས་པའི་འགོག་པ་མ་ཡིན་ནོ།། དེ་ལྟར་ནུ་ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས ་པའི་དབྱིངས་ནི་སོ་སོར་བརྟགས་པའི་འགོག་པ་ཞེས་བསྟན་པ་ཡིནོ།། ཉོན་མོངས་པའི་གཉེན་པོ་ནི་འདིར་ཟག་པ་མེད་པའི་ལམ་དུ་བཞེད་དོ།། གཏན་དུ་མི་སྐྱེ་བའོ་ཞེས་བྱ་བ་ལ་གཏན་དུ་སྨོས་པ་ནི་སྐྱེ་བ་དང་སྙོམས་པར་འཇུག་པའི་འགོག་པ་ལས ་རྣམ་པར་དབྱེ་བའི་ཕྱིརརོ།། དེ་དག་མི་སྐྱེ་བ་ཡིན་ལ་གཏན་དུ་མ་ཡིན་པ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་འབྱུང་བར་འགྱུར་བའི་ཕྱིརརོ།། མི་སྐྱེ་བའོ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱི་འགོག་པ་ལ་རྣམ་པར་འབྱེད་དེ། ་མི་རྟག་པ་ཉིད་ཀྱི་འགོག་པ་ནི་ད་ལྟར་ཡོད་ལ། མི་སྐྱེ་བ་ནི་ད་ལྟར་མེད་པས་མ་འོངས་པ་མ་ཡིན་པ་ཉིད་དེ། དཔེར་ན་གཟུགས་ཀྱི་རྣམ་པ་གཅིག་ལ་མིག་གི་རྣམ་པར་ཤེས་པ་ཡོངས་པ་ཡུལ་གཞན་དང་། གཟུགས་ཀྱི་རྣམ་པ་གཞན་འདས་པ་གང་ཡིན ་པ་དེ་དག་ནི་དམིགས་པ་དེའི་རྣམ་པར་ཤེས་པའི་ཚོགས་ལྔ་བསྐྱེད་པར་མི་ནུས་ཏེ། ད་ལྟར་གྱི་རྣམ་པ་ལ་ནི་དེ་མ་ཐེག་པའི་རྐྱེན་མེད་ཅིང་། འདས་པ་རྣམས་ལ་ནི་དམིགས་པའི་རྐྱེན་མེད་པའི་ཕྱིར་རོ།། དེའི་ཕྱིར་དེ་དག་ལ་སོ་སོར་བརྟགས་པ་མ ་ཡིན་པའི་འགོག་པར་འགྱུར་རོ།། སོ་སོར་བརྟགས་པའི་འགོག་པོ་གང་ཞེ་ན། ཞེས་བྱ་བ་ལ། སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་སྟེ། བར་ཆད་མེད་པའི་ལམ་གྱི་ཤེས་རབ་ཀྱི་ཁྱད་པར་ཞེས་བྱ་བའི་ཐ་ཚིགོ། སོ་སོར་བརྟགས་པས་ཐོབ་པར་བྱ། ་བའི་འགོག་པ་ནི་སོ་སོར་བརྟགས་པའི་འགོག་པ་སྟེ། ཚིག་པར་མ་སྨོསོ།། གང་འགོག་པ་ཞེས་བྱ་བ་ནི་འགོག་པར་ཐལ་བར་འགྱུར་བས། དེ་ནི་འབྲལ་བ་སྟེ་ཞེས་བྱ་བ་སྨོསོ།། དེ་ལྟར་ན་འགོག་པ་བཞི་པོ་ལས་རྣམ་པར་ཕྱེ་བོ་ཡིན་ཏེ། དེ་དག་ནི་འདུལ ་པའི་བདག་ཉིད་མ་ཡིན་པའི་ཕྱིརརོ།། དེ་ནི་ཉོན་མོངས་པའི་གཉེན་པོ་ཕུང་པོ་གཏན་དུ་མི་སྐྱེ་བའོ་ཞེས་བྱ་བ་ནི་འབྲས་བུ་ཉིད་དཔྱོད་པ་སེ། ལུས་འདི་ནི་ཁམས་གསུམ་པའི་ཉོན་མོངས་པའི་ས་བོན་མ་ལུས་པ་དང་། རྗེ་སུ་འབྲེལ་བར་འབྱུང་བའོ།། ་ལ་གང་དང་གང་གི་གཉེན་པོ་ལམ་གྱི་སྐད་ཅིག་གང་ཡིན་པའི་ལམ་རེདེ་འབྱུང་ང་ན་ལུས་ཀྱི་སྐད་ཅིག་དེ་ནི་དེས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་ལྡན་པའི་ཕྱིར་མ་ལ་ལུས་ཀྱི་སྐད་ཅིག་གཞན་འབྱུང་བ་དང་། མི་མཐུན་པའི་རྐྱེན་དུ་གྱུར་པ་དང་། ་མ་ལུས་ཀྱི་སྐད་ཅིག་གཞན་སྐྱེད་པར་མི་ནུས་ཏེ། དེ་འབྱུང་བ་དང་མི་མཐུན་པའི་རྐྱེན་ཉེ་བར་གྱུར་པའི་ཕྱིར།། འོན་ཀྱང་དེས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་ལྡོག་པའི་བདག་ཉིད་ཁོ་ནའི་རྒྱུར་འགྱུར་ཏེ། དེ་བྱུང་བ་དང་མཐུན་པའི་རྐྱེན་ཡོད་པའི ་ཕྱིརོ།། ལམ་གྱི་སྐད་ཅིག་དེ་ཉིད་ནི་དེས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་ལྡན་པའི་སྐད་ཅིག་གཞན་འབྱུང་བ་དང་མི་མཐུན་པའི་རྐྱེན་དུ་གྱུར་པ་དང་། ཅིག་ཤོས་དང་མཐུན་པར་བརྗོད་པར་བྱའོ།། དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བའི ་སྲིད་པའི་རྩེ་མོའི་ཉོན་མོངས་པ་ཆུང་ངུ་ཆུང་ངུའི་བར་གྱི་གཉེན་པོ་འབྱུང་ན་ལུས་དེ་ཁམས་གསུམ་པའི་ཉོན་མོངས་པ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ས་བོན་མ་ལུས་པར་ལྡོག་པའི་བདག་ཉིད་ཁོ་ནའི་སྐད་ཅིག་གཞན་གྱི་རྒྱུར་འགྱུརོ།། ་དེ་བཞིན་དུ་ཉོན་མོངས་པ་གང་དང་གང་གི་ལུས་མི་འབྱུང་བས་ས་བོན་སྟོན་པར་གྱུར་པའི་ཉོན་མོངས་པ་དེ་དང་དེ་དག་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱང་ཉོན་མོངས་པའི་གཉེན་པོས་གཏན་དུ་མི་སྐྱེ་བར་འགྱུར་ཏེ། སོ་སོར་བརྟགས་པའི་འགོག ་པ་དེ་ནི་འབྲལ་བ་ཞེས་བྱའོ།། སོ་སོར་བརྟགས་པའི་འགོག་པའི་འོག་ཏུ་དེ་བཞིན་ཉིད་བསྟན་པས། ངའི་ཕྱིར་དེ་བཞིན་ཉིད་བསྟན་པས། དེའི་ཕྱིར་དེ་བཤད་པའི་འོག་ཏུ་དེ་བཞིན་ཉིད་ཁོང་དུ་ཆུད་པར་འདོད་ནས་དེ་བཞིན་ཉིད་གང་ཞེ་ན། ཞེས་འདྲིའོ།། གང་ཆོས ་རྣམས་ཀྱི་ཆོས་ཉིད་དང་ཆོས་བདག་མེད་པ་ཉིདངོ་ཞེས་བྱ་བ་དེ་ནི་དེའི་བཤད་པ་སྟེ། གཞན་མ་ཡིན་པའི་དོན་གྱི་ཕྱིར་དེ་བཞིན་ཉིད་།། ཆོས་རྣམས་ཞེས་བྱ་བ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར ་ཤེས་པ་རྣམ་སོ།། ཆོས་རྣམས་ཀྱི་དངོས་པོ་ནི་ཆོས་ཉིད་དེ་ཇི་ལྟ་བ་བཞིན་གྱི་བདག་ཉིད་དང་ཡང་དག་པའི་མཐར་ཐུག་པའོ།། ཆོས་ཉིད་ནི་ཆོས་རྣམས་ཀྱི་འབྲས་བུ་མི་རྟག་པ་ཉིད་ལ་སོགས་པ་ཡང་ཆོས་རྣམས་ལ་ཡོད་དེ། དེའི་ཕྱིར་ཆོས་བདག་མེད་པ ་ཉིད་ཅེས་བྱ་བ་སྨོས་སོ།། ཆོས་ནི་རང་བཞིན་གང་གིས་ཤེས་པ་དང་། བརྗོད་པར་གཉིས་ཀྱི་ཡུལ་དུ་གྱུར་པ་དེ་དེ་དག་གི་བདག་སྟེ། དེའི་རང་བཞིན་མ་ཡིན་པའི་ཕྱིར་བདག་དེ་དང་བྲལ་བ་ནི་བདག་མེད་པའོ།། དེའི་དངོས་པོ་ནི་བདག་མེད་པ་ཉིད།། དེ་ནི་དངོས་པོ ་རྣམས་རྣམ་པར་བརྟགས་པའི་རང་བཞིན་གྱི་སྟོང་པ་ཉིད་དོ།། འདི་ལ་དཔྱད་པ་ན་བརྗོད་པ་མང་དུ་འབྱུང་སྟེ། དེ་ཐལ་བར་འགྱུར་བར་ཀྱང་ཆོག་གིས་སྐབས་ཉིད་བརྩ་མོ།། ཅིའི་ཕྱིར་སྐྱེ་མཆེད་ཅེས་བྱ་ཞེ་ན། ཞེས་བྱ་བ་ལ། སྐྱེ་མཆེད་ཀྱི་སྒྲ་ནི་མིག་ལ ་སོགས་པ་རང་གི་ངོ་བོ་ཕན་ཚུན་ཐ་དད་པ་རྣམས་ལ་ཡང་བྱེ་བྲག་མེད་པར་འབྱུང་བས་དེའི་ཕྱིར་དེ་དག་ལ་དེས་སྤྱིའི་དོན་རྒྱུར་བྱས་ནས་འཇུག། དེ་ཡང་མི་ཤེས་པས་ཅིའི་སྐྱེ་མཆེད་ཅེས་བྱ་ཞེས་འདྲིའོ།། རྣམ་པར་ཤེས་པ་སྐྱེ་བའི་སྒོའི་ཕྱིར་རོ།། ་ཞེས་བྱ་བ་ལ། སྐྱེ་བ་ཞེས་བྱ་བ་ནི་འབྱུང་བ་སྟེ་རྣམ་པར་ཤེས་པ་རྣམས་འབྱུང་བས་བདག་ཉིད་ཐོབ་པའོ།། རྣམ་པར་ཤེས་པ་སྐྱེ་བའི་སྒོ་ནི་རྒྱུ་སྟེ། བྱེད་རྒྱུ་དང་རྒྱུ་མཚན་ནི་རྣམ་པར་ཤེས་པ་འབྱུང་བའི་རྒྱུའི་ཕྱིར་སྐྱེ་མཆེད་རྣམས་ཞེས་བྱའོ་ཞེས་བསྟན ་པར་འགྱུརརོ།། འདི་ལྟར་ཅི་མངོན་ཞེ་ན། ངེས་པའི་ཚིག་གིས་མངོན་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་འབྱུང་བ་མཆུང་བར་བྱེད་ཅིང་རྒྱས་པར་བྱེད་པས་སྐྱེ་མཆུད་རྣམས་ཏེ། བདག་ཐོབ་པར་བྱེད་པར་རྒྱུན་ཏུ་འཇོག་ཅེས་བྱ་བའི་ཐ་ཚིག། ་ལ་མིག་དང་གཟུགས་རྣམས་ནི་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྐྱེ་བའི་སྒོ་ཡིན།། དེ་བཞིན་དུ་ཡིད་དང་ཆོས་རྣམས་ཀྱི་བར་དག་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་སྐྱེ་བའི་སྒོ་ཡིན་ནོ།། ་སྐྱེ་མཆེད་ཀྱི་འོག་ཏུ་ཁམས་རྣམས་རབ་ཏུ་དབྱེ་བ་དང་། རང་གི་ངོ་བོ་བརྗོད་པར་བྱ་སྟེ། དེ་བས་ན་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། ཁམས་བཅོ་བརྒྱད་ནི་ཞེས་བྱ་བ་སྨོས་སོ།། དེ་དག་ཉིད་ཀྱི་རང་རང་གི་ངོ་བོ་བསྟན་པའི་ཕྱིར། མིག་གི་ཁམས་དང་གཟུགས ་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། ཞེས་བྱ་བ་ནས་དེ་བཞིན་དུ་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཞེས་བྱ་བའི་བར་དུ་སྨོས་སོ།། འདིར་ཡང་གཟུགས་ཀྱི་ཕུང་པོ་རྣམ་པར་དབྱེ། ་བ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་གང་ཡིན་པ་ལྔ་པོ་དག་དང་། གཟུགས་དང་། སྒྲ་དང་། དཱི་དང་། རོ་དང་། རེག་པ་ལྔ་ཡང་དེ་དག་གི་ཡུལ་ཉིད་དུ་བསྟན་ནོ།། སྐྱེ་མཆེད་རྣམ་པར་བཞག་པར་ཡང་དབང་པོ་ལྔ་པོ་དེ་དག་ཉིད ་མིག་ལ་སོགས་པའི་སྐྱེ་མཆེད་ཉིད་དང་། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱང་གཟུགས་ལ་སོགས་པའི་སྐྱེ་མཆེད་ཉིད་བསྟན་ཏོ།། ཁམས་རྣམ་པར་བཞག་པ་ཡང་དེ་དག་ཉིད་མིག་གི་ཁམས་ནས་ལུས་ཀྱི་བར་དང་། གཟུགས་ཀྱི་ཁམས་ནས ་རེག་བྱའི་ཁམས་ཀྱི་བར་དུ་བསྟན་ཏེ། དེའི་ཕྱིར་མིག་ལ་སོགས་པའི་ཁམས་དང་། གཟུགས་ལ་སོགས་པའི་ཁམས་ནི་སྐྱེ་མཆེད་རྣམས་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་སྨོསོ།། ཆོས་ཀྱི་ཁམས་ནི་ཆོས་ཀྱི་སྐྱེ་མཆེད་ཚོར ་བ་ལ་སོགས་པ་ཕུང་པོ་གསུམ་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། འདུས་མ་བྱས་བཞི་གང་ཡིན་པ་ཉིད་།། སྐྱེ་མཆེད་རྣམ་པར་བཞག་པར་ནི་རྣམ་པར་ཤེས་པའི་ཕུང་པོ་ཉིད་ཡིད་ཀྱི་སྐྱེ་མཆེ་དོ།། དེ་བཞིན་དུ་ཁམས་རྣམ་པར་བཞག་པར་ཡང ་ཡིད་ཀྱི་སྐྱེ་མཆེད་ཉིད་ཡིད་ཀྱི་ཁམས་མ་ཡིན་ཏེ། ཡིད་ཀྱི་སྐྱེ་མཆེད་ཀྱི་ཁམས་རྣམ་པར་བཞག་པ་ན་སེམས་ཀྱི་ཁམོས་བདུན་ནོ།། དེའི་ཕྱིར། རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། མིག་ལ་སོགས་པ་ལ་བརྟེན ་ཏེ་ཞེས་བྱ་བ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་བརྟེན་ཏེའོ།། གཟུགས་ལ་སོགས་པ་ལ་དམིགས་པ་ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲྀ་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་དམིགས་པའོ།། རྣམ་པར ་རིག་པའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའོ།། དེ་ལ་མིག་ལ་བརྟེན་ཅིང་གཟུགས་ལ་དམིགས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། མིག་གི་རྣམ་པར་ཤེས་པའི་ཁམས་སོ།། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྷ་དང་། ལུས་དང་། ཡིད་ལ་བརྟེན་ཅིང་། ་སྐྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྣམས་ལ་གོ་རིམས་བཞིན་དུ་དམིགས་པ་ནི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་ཀྱི་རྣམ་པར་ཤེས་པའི ་ཁམ་སོ།། ཡིད་ཀྱི་ཁམས་ནི་རྣམ་པར་ཤེས་པ་དྲུག་ལས་གུད་ན་མེད་དེ། རྣམ་པར་ཤེས་པའི་ཁམས་དྲུག་པོ་དེ་དག་ཉིད་འགགས་མ་ཐག་པ་ལ་ཡིད་ཀྱི་ཁམས་ཞེས་བྱའོ།། དེ་ལྟར་ན་ཡིད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ག ་གི་ནང་དུ་གཅིག་འདུས་པའི་ཕྱིར་ཁམས་བཅུ་བདུན་ནམ། བཅུ་གཉིས་སུ་མི་འགྱུར་རམ། མི་འགྱུར་ཏེ་འདི་ལྟར་རྣམ་པར་ཤེས་པ་དྲུགུ་པའི་གནས་བསྟན་པའི་ཕྱིར། དེ་ལྟར་ཁམས་བཅོ་བརྒྱད་དུ་རྣམ་པར་བཞགོ།། དེ་ལྟར་ཞེས་བྱ་བ་ནི་གྲོང་དུ། ་སྨོས་པའི་རྣམ་པ་བསྟན་པའོ།། གཟུགས་ཀྱི་ཕུང་པོ་གང་ཡིན་པ་ཞེས་བྱ་བ་ལ་རྫས་བཅུ་གཅིག་ནི་གཟུགས་ཀྱི་ཕུང་པོར་བསྟན་ཏེ། དེ་ལ་མིག་ལ་སོགས་པ་དབང་པོ་ལྔ་དང་། གཟུགས་ལ་སོགས་པ་ཡུལ་ལྔ་ནི་སྐྱེ་མཆེད་རྣམ་པར་བཞུག་པར་སྐྱེ ་མཆེད་བཅུ་དང་། ཁམས་རྣམ་པར་བཞག་པར་ཁམས་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ།། རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པ་དེ་ནི་ཡིད་ཀྱི་སྐྱེ ་མཆེད་དང་། སེམས་ཀྱི་ཁམས་བདུན་ནོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་དུའོ།། གཟུགས་དང་རྣམ་པར་ཤེས་པའི་ཕུང་པོ་ལས་གཞན་ཕུང་པོ་གསུམ་པ་གང་ཡིན་པ་དགྲ་ཚོར་བ་དང་། འདུ་ཤེས ་དང་། འདུ་བྱེད་ཅེས་བྱ་བའི་ཕུང་པོ་རྣམསོ།། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་སྟེ། དེ་དག་འདུས་མ་བྱས་ན་མཁའ་ལ་སོགས་པ་དང་བཅས་པའི་ནི་ཆོས་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམ་སོ།། ཅིའི་ཕྱིར ་ཁམས་ཞེས་བྱ་ཞེ་ན་ཞེས་བྱ་བ་ནི། སྐྱེ་མཆེད་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ།། བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཁམ་སོ།། སྐད་ཅིག་རྣམས་ལ་ནི་བྱེད་པ་མེད་པར་མི་སྲིད་དོ་ཞེས་སྔར་བསྟན་པ་ཉིད་དོ།། ཆོས ་གང་དག་ཕུང་པོ་ཞེས་བསྟན་པ་དེ་དག་ཉིད་སྐྱེ་མཆེད་ཉིད་དང་ཁམས་ཉིད་དུ་ཡང་བཤད་པས་དེའི་ཕྱིར། ཅིའི་ཕྱིར་ཕུང་པོ་ལ་སོགས་པ་བཤད་ཅེ་ན་ཞེས་དྲིས།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་པ་ཐམས་ཅད་ཀྱི་སེམས་ཅན་གྱི་དོན ་དུ་འགྱུར་བ་དང་། ཉོན་མོངས་པའི་གཉེན་པོ་ཡིན་པས་དགོངས་པ་དང་བཅས་པའོ།། འདིར་ནི་ཆོས་དེ་དག་ཉིད་རྣམ་པ་གཞན་དང་གཞན་གྱིས་ཡང་དང་ཡང་བཤད་པའི་དགོངས་པ་ཡང་མི་ཤེས་ནས། ཅིའི་ཕྱིར་ཕུང་པོ་ལ་སོགས་པ་བཤད ་ཅེ་ན་ཞེས་བྱ་བ་ནི་དགོས་པ་བརྗོད་དེ། དེའི་ཕྱིར་བདག་ཏུ་འཛིན་པ་རྣམ་པ་གསུམ་གྱི་གཉེན་པོར་ཞེས་བྱ་བ་སྨོསོ།། དེ་ལ་བདག་ཏུ་འཛིན་པ་གསུམ་དང་། གང་གི་གཉེན་པོར་བཤད་པ་ཡང་མི་ཤེས་པས་དེའི་ཕྱིར། གོ་རིམས་བཞི་ནོ་ཞེས་བྱ་བ་སྨོས་ཏེ། ་བདག་ཏུ་འཛིན་པ་རྣམ་པ་གསུམ་ནི་གཅིག་པུར་འཛིན་པ་དང་། ཟ་བར་འཛིན་པ་དང་། བྱེད་པར་འཛིན་པོའོ།། དེ་ལ་གོ་རིམས་བཞིན་ཞེས་བྱ་བ་ལ་ཕུང་པོ་བཤད་པ་ནི་གཅིག་པུར་འཛིན་པའི་གཉེན་པོའོ།། སྐྱེ་མཆེད་བཤད་པ་ནི་ཟ་བོར་འཛིན་པའི ་གཉེན་པོའོ།། ཁམས་བཤད་པ་ནི་བྱེད་པར་འཛིན་པའི་གཉེན་པོའོ།། བདག་ཏུ་སྨྲ་བ་ཐམས་ཅད་ནི་མཐོང་བ་གང་ཡིན་པ་དེ་ཉིད་ཐོས་པ་དང་། སྣོམ་པ་དང་། རོ་མྱོང་བ་དང་། རེག་པ་ཡིན་པ་དང་། དེ་ལ་དེ་ཉིད་སེམས་པར་བྱེད་པ་དང་། འདུ་ཤེསུ་བྱེད་པ ་དང་། རྣམ་པར་ཤེས་པར་བྱེད་པའོ་སྙམ་དུ་དེ་ལྟར་འཛིན་ཏོ།། སེམས་ཅན་རྣམས་ཀྱི་ལུས་ལ་ནི་ཕུང་པོ་ལས་གུད་ན་གཅིག་པུར་རྣམ་པར་གནས་པའི་ངོ་བོ་གང་ཡང་མེད་དེ། རང་གི་ངོ་བོ་དུང་། འབྲས་བུ་མི་དམིགས་པའི་ཕྱིརོ།། མིགཱ་ལས་གུད་ན་ལྟ་བ་པོ ་གཞན་མེད་དེ། མིག་ཉིད་མཐོང་བའོ་ཞེས་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་རྒྱུ་དང་གནས་ཡིན་པས་ལྟ་བ་པོ་ཞེས་གདག་སོ།། དེ་བཞིན་དུ་རྣ་བ་ལ་སོགས་པ་སོ་སོ་ལ་ཡང་བརྗོད་པར་བྱའོ།། དེ་བཞིན་དུ་ཚོར་པོ་ནི་མྱོང་བའི་བདག་ཉིད་ཡིན་པ ་མྱོང་བར་བྱེད། འདུ་ཤེས་ཉིད་མཚན་མར་འཛིན་པའི་བདག་ཉིད་ཡིན་པས་འདུ་ཤེསུ་བྱེད་ཀྱི། གཞན་ནི་མ་ཡིན་ཏེ། དེ་ལྟར་ཐམས་ཅད་དུ་ཡང་བརྗོད་པར་བྱའོ།། དེ་ལྟ་བས་ན་སེམས་ཅན་རྣམས་ཀྱི་ལུས་ནི་ཕུང་པོའི་བདག་ཉིད་ཡིན་པས་དངོས ་པོ་དུ་མའི་བདག་ཉིད་ཅན་ནོ།། འདི་ལ་ནི་ཕུང་པོ་ལྔ་ལྔས་གུད་ན་གཅིག་པུ་མེད་དེ། ཕུང་པོ་བསྟན་པས་གཅིག་པུ་འཛིན་པ་ལྡོག་པ་ནི་དེ་ལ་གཅིག་པུར་འཛིན་པོ་སྔོན་དུ་འགྲོ་བའི་བདག་ཏུ་འཛིན་པ་གང་ཡིན་པ་དེ་ཡང་ལྡོག་པ་ཉིད་དེ།། དེའི་ཕྱིར་གཅི ་པུར་འཛིན་པ་སྔོན་དུ་འགྲོ་བའི་བདག་ཏུ་འཛིན་པའི་གཉེན་པོར་ཕུང་པོ་བཤད་དོ།། གཅིག་པུར་འཛིན་པ་ནི་རྒྱུ་ལ་འབྲས་བུ་བཏགས་ནས་བདག་ཏུ་འཛིན་པ་ཞེས་བྱ་བར་བཤད།། ཟ་བར་འཛིན་པ་ནི་སྨྲ་བ་ཐམས་ཅད་ཀྱི་ལྟར་ན་ལས་དགེ་བ ་དང་མི་དགེ་བའི་འབྲས་བུ་འདོད་པ་དང་། མི་འདོད་པ་དང་། བདེ་བ་དང་སྡུག་བསྔལ་གྱི་ཚོར་བས་རབ་ཏུ་ཕྱེ་བ་དང་། གཟུགས་དང་སྒྲ་ལ་སོགས་པ་ཡུལ་ལ་གང་སྤྱོད་པ་དེ་བདག་གོ་ཞེས་སོ།། དེ་ལྟར་ནི་བདག་ཏུ་འཛིན་པ་འདིའི་གཉེན་པོར་སྐྱེ ་མཆེད་བཤད་དོ།། ལས་དགེ་བ་དང་མི་དགེ་བའི་འབྲས་བུ་དང་། གཟུགས་ལ་སོགས་པ་ཡུལ་རྣམས་ལ་སྤྱོད་པ་ནི་དམིགས་པ་སྟེ། དེ་བྱུང་པ་གང་ཡིན་པ་དེ་ནི་ལས་ཀྱི་འབྲས་བུ་དང་། གཟུགས་ལ་སོགས་པ་ལ་སྤྱོད་དོ།། ་དམིགས་པ་རྣམ་པ་དྲུག་དེ་ཡང་སྐྱེ་མཆེད་ཉིད་ཀྱིས་བོད་ཀྱི་གཞན་གྱིས་ནི་མ་ཡིནོ།། དེའི་ཕྱིར་མིག་ལ་སོགས་པ་དང་། གཟུགས་ལ་སོགས་པ་ནི་རྣམ་པར་ཤེས་པ་སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་རྣམས་ཞེས་བྱའོ།། དེ་ལྟ་བས་ན་ལས་ཀྱི་འབྲས་བུ་དང་།། ཡུལ ་རྣམས་ལ་སྤྱོད་པ་ནི་མིག་ལ་སོགས་པ་ལས་གུད་ན་གཞན་གང་ཡང་མེད་དེ། དེ་ལྟར་ན་སྐྱེ་མཆེད་བཤད་པ་ནི་ཟ་བར་འཛིན་པའི་གཉེན་པོ་ཞེས་བྱའོ།། བྱེད་པར་འཛིན་པ་ནི་ལས་དགེ་བ་དང་མི་དགེ་བ་རྣམས་འབར་བ་དང་། སྤྲུགས་བསིགས་པ་ལ ་སོགས་པ་བྱེད་པ་སྟེ། བདག་ཏུ་འཛིན་པ་འདིའི་གཉེན་པོར་ཁམས་བཤདདོ།། དེ་ལྟར་ན་བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཁམས་ཞེས་བསྟན་ཏོ།། དེ་ལྟར་རྒྱུ་ཡོད་པ་ཙམ་གྱི་འབྲས་བུ་འབྱུང་བར་བྱེད་ཅིང་འབྲས་བུ་ཡང་རྒྱུ་ལ་བལྟོས་ནས ་ཡོད་པ་ཙམ་དུ་ཟད་དེ། རྒྱུ་དང་འབྲས་བུའི་རང་གི་ངོ་བོ་ལ་མ་གཏོགས་པར་བྱེད་པ་གཞན་མེད་པར་སྔར་བསྟན་པ་ཉིད།། བྱེད་པ་མེད་པར་བྱེད་བ་པོ་ག་ལ་ཡོད་དོ།། དེ་ལྟ་བས་ན་བྱེད་པར་འཛིན་པའི་གཉེན་པོར་ཁམས་བཤད་པོ་ཡི་ནོ།། དེ་ནི ་ཆོས་གང་དག་རབ་ཏུ་རྣམ་པར་དབྱེ་བས་ཕན་གདགས་པའི་ཕྱིར་ཕུང་པོ་དང་སྐྱེ་མཆེད་དང་། ཁམས་ཉིད་དུ་ཆོས་གང་དག་བསྟན་པ་དེ་དག་ལ་རྣམ་པ་གཞན་གྱིས་བསམ་པར་བྱ་སྟེ། དེ་ལ་ཁམས་རྣམས་ཀྱིས་ནང་དུ་གཟུགས་དང་སེམས་གཉི ་རྣམ་པར་དབྱེ་བ་ལྷག་པར་བསྟན་པས་ཟུག་པ་དང་བཅས་པའི་རྣམ་པ་ལ་སོགས་པ་བདེ་བླག་ཏུ་རྟོགས་པར་འགྱུར་བའི་ཕྱིར་ཉིད་ལས་བརྩམས་ཏེ། བསམ་པར་བྱ་བའི་ཕུང་པོ་དང་། སྐྱེ་མཆེད་རྣམས་ལ་ནི་མུ་ཡིནོ།། དེའི་ཕྱིར་ཁམས་བཅོ་བརྒྱད ་ལ་གཟུགས་ཅན་དུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོསོ།། གཟུགསུ་ཡོད་པས་གཟུགས་ཏེ་འདི་དག་ལ་ཡོད་པས་གཟུགས་ཅ་ནོ།། ཡང་ན་རྟེན་དང་བརྟེན་པའི་གཟུགས་ཇི་ལྟར་མཐུན་མཐུན་དུ་འདི་དག་ལ་ཡོད་པས་གཟུགས་ཅནོ།། མིག་ལ ་སོགས་པའི་རྣམ་པར་ཤེས་པ་ལ་ཐལ་བར་ཡང་མི་འགྱུར་ཏེ། མིག་ལ་སོགས་པ་རྟེན་གྱི་དངོས་པོ་དེ་དག་གི་གཞིན་བྱེད་པ་མ་ཡིན་པའི་ཕྱི་རོ།། གང་དག་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དོ་ཞེས་བྱ་བ་དེ་དག་ནི་ཁམས་བཅུ་སྟེ། མིག་གི་ཁམས། ་ནས་ལུས་ཀྱི་བར་དང་། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་ཀྱི་བར་དུའོ།། རྣམ་པར་རིག་བྱེད་མ་ཡིན་པ་གཟུགསུ་ཡོད་དུ་ཟིན་ཀྱང་ཆོས་ཀྱི་ཁམས་གཟུགས་ཅན་ཉིད་དུ་ཐལ་བར་མི་འགྱུར་ཏེ། དེ་ལ་རྟེན་དང་བརྟེན་པའི་གཟུགས་མེད་པ་དང་། ་གཟུགསུ་ཡོད་པ་མེད་པ་དང་། གཟུགས་ཀྱི་ཕུང་པོར་གཏོག་སུ་ཟིན་ཀྱང་གཟུགསུ་ཡོད་པ་མ་ཡིན་པའི་ཕྱིརརོ།། གཟུགས་ཅན་མ་ཡིན་པ་དུ་ཞེ་ན། ལྷག་མ་རྣམསོ་ཞེས་བྱ་བ་ལ་གཟུགས་ཅན་ལས་ལྡོག་པ་ནི་གཟུགས་ཅན་མཱ་ཡིན་པ་སྟེ། དེ་དག ་ནི་བརྒྱད་དོ། སེམས་ཀྱི་ཁམས་བདུན་དང་། ཆོས་ཀྱི་ཁམས་སོ།། བསྟན་དུ་ཡོད་པ་དུ་ཞེ་ན་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ཀྱི་སྐབས་ཡིན་པས་དེར་སྦྱརརོ།། གཟུགས་ཀྱི་ཁམས་གཅིག་ཏེ་ཞེས་བྱ་བ་ལ་འདི་ནི་འདི་ནིའོ།། ཕ་གི་ནི་ཕ་གི་ནའོ་ཞེས ་བསྟན་དུ་རུང་བ་དེ་ནི་བསྟན་པའོ།། དེ་དང་ལྷན་ཅིག་པ་ནི་བསྟན་དུ་ཡོད་པ་སྟེ། དམིགས་པ་དང་བཅས་པ་བཞི་ནོ།། བསྟན་དུ་ཡོད་པ་འདི་ཉིད་རབ་ཏུ་བསྟན་པའི་ཕྱིར། ཡུལ་བསྟན་དུ་ཡོད་པའོ་ཞེས་བྱ་བ་སྨོས་ཏེ། ཡུལ་དེ་དང་དེར ་འདིས་བསྟན་དུ་ཡོད་པས་ཡུལ་བསྟན་དུ་ཡོད་པའོ་ཞེས་བྱའོ།། གཟུགས་ཀྱི་ཁམས་གཅིག་ཁོ་ན་བསྟན་དུ་ཡོད་པ་ཉིད་དུ་སྨོས་པས་ལྷག་མ་ཁམས་བཅུ་བདུན་ནི་བསྟན་མོད་པར་གྲུབ་བོ།། ཐོགས་པ་དང་བཅས་པ་དུ་ཞེ་ན་ཞེས་བྱ་བ་ནི་ཁམས་བཅོ ་བརྒྱད་ཀྱི་སྐབས་ཡིན་པ་ཐམས་ཅད་དུ་ཡང་སྦྱརོ།། གཟུགས་ཅན་མ་ཡིན་པ་རྣམ་པར་གཅད་པའི་ཕྱིར་གཟུགས་ཅན་སྨོསོ།། ཆོས་ཀྱི་ཁམས་ལ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པས། གཟུགས་ཅན་ཡོད་པས་བསྟན་པའི ་ཕྱིར་བཅུ་ཞེས་བྱ་བ་སྨོསོ།། དེ་དག་ཀྱང་མིག་ལ་སོགས་པ་དབང་པོའི་ཁམས་རྣམས་དང་། དེ་དག་གི་ཡུལ་གཟུགས་ཅན་གྱི་ཁམས་ལྔའོ།། གོ་གཅོད་པས་ཐོགས་པ་སྟེ། དེ་དང་ལྷན་ཅིག་པ་ནི་ཐོགས་པ་དང་བཅས་པའོ།། གོ་གཅོད་པ་ནི་ཡུལ ་དྲོང་དམིགས་པ་དང་། སྒྲིབ་པས་གོ་གཅོད་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ།། འདིར་ནི་སྒྲིབ་པའི་གོ་གཅོད་པ་ཉིད་ཐོགས་པ་དང་བཅས་པར་འདོད་པ་བསྟན་པའི་ཕྱིར། གང་ལ་གང་ཐོགས་པའོ་ཞེས་བྱ་བ་སྨོས།། སྒྲིབ་པའི་གོ་གཅོད་པ་ནི་རང ་གི་ཡུལ་དུ་གཞན་འབྱུང་བའི་གེགསུ་གྱུར་པའོ།། དེ་ལྟར་ན་གང་གིས་རང་གི་ཡུལ་དུ་གཞན་འབྱུང་བའི་གེགས་བྱེད་པ་དང་། གང་ལ་གེགས་བྱེད་པ་དེ་གཉི་ག་ཡང་ཐོགས་པ་དང་བཅས་པ་ཞེས་བསྟན་པ་ཡིན།། ཁམས་གཟུགས་ཅན་བཅུ་པོ་དེ་དག ་ཀྱང་རང་རང་གི་ཡུལ་དུ་འབྱུང་བ་ལ་གཅིག་ལ་གཅིག་གེགས་བྱེད་པས་སྒྲིབ་ཅིང་གོ་གཅོད་པའི་ཕྱིར་ཐོགས་པ་དང་བཅས་པ་རྣམསོ།། ལྷག་མ་སེམས་ཀྱི་ཁམས་བདུན་དང་། ཆོས་ཀྱི་ཁམས་ནི་ཐོགས་པ་མེད་པར་གྲུབ་པོ།། ཟག་པ་དང་བཅས་པ ་དུ་ཞེ་ན་ཞེས་བྱ་བ་ནི་ཁམས་ཀྱི་སྐབས་ཡིནོ།། བཅོ་ལྔ་དང་ཐ་མ་གསུམ་གྱི་ཆ་སྟེ་ཞེས་བྱ་བ་ནི་མིག་ལ་སོགས་པ་དབང་པོ་ལྔའི་ཁམས་དང་། གཟུགས་ལ་སོགས་པ་ཡུལ་ལྔའི་ཁམས་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས ་པའི་ཁམས་ལྔ་སྟེ། ཁམས་བཅོ་ལྔ་པོ་དག་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཉིད་།། དང་པོ་ལ་ཡང་གསུམ་ཡོད་དོ།། མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ཡིན་པས་དེའི་ཕྱིར་ཐ་མ་ཞེས་སྨོསོ།། ཐ་མ་གསུམ་ནི་ཡིད་ཀྱི ་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམ་སོ།། དེ་དག་གི་ཆ་ནི་ཆ་ཤས་ཏེ། ཟག་པ་དང་བཅས་པའོ།། མིག་ལ་སོགས་པ་བཞིན་དུ་ཐམས་ཅད་དུ་ཟག་པ་དང་བཅས་པ་ཉིད་ནི་མ་ཡིནོ།། དེ་དག་ལས་ཀྱང་ལམ་གྱི་བདེན ་པཱ་དང་། འདུས་མ་བྱས་ཀྱི་རང་བཞིན་གྱི་ཆ་མ་ཡིན་པ་དེ་ཉིད་ཟག་པ་དང་བཅས་པ་སྟེ། ཟག་པ་དང་ལྷན་ཅིག་པས་ཟག་པ་དང་བཅས་པའོ།། དེའི་ཕྱིར་དེ་དག་ཉོན་མོངས་པ་སྐྱེ་བ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དེ་དག་ལ་ཉོན་མོངས་པ་སྐྱེ་བས ་དེའི་ཕྱིར་ཟག་པ་དང་བཅས་པ་ཞེས་བྱའོ།། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི། རྣམ་པར་མི་རྟོག་པ་ཡིན་པས་ཇི་ལྟར་གཟུགས་ལ་སོགས་པ་རྣམས་ལ་ཉོན་མོངས་པོ་སྐྱེད་ཅེ་ན། ཉོན་མོངས་པ་རྣམས་མིག་ལ་སོགས་པའི ་རྣམ་པར་ཤེས་པ་རྣམས་དང་། ལྷན་ཅིག་ཏུ་གཟུགས་ལ་སོགས་པ་ལ་འབྱུང་བ་ཞེས་མི་བྱ་མོད་ཀྱི། འོན་ཀྱང་མངོན་སུམ་གྱི་སྤྱོད་ཡུལ་གྱི་ཕྱི་རོ།། ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་ཉོན་མོངས་པ་སྐྱེད་པ་སྟེ། འདྲ ་ལྟར་མིག་ལ་བརྟེན་ཅིང་གཟུགས་ལ་སོགས་པ་ལ་བརྟན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། མིག་གི་རྣམ་པར་ཤེས་པས་མྱོང་བའི་གཟུགས་རྣམས་ལ་ཡིད་ཀྱི་རྣར་ཤྲཱི་བས་རྣར་རྟོག་པར་བྱེད་པས་རྣམ་པ་རྟོག་པ་ལས་ཉོན་མོངས་པོ་འབྱུང་སྟེ། ་དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་བརྗོད་པར་བྱའོ།། ཟག་པ་མེད་པ་དུ་ཞེ་ན། ཐ་མ་གསུམ་གྱི་ཆའོ་ཞེས་བྱ་བ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་ཀྱིའོ།། ལམ་གྱི་བདེན་པ་དང་འདུས་མ་བྱསུ་གཏོགས་པའི་ཕྱོགས་གང ་ཡིན་པ་དེ་ནི་ཟག་པ་མེད་པའོ།། འདོད་པ་དང་ལྡན་པ་དུ་ཞེ་ན་ཞེས་བྱ་བ་ནི་ཁམས་བཅཝོ་བརྒྱད་ཅེས་བྱ་བ་དང་སྦྱར་ཏེ། གཟུགས་ལ་སྩོགས་པ་ཡུལ་ལྔ་ནི་འདོད་པར་བྱ་བ་ཡིན་པས་འདོད་པ་རྣམས་ཏེ། དེ་གཅེས་བྱེད་པའི་ཁམས་རྣམས་ནི་འདོད་པའི་ཁམས ་སུ་ཤེས་པར་བྱའོ།། ཡང་ན་འདོད་པའི་ཁམས་དང་ལྡན་པ་དུ་ཞེ་ནོ་ཞེས་བརྗོད་པའི་རིགས་པ་ལས་ཁམས་ཞེས་བྱ་བའི་སྒྱུ་མ་སྨོས་པར་འདོད་པ་དང་ལྡན་པ་ཞེས་བྱ་བ་སྨོསོ།། འདོད་པའི་ཁམས་དང་ལྡན་པོ་དག་ནི་འདོད་པའི་ཁམས་ཀྱིས་བསྡུས ་པ་རྣམས་ཏེ། འདོད་པའི་ཁམས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིགོ། འདི་ལྟར་གང་དུ་འདོད་པའི་སྲེད་པ་ཀུན་ཏུ་འབྱུང་བ་དེ་ཐམས་ཅད་འདོད་པའི་ཁམསུ་བསྡུས་པའོ།། དེ་དག་ཀྱང་དབང་པོའི་ཁམས་དྲུག་དང་། ཡུལ་གྱི་ཁམས་དྲུག་དང་། རྣམ ་པར་ཤེས་པའི་ཁམས་དྲུག་གོ།། གཟུགས་དང་ལྡན་པ་དུ་ཞེ་ན། བཅུ་བཞི་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་ལུས་དང་ཡིད་ཀྱི་དབང་པོའི་ཁམས་དང་། ཡུལ་བཞི་དང་ཡུ་ལ་དེའི་རྣམ་པར་ཤེས་པའི་ཁམས་བཞི་སྟེ། བཅུ་བཞི་པོ་དེ ་དག་ནི་གཟུགས་ཀྱི་ཁམས་དང་ལྡན་པའོ།། ཅིའི་ཕྱིར་གཟུགས་ཀྱི་ཁམས་ནི་དྲི་དང་རོ་དང་དེའི་རྣམ་པར་ཤེས་པ་གཉིས་ཀྱང་མེད་ཅེ་ན། དྲི་དང་རོ་ནི་གཅིག་ཏུ་ཁམ་གྱི་ཟས་ཀྱི་ངོ་བོ་ཉིད་ཡོན་གྱིས་རེག་པ་དང་། སེམས་དཔའི་ཟས་ཀྱི་ངོ་བོ་ཉིད་མ ་ཡིན་ནོ།། ཡང་ཁམ་གྱི་ཟས་ཀྱི་དོད་ཆགས་དང་བྲལ་བ་རྣམས་ནི་གཟུགས་ཀྱི་ཁམས་སྐྱེ་སྟེ། གང་གི་འདོད་ཆགས་དང་བྲལ་བ་རྣམས་གང་དུ་སྐྱེས་པ་དོ་ནི་དེ་མེད་དེ། དཔེར་ན། འདོད་ཆགས་དང་བྲལ་བ་གཟུགས་མེད་པར་སྐྱེས་པའི་མིག་མེད ་བར་སྐྱེས་བཞིན་དུ་ཡུལ་མེད་པའི་དྲི་དང་རོའི་རྣམ་པར་ཤེས་པ་གཉིས་ཀྱང་མེད་དོ།། གཟུགས་མེད་པ་དང་ལྡན་པ་དུ་ཞེ་ན། ཐ་མ་གསུམ་ཞེས་བྱ་བ་ནི། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམ་སོ།། ་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་ནི་གཟུགས་མེད་པའི་ཁམས་སུ་སྐྱེ་སྟེ། དེའི་ཕྱིར་དེ་ན་གཟུགས་ཀྱི་ངོ་བོ་ཉིད་ཀྱི་ཁམས་བཅུ་དང་། དེ་ལ་བརྟེན་པ་དང་དམིགས་པ་རྣམ་པར་ཤེས་པའི་ཁམས་ལྔ་མེད།། མི་ལྡན་པ་དུ་ཞེ་ན་གསུམ་གྱི ་ཆའི་ཞེས་བྱ་བ་ནི་གང་དག་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་སྤོང་བ་རྣམས་ཀྱིས་མ་དམིགས་པ་སྟེ། ཁམས་གསུམ་དང་ལྡན་པ་མ་ཡིན་པའི་ཕྱིར་མི་ལྡན་པའི།། ལམ་གྱི་བདེན་པ་དང་། འདུས་མ་བྱས་ཀྱི་ངོ་བོ་ཉིད་གང་ཡིན་པ ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དེ་དག་ནི་ཟག་པ་མེད་པའོ།། དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ཀྱི་སྐབས་ཡིན་པས་དེར་སྦྱར་རོ།། དེ་ལ་ངན་པ་སྙིལ་བའི་ཕྱིར ་དགེ་བ་སྟེ། སོང་བ་ཞེས་བྱ་བའི་ཐ་ཚིག་གོ་ཡང་ན་ཀུན་ཤ་ནཱི་ཤེས་རབ་ཀྱི་རྣམ་གྲངསུ་གཏོགས་པའོ།། ལ་ནི་ལེན་པ་སྟེ། ཤེས་རབ་ཀྱིས་ཡོངས་སུ་ཟིན་པའམ། ཤེས་རབ་ཡོངས་སུ་འཛིན་པ་ནི་དགེ་བ་རྣམས་སོ།། ཡང་ན་དྲན་པའི་རྣམ་པར ་འདུག་པ་ནི་རྩཝ་ཀུ་ཤ་སྟེ། གཅོད་པ་དང་འབིགས་པའོ།། ལ་ནི་ལེན་པ་སྟེ། སུ་ཞིག་གཅོད་པ་དང་འབིགས་པ་སྤངས་ཏེ་རྩཝ་ཀུ་ཤ་རྣམས་ལེན་པ་དེ་ནི་མཁས་པ་ཞེས་བྱའོ།། དེ་བཞིན་དུ་གཞན་བྱ་བ་གང་ལ་བསྔགས་པར་འོས་པ་དེ་ནི་དགེ་བ་ཞེས་བྱའོ།། ་འདིས་མི་དགེ་བ་བཟློག་ཏེ་བཤད་དོ།། དགེ་བ་དང་མི་དགེ་བའི་དངོས་པོར་ལུང་དུ་བསྟན་དུ་མེད་པས་མ་བསྟན་པའོ།། བཅུ་ནི་རྣམས་པ་གསུམ་ཆར་ཏེ་ཞེས་བྱ་བ་ནི་དགེ་བ་ཡང་ཡིན། མི་དགེ་བ་ཡང་ཡིན། ལུང་དུ་མ་བསྟན་པ་ཡང་ཡིནོ།། ཁམས ་བཅོ་བརྒྱད་ཀྱི་ནང་ནས་བཅུ་གང་ལ་བྱ་བ་དེ་དག་ཀྱང་མི་ཤེས་ནས། སེམས་ཀྱི་ཁམས་བདུན་དང་གཟུགས་དང་སྒྲ་དང་ཆོས་ཀྱི་ཁམསོ་ཞེས་བྱ་བ་སྨོསོ།། དེ་ལ་སེམས་ཁམས་རྣམས་ནི་མཚུངས་པར་ལྡན་པས་དགེ་བ་དང་མི་དགེ་བ་ཉིད་ཡིན་གྱི། ་ངོ་བོ་ཉིད་ཀྱི་ནི་མ་ཡིན་ཏེ། དགེ་བ་དང་མི་དགེ་བའི་རྩ་བ་རྣམས་དང་མཚུངས་པར་ལྡན་པ། དེ་ལ་སེམས་ཀྱི་ཁམས་བདུན་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། མཚུངས་པར་ལྡན་པ་རྣམས་ནི་དགེ་བའོ།། ཆགས་པ་དང ་ཞེ་སྡང་དང་། གཏི་མུག་དང་མཚུངས་པར་ལྡན་པ་རྣམས་ནི་མི་དགེ་བའོ།། གཞན་དག་ནི་ལུང་དུ་མ་བསྟན་པའོ།། གཟུགས་དང་སྒྲའི་ཁམས་ལུས་དང་ངག་གི་རྣམ་པར་རིག་བྱེད་དུ་བསྡུས་པ་དགེ་བ་དང་མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བ་ནི ་དགེ་པ་དང་མི་དགེ་བའོ།། དེ་ལས་གཞན་པ་ནི་ལུང་དུ་མ་བསྟན་པའོ།། ཆོས་ཀྱི་ཁམས་ཀྱང་མ་ཆགས་པ་ལ་སོགས་པའོ་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་། ཀུན་ནས་བསླང་བ་དང་། སོ་སོར་བརྟགས་པའི་འགོག་པ་དང་། དེ་བཞིན་ཉིད ་ནི་དགེ་བའོ།། ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་། ཀུན་ནས་བསླང་བ་ནི་མི་དགེ་བའོ།། དེ་ལས་གཞན་པ་ནི་ལུང་དུ་མ་བསྟན་པའོ།། བརྒྱད་ནི་ལུང་དུ་མ་བསྟན་པ་སྟེ། དྲི་དང་རོ་དང་རེག་བྱ་དང་། མིག་ལ་སོགས་པ ་ལྔའོ།། དེ་དག་ནི་ལུང་དུ་མ་བསྟན་པ་ཉིད་དེ། དོན་དམ་པ་དང་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་། ཀུན་ནས་བསླང་བས་དགེ་བ་དང་མི་དགེ་བ་མ་ཡིན་པའི་ཕྱིརརོ།། ནང་གི་དུ་ཞེ་ན། ཁམས་བཅོ་བརྒྱད་ཅེས་བྱ་བར་སྦྱརརོ།། བཅུ་གཉིས་ཏེ་བཅུ་གཉིས ་གང་ཡིན་པ་དེ་དག་ཀྱང་མི་ཤེས་པས། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་མ་གཏོག་སོ་ཞེས་བྱ་བ་སྨོསོ།། ལྷག་མ་དབང་པོའི་ཁམས་དྲུག་དང་། རྣམ་པར་ཤེས་པའི་ཁམས་དྲུག་སྟེ། བཅུ་གཉིས་པོ་དེ་དག་ནི་ནང་གིའོ། ་ཁམས་རྣམས་ལས་ཕྱི་རོལ་གྱི་དུ་ཞེ་ན་དྲུག་སྟེ། དེ་དག་ཀྱང་མི་ཤེས་ནས། དེའི་ཕྱིར་གང་དག་མ་གཏོགས་པ་རྣམས་སོ་ཞེས་བྱ་བ་སྨོ་སོ།། འདི་དག་ནི་ཕྱིའི་ཡིན་པར་ཤེས་པར་བྱའོ།། མ་གཏོགས་པ་རྣམས་གང་ཞེ་ན། གཟུགས་དང་སྒྲ་དང་དྲི་བ ་རོ་དང་རེག་བྱ་དང་ཆོས་རྣམས་སོ།། བདག་གི་དབང་དུ་བྱས་པ་ནི་ནང་ཞེས་བྱ་སྟེ། ནང་ཉིད་ནང་ངོ་།། བདག་ཉིད་མེད་ན་ནང་ངམ་ཕྱི་ཞེས་བྱ་བར་ཇི་ལྟར་འགྱུར་ཏེ། ཚུལ་ཁྲིམས་མེད་ན་ཚུལ་ཁྲིམས་དབང་དུ་བྱས ་པའི་བསླབ་པ་མི་རུང་བ་བཞི་ནོ་ཞེ་ན། ངར་འཛིན་པའི་གནས་ཡིན་པའི་ཕྱིར་སེམས་ལ་བདག་ཅེས་འདོགས་སོ།། ངར་འཛིན་པའི་གཞི་ནི་བདག་ཏུ་སྨྲ་བ་རྣམས་ཀྱིས་བདག་ཅེ་ས་བརྗོད་དེ། འདི་ལྟར་བདག་གི་ཡོན་ཏན་ནམ། བདག ་ལུས་ཉིད་དུ་ངར་འཛིན་པ་རྟོགས་སོ།། ངར་འཛིན་པ་ཡང་སེམས་ལ་བརྟེན་པ་སྟེ། དེ་ལ་གུད་ན་བདག་མེད་པའི་ཕྱིརརོ།། དེ་ལ་ངའོ་སྙམ་དུ་ང་རྒྱལ་བསྐྱེད་པས་བདག་སྟེ། སེམས་ཉིད་སེམས་ལས་བྱུང་བ་རྣམས་ཀྱི་གནས་ཡིན་པས ་སེམས་ལ་བདག་ཏུ་འདོག་སོ།། འདིར་སེམས་ལ་བདག་ཅེས་བྱ་བར་བཞེད་པར་འདི་ཅི་མངོན་ཞེ་ན། བཅོམ་ལྡན་འདས་ཀྱིས་བདག་ནི་ལེགས་པར་དུལ་གྱུར་ན། མཁས་པས་མཐོ་རིས་ཐོབ་པར་འགྱུར་ཞེས་གསུངསོ།། གཞན་ནས ་ཀྱང་སེམས་འདུལ་བ་གསུངས་ཏེ། སེམས་འདུལ་བ་ནི་ལེགས་པ་སྟེ། སེམས་དུལྟ་བདེ་བ་ཐོབ་པར་བྱེད་ཅེའོ།། འདིར་སེམས་འདུལ་བ་དང་། སེམས་ཉིད་དུལ་ན་བདེ་བ་ཐོབ་པར་བྱེད་ཅེས་གསུངས་པས་དེའི་ཕྱིར། བདག་ནི་ལེགས་པར ་དུལ་གྱུར་ན།། མཁས་པས་མཐོ་རིས་ཐོབ་པར་འགྱུར། ཞེས་བྱ་བ་འདིར་ཡང་སེམས་ཉིད་ལ་བྱ་བར་བཞེད་པར་མངོན་ནོ།། དེའི་ཕྱིར་བདག་ཏུ་ལྟ་བའི་སེམས་ཀྱི་རྟེན་གྱི་དངོས་པོར་ཉེ་བར་འགྱུར་བའི་ཕྱིར་མིག་ལ་སོགས་པ་ནི་ནང་གི ་ཉིད་དོ།། གཟུགས་ལ་སོགས་པ་ཡུལ་གྱི་དངོས་པོར་གྱུར་པ་ནི་ཕྱིའོ་ཉི་།། དེ་ལྟར་ནི་རྣམ་པར་ཤེས་པའི་ཁམས་དྲུག་ནང་གིར་མི་འགྱུར་ཏེ། དེ་དག་ཡིད་ཀྱི་ཁམས་ཉིད་དུ་མ་གྱུར་གྱི་བར་དུ་སེམས་ཀྱི་རྟོན་དུ་མི་འགྱུར་བའི་ཕྱིར་ཞེ་ན། ནམ་དུ ་ཡང་རུང་སྟེ། དེ་དག་ཉིད་ནུང་དུ་ཡིན་པས་མཚན་ཉིད་ལས་འདོའ་བ་མེད་དོ།། དམིགས་པ་དང་བཅས་པ་དུ་ཞེ་ན་ཞེས་བྱ་བ་ནི་ཁམས་ཀྱི་སྐ་ཧྲཱི་ཏྲ་དེའི་ཕྱིར་བདུན་ཞེས་བྱ་བ་སྨོས་སོ།། བདུན་པོ་དེ་དག་ཀྱང་གང་ཡིན་མི་ཤེས་པས་དེའི་ཕྱིར་སེམས ་ཀྱི་ཁམས་ཞེས་བྱ་བ་སྨོས།། དམིགས་པ་དང་བཅས་པ་འདི་དག་ཉིད་དུ་ཟད་དམ་ཞེ་ན་མ་ཡིན་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཀྱང་ཡིན་ཏེ། ཀྱང་གི་སྒྲ་ནི་བསྡུའོ།། སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཕྱོགས་གཅིག་ཀྱང་དམིགས་པ ་དང་བཅས་པ་ཡིན་ཏེ། འདི་དག་ལ་དམིགས་པ་ཡོད་པས་དམིགས་པ་དང་བཅས་པའོ།། ཡུལ་དང་སྤྱོད་ཡུས་དང་དམིགས་པ་ཞེས་བྱ་བ་རྣམ་གྲངསུ་གཏོགས་པའོ།། སེམས་ཀྱི་ཁམས་བདུན་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམསོ།། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་གང་སེམས་ལས་བྱུང་བའི་ངོ་བོ་ཉིད་དོ།། དམིགས་པ་མེད་པ་དུ་ཞེ་ན། ལྷག་མ་རྣམས་ཏེ། དེ་དག་ཀྱང་བཅུ་སྟེ། མིག་ལ་སོགས་པ་དབང་པོའི་ཁམས ་ལྔ་དང་། གཟུགས་ལ་སོགས་པ་ཡུལ་གྱི་ཁམས་ལྔའོ།། ཆོས་ཀྱི་ཁམས་ཀྱི་ཕྱོགས་གང་སེམས་ལས་བྱུང་བའི་ངོ་བོ་ཉིད་མ་ཡིན་པའོ་རྣམ་པར་རྟོག་པ་དང་བཅས་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ཅེས་བྱ་བར་སྦྱརོ།། ཡིད་ཀྱི་ཁམས་དང ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཆོས་ཀྱི་ཁམས་ཀྱི་ཕྱོག་སོ།། ཞེས་བྱ་བ་ནི་གང་མཚུངས་པར་ལྡན་པའོ།། འདི་གཉིས་ནི་མངོན་པར་དཔྱོད་པ་དང་། རྗེསུ་དྲན་པའི་རྣམ་པར་རྟོགས་པ་དང་། མཚུངས་པར་ལྡན་པ་སྟེ། ་ཉིད་རྣམ་པར་རྟོག་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེ་གཉིས་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་རོ།། ཆོས་ཀྱི་ཁམས་ཀྱི་ཕྱོགས་ནི་མཚུངས་པར་ལྡན་པ་ཅན། གཞན་ནི་མ་ཡིན་ནོ།། དེ་ལ་རྗེསུ་དྲན་པའི་རྣམ་པར་རྟོག་པ་ནི་དྲན་པ་ཉིད་ལ ་བྱ་སྟེ། ཡིད་ཀྱི་མྱོང་བའི་དམིགས་པ་མ་བརྗེད་པ་རྣམསོ།། དུས་གསུམ་གྱི་དོན་ལྐོག་དུ་གྱུར་པ་ལ་མངོན་པར་སྤྱོད་པའི་རྣམ་པ་འདི་ནི་འདི་ལྟ་ཡིན་གྱི་དེ་ལྟ་མ་ཡིནོ་ཞེས་བྱ་བ་ཤེས་རབ་ཀྱི་ཁྱད་པར་ལའམ། སེམས་པ་ནི་མངོན་པར་དཔྱོད་པའི་རྣམ་པར ་རྟོག་པ་སྟེ། ཆོས་མངོན་པར་ཀུན་ལས་བཏུས་པ་ལས་ཇི་སྐད་དུ། རྗེ་སུ་དྲན་པའི་རྣམ་པར་རྟོག་པ་གང་ཞེ་ན། གང་སྔོན་མྱོང་བ་ལ་འདུ་བྱེད་བསྐྱེད་པའོ།། མངོན་པར་དཔྱོད་པའི་རྣམ་པར་རྟོག་པ་གང་ཞེ་ན། གང་འདས་པ་དང་། མ་འོངས་པོ་དང་། དེ་ལྟར ་གྱི་དོན་ལྐོག་ཏུ་གྱུར་པ་རྣམས་ལ་མངོན་པར་དཔྱོད་པའི་རྣམ་པར་རྟོག་པའོ་ཞེས་བཤད་པ་ལྟ་བུའོ།། ལྷག་མ་རྣམས་ནི་རྣམ་པར་མི་རྟོག་པར་འགྲུབ་སྟེ། དེ་དག་ཀྱང་ཁམས་བཅོ་ལྔ་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཏེ། དེ་དག་ནི་རྣམ་པར་མི་རྟོག ་པར་འགྲུབ་སྟེ། དེ་དག་ཀྱང་ཁམས་བཅོ་ལྔ་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཏེ། དེ་དག་ནི་རྣམ་པར་མི་རྟོགས་པ་ཉིད།། ཁམས་བཅོ་བརྒྱད་ལས། ཟོན་པ་དུ་ཞེ་ན། ནང་གི་ལྔ་སྟེ། དེ་དག་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་ཁམས་ཏེ། དེ་དག ་ནི་ཟིན་པ་ཉིད་དོ།། གཞན་ལས་འདི་དག་གཉི་སུ་མ་བསྟན་ཏམ། བསྟན་མོད་ཀྱི་དེ་ལ་ཡང་འདས་པ་དང་། མ་འོངས་པ་ནི་ཟིན་པ་མ་ཡིན་པར་བརྗོད་དེ། དེ་ནི་མེད་པ་ཉིད།། མེད་པ་ནི་ཟིན་པ་ལམ་མ་ཟིན་པ་ཡིན་པར་བརྗོད་དུ་མི་རུང་ངོ་།། ད་ལྟར་ནི་རང ་ཡོད་པར་གནས་པ་དང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཟིན་པའི་ཕྱིར་ཟིན་པ་ཉིད་དེ། མིག་ལ་སོགས་པ་ནི་མ་ཟིན་པ་མ་ཡིནོ།། ཅི་མིག་ལ་སོགས་པ་ལྔ་པོ་ཉིད་ཟིན་པ་དྲག་གང་ཞེ་ན། མ་ཡིན་ཏེ། ཞིའི་ཕྱོགས་ཏེ། བཞི་པོ་དེ ་དག་གང་ཡིན་སྙམ་ལ་དེའི་ཕྱིར། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱིའོ་ཞེས་བྱ་བ་སྨོསོ།། དེ་ལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་ཁམས་དབང་པོ་ལས་ཐ་དད་དུ་མི་འཇུག་པ་གང་དག་ཡིན་པ་དེ་དག་དཔོང་པོ་དག་བཞིན་དུ ་ཟིན་པ་རྣམསོ།། གཞན་དག་ནི་མ་ཟིན་པ་དག་སྟེ། འདི་ལྟ་སྟེ། དྲུང་མ་གཏོགས་པའི་སྒྲ་དང་སྤུ་དང་སེན་མོ་དང་། སོ་དང་ཕྱིས་དང་གཅིན་དང་མཆིལ་མ་དང་། སྣངས་དང་ཁྲག་ལ་སོགས་པ་དང་། ས་དང་ཆུ་ལ་སོགས་པ་རྣམ་སོ།། ཟིན་པ་ཞེས་བྱ ་བའི་དོན་ཅི་ཞེ་ན། ཕན་པ་དང་། གནོད་པ་གཉིས་ཀྱིས་ཕན་ཚུན་རྗེ་སུ་འགྱུར་བའི་ཕྱིར་གང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཀྱིས་དངོས་པོར་ཟིན་པ་དང་། འཇིག་རྟེན་ན་སེམས་བཅས་པ་ཞེས་བྱ་བའོ།། ། ་ཟིན་པ་མ་ཡིན་པ་དུ་ཞེ་ན། ལྷག་མ་དགུ་དང་། བཞིའི་ཕྱོགས་ཞེས་བྱ་བ་ནི་བཤད་ཟིན་པ་རྣམས་ལས་གཞན་གང་ཡིན་པ་དེ་དག་ལྷག་མའོ།། དེའི་ཕྱིར་སེམས་ཀྱི་ཁམས་བདུན་དང་། ཆོས་ཀྱི་ཁམས་དང་། སྒྲའི་ཁོམ་སོ།། བཞིའི་ཕྱོགས་ཞེས་བྱ་བ་ནི ་གཟུགས་དང་། དྲི་དང་། རོ་དང་། རེག་པ་རྣམས་ཀྱིའོ།། དེ་ཡང་དབང་པོ་དང་། ཐ་དད་དུ་མི་འཇུག་པའི་ཆ་མ་གཏོགས་པ་དང་། དྲུང་མ་གཏོགས་པའི་སྒྲ་དང་། སྤུ་ལ་སོགས་པ་ཡོད་པའོ།། བརྟེན་པ་མ་མཚུངས་པ་དུ་ཞེ་ན། ཁམས ་བཅོ་བརྒྱད་ཀྱི་སྐབས་ཡིན་པས་དེར་སྦྱ་རོ།། ནང་གི་གཟུགས་ཅན་ལྔ་ཞེས་བྱ་བ་ནི་ནང་གི་བཅུ་གཉིས་བསྟན་པས། དེ་དག་གི་ནང་ན་གང་ཡིན་གཏོལ་མེད་པས་ལྔ་ཞེས་བྱ་བ་སྨོས་སོ།། གཟུགས་ཅན་ཞེས་བྱ་བ་དེ་དག་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ ་དང་། ལུས་ཀྱི་ཁམ་སོ།། གང་གི་བརྟེན་པ་མཚུངས་པ་དང་། རྣམ་པ་གང་གིས་བརྟེན་པ་མཚུངས་པ་ཡང་། མི་ཤེས་པས་དེའི་ཕྱིར། རང་གི་རྣམ་པར་ཤེས་པ་དག་དང་ཡུལ་ཐུན་མོང་པ་ཉིད་ཀྱི་ཕྱིརརོ་ཞེས་བྱ་བ་སྨོ་སོ།། དེ་ལ་མིག་གིས་རང་གི་རྣམ་པར ་ཤེས་པ་ནི་མིག་གྲི་རྣམ་པར་ཤེས་པ་སྟེ། རང་གི་རྣམ་པར་ཤེས་པ་དང་། མིག་རང་གི་ཡུལ་གཟུགས་སུ་མཚུངས་ཏེ། གཉི་ག་ཡང་། མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་། མཐུན་པའི་ཕྱིར་མཚུངས་པའོ།། ཐུན་མོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ ་ནི་བཟུང་བ་སྟེ། མིག་གི་རང་གི་ཡུལ་གཟུགས་དང་། བརྟེན་པ་མཚུངས་པ་ཞེས་བྱའོ།། དེ་བཞིན་དུ་རྣ་བ་ལ་སོགས་པ་ཡང་། རང་གི་ཡུལ་རྣམས་དང་། བརྟེན་པ་མཚུངས་པ་ཞེས་བརྗོད་པར་བྱའོ།། དེ་ནི་འདི་སྐད་དུ། མིག་ལ་སོགས་པ་གང་དག ་རང་གི་རྣམ་པར་ཤེས་པ་རྣམས་དང་། གནས་པ་དེ་དག་བརྟེན་པ་མཚུངས་པ་ཞེས་བསྟན་པར་འགྱུརརོ།། དེ་དག་དང་མཚུངས་པ་དུ་ཞེ་ན། མིག་ལ་སོགས་པ་དེ་དག་ཉིད་རང་གི་རྣམ་པར་ཤེས་པས་སྟོང་པ་ཉིད་དེ་དག་དང་མཚུངས་པའོ།། ཅིའི་ཕྱིར ་དེ་དག་ནི་དེ་དག་དང་མཚུངས་པ་ཞེས་བྱ་ཞེ་ན། རང་གི་རིགས་དང་མཐུན་པའི་ཕྱིརརོ་ཞེས་བྱ་བ་སྟེ། རང་གི་རྣམ་པར་ཤེས་པས་སྟོང་པའི་མིག་ལ་སོགས་པ་དེ་དག་ནི་སྨོན་པ་མཚུངས་པའི་མིག་ལ་སོགས་པ་དང་། མིག་ལ་སོགས་པ་རིས་མཐུན་པ་སྟེ། ་དེ་དག་དང་འདྲ་བའི་ཕྱིར་དེ་དག་དང་མི་ཚུངས་པ་ཞེས་བྱའོ།། དེ་དག་ནི་ཐུན་མོང་མ་ཡིན་པའི་ཕྱིར་གཅིག་གི་བརྟེན་པ་མཚུངས་པ་དང་། དེ་དག་དང་མཚུངས་པ་གང་ཡིན་པ་དེ་དག་ནི། སེམས་ཅན་ཐམས་ཅད་ཀྱི་ཡང་ཡིན་པས། འོདདི་དག ་གི་བརྟན་པ་མཚུངས་པ་དང་། དེ་དག་དང་མཚུངས་པར་ལྡན་པ་ནི་ངེས་པའོ།། གཟུགས་ལ་སོགས་པ་ནི་སོ་སོའི་རྒྱུད་ལ་བརྟེན་པ་མཚུངས་པ་དང་། དེ་དག་དང་མཚུངས་པ་ཉིད་དུ་གནས་སོ།། རྣམ ་རྣམ་པར་ཤེས་པ་ལས་བྱེད་པ་གཞན་མེད་པའི་ཕྱིར། གཞན་དག་ལ་ནི་བརྟེན་པ་མཚུངས་པ་དེ་དག། དེ་དག་དང་མཚུངས་པ་ཞེས་མ་བརྗོད་དོ།། ་ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ། སློབ་དཔོན་བློ་གྲོས་བརྟན་པ་སྒོ་མ་ཏིས་མཛད་པ། རྫོགས་སོ།། ། བཀྲ་ཤིས ་