CLOSE WINDOW

GT357: sbyin sreg gi cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཧོ་མི་བ~ཾ་དྷི། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལོ།། དཔལ་ལྡན་དགྱེས་པའི་རྡོ་རྗེ་དང་།། བདག་མེད་མ་གུས་ཕྱག་བྱས་སྟེ།། རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས།། སྦྱིན་སྲེག་ཆོ་ག་བཤད་པར་བྱ།། བདག་གཞན་ཕན ་བར་འདོད་པ་ཡིས།། རྣམ་རྟོག་ང་རྒྱལ་སོགས་སྤངས་ཏེ།། ཆོས་ཕྱིར་འབྲང་བའི་བློ་ཡིས་ནི།། སྦྱིན་སྲེག་རིམ་པ་མཉམ་པར་གྱིས།། བླ་མེད་ནང་དང་ཕྱི་རོལ་ཏེ།། སྦྱིན་སྲེག་དབྱེ་བ་རྣམ་པ་གསུམ།། ཡེ་ཤེས་མེ་ལྷ་ཕུང་པོ་སོགས།། བུད་ཤིང་བསྲེག་པ་བླ་མེད་ཡིན།། ། ་ཕྱི་རོལ་སྦྱིན་སྲེག་གིས་བསྒྲེས་ཏེ།། ཁ་ཟས་བཟའ་སོགས་ནང་གིར་བཤད།། དཀྱིལ་འཁོར་དང་ནི་ལྷ་གནས་དང་།། སྒྲུབ་པའི་དུས་སུ་སྦྱིན་སྲེག་བྱ།། སྦྱིན་སྲེག་ལས་རྣམས་མེད་པ་ལས།། དངོས་གྲུབ་འབྱུང་བར་མི་འགྱུར་ཏེ།། ལས་རྣམས་ཐམས།། ་ཅད་བསྒྲུབ་པའི་ཕྱིར།། མཁས་པས་སྦྱིན་སྲེགས་ལས་རྣམས་བརྩམས།། སྡིག་པ་འཇིག་ཕྱིར་ཞི་བ་སྟེ།། བསོད་ནམས་ཡོངས་འཛིན་རྒྱས་པ་ཡིན།། ཚོགས་པ་བསྒོམ་ཕྱིར་དབང་འགྱུར་ཏེ།། རྟོག་པ་ཟད་ཕྱིར་བསོད་པ་ཡིན།། ཉོན་མོངས་སེར་བཞི་བྱེད ་དང་། ཏིང་ངེ་འཛིན་ནི་རྒྱས་བྱེད་ཕྱིར།། རང་གི་ལྷ་ཡི་སྦྱོར་བས་བདག། ཇི་ལྟ་བར་ནི་སེམས་ཀྱིས་བྱས།། དེ་ནས་ཕྱི་ཡི་བཤད་བྱ་སྟེ།། ཐབས་དང་རྫས་ཀྱི་མཚན་ཉིད་དང་།། སྒྲུབ་པ་པོ་དང་ལྷ་དག་དང་།། སྒྲུབ་པའི་ཐབས་དང་རྣམ་ལྔར་འགྱུར།། དེ་ལ ་ཐབ་ཁུང་བཤད་པ་ནི།། སེམས་ཅན་དབྱེ་བས་མཐའ་ཡས་ཏེ།། ལས་ཀྱི་དབྱེ་བས་བཞི་རུ་འགྱུར།། རིགས་ཀྱི་དབྱེ་བས་ལྔ་རུ་འགྱུར།། ཞི་བ་ལ་ནི་ཟླུམ་པོ་སྟེ།། རྒྱས་པ་ལ་ནི་གྲུ་བཞིའོ།། དབང་ལ་གཞུ་ཡི་དབྱིབ་སུའོ།། མངོན་སྤྱོད་ལ་ནི་གྲུ་གསུམ་མོ།། ་བསྐྲད་དང་འགུག་ལའང་དེ་བཞིན་ནོ།། རྒྱ་རུ་ཁྲུ་གང་ཟབ་སུ་ནི།། མཐོ་གང་བ་ནི་ཞི་བ་ཡིན།། རྒྱ་རུ་ཁྲུ་དོ་ཟབ་སུ་ནི།། ཁྲུ་གང་པ་ནི་རྒྱས་པར་བཞེད།། རྒྱ་རུ་ཁྲུ་གང་ཟབ་སུ་ནི།། མཐོ་གང་བ་ནི་དབང་ལའོ།། རྒྱ་རུ་སེར་མོ་ཉི་ཤུ་ལ།། ཟོབ་སུ་སོར་བཅུ་མངོན་སྤྱོད ་ལ། བསྐྲད་དང་དགུགས་ལའང་དེ་བཞིན་ནོ།། ཞི་ལ་ཁ་དོག་དཀར་པོར་བྱ།། རྒྱས་པ་ལ་ནི་སེར་པོའོ།། དབང་ལ་དམར་པོར་བྱ་བའོ།། མངོན་པར་སྤྱོད་ལ་ནི་ནག་པོའོ།། དགུག་པ་ལ་ནི་དམར་པོར་བྱ།། བསྐྲད་པར་ལ་ནི་ནག་པོར ་བྱའོ།། ཞི་བ་ཁ་ཁྱེར་སོར་བཞིས་བསྐོར།། ནང་དུའང་སོར་བཞི་དོར་བར་བྱ།། རྒྱས་པ་ལ་ནི་སོར་བརྒྱད་དེ།། ནང་དུའང་དེ་བཞིན་དོར་བར་བྱ།། དབང་ལ་ཁ་ཁྱེར་སོར་བཞིས་བསྐོར།། ནང་དུའང་སོར་བཞི་དོར་བར་བྱ།། མངོན་སྤྱོད་ལ་ནི་སོར་གསུམ་སྟེ།། ་ནང་དུའང་སོར་གསུམ་དོར་བར་བྱ།། དགུག་དང་བསྐྲད་ལའང་དེ་བཞི་ནོ།། ཞི་བའི་ཐང་ཁུང་དབུས་སུ་ནི།། རྡོ་རྗེ་དང་ནི་གྲི་གུག་བྲི།། ཁ་ཁྱེར་ལ་ནི་རྡོ་རྗེས་བསྐོར།། རྒྱས་ལ་དབུས་སུ་རིན་པོ་ཆེའོ།། ཁ་ཁྱེར་ལའང་རིན་པོ་ཆེའོ།། དབང་ལ་དབུས་སུ་པདྨས ་མཚན།། ཁ་ཁྱེར་དེ་དང་འདྲ་བསོ་བསྐོར།། མངོན་སྤྱོད་ལ་ནི་རལ་གྲིའོ།། ཁ་ཁྱེར་ལའང་རལ་གྲིས་བསྐོར།། དགུག་ལ་དབུས་སུ་ལྕགས་ཀྱིས་གཞག། ཁ་ཁྱེར་དེ་དང་འདྲ་བས་བསྐོར།། བསྐྱོད་ལ་དབུས་སུ་རྡོ་རྗེ་ནི།། རྩེ་གསུམ་པ་ནི་བཞག། ་པར་བྱ།། ། ཁ་ཁྱེར་ལའང་རྩེ་གསུམ་བྲི།། དབུས་སུ་གྲི་གུག་ཀུན་ལ་མཐུན།། ཐབ་ཁུང་ནང་གི་ཕྱོགས་བཞིར་ནི།། ཁ་ཊྭཱཾ་ག་དང་བདེ་གཤེགས་ཀྱི།། ཕྱག་མཚན་ཕྱི་མ་རིམ་བཞིན་བཞག། ཐབ་ཁུང་ཀུན་ལ་ཁ་དོག་དང་།། མཐུན་པའི་དྲི་ཡིས་བྱུག་པར་བྱ།། ཞི་བ ་ཕལ་ཆེར་སྲོད་ལ་བྱ།། རྒྱས་པ་སྔ་དྲོ་བྱ་བ་ཡིན།། དབང་ནི་རྒོངས་ཀའི་དུས་སུ་བྱ།། དགུག་པ་ལ་འང་དེ་དང་འདྲ།། མངོན་སྤྱོད་ནམ་ཕྱེད་ཉིན་ཕྱེད་བྱ།། བསྐྲད་པའང་དེ་དང་འདྲ་བ་ཡི་ནོ།། ཞི་ལ་ཤར་དུ་བྱ་བར་བཤད།། རྒྱས་པ་ལྷོ་ཡི་ཕྱོགསུ་བྱ།། དབང་གི་ལས་ནི ་ནུབ་ཏུ་བྱ།། དགུག་ལའང་ནུས་བྱ་བ་ཡིན།། མངོན་སྤྱོད་བྱང་དུ་བརྩམ་པར་བྱ།། བསྐྲད་པའི་ལས་ཀྱང་དེ་དང་འདྲ།། ཚོན་གྱིས་རྗེས་མཐུན་བྲི་བ་འམ།། ཡང་ན་མེ་ཏོག་དག་ཀྱང་རུང་།། ཐབ་ཁུང་དག་ནི་དེ་ལྟར་བྱ།། རྫས་ནི་འདི་ལྟར་ཤེས་པར་བྱ།། ཞི་བ་ལ་ནི་ཏིལ ་གྱིས་སོ།། རྒྱས་པ་ལ་ནི་ཞོ་ཟན་ནོ།། དབང་དང་དགུག་ལ་ཨུཏྤ་ལ།། མངོན་སྤྱོད་ལ་ནི་ཚེར་མས་སོ།། བསྐྲད་པ་ལའང་ཚེར་མའོ།། ཀུན་ལ་མཐུན་པ་འདི་དག་སྟེ།། མཆོད་ཡོན་དང་ནི་ཞབས་བསིལ་དང་།། བསང་གཏོར་དྲི་དང་བྱུཀ་པ་དང་།། མེ་ཏོག་མར་མེ ་ཏིལ་དང་ནི།། ཡམ་ཤིང་དམར་དང་ཞོ་ཟན་དང་།། ཀུ་ཤ་དུར་བའི་མྱུ་གུ་ནས།། གྲོ་དང་འབྲུ་དང་མ་ཤ་དང་།། མ་གྲུགས་འབྲས་དང་སྟ་རྒ་དང་།། གླ་གོར་ཞོ་ཤ་ཛ་ཏི་ཕལ།། གཞན་ཡང་ཞུ་བའི་རྫས་རྣམས་དང་།། བདུད་རྩི་མེ་དང་བུད་ཤིང་ངོ་།། མངོན་སྤྱོད་ལ ་ནི་བསྒྲུབ་བྱ་ཡི།། གཟུགས་བརྙན་སྐེ་ཚེ་ལན་ཚྭ་དང་།། ཁྲག་དང་མི་རུས་ཕྱེ་མ་དང་།། དུག་དང་དཔའ་བོ་ལྔ་རྣམསོ།། ཨུ་དུམྦ་ར་ལ་སོགས་པའི།། ཡལ་ག་རྩེ་མོའི་ཆ་ལས་བྱུང་།། སྲིད་དུ་མཛུབ་གང་སྦོམས་མཐེ་བོའི།། དབངས་ཙམ་སྦྲང་རྩི་འོ་མ་དང་།། ་ཙན་དཾན་དཀར་པོའི་ཆུ་ལ་སྤངས།། རྩེ་གཅིག་ཞི་ལ་རོ་རྒྱུས་ནི།། ཡལ་ག་དབུས་ཀྱི་ཆ་ལས་བྱུང་།། སྲིད་དུ་ཁྲུ་གང་སྦོམ་སུ་ནི།། མཐེའོ་མཐེའུ་ཆུང་པར་ཁེངས་པ།། ཞོ་དང་མར་དང་སེར་པོ་དྲྀ།། དེ་ལ་སྤངས་ཏེ་རྩེ་གཅིག་པས།། དབུས་བྱ་མཁས་པས་དབང་ལ ་ནི། ཙན་དན་དམར་དང་ཡུངས་མར་ལ།། སྤངས་པ་ཚད་ནི་ཞི་དང་མཐུན།། དྲག་པོ་ལ་ནི་ཚེར་མའི་ཤིང་།། རྩ་བའི་ཆ་ལས་བྱུང་བ་ནི།། སྲིད་དུ་སོར་བཅུ་སྦོམ་སུ་ནི།། ཕྲ་དང་སྦོམ་པའང་དབུལ་བར་བྱ།། ཁྲག་དང་དུག་དང་ལན་ཚྭ་དང་།། ཚ་བའི་དྲི་ལ་སྤངས ་པའོ།། བསྐྲད་དང་དགུག་པའང་དེ་བཞིནོ།། རིང་དང་ཐུང་དང་གས་དང་ཕྲ།། སྲོག་ཆགས་བཅས་སྲོགས་སྤང་བར་བྱ།། ཨུ་དུམྦཱ་ར་ལ་སོགས་པའི།། མངར་བའི་རོ་དང་འོ་མར་བཅས།། བུས་ཤིང་ཞི་བའི་ལས་ལ་བྱ།། སྦྱར་བའི་རོར་ལྡན ་རྒྱས་པ་ལའོ།། དབང་ལ་དམར་ཞིང་ཚེར་མ་ནི།། ལྕགས་ཀྱུ་ལྟ་བུ་ཡོད་པའོ།། དགུག་པ་ལའང་དེ་བཞི་ནོ།། དྲག་པོ་ལ་ནི་ཁ་བ་དང་། ཚ་བའི་རོར་ལྡན་ཆེར་མ་བཅས།། བསྐྲད་པའང་དེ་བཞི་ནོ།། རིང་ཐུང་ཁ་དོག་ལ་སོགས་པ།། ཅི་རིགས་པས་ནི་བུད་ཤིང་བྱ།། མཆོད ་ཡོན་ལ་སོགས་སྣོད་རྣམས་ནི།། ཞི་བ་ལ་སོགས་ལས་རིམ་བཞིན།། དངུལ་དང་གསེར་དང་ཟངས་མ་དང་།། ལྕགས་ལ་སོགས་པས་བྱས་པ་ཡིན།། དགང་གཟར་བླུགས་གཟར་ཡུ་བ་ཁྲུ།། འོག་ཏུ་རྡོ་རྗེ་རིན་ཆེན་བྱ།། དེ་སྟེང་རྒྱར་ནི་སོར་བཞི་ལ།། ཟབ་སུ་སོར་གཉིས ་ནང་རྡོ་རྗེ།། སོར་བཞིའི་མཐར་ནི་རྡོ་རྗེ་སྟེ།། བར་དུ་པདྨའི་འདབ་མའི་དབྱིབས།། བླུགས་གཟར་པདྨའི་དབྱིབས་སོར་གཉིས།། ཟབ་སུ་སོར་གཅིག་ནང་རྡོ་རྗེ།། འོ་མ་ཅན་ལས་བྱུང་མེ་འམ།། རྒྱུན་བཞག་མེ་འམ་བྲམ་ཟེ་ནི།། ཐ་མལ་མེ་ནི་ཞི་བ་ལའོ།། རྒྱས་པ་ལ་ནི ་རྒྱལ་པོ་དང་།། རྒྱལ་རིགས་དང་བློན་པོ་ཡི་མེ།། ཡང་ན་དགོན་པ་ནས་བྱུང་མེའོ།། དབང་དང་དགུག་ལ་སྨད་འཚོང་ངམ།། རྗེ་རིགས་ཁྱིམ་ནས་བྱུང་མེས་བྱ།། དགུག་པ་ལ་ནི་གར་མཁན་དང་།། རིལ་མོ་པ་ལས་བྱུང་བ་འམ།། ལམ་དུ་བུས་པའི་མེས་བྱའོ།། མངོན་སྤྱད ་ལ་ནི་རྡོ་བ་དང་། གདོལ་པའི་ཁྱིམ་ནས་བྱུང་བས་བྱ།། བསྐྲད་པ་ལའང་དེ་བཞི་ནོ།། ཀུན་ལའང་དུར་ཁྲོད་མེ་དང་།། སོལ་བར་ལྡན་པས་བྱ་བའོ།། སྦྱིན་སྲེག་ཡོ་བྱད་ཐམས་ཅད་ནི།། བདག་གི་གཡསུ་དགོད་པར་བྱ།། རྡོ་རྗེ་དེ་བཞིན་དྲིལ་བུ་དང་།། མཆོད་ཡོན་སྣོད་ནི ་གཡོན་དུ་བཞག། དགང་གཟར་དང་ནི་བླུགས་གཟར་དང་།། མར་ནི་མདུན་དུ་བཞག་པར་བྱ།། མངོན་སྤྱོད་ལ་ནི་གོ་བཟློག་པའོ།། ཐམས་ཅད་ཀྱང་ནི་བསདྲཱ་ནཿབཞག། སློབ་དཔོན་དག་གམ་སྒྲུབ་པ་པོ།། མཚན་ཉིད་ཐམས་ཅད་ཡང་དག་ལྡན།། སྦྱིན་སྲེག་ལས་ལ ་མཁས་པ་ཡི།། བརྩོན་པས་སྦྱིན་སྲེག་ལས་བྱའོ།། འདིར་ནི་ལྷ་ནི་རྣམ་གསུམ་སྟེ།། སྲོག་བྱ་ལེན་དང་ལས་བྱེད་དང་།། མཆོད་པ་བྱ་བའི་མེ་ལྷ་སྟེ།། འདི་རྣམས་མཚན་ཉིད་གཞན་ནས་གསུངས།། ཐབས་ཀྱི་རིམ་པ་བཤད་པར་བྱ།། དེ་ནས་སློབ་དཔོན་དེ་ཡིས ་ནི། སྦྱིན་སྲེག་ཁང་པ་ལེགས་འདུག་ནས།། ཁྲུས་སོགས་བྱ་བ་སྔོན་བྱས་ཏེ།། སྒྲུབ་ཐབས་ལས་བྱུང་ཆོ་ག་ཡིས།། ལས་ཀྱི་རྗེ་སུ་མཐུན་པ་ཡི།། ལྷ་ཡི་ང་རྒྱལ་བསྐྱེད་ནས་ནི།། རྫས་རྣམས་ཡང་དག་བྱིན་གྱིས་བརླབས།། དང་པོར་བསང་གཏོར་སྣོད་ལ་ནི།། ་གསོང་སྔགས་འདི་ནི་བཟླས་བྱས་ཏེ།། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུ~ཾ་ཕཊ། དཾ་ཡོས་ཀུན་ལ་བསང་གཏོར་བྱ།། དེ་ནས་མཆོད་ཡོ་ན་ལ་སོགས་ལ།། རང་རང་གསང་སྔགས་བཟླས་པ་འམ།། ཡང་ན་གསང་སྔགས་འདི་བཟླས་ཏེ། ཨོཾ་ཨཱ་ཧཱུཾ། ཐམས་ཅད་དག་པར་བསམ ་བྱ་སྟེ།། གོང་ནས་འབྱུང་བའི་མོ་བླངས་ལ།། དེ་ལི་རཀྵ་སཽ་བི་སིང་གཏོར་བྱ།། ཐབས་ཏུ་འང་བསང་ཞིང་མེ་བཅུག་ལ།། གསང་སྔགས་འདི་དང་བཅས་པ་ཡི།། རླུང་ཡབ་ཀྱི་ནི་སྦར་བར་བྱ།། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཛྭཱ་ལ་ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་བགེགས་ནི་བཅིང་བྱའི ་ཕྱིར། ཀུ་ཤ་དྲུངས་ཕྱུང་སྔོ་བ་ལ།། གསང་སྔགས་འདི་ནི་བཟླས་ནས་ཀྱང་།། ཨོཾ་བཛྲ་སཏྭ་ཨཱ་ཡུ་ཥེ་སྭཱ་ཧཱ། ཤར་དང་ལྷོ་དང་ནུབ་དང་བྱང་།། དབུས་སུ་འང་ལེགས་པར་དགྲོལ་བར་བྱ།། དབུས་སུའང་ལེགས་པར་དགྲམ་པོར་བྱ།། དེ་ནས་ལེགས་སྦྱངས་གནས ་དེར་ནི།། མཾ་བཾ་ཧཱུཾ་ལས་བྱུང་བ་ཡི།། ནི་སོགས་ལས་ཀྱི་རྗེས་མཐུན་པའི།། ཐབས་ཁུང་དག་ནི་བསམ་པར་བྱའོ།། དེ་ཡི་དབུས་སུ་པདྨ་ནི།། འདབ་བརྒྱད་པ་ནི་ལེགས་དམིགས་ལ།། མངོན་པར་བྱང་ཆུབ་ལྔ་ཡིས་ནི།། རྡོ་རྗེ་སེམས་དང ་བསྐྱེད་པར་བྱ།། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི།། རྡོ་རྗེ་སེམས་དཔའ་ཡོངསུ་གྱུར་ལས།། རཾ་ལས་བྱུང་བའི་མེ་ལྷ་བསམ།། ཞི་བའི་མེ་ལྷ་བབ་ཀའོ།། རྒྱས་པ་ལ་ནི་ཡེ་ཤེས་མེ།། དབང་དང་དགུག་ལ་འདོད་པའི་མེ།། མངོན་སྤྱོད་ལས་དང་བསྐྲད་པ་ལ།། ་རླུང་གི་མེ་ནི་མཁས་པས་བསམ།། ཞལ་གསུམ་ཕྱག་དྲུག་ཁ་དོག་དཀར།། མཆོད་ཕྱིར་ཐོགས་ལ་སོགས་པས་བརྒྱན།། དང་པོས་རིག་མ་ཡང་དག་འཁྱུད།། གཡས་གཉིས་དབྱུག་ཏོ་མི་འཇིགས་པ།། གཡོན་གཉིས་བགྲང་ཕྲེང་སྤྱི་བླུགས་འཛིན།། རྒྱས་པ ་དེ་ལས་ཁ་དོག་སེར།། དབང་དང་དགུག་ལ་དམར་པོ་ལ།། གཡས་གཡོན་གཉིས་ཀྱི་བར་པ་ན།། ལྕགས་ཀྱུ་ཞགས་པ་འཛིན་པའོ།། བསད་དང་བསྐྲད་དང་ནག་པོ་ལ།། དབུ་སྐྲ་གྱེན་རྗེས་ཟ་བྱེད་ལྟ་བུ་ཡི།། གཡས་ན་རལ་གྲི་འཛིན་པའོ།། སྔགས་དང་ཕྱག་རྒྱ་སྦྱོར་བ ་ཡི། ཡེ་ཤེས་མེ་ལྷ་སྤྱན་དྲང་བྱ།། གཡས་པ་མི་འཇིགས་ཕྱག་རྒྱ་ཡི།། མཐེ་བོང་སྲིན་ལག་མཚམས་བཀུག་པའོ།། ཨོཾ་ཨགྣེ་མ་ཧཱ་ཏེ་ཛ་སརྦ་ཀཱ་མཱརྠ་སཱ་དྷ་ཀ། ཀ་རུ་ཙུཏཱི་ཏྲ་སཏྭཱརྠ། ཨསྨིནྡནྣི་ཧི་ཏོ་བྷ་བ། མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱ་དང་སྔགསོ།། བགེགས ་བསྐྲད་གསང་གཏོར་ལ་སོགས་བྱ།། ཛཿཧཱུཾ་བཾ་ཧོ། ཞེས་བརྗོད་པས། དགུག་དང་དེ་བཞིན་གཞུག་པ་དང་།། བཅིང་དང་རྗེསུ་དགྱེས་པར་བྱ། ས་ཏི་ཧཱུཾ་གཙྪ་ཧ་བྱ་བུཀཱ་གྨི་ཤ་ས~ཾ་ཛ་ཏ་ཀ་ལེ་སརྦ~ཾ་སིདྡྷི་ཀུ་རུ་ཤ་མེ། མེ་དགའ་བའི་སྔག་སོ།། དེ་ནས་གཉིས་མེད་མེ་ལྷ་ལ། ་ཐུགས་ཀའི་ས་བོན་འོད་ཟེར་གྱིས།། དེ་བཞིན་གཤེགས་པ་རྣམས་བསྐུལ་བྱས་ཏེ།། བདུད་རྩི་བུམ་པའི་ཆུ་ཡིས་ནི།། དབང་བསྐུར་བ་ནི་བྱའོ།། ཞི་བའི་མེ་ལྷ་རྣམ་སྣང་མཛད།། དབུ་རྒྱན་དུ་ནི་བྱ་བ་ཡིན།། རྒྱས་ལ་རིན་ཆེན་འབྱུང་ལྡ་ནོ།། དབང་དང་དགུག་ལ་ཚེ་དཔག་མེད ་གསོད་སོགས་ལས་ལ་མི་བསྐྱོད་པའོ།། དེ་ནས་རང་རང་སྔགས་ཀྱིས་ནི།། བསོད་གཏོར་མཆོད་ཡོན་ཞབས་བསྒྲིལ་དབུལ།། དེ་ནས་མེ་ལྷའི་ཁ་དང་ནི།། དགང་གཟར་བླུགས་གཟར་ནང་དུ་ནི།། ཡི་གེ་རཾ་ནི་ལེགས་བཀོད་དེ།། མར་གྱིས་ཡོངསུ་བཀང་བ་ཡི།། དགང་བླུགས ་བདུན་ནམ་གསུམ་འམ་གཅིག། མེ་ལྷའི་སྔགས་ཀྱི་དབུལ་བར་བྱ།། ཨོཾ་ཧེ་རུ་ཀ་ཨགྣ་ཡེ་ཨ་མོ་ཀ་སྱ་ཤནྟིཾ་ཀུ་རུ་སྭཱ་ཧཱ།། གཞན་ཡང་རང་རང་སྔགས་དང་སྦྱར།། དེ་ནས་འབར་བའི་མཚན་མ་བརྟག། ངན་ན་བསྲུང་བར་བྱ་བའོ།། དེ་ནས་ལེགས་པར་མེ་དེ་ལ།། མཆོད ་བཀུན་གྱི་རབ་ཏུ་མཆོད།། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། གསང་གཏོར་སྦྱིན་པའོ།། ཨོཾ་ཁ་རཾ་ཁཱ་ཧི་སྭཱ་ཧཱ།། མཆོད་ཡོན་གྱི་སྔགསོ།། ཨོཾ་ནི་རི་ཏི་ཧཱུཾ། ཞབས་བསིལ་གྱི་སྔགསོ།། ཨོཾ་བཛྲ་གནྡྷེ་ཧཱུཾ། དྲིའི་སྔགསོ།། ཨོཾ་བཛྲ་པུཥྤེ་ཧཱུཾ། མེ་ཏོག་གི་སྔགསོ།། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ་དདུགས་སྤོས་ཀྱི་སྔགསོ།། ཨོཾ་བཛྲ་དཱི་བ~ཾ་ཧཱུ~ཾ། མར་མེའི་སྔག་སོ།། ཨོཾ་བཛྲ་ནཱཾ་བཾ་དྱ་ཧཱུཾ། ལྷ་བཤོས་ཀྱི་སྔགསོ།། དེ་ནས་སྒྲ་དང་རོལ་མོ་རྣམས།། ཕུལ་ལ་རྫས་རྣམས་རིམ་བཞིན་དུ།། གསང་གཏོར་མཆོད་ཡོན་ལ་སོགས་པ།། སོ་སོའི་སྔགས་ཀྱི་དབུལ་བར་བྱ།། ་དྲིལ་པོ་རོལ་མོའི་སྒྲ་རྣམས་དང་།། བསྟོད་པའང་སྔ་མ་བཞིན་དུ་བྱ།། བདུད་རྩི་མྱང་བའང་བྱས་ནས་ནི།། ཡེ་ཤེས་མེ་ལྷ་གཤེགསུ་གསོལ།། ཨོཾ་ཨགྣ་ཡེ་ཡ་ཧི་ཡ་ཏི་སྭ་སརྦ་ཙེ་བཱ་པ་རཱནྱཾ་ཙ་ས་ཏི་ཧཾ་གཙྪ་ཧ་བྱ་བུ་ཀ། སྤྱན་དྲངས་པ་ཡི་ཆོ་ག་ལས།། མཐེ་བོང ་ཕྱིར་བསྐྱེད་སླར་གཤེགས་པའོ།། སླར་གཤེགས་པའི་སྔགས་དང་ཕྱག་རྒྱའོ།། དེ་ནས་དམ་ཚིག་མེ་ལྷ་ནི།། མཾ་ཡི་གཟུགསུ་གྱུར་པར་རྟག། དགེ་བའི་རྩ་བ་བསྔོ་བྱ་སྟེ།། ཅི་བདེ་བར་ནི་གནས་པར་བྱའོ།། མཁའ་ལས་ཆར་པ་བབ ་པབ་ཡིས།། རྡོ་རྗེའི་སྟེང་ནས་རྩ་སྐྱེས་ལྷོར།། སློབ་དཔོན་བདག་གིས་བྱིན་གྱིས་རླབས།། རྟོག་གེ་བདག་གིས་བྱས་པའོ།། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་མཚོ་སྐྱེ་རྡོ་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ས་མ་ཡ་པཉྩ། བོད་སྐད་དུ། དམ ་