| Wylie | e-texts produced with BDRC’s OCR application |
རྒྱ་གར་སྦྱང་དུ། བྷཱུ་ཐཱ་ཡུཀྟི། བོད་སྐད་དུ། རྣམ་པར་བཤད་པའི་རིགས་པ། བམ་པོ་དང་པོ།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བློ་ལྡན་རྣམས་ཀྱི་སྤྱི་ལ་བཞུགས།། གཏི་མུག ་གཉིད་གཉིས་ཟད་ཕྱིར་དང་། བློ་རྒྱས་ཕྱིར་ནས་སངས་རྒྱས་པ།། ཐུབ་ལ་སྤྱི་བོས་ཕྱག་འཚལ་ཏེ།། གང་དག་བདག་པས་བློ་ཆུང་བ།། མདོ་རྣམས་འཆད་འདོད་དེ་དག་ལ།། དེ་ལ་ཕན་པར་བྱ་བའི་ཕྱིར།། མན་ངག་ཅུང་ཟད་བསྟན ་པར་བྱ།། མདོ་རྣམ་པར་འཆད་པར་འདོད་པས་ཐོག་མ་ཁོ་ནར་ཐོས་པ་མང་བ་དང་། ཐོས་པའི་གཞི་ཅན་དང་། ཐོས་པ་བསག་པར་བྱའོ།། ཇི་ལྟར་ན་ཐོས་པ་མང་བ་དང་། ཐོས་པའི་གཞི་ཅན་དང་། ཐོས་པ་བསགས་པ་ཡིན་ཞེ་ན། ་ཆོས་གང་དག་ཐོག་མར་དགེ་བ་ཞེས་བྱ་བ་མདོ་ལས་རྒྱ་ཆེར་ཇི་སྐད་བསྟན་པ་ལྟ་བུའོ།། དེ་ལ་ཆོས་ནི་མདོ་ལ་སོགས་པ་སྟེ། རིགས་པ་སྟོན་པའི་དོན་དང་། དོན་ཕྱིན་ཅི་མ་ལོག་པར་ངེས་པར་འཛིན་པའི་དོན་གྱིས་སོ།། ཚངས་པར ་སྤྱོད་པ་ནི་མྱ་ངན་ལས་འདས་པའི་ལམ་ཡིན་ནོ།། མྱ་ངན་ལས་འདས་པ་ནི་མཆོག་ཏུ་གཙོ་བོ་ཡིན་པའི་དོན་གྱིས་ཚངས་པ་ཡིན་ཏེ། ཞི་བ་དང་བསིལ་བར་གྱུར་པ་དང་ཚངས་པར་གྱུར་པ་ཞེས་གསུངས་པའི་ཕྱིར་རོ།། དེར་གང་གིས ་སྤྱོད་པར་བྱེད་པ་དང་། འགྲོ་བར་བྱེད་པ་དང་། ཐོབ་པར་བྱེད་པ་དེ་ནི་ཚངས་པར་སྤྱོད་པ་ཡིན་ཏེ། འདིས་མྱོས་པར་འགྱུར་བས་ཆང་ཞེས་བྱ་བ་བཞིན་ནོ།། དེའི་ཐོག་མ་དང་བར་དང་ཐ་མ་དག་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས ་རབ་ཀྱི་ཕུང་པོ་དག་ཡིན་ཏེ། འདི་ལྟར་འོད་སྲུངས་པའི་སྡེ་པ་དག་གི་མདོ་ལས། དགེ་སློང་དག་ཁྱེད་ལ་ངས་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་དག་བསྟན་པ་ཡིན་ཏེ། ཚངས་པར་སྤྱོད ་པའི་ཐོག་མ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་ཞེས་རྒྱ་ཆེར་འབྱུང་བ་དང་། ཚངས་པར་སྤྱོད་པའི་བར་གྲོང་ཞེ་ན། འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ནས་རྒྱས་པར་བསམ་གཏན་བཞི་པའི་བར་དུ་རྫོགས་པར ་བྱས་ཏེ་གནས་པ་ཡིན་ནོ་ཞེས་འབྱུང་བ་དང་ཚངས་པའི་སྤྱོད་པའི་ཐ་མ་གང་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནས། རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་ལོ ་སྙམ་དུ་ཡེ་ཤེས་མཐོང་བ་འབྱུང་བ་ཡིན་ནོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བ་ཡིན་ནོ།། དགེ་བ་ཡང་ཡོངས་སུ་ཉམ་པ་མེད་པས་མི་བསླུ་བའི་ཕྱིར་རོ།། དོན་བཟང་པོ་ཚིག་འབྲུ་བཟང་པོ་ནི་གོ་རིམས་བཞིན་དུ་ཕྱིན་ཅི་མ་ལོག་པ་དང ་གོ་བར་བྱེད་པ་གཉིས་ཀྱིས་བརྗོད་པར་བྱ་བ་དང་། བརྗོད་པ་ཕུན་སུམ་ཚོགས་པའི་ཕྱིར་རོ།། མ་འདྲེས་པ་ལ་སོགས་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་དང་། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོའི་ཕྱིར་དང་། ངོ་བོ་ཉིད་དང་རྒྱུད་རྣམ ་པར་གྲོལ་བ་གཉིས་ཀྱིས་རྣམ་པར་གྲོལ་བའི་ཕྱིར་ཏེ། གོ་རིམས་བཞིན་ནོ།། གཞན་ཡང་ཐོག་མ་དང་བར་དང་། ཐ་མར་དགེ་བ་ནི་དོན་བཟང་པོ་དང་ཚིག་འབྲུ་བཟང་པོ་དང་མ་འདྲེས་པ་ལ་སོགས་པ་ཡིན་པའི་ཕྱིར་རོ།། གཞན་ཡང ་ཕྱི་རོལ་པའི་ཆོས་ཀྱི་གཉེན་པོར་འདི་པའི་ཆོས་རྣམས་ཀྱི་ཆེ་བའི་བདག་ཉིད་ཡོངས་སུ་བསྟན་པ་ཡིན་ཏེ། ཕྱི་རོལ་པ་དག་གི་ཆོས་རྣམས་ནི་ཐོག་མ་དང་བར་དང་ཐ་མ་དག་ཏུ་ཚངས་པར་སྤྱོད་པ་རབ་ཏུ་མི་སྟོན་ཏེ། ཕྱི་འགྲེལ་བའི་ཕྱིར་རོ།། ་དགེ་བ་ཡང་མ་ཡིན་ནོ།། དོན་དང་ཚིག་འབྲུ་སྐྱོན་དང་ལྡན་པའི་ཕྱིར་རོ།། མ་འདྲེས་པ་ཡང་མ་ཡིན་ཏེ། གཞན་དང་ཐུན་མོང་ཡིན་པའི་ཕྱིར་རོ།། ཡོངས་སུ་རྫོགས་པ་ཡང་མ་ཡིན་ཏེ། ཉི་ཚེའི་གཉེན་པོ་ཡིན་པའི་ཕྱིར་རོ།། ཡོངས ་སུ་དག་པ་ཡང་མ་ཡིན་ཏེ། རང་གིས་བྱའི་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་རྟེན་དུ་གྱུར་པའི་ཕྱིར་རོ།། ཡོངས་སུ་བྱང་བ་ཡང་མ་ཡིན་ཏེ། ས་གཞན་པའི་ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པའི་ཕྱིར་རོ།། འོད་བའི་ཆོས་རྣཾས ་ནི་དེ་ལས་བཟློག་པ་ཡིན་ནོ།། ཁ་ཅིག་ནི་དོན་དང་ལྡན་པ་དང་། ཚིག་འབྲུ་དང་ལྡན་པ་ཞེས་འདོན་ཏེ། དེ་ལས་ནི་དོན་དང་བཅས་པ་དང་། ཚིག་འབྲུ་དང་བཅས་པ་དང་དགེ་བ་ཡིན་པར་སྟོན་ཏོ།། མངོན་པར་བརྗོད་པས་མངོན་པར་རྗོད ་པར་བྱེད་པ་ཞེས་པ་ནི་རྟོགས་པར་བྱེད་པ་ཡིན་ཏེ། འདི་དག་གིས་ནི་བཤང་བའི་ཆོས་བསྟན་པ་ཡིན་ནོ།། དེ་ཀུན་ནས་སློང་བར་བྱེད་པའི་ཆོས་རྣམས་ནི་ངག་གི་རང་བཞིན་མ་ཡིན་པའི་ཕྱིར་རང་གིས་དོན་གོ་བར་བྱེད་མི་ནུས་ཀྱི་རྒྱུད་པས ་གོ་བར་བྱེད་དོ།། གཞན་ཡང་གང་དག་དེའི་རང་བཞིན་ཡིན་པའི་ཕྱིར་མངོན་པར་བརྗོད་པས་མངོན་པར་བརྗོད་པ་ཡིན་གྱི། ཡི་གེ་བསྒྱུར་ཏེ། རྣམ་པར་བཤད་པས་མངོན་པར་བརྗོད་པསོ་ནི་མ་ཡིན་ཏེ། ཧ་ཅང་ཡོང་ཐལ་བར་གྱུར་ན་མི ་རུང་བའི་ཕྱིར་རོ།། གང་དག་མངོན་པར་བརྗོད་པ་ན་མངོན་པར་རྗོད་པར་བྱེད་པ་ཞེས་དེ་སྐད་དུ་འདོན་པ་དེའི་དོན་ནི་ཚིག་གི་དོན་གྲགས་པས་བདག་ཉིད་བརྗོད་པ་ན་ཡིན་གྱི། ཡི་གེ་བསྒྱུར་ཏེ་རྣམ་པར་བཤད་པས་མངོན ་བརྗོད་པ་ན་ནི་མ་ཡིན་ཏེ། ཇི་ལྟར་བདུད་ཀྱིས་སྨྲས་པའི་ཚིགས་སུ་བཅད་པ་ལས། མི་རྣམས་ཚེ་ནི་རིང་བ་སྟེ།། སྐྱེས་བུ་དམ་པ་སླ་མི་བྱེད། འདིར་ནི་འཆི་བདག་འོང་བ་མེད།། འཕྱར་བ་དང་ནི་བག་མེད་སྤྱོད་ཅེས་བྱ་བ། མི་རྣམས་ཚེ་ནི ་མི་རིང་བས།། སྐྱེས་བུ་དམ་པ་རྣམས་ལ་བསྐུ།། འདིར་ནི་འཆི་བདག་འོང་ཡོད་པས།། འཕྱར་དང་བཀྲུ་མེད་སྤྱད་མི་བྱ་ཞེས་ཡི་གེ་རྣམས་བསྒྱུར་ནས་རྣམ་པ་གཞན་དུ་རྣམ་པར་བཤོད་པར་ནུས་པ་ལྟ་བུའི་བྱ་བ་འདི་ཡིན་ཏོ།། གཞན ་ཡངས་ཚངས་པོར་སྤྱོད་པ་མངོན་པར་བརྗོད་པ་ན་མངོན་པར་རྗོད་པར་བྱེད་པ་ཞེས་བྱ་བ་ནི་གཞན་མ་ཡིན་པར་བརྗོད་པ་ཉིད་དུ་བསྟན་པ་ཡིན་ནོ།། ཐོས་པ་ཞེས་བྱ་བ་ནས། མཐོང་བསྲ་ཤིན་དུ་རྟོགས་པ་ཡིན་ནོ་ཞེས་བྱ་བའི་བཱར་ནི་ཉན ་པ་དང་། འཛིན་པ་དང་། འཇུག་པར་བྱེད་པ་དང་། དོན་སེམས་པ་དང་། དེ་དམིགས་ཀྱིས་ཕྱེད་པའི་སྒོ་ནས་ནི་གོ་རིམས་བཞིན་ནོ།། དེ་ལ་གཉིས་ཀྱིས་ནི་མང་དུ་ཐོས་པ་དང་། ཐོས་པའི་གཞི་ཅན་ཡིན་ནོ།། ལྕུག་མ་རྣམས་ཀྱི་ནི་ཐོས་བྱ ་བསགས་པ་ཡིན་ཏེ། བརྟན་པར་བྱེད་པའི་ཕྱིར་རོ།། ལུང་ལས་ནི་བསྟན་པར་འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། སེམས་དང་བ་དང་ལྡན་པ་དང་། གཙུག་ལག་ཉིད་དུ་དམིགས་ཀྱིས་ཕྱེད་པའོ་སྒོ་ནས་ཐོས་པ་ནས་མཐོང ་བས་ཤིན་ཏུ་རྟོགས་པའི་བར་ཡིན་ནོ་ཞེས་འབྱུང་ངོ་།། བཤད་པ་འདི་ནི་གང་ལས་ཇི་ལྟར་ན་མང་དུ་ཐོས་པ་ལ་སོགས་པ་ཡིན་པ་དེ་ཡོངས་སུ་སྟོན་པ་ཡིན་པར་རིག་པར་བྱའོ།། དེ་ལྟ་བུར་གྱུར་པ་དེས་ཇི་ལྟར་མདོ་སྡེ་རྣམ་པར་བཤད ་པར་བྱ་ཞེ་ན། རྣམ་པ་ལྔ་དག་གིས་ཏེ། མདོ་སྡེའི་དགོས་པ་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དང་། མཚམས་སྦྱར་བ་དང་། བརྒལ་བ་དང་ལན་གཉིས་བརྗོད་པར་བྱའོ།། འདིར་སྨྲས་པ། མདོ་དོན་སྨྲ་བ་དགེ་གིས་ནི། དགོས ་པ་བསྡུས་པའི་དོན་བཅས་དང་།། ཚིག་དོན་བཅས་དང་མཚམས་སྦྱོར་བཅས།། བརྒལ་ལན་བཅས་པར་བསྙད་པར་བྱ།། བོ་རྒལ་བ་དང་ལན་གཉིས་གཅིག་ཏུ་བྱ་བ་ནི་བརྒལ་བའི་ལན་གདབ་པའི་དོན་གྱི་ཕྱིར་རོ།། ཅིའི་ཕྱིར་འདི་དག་བརྗོད ་པར་བྱ་ཞེ་ན། མདོ་སྡེའི་དོན་བཅས་ཀྱི་ཆེ་བ་ཉིད་ཐོས་ན་ཉན་པ་དང་འཛིན་པ་ལ་འབད་པར་བྱེད་པས་དགོས་པ་བརྗོད་པར་བྱའོ།། དགོས་པ་དེའང་མདོ་སྡེའི་བསྡུས་པའི་དོན་ལས་རྟོགས་པར་འགྱུར་རོ།། བསྡུས་པའི་དོན་ཡང་། ཚིག ་གི་དོན་ལས་སོ།། ཚིག་གི་དོན་གྱི་གོ་རིམས་མི་འགལ་བ་ནི་མཚམས་སྦྱར་བ་ལས་སོ།། རིགས་པ་དང་མི་འགལ་བ་དང་། སྔ་ཕྱི་མི་འགལ་བ་ནི་བརྒལ་བ་དང་ལྡན་ལས་ཡིན་པས་ན་བསྡུས་པའི་དོན་ལ་སྩོགས་པ་ཡང་བརྗོད་པར ་བྱའོ།། འདི་ལྟར་སྨྲས་པ། མདོ་དོན་ཆེ་བ་ཉིད་ཐོས་ན།། ཉན་པ་དང་ནི་འཛིན་པ་ལ།། ཉན་པ་པོ་ནི་གུས་བྱེད་པས།། ཐོག་མར་དགོས་པ་བརྗོད་པར་བྱ།། དེ་འགྲུབ་དེ་ནི་བསྡུས་དོན་ལས།། བསྡུས་པའི་དོན་ནི་ཚིག་དོན་ལས།། གོ་རིམས། ་རིགས་པ་སྔ་ཕྱི་དག། མི་འགལ་བ་ནི་གཉིས་ལས་སོ།། གཞན་ཡང་དགོས་པ་བརྗོད་པ་ལས་ན་མདོ་སྡེའི་འབྲས་བུ་ཕུན་སུམ་སོགས་པ་ཤེས་པར་འགྱུར་ཞིང་། བསྡུས་པའི་དོན་བརྗོད་པ་ལས་ནི་དོན་གྱི་དབང་དུ་བྱས ་པ་ཡིན་ལ། ཚིག་གི་དོན་བརྗོད་པ་ལས་ནི་བསྡུས་པའི་དོན་དང་། ཆོས་ཀྱི་མཚན་ཉིད་དང་། དགོངས་པའི་མཚན་ཉིད་ཡིན་ལ། མཚམས་སྦྱར་བ་བརྗོད་པ་ལས་ནི་ཚིག་རྣམས་ཀྱི་གོ་རིམས་འབྲེལ་པའོ།། བརྒལ་བ་དང་ལན་བརྗོད་པ ་ལས་ནི་རིགས་པ་དང་སྔ་ཕྱི་མི་འགལ་བའོ།། འདིར་སྨྲས་པ། ལྔ་པོ་བསྟན་པ་བྱས་པ་ལས། འབྲས་བུ་ཕུན་སུམ་དབང་བྱས་དང་།། དེ་བཞིན་བསྡུས་དོན་ལ་སོགས་གསུམ།། འབྲེལ་དང་མི་འགལ་ཤེས་པར་འགྱུར།། དེ་ལ ་ཆོས་ཀྱི་མཚན་ཉིད་ནི་ཇི་ལྟར་གཟུགས་ནི་མི་རྟག་པའོ་ཞེས་བྱ་བ་ལྟ་བུའོ།། ཚིག་འདི་ཡི་རང་དང་སྤྱིའི་མཚན་ཉིད་ཀྱི་དོན་བསྟན་པ་ན་དགོངས་པའི་མཚན་ཉིད་ནི་ཇི་ལྟར་མི་རྟག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བའོ།། ཞེས་བྱ་བ་ལྟ ་བུ་སྟེ། ཟག་པ་དང་བཅས་པ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལ་དགོངས་པ་ཡིན་ནོ།། དེ་བཞིན་དུ་རྙེད་པ་དང་བཀུར་སྟིས་ནཱི་པགས་པ་ནས་རྐང་གི་བར་དུ་འཆད་དོ་ཞེས་བྱ་བ་ལྟ་བུ་ནི་འདྲིར་དབང་པོ་ལྔ་པོ་དག་ཏུ་དགོངས་པ་སྟེ། དང ་པ་ལ་སོགས་པ་ནི་པགས་པ་ལ་སོགས་པ་བཞིན་དུ་འོག་མ་འོག་མ་ནང་དུ་གྱུར་པའི་ཕྱིར་དང་། གཅེས་རིམས་ཡིན་པའི་ཕྱིར་རོ།། ལུང་ལས་ཀྱང་དང་པ་ཙམ་ནི་བགོས་པ་ལྟ་བུ་ཡིན་ཏེ། སྲབ་པའི་ཕྱིར་རོ།། བརྩོན་འགྲུས་ནི་ཤ ་ལྟ་བུ་ཡིན་ཏེ། རྟག་ཏུ་རྩོམ་པས་སྡུག་པའི་ཕྱིར་རོ།། དྲན་པ་ནི་རྒྱུས་པ་ལྟ་བུ་ཡིན་ཏེ། ཐོས་པ་དང་བསམས་པའི་དོན་འབྲེལ་པར་བྱེད་པའི་ཕྱིར་རོ།། ཏིང་ངེ་འཛིན་ནི་རུས་པ་ལྟ་བུ་ཡིན་ཏེ། རྟོག་པ་ངན་པས་ཕྱེད་པར་དཀའ་བའི་ཕྱིར་རོ།། ་ཤེས་རབ་ནི་རྐང་ལྟ་བུ་ཡིན་ཏེ། མཉམ་པར་བཞག་པའི་སེམས་ལ་གནས་པའི་ཕྱིར་རོ་ཞེས་འབྱུང་ངོ་།། དེ་ལ་མདོ་སྡེའི་དགོས་པ་ནི་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། ཀུན་ཏུ་རྨོངས་པ་རྣམས་ལ་ཡང་དག་པར་བསྟན་པ་དང་། ་བག་མེད་པ་རྣམས་ལ་ཡང་དག་པར་ལེན་དུ་གཞུག་པ་དང་། ཀུན་ཏུ་ཞུམ་པ་རྣམས་ལ་ཡང་དག་པར་གཟེང་བསྟོད་པ་དང་། ཡང་དག་པར་ཞུགས་པ་རྣམས་ལོ་ཡང་དག་པར་དགའ་བར་བྱ་སྟེ། ཇི་ལྟར་རིགས་པར་ཁ་ཅིག་ཏུ ་ནི་གཅིག་ཡིན་པ་ནཱས། ཁ་ཅིག་ཏུ་ནི་བཞི་ཡིན་པའི་བར་དུ་སྦྱར་བར་བྱའོ།། དེའི་ཕྱིར་དེ་དང་དེ་ལས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་ལེན་དུ་འཇུག་པར་མཛད། ཡང་དག་པར་གཟེང་བསྟོད་པར་མཛད། ཡང་དག་པར་དགའ་བ་མཛད་ཅེས་བྱ་བ་སྨོས།། ་གང་ཟག་ཁ་ཅིག་ཅིག་པུ་ཡིན་ཡང་དོན་ཁ་ཅིག་ལ་ཀུན་ཏུ་རྨོངས་ལ། ཁ་ཅིག་ལྀ་ཞེས་བྱ་བ་ནས་ཡང་དག་པར་ཞུགས་པའི་བར་དུ་ཡིན་པས་གཅིག་ལ་ཡང་བཞི་འཐང་ངོ་།། དེ་ལ་ཀུན་ཏུ་རྨོངས་པ་རྣམས་ན་མི་ཤེས་པ་དང་ཐེ ་ཚེམ་དང་ལོག་པར་ཤེས་པ་དང་ལྡན་པའི་ཕྱིར་རོ།། བག་མེད་པ་རྣམས་ནི་ལེ་ལོ་དང་འདུན་པ་མེད་པ་དང་གཡེན་སྤྲོ་བ་དང་ལྡན་པའི་ཕྱིར་རོ།། ཀུན་ཏུ་ཞུམ་པ་རྣམས་ནི་དམན་པ་ལ་མོས་པ་དང་བདག་ཉིད་མི་ནུས་པར་སེམས ་པ་དང་འགྱོད་པ་དང་བྱ་བ་མང་པོས་འཇིགས་པ་དང་ལྡན་པའི་ཕྱིར་རོ།། ཡང་དག་པར་ཞུགས་པ་རྣམས་ནི་བྱིན་ཙ་མཱ་ལོག་པ་དང་མཉམ་པ་དང་ཆོག་མ་ཤེས་པའི་བརྩོན་འགྲུས་བསྒྲུབ་པ་དང་ལྡན་པར ་ཕྱིར་རོ།། ནག་པོའི་ཕྱོགས་ལས་འདུན་པོ་བཟློག་པ་ཡང་དགོས་པ་ཡིན་ནོ།། ཡོད་ན་དེ་ཡང་ཡང་དག་པར་ལེན་དུ་འཇུག་པ་ཉིད་ཡིན་ཏེ། དེ་བཟློག་པ་ལ་འཛུད་པའི་ཕྱིར་རོ།། ཡང་དག་པར་བསྟན་པ་ལ་སོགས་པ་དེ ་དག་ཀྱང་ཡོན་ཏན་གྱི་ཁྱད་པར་གྱི་དོན་ནམ། ཡོངས་སུ་སྤོང་བར་བྱེད་པའི་དོན་ནམ། རྟེན་པར་བྱེད་པའི་དོན་ནམ། སྐྱེ་བོའི་དོན་ནམ། དད་པའི་དོན་ནམ། དེ་ལྟ་བུ་ལ་སོགས་པ་ཡིན་པར་ཅི་རིགས་པར་རིག་པར་བྱའོ།། མདོ ་ལས་མ་དད་པ་གཉིས་ནི་དད་པ་ཕུན་སུམ་ཚོགས་པ་ལ་ཡང་དག་པོར་ལེན་དུ་འཇུག་འདུལ་བར་བྱེད། འཛུད་པར་བྱེད། རབ་ཏུ་འཇོག་པར་བྱེད་ཅེས་འབྱུང་བ་གང་ཡིན་པ་དེ་ཅི་དོན་གཅིག་པ་ཞིག་ཡིན་ནམ་འོན་ཏེ་ཐ་དད་པ ་ཡིན། དེ་ལས་ཅིར་འགྱུར། གལ་ཏེ་དོན་གཅིག་པ་ཞིག་ཡིན་ན་ནི་དོན་ཟློས་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ།། འོན་ཏེ་དོན་པོ་དད་པ་ཞིག་ཡིན་ན་ནཱི་ཛཱ་ལྟར་ན་ཡང་དག་པར་བསྟན་པ་ལ་སོགས་པ་ཁོ་ན་མདོ་སྡེའི་དགོས་པ་རྟག་ཏུ་འགྱུར ་ཞེ་ན། རེ་ཞིག་དོན་གཅིག་པ་ཞིག་ཡིན་མོང་དོན་ཟློས་ན་སྐྱོན་ཅིར་འགྱུར།། དོན་མེད་པར་འགྱུར་ཏེ། ཚིག་འཇུག་པ་དོན་མེད་པ་ཡིན་ན་ནི་ཅིའི་ཕྱིར་བཟློག་པར་འགྱུར་ལ། ཅིའི་ཕྱིར་རྣམ་གྲངས་རྣམས་ཀྱི་བསྟན་གྱི་དེ ་ཉིད་ཀྱིས་མ་ཡིན་ཞེ་ན། གལ་ཏེ་སངས་རྒྱས་རྣམས་ཀྱི་རྣམ་གྲངས་གསུངས་པ་དགོས་པ་མེད་པ་ཞིག་ཡིན་ནུ་ནི་སྐྱོན་དེར་འགྱུར་རོ།། འདིར་དགོས་པ་གང་ཡིན་ཞེ་ན། དགོས་པ་དག་ནི་བརྒྱད་དེ་རྣམ་གྲངས་གསུངས་པ་ནི ་འདུལ་བ་ཐ་དད་པའི་ཕྱིར་ཏེ། དེའི་ཚེ་དང་ཕྱི་མའི་ཚེ་ཁ་ཅིག་ལ་ལས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། དེའི་ཚེ་རྣམ་པར་གཡེངས་པ་རྣམས་ལ་བརྗོད་པ་དེ་ཉིད་ཀྱིས་ནི་གཞན་དག་གི་སྨད་པར་འགྱུར་བས་རྣམ་གྲངས ་ཀྱིས་དེའི་དོན་བསྟན་པར་བྱ་བའི་ཕྱིར་དང་། ཡིད་མི་གཞུངས་པ་རྣམ་པ་ལ་ཡང་དང་ཡང་དུ་དེའི་དོན་ཡང་དག་པར་མཚོན་པས་མི་བརྗེད་པར་བྱ་བའི་ཕྱིར་དང་། ཚིག་གཅིག་ལ་དོན་དུ་མ་བྱུང་བས་དོན་གཞན་དུ་རྟོག་པ་བསལ ་བའི་ཕྱིར་དང་། གཞན་དུ་མཽང་དེ་རྣམས་ཀྱིས་དེའི་དོན་ཡང་དག་པར་བསྒྲུབ་པའི་ཕྱིར་སྒྲ་ངེས་པར་སྦྱོར་བ་ལྟ་བུ་དང་། ཆོས་སྒྲོགས་པ་རྣམས་དོན་གྱི་བཤད་སྦྱར་དང་གོ་བར་བྱེད་པ་གཉིས་ལ་ཐབས་མཁས་པ་ཉིད་དུ་བསྒྲུབ ་པའི་ཕྱིར་དང་། ཉིད་ལ་ཆོས་སོ་སོ་ཡང་དག་པར་རིག་པ་མངའ་བར་བསྟེན་པའི་ཕྱིར་དང་། གཞན་དག་ལ་དེའི་ས་བོན་བསྐྱེད་པའི་ཕྱིར་ཏེ། རྣམ་པར་བཤད་པ་བྱེད་པ་ཐམས་ཅད་ཀྱང་རྣམ་གྲངས་བཤད་པ་དག་གི་སློབ་མ། ་རྣམས་ལ་གོ་བ་བྱེད་པས་ན་དེ་ལྟ་བུའི་རང་བཞིན་ཅན་ལ་ཟློས་པའི་སྐྱོན་དུ་མི་འགྱུར་རོ།། ཡང་ན་དོན་ཐ་དད་པ་ཡིན་དུ་ཆུག་སྟེ། འདི་ལྟར་བྱོས་ཤིག་ཅེས་བྱ་བ་ནི་ཡང་དག་པར་ལེན་དུ་འཇུག་པའོ།། འདུལ་བར་བྱེད་པ ་ཉིད་དུ་སྒྲུབ་པའི་ཕྱིར་རོ།། འཛུད་པར་བྱེད་པ་ནི་སྒྲུབ་པ་ལ་འཇོག་པར་བྱེད་པའི་ཕྱིར་རོ།། རབ་ཏུ་འཇོག་པར་བྱེད་པ་ནི་མི་འཕྲོགས་པ་ཉིད་ཀྱིས་རྣམ་པར་མི་གཡོས་པར་བྱ་བའི་ཕྱིར་རོ།། རྣམ་གྲངས་གཞན ་ཡང་འདུལ་བར་བྱེད་པ་ནི་བགེགས་སེལ་བའི་ཕྱིར་རོ།། དེ་ལྟ་ན་མདོ་སྡེ་ལས་དགོས་པ་མང་པོ་མི་འབྱུང་ཞེ་ན། མི་འབྱུང་སྟེ། འདུལ་བར་བྱེད་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་ནི་ཉེ་བར་འདུན་པར་བྱེད་པ་ཡིན་པའི་ཕྱིར ་རོ།། འོ་ནི་རྣམ་གྲོངས་ཀྱི་ཉེ་བར་འདུན་པར་བྱེད་པ་འམ། འདུན་པ་ཟློག་པར་བྱེད་པ་འདི་ལྟ་སྟེ། སྦྱོར་བར་བྱ་བ་ནི་རིགས་སོ།། བག་ཡོད་པར་བྱ་བ་ནི་རིགས་སོ།། སྟོན་པའི་བསྟན་པ་ལ་རྣལ་འབྱོར་དུ་བྱ་བ་ནི་རིགས་སོ་ཞེས་བྱ་བ ་དང་། ཀུན་དགའ་བོ་དགེ་སློང་འདུ་འཛི་ལ་ཀུན་དགའ་བ་དང་། འདུ་འཛི་ལ་ཀུན་དགའ་བའི་སྦྱོར་བ་དང་མངོན་པར་བརྩོན་ཞིང་གནས་པ་ནི་ལེགས་པ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་ཇི་ལྟ་བུ་ཞེ་ནཱ། དེ་དག་ཀྱང་གདུལ་བ་བགོ་མེད ་པའི་རང་བཞིན་ཅན་གྱི་དབང་དུ་མཛད་ནས་ནི་ཡང་དག་པར་ལེན་དུ་འཇུག་པ་ཡིན་ནོ།། ཀུན་ཏུ་རྨོངས་པའི་དབང་དུ་མཛད་ནས་ནི་ཡང་དག་པར་བསྟན་པ་ཡིན་ཏེ། རིགས་པ་དང་རིགས་པ་མ་ཡིན་པ་ཉིད་གཉིས་ཡང་དག་པར ་སྟོན་པའི་ཕྱིར་རོ།། དེ་ལ་མདོ་སྡེའི་དུམ་བུ་དང་པོ་འདི་ནི་གང་ལ་བརྟེན་ནས་གང་བྱ་བ་དེ་ལ་ཉེ་བར་འདུན་པར་བྱེད་པ་ཡིན་ཏེ། ཅི་ལ་བརྟེན་ནས་ཞེ་ན། བརྩོན་འགྲུས་བརྩམས་པ་ལའོ།། ཅི་ཞིག་བྱ་ཞེ་ན། མི་མཐུན་པའི་ཕྱོགས ་སྤང་བ་དང་། གཉེན་པོའི་ཕྱོགས་བསྟེན་པར་བྱའོ།། གཞན་ཡང་གདུལ་བ་ལེ་ལོ་ཅན་གྱི་དབང་དང་། བརྙེད་པ་དང་བཀུར་སྟིའི་དོན་དུ་ཐོས་པ་དང་། བསམ་པ་ལ་བརྩོན་པ་དང་། ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པའི་རང་བཞིན་ཅན ་ལས་བརྩམས་ནས་ཉེ་བར་འདུན་པར་བྱེད་པ་འདི་ཡིན་པར་རིག་པར་བྱའོ།། གཞན་ཡང་ཏིང་ངེ་འཛིན་དང་དེ་ལ་རོ་མྱང་བ་མེད་པ་དང་དེ་ཙམ་གྱིས་ཆོག་མི་ཤེས་པར་ཉེ་བར་འདུན་པར་བྱེད་པ་ཡིན་ནོ།། ལུང་ལས་ནི་གོ་རིམས་བཞིན ་དུ་བསླབ་པ་གསུམ་ལ་བརྩམས་ནས་ཞེས་འབྱུང་ངོ་།། ཨ་ལམ་ཞེས་བྱ་བའི་སྒྲ་འདི་ནི་ནུས་པ་ལ་ཡང་མཐོང་སྟེ། ལམ་འདི་ཡང་ཤེས་པར་ནུས་པ་མ་ཡིན་ཞེས་བྱ་བ་སྟེ། མི་ཕོད་ཙང་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ།། བཟློག ་པའི་དོན་ལ་ཡང་མཐོང་སྟེ། རྒྱལ་པོ་ཆེན་པོ་རི་ཤིག་བདག་ལ་བྱས་པ་ནི་ཞེས་བྱ་བ་ནས་སེམས་རབ་ཏུ་དང་བས་ནི་ཆོག་གོ། འདུ་བྱེད་ཐམས་ཅད་ཀྱིས་ནི་ཆོག་གོ་ཞེས་བྱ་བའོ།། རྒྱན་གྱི་དོན་ལ་ཡང་མཐོང་སྟེ། རུས་པའི ་ལུས་ནི་མངོན་པར་བརྒྱན་བྱས་ཤིང་།། མིག་སྨན་བསྐུས་པ་ཇི་ལྟར་གསེར་བྲིས་བཞིན་ཞེས་བྱ་བའོ།། རིགས་པའི་དོན་ལ་ཡང་མཐོང་སྟེ། དམག་ལྡན་པ་ཁྱོད་སོམ་ཉི་ཟོ་བ་ནི་རིགས་པ་ཡིན་ནོ།། ཐེ་ཚོམ་ཟ་བ་ནི་རིགས་པ ་ཡིན་ནོ་ཞེས་བྱ་བ་སྟེ། ཐེ་ཚོམ་ཟ་བར་བྱ་བའི་གནས་ལ་ཐེ་ཚོམ་སྐྱེས་པ་ཡིན་པས་སོ།། སྐྱོ་བར་རིགས་པ་ཡིན་ནོ།། འདོད་ཆགས་དང་བྲལ་བར་རིགས་པ་ཡིན་ནོ།། རྣམ་པར་གྲོལ་བར་བྱ་བ་ནི་རིགས་པ་ཡིན་ནོ་ཞེས་བྱ་བ་ནི ་རུང་བ་ཞེས་བྱ་བའི་ཐ་ཚིག་གོ།། འདིར་ཡང་སྦྱོར་བར་བྱ་བ་ནི་རིགས་སོ་ཞེས་བྱ་བ་ནི་རུང་བའི་དོན་དུ་བལྟ་བར་བྱའོ།། མདོ་སྡེའི་དུམ་བུ་གཉིས་པ་ལས་འབྱུང་བ་ནི་ད་ལྟར་བྱུང་བ་དང་། འདས་པ་དང་མ་འོངས་པའི་འདུ ་འཛི་ལས་བརྩམས་ནས་ཚིགས་གསུམ་པོ་དག་རིགས་པར་བྱ་སྟེ། དེ་ལ་དགའ་བ་དང་རོ་མྱང་བར་བྱེད་པ་དང་མངོན་པར་དགའ་བའི་ཕྱིར་རོ།། སྤོང་བ་ལ་ཀུན་དགའ་བ་ཞེས་བྱ་བ་དེ་ལ་ཡང་དེ་བཞིན་ནོ།། དགོས་པ་བཤད་ཟིན་ཏོ།། ་བསྡུས་པའི་དོན་ནི་མདོ་སྡེའི་ལུང་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པར་ལྡན་པའི་ལུང་ལས། དགེ་སློང་དག་གཟུགས་ཡོད་པ་འདི་ལ་ཞོས་བྱ་བ་ལ་སོགས་པའི་མདོ་སྡེ་ལྟ་བུ་སྟེ། དེ་ལས་ནི་བསྡུ་ན་གང་ཞིག་ཇི་ལྟར་ཡོངས་སུ་ཤེས་པར ་བྱ་བ་དང་། ཡོངས་སུ་ཤེས་པ་གང་ཡིན་པ་དང་། ཡོངས་སུ་ཤེས་པའི་འབྲས་བུ་གང་ཡིན་པ་དང་། དེ་བརྗོད་པར་བྱེད་པ་གང་ཡིན་པ་དེ་བསྟན་པ་ནི་བསྡུས་པའི་དོན་ནོ།། ཅི་ཞིག་ཡོངས་སུ་ཤེས་པར་བྱ་ཞེ་ན། གཟུགས་ལ་སོགས ་ལ་སྡུག་རྫལྔ་གྱི་བདེན་པས་བསྡུས་པའོ།། ཇི་ལྟར་ཡོངས་སུ་ཤེས་པར་བྱ་ཞེ་ན། མི་རྟག་པར་རོ།། ཡོངས་སུ་ཤེས་པ་གང་ཞེ་ན། ཡང་དག་པའི་ལྟ་བའོ།། ཡོངས་སུ་ཤེས་པའི་འབྲས་བུ་གང་ཞེ་ན། སྐྱོ་བ་ལ་སོགས་པའི་རིམས་ཀྱིས ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་དོ།། དེ་རྗོད་པར་བྱེད་པ་གང་ཡིན་ཞེ་ན། བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ།། གཞན་ཡང་བསྡུས་པའི་དོན་ནི་བསྡུ་ན་འདིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དང་། སྐྱོ ་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡིན་པར་བསྟན་ཏོ།། དེ་ལྟ་བུའི་རང་བཞིན་ཅན་ནི་མདོ་སྡེ་རྣམས་ཀྱི་བསྡུས་པའི་དོན་དུ་རིག་པར་བྱའོ།། ཚིག་གི་དོན་ནི་བརྗོད་པ་གང་གི ་བརྗོད་པར་བྱ་བ་གང་ཡིན་པ་སྟེ། དེ་ཡང་ཁ་ཅིག་ནི་གཅིག་ལ་དུ་མ་འབྱུང་བ་དང་། ཁ་ཅིག་ནི་དུ་མ་ལ་གཅིག་འབྱུང་བ་སྟེ། རེ་ཞིག་གཅིག་ལ་དུ་མ་འབྱུང་བ་ནི་དཔེར་ནི། མ་ཟླ་བའི་བུ་མོའི་མདོ་ལས། དེའི་སེམས་དེ་འདོད་ཆགས་དང ་བྲལ་བ་དང་།། ཞེ་སྡང་དང་། བྲལ་བ་དང་། གཏི་མུག་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་འབྱུང་བ་ལྟ་བུ་ནི་དེ་དག་དང་མི་ལྡན་པར་ཤེས་པར་བྱ་སྟེ། ཀུན་ཏུ་ཆགས་པ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བ་ལ་སོགས་པ་གསུང་པའི་ཕྱིར་དང་། ཕྱིར ་མི་ལྡོག་པའི་ཆོས་ཅན་ཞེས་གསུངས་པའི་ཕྱིར་ཏེ། ཡོངས་སུ་ཉམས་པ་མེད་པ་དང་། ཕྱིར་ལྡོག་པ་མེད་པས་ཕྱི་རོལ་པའི་འདོད་ཚོགས་དང་བྲལ་བ་དང་ཆོས་མི་མཐུན་པའི་ཕྱིར་རོ།། ཡན་ལག་ལྔ་པའི་ཕྱཝ་མཁན་གྱི་མདོ་ལས།། ་དགེ་བའི་ཚུལ་ཁྲིམས་འདི་དག་ནི་སེམས་ཀྱིས་ཀུན་ནས་བསླང་བ་དག་སྟེ། སེམས་དེ་གང་ཞེ་ན། འདོད་ཆགས་དང་བྲལ་བ་དང་ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་མ་ཆགས་པ་ལ་སོགས་པ་དག ་དང་མཚུངས་པར་ལྡན་པར་ཤེས་པར་བྱའོ།། འདོད་ཆགས་ལ་སོགས་པ་དག་དང་མི་ལྡན་པ་ཡང་མ་ཡིན་ལ། ལུང་དུ་མ་བསྟན་པ་ཡང་མ་ཡིན་ཏེ། སོ་སོ་ཐར་པའི་སྡོམ་པའི་དབང་དུ་མཛད་པའི་ཕྱིར་རོ།། སེམས་ཀྱི་རྣམ་གྲངས ་མངོན་པར་ཤེས་པ་བསྟན་པ་ལས། སེམས་འདོད་ཆགས་དང་བྲལ་ན་སེམས་འདོད་ཆགས་དང་བྲལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བྲལ་བ ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དག་དང་མཚུངས་པར་ལྡན་པ་མ་ཡིན་པར་ཤེས་པར་བྱའི། མི་ལྡན་པ་ཡང་མ་ཡིན་ལ། གདོན་མི་ཟ་བར་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ནོ།། ཅིའི་ཕྱིར་མི་ལྡན ་པ་མ་ཡིན་ཞེ་ན། འདོད་ཆགས་དང་སོགས་པ་དང་བྲལ་བ་ཉིད་རྣམ་པར་གྲོལ་བ་ཉིད་དུ་འགྱུར་བས་སོ།། ཅིར་འགྱུར་ཞེ་ན། དེ་ལོགས་ཤིག་ཏུ་བསྟན་པར་མི་འགྱུར་ལ། མངོན་པར་ཤེས་པ་བྱི་བི་དག་ལ་ཡང་འདོད་ཆགས་ལ་སོགས་པ ་དང་བྲལ་བར་སྨོས་པར་མི་འགྱུར་ཏེ། རྣམ་པར་གྲོལ་བ་བཞིན་ནོ།། གལ་ཏེ་འདོད་ཆགས་ལ་སོགས་པ་དང་བྲལ་བ་དེ་དང་མི་ལྡན་པ་ཡིན་ན། འོ་ན་ནི་འདོད་ཆགས་སོགས་པ་དང་བཅས་པ་ཡང་དེ་དང་ལྡན་པ་ཡིན་གྱི་དེ་དང་མཚུངས་པར ་ལྡན་པ་ནི་མ་ཡིན་ནོ།། ཅིར་འགྱུར་ཞེ་ན། ཐ་དད་པ་སྨོས་པར་མི་འགྱུར་ཏེ། གཅིག་ལ་ཡང་གསུམ་ཆར་དང་ལྡན་པའི་ཕྱིར་རོ།། རྣམ་པར་མ་གྲོལ་བ་ཡང་ལོགས་ཤིག་ཏུ་སྨོས་པར་མི་འགྱུར་རོ།། གལ་ཏེ་འདོད་ཆགས་དང་བྲལ་བ་མི་ལྡན ་པ་ཡིན་ཡང་འདོད་ཆགས་དང་བཅས་པ་ལྡན་པ་ཙམ་ལ་མི་བརྗོད་པར་མཚུངས་པར་ལྡན་པ་ལ་བྱའོ་ཞེས་པ་ནི་གལ་ཏེ་ནོག་པོའི་ཕྱོགས་དང་མཐུན་པ་དེ་དང་མཚུངས་པར་ལྡན་པ་ཡིན་ལ། དཀར་པོའི་ཕྱོགས་དང་མཐུན་པ་ནི་དེ་དང ་མི་ལྡན་པ་ཡིན་ན་ཅིར་འགྱུར་ཞེ་ན། རྣམ་པར་གྲོལ་བ་ལོགས་ཤིག་ཏུ་སྨོས་པར་མི་འགྱུར་ཞིང་། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པའི་དགེ་བ་ཟག་པ་དང་བཅས་པ ་དང་། ལུང་དུ་མ་བསྟན་པ་གང་ཡིན་པ་དེ་ཡིན་པ་དེ་ཡང་སྨོས་པར་མི་འགྱུར་རོ།། རེ་ཞིག་ཉོན་མོངས་པ་གཞན་དང་ཉེ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་ཀྱང་ཇི་ལྟར་སྨོས་པར་འགྱུར་ཏེ། དེ་ལ་ཡང་དེ་བཞིན ་དུ་འགྱུར་རོ་ཞེ་ན། ཚོར་བ་རྣམ་པ་གསུམ་ལ་གནས་པའི་སེམས་ཀྱི་དབང་དུ་བྱས་ནས་དེ་དང་མཚུངས་པར་ལྡན་པའི་ཉོན་མོངས་པའི་རྩ་བ་གསུམ་པོ་དག་སྨོས་པའི་ཕྱིར། དེ་ལ་གནས་པའི་སེམས་དང་མཚུངས་པར་ལྡན ་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དེའི་ཕྱོགས་དང་མཐུན་པ་གཞན་རྣམས་ཀྱང་སྨོས་པ་ཁོ་ན་ཡིན་པས་དེ་དང་མཚུངས་པར་ལྡན་པའི་སེམས་མ་སྨོས་པ་མ་ཡིན་ནོ།། གལ་ཏེ་འོ་ན་འདོད་ཆགས ་དང་མཚུངས་པར་ལྡན་པ་མ་ཡིན་པ་འདོད་ཆགས་དང་བྲལ་བ་ཡིན་ན། ཞེ་སྡང་དང་མཚུངས་པར་ལྡན་པ་ཡང་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེ་ན། དེ་ལ་དེ་ལྟར་གཟུང་བ་གོ་བ་མ་ཡིན་ཏེ། དེ་ལ་ནི་ཞེ་སྡང་དང་བཅས་པ་ཉིད་དུ ་བཟུང་སྟེ། ཇི་ལྟ་བུ་དང་མཚུངས་པར་ལྡན་པར་བཟུང་བའི་ཕྱིར་དེ་ཁོ་ན་བཞིན་དུ་བསྟན་ཏོ།། འདོད་ཆགས་ལ་སོགས་པ་དང་། བྲལ་བ་ནི་ཐ་དད་པར་ཡང་གཟུང་སྟེ། གང་དང་མཚུངས་པར་ལྡན་པ་དེ་དང་བྲལ་བ་དང་། གཞན་དང་། ་ཡང་མཚུངས་པར་ལྡན་པ་མ་ཡིན་པ་ལས་སོ།། ཐ་དད་པ་མ་ཡིན་པར་ཡང་ཡིན་ཏེ། ཐམས་ཅད་དང་མཚུངས་པར་མི་ལྡན་པའི་ལས་སོ།། གང་ཞིག་འདི་སྐད་དུ། གལ་ཏེ་འདོད་ཆགས་དང་ལྡན་པ་འདོད་ཆགས ་དད་བཅས་པ་ཡིན་ན་དེ་ནི་ཕ་རོལ་གྱི་སེམས་ཤེས་པར་འཛིན་པར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་ལྡན་པ་ནི་ངོས་དམིགས་པ་འམ་དེ་ཐོབ་པའི་སྒོ་ནས་ཡིན་གྲངས་ནི། དེ་གཉིས་ཀྱང་དེས་མི་འཛིན་ཏེ། ཕ་རོལ་གྱི ་སེམས་ཤེས་པས་དེ་ལ་དམིགས་པ་ཅན་དང་། སེམས་དང་མི་ལྡན་པ་ལ་དམིགས་པ་ཅན་དུ་གྱུར་ན་མི་རུང་བས་སོ་ཞེས་ཟེར་བ་དེ་ལ་འདི་སྐད་ཅེས་རེ་ཞིག་ཇི་ལྟར་ན་ཕ་རོལ་གྱི་སེམས་ཤེས་པས་སེམས་རྣམ་པར་མ་གྲོལ་བ་འཛིན ་པར་འགྱུར་ཏེ། དེ་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བརྗོད་པར་བྱའོ།། དེ་ཡང་ཇི་ལྟར་འཛིན་པར་འགྱུར་ཞེ་ན། འདི་ནི་བསམ་གྱིས་མི་ཁྱབ་པ་སེམས་པ་སྟེ། བཅོམ་ལྡན་འདས་ཀྱིས་བསམ་གཏན་པ་རྣམས་ཀྱིས་བསམ་གཏན་གྱི ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་གསུངས་སོ།། འོན་ཀྱང་འདོད་ཆགས་ལ་སོགས་པའི་བག་ཆགས་དང་བཅས་པའི་སེམས་ཁྱད་པར་ཅན་ལ་འཛིན་ཏོ།། དེ་ལྟར་ན་ཚིག་གཅིག་ལ་དོན་དུ་མ་བྱུང་བ་ཡིན་ནོ།། ཡང་དཔེར་བརྗོད་པར ་བྱ་སྟེ། དཔེར་ན་གཟུགས་ཤེས་བྱ་བ་གཟུགས་ཕུང་དང་།། ཁ་དོག་བསམ་གཏན་རྣམ་པར་འདྲེན།། གཟུགས་ཞེས་བྱ་བ་གཟུགས་ཀྱི་ཕུང་པོ་ལ་ནི་གཟུགས་ལ་བདག་ཏུ་རྗེས་སུ་ལྟ་ཞིང་རྣམ་པར་ཤེས་པའི་བར་དུ་ཞེས་འབྱུང་བ་ལྟ ་བུའོ།། ཁ་དོག་ལ་ནི་མིག་གིས་གཟུགས་རྣམས་མཐོང་ནས་ཞེས་འབྱུང་བ་ལྟ་བུའོ།། བསམ་གཏན་རྣམས་ལ་ནི་གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་ཞེས་འབྱུང་བ་ལྟ་བུའོ།། རྣམ་པ་ལ་ནི་གཟུགས་རྣམས་ཀྱི ་སྡུག་པའི་གཟུགས་ངག་ལ་ཀུན་ཏུ་ཆགས་ཞེས་འབྱུང་བ་ལྟ་བུའོ།། མཐའ་ནི་ཟད་དང་འཇུག་ཆ་དང་།། ཉེ་དང་ཕྱོགས་དང་སྨད་ལའོ།། མཐའི་སྒྲ་ཟད་པ་ལ་ནི་སྡུག་བསྔལ་མཐར་འབྱིན་ཞེས་འབྱུང་བ་ལྟ་བུའོ།། མཇུག་ལ་ནི་འཚོ་བའི ་མཐའ་ནི་འཆི་བ་ཞེས་འབྱུང་བ་དང་། འདིར་ནི་འགྲོ་བས་འཇིག་རྟེན་མཐར།། ནམ་ཡང་ཕྱིན་པར་མི་འགྱུར་རོ།། ཞེས་འབྱུང་བ་ལྟ་བུའོ།། ཆ་ལ་ནི་མཐའ་གསུམ་སྟེ། འཇིག་ཚོགས་ཀྱི་མཐའ་དང་། འཇིག་ཚོགས་ཀུན་འབྱུང་བའི ་མཐའ་དང་། འཇིག་ཚོགས་འགོག་པའི་མཐའོ།། ཞེས་འབྱུང་བ་ལྟ་བུའོ།། ཉེ་བ་ལ་ནི་ས་སྐྲངས་ནས་ཆུའི་མཐར་འགྲོའོ་ཞེས་འབྱུང་བ་ལྟ་བུའོ།། ཕྱོགས་ལ་ནི་མཐའ་གུང་དུ་ཕྱིན་ཞེས་འབྱུང་བ་དང་། མཐའ་གཅིག་ཏུ་འདུག་གོ་ཞེས ་འབྱུང་བ་ལྟ་བུའོ།། སྨད་པ་ལ་ནི་འདི་ནི་འཚོ་བ་རྣམས་ཀྱི་མཐའ་སྟེ། འདི་ལྟ་སྟེ། སློངས་མོའོ་ཞེས་བྱ་བ་ལྟ་བུ་སྟེ། ཐ་ཆད་དོ་ཞེས་བྱ་བར་མངོན་ནོ།། མཆོག་གི་སྒྲ་ནི་གཙོ་བོ་དང་།། དང་པི་རྩེ་མོ་མདུན་དོན་དང་།། ཚིག་དང་མིང་པོ་དག ་དང་ནི།། དམིགས་པ་ལ་ཡང་ཡོད་པར་མཐོང་།། གཙོ་བོ་ལ་ནི་སེམས་ཅན་གང་སུ་དག་ཡོད་པ་དེ་རྣམས་ཀྱི་མཆོག་ནི་དེ་བཞིན་གཤེགས་པ་ཡིན་པར་བཤད་ཅེས་འབྱུང་བ་ལྟ་བུའོ།། དང་པོ་ལ་ནི་སྟན་གྱི་ཐོག་མ་དང་། ཆུའི་ཐོག་མ ་དང་། བསོད་སྙོམས་ཀྱི་ཐོག་མ་ཞེས་འབྱུང་བ་ལྟ་བུའོ།། རྩེ་མོ་ལ་ནི་སྒྲའི་རྩེ་མོས་སམ། རྩའི་མཆོག་མས་སམ་ཞེས་འབྱུང་བ་ལྟ་བུའོ།། མདུན་གྱི་དོན་ལ་ནི་མདུན་དུ་འགྲོའོ་ཞེས་འབྱུང་བ་ལྟ་བུའོ།། ཚིག ་ལྔ་ནི་ཚིགས་ཀྱི་ས་བོན་ཞེས་འབྱུང་བ་ལྟ་བུའོ།། མང་པོ་ལ་ནི་ཁྲེམ་གྱི་རེ་ཞེས་འབྱུང་བ་ལྟ་བུའོ།། དམིགས་པ་ལ་ནི་སེམས་རྩེ་གཅིག་པ་ཉིད་དང་། སེམས་མི་འབྲེལ་པ་ཞེས་འབྱུང་བ་ལྟ་བུའོ།། ཉེ་བར་བསྒྱུར་བ་དང་བཅས་པ་ན། ་ཡིད་བདེ་བ་ལ་ཡང་མཐོང་སྟེ། མགུ་བ་ཉིད་དུ་གྱུར། ཡིད་རངས་པ་ཉིད་དུ་གྱུར་ཞེས་འབྱུང་བ་ལྟ་བའོ།། བློ་གཅིག་པ་ཉིད་ལ་ཡང་ཡོད་དེ། ཉན་ཐོས་ཀྱི་དགེ་འདུན་རྣམས་མཐུན་པ་རྣམས་ལ་ལྟོས་ཞེས་འབྱུང་བ་ལྟ་བུའོ།། མཐའ ་དག་ཉིད་ལ་ཡང་ཡོད་དེ། རྐྱེན་རྣམས་ཚོགས་པ་ཞེས་འབྱུང་བ་ལྟ་བུའོ།། གཞོན་པ་ཉིད་ལ་ཡང་ཡོད་དེ། ལང་ཚེ་གཞོན་ནུ་དང་ལྡན་པ་ཞེས་འབྱུང་བ་ལྟ་བུའོ།། འཇིག་རྟེན་ཞེས་བྱ་སེམས་ཅན་དང་། སྣོད་དང་སྡུག་འགྲོ་འདོད་ལའོ།། ་སེམས་ཅན་དག་ལ་ནི་ཆོས་གསུམ་པོ་འདི་དག་ནི་འཇིག་རྟེན་མི་འདོད་པ་དང་། མི་སྡུག་པ་དང་། མི་དགའ་བ་དང་། ཡིད་དུ་མི་འོང་བའ་ཞེས་འབྱུང་བ་ལྟ་བུའོ།། སྣོད་ལ་ནི་འཇིག་རྟེན་གྱི་བར་གྱི་འཇིག་རྟེན་དག་ཡོད་དོ་ཞེས་འབྱུང་བ ་ལྟ་བུའོ།། སྡུག་བསྔལ་གྱི་བདེ་བ་ལ་ནི་འཇིག་རྟེན་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ་ཞེས་འབྱུང་བ་ལྟ་བུའོ།། འགྲོ་བ་ལ་ནི་ལན་ཅིག་འཇིག་རྟེན་འདིར་འོངས་ན་སྡུག་བསྔལ་གྱི་མཐར་འབྱིན་ཏོ་ཞེས་འབྱུང་བ་ལྟ ་བུའོ།། འདོད་པ་རྣམས་ལ་ནི་ཀུན་ཏུ་རྒྱུ་དག་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ནི་འཕགས་པའི་ཆོས་འདུལ་བ་ལ་ནི་འཇིག་རྟེན་ཞེས་བྱའོ་ཞེས་འབྱུང་བ་ལྟ་བུའོ།། ཟང་ཟིང་ཞེས་བྱ་རྙེད་པ་དང་།། འདོད་ཡོན་གཟུགས་དང་ཟས་ལ་ཡོད།། ། ་རྙེད་པ་ལ་ནི་དགེ་སློང་དག་ང་ནི་ཆོས་ཀྱི་བགོ་སྐལ་ལ་སྤྱོད་ཅིང་གནས་པ་ཡིན་གྱི་ཟང་ཟིང་གི་བགོ་སྐལ་ལ་སྤྱོད་པ་ནི་མ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ།། འདོད་པའི་ཡོན་ཏན་རྣམས་ལ་ནི་གང་ལ་སོ་སོའི་སྐྱེ་བོ་རྣམས་ཆགས་པ་འདི་ནི ་འཇིག་རྟེན་གྱི་ཟང་ཟིང་དྲག་པོ་ཡིན་ནོ།། ཞེས་འབྱུང་བ་ལྟ་བུའོ།། གཟུགས་ལ་ནི་ཟང་ཟིང་དང་བཅས་པའི་རྣམ་པར་ཐར་པ་གང་ཞེ་ན། གཟུགས་དང་ལྡན་པ་གང་ཡིན་པའོ་ཞེས་འབྱུང་བ་ལྟ་བུའོ།། ཟས་ལ་ནི་ལག་པ་ཟས་དང ་འབགས་པས་ཆུ་སྣོད་ལ་མ་བཟུང་ཞེས་འབྱུང་བ་ལྟ་བུའོ།། འཇིག་རྟེན་ན་ཟང་ཟིང་གི་སྒྲ་ནི་ཤ་ལ་ཡང་ཡོད་དེ། ཤ་མེད་པའི་ཟས་དང་ཞེས་འབྱུང་བ་ལྟ་བུའོ།། འབྱུང་བ་ཞེས་བྱ་སྐྱེས་བདེན་དང་། ས་ཁམས་སོགས་དང་འདུས་བྱས ་དང་། ཡོད་དང་སེམས་ཅན་རྣམས་དང་ནི།། མི་མ་ཡིན་པ་རྣམས་ལ་ཡོད།། སྐྱེས་པ་ལ་ནི་ཟས་བཞི་ནི་སེམས་ཅན་འབྱུང་བ་རྣམས་གནས་པའི་ཕྱིར་རོ་ཞེས་འབྱུང་བ་ལྟ་བུ་སྟེ། སྐྱེས་པ་རྣམས་ཤེས་བྱ་བར་ཤེས་སོ།། བདེན་པ ་ལ་ནི་དེ་ཡང་དུས་བཞིན་དུ་སྨྲ་བ་དང་། ཡང་དག་པར་སྨྲ་བ་ཡིན་ཞེས་འབྱུང་བ་ལྟ་བུའོ།། སའི་ཁམས་ལ་སོགས་པ་ནི་འབྱུང་བ་ཆེན་པོ་བཞི་དག་ཅེས་འབྱུང་བ་ལྟ་བུའོ།། འདུས་བྱས་པ་ནི་དགེ་སློང་བྱུང་བ་ལ་སྐྱོ་བར་བྱ་བའི ་ཕྱིར་དང་། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང་། འགོག་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ།། ཡོད་པ་ལ་ནི་བདག་ཉིད་ལ་ཇི་ལྟར་ཡོད་པ་བཞིན་དུ་སྨྲ་བ་ཡིན་ཞེས ་འབྱུང་བ་ལྟ་བུའོ།། སེམས་ཅན་རྣམས་ལ་ནི་འབྱུང་པོ་ཐམས་ཅད་ལོ་དབྱུག་པ་སྤངས་ནས་ཞེས་འབྱུང་བྱ་ལྟ་བུའོ།། མི་མ་ཡིན་པ་རྣམས་ལ་ནི། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་།། ས་འམ་འོན་ཏེ་བར ་སྣང་འཁོད་པ་དག་ཅེས་འབྱུང་བ་དང་། འབྱུང་པོས་ཟིན་པ་དང་། འབྱུང་པོའི་སྨན་པ་ཞེས་འབྱུང་བ་ལྟ་བུའོ།། པཱ་ད་ཞེས་བྱ་མྱ་ངན་འདས།། རྐང་པ་ཆ་དང་ཡུད་ཙམ་དང་།། གཞི་དང་བདེན་གཉིས་རྐང་པའི་ཕྱོགས།། རྗེས་དང ་ཚིག་ལ་ཡོད་པ་ཡིན།། མྱ་ངན་ལས་འདས་པ་ལ་ནི་ཞི་བའི་གོ་འཕང་བླ་ན་མེད་པ་ཞེས་འབྱུང་བ་ལྟ་བུའོ།། རྐང་པ་ལ་ནི་སེམས་ཅན་གང་དག་རྐང་པ་མེད་པ་འམ། རྐང་གཉིས་སམ། རྐང་མངས་སམ་ཞེས་འབྱུང་བ་ལྟ ་བུའོ།། ཆ་ལ་ནི་ཆོས་ཀྱི་རྣམ་གྲངས་ཚིག་བཞི་པ་ཞེས་འབྱུང་བ་ལྟ་བུའོ།། ཡུད་ཙམ་ལ་ནི་སེམས་ཡུད་ཙམ་ཡུད་ཙམ་ལ་ནི་ཡིད་ཆད་ཅིང་རྣམ་པར་རྟོག་པ་རྣམས་ཀྱི་དབང་དུ་སོང་ཞེས་འབྱུང་བ་ལྟ་བུའོ།། གཞི་ལ་ནི་བག ་ཡོད་པ་ནི་མི་འཆི་བའི་གཞི་ཡིན་ཏེ། བག་མེད་པ་ནི་འཆི་བའི་གཞི་ཡིན་ཞེས་འབྱུང་བ་ལྟ་བུའོ།། བདེན་པ་རྣམས་ལ་ནི་སློབ་པའི་གཞི་མཐོང་བ་ཞེས་འབྱུང་བ་ལྟ་བུའོ།། རྐང་པའི་ཕྱོགས་བྲམ་ཟེའི་བྲེ་བོ་དང་རུས་གཅིག ་པས་བཅོམ་ལྡན་འདས་ཀྱི་གོམ་གནས་སུ་ཞབས་ལ་འཁོར་ལོ་དག་མཐོང་ངོ་ཞེས་འབྱུང་བ་ལྟ་བུའོ།། རྗེས་ལ་ནི་མཁའ་ལ་བྱའི་རྗེས་བཞིན་དུ། དེ་དག་རྟོགས་པར་དཀའ་བ་ཡིན་ཞེས་འབྱུང་བ་ལྟ་བུའོ།། ཚིག་ལ་ནི་ལེགས ་བཔར་བཤད་པའི་ཚིག་གཅིག་གི་དོན་ཀྱང་ཤེས་པར་བྱས་ནས་ཞེས་འབྱུང་བ་ལྟ་བུའོ།། ཆོས་ནི་ཤེས་བྱ་ལམ་དང་ནི།། མྱ་ངན་འདས་དང་ཡིད་ཀྱི་ཡུལ།། བསོད་ནམས་ཚེ་དང་གསུང་རབ་དང་། འབྱུང་འགྱུར་ངེས་དང་ཆོས ་ལུགས་ལའོ།། ཆོས་ཀྱི་སྒྲ་ཞེས་བྱ་བ་ལ་ནི་ཆོས་གང་ལ་ལ་འདུས་བྱས་སམ་འདུས་མ་བྱས་སམ་དེ་རྣམས་ཀྱི་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བཤད་དོ་ཞེས་འབྱུང་བ་ལྟ་བུའོ།། ལམ་ལ་ནི་དགེ་སློང་དག་ལོག་པའི ་ལྟ་བ་ནི་ཆོས་མ་ཡིན་ལ་ཡང་དག་བའི་ལྟ་བ་ནི་ཆོས་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ལྟ་བུའོ།། མྱ་ངན་ལས་འདས་པ་ལ་ནི་ཆོས་ལ་སྐྱབས་སུ་སོང་བ་ཞེས་འབྱུང་བ་ལྟ་བུའོ།། ཡིད་ཀྱི་ཡུལ་ལ་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་འབྱུང་བ ་ལྟ་བུ་སྟེ། དེ་ནི་ཡིད་ཁོ་ནའི་ཡུལ་ཡིན་ཞིང་ཡུལ་ཁོ་ན་ཡིན་གྱི་རྟེན་ནི་མ་ཡིན་ནོ།། བསོད་ནམས་ནི་བཙུན་མོའི་འཁོར་དང་གཞོན་ནུ་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད་ཅེས་རྒྱས་པར་འབྱུང་བ་ལྟ་བུའོ།། ཚེ་འདི་ལ་ནི་མཐོང་བའི ་ཆོས་ལ་མྱོང་བར་འགྱུར་བ་དང་། བྱིས་པ་ནི་མཐོང་བའི་ཆོས་གཅེས་པར་འཛིན་པ་ཡིན་ཞེས་འབྱུང་བ་ལྟ་བུའོ།། གསུང་རབ་ལ་ནི་འདི་ལ་དགེ་སློང་ཆོས་ཤེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ ་དང་ཞེ་རྒྱ་ཆེར་འབྱུང་བ་ལྟ་བུའོ།། འབྱུང་བར་འགྱུར་བ་ལ་ནི་འདུ་བྱེད་ཀྱི་རྫས་རྣམས་ནི་དེའི་ཆོས་སོ་ཞེས་འབྱུང་བ་དང་། དེ་ལྟར་འདི་ལྟ་སྟེ། ལུས་འདི་ནི་རྒན་པའི་ཆོས་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ།། ་ངེས་པ་ལ་ནི་དགེ་སློང་གི་ཆོས་བཞི་རྣམ་ཤེས་འབྱུང་བ་དང་། དེ་བཞིན་དུ་དགེ་སློང་དག་སྲོག་གཅོད་པ་ནི་ཆོས་མ་ཡིན་ལ་སྲོག་གཅོད་པ་སྤོང་བ་ནི་ཆོས་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ།། ཆོས་ལུགས་ལ་ནི་ཡུལ་ཆོས་དང ་རིགས་ཆོས་ཞེས་འབྱུང་བ་ལྟ་བུའོ།། སྤངས་པ་ཞེས་བྱ་བཏང་བ་དང་།། བྲུལ་དང་གནོད་དང་བག་ལ་ཉལ།། བཏོན་པའོ་སྦྱངས་པ་སོགས་པའོ།། སྤངས་པ་ཞེས་བྱ་གཉིས་སུ་བཞེད།། སྤངས་པ་ཞེས་བྱ་བ་བཏང་བ་ལ་ནི་ལོངས ་སྤྱོད་ཀྱི་ཕུང་པོ་ཆེ་བའམ། ཆུང་བ་ཡང་སྤངས་ནས་ཞེས་འབྱུང་བ་ལྟ་བུའོ།། རྒྱུན་དང་བྲལ་བ་ལ་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་ནས་ཞེས་འབྱུང་བ་ལྟ་བུའོ།། འཇིག་རྟེན་པའི་ལམོ་གྱིས་གནོན་པ་ལ་ནི།། འདོད ་པོའི་འདུན་པ་སྤངས་ནས་དེས་ལན་ཡང་དུ་གནས་ཤིང་། ཚངས་པའི་འཇིག་རྟེན་དང་སྐལ་བ་མཉམ་པར་སྐྱེས་ཞེས་འབྱུང་བ་ལྟ་བུའོ།། བག་ལ་ཉལ་ཡང་དག་པར་བཅོམ་པ་ལ་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པ་ལས། རྒྱུན ་ཏུ་ཞུགས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ།། དེ་བཞིན་དུ་སྤངས་པར་སྤོང་བ་དང་། སྡོམ་པས་སྤོང་བ་དང་། རྗེས་སུ་བསྲུང་བས་སྤོང་བ་དང་། བསྒོམ་པས་སྤོང་བ་སྟེ། ཉན་ཐོས་ལ་བཤད་པའི་མདོ་སྡེ་གཉིས་ལས་རྣམ་པ ་གཉིས་སུ་རྣམ་པ་ཕྱེའོ།། ཚུལ་གྱི་སྒྲ་ནི་བདེན་པ་དང་། ལམ་དང་འབྲེལ་འབྱུང་རིག་པ་དང་།། ངེས་འབྱེད་ཆ་དང་མྱ་ངན་འདའ།། ཐབས་དང་རིགས་པ་ཉིད་ལ་ཡོད།། སྡོམ་གྱི་ཚིགས་སུ་བཅད་པ། བདེན་དང་ཡན་ལག་བརྒྱད་དང་འབྱུང་ཞེས ་བྱ་བ་འདི་ལས། འཕགས་པའི་ཚུལ་གྱི་སྒྲ་ནི་བདེན་པ་རྣམས་དང་། ལམ་དང་རྟེན་ཅིང་འབྱུང་བ་ལོ་ཡང་མཐོང་ངོ་།། རིག་པ་རྣམས་ལ་ཡང་མཐོང་སྟེ། བྲམ་ཟེ་དེ་ནི་འཕགས་པའི་ཆོས་འདུལ་བ་འདི་ལ་འཕགས་པའི་ཚུལ་གྱི་གསུམ ་རིག་པ་ཡིན་པར་སྨྲའོ་ཞེས་འབྱུང་བ་ལྟ་བུ་སྟེ། འདི་ལས་སོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལ་ཡང་མཐོང་སྟེ། གང་སུ་དག་དྲན་པ་ཉེ་བར་གཞག་པ་བཞི་རྣམས་དང་མི་མཐུན་པའི་བྱེད་པ་དེ་དག་ནི་འཕགས་པའི་ཚུལ་ལ་དེ་དག ་གིས་མི་མཐུན་པར་བྱས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ།། ཚུལ་གྱི་སྒྲ་ནི་མྱ་ངན་ལས་འདས་པ་ལ་ཡང་མཐོང་སྟེ། ཁྱིམ་པ་འམ་རབ་ཏུ་བྱུང་བ་འམ།། གང་ཞིག་ཡང་དག་སྒྲུབ་བྱེད་ལ།། དེས་ནི་བླ་མེད་ཚུལ་ཉིད་ཀྱི།། ཆོས་ནི་ཀུན་ཏུ ་ཐོབ་པར་འགྱུར་ཞེས་འབྱུང་བ་ལྟ་བུའོ།། ཐབས་ལ་ཡང་མཐོང་སྟེ། ཚུལ་གྱིས་བརྩོན་འགྲུས་བརྩམས་པ་ལ།། བྱ་བོར་དཀའ་བ་ཅི་ཡང་མེད་ཅེས་འབྱུང་བ་ལྟ་བུའོ།། རིགས་པ་ལ་ནི་ཚུལ་བཞིན་བྱེད་དོ་ཞེས་འབྱུང་བ་ལྟ་བུའོ།། ལས ་མཐའ་ཞེས་བྱ་ནོར་ཚོལ་དང་།། གསུམ་བདུན་སྤངས་པ་རྣམས་ལའང་ཡོད།། ལས་ཀྱི་མཐའ་ཞེས་པ་ནི་ནོར་ཚོལ་བ་ལ་ནི་དེས་གལ་ཏེ་ཞིང་དང་། གལ་ཏེ་ཚོང་གི་ལས་གྱི་མཐའ་དེ་དང་དེ་བོད་དོ་ཞེས་རྒྱས་པར་འབྱུང་བ་ལྟ་བུའོ།། གསུམ། ་སྤངས་པ་ལ་ཡང་ཡོད་དེ་འཇིག་རྟེན་པའི་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན་ཞེས་རྒྱས་པར་འབྱུང་བ་ནས། སྲོག་གཅོད་པའི་བར་དུ་སྤངས་ནས་སྲོག་གཅོད་པ་ལས་ཕྱིར་ལྡོག་པ་ཡིན། དེ་བཞིན་དུ་འདོད་པ་ལ་ལོག ་པར་གཡེམ་པ་ལས་ཞེས་བྱ་བའི་བར་དུ་འབྱུང་བ་ལྟ་བུའོ།། བདུན་སྤངས་པ་ལ་ཡང་ཡོད་དེ་ལས་ཀྱི་མཐའ་ཕུན་སུམ་ཚོགས་པ་གང་ཞེ་ན། སྲོག་གཅོད་པ་སྤངས་པ་ནས་སྲོག་གཅོད་པ་ལས་ཕྱིར་ལོག་པ་ཡིན་ཞེས་བྱ་བའི་བར་དང་། དེ ་བཞིན་དུ་ཚིག་འཁྱལ་པ་སྨྲ་བ་ལས་ཞེས་བྱ་བའི་བར་དུ་འབྱུང་བ་ལྟ་བུའོ།། ལས་ཀྱི་མཐའི་སྒྲ་ནི་མཚམས་མེད་པ་ལ་ཡང་ཡོད་དེ། ལོག་པའི་ལས་ཀྱི་མཐའ་མེད་པ་ཉིད་ཅེས་གསུངས་པའི་ཕྱིར་ཏེ། ཆོས་འདུལ་པོ་འདི་ལས་ལོག་ཅིང ་དྲང་དུ་མི་རུང་བ་རྣམས་མ་གང་ཟག་ལྔ་སྟེ། མི་བསོད་པ་དང་ཞེས་མདོ་ལས་རྒྱས་པར་གསུང་བ་ལས་སོ།། ལོག་པ་དེ་རྣམས་ཀྱི་ལས་ཀྱི་མཐའ་ནི་ལོག་པའི་ལས་ཀྱི་མཐའ་སྟེ། མཚམས་མེད་པ་ལྔ་པོ་དག་གོ། འདི་ལ་ལོག་པའི་ལས ་ཀྱི་མཐའ་མེད་པས་ན་ལོག་པའི་ལས་ཀྱི་མཐའ་མེད་པ་སྟེ། དེ་དངོས་པོ་ནི་ལོག་པའི་ལས་ཀྱི་མཐའ་མེད་པ་ཉིད་དོ།། ཕུང་པོ་ཞེས་བྱ་སྤུངས་པ་དང་།། ཕྲག་པ་སྡོང་པོ་ཆེ་ཉིད་ལའོ།། ཕུང་པོ་ཞེས་བྱ་བ་སྤུངས་པ་ལ་ནི་དེ་ཐམས་ཅད ་གཅིག་ཏུ་བསྡུས་ན་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་དང་། དེ་བཞིན་དུ་ནོར་གྱི་ཕུང་པོ་ཆེན་པོ་བསྒྲུབས་ནས་གནས་སོ་ཞེས་འབྱུང་བ་ལྟ་བུའོ།། ཕྲག་པ་ལ་ནི་དཔེར་ན་མི་ཞིག་ས་ལས་ཁྲིའུའི་སྟེང་དུ་འཛེགས ་རྟའི་སྟེང་ནས་གླང་པོ་ཆེ་ཕྲག་པ་ལ་ཞོན་ནོ་ཞེས་བྱ་བའི་བར་དུ་འབྱུང་བ་ལྟ་བུའོ།། སྡོང་པོ་ལ་ནི་ཤིང་ལྗོན་པ་རྩ་བ་དང་ལྡན་པ་དང་། སྦོམ་པ་དང་ལྡན་པ་ཆེན་པོའོ་ཞེས་འབྱུང་བ་ལྟ་བུའོ།། ཆལ་ནི་སྦྱིན་པར་བྱ་བ་ཕུང་པོ་གསུམ་དག ་ཏུ་སྦྱིན་ནོ་ཞེས་འབྱུང་བ་ལྟ་བུའོ།། བསྡུ་བ་ཞེས་བྱ་རང་བཞིན་དང་།། རྗེས་སུ་མཐུན་དང་དགའ་བ་དང་།། ཉམས་མེད་ཁོངས་སུ་གཏོགས་པ་དང་། འཛིན་པར་བྱེད་དང་དོན་དྲུག་གོ།། རང་བཞིན་ལ་ནི་གཟུགས་ཀྱི་ཕུང་པོ་ནི་སྐྱེ་མཆེད ་བཅུ་དང་གཅིག་གི་ཕྱོགས་ཀྱིས་བསྡུས་སོ་ཞེས་འབྱུང་བ་ལྟ་བུའོ།། རང་བཞིན་དང་རྗེས་སུ་མཐུན་པ་ལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ནི་ཕུང་པོ་གསུམ་དག་གིས་བསྡུས་སོ་ཞེས་འབྱུང་བ་ལྟ་བུའོ།། དགའ་བ་ལ ་ནནི་བསྡུ་བའི་དངོས་པོ་བཞི་པོ་དག་ཅེས་འབྱུང་བ་ལྟ་བུའོ།། ཡོངས་སུ་ཉམས་པ་མེད་པ་ལ་ནི་འདི་ནི་དབང་པོ་ལྔ་པོ་དེ་དག་སྡུད་པར་བྱེད་པ་ཡིན་ཏོ། འདི་ལྟ་སྟེ། ཤེས་རབ་ཀྱི་དབང་པོ་ཞེས་འབྱུང་བ་ལྟ་བུའོ།། ཁོངས་སུ་གཏོག ་པ་ལ་ནི་འགྲོ་བ་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་གང་སུ་ཡང་རུང་བ་དེ་ཐམས་ཅད་ཀྱི་རྗེས་ནི་གླང་པོ་ཆེའི་རྗེས་སུ་འདུས་ཤིང་འདུ་བ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ།། འཛིན་པར་བྱེད་པ་ལ་ནི་ཁང་པ་བརྩེགས་པའི ་ཕྱ་མ་དགུ་པོ་གང་དག་ཡིན་པ་དེ་དག་གི་མཆོག་ནི་སྤྱི་རྟེན་ཡིན་ཏེ། འདི་ལྟ་སྟེ། སྡུད་པའི་ཕྱིར་རོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་ལྟ་བུ་ནི་དཔེར་བརྗོད་པ་ཙམ་དུ་ཟད་དོ།། དེ་ལྟར་ཚིག་གཅིག་ལ་དོན་དུ་མ་བྱུང་བ་ཡིན་ཏེ། གང ་ལ་གང་རིག་པ་དེ་ལ་དེ་བརྗོད་པར་བྱའོ།། ཚིག་དུ་མ་ལ་དོན་གཅིག་པ་ནི་དཔེར་ན་རྣམ་གྲངས་ཀྱི་ཚིག་ལྟ་བུའོ།། གཞན་ཡང་དོན་རྣམ་པ་གསུམ་སྟེ། སོ་སོ་རེ་རེ་ལ་བརྗོད་པར་བྱ་བའི་དོན་དང་། བསྡུས་པའི་དོན ་དེ་དགོས་པའི་དོན་ནོ།། དེ་ལ་སོ་སོ་རེ་རེ་ལ་བརྗོད་པར་བྱ་བའི་དོན་ནི་བརྗོད་པ་གང་གི་བརྗོད་པར་བྱ་བ་ཡང་ཡིན་ཏེ། དཔེར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ལཿརིག་པ་གང་ཞེ་ན། འདུ་བྱེད་རྣམས་གང་ཞེ་ན ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཤད་པ་གང་ཡིན་པའོ།། བསྡུས་པའི་དོན་ནི་དོན་ཐ་དད་པའི་ཚིག་རྣམས་ཀྱི་དོན་བསྡུས་པ་གང་ཡིན་པ་སྟེ། ཇི་ལྟར་སྲིད་པའི་ཡན་ལག་བཅུ་གཉིས་པའི་ཚིག་རྣམས་ཀྱི་མདོར་ཀུན་ནས་ཉོན་མོངས ་པ་གསུམ་པོ་ཉོན་མོངས་པ་དང་། ལས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་བསྟན་པ་ལྟ་བུ་དང་། དེ་བཞིན་དུ་མ་དང་པ་ནི་དད་པ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་ལེན་དུ་འཇུག་པ་ནས། ཤེས་རབ་འཆལ་པ་ནི་ཤེས ་རབ་ཕུན་སུམ་ཚོགས་པའི་བར་ཚིག་འདི་རྣམས་ཀྱིས་ནི་མདོར་ན་འཇུག་པ་དང་བཅས་པའི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཡང་དག་པར་ལེན་དུ་འཇུག་པ་ཡོངས་སུ་བསྟན་པ་ཡིན་ཏེ། འདི་ལྟར་དད་པས ་ཚུལ་ཁྲིམས་ལ་ཚུལ་ཁྲིམས་དང་གཏོང་བ་གཉིས་ཀྱིས་ནི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པས་བསྡུས་པའི་མངོན་པར་མཐོ་བ་འཐོབ་བོ།། ཤེས་རབ་ཀྱིས་ནི་ངེས་པར་ལེགས་པ་འཐོབ་པ་ཞེས་དེ་ལྟ་བུལ ་སོགས་པའོ།། དགོས་པའི་དོན་ནི་རྣམ་གྲངས་གསུངས་པ་རྣམས་ཀྱི་དོན་བརྗོད་པ་གང་ཡིན་པ་སྟེ། དེ་དག་ལ་ནི་སོ་སོ་རེ་རེ་ལ་བརྗོད་པར་བྱ་བའི་དོན་ཀྱང་མེད་ལ། བསྡུས་པའི་དོན་ཀྱང་མེད་དེ། བརྗོད་པར་བྱ་བ་གཅིག་ཏུ ་ཟད་པའི་ཕྱིར་དང་། དེ་བཞིན་དུ་བསྟན་པའི་ཚིག་རྣམས་ཀྱང་བཤད་པ་ལས་བརྗོད་པར་བྱ་བའི་དོན་ཐ་དད་པ་མེད་པའི་ཕྱིར་ཅིའི་ཕྱིར་བསྟོན་པ་བྱས་ཞེས་དགོས་པའི་དོན་བརྗོད་དགོས་ཏེ། ཇི་ལྟར་དགེ་སློང་མོའི་མདོ་སྡེ ་ལས་ཀུན་དགའ་བོ་ཡིད་ཕྱི་རོལ་ཏུ་བཞག་ནས་ཡིད་ཕྱི་རོལ་ཏུ་བཞག་གོ་སྙམ་པ་དང་། དེའི་འོག་ཏུ་སྔ་མ་བཞིན་དུ་མངོན་པར་བསྡུས་ནས་བདག་གི་ཡིད་ཕྱི་རོལ་ཏུ་བཞག་ཅིང་རྣམ་པར་གྲོལ་ལོ་སྙམ་དུ་ཡང་དག་པོ་ཇི ་ལྟ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་བསྟན་པའོ།། ལྷག་མ་ནི་བཤད་པའོ།། དེ་བཞིན་དུ་དགེ་སློང་དགེ་ང་ནི་ཤིན་ཏུ་གཞོན་ནུར་རབ་ཏུ་བྱུང་ངོ་ཞེས་བྱ་བ་ནི་བསྟན་པའོ།། མཆོག་ཏུ་གཞོན་ནུ་དང་རབ་ཏུ་གཞོན་ནུ་ཞེས་བྱ ་བ་ནི་བཤད་པ་ཡིན་ཏེ། རང་བཞིན་དང་དུས་ཀྱི་ཁྱད་པར་གཉིས་ཀྱིས་ཤིན་ཏུ་གཞོན་པ་ཉིད་རྫོགས་པར་བཤད་པའི་ཕྱིར་རོ།། ལྷག་མ་བདེ་བ་ཕུན་སུམ་ཚོགས་པ་ཡང་དག་པ་བསྔགས་པ་ནི་རྒྱུས་པརཱ་བཤད་པ་ཡིན ་ཏེ། མཆོག་ཏུ་རབ་ཏུ་ཤིན་ཏུ་གཞོན་པ་དེ་ཉིད་རྒྱས་པར་བཤད་པའི་ཕྱིར་རོ།། དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་བྱ་བ་ནི ་བསྟན་པའོ།། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་རྒྱུས་པར་འབྱུང་བ་ནི་བཤད་པའོ།། དེ་བཞིན་དུ་ཚེ་དང་ལྡན་པ་དག་བཅུ་གཉིས་པོ་འདི་དག་ནི་ཁོམ་པར་གྱུར་པ་ཡིན་ནོ་ཞེས་འབྱུང་བ ་འདི་ལས་བདག་དང་གཞན་ཕུན་སུམ་ཚོགས་པ་ཞེས་འབྱུང་པོ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ཏེ། བསྟན་པ་དང་བཤད་པ་གཉིས་ཀྱིས་བཅུ་གཉིས་སུ་འགྱུར་ཏེ། དེ་ལྟ་བུ་ལ་སོགས་པ་བསྟན་པའི་ཚིག ་རྣམས་ཀྱི་དགོས་པའི་དོན་ཡང་བརྗོད་དགོས་སོ།། ཇི་སྐད་དུ་ཕུང་པོ་ལྔ་རྣམས་དང་། ནང་གི་སྐྱེ་མཆེད་དྲུག་རྣམས་ཞེས་བྱ་བ་དེ་ལྟ་བུ་ལ་སྩོགས་པ་གྲངས་གསུངས་པ་ལྟ་བུ་དག་ཀྱང་དྲི་དག་གྲི་བརྗོད་པར་བྱ་བའི་དོན་མི་གོ་བ་ནི་མ ་ཡིན་ནོ།། ཅིའི་ཕྱིར་གྲངས་གསུངས་པའི་དགོས་པའི་དོན་ཡང་བརྗོད་དགོས་སོ།། དེ་བཞིན་དུ་ཚིག་གཞན་གང་དག་གི་བརྗོད་པར་བྱ་བའི་དོན་ནི་གྲགས་ན། དེའི་དོན་གྱི་ནུས་པ་ཉིད་ནི་མ་ཡིན་པས་དེ་དག་གིས་དགོས་པའི་དོན ་ཡང་བརྗོད་དགོས་ཏེ། དཔེར་ན་མཉན་ཡོད་ག་ལ་བར་དེར་རྒྱུ་ཞིང་གཤེགས་སོ་ཞེས་བྱ་བའི་བརྗོད་པར་བྱ་བའི་དོན་ནི་འཇིག་རྟོན་ན་གྲགས་ན། ཅིའི་ཕྱིར་སངས་རྒྱས་སམ་ཉན་ཐོས་ལྗོངས་རྒྱུ་ཞིང་གཤེགས་པ་དང་། དེ ་བཞིན་དུ་ཅིའི་ཕྱིར་བཅོམ་ལྡན་འདས་ཟླ་བ་ཕྱེད་དང་གསུམ་ནང་དུ་ཡང་དག་པར་འཇོག་པར་མཛད་པ་དང་། ཅིའི་ཕྱིར་ཚེ་དང་ལྡན་པ་གསུས་པོ་ཆེ་ཆེན་པོ་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས ་པའི་དགོས་པ་ཡང་བརྗོད་དགོས་སོ་ཞེ་ན། དེ་ལ་རྣམ་གྲངས་གསུངས་པ་དག་གི་དགོས་པའི་དོན་ནི་སྔར་བཤད་པར་ཟད་ཀྱི་ལྷག་མ་རྣམས་བརྗོད་པར་བྱ་སྟེ། རེ་ཞིག་བསྟན་པའི་ཚིག་ནི་མངས་འགྲེལ་པའི་དོན་འཛིན་པར་བྱེད་པ ་བཞིན་དུ་བསྟན་པ་ཙམ་གྱིས་དེ་བཤད་པའི་དོན་འཛིན་པར་བྱ་བའི་ཕྱིར་དང་། གདུལ་བ་མགོ་སྨོས་པས་གོ་བ་རྣམས་རྗེས་སུ་བཟུང་བའི་ཕྱིར་དང་། དེ་ལས་གཞན་པ་རྣམས་ལ་ཚེ་ཕྱི་མྱ་ལ་མགོ་སྨོས་པས་གོ་བ་ཉིད་ཀྱིས་བསགས ་པའི་ཕྱིར་དང་། བསྡུ་བ་དང་རྒྱས་པར་བཤད་པ་ལ་མངའ་བོ་དང་ལྡན་པ་ཡང་དག་པ་བསྟན་པའི་ཕྱིར་དང་། གཞན་རྣམས་དེ་ལྟ་བུ་ལ་གོམས་པ་ལས་དེའི་ས་བོན་བསྐྱེད་པའི་ཕྱིར་རོ།། ལུང་ལས་བསྟན་པ་ཙམ་ལ་ནི་རྣལ་འབྱོར། ་པ་རྣམས་ཀྱི་སེམས་མཉམ་པར་གཞག་པ་ཡིན་ན། ཇི་ལྟར་ན་དེ་རྒྱས་པའི་དོན་ཐམས་ཅད་ལ་མཉམ་པར་བཞག་པར་འགྱུར་ཞིག་གུ་ཞེས་དེའི་དོན་དུ་བསྟན་པ་དང་བཤད་པོ་གཉིས་ཀྱིས་བསྟན་ཏོ་ཞེས་འབྱུང་ངོ་།། གྲངས ་གསུངས་པ་ནི་ཁ་ཅིག་ནི་བགྲང་བར་བྱ་བ་ངེས་པར་བཟུང་བའི་ཕྱིར་ཏེ། དཔེར་ན་ཕུང་པོ་ལྔ་རྣམས་དང་། ནང་གི་སྐྱེ་མཆེད་དྲུག་རྣམས་ཞེས་འབྱུང་བ་ལྟ་བུའོ།། གྲངས་སྨོས་པས་མི་བརྗེད་པའི་ཕྱིར་ཁ་ཅིག་ན་བདེ་བླག་དུ ་གཟུང་བའི་ཕྱིར་ཏེ། དཔེར་ན་གང་ལ་ལའི་སེམས་ཉེ་བའི་ཉོན་མོངས་པ་ཉི་ཤུ་གཅིག་གིས་ཉེ་བར་ཉོན་མོངས་པ་ཅན་ཡིན་ན་ཞེས་འབྱུང་བ་དང་། བཅུར་བསྐྱེད་པ་ལས་ཀྱང་། ཆོས་གཅིག་ནི་གཅེས་སྤྲས་སུ་བྱེད་པ ་ཡིན་ཏེ་ཞེས་བྱ་བ་ནས་ས་བཅུའི་བར་དུ་འབྱུང་བ་ལྟ་བུའོ།། ཁ་ཅིག་ནི་གང་དག་རྒྱས་པར་བཤད་པར་དགོས་པས་ཉན་པར་མི་བྱེད་པ་མང་དུ་མཉན་པ་དང་། བཟུང་བས་འཇིགས་པ་ཉན་དུ་གཞུག་པའི་ཕྱིར་ཏེ། ་དཔེར་ན་འདི་དག་ནི་དབང་པོ་གསུམ་པོ་དག་སྟེ། མོའི་དབང་པོ་དང་ཕོའི་དབང་པོ་དང་། སྲོག་གི་དབང་པོ་ཞེས་འབྱུང་བ་ལྟ་བུའོ།། ཁ་ཅིག་ནི་བྱ་བ་མང་པོས་འཇིགས་པ་དག་སྤྲོ་བ་བསྐྱེད་པའི་ཕྱིར་ཏེ། དཔེར་ན་དགེ་སློང་དག་ཆོས ་གཅིག་སྤོངས་ཤིག་དང་ཁྱེད་ཕྱིར་མི་འོང་བར་འགྱུར་བར་ཁས་ལེན་ཏེ་ཞེས་འབྱུང་བ་ལྟ་བུའོ།། ཁ་ཅིག་ནི་གཅིག་གིས་གཅིག་བསྡུ་བ་བསྟན་པའི་ཕྱིར་ཏེ། དཔེར་ན་འདི་དག་ནི་ལྔ་དག་ཏུ་གྱུར་ན་གསུམ་དག་ཏུ་འགྱུར་ལ་གསུམ ་དག་ཏུ་གྱུར་ན་ལྔ་དག་ཏུ་འགྱུར་རོ་ཞེས་འབྱུང་བ་ལྟ་བུའོ།། ཁ་ཅིག་ནི་ཚད་ཤེས་པར་བྱ་བའི་ཕྱིར་ཏེ། དཔེར་ན་བཟང་པོའི་སྡེ་པ་དྲུག་ཅུ་དག་གི་ཚོགས་ཤེས་འབྱུང་བ་ལྟ་བུའོ།། ཁ་ཅིག་ནི་དངོས་པོ་གཅིག་ཏུ་ཤེས་པར་བྱ་བའི ་ཕྱིར་ཏེ། ཆོས་གཉིས་ཀྱི་བྱ་བ་དང་ཟས་དང་གཉེན་པོ་མཚུངས་པའི་ཕྱིར་ན། དཔེར་ན་སྒྲིབ་པ་ལྔ་རྣམས་འབྱུང་བ་ལྟ་བུའོ།། ཁ་ཅིག་ནི་ཉིད་ལ་ལྔ་ནས་སོ་སོ་ཡང་དག་པར་རིག་པར་གྱུར་པའི་དོན་གསུང་པ་ཉིད་དུ་ཡང་དག་པར ་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པ་འམ་གཞན་ལས་ཀྱང་རུང་སྟོ་གར་རིགས་པའོ།། དེ་ལྟ་བུ་ལ་སོགས་པ་ནི་གྲངས་གསུངས་པའི་དགོས་པ་ཡིན་ནོ།། སངས་རྒྱས་རྣམས་རྒྱུ་ཞིང་གཤེགས་པ་ནི་རྒྱུ་བདུན་དག་གིས་རིག ་པར་བྱ་སྟེ། ཡུལ་གཞན་ན་འཁོད་པ་རྣམས་འདུལ་བའི་ཕྱིར་དང་། དེ་ན་འཁོད་པ་རྣམས་སྐོམ་པར་བྱ་བའི་ཕྱིར་དང་། ཉན་ཐོས་རྣམས་གཅིག་ན་ཧ་ཅང་ཡུན་རིང་དུ་གནས་པ་སྤངས་པའི་ཕྱིར་དང་། ཉིད་དེ་ལ་ཆགས་པ་མི་མངའ་བར ་ཡང་དག་པར་བསྟན་པའི་ཕྱིར་དང་། ཡུལ་རྣམས་མཆོད་རྟེན་དུ་འགྱུར་བའི་ཕྱིར་དང་། སྲོག་ཆགས་མང་པོ་རྣམས་དེའི་དྲུང་དུ་བལ་བ་དང་འགྲོ་བ་ལ་སོགས་པས་བསོད་ནམས་བསྐྱེད་པའི་ཕྱིར་དང་། ཡམས་ཀྱི་ནད་དང་ཕན་པ་ལ ་སོགས་པའི་སྐྱོན་རབ་ཏུ་ཞི་བར་བྱ་བའི་ཕྱིར་རོ།། བསྡུས་པའི་ཚོགས་སུ་བཙོད་པ་ནི།། ཡུལ་གཞན་འདུལ་བར་བྱ་ཕྱིར་དང་།། དེ་ན་འཁོད་པ་སྐོམ་བྱའི་ཕྱིར།། ཉན་ཐོས་དུ་མ་གནས་བྱའི་ཕྱིར།། ཆགས་པ་མི་མངའ་བསྟན་ཕྱིར ་དང་།། ཡུལ་རྣམས་མཆོད་རྟེན་འགྱུར་བྱའི་ཕྱིར།། ལུས་ཅན་རྣམས་ཀྱི་བསོད་ནམས་ཕྱིར།། ཡམས་ནད་ལ་སོགས་ཞི་བའི་ཕྱིར།། སངས་རྒྱས་རྒྱུ་ཞིང་གཤེགས་པར་མཛད།། ཉན་ཐོས་དག་ནི་རྒྱུ་བཅོ་ལྔ་དག་གིས་རྒྱུ་བ་ར་རིག ་པར་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱི་ཉེས་དམིགས་ལྔ་དག་སྟེ། ཧ་ཅང་ཡུན་རིང་དུ་གནས་ན་བྱ་བ་མང་ཞིང་བྱེད་པ་མོང་བ་ཡིན་པ་དང་། སྣོད་སྤྱོད་མང་ཞིང་འཚོག་ཆས་མང་བ་ཡིན་པ་དང་། གནས་ལ་སེར་སྣ་བྱེད་ཅིང་གནས ་ལ་ཞོན་པ་ཡིན་པ་དང་། ཁྱིམ་ལ་སེར་སྣ་བྱེད་ཅིང་ཁྱིམ་ལ་ཞེན་པ་ཡིན་པ་དང་། ཆགས་པ་དང་བཅས་བཞིན་དུ་གནས་དེ་ནས་འགྲོ་བར་བྱེད་ངོ་ཞེས་འབྱུང་བའི་ཉེས་དམིགས་ལྔ་བསྟན་པའི་ཕྱིར་དང་། དེ་བཞིན་དུ་ཆོས་གོས ་ལ་སོགས་པ་དང་མི་ལྡན་པའི་ཕྱིར་དང་། མི་དགའ་བས་གནོད་པའི་ཕྱིར་དང་། ནད་ཀྱིས་གཟིར་བའི་ཕྱིར་དང་། འདོད་ཆགས་ཀྱིས་གཟིར་བའི་ཕྱིར་དང་། མི་དང་མི་མ་ཡིན་པས་བྱས་པས་གཞན་གྱིས ་ལུས་དང་སེམས་ལ་གནོད་པ་བྱེད་པའི་ཕྱིར་དང་། རྙེད་པ་ལ་སོགས་པ་འདོད་པའི་ཕྱིར་དང་། གཞན་ལ་དགའ་བའི་ཕྱིར་དང་། གཞན་ལ་སྙིང་རྩེ་བའི་ཕྱིར་དང་། བླ་མ་ལ་ཞེས་བྱ་བའི་ཕྱིར་དང་། ཡུལ་ལ་སྩོགས་པ ་ལ་ལྟང་མོ་ལྟ་བའི་ཕྱིར་དང་། དགེ་པའི་ཕྱོགས་ཁྱད་པར་དུ་བྱ་བའི་ཕྱིར་དང་། ལྟུང་བ་བཤགས་པའི་ཕྱིར་དང་། དཀོན་མཆོག་གསུམ་ལ་བཀུར་སྟི་བྱ་བའི་ཕྱིར་དང་། མཆེད་རྟོན་ལ་ཕྱག་འཚལ་བའི་ཕྱིར་རོ།། བསྡུས ་པའི་ཚོགས་སུ་བཙོད་པ་ནི། ཉེས་དམིགས་ལྔ་དང་མི་ལྡན་དང་།། མི་དགའ་ནད་ཆགས་གནོད་པའི་ཕྱིར།། རྙེད་སོགས་སྲེང་དང་དགའ་བ་དང་།། སྙིང་བརྩེ་བློ་མ་ཞེ་ས་དང་།། ལྟད་མོ་ཁྱད་པར་བྱ་ཕྱིར་དང་།། བཏུང་བ ་དཀོན་མཆོག་བཀུར་སྟིའི་ཕྱིར།། མཆོད་རྟེན་ཕྱག་ནི་བྱ་བའི་ཕྱིར།། དགེ་སློང་རྒྱུ་ཞིང་འགྲོ་བར་བྱེད།། བཅོམ་ལྡན་འདས་ཟླ་བ་ཕྱེད་དང་གསུམ་ནང་དུ་ཡང་དག་པར་འཇོག་པར་མཛད་པ་ནི་ཉན་ཐོས་རྣམས་སྐོམ་པར་བྱ། ་བའི་ཕྱིར་ཏེ། འདིར། ད་ལྟོར་བ་ནི་སྙིང་བརྩེ་བ།། མི་ཆུང་ཆོས་ལའང་སེར་སྣ་མེད།། དཔེ་མཁྱུད་མེད་ཅིང་མི་ནུས་མེད།། དེ་ནི་སྡུག་བསྔལ་རང་བཞིན་མིན།། ངའི་བསྟན་པ་མ་ཟད་ལ།། ཁྱེད་ལས་རེ་བའང་ཡོད་མིན ་ཏེ།། འདུལ་བས་དེའི་ཤེས་མི་ནུས་ཤིང་།། གུས་དང་བཅས་པ་འང་མེད་པས་ན།། དེས་ན་བསྟན་པར་མི་བྱ་བར།། མཁྱེན་ཅིང་སྒོམ་པར་བྱ་བའི་ཕྱིར།། ཟླ་བ་ཕྱེད་དང་གསུམ་དག་ཏུ།། བཅོམ་ལྡན་ནང་དུ་ཡང་དག་འཇོག་ཅེས ་གསུངས་པ་ལྟ་བུའོ།། བསོད་ནམས་ཡེ་ཤེས་ཟང་ཟིང་བསྐྱབ།། དགའ་དང་ཀླན་ཀ་བཙལ་བ་དང་།། བཤྲཱིས་དང་བྱས་གཟོ་ཡོན་གནས་དང་།། དེ་དང་གཞན་དོང་གཉིས་བརྩེ་དང་།། འཇིགས་དང་ལྷུང་མོ་གཉིས་དང་ནི།། ་གཞན་གྱི་རྗེས་སུ་འབྲང་བའི་ཕྱིར།། རྒྱུ་ནི་བཅུ་དང་ལྔ་རྣམས་ཀྱིས།། སོང་བ་ཡིན་པར་རབ་ཏུ་འདོད།། དེ་ན་ཅི་རིགས་པར་རིག་པར་བྱའོ།། རྣམ་པར་བཤད་པའི་རིགས་པ་ལས། ལེའུར་བྱས་པ་དང་པོའོ།། ་བམ་པོ་གཉིས་པ།། འདི་མན་ཆད་ནི་གཞན་དགེ་ལེ་ཚིག་གི་དོན་བཤད་པ་ལ་མཁས་པ་ཉིད་བསྐྱེད་པའི་ཕྱིར་མདོ་སྡེའི་དུམ་བུ་ཁ་ཅིག་གི་ཚིག་ནི་དོན་བཤད་པའི་ཕྱིར་ཕྱོགས་ཕལ་ཆེར་བསྟན་པར་བྱ་སྟེ། སངས་རྒྱས་ཀྱི ་བསྔགས་པ་ལས་བརྩམས་ནས་ནི་འདི་ལྟར་ཡང་བཅོམ་ལྡན་འདས་དེ་ནི་ཞེས་རྒྱས་པར་འབྱུང་བ་དང་། དེའི་ཚེ་ལྷ་དང་བཅས་པ་དང་ཞེས་རྒྱ་ཆེར་འབྱུང་བ་དང་། མདུལ་བ་རྣམས་དུལ་བར་མཛད་པ་ཞེས་རྒྱས་པར་འབྱུང ་བ་དང་། དེ་བཞིན་གཤེགས་པ་ནི་ལམ་མཁྱེན་པ་ལམ་ཐུགས་སུ་ཆུད་པ་ཞེས་རྒྱས་པར་འབྱུང་བ་མདོ་སྡེའི་དུམ་བུ་བཞི་དག་སྟེ། དེ་ལ་མདོ་སྡེའི་དུམ་བུ་དང་པོ་ལས་འབྱུང་བའི་ཚིག་རྣམས་ཀྱི་བསྡུས་པའི་དོན་དེ་ནི། ་བགེགས་བཅོམ་ནས་སྟོན་པ་ཕུན་སུམ་ཚོགས་པ་གང་དུ་གང་གིས། ཇི་ལྟར་གཤེགས་པ་དང་། སྟོན་པའི་ཕྲིན་ལས་གང་ཡིན་པ་དང་། གང་དག་གིས་ཡོངས་སུ་གཟུང་བ་ཞེས་བྱ་བ་འདི་ཡོངས་སུ་བསྟན ་ཏོ། དེ་ལ་བགེགས་ནི་བདུད་སྡིག་ཅན་དུ་འདོད་དེ། དེ་བཅོམ་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ།། སྟོན་པ་ཉིད་ཕུན་སུམ་ཚོགས་པ་ནི་ཇི་ལྟ་བ་བཞིན་དུ་གསུང་བ་ཉིད་དང་སྒྲུབ་པ་ཉིད་དེ། གོ་རིམས་བཞིན་དུ་མ ་ནོར་བར་གསུང་བའི་ཕྱིར་དང་། སྤངས་པ་དང་མཁྱེན་པ་ཕུན་སུམ་ཚོགས་པའི་ཕྱིར་ཏེ་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱང་ཆུབ་པའི ་ཕྱིར་རོ།། གཞན་ཡང་མོ་ནོར་བ་དང་། ཉོན་མོངས་པོ་ཅན་མ་ཡིན་པ་དང་། ཇི་ཙམ་དུ་གསུང་བར་བྱ་བ་གསུང་བ་ཉིད་སྟོན་པ་ཉིད་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཉིད་ཀྱི་རྣམ་པ་གཉིས་ཀ ་ཡང་ཡིན་པར་བསྟན་ཏོ།། གང་གིས་གཤེགས་པ་ཞེས་བྱ་བ་ནི་རིག་པ་དང་། ཞབས་སུ་ལྡན་པ་ཉིད་ཀྱིས་ཏེ། དེ་ལ་རིག་པ་ནི་ཡང་དག་པའི་ལྟ་བ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བའི་ཕྱིར་ཏེ། ཞབས་ནི་ལམ་གྱི་ཡན་ལག ་ལྷག་མ་དག་སྟེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་གཤེགས་པ་ཡིན་པར་བསྟན་པ་ཡིན་ཏེ། མི་མཐོང་བ་འམ་རྐང་པ་མེད་པ་ནི་འགྲོ་བར་མི་ནུས་པས་སོ།། གཞན་ཡང་རིག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན ་གྱི་ཤེས་རབ་ཡིན་ལ། དེའི་ཞབས་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ནི་ཡིན་ཏེ། དེ་ལྟར་ན་བསླབ་པ་གསུམ་པོ་དག་གིས་གཤེགས་པ་ཡིན་པར་བསྟན་པ་ཡིན་ནོ།། ཤེས་རབ་སྔར་སྨོས་པ་ནི་གཙོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེའི ་དབང་གི་ཚུལ་ཁྲིམས་ལ་སོགས་པ་རྩོམ་པ་རྣམ་པར་དག་པའི་ཕྱིར་ལ། རིག་པ་མིག་དང་འདྲ་བས་མཐོང་སྟེ། ཞབས་རྐང་པ་ལྟ་བུས་གཤེགས་པའི་ཕྱིར་ཏེ། གཞན་ཡང་མི་སྐྱོབ་པའི་རིགས་པ་གསུམ་ངག་ནི་རིག་པ་ཞེས ་བྱ་བ་ལ། ཞབས་ནི་ཚུལ་ཁྲིམས་ནས་བཟུང་ནས། མངོན་པར་ཤེས་པ་གསུམ་པོའི་བར་དག་སྟེ། དེ་ལྟར་ན་རིག་པ་གསུམ་ཚོགས་དང་བཅས་པ་རྣམས་ཀྱིས་སྟོན་པ་ཕུན་སུམ་ཚོགས་པ་མཉེས་པར་བསྟན་པ་ཡིན་ནོ།། ཇི་ལྟར ་གཤེགས་པ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པ་དང་། ཇི་ཙམ་དུ་གཤེགས་པར་བྱ་བར་ཏེ། དེས་ན་བདེ་བར་གཤེགས་པ་ཞེས་བྱ་བ་སྟེ། ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དང་། དེ་ལས་གཞན་པ་དགྲ་བཅོམ་པ་དག་ལས་ཁྱད ་པར་དུ་བྱ་བའི་ཕྱིར་རོ།། སྟོན་པ་ཉིད་ཀྱི་ཕྲིན་ལས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་སྐལ་བ་དང་མི་ལྡན་པ་ལ་གཟིགས་པར་མཛད་པ་སྟེ། དེས་ན་འཇིག་རྟེན་མཁྱེན་པ་ཞེས་བྱ་བའོ།། གདུལ་བ་འདུལ་བ་ཡང་ཡིན་ཏེ། དེས ་ན་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱ་སྟེ། སྐྱེས་བུ་འདུལ་བ་ཆུ་ཀླུང་འོད་སྲུངས་དང་། དགའ་བོ་དང་། སོར་མོའི་ཕྲེང་བ་ལ་སོགས་པ་གདུལ་དཀའ་བ་རྣམས་ཀྱང་ཐབས་སླ་བ་དང་ཁ་ན་མ་ཐོ་བ་མེད་པས ་འདུལ་བའི་ཕྱིར་དང་། གཏན་དུ་དོན་གྱི་མཆོག་མྱ་ངན་ལས་འདས་པར་འདུལ་བའི་ཕྱིར་རོ།། གང་དག་གི་ཡོངས་སུ་གཟུང་བ་ཞེས་བྱ་བ་ནི་ལྷ་དང་མི་རྣམས་ཀྱི་བསྟན་པ་ཉིད་ཡོངས་སུ་གཟུང་བ་སྟོན་ཏེ། ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་གསུངས་པའི་ཕྱིར་རོ།། དེ་ནི་ཞེས་གསུངས་པ་དེ་གང་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བ་གསུངས་ཏེ། གང་ཞིག་སངས་རྒྱས་སོ་ཞེས་དེ་ལྟར་གྲགས་པ་སྟེ། གྲགས་པ་དང ་བཅོམ་པ་རྣམ་གྲངས་ཡིན་པའི་ཕྱིར་རོ།། འདིར་བཤད་པ། དབང་ཕྱུག་དང་ནི་གཟུགས་བཟངས་དང་།། གྲགས་དང་དཔལ་དང་ཡེ་ཤེས་དང་།། བརྩོན་འགྲུས་ཕུན་སུམ་ལྡན་པ་ཡི།། དྲུག་པོ་དག་ལ་བཅོམ་ཞེས་བཤད།། གཞན ་ཡང་བསྡུས་པའི་དོན་ནི་དེ་ནི་རྒྱས་པ་དང་མདོར་བསྟན་པའི་ཡོན་ཏན་བསྔགས་པ་ཡིན་ཏེ། རྒྱས་པ་ནི་ཚིག་དགུ་པོ་དག་གིས་ཇི་སྐད་གསུངས་པ་ལྟ་བུའོ།། མདོར་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཤེས་བྱ་ཐམས་ཅད་ཐུགས ་སུ་ཆུད་པའི་ཕྱིར་དང་། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་རབ་ཏུ་འཇོམས་པའི་ཕྱིར་རོ།། མདོ་སྡེའི་དུམ་བུ་གཉིས་པ་ལས་མདོར་ན་བསྟན་པ་དང་བཤད་པ་གཉིས་ཀྱིས་ཉིད་ཀྱི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ ་པ་ལས་རྣམ་པར་གྲོལ་བའི་ཁྱད་པར་སྟོན་པར་མཛད་དེ། དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནི་བསྟན་པ་ཡིན་ཏོ།། དེ་ལ་རྣམ་པར་གྲོལ་བའི་ཁྱད་པར་ནི་ལྷ་དང་མིའི་གཙོ་བོ་དང་། གཙོ་བོ་མ་ཡིན་པ་རྣམས་ལས་རྣམ ་པར་གྲོལ་བ་ལ་སོགས་པས་སྟོན་ཏེ། ལྷ་གཙོ་བོ་རྣམས་ནི་འདོད་པའི་དབང་ཕྱུག་བདུད་རྣམས་དང་། རྣལ་འབྱོར་གྱི་དབང་ཕྱུག་ཚངས་པ་རྣམས་སོ།། མིའི་གཙོ་བོ་རྣམས་ནི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཏེ། རྒྱལ་པོས་ཀྱང ་མཆོད་པའི་ཕྱིར་རོ།། ལྷ་དང་མིའི་གཙོ་བོ་མ་ཡིན་པ་རྣམས་ནི་དེ་ལས་གཞན་པའི་ལྷ་དང་མི་རྣམས་དང་བཅོས་པའི་སྐྱེ་དགུ་སྟེ། ལྷ་དང་བཅས་པའི་འཇིག་རྟེན་དེ་ལས་སོ།། སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བ་རྣམས་ནི ་མ་གྲོལ་བ་དོག་ཡིན་ལ། འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བ་མཐོང་བའི་ཆོས་ལས་ཡོངས་སུ་ཉམས་པོའི་ཆོས་ཅན་རྣམས་ནི་གྲོལ་བ་ནི་ཡིན་ན་ངེས་པར་འབྱུང་བ་དག་ནི་མ་ཡིན་ཞིང་ཡོངས་སུ་མི་ཉམས་པའི ་ཆོས་རྣམས་ནི་གྲོལ་བ་དང་ངེས་པར་འབྱུང་བ་དག་ནི་ཡིན་ན་བྲལ་བ་དག་མ་ཡིན་ཏེ། རུ་སྦལ་གྱི་ཕྲུ་གུ་སྙིས་ཟིན་པ་བཞིན་དུ་བག་ལ་ཉལ་རྗེས་སུ་འབྲང་བའི་ཕྱིར་རོ།། རབ་ཏུ་རྣམ་པར་གྲོལ་བ་དག་ཀྱང་མ་ཡིན་ཏེ། སླར་འོང ་བའི་ཕྱིར་ལ་སླར་འོང་བ་དང་བྲལ་བར་འགྲོ་བ་ནི་རྣམ་པར་གྲོལ་བ་དག་ཡིན་པས་སོ།། དེ་དག་དང་ཆོས་མི་མཐུན་པས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་གྲོལ་བ་ལ་སོགས་པ་ཉིད་སྟོན་པར་མཛད་དོ།། རྣམ་གྲངས་གཞན་ཡང་འདི་ལས ་ཕྱི་རོལ་པ་རྣམས་ནི་ཚངས་པ་དང་བཅས་པའི་འཇིག་རྟེན་གྱིས་དེ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པའི་འཆིང་བ་ཆད་པ་ལས་གྲོལ་བ་ཡང་ཡིན། ས་དེའི་བཙོན་ར་ནས་ངེས་པར་འབྱུང་བ་ཡང་ཡིན་མོད་ཀྱི། ཕྱི་བཞིན ་འབྲང་བའི་མི་ལྟ་བུའི་ཀུན་ཏུ་སྦྱོར་བ་གསུམ་རྣམས་ཀྱིས་བྲལ་བ་མ་ཡིན་པ་ཉིད་དོ།། དེ་ནས་ས་འོག་མ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པའི་འཆིང་བ་དང་། སྐྱེ་བོའི་བཙོན་ར་ནས་རབ་ཏུ་རྣམ་པར་མ ་གྲོལ་བ་ཡང་ཡིན་ཏེ། ཡང་སླར་ལྡོག་པའི་ཕྱིར་རོ།། དེ་དག་ལས་ཁྱད་པར་དུ་བྱེ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་རྣམ་པར་གྲོལ་བ་རྣམ་པ་བཞི་སྟོན་པར་མཛད་དོ།། རྣམ་གྲངས་གཞན་ཡང་འདི་ཡང་ཕྱི་རོལ་པ ་རྣམས་ནི་ས་འོག་མ་པའི་ཉོན་མོངས་པའི་འཆིང་བ་ལས་འགྲོལ་བ་དག་ཀྱང་ཡིན། སྡུག་བསྔལ་གྱི་བཙོན་ར་ནས་ངེས་པར་འབྱུང་བ་དག་ཀྱང་ཡིན་མོད་ཀྱི། ས་གཞན་པའི་ཉོན་མོངས་པ་དང་ཡང་མ་བྲལ་བ་ཡིན་ལ། སྡུག ་བསྔལ་ལས་ཀྱང་རབ་ཏུ་རྣམ་པར་མ་གྲོལ་བ་དག་ཡིན་ཏེ། དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྔ་མ་བཞིན་ནོ།། འདི་ལྟར་ཡང་ཡིན་ཏེ། འདི་ལས་ཕྱི་རོལ་པ་དག་ནི་དེ་ལྟར་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཞིང་སྐྱེ་བའི ་བཙོན་ར་ནས་ངེས་པར་འབྱུང་བ་ཡིན་ལ། དེ་ལས་བྲལ་བ་ནི་མ་ཡིན་ཏེ། པདྨའི་རྩ་བོ་གཅག་པོ་རྩ་བ་རྒྱུད་ཀྱིས་འབྲེལ་པ་བཞིན་དུ་བག་ལ་ཉལ་དང་འབྲེལ་པའི་ཕྱིར་རོ།། རབ་ཏུ་རྣམ་པར་མ་གྲོལ་བ་དག་ཀྱང་ཡིན་ཏེ། ཡང ་ས་དེར་སླར་འོང་བའི་ཕྱིར་རོ།། དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྔ་མ་བཞིན་ནོ།། དེ་དག་ནི་གནས་སྐབས་དེ་དག་ན་བདག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ནས་གྲོལ་བ་ལ་སོགས་པར་མངོན་པའི་ང་རྒྱལ ་ཀྱེ་སེམས་ཕྱིན་ཅི་མ་ལོག་དང་ལྡན་པས་ལན་མང་དུ་གནས་པ་ཡིན་གྱི། བཅོམ་ལྡན་འདས་ལ་ནི་དེ་མི་མངའ་བའི་ཕྱིར་སེམས་ཕྱིན་ཙམ་ལོག་པས་སོ།། དེ་ལྟར་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཁྱད་པར ་སྟན་ནས། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཁྱད་པར་ནི་དེའི་ཚེ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པ་བྱང་ཆུབ་མངོན་པར་སངས་རྒྱས་པར་ཤེས་སོ་ཞེས་བྱ་བ་སྟོན་ཏེ། ཐུགས་སུ་ཆུད་པས་མཁྱེན་པའི ་ཕྱིར་རོ།། མདོ་སྡེའི་དུམ་བུ་གསུམ་པ་ལས་འདུལ་བར་མཛད་པ་ནི་ཉོན་མོངས་པ་སྤངས་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ།། ཞི་བར་མཛད་པ་ནི་ཞི་བའི་ཉོན་མོངས་པར་འཇོག་པའི་བདེ་བར་གནས་པ་ལ་རབ་ཏུ་འཇིག ་པར་མཛད་པའི་ཕྱིར་རོ།། དེ་གཉིས་དང་ལྡན་པའི་ཕྱིར་མདོ་སྡེ་གཞན་ལས་ཐུགས་དུལ་བ་དང་། རྣམ་པར་ཞི་བ་མཆོག་དང་ལྡན་པ་ཞེས་གསུངས་སོ།། དབུགས་འབྱིན་པར་མཛད་པ་ནི་ངན་འགྲོ་ལས་ཡང་དག་པར་འདས་པ་ལ ་རབ་ཏུ་འཇོག་པར་མཛད་པའི་ཕྱིར། ཡོངས་སུ་མྱ་ངན་ལས་འདས་པར་མཛད་པ་ནི་ཡང་སྲིད་པ་ལས་ཡང་དག་པར་འདས་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ།། མདོར་ན་དུལ་བ་དང་དུལ་བའི་ཕན་ཡོན་ལ་རབ་ཏུ་འཇོག ་པར་མཛད་པ་ཉིད་དུ་བསྟན་པ་ཡིན་ཏེ། དུལ་བ་ནི་ཉོན་མོངས་པ་སྤངས་པའོ།། དུལ་བའི་ཕན་ཡོན་ནི་མཐོང་བའི་ཆོས་ལ་ཞི་བའི་བདེ་བར་གནས་པ་དང་ཚེ་ཕྱི་མོ་ལ་ངན་སོང་དང་ཡང་སྲིད་པ་མི་འབྱུང་བའོ།། གཞན་ཡང་གོ་རིམ ་བཞིན་དུ་ཉོན་མོངས་པ་དང་སྡུག་བསྔལ་ལས། གཏན་དང་མ་ལུས་གྲོལ་མཛད་ཕྱིར།། ཕྱི་རོལ་པ་ནི་ག་ཏན་དུའང་མིན།། མཱ་ལུས་ལས་ཀྱང་གྲོལ་བྱེད་མིན།། གཞན་ཡང་ལུས་ངག་དབང་པོ་དུལ་བ་དང་།། ་བསམ་གཏན་བདེན་མཐོང་ཟད་པ་ལ།། འཇོག་ཕྱིར་འདུལ་མཛད་ལ་སོགས་ཉིད།། རིག་བྱ་ནྱ་གྲོ་དྷའི་མདོ་བཞིན།། དེ་ལ་བསམ་གཏན་ནི་ཤེས་བཞིན་དུ་གནས་པ་ལས་བཟུང་ནས་བསམ་གཏན་བཞི་དག་གི་བར་དག་ཡིན་པར ་རིག་པར་བྱ་སྟེ། སྦྱོར་བ་དང་བཅས་པར་གཟུང་བའི་ཕྱིར་རོ།། ལུང་ལས་ནི་འདུལ་བར་མཛད་པ་ནི་དབང་པོ་དུལ་བས་ཚུལ་ཁྲིམས་རྣམ་པར་དག་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ།། ཞི་བར་མཛད་པ་ནི་ཏིང་ངེ་འཛིན་ནི་རྣམ ་པར་དག་པོ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ།། དབུགས་འབྱིན་པར་མཛད་པ་ནི་ཤེས་རབ་རྣམ་པར་དག་པས་དབུགས་འབྱིན་པ་དང་། དབུགས་མཆོག་ཏུ་ཕྱིན་པ་གཉིས་ལོ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ།། ཡོངས ་སུ་མྱ་ངན་ལས་འདས་པར་མཛད་པ་ནི་དེ་ཉིད་ཀྱི་བསིལ་བར་གྱུར་པ་དང་། མཆོག་ཏུ་བསིལ་བར་གྱུར་པ་གཉིས་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ་ཞེས་འབྱུང་ངོ་།། འདིས་ནི་མདོར་ན་རྒྱུ་དང་བཅས་པའི་བསླབ་པ་གསུམ ་ཡོངས་སུ་རྫོགས་པ་ལ་རབ་ཏུ་འཇོག་པ་མཛད་པ་ཉིད་དུ་བསྟན་པ་ཡིན་ནོ།། །། མདོ་སྡེའི་དུམ་པོ་བཞི་པ་ལས་ནི་མདོར་ཚིག་དང་པོ་གཉིས་དང་གསུམ་གྱིས་བཅོམ་ལྡན་འདས་ཀྱི་རང་གི་དོན་ཕུན་སུམ་ཚོགས་པ་དང་། ་གཞན་གྱི་དོན་སྒྲུབ་པ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ།། དེ་ལ་ལམ་མཁྱེན་པ་ལམ་ཐུགས་སུ་ཆུད་པ་ནི་ལམ་དང་ལམ་མ་ཡིན་པ་གཉིས་མཁྱེན་པའི་ཕྱིར་རོ།། ལམ་སྟོན་པ་ལམ་གསུང་བ་ནི་ལམ་དང་ལམ་མ་ཡིན ་པ་གཉིས་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་རོ།། གཞན་ཡང་འཇིག་ཚོགས་ཀུན་འབྱུང་བ་དང་། འགོག་པར་འགྱུར་བ་གཉིས་ཀྱི་སྒྲུབ་པ་གཉིས་ཡོངས་སུ་མཁྱེན་པའི་ཕྱིར་དང་། ཐུགས་སུ་ཆུད་པའི་ཕྱིར་དང་། ཡང་དག་པར ་རབ་ཏུ་སྟོན་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ།། ལམ་ཡོངས་སུ་འདྲེན་པ་ནི་ལམ་མཐོང་བ་རྣམས་ལམ་གྱི་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བས་ལམ་གྱི་མཐར་ཐུག་པར་འདྲེན་པའི་ཕྱིར་རོ།། གཞན་ཡང་ལམ་མཁྱེན་པས་ན ་ལམ་མཁྱེན་པའོ།། ལམ་ཉིད་ཐུགས་སུ་ཆུད་པས་ན་ལམ་ཐུགས་སུ་ཆུད་པའོ།། བསམ་པ་ཡོངས་སུ་སྨིན་པ་རྣམས་ལ་ལམ་སྟོན་པར་མཛད་པས་ན་ལམ་སྟོན་པའོ།། ལམ་ཉིད་དུ་གསུང་བའི་ངང་ཚུལ་ཅན་ཡིན་པས་ན་ལམ ་གསུང་བའོ།། ལམ་ཡོངས་སུ་འདྲེན་པ་ནི་བས་མུ་པ་ཡོངས་སུ་མ་སྨིན་པ་རྣམས་ལ་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་རོ།། གཞན་ཡང་ལམ་མཁྱེན་པ་ནི་དེ ་མཁྱེན་པའི་ཕྱིར་རོ།། ལམ་ཐུགས་སུ་ཆུང་བ་ནི་དེ་བརྙེས་པའི་ཕྱིར་ཏེ། ཐུགས་སུ་ཆུད་པ་ནི་རྙེད་པའི་དོན་ཡིན་པའི་ཕྱིར་རོ།། ལམ་སྟོན་པ་ནི་དེའི་དུས་ན་འགྲོ་བ་རྣམས་ལའོ།། ལམ་གསུང་བ་ནི་དུས་གཞན་ན་འགྲོ་བ ་རྣམས་ལའོ།། ལམ་ཡོངས་སུ་འདྲེན་པ་ནི་དེ་ནས་འགྲོ་བའི་བར་དུ་གཅོད་པ་སེལ་བའི་ཕྱིར་རོ།། ཆོས་ཀྱི་བསྔགས་པ་ལས་བརྩམས་ན་ནི་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཡང་དག་པར ་མཐོང་བ་ཞེས་རྒྱས་པར་འབྱུང་བ་དང་། བཅོམ་ལྡན་འདས་ཀྱི་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ་ཞེས་རྒྱས་པར་འབྱུང་བ་དང་། དགེ་སློང་དག་ངའི་ཆོས་ནི་ལེགས་པར་གསུངས་པ་གསལ་བ་ཆེ་བ ་ཞེས་རྒྱས་པར་འབྱུང་བ་མདོ་སྡེའི་དུམ་བུ་གསུམ་སྟེ། དེ་ལ་མདོ་སྡེའི་དུམ་བུ་དང་པོ་ལས་འབྱུང་བའི་བསྡུས་པའི་དོན་གྱི་ཕྱི་རོལ་པ་དག་གི་ཆོས་ལས་སངས་རྒྱས་པའི་ཆོས་ཁྱད་པར་ཡོངས་སུ་བསྟན་ཏེ། དེ་ལ་ཕྱིན་ཅི་མ་ལོག ་པར་ཡང་དག་པར་གསུངས་པའི་ཕྱིར་ལེགས་པར་གསུངས་པའོ།། དོན་མཐོང་བའི་ཕྱིར་ཡང་དག་པར་མཐོང་བ་ཡིན་གྱི་དད་པ་ཙམ་ཁོང་དུ་ཆུད་པར་བྱ་བ་ནི་མ་ཡིན་ཏེ། ཇི་སྐད་དུ་ས་རིའི་མདོ་ལས་དགེ་སློང་དག་ཁྱེད་ཀྱི་གང ་དང་གང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་ནི་ཞེས་རྒྱས་པར་གསུངས་པ་ལྟ་བུའོ།། ཉོན་མོངས་པའི་བག་ལ་ཉལ་གྱི་གཉེན་པོར་གྱུར་པའི་ཕྱིར་ནང་མེད་པའོ།། ཡོངས་སུ་ཉམས་པ་མེད་པས ་དུས་ཆད་པ་མེད་པ་སྟེ། དུས་ངེས་པ་མེད་པའི་ཕྱིར་རོ།། སྡུག་བསྔལ་མ་ལུས་པ་ལས་ངེས་པར་འབྱུང་བ་ལ་ཉེ་བར་གཏོད་པའི་ཕྱིར་ཉེ་བར་གཏོད་པའོ།། ཐུན་མོང་མ་ཡིན་པའི་ཕྱིར་འདི་མཐོང་བ་ལ་ཡོད་པ་སྟེ། འདི་མཐོང་བ ་རྣམས་ལ་ཡོད་པའི་ཕྱིར་རོ།། བརྟག་མི་ནུས་པའི་ཕྱིར་མཁས་པ་རྣམས་ཀྱི་རང་གི་རིག་པར་བྱའོ།། ཕྱི་རོལ་པ་རྣམས་ཀྱི་ཆོས་ནི་དེ་ལས་བཟློག་པའི་ཕྱིར་རོ།། གཞན་ཡང་དུས་ཐམས་ཅད་དུ་བྱ་སླ་བའི་ཕྱིར་དུས་ཆུད་པ་མེད་པ ་སྟེ། ཇི་སྐད་དུ་སངས་རྒྱས་ཀྱི་གསུང་ནི་འགྲོ་བ་ན་ཡང་བྱ་སླ་བ་ཡིན་ལ་ཞེས་བྱ་བ་རྒྱས་པར་གསུངས་པོ་ལྟ་བུའོ།། སློབ་དཔོན་གྱི་དཔེ་མཁྱུད་དང་བྲལ་བའི་ཕྱིར་ཚུར་ཤོག་ལྟོས་ཤིག་པ་ཡང་ཡིན་ཏོ། ཚུར་ཤོག་ལྟོས་ཤིག་ཅེས་བྱ། ་བྱའི་སྐབས་དབྱེ་བ་དང་ལྡན་པའི་ཕྱིར་ཏེ། ཇི་སྐད་དུ་ངའི་ཉན་ཐོས་ཀྱི་དགེ་སློང་ཚུར་ཤོག་ཅིག་དང་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ།། ལྷག་མ་ནི་སྡོ་མ་བཞིན་ནོ།། འདིར་བཤད་པ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད ་པོ་ནི། ཡང་དགོ་དོན་དང་དོན་ནི་མཐོང་བ་དང་།། གཉེན་པོ་དང་ནི་གཏན་དང་མ་ལུས་དང་།། ཐུན་མོང་མོན་དང་རྟོག་གེའི་ཡུལ་མིན་དང་།། གཞན་ཡང་དེ་ནི་དུས་ཆང་མེད་པའི་ཕྱིར།། བྱ་སླ་བ་དང་ཚུར་ཤོག་ལྟོས་ཤིག་ཅེས།། སློབ ་དཔོན་དཔེ་མཁྱུད་བྲལ་བ་ཤེས་བྱ་ཞིང་།། ལྷག་མ་སྔ་མ་བཞིན་དུ་ཤེས་པར་བྱ།། ལུང་ལས་ནི་ལེགས་པར་གསུངས་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ནོ།། དེ་ལྔ་གཞན་གྱི་རྐྱེན་གྱི་ཁ་ན་མ ་ལུས་པའི་ཕྱིར་ཡང་དག་པར་མཐོང་བའོ།། ཟག་པ་མེད་པ་ཡིན་པའི་ཕྱིར་ནོད་མེད་པའོ།། དུས་ཡོངས་སུ་ཆད་པ་མེད་པའི་ཕྱིརརོ་དུས་ཆད་པ་མེད་པ་སྟེ། ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་རོ།། མྱ་ངན་ལས་འདས་པ ་ལ་ཉེ་བར་གཏོང་བའི་ཕྱིར་ཉེ་བར་གཏོང་བའོ།། ཐུན་མོང་མ་ཡིན་པའི་ཕྱིར་འདི་མཐོང་བ་ལ་ཡོད་པའོ།། བརྗོད་པར་བྱ་བ་མུ་ཡིན་པའི་ཕྱིར་མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱའོ་ཞེས་འབྱུང་བའོ།། ་མདོ་སྡེའི་དུམ་བུ་གཉིས་པ་ལས་ནི་ཕྱི་རོལ་པ་དང་ཆོས་མི་མཐུན་པས་ཆོས་འདུལ་བ་འདིའི་ཡོན་ཏན་ཡང་དག་པར་བསྟན་པ་ཡིན་ཏོ།། ཕྱི་རོལ་པ་དག་གི་ཆོས་འདུལ་བ་ནི་ཉེས་པར་བསྟན་པ་ཉིད་ཀྱིས་ཉེས་པར་བེ་ཤྭད་པ་ཡིན ་ནོ།། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ངེས་པར་མི་འབྱུང་བ་ཡིན་ནོ།། འདུས་པ་དང་མི་ལྡན་པ་ཉིད་ཀྱིས་མི་མཐུན་པོ་ཡིན་ཏེ། འདུས་པ་དང་ལྡན་པ་ནི་ཚོགས་པ་ཡིན་པའི་ཕྱིར་རོ།། སྟོན་པ་དེ་བཞིན་གཤེགས ་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱིས་བརྟེན་པ་མེད་པ་ཡིན། མདོར་ན་སྐྱོན་རྣམ་པ་འདི་བཞི་བསྟན་པ་ཡིན་ཏེ། བསྟེན་པའི་ཆོས་ལ་དོན་ཕྱིན་ཅི་ལོག་པ་ཉིད་ཀྱི་སྐྱོན་དང་། སྒྲུབ་པའི་ཆོས་ལ་མྱ་ངན་ལས་འདས་པར་མི་འགྲོ་བ་ཉིད་ཀྱི ་སྐྱོན་དང་། ཉན་པ་པོ་རྣམས་ལ་བློ་དུ་མ་ལྡན་པའི་སྐྱོན་དང་། སྟོན་པ་ལ་ཐེ་ཚོམ་ཐམས་ཅད་གཅོང་མི་ནུས་པའི་སྐྱོན་ནོ།། རྣམ་གྲངས་གཞན་ཡང་། ཚིག་འབྲུ་བཟང་མིན་དོན་བཟང་མིན།། གྲོལ་དང་རླིག་པའི་ཐབས་མ་ཡིན།། སྔ་མ ་ཕྱི་མ་འགལ་བ་ཡིན།། དེ་བཞིན་བསྡུ་བ་བཞི་དང་ནོ།། བསྟན་པ་བཞི་དག་སྤངས་པ་དང་།། སྟོན་པ་འང་སྟོན་པོའི་མཚན་ཉིད་མེད།། དེ་ལྟར་གཞན་གྱི་བསྟན་བཅོས་དང་།། སློབ་མ་སྟོན་པ་སྐྱོན་ཅན་ཡིན།། ཆོས་འདུལ་བ་འདི་ནི་ཇི ་ལས་བཟློག་པས་སྐྱོན་མེད་པ་ཡིན་ནོ།། དོན་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་རིག་པ་ཡིན་པའི་ཕྱིར་ཆོས་སོ།། ཉོན་མོངས་པ་འདུལ་བའི་ཕྱིར་འདུལ་བའོ།། དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་ནི་ཡང་དག་པའི་ཡེ་ཤེས་དང་སྤངས་པ ་འདྲེན་པ་ཉིད་ཡིན་པར་བསྟན་པ་ཡིན་ནོ།། །། མདོ་སྡེའི་དུམ་བུ་གསུམ་པ་ལས་འབྱུང་བ་ནི་རྣམ་པ་དྲུག་དག་གིས་ཆོས་ཀྱི་ཡོན་ཏ་ནི་ཡོངས་སུ་བསྟན་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པ་ཉིད་དང་། བདེ་བར་འཇུག་པ་ཉིད ་དདྲང་། གོང་ན་མེད་པ་ཉིད་དང་། ལྷ་དང་མིས་ཡང་དག་པར་བཟུང་བ་ཉིད་དང་། ཇི་ལྟར་འོས་པའི་གདུལ་བ་ལ་བསྟན་པ་ཉིད་དང་། སློབ་དཔོན་གྱི་དཔེ་མཁྱུད་མེད་པར་རྒྱུན་ཏུ་བསྟན་པ་ཉིད་ཀྱིས་སོ།། དེ་ལ་བདེ་བར་འཇུག་པ ་ཉིད་ནི་གསལ་བ་ཉིད་ཀྱིས་ཏེ། ཚིག་དང་ཡིག་འབྲུ་གསལ་བའི་ཕྱིར་རོ།། ཕྱེ་བ་ཉིད་ཀྱིས་ཀྱང་ཡིན་ཏེ། དོན་ཤིན་ཏུ་རྣམ་པར་ཕྱེ་བའི་ཕྱིར་རོ།། གོང་ན་མེད་པ་ཉིད་ནི་རྒྱུ་བ་བཅད་པ་ཉིད་ཀྱིས་ཏེ། ཆེས་ཤིན་ཏུ་མཆོག་ཏུ་འགྲོ ་བ་ནི་རྒྱུ་བའོ།། དེ་འདིར་ཡང་དག་པར་ཆད་པས་ན་རྒྱུ་བ་བཅད་པའོ།། ལྷག་མ་གསུམ་ནི་གོ་རིམས་བཞིན་དུ་ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བསྟན་པ་ལས་རིག་པར་བྱའོ།། བསྡུས་པའི་ཚིགས་སུ་བཅད་པ། ་དེ་ཉིད་དོན་ནི་ལེགས་གསུངས་ཕྱིར།། བདེ་བར་འཇུག་ཕྱིར་བླ་མེད་ཕྱིར།། རབ་ཏུ་བཟུང་ཕྱིར་ཇི་ལྟར་འོས།། མ་ལུས་པར་ནི་བསྟན་ཕྱིར་རོ།། ཕྱི་རོལ་པའི་ཆོས་ནི་འདི་ལས་བཟློག་པའི་ཕྱིར་སྟེ། བཅོམ་ལྡན་འདས་ཀྱིས ་ཉིད་ཀྱི་ཆོས་ཀྱི་ཡོན་ཏན་ཐུན་མོང་མ་ཡིན་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ།། །། དགེ་འདུན་གྱི་བསྔགས་པ་ལས་བརྩམས་ནས་ནི། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས། ་པ་ཞེས་བྱ་བའི་མདོ་སྡེའི་དུམ་བུ་སྟེ་འདིས་ནི་ཉན་ཐོས་ཀྱི་དགེ་འདུན་ནི་དགེ་སྦྱོང་གི་ཚུལ་གྱི་དོན་དང་། དགེ་སྦྱོང་གི་ཚུལ་དང་། དགེ་སྦྱོང་གི་ཚུལ་བསྟན་པ་ལས་བརྩམས་ནས་ལེགས་པར་ཞུགས་པ་ཉིད་དུ་སྟོན་ཏོ།། དགེ་སྦྱོང་གི་ཚུལ ་གྱི་དོན་ནི་མྱ་ངན་ལས་འདས་པ་སྟེ། དེར་ཞུགས་པ་ནི་རིགས་པར་ཞུགས་པ་སྟེ། དེ་ཡིས་རིགས་པའི་ཆོས་ནི་བླ་ན་མེད་པ་ཀུན་ཏུ་འཐོབ་པར་འགྱུར་བ་ཉིད་ཡིན་ལ་ཞེས་བྱ་བ་གསུངས་པའི་ཕྱིར་རོ།། ངེས་པའི་ཚིག་ཏུ་ན་གནས་པར ་བྱ་བ་ནི་གནས་ཏེ། རྟག་ཏུ་གནས་སུ་གྱུར་པས་ན་རིགས་པའོ།། དགེ་སྦྱོང་གི་ཚུལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། དེར་ཞུགས་པ་ནི་དྲང་པོར་ཞུགས་པ་སྟེ། བདུད་རྩིའི་སྒོ་ནི་ཕྱེ་མཛད་ཅིང་།། དྲང་པོའི་ལམ་ནི་རླབ ་ཏུ་བསྟན་ཞེས་གསུངས་པའི་ཕྱིར་རོ།། དེ་བཞིན་དུ་དྲང་པོ་ཅི་ཞེ་ན། འཕགས་པའི་ལམ་མོ།། གྱ་གྱུ་བ་ཅི་ཞེ་ན། ལྟ་བ་སྡིག་པ་ཅན་ནོ་ཞེས་འབྱུང་བ་ལྟ་བུའོ།། དགེ་སྦྱོང་རྣམས་ལ་ཡང་དག་པའི་རང་བཞིན་དུ་ཞུགས་པ་ནི ་མཐུན་པར་ཞུགས་པ་སྟེ། ཡང་དག་པའི་རང་བཞིན་ཡང་བྱམས་པའི་ལུས་ལ་སོགས་པའི་ལས་ཀྱིས་མཐུན་པར་གྱུར་པ་ཉིད་དང་། ལོངས་སྤྱོད་དང་། ཚུལ་ཁྲིམས་དང་ལྟ་བ་མཐུན་པ་ཉིད་ཀྱིས་སོ།། དགེ་སྦྱོང་གི་ཚུལ ་བསྟན་པ་ནི་ཆོས་ཡིན་ཏེ། དེ་ལ་ཇི་སྐད་བསྟན་པ་བཞིན་དུ་སྤྱོད་པར་བྱེད་པས་ན་ཆོས་དང་རྗེས་སུ་མཐུན་པར་སྤྱོད་པའོ།། རྣམ་གྲངས་གཞན་གྱི་དོན་གྱི་མཆོག་སྒྲུབ་པ་དང་། ཕྱིན་ཅི་མ་ལོག་པ་སྒྲུབ་པ་དང་། ཐ་མི་དད་པ་སྒྲུབ་པ་དང་། ་ཇི་ལྟར་རྗེས་སུ་བསྟན་པ་བཞིན་དུ་བསྒྲུབ་པ་ལ་བརྩམས་ནས་ལེགས་པར་ཞུགས་པ་ཉིད་དུ་སྟོན་ཏོ།། ལུང་ལས་ནི་མུ་སྟེགས་ཅན་གྱི་འཁོར་རྣམས་ལ་ནི་ལོག་པར་བསྒྲུབ་པ་རྣམ་པ་བཞི་ཡོད་དེ། ཆོས་འདུལ་བ་ཉེས་པར ་བཤད་པ་ལ་ཞུགས་པ་ཉིད་དང་། ཚུལ་འཆོས་པ་ཉིད་དང་། བདག་གི་ལྟ་བ་མཆོག་ཏུ་འཛིན་པ་ཉིད་དང་། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པ་ཉིད་དོ།། དེ་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི ་རིགས་པར་ཞུགས་པས་ན་ཆོས་དང་རྗེས་སུ་མཐུན་པར་སྤྱོད་པའོ།། ཞེས་བྱ་བའི་བར་དུ་འབྱུང་ངོ་།། ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་བརྩམས་ནས་ན་དགེ་སློང་གང་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་ཞེས་བྱ་བ་ནི ་མདོ་སྡེའི་དུམ་བུ་སྟེ། དེ་ལ་ཚུལ་ཁྲིམས་འཆལ་པ་ནི་བའི་ལྟུང་བ་ལྷོག་པར་སྤྱོད་པའི་ཕྱིར་རོ།། སྡིག་པའི་ཆོས་ཅན་ནི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཆུང་གསོན་པའི་ཕྱིར་རོ།། ཁོང་མྱགས་པ་ནི་ཁ་ན་མ་ཐོབ་དེ་འཚོ་བ་བྱའོ ་པའི་ཕྱིར་རོ།། འཛག་པ་ནི་ཀུན་ཏུ་སྤྱོད་པ་མི་སྤོང་བ་ཉིད་ཀྱི་ཕྱིར་རོ།། ཤིང་རལ་པོ་ལྟ་བུ་ནི་དམ་པའི་ཆོས་མི་སྐྱེ་བའི་ཕྱིར་རོ།། བོང་བུ་ལྟར་ཀུན་དུ་སྤྱོད་པ་ནི། ལུང་བོང་ལྟར་ཀུན་ཏུ་སྤྱོད་པའི་ཕྱིར་ཏེ། ཇི་སྐད་དུ་ལུང་བོང་གི་མདོ ་ལས་གསུངས་པ་ལྟ་བུ་སྟེ། ཇི་ལྟར་དུང་གི་ཁ་ཅན་སྐད་པོ་ཆེ་ཞེས་ཚིགས་སུ་བཅད་པ་ལྟ་བུའོ།། དེ་ཡང་རྒྱུ་རྣམ་པ་གཉིས་ཀྱིས་ཏེ། སྡིག་པ་འདོད་པ་ལ་བརྟེན་ནས་དོན་དམ་པའི་དགེ་སྦྱོང་གི་ཚུལ་ཁས་འ ་བའི་ཕྱིར་རམ། འཁྲིག་པ་སྤོང་བར་ཁས་འཆེ་བའི་ཕྱིར་རོ།། མདོར་ན་དགེ་སློང་ཚུལ་ཁྲིམས་ལོག་པར་སྒྲུབ་པ་ལ་སྐྱོན་རྣམ་པ་དྲུག་ཡོངས་སུ་བསྟན་པ་ཡིན་ཏེ། སྦྱོར་བ་ལོག་པའི་སྐྱོན་དང་། བསམ་པ་ལོག་པའི་སྐྱོན་དང་། ་ཁ་ན་མ་ཐོ་བ་དེ་ལས་མི་ལྡང་བའི་སྐྱོན་དང་། ཐལ་བའི་སྐྱོན་དང་། རྟོགས་པའི་སྐལ་པ་མེད་པ་ཉིད་ཀྱི་སྐྱོན་དང་། ལོག་པར་འཚོ་བའི་སྐྱོན་ནོ།། གཞན་ཡང་ཁོང་མྱགས་པ་ནི་རྟོག་པ་མི་བཟང་བ་སྦྲང་རྒྱག་ལ་གནས་པར་བྱེད་པའི ་ཕྱིར་རོ།། འཛག་པ་ནི་དབང་པོ་དྲུག་གི་རྨ་ནས་མི་སྦེད་པའི་ཕྱིར་རོ།། རྣམ་གྲངས་འདིས་ནི་ལོག་པ་རྣམ་པ་དྲུག་ཡོངས་སུ་བསྟན་པ་ཡིན་ཏེ། སྦྱོར་བ་ལོག་པ་དང་། བསམ་པ་ལོག་པ་དང་། གནས་པ་ལོག་པ་དང་། རྒྱུ་བ་ལོག་པ་ད ་སྐོལ་བ་ལོག་པ་དང་། འཚོ་བ་ལོག་པའོ།། །། གཽ་ཏ་མོ་དགྲ་ཁྱེད་ནི་སྐྱེ་དགུ་ཉོན་མོངས་པ་ཅན། སྡུག་བསྔལ་ཅན། མྱ་ངན་ཅན། འཁྲུག་པ་ཅན་ཡིན་ན། ཁྱེད་ཅག་ལ་རྙེད་པ་དགྲ་ནི་ཅི་དག་ཡོད། ལེགས་པར་རྙེད་པ་དྲག་ནི ་ཅི་དག་ཡོད་ཅེས་བྱ་བ་འབྱུང་བ་ནི་མདོ་སྡེའི་དུམ་བུ་སྟེ། དེ་ལ་རྙེད་པ་དག་ནི་ཅི་དག་ཡོད་ཅེས་བྱ་བ་ནི་དགེ་བའི་ཆོས་དང་ལྡན་པ་ཉིད་དུ་སྟོན་ཏོ།། ལེག་པར་རྙེད་པོ་དག་ནི་ཅི་དག་ཡོད་ཅེས་བྱ་བ་ནི་དེ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་སྔོན ་གྱི་དགེ་བའི་འབྲས་བུ་མཱི་ལ་སོགས་པ་རྙེད་པ་ལེགས་པར་རྙེད་པ་མ་ཡིན་པ་ཉིད་དུ་སྟོན་ཏོ།། ཉོན་མོངས་པ་ལ་སོགས་པ་ཅན་ཉིད་ཀྱིས་ནི་སྡུག་བསྔལ་གྱི་རྒྱུ་དང་། སྡུག་བསྔལ་རྣམ་པ་མང་པོ་ལ་སྐྱེ་དགུ་གནས་པར་སྟོན་ཏོ།། དེ་ལ་ཉོན ་མོངས་པ་མང་བ་ཉིད་ཀྱི་ཕྱིར་ཉོན་མོངས་པ་ཅན་ཏེ། ཇི་ལྟར་ཕལ་ཆེར་ཐམས་ཅད་ཆོམ་རྐུན་ཏུ་གྱུར་ཏོ་ཞེས་བྱ་བ་ལྟ་བུའོ།། སྐྱེས་པ་དང་། རྒ་བ་དང་། ན་བ་དེ་། འཆི་བ་དང་། མི་སྡུག་པ་དང་། ཕྲད་པའི་སྡུག་བསྔལ་ཕལ་ཆེ་བ་ཉིད་ཀྱི ་ཕྱིར་སྡུག་བསྔལ་ཅན་ནོ།། སྡུག་པ་དང་བྲལ་བས་མྱ་ངན་མང་བ་ཉིད་ཀྱི་ཕྱིར་མྱ་ངན་ཅན་ནོ།། ཡོངས་སུ་ཚོར་བ་ན་འདོད་པ་མི་རྙེད་པ་མང་བ་ཉིད་ཀྱི་ཕྱིར་འཁྲུག་པ་ཅན་ནོ།། དེ་ནི་དུས་གསུམ་དག་ཏུ་སྡུག་བསྔལ་ལ་སོགས་པ་ཅན ་ན་ཏེ། མི་སྡུག་པའི་དངོས་པོ་དང་ཕྲད་པ་དང་། སྡུག་པའི་དངོས་པོ་དང་བྲལ་བ་དང་། སྡུག་པའི་དངོས་པོ་དང་མི་ལྡན་པས་འཚལ་བ་ནའོ།། ཉོན་མོངས་པ་ཅན་དེ་དག་གསུམ་ཆར་ལ་ཁོང་ཁྲོ་བ་དང་། སྡུག་པའི་དངོས་པོ་དང་ཕྲད་པ ་ལ་འདོད་ཆགས་པས་སོ།། གཞན་ཡང་དབུལ་བ་དང་། ཕྱུག་པ་དང་། འབྲིང་ནི་སྡུག་བསྔལ་ལ་སོགས་པ་ཅན་དང་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། འཚོ་བས་ཕོངས་པ་དང་། རྒུད་པ་དང་། དེས་དགོས་པ་དང་། ཚོགས་ཆེན་པོས ་འཚེ་བ་འབྱོར་པས་གོ་རིམ་བཞིན་ནོ།། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་མིག་གི་རོ་མྱང་བར་བྱེད་པ་ནི་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་ཕྱིར་ནི་བདུད་ཀྱི་དབང་དུ་ཤས་ཀྱིས་སོང་བ་ཡིན་པར་རིག ་པར་བྱ་སྟེ། ཤཱས་ཞེས་བྱ་བ་ནི་ཅུང་ཟད་ཀྱི་དོན་ཡིན་པའི་ཕྱིར་ཤས་ཀྱིས་སེར་སྒྲ་ཞེས་བྱ་བ་བཞིན་ནོ།། དེ་དང་དུ་ལེན་པའི་ཕྱིར་ནི་དབང་དུ་སོང་བའོ།། དེའི་དབང་གིས་ལས་ཀུན་ནས་སློང་བར་བྱེད་པའི་ཕྱིར་ནི་ལག་ཏུ་སོང་། ་བའོ།། དེས་མི་འཛེམ་པའི་ཕྱིར་ནི་ཅི་འདོད་དགུར་བྱ་བའོ།། བདུད་ཀྱི་བཅིང་བ་དོག་གིས་ནི་གནས་སྐབས་དེ་ཐམས་ཅད་དུ་བཅིངས་པའོ།། བདུད་ཀྱི་ཞགས་པ་དག་ལས་ནི་མངོན་སུམ་དུ་མ་གྱུར་པ་ཡིན་ཡང་མ་སྤོངས་པ་དོག་ཡིན་པས་རབ ་ཏུ་མ་གྲོལ་བའོ།། ཐམས་ཅད་ལ་རྣམ་པ་ཐམས་ཅད་འབྱུང་བ་མ་ཡིན་གྱི་རོ་མྱང་བར་བྱེད་པ་དག་ལ་དེ་འབྱུང་བའི་ཕྱིར་གང་ལ་ལ་ཞེས་བྱ་བ་གསུངས་སོ།། དགེ་སྦྱོང་དང་བྲམ་ཟེ་སྨོས་པའི་ཐར་པ་ནི་དེ་དག་གི་དབང་དུ་བྱ་བ་ཡིན་པས ་བཅིངས་པ་ཉིད་ཀྱི་སྐྱོ་བར་བྱ་བའི་ཕྱིར་རོ།། མདོར་ན་འདིར་ཉོན་མོངས་པའི་རྟེན་དང་། དམིགས་པ་དང་། རང་བཞིན་དང་། གནས་སྐབས་ཀྱི་དབྱེ་བ་ལས་ཉེས་དམིགས་བསྟན་པ་ཡིན་ཏེ། དགེ་སྦྱོང་བྲམ་ཟེ་ནི་རྟེན་ཡིན་ནོ།། དམྱིགས་པ་ལ ་སོགས་པ་ནི་དམིགོས་པ་ཡིན་ནོ།། རོ་མྱང་བར་བྱེད་པ་ནི་རང་བཞིན་ཡིན་ཏེ། དེ་ཡང་སྲེད་པ་ཡིན་པར་རིག་པར་བྱའོ།། གནས་སྐབས་ཀྱི་དབྱེ་བ་ནི་རྣམ་པར་དྲུག་སྟེ། ཀུན་ཏུ་སྤྱོད་པ་དང་། དང་དུ་ལེན་པ་དང་། ཟིལ་གྱིས་གནོན་པ་དང་། ཡོན ་ཏན་དུ་ལྟ་བ་དང་། མངོན་དུ་གྱུར་པ་དང་། མ་སྤོངས་པའི་གནས་སྐབས་ཀྱི་དབྱེ་བ་ལས་སོ།། མི་དགེ་བའི་ཆོས་རྣམས་ཡང་དག་པར་བླང་བའི་རྒྱས་མཐོང་བའི་ཆོས་ཉིད་ལ་སྡུག་བསྔལ་བར་གནས་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ ་བུའོ།། དེ་ལ་སྡུག་བསྔལ་བ་ཞེས་བྱ་བ་ནི་བསྟན་པའོ།། ལྷག་མ་ནི་བཤད་པའོ།། དེ་ལ་སྡུག་བསྔལ་དང་བཅས་པ་ནི་ཡོངས་སུ་ཚོལ་བའི་ཚེ་གླང་བ་ན་ལྷགས་པས་སྦྲེབས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བས་སོ།། ཕོངས་པ་དང་བཅས ་པས་ནི་འདོད་པས་ཕོངས་པ་དང་ལྡན་པའི་ཕྱིར་འབྱོར་པ་མེད་པའི་ཚེ་ནའོ།། གནོད་པ་དང་བཅས་པ་ནི་རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་གནོད་པ་དང་ལྡན་པའི་ཕྱིར་ཀུན་ཏུ་བསྲུང་བའི་ཚེ་དབྱུག་པ་དང་མཚོན་ཆའི་གནོད་པ་ལ་སོགས ་པས་སོ།། ཡོངས་སུ་གདུང་བ་དང་བཅས་པོ་ནི་མྱ་ངན་དང་། མི་ཚིམ་པ་དང་ཡིད་ལ་གཅགས་པའི་ཡོངས་སུ་གདུང་བ་དང་ལྡན་པའི་ཕྱིར་ཏེ། རྒུད་པ་དང་། ལོངས་སྤྱོད་དང་། འཆི་བའི་དུས་དག་ཏུ་སྟེ་གོ་རིམས་བཞིན་ནོ།། སྲོག་གཅོད ་པ་ཀུན་ཏུ་བསྟན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་ཤེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཀུན་ཏུ་བསྟེན་ཅིང་ཞེས་བྱ་བ་ནི་བྱིས་པ་ཉིད་དུ་སྟོན་ལ། བསྒོམས་ལ་ལན་མྱང་དུ་བྱས་པས་ཤེས་བྱ་བ་ནི་བསགས་པ་ཉིད་དེ ་བརྩོན་པ་དང་། ཕྱིར་ཞིང་བྱེད་པ་གཉིས་བསམ་པོ་དང་སྦྱོར་བས་དེ་རྟོས་པར་བྱེད་པའི་ཕྱིར་རོ།། འདི་ལ་བསྒོམས་པ་བྱས་པ་དང་། སྒོམ་པ་བྱུང་བས་སམ་ངེས་པའི་ཚིག་གིས་ན་བསྒོམས་པར་གྱུར་པས་ན་བསྒོམས་པ་སྟེ། བསམ ་པ་ཉིད་ཀྱིས་ཏེ། ཇི་སྐད་དུ། སྡིག་པ་བྱས་པར་གྱུར་ན་ཡང་།། དེ་ལ་ཡང་དང་ཡང་མི་བྱ།། སྡིག་པ་ཀུན་བསག་སྡུག་བསྔལ་ལས།། འདི་ལ་འདུན་པ་མི་བྱའོ་ཞེས་གསུངས་པ་ལྟ་བུའོ།། འདིར་འདུན་པས་ནི་བརྩོན་པ་སྟོན་ཏོ།། ཡང ་དང་ཡང་དུ་བྱེད་པ་དང་། འདུན་པར་བྱེད་པས་ནི་བསགས་པ་ཡིན་ཏེ། ཀུན་ཏུ་བསགས་པའི་རྣམ་གྲངས་ཀྱི་ཡིན་ནོ།། བསགས་པའི་ལས་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་ངེས་པར་འགྱུར་རོ།། ཁ་ཅིག་ལ་ནི་བྱས ་པ་ཡང་འགྱུར་ཏེ། སྐལ་བ་ཆུང་བའི་ཕྱིར་དང་། ཞིང་དང་སེམས་པའི་ཁྱད་པར་ལས་སོ།། གལ་ཏེ་ཀུན་ཏུ་བསྟེན་པ་ལ་སོགས་པས་བྱས་པ་དང་བསགས་པ་ཉིད་དུ་སྟོན་ན། མི་སྡུག་པ་ཀུན་ཏུ་བསྟེན་ཞིང་བསྒོམས་ལ་ལན་མང་དུ་བྱས ་པས་ནི་འབྲས་བུ་ཆེན་པོར་འགྱུར་རོ་ཞེས་བྱ་བ་ཇི་ལྟར་རུང་ཞེ་ན། དེ་ལ་ཡང་བརྩོན་པ་དང་། ལན་མང་དུ་བྱ་བ་བྱ་དགོས་སོ།། འདི་ལྷོར་ཡང་ཡིན་ཏེ། དེ་ལ་སྐྱེ་བ་དང་གནས་པ་དང་འཕེལ་བ་དང་ལྡན་པར་ཡང་སྟོན་ཏོ།། གཞན་ཡོང ་སྦྱོར་བ་དང་། རྙེད་པ་དང་། འགྲུབ་པའི་གནས་སྐབས་སོ།། གཞན་ཡང་སྟོབས་དང་སྐབས་དང་བཅས་པོ་དང་། སྐབས་མེད་པ་འབྱུང་བའི་ཡིད་ལ་བྱེད་པའི་གནས་སྐབས་ཏེ། ཏིང་ངེ་འཛིན་མ་ཐོབ་པ་དང་། ཐོབ་པ་དང་། གོམས ་པ་ནའོ།། གཞན་ཡང་རྣལ་འབྱོར་སྤྱོད་པ་རྣམ་པ་གསུམ་གྱི་གནས་སྐབས་ཡིན་ཏེ། རྣལ་འབྱོར་སྤྱོད་པ་རྣམ་པ་གསུམ་ནི་ལས་དང་པོ་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། ཡིད་ལ་བྱེད་པ་ལས་འདས་པའོ།། རྣམ་གྲངས་གཞན ་ཡང་མངོན་སུམ་དུ་བྱེད་པའི་ཕྱིར་དོང་། སེམས་ལ་དེའི་ས་བོན་རྣས་པར་བྱེད་པའི་ཕྱིར་དང་། རྟས་པ་དེ་ཕྱིར་ཞིང་མངོན་དུ་གྱུར་པ་ཉིད་ཀྱི་ཕྱིར་ཀུན་ཏུ་བསྟན་པ་ལ་སོགས་པ་གསུམ་ཡིན་ནོ།། བརྗོད་པར་བྱ་བ་རྣམ་པ་དུ་མ་ཡིན ་ཀྱང་བརྗོད་པ་ནི་གཅིག་ཡིན་ནོ་ཞེས་བྱ་བ་དེ་ནི་བསྒྲུབས་ཟིན་ཏོ།། སྒྲིབ་པ་ལྔ་པོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ལྷ་ཁོ་ནའི་དགོས་པ་ནི་ཏིང་ངེ་འཛིན་ལ་སྦྱོར་བ་ལ་སྒྲིབ་པ་གཉིས་ཡིན་ནོ།། ཏིང་ངེ་འཛིན་དུ་ཞུགས་པའི་སྒྲིབས ་པ་ནི་གསུམ་ཡིན་ཏེ། སེམས་ནང་དུ་སྡུད་པའི་ཕྱིར་དང་། ཕྱི་རོལ་དུ་རྣམ་པར་གཡོང་བའི་ཕྱིར་དང་། ཡང་དག་པར་སྦྱོར་བ་ལ་ངེས་པ་ནི་མི་རྙེད་པའི་ཕྱིར་རོ།། གཞན་ཡང་ཞི་གནས་དང་ལྷག་མཐོང་ལ་སྦྱོར་བའི་སྒྲིབ་པ་ནི་སྒྲིབ་པ ་གཉིས་ཡིན་ལ། ཞི་གནས་ལ་ཞུགས་པའི་ནི་ཞུམ་པའི་སྐྱོན་ཡོད་པའི་ཕྱིར་ཞི་གནས་ཀྱི་སྒྲིབ་པ་ནི་གཅིག་ཡིན་ཞིང་། ལྷག་མཐོང་ལ་ཞུགས་པ་ཡི་ནི་རྣམ་པར་མ་ཞི་བ་དང་། མ་ངེས་པའི་སྐྱོན་ཡོད་པའི་ཕྱིར་ལྷག་མཐོང་གི་སྒྲིབ་པ་ནི ་གཉིས་སོ།། གཞན་ཡང་ཚུལ་ཁྲིམས་ཀྱི་སྒྲིབ་པ་ནི་གཉིས་ཏེ། འདོད་ཚོགས་དང་། ཞེ་སྡང་གཉིས་ཀྱིས་འཆལ་པའི་ཚུལ་ཁྲིམས་ཀུན་ནས་སློང་བར་བྱེད་པའི་ཕྱིར་རོ།། ཏིང་ངེ་འཛིན་གྱི་སྒྲིབ་པ་ཡང་གཉིས་ཏེ། སེམས་ནང་དུ་སྡུད་པའི ་ཕྱིར་དང་། ཕྱི་རོལ་ཏུ་རྣམ་པར་གཡེང་བའི་ཕྱིར་རོ།། ཤེས་རབ་ཀྱི་སྒྲིབ་པ་ནི་གཅིག་སྟེ། ཡང་དག་པར་ངེས་པ་མི་རྙེད་པའི་ཕྱིར་རོ།། ལུང་ལས་ཚུལ་ཁྲིམས་ཀྱི་སྒྲིབ་པ་ནི་གཅིག་སྟེ། ཚངས་པར་སྤྱོད་པ་ལས་ཉམས་པར་བྱེད་པའི་ཕྱིར ་རོ།། གདམ་ངག་གི་སྒྲིབ་པ་ཡང་གཅིག་སྟེ། དེས་ཚིག་མི་བཟོད་པའི་ཕྱིར་རོ།། ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་དུས་དག་ཏུ་དེ་འགྲུབ་པའི་སྒྲིབ་པ་གསུམ་མོ་ཞེས་འབྱུང་ངོ་།། སྨྱོ་རྩལ་ཤེས་དག་གསུམ་པོ་འདི་དག་ནི ་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང་ཀུན་འབྱུང་བ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ལས་ཀྱི་གཞི་དང་ཀུན་འབྱུང་བ་དག་ཅེས་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་དང་། རྗེས་སུ་འཇུག་པར་བྱེད་པའི་རྒྱུ ་སྟོན་པ་ཡིན་ཏེ། ཆགས་པ་ལ་སོགས་པ་གང་དང་དུ་ལེན་པ་ནི་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་དང་། གང་གིས་མི་འཛེམ་པ་ན་ཉེས་པར་སྤྱོད་པ་ལས་མི་ལྡོག་པ་ཡིན་ནོ།། དེ་ལྟར་ན་དེ་བྱས་པ་དང་བསགས་པ་ཡིན་ནོ།། ་གཞན་ཡང་ཆགས་པ་ལ་སོགས་པ་ནི་ཀུན་ཏུ་སྤྱོད་པའི་གནས་སྐབས་དང་ཟིལ་གྱིས་གནོན་པའི་གོནས་སྐབས་ཀྱང་ཡིན་པར་སྟོན་ཏོ།། དེ་ཉིད་ཀྱི་ཕྱིར་ཆགས་པས་དད་ཆགས་པས་ཟིལ་གྱིས་གནོན་པ་ཞེས་བྱ་བ་གསུངས་ཏེ། ་ཟིལ་གྱིས་མ་ནོན་ན་ནི་དེས་དེ་ལས་སྐྱེས་པའི་ལས་སློང་བར་མི་བྱེད་དོ།། གཞན་ཡང་སྦྱོར་བའི་གནས་སྐབས་དང་། མཐར་ཐུག་པའི་གནས་སྐབས་ཀྱང་ཡིན་ནོ་ཡིད་ཀྱི་ཉེས་པར་སྤྱོད་པ་ལ་སྦྱོར་བའི་སྐབས་གང་ཡིན་ཞེ་ན། ཆགས ་པ་ལ་སོགས་པ་གང་གིས་གཞན་གྱི་རྫས་བདག་གིར་བྱ་བ་ལ་སོགས་པ་ལ་ཕྱིས་ངེས་པ་རྙེད་པའོ།། གཞན་ཡང་ཆགས་པ་ལ་སོགས་པ་ནི་ལུས་དང་དྲག་དང་ཡིད་བྱེད་པ་དང་སྨྲ་བ་དང་རྟོག་པའི་གཞི་སེམས་ཀྱི་ཀུན་འབྱུང ་བདག་གོ།། དེ་ལྟ་ན་མི་དཀར་པོའི་ཕྱོགས་ལ་ཡང་ཀུན་ནས་འབྱུང་བ་སྨོས་པར་འགྱུར་རོ།། རྣམ་གྲངས་དང་པོ་དག་ཏུ་ནི་གཞི་ཟད་པ་ཞེས་འབྱུང་བ་ཉིད་ཀྱིས་ཀུན་འབྱུང་བ་ཟད་པ་ཡང་རབ་ཏུ་གྲུབ་པའི་ཕྱིར་ན་མི་འགྱུར་ལོ།། ་བཙུན་པ་འོད་སྲུངས་པའི་གཞུང་ལས། གཞི་གསུམ་དག་ནི་ལས་ཀུན་འབྱུང་བར་བྱ་བའི་ཕྱིར་ཞེས་འདོན་པ་དེ་དག་གི་ལྟར་ན་ཟློས་པའི་སྐྱོན་ཡང་མེད་པ་ཁོ་ན་ཡིན་ནོ།། མ་ཆགས་པ་ལ་སོགས་པ་ཡང་དགེ་བའི་རྩ་བ་ཡིན་པའི ་ཕྱིར་ལས་ཀྱི་གཞི་དང་ཀུན་འབྱུང་བ་དག་ཅེས་ཅིའི་ཕྱིར་མ་སྨོས་ཤེ་ན། ཆགས་པ་ལ་སོགས་པའི་གཉེན་པོ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཏེ། གཞན་དུ་ན་ནི་དེ་དག་གི་གཉེན་པོ་ཡང་དག་པར་མ་བསྟན་པར་འགྱུར་རོ།། དེ་ལྟར་ན ་རྣམ་པར་རྟོག་པ་འདི་དག་ནི་མི་དགེ་བ་རྣམས་དང་། སྡུག་བསྔལ་བ་རྣམས་དང་། འཕགས་པ་མ་ཡིན་པ་རྣམས་དང་། དོན་མེད་པ་དང་ལྡན་པ་རྣམས་སོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་མི་དགེ་བ་རྣམས་ནི་འབྲས་བུ་མི་སྡུག་པའི ་ཕྱིར་རོ།། སྡུག་བསྔལ་བ་རྣམས་ནི་མཐོང་བའི་ཆོས་ལ་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ།། འཕགས་པ་མ་ཡིན་པ་རྣམས་ནི་དགེ་བའི་ཆོས་ཡོངས་སུ་ཉམས་པར་འགྱུར་བ་ཉིད་ཀྱི་རྣམ་པར་བྱང་བ་དང་འགལ་བ་ཅན་ཉིད་ཡིན་པའི ་ཕྱིར་རོ།། དོན་མེད་པ་དང་ལྡན་པ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་མཐུན་པའི་ཕྱིར་རོ།། མི་དག་འདོད་པ་དག་རྣམས་ནི་མི་གཙང་བ་རྣམས་དང་། དྲི་མི་ཞིམ་པ་རྣམས་དང་། དྲི་མ་ཞམ་པ་རྣམས་དང་། དྲི་ང་བ་རྣམས་དང་། མི་མཐུན་པ་རྣམས ་ཡིན་ནོ།། ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་འཁྲིག་པའི་གཞིའི་འདོད་པ་རྣམས་ནི་མི་གཙང་བ་རྣམས་ཏེ། ལུས་དྲི་མ་ཅན་དུ་འགྱུར་བ་ཉིད་ཀྱིས་བཀྲུ་དགོས་པའི་ཕྱིར་རོ།། དྲི་མི་ཞིམ་པ་རྣམས་ནི་གཅིན་དང་ཕྱིས་འཛག་པའི་ཕྱིར། ་རོ།། དྲུང་པ་རྣམས་ནི་རང་བཞིན་གྱིས་ཤ་དང་ཁྲག་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ།། མི་མཐུན་པ་རྣམས་ནཱི་རྫུས་རེ་རེ་ཡང་སྐྲག་བྲོ་བའི་གཞི་ཡིན་པའི་ཕྱིར་དང་། འཁྲིག་པ་བསྙེན་པའི་མཇུག་པ ་མི་མཐུན་པ་སྐྱེ་བའི་ཕྱིར་རོ།། དེ་ལྟར་ན་ཚིག་གཅིག་དང་གཉིས་ཀྱིས་འདོད་པ་རྣམས་ཀྱི་འབྲེལ་པ་དང་། འཛག་པ་དང་། རང་གི་མཚན་ཉིད་ཀྱི་སྐྱོན་ཡོངས་སུ་བསྟན་པ་ཡིན་ནོ།། འདིར་ཡོད། འདི་ལྟར་འདོད་པ་མི་གཙང་རྣམས།། ་དྲི་མར་འགྱུར་བས་བཀྲུ་བ་དང་།། ཆུ་སེར་གཅིན་སྐྲག་དྲི་མི་ཞིམ།། དྲི་ང་རྣམས་ནི་རང་བཞིན་གྱིས།། མི་མཐུན་རྣམས་ནི་རྫས་རེ་ཡང་།། གང་ཕྱིར་དེ་དག་སྨད་པ་དང་།། འཁྲིག་པ་བརྟེན་པའི་མཇུག་ཏུ་ཡང་།། མི་མཐུན་པ་ནི་སྐྱེ་ཕྱིར་རོ་ཞེས ་བྱ་བ་སྨོས་སོ།། གཞན་ཡང་མི་གཙང་བ་ཉིད་རྣམ་པ་གཉིས་ཏེ། རྣག་མི་གཙང་བ་ཉིད་དང་། ཉོན་མོངས་པ་མི་གཙང་བ་ཉིད་དེ། ཇི་སྐད་དུ། ལུས་འདི་ཉིད་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་སོ་སོར་རྟོག་གོ་ཞེས་གསུངས་པ་ལྟ ་བུའོ།། ཉོན་མོངས་པ་མི་གཙང་བ་ཉིད་ནི་ཇི་སྐད་དུ། མིག་ཆུང་མི་གཙང་བར་བྱེད་པ་ཞེས་འབྱུང་བ་ལྟ་བུའོ།། དེ་ཕྱིར་རྣག་མི་གཙང་བ་ཉིད་ཡང་དག་པར་བསྟན་པའི་ཕྱིར་དྲི་མི་ཞིམ་པ་རྣམས་ཞེས་བྱ་བ་གསུངས་སོ།། དྲི་མི་ཞིམ་པ་ཉིད་ཀྱི ་རྣམ་པའི་ཁྱད་པར་བསྟན་པའི་ཕྱིར་དྲི་ང་བ་རྣམས་ཞེས་བྱ་བ་གསུངས་སོ།། མི་མཐུན་པ་རྣམས་ནི་སྔ་མ་བཞིན་ནོ།། མི་གཙང་བ་མ་བརྗོད་ན་ནི་རྣག་མི་གཙང་པ་ཉིད་ཀྱི་དྲི་མི་ཞིམ་པའི་མཚན་ཉིད་མ་བསྟན་པར་འགྱུར་བས་སོ།། དྲི་མི ་ཞིམ་པ་མ་བརྗོད་ན་ནི་དྲི་ང་བ་སྨད་པ་ཉིད་དུ་མ་བསྟན་པར་འགྱུར་བས་སོ།། ལུང་ལས་ནི་མི་གཙང་བ་རྣམས་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ཏེ། དེ་ལ་མདོར་ན་འདོད་པ་དག་ནི་རྣམ་པ་གཉིས་དག་སྟེ། ཁ་ཟས་ཀྱི ་འདོད་པ་རྣམས་དང་། འཁྲིག་པའི་འདོད་པ་རྣམས་ཏེ། ཇི་སྐད་དུ་རལ་པ་ཅན་གྱི་མདོ་སྡེ་ལས།། ཟས་རྣམས་དང་ནི་སྐོམ་རྣམས་དང་།། ཡང་ན་དེ་བཞིན་རོ་རྣམས་དང་།། བུད་མེད་རྣམས་ནི་འདོད་རྣམས་ཡིན།། འདི་ན་ཁ་ཅིག་འཆི་ཞེས་གསུངས ་བ་ལྟ་བུའོ།། དེ་ལ་ཁ་ཟས་ཀྱི་འདོད་པ་རྣམས་ནི་ཡོངས་སུ་འགྱུར་པ་ཉིད་ཀྱིས་དྲི་མི་ཞིམ་པ་རྣམས་དང་། དྲི་ང་བ་རྣམས་ཏེ། གཅིན་དང་ཕྱི་སའི་དངོས་པོ་དང་། ཤ་ལ་སོགས་པའི་དངོས་པོར་ཡོངས་སུ་འགྱུར་བའི་ཕྱིར་རོ།། འཁྲིག་པའི ་འདོད་པ་རྣམས་ནི་ཡོངས་སུ་འགྱུར་བ་ཉིད་ཀྱིས་མི་མཐུན་པ་རྣམས་ཏེ། ཡོངས་སུ་གདུང་བ་དང་བྲལ་ན་མི་མཐུན་པ་སྐྱེ་བའི་ཕྱིར་རོ།། ཞེས་འབྱུང་ངོ་།། འདོད་པའི་རྒྱུ་དང་འདོད་པའི་གཞི་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཉོན་མོངས ་འི་འདོད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འདུན་པ་དང་འདོད་ཆགས་སོ།། གཞིའི་འདོད་པ་ཡང་རྣམ་པ་གཉིས་ཏེ། ཐོབ་པ་དང་། མེ་ཐོབ་པའོ།། དེ་ལ་འདོད་པའི་རྒྱུ་དང་འདོད་པའི་གཞི་ཉོན་མོངས་པའི་འདོད་པ་རྣམ་པ་གཉིས་ཀྱིས ་སོ།། འདོད་པའི་དབང་དུ་བྱ་བ་དང་། འདོད་པ་རྣམས་ཁོ་ནའི་རྒྱུ་ཞེས་བྱ་བ་ནི་གཞིའི་འདོད་པ་རྣམ་པ་གཉིས་ཀྱི་དོན་དུ་སྟེ། ལུས་དེ་ལྟར་ན་རྒྱུ་གང་གིས་དང་གང་གི་དོན་དུ་རྩོད་པ་དེ་ཡོངས་སུ་བསྟན་པ་ཡིན་ནོ།། ཆགས་པ་དང་། ཞེན ་བ་དང་། འཆུམས་པ་དང་། མདུང་པ་བོར་བ་དང་། བརྒྱལ་བ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཞེན་པར་གྱུར་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་སྐྱེས་པའི་ཕྱིར ་དང་། སྐྱེས་པ་དང་དུ་ལེན་པའི་ཕྱིར་དང་། ཐོབ་པ་དང་། ལོངས་སྤྱོད་འདོད་པའི་ཕྱིར་དང་། དེའི་ཐབས་ལ་ལན་མང་དུ་རྗེས་སུ་རྣམ་པར་རྟོག་པའི་ཕྱིར་དང་། ཉེས་དམིགས་མི་མཐོང་བའི་ཕྱིར་དང་། ཡོངས་སུ་གཟུང་བ་ཀུན་ཏུ་འཛིན་པ་སྐྱེ ་བའི་ཕྱིར་དང་། མོ་ཚིམ་པ་ཉིད་ཀྱི་རྒྱུས་དེ་བསྟེན་པ་ལ་སེམས་གཞོལ་བས་ལོན་མང་དུ་གནས་པའི་ཕྱིར་གོ་རིམས་བཞིན་དུ་རིག་པར་བྱའོ།། འདོད་པ་ལ་འདོད་ཆགས་དང་། ལྷག་པར་ཞེན་པ་དང་། རྣམ་པར་བཅིངས་པ་དང་། ་ཡོངས་སུ་ཞེན་པ་དང་། ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། ཀུན་ཏུ་སྤྱོད་པ་དང་། དང་དུ་ལེན་པ་དང་། ཟིལ་གྱིས་གནོན་པ་དང་། དེས་མི་འཛེམ་པ་དང་། དེ་ལ་ཀུན་ཏུ་དགའ་བ་ཉིད་དང་གོ་རིམས་བཞིན་ནོ།། ་གཞན་ཡང་རང་གི་འདོད་པ་ལ་མངོན་པར་དགའ་བ་དང་། ཡོངས་སུ་བཟུང་བ་དང་། མི་འབྲལ་བར་འདོད་པ་དང་། གཞན་གྱི་འདོད་པ་ལ་མངོན་པར་དགའ་བར་བྱེད་པ་དང་། ཀུན་ཏུ་འདོད་ཆགས་པ་གཉིས་ཏེ། འདོད་པ་ལ་འདོད་ཆགས ་དང་། ལྷག་པར་ཞེན་པ་དང་། རྣམ་པར་བཅིངས་པ་དང་། ཡོངས་སུ་ཞེན་པ་དང་། ཀུན་ཏུ་འདོད་ཆགས་དང་གོ་རིམས་བཞིན་ནོ།། ལྟ་བ་རྣམས་ལ་ཡང་ལྟ་བ་ལ་འདོད་ཆགས་དང་། ལྷག་པར་ཞེན་པ་དང་། རྣམ་པར་བཅིངས་པ ་དེ་ནི་དེ་བཞིན་ནོ།། ལྟ་བ་ནི་མི་མཐུན་པ་རྣམས་ཡིན་ན་ནི་རང་གི་ལྟ་བར་མངོན་པར་དགའ་བར་བྱེད་པས་ཡོངས་སུ་ཞེན་པའོ།། ལྟ་བ་མཐུན་པ་དག་ཡིན་ན་ནི་དེའི་ལྟ་བ་ལ་རྗེས་སུ་ཆགས་པས་ཀུན་ཏུ་འདོད་ཆགས་སུ་རིག་པར་བྱའོ།། དེ་ལྟ་བུའི ་ཚིག་རྣམས་ནི་རྣམ་གྲངས་སུ་གསུངས་པ་ཡིན་ཀྱང་ཉེས་པ་མེད་དེ། དགོས་པ་དང་བཅས་པ་ཡིན་པའི་ཕྱིར་སྔར་ཇི་སྐད་བཤད་པ་ལྟ་བུའོ།། དགེ་སློང་དག་སེམས་ཅན་དེ་དག་ལ་ནི་དོན་སྤྱོད་པ་མེད། ཆོས་སྤྱོད་པ་མེད། བསོད་ནམས ་སྤྱོད་པ་མེད། དགེ་བ་སྤྱོད་པ་མྱེད། ངག་ལེགས་སྤྱོད་པ་མེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། མདོ་སྡེའི་དོན་འཚོལ་བ་དང་། ཉན་པ་དང་། སེམས་པ་དང་། རབ་ཏུ་སྟོན་པ་དག་ནི་དོན་སྤྱོད་པའོ།། ཆོས་འཚལ་པ་དང་ཉན་པ་དང་ཀློག་པ ་དང་འདོན་པ་དང་སྟོན་པ་ནི་ཆོས་སྤྱོད་པའོ།། དེ་གཉིས་ཀ་ལ་བརྟེན་ནས་མངོན་པར་མཐོ་བ་ལས་བརྩམས་ཏེ། བསོད་ནམས་ཀྱི་ལས་བྱེད་པ་ནི་བསོད་ནམས་སྤྱོད་པའོ།། མི་གཡོ་བའི་ལས་བྱེད་པ་ནི་དགེ་བ་སྤྱོད་པ་སྟེ་མི་དགེ་བ ་སྤངས་པའི་ཕྱིར་རོ།། ངེས་པར་ལོགས་པ་ལས་བརྩམས་ཏེ་བྱང་ཆུབ་ཀྱི་ཕྱོགས་སྒོམ་པ་ནི་དགེ་ལེགས་སྤྱོད་པ་སྟེ། དྲི་མ་མེད་པའི་ཕྱིར་དང་། ཡོངས་སུ་ཉམས་པ་མེད་པ་ཉིད་ཀྱིས་འགྱུར་བ་མེད་པའི་ཕྱིར་རོ།། གཞན་ཡང་སྦྱིན་པ ་ནི་བསོད་ནམས་སྤྱོད་པའོ།། ཚུལ་ཁྲིམས་ནི་དགེ་བ་སྤྱོད་པ་སྟེ། བདེ་བའི་དོན་གྱིས་ན་གཞན་ལ་མི་གནོད་པའི་ཕྱིར་རོ།། སྒོམ་པ་ནི་དགེ་ལེགས་སྤྱོད་པའོ།། དགེ་སློང་དག་དེ་ནི་ཆུ་གཏེར་ཆེན་པོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། ་དེ་ལ་སྡོད་ཆེ་བ་ཉིད་ཀྱི་ཕྱིར་ཆུ་གཱ་ཏེར་ཆེན་པོའོ།། ཡེ་ནཱས་ཆུ་ཆེ་བ་ཉིད་ཀྱི་ཕྱིར་ཆུའི་ཆུ་བོ་ཆེན་པའོ།། ཆུ་ཀླུང་སྣ་ཚོགས་ནས་གློ་བཱར་དུ་འབབ་པའི་ཕྱིར་ཆུའི་ཚོགས་ཆེན་པོའོ།། སྐམས་པར་མི་འགྱུ་བྷ་ཉིད ་ཀྱི་ཕྱིར་ཆུའི་ཆུ་ཆེན་པོ་སྟེ་རྟག་ཏུ་ཆུར་འདུག་པའི་ཕྱིར་རོ།། ལུང་ལས་ནི་ཆུ་ཆེན་པོ་སྡུད་པའི་དོན་དང་། མི་སྐྱེ་བའི་དོན་དང་། གཅིག་ཏུ་འགྱུར་བའི་དོན་དང་། མི་ཟོད་པའི་དོན་གྱི་ཆུ་གཏེར་ཆེན་པོ་དྲང་། ཆུའི་ཆུ་ཆེན་པོའི་བར ་དག་ཡིན་ནོ་ཞེས་འབྱུང་ངོ་།། ཐགས་འཁྲུགས་པོ་ལྟ་བུ་ཞེས་བྱ་བ་ནི་མི་དོ་སྡེའི་དུམ་བུའོ།། དེ་ལ་ནོར་དང་ཁྱིམ་དང་བུ་དང་ཆུང་མ་ལ་སོགས་པ་ལ་སྲིད་པས་ཕན་ཚུན་དུ་སེམས་འཕྲོས་པ་ཉིད་ཀྱི་ཕྱིར་ཐགས་འཁྲུགས་པ ་ལྟ་བུའོ།། དེ་དང་འབྲེལ་པའི་རྣམ་པར་རྟོག་པ་མང་དུ་བྱེད་པའི་ཕྱིར་རྣམ་པར་གྲོལ་བ་དཀའ་བ་ཉིད་ཀྱིས་དྲུ་བུ་འཛིངས་པ་ལྟ་བུའོ།། དེ་ཡོངས་སུ་གཟུང་བ་ལ་ཀུན་ཏུ་འཛིན་པས་སྡུག་བསྔལ་མང་པོས་གཟིར་བའི་རྟེན་དུ ་གྱུར་པ་ཉིད་ཀྱི་ཕྱིར་རྩཝ་མུན་ཛ་དང་། བལ་བ་ཛ་ལྟ་བུར་གྱུར་པའོ།། ལྟ་བུ་དང་གྱུར་པའི་སྒྲ་གཉིས་ནི་རྣམ་པའི་དོན་རྣམས། དཔེའི་དོན་གཉིས་སུ་རིག་པར་བྱའོ།། དྲི་ལྟར་ན་འདུན་པ་དང་རྣམ་པར་རྟོག་པ་དང་། ལྷག་པར ་ཞེན་པ་དང་ལྡན་པའི་ཕྱིར་གོ་རིམས་བཞིན་དུ་ཐགས་འཁྲུགས་པ་ལ་ལྟ་བུ་ལ་སོགས་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་ཕྲད་པ་དང་མི་འབྲལ་བ་ལ་སྲེད་པ་དང་། ཉེས་དམིགས་ཀྱི་གནོད་པ་དང་ལྡན་པའི་ཕྱིར ་ཡང་གོ་རིམ་བཞིན་ནོ།། སྡུག་བསྔལ་བ་མི་བཟུང་པ་ཞེས་བྱ་བའི་མདོ་སྡེའི་དུམ་བུའོ་དེ་ལ་སྡུག་བསྔལ་བ་ནི་རང་བཞིན་གྱིས་མི་མཐུན་པ་ཉིད་ཀྱིས་སོ།། མི་བཟད་པ་ནི་ཆེ་བ་ཉིད་ཀྱིས་སོ།། རྩུབ་པ་ནི་རྟག་ཏུ་རྩེ་མི་འཇིལ་བའི་རྒྱུན ་ཉིད་ཀྱིས་སོ།། ཚ་བ་ནི་ཕྲད་པའི་དུས་ན་མི་བཟོད་པ་ཉིད་ཀྱིས་སོ།། ཡིད་དུ་མི་འོང་བ་ནི་དྲན་པའི་དུས་ན་བརྗོད་དུ་མི་བཏུབ་པ་ཉིད་ཀྱིས་སོ།། སྲོག་འཕྲོག་པ་ནི་སྒྲོག་གི་དབང་པོ་དང་འགལ་བ་ཉིད་ཀྱིས་སོ།། མདོར་ན་རང་བཞིན་དང་། ་རྣམ་པ་དང་། གནས་པ་དང་། ལས་ཀྱི་ཁྱད་པར་གྱིས་ཚོར་བའི་ཁྱད་པར་སྟོན་པར་བྱེད་དོ།། དེ་ལ་ལས་ཀྱི་ཁྱད་པར་ནི་ལུས་དང་སེམས་དང་སོག་ལ་གནོད་པ་ཉིད་ཀྱིས་རིག་པར་བྱའོ།། གང་ལས་དྲག་པ་སྡུག་བསྔལ་བ་ཞེས ་འབྱུང་བ་དེར་ནི་རང་བཞིན་ལ་སོགས་པའི་ཁྱད་པར་གྱིས་དྲག་པ་ཉིད་ཁྱད་པར་དུ་བྱེད་དོ།། འབྲལ་ཞིང་མི་སྒྲོ་ལ་ཞེས་བྱ་བ་ནི་འབྲལ་བ་འམ་མི་ལྡན་པ་འདྲི་བ་ཡིན་ནོ།། དེ་འབྲལ་ཞིང་མི་སྐྱེ་བར་མངོན་པ་ཡིན་ནམ་ཞེས་བྱ་བ་ནི ་སྐབས་སྐབས་སུ་དེ་ཡོད་པར་འདྲི་བའོ།། ཡོད་ན་མ་ལུས་པར་བྲལ་བ་དང་། མི་ལྡན་པའི་སྐབས་འདྲི་བའོ།། སྡུག་བསྔལ་ཉིད་གསུམ་སྟེ་ཞེས་བྱ་བ་མདོ་སྡེའི་དུམ་བུའོ།། དེ་ལ་འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་མི་མཐུན་པ ་ཉིད་ཀྱིས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ།། སྤྱིའི་མཚན་ཉིད་འབྱུང་བ་དང་འཇིག་པ་མི་མཐུན་པ་ཉིད་ཀྱིས་འདུ་བྱེད་ཀྱིས་སྡུག་བསྔལ་ཉིད་དོ།། གཞན་དུ་འགྱུར་བའི་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་འགྱུར་བའི་སྡུག ་བསྔལ་ཉིད་ཡིན་ནོ།། ཇི་སྐད་དུ། འདུ་བྱེད་སྡུག་བསྔལ་ཉིད་དང་ནི།། འགྱུར་བ་ཉིད་དུ་མཁྱེན་ནས་ནི།། རྫོགས་སངས་རབ་ཏུ་མཁྱེན་པ་ཡིས།། ཚོར་བ་སྡུག་བསྔལ་ཉིད་དུ་གསུངས་ཤེས་བྱ་བ་ནི་གང་ཞིག་སྡུག ་བསྔལ་ཉིད་དགོངས་པ་ཅན་ཡིན་པ་དེའི་དགོངས་པ་སྟོང་པ་ཡིན་ནོ།། ལུང་ལས་ནི་རང་དང་སྤྱིའི་མཚན་ཉིད་གཉིས་ཀྱིས་རང་བཞིན་གྱིས་སྡུག་བསྔལ་ཉིད་ཀྱི་དབང་དུ་མཛད་དེ། སྡུག་པསྡེལ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད ་གཉིས་གསུངས་ལ། འགྱུར་བའི་སྡུག་བསྔལ་ཉིད་ཀྱི་དབང་དུ་མཛད་ནས་ནི། འགྱུར་བའི་སྡུག་བསྔལ་ཉིད་གསུངས་སོ་ཞེས་འབྱུང་ངོ་།། སྲོག་གཅེད་པ་དང་དྲག་ཤུལ་ཅན་དང་ལག་པ་ཁྲག་དམར་བ་དང་ཞེས་བྱ་བ་ནི་མདོ་སྡེའི ་དུམ་བུའོ།། དེ་ལ་བསད་པའི་བསམ་པ་ཉིད་དང་། གསང་བར་སྦྱོར་བ་ཉིད་དང་། དེ་གཉིས་ཀ་ལ་མངོན་པར་དགའ་བ་ཉིད་དང་། དེའི་གཞི་ཉིད་དང་། དེ་དང་རྗེས་སུ་འབྲེལ་པ་ཉིད་ཀྱིས་སྲོག་གཅོད་པ་ཡོངས་སུ་བསྟན་ཏོ།། དེའི་གནི ་ཡང་ཁ་ན་མ་ཐོབ་དེ་ལ་ངོ་ཚ་བ་མེད་པ་དང་། སྙིང་མི་བརྩེ་བ་ཡང་ཡིན་ཏེ། སྲོག་ཆགས་ཕྲ་མོ་སྡུག་བསྔལ་བ་མི་མཁོ་བ་རྣམས་ལ་ཡང་ངོ་།། དེ་དང་རྗེས་སུ་འབྲལ་བ་ཉིད་ནི་ཇི་སྲིད་དུ་མི་སྤོང་བའོ།། གསེད་པ་ནི་གསོད་པར ་བྱེད་པ་སྟེ་འཆི་བར་བྱེད་པ་ཞེས་བྱའོ།། རབ་ཏུ་གསོད་པ་ནི་རྣམ་པ་ནས་གསོད་པ་སྟེ། རྣམ་པ་རེ་རེ་ནས་འཆི་བར་བྱེད་པའོ།། རྣམ་གྲངས་གཞན་ཡང་དྲེག་ཤུལ་ཅན་ཉིད་ཀྱིས་ནི་ཤན་པ་ལ་སོགས་པའི་སྲོག་གཅོད་པ་ཉིད་ཁྱད ་པར་དུ་བྱེད་པ་ཡིན་ནོ།། དྲག་ཤུལ་ཅན་ཉིད་ཀྱང་ལུས་དྲག་ཤུལ་ཅན་ཉིད་དང་། སེམས་དྲག་ཤུལ་ཅན་ཉིད་དང་། དེར་གཅིག་ཏུ་ངེས་པ་ཉིད་དང་། དེར་གཏན་དུ་ཉིད་ཀྱིས་སྟོན་པར་བྱེད་དོ།། དེ་ལ་ངོ་ཚ་བ་མེད་པ་དང་། སྙིང་མི་བརྩེ ་བ་དང་ལྡན་པ་ཉིད་ཀྱིས་ནི་ངར་གཅིག་ཏུ་ངེས་པ་ཉིད་ཡིན་ལ། མི་སྤོང་བ་ཉིད་ཀྱིས་ནི་དེར་གཏན་དུ་བ་ཉིད་ཡིན་པར་རིག་པར་བྱའོ།། དགེ་སློང་དག་གསོན་པ་རྣམས་ལས་གཉིད་ལོག་པ་ནི་སྟོང་པ་དང་ཞེས་བྱ་བ་ནི་མདོ་སྡེའི ་དུམ་བུའོ།། གསོན་པ་རྣམས་ལས་གཉིད་ལོག་པ་སྟོང་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་རྣམས་ནི་བཤད་པ་ཡིན་ནོ།། དེ་ལ་གང་དག་ལ་གཉིད་མི་འབྱུང་བ་གསོན་པའི་བྱ་བ་དག་ནི་རྣམ་པ་བཞི་སྟེ། གསོན་པ་དག ་ནི་བརྩོན་འགྲུས་རྩོམ།། དེ་ལས་ཕྱི་མར་འབྲས་སྡུག་དང་།། དགེ་སློང་ཚུལ་དོན་རྣམས་གཞན་ཡང་།། འདི་ལ་ལོངས་སྤྱོད་བདེ་བ་འབྱུང་།། དེ་དག་མེད་ཕྱིར་གཉིད་ལོག་པའི།། སྲོག་ནི་གསོག་དང་འབྲས་མེད་དང་།། དོན་མེད་པ ་དང་དེ་བཞིན་དུ།། ཕན་ཡོན་མེད་པ་ཉིད་དུ་འདོད།། གཞན་ཡང་སྐྱེས་བུའི་རྩལ་མེད་པའི་ཕྱིར་གསོག་ཡིན་ནོ།། ཕལ་ཚོར་རྣམ་པར་སྨིན་པར་མི་འགྱུར་བའི་ཕྱིར་འབྲས་བུ་མེད་པའོ།། ཡང་དག་པ་ཡུལ་དུ་མ་གྱུར་པ་ཉིད་ཀྱི་ཕྱིར ་དོན་མེད་པའོ།། དུས་མ་ཡིན་པར་གཉིད་ལོག་པ་ནི་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་འདུ་བྱེད་པའི་ཕྱིར་ཕན་ཡོན་མེད་པའོ།། རྣམ་གྲངས་གཞན་ཡང་གཉིས་ཀྱི་གནས་སྐབས་སེམས་མེད་པ་ནི་སྟོང་པ་ཡིན་ལ། ་གཉིད་ཀྱི་གནས་སྐབས་སེམས་དང་བཅས་པའི་ནི་ལྷག་མ་སྟེ་སྔ་མ་བཞིན་ནོ།། བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་བྱིས་པ་ཞེས་བྱ་བ་ནི ་བསྟན་པ་ཡིན་ལ། ལྷག་མ་བཤད་པ་ཡིན་ཏེ། མི་ཤེས་པ་དང་། ཐེ་ཚོམ་དང་། ལོག་པའི་ཤེས་པ་དང་ལྡན་པའི་ཕྱིར་རོ།། ཚུལ་བཞིན་མ་ཡིན་པ་ལ་མཁས་པ་ནི་མི་མཁས་པའོ།། རྣམ་གྲངས་གཞན་ཡང་གཉིས་ཏེ། ་བྱིས་པ་ནི་ཉེས་པར་བསས་པ་སེམས་པ་ལ་སོགས་པས་སོ།། རྨོངས་པ་དང་མི་གསལ་བ་དང་མི་མཁས་པ་ནི་ཐོས་པ་དང་། བསམ་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་རྣམས་དང་མི་ལྡན་པའི་ཕྱིར་གྲོ་རིམ་བཞིན ་ནོ།། ལྷན་ཅིག་སྐྱེས་པ་དང་། ཐོས་པ་དང་། བསམ་པ་དང་། བསྒོམས་ལས་བྱུང་བའི་ཤེས་རབ་རྣམས་དང་མི་ལྡན་པའི་ཕྱིར་ཡང་བྱིས་པ་ནས་མི་མཁས་པའི་བར་རོ།། བྱིས་པའི་རང་བཞི་ཅན། རྨོངས་པའི་རང་བཞིན་ཅན། ཤེས ་རབ་འཆལ་པའི་རང་བཞིན་ཅན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། དེ་ནི་གོ་རིམས་བཞིན་དུ་མི་ཤེས་པ་དང་། ཐེ་ཚོམ་དང་། ལོག་པའི་ཤེས་པ་དང་ལྡན་པ་ལས་རིག་པར་བྱའོ།། གཞན་ཡང་ཤེས་རབ་མ་བྱུང་བ་དང་། ་ཞན་པ་དང་། ལོག་པ་རྣམས་དང་གོ་རིམས་དང་བཞིན་ནོ།། གཞན་ཡང་རང་གིས་ལེགས་པར་གསུངས་པ་དང་། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་བྱིས་པའི་རང་བཞིན་ཅན་ནོ།། ་ཐོས་ཀྱང་མི་ནུས་པ་ཉིད་ཀྱི་ཕྱིར་རྨོངས་པའི་རང་བཞིན་ཅན་ནོ།། ཕྱིན་ཅི་ལོག་ཏུ་མངོན་དུ་ཞེན་པའི་ཕྱིར་ཤེས་རབ་འཆལ་པའི་རང་བཞིན་ཅན་ནོ།། གྲོ་བཞིན་སྐྱེས་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་གཟུགས་མི་རྟག་པ་ཞེས་བྱ ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་གཟུགས་མི་རྟག་པ་ནས་རྣམ་པར་ཤེས་པ་མི་རྟག་པ་ཉིད་ཀྱི་བར་གྱིས་ནི་ལུས་སྐྱེ་བ་དང་འཇིག་པ་ཉིད་སྟོན་པར་བྱེད་ལ། མི་བརྟེན་པས་ནི་དུས་ཡུན་མི་རིང་བར་འཇིག་པ་ཉིད་དོ།། ཡང་ཡིད་བསྟན་དུ་མི་རུང ་བས་ནི་དུས་མ་ངེས་པར་འཇིག་པ་ཉིད་དོ།། འགྱུར་བའི་ཆོས་ཅན་གྱིས་ནི་གནས་སྐབས་མི་འདྲ་བ་ཉིད་ཀྱི་འཇིག་པའི་ཉིད་ཡིན་ཏེ། གནས་སྐབས་མི་འདོད་པ་ཉིད་དུ་འགྲོ་བའི་ཕྱིར་རོ།། གཅིག་གིས་ནི་འདུས་བྱས་ཀྱི་མཚན ་ཉིད་གཉིས་དང་ལྡན་པར་སྟོན་པར་བྱེད་ལ། གཉིས་ཀྱིས་ནི་གནས་པའི་ཁྱད་པར་ཏེ། རྒྱུན་ནི་ཡུན་མི་རིང་བ་དང་། དུས་མ་ངེས་པ་ཉིད་ཀྱི་ཕྱིར་རོ།། བཞི་པས་ནི་གནས་པ་དེ་ཉིད་གཞན་དུ་འགྱུར་བ་ཉིད་དོ།། གཞན་ཡང ་གཅིག་གིས་ནི་ལུས་མི་འཇིག་པར་འགྲོག་པར་བྱེད་ལ། གཉིས་པས་ནི་ཡུན་རིང་པོ་ནུས་འཇིག་པའོ།། གསུམ་པས་ནི་དུས་ངེས་པར་འཇིག་པའོ།། བཞི་པས་ནི་འགྱུར་བ་མེད་པར་འཇིག་པའོ།། གཞན་ཡང་གཅིག་གིས ་ནི་སྐད་ཅིག་མར་འཇིག་པའི་མི་རྟག་པ་ཉིད་སྟོན་པར་བྱེད་ལ། གཉིས་ཀྱིས་ནི་རྒྱུན་འཇིག་པའི་མི་རྟག་པ་ཉིད་དེ་རིས་མཐུན་པ་ལས་ཡུན་རིང་དུ་མི་གནས་པ་ཉིད་ཀྱི་ཕྱིར་དང་། དུས་མ་ཡིན་པར་འཆི་སྲིང་པོའི་ཕྱིར་རོ།། ་བཞི་པས་ནི་འགྱུར་བའི་མི་རྟག་པ་ཉིད་དོ།། དང་པོ་ནི་རང་གི་སྒྲས་བསྟན་པ་ཡིན་ཏེ། དོན་དམ་པ་ཡིན་པའི་ཕྱིར་རོ།། འདིར་སྨྲས་པ། མི་འཇིག་ཡུན་རིང་འཇིག་པ་དང་།། དུས་དང་འགྱུར་བ་མེད ་པ་བཀག། སྐད་ཅིག་དང་ནི་ཚེ་དང་ནི།། འགྱུར་ཟད་རྣམ་པ་གསུམ་ཡང་བསྟན།། །། བམ་པོ་གསུམ་པ། གཟུགས་གང་རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་རྟག་པ་ནི། ་མི་རྟག་པ་ཉིད་མེད་པའི་ཕྱིར་རོ།། བསྟན་པ་ནི་སྐད་ཅིག་མར་འཇིག་པ་མེད་པའི་ཕྱིར་ཏེ་དུས་གཞན་དུ་གནས་པ་ཉིད་ཀྱིས་སོ།། ཐེར་ཟུག་ནི་རྒྱུད་འཇིག་པ་མེད་པའི་ཕྱིར་རོ།། མི་འགྱུར་བའི་ཆོས་ཅན་ནི་འགྱུར་བ་མེད་པའི་ཕྱིར་རོ།། ་ཡང་དག་པར་དེ་བཞིན་དུ་གནས་པར་འགྱུར་བ་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་སྟེ། རྣམ་པ་སྔ་མ་མཱི་སྐྱེད་ན་ཕྱི་མཱ་འདྲི་བ་ཡིན་ནོ།། རྣམ་གྲངས་གཞན་ཡང་སྐད་ཅིག་མར་འཇིག་པ་ལ་སོགས་པ་མེད་པའི་ཕྱིར་ཡང་བརྟོན་པ་ལ ་སོགས་པར་རྟག་པ་ཉིད་འདྲི་བར་བྱེད་པ་ཡིན་ནོ།། རྣམ་གྲངས་གཞན་ཡང་རྟག་པ་ནི་ཐེར་ཟུག་གི་དོན་གྱིས་ཡིན་ལ། བརྟན་པ་ནི་མི་འགྱུར་བའི་དོན་གྱིས་ཡིན་ཏེ། ཚིག་གཉིས་ནི་ཚིག་གཉིས་ཀྱིས་རྣམ་པར་བཤད་པ་ཡིན ་པར་ཡང་འོག་ནས་བསྟན་པར་བྱའོ།། འཕགས་པ་ཉན་ཐོས་ཤེས་ནས་ངང་པ་བཞི་དག་དང་ལྡན་པ་ནི་འཚོ་བ་དག་གིས་དབུལ་བ་མ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་འཕགས་པའི་ནོར་བདུན་དང་ལྡན ་པའི་ཕྱིར་འཚོ་བ་དག་གིས་དབུལ་བ་མ་ཡིན་ནོ།། འཚོ་བ་མེད་པའི་འཇིགས་པ་སྤངས་པའི་ཕྱིར་བཀྲེན་པ་མ་ཡིན་ནོ།། ལོག་པའི་འཚོ་བ་སྤངས་པའི་ཕྱིར་ཕོངས་པ་མ་ཡིན་ནོ།། ནོར་དང་སེམས་དང་འཚོ་བ་ངན་པ་དང་ལྡན ་པའི་ཕྱིར་ནི་དབུལ་བ་དང་། བཀྲེན་པ་དང་། ཕོངས་པ་ཉིད་དུ་རིག་པར་བྱའོ།། གལ་ཏེ་ཏིང་ངེ་འཛིན་འདུ་བྱེད་པས་ཟིན་ཞིང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། འདུ་བྱེད་པས་ཟིན་པ་ནི་ཡུན་རིང་པོ་ནས་མངོན་དུ་འགྱུར་བའི་ཕྱིར། ་རོ།། ཆུ་བཞིན་དུ་འཚོ་བ་ནི་མྱུར་བར་འབྲུལ་བའི་ཕྱིར་རོ།། ཆོས་ཉིད་ཀྱིས་ཟིན་པ་ནི་རྟག་ཏུ་བག་ཡོད་པས་བསྲུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ།། ཞི་བ་མ་ཡིན་པ་ནི་དེའི་མི་མཐུན་པའི་ཕྱོགས་སུ་འོག་མ་པའི་ཉོན་མོངས་པ་ཤིན་ཏུ ་མ་ཐུལ་བའི་ཕྱིར་རོ།། གྱ་ནོམ་པ་མ་ཡིན་པ་ནི་རང་གི་ས་པའི་ཉོན་མོངས་པ་དང་འདྲེས་པ་ཉིད་ཀྱི་ཕྱིར་རོ།། ལམ་བག་ཡོངས་སུ་འགྱུར་བ་ཐོབ་པ་མ་ཡིན་པ་ནི་ཤིན་ཏུ་མ་གོམས་པ་ཉིད་ཀྱི་རྒྱུས་རང་གི་ངང་གིས་མྱི་འབྱུང་བའི ་ཕྱིར་རོ།། སེམས་རྒྱུད་ཅིག་ཏུ་གྱུར་པ་རྟོགས་པ་མ་ཡིན་པ་ནི་གཡོ་བ་དང་བཅས་པ་ཉིད་ཀྱི་ཕྱིར་རོ།། དེ་ལ་རྟག་ཏུ་བག་ཡོད་པས་བསྲུང་བར་བྱ་བ་ཉིད་ནི་མ་ཞི་བ་ལ་སོགས་པའི་རྒྱུས་རིག་པར་བྱའོ།། དཀར་པོའི་ཕྱོགས་ནི་དེ ་ལས་བཟློག་པར་རིག་པར་བྱའོ།། འདིར་སྨྲས་པ། མྱུར་དུ་མངོན་དུ་འགྱུར་བ་དང་།། མྱུར་དུ་འབྲལ་བར་མི་འགྱུར་དང་།། རྟག་ཏུ་བག་ཡོད་བསྲུང་བྱ་མིན།། དེ་ཡི་མི་མཐུན་ཕྱོགས་བཅོམ་ཕྱིར།། རང་གི་ཉོན་མོངས་མ་འདྲེས ་ཕྱིར།། ཤིན་ཏུ་གོམས་འབད་མེད་འབྱུང་ཕྱིར།། འདུ་བྱེད་ཟིན་ལ་སོགས་པ་མིན།། རྒྱུད་གཅིག་ཡིན་ཏེ་མི་གཡོ་ཕྱིར།། ལུང་ལས་ནི། མྱུར་བར་མངོན་འགྱུར་ཉིད་ཀྱི་ཕྱིར།། མི་ཉམས་ཕྱིར་དང་རྟག་བསྲུང ་ཕྱིར། ཉོན་མོངས་མིན་ཕྱིར་དགེ་ཉིད་ཕྱིར།། ངང་གིས་འབྱུང་ཕྱིར་ཡོངས་རྫོགས་ཕྱིར།། གོ་རིམ་བཞིན་དུ་འདུ་བྱེད་པས་མ་ཟིན་པ་ནས་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པའི་བར་དུ་ཡིན་ནོ་ཞེས་འབྱུང་ངོ་།། དེ་དེ་ལྟར་སེམས་མཉམ ་པར་གཞུག་པ་ཡོངས་སུ་དག་པ་དང་ཞེས་བྱ་བ་མདོ་སྡེའི་དུམ་བུའོ།། དེ་ལ་སེམས་ཡོངས་སུ་དག་པ་ནི་ཡོངས་སུ་བྱང་བའི་དོན་གྱིས་ཏེ། དེའི་མི་མཐུན་པའི་ཕྱོགས་སུ་འོག་མ་པའི་དྲི་མ་སྤངས་པའི་ཕྱིར་རོ།། ཉོན་མོངས་པ་མེད་པ ་ནི་ཉེ་བའི་ཉོན་མོངས་པ་དང་བྲལ་བའི་དོན་གྱིས་ཏེ། རང་གི་ས་པའི་ཉོན་མོངས་པས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ།། དྲང་པོར་གྱུར་པ་ནི་ལས་སུ་རུང་བའི་དོན་གྱིས་ཏེ། འབད་པ་མེད་པར་འབྱུང་བ་ཉིད་ཀྱི་ཕྱིར་རོ།། གནས ་པ་ནི་མི་གཡོ་བ་ཐོབ་པའི་དོན་གྱིས་ཏེ། བསམ་གཏན་བཞི་པ་ན་གཡོ་བ་མེད་པའི་ཕྱིར་རོ།། དེ་ལྟར་ཏིང་ངེ་འཛིན་དེ་ནི་དགེ་བ་ཉིད་དང་། ཇི་ལྟར་ན་དེ་དགེ་བ་ཉིད་དང་དབང་དུ་བྱ་བ་ཉིད་དང་། ཡོངས་སུ་གྲུབ་པ་ཉིད་རྣམ་གྲངས ་ཀྱི་མཚན་ཉིད་དང་བཅས་པ་ཡོངས་སུ་བསྟན་པ་ཡིན་ནོ།། རེས་འགའ་ཚིག་གཉིས་ནི་གཞན་གཉིས་ཀྱི་རྣམ་པར་འཆད་དེ། དཔེར་ན་སེམས་མགུ་པ་དང་སེམས་ཉམས་བདེ་བ་ཞེས་བྱ་བ་ནི་སེམས་དགའ་བ་དང་། ་སེམས་སྒྲིབ་པ་མེད་པ་ཞེས་བྱ་བ་འདིས་སོ་ཞེས་འབྱུང་བ་ལྟ་བུའོ།། རེས་འགའ་ཚིག་གཅིག་གཞན་གཅིག་གིས་ཡིན་ཏེ། དཔེར་ན་ཡང་དག་ཕུལ་གྱིས་ཆོས་བསྟན་པ་ཀུན་ཏུ་ཤེས་པར་སྐལ་བ་ཡོད་ཅིང་ནུས་པ་ཡིན་ཞེས་འབྱུང ་བ་ལྟ་བུ་སྟེ། འདི་ནི་དཔེར་བརྗོད་པ་ཙམ་དུ་ཟད་དོ།། འདིར་ཡང་སྨྲས་པ། མི་མཐུན་ཕྱོགས་དྲི་གྲོལ་ཕྱིར་དང་།། ཉོན་མོངས་མེད་སྒྲིབ་མེད་འབྱུང་ཕྱིར།། གཡོ་བ་མང་ཕྱིར་གཉིས་པོས་ནི།། ཡོངས་དག་ལ་སོགས་རིག་པར་བྱ།། ་གཉིས་དང་གཉིས་ཀྱིས་ཏིང་འཛིན་གྱིས།། དེ་དག་ཉིད་དང་དེ་ཇི་ལྟ།། དབང་བྱ་ཉིད་དང་གྲུབ་པ་ཉིད།། མཚན་ཉིད་བཅས་པར་རབ་ཏུ་བསྟན།། རྣམ་གྲོངས་གཞན་ཡང་ཡོངས་སུ་དག་པ་ནི་ཉོན་མོངས་པ་མེད་པ་དང་། ཉེ་བའི་ཉོན་མོངས ་པ་དང་བྲལ་བ་ཉིད་ཀྱིས་ཏེ། གོ་རིམ་བཞིན་དུ་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དང་ལྡན་པའི་འདོད་པ་རྒྱུ་བ་དང་། སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། ཐེ་ཚོམ་གྱི་ཉེ་བའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ།། ཡོངས་སུ ་བྱང་བ་ནི་དྲང་པོར་གྱུར་པ་ལ་སོགས་པ་ཉིད་ཀྱིས་ཏེ། དེ་ལྔ་དྲང་པོར་གྱུར་པ་ནི་འབད་པ་མེད་པར་འབྱུང་བ་ཉིད་ཀྱིས་ཤིན་ཏུ་ཐུལ་བའི་ཕྱིར་རོ།། ལས་སུ་རུང་བ་ནི་མངོན་པར་ཤེས་པ་བསྒྲུབ་པར་རུང་བ་ཉིད་ཀྱི་ཕྱིར་རོ།། གནས ་པོ་ནི་ཡོངས་སུ་ཉམས་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ།། མི་གཡོ་བ་ཐོབ་པ་ནི་བསམ་གཏན་བཞི་པ་ནི་གཡོ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། འདིར་ཡང་སྨྲས་པ། གཉིས་ཀྱིས་ཡོངས་དག་ཡིན་ལ་ཚིག། གཞན་དག ་གིས་ནི་ཡོངས་བྱུང་ཉིད།། རྙེད་འདོད་པ་ལ་སོགས་སྲེད་ལ་སོགས།། བྲལ་ཕྱིར་ཤིན་ཏུ་ཐུལ་བའི་ཕྱིར།། མངོན་ཤེས་ཡོན་ཏན་རུང་ཉིད་ཕྱིར།། ཉམས་མྱེད་ཕྱིར་གཡོ་ཟད་པའི་ཕྱིར།། དོན་གྲུབ་དག་གིས ་གོ་རིམ་བཞིན།། ཉོན་མོངས་མེད་སོགས་ཉིད་ཤེས་བྱ།། རྣམ་གྲངས་གཞན་ཡང་ཡོངས་སུ་དོག་པ་ནི་དེའི་མི་མཐུན་པའི་ཕྱོགས་ས་འོག་མ་པ་སྤངས་པོའི་ཕྱིར་རོ།། ཡོངསུ་བྱུང་བ་ནི་དེ་ཐག་རིང་དུ་བྱས་པའི་ཕྱིར་རོ།། ་ཉོན་མོངས་པ་མེད་པ་ནི་རང་གི་ས་པའི་ཕྱོགས་ཉོན་མོངས་པ་དང་མ་འདྲེས་པའི་ཕྱིར་རོ།། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ནི་དེ་ཀུན་ཏུ་རྒྱུ་བ་ཐག་རིང་དུ་བྱས་པའི་ཕྱིར་རོ།། དྲང་པོར་གྱུར་པ་ནི་འབད་པ་མེད་པ་དང་ཇི་ལྟར ་འདོད་པར་འབྱུང་བའི་ཕྱིར་རོ།། ལས་སུ་རུང་བ་ནི་མངོན་པར་ཤེས་པ་རུང་བ་ཉིད་ཀྱི་ཕྱིར་རོ།། གནས་པ་ནི་མི་ཉམས་པའི་ཆ་དང་མཐུན་པའི་ཕྱིར་རོ།། མི་གཡོ་བ་ཐོབ་པ་ནི་སྔ་མ་བཞིན་ནོ།། ཏིང་ངེ་འཛིན་དང་གནས་དང ་ལྡང་ཞེས་བྱེ་བ་ནི་སྡོམ་གྱི་ཚོགས་སུ་བཅད་པ་སྟེ། དེ་ལ་གནས་པ་ནི་ཇི་སྲིད་འདོད་པ་རྗེ་སུ་འཇུག་པ་ཡིན་ནོ།། ལྡང་བ་ནི་མཉམ་པར་མ་བཞག་པའི་སྙེམས་མངོན་པར་རྗེས་སུ་འཇུག་པ་འམ་སྟེ་གཞན་པའོ།། ་ཉམས་བདེ་བ་ནི་ལས་སུ་རུང་བ་ཉིད་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉིད་དོ།། སྤྱོད་ཡུལ་ནི་དམིགས་པ་ཡིན་ནོ།། མངོན་པར་སྒྲུབ་པ་ནི་སྐྱེད་པ་ཡིན་ནོ།། འཕྲོད་པ་ནི་རྙེད་པ་དང་མཐུན་པ་ཡིན་ནོ།། མི་འབྲོད་པ ་དེ་དང་མི་མཐུན་པ་ཡིན་ནོ།། གཉིས་ཀ་ནི་དེ་གཉིས་ཀ་དང་བཅས་པའོ།། སྐྱེ་བ་ནི་འཕེལ་བ་ཡིན་ནོ།། འབྲི་བ་ནི་འགྲིབ་པ་ཡིན་ནོ།། ཐབས་ནི་དེ་གཉིས་ཀའི་བཞི་ཡིན་ནོ།། སྲེད་པ་ཡང་སྲིད་པར་འབྱུང་བར་བྱེད་པ་དགའ ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་བསྟན་པ་ཡིན་པ་ལ་ལྷག་མ་ནི་བཤད་པ་ཡིན་ཏེ། གནས་སྐབས་ཐམས་ཅད་ཀྱི་སྤོང་བ་ཀུན་ཏུ་བསྟན་པའི་ཕྱིར་རོ།། ་གནས་སྐབས་ཐམས་ཅད་ཀྱི་སྤོང་བ་ནི་སེལ་བའི་གནས་སྐབས་དང་། རྣམ་པར་གནོན་པའི་གནས་སྐབས་དང་། མཐོང་བའི་ལམ་གྱི་གནས་སྐབས་དང་། བསྒོམ་པའི་ལམ་གྱི་གནས་སྐབས་དང་། མི་སློབ་པའི་ལོ་མ ་གྱི་གནས་སྐབས་དང་། ཀུན་ནས་དཀྲིས་པ་དང་བྲལ་བའི་གནས་སྐབས་དང་། བག་ལ་ཉལ་བ་དང་བྲལ་བའི་གནས་སྐབས་སོ།། སྲེད་པ་ལངས་པ་ནི་ཀུན་ནས་དཀྲིས་པ་ཡིན་ཏེ། དེས་སེམས་རྣམ་པར་མ་ཞི་བར་འདུག ་གོ། དེའི་ཕྱིར་དེ་དང་བྲལ་བ་ནི་རྣམ་པར་ཞི་བ་ཡིན་ནོ།། སྲེད་པ་ཉལ་བ་ནི་ས་བོན་གྱི་གནས་སྐབས་བག་ལ་ཉལ་ཡིན་ཏེ། དེ་ཡང་རྟག་ཏུ་རྒྱུད་ལ་གནས་སོ།། དེའི་ཕྱིར་དེ་དང་བྲལ་བ་ནི་ནུབ་པ་ཡིན་ནོ།། རྣམ་པ ་གཅིག་ཀྱང་མ་བརྗོད་ན་སྲེད་པའི་གནས་སྐབས་ཐམས་ཅད་སྤོང་བའི་རབ་ཏུ་དབྱེ་བ་ཀུན་ཏུ་མ་བསྟན་པར་འགྱུར་བས་སོ།། དེ་ལྟ་བུའི་ཚིག་རྣམས་ནི་རྣམ་གྲངས་སུ་བརྗོད་པ་ཡིན་ཀྱང་སྐྱོན་མེད་པར་སྔར་ཇི་སྐད ་བསྟན་པ་ལྟ་བུ་ཡིན་ན།། རྙོག་ག་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་རྣམ་པ་གཉིས་ཀྱིས་རྟོག་གེ་པ་ཡིན་ཏོ།། མངོན་པར་རྟོག་པ་ཉིད་དང་། དེའི་སྤྱོད་ཡུལ་ལས་མི་འདའ་བ་ཉིད་ཀྱིས ་སོ།། དེས་ན་སྤྱོད་པ་པ་དང་། རྟོག་གེ་ལ་ཞུགས་པའི་ས་ལ་གནས་པ་ཞེས་བྱ་བ་སྨོས་སོ།། རྟོག་གེ་ལ་ཞུགས་པའི་ས་གང་ཞེ་ན། རང་གི་སྤོབས་པ་དང་ལྡན་པ་རྣམས་དང་། སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་པར་རྟོགས་པ ་དང་ལྡན་པ་གང་ཡིན་པ་སྟེ། དེ་ཁོ་ནའི་ལུང་དང་ལྡན་པ་ཡིན་ནོ།། ས་ནི་ཡུལ་ཞེས་བྱ་བའི་ཐ་ཚིག་གོགྲོ། དེ་ལྟར་ཚིག་གཅིག་ནི་བསྟན་པ་ཡིན་ལ་གཉིས་ནི་བཤད་པ་ཡིན་ཞིང་། ཚིག་གསུམ་ནི་བསྟན་པ་ཡིན་ལ། གསུམ་ནི ་བཤད་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་རྟོག་གེ་པ་ནི་རྣམ་གྲངས་ཉིད་དང་། མཚན་ཉིད་ཉིད་ཀྱིས་ཀུན་ཏུ་བསྟན་པ་ཡིན་ནོ།། སྤྱོད་པ་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ཏེ། ཁྱད་པར་དུ་བྱ་བའི་ཕྱིར་ཏེ་དོན་དུ་གཉེར ་གང་ཡིན་པ་ཡང་རྟོག་པར་བྱེད་ཅེས་བྱ་བ་ཡིན་པས་དེར་ཐལ་བར་གྱུར་ན་མ་རུང་བས་སོ།། རྟོ། ག་གེ་ལ་ཞུགས་པའི་ས་ལ་གནས་པ་ཞེས་བྱ་བ་ན་མཚན་ཉིད་ཡིན་ཏེ། དེ་ཡང་ཚེར་རབས་ས་མ་ལ་རྟོག་གེ་ལ་གོམས ་པས་བསྒོམས་པའི་རྒྱུད་དང་། དེ་ཁོ་ན་མཐོང་བ་དང་བྲལ་བ་དང་། རྟོག་གེ་ལ་འདྲིས་པར་བྱ་བ་ཐོག་མ་མེད་པ་ནས་ཞུགས་པའོ།། གཞན་ཡང་ལུང་ལས་ནི་རྟོག་གེ་པ་ལྔར་རིག་པར་བྱ་སྟེ།། དེའི་ངང་ཕྱིར་བརྟག་རྟོག་ཕྱིར ་དང་།། སྔོན་གོམས་ཕྱིར་མངོན་མ་བྱས་ཕྱིར།། ལུང་ལ་མི་བརྟེན་ཉིད་ཕྱིར་དང་།། བརྩོན་ཕྱིར་ཡིད་ལ་བྱེད་ཕྱིར་དང་།། སྔོན་ཕངས་ཕྱིར་དང་ཡོངས་བཟུང་ཕྱིར། ཡོངས་སུ་བྱ་བ་བྱས་པའི་ཕྱིར།། རྟོག་གེ་ཕུན་སུམ་རྣམ་ལྔར ་འདོད།། དེ་དེ་དང་ལྗོན་པ་ནི་རྟོག་གཽ་པ་ཡིན་ནོ།། ཞེས་འབྱུང་བའོ།། དེ་ལ་ཡིད་ལ་བྱེད་ཕྱིར་ཞེས་བྱ་བ་ནི་བརྟག་པར་བྱ་བའི་གནས་ཡིད་ལ་བྱེད་པའི་ཕྱིར་རོ།། ཡོངས་སུ་བཟུང་ཕྱིར་ཞེས་བྱ་བ་ནི་ཚད་མེའི་རིགས་པ་རྣམ་པ ་གསུམ་ཡོངས་སུ་བཟུང་བའི་ཕྱིར་རོ་དེ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་ས་ཡིན་ནོ།། འཚོ་བ་ནི་བཟང་པོ་མ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་སེམས་ཉམས་པ་དང་རྨོངས་པས་འཆི་བའི་ཕྱིར་དང་། བསོད་ནམས་མ་བྱས ་པའི་འཆི་འཕོ་བའི་ཕྱིར་དང་། འགྲོ་བ་མི་འདོད་པར་འགྲོ་བའི་ཕྱིར་གོ་རིམས་བཞིན་དུ་འཆི་བ་ནི་བཟང་པོ་མ་ཡིན། དུས་བྱེད་པ་ནི་བཟང་པོ་མ་ཡིན། ཚེ་ཕྱི་མ་ནི་བཟང་པོ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ།། བཟློག་པའི ་ཕྱིར་དགྲ་བཅོམ་པ་ནི་བཟློག་པ་སྟེ། སེམས་མ་ཉམས་པ་དང་། མ་རྨོངས་པ་འཆི་བའི་ཕྱིར་དང་། བསོད་ནམས་བྱས་ནས་འཆི་འཕོ་བའི་ཕྱིར་དང་། ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདྲའོ་བའི་ཕྱིར་བཟང་པོ ་གོས་མ་ཡིན་ནོ།། ཚེར་མ་ཕྱུང་བ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་སོ་སོར་རྟོག་པའི་སྟོབས་ལ་བརྟེན་ནས་ཉོན་མོངས་པའི་ཀུན་ནས་དཀྲིས་པ་བསལ་བའི་ཕྱིར་ཚེར་མ་ཕྱུང་བ་རྣམས་ཡིན་ནོ།། བསྒོམས་པའི ་སྟོབས་ལ་བརྟེན་ནས་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པའི་བག་ལ་ཉལ་འཇོམས་པའི་ཕྱིར་ཚེར་མ་དཀྲུགས་པ་རྣམས་ཡིན་ནོ།། མཐོང་བའི་ལམ་གྱི་བག་ལ་ཉལ་གྱི་ཕྱོགས་ཡང་དག་པར་བཅོམ ་པའི་ཕྱིར་ཚེར་མ་དང་བྲལ་བ་རྣམས་ཡིན་ནོ།། བསྒོམ་པའི་ལམ་གྱི་བག་ལ་ཉལ་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་ཚེར་མ་མེད་པ་རྣམས་ཡིན་ནོ།། གཞན་ཡང་འབྲས་བུ་དང་པོ་ལ་མཐོང་བས་སྤངས་པར་བྱ་བའི་བག ་ལ་ཉལ་ཡང་དག་པར་བཅོམ་པའི་ཕྱིར་ཚེར་མུ་ཕྱུང་བ་རྣམས་ཡིན་ནོ།། གཉིས་པ་ལ་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་ཉུང་ཟད་ཅིག་ལུས་པའི་ཕྱིར་ཚེར་མ་དཀྲུགས་པ་རྣམས་ཡིན་ནོ།། གསུམ་པ་ལ་དེ་མཐའ་དག ་སྤང་བའི་ཕྱིར་ཚེར་མ་དང་བྲལ་བ་རྣམས་ཡིན་ནོ།། བཞི་པ་ཁམས་གསུམ་པའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཚོར་མ་མེང་བ་རྣམས་ཡིན་ནོ།། དང་པ་སྐྱེས་ནས་འགྲོ་བར་བྱེད་སོང་ན་ཆོས་ཉན་པར་བྱེད་དོ་ཞེས་བྱ་བ ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཉན་པར་བྱེད་དོ་ཞེས་བྱ་བ་ནི་ཚིག་འབྲུ་དང་དོན་གྱིས།། སེམས་པར་བྱེད་པ་ནི་ཇི་ལྟར་ཐོས་པའི་དོན་ངེས་པར་སེམས་པའི་ཕྱིར་རོ།། འཇལ་བར་བྱེད་པ་ནི་རིག་པ་སྟེ། ལེགས་པར་གསུངས་པ་ཉིད་ཀྱིས ་ཁྱད་པར་དམིགས་ཀྱིས་འབྱེད་པའི་ཕྱིར་རོ།། ཉེ་བར་རྟོག་པར་བྱེད་པ་ནི་བསྒོམ་པའི་རྣམ་པ་སྟེ། ཇི་ལྟར་གཟུང་བའི་དོན་སོ་སོར་རྟོག་པའི་ཕྱིར་རོ།། བདེན་པ་དེ་ཡང་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི་གནས་གྱུར་པའི་ཚེ་ཡང ་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པའི་ཕྱིར་རོ།། ཤེས་རབ་ཀྱིས་སོ་སོར་འབིགས་པར་བྱེད་པ་ནི་བདག་གི་མངོན་སུམ་དུ་བྱས་སོ་ཞེས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཡེ ་ཤེས་ཀྱིས་ངེས་པར་འཛིན་པའི་ཕྱིར་རོ།། གཞན་ཡང་ཉན་པས་ནི་ཐོས་པ་ལས་བྱུང་བའི་ཡེ་ཤོས་སྟོན་པར་བྱེད་དོ།། སེམས་པས་ནི་བསམ་པ་ལས་བྱུང་བའོ།། འཇལ་བ་དང་ཉེ་བར་རྟོག་པ་གཉིས་ཀྱིས་ནི་མཐོང་བ་དང་སྒོམ ་བའི་ལམ་གྱིས་བསྒོམས་པ་ལས་བྱུང་བ་སྟེ། མཐོང་བའི་ལམ་གྱིས་ནི་དེ་བཞིན་ཉིད་སོ་སོར་རྟོགས་པའི་ཕྱིར་སྒྲོ་འདོགས་པ་དང་སྐུར་བ་འདེབས་པ་མེད་པ་གཉིས་ཀྱིས་མཉམ་པ་ལ་འཇོག་པར་བྱེད་པའི་ཕྱིར་འཇལ་བར་བྱེད ་པ་ཡིན་ནོ།། སྒོམ་པའི་ལམ་གྱིས་ནི་ཇི་ལྟར་འཇལ་བ་ལ་ཡང་དང་ཡང་དུ་རྟོག་པར་བྱེད་པའི་ཕྱིར་ཉེ་བར་རྟོག་པར་བྱེད་པ་ཡིན་ནོ།། བདེན་པ་དེ་ཡང་ཞེས་བྱ་བ་ནི་གང་གི་དབང་དུ་མཛད་ནས་ཆོས་བསྟན་པའི་མྱ་ངན་ལས་འདས་པ ་ཡིན་ནོ།། ལུས་ཀྱིས་མངོན་སུམ་དུ་བྱེད་ཅིང་ཞེས་བྱ་བ་ནི་གནས་གྱུར་པ་ཉིད་ཀྱིས་ཏེ། རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་རོ།། ཤེས་རབ་ཀྱིས་སོ་སོར་འབྱིགས་པར་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་གྲོལི་བའི་ཡེ་ཤེས་ཀྱིས་སོ།། དེ ་ལྟར་ན་དད་པ་ལ་བརྟེན་ནས་ཚོགས་དང་བཅས་པའི་ལམ་དང་། ལམ་གྱི་འབྲས་བུ་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཀུན་ཏུ་སྟོན་པར་བྱེད་དོ།། གཞི་དེ་ལས་སྦྱིན་པ་པོ་དང་སྦྱིན་བདག་གིས་བསོད ་ནམས་རྒྱུན་རྒྱས་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་སྦྱིན་པ་པོ་ནི་གཞན་གྱི་ནོར་ཀྱང་བདག་གིས་སྦྱིན་པར་བྱེད་དོ།། སྦྱིན་བདག་ནཱི་གང་གིས་ནོར་སྦྱིན་པར་བྱེད་བསོད་ནམས་ཀྱི་ལས་བྱེད་པ་ན་རྒྱུད་ལ་བླུགས ་ཆགས་རྣམ་པ་གཉིས་གནས་ཏེ། འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་འགྲུབ་པར་བྱེད་པ་དང་། དང་པ་ལ་སོགས་པ་དགེ་བའི་ཆོས་ཀྱི་རྒྱུ་མཐུན་པའི་འབྲས་བུ་འགྲུབ་པར་བྱེད་པ་སྟེ། ཡོན་གནས་ཀྱི་ཁྱད་པར་གྱིས་དེའི་སྦྱིན ་པར་བྱ་བའི་དངོས་པོ་ཡོངས་སུ་སྤྱད་པའི་ཕྱིར་རོ།། དེ་གཉིས་རྟས་པའི་ཁྱད་པར་དུ་འགྲོ་བ་ནི་གོ་རིམས་བཞིན་དུ་བསོད་ནམས་རྒྱུན་རྒྱས་པ་དང་། དགེ་བ་རྒྱུན་རྒྱས་པ་ཚད་མེད་པ་རིག་པར་བྱའོ།། དེ་རྒྱུན་རྒྱས་པ་ཡང་བདེ་བའོ། ་རྒྱུན་ཡིན་པའི་ཕྱིར་བདེ་བ་འདྲེན་པ་ཞེས་བྱ་བ་ནི་ཕན་ཡོན་ཡོངས་སུ་སྟོན་པར་བྱེད་པ་ཡིན་ནོ།། གཞན་ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དང་། དེ་རབ་ཏུ་འཇུག་པར་བྱེད་པའི་དགེ་བ་ཡང་དག་པའི་ལྟ་བ་གང ་ཡིན་པ་དེ་གཉིས་ཀྱིས་ཁམས་རྟས་པ་ནི་གོ་རིམ་བཞིན་དུ་བསོད་ནམས་རྒྱུན་རྒྱས་པ་དང་། དགེ་བ་རྒྱུན་རྒྱས་པོ་ཡིན་ནོ།། དེ་གཉིས་ཀྱིས་འབྲས་བུ་ཡིད་དུ་འོང་བའི་ས་བོན་རྟས་པ་ནི་བདེ་བ་འདྲེན་པ་ཡིན་ནོ།། གཞན་ཡང་སྦྱིན་པ་ལས ་བྱུང་བའི་བསོད་ནམས་རྒྱུན་རྒྱས་པ་དེ་ཉིད་དགེ་བ་རྒྱུན་རྒྱས་པ་ཡིན་ཏེ། དགེ་བའི་རྒྱུ་མཐུན་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་རོ།། བདེ་བ་འདྲེན་པ་ཡང་ཡིན་ཏེ། འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བའི་རྒྱུ་ཡིན་པའི ་ཕྱིར་རོ།། རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ཏེ། ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ་ལྷག་མ་ནི་བཤད་པ་ཡིན་ནོ།། དབང་རྣམ་པ་ལྔ་ཐོབ་པས་དེ་ཉམས་སུ་མྱོང་བར་སྟོན་ཏེ། དབང་རྣམ་པོ་ལྔ་ན་རྫུ་འཕྲུལ་ལ་དབང་བ་ནི་ང་རྒྱས་པར་བྱེད་པ་དང་བསྡུས་པའི་ཕྱིར་རོ།། སྟོན་པ་དང་མི་སྟོན་པ་ལ་དབང་བ་ནི་ལུས ་སྣང་བར་བྱེད་པ་དང་སྣང་བར་མི་བྱེད་པའི་ཕྱིར་རོ།། འགྲོ་བ་ལ་དབང་བ་ནི་ཐ~ཾད་ཀ་དང་བླ་དང་འོག་ཐོགས་པ་ཅན་ལ་ཡང་འགྲོ་བའི་ཕྱིར་རོ།། གནས་པ་ལ་དབང་བ་ནི་ཐོགསོས་པ་མེད་པ་ལས་ཀྱང་མི་ལྟུང་བའི་ཕྱིར་རོ།། འགྲོ་བ ་དང་ཁམས་ཁྱད་པར་དུ་འཕགས་པ་གཉིས་སུ་རང་གི་ལུས་འཇུག་པ་ལ་དབང་བའོ།། རྩིག་པ་དང་རི་དང་ར་བ་སྨོས་པ་ནི་གཙུག་ལག་ཁང་དང་རི་དང་། གྲོང་ན་གནས་པ་ན་རིག་པར་བྱའོ།། འཇིག་ཚོགས་འགོག་པ་མྱ ་ངན་ལས་འདས་པ་ལ་སེམས་འཇུག་པར་བྱེད་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་མི་སྐྲག་ཕྱིར་དང་མངོན་དགེའི་ཕྱིར།། རྩེ་གཅིག་མ་ཆགས་འབྱུང་བའི་ཕྱིར།། སེམས་ནི་འཇུག་པར་བྱེད་པས་ན།། གྲོལ་བྱེད་པརོ་དུ ་ཤེས་པར་བྱ།། བཟློག་པའི་ཕྱིར་ནི་བཟློག་པ་ཡིན་ནོ།། གཞན་དགེ་ན་རེ་འཇུག་པར་བྱེད་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ།། ངད་པར་བྱེད་པ་ནི་བསམ་པ་ལས་བྱུང་བས་སོ།། ཀུན་ཏུ་གནས་པར་བྱེད་པ་ནི ་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བས་སོ།། རྣམ་པར་གྲོལ་བར་བྱེད་པ་ནི་འཇིག་རྟེན་ལས་འདས་པས་སོ་ཞེས་ཟེར་རོ།། དེ་ལྟ་ན་ནི་རྒྱུ་བསྟན་པ་ཡིན་གྱི་དོན་ནི་མ་ཡིན་ན།། ཚེ་དང་ལྡན་པ་འདུན་པས ་ཀྱང་འོན་ཀྱང་བདག་འདུ་བྱེད་ཐམས་ཅད་ཞི་བར་གནས་པ་དང་། སྟོང་པ་ཉིད་དུ་དམིགས་པོ་དང་། སྲེད་པ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་ལ་སེམས་འཇུག་པར་མི ་བྱེད།། དད་པར་མི་བྱེད་དོ་ཞེས་སྨྲས་པ་ནི་དེ་ལ་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱང་མེད་པ་ནི་མ་ཡིན་ཏེ། གནས་བརྟན་བདག་ཀྱང་འདི་སྙམ་དུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པ། ཆོས་ཐམས ་ཅིང་ནི་བདག་མེད་པ། ཞི་བ་ནི་མྱ་ངན་ལས་འདས་པའོ་སྙམ་དུ་སེམས་སོ་ཞེས་ཀྱང་འབྱུང་བའི་ཕྱིར་ཏེ། མང་དུ་ཐོས་པ་ཉིད་ཀྱིས་ཕྱིར་དང་། རྒྱུད་ཡོངས་སུ་སྨིན་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟ་བས་ན་ཤེས་རབ་རྣམ་པ་གསུམ ་ཆར་དང་ལྡན་པ་དག་ཡིན་ཡང་ནམ་ཡང་མྱ་ངན་ལས་འདས་པ་ལ་སེམས་མི་འཇུག་སྟེ། ངའོ་སྙམ་པའི་ང་རྒྱལ་རགས་པ་པར་ཆོད་དང་བཅེས་པ་དང་། བར་ཆད་མེད་པར་ཀུན་ཏུ་རྒྱུ་བའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར ་འོ་ན་ངའི་བདག་གང་ཡིན་སྙམ་དུ་ཡོངས་སུ་ཡི་ཆད་པའི་རྒྱུ་ཡིད་ཕྱིར་ལྡོག་གོ། གང་གི་ཚེ་ན་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངའོ་སྙམ་པའི་ང་རྒྱལ་ཀུན་ཏུ་རྒྱུ་བ་དེ་གཉེན་པོས་བསལ་བ་དེའི་ཚེ་དེ་ལོ་མི ་སྐྱུག་པ་ལ་སོགས་པ་དང་ལྡན་པའི་ཕྱིར་འཇུག་པར་བྱེད་པ་ནས་རྣམ་པར་གྲོལ་བར་བྱེད་པའི་བར་དུ་ཡིན་ནོ།། མིག་གི་དབང་པོ་བསྲུང་བའི་ཕྱིར་དང་། སྨྲ་བའི་ཕྱིར་དང་། དུལ་བར་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན། ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབོ་ལ་བརྟེན་ནས་གོ་རིམ་བཞིན་དུ་མིག་གི་དབང་པོ་བསྲུང་བའི་ཕྱིར་དང་། སྦ་བའི་ཕྱིར་དང་། དུལ་བར་གནས་པར་བྱ་བའི་ཕྱི་རེ་རབ་ཏུ་ཞུགས ་པ་ཡིན་ནོ།། གཞན་ཡུལ་གང་ལ་འཇུག་པར་བྱ་བ་དེ་ལ་བསྲུང་བར་བྱ་བའི་ཕྱིར་ཏེ། དྲན་པས་བྱིན་གྱིས་བརླབས་པའི་ཕྱིར་རོ།། གང་ལ་འཇུག་པར་བྱ་མ་ཡིན་པ་དེ་ལས་ནི་སྦ་བའི་ཕྱིར་ཏེ། དེ་མི་འཇུག་པའི་ཕྱིར་རོ།། དེའི་སྒོ ་ནས་ཉོན་མོངས་པས་ཀུན་ཏུ་རྒྱུ་བའི་བག་ལ་ཉལ་ཡང་དག་པར་གཞོམ་པོའི་ཕྱིར་གཉེན་པོ་བསྒོམ་པས་ན་དུལ་བར་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་པར་རིག་པར་བྱའོ།། དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ ་དང་། ཤིན་ཏུ་སྦས་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཉོན་མོངས་པོའི་བག་ལ་ཉལ་ཐམས་ཅད་ཡང་དག་པར་བཅོམོ་པའི་ཕྱིར་ཤིན་ཏུ་དུལ་བ་ཡིན་ནོ།། སོ་སོར་རྟོག་པའི་སྟོབས་ལ་བརྟེན་ནུས་དྲན་པ་དྲུང་ཤེས ་བཞིན་གཉིས་ཀྱིས་ཉོན་མོངས་པོའི་ཀུན་ནས་དཀྲིས་པ་མི་སྐྱེད་པའི་ཕྱིར་ཤིན་ཏུ་སྦས་པ་ཡིན་ལ། སྐྱེས་པ་དང་དུ་མི་ལེན་པའི་ཕྱིར་ཤིན་ཏུ་བསྲུངས་པ་ཡིན་ནོ།། འཇིག་རྟེན་པའི་བསྒོམ་པོའི་སྟོབས་ལ་བརྟེན་ནས་ཤིན་ཏུ་བསྡམས ་པ་ཡིན་ནོ།། འཇིག་རྟེན་ལས་འདས་པ་ལ་བརྟེན་ནས་ཤིན་ཏུ་བསྒོམས་པ་ཡིན་ནོ།། དེ་ལྟར་སེམས་དུལ་བྱ་ཐབས་དང་བཅས་པ་ཡོངས་སུ་བསྟན་པ་ཡིན་ནོ།། འདིར་ཡང་སྨྲས་པ། དྲན་པས་མ ་སྐྱེས་ཕྱིར་སྦས་ཤིང་།། ཤེས་བཞིན་གྱིས་ནི་སྐྱེས་ལས་བསྲུངས།། གནོན་དང་རྩ་བ་བཅོམ་གཉིས་ཀྱིས།། བསྡམས་དང་བསྒོམས་པ་ཡིན་པར་འདོད།། ལུང་ལས་ནི་འཇུག་པར་བྱ་བ་མ་ཡིན་པ་ལ་མི་འཇུག་པའི་ཕྱིར ་ཤིན་ཏུ་སྦས་པ་ཡིན་ནོ།། འཇུག་པར་བྱ་བ་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་པས་འཇུག་པའི་ཕྱིར་ཤིན་ཏུ་བསྲུངས་པ་ཡིན་ནོ།། རང་ཉིད་ཡུལ་ལ་མི་རྒྱུག་པའི་ཕྱིར་ཤིན་ཏུ་བསྡམས་པ་ཡིན་ནོ།། རང་ཉིད་ཀུན་ནས་ཉོན ་མོངས་པར་མི་འགྱུར་བའི་ཕྱིར་ཤིན་ཏུ་བསྒོམས་པ་ཡིན་ནོ།། དེ་ལྟར་ན་ཤིན་ཏུ་དུལ་བ་ཡིན་ནོ་ཞེས་འབྱུང་ངོ་།། དེ་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པོ་འགྲན་ཟླ་མེད་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། ་དེ་ལ་སེམས་ཅན་ཕ་རོལ་དག་ལ་ཕན་པ་དང་བདེ་བའི་བསམ་པ་ནི་རྣམས་པའོ།། དེ་དང་མཚུངས་པར་ལྡན་པའི་སེམས་ནི་བྱམས་པ་དང་ལྡན་པའོ།། དེ་ནི་ཉེ་བའི་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོ་ཡིན་པའི་ཕྱིར་ཁོ་ན ་མེད་པ་དང་འགྲན་ཟླ་མེད་པ་དང་། གནོད་པ་མེད་པའོ།། ཉེ་བའི་ཉོན་མོངས་པ་རྣམ་པ་གསུམ་ནི་སེམས་ཅན་མཉམ་པ་དང་ཁྱད་པར་དུ་འཕགས་པ་གནོད་པ་བྱེད་པ་དག་ལ་ཁོན་དུ་འཛིན་པ་དང་། གནོད་པ་མི་བྱེང ་པ་དག་ལ་ཕྲག་དོག་དང་། དེ་གཉིས་དང་ལྡན་པ་དམན་པ་དྲུག་ལ་ནི་གང་གི་སྔ་ན་དེ་དག་ལ་གནོད་པར་འགྱུར་བའི་ཞེ་སྡང་ངོ་།། འབྲས་བུ་ཆེ་བ་ཉིད་ཡིན་པའི་ཕྱིར་ཡངས་པའོ།། གཟུགས་ན་སྤྱོད་པ་ཉིད་ཡིན་པའི་ཕྱིར་རྒྱ ་ཆེན་པོར་གྱུར་པའོ།། སེམས་ཅན་དཔག་ཏུ་མེད་པ་ལ་དམིགས་པ་ཉིད་ཡིན་པའི་ཕྱིར་ཚད་མེད་པའོ།། མི་མཐུན་པའི་ཕྱོགས་ཤིན་ཏུ་ཐུལ་བའི་ཕྱིར་ཤིན་ཏུ་བསྒོམས་པའོ།། དེ་ལྟར་ན་གཉེན་པོ་ཉིད་དང་། འབྲས་བུ ་ཉིད་དང་ས་ཉིད་དང་། དམིགས་པ་ཉིད་དང་། རྣམ་པར་དག་པ་ཉིད་ཀྱི་སེམས་དེ་ཡོངས་སུ་བསྟན་པ་ཡིན་ནོ།། ཕྱོགས་གཅིག་ཏུ་ཞེས་བྱ་བ་ནི་གནས་ཀྱིས་གནས་པ་པོ་བསྟན་པ་ཡིན་ཏེ། དཔེར་ན་ཁྲི་དག་འབོད་དོ།། ་དགས་ཚིག་གོ་ཞེས་བྱ་བ་ལྟ་བུའོ།། མས་ཏྭ་ཞེས་བྱ་བ་ལྟ་བྱའོ།། མོ་སྱཱ་ཏེ་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པ་ཉིད་སྟོན་པ་ཡིན་ནོ།། ཁྱབ་པར་བྱས་ནས་ཞེས་བྱ་བ་ནི་ཁྱབ་པར་སྟོན་པ་ཡིན་ཏེ། ཅིག་ཅར་དུ་མཐའ་དག ་ལ་མོས་པའི་ཕྱིར་རོ།། རྫོགས་པར་བྱས་ཏེ་ཞེས་བྱ་བ་ནི་དངོས་གཞིའི་སྙོམས་པོར་འཇུག་པ་མངོན་དུ་སྦྱོར་པ་ཡིན་པར་སྨྱོན་པ་ཡིན་ནོ།། གནས་སོ་ཞེས་བྱ་བློ་ནི་དྲིས་གཞན་དུ་ཡང་རྗེས་སུ་འཇུག་པར་སྟོནྡྲ་པ་ཡིན་ནོ།། ་བརྩོན་འགྲུས་བརྩམས་ཤིང་ཞུམ་པ་མེད་པ་ཡིན། ལུས་ཤིན་ཏུ་སྦྱངས་ཤིང་ཉེས་པར་བརྩམས་པ་མེད་པ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལོ་ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པའི་ཚིག་བཞི ་པོ་དག་ནི་གོ་རིམ་བཞིན་དུ་སེམས་རྣམ་པ་བཞི་རི་གཉེན་པོར་རིག་པར་བྱའོ།། སེམས་རྣམ་པ་བཞི་ནཱི་ཏ་ཅང་ཟླུམ་བུ་དང་། ཧ་ཅང་རབ་ཏུ་བཟུང་བ་དང་། རླུང་དུ་བསྡུས་པ་དང་། ཕྱི་རོལ་ཏུ་རྣམ་པར་གསུངས ་བ་སྟེ། དེ་ཁོ་ནའི་གཉེན་པོར་སྤོང་བའི་འདུ་བྱེད་རྣམ་པ་གཉིས་གཉིས་ཡིན་ནོ།། གཞན་ཡང་ཞི་གནས་དང་རབ་ཏུ་འཛིན་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཚིག་གཉིས་ཏེ། ཞུམ་པ་དང་། རྒོད་པའི་གཉེན་པོ་ཡིན ་པའི་ཕྱིར་རོ།། བཏང་སྙོམས་ཀྱི་ཉེ་བའི་ཉོན་མོངས་པའི་གཉེན་པོ་ཡང་ཚིག་གཉིས་ཡིན་ནོ།། དེ་གཉིས་ཀྱང་གང་གིས་ན་དྲན་པ་ཀུན་ཏུ་རྨོངས་པར་འགྱུར་བའི་མ་རིག་པ་དང་། གང་གིས་ན་རོ་མྱང་བ་ལ་སེམས་རྣམ་པར ་གཡེངས་པར་འགྱུར་བའི་སྲེད་པའོ།། གཞན་ཡང་སྐྱོན་རྣམ་པ་བཞིའི་གཉེན་པོར་ཚིག་བཞི་དག་ཡིན་ནོ།། སྐྱོན་རྣམ་པ་བཞི་ནི་བརྩོན་འགྲུས་མ་བརྩམས་ན་སེམས་ཞུམ་པར་འགྱུར་བ་དང་། ཧི་ཅང་བརྩམས་ན་ལུས་དུབ ་པར་འགྱུར་བ་དང་། བརྗེད་ངེས་པ་དང་སེམས་ཉམས་པ་སྟེ་གང་གིས་ན་ལུས་ཉེས་པར་བརྩམས་པ་དང་། དྲན་པ་ཀུན་ཏུ་རྨོངས་པ་དང་སེམས་རྩེ་གཅིག་པ་མ་ཡིན་པ་སྟེ་ཡུལ་ལ་རྣམ་པར་གཡེངས་པའི་ཕྱིར་རོ།། དེ་ཉིད ་ཀྱི་ཕྱིར་དེའི་གཉེན་པོ་ཉིད་ཡང་དག་པར་བསྟན་པའི་ཕྱིར་བརྩོན་འགྲུས་ལ་སོགས་པ་ཚིག་ཕྱི་མས་ཁྱད་པར་དུ་བྱེད་པ་ཡིན་པར་རིག་པར་བྱའོ།། ཚུལ་བཞིན་ཡིད་ལ་བྱེད་པ་ནི་མིག་སྐྱེས་ཤིང་ཞེས་བྱ་བ་ནི་མདོ་སྡེའི ་དྲུདུམྱུ་པའོ།། དེ་ལ་དོན་མངོན་སུམ་དུ་གྱུར་པའི་ཕྱིར་བླག་བླ་མེད་པའི་ཤེས་རབ་ནི་མིག་ག། ཐེ་ཚོམ་མེད་པའི་ཕྱིར་ཤེས་པའོ།། ཡང་དག་པ་དོན་དུ་གྱུར་པའི་ཕྱིར་རིག་པའོ།། རྣམ་པར་དག་པའི་ཕྱིར་བློ་སྟེ། ངེས་བྱའི་ཚིག ་གི་ཆོས་ཉིད་ཀྱི་རྒྱུས་ན་རྣམ་པར་དགེ་བའི་ཕྱིར་བློ་ཡིན་ནོ།། མིག་ལ་གཞན་པ་དང་། ནོར་བ་དང་། རྙོག་པ་ཉིད་མེད་པ་ཡང་དག་པར་བསྟེན་པའི་ཕྱིར་རྣམ་གསུམ་གྱིས་ཁྱད་པར་དུ་བྱེད་པ་ཡིན་ནོ།། གཞན་ཡང་ཕྱི་རོལ་པ ་རྣམས་ཀྱི་ལྟ་བ་ནི་བདེན་པ་རྣམས་ལ་ངན་པར་ལྟ་བ་དང་། ཐེ་ཚོམ་དང་། མ་རིག་པ་རྣམས་ཀྱི་གཉེན་པོ་མ་ཡིན་པ་དང་། ཟག་པ་དང་བཅས་པ་ཡིན་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་མིག་ལ་སོགས་པ་སྨོས་སོ།། གཞན ་ཡང་བཟླས་པ་གསུམ་དག་ལ་ཐོག་མར་མཐོང་བ་ནི་མིག་གོ།། ཇི་ལྟར་མཐོང་བ་ལ་རྣམ་པར་དཔྱོད་པ་ནི་ཤེས་པའོ།། གཉིས་པོ་དེ་ཉིད་ཇི་སྙེད་ཡོད་པ་ཅན་ཉིད་ལ་བརྟེན་ནུསྣ་རོག་པ་སྟེ། ཇི་སྙེད་ཡོད་པ་ལ་འཛིན་པའི་ཕྱིར་རོ།། ་ཇི་ལྟར་ཡོད་པ་ཅན་ཉིད་ལ་བརྟེན་ནས་བློ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ།། གཞན་ཡང་ཆོས་མ་ཐོས་པ་རྣམས་ལ་རྗེས་སུ་དཔག་པ་དགག་པའི་ཕྱིར་མིག་ཅེས་བྱ་བ་གསུངས་སོ།། མྱོས་པ་ལས་བྱུང ་པའི་མཐོང་བ་དགག་པའི་ཕྱིར་ཤེས་པའོ།། མངོན་པའི་ང་རྒྱལ་དགག་པའི་ཕྱིར་རིག་པའོ།། ཟག་པ་དང་བཅས་པ་ཉིད་དགག་པའི་ཕྱིར་བློ་སྟེ། རྣམ་པར་དག་པའི་དོན་གྱིས་སོ།། ཁོ་ཅིག་ན་རེ་བཟོད་པ་ནི་མཐོང་བ་ཉིད ་ཡིན་པའི་ཕྱིར་མིག་ཡིན་ལ། ཤེས་པ་ནི་ཤེས་པ་ཉིད་ཡིན་ནོ་ཞེས་ཟེར་ཏེ། ད་ནི་བཟླས་པ་གསུམ་དག་ལ་འཐད་པ་མུ་ཡིན་ཏེ། དེ་དག་ནི་མཐོང་བ་དང་། སྒོམ་པ་དང་། མ་སློབ་པའི་ལམ་གྱིས་བསྡུས། ་པའི་ཕྱིར་རོ།། དགེ་སློང་དག་འདི་ནི་ཁྱེད་ལ་ཕན་པའི་ཕྱིར་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། ཕན་པའི་ཕྱིར་ནི་འདོད་པ་བསོད་ཉམས་ཀྱི་རྗེས་སུ་སྦྱོར་བའི་མཐའ་ཡོངས་སུ་སྤོང་བ་ཡིན་ནོ།། བང་བའི་ཕྱིར་ནི་བདག་ཉིད ་དུབ་པར་གནས་པའི་རྗེས་སུ་སྦྱོར་པོའི་མཐའ་ཡོངས་སུ་སྤོང་བ་ཡིན་ནོ།། ཕན་པ་དང་བདེ་བའི་ཕྱིར་ནི་གཉིས་ཀའི་མཐའ་སྤངས་ནས་དབུ་མ་པའི་ལོམ་བསྒོམ་པ་ཡིན་ནོ།། གཞན་ཡང་ཕྲན་པའི་ཕྱིར་ནི་སྡུག་བསྔལ་དང ་བཅས་པའི་ཉེ་བའི་ཉོན་མོངས་པོའི་གཉེན་པོ་བརྟེན་པ་ཡིན་ནོ།། བདེ་བའི་ཕྱིར་ནི་ཉོན་མོངས་པ་རྣམས་མེད་པར་སྡུག་བསྔལ་གྱིས་གཉེན་པོ་བརྟེན་པ་ཡིན་ནོ།། ཕན་པ་དང་བདེ་བའི་ཕྱིར་ནི་བདེ་བ་དང་བཅས་པའི་ཉོན་མོངས ་པའི་གཉེན་པོ་བརྟེན་པ་ཡིན་ནོ།། གཞན་ཡང་ཕན་པའི་ཕྱིར་ནི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་མ་རྟོགས་པར་ཉོན་མོངས་པ་ཟད་པའི་ལམ་མོ།། བདེ་བའི་ཕྱིར་ནི་འདིར་ཉོན་མོངས་པ་ཟང ་པའི་ལམ་མ་རྟོགས་པའི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་མོ།། ཕན་པ་དང་བདེ་བའི་ཕྱིར་ནི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་དང་བཅས་པའི་ཉོན་མོངས་པ ་ཟད་པའི་ལམ་མོ།། གཞན་ཡང་ཕན་པའི་ཕྱིར་ནི་སློབ་པ་རྣམས་ཀྱི་དཀའ་བའི་ལམ་མོ།། བདེ་བའི་ཕྱིར་ནི་མི་སློབ་པ་རྣམས་ཀྱི་སླ་བའི་ལམ་ཡིན་ནོ།། ཕན་པ་དང་བདེ་བའི་ཕྱིར་ནི་སློབ་པ་རྣམས་ཀྱི་སླ་བའི་ལམ་ཡིན་ཏེ་གོ་རིམ ་བཞིན་ནོ།། ཤིང་ཐགས་བཙུགས་པ་ནི་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཟབས་རིང་བ་ནི་ཐོབས་རིང་དུ་བཅུག་པ་ཡིན་པའི་ཕྱིར་རོ།། ལེགས་པར་བཙུགས་པ་ནི་བློ་ནས་ལེགས་པར་བརྟན་པོར་བྱས་པའི་ཕྱིར་རོ།། ། ་སྲ་བ་ནི་མི་འདུལ་བའི་ཕྱིར་རོ།། བརྟན་པ་ནི་ཡུན་རིང་དུ་གནས་པའི་ཤིང་ཡིན་པའི་ཕྱིར་རོ།། མཁྲེགས་པ་དང་ལྡན་པ་ནི་ཤུན་པ་མེད་པ་དང་། ཁོང་ན་ལུ་མེད་པའི་ཕྱིར་རོ།། མི་གཡོ་བ་ནི་མི་འགུལ་བའི་ཕྱིར་ལ། མི ་ཆགས་པ་ནི་མི་ཆོག་པོའི་ཕྱིར་ཏེ། ཟབས་རིང་བ་དང་ལེགས་པར་བཙུགས་པའི་གཞིའི་ཁྱད་པར་གྱིས་ནི་མི་གཡོ་བ་ཡིན་ལ། སྲ་བ་དང་བརྟན་པ་དང་འཁྲེགས་པ་དང་ལྡན་པའི་རང་བཞིན་གྱི་ཁྱད་པར་གྱིས་མི་འཆག ་པ་ཡིན་པས་གཞི་དང་རང་བཞིན་གྱིས་ཁྱད་པར་དེ་གཉིས་དང་གོ་རིམས་བཞིན་ནོ།། དེ་ལྟར་ན་དེ་དག་ནི་རྣམ་པ་གཉིས་དང་། གསུམ་དང་གཉིས་ཀྱི་གཞི་ཉིད་དང་། རང་བཞིན་ཉིད་དང་། དེས་བྱས་པའི་ཕན་ཡོན་གྱི ་ཕྱིར་ཕུན་སུམ་ཚོགས་པ་ནི་ཕ་རོལ་པ་རྣམས་ཀྱིས་གནས་མི་ཐོབ་པ་ཡིན་ནོ།། ལོངས་སྤྱོད་བསྐྱོད་པ་དང་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་བསྐྱོད་པ་དང་བརྩོན་འགྲུས་ཀྱིས་ཐོབ ་པ་ཞེས་བྱ་བ་ནི་སེམས་ཀྱི་རྩལ་གྱིས་བསྒྲུབས་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ཏེ། གཉིད་ཀྱི་བདེ་བ་དང་། གློས་འབེབས་པ་དང་ཉལ་བའི་བདེ་བ་གཉིས་ཀྱིས་གཉེན་པོར་གོ་རིམ་བཞིན་ནོ།། ལག་མཐུས ་བསྒྲུབས་པ་ཞེས་བྱ་བ་ནི་ལུས་ཀྱི་རྩལ་གྱིས་བསྒྲུབས་པ་ཉིད་ཡིན་ནོ།། རྡུལ་ཅིང་དྲི་མ་ཆགས་ཆགས་སུ་བསྒྲུབས་པ་ཞེས་བྱ་བ་ནི་བལ་བས་བསྒྲུབས་པ་ཡིན་ནོ།། ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པ་ཞེས་བྱ་བ་ནི་རིགས་པས ་བསྒྲུབས་པ་ཉིད་ཡིན་ཏེ། ཡང་དག་པའི་འཚོ་བ་དང་མ་བྲལ་བ་ཉིད་ཀྱི་ཕྱིར་ཆོས་དང་ལྡན་ཞིང་ངོ་།། བསོད་ནམས་ཀྱིས་ཐོབ་པའི་ཕྱིར་ཆོས་ཀྱིས་ཐོབ་པའོ།། གཞན་ཡང་སངས་རྒྱས་ལ་སོགས་པ་ཡིར་གཏོགས་པ་ཉིད་མ ་ཡིན་པའི་ཕྱིར་ཆོས་དང་ལྡན་ཞིང་ངོ་།། ལོག་པའི་འཚོ་བས་ཐོབ་པ་མ་ཡིན་པའི་ཕྱིར་ཆོས་ཀྱིས་ཐོབ་པའོ།། ཕན་ཡོན་ཚེ་ཕྱི་མ་ལོ་འགྲོ་བ་གོང་མར་འགྱུར་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་འགྲོ་བ་འོག་མ་ནི་ངན་སོང་རྣམས ་ཡིན་ནོ།། དྲིའི་འགྲོ་བ་གོང་མར་གྱུར་པ་ནི་མི་རྣམས་ཏེ། དེར་འགྲོ་བར་བྱེད་པའི་ཕན་ཡོན་ནི་འགྲོ་བ་གོང་མར་འགྱུར་བའོ།། དེ་ལས་ཀྱང་གང་ཞིག་མིའི་བསྐལ་པ་བཟང་པོའི་འབྲས་བུ་སྨིན་པར་བྱེད་པ་དེ་ནི་བསྐལ་པ་བཟང་པོར ་འགྱུར་བའོ།། དེ་ལས་ཀྱང་གང་ཞིག་ལུས་དང་ལོངས་སྤྱོད་ཡིད་དུ་འོང་བའི་འབྲས་བུ་སྨིན་པར་བྱེད་པ་དེ་ནི་རྣམ་པར་སྨིན་པ་བདེ་འགྱུར་བའོ།། གང་ཞིག་ལྷར་སྐྱེ་བར་བྱེད་པ་དེ་ནི་མཐོ་རིས་འགྲུབ་པར་བྱེད་པའོ།། ་གཞན་ཡང་འགྲོ་བ་གོང་མར་འགྱུར་བ་དེ་ཉིད་ལྷག་མས་གསལ་བར་བྱེད་པ་ཡིན་ནོ།། སྐྱེས་བུ་དམ་པའི་འགྲོ་བ་བདུན་དག་གང་ཞེ་ན་ཞེས་བྱ་བ་ན་མདོ་སྡེའི་དུམ་བུའོ།། འདིར་འགྲོ་བ་ནཱི་ཞེ་ན་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་སྐྱེ་བ ་གཞན་གྱིས་གནས་སྐབས་སོ།། བདུན་ཉིད་ནི་མྱ་ངན་ལས་འདས་པ་འཐོབ་པའི་དུས་ཀྱིས་དབྱེ་བ་ལས་སོ།། འཕགས་པ་མ་ཡིན་པ་ཡང་སྲིད་པ་བདུན་དག་གིས་སམ། ལན་ཅིག་ཕྱིར་འོང་བས་ཡོངས་སུ་མྱ་ངན་ལས་འོངས ་པའི་ཕྱིར་ལ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མ་ཡིན་པ་ནས་གོང་དུ་འཕོ་བའི་བར་དུ་ཡང་མི་འགྱུར་བས་འདི་དག་ཁོ་ན་སྐྱེས་བུ་དམ་པའི་འགྲོ་བ་བདུན་དག་ཡིན་ནོ།། མྱ་ངན་ལས་འདས་པ་ཡོད་འགྲོ་བ་ཀུན ་ཏུ་གཅོད་པ་ཡིན་པའི་ཕྱིར་འགྲོ་བ་མ་ཡིན་ནོ།། འོ་ན་ཚིགས་སུ་བཅད་པ་ལས། དགྲ་བཅོམ་འགྲོ་བ་མྱ་ངན་འདས་ཞེས་གང་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ལས་ནི་སྟོན་པ་ལ་འགྲོ་བ་ཞེས་བྱ་བར་བསྟན་པ་ཡིན་ནོ།། ་བདག་མ་བྱུང་ཡང་རུང་བདག་གི་ཡང་སྲིད་པ་མ་བྱུང་ཡང་རུང་ཞེས་བྱ་བ་རྣམ་པ་འདི་གཉིས་ཀྱིས་ནི་མྱ་ངན་ལས་འདས་པ་ལ་འདོད་པའི་ཕྱིར་མཚན་མ་མེད་པ་ལ་སྦྱོར་བ་ཡིན་ནོ།། དག་མི་ཅུང་པོ་འགྱུར་དག་གི་ཁྱིས་འདི་མི་འབྱུང་ལ་གྱུ་ལགས ་བྱ་བ་ཡིན་ཏེ། མི་རྟག་པའི་རྣམ་པ་གཉིས་ཀྱི་སྐྱེ་བོ་སུན་འབྱིན་པའི་ཕྱིར་སྨོན་པ་མེད་པ་ལ་སྦྱོར་བ་ཡིན་ནོ།། རྣམ་གྲངས་གཞན་ཡང་སྨོན་པོ་དང་ངེས་པའི་དུས་གཉིས་སུ་མྱ་ངན་ལས་འདས་པ་ལ་སེམས་རབ་ཏུ་འཇུག ་པར་བྱེད་པའི་ཕྱིར་གཉིས་ཀ་ཡང་མཚན་མ་མེད་པ་ལ་སྦྱོར་བ་ཁོ་ན་ཡིན་ནོ།། དེ་ལྟར་ན་གང་ཡོད་པ་ཞེས་བྱ་བ་ནི་ཕུང་པོ་ཙམ་མོ།། གང་འབྱུང་བ་ཞེས་བྱ་བ་ནི་འདུས་བྱས་སོ།། དེ་སྤོང་ངོ་ཞེས་བྱ་བ་ནི་འདུས ་བྱས་མི་རྟག་པ་ཙམ་འགོག་པར་མཐོང་བའི་ཕྱིར་བཏང་སྙོམས་འཐོབ་ཀྱི་བདག་མི་འབྱུང་བར་འགྱུར་རོ་སྙམ་དུ་དད་པར་མི་འགྱུར་རོ།། ལེན་པ་མེད་པར་མྱ་ངན་ལས་འདས་པ་ནི་ཁ་ཙོག་ནི་ལས་ནི་ཕུང་པོའི་ལྷགཽ་མ་མེད་པ ་ཡིན་པར་འབྱུང་སྟེ། དཔེར་ན་རྣམ་པར་གྲོལ་པོའི་རྒྱུས་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདྲེས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ།། ཁྭ་ཅིག་ལས་ནི་ཕུང་པོའི་ལྷག་མ་དང་བཅས་པ་ཡིན་པར་འབྱུང་སྟེ། དཔེར་ན་ཀྱེ་མ ་དགེ་སློང་ཉེ་བར་ཞི་བ་ཟག་པ་མེད་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་མི་ལྡན་པར་གྱུར་པ། ལེན་པ་མེད་པར་མྱ་ངན་ལས་འདས་པ་འདི་ནི་ལེགས་སོ་ཞེས་འབྱུང་བ་ལྟ་བུའོ།། འདིར་ནི་ཕུང་པོའི་ལྷག་མ་མེད་པ་ལ་བྱ ་བར་མངོན་ཏེ། ཚེ་ཕྱི་མའི་འགྲོ་བའི་དབང་དུ་མཛད་པའི་ཕྱིར་དང་། ཤར་ཕྱོགས་སུ་འགྲོ་བར་མི་སྨྲ་ཞིང་ཞེས་བྱ་བ་རྒྱས་པར་གསུངས་པ་ཞེས་བྱ་བའི་ཕྱིར་རོ།། ཡོད་པ་ལ་ཡོད་པ་ཉིད་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ ་སྟོང་པ་ཉིད་ཀྱིས་ཡོད་པ་ལ། ཡོད་ཉིད་མེད་ལ་མེད་ཉིད་རིག། དེ་ནས་ཇི་ལྟར་གང་ཡོད་ལ།། གཉིས་ཀྱི་བླ་བཅོས་བླ་མེད་རིག། གཉིས་ཀྱིས་ཞེས་བྱ་བ་ནི་མཚན་མ་མེད་པ་དང་སྨོན་པ་མེད་པ་གཉིས་ཀྱིས་སོ།། སྟོང་པ་ཉིད་ལ ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱི་གོ་རིམས་ཀྱང་དེ་ཉིད་ཀྱི་ཕྱིར་རོ།། ཡོད་པ་དང་མེད་པའི་དངོས་པོར་ཤེས་པ་ནི་ཡོད་པ་ལ་བླ་མ་དང་བཅས་པ་དང་བླ་མ་མེད་པ་གཉིས་སུ་ཤེས་པར་ནུས་ཀྱི། གྱི་ན་ནི་མ་ཡིན་ལ། ཤེས་ན་ཡོད་པ་བླ ་མ་དང་བཅས་པ་ཡིན་ན་ནི་ཡིད་ཀྱིས་སྨོན་པར་མི་བྱེད་ལ། བླ་ན་མེད་པ་ཡིན་ན་ནི་སྨོན་པར་བྱེད་དོ།། གཞན་ཡང་སྨྲས་པ། བདག་འཛིན་ཕྱིར་དྲང་སྲིད་ལ་སྲེད།། དེས་ན་སྲིད་ཟ་མི་འདོད་དེ།། གསུམ་པོ་དེའི་གཉེན་པོར་ནི།། སྟོང་ཉིད ་ལ་སོགས་ཏིང་འཛིན་རྣམས།། གཅིག་གིས་ཡོད་དང་མེད་པ་དང་།། གཉིས་ཀྱིས་ཡོད་ལ་སྐྱོན་ཡོན་རིག། དེ་ཕྱིར་གསུམ་སྟེ་དེ་དག་གིས།། རིམ་པ་སྔ་མས་ཕྱི་མ་དྲངས།། དེ་ལྟར་ན་ཡོད་ལ་སྦྱིན་ཡོན་ཞེས་བྱ་བ་ནི་འདུས་བྱས་དང ་འདུས་མ་བྱས་ལ་སྟེ་གི་རིམས་བཞིན་ནོ།། ལུང་ལས་ནི་མེད་དང་དེ་བཞིན་སྐྱོན་ལྡན་དང་།། དེ་བཞིན་ཡོན་ཏན་ལྡན་དངོས་ལ།། ཡོད་འཛིན་ཡོན་ཏན་ལྡན་འཛིན་དང་།། ཡོན་ཏན་མི་ལྡན་འཛིན་གཞོམ་ཕྱི་རོ།། གོ་རི་མ་བཞིན་དུ ་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་སོ་ཞེས་འབྱུང་ངོ་།། ལེགས་པར་མཐོང་བ་ལེགས་པར་རིག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ལེགས་པར་མཐོང་བ་ནི་བསྟེན་པ་ཡིན་ལ། ལྐོག་མ་ནི་བཤད་པ་ཡིན ་ནོ།། དེ་ལེགས་པར་རིག་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ།། ལེགས་པར་ཡིད་ལ་བྱས་པ་ནི་བསམས་པོ་ལས་བྱུང་བས་སོ།། ལེགས་པར་བསྟན་པ་ནི་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བ་སྟེ། དགའ ་བ་དང་བཅས་པ་ཡིན་པའི་ཕྱིར་རོ།། ལེགས་པར་རྟོགས་པ་ནི་འཇིག་རྟེན་ལས་འདས་པ་སྟེ་དོན་དམ་པ་ལ་འཇུག་པའི་ཕྱིར་རོ།། དེ་ལྟར་ན་ལེགས་པར་མཐོང་བ་ཡིན་ནོ།། འདུན་པ་སྐྱེད་པར་བྱེད་རྩོལ་བར་བྱེད ་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། མཉམ་པར་མོ་བཞག་པའི་སྦྱོར་བ་སྤང་བ་ལ་སོགས་པར་འདོད་པ་ཉིད་ཀྱི་ཕྱིར་དང་། དེའི་ཐབས་ཡོངས་སུ་བཟུང་བ་ཉིད་ཀྱི་ཕྱིར་དང་། དེ་ལན་མང་དུ་བྱ་བ་དང་། བརྟན་པོར་བྱ་བོ་ཉིད་ཀྱི་ཕྱིར་དང ་མཉམ་པར་བཞག་པའི་སྦྱོར་བ་ཞུམ་པ་དང་། རྒོད་པའི་གཉེན་པོའི་བསྒོམ་པ་ཉིད་ཀྱི་ཕྱིར་དེ་དག་གོ་རིམ་བཞིན་དུ་རིག་པར་བྱའོ།། གཞན་ཡང་སྤང་བ་ལ་སོགས་པར་འདོད་པ་ཉིད་ཀྱི་ཕྱིར་དང་། དེ་དག་ལ་སྦྱོར་བ་ཉིད་ཀྱི་ཕྱིར་དང་། ་དེ་ལྟ་བརྩོན་པའི་ལུས་དང་སེམས་དུབ་པར་གྱུར་ན་བརྩོན་འགྲུས་རྒྱུ་ནཱ་མི་འཆུད་པ་ཉིད་ཀྱི་ཕྱིར་དང་། ཞི་གནས་དང་ལྷག་མཐོང་གི་ཉེ་བའི་ཉོན་མོངས་པ་སྤྱང་པ་ཉིད་ཀྱི་ཕྱིར་ཡང་གོ་རིམ་བཞིན་ནོ།། གཞན་ཡང་རྩོལ་པོར་བྱེད ་པ་ནི་སོ་སོར་རྟོག་པའི་དུས་ན་བརྩོན་འགྲུས་བརྩམས་པ་ལ་བརྟེན་པོ་ཉིད་ཀྱི་ཕྱིར་དང་། སྒོམ་པའི་དུས་ནི་ཏིང་ངེ་འཛིན་ལ་བརྟེན་པ་ཉིད་ཀྱི་ཕྱིར་ཏེ། སེམས་ཞུམ་པ་རབ་ཏུ་བཟུང་ནས་ནང་དུ་རབ་ཏུ་འཇོག་པའི་ཕྱིར་ན་དགེ་སློང ་མའི་མདོ་སྡེ་ལས་འབྱུང་བ་བཞིན་ནོ།། འདུས་པ་དང་ལྡན་པ་ཚོགས་དང་ལྡན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་པུ་སྟེ། འཁོར་དང་། བློ་དང་། ཡིད་ཆེས་པ་དང་མཆོད་པ་ཕུན་སུམ་ཚོགས་པ་ཉིད་དུ་སྟོན་ཏོ།། འདུས་པ་དང ་ལྡན་པ་ཚོགས་དང་ལྡན་པ་ཞེས་བྱ་བ་ནི་འཁོར་ཕུན་སུམ་ཚོགས་པ་ཉིད་ཡིན་ཏེ། ཉན་པ་པོའི་ཚོགས་འདུས་པ་དང་འཁོད་པ་རང་གོ་རིམ་བཞིན་ནོ།། ཚོགས་ཀྱི་སློབ་དཔོན་ཞེས་བྱ་བ་ནི་བློ་ཕུན་སུམ་ཚོགས་པ་ཉིད་ཡིན་ཏེ། དེ་རྣམ ་ལེ་རང་གི་བསྟན་བཅོས་ཀྱིས་རྗེས་སུ་སྟོན་པའི་ཕྱིར་རོ།། སྐྱེ་བོ་མང་པོས་དགེ་བའི་རང་བཞིན་དུ་ཀུན་ཏུ་ཤེས་པ་ཞེས་བྱ་བ་ནི་ཡིད་ཆེས་པ་ཕུན་སུམ་ཚོགས་པ་ཡིན་ཏེ། མང་པོ་རྣམས་ཀྱིས་རྟོགས་པ་ལ་ཡིད་ཆེས་པ་ཉིད་ཡིན ་པའི་ཕྱིར་རོ།། ཚོགས་ཆེན་པོ་སྡེ་མདུན་གྱིས་བདོར་བ་ཞེས་བྱ་བ་ནི་མཆོད་པ་ཕུན་སུམ་ཚོགས་པ་ཉིད་ཡིན་ནོ།། དམག་ལྡན་ཆོས་འདི་ནི་ཟབ་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ཡང་དེ་ལས་བཅོམ་ལྡན་འདས་ཀྱིས་ཆོས་དང ་མེད་པོ་ཐུགས་སུ་ཆུད་པ་གང་ཡིན་པ་དེའི་དབང་དུ་མཛད་པ་ཡིན་པའི་ཕྱིར་རོ།། དེ་ནི་མངོན་ཤེས་རབ་མ་སྦྱངས་པས་རང་གིས་མཐོང་བར་དཀའ་བ་ཡིན་ཏེ་དེས་ནི་བཟབ་པའོ།། སྟོན་པ་ན་ཁྱོང་དུ་ཆུད་པར་དཀའ་བ་ཡིན་ཏེ། དེས ་ནཱ་ཟབ་པར་སྣང་བའོ།། རང་གིས་བརྟགས་པར་མི་ནུས་པ་ཡིན་ཏེ། དེས་ན་མཐོང་བར་དཀའ་བའོ།། སྟོན་པོ་ན་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ། དེས་ན་ཁོང་དུ་ཆུད་པར་དཀའ་བ་སྟེ། དེ་ནི་རྟོག་གི་ལ་མ་གྲགས་པ་ཉིད་ཡིན་པའི ་ཕྱིར་རོ།། གཞན་ཡང་འདིར་བདག་མེད་པ་སྟོན་པ་ཁོ་ན་ཆོས་ཡིན་ཏེ། དོན་དམ་པར་མཐོང་བར་དཀའ་བ་ཉིད་ཀྱི་ཕྱིར་ཐོབ་པའོ།། ཀུན་རྫོབ་ཀྱི་དོན་ཁོང་དུ་ཆུད་པར་དཀའ་བ་ཉིད་ཀྱི་ཕྱིར་ཟབ་པར་སྣང་བའོ།། དོན་དམ་པར ་བརྟག་པར་མི་ནུས་པ་ཉིད་ཀྱི་ཕྱིར་མཐོང་བར་དཀའ་བའོ།། ཀུན་རྫོབ་ཀྱི་དོན་དུ་རྟོག་གྲེ་སྤྱོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཁོང་དུ་ཆུད་པར་དཀའ་བ་སྟེ། དོན་དམ་པའི་དབང་དུ་མཛད་པས་དེའི་རྟོག་གེ་ལ་རྒྱུ་བ་མ ་ཡིན་པའི་ཕྱིར་རོ།། དེ་ལྟར་ན་ཇི་ལྟར་ན་ཟབ་པ་ཟབ་པར་སྣང་བ་དང་། རྒྱུ་གང་གི་ཡིན་པ་དེ་ཚིག་གཉིས་དང་གཉིས་ཀྱིས་ཡོངས་སུ་བསྟན་པ་ཡིན་ནོ།། དེ་ནི་དེ་ལྟ་བུའི་ཆོས་དེ་སུས་རིག་པར་ནུས་ཤེ་ན། ཞིབ་མོར་བརྟགས་པའི་མཁས ་པ་དང་འཛངས་པས་རིག་པར་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཞིབ་མོ་ནི་དེ་ཁོ་ནའི་དོན་ལ་འཇུག་པའི་ཕྱིར་ལ། བརྟགས་པ་ནི་དོན་མཐའི་ངག་ལ་འཇུག་པའི་ཕྱིར་ཏེ། ཇི་ལྟ་བ་བཞིན་དང་ཇི་སྙེད་ཡོད་པ་ཉིད་ཅན་གྱིས་རྒྱུས་སོ།། དེ་གཉིས ་ཀྱང་རྣམ་པ་གཉིས་ཏེ། མཁས་པ་རྣམས་ཏེ་སོ་སོའི་སྐྱེ་བོ་གང་དག་སྔོན་བློ་ཡོངས་སུ་སྨིན་པར་བྱས་པ་སྐྱེ་བས་ཐོབ་པ་དེ་གཉིས་ཀའི་དོན་ལ་འཇུག་ནུས་པའི་ཤེས་རབ་དང་ལྡན་པ་རྣམས་དང་། འཛངས་པ་རྣམ་ས་ཏེ་བདེན་པ ་མཐོང་བ་རྣམས་སོ།། དེ་རྣམས་ནི་དེ་གཉིས་ཀའི་དོན་ལ་ཞུགས་པའི་ཤེས་པ་ཅན་ཉིད་ཡིན་པོའི་ཕྱིར་འཛངས་པ་རྣམས་སོ།། དེ་བཞིན་གཤེགས་པས་ཕན་ཡོན་བཅུ་གཟིགས་ནས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི ་གཞི་འཆའ་བར་མཛད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་བསླབ་པ་ནི་གང་ཡིན། བསླབ་པོའི་གཞི་ནི་གང་ཡིན་ཞེ་ན། ཡང་དག་པར་བླང་བ་དང་། རྗེས་སུ་བསྲུང་བ་དང་། སོར་ཞུགས་པ་རྣམས་ནི་བསླབ་པ་ཡིན་ནོ།། ་བྱ་བ་མ་ཡིན་པ་དང་། བྱ་བ་ཡང་དག་པར་བླང་བར་བྱ་བ་དང་། རྗེས་སུ་བསྲུང་བར་བྱ་བ་དང་། སོར་བཞུགས་པར་བྱ་བ་ནི་བསླབ་པའི་གཞི་ཡིན་ནོ།། གཞན་ཡང་སྤད་པ་དང་། བླང་བ་དང་། སོ་སོར་བཤགས་པ་དང་། ཉིན་མཚན་དུ་སློབ་པ ་ནི་བསླབ་པ་ཡིན་ཏེ། སྒྲ་གཅན་ཟིན་གྱི་མདོ་སྡེ་ལོས་བྱུང་བ་བཞིན་ནོ།། ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་ནི་བསླབ་པའི་གཞི་ཡིན་ནོ།། གཞན་ཡང་བསླབ་པ་ཉིད་གཞི་ཡིན་ཏེ། བསླབ་པ་འདོད་པ་རྣམས་ཁྱད་པར་དུ་འགྱུར་བའི་ཕྱིར ་རོ།། དགེ་འདུན་བསྡུ་བའི་ཕྱིར་ནི་བསླབ་པ་མཐུན་པ་ཉིད་ཀྱིས་སོ།། དགེ་འདུན་ལེགས་པར་བྱ་བའི་ཕྱིར་ནི་མཛེས་པ་ཉིད་ཀྱིས་སོ།། དགེ་འདུན་བདེ་བར་བྱ་བའི་ཕྱིར་ནི་ཡང་དག་པར་སྤང་བ་སྒྲུབ་པ་མཆོག་ཏུ་དགའ་བ་མང་བ་ཉིད་ཀྱིས ་སོ་མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་ནི་མཛེས་པ་ཉིད་ཀྱིས་དད་པ་སྐྱེས་པས་སོ།། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་ནི་དེ་ཉིད་ཀྱི་དེ་འཕེལ་བར་བྱེད་པ་ཉིད་ཀྱིས་སོ།། གང་ཟག་གནོད་མི་བཀུར་བ ་རྣམས་ཚར་བཅད་པའི་ཕྱིར་བསླབ་པ་ལས་བཟླ་བོ་མི་མཛེས་པ་རྣམས་ཏེ། བསླབ་པོ་ནི་འདོད་པ་རྣམས་གནས་ནས་དབྱུང་བ་དང་བསྐྲད་པ་ཉིད་ཀྱིས་སོ།། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ནི་བསླབ་པ་འདོད་པ་རྣམས ་ཚུལ་ཁྲིམས་མཚུངས་པ་ཉིད་ཀྱི་བསྐྱོད་པ་མེད་པར་འགྲོགས་ན་བདེ་བ་ཉིད་ཀྱིས་སོ།། མཐོང་བའི་ཆོས་ཀྱི་ཟག་པ་རྣམས་བསྡམས་པའི་ཕྱིར་ནི་ད་ལྟར་བྱུང་བའི་ཟག་པ་རྣམས་བཟློག་པའི་ཕྱིར་བསླབ་པོའི་གཞི་འཆའ་བའོ།། ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པའི་ཕྱིར་ནི་མ་འོངས་པའི་གང་ཟག་ལ་མི་འཇུག་པར་བྱ་བའི་ཕྱིར་བསླབ་པའི་གཞི་འཆའ་བའོ།། ཚངས་པར་སྤྱོད་པ་རྗེས་སུ་བཟུང་བའི་ཕྱིར་དང་། ཚངས་པར་སྤྱོད་པ་ཡུན་རིང་དུ ་གནས་པར་བྱ་བའི་ཕྱིར་རོ།། ངའི་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་བ་ནི་ཚངས་པར་སྤྱོད་པ་བརྡ་ཅན་དང་དོན་དུམ་པའི་རྗེས་སུ་འཇུག་པ་སྟེ། རབ་ཏུ་བྱུང་བ་དང་རྟོགས་པར་བརྒྱུད་པ་གཉིས་སོ།། དེ་རྣམས་ལས ་གཅིག་ནི་བསྟན་པ་མི་ཕྱེད་པར་བྱ་བའི་དབང་དུ་མཛད་ནས་སོ།། གཅིག་ནི་ཁ་ན་མ་ཐོ་བ་ཉིད་ཀྱིའོ།། གཅིག་ནི་རྒྱུ་ཕུན་སུམ་ཚོགས་པའི་འོ།། གཉིས་ནི་ཟིང་ཟིང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་འོ།། གཉིས་ནི་ཆོས་ཀྱི་ལོངས་སྤྱོད ་ཕུན་སུམ་ཚོགས་པའིའོ།། གཉིས་ནི་མྱ་ངན་ལས་འདས་པ་འཐོབ་པ་ཕུན་སུམ་ཚོགས་པའིའོ།། གཅིག་ནི་བསྟན་པའི་དོན་ཆེ་བ་ཉིད་དུ་ཕུན་སུམ་ཚོགས་པའི་འོ།། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་སྡུག་བསྔལ་གང ་ཡིན་པ་དེ་འགག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཡང་འབྱུང་བ་པའི་སྡུག་བསྔལ་གང་ཡིན་པ་དེ་འགགས་པ་སྟེ། འཇུག་པའི་གགས་སུ་གྱུར་པའི་ཕྱིར་རོ།། དེ་ཉེ་བར་ཞི་བ་ནི་གཏན་དུ་མི་སྐྱེ་བའི་ཆོས་ཉིད་ཡིན ་པའི་ཕྱིར་རོ།། འཇིག་རྟེན་པོའི་འགོག་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཉེ་བར་ཞི་བ་སྨོས་ཏེ། བསྲབས་པའི་དངོས་པོར་ཉེ་བར་ཞི་བ་ལས་ཁྱད་པར་དུ་བྱ་བའི་ཕྱིར་འགོག་པ་སྨོས་སོ།། ཚེ་འདི་པའི་གང་ཡིན་པ་དེ་ནི་བསིལ ་བར་གྱུར་པ་སྟེ། ཉོན་མོངས་པའི་བག་ལ་ཉལ་གྱི་དྲོང་དང་བྲལ་བའི་ཕྱིར་ན་བུམ་པའི་གྱོ་མོ་ཚ་བ་བསིལ་བར་གྱུར་པ་བཞིན་ནོ།། དེ་ནུབ་པ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་རོ།། གཞན་ཡང་འཇིག་རྟེན་པའི ་འདོད་ཆགས་དང་བྲལ་བ་རྣམས་ནི་ས་འོག་མ་པའི་སྡུག་བསྔལ་འགགས་པ་ཡིན་གྱི་ཉེ་བར་ཞི་བ་ནི་མ་ཡིན་ཏེ། ཕྱིས་སྐྱེ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ།། བསིལ་བར་གྱུར་པ་ཡང་མ་ཡིན་ཏེ། བག་ལ་ཉལ་ལུས་པའི་ཕྱིར་རོ།། ་ས་གོང་མ་པ་ཡང་མ་ནུབ་པ་ཡིན་ནོ།། དགྲ་བཅོམ་པའི་ནི་དེ་ལས་བཟློག་ནས་ཉེ་བར་ཞི་བ་དང་ནུབ་པའི་བར་དུ་ཡིན་ནོ།། གཞན་ཡང་འཇིག་རྟེན་པོ་རྣམས་ཀྱི་འགོག་པ་ནི་ཞི་བ་མ་ཡིན་ཏེ། ས་འོག་མའི་སྡུག་བསྔལ་གྱི་སྡུག ་བསྔལ་དང་བཅས་པ་ཡིན་པའི་ཕྱིར་རོ།། བག་ལ་ཉལ་མ་སྤངས་པས་གྱ་ནོམ་པ་ཡང་མ་ཡིན་ནོ།། ཡང་འཇུག་པ་ཉིད་ཀྱིས་ངེས་པར་འབྱུང་བ་ཡང་མ་ཡིན་ནོ།། དེ་ལས་ལོག་ནས་འཕགས་པ་རྣམས་ཀྱི་སྡུག་བསྔལ་འགོག ་པའི་ཞི་བ་དང་། གླུ་ནོམ་པ་དང་། ངེས་པར་འབྱུང་བ་ཡིན་ནོ།། དེའི་རྣམ་པ་དང་མཐུན་པར་དགྲ་བཅོམ་པའི་སྡུག་བསྔལ་འགགས་པ་དང་ནུབ་པ་ཞེས་བྱ་བའི་བར་ཡིན་པར་བསྟན་ཏོ།། བྲམ་ཟེ་ནི་འདི་ལྟ་སྟེ་སོམ་ཉི་མེད་ཅིང ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ།། འདི་ལས་ནི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པས་དོན་དམ་པའི་བྲམ་ཟེའི་མཚན་ཉིད་བསྟན་ཏོ།། སོམ་ཉི་མེད་པ་ཉིད་ཀྱིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། དོན་དམ་པ་དང་རང ་གིས་ཐོབ་པ་ལ་སོམ་ཉི་མེད་པའི་ཕྱིར་རོ།། ལྷག་མས་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ། ངན་སོང་བ་དང་ཡང་འབྱུང་བ་པའི་ཀུན་ནས་ཉོན་མོངས་པ་སྤངས་པའི་ཕྱིར་རོ།། འགྱོད་པ་ཆད་པ་ཉིད ་ཀྱིས་ནི་ཉོན་མོངས་པར་འགྱུར་བའི་ལས་སྤངས་པའི་ཕྱིར་དོན་སོང་བའི་ཀུན་ནས་ཉོན་མོངས་པ་སྤངས་པར་ཡོངས་སུ་སྟོན་ཏོ།། ལྷག་མས་ནི་ཡང་འབྱུང་བ་པའི་ཀུན་ནས་ཉོན་མོངས་པ་སྤངས་པ་ཡིན་ཏེ། འདུན་པ་དང་འདོད ་ཆགས་སྤངས་པར་ཡོངས་སུ་བསྟན་པའི་ཕྱིར་རོ།། འབྱུང་བ་དང་འཇིགས་པ་ལ་སྲེད་པ་ནི་འབྱུང་བར་འགྱུར་བར་བྱའོ།། མི་འབྱུང་བར་འགྱུར་པར་བྱའོ་སྙམ་དུ་འདུན་པའོ།། ཆགས་པ་ནི་དེ་ཉིད་ལ་འདོད་པ་དང་གཟུགས ་དང་གཟུགས་མེད་པའི་འདོད་ཆགས་རྣམས་སོ།། སྲེད་པ་ཐམས་ཅད་རྣམ་སྤངས་ནས།། འདུ་བྱེད་ཐམས་ཅད་ཟད་ཕྱིར་དང་།། ཕུང་པོ་ཐམས་ཅད་ཡོངས་ཤེས་ན།། ཡང་སྲིད་པར་མི་འདོད་མི་འགྱུར། ཞེས་བྱ་བའི་ཚིགས ་སུ་བཅད་པ་འདི་དང་། ལས་དང་སྲེད་དང་དེ་བཞིན་མ་རིག་པ།། ཚེ་རབས་ཕྱི་མའི་འདུ་བྱེད་རྣམས་ཀྱི་རྒྱུ་ཞེས་བྱ་བ་འདི་ཡང་སྦྱར་བར་བྱ་སྟེ། གོ་རིམ་ཐ་དད་པ་ཙམ་ཞིག་ཁྱད་པར་ཡོད་དོ།། གཞན་ཡང་སོམ་ཉི་མེད་པ་ཉིད་ཀྱིས ་ནི་ཤེས་ནས་དད་པ་གསུམ་འཐོབ་པར་སྟོན་ལ། འགྱོད་པ་ཆད་པ་ཉིད་ཀྱིས་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་འཐོབ་པོར་སྟོན་ཏེ། དེ་ལྟར་ན་མཐོང་བའི་ལམ་གྱིས་བྲམ་ཟེའི་ཚུལ་གྱིས་ནི་སློབ་པའི་བྲམ་ཟེའི་མཚན ་ཉིད་ཡོངས་སུ་བསྟན་ཏོ།། ལྷག་མས་ནི་མི་སློབ་པའི་བྲམ་ཟེའི་མཚན་ཉིད་ཡོངས་སུ་བསྟན་ཏེ། འདུན་པ་དང་འདོད་ཆགས་སྤངས་པར་ཡོངས་སུ་བསྟན་པའི་ཕྱིར་རོ།། འབྱུང་བ་དང་འཇིག་པ་ལ་སྲེད་པ་དང་བྲལ་བ་ཞེས་བྱ་བ་ནི ་གསོན་པ་དང་འཆི་བ་ལ་མངོན་པར་མི་དགའ་བའི་ཕྱིར་འདུན་པ་སྤངས་པ་ཡིན་ཏེ། ཇི་སྐད་དུ། འཆི་ལ་མངོན་པར་མི་དགའ་ལ།། གསོན་ལ་འང་མངོན་པོར་མི་དགའོ་ཞེས་ཚིགས་སུ་བཅད་པ་གསུངས་པ་ལྟ་བུའོ།། ཆགས ་པ་རྒྱས་པར་མི་འགྱུར་བ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་སྤངས་པ་ཡིན་ནོ།། རྣམ་གྲངས་གཞན་ཡང་མངོན་པའི་ང་རྒྱལ་ཅན་གྱི་ཉེ་བའི་ཉོན་མོངས་གཉེན་པོར་བྲམ་ཟེ་ཉིད་ལ་མངོན ་པའི་ང་རྒྱལ་མེད་པ་ཉིད་དུ་ཡོངས་སུ་བསྟུན་པ་ཡིན་ཏེ། མངོན་པའི་ང་རྒྱལ་ཅན་ནི་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་འདི་པ་ཉིད་དང་མཐུན་པའི་གཏམ་བརྗོད་པ་ན་སོམ་ཉི་ཟ་ལ། ཕྱིས་ཀྱང་ཡིད་ལ ་གཅུགས་པར་འགྱུར་ཏེ། ཇི་སྐད་དུ་ལྷའི་མདོ་ལས་གསུངས་པ་ལྟ་བླ་ཡིན་ཞིང་། ལུས་སེམ་སྙོམས་པར་འཇུག་པ་ལ་སྲེད་པ་ཀུན་ཏུ་རྒྱལ། འདོད་ཆགས་ཀྱི་བྲག་ལ་ཉུལ་ཡང་རྟག་ཏུ་རྗེས་སུ་འབྲང་བ་ཁོན་ཡིན་ནོ།། མི་རྟག ་པའི་འདུ་ཤེས་ཞིང་པ་ལ་སོགས་པའི་དཔེ་དང་བཅས་པ་ནི་མདོ་སྡེའི་དུམ་བུའོ།། འདིར་ཞིང་པའི་དཔེས་ནི་མི་རྟག་པའི་འདུ་ཤེས་བེ་ག་ལ་ཉལ་གྱི་གཉེན་པོ་ཉིད་དུ་ཡོངས་སུ་བསྟན་ལི། རྩ་བལ་བ་ཛའི་དཔེས་ནི་ཀུན་ནས ་དཀྲིས་པའི་གཉེན་པོ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ཏེ། ཉོན་མོངས་པར་བྱུང་བ་དང་། བྱུང་བའི་དབང་དུ་བྱས་པའི་ཕྱིར་རོ།། ཨ་མྲའི་དོག་པའི་དཔེས་ནི་དེ་ལས་གཞན་བག་ལ་ཉལ་གྱི་གཉེན ་པོ་སྨོན་པ་མེད་པ་དང་། མཚན་མ་མེད་པའི་འདུ་ཤེས་དགྲ་འདྲེན་པར་བྱེད་པ་ཉིད་ཡིན་ནོ།། སྤྱི་རྟེན་གྱིས་ནི་དེ་ལས་གཞན་པ་ཀུན་ནས་དཀྲིས་པའི་གཉེན་པོ་མི་སྡུག་པ་ལ་སོགས་པའི་འདུ་ཤེས་དག་ཀུན་ཏུ་འཛིན་པར ་བྱེད་པ་ཉིད་ཡིན་ཏེ། ཡོངས་སུ་མི་ཉམས་པར་འགྱུར་བའི་ཕྱིར་རོ།། གླང་པོ་ཆེའི་རྗེས་ཀྱིས་ནི་དེ་དག་མི་རྟག་པའི་འདུ་ཤེས་ཀྱིས་སྤྱོད་ཡུལ་གྱི་ནང་དུ་ཆུད་པ་ཉིད་ཡིན་ཏེ། མི་རྟག་པ་ཉིད་དུ་ཡོངས་སུ་བརྟག་པར་བྱ་བ ་ཉིད་ཡིན་པའི་ཕྱིར་རོ།། འབབ་ཆུ་རྣམས་ཀྱིས་ནི་དེ་ལས་གཞན་པ་སུན་འབྱིན་པའི་རྣམ་པ་དག་དེར་ཐུག་པ་ཉིད་ཡིན་ཏེ། འདུ་བྱེད་ཀྱི་སྡིག་བསྔལ་ཉིད་ལ་འཇུག་པ་ཉིད་ཡིན་པའི་ཕྱིར་རོ།། ཉི་མ་དང་ཁམས་ཀྱི་རྒྱའོ ་པོས་ནི་མི་སློབ་པའི་གནས་སྐབས་ན་གོ་རིམ་བཞིན་དུ་མི་བརྗེད་པའི་ཆོས་ཉིད་དུ་བྱེད་པ་དང་། འཇིག་རྟེན་པའི་འདུ་ཤེས་གཞན་ལ་དབང་སྒྱུར་བ་ཉིད་ཡིན་ནོ།། དེ་ལྟར་ན་ཇི་ལྟར་མི་རྟག་པའི་འདུ་ཤེས་ནི ་མཐའ་དག་གི་གཉེན་པོ་ཡིན་པ་ཡང་ཡིན་ཏེ། བག་ལ་ཉལ་དང་ཀུན་ནས་དཀྲིས་པོའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ།། ཇི་ལྟར་ན་གཉེན་པོའི་རྩ་བ་ཡིན་པ་ཡང་ཡིན་ཏེ། གཉེན་པོ་གཞན་འདྲེན་པའི་ཕྱིར་རོ།། ་ཇི་ལྟར་ན་ཀུན་ནས་དཀྲིས་པའི་གཉེན་པོ་གཞན་ལས་ཁྱད་པར་རྣམ་པ་གསུམ་དག་གིས་ཁྱད་པར་དུ་འཕགས་པ་ཡིན་པ་ཡང་ཡིན་ནོ།། ཇི་ལྟར་ན་གཉེན་པོ་བླ་ན་མེད་པ་ཉིད་ཡིན་པ་དེ་ཡང་ཡོངས་སུ་བསྟན་པ་ཡང་ཡིན་ཏེ། ་མ་རིག་པ་དང་རིག་པ་གཞན་ཐམས་ཅད་ཟིལ་གྱི་གནོན་པའི་ཕྱིར་རོ།། རྣམ་པ་ཉི་ཤུ་པོ་འདི་དག་དང་ལྡན་པས་གཏམ་བྱའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་དུས་སུ་ཞེས་བྱ་བ་ནི་ཉན་འདོད་པ་ཉིད་དང་བཤད་པའི་འོས་སུ ་གྱུར་པ་ཉིད་དུ་ཤེས་ནས་ཏེ། ཀ་ཏྱའི་ནུ་མོ་སྨྱུག་མ་ཅན་བཞིན་ནོ།། བསྒྲིམ་པ་ཞེས་བྱ་བ་ནི་བརྙས་པ་མེད་པ་སྟེ། སོང་གེ་མཆོང་བ་བཞིན་ནོ།། གོ་རིམ་ཞེས་བྱ་བ་ནི་དུས་སྔར་བྱ་བ་སྦྱིན་པ་ལ་སོགས་པ་དང་། ཡང་དག ་ཕུལ་ཅན་གྱི་གཏམ་ལས་བརྩམས་ནས་སོ།། མཚམས་སྦྱར་བ་ཞེས་བྱ་བ་ནི་མདོ་སྡེའི་རྣམ་པར་བཤད་པ་ལས་བརྩམས་ནས་སོ།། རྗེས་སུ་མཐུན་པ་ཞེས་བྱ་བ་ནི་འདྲི་བ་ལུང་པོ་སྟོན་པ་ལས་བརྩམས་ནས་ཏེ། མགོ ་གཅིག་ཏུ་ལུང་བསྟན་པ་ལ་སོགས་པ་རྣམས་ལ་དེ་བཞིན་དུ་ལུང་སྟོན་པོའི་ཕྱིར་རོ།། དགའ་བར་བྱ་བ་ནི་དད་པ་ཅན་རྣམས་ལའོ།། འདོད་པར་བྱ་བ་ནི་སྔར་གནས་པ་དང་ཞེ་འགས་པ་རྣམས་ལའོ།། མགུ་བར་བྱ་བ་ནི་ཐེ་ཚོམ ་ཅན་རྣམས་ལའོ།། སྤྲོ་བ་མི་བསྐྱེད་པ་དང་མི་སྨད་པ་ནི་གང་སུ་རག་འདི་འདྲ་བ་ཐམས་ཅད་ནི་ཡང་དག་པ་ལ་ཞུགས་པ་དག་གོ་ཞེ་འམ།། ལོག་པ་ལེ་ཞུགས་པ་དག་གོ་ཞེས་བྱ་བ་ལྟ་བུ་སྟེ། ཇི་སྐད་དུ་ཉོན་མོངས ་པ་མེད་པའི་མདོ་ལས་གསུངས་པ་ལྟ་བུ་སྟེ། གདུལ་བར་ཁྱད་པར་མངོན་པར་མི་ཤེས་པ་དེ་ལྟ་བུར་བྱེད་པ་ནི་དེས་གདུལ་བ་མ་ཡིན་པ་རྣམས་སྤྲིང་ན་བར་འགྱུར་རོ།། རིག་པ་ནི་ཚད་མ་དང་མི་འགལ ་བའི་ཕྱིར་རོ།། འབྲེལ་པ་ནི་སྔ་ཕྱི་འབྲེལ་པའི་ཕྱིར་རོ།། མ་འདྲེས་པ་ནི་གཏམ་གཞན་དུ་འཕྲོ་བ་སྤངས་པའི་ཕྱིར་རོ།། ཆོས་དང་ལྡན་པ་ནི་དགེ་བ་དང་མཐུན་པའི་ཕྱིར་རོ།། འཁོར་ཇི་ལྟ་བ་བཞིན་ནི་གདུལ་བ་དང་འཚམ་པའི ་ཕྱིར་རོ།། བྱམས་པའི་སེམས་ནི་ཉན་པ་པོ་བདེ་བར་སྨོས་པས་སོ།། ཕན་པའི་སེམས་ནི་དེ་ལ་ཉོན་མོངས་པ་མེད་པར་སྨོས་པས་སོ།། སྙིང་བརྩེ་བའི་སེམས་ནི་དེ་ལ་སྡུག་བསྔལ་མེད་པར་སྨོས་པས་སོ།། གཞན་ཡང ་དོག་བྱ་དང་མོ་དགེ་པཱ་ལ་ཕྱོགས་པ་དང་། ཐ་མལ་པ་དག་ལ་བྱམས་པ་ལ་སོགས་པའི་སེམས་ཀྱི་ཏེ་གོ་རིམ་བཞིན་ནོ།། རྙེད་པ་དང་བཀུར་སྟི་ཚིགས་སུ་བཅད་པ་མི་བརྟེན་པ་ནི་དེ་འདོད་པ་ཉིད་སྤངས་པས་སོ།། བདག་ལ ་བསྟོད་པར་མི་བྱ་ཞིང་གཞན་ལ་སྨད་པར་མི་བྱ་བ་ནི་སྨྲ་བ་པོ་ཉིད་ཀྱི་བདག་ལ་ལྷག་པར་ཡིད་ཆེས་པར་བྱེད་འདོད་པ་ཉིད་སྤངས་པས་སོ།། དེ་ལྟར་ན་ཇི་ལྟ་བུར་དང་། གླང་གི་དོན་དུ་དང་། གང་འདྲ་བ་དང་། གང་འདྲ་བས ་གཏིམ་བྱ་བ་དེ་ལྔ་ལྔ་དག་གིས་ཡོངས་སུ་བསྟོན་ཏོ།། ལུང་ལས་ནི་སྐྱོན་བཅུ་གཅིག་གི་གཉེན་པོར་གཽ་ཏ་མ་རྣམ་པ་ཉི་ཤུ་དང་ལྡན་པ་ཞེས་འབྱུང་ངོ་།། སྐྱོན་བཅུ་གཅིག་ནི་སྣོད་མི་ཡིན་པ་ལ་བརྗོད་པའི་སྐྱོན་དང་། བརྗོད ་པ་ཡོངས་སུ་མ་རྫོགས་པའི་སྐྱོན་དང་། བརྗོད་པ་བར་ཆད་པའི་སྐྱོན་དང་། བརྗོད་པ་གོ་བར་མི་བྱེད་པའི་སྐྱོན་དང་། བརྗོད་པ་མཆོད་པར་མི་འགྱུར་བའི་སྐྱོན་དང་། དོན་འཐད་པ་མེད་པར་བརྗོད་པའི་སྐྱོན་དང་། སྤྱོད་ཡུལ་མ་ཡིན ་པ་བརྗོད་པའི་སྐྱོན་དང་། རྣམ་པར་གཡེངས་ནས་བརྗོད་པའི་སྐྱོན་དང་། དོན་མེད་པ་དང་ལྡན་པ་བརྗོད་པའི་སྐྱོན་དང་། མི་འཚམ་པར་བརྗོད་པའི་སྒྲོན་དང་། ཉོན་མོངས་པ་ཅན་གྱི་བསམ་པ་སླུ་བརྗོད་པའི་སྐྱོན་ནོ།། དེ་ལ་སྣོང ་མ་ཡིན་པ་ནི་སྤྱོད་ལམ་མི་སྡུག་པར་འདུག་པའོ།། བརྗོད་པ་བར་ཆད་པའི་སྐྱོན་གྱི་གཉེན་པར་ནི་གོ་རིམ་ལ་སོགས་པ་རྣམ་པ་གསུམ་པོ་དག་ཡིན་པར་རིག་པར་བྱ་སྟེ། བསྟན་པ་དང་རྒོལ་བའི་ཚིག་དང་། ལན་ཚིག་གིས་དབང ་དུ་མཛད་ནས་སོ།། བརྗོད་པ་གོ་བར་མི་བྱེད་པའི་སྐྱོན་གྱི་གཉེན་པོར་དྲུག་པ་དང་། བདུན་པ་དང་བརྒྱད་པ་དག་སྟེ། དད་པ་ཅན་དང་། ཞི་འགྲས་པ་དང་། བར་ན་གནས་པའི་དེང་དུ་མཛད་ནས་སོ།། བརྗོད་པ་མཆོད་པར་མི་འགྱུར ་བའི་སྐྱོན་གྱི་གཉེན་པོར་དགུ་པ་དང་བཅུ་པོ་གཉིས་ཏེ། སྡིགས་པའི་ལས་ཅན་ལ་ནི་སྤྲོ་བ་བསྐྱེད་པར་འོས་པ་མ་ཡིན་ལ། སྨད་ན་ཡང་མཆོད་པར་མི་འགྱུར་བའི་སྐྱོན་དུ་འགྱུར་བས་སོ།། སྤྱོད་ཡུལ་མ་ཡིན་པས་ནི་དོན་བཟང་མོ་སྟེ། ་དབང་པོ་ཐ་མ་ལའོ།། ཉོན་མོངས་པ་ཅན་གྱི་བསམ་པ་ནི་རྣམ་པ་གསུམ་སྟེ། ཡིད་ཆེས་པར་བྱ་བའི་བསམ་པ་དང་། ངད་ནས་བཀུར་སྟི་བྱེད་པའི་བསམ་པ་དང་། ཕྲག་དོག་གོ་བསམ་པའོ།། དང་པོའི་གཉེན་པོར་བྱམས ་པ་དང་། ཕན་པ་དང་། སྙིང་བརྩེ་བའི་སེམས་ཀྱི་རྣམ་པ་དག་སྟེ། མྱ་ངན་ལས་འདས་པ་དང་། དེའི་ལམ་རྟོགས་པར་བྱ་བའི་བསམ་པ་ཉིད་དང་། བཤད་པའི་དོན་དུ་ཆུད་པར་བྱ་བའི་བསམ་པ་ཉིད ་ཀྱིས་སོ།། གཞན་ཡང་མདོར་ན་འདི་ལས་གཏམ་གྱི་སྦྱོར་བ་དང་། གཏམ་གྱི་ལས་དང་། གཏམ་གྱི་ཡོན་ཏན་དང་། སྨྲ་བ་པོའི་ཡོན་ཏན་ལས་བརྩམས་ནས་རྣམ་པ་ལྔ་ལྔ་དག་ཏུ་རིག་པར་བྱའོ།། ། ་བམ་པོ་བཞི་པ། རྣམ་པ་བཅུ་དྲུག་པོ་འདི་དག་དང་ལྡན་པས་ཆོས་མཉན་པར་བྱའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་རྣམ་པ་བཅུ་དྲུག་པོ་དག་ནི་སྐྱོན་རྣམ་པ་བཅུ་གསུམ་གྱི་གཉེན་པོ་ཡིན་པར་རིག་པར་བྱའོ།། སྐྱོན ་རྣམ་པ་བཅུ་གསུམ་ནི་སྨྲ་བ་པོ་ལ་བདག་ཉིད་ཀྱིས་བསྐྱོད་པ་དང་སྤྱོད་ལམ་གྱི་སྐྱོན་དང་། འགྱིང་བའི་སྐྱོན་དང་། དོན་དུ་མི་གཉེར་བའི་སྐྱོན་དང་། གཞན་གྱི་ཕྱོགས་བྱེད་པས་སྙིང་ན་བའི་སྐྱོན་དང་། མཆོད་པར་མི་འགྱུར ་བས་སྨྲ་བ་པོ་རབ་ཏུ་མི་འཛིན་པའི་སྐྱོན་དང་། སུན་ཅི་ཕྱིན་དུ་བརྒལ་བའི་བསུམ་པོའི་སྐྱོན་དང་། ཆོས་དང་ཆོས་སྨྲ་བ་ལ་ཡིད་ལ་མི་བྱེད་པའི་ཕྱིར་རིམ་གློ་མི་བྱེད་པའི་སྐྱོན་དང་། སྐྱོན་ཡིད་ལ་བྱེད་པའི་ཕྱིར་བསྙས་པའི ་སྐྱོན་དང་། སྨོད་པའི་སྐྱོན་དང་། རྙེད་པ་དང་བཀུརོ་སྟི་འདོད་པ་ཉིད་ཀྱི་སྐྱོན་དང་། རྣམ་པར་གཡེངས་པ་དང་བསྡུས་པ་གཉིས་ཀྱི་མི་ཉོན་པའི་སྐྱོན་དང་། ལེན་པོར་ཡིད་ལ་མོ་བྱེད་པའི་སྐྱོན་དང་། རབ་ཏུ་ཡིད་ལ ་མི་བྱེད་པའི་སྐྱོན་དང་། དེ་ལ་ནང་དུ་ཡང་འཇོག་པའི་ཚེ་སྤྱོད་ལམ་གྱི་མི་སྡུག་པའི་ཕྱིར་སྒྲོན་དང་པོ་ཡིན་ནོ།། རིགས་མཐོན་པོ་ཉིད་ལ་སོགས་པར་ང་རྒྱལ་འབྱུང་བའི་ཕྱིར་འགྱིང་བའི་ཕྱིར་འགྱིང་བའི་སྐྱོན་ནོ།། ཆོས་ལ་ནི་ཡོན ་ཏནོ་དང་ལེགས་པར་གསུངས་པ་དང་འབྲས་བུ་ཆེན་པོ་ཉིད་དོའོ།། ཆོས་སྨྲ་བ་ལ་ནི་དགེ་བའི་བཤེས་གཉེན་ཉིད་དུའོ།། ཆོས་ལ་སྐྱོན་ནི་ཚིག་དང་ཡིག་འབྲུ་མ་འབྲེལ་བ་ཉིད་དུའོ།། ཆོས་སྨྲ་བ་ལྔ་ནི་ཚུལ་ཁྲིམས་དང་། རིགས ་དང་། བྱང་གཟུགས་དང་། ཚིག་དང་། ཚིག་འབྱིན་པ་མ་ཚང་བ་ཉིད་དུའོ།། རྣམ་པར་གཡེངས་པ་ནི་སེམས་གཞན་དུ་འཕྲོས་པའོ།། བསྡུས་པ་ནི་རྨུགས་པ་དང་། གཉིད་ཀྱིས་སེམས་ཞུམ་པ་ཉིད་དོ།། ལེགས་པར་ཡིད ་ལ་མི་བྱེད་པ་ནི་དགོངས་པ་དང་ཆོས་ཉིད་ལ་ཕྱིན་ཅི་ལོག་པ་ཉིད་ཀྱིས་སོ།། རབ་ཏུ་ཡིད་ལ་མི་བྱེད་པ་ནི་འདུན་པ་དང་འཇུག་པ་ཞན་པ་ཉིད་ཀྱིས་སོ།། ལུང་ལས་ནི་སྐྱོན་རྣམ་པ་དྲུག་གི་གཉེན་པོར་རྣམ་པ་བཅུ་དྲུག་དག་ཡིན ་ནོ་ཞེས་འབྱུང་སྟེ། སྐྱོན་དྲུག་དག་ནཱི་ལས་ཀྱི་སྐྱོན་དང་། མོས་པ་མེད་པའི་སྐྱོན་དང་། མཆོད་པར་མི་འགྱུར་བའི་སྐྱོན་དང་། བསམ་པའི་སྐྱོན་དང་། མི་མཐུན་པ་ཉིད་ཀྱི་སྐྱོན་དང་། འཛིན་པའི་སྐྱོན་ནོ།། དེ་ལ་ལུས་ཀྱི་སྐྱོན ་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་ལས་ཀྱི་སྐྱོན་ནི་སྤྱོད་ལམ་མི་སྡུག་པར་འདུག་པའི་ཕྱིར་རོ།། ལུས་དང་ངག་གི་སྐྱོན་ནི་དེ་གཉིས་ཀྱིས་སྤྲུལ་བར་མི་བྱེད་པའི་ཕྱིར་རོ།། ཡིད་ཀྱི་ལས་ཀྱི་སྐྱོན་ནི་ཉེ་བར་མི་འདོད་པོ ་ཉིད་ཀྱིས་སོ།། བསམ་པའི་སྐྱོན་ནི་གཞན་ལ་ཀླན་ཀ་བཙལ་བ་དང་། འདི་ལྟ་བུ་ཞིག་ཏུ་རྒོལ་བ་ལས་ཐར་བར་བྱ་བའི་བསྡམ་པ་ཉིད་ཀྱིས་སོ།། མི་མཐུན་པ་ཉིད་ཀྱི་སྐྱོན་ནི་རྣམ་པ་ལྔ་དག་སྟེ། དེ་ལ ་སྤོས་ལ་ནི་ངེས་པར་འབྱིན་པ་མ་ཡིན་པར་གོ་བ་ཉིད་ཀྱིས་གུས་པ་མེད་པ་དང་། ཚིག་དང་ཡི་གེ་མ་འབྲེལ་པ་ཉིད་ཀྱིས་བརྙས་པའོ།། གང་ཟག་ལ་ནི་ཚུལ་ཁྲིམས་དང་། ཚིག་དང་། ཚིག་འབྱིན་པའི་སྦྱིན་གྱིས་གུས་པ་མེད་པ་དང། ་རིགས་ཀྱི་སྐྱོན་གྱིས་བརྙས་པའོ།། ཁོང་དུ་ཆུད་པ་དང་སྒྲུབ་པའི་ནུས་པ་མི་འབྱུང་སྙམ་པའི་བདག་ཉིད་ལ་བརྙས་པའོ།། འཛིན་པའི་སྐྱོན་ཡང་རྣམ་པ་ལྔ་སྟེ། ལོག་པར་འཛིན་པ་དང་། དོན་མི་འཛིན་པ་དང་། ཚིག་འབྲུ་མི ་འཛིན་པ་དང་། བརྡ་མ་སྤྲད་པར་འཛིན་པ་དང་། མ་ལུས་པར་མི་འཛིན་པའོ།། ལྷག་མ་ནི་གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ།། གསུང་གྲོང་ཁྱེར་བ་དང་ཞེས་བྱ་བ་ནི་མདོ་སྟེའི་དུམྦྷ་བུ་སྟེ། འདིས་ནི་ཡང་དག་པར་སྡུད་པར ་བྱེད་པ་རྣམས་ཀྱིས་གསུང་ཡོན་ཏན་དྲུག་ངག་དང་ལྡན་པར་ཡོངས་སུ་སྟོན་པ་ཡིན་ཏེ། གསུང་སྙན་པོ་ཉིད་དང་ཚིག་འབྲུ་བཟང་པོ་ཉིད་དང་། དྲན་བཟང་པོ་ཉིད་དང་། ཟང་ཟིང་མེང་པ་ཉིད་ད་། ལི་ལྟར་འོས་པ་ཉིད་དང་། ་ཆེ་བ་ཉིད་དོ།། དེ་ལ་རྣམ་པ་གཉིས་ཀྱིས་ན་གསུང་སྙན་པ་ཉིད་དུ་རིག་པར་བྱ་སྟེ། གསུང་རྒྱ་ཆེ་བ་ཉིད་ཀྱི་སྟེ། འཁོར་ལ་ཆུབ་པར་མཛད་པའི་ཕྱིར་དང་། གསུང་འཇམ་པ་ཉིད་ཀྱིས་སོ།། གཉིས་ཀྱི་ན་ཚིག་འབྲུ་བཟང་པོ ་ཉིད་ཡིན་ཏེ། ཚིག་འབྲུའི་ངེ་ས་པཱའི་ཚིག་ལེགས་པ་ཉིད་དང་། བརྗོད་པ་གོ་བར་མཛད་པ་ཉིད་ཀྱིས་སོ།། ལྷག་མ་རྣམས་ནི་རེ་རེས་ཏེ་རིགས་པའི་དོན་དང་ལྡན་པ་ཉིད་ཀྱིས་ཏེ། མཉན་པར་འོས་པའི་ཕྱིར་དང་། རྙེད་པ་ལ་སོགས ་པའི་བཞེད་པ་དང་མི་ལྡན་པ་ཉིད་ཀྱིས་དང་། འཁོར་ཇི་ལྟ་བ་བཞིན་དུ་སྦྱོར་བ་ཉིད་ཀྱིས་དང་། སྤོབས་པ་དཔག་ཏུ་མེད་པ་དང་ལྡན་པ་ཉིད་ཀྱིས་སོ།། ལུང་ལས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་མཛད་པ་ཉིད་དང་། ་གསུང་འཇམ་པ་ཉིད་དང་། ཚིག་འབྲུའི་ངེས་པའི་ཚིག་ལེགས་པ་ཉིད་དང་། གོ་བར་མཛད་པ་ཉིད་དང་། ཆོས་དང་དྲོན་དང་ལྡན་པ་ཉིད་དང་། དད་ནས་བཀུར་སྟི་བྱེད་པ་ལ་མི་བརྟེན་པ་ཉིད་དང་། རན་པར་གསུངས་པ་ཉིད་དང་། རྒྱུ ་ཆེ་ཞིང་ཐབས་མཁས་པ་ཉིད་ཀྱི་རྒྱུས་ན་གསུང་གྲོང་ཁྱེར་བསལ་བ་ནཱས་ཡོངས་སུ་གཏུགས་པ་མེད་པའི་བར་ཡིན་པར་འབྱུང་སྟེ། གསུང་རྣམ་པ་བརྒྱུ་དེ་དང་ལྗོན་པ་འདི་ནི་མདོར་ན་ཡོན་ཏན་གསུམ་དང་ལྡན་པར་རིག་པར་བྱ་སྟེ།། ་དབང་དུ་མཛད་པ་ཉིད་ནི་རྣམ་པར་གཅིག་གིས་སོ།། རང་བཞིན་ཉིད་ནི་གཉིས་ཀྱིས་སོ།། སྦྱོར་བ་ཉིད་ནི་ལྷག་མ་རྣམས་ཀྱིས་སོ་ཞེས་འབྱུང་ངོ་།། དེ་ནས་ཚེ་དང་ལྡན་པ་ས་ག་དགེ་སློང་རབ་ཏུ་མང་པོ་དག་རིམ་གྲོའི་གནས་སུ ་ཚོགས་ཤིང་འདུས་པར་གྱུར་པ་དག་ལ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་བཀུར་སྟི་བྱས་ཞེས་བྱ་བ་ནི་བསྟེན་པའོ།། བླ་མར་བྱས་པ་ནས་སེམས་ཐམས་ཅད་ཀྱིས་བསམས་ནས་ཞེས་བྱ་བའི་བར་ནི་བཤད་པའོ།། ་འདིས་ནི་བཀུར་སྟི་བྱས་ནས་ཉན་པ་སྐྱོན་དྲུག་དང་བྲལ་བར་བསྟན་པ་ཡིན་ནོ།། སྐྱོན་དུག་ནི་ང་རྒྱལ་གྱི་སྐྱོན་དང་། མ་དད་པའི་སྐྱོན་དང་། མ་མོས་པའི་སྐྱོན་དང་། ཕྱི་རོལ་ཏུ་རྣམ་པར་གཡེངས་པའི་སྐྱོན་དང་། ་ནང་དུ་བསྡུས་པའི་སྐྱོན་དང་། སྐྱོ་བའི་སྐྱོན་ནོ།། འདིར་ཡང་སྨྲས་པ། ང་རྒྱལ་དང་ནི་མ་དང་དང་།། དོན་དུ་གཉེར་བ་མེད་ཉིད་དང་།། ཕྱི་རོལ་རྣམ་གཡེངས་ནང་བསྡུས་དང་།། སྐྱོ་བ་ཉན་པའི་དྲི་མ་ཡིན།། ཆོས་མངོན་པ་དང ་འདུལ་བ་མངོན་པ་དྲི་བ་དྲིས་པ་ཡོང་ཤེས་ཤིང་ཚིག་དང་ཡིག་འབྲུ་རིགས་པ་དང་འབྲེལ་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། འདི་ལས་ནི་འདྲི་བ་རྣམས་པ་གསུམ་ལ་ལན་གོ་པ་པ་ཡོན་ཏན་བརྒྱད་དང་ལྡན་པར་ཡོངས་སུ ་བསྟེན་པ་ཡིན་ནོ།། དོན་དང་མཚམས་སྦྱར་བའི་དབང་དུ་བྱས་ནས་མི་ཤེས་ནས་འདྲི་བ་ལ་ནི་དོན་ཕྱིན་ཅི་མ་ལེགས་པ་ཉིད་ཀྱིས་དང་། མཚམས་སྦྱར་བ་འབྲེལ་པར་བྱ་བ་ཉིད་ཀྱིས་སོ།། ཆོས་ཉིད་དང་སྔ་ཕྱིའི་དབང་དུ་བྱས ་ནས་འགལ་བའི་དྲི་བ་ལ་ཆོས་ཉིད་ཀྱི་རྗེས་སུ་མཐུན་པ་ཉིད་ཀྱིས་དང་། དགོངས་པ་བསྟན་པ་ཉིད་ཀྱིས་སོ།། འདྲི་བ་གཉིས་ཀ་ལ་ཡང་གོ་བར་བྱེད་པ་ཉིད་ཀྱིས་དང་། གདུལ་བ་ཇི་ལྟ་བ་བཞིན་དུ་འཆད་པོ་ཉིད་ཀྱིས་སོ།། ་རྟོགས་པའི་དབང་དུ་བྱས་ནས་གདམས་ངག་འདྲི་བ་ལ་ནི་འཇིག་རྟེན་པའི་ཡོན་ཏན་མངོན་པར་བསྒྲུབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་མངོན་པར་བསྒྲུབ་པ་དང་རྗེས་སུ ་མཐུན་པ་ཉིད་ཀྱིས་ཏེ། རྟག་འགྲུས་སྐྱོང་གི་འཕགས་པའི་ལམ་གྱི་ཡན་ལག་གི་ཚོགས་ཡིན་པའི་ཕྱིར་རོ།། རྟག་པ་དང་འགྲུས་པར་སྐྱོང་བ་ནི་རྟག་འགྲུས་སྐྱོང་སྟེ། རྟག་ཏུ་དྲང་བསྒྲིམ་པས་ཟག་པ་རྣམས་ལས་བསྲུང་བའི ་ཕྱིར་རོ།། གཞན་ཡང་རིགས་པ་ཉིད་ནི་འབྲེལ་པ་ཉིད་ཀྱིས་གསལ་བར་བྱེད་པ་ཡིན་ཏེ། སྔ་ཕྱི་མ་འབྲེལ་པ་མེད་པ་ཉིད་ཀྱིས་སོ།། རྗེས་སུ་མཐུན་ཉིད་ནི་འབྱོར་པ་ཉིད་ཀྱིས་ཏེ། ཆོས་ཉིད་དང་མི་མཐུན་པ་མེད་པ་ཉིད་ཀྱིས ་སོ།། ཐབས་དང་ལྡན་པ་ཉིད་ནི་འཚམ་པ་ཉིད་ཀྱིས་ཏེ། གདུལ་བ་དང་རྗེས་སུ་མཐུན་པར་འཆད་པ་ཉིད་ཀྱིས་སོ།། མཐུན་པ་ཉིད་ནི་རྟག་འགྲུས་སྐྱོང་ག་ཡན་ལག་གི་ཚེགས་ཉིད་ཀྱིས་ཏེ། ཚངས་པར་སྤྱོད་པའི་རྗེས་སུ་མཐུན་པ ་ཉིད་ཀྱིས་སོ།། ཇི་ལྟར་གསུང་དབྱངས་ཡན་ལག་ལྔ་དང་ལྡན་པ་བཤད་པ་ལས་འབྱུང་བ་ལྟ་བུ་སྟེ། ཚིག་སྔ་མ་ཕྱི་མས་གསལ་བར་བྱེད་པ་ཡིན་ནོ།། ཚིག་ཕྱི་མ་རྣམ་པར་བཤད་པ་དང་བཅས་པ་བཞི་པོ་འདི་རྣམས ་ཀྱིས་ནི་འདྲི་བ་ཐམས་ཅད་ལ་ལན་གདབ་པ་ཡོན་ཏན་བཞི་དང་ལྡན་པར་བསྟན་པ་ཡིན་ཏེ། སྔ་ཕྱི་མི་འགལ་བ་དང་། ཆོས་ཉིད་དང་མཐུན་པ་དང་། གདུལ་བ་དང་མཐུན་པ་དང་། དོན་གྱི་མཆོག་དང་མཐུན་པའོ།། ལུང་ལས ་ནི་ཚིག་བརྒྱད་པོ་དག་གིས་ལན་གདབ་པ་ཡོན་ཏན་བརྒྱད་དང་ལྡན་པར་ཡོངས་སུ་བསྟན་པ་ཡིན་ནོ་ཞེས་འབྱུང་ངོ་།། ཡོན་ཏན་བརྒྱད་དག་ནི་དོན་ལ་འཇུག་པ་ངེས་པར་འབྱིན་པ་ཉིད་དང་། འཇིག་རྟེན་ལ་གྲགས་པའི་ཚིག ་དང་ཡིག་འབྲུ་དང་འབྲེལ་པ་ཉིད་དང་། རྒོལ་བ་འགལ་བའི་རྗེས་སུ་མཐུན་པ་ཉིད་དང་། ཚིག་ཟབ་མོའི་དོན་ངེས་པར་བྱས་པ་ཉིད་དང་། ཉན་པ་པོ་ལ་ཕན་འདོགས་པའི་ཚིག་དང་ཡིག་འབྲུ་རྣམ་པར་གཡང ་པ་མེད་པའི་གཞིར་གནས་པ་ཉིད་དང་། གདུལ་བའི་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་ཆེ་བ་ཉིད་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། མོས་པ་དང་སེམས་པ་དང་བསྒོམ་པ་དང་མཐུན་པ་ཉིད་དང ་སྒྲ་ཇི་ལྟ་བ་བཞིན་དུ་མངོན་པར་མི་ཞེན་པར་གཏན་ལ་དབབ་པར་བསྟན་པ་ཉིད་དོ།། དགེ་སློང་དག་གཏམ་ལ་འཇུག་པར་བྱ་ན་འདུན་པ་དང་ཞེ་སྡང་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། འདི་ལས་ནི་ཉོན་མོངས་པ་ཅན་གྱི་གཏམ་གན ་དང་བཅས་པ་སྤངས་ནས་གཏམ་གང་བྱ་བ་དང་། གང་གི་དོན་དུ་བྱ་བ་དེ་ཡོངས་སུ་བསྟན་ཏོ།། དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་གཏམ་གྱི་གཞི་ནི་རྣམ་པ་དགུ་སྟེ། རང་གི་ཕྱོགས་རྒྱལ་བར་འདོད་པ་དང་། རང་འཕམ་ན་ཕྱིར ་རྒོལ་བ་ལ་ཁོང་ཁྲོ་བ་ཉིད་དང་། རང་གི་ཕྱོགས་གྲུབ་ན་སེམས་ཁེངས་པ་ཉིད་དང་། ཕྱིར་རྒོལ་བས་སྐྱོན་བྱུང་བ་གླེངས་ན་དེ་བཅབ་པར་འདོད་པ་ཉིད་དང་། སྐྱོན་མ་བྱུང་བ་གླེངས་ན་ཁྲོ་བ་དང་། ཁྲོས་ནས་ཤཱ་གླན་པའི་ཕྱིར་ཁོན་ཏུ ་འཛིན་པ་དང་། ཕམ་ན་ཡིད་མི་བདེ་བའི་མཚན་ཉིད་སེམས་མི་གསལ་བ་ཉིད་དོ།། འདི་ཐམས་ཅད་ཀྱི་རྩོད་པའི་སྔོན་དུ་འགྲོ་བ་ནི་གཉིས་ཡིན་ཏེ། རབ་ཏུ་བྱུང་བའི་ཡང་སེམས་ཀྱི་ཐོ་བ་དང་། འཆབ་པའི་གཞི་ནི་ཟག་པོའི་གནས ་དང་མཐུན་པ་རྙེད་པ་དང་བཀུར་སྤྱི་དང་ལྡན་པའི་ཡུལ་རྣམས་ཡིན་ཏེ། དེ་ལ་ཏུ་ལྟོས་པ་དང་བཅས་པཱ་ནི་དེའི་དགྲ་པོར་གྱུར་པ་དག་ལ་ཞེ་སྡང་སྐྱེད་པའི་ཕྱིར་དང་། བདག་ཉིད་ཀྱི་སྐྱོན་འཆབ་པར་བྱེད་པའི་ཕྱིར་རོ།། དེ་ལ་མི་བལྟོས་པ་ཉིད ་ཀྱིས་ནཱི་ང་སྤངས་པས་ན་བརྗོད་པའི་རྩ་བ་དང་པོ་ཡོངས་སུ་སྤངས་པ་ཡིན་ནོ།། གཉིས་པ་ནི་ལྟ་བའི་ཡོངས་སུ་གདུང་བ་བསལ་བའི་ཕྱིར་རོ།། ལྟ་བ་ངན་པའི་སེམས་ཡོངས་སུ་གདུང་བ་ཡིན་ཏེ། རབ་ཏུ་མ་ཞི་བའི་མཚན་ཉིད་ཡིན ་པའི་ཕྱིར་རོ།། འདིར་ཡང་སྨྲས་པ། རྒྱལ་དང་ཕན་བྱེད་འདོད་གྲུབ་དང་།། བྱུང་དང་མ་བྱུང་གླེངས་པ་དང་།། མ་བྱུང་གླེངས་ན་ཁྲོ་བ་ལས།། ཁོན་དུ་འཛིན་པ་འབྱུང་བ་དང་།། ཕམ་ན་གདུག་པ་ལ་སོགས་པ།། བདུན་ནི་སྤངས་ནས ་གྲཏཱ་མོ་བསྟན་བྱ།། རྩོད་པའི་གཞི་གཉིས་སྔ་མ་སྟེ།། གང་ལས་སྐྱོན་འདི་འབྱུང་བའོ།། དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་གཏམ་ནི་རྣམ་པ་གསུམ་ངག་གིས་ཡོངས་སུ་བསྟན་པ་ཡིན་ཏེ། མ་ཞི་ཞིང་ཚོད་མི་འཛིན་པར་སྨྲ་བ་ཉིད ་ཀྱི་ཕྱིར་དང་། གྲུབ་པའི་མཐའ་ལསྲ་འདས་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། གཞན་ལ་སྨོད་པ་ཉིད་ཀྱི་ཕྱིར་རོ།། གཏམ་རྒྱུ་དང་བཅས་པ་འང་ལྟ་བུ་སྤངས་ནས་གཏམ་ཅི་ཞིག་སྨྲ་བར་བྱ་ཞེ་ན། དོན་དང་ཆོས་ཏེ་གང་ཞིག་གང་དོན་དུ ་གཉིར་བ་འམ། ཆོས་དང་དོན་གང་གི་ཡུལ་ལ་འབབ་པའོ།། ཅིའི་ཕྱིར་གཏམ་སྨྲ་བར་བྱ་ཞེ་ན། གཞོན་དག་ལ་ཤེས་རབ་རྣམ་པ་གསུམ་ཉེ་བར་བསྒྲུབ་པས་བཟོད་པ་ཆུང་ངུ་རིང་འབྲིང་དང་ཆེན་པོ་བསྐྱེད་པའི་ཕྱིར། བདག་དང ་གཞན་གཉིས་དད་པ་བསྐྱེད་པའི་ཕྱིར་རོ།། འཕགས་པ་རྣམས་ནི་དེ་ལྟར་བརྗོད་ཅིང་ཞེས་བྱ་བ་ནི་གཞན་དག་མ་ཡིན་པའོ།། འཕགས་པ་རྣམས་ཀྱི་བརྗོད་པ་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་གཞན་དུ ་མ་ཡིན་ནོ།། འདི་ནི་གང་ཟག་ངེས་པར་གཟུང་བ་དང་། གཏམ་ངེས་པར་གཟུང་བར་རིག་པར་བྱའོ།། གཞན་ཡང་འདོད་ཆགས་དང་མ་བྲལ་བ་རྣམས་ནི་སོ་སོར་བརྟགས་ནས་དེ་ལྟར་བརྗོད་ལ། འདོད་ཆགས་དང་བྲེལ་བ་རྣམས་ཀྱི ་རང་བཞིན་གྱིས་བརྗོད་པ་ནི་དེ་ལྟ་བུ་ཡིན་ནོ།། འདིས་ནི་གང་ཟག་སོ་སོར་རྟོགས་པ་དང་། སྒོམོ་པའི་སྟོབས་ཅན་གཉིས་ངེས་པར་གཟུང་བ་ཡིན་ནོ།། གཞན་ཡང་ད་ལྟར་བྱུང་བ་དང་ལྐོག་ཏུ་གྱུར་པ་འདས་པ་དང་། མ་འོངས་པའི ་དུས་ལའོ།། གཞན་ཡང་དེ་དག་ཇི་ལྟར་བརྗོད་པ་དང་། འབྲ་ས་བུ་བརྗོད་པ་དེ་ཇི་ལྟ་བུ་ཡིན་པ་ཡོངས་སུ་བསྟན་པ་ཡིན་ཏེ། གང་ཟག་དང་འབྲས་བུ་ཁྱད་པར་ཅན་དང་ལྡན་པས་གཏམི་རབ་ཏུ་བསྔགས་པར་བྱ་བའི་ཕྱིར་རོ།། ་ལུང་ལས་ནི་གཏམ་ལ་འཇུག་པ་རྣམ་པ་གསུམ་དང་། བཅྡོཾས་པ་ཡིན་ཏེ། ཕྱིར་རྒོལ་བ་དང་། བར་ན་གནས་པ་དང་། ཆོས་མཐུན་པ་དང་ངོ་ཞེས་འབྱུང་སྟེ། དྲི་ལས་ནི་མདོ་སྡེའི་དུམ་བུ་འདིས་དགེ་སློང་གི་སེམས་ཡོངས་སུ ་དག་པ་དང་། ངག་ཡོངས་སུ་དག་པ་ཡོངས་སུ་སྟོན་པ་ཡིན་ནོ།། ཕྱིར་རྒོལ་བ་ནི་རྒོལ་བ་ལ་སྦྱོར་བ་རྣམ་པ་གསུམ་གྱིས་ཉེ་བར་གནས་པ་ཡིན་ཏེ། ཕྱིར་རྒོལ་བའི་སྦྱོར་བ་དང་། བཀུར་སྟི་མ་ཡིན་པའི་སྦྱོར་བ་དང་། ་ཚིག་རྩུབ་པོའི་སྦྱོར་བས་སོ།། དེ་ལ་དགེ་སློང་གི་ནི་ཕྱིར་རྒོལ་བའི་སྦྱོར་བ་བྱུང་ན། དེ་ཕམ་པར་འདུན་པ་སྤངས་ཤིང་ཕྱིར་རྒོལ་བ་དེ་ཉིད་ལ་ཡང་ཞེ་སྡང་སྤངས་ལ་གཏམ་བྱའོ།། མ་བྱུང་བ་དང་བྱུང་བའི་སྐུར་པ་གཉིས་ཀྱིས་བཀུར ་སྟི་མ་ཡིན་པའི་སྦྱོར་བ་བྱུང་ན་ང་རྒྱལ་དང་འཆབ་པ་སྤངས་ནས་སོ།། ཚིག་རྩུབ་པོའི་སྦྱོར་བ་བྱུང་ན་ཀུན་ནས་མནར་སེམས་ཏེ། སེམས་འཁྲུགས་པ་དང་། མི་བཟོད་པ་སྟེ་སླར་གཤེ་བ་དང་། ཁྲོ་བ་ལ་སོགས་པ་འདོད་པ་ཉིད ་དང་། ཡིད་མི་ཆེས་པ་སྟེ་རང་གི་སེམས་ཀྱི་ཡང་དག་པར་སྡོམ་པ་མ་ངེས་པ་ཡང་སྤངས་པའོ།། བར་ན་གནས་པ་དང་ལྷན་ཅིག་གཏམ་ལ་འཇུག་པ་ན་སེམས་ཀྱི་ཐ་བ་དང་འཆབ་པའི་གཞི་སྟེ། འདི་ལྟ་སྟེ། སློབ་དཔོན་གྱི་དཔེ ་མཁྱུད་ལས་བྱུང་བ་བར་ཆད་དང་བཅས་པར་བསྟན་པའི་བསྡམ་པ་དང་། དང་ནས་བཀུརཱ་སྟི་བྱེད་འདོད་པ་ཡང་བོར་ཏེའོ།། ལྟ་བའི་ཡོངས་སུ་གདུང་བ་སྟེ་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ཡང་བསལ་ནས་སོ།། འདི་ནི་དེའི ་སེམས་ཡོངས་སུ་དག་པ་ཡིན་ནོ།། ཧ་ཅང་བརྗོད་པ་ཡང་མི་བྱ་ཞིང་འགལ་བར་ཡང་མི་བྱ་ལ། ཚིག་རྩུབ་པོ་སྨྲ་བར་མི་བྱ་སྟེ་ཞེས་བྱ་བ་ནི་ཕྱིར་རྒོལ་བ་དང་ལྷན་ཅིག་གཏམ་ལ་ཞུགས་པ་ན་ཉེས་རྩོམ་གྱི་ཚིག་དང་། མི་རིགས ་པ་དང་ལྡན་པའི་ཚིག་དང་། ཁ་ན་མ་ཐོ་དང་བཅས་པའི་ཚི་ག་ལས་ཟློག་པར་བྱེད་པའོ།། བར་ན་གནས་པ་དང་ལྷན་ཅིག་གཏམ་ལོ་འཇུག་པ་ན་ཐེ་ཚོམ་ཅན་དང་། བྱེ་བྲག་མི་ཕྱེད་པ་ལས་བརྩམས་ནས་དོན་དང་ཆོས ་བསྟན་པར་བྱའོ།། བྱེ་བྲག་ཕྱེད་པ་ལས་ནི་ཀུན་ཏུ་ཤེས་པར་བྱ་བ་ནས་ཡོངས་སུ་མགུ་བར་བྱ་བའི་བར་དུ་དྲུག་བྱའོ།། འདི་ནི་དེའི་ངག་ཡོངས་སུ་དག་པ་ཡིན་ནོ།། དེ་ལ་བསམ་གྱིས་མི་ཁྱབ་པའི ་གནས་ལ་སེམས་པ་ལ་ནི་ཀུན་ཏུ་ཤེས་པར་བྱ། བསམ་གྱིས་མི་ཁྱབ་པའི་གནས་ལོ་ཐེ་ཚོམ་ཟོས་པ་ལ་ནི་ཡང་དག་པར་ཤེས་པར་བྱ། རྟོག་པར་བྱ་བ་རྟོག་པ་བྱ་བའི་ཕྱིར་བསྒོམ་པ་ལ་ནི་ངེས་པར་སེམས་སུ་གཞུག ་པར་བྱའོ།། དེ་དག་ཁོ་ནས་མཆོག་ཏུ་དགའ་བ་རྣམ་པ་གསུམ་བསྐྱེད་པའི་ཕྱིར་ན་མགུ་བར་བྱ། ཡང་དག་པར་མགུ་བར་བྱ། ཡོངས་སུ་མགུ་བར་བྱ་བ་ཡིན་ནོ།། མཆོག་ཏུ་དགའ་བ་རྣམ་པ་གསུམ་ནི་སེམས་གཡེངས་པ་སྤོང ་བའི་མཆོག་ཏུ་དགའ་བ་དང་། ཐེ་ཚོམ་གཅོད་པའི་མཆོག་ཏུ་དགའ་བ་དང་། འབྲས་བུ་ཡོངས་སུ་འཛིན་པའི་མཆོག་ཏུ་དགའ་བའོ།། ཆོས་མཐུན་པ་དང་ལྷན་ཅིག་གཏམ་ལ་འཇུག་པ་ནི་དད་པར་བྱ་བ་ནི་སེམས་ཡོངས་སུ ་དག་པ་སྟེ་ལེགས་པར་ཡོངས་སུ་དྲི་བའི་ཕྱིར་རོ།། དད་པ་བསྐྱེད་པར་བྱ་བ་ནི་ངག་ཡོངས་སུ་དག་པ་ཡིན་ཏེ། ལེགས་པར་ལུང་སྟོན་པའི་ཕྱིར་རོ།། དགེ་སློང་དག་བདག་ཉིད་གླིང་དུ་གྱུར་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ ་བུའོ།། ཇི་ལྟར་ན་བདག་ཉིད་གླིང་དུ་འགྱུར་བ་དང་། བདག་ཉིད་སྐྱབས་སུ་འགྱུར་བར་གནས་ཤེ་ན། ནང་གི་སེམས་ཀྱི་ཞི་གནས་ལ་བརྩོན་པའི་ཕྱིར་རོ།། ཇི་ལྟར་ན་ཆོས་གླེང་དང་ཆོས་སྐྱབས་སུ་འགྱུར་བ་ཡིན་ཞེ་ན། ་ལྷག་པའི་ཤེས་རབ་ཆོས་ཀྱི་ལྷག་མཐོང་ལ་བརྩོན་པའི་ཕྱིར་རོ།། ཇི་ལྟར་ན་གླིང་གཞན་མ་ཡིན་པ་དང་། སྐྱབས་གཞན་མ་ཡིན་པ་ཡིན་པ་དང་། དེའི་མི་མཐུན་པའི་ཕྱོགས་འདོད་པའི་བསོད་ཉམས་དང་། བདག་ཉིད ་རུབ་པར་གནས་པ་ལ་བརྩོན་པ་གཉིས་ཡོངས་སུ་སྤངས་པའི་ཕྱིར་རོ།། དེ་ལྟར་ན་སྲེད་པ་དང་མ་རིག་པའི་གཉེན་པོ་ཞི་གནས་དང་ལྷག་མཐོང་གཉིས་སོ་སོར་བརྟེན་པོའི་ཕྱིར་དང་། དེའི་མི་མཐུན་པའི་ཕྱོགས་མཐའ ་གཉིས་ཡོངས་སུ་སྤངས་པའི་ཕྱིར་བདག་ཉིད་ལ་སོགས་པ་གླིང་དང་སྐྱབས་སུ་འགྱུར་བ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ།། གཞན་ཡང་རང་གི་སྐྱེས་བུའི་རྩལ་དཔུང་གཉེན་ཉིད་ཡིན་པའི་ཕྱིར་ནི་བདག་ཉིད་གླིང་དུ ་འགྱུར་བ་ཡིན་ཏེ། འདིས་ནི་བརྩོན་འགྲུས་བརྩམས་པ་ཉིད་ལ་སྦྱོར་བར་མཛད་པ་ཡིན་ནོ།། ལུང་དང་རྟོགས་པའི་ཆོས་དཔུང་གཉེན་ཉིད་ཡིན་པའི་ཕྱིར་ནི་ཆོས་གླིང་དུ་འགྱུར་བ་ལེན་ཏེ། འདིས་ནི་ཐེབས་ཤེས་པར་བྱ་བ ་ལ་སྦྱོར་བར་མཛད་པ་ཡིན་ནོ།། དེ་དག་ལ་གཅིག་ཏུ་ངེས་པ་ཉིད་ཀྱི་ཕྱིར་ནི་གླིང་གཞན་མ་ཡིན་པ་སྟེ། འདིས་ནི་གཉིས་ལ་སྐྱོན་མི་འབྱུང་བ་ཉིད་དུ་སྦྱོར་བར་མཛད་པ་ཡིནྡ་ནོ།། དྲན་པ་ཉེ་བར་གཞག་པ་བསྒོམ་པས་དེ ་ལྟར་གནས་པར་འགྱུར་རོ་ཞེས་ཡང་དག་པར་སྟོན་པ་ཡིན་ཏེ། འདི་ལ་དགེ་སློང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་རྒྱས་པར་གསུངས་པའི་ཕྱིར་རོ།། སྡུད་པའི་ཚིགས་སུ་བཅད་པ་ནི། བརྩོན་འགྲུས་ལྡན ་དང་ཐབས་ཤེས་དང་།། རྟག་ཏུ་དེ་ལ་དགའ་བ་གང་།། དེ་ནི་བདག་ལ་སོགས་པ་གསུམ།། གླིང་འགྱུར་གོ་རིམས་བཞིན་ཤེས་བྱ།། རྣམ་གྲངས་གཞན་ཡང་།། རང་གི་ཚུལ་བཞིན་ཡིད་བྱེད་དང་།། གཞན ་གྱི་སྒྲ་ལ་བརྟེན་པ་དང་།། བསྒོམ་པ་གཅིག་ཏུ་ངེས་པ་འདི་།། བདག་སོགས་གླིང་འགྱུར་ཤེས་པར་བྱ།། འདི་གསུམ་དོན་གང་གི་ན་གླིང་དུ་འགྱུར།། དོན་གང་གིས་ན་སྐྱ་བས་སུ་འགྱུར་ཞེ་ན། ཆུ་བོ་བཞིས་དེད་པ་ལས ་ཡོངས་སུ་སྐྱོབ་པའི་དོན་གྱི་ན་གླིང་དུ་འགྱུར་བ་ཡིན་ལ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པའི་དོན་གྱིས་ན་སྐྱབས་སུ་འགྱུར་བ་ཡིན་ནོ།། གཞན་ཡང་གོ་རིམས་བཞིན་དུ་ཉོན་མོངས་པ་སྐྱེས་པ་དང་། ་མ་སྐྱེས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ།། བསྡུས་པོའི་ཚིགས་སུ་བཅད་པ་ནི། དེ་དང་ཆུ་དང་ཐང་འདྲ་བའི།། ཉོན་མོངས་སྡུག་བསྔལ་སྐྱོབ་ཕྱིར་དང་།། ཉོན་མོངས་སྐྱེས་དང་མ་སྐྱེས་དང་།། འདིའི་གཉེན་པོ་ཡིན ་ཕྱིར་རོ།། ཡང་གཞན་དག་ན་རེ། བདག་ཉིད་སྐྱབས་མིན་འདོད་པ་རྣམས་ལ་བརྟེན།། ཆོས་སྐྱབས་འགྱུར་མིན་སྡུག་བསྔལ་རྣམས་ལ་སྟེ། བདོག་ལ་རག་ལས་མཁས་དང་དེ་གཉི་ག། སྐྱབས་སུ་འགྱུར་བྱེད་པ་ནི་ཞི ་བར་འགྱུར་ཞེས་འཆད་དེ། དེ་དག་ནི་མཐའ་གཉིས་ཀྱི་གཉེན་པོ་ལ་བརྟེན་པའི་ཕྱིར་དང་། སྲིད་པ་གཞན་ཉེ་བར་མི་ལེན་པའི་ཕྱིར་བདག་ཉིད་ལ་སོགས་པ་གླིང་དུ་འགྱུར་བ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ།། ལུང་ལས ་ནི་གྲོགས་ལ་སྲེད་པ་དང་། རྙེད་པ་ལ་སྲེད་པ་དང་། ཡང་སྲིད་པ་ལ་སྲེད་པའི་གཉེན་པོར་གོ་རིམས་བཞིན་དུ་བདག་ཉིད་དང་ཆོས་དང་གླིང་གཞན་མ་ཡིན་པ་ཉིད་དུ་བསྟན་ཏོ།། དགེ་སློང་དག་ལྡོག་པར་ལྟ་བ་སྤོངས་ཤིག ་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ལོག་པར་ལྟ་བ་སྤོངས་ཤིག་ཅེས་བྱ་བ་ནི་བཀའ་ཡིན་ནོ།། ལྷག་མས་ནི་བཀའ་བཞིན་དུ་བསྒྲུབ་པའི་རྒྱུ་རྣམ་པ་གསུམ་སྟོན་པ་ཡིན་ཏེ། ནུས་པ་ཉིད་དང་། སྐྱོན་མེད་པ་ཉིད་དང་། ་ཡོན་ཏན་མང་བ་ཉིད་དོ།། སྐྱོན་མེད་པ་ཉིད་ནི་དོན་མེད་པ་ལ་སོགས་པ་མི་འགྲུབ་པ་ཡིན་པའི་ཕྱིར་རོ།། ཡོན་ཏན་མང་བ་ཉིད་ནི་དོན་ལ་སོགས་པ་འགྲུབ་པའི་ཕྱིར་རོ།། མི་སྒྲུབ་ན་ཡང་སྐྱོན་མེད་པ་ཉིད་ཀྱི་རྒྱུ་རྣམ་པ ་བཞི་པ་གླེངས་པ་ཡིན་ཏེ། མ་སྤངས་ན་དོན་མེད་པ་ལ་སོགས་པ་འགྲུབ་པར་གླེངས་པའི་ཕྱིར་རོ།། དེ་ལ་དོན་ནི་དགེ་བའི་ཆོས་འབྱུང་བ་སྟེ། ཇི་ལྟར་ཡང་དག་པར་སྤོང་བ་ཕྱི་མ་གཉིས་ལྟ་བུ་སྟེ། རྒྱན་ཅན་གྱི་བུའི ་མདོ་སྡེ་ལས་གསུངས་པ་ལྟ་བུའོ།། ཕན་པ་ནི་མི་དགེ་བའི་ཆོས་དང་འབྲེལྔ་པ་སྟེ། ཇི་ལྟར་ཡང་དག་པར་སྤོང་བ་སྔ་མ་གཉིས་ལྟ་བུས་སོ།། བདེ་བ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཡིན་ཏེ། ལུས་དང་སེམས ་ཤིན་ཏུ་སྦྱངས་པའི་ཁྱད་པར་དང་ལྡན་པའི་ཕྱིར་རམ། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་མྱོང་བའི་ཕྱིར་རོ།། དོན་ནི་དགེ་སྦྱོང་གི་དོན་ཚུལ་གྱི་དོན་ཏེ། གང་གི་དོན་དུ་རབ་ཏུ་བྱུང་བ་རྣམས་ཡིན་ནོ།། ཕན་པ་ནི ་དེ་འདྲེན་པར་བྱེད་པ་དགེ་སྦྱོང་གི་ཚུལ་ཡིན་ནོ།། བདེ་བ་ནི་སྔ་མ་བཞིན་ནོ།། གཞན་ཡང་དོན་ནི་བསྟན་པ་ཡིན་ལ། ཕན་པ་དང་བདེ་བ་ཞེས་བྱ་བ་ནི་བཤད་པ་ཡིན་ཏེ། དེ་ལ་དགེ་བའི་དོན་གྱི་དེ་ལ ་ཕན་པ་ཡིན་ལ། རྗེས་སུ་འཛིན་པོའི་དོན་གྱིས་ན་བདེ་བ་ཡིན་ཏེ། དེ་དག་ལ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཉེར་བར་བྱེད་པ་ཡིན་པས་དེའི་ཕྱིར་འདི་གཉིས་ཁོ་ན་དོན་ཡིན་ནོ།། རྣམ་གྲངས་གཉིས་ཀ་ཡང་ལུང ་ཡིན་ནོ།། དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཆོད་མ་གཟུང་ཞིག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཡོན་ཏན་ཡོད་པ་དང་། མེད་པ་གཉིས་ཀྱིས་གང་ཟག་ལ་ཆོད་འཛིན་པ་ཡིན་ལ། ཡོན་ཏན་གྱི་ཚད་འཛིན ་པས་ནི་གང་ཟག་ལ་ཚད་འཛིན་པ་ཡིན་ནོ།། གཞན་ཡང་འདི་ནི་འདི་ཇི་ལྟ་བ་དེ་ལྟ་བུ་ཡིན་ནོ་ཞེས་གཞན་བརྟེན་ནས་གང་ཟག་ལ་ཚོད་འཛིན་པ་ཡིན་ལ། གཞན་ལ་མི་བརྟེན་པར་འདི་ལྔ་ཡོན་ཏན་འདི་སྙེད་ཅིག་ཡོད་དོ།། ་ཞེས་གང་ཟག་ལ་ཆོད་འཛིན་པའོ།། །། དེ་འདི་སྙམ་དུ་ཀྱེ་མ་བདག་གི་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་སྡིག་པ་བྱས་ཤིང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་སྡིག་པ་ནི་ཐ་ཆད་ཀྱི་དོན་གྱིས་ན་ཉེས ་པར་སྤྱད་པ་ཡིན་ཏེ། ཇི་སྐད་དུ། ལུས་ཀྱི་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་སྡིག་པ་ཞེས་བྱ་བ་དང་། ཆེ་གེ་མོ་ང་ནི་ཁྱེད་ལ་མི་འཇིགས་ཀྱི་ཉིས་ན་ཁྱོད་དང་རེག་ན་སྡིག་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་ཡིན་པས་ཐ ་ཆད་ཡིན་པར་མངོན་ནོ།། ཉེས་པར་སྤྱད་པ་དེ་ཉིད་དྲུག་ཤུལ་ཡིན་ཏེ། གཞན་ལ་གནོད་པ་བྱེད་པའི་དོན་གྱིས་སོ།། དེ་ཉིད་གདུག་པ་ཡིན་ཏེ། ཚེ་ཕྱི་མ་ལ་རང་གི་ལུས་ལ་གནོད་པ་བྱེད་པའི་དོན་གྱིས་སོ།། བསོད་ནམས་ནི་བཀྲ་ཤིས ་པའི་དོན་གྱིས་ན་ལེགས་པར་སྤྱད་པ་ཡིན་ཏེ། ཇི་སྐད་དུ་དྲི་ནི་བསོད་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ།། དེ་ཉིད་དགེ་བ་ཡིན་ཏེ། ཚེ་ཕྱི་མ་ལ་འབྲས་བུ་ཡིད་དུ་འོང་བའི་དོན་གྱིས་སོ།། དེ་ཉིད་འཇིགས་པས་བག་ཚ་བ་རྣམས་ལས ་སྐྱོབ་པ་ཡིན་ཏེ། ངན་འགྲོའི་འཇིགས་པས་བག་ཚ་བ་ལས་ཡོངས་སུ་སྐྱོབ་པའི་དོན་གྱིས་སོ།། འདི་ནི་དོན་ཐ་དད་པས་དེ་སྐྲོད་གསུངས་པ་ཡིན་གྱི། གཞི་ཐ་དད་པས་ནི་མ་ཡིན་ནོ།། འདི་ཇི་ལྟར་ཤེས་ཤེ་ན། ཀྱེ་མ་བདག ་གིས་འདི་ལྟ་སྟེ། ལུས་དང་། ངག་དང་། ཡིད་ཀྱི་སྡིག་པ་བྱས་ཤིང་། ཀྱེ་མ་བདག་གི་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱི་བསོད་ནམས་མ་བྱས་པས་ཞེས་ཐོག་མར་སྡིག་པ་དང་བསོད་ནམས་གཉིས་ཁོ་ན་སྨོས་པའི་ཕྱིར ་རོ།། ཐབ་མོ་དང་མཚང་འབྲུ་བ་དང་རྩོད་པ་དང་འགྱེད་པོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཉེས་པར་རྩོམ་པ་རྣམས་ཀྱིས་སྨྲ་བ་དང་། སླར་སྨྲ་བ་ཙམ་ནི་ཐབ་མོ་ཡིན་ནོ།། གཅིག་ལྔ་གཅིག་སྐྱོན་སྨྲ་བ་ནི་མཚང་འབྲུ ་བ་ཡིན་ནོ།། དེ་མི་བཟོད་པ་ནི་རྩོད་པ་ཡིན་ནོ།། རྩོད་པ་རྣམས་ཞལ་ཆེ་གྲ་རེ་ཕན་ཚུན་མི་མཐུན་པར་སྨྲ་བ་ནི་འགྱེད་པ་ཡིན་ནོ།། གཤི་ཡང་སླར་མི་གཤེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཁྲོས ་པས་ཚོགས་མི་དབྱུང་བའི་སྒྱུར་པ་གླེང་བ་ནི་འདིར་གཤེ་བ་ཡིན་ནོ།། ཁྲོ་བ་བསྐྱེད་པའི་བསམས་པས་ངག་དང་དབྱེད་པ་ཡིད་དུ་མི་འོང་བ་ནི་ཁྲོ་བ་ཡིན་ནོ།། སྡུག་བསྔལ་བར་བྱ་བུའི་བསམྦྷས་པས་སྨན ་པར་བྱེད་པ་ནི་རྡེག་པ་ཡིན་ནོ།། མཚང་འབྲུ་བ་ནི་སྔ་མ་བཞིན་ནོ།། ཚུལ་ཁྲིམས་འདི་དག་ནི་མ་ཉམས་པ་སྐྱོན་མེད་པ་ཞེས་བྱ་བ་ནི་མོ་དོ་སྡེའི་དུམ་བུའོ།། དེ་ལ་མ་ཉམས་པ་ནི་བསླབས་པ་ལས་མི་འདའ་བའི་ཕྱིར་རོ།། ་སྐྱོན་མེད་པ་ནི་བར་བར་དུ་ཡང་ཡོངས་སུ་མི་གཏོང་བའི་ཕྱིར་རོ།། འདྲེན་པར་མ་གྱུར་པ་ནི་འཆལ་པའི་ཚུལ་ཁྲིམས་དང་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ།། ཐུན་ཚགས་མ་ཡིན་པ་ནི་དེའི་རྒྱུ་རྣམ་པར་རྟོག་པ་དང་མ་འདྲེས་པ ་ཉིད་ཀྱི་ཕྱིར་རོ།། རང་དབང་ཅན་ནི་དེའི་གཉེན་པོ་ཡོངས་སུ་བཟུང་བས་བདག་གིས་དབང་ཉིད་དུ་གྱུར་པའི་ཕྱིར་ཏེ། རྐྱེན་གྱིས་མི་འཕྲོགས་པ་ཉིད་ཀྱི་རྒྱས་སོ།། ནོག་ནོག་པོར་མ་གྱུར་པ་ནི་ལྟ་བ་ངན་པ་དང་སྨོན་ལམ ་གཉིས་ཀྱིས་ཏེ། ངེས་པར་འབྱིན་པ་ཉིད་ཀྱི་རྒྱུས་སོ།། འདིས་ནི་ཚུལ་ཁྲིམས་ཡོན་ཏན་བཞི་དང་ལྗོན་པར་སྟོན་ཏོ། ཚུལ་ཁྲིམས་དེའི་རྒྱུས་མི་ཐུབ་དང་། དེའི་གཉེན་པོ་ལ་བརྟེན་པ་སྟེ། ཚིག་གསུམ་དག་གིས་དང ་ལྷག་མ་རྣམས་ཀྱིས་ན་རེ་རི་དང་གོ་རིམས་བཞིན་དུ་སྦྱར་རོ།། རྣམ་པ་གསུམ་པོ་དག་གིས་ནི་ལེགས་པར་ཆུབ་པ་ཡིན་ཏེ། ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ།། གསུམ་པོ་གཞན་དག་གིས་ནི་ལེགས་པར ་བརྩམས་པ་ཡིན་ཏེ། ལེགས་པར་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ།། མཁས་པ་རྣམས་ཀྱིས་བསྔགས་པ་ནི་འཕགས་པ་རྣམས་ཀྱིས་བསྔགས་པ་ཉིད་ཀྱི་ཕྱིར་ཏེ། དགེ་བ་ཉིད་ཀྱིས་རྒྱུས་སོ།། མཁས་པ་རྣམས་ཀྱིས་མ ་སྨད་པ་ནི་རྣམ་གྲངས་ཀྱིས་ཀྱང་མ་སྨད་པ་ཉིད་ཀྱི་ཕྱིར་ཏེ། ཟག་པ་མེད་པ་ཉིད་ཀྱི་རྒྱུས་སོ།། གང་ཟག་བདེན་པ་མཐོང་བ་འབྲས་བུ་ཐོབ་པར་མངོན་པར་རྟོགས་པ་དང་ལྡན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། འདི་ལས ་ནི་དམིགས་པ་དང་། ལུས་དང་རང་བཞིན་གྱིས་ལྟོ་བ་ཕུན་སུམ་ཚོགས་པར་ཡོངས་སུ་བསྟན་པ་ཡིན་ཏེ། བདེན་པ་ལ་དམིགས་པ་དང་། འབྲས་བུ་ཐོབ་པར་བྱེད་པ་དང་། མངོན་པར་རྟོགས་པའི་མཚན་ཉིད་ཀྱི་ལྟ་བ ་ཕུན་སུམ་ཚོགས་པ་ནི་ལྟ་བ་ཕུན་སུམ་ཚོགས་པའོ།། དེ་ལ་མངོན་པར་རྟོགས་པ་ནི་བདགི་ཉིད་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་པར་རིག་པར་བྱའོ།། ཡིད་ཆེས་པ་ལས་ནི། མངོན་སུམ་ཉིད་ཀྱིས་དོན ་གྱིས་སུ། ཤེས་བྱ་ཤེས་པར་ཕྲད་པ་སྟེ། དེས་ན་མངོན་པར་རྟོགས་པར་འདོད་ཅེས་འབྱུང་སྟེ། དེ་ཡང་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡིན་ནོ།། དགེ་སློང་དག་གསུམ་པོ་འདི་དག་ནི་ནང་གི་དྲི་མ་ཡིན། ནང ་གི་འགྲན་ཟླ་དང་བཅོས་པ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་ནང་གི་སེམས་སྐྱེ་བ་ན་སྐྱོན་རྣམ་པ་བཞི་དགེ་བྱེད་དེ། སེམས་དྲི་མ་ཅན་དུ་བྱེད་པ་སྟེ་ཀུན་ནས ་ཉོན་མོངས་པར་བྱེད་པའི་ཕྱིར་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བའི་གླེགས་བྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་ལས་ཡོངས་སུ་ཉམས་པར་བྱེད་པ་དང་། གང་གིས་ངན་སོང་རྣམས་སུ ་ཡུན་རིང་པོར་འགྲོ་བར་གྱུར་པ་དེ་འདྲ་བོའི་མི་དགེ་བའི་ལས་ཀུན་ནས་སློང་བར་བྱེད་པའོ།། དེའི་ཕྱིར་ནང་གི་དྲི་མ་ཡིན། ནང་གི་འགྲན་ཟླ་དང་བཅས་པ་ཡིན་ནང་གི་ཕྱིར་རྒོལ་བ་ཡཽ་ནི། ནང་གི་དགྲ་པོ་ཡིན་ནོ་ཞེས་བྱ་བ་སྟེ་གོ ་རིམ་བཞིན་ནོ།། དེ་ནི་མིག་གི་རྒྱ་མཚོ་དཔའ་རླབས་དང་བཅས་པ་ཀློང་དེང་བཅས་པ་འཛིན་ཁྲི་དང་བཅས་པ་སྲིན་པོ་དང་བཅས་པ་ལས་བརྒལ་བ་ཡིན་ནོ་ཞེས་བྱ་བོ་ནི་མདོ་སྡེའི་དུམ་བུའོ།། དེ་དབའ་རླབས་ཤེས་བྱ་བ་ནི ་རྣམ་པར་རྟོག་པ་ཉོན་མོངས་པ་ཅན་ཡིན་ཏེ། སེམས་ཀུན་ཏུ་འཁྲུགས་པར་བྱེད་པའི་ཕྱིར་རོ།། ཀློང་ནི་ཉོན་མོངས་པ་དག་གིས་བསླབ་པ་བཏང་ནས་ཉམས་པོར་བྱ་བའི་ཕྱིར་གནས་པའོ།། འཛིན་ཁྲི་ནི་ཉོན་མོངས་པ་གང ་གིས་རྙེད་པ་དང་བཀུར་སྟི་ལ་བྱིང་བར་བྱེད་པའོ།། སྲིན་པོ་ནི་གང་གིས་འཆལ་བའི་ཚུལ་ཁྲིམས་བསྐྱེད་ནས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་བའོ།། དེ་ལྟར་ན་བསྟོན་པ་འདི་ལ་རབ་ཏུ་བྱུང་བའི་མིག་གིས་བདག་པོ ་བྱས་ནི་ཆུང་བ་བ་བཞི་དང་བཙོས་པ་རྣམ་པ་གཉིས་ཡང་དག་པར་བསྟན་པ་ཡིན་ཏེ། བསླབ་པ་གཏོང་བ་དང་ཉམས་པར་བྱེད་པ་ཡིན་ནོ།། ཤེས་རབ་མྱུར་བར་ཤེས་རབ་མགྱོགས་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། ་དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དོན་མྱུར་བ་དང་། མང་པོ་དང་། ཕྲ་བ་ལ་འཇུག་པའི་ཕྱིར་ཤེས་རབ་མྱུར་བ་དང་འགྱོགས་པ་དང་རྣོ་བ་ཡིན་ཏེ་གོ་རིམ་བཞིན་ནོ།། མང་པོ་དག་ཏུ་འགྲོ་བ་ལ་ནི ་མགྱོགས་པ་ཞེས་བྱའོ།། འདི་ལ་ཤེས་རབ་འཁོར་བ་ལས་ངེས་པར་འབྱུང་བ་དང་དེ་ཁོ་ན་ངེས་པར་འབྱེད་པ་ཡོད་པས་ངེས་པར་འབྱུང་བའི་ཤེས་རབ་ཅན་ཡིན་ནོ།། འདི་ལ་ཤེས་རབ་ཆེན་པོ་ཡོད་དེ། འདྲི་བ་དང་ལན་གདབ་པ ་དག་ལ་ཕུགས་ཐུག་པར་མི་འགྱུར་བའི་ཕྱིར་རོ།། ཡངས་པ་ཡང་ཡིན་ཏེ། མངོན་པར་ཤེས་པ་ལྔ་རྒྱུ་ཆེ་བ་དང་ཡོངས་སུ་རྫོགས་པའི་ཕྱིར་རོ།། ཟབ་པ་ཡང་ཡིན་ཏེ། གཞན་དག་གིས་རྟོགས་པར་དཀའ་བའི་ཕྱིར་རོ།། ་མཉམ་པ་མེད་པ་ཡང་ཡིན་ཏེ། འཇིག་རྟེན་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ།། རིན་པོ་ཆེ་ལྟ་བུ་ཡང་ཡིན་ཏེ། རྙེད་པརོ་དཀའ་བའི་ཕྱིར་དང་། དོན་ཆེན་པོ་ཡང་དག་པར་བསྒྲུབ་པའི་ཕྱིར་དང་། དགའ ་པར་བྱེད་པའི་ཕྱིར་ཏེ། རང་དང་གཞན་གྱི་རྒྱུ་དག་ལ་རྣམ་པར་གྲོལ་བ་དང་དགའ་བ་བསྐྱེད་པའི་ཕྱིར་རོ།། དེའི་ཕྱིར་ཤེས་རབ་ཆེ་བ་ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ ་དང་ལྡན་པ་ཡིན་ཏེ་གོ་རིམ་བཞིན་ནོ།། འདིར་གཉིས་ཀའི་དོན་གྱི་དབང་དུ་མཛད་པའི་ཆོས་ཀྱི་དོན་ལ་བརྩམས་ནས་ཤེས་རབ་ཀྱི་ཡོན་ཏན་གསུམ་དག་ཏུ་རིག་པར་བྱའོ།། གཉིས་ནི་རང་གི་དོན་ཏེ། འཇིག་རྟེན་ལས་འདས ་པ་ཡིན་པའི་ཕྱིར་རོ།། ལྷག་མ་རྣམས་ནི་གཞན་གྱི་དོན་ཡིན་ཏེ། ཐེ་ཚོམ་གཅོད་པའི་ཕྱིར་དང་། འདུད་པའི་ཕྱིར་དང་། རི་མོའི་ཁྱད་པར་བསྐྱེད་པའི་ཕྱིར་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་རོ། ་ཟབ་པ་དང་མཉམ་པ་མེད་པ་གཉིས་ཀྱིས་ནི་རི་མོའི་ཁྱད་པར་བསྐྱེད་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་འཕགས་པ་ཤཱ་རིའི་བུ་དབང་དུ་མཛད་ནས་ཚིག་འདི་དག་གསུངས་པ་ཡིན་ཏེ། དེ་ལ་ཤེས་རབ་མྱུར་བ་ནི་ཚེ་དང ་ལྡན་པ་རྟ་ཕུལ་ལསྣ་ལན་ཅིག་ཚིགས་སུ་བཅད་པ་ཐོས་པས་དོན་ལ་ཞུགས་པའི་ཕྱིར་རོ།། ཤེས་རབ་ཀྱི་མགྱོགས་པ་ནི་དེ་ཐོས་པ་ནཱ་མང་པོ་ལ་ཞུགས་པའི་ཕྱིར་རོ།། ཤེས་རབ་རྣོ་བ་ནི་དོན་ཕྲ་བ་ལ་ཞུགས་པའི་ཕྱིར་རོ།། ་ངེས་པར་འབྱུང་བའི་ཤེས་རབ་ཅན་ངེས་པར་འབྱེད་པའི་ཤེས་རབ་ཅན་ནི་དེ་ཉིད་ལ་སྒོ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པའི་ཕྱིར་ཏེ། ཉོན་མོངས་པ་སྤངས་པ་དང་དེ་ཁོ་ན་རྟོགས་པའི་ཕྱིར་རོ།། ཤེས་རབ་ཆེ་བ་ནི་ཇི ་སྐད་དུ་བདག་ནི་དྲི་བ་དྲིས་ན་དོན་འདི་ཁོ་ན་ཡང་ཉོན་མཚན་བདུན་དུ་ཚིག་ཀནན་དང་ཡིག་འབྲུ་གཞན་ངག་གིས་ལན་འདེབས་སོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ།། ཤེས་རབ་ཡངས་པ་ནི་རྣམ་པར་ཐར་པ་བརྒྱད་ལ་བསམ ་གཏན་བྱེད་པའི་ཕྱིར་ཏེ། ཇི་སྐད་དུ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པས་སྐྱེས་བུ་གདུལ་བ་ཐུལ་བ་ན་ཕྱོགས་ཐམས་ཅད་དུ་རྣམ་པར་རྒྱུག་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ།། འོ་ན་མདོ་སྡེ་ལས ་འདི་ལ་དགེ་སློང་འདོད་པ་དག་ལས་དབེན་པ་ནས། བསམ་གཏན་བཞི་པའི་བར་ལ་སྙོམས་པར་ཞུགས་ཏེ་གནས་ན་འདི་ཙམ་གྱིས། དགེ་སློང་མཁས་པ་ཡིད་གཞུངས་པ་ཤེས་རབ་ཡངས་པ་ཞེས་བྱའོ་ཞེས་གང ་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། དེར་ཡང་བསམ་གཏན་རྣམས་ལ་མངོན་པར་ཤེས་པ་དང་རྣམ་པར་ཐར་པ་བརྟེན་པ་ཉིད་ཀྱི་ཕྱིར་རིག་པར་བྱའོ།། ཤེས་རབ་ཟབ་པ་ནི་ཇི་སྐད་དུ། ཁྱོད་ནི་ཇི་ལ་གནས་ཏཽ་བསམ་གཏན་པ ་ཁྱོད་ལ་མངོན་པར་རྟོག་པར་མི་འགྱུར་བས།། སྐྱེས་བུ་ཅང་ཤེས་ཁྱོད་ལ་ཕྱག་འཚལ་ལོ།། སྐྱེས་བུ་དམ་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་གསུངས་པ་ལྟ་བུའོ།། ཤེས་རབ་མཉམ་པ་མེད་པ་ནི་ཇི་སྐད་དུ། དེ་བཞིན ་གཤེགས་པ་མ་གཏོགས་པ།། འཇིག་རྟེན་ཀུན་གྱི་ཤེས་རབ་གང་། ཤཱ་རིའི་བུ་ཡེ་ཤེས་རབ་ཀྱི།། བཅུ་དྲུག་ཆར་ཡང་མི་ཕོད་དོ་ཞེས་གསུངས་པ་ལྟ་བུའོ།། ཤེས་རབ་རིན་པོ་ཆེ་དང་ལྡན་པ་ནི་ཤེས་རབ་རིན་པོ་ཆེ་ལྟ་བུ་ཡིན ་པའི་ཕྱིར་ཏེ་སྔ་མ་བཞིན་དུ་སྦྱར་རོ།། འདི་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་བདག་ནི་སྐྱེ་དགུ་སེར་སྣའི་དྲི་མས་ཀུན་ནས་དཀྲིས་པ་རྣམས་ལས་སེམས་དྲི་མའི་སེར་སྡེ་དང་བྲལ་བས་ལྷག་པར་གཏོང་བ་དང ་ལག་བརྐྱང་བ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་དྲི་མ་གང་ལས་སེར་སྣ་འབྱུང་བ་དེའི་རྒྱུ་དེ་ནི་སོར་སྣའི་དྲི་མ་ཞེས་བྱ་སྟེ། སྦྱིན་པ་དང་འགལ་བ་ཆགས་པའི་རྣམ་པ་ཡིན་པས་འབྲས་བུའི་ཤིང་ལྟ་བུ་དང་སེར ་བའི་སྤྲིན་ལྟ་བུའོ།། དེ་ཉིད་ཀྱི་ཕྱིར་སེམས་དྲི་མའི་སེར་སྣ་དང་བྲལ་བ་ཞེས་བཟློག་ནས་གསུངས་པ་ཡིན་ཏེ། སེར་སྣའི་རྒྱུ་ཆགས་པ་དང་སྔར་བྲལ་བའི་ཕྱིར་རོ།། དེ་ལྟར་ན་སེར་སྣ་སྔར་དང་ཕྱི་ནས་སྨོས་པ་ནི ་ཁྱད་པར་དུ་བྱ་བའི་ཕྱིར་དང་། ལྡོག་པའི་གོ་རིམ་ཡང་དག་པར་བསྟན་པའི་ཕྱིར་རོ།། ལྷུག་པར་གཏོང་བ་དང་། ལག་བརྐྱང་བ་དང་། རྣམ་པར་གཏོང་བ་ལ་དགའ་བ་དང་། སྦྱིན་པ་རྒྱུནི་མི་འཆད་པ་དང་། གཏོང་བ་ཕུན་སུམ ་ཚོགས་པ་དང་། སྦྱིན་པ་ལ་འགེད་པར་དགའ་བ་དང་ཞེས་བྱ་བ་འདིས་ནི་མི་གནས་པར་སྦྱིན་པ་བྱེད་པ་ཉིད་དང་། རྒྱ་ཆེར་སྦྱིན་པ་བྱེད་པ་ཉིད་དང་། དགའ་བས་སྦྱིན་པ་བྱེད་པ་ཉིད་དང་། ལེགས་པར་འཚོ་བ་མེད་པར་སྦྱིན་པ་བྱེད་པ ་ཉིད་དང་། ཕྱོགས་མེད་པར་སྦྱིན་པ་བྱེད་པ་ཉིད་སྟོན་ཏོ།། མི་གནས་པར་སྦྱིན་པ་ཉིད་ནི་ལན་དང་རྣམ་པར་སྨིན་པ་མི་འདོད་པར་ཉིད་ཡིན་པར་རིག་པར་བྱའོ།། ཕྱོགས་མེད་པར་བྱེད་པ་ཉིད་ནི་དགེ་སྦྱོང་རྣམས་ལས་སློང་མོ ་པ་རྣམས་ཀྱི་བར་དག་ལ་ཀུན་ཏུ་འགོད་པའི་ཕྱིར་རོ།། དེ་ལ་རིགས་ཀྱི་བུ་དགའ་བོའི་ཟས་ཚོད་ཟིན་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། སོ་སོར་བརྟགས་ནས་ཟས་ཟའོ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ་ལྷག་མ་ནི་བཤད་པ་ཡིན་ནོ།། དེ་ལ་ཁ་ཅིག་ན་རེ་ལོངས་པའི་ཕྱིར་མ་ཡིན་པ་ནི་གཞོན་ནུ་རྣམས་ལྟ་བུ་སྟེ། དེ་རྣམས་ནི་རྒོད་པ་དང་རྩིད་མོའི་བསམ་པ་ཉིད་ཀྱིས་ལོངས་པའི་ཕྱིར་ཟའོ།། རྒྱགས་པའི་ཕྱིར་མ་ཡིན་པ ་ནི་གྱང་རྣམས་ལྟ་བུ་སྟེ། དེ་རྣམས་ཀྱི་ལུས་ཀྱི་སྟོབས་རྟས་པར་བྱ་བ་དང་། ཡེང་སེང་པོར་བྱ་བའི་བསམ་པ་ཉིད་ཀྱིས་རྒྱགས་པའི་ཕྱིར་ཟའོ།། ཚ་བའི་ཕྱིར་མ་ཡིན། རྒྱན་པའི་ཕྱིར་མ་ཡིན་པ་ནི་འདོད་པ་ལྔ་ལོངས་སྤྱོད་པ་རྣམ ་ལྟ་བུ་སྟེ། དེ་རྣམས་ནི་མཛེས་པར་བྱ་བའི་བསམ་པ་ཉིད་ཀྱིས་ཚ་བའི་ཕྱིར་དང་། བརྒྱན་པའི་ཕྱིར་ཟའོ།། དེ་ལ་ཁྲུས་དང་བྱི་དོར་བྱེད་པ་དང་། ཉུག་པ་ནི་ཆེ་བའོ།། གོས་དང་ཕྲེང་བ་དང་རིན་པོ་ཆེས་ཀླུབ་པ་ནི་བརྒྱན་པའོ་ཞེས ་ཀྱང་ཟེར་ཏེ། འདི་ཐམས་ཅད་ནི་འདོད་པ་ལྗོངས་སྤྱོད་པ་ཁོ་ན་དག་ལ་འབྱུང་བས་དེ་ལྟ་བུའི་བསམ་པས་ཟས་ཀྱི་བྱེ་བ་འགོག་པར་བྱེད་དོ།། ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང་། གསོ་བའི་ཕྱིར་ཞེས་བྱ་བ་ནི་འབའ ་ཞིག་སྲོག་ཡོད་པར་བྱ་བའི་ཕྱིར་དང་། སྟོབས་ཡོད་པར་བྱ་བའི་ཕྱིར་ཏྲི། ཤིང་རྟའི་སྲོག་ཤིང་བསྐུ་བ་བཞིན་ནོ།། བཀྲེས་པ་དང་བྲལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཟོ་འདོད་པའི་སྡུག་བསྔལ་བཟློག་པའི་ཕྱིར་ཏེ་རྨ་བསྐུ་བ ་བཞིན་ནོ།། ཚངས་པོར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་ནི་ལུས་གནས་པ་དང་། ལུས་ཀྱི་སྟོབས་དང་ལུས་ཀྱི་ཉོན་མོངས་པ་མེད་པ་དེ་དག་ལ་བརྟེན་ནས་འཕགས་པའི་ལམ་བསྒྲུབ་པའི་ཕྱིར་ཏེ། ཚངས་པར ་སྤྱོད་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའོ་ཞེས་མདོ་སྡེ་གཞན་དག་ལས་བྱུང་བའི་ཕྱིར་རོ།། དེ་ལྟ་བུས་ཚོར་བ་རྙིང་ནི་གཞིལ་བར་བྱ་ལ་ཞེས་བྱ་བ་ནི་བཀྲེས་པས་ཀུན་ནས་བླང་བ་གང་ཡིན་པའོ།། ་ཚོར་བ་གསར་ནི་མི་སྐྱེ་བར་བྱས་ནས་ཞེས་བྱ་བ་ནི་ཧ་ཅང་བཟའ་དྲགས་པ་ལས་སྐྱེ་བ་གང་ཡིན་པའོ།། འདིས་ནི་ཟས་ཆུང་ངུ་དང་ལྷག་པར་ཟ་བ་ཡོངས་སུ་སྤོང་བར་བྱེད་དོ།། དེ་ལྟ་བུས་ཞེས་བྱ་བ་ནི ་ཚེང་ཡང་དག་པར་བསྟན་པའི་ཕྱིར་རོ།། ཚོར་བ་རྙིང་བཅིལ་བས་ཅིར་འགྱུར་སྙམ་པ་ལ། བདག་འཚོ་བ་དང་། སྟོབས་དང་བདེ་བར་འགྱུར་རོ་སྙམ་དུ་སོ་སོར་རྟོག་སྟེ། དེ་དག་ཀྱང་ལུས་གནས་པ་ལ་སོགས་པ་སྔར ་བསྟན་པ་གང་ཡིན་པའོ།། ཚོར་བ་གསར་མ་བསྐྱེད་ན་ཅིར་འགྱུར་སྙམ་པ་ལ། ཁ་ན་མ་ཐོབ་མེད་པ་དང་། རིག་པར་གནས་པར་འགྱུར་རོ་སྙམ་དུ་སོ་སོར་རྟོག་སྟེ། དེ་དག་ཀྱང་ཚངས་པར་སྤྱོད་པ་རྗེས་སུ་གཟུང་བ ་ལྟར་སྔར་བསྟན་པ་གང་ཡིན་པའོ།། དེ་ལ་ཧ་ཅང་བཟའ་དྭགས་པའི་སྐྱོན་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་པར་རིག་པར་བྱའོ།། དེ་ལ་སྐྱོན་ནི་ལྔ་དག་སྟེ། སྙོམ་པ་དང་། མི་དགའ་བ་དང་། གླལ་བ་དང་། ཟས ་ཀྱིས་གསུང་པ་དང་། སེམས་ཞུམ་པ་ཉིད་དོ།། ལུས་ཟོ་མདོག་བདེ་བས་ཤིན་ཏུ་སྦྱངས་པ་དང་མཐུན་པ་ཉིད་ཀྱིས་བདེ་བར་གནས་པའི་རེག་པར་གནས་པ་ཉིད་ཡིན་པར་རིག་པར་བྱའོ།། དེ་ལྟར་ན་བསམ་པ་གང ་གིས་མི་བཟའ་བ་དང་བསམ་པ་གང་གིས་དང་། ཚོད་ཇི་ཙམ་དུ་བཟའ་བ་དང་། ཟསཽ་ལ་ཚོད་ཟིན་པའི་ཕན་ཡོན་གང་ཡིན་པ་དེ་ལ་སོ་སོར་བརྟགས་ནས་ཟས་ཟ་བའི་ཕྱིར་སོ་སོར་བརྟོགས་ནས་ཟས་ཟ་བ་ཡིན་ནོ།། ་གཞན་དག་ན་རེ་སོ་སོར་བརྟགས་པ་བཞི་དག་གིས་སོ་སོར་བརྟགས་ནས་ཡིན་ཞེས་ཟེར་ཏེ། སོ་སོར་བརྟགས་པ་བཞི་ལ་སྤང་བར་བྱ་བ་སོ་སོར་བརྟགས་པ་ནི་ཚིག་བཞི་དྲུག་གིས་སོ།། ཆེད་སོ་སོར་བརྟག་པ་ཡང་བཞི ་དག་གིས་སོ།། ཆོད་བཟང་བ་སོ་སོར་བརྟགས་པ་ནི་གཉིས་ཀྱིས་སོ།། ཚོང་ཟིན་པའི་ཕན་ཡོན་སོ་སོར་བརྟགས་པ་ནི་ལྷག་མ་རྣམས་ཀྱིས་སོ།། ཡོད་ནི་ཚིག་བཞི་དག་གིས་འདོད་པའི་བསོད་ཉམས་ལ་རྗེས་སུ་སྦྱོར ་བའི་མཐའ་ཡོངས་སུ་སྤོང་བ་ཡིན་ལ་གསུམ་དག་གིས་ནི་བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ་སྦྱོར་བའི་མཐའ་སྤོང་བ་ཡིན་ནོ།། གཅིག་གིས་ནི་དབུ་མའི་ལམ་སྒྲུབ་པ་ཡིན་ནོ།། ལྔ་དག་གིས་ནི་མཐའ་གཉིས ་ཡོངས་སུ་སྤངས་པའི་ཕན་ཡོན་རྟོགས་པར་བྱེད་པ་ཡིན་ལ། གཉིས་ཀྱིས་ནི་དབུ་མའི་ལམ་སྒྲུབ་པའི་ཕན་ཡོན་ཡིན་ནོ།། ཤིང་རྟའི་སྲོག་ཤིང་དང་རྨའི་དཔེ་གཉིས་ནི་སྔར་སྦྱར་བ་ཁོ་ནའི།། དེ་ལ་རིགས་ཀྱི་བུ་དགའ ་བོ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པ་ནི་འོདི་ཡིན་ཏེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་སེམས་ཐམས་ཅད་ཀྱི་བསྣམས་ནས་རྣམ་པར་ལྟ་བ་ནི་རྒྱུ་བ་ན་ཡིན་པར་རིག་པར་བྱའོ།། ཚོར་བ་དང་འདུ་ཤེས ་ཤེས་བཞིན་པ་ནི་བསམ་གཏན་པ་དང་གཟུགས་མེད་པའི་མཉམ་པར་གཞག་པ་ལ་གནས་པ་ན་སྟེ། གོ་རིམ་བཞིན་ནོ།། རྣམ་པར་རྟོག་པ་ཤེས་པ་ཞིན་པ་ནི་ལངས་ཤིང་མཉམ་པར་མ་གཞག་པ་ལ་གནས ་པ་ཡིན་ནོ།། གཞན་ཡང་སེམས་ཐམས་ཅད་ཀྱིས་བསམས་ནུས་རྣམ་པར་ལྟ་བ་ནི་གསུམ་འདུས་པ་ལས་རེག་པ་འབྱུང་བའི་རྐྱེན་ཚོར་བ་དང་། འདུ་ཤེས་དང་། སེམས་པ་འབྱུང་བ་གང ་ཡིན་པ་དེ་དག་ཤེས་བཞིན་དུ་སྐྱེ་བ་ནས་གཏུགས་པའི་བར་དུ་འགྱུར་རོ།། སེམས་པའི་མཚན་ཉིད་ནི་འདིར་རྣམ་པར་རྟོག་པར་ཡིན་པར་རིག་པར་བྱའོ།། གཞན་ཡང་སེམས་ཐམས་ཅད་ཀྱིས་བསམས་ནས་རྣམ ་པར་ལྟ་བ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་གཟུགས་དང་ཤེས་བཞིན་དུ་ཚོར་བ་ལ་སོགས་པ་སྐྱེ་བ་ལ་སོགས་པ་ཉིད་ཀྱིས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ལ་དྲན་པ་དང་ཤེས་བཞིན་མཆོག། ་དང་ལྡན་པ་ཉིད་ཡིན་པར་ཡོངས་སུ་བསྟན་ཏོ།། དེ་ལྟར་ན་རྣམ་པར་ཤེས་པ་གནས་པ་བཞི་དག་ལ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པ་ཉིད་ཡིན་པར་ཡོངས་སུ་བསྟན་པ་ཡིན་ནོ།། དེ་ལ་ཚོར་བ་ལ ་སོགས་པ་སྐད་ཅིག་པ་ཡིན་ཡང་རྒྱུན་འདྲ་བ་དུས་གཞན་དུ་ཡང་རྗེས་སུ་འཇུག་པས་གནས་པར་རིག་སྡེ་པར་བྱའོ།། ནུབ་པ་ནི་དལ་གྱིས་མ་ཡིན་པར་རྐྱེན་གྱི་དབང་གིས་འཕྲལ་དགག་པའི་ཕྱིར་རོ།། ཟད་པ ་དང་གཏུགས་པར་འགྱུར་བ་ནི་ཕྱིན་ནས་དལ་གྱིས་མ་ལུས་པར་རྒྱུན་འདྲ་བ་དགག་པའི་ཕྱིར་རོ།། དགེ་སློང་དོག་རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་ཧ་ཙང་མི་གྲང་ཞིང་ཧ་ཅང་མི་དྲོ་བ་དང་། དུས་ཚིགས་བདེ ་བ་དང་། གནོད་པ་མེད་པ་དང་། གང་གིས་ན་དེ་ཟོས་པ་དང་འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བར་འཇུག་སྟེ། ཕོ་བའི་དྲོད་སྙོམས་ཤིང་འཇུག་པར་བྱེད་པ་དང་ལྡན་པས ་གནོད་པ་ཉུང་བ་དང་། ནད་མེད་པའི་རང་བཞིན་ཅན་དུ་གྱུར་ཏོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་གནོད་པ་ཉུང་བ་ནི་ཟས་དང་གནས་འཕྲོད་པ་ལ་སྦྱོར་བ་དང་མངོན་པར་བརྩོན་པའི་ཕྱིར་ཡོན་ལ། རང་བཞིན་གྱི ་ནང་མེད་པའི་རང་བཞིན་ཅན་མ་ཡིན་པ་ཡང་ཡོད། ནོད་མེད་པའི་རང་བཞིན་ཅན་ཡིན་ལ། རུང་བཞིན་གྱི་གནི་དེ་པ་ཉུང་བ་མ་ཡིན་པ་ཡང་ཡོད་དེ། ཟས་དང་གནས་མི་འཕྲོད་པ་མངོ་བ་ཉིད་ཀྱིས་ཕྱིར་རོ།། དེའི ་ཕྱིར་གཉིས་ཀ་བརྗོད་པ་ནི་གཅིག་གིས་གཅིག་ཁྱད་པར་དུ་བྱ་བའི་ཕྱིར་རོ།། དེ་ལ་ཡང་རྒྱུ་ནི་ཕོ་བའི་དྲོད་སྙོམས་ཤིང་འཇུ་བར་བྱེད་པ་དང་ལྡན་པ་ཞེས་བྱ་བས་ཡང་དག་པར་སྟོན་ཏེ། ལུས་དང་བཅས་པའི་སྙོམས ་པ་ཉིད་དུ་སྟོན་ཏོ།། སྙོམས་པ་དེ་ཡང་ཧ་ཅང་མི་གྲང་ཞིང་ཧ་ཅིང་མི་ངོ་བ་ཉིད་དང་དུས་ཚིགས་བདེ་བ་དང་། གནོད་པ་མེད་པ་དང་ཞེས་བྱ་བས་སྟོན་ཏོ།། འདིས་ནི་མ་སྙོམས་པ་ཉིད་རྣམ་པ་གསུམ་མེད་པའི་ཕྱིར ་ཕོ་བའི་དྲོང་སྙོམས་པ་ཉིད་དུ་ཡང་དག་པར་སྟོན་ཏོ།། མ་སྙོམས་པ་ཉིད་རྣམ་པ་གསུམ་ལ་མེ་མ་སྙོམས་པ་ཉིད་ཀྱིས་ནི་དེས་མེའི་དྲོད་ཆུང་པར་ཧ་ཅང་གྲང་བའམ། མེའི་དྲོད་ཆེས་པས་ཧ་ཅང་དྲོད་ཆེ་བར་འགྱུར ་རོ།། དུས་ཚིགས་མ་སྙོམས་པ་ཉིད་ཀྱིས་ནི་དེས་ཚིགས་རྣམས་འཕོ་བ་ན་སྐྱོན་རྣམས་རབ་ཏུ་འཁྲུགས་པར་བྱེད་པའི་ཕྱིར་མི་བདེ་བར་འགྱུར་བའོ།། ཟས་མ་སྙོམས་པ་ཉིད་ཀྱིས་ནི་ངེས་ཟས་མི་འཕྲོད ་པའི་སྐྱོན་ལས་གནོད་པ་སྐྱེ་བའོ།། སྙོམས་པ་ཉིད་བཤད་ནས་འཇུ་བར་བྱེད་པ་ཉིད་ནི་གང་གིས་ན་དེས་ཟོས་པ་དང་འཐུངས་པ་དང་འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བ་འཇུ་ཞེས་བྱ་བ་འཆད་དེ། འདིས་ནི ་ཟས་ཀྱི་རྣམ་པ་ཐམས་ཅད་དུས་སུ་ངལ་བ་མེད་པར་འཇུག་པར་བྱེད་པ་སྟོན་ཏོ།། དེ་ལ་ཟོས་པ་དང་འཐུངས་པ་དང་འཆོས་པ་དང་མྱངས་པ་ནི་བཟའ་བོ་དང་བཏུང་བ་དང་བཅའ་བ་དང་བལྡག་པ་དང་བཞིབ་པའི་དབྱེ་བས་རིག ་པར་བྱའོ།། ཅི་འདོད་པ་བཞིན་ཐོབ་པ་ཚེགས་མེད་པར་ཐོབ་པ་ངན་ངོན་མ་ཡིན་པར་ཐོབ་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། ཇི་སྲིད་འདོད་པ་དང་ནམ་འདོད་པ་དང་། ཇི་ལྟ་བུ་འདོད་པ་མངོན་སུམ་དུ་བྱ་བ་ལ་དབང་བ ་ཉིད་ཀྱི་ཕྱིར་རིག་པར་བྱ་སྟེ། ཡུན་རིང་པོ་དང་། རིང་པོར་མི་ཐོགས་པ་དང་། མཆོག་ཏུ་བྱུང་བ་རྣམས་མངོན་སུམ་དུ་བྱ་བ་ལ་དབང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ཐ་ཆད་ནི་ངན་ངོན་ཞེས་བྱ་བའི་ཕྱིར་རོ།། གཞན ་དག་ན་རོ་ནི་ཚིགས་དང་ཉམས་མེད་པ་ཉིད་ངན་ངོན་མ་ཡིན་པ་ཡིན་ནོ་ཞེས་ཟེར་རོ།། ཡིད་ཆེས་པའི་ལུང་ལས་ནོ།། གང་ཞིག་རྫོགས་སྙོམས་ཞུགོས་དང་མྱུར།། བརྟན་ཉིད་དེ་ནི་ཅི་འདོད་བཞིན།། སོགས་ཐོབ ་ཡིན་པར་བཞེད་འདིར་ནི།། ཅུང་ཟད་ཙམ་གྱིས་གཏོང་བས་ན།། དེ་ཕྱིར་ངན་ངོན་ཞེས་འབྱུང་ངོ་།། དཔེར་ན་མེ་ཏོག་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས། ཟེགས་པ་ཉིད་དུ་འགྱུར། རྙིངས་པ་ཉིད་དུ་འགྱུར ་སྐམས་པ་ཉིད་དུ་འགྱུར་ཞེས་བྱ་བའི་བར་ནི་མདོ་སྡེའི་དུམ་བུའོ།། དེ་ལ་བྲེགས་པ་ཉིད་དུ་འགྱུར་བ་ནི་རྣམ་པར་འགྱུར་བའི་ཕྱིར་རོ།། རྙིངས་པ་ཉིད་དུ་འགྱུར་བ་ནི་སའི་ཁམས་ཞུམ་པའི་ཕྱིར་རོ།། སྙམས་པ་ཉིད་དུ་འགྱུར ་བ་ནི་ཆུའི་ཁམས་ཟད་པའི་ཕྱིར་རོ།། ཚིག་གཅིག་ནི་བསྟེན་པ་ཡིན་ལ། ཚིག་གཉིས་ནི་བཤད་པ་ཡིན་པར་རིག་པར་བྱའོ།། ཇི་སྲིད་དུ་རྙིངས་པ་འམི་སྐེམས་པར་མ་གྱུར་པ་དེ་སྲིད་དུ་མྱེ་ཏོག་གི་འོད་དང་། དྲི་བ་སུང་ཆུང ་པར་འགྱུར་བའི་ཕྱིར་ནི་རྣམ་པར་འགྱུར་པ་ཡིན་པར་རིག་པར་བྱའོ།། འདོད་པ་ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་མི་ལོན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་དང་དུ་མི་ལེན་པ་ནི་རོ་མྱང་བར་མི་བྱེད་པའི་ཕྱིར་རོ ་སྤོང་བར་བྱེད་པ་ནི་དེའི་དམིགས་པའི་མཚན་མ་སེལ་བའི་ཕྱིར་རོ།། བཟློག་ཏུ་ཟིན་ཡང་རྒྱུ་བསགས་པ་ལས་བྱུང་བའི་རྣམ་པར་རྟོག་པ་རྣམ་པ་ཀུན་ཏུ་རྒྱུ་བ་ཉིད་ཡིན་པས་སེལ་བར་བྱེད་དེ། སོ་སོར་བརྟགས་པའི ་སྟོབས་ཀྱིས་རྒྱུན་གཅོད་པའི་ཕྱིར་རོ།། བསལ་དུ་ཟིན་ཀྱང་བརྩོན་པ་ལྷོད་པས་ཡང་སྐྱེ་བོའི་ཕྱིར་བྱང་བར་བྱེད་དེ། བསྒོམ་པའི་སྟོབས་ཀྱིས་རྣམ་པར་གནོན་པའི་ཕྱིར་རམ། ས་བོན་ཡང་དག་པར་འཇོམས་པའི ་ཕྱིར་རོ།། འདིར་ཡང་སྨྲས་པ། འདི་དག་བཞི་ནི་རྣམ་རྟོག་ལ། མི་མཐུན་ཉིད་དང་དེ་ཡི་རྒྱུ།། རྣམ་སྤོང་ཕྱིར་དང་རྒྱུན་དང་ནི།། རྗེས་སུ་འཆིང་བུ་གཅོད་ཕྱིར་རོ།། རྣམ་གྲངས་གཞན་ཡང་སྐྱོན་ཉིད་དུ་འཛིན ་པའི་ཕྱིར་ན་དང་དུ་མི་ལྡན་པ་ཡིན་ནོ།། བྱུང་བའི་ཤུགས་དང་བྲལ་བའི་ཕྱིར་ན་སྤོང་བར་བྱེད་པ་ཡིན་ནོ།། ཡང་དང་ཡང་དུ་ཀུན་ཏུ་རྒྱུ་བ་དང་བྲལ་བའི་ཕྱིར་ནི་སེལ་བར་བྱེད་པ་ཡིན་ནོ།། དགེ་བའི་ཕྱོགས་ཀྱིས་རྒྱུད་བསྟན ་པ་ཉིད་ཀྱིས་ཀུན་ཏུ་མི་རྒྱུ་བའི་ཕྱིར་ན་བྱང་བར་བྱེད་པ་ཡིན་ནོ།། བྲམ་ཟེའི་ཁྱེའུ་སེམས་ཅན་རྣམས་ནི་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལུས་ཀྱི་སྐྱེ་གནས་པ། ལས་ལ་བརྟེན་པ་ཞེས་བྱ་བ་ནི། ་མདོ་སྡེའི་དུམ་བུའོ།། མི་དག་ནྀ་ཕལ་ཚོར་ནོར་དོང་ཁྱིམ་དང་བུ་དང་ཆུང་མ་ལ་སོགས་པ་དག་ལ་བདག་གིར་བྱ་བར་འདུ་ཤེས་བྱས་ན་སྲེད་པ་སྐྱེད་པར་བྱེད་དེ། དེའི་ཕྱིར་མྱོས་ནས་བསོད་ནམས་ཀྱི་ལས་ནི་མི་བྱེ་དོ་བསོད ་ནརྣམས་མ་ཡིན་པའི་ལས་ནི་བྱེད་དོ།། ཕལ་ཆེར་ལྷོ་རྣམས་ལས་བགོ་སྐལ་ཏེ་ལོངས་སྤྱོད་དྲང་བདག་གི་སྐྱེ་བོའི་ཁྱད་པར་དོན་དུ་གཉེར་བར་བྱེད་ཅིང་རྒུད་པར་གྱུར་ན་ལྷ་རྣམས་ལ་སྟོན་པ་ཡིན་པར་རྟེན་པོར་བྱེད་དོ།། ། ་དེ་ལྟར་བྱེད་པ་ན་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བས་བསྐྱེད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེའི་གཉེན་པོར་སེམས་ཅན་རྣམས་ཀྱི་ལས་ཁོ་ན་བདག་གིར་བྱ་བ་ཡིན་ཞིང་སེམས་ཅན་རྣམས་ནི་སྔོན་གྱི་ལས ་ཁོ་ན་ལྔ་བགོ་སྐུལ་སྤྱོད་པ་ཡིན་ལ་དེ་རྣམས་ནི་ལས་ཁོ་ནའི་སྐྱེ་གནས་ལས་བྱུང་བ་ཡིན་ཞིང་རྒུད་པར་གྱུར་པ་ན་ལས་ཁོ་ན་སྟོན་པ་ཡིན་གྱི་ལྷ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ།། འདི་ལ་རིག་པ་ཅི་ཡོད་ཅེ་ན། ་ལྔས་ནི་རྒྱལ་པོ་ལ་སོགས་པ་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར་དང་། ཤི་བའི་ཚེ་ཡང་མི་གཏོང་བའི་ཕྱིར་རོ།། ལྷ་ལ་གུས་པ་དང་མ་གུས་པ་དང་རྣམས་ལྗོངས་སྤྱོད་རྒྱུད་པ་དང་ཕུན་སུམ་ཚོགས་པར་དམིགས་པའི ་ཕྱིར་དང་། སྐྱེ་བ་དམན་པ་དང་ཁྱད་པར་དུ་འཕགས་པ་དམིགས་པོའི་ཕྱིར་དང་། ཡམས་ཀྱི་ནད་དང་གནོད་པོ་ཉེ་བར་མ་ཞི་བ་དང་ཉེ་བར་ཞི་བ་དམིགས་པའི་ཕྱིར་རོ།། འདོད་པ་རྣམས་ལ་ཡིད་བྱུང་བར་བྱ་བའི་ཕྱིར་དང་། ་འདོད་ཆགས་དང་བྲལ་བར་བྱ་བོའི་ཕྱིར་དང་། འགོག་པར་འགྱུར་བར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་འདོད་པ་རྣམས་ལ་ཞེས་བྱ་བ་ནི་འདོད་པའི་ཁམས་ལའོ།། གཟུགས་རྣམས་ལ ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ལོའོ།། རྣམ་པ་གཅིག་ཏུ་ནི་སྡུག་བསྔལ་གྱི་ཕུང་པོ་ཅན་གྱི་མདོ་དངངོ་པོ་ལས་འདོད་པ་རྣམས་དང་གཟུགས་རྣམས་གསུངས་པོ་བཞིན་ནོ།། ཡིད་བྱུང་བར་བྱ་བའི་ཕྱིར་དང་། འདོད་ཆགས ་དང་བྲལ་བར་བྱ་བའི་ཕྱིར་དང་། དགོག་པར་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དང་། ཀུན་འབྱུང་བ་སྤང་བར་བྱ་བའི་ཕྱིར་དང་། འགོག་པ་མངོན་སུམ་དུ་བྱ་བའི ་ཕྱིར་དེ་གོ་རིམ་བཞིན་ནོ།། སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་སྒྲུབ་པས་ནི་ལམ་སྒོམ་པ་ཡོངས་སུ་སྟོན་ཏོ།། གཞན་ཡང་དགའ་བའི་འདོད་ཆགས་ཀྱི་རྒྱུ་ལས་བྱུང་བའི་ཚེ་ཕྱི་མ་ལས་སྡུག་བསྔལ་སྐྱེ་བ་དེའི ་གཉེན་པོར་གོ་རིམ་བཞིན་དུ་གསུམ་གསུངས་པ་ཡིན་ནོ།། ཆགས་པ་ཟད་པར་བྱ་བའི་ཕྱིར་དང་། སྲེད་པ་ཟད་པར་བྱ་བའི་ཕྱིར་དང་། སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དང་། ཕུང་པོ་ཟད་པར་བྱ་བའི་ཕྱིར་སྒྲུབ་པ་ཡིན། ་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། འདིས་ནི་ངན་སོང་གི་སྡུག་བསྔལ་ཡང་སྲིད་པོ་རྒྱུ་དང་བཅས་པ་ཟད་པར་བྱ་བའི་ཕྱིར་ཞེས་བྱ་བ་ཡོངས་སུ་བསྟན་པ་ཡིན་ཏེ། ཚོགས་པ་ནི་རྒྱུ་ཡིན་ནོ།། སྡུག་བསྔལ་ནི་ངན་སོང ་བའི་སྡུག་བསྔལ་ཡིན་ཏེ་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འདི་དང་ཕ་རོལ་ན་ངན་འགྲོ་གང་ཇི་སྙིང་པ་དེ་དག་ཐམས་ཅད་མ་རིག་པའི་རྩ་བ་ལས་བྱུང་བ་འདོད་པ་དང་ཆགས་པ་ལས་ཀུན་ཏུ་བྱུང་བ་ཡིན། ་ནོ་ཞེས་གསུངས་པ་ལྟ་བུའོ།། འདིར་ནི་མི་དགེ་བའི་རྩ་བས་བསྡུས་པའི་ཆགས་པ་ཡིན་པར་རིག་པར་བྱའོ།། དེ་སྨོས་པ་ཡང་འཕྲོག་པར་བྱེད་པའི་ཕྱིར་རོ།། ཡང་སྲིད་པ་ལ་སྲེད་པ་ནི་རྒྱུ་ཡིན་ནོ།། ཕུང་པོ་ནི་སྲིད་པས ་བསྡུས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། དེ་ནི་སེང་པོས་སྤུངས་པའི་ཕྱིར་རོ།། གཞན་ཡང་ཚོགས་པ་དང་སྲེད་པ་གཉིས་ནི་འདོད་པ་དང་སྲིད་པའི་འདོད་ཆགས་གཉིས་ཡིན་ཏེ་གོ་རིམ་བཞིན་ནོ།། སྡུག ་བསྔལ་ནི་འདོད་པའི་ཁམས་ཡིན་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་ལྡན་པའི་ཕྱིར་རོ།། ཕུང་པོ་ནི་གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ཡིན་ནོ།། གྲོ་བཞིན་སྐྱེས་དེ་བས་ན་མཉམ་པ་ཉིད་དུ་རྟོགས ་པཱར་བྱས་ལ་དེ་ལ་ཡང་མཚན་མར་ཟུང་ཞིག། དེས་རློམ་སེམས་ཀྱང་མེ་བྱེད་ལ། དེ་ལ་བག་མེད་པར་ཡང་མ་བྱེད་ཅིག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། འདིས་ནི་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པར་བྱ་བ་དང་། ་མི་བརྗོད་པའི་རྒྱུ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་རྒྱུ་ལ་སྦྱོར་བར་མཛད་དོ།། དེ་ལ་ཡོངས་སུ་ཤེས་པ་ནི་རྟོགས་པའོ།། མི་བརྗེད་པའི་རྒྱུ་ནི་མཚན་མར་འཛིན་པའོ།། ཀུན་ནས་ཉོན་མོངས་པ་མེད་པའི ་རྒྱུ་ནི་ང་རྒྱལ་མེད་པ་སྟེ་མཉམ་པ་ཉིད་དེས་ཁེངས་པར་མི་འགྱུར་པའི་ཕྱིར་དྲང་། བག་ཡོད་པ་སྟེ་རོ་མྱང་བར་མི་བྱེད་པའི་ཕྱིར་དང་། ང་རྒྱལ་དང་སྲེད་པ་ཤས་ཆེ་བའི་བསམ་གཏན་པའི་གཉེན་པོར་གློ་རིམ་བཞིན ་ནོ། འཕགས་པ་གྲོ་བཞིན་སྐྱེས་ཀྱིས་དེའི་ཚེ་བདེན་པ་གཟིགས་པའི་ཕྱིར་ལྟ་བ་དང་ཐེ་ཚོམ་ཤོས་ཆེ་བའི་བསམ་གཏོན་པ་ནི་མ་ཡིན་ཏེ་དེ་གཉིས་སྤངས་པ་ཉིད་ཀྱིས་ཕྱིར་རོ།། བཅོམ་ལྡན་འདས་ཀྱི་རྒྱང་རྙིང ་པོ་ནས་ཤིང་གི་སྡོང་པོ་ཆེན་པོ་ཞིག་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རོབ་ཏུ་མཆེད་ཅིང་མེ་ལྕེ་གཅིག་ཏུ་གྱུར་ཏེ། ལམ་མེར་འབར་བ་གཟིགས་སོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། འདིས་ནི་ཤིང་གི ་སྡོང་པོ་ལ་མེས་རེག་པ་ཉིད་དང་། མེའི་མདོག་དང་། ཀུན་ཏུ་འབར་བ་ཉིད་དང་། འདྲིལ་ཏེ་འབར་བ་ཉིད་དང་། མི་གཡོ་བར་འབར་བ་ཉིད་དུ་ཡང་དག་པར་སྡུད་པར་བྱེད་པ་སྟོན་ཏེ་གོ་རིམ་བཞིན་ནོ།། དགེ ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ནི་ཕུང་པོ་ལྔ་པོ་འདི་དག་ལ་རྟག་པ་ཉིད་དང་བརྟེན་པ་ཉིད་དུ་ཡང་དག་པར་རྗེས་སུ་ལྟ། བདེ་བ་ཉིད་དང་། ནད་མེད་པ་ཉིད་དང་། བདག་དང་བདག་གི་ཉིད་དུ་ཡང ་དག་པར་རྗེས་སུ་ལྟའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་འཇིག་པ་གཉིས་དང་ཡང་ལྡན་པ་ཡིན་ལ། རྒྱུན་གྱི་འབྱུང་བ་ན་གནས་སྐབས་གཞན ་དུ་འགྱུར་བའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་གནས་པ་ལས་གཞན་དུ་འགྱུར་བ་དང་ཡང་ལྡན་པ་ཡིན་ནོ།། དེ་དག་མཚན་ཉིད་དེ་ལྟར་གནས་པ་ཡིན་པ་ན་སེམས་ལས་བྱུང་བའི་སྡིག་བསྔལ་གྱི་གཞི་དང་། ལུས་ཀྱི། ་སྡུག་བསྔལ་གྱི་གཞི་དང་། རང་བདག་མ་ཡིན་ལ་བདག་གཞན་གྱིས་ཀྱང་སྟོང་པ་ཡིན་ན། དེ་ལ་ཀུན་ཏུ་རྨོངས་པའི་གོ་རིམ་བཞིན་དུ་རྟག་པ་ལ་སོགས་པ་ཉིད་དུ་ཞེས་བྱི་བ་ཡིན་པར་རིག་པར་བྱའོ།། གཞན་ཡང་ཕྱི ་རོལ་གྱི་གནོད་པའི་སྡུག་བསྔལ་གྱི་གཞི་ཉིད་དང་། རང་གི་ཁམས་ལ་སྙོམས་པའི་སྡུག་བསྔལ་གྱི་གཞི་ཉིད་དུ་མ་མཐོང་ན་བདེ་བ་ཉིད་དང་ནད་མེད་པ་ཉིད་དུ་ལྟ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ།། དེ་དག་ནི་མ་དོར ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཀྱི་མི་རྟག་པ་ལ་སོགས་པ་རྣམ་པ་བཞིའི་མི་མཐུན་པའི་ཕྱོགས་སུ་རྟག་པ་དང་། བདེ་བ་དང་། བདག་ཏུ་ཕྱིན་ཅི་ལོག་པ་རྣམས་ཏེ། ལྟ་བ་གཉིས་དང་གཉིས་ཀྱིས་ཡོངས་སུ་བསྟན ་པ་ཡིན་པར་རིག་པར་བྱའོ།། དེ་ཉིད་ཀྱི་ཕྱིར་འདིར་གཙང་བར་ཕྱིན་ཅི་ལོག་པར་མ་སྨོས་སོ།། ཚུལ་འཆོས་པ་དང་། ཁ་གསག་དང་། གཞོག་སློངས་དང་། ཐོབ་ཀྱི་འཇལ་བ་ཉིད་དང་། རྙེད་པས་རྙེད་པར་བྱེད་འདོད་པ་ཞེས་བྱ་བ་ནི་མེ་དོ ་སྡེའི་དུམ་བུའོ།། དེ་ལ་ཚུལ་འཆོས་པ་ནི་རྣམས་པ་གསུམ་དུ་རིག་པར་བྱ་སྟེ། རྙེད་པ་དང་བཀུར་སྟི་འདོད་པ་ཉིད་ཀྱི་གཞན་ལ་ཡོན་ཏན་ཡིད་ཆེས་པར་བྱེད་པའི་བསམ་པས་སྤྱོད་ལམ་ལེགས་པར་གནས་པ་དང་། ཡུལ་དབེན ་པར་གནས་པ་དང་རྙེད་པ་ལ་ཁྱད་པར་ཅན་མི་ལེན་པ་ཉིད་ཀྱིས་དང་། ངན་པ་དང་། གྱ་ནོམ་པ་བརྟེན་པ་དང་མི་བརྟེན་པ་ཉིད་ཀྱིས་ཡོ་བྱད་བསྙུངས་པ་ཀུན་ཏུ་སྟོན་པའོ།། ཁ་གསོག་ཀྱང་རྣམ་པ་གསུམ་སྟེ། རྙེད་པ་དང་བཀུར་སྟིའི ་བསམ་པས་རྗེས་སུ་མཐུན་པར་སྙན་པར་སྨྲ་བ་དང་། རང་གི་ཡོན་ཏན་སྨྲ་བ་དང་། ཆོས་སྨྲ་བའོ།། གཞོག་སློངས་ཀྱང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་ལུས་ཀྱིས་གནོད་པའི་གཞི་ཀུན་ཏུ་སྟོན་པ་དང་། ཕོངས ་པའི་གཞི་ཀུན་ཏུ་སྟོན་པ་དང་། ཚིག་གིས་བསམ་པའི་གཞི་བསྔགས་པར་བྱེད་པ་ཉིད་དོ།། ཐོབ་ཀྱིས་འཇལ་བ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་དེ་ལ་སྦྱིན་པར་མི་བྱེད་པ་ལ་སྨོད་པ་དང་། གཞན་ལ་སྦྱིན་པར ་བྱེད་པ་ལ་སྨོད་པ་དང་། ཧ་ཅང་ཕྱི་བཞིན་འབྲང་ཞིང་སློང་བའོ།། རྙེད་པས་རྙེད་པར་བྱེད་འདོད་པ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་གཞན་ལས་རྙེད་པ་རྒྱ་ཆེ་བར་ཀུན་ཏུ་སྟོན་པ་དང་། སྦྱིན་པར ་བྱེད་པ་རྒྱ་ཆེ་བར་བས་གོས་པར་བྱེད་པ་དང་། ཟང་ཟིང་གི་རྙེད་པ་བསྔགས་པར་བྱེད་པའོ།། འདི་ནི་དགེ་སློང་གི་འཚེ་བ་ལོག་པ་རྣམ་པ་ལྔ་ཡིན་ཏེ། གཅིག་ནི་ལུས་ཀྱིས་ཡིན་ཏེ་གཉིས་པ་ནི་ངག་གིས་ཡིན་ཞིང་ལྷག་མ་རྣམས ་ནོ་ལུས་དང་ངག་གིས་ཡིན་ནོ།། ཚིག་ཡིན་པ་དེ་དག་ཇི་ལྟར་ཁ་གསག་མ་ཡིན་ཞེ་ན། གཞན་མགུ་བར་བྱ་བའི་ཕྱིར་སྨྲ་བ་འདིར་ཁ་གསག་ཡིན་པར་དགོངས་ཀྱི་ཐམས་ཅད་ནི་མ་ཡིན་ནོ།། ཇི་ལྟར་མིའི་འཇིག་རྟེན་ན་མར་འཛིན ་པ་དང་། ཕར་འཛིན་པ་དང་། དགེ་སློང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རིམོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། འཇིག་རྟེན་འདྲི་དང་འཇིག ་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བ་རྣམས་ལ་འཇིགས་པར་ལྟ་བ་དང་། སྦྱིན་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། བསྙེན་གནས་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པའི་མི་དག་མང ་དམ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་ཇི་ལྟར་ཤེས་པར་བྱ་བ་ལྟ་བུས་མར་ཤེས་པ་ནི་མར་འཛིན་པ་སྟེ། དེ་ལ་གུས་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། མར་འཛིན་པ་ཇི་ལྟ་བ་བཞིན་དུ་ཕར་འཛིན་པ་ཡང་དེ་བཞིན་ནོ།། དགེ ་སྤྱོད་རྣམས་ལ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། ཕྱག་བྱ་བ་དང་། ཆོས་གོས་དང་། བསོད་སྙོམས་ལ་སོགས་པས་རི་མོ་དང་། སྦྱིན་པ་བྱ་བའི་ཕྱིར་ལེགས་པར་བྱེད་པ་ནི་དགེ་སྦྱོང་དུ་འཛིན་པའོ།། དགེ་སྦྱོང་དུ་འཛིན་པ་ཇི་ལྟ་བ ་བཞིན་དུ་བྲམ་ཟེར་འཛིན་པ་ཡང་དེ་བཞིན་ནོ།། རིགས་ཀྱི་ནང་ན་བརྒན་རབས་ཕོ་ནུ་པོ་དང་། སྲིང་མོ་དང་ཉེ་དུ་རྣམས་ལ་བཀུར་སྟི་བྱེད་པ་ནི་རྒན་རབས་ལ་རི་མོ་བྱེད་པ་སྟེ། ལྡང་བ་དང་སྙན་པར་སྨྲ་བ་ལ་སོགས་པ་བྱ་བའི་ཕྱིར་རོ།། ་རྒུད་པ་རྣམས་ལ་རྒུད་པ་ལས་ཡོངས་སུ་བསྐྱབ་པ་དང་། དགོས་པ་བསྒྲུབ་པའི་ཕྱིར་དོན་བྱེད་པའོ།། རང་གི་ལས་ལ་འཚོ་བ་ལོག་པ་མ་ཡིན་པས་ལེགས་པར་སྦྱོར་བའི་ཕྱིར་བྱ་བ་བྱེད་པའོ།། སྦྱིན་པ་དང་ཚུལ་ཁྲིམས་ལས ་བྱུང་བའི་བསོད་ནུ་མས་སྒྲུབ་པའི་ཕྱིར་བསོད་ནམས་བྱེད་པའོ།། འདི་མན་ཆད་ནི་རྒྱུ་གང་གིས་དེ་དག་དེ་ལྟར་གྱུར་པ་དང་ཇི་ལྟར་བསོད་ནམས་བྱེད་པ་རྣམས་ཀྱི་རྒྱུ་དེ་དང་རྣམ་པ་དེ་འཆད་དོ།། རྒྱུ་གང་གཱི་དེ་དེ་ལྟར་གྱུར་ཞེ་ན། ་འདི་ལྟར་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་ཁོ་ན་མ་ཐོ་བ་རྣམས་ལ་འཇིག་པར་ལྟ་བས་སོ།། དེ་ལ་ཁ་ན་མ་ཐོ་བ་ནི་འཕགས་པས་སྨད་པ་གང་ཡིན་པའོ།། འཇིགས་པ་ནི་ཉེས་དམིགས་ཡིན་པར་རིག་པར་བྱ། ་སྟེ། དེ་ལས་འཇིག་པར་འགྱུར་བའི་ཕྱིར་རོ།། ཇི་ལྟར་ན་བསོད་ནམས་བྱེད་པ་དག་ཡིན་ཞེ་ན། ཟས་དང་སྐོམ་དང་བཟའ་བ་དང་བཅའ་བ་དང་། བཞོན་པ་དང་གོས་ལ་སོགས་པ་སྦྱིན་པར་བྱེད་པ་གང་ཡིན་པ་སྟེ། དེ ་ནི་སྦྱིན་པར་བྱ་བས་ན་སྦྱིན་པ་ཡིན་པའི་ཕྱིར་རོ།། བསོད་ནམས་བྱེད་པ་ནི་ཀུན་དགའ་ར་བ་དང་། ནགས་ཚལ་དང་། སྟེགས་དང་། རྫིང་བུ་དང་། ཆུ་མིག་དང་། བསོད་ནམས་ཀྱི་ཁང་པ་ལ་སོགས་པ ་བྱ་བ་ལ་སོགས་པས་འཇོག་རྟེན་རྗེས་སུ་འཛིན་པའི་ཕྱིར་རོ།། འདི་གཉིས་ཀ་ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཡིན་མོད་ཀྱི། ཐུ་དད་པར་སྨོས་པ་ནི་ཁྱད་པར་དང་ཁྱད་པར་མེད་པར་སྦྱིན་པའི་དབྱེ་བ ་ཡང་དག་པར་བསྟན་པའི་ཕྱིར་རོ།། ཁྱད་པར་དུ་སྦྱིན་པོ་ནི་ལེན་པ་པོ་འགའ་ཞིག་ཁོ་ན་ལ་རང་གིར་བྱ་བའི་ཕྱིར་སྒྲུབ་པ་གོང་ཡིན་པའོ།། ཁྱད་པར་མེད་པར་སྦྱིན་པ་ནི་སེམས་ཅན་རྣམས་ལ་ཡོངས་སུ་ལོངས་སྤྱོད་དུ ་གཞུག་པའི་ཕྱིར་དབྱེ་བ་མེད་པར་གཏོང་བ་གང་ཡིན་པའོ།། བསྙེན་གནས་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླང་ནས་གནས་པ་ནི་ཉིན་ཞག་གཅིག་པ་དང་། ཇི་སྲིད་འཚོ་བའི་བར་དུ་ཚུལ་ཁྲིམས་ཡང ་དག་པར་ལེན་པའི་ཕྱིར་རོ།། མདོར་ནཱ་མདོ་སྡེའི་དུམ་དུ་འདི་ནི་མི་རྣམས་བླ་མ་དང་། ཡོནྡ་གནས་དང་། རྒན་པོ་རྣམས་དང་། རྒུད་པ་རྣམས་དང་། རང་གི་ལས་དང་། བསོད་ནམས་བྱེད་པ་ལ་གཽ་རིམ་བཞིན་ཚིག ་གཉིས་དང་གཉིས་ངང་བཞི་རྣམས་ཀྱིས་ནི་རེ་རེས་ཡང་དག་པར་གྲུབ་པར་བསྟན་པ་ཡིན་ནོ།། ལྷག་མ་རྣམས་ཀྱིས་ནི་ཡང་དག་པར་སྒྲུབ་པ་དེ་ཉིད་ཀྱི་རྒྱུ་དང་། བསོད་ནམས་བྱ་བའི་རྣམ་པའི་དབྱེ་བ་ཡང་དག ་པར་བསྟན་པ་ཡིན་ནོ།། འཇིག་རྟེན་ན་ཆོས་སྨྲ་བ་ནི་སུ་དག་ཡིན། ལེགས་པར་ཞུགས་པ་ནི་སུ་ངག་ཡིན། བདེ་བར་གཤེགས་པ་ནི་སུ་དྲག་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས་འདི་ནི་འཇིག་རྟེན་ན་བདེ་བར་གཤེགས ་པ་ཞེས་བྱ་བའི་བར་ནི་མདོ་སྡེའི་དུམ་བུའོ།། འདིར་ནི་ངེས་པར་ལེགས་པ་ལས་བརྩམས་ནས་ཡང་དག་པར་སྨྲ་བ་དང་། བྱེད་པ་པོ་གཉིས་དྲིས་པ་དང་། ལན་བཏབ་པ་ཡིན་ནོ།། བྱེད་པ་པོ་ཡང་རྣམ་པ་གཉིས་ཏེ། ་བརྩོན་པོ་རྣམས་ནི་གང་དག་ཡང་དག་པར་རབ་ཏུ་བརྩོན་པ་རྣམས་སོ།། གྲོལ་བ་རྣམས་ནི་གང་དག་མཐར་ཕྱིན་པ་རྣམས་སོ།། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཁོ་ན་སྨོས་པ་ནི་དེ་རྣམས་ཀྱི་གོ་རིམ ་བཞིན་དུ་ཚོར་བ་གསུམ་ལ་བཅིངས་པའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བདེ་བའི་ཚོར་བ་ལ་ནི་འདོད་ཆགས་རྒྱས་པར་འགྱུར་ལ། སྡུག་བསྔལ་ལ་ནི་ཁོང་ཁྲོ་བ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་མ ་ཡིན་པ་ལ་ནི་མ་རིག་པའོ་ཞེས་གསུངས་སོ།། གདུལ་བའི་ཕྱིར་ཞེས་བྱ་བ་ནི་བྲལ་བར་བྱ་བའི་ཕྱིར་ཏྲེ། མ་ལུས་པར་སྤང་བར་བྱ་བའི་ཕྱིར་རོ།། གླང་སུ་དག་འདོད་ཆགས་མ་ལུས་པར་སྤང་བ་ཞེས་བྱ་བ་ནི་ས་ལས ་དང་། ས་བོན་ལས་དང་། རྣམ་པ་ལས་མ་ལུས་པར་སྤངས་པ་ཡིན་པར་རིག་པར་བྱའོ།། ས་ལོས་ཇི་ལྟར་ཞེ་ན་སྲིད་པའི་རྩེ་མོའི་བར་དུ་ཇི་ལྟར་རིགས་པར་སྤངས་པའི་ཕྱིར་རོ།། ས་བོན་ལས་ཇི་ལྟར་ཞེ་ན། ཐོབ ་པ་བག་ལ་ཉལ་གྱི་མཚན་ཉིད་སྤངས་པའི་ཕྱིར་རོ།། རྣམ་པ་ལས་ཇི་ལྟ་བུ་ཞེ་ན། མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་རྣམས་སྤངས་པའི་ཕྱིར་དང་། ཆུང་ངུའི་ཆུང་ངུ་ལ་སོགས་པའི་རྣམ་པ ་སྤངས་པའི་ཕྱིར་རོ།། ཡོངས་སུ་ཤེས་པ་ཞེས་བྱ་བ་ལ་ཇི་ལྟར་ཡོངས་སུ་ཤེས་ཞེ་ན་བདག་གིས་འདོད་ཆགས་ནས་གཏི་མུག་གི་བར་དུ་སྤོངས་སོ་ཞེས་བྱ་བར་རོ།། སྤངས་པས་ནི་རྣམ་པར་གྲོལ་བ་སྟོན་ལ། ཡོངས ་སུ་ཤེས་པས་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ།། དེ་ལྟར་ན་མ་ལུས་པར་སྤངས་པ་ནི་སོ་སོར་རང་གི་རིག་པར་བྱ་བ་ཉིད་དུ་བསྟན་པ་ཡིན་ཏེ། གཞན་ལ་རེག་པ་དང་། སོམ་ཉིད་དང་ལྡན་པ་རྣམས་བསལ་བའི་ཕྱིར ་རོ།། འདི་ནི་འཇིག་རྟེན་ན་བདེ་བྱར་གཤེགས་པ་དག་ཅེས་བྱའོ་ཞེས་བྱ་བའི་བདེ་བར་ཞེས་བྱ་བ་འདི་ནི་མ་ལུས་པའི་དོན་ལ་ཡང་མཐོང་སྟེ། དཔེར་ན་ཟས་བདེ་བར་ཞུའོ།། བུམ་པ་ལེགས་པར་གང་བའོ་ཞེས་བྱ་བ་ལྟ་བུའོ།། ། ་བསྔགས་པའི་དོན་ལ་ཡང་མཐོང་སྟེ། དཔེར་ན་གཟུགས་བཟང་པོ་ཆེ་ལུགས་བཟང་པོ་ཞེས་བྱ་བ་ལྟ་བུའོ།། ཕྱིར་མི་ལྡོག་པའི་དོན་ལ་ཡང་མཐོང་སྟེ། དཔེར་ན་གཅིན་ནད་ལས་བདེ་བར་ཐར་ཏོ།། འབྱུང་པོའི་གདོན ་ལས་བདེ་བར་ཐར་ཏོ་ཞེས་བྱ་བ་ལྟ་བུའོ།། དོན་རྣམ་པ་འདི་གསུམ་གྱིས་བདེ་བར་གཤེགས་པ་དག་ཡིན་ཏོ། འཇིག་རྟེན་པའི་སྙོམས་པར་འཇུག་པ་དག་ལས་བཟློག་ནས་ཇི་སྲིད་དུ་བགྲོད་པར་བྱ་བར་གཤེགས ་པའི་ཕྱིར་དང་། འགྲོ་བ་བཟང་པོར་གཤེགས་པའི་ཕྱིར་དང་། ཕྱིར་མི་ལྡོག་པར་གཤེགས་པའི་ཕྱིར་ཏེ། མྱ་ངན་ལས་འདས་པར་གཤེགས་པ་དག་ནི་དེ་ལྟར་གཤེགས་པ་དག་ཡིན་ནོ།། དེ་ལྟར་ན་མྱ་ངན་ལས་འདས ་པ་དག་ནི་བླ་ན་མེད་པ་ཉིད་དང་། དགེ་བ་ཉིད་དང་། རྟོག་པ་ཉིད་དུ་བསྟན་པ་ཡིན་ཏེ་གོ་རིམ་བཞིན་ནོ།། །། བམ་པོ་ལྔ་པ།། འདི་ལྟར་ལས་ཀྱང་ཡོད་ལ་ཉོན་མོངས་པ་རྣམས་དང་སྲེད་པ་ལྟ་བ་དང་ང ་རྒྱལ་དང་མ་རིགས་པ་ཡང་ཡོད་ན་དེ་ལྟ་བུ་ནི་ཚེ་ཕྱི་མ་ལ་འདུ་བྱེད་རྣམས་འབྱུང་བར་འགྱུ་རོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། འདི་རེ་ནི་སྐྱེ་བའི་རྒྱུ་གྲོགས་དང་བཅས་པ་ཡོངས་སུ་བསྟེན་པ་ཡིན་ནོ།། ལས་ལ་ཉོན ་མོངས་པ་རྣམས་གྲོགས་སུ་གྱུར་པས་སྐྱེ་བ་སྐྱེད་པར་བྱེད་དེ། ཉོན་མོངས་པ་ཟད་ན་མི་སྐྱེ་བའི་ཕྱིར་དང་། ཉོན་མོངས་པ་མ་ཟད་ན་ལོས་ཇི་ལྟ་བ་བཞིན་དུ་སྐྱེ་བའི་ཕྱིར་རོ།། ཉོན་མོངས་པ་དེ་དག་ཀྱང་སྲེད་པ་ལ ་སོགས་པའོ།། དེ་ལ་སྲེད་པ་ནི་མངོན་པར་གྲུབ་པའི་རྒྱུ་ཡིན་ནོ།། མདོ་སྡེ་གཞན་ལས་ཀྱང་ལྔས་ནི་སྐྱེ་བའི་རྒྱུ་ཡིན་ལ། སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ།། ཇི་ལྟར་ནཱ་སྲེད ་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་ཞེ་ན། ལུས་ཐམས་ཅད་ཀྱི་ཐུན་མོང་གི་རྒྱུར་འགྱུར་བ་ཉིད་ཀྱི་མངོན་པར་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ།། ལྟེ་བ་དང་དེ་རྒྱལ་དང་མ་རིག་པ་ནི་དེ་འདྲེན་པར་བྱེད་པ་དག་ཡིན་ཏེ། ་བདག་ཏུ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་གྱི་སྒོ་ནས་བདག་མེད་པ་ཉིད་ལ་ཀུན་ཏུ་རྨོངས་ན་དེ་ཀུན་ཏུ་རྒྱུ་བ་དང་མི་སྤོངས་པའི་ཕྱིར་རོ།། དེའི་ཕྱིར་འདི་དག་ཁོ་ན་སྨོས་ཀྱི། ཁོང་ཁྲོ་བ་དང་ཐེ་ཚོམ ་གཉིས་ནི་མ་ཡིན་ནོ།། གཞན་ཡང་འདོད་པའི་ཁམས་ཀྱི་ལས་ཀྱི་གྲོགས་ནི་ཉོན་མོངས་པ་ཐམས་ཅད་ཡིན་ལ། གཟུག་ས་དང་གཟུགས་མེད་པའི་ཁམས་གཉིས་ཀྱིས་ནི་སྲེད་པ་ལ་སོགས་པ་གྲོགས་ཡིན ་ནོ།། སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་གྱི་བག་ལ་ཉལ་ཡོད་པའི་ཕྱིར་རོ།། ཐེ་ཚོམ་ནི་མ་རིག་པས་རབ་ཏུ་ཕྱེ་བ་ཉིད་ཀྱི་སྟེ། གཏི་མུག་ཤས་ཆེ་བ་ལ་ཤེས་པ་ངེས་པ་མི ་འབྱུང་བས་སོ།། དགེ་སློང་དག་དགེ་སློང་གསར་བུ་འདི་དག་ནི་དགེ་སྦྱོང་གི་གནོད་པས་གཙེས་པ། ཚངས་པར་སྤྱོད་པའི་འདམ་གྱིས་ཟིལ་གྱིས་ནོན་པ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པ ་ཅན་ཡང་སྲིད་པ་པ་རིམས་ནང་དང་བཅས་པ་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་ཚེ་ཕྱི་མ་ལ་སྐྱེ་བ་དང་རྒ་བ་དང་འཆི་བར་འགྱུར་བ་རྣམས་ཀྱིས་ཟིལ་གྱིས་ནོན་པ་ཞེས་བྱ་བའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ ་བུའོ།། དེ་ལ་དགེ་སྦྱོང་གི་གནོད་པ་ནི་རྙེད་པ་དང་བཀུར་སྟི་གང་གིས་ཟིལ་གྱིས་ནོན་ན་དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་བ་སྟེ། བཅོམ་ལྡན་འདས་ཀྱི་དགེ་སློང་དག་འདི་ལྟར་འདི་ན་ཁེ་ཅིག ་བསྒྲུབ་པ་བཏང་ནས་ཉམས་ཏེ་གནས་པ་འདི་ནི་འཕགས་པའི་ཆོས་འདུལ་བ་ལ་ཉམས་པ་ཡིན་ནོ་ཞེས་གསུངས་པས་སོ།། ཚངས་པར་སྤྱོད་པའི་འདམ་ནི་རྙེད་པ་དང་བཀུར་སྟི་གང་ལ་ཆགས་ན་འཕགས ་པའི་མྱ་ངན་ལས་འདས་པའི་ལམ་ཡན་ལག་བརྒྱད་པར་མི་འདོང་པ་སྟེ། དེ་ནི་བཅོམ་ལྡན་འདས་ཀྱིས་ཚངས་པར་སྤྱོད་པའི་འདམ་ཡིན་པར་གསུངས་སོ།། སྡིག་པ་མི་དགེ་བའི་ཆོས་རྣམས་ནི་ཀུན་ནས་ཉོན་མོངས ་བཌཱུན་ལ་སོགས་པ་སྟེ། གང་དག་གིས་ཟིལ་གྱིས་ནོན་ནུ་ཚུལ་ཁྲིམས་ཉམས་པར་བྱས་ནས་ངན་སོང་དུ་འདོད་བ་རྙེད་པ་དང་བཀུར་སྟིའི་རྒྱུ་བ་རྣ་བཱ་སེམས་ཅན་ཉིད་ལ་སོགས་པ་གང་དག་ཡིན་པའོ།། ་འདིས་ནི་དགེ་སློང་གསར་བུ་རྙེད་པ་དང་བཀུར་སྟི་ལྷུར་འཛིན་པ་རྣམས་ལ་མཐོང་བའི་ཆོས་ལ་བསླབ་པ་གཏོང་བ་དང་། མྱ་ངན་ལས་འདས་པར་མི་འགྲོ་བ་དང་། ཚེ་ཕྱི་མ་ལ་ངན་འགྲོར་འགྲོ་བའི་ཉེས ་དམིགས་རྣམ་པ་གསུམ་ཡོད་པར་སྟོན་ཏོ།། དེ་ལི་སྡིག་པ་ནི་འཕགས་པའི་སྐྱེ་བོས་སྨད་པའི་དོན་གྱིས་སོ།། མི་དགེ་བ་ནི་མི་དགེ་བའི་དོན་གྱིས་སོ།། དེ་ལྟར་ན་དེ་རྣམས་ནི་གཞན་གྱིས་དང་། རང་ཉིད་ཀྱི་སྐྱོན ་ཡིན་པར་བསྟན་པ་ཡིན་ནོ།། ཇི་ལྟར་སྨད་པ་དང་མི་བདེ་བ་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་ཡང་སྲིད་པ་པ་ཉིད་ཉེས་དམིགས་དང་བཅས་པས་ཡང་དག་པར་སྟོན་ཏོ།། དེ་ལ་མཐོང་བའི་ཆོས་ལ་ཡང་དང ་ཡང་དུ་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་ནོ།། ཚེ་ཕྱི་མ་ལ་ཡང་སྲིད་པ་མངོན་པར་འགྲུབ་པའི་ཕྱིར་ཡང་སྲིད་པ་པའོ།། ཀུན་ནས་ཉོན་མོངས་པ་ཅན་དག་ཡིན ་པ་ལ་རིམས་ནད་དང་བཅས་པ་དང་། སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་གྱི་ཉེས་དམིགས་ཡོད་དེ། མཐོང་བའི་ཆོས་ཉིད་ལ་ཉོན་མོངས་པ་ཡོངས་སུ་གདུང་བ་རྣམས་ཀྱི་ལུ་ས་དང་སེམས་ཡོངས་སུ་གདུངས ་པར་བྱེད་པའི་ཕྱིར་དང་། ཚེ་ཕྱི་མ་ལ་ངན་འགྲོར་འགྲོ་བའི་ཕྱིར་རོ།། ཡང་སྲིད་པར་གྱུར་པ་ལ་ཚེ་ཕྱི་མ་ལ་སྐྱེ་བ་དང་རྒ་བ་དང་འཆི་བར་འགྱུར་བ་ཞེས་བྱ་བའི་ཉེས་དམིགས་ཡོད་དེ། ཡུན་རིང་པོར་སྐྱེ་བ་དང་རྒ་བ ་དང་འཆི་བ་འདྲེན་པའི་ཕྱིར་རོ།། འདི་ནི་སྟོན་པའི་བསྟན་པ་བཞིན་བྱེད་པ་དང་། མི་གཏོང་བར་སྒོམ་པོ་དང་། ལྷག་མཐོང་དང་ལྡན་པ་ཁྱིམ་སྟོང་པ་རྣམས་རྒྱས་པར་བྱེད་པ། རང་གང་གི་དོན་གྱི་སྦྱོར་བ་ལ་རྗེས་སུ ་བརྩོན་པ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིསོ་མ་སྨད་པ། ཡུལ་འཁོར་གྱི་བསོད་ནམས་འབྲས་བུ་ཡོད་པར་ཟ་བ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་བསྟན་པ་བཞིན་དུ་སྒྲུབ་པའི ་ཕྱིར་སྟོན་པའི་བསྟན་པ་བཞིན་དུ་བྱེད་པའོ།། ཡང་དང་ཡང་དུ་བསྒོམས་པས་མི་གཏོང་བར་སྒོམ་པ་སྟེ། འདི་ལྟར་ཅུང་ཟད་ཅུང་ཟད་ཅེས་བྱ་བ་གསུངས་པ་ཡིན་ནོ།། ཇི་ལྟར་ཐོས་པ་བཞིན་དུ་ཆོས ་རབ་ཏུ་རྣམ་པར་དབྱེ་པའི་ཕྱིར་ལྷག་མཐོང་དང་ལྡན་པའོ།། སེམས་རྩེ་གཅིག་ཏུ་བྱ་བའི་དོན་དུ་ཁྱིམ་སྟོང་པ་རྣམས་ལ་མངོན་པར་དགའ་བའི་ཕྱིར་ཁྱིམ་སྟོང་པ་རྣམས་རྒྱས་པར་བྱེད་པའོ།། མྱ་ངན་ལས་འདས་པ་ནི ་ལེགས་པར་རབ་ཏུ་བྱུང་བའི་རང་གི་དོན་ཡིན་ཏེ། དེའི་དོན་དུ་རབ་ཏུ་འབྱུང་བའི་ཕྱིར་རོ།། དེའི་སྦྱོར་བ་ནི་ཐབས་ཡིན་ཏེ། དེ་ཐོབ་པར་བྱ་བའི་ལམ་གང་ཡིན་པའོ།། དེ་ལ་རྗེས་སུ་བརྩོན་པ་ནི་ཇི་ལྟར་དེ་ལ་བརྩོན་པར ་བྱ་བ་དེ་ལྟར་བརྩོན་འགྲུས་མི་གཏོང་བ་ཉིད་ཀྱིས་བརྩོན་པའི་ཕྱིར་ཏེ། དེ་ལྟར་ན་རང་གི་དོན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པའོ།། མངོན་པར་འདོད་པ་ཉིད་ཡིན་པའི་ཕྱིར་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས ་ཀྱིས་མ་སྨད་པའོ།། དེའི་འབྲས་བུ་དང་བཅས་པ་ཉིད་དུ་བྱེད་པའི་ཕྱིར་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ཟ་བའོ།། མདོར་ན་ཚིག་བདུན་པོ་འདི་རྣམས་ཀྱིས་ནི་སྟོན་པ་དང་། བསྟན་པ་དང་། ཚངས་པ ་མཚུངས་པར་སྤྱོད་པ་རྣམས་དང་། སྦྱིན་པར་བྱེད་པ་རྣམས་ལ་ཡང་དག་པར་སྒྲུབ་པར་ཡོངས་སུ་བསྟན་པ་ཡིན་ནོ།། སྔོནྡ་པཱ་ལ་ནི་དེའི་བསྟན་པ་བཞིན་དུ་སྒྲུབ་པའི་ཕྱིར་རོ།། བསྟུན་པ་ལ་ནི་རྟག་ཏུ་ལས་ཁྱད་པར ་དུ་འཕགས་པ་ལ་སྦྱོར་བའི་ཕྱིར་དང་། ཕྱིན་ཅི་མ་ལོག་པར་སྦྱོར་བའི་ཕྱིར་དང་། རྣམ་པར་མ་གཡེངས་པར་སྦྱོར་བའི་ཕྱིར་དང་། ཆོ་ག་མི་ཤེས་པར་སྦྱོར་བའི་ཕྱིར་རོ།། དགེ་སློང་གི་ལས་ཁྱད་པར་དུ་འཕགས ་པ་ནི་བསམ་གཏན་ཡིན་པར་རིག་པར་བྱའོ།། གཞན་ཡང་རྟག་ཏུ་བསྒོམ་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་བསྒོམ་པའི་ཕྱིར་དང་། བར་ཆད་མེད་པར་བསྒོམ་པའི ་ཕྱིར་དང་། ཆོག་མི་ཤེས་པར་བསྒོམ་པའི་ཕྱིར་རོ།། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ནི་དོན་མཐུན་པ་ཉིད་སྦྱོར་བའི་ཕྱིར་རོ།། སྦྱིན་པར་བྱེད་པ་རྣམས་ལ་ནི་དེའི་སྦྱིན་པ་འབྲས་བུ་ཆེན་པོ་ཉིད་དུ་སྦྱོར་བའི ་ཕྱིར་རོ།། ད་ལྟར་མི་རྣམས་ནི་ཆོས་མ་ཡིན་པར་ཆགས་པས་ཆགས་པ་དང་། མི་རིགས་པར་ཆགས་པས་ཟིལ་གྱིས་ནོན་པ་དང་། ཆོས་ལོག་པས་དཀྲིས་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། ་དེ་ལ་ཆོས་མ་ཡིན་པས་ཡུལ་ཡོངས་སུ་སྤྱད་པ་ལ་ཆགས་པ་ནི་ཆོས་མ་ཡིན་པར་ཆགས་པས་ཆགས་པ་སྟེ། དཔེར་ན་འདོད་པས་ལོག་པར་གཡེམ་པའམ་ལིངས་འདེབས་པ་ལྟ་བུའོ།། མི་རིགས་པས་ཆགས ་པ་ནི་མི་རིགས་པར་ཆགས་པ་སྟེ། ཆོམ་རྐུན་དང་། མཐུ་སྟོབས་དང་། འདྲིང་པ་ལ་སོགས་པས་ཕ་རོལ་གྱི་ནོར་དོན་དུ་གཉེར་བ་གང་ཡིན་པའོ།། ལོག་པས་བྱས་པའི་ཆོས་ནི་ལོག་པའི་ཆོས་ཏེ། འདི་ཆོས་མ ་ཡིན་པར་བྱས་པ་ཕ་རོལ་ལ་འཚེ་བ་དང་ལྡན་པ་རྒྱལ་པོའི་ཆོས་སམ་བྲམ་ཟེའི་ཆོས་གང་ཡིན་པའོ།། དེས་ནི་ཡུལ་ཡོངས་སུ་སྤྱད་པ་དང་། ལོངས་སྤྱོད་ཡོངས་སུ་འཆོལ་བ་དང་། བདེ་འགྲོ་ཡོངས་སུ ་འཚལ་བ་ལ་བརྩམས་ནས་མི་རྣམས་ལ་ལོག་པར་སྒྲུབ་པ་རྣམ་པ་གསུམ་ཡོད་པར་བསྟན་པ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཏུམ་དུས་སྔར་བྱ་བ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། སྦྱིན ་པའི་གཏམ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་དུས་སྔར་བྱ་བ་ནི་རྒྱུད་ཡང་དག་ཕུལ་ཅན་གྱི་གཏམ་གྱི་སྣོང་དུ་བྱ་བའི་ཕྱིར་རོ།། དེ་ནི་མདོར་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུད་ད་།། ་ལུས་ཕུན་སུམ་ཚོགོས་པོའི་རྒྱུ་དང་། ཕུན་སུམ་ཚོགས་པོ་དེ་གཉིས་ཀའི་ཁྱད་པར་དང་། དེ་ལས་ཕྱིར་ཕྱོགས་པར་བྱེད་པའི་གཞི་དང་། དེ་ལས་ངེས་པར་འབྱུང་བའི་ཐབས་ལས་བརྩམས་ནས་རིག་པར ་བྱའོ།། དེ་ལས་ཕྱིར་ཕྱོགས་པར་བྱེད་པའི་གཞི་ནི་འདོད་པ་རྣམས་རོ་ཆུང་བ་ཉིད་དང་། ཉེས་དམིགས་མོང་པ་ཉིད་ཡིན་ནོ།། དེ་གཉིས་ཀྱིས་ཀྱང་འདི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བྱེད ་དོ།། དེ་ལས་ངེས་པར་འབྱུང་བའི་ཐབས་ནི་རབ་ཏུ་འབྱུང་བའི་མཚན་ཉིད་ངེས་པར་འབྱུང་བ་ཉིད་དང་། རབ་ཏུ་བྱུང་ནས་ལུས་དང་སེམས་ཐག་རིང་པའི་མཚན་ཉིད་རབ་ཏུ་དབེན་པ་ཉིད་དང་། རབ་ཏུ་དབེན ་པར་གྱུར་ནས་ཀྱང་མྱ་ངན་ལས་འདས་པའི་ཚོགས་ཀྱི་མཚན་ཉིད་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་སོ།། སྦྱིན་པ་ལ་སོགས་པའི་གཏམ་རྣམས ་ཀྱི་གོ་རིམས་ནི་མི་རྣམས་ཀྱི་བདེ་བ་ནི་ལོངས་སྤྱོད་ལ་རག་ལས་པ་ཡིན་ལ། ལོངས་སྤྱོད་ཆེན་པོ་ཡང་སྦྱིན་པའི་འབྲས་བུ་ཡིན་ཏེ། དེའི་ཕྱིར་དེ་རྣམས་ནི་སྦྱིན་པའི་གཏམ་ཁོ་ན་ལ་དགའ་བ་ཡིན་པས ་ཐོག་མ་ཁོ་ནར་སྦྱིན་པའི་གཏམ་མོ།། སྦྱིན་པ་དེ་ཡང་ཚུལ་ཁྲིམས་མེད་ན་ངན་འགྲོར་འབྲས་བུ་སྨིན་པར་འགྱུར་ཏེ། གྲོ་བཞིན་སྐྱེས་ཀྱི་མདོ་ལས། གླང་པོ་ཚོར་གྱུར་ཀྱང་གླང་པོ་ཆེ་རྒྱན་དང་ལྡན་པ་ཐོབ་པ་ཡིན་ནོ་ཞེས ་གསུངས་པ་ལྟ་བུ་ཡིན་པས་དེའི་འོག་ཏུ་ཚུལ་ཁྲིམས་ཀྱི་གཏམ་མོ།། དེའི་འོག་ཏུ་བདེ་འགྲོར་གྱུར་དུ་ཟིན་གྱིས་ཀྱང་མི་རྣམས་ཀྱི་འདོད་པར་བྱ་བ་དག་ནི་མི་གཙང་བ་དང་། དྲི་ང་བ་དང་། དྲི་བ་ཤུང་བ་དང་། མི་མཐུང ་བ་དག་ཡིན་ལ། ལྷ་རྣམས་ཀྱི་འདོད་པར་བྱ་བ་དག་ནི་འཕགས་པར་ཆེས་ལྷག་པ་དག་དང་ཆེས་གྱ་ནོམ་པ་ཡིན་ནོ་ཞེས་མཐོ་རིས་ཀྱི་གཏམ་མོ།། དེའི་འོག་ཏུ་དེ་རྣམས་ལ་རོ་ཆུང་བ་དང་། ཉེས་དམིགས་ཆེས་མང་བ་ཡིན ་ཞེས་འདོད་པ་རྣམས་ལ་རེ་མྱང་བ་དང་། ཉེས་དམིགས་ཡང་དག་པར་རབ་ཏུ་བསྟན་པ་ཡིན་ནོ།། དེའི་འོག་ཏུ་རོ་མྱང་བ་ལས་གྱུར་པ་ནི་ཀུན་ནས་ཉོན་མོངས་པ་ཡིན་ལ། ཉེས་དམིགས་ལས་གྱུར་པ་ནི་རྣམ་པར་བྱང ་བ་ཡིན་ནོ་ཞེས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་དག་པར་རབ་ཏུ་བསྟན་པ་ཡིན་ནོ།། དེའི་འོག་ཏུ་ཉེས་དམིགས་ཀྱིས་ཡིད་བྱུང་ན་དེ་ལས་ངེས་པར་འབྱུང་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་ཡིན ་ནོ་ཞེས་ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་ཕན་ཡོན་ལ་སོགས་པ་རབ་ཏུ་བསྟན་པ་ཡིན་ནོ།། གང་གི་ཚེ་སེམས་རངས་པ་དང་སེམས་ཉམས་བདེ་བ་ཞེས་བྱ་བ་ནི་གཏམ་འདིའི་ཕན་ཡོན་ཡོངས་སུ་བསྟན་པ་ཡིན ་ནོ། སེམས་དགའ་བ་དང་སེམས་སྒྲིབ་པ་མེད་པ་ཞེས་བྱ་བ་ནི་སེམས་རངས་པ་དང་། ཉམས་པདེ་བའི་བཤད་པ་ཡིན་པར་གོ་རིམ་བཞིན་ཏེ། མཆོག་ཏུ་དགའ་བོ་ཉིད་དང་ལྡན་པའི་ཕྱིར་དང་། སྒྲིབ་པ་ལྔ་དང་མི ་ལྡན་པའི་ཕྱིར་ཏེ། སྐྱོན་མེད་པར་ནི་ཉམས་བདེ་བ་ཞེས་བྱ་བས་སོ།། ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་ཀུན་ཏུ་ཤེས་པར་བྱ་བར་སྐལ་བ་དང་ལྡན་པ་དང་ནུས་པ་ཞེས་ཉེ་བ་ནི་སེམས་དེའི་ཕན་ཡོན་ཡོངས་སུ ་སྟོན་པ་ཡིན་ནོ།། དེ་ལ་སེམས་དགའ་བ་ཉིད་ཀྱིས་ནི་སྐལ་བ་དང་ལྡན་པ་ཡིན་ཏེ། དགའ་བ་ལ་སོགས་པའི་རྒྱུའི་རིམ་པས་སོ།། སེམས་སྒྲིབ་པ་མེད་པ་ཉིད་ཀྱིས་ནི་ནུས་པ་ཁོ་ན་ཡིན་ཏེ། སྒྲིབ་པ་ཉོན་མོངས་པའི ་གཉེན་པོའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རོ།། གཞན་ཡང་སྐལ་པ་དང་ལྡན་པ་དང་། ནུས་པ་གཉིས་ཀྱིས་ནི་རིགས་དང་། ཡོངས་སུ་སྨིན་པ་ཕུན་སུམ་ཚོགས་པ་ཡོངས་སུ་སྟོན་པར་རིག་པར་བྱ་སྟེ། དེའི་ཚེ་ན་དེ་ལ་གཉིས ་ཀ་ཕུན་སུམ་ཚོགས་པ་ཡིན་ནོ།། རིགས་ནི་ལྡན་ཡོད་པ་ཉིད་ཡིན་ནོ།། རིགས་མ་སྨོས་ན་སངས་རྒྱས་རྣམས་ཀྱིས་ཡང་དག་ཡུལ་ཅན་གྱི་ཆོས་བསྟན་པ་ནི་གཉིས་ཀ་ལ་བལྟོས་པའོ་ཞེས་བསྟན་པར་མི་འགྱུར་རོ།། ་འཕགས་པའི་བདེན་པའི་གཏམ་ནི་ཡང་དག་ཕུལ་ཛྙཱན་ཏེ། མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀྱིས་ངན་འགྲོ་བ་དང་འཁོར་བ་ལས་ཡང་དག་ཕུལ་དུ་བྱེད་པའི་ཕྱིར་རོ།། མྱ་ངན་ལས་འདས་པ་ཡང ་ཆོས་ཐམས་ཅད་ལས་མཆོག་ཏུ་འཕགས་པ་ཉིད་ཀྱི་ཡང་དག་ཕུལ་ཅན་ཡིན་ནོ།། འབྲས་བུ་དེ་དང་ལྡན་པའི་ཕྱིར་ཡང་དག་ཕུལ་ཅན་ཏེ། ཡང་འབྱུང་བ་པའི་སྐྱེད་པ་བཞིན་ནོ།། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་དེ ་ལྟར་མཐོང་ན་གཟུགས་ལ་ཡིད་འབྱུང་བར་འགྱུར་ཞིང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡིད་འབྱུང་བར་འགྱུར་རོ།། ཡིད་བྱུང་ན་འདོད་ཆགས་དང་བྲལ་བར་འགྱུར་རོ།། འདོད ་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། འདིར་ཡིད་བྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་རྣམས་ཀྱི་རྒྱུར་འགྱུར་བ་ནི་གོ་རིམ་བཞིན་དུ་ཡོངས་སུ་བསྟན ་པ་ཡིན་ནོ།། དེ་ལ་ཡིད་བྱུང་བ་ནི་མི་མཐུན་པ་ཉིད་དུ་འཛིན་པའོ།། འདོད་ཆགས་དང་བྲལ་བར་གྱུར་པ་ནི་འདོད་ཆགས་དང་བྲལ་བ་སྟེ། དེའི་ཐོབ་པ་ཆད་པའོ།། དེའི་ཐོབ་པ་ལ་སོགས་པ་དང་དེ་དང་མི་ལྡན་པར་གནས ་གྱུར་པ་ནི་རྣམ་པར་གྲོལ་བའོ།། རྣམ་གྲངས་གཞན་ཡང་དགའ་བ་སྔོན་དུ་སོང་བའི་འདོད་ཆགས་དང་། གཟུགས་ལ་སོགས་པ་དག་ལ་འདོད་ཆགས་སྔོན་དུ་སོང་བའི་སེམས་རང་དབང་མེད་པར་འཇུག་པ་ཉིད་ཀྱི ་འཆིང་བ་ཡོད་པས་དེའི་ཕྱིར་གོ་རིམ་བཞིན་དུ་དེའི་གཉེན་པོ་ཡིད་བྱུང་བ་ལ་སོགས་པ་རྣམས་དུས་ཐ་དད་པ་ཉིད་མ་ཡིན་ཡང་མི་མཐུན་པའི་ཕྱོགས་ཀྱི་གོ་རིམས་ཀྱིས་བཤད་པ་ཡིན་ཏེ། དཔེར་ན་མ་རིག་པ་འགྲག་པས་འདུ ་བྱེད་འགག་ཅེས་བྱ་བ་ལྟོ་བུའོ།། གཞན་ཡང་ཁ་ཅིག་ན་རེ་བཅོམ་ལྡན་འདས་ཀྱི་ཆོས་དེ་དག་ལ་ནད་ཉིད་དང་། འབྲས་ཉིད་དང་། ཟུག་རྔུ་ཉིད་དང་། སྡིག་པ་ཉིད་དང་། མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། སྟོང་པ ་ཉིད་དང་། བདག་མེད་པ་ཉིད་དུ་ཡིད་ལ་བྱེད་དོ་ཞེས་གང་གསུངས་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བ་ཡིན་ལ། དེ་ཆོས་དེ་དག་ལ་ནད་ཉིད་ནས་བདག་མེད་པ་ཉིད་ཀྱི་བར་དུ་ཡིད་ལ་བྱས་ནས་ཆོས་དེ་དག་ལ་སེམས ་སྐྱོ་བར་བྱེད་སྐྲག་པར་བྱེད་ཕྱིར་བཟློག་པར་བྱེད་དོ་ཞེས་གང་གསུངས་པ་འདི་ནི་ཡིད་བྱུང་བའོ།། དེས་ཆོས་དེ་དག་ལ་སྐྱོ་ཞིང་སྐྲག་ལ་ཕྱིར་ལྡོག་ནས་འདི་ནི་ཞི་བ་འདི་ནི་གྱ་ནོམ་པ་ཡིན་ཏེ། འདི་ལྟ་སྟེ། ཕུང་པོ་ཀུན་སྤངས ་པ་དང་། སྲེད་པ་ཟད་པོ་དང་།། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པའོ་ཞེས་འཆི་བ་མེད་པའི་དབྱིངས་ལ་སེམས་ཉེ་བར་སྦྱོར་བ་ཞེས་གང་གསུངས་པ་འདི་ནི་འདོད་ཆག་དང་བྲལ་བའོ།། དེས ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་ན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ།། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་གང་གསུངས་པ་འདི་ནི ་རྣམ་པར་གྲོལ་བའོ་ཞེས་ཟེར་ཏེ། འདིར་ཇི་ལྟར་མྱ་ངན་ལས་འདས་པ་ཡིད་ལ་བྱེད་པ་ལས་འདོད་ཆགས་དང་བྲལ་བར་འགྱུར་ལ། ཕྱིས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བའི་བསམ་པས་བརྗོད་དགོས ་སོ།། བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་ཡུན་རིང་པོ་ནས་བྱི་དོར་བྱས་ཤིང་ཞེས་བྱ་བ་ནས་བཟུང་བ་ཡིན་ནོ།། ཞེས་བྱ་བའི་བར་ནི་མདོ་སྡེའི་དུམོ་བུའོ།། དེ་ལ་བྱི་དོར་བྱས་པ་ནི་ཕན་པའི་དངོས་པོ་ཉེ་བར་སྒྲུབ་པ་ཉིད་ཀྱིས ་སོ།། སྤྲོས་པ་ནི་གནོད་པའི་དངོས་པོ་སྤོང་བ་ཉིད་ཀྱིས་སོ།། ཅིའི་ཕྱིར་ཞེ་ན། བཤད་པ། བདག་གིས་བྱས་པས་སོ།། ཇི་ལྟར་བདག་གིར་བྱས་པ་ཡིན་ཞེ་ན། བཤད་པ་འོད་ནི་བོདག་གི་ཡིན། འདི་ནི་ང་བདག་ཡིན། འདི་ནི་བདག ་གཱི་བདག་ཡིན་ཞེས་ཁས་བླངས་ལ་བཟུང་བ་ཡིན་ནོ།། དེ་ལ་ཁྲུས་བླངས་པ་ནི་ལྟ་བ་སྟེ། རྣམ་པ་གཉིས་ཀྱིས་ཁས་བླངས་པའི་ཕྱིར་རོ།། བཟུང་བ་ནི་ང་སྲེད་པ་སྟེ། དེའི་རྗེས་སུ་འབྲང་བས་ཆགས་པའི་ཕྱིར་རོ།། འདི་ནི་བདག་གི ་ཡིན་ཞེས་བྱ་བ་བདག་གི་བའི་རྣམ་པ་དང་། འདི་ནི་ང་བདག་ཡིན། འདི་ནི་བདག་གི་བདག་ཡིན་ནོ་ཞེས་བྱ་བ་བདག་གི་རྣམ་པ་ནི་བོདག་ཏུ་ལྟ་བ་རྣམ་པ་གཉིས་པོ་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པ་དང་། གཞན་ཡང ་གཞི་ཐ་མི་དད་པ་དང་། གཞི་ཐ་དད་པ་དང་། གོ་རིམ་བཞིན་ཡིན་པ་དང་། དེའི་རྗེས་སུ་མཐུན་པའི་སྲིད་པ་གཉིས་ཀྱིས་སོ།། རྣམ་གྲངས་གཞན་ཡང་ངའོ་སྙམ་པའི་ང་རྒྱལ་དང་། བདག་ཏུ་ལྟ་བ་གཉིས་ཀྱིས་དང་། དེའི་རྗེས ་སུ་འབྲང་བའི་སྲེད་པ་གཉིས་སོ།། འདི་ཐམས་ཅད་ནི་དེའི་རྣམ་པ། དེའི་རྒྱུ་ཉིད་ཀྱིས་བདག་གིར་བྱས་པ་ཞེས་བྱའོ།། མདོར་ན་འདིས་ནི་བྱིས་པ་རྣམས་ཀྱི་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བ་དང་། སྲེད་པ་ལ་ལོག་པར་སྒྲུབ་པ ་ལས་དང་བཅས་པ་འམ། བདག་ཏུ་ལྟ་བ་དང་། ང་རྒྱལ་དུ་ལྟ་བ་དང་། སྲེད་པ་ལས་ལོག་པར་བསྒྲུབ་པ་ཡིན་པར་ཡོངས་སུ་བསྟན་པོ་ཡིན་ནོ།། མདག་མའི་ཀླུང་དཔེར་བརྗོད་པ་མཛད་ནས། དེ་དེ་ལས་བསྲིང་བ་སེམས་པ་དང་། ་བསྲིང་བ་དོན་དུ་གཉེར་བ་དང་། བསྲིང་པ་ལ་བ་རྟགས་ནས་འཇོག་པར་བྱེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་བསྲིང་བ་ཞེས་བྱ་བ་ནི་ཐག་བསྲིང་བའོ།། ཡོན་ཏན་ཉིད་དུ་སེམས་མངོན་པར་འདུ་བྱེད་པ་ནི་སེམས་པའོ།། ། ་འདོད་པ་ནི་རང་བཞིན་གྱིས་དོན་དུ་གཉེར་བའོ།། སོ་སོར་བརྟགས་ནས་སེམས་འཇོག་པ་ནི་ཡིད་ལ་བྱེད་པའོ།། ཡོན་ཏན་ཉིད་དུ་གང་བསམ་པ་དེ་ལ་ནི་རང་གི་ངང་གི་དོན་དུ་གཉེར་བའམ། སོ་སོར་བརྟགས་ནས་དེ་ལ་སེམས ་འཇོག་པར་བྱེད་དེ། དཔེར་ན་སྨན་རོ་ཞིམ་པའམ་ཚ་བ་ལ་བྱེད་པ་བཞིན་ནོ།། དགེ་སློང་དག་དགེ་སློང་ཆོས་ཤེས་པ་ཡང་ཡིན་ནོ།། ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་དགེ་སློང་གོས་ཆོས་ཤེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས ་ཀྱིས་བསྙིང་པོའི་སྡེ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། དེ་ལ་སངས་རྒྱས་ཀྱིས་སེམ། སངས་རྒྱས་ཀྱིས་གནང་སྟེ་ཉན་ཐོས་ཀྱིས་བཤད་པ་གང་ཡིན་པ་དེའི་དོན་མདོར་གླེང་བའི་དོན་གྱིས་ན་མདོ་སྡེའོ།། དེ་ཉིད་ཚིགས་སུ ་བཅད་པས་ཕྱིས་དབྱངས་སུ་བསྙད་པ་དང་བཀྲི་བའི་དོན་གང་ཡིན་པ་སྟེ་དབྱངས་ཀྱིས་བསྐྱེད་པའི་སྡེའོ།། ལུང་དུ་བསྟན་པའི་སྡེ་ནི་གང་ལས་བཅོམ་ལྡན་འདས་ཀྱིས་འདས་པ་དང་མ་འོངས་པའི་ཉན་ཐོས་ལ་སོགས ་བ་རྣམས་ལུང་སྟོན་པར་མཛད་པ་དང་། ངེས་པའི་དོན་གང་ཡིན་པའོ།། ཚིགས་སུ་བཅད་པའི་སྡེ་ནི་ཚིག་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་ཏུ་ཚིགས་སུ་སྦྱར་བས་བཤད་པ་གང་ཡིན་པའོ།། ཆེད་དུ་བརྗོད་པའི་སྡེ་ནི་གང་ཟག་གི ་ཆེད་དུ་གསུངས་པ་མ་ཡིན་གྱི་བསྟན་པ་གནས་པར་བྱ་བ་འབའ་ཞིག་གི་ཕྱིར་གང་ཡིན་པ་སྟེ། གང་ལས་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་དོ་ཞེས་བྱའོ།། གླེང་གཞིའི་སྡེ་ནི་འདུལ་བ་དང་འབྲེལ་པ་སྟེ། ་འདུལ་བ་ནི་བྱུང་བས་རབ་ཏུ་ཕྱེ་བ་ཉིད་ཀྱིས་ཕྱིར་ཏེ། གང་ལས་བཅོམ་ལྡན་འདས་ཀྱིས་གླེང་གཞི་འདི་དང་སྐབས་འདི་དང་དོན་བྱུང་བ་འདི་ལས་བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད་པ་ན་འདི་སྐད་ཅེས་བྱའོ་ཞེས་འབྱུང་བ་ཡིན་ནོ།། ་རྟོགས་པ་བརྗོད་པའི་སྡེ་ནི་རིང་པོ་ལེན་གྱི་རྟོགས་པ་བརྗོད་པ་ལ་སོགས་པ་སྟེ། གང་ལས་རྟོགས་པར་བྱ་བའི་ཕྱིར་དཔེ་གཞན་རྒྱས་པར་བརྗོད་པ་འབྱུང་བ་ཡིན་ནོ།། དེ་ལྟ་བུ་བྱུང་བའི་སྡེ་ནི་སྔོན་གྱི་རྒྱུད་དང་འབྲེལ་བའོ།། སྐྱེས་པའི ་རབས་ཀྱི་སྡེ་ནི་གང་ལས་བཅོམ་ལྡན་འདས་ཀྱི་སྔོན་གྱི་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་བསྟན་པ་འབྱུང་བ་ཡིན་ནོ།། ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོ་ཡིན་ཏེ། ལུང་ཕོག་པ་གང་གིས་བྱང་ཆུབ་སེམས་དཔའ་རྣམས ་ཕ་རོལ་ཏུ་ཕྱིན་པ་བཅུ་དག་གིས་ས་བཅུ་དག་ཏུ་ཡང་དག་པར་འགྲུབ་པ་ན་སྟོབས་བཅུའི་རྟེན་སངས་རྒྱས་ཉིད་འཐོབ་པའོ།། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་གང་ལས་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན ་ཐོས་རྣམས་ཀྱིས་ཕུལ་དུ་བྱུང་བ་བསྟན་པའོ།། གཏན་ལ་དབབ་པ་བསྟན་པའི་སྡེ་ནི་གང་ལས་དེ་ཁོ་ན་མཐོང་བ་རྣམས་དང་། གཞན་རྣམས་ཀྱིས་མདོ་སྡེའི་དོན་ཆོས་ཀྱི་རྗེས་སུ་མཐུན་པར་གཏན་ལ་དབབ་པར་བསྟན་པའོ།། དེ་ཉིད ་དེའི་དོན་རྣམ་པར་འཆད་པས་མ་མོ་ཞེས་བྱ་སྟེ། དེ་ལས་གཞན་པའི་མདོ་སྡེའི་དོ་ནི་བཤད་པའི་རྟེནྡ་ཡིན་པའི་ཕྱིར་རོ།། ཆོས་མངོན་པ་ཞེས་ཀྱང་བྱ་སྟེ། མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པ་ཉིད་ཀྱི་ཆོས་ཀྱི་མཚན་ཉིད་ལ་མངོན་དུ ་ཕྱོགས་པར་བྱེད་པའི་ཕྱིར་རོ།། དེ་ལྟར་ན་སངས་རྒྱས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་ནི་སྟེ་སྣོད་གསུམ་དུ་བསྡུས་པ་ཡིན་ནོ།། ཅིའི་ཕྱིར་ཐེག་པ་ཆེན་པོ་ལ་ཤིན་ཏུ་རྒྱུས་པའི་སྟེ་ཞེས་བྱ་ཞེ་ན། ཚིག་གི་དོན་གྱིས་དང་མིང་དུ ་ཆགས་པས་སོ།། ཇི་ལྟར་ན་ཚིག་གི་དོན་གྱིས་ཤེ་ན། ངེས་པའི་ཚིག་གི་ཚུལ་གྱིས་ན་ཐེག་པ་རྒྱས་པ་ནི་ཤིན་ཏུ་རྒྱས་པའི་སྡེ་ཡིན་ནོ།། ཐེག་པ་རྒྱས་པ་ཡང་ཐེག་པ་ཆེན་པོ་ཡིན་ཏེ། ཆེན་པོ་ཉིད་རྣམ་པ་བདུན་དང་ལྡན་པའི་ཕྱིར་རོ།། ་ཆེན་པོ་ཉིད་རྣམ་པ་བདུན་ལ་ཆོས་ཆེན་པོ་ཉིད་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་སྡེའི་ཚད་མེད་པ་དང་ལྡན་པའི་ཕྱིར་རོ།། སེམས་བསྐྱེད་པ་ཆེན་པོ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཡོན་ཏན་དང་སྐྱོན་སྐྱེ་བ ་དང་འགྲིབ་ཐམས་ཅད་ཀྱི་མཐར་ཐུག་པའི་གནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ།། མོས་པ་ཆེན་པོ་ཉུད་ན་ཆོས་ཤིན་ཏུ་ཟབ་པ་དང་། རྒྱ་ཆེ་བ་ལ་མོས་པའི ་ཕྱིར་རོ།། བསམ་པ་རྒྱ་བ་ཆེན་པོ་ཉིད་ནི་ལྷག་པའི་བསམ་པ་དག་པའི་ས་ལ་སེམས་ཅན་ཐམས་ཅད་ལ་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་བསམ་པ་ཐོབ་པའི་ཕྱིར་རོ།། ཚོགས་ཆེན་པོ་ཉིད་ནི་སར་ཆུད་པ་ན་སྐད་ཅིག་རེ་རེ་ལ ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་སོགས་པའི་ཕྱིར་རོ།། དུས་ཆེན་པོ་ཉིད་ནི་བསྐུལ་པ་གྲངས་མེད་པ་གསུམ་དུ་ཡང་དང་ཡང་དུ་བརྩོན་པའི་ཕྱིར་རོ།། ཡང་དག་པར་འགྲུབ་པ་ཆེན་པོ་ཉིད་ནི་སེམས་ཅམ ་ཐམས་ཅད་དང་མི་མཉ་མ་པའི་སངས་རྒྱས་ཀྱི་སྐུ་ཡང་དག་པར་འགྲུབ་པའི་ཕྱིར་རོ།། དེ་ལྟ་བུ་ནི་ཚིག་གི་དོན་གྱིས་སོ།། ཇི་ལྟར་ན་མིང་དུ་ཆགས་པས་ཞེ་ན། ཐེག་པ་ཆེན་པོ་དེ་ཉིད་ལ་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་བའི ་མིང་འདི་ཆགས་སོ།། མཚུངས་པ་མེད་པའི་སྡེ་ཞེས་ཀྱང་བྱ་སྟེ། མཚུངས་པ་དང་བྲལ་བའི་ཕྱིར་རོ།། སྡེ་པ་གཞན་དག་ལས་ནི་རྣམ་པར་འཇོམས་པའི་གཙུག་པུད་ཀྱི་སྡེ་དང་། རྣམ་པར་འཇོམས་པོ་ཆེན་པོའི་སྡེ་སྟེ། དྲྀ་ནི ་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམ་པར་འཇོམས་པའི་ཕྱིར་རོ།། ཡང་འདིར་རྒྱས་པའི་ཕྱིར་ན་ཤིན་ཏུ་རྒྱས་པའི་སྡེ།། མཚུངས་བྲལ་དེ་ཕྱིར་མཚུངས་མེད་བདེ་ཡང་ཡིན།། ལྟ་བ་ཐམས་ཅད་རྣམ་པར་འཇོམས ་པའི་ཕྱིར།། རྣམ་པར་འཇོམས་པའི་སྡེར་ཡང་ཤེས་པར་བྱ།། དེ་ལྟར་མདོ་སྡེའི་དུམ་བུ་བརྒྱའི་ཆོ་ག་རྣམས་ཀྱི་དོན་བཤད་པ་ནི་ཚིག་གི་དོན་བཤད་པའི་ཕྱོགས་ཤིག་བསྟན་པའི་ཕྱིར་རོ།། ཕྱོགས་འདིས་ནི་བློ་དང་ལྡན་པ་རྣམས ་ཀྱིས་ཚིག་གཞན་རྣམས་ཀྱི་དོན་ཡང་བརྟག་པར་བྱའོ།། རྣམ་པར་བཤད་པའི་རིག་པ་ལས་ལེའུ་བཅས་པ་གཉིས་པའོ།། ། གཞན་ཡང་རྣམ་པ་བཞི་དག་གིས་ཚིག་གི་དོན་རིག་པར་བྱ་སྟེ། རྣམ་གྲངས་ཀྱིས ་དང་། མཚན་ཉིད་ཀྱིས་དང་། ངེས་པའི་ཚིག་གིས་དང་། རབ་ཏུ་དབྱེ་བས་སོ།། དེ་ལ་རྣམ་གྲངས་ནི་མིང་གཞན་ཡིན་ནོ།། མཚན་ཉིད་ནི་དོན་གང་ལ་མིང་དེ་ཡོད་པའི་འོ།། ངེས་པའི་ཚིག་ནི་མིང་གི་རྒྱུ་མཚན་བརྗོད་པའོ།། རབ་ཏུ་དབྱེ་བ་ནི་བརྗོད ་པར་བྱ་བ་དེ་གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་ལ་སོགས་པའི་རྣམ་པར་རབ་ཏུ་དབྱེ་བས་སོ།། དེ་ལྟར་ན་ཚིག་གི་དོན་རྣམ་པ་ཐམས་ཅད་དང་ལྡན་པ་ཡོངས་སུ་བསྟན ་པ་ཡིན་ལ། སོ་སོ་ཡང་དག་པར་རིག་པའི་རྒྱུ་ཡང་བྱས་པ་ཡིན་ནོ།། འདུལ་བའི་ཁྱད་པར་ལ་ལྟས་ནས་ལན་འགའ་ནི་ཁ་ཅིག་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་ལེན་འགའ་ནི་རྣམ་གྲངས་ཙམ་ཞིག་བཤད་དེ། ་དཔེར་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས། དེ་དང་དེ་ལས་ཡང་དག་པ་ཇི་ལྟོ་བ་བཞིན་དུ་མི་ཤེས་པ་དང་། མི་མཐོང་བ་དང་། མངོན་པར་མ་རྟོགས་པ་དང་། མུན་ཁུང་དང་། ཀུན་ཏུ་རྨོངས་པ་དང་། མ་རིག་པ་དང་། མུན ་པ་གང་ཡིན་པ་འདི་ནཱི་མ་རིག་པ་ཞེས་བྱའོ་ཞེས་འབྱུང་བ་ལྟ་བྱའོ།། ཁ་ཅིག་ལས་ནི་མཚན་ཉིད་ཙམ་ཞིག་སྟེ། དཔེར་ན་དེ་ཉིད་ལས་རྣམ་པར་ཤེས་པའི་རྒྱན་གྱིས་མིང་དང་གཟུགས་ཞེས་བྱ ་བ་ལ། མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་དག་སྟེ། ཚོར་བའི་ཕུང་པོ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་དུའོ།། གཟུགས་གང་ཞེ་ན། གཟུགས་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད ་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ་ཞེས་འབྱུང་བ་ལྟ་བུའོ།། ཁ་ཅིག་ལས་ནི་ངེས་པའི་ཚིག་ཙམ་ཞིག་སྟེ། དཔེར་ན་བཟའ་བ་ལྟ་བུ་ལས་གཟུགས་ཤིང་གཟུགས་སུ་རུང ་བས་ན་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ་ཞེས་འབྱུང་བ་ལྟ་བུའོ།། ཁ་ཅག་ལས་ནི་རབ་ཏུ་དབྱེ་བ་ཙམ་ཞིག་སྟེ། དཔེར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ། འདུ་བྱེད ་རྣམ་གང་ཞེ་ན། འདུ་བྱེད་རྣམས་ནི་གསུམ་སྟེ། ལུས་ཀྱི་འདུ་བྱིད་དང་། དག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་རྣམས་སོ།། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པ་ཤེས་པ་ཞེས་བྱ་བ་ལ། རྣམ་པར་ཤེས ་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་རྣམས་ཏེ་ཞེས་འབྱུང་བ་ལྟ་བུའོ།། ཚིག་གི་དོན་བཤད་ཟིན་ཏོ།། ད་ནི་མཚམས་སྦྱར་བ་བཤད་པར་བྱའོ།། དེ་ལ་མཚམས་སྦྱོར་བ་ནི་རྣམ་པ་གཉིས་ཏེ། ་དོན་སྔ་ཕྱི་འབྲེལ་པའི་མཚམས་སྦྱར་བ་ནི་དཔེར་ན་དགེ་སློང་དག་འཕགས་པའི་ཆོས་ཀྱི་ཕྱག་རྒྱ་རྟོགས་པ་དང་། མཐོང་བ་ཤིན་ཏུ་རྣམ་པར་དག་པ་བཤད་པར་བྱའོ་ཞེས་གསུངས་ནས། དགེ་སློང་དག་གང་ཞིག་འདི ་སྐད་དུ། བདག་གིས་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་ཅན་དང་། ཅུང་ཟད་མེད་པ་ཉིད་མ་ཐོབ་པར་ཞེས་འབྱུང་བའི་མཚམས་སྦྱར་བ་གང་ཡིན། དེ་བཞིན་དུ་དེ་ལས་སུ་ཆེན་པོ་འདི་ཚིག་པར་འགྱུར་བ་དང་། མེད ་པར་འགྱུར་བ་དང་། མི་འབྱུང་བ་འགྱུར་བ་གང་ཡིན་པ་གཞི་མཐོང་བ་མ་རྟོགས་པར་སུ་ཞིག་དད་པར་འགྱུར། སུ་ཞིག་ཡིད་ཆེས་པར་འགྱུར། དགེ་སློང་དགེ་སྔོན་འབྱུང་བ་ནི་སྟོན་པ་སྤྱན་ལེགས་ཞེས་བྱ་བ་ཞིག་བྱུང་བར ་གྱུར་ཏོ་ཞེས་འབྱུང་བའི་མཚམས་སྦྱར་བ་ཡང་གང་ཡིན་ཞེས་བྱ་བ་ལ་སོགས་པའོ།། སྔ་ཕྱི་ཉིད་ཀྱིས་གོ་རཱིམ་གྱི་མཚམས་སྦྱར་བ་ནི་དཔེར་ན་འཕགས་པའི་བདེན་པ་རྣམས་ལ་སྭཱ་ཅིའི་ཕྱིར་འབྲས་བུའི་འོག་ཏུ་རྒྱུ་བསྟན ་ལ། དེ་བཞིན་དུ་བསླབ་པ་གསུམ་རྣམས་ལས་ཀྱང་ཅིའི་ཕྱིར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་འོག་ཏུ་ཏིང་ངེ་འཛིན་དང་ཤེས་རབ་བསྟན་ཞེས་བྱ་བ་ལྟ་བུའོ།། དཔེར་བརྗོད་པའི་མདོ་སྡེའི་དུམ་བུ་འདི་རྣམས་ཀྱི་མཚམ ་སྦྱར་བ་ནི་ཇི་ལྟར་རིག་པར་བྱ་ཞེ་ན། འཕགས་པའི་ཆོས་ཀྱི་ཕྱག་རྒྱ་སྟེ་རྟོགས་པར་བཤད་པར་བྱའོ་ཞེས་གསུངས་ནས། དགེ་སློང་དག་གང་ཞིག་འདི་སྐད་དུ་ཞེས་བྱ་བ་ནི་རེ་ཞིག་གང་ཞིག་རྟོགས་པ་བརྗོད་པར ་བཞེད་པའི་འཕགས་པའི་ཆོས་ཀྱི་ཕྱག་རྒྱ་དེ་འཆད་པ་ཡིན་ཏེ། འདྲ་ནི་དེའི་མཚམས་སྦྱར་བ་ཡིན་ནོ།། གཞི་མཐོང་བ་མ་གཏོགས་པར་སུ་ཞིག་དད་པར་འགྱུར། སུ་ཞིག་ཡིད་ཆེས་པར་འགྱུར་ཞེས་གསུངས ་ནས་སྤྱན་ལེགས་ཀྱི་སྐྱེས་པའི་རབས་བསྟན་པ་ནི་བདག་ཉིད་ལ་དད་པ་ཉིད་དུ་འགྱུར་བར་ཡིད་ཆེས་པར་བྱ་བའི་ཕྱིར་རོ།། དོན་འདི་སྟོན་ཏེ། དེའི་ཚེ་ན་ཡང་ངས་ཉན་ཐོས་རྣམས་ལ་མ་བསླུས་ན་ད་ལྟ་སྨོས་ཀྱིར་ཅི་དགོས་ཞེས་བྱ་བའོ།། ་མི་རྟག་པ་ཉིད་བསྟན་པ་དེ་ཡང་དོན་ཆེ་བ་ཉིད་དང་། རྙེད་པར་དཀའ་བ་ཉིད་དུ་ཡོངས་སུ་བསྟན་པའི་ཕྱིར་ཏེ། འོ་ང་ནི་དེའི་མཚམས་སྦྱར་བ་ཡིན་ནོ།། འཕགས་པའི་བདེན་པ་རྣམས་ཀྱི་བཤད་པའི་མཚམས་སྦྱར་བ་ནི་ཇི་ལྟར ་མངོན་པར་རྟོགས་པ་བཞིན་དུ་ཡིན་ཏེ། སྡུག་བསྔལ་སྡུག་བསྔལ་ཉིད་དུ་མཐོང་ནས་འདི་ག་ལས་བྱུང་ཞེས་རྒྱུ་ཀུན་ཏུ་འཆོལ་བར་བྱེད་དོ།། དེ་ནས་དེ་འགོག་པ་ལའོ།། དེ་ནས་འགོག་པའི་ཐབས་ལ་སྟེ།། དེ་ལྟར་ན་ནད་དང ་དེའི་གཎྜཱི་དང་། ནད་མེད་པ་ཉིད་དང་། སྨན་འཆིལ་བའི་ཚུལ་བྲིས་སྒྱུ་མ་སྔ་མ་ལ་རྣམ་པར་དཔྱོད་པའི་ཕྱིར་འཕགས་པའི་བདེན་པ་རྣམས་ཇི་ལྟར་མངོན་པར་རྟོགས་པ་དེ་ལྟར་བཤད་པ་ཡིན་ཏེ། འདོན་དེའི་མཚམས་སྦྱར ་བ་ཡིན་ནོ།། བསླབ་པ་གསུམ་རྣམས་ཞེས་བྱ་བ་ནི་འདིར་ཚུལ་ཁྲིམས་དང་ལྡན་ན་སེམས་མཉམ་པར་འཇོག་གོ། སེམས་མཉམ་པར་བཞག་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་འབྱུང་བས་འདི་ནི་དེའི་མཚམས ་སྦྱར་བ་ཡིན་ནོ།། གཞན་ཡང་དྷ་རྣམ་པ་བཅུ་དག་གིས་བསླབ་པ་རྣམ་པ་གསུམ་དག་བརྗོད་པར་བྱའོ།། ཡང་ནི་གོ་རིམ་དེ་གཉིས་བཟང་པོ་ཡིན་ནོ།། སྡོམ་བརྩོན་རྣམ་པ་གསུམ་གྱི་རྒྱུ་ཉིད་ཀྱིས་ཡིན་ཏེ། སྡོམ་བརྩོན་རྣམ་པ་གསུ། ་ནོན་འཆལ་པའི་ཚུལ་ཁྲིམས་ཡང་དག་པར་སྡོམ་པའི་ཕྱིར་དང་། ཡུལ་ལ་ཡང་དག་པར་སྡོམ་པོའི་ཕྱིར་དང་། ཉོན་མོངས་པ་ཡང་དག་པར་སྡོམ་པའི་ཕྱིར་རོ།། ཚངས་པར་སྤྱོད་པ་རྣམ་པ་གསུམ་གྱི་རྒྱུ་ཉིད་ཀྱིས་ཀྱང་ཡིན་ཏེ། ་ཚངས་པར་སྤྱོད་པ་རྣམ་པ་གསུམ་ནི་སྤོང་བ་ཡང་དག་པོར་ལེན་པ་དང་། དེ་བར་སྐབས་སུ་སྤོང་བ་དང་། དེ་གཏན་དུ་སྤོང་བའོ།། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོས་ཀྱང་ཡིན་ཏེ། ཀུན་ནས་ཉོན་མོངས་པ་རྣམ་པ ་གསུམ་ནི་སྡིག་པ་བྱེད་པ་རྣམས་ཀྱིས་ཉེས་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་དང་། དེ་ལས་གཞན་པའི་འདོད་པ་ཅན་རྣམས་ཀྱི་སྲེད་པའི་ཀུན་ནས་ཉོན་མོངས་པ་དང་། མུ་སྟེགས་ཅན་རྣམས་ཀྱི་ལྟ་བའི་ཀུན་ནས་ཉོན་མོངས ་པའོ།། ངན་འགྲོ་དང་བདེ་འགྲོ་གནོད་པ་དང་བཅས་པ་དང་། གནོད་པ་མེད་པའི་གཉེན་པོས་ཀྱང་ཡིན་ནོ།། དེ་ལ་ངན་འགྲོ་ནི་དྲན་སོང་རྣམས་ཡིན་ནོ།། བདེ་འགྲོ་གནོད་པ་དང་བཅས་པ་ནི་འདོད་པ་ན་སྤྱོད་པའི་ལྷ་དང་མི་རྣམས ་སོ།། གནོད་པ་མེང་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་སོ།། ལས་ནག་པོ་དང་། འདྲེན་མ་དང་དཀར་པོའི་གཉེན་པོས་ཀྱང་ཡིན་ཏེ། ནག་པོ་ནི་སེམས་ཅན་དམྱལ་བར་སྣང་བར་རྣམ་པར་སྨིན་པར་བྱེད ་པ་ཡིན་ནོ།། འདྲེན་མ་ནི་དེ་ལས་གཞན་པའི་འདོད་ཁམས་སུ་རྣམ་པར་སྨིན་པར་བྱེད་པ་ཡིན་ནོ།། དཀར་པོ་ནི་གཟུགས་དང་གཟུགས་མེད་པར་རྣམ་པར་སྨིན་པར་བྱེད་པ་ཡིན་ནོ།། ཉོན་མོངས་པའི། ་གནས་སྐབས་གསུམ་གྱིས་གཉེན་པོས་ཀྱང་ཡིན་ཏེ། ཉོན་མོངས་པའི་གནས་སྐབས་གསུམ་ནི་ཟིལ་གྱིས་གནོན་པའི་གནས་སྐབས་དང་། ཀུན་ནས་རྒྱུ་བའི་གནས་སྐབས་དང་། བག་ལ་ཉལ་གྱི་གནས་སྐབས་སོ།། ་དེའི་གཉེན་པོ་ཉིད་ནི་དུག་གི་ལྗོན་ཤིང་ར་བས་བསྐོར་བ་དང་གཅད་པ་དང་དབྱུང་བའི་ཚུལ་གྱིས་ཡིན་ནོ།། སྡིག་པ་དང་འདོད་པ་དང་དྲག་པོ་སྤྱོད་པའི་གཉེན་པོས་ཀྱང་ཡིན་ཏེ། རབ་ཏུ་བྱུང་བས་མཐའ་གཉིས་ལ་བསྙེན ་པར་མི་བྱ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། བདེ་འགྲོ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པའི་རྒྱུ་ཉིད་ཀྱིས་ཀྱང་ཡིན་ནོ།། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ ་བའི་རྟེན་ཉིད་ཀྱིས་ཀྱང་ཡིན་ནོ།། གཉིས་འབྱུང་བའི་རྒྱུ་ཉིད་དང་མཉམ་པར་འཇོག་པ་དང་། རྣམ་པར་གྲོལ་བར་བྱེད་པས་ཀྱང་ཡིན་ཏེ། གཅིག་གིས་ནི་གཉིས་སྐྱེ་བའི་རྒྱུ་ཉིད་ཡིན་ལ། གཉིས་པས་ནི་སེམས ་མཉམ་པར་མ་བཞག་པ་མཉམ་པར་འཇོག་པར་བྱེད་པ་ཡིན་ཞིང་གསུམ་པས་ནི་སེམས་མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ།། བསྡུས་པའི་ཚིགས་སུ་བཅད་པ་ནི།། སྡོམས་བརྩོན་ཚངས ་སྤྱོད་ཀུན་ཉོན་མོངས། འགྲོ་དང་ལམ་རྣམ་གསུམ་ཕྱིར་དང་།། ཉོན་མོངས་སྐབས་དང་སྤྱོད་དང་དག། རྟེན་དང་བྱེད་རྣམ་གསུམ་ཕྱིར་རོ།། མཚམས་སྦྱར་བ་བཤད་ཟིན་ཏོ།། བརྒལ་བ་ནི་རྣམ་པ་གཉིས་ཏེ། སྒྲ་ལ་བརྒྱལ་བ ་དྲང་དོན་ལ་བརྒལ་བའོ།། འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བཞུགས་ཟིན་ཀྱང་། ཤཱ་རིའི་བུ་ཁྱོད་ང་གཟོད་དང་གང་ནས་འདི་འོང་། བརྟན་པ་ངོ་གཟོད་ཐིབས་པོའི་ཚུལ་ནས་གདུགས་ལ་མཆིས་པ་ལས་མཆི་མཆིའོ། ་ཞེས་བྱ་བའི་སྦྱོར་བ་འདི་ནི་ད་ལྟར་བྱུང་བ་བཞིན་དུ་འདས་པའི་དུས་ལ་བྱ་བ་རིགས་པ་མ་ཡིན་ནོ།། དེ་བཞིན་དུ་ཚེ་དང་ལྡན་པ་གསུས་པོ་ཆེ་ཆེན་པོ་རབ་ཏུ་ཤེས་པར་བྱེད་ཅིང་རབ་ཏུ་ཤེས་པར་བྱེད་པས་ན་དེའི་ཕྱིར་ཤེས་རབ ་ཅེས་བྱའོ།། རྣམ་པར་ཤེས་པར་བྱེད་ཅིང་རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ཡང་དངོས་པོ་ཙམ་ལ་ལས་དང་བཅས་པའི་བྱེད་པ་པོར་བཤད་པ་ནི་རིགས་པ་མ་ཡིན་ཏེ། དཔེརླན་འགྲོ་བ ་གྲོང་དུ་འགྲོ་བར་བྱེད་ཅེས་བྱ་བ་ལྟོ་བུའོ།། འདི་ལྟར་ཤེས་རབ་དང་རྣམ་པར་ཤེས་པ་གཉིས་ལས་གཞན་པ་གང་ལས་བལྟོས་ནས་དེ་གཉིས་ལ་བྱེད་པ་པོར་བཤད་པའི་བྱ་བ་ནི་འགའ་ཡང་མེད་དོ།། དེ་བཞིན་དུ་མིག་དང་། ་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བོ་ཞེས་བྱ་བའི་སྦྱོར་བ་འདི་ཡང་རིག་པ་མ་ཡིན་ཏེ། བྱེད་པ་པོ་གཅིག་པུ་དག་ལ་བྱ་བ་གཉིས་ཤིག་ཡོད་ན་ནི་དུས་སྔ་མ་ཤོས་ཀྱི་བྱ་བ་ལ་དེ་ལྟ་བུའི་སྦྱོར་བ་ཡང ་འབྱུང་སྟེ། དཔེར་ན་མཁར་བ་ལ་འཇུས་ནས་ལྡང་བ་ལྟ་བུ་འམ། གཞན་དང་གཞན་ཕྲད་པ་ལ་ནི་དཔེར་ན་ཆུ་བརྒལ་ནས་རཾ་ཡོད་དོ་ཞེས་བྱ་བ་ལྟ་བུ་ཡིན་ན། རྣམ་པར་ཤེས་པ་ནི་གང་ཞིག་གིས ་བརྟེན་ནས་ཕྱིས་སྐྱེ་བར་འགྱུར་བའི་སྐྱེ་བ་སྔ་རོལ་ན་ཡང་མེད་ཅིང་འདི་ལ་གཞན་དང་གཞན་ཕྲད་པ་ཡང་མེད་པར་བསམས་སོ།། དེ་བཞིན་དུ་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ ་བཞི་ངག་དང་འབྱུང་བ་ཆེན་པོ་བཞི་དོག་རྒྱུར་བྱས་པའོ་ཞེས་ནི་གསུངས་ཤིང་ཚོར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་ཚོར་བའི་ཚོགས་དྲུག་གོ་ཞེས་ནི་མ་གསུངས་ལ། དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་རྣམས ་ལས་བ་ཅུ་ཆེར་དང་བཅུ་གཙུག་པའི་ཕྱོགས་ཀྱང་གཟུགས་ཡིན་བཞིན་དུ་གཅིག་པུ་ཞིག་གཟུགས་ཀྱི་སྐྱེ་མཆེད་དུ་གསུངས་པ་ཡང་མཚན་ཉིད་འདྲ་བ་ལ་དོགས་པ་མེད་པར་བྱེ་བྲག་ཏུ་བཤད་པ་ནི་རིགས་པ་མ ་ཡིན་ནོ།། སྒྲ་ལ་བརྒལ་བ་ནི་རྣམ་པ་དེ་ལྟ་བུ་ཡིན་ནོ།། དོན་ལ་བཱརྒལ་བ་ཡང་རྣམ་པ་གཉིས་ཏེ། སྔ་ཕྱི་འགལ་བར་བརྒལ་བ་དང་། རིགས་པ་དང་འགལ་བར་བརྒལ་བའོ།། དེ་ལ་སྟི་ཕྱི་འགལ་བར་བརྒལ་བ ་ནི་དཔེར་ན་ཁ་ཅིག་ལས་འདི་སྲིད་དུ་སེམས་ཞེས་བྱ་བ་འམ། ཡིད་ཅེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་འབྱུང་བ་གང་ཡིན་པ་དེ་ནི་མཚན་མོ་དང་ཉིན་མོ་དེ་དང་དེ་དག་འདས་ཤིང་སྐད་ཅིག་དང་། ཐང་ཅིག ་དང་། ཡུད་ཙམ་དེ་དང་དེ་དག་འདས་པས་རྣམ་པ་དུ་མ་དང་། རྣམ་པ་སྣ་ཚོགས་མང་པོ་གཞན་སྐྱེ་ཞིང་སྐྱེ་ལ། གཞན་འགག་ཅིང་འགག་གོ་ཞེས་བྱ་བ་གསུངས་པ་དང་། ཁ་ཅིག་ལས་ཡང་འདི་སྐད་དུ་སེམས་ཞེས ་བྱ་བ་འམ། ཡིད་ཅེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་འབྱུང་བ་གང་ཡིན་པ་དེ་ནི་ཡུན་རིང་པོ་ནས་དད་པས་ཡོངས་སུ་བསྒོས། ཚུལ་ཁྲིམས་དང་། གཏོང་བ་དང་། ཤེས་རབ་ཀྱིས་ཡོངས་སུ་བསྒོས་པས། ་ཚེ་རབས་པ་མ་ལ་གོང་དུ་འགྲོ་ཞིང་ཁྱད་པར་དུ་འགྲོ་བ་དང་། མཐོ་རིས་སུ་ཉེ་བར་འགྲོ་བ་ཡིན་ནོ་ཞེས་གསུངས་པ་ལ་ཇི་ལྟར་ན་སེམས་སྐད་ཅིག་པ་ཚེ་ཕྱི་མ་ལ་གོང་དུ་འགྲོ་བར་འགྱུར། དེ་བཞིན་དུ་ཁ་ཅིག་ལྔས ་པགས་པའི་བདེན་པ་བཞི་དག་ཅེས་གསུངས་པ་དང་། ཁ་ཅིག་ལས་བྲམ་ཟེའོ་བདེན་པ་གསུམ་དག་ཅེས་གསུངས་པ་དང་། ཁ་ཅིག་ལས་བདེན་པོ་ནི་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི ་བདེན་པའོ་ཞེས་གསུངས་པ་དང་། ཁ་ཅིག་ལས་བདེན་པ་ནི་གཅིག་ཁོ་ན་སྟེ་གཉིས་པ་མེད་དོ་ཞེ་ས་གསུངས་པ་དང་། དེ་བཞིན་དུ་ཁྭ་ཅིག་ལས་མི་རྣམས་ཀྱིས་ནི་འདི་ན་བསོད་ནམས་དང་། སྡིག་པ་གང ་ཡིན་གཉིས་ཀ་བྱེད་པ་སྟེ། དེའི་བདག་གིར་བྱ་བ་ཡིན་ཞིང་དེས། དེ་ཡང་ཁྱེར་ཏེ་འགྲོ་བར་བྱེད་པ་ཡིན་ཞེས་གསུངས་པ་དང་། ཁ་ཅིག་ལས་ཀྱང་ཡོད་རྣམ་པར་སྨིན་པ་ཡང་ཡོད་ལ་བྱེད་པ་པོ་མི་དམིགས ་སོ་ཞེས་གསུངས་པ་དེ་ལྟ་བུའི་རང་བཞིན་ནི་སྔ་ཕྱི་འགལ་བར་བརྒལ་བ་ཡིན་ནོ།། རིགས་པ་དང་འགལ་བར་བརྒལ་བ་ནི་དཔེར་ན་གཟུགས་གང་ཡིན་པ་ཅི་ཡང་རུང་བ་ཐམས་ཅད་འབྱུང་བ་ཆེན་པོ ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བྱ་བ་ལི་ཅི་འདི་རྫས་ཀྱི་དབང་དུ་མཛད་དེ་གསུངས་སམ་འོན་ཏེ་གོང་བུ་འམ་འོན་ཏེ་རིགས་ལས་ཤེ་ན། དེ་ལས་ཅིར་འགྱུར། གལ་ཏེ་རྫས་ལས་ཡིན་ན་ནི་འབྱུང ་བཔ་དང་འབྱུང་བ་ལས་གྱུར་པ་རྣམས་ཀྱི་སོ་སོའི་མཚན་ཉིད་མེད་པར་ཐལ་བར་འགྱུར་ཏེ། ཐམས་ཅད་ཀྱང་མཚན་ཉིད་ཐམས་ཅད་དུ་འགྱུར་བའི་ཕྱིར་དང་། དབང་པོ་ཐམས་ཅད་ཀྱིས་འཛིན་པར་ཐལ་བར་འགྱུར་རོ།། ་འོན་ཏེ་གོང་བུ་ལས་ཡིན་ན་གཟུགས་འདུས་པ་ཐམས་ཅད་ལ་འབྱུང་བ་བཞི་ཆར་དམིགས་པར་ཐལ་བར་འགྱུར་ན་འོད་དག་ལ་ཡང་སྲ་བ་མི་དམིགས་ལ་ཆུ་ལ་ཡང་མ་ཡིན་ནོ།། ཉི་མའི་འོད་ལ་ཡང་གཤེར་བ་མེད ་ལ་ཟླ་བའི་འོད་ལ་ཡང་ཚ་བ་མེད་དོ།། ནོར་བུའི་འོད་ལ་གཉིས་ཀ་མེད་ཅིང་རྡོ་བ་ལ་སོགས་པ་དག་ལ་ཡང་མེད་དོ།། བརྟན་པ་དག་ལ་ཞིང་གཡོ་བ་མེད་དོ།། དེ་རྣམས་དམིགས་པ་ལ་བགེགས་བྱེད་པ་ནི་འགའ་ཡང ་མེད་དོ།། ཇི་ལྟར་མེད་དེ། འབྱུང་བ་གཞན་ཤས་ཆེ་བས་འབྱུང་བ་གཞན་ཟིལ་གྱིས་ནོན་ན་མི་དམིགས་ཏེ། དཔེར་ན་སྦྱར་བའི་རོས་ཆུ་ལྟ་བུ་དང་། ཉི་མའི་འོད་ཀྱིས་ཟླ་བའི་འོད་ལྟ་བུའོ་ཞེ་ན། ཡོད་པར་རབ་ཏུ་གྲུབ་ན ་ནི་འདི་ཤེས་པར་ཡང་ནུས་ན་ཡོད་པར་རབ་ཏུ་གྲུབ་པ་མ་ཡིན་ཏེ། ཐམས་ཅད་ལྟ་ཁ་དོག་ལ་སོགས་པའི་བྱེ་བྲག་ཐམས་ཅད་ཡོད་པར་ཐལ་བར་གྱུར་ན་མི་རུང་བས་སོ།། འོད་ལ་སོགས་པ་གང་ལ་ཡང་སྲ་བ་ལ་སོགས་པ ་ཉིད་ཡོད་པར་རབ་ཏུ་གྲུབ་པ་མ་ཡིན་ན། དེ་དག་མི་དམིགས་པ་ནི་མེད་པའི་ཕྱིར་མ་ཡིན་གྱི་ཟིལ་གྱིས་ནོན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་པར་བྱ། ཆུ་སྒྱུར་བ་བཏབ་ཀྱང་དེའི་རོ་ནི་དམིགས་པ་ཁོ་ན་ཡིན་ཏེ། ་འཛིན་པ་ཐུ་དད་པའི་ཕྱིར་རོ།། འོ་ན་ནི་ཆུ་དང་རྡོ་ལ་སོགས་པ་རྣམས་ལ་ཡང་རྐྱེན་གྱིས་ཁྱད་པར་དང་ཕྲད་པས་མཚན་ཉིད་ལྟོས་པའི་ཕྱིར་སྲ་བ་ཉིད་དང་། གཤོར་བ་ཉིད་དང་། ཚ་བ་ཉིད་དག་དམིགས་པ་ཡིན་ཏེ། སའི ་དྲི་དག་བཞིན་ནོ་ཞེ་ན། མཚན་ཉིད་ལྟས་པའི་ཕྱིར་ཡིན་གྱི་སྐྱེས་པའི་ཕྱིར་མ་ཡིན་པ་འདི་ཇི་ལྟར་ཤེས་པར་བྱ། དེ་ལྟ་ན་ནི་ཧཱ་ཅང་ཐལ་ཚོས་པར་འགྱུར་ཏེ། རེག་བྱ་གཞན་བཞིན་དུ་གཟུགས་དང་དྲི་དང་རོ་གཞན་རྣམས ་དང་། སྒྲ་ཡང་རྐྱེན་རྙེད་པས་དམིགས་པའི་སྔ་རོལ་ནས་ཡོད་པ་ཉིད་དུ་བལ་བའི་ཕྱིར་རོ།། མདོ་སྡེ་གཞན་ལས་ཀྱང་དགེ་སློང་བསམ་གཏན་བྱེད་པ་ཡིན་ཞིང་རྫུ་འཕྲུལ་དང་ལྡན་པ་ཡིན་ལ། སེམས་ལ་དབང་ཐོབ་པ ་ཡིན་ན་ཤིང་གི་སྡོང་པོ་འདི་ལ་ཁམས་གང་དང་གང་དུ་མོས་པ་དེ་ཡང་དེ་ལ་དེ་བཞིན་དུ་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཤིང་གི་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་པས་སོ་ཞེས་གསུངས ་པའོ།། དེ་ལྟར་ན་རྐྱེན་གྱི་ཁྱད་པར་དང་ཕྲད་ན་སྲ་བ་ཉིད་ལ་སོགས་པ་དག་རང་རང་གི་ཁམས་ལས་འབྱུང་བར་འགྱུར་རོ།། ཁམས་དག་དུམ་བུ་དག་ཀྱང་མ་ཡིན་ཏེ། ཆ་ཤས་གཅིག་ལ་ཡང ་ཇི་ལྟར་མོས་པ་བཞིན་དུ་ཡོངས་སུ་འགྱུར་བའི་ཕྱིར་དང་། དེ་ལ་ཡང་དུམ་བུ་མཐའ་ཡས་པ་མི་སྲིད་པའི་ཕྱིར་རོ།། སའི་དྲི་ནི་སྔ་ནས་ཀྱང་དམིགས་པ་ཉིད་ཡིན་ན་ཆུས་གཏོར་ན་རྟས་པར་འགྱུར་བར་ཤེས་པར་ནུས ་སོ། གང་ཞིག་རྐྱེན་དང་ཕྲེད་བས་རྒྱས་པར་གྱུར་པར་ཤེས་པར་རུང་བ་སྲ་བ་ལ་སོགས་པ་རྣམས་ནི་རྐྱེན་མེད་ན་ཆུ་ལ་སོགས་པ་རྣམས་ལ་དེ་ལྟར་ཡོད་པར་མི་དམིགས་སོ།། དེ་བས་ན་གོང་བུར་བཤད་པ་ལ ་སྦྱིན་གྱི་གནས་སྐབས་དེ་ཉིད་ཡིན་ནོ།། འོན་ཏེ་རིགས་ལས་སོ་ཞེ་ན། རྒྱུར་བྱས་པའི་གཟུགས་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དགེ་རྒྱུར་བྱས་པ་མ་ཡིན་པར་འགྱུར་ཏེ། འདུས་པ་ཁ་ཅིག་ལས་འབྱུང་བ་ཆེན་པོ ་ཁྲོ་ཅིག་ཡོད་པར་ཁས་མ་བླངས་པའི་ཕྱིར་རོ།། དེ་ལྟར་ན་ནི་མདོ་སྡེ་དང་འགལ་ཏེ་སྐྱེ་མཆེད་སོ་སོ་བའི་མདོ་སྡེ་ལས་སྐྱེ་མཆེད་དགུ་པོ་རྣམོས་ནི་རེ་རེ་ཡང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བཤད་པའི ་ཕྱིར་དང་། ལག་པ་རྡོབ་པ་ལྟ་བུ་ལས་ཀྱང་མིག་གི་ཤིའི་གོང་བུ་ལེ་འབྱུང་བ་ཆེན་པོ་བཞི་དག་ཡོད་པར་བཤད་པའི་ཕྱིར་རོ།། མདོར་ན་རིགས་པ་ནི་འདིར་ཚད་མ་རྣམ་པ་གསུམ་པོ་མངོན་སུམ་དང་རྗེས་སུ་དཔག ་པ་དང་ཡིད་ཆེས་པའི་གསུང་ངོ་།། དེ་དག་ལས་གང་ཡང་རུང་བ་ཞིག་དང་འགལ་བར་བརྒལ་བ་ཡང་རིག་པ་དང་འགལ་བར་བརྒལ་བ་ཡིན་པར་རིག་པར་བྱའོ།། དཔེར་ན་དགེ་སློང་དག་གཟུགས་འདས་པ་ཡོད་དོ།། ་གཟུགས་མ་འོངས་པ་ཡོད་དོ།། འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། ཡོངས་སུ་གྱུར་པ་གང་ཡིན་པ་དེ་ཡོད་དོ་ཞེས་བྱ་བ་ནི་མངོན་སུམ་དང་འགལ་བ་ཡིན་ནོ།། འདི་ལྟར་འདས་པ་དང་མ་འོངས ་པ་ནི་མེད་པ་ཉིད་ཡིན་པར་མངོན་སུམ་ཡིན་ཏེ། དཔེར་ན་རུ་སྦལ་གྱི་སྤུ་བཞིན་ནོ།། འདས་པའང་ཡིན་ལ་ཡོད་པའང་ཡིན་ཞེས་བྱ་བ་འདི་སྤུ་ཕྱི་འགལོ་བ་ཡང་ཡིན་ཏེ། གལ་ཏེ་ཡོད་ན་ཇི་ལྟར་འདས་པ་ཡིན། མ་འོངས་པ ་ཡང་དེ་དང་འདྲའོ།། མདོ་སྡེ་གཞན་ལསཱ་མིག་སྐྱེ་བ་ན་གང་ནས་ཀྱང་མི་འོང་ལ། འགག་པ་ན་གང་དུ་ཡང་སོགས་པར་མི་འགྲོའོ།། དགེ་སློང་དག་དེ་ལྟར་ན་མིག་གི་མ་སྐྱེས་པ་ལས་སྐྱེ་ཞིང་སྐྱེས་ནས་ཀྱང་འཇིག་གོ་ཞེས ་གསུངས་པས་དེ་དང་འདིར་འགལ་བ་ཡིན་ནོ།། གཟུགས་རྣམས་ཀྱི་ངེས་པར་འབྱུང་བ་ནི་གཟུགས་མེད་པའོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། ཚོར་བ་ལ་སོགས་པ་རྣམས་ནི་གཟུགས་ལ ་རག་ལས་ཏེ་སྐྱེ་བར་མཐོང་བའི་ཕྱིར་རོ།། དེ་བཞིན་དུ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་ན་ལོངས་སྤྱོད་ཆེན་པོ་ཉིད་འགྲུབ་པར་འགྱུར་རོ་ཞེས ་བྱ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། སེར་སྣ་ཅན་ལ་ཕྱག་པ་དང་། གཏོང་བ་ལ་དབུལ་པོ་ཡང་སྣང་སྟེ། སེར་སྣ་ཅན་ཡང་ཕྱུག་པོ་ཉིད་ཡིན་པའི་ཕྱིར་དང་། གཏོང་བ་ཡང་དབུལ་བྱ ་ཉིད་ཡིན་པའི་ཕྱིར་རོ།། སྦྱིན་པ་ལ་གོམས་ན་ཡང་སེར་སྣ་ཅན་དུ་འགྱུར་བ.རི་མི་འོས་ལོ་སྦྱིན་པ་ལ་མ་གོམས་ན་ཡང་གཏོང་བ་དང་ལྡན་པ་མ་ཡིན་ནོ།། དེ་བཞིན་དུ་གང་ཞིག་སྐྱེ་བོའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ་མངོན ་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པའི་གང་ཟག་ཡོད་དོ་ཞེས་བྱ་བ་ཡང་རྗེས་སུ་དཔོག་པ་དང་འགལ་བ་ཡིན་ཏེ། གང་ཞིག་ས་གང་དུ་སྐྱེ་བའི་སྲིད་པ་ལས་འདོད་ཆགས་དང་བྲལ་བ་ཡིན་ནོ།། དགེ་བསྙེན་གྱི ་བསླབ་པོའི་གཞི་ལྔ་ཞེས་བྱ་བ་སོ་སོའི་ཚིག་གི་དོན་རབ་ཏུ་དབྱེ་བ་བཤད་པ་དེ་ལས་ཆང་འཐུང་བ་བཅང་བའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་ལུང་དང་འགལ་བ་ཡིན་ཏེ། ལུས་ཀྱི་ཉེས་པར་སྤྱད་པ་རྣམ ་པ་བཞི་སྟེ། སྲོག་གཅོད་པ་ནས་མྱོས་པར་འགྱུར་བའི་ཁུ་བ་ཚོང་འཐུང་བ་ཡིན་ནོ་ཞེས་བྱ་བའི་བར་དུ་འབྱུང་བས་བཅད་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ནཱི་ཉེས་པར་སྤྱོད་པ་ཡིན་ནོ་ཞེས་མི་བརྗོད་དོ།། དྲི་བཞིན་དུ ་ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་གང་བཤད་པ་ཡང་རུང་དང་འགལ་བ་ཡིན་ཏེ། ཁ་ཅིག་ན་རེ་མདོ་སྡེའི་ལེའུ་གྲངས་རྒྱས་པ་རྣམས་ནི་ཤིན་ཏུ་རྒྱས་པོའི་སྡེ་ཡིན་གྱི་ཐེག་པ་ཆེན་པོ་ནི་མ་ཡིན ་ནོ་ཞེས་ཟེར་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ།། ཇི་ལྟར་སངས་རྒྱས་ཀྱི་གསུང་མ་ཡིན་ཞེ་ན། འགལ་བའི་ཕྱིར་ཏེ། དེ་ནི་སྡེ་པ་ཐམས་ཅད་ལ་གྲུགས་པའི་སངས་རྒྱས་ཀྱི་གསུང་དང ་འགལ་བ་ཡིན་ནོ།། འདི་ལྟར་དེ་ལས་ནི་ཆོས་ཐམས་ཅད་ནི་རང་བཞིན་མེད་པ། མ་སྐྱེས་པ། མ་འགགས་པ། ཆོས་ཐམས་ཅད་ནི་གཟོང་མ་ནས་ཞི་བ། རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས ་བྱ་བ་དང་། དེ་བཞིན་དུ་རབ་འབྱོར་གཟུགས་ནི་དངོས་པོ་མེད་དོ།། རབ་འབྱོར་བྱང་ཆུབ་ཀྱི་བར་དུ་ཡང་དངོས་པོ་མེད་དོ་ཞེས་འབྱུང་ལ། སྡེ་པ་ཐམས་ཅད་ལ་གྲགས་པའི་སངས་རྒྱས་ཀྱི་གསུང་ལས་ནི་བཅོམ ་ལྡན་འདས་ཀྱི་མ་རིག་པ་གང་ཞེ་ན། གང་དེ་དང་སྔོན་གྱི་མཐའ་མི་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས། རྒ་ཤིའི་བར་དུ་ཆོས་རྣམས་ཀྱི་རང་བཞིན་ཡང་བསྟན། འདི་ཡོད་པས་འདི་འབྱུང་། འདི་སྐྱེས ་པའི་ཕྱིར་འདྲི་སྐྱེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ། འདུ་བྱེད་འདི་དགྲ་ཐམས་ཅད་ནི་འདས་པ་ཟད་པ་འགགས་པ་བྲལ་བ་ཡོངས་སུ་གྱུར་པའོ།། ཀྱེ་མེ་འདུ་བྱེད་རྣམས ་མི་རྟག། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན།། སྐྱེས་ནས་འཇིག་པར་འགྱུར་བས་ན།། དེ་དག་ཉེ་བར་ཞི་བ་བ་། དགེ་སློང་དག་འདི་ལྟ་སྟེ། འདུ་བྱེད་རྣམས་ནི་སྡུག་བསྔལ་བའོ།། མྱ་ངན་ལས་འདས ་པ་ནི་ཞི་བའོ་ཞེས་བྱ་བ་དང་། རྒྱུ་ཀུན་འབྱུང་བ་ལས་སྡུག་བསྔལ་ཀུན་འབྱུང་བ་ཡིན་ལ། རྒྱུ་འགགས་པ་ལས་སྡུག་བསྔལ་འགོག་པ་ཡིན་ནོ།། རྒྱུ་དང་བཅས་པས་བདེ་འགྲོར་འགྲོ། རྒྱུར ་བཅས་ཉིད་ཀྱིས་ངན་འགྲོར་ཏེ།། རྒྱུ་དང་བཅས་པས་མྱ་ངན་འདའ།། འདི་ཀུན་རྒྱུ་དང་བཅས་ལས་འབྱུང་ཞེས་བྱ་བ་དང་། དེ་བཞིན་དུ་གཟུགས་ནི་མི་རྟག་པ་སྡུག་བསྔལ་བ་འགྱུར་བའི་ཆོས་ཅན་ནོ་ཞེས་བྱ་བ་དང ་འཇིག་རྟེན་ན་མཁས་པ་རྣམས་ཀྱི་ཡོད་པར་འདོད་པ་གང་ཡིན་པ་དེ་ནི་ང་ཡང་ཡོད་པར་སྨྲའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འབྱུང་བས་སྐྱེ་བ་ལ་སོགས་པ་ཡང་བསྟན་ཏོ།། དེའི་ཕྱིར་རབ་ཏུ་གྲགས་པོའི ་སངས་རྒྱས་ཀྱི་གསུང་དང་འགལ་བས་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ།། དེ་བས་ན་ཤིན་ཏུ་རྒྱས་པའ་སྡེ་ན་ཐག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་ནི་ལུང་དང་འགལ་བ་ཡིན་ནོ།། བརྒལ་བའི ་ཚུལ་ནི་ང་ཡིན་ནོ།། དེ་ལ་རེ་ཞིག་སྦྱོར་བ་ནི་ད་ལྟར་བྱུང་བ་བཞིན་དུ་འདས་པའི་དུས་ལ་བྱ་པ་རིགས་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ལ་ལན་ནི་འདི་ཡིན་ཏེ། སྦྱོར་བ་ནི་དེ་ལྟར་བྱུང་བ་བཞིན་དུ་དོན་མང་པོ་ཞིག ་ལ་འབྱུང་སྟེ། མ་ཟིན་ཉིད་དང་ཉེ་བོ་ཉིད།། ནུས་དང་རྒྱུན་མི་འཆང་ཉིད་དང་།། དེ་དང་ཆོས་ཉིད་ཡང་དང་ཡང་།། སྲིད་དང་འདོད་རྫོགས་རྣམས་ལ་འབྱུང་།། མ་ཟིན་པ་ཉིད་ལ་ནི་རེ་ལྡེ་བྱེད་དོ་ཞེས་བྱ་བ་ལྟ་བུའོ།། ་ད་ལྟར་བྱུང་བ་དང་ཉེ་བ་ཉིད་ལ་ནི་གང་ནས་འོངས་ཞེས་བྱ་བ་ལྟ་བུའོ།། ནུས་པ་ཉིད་ལ་ནི་ལན་ཅིག་སྨྲས་པས་འཛིན་ཏོ་ཞེས་བྱ་བ་ལྟ་བུའོ།། རྒྱུན་མི་འཆད་པ་ཉིད་ལ་ནི་དེ་ནི་ཤ་ཟའོ་ཞེས་འབྱུང་བ་ལྟ་བུའོ།། དེའི་དང་། ་ཅན་ཉིད་ལ་ནི་རྟ་མི་སྲུན་པ་ནི་སོས་ཟའོ་ཞེས་བྱ་བ་ལྟ་བུའོ།། དེའི་ཆོས་ཉིད་ལ་ནི་སྐྱེས་པ་ཐམས་ཅད་ནི་མཆིའོ་ཞེས་བྱ་བོ་ལྟ་བུའོ།། ཡང་དང་ཡང་ཉིད་ལ་ནི་མཚན་མོ་ཞིང་ལུང་པ་ལུའོ།། ཞེས་བྱ་བ་ལྟ་བུའོ།། ་སྲིད་པ་ལ་ནི་ར་ལས་འདམ་བུ་སྐྱེ་ཞིང་ཞེས་བྱ་བོ་ལྟ་བུའོ།། འདོད་པ་ལ་ནི་སུ་སྐོམ་འཐུང་ཞིང་ཞེས་བྱ་བ་ལྟ་བུའོ།། རྫོགསཽ་པ་ལ་ནི་བྲམ་ཟེ་འདི་ནི་རིག་བྱེད་བཞི་འདོན་ཏོ་ཞེས་བྱ་བ་ལྟ་བུའོ།། དེ་བས་ན་འདས་པ་ཡིན ་ཡང་མདོ་སྡེ་ལས་འབྱུང་བའི་སྦྱོར་བ་ནི་དེ་ལྟོར་བྱུང་བ་དང་ཉེ་བ་ཉིད་ཡིན། པའི་ཕྱིར་ད་ལྷོར་བྱུང་བ་བཞིན་རིག་པར་བྱའོ།། དངོས་པོ་ཙམ་ལ་བྱེད་པ་པོར་བཤད་པོ་ནི་མི་རུང་སྟེ། བྱ་བ་གཞན་མི་སྲིད་པའི ་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་དངོས་པོ་ཞེས་བྱ་བ་འདི་ནི་ཅི་ཞིག་ཡིན། བྱེད་པོ་པོ་ནི་གང་ཞིག་ཡིན། ཇི་ལྟར་ན་བྱེད་པ་པོ་ཉིད་དུ་བཤད་པ་ཡིན། དངོས་པོ་ཞེས་བྱ་བ་ནི་བྱ་བ་ཡིན་ལ་དེ་ལ་རང་དབང ་ཡོད་པ་གང་ཡིན་པ་དེ་ནི་བྱེད་པ་པོ་ཡིན་ཏེ་དཔེར་ན་འགྲོ་བ་ནི་བྱ་བ་ཡིན་ལ་དེ་ལ་རང་དབང་ཡོད་པ་ལྷས་བྱིན་དེ་ནི་བྱེད་པ་པོ་ཡིན་ནོ།། དེ་བྱེད་པ་པོ་ཉིད་དུ་བཤད་པ་ནི་འགྲོ་བར་བྱེད་ཅེས་བྱ་བ་དེ་ལྟ་བུ་ཡིན་ནོ་ཞེ་ན།། ་འོ་ན་ས་བོན་ལས་མྱུ་གུ་འབྱུང་བར་བྱེད་དོ་ཞེས་བྱ་བ་གང་ཡིན་པའི་དངོས་པོ་དེ་ལ་ཇི་ལྟར་བྱེད་པ་པོ་ཉིད་དུ་བཤད། བྱེད་དོ་ཞེས་བྱ་བ་གལ་ཏེ། རང་ཡོད་གསལ་བྱེད་ཡིན་ན་དེ་ཉིད་དངོས།། ཡོད་དེའང ་བདོག་གོ་ཞེས་ནི་ཇི་སྐད་བྱ།། ཇི་ལྟར་རང་ལ་གསོལ་བྱེད་འབྱུང་བ་ལས་བཅས་འགྱུར། ལས་དང་བྱེད་པོ་མོ་ངེས་རང་འཛིན་སྐྱོན་དེར་འགྱུར།། བྱིང་ངོ་ཞེས་བྱ་བ་ནི་མི་འཇིག་ཡིན་པར་མིན།། ཡུལ་གཞན་དུ་གྲིབ ་མ་འགྲོ་བར་བྱེད་དོ།། མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་བྱ་བ་གང་ཡིན་པ་འདི་ལ། ཅི་དེ་གཉིས་ལོ་བྱ་བ་འམ། རང་དབང་ཡོད་པ་འགའ་ཞིག་ཡོད་དམ། ཅི་སྟེ་མེད་ན། གྲིབ་མ་ནི་ཡུལ་གཞན་དུ་འཕོ་བོ ་མེད་དེ། དེའི་རྒྱུ་འདུག་བཞིན་དུ་ཡང་ཉི་མ་འཁོར་བ་དང་རྒྱ་ངོ་རིང་བ་དང་ཉེ་བ་ལས་དེ་འཁོར་བ་དང་ཆེ་བ་དང་ཆུང་བར་འགྱུར་བའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་རང་དབང་ཡོད་པ་ནི་མེད་དོ།། གྲིབ་མ་ཡང་ཅི་ཞིག་ཡིན ་པར་བརྗོད་པར་བྱ་ཞེ་ནཱ། གུང་གིས་ཡུལ་ཉི་མ་དང་བར་དུ་ཆོད་པ་ན་གཟུགས་ཡོད་པ་རྣམས་གསལ་བར་བྱེད་པའོ།། མེ་འབ་བ་ཡང་མི་འཕོ་སྟེ། བུད་ཤིང་གི་རང་གི་ཕྱོགས་བསྲེགས་ནས་དེ་ཉིད་དུ་འཆི ་བཔའི་ཕྱིར་ལ། བུད་ཤིང་གི་ཕྱོགས་ཐ་དད་པ་ལས་མཆེད་པ་དང་། འབྲི་བ་དང་། རྣ་བ་དང་། ཞན་པ་དག་གོས་དེ་ཐ་དད་པའི་ཕྱིར་རོ།། དེའི་ཕྱིར་རང་དབང་ཡོད་པ་ནི་མེད་དོ།། རྣམ་པར་ཤེས་པ་ཡང་གང་གི་རྣམ ་པར་ཤེས་པའི་བྱ་བར་བརྟག་པ་གང་ཞིག་གི་རང་དབང་ཡོད་དེ། འདི་ལྟ་སྟེ། དབང་པོ་དང་ཡུལ་སྣང་བར་གྱུར་པ་དང་ཡིད་ལ་བྱེད་པའི་ཁྱད་བར་གསུམ་ལས་གཞན་རྣམ་པར་ཤེས་པ་སྐྱེད་པར་ནུས་པ་ནི་མ་གྲུབ ་ལ། དེ་རྣམས་ནི་གཅིག་ལ་གཅིག་བལྟོས་པའི་དེ་ལ་རང་དབང་ཡོད་པ་ཉིད་ག་ལ་ཡོད་དེ། དེའི་ཕྱིར་རྣམ་པར་ཤེས་པ་ནི་གང་གི་བྱ་བ་ནི་མ་ཡིན་ནོ།། རྐྱེན་གསུམ་ལས་རྣམ་པར་ཤེས་པོ་ཞེས་བྱ་བའི་རྫས་སྐྱེ་ལ།། ་བྱ་བ་མེད་པར་ཡང་ཡུལ་གང་ལ་སྐྱེ་བ་དེའི་རྣམ་པར་སྐྱེས་པས་ན་དེ་རྣམ་པར་ཤེས་པར་བྱེད་དོ་ཞེས་བྱ་སྟེ། དཔེར་ན་གྲིབ་མ་འགྲོ་བར་བྱེད་དོ།། མི་འབར་ཞིང་འགྲོ་བར་བྱེད་དོ་ཞེས་བྱ་བ་བཞིན་ནོ།། གལ་ཏེ་དེ ་གློཉིས་ལ་བྱ་བ་མེད་ཀྱང་བྱ་བ་ནི་ཡུལ་རེ་རེ་དེ་སྐྱེ་བར་ཁོང་དུ་ཆུད་པ་རྣམས་ཀྱིས་བསམས་ནས་གྲིབོ་མི་འགྲོ་བར་བྱེད་དོ།། མྱེ་འབ་ཞིང་འགྲོ་བར་བྱེད་དོ་ཞེས་བརྗོད་པར་བྱེད་ཀྱི། རྣམ་པར་ཤེས་པ་ལ ་ནི་བསམས་པའི་བྱ་བ་འགའ་ཡང་མེད་དོ།། དེ་བས་ན་འདི་ནི་མི་འདྲའོ་ཞེ་ན། ཁོང་དུ་ཆུད་པ་རྣམས་ཀྱིས་ཀྱང་འགྲོ་བར་བྱེད་དོ་ཞེས་ཟེར་བས། དེ་བསོ་ན་བསམ་པའི་བྱ་བ་མེད་པར་ཡང་དཔེར་ན་གྲིབ་མ་དང ་མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་བྱ་བ་དེ་བཞིན་དུ་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱེད་དོ་ཞེས་བཤད་པ་འདི་ཡོང་མི་རིགས་པ་མ་ཡིན་ནོ།། གལ་ཏེ་དེ་ལྟ་ཡིན་དུ་ཟིན་གྱིས་ཀྱང་སྨྲ་བའི་ཚུལ་དེ་ནི ་མཚན་ཉིད་མེད་པ་ཡིན་ནོ་ཞེ་ན། མཚན་ཉིད་ཇི་ལྟ་བུར་ཇི་ལྟར་བཱ་ཀ་ར་ན་ལས་འབྱུང་བའི་མཚན་ཉིད་བཞིན་ཏེ། དངོས་པོ་དང་བྱེད་པ་དང་གཞི་ལ་རྣམ་པར་ཤེས་པ་ཞེས་བྱ་བ་འདི་འབྱུང་ངོ་། ་ཞེ་ན། བྱཱ་ཀ་ར་ཎའི་ནང་དུ་བརྗོད་པ་དང་། བརྗོད་པར་བྱ་བ་རིལ་གྱིས་མ་ཤེས་པར་སྒྲ་རྣམས་ཀྱི་མཚན་ཉིད་བྱས་པ་འབྱུང་བ་གང་ཡིན་པ་སུས་ཉེས། བྱཱ་ཀཱ་ར་ཎ་ཞེས་བྱ་བ་ཡང་རིག་བྱེད་ཡན་ལག་ཡིན་ལ། ་རིག་བྱེད་ཉིད་ཀྱང་ཉེས་པར་བཤད་པ་ཡིན་ན། བྱཱ་ཀ་ར་ཎ་ལྟ་ཅི་སྨོས། དེ་ལས་སྒྲ་རྣམས་ཀྱི་སྐད་ཀྱི་མཚན་ཉིད་སྨྲས་པ་དེ་ལ་འཕགས་པ་འམ། འཇིག་རྟེན་གྱིས་ཀྱང་རྗེས་སུ་བསྙག་པར་ཅིག་ནུས་རེ་སྐན། ་འཇིག་རྟེན་ན་ཡང་ཚིག་གི་ཚུལ་དེ་ཡོད་དོ།། །། བམ་པོ་དྲུག་པ།། གང་གི་ཡོན་ཏན་དང་ནི་སྐྱོན་དག་རྟོགས་པར་མི་བྱེད་པ་དེ་བློ་ཞེས་ཇི་སྐད་བྱ།། རྨོངས་པ་མེད་པར་གང་གིས་ཡིད་ལ་བདེ་བར ་མི་བྱེད་པ་དེ་བདེ་ཞེས་ཇི་སྐད་བྱ།། གང་གི་དེ་ཉིད་ཤེས་པའི་ཤེས་རབ་ཀྱི་ནི་འགྲོ་བའི་སྐྱེ་དང་འཇིག་ཐོབ་ཉུང་ཐོས་ཀྱང་།། ཡུལ་མི་ཉུང་ལ་འཇུག་པའི་བློ་ཅན་དེ་ནི་འཇིག་རྟེན་དག་ན་ཤེས་རབ་ཅནྡ་དུ་འདོད།། ་གང་གི་བློ་ན་མིང་དུ་ཐོས་ཀྱང་སྐྱེ་བ་ཤེས་པར་མི་བྱེད་འཇིག་པ་མི་བྱེད་དེ།། སྣ་ཚོགས་གཏམ་དག་བྱས་ཀྱང་འཁོར་བ་འཇིགས་པ་མང་པོ་དག་ལས་གྲོལ་བར་མི་འགྱུར་རོ།། གང་གིས་ཚིགས་གི་སྙིང་ནི་སྡུད ་ནུས་དང་།། བློས་ཕྲའི་དོན་མཐོང་སྤྱོད་པ་ཐབས་ལྡན་པ།། དེ་ནི་སྐྱེས་བུའོ་དེ་ལས་གཞན་པ་ཕྱགས་པ།། བྱཱ་ཀ་ར་ཎ་ལས་ཀྱང་འདྲི་མ་ངེས་པར་སྨྲས་པ་ཡིན་ཏེ། མང་དུ་འདྲེན་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་དེ་ནི་མཚན ་ཉིད་མེད་པ་ཡང་མ་ཡིན་ནོ།། གཞན་ཡང་བྷཱ་ཀ་རེར་ཎཱ་དེ་ལས་བྱེད་པ་པོ་ནི་རང་དབང་ཡོད་པའོ་ཞེས་གང་སྨྲས་པའི་རང་དབང་ཡོད་པ་ཞེས་བྱ་བ་དེ་ཅི་ཞིག་ཡན། ཙི་རེ་ཤིག་རང་དགར་འཇུག་པ་ཡིན་ནམ། འོན་ཏེ་གཞན ་ལ་མི་བལྟོས་པར་འཇུག་པ་ཡིན། དེ་ཅིར་འགྱུར་ཞེ་ན། རང་དོགར་འཇུག་པ་རང་དབང་ཡོད་མིན་ན།། སེམས་དཔའ་མེད་པ་བྱེད་པོར་མི་འགྱུར་རོ།། དེའི་ཕྱིར་མེས་སྲེག་པར་བྱེད་དོ།། ཤིང་གི་འཚེད་པར་བྱེད་དོ་ཞེས ་བྱེད་པ་པོར་ཐ་སྙད་གདགས་པར་མི་རང་སྟེ། དེ་གཉིས་ལ་འདོད་པ་མེད་པའི་ཕྱིར་རོ།། གང་ཞིག་གཉིད་ལོག་དབུགས་ནི་འབྱིན་པ་དང་།། མི་འདོད་བཞིན་དུ་སྡུག་བསྔལ་མྱོང་བྱེད་པ།། དེ་ཡང་བྱེད་པ་པོར་མི་འགྱུར ་ཏེ། འདོད་པ་མེད་པར་དབུགས་དབྱུང་བའི་ཕྱིར་དང་། མི་འདོད་བཞིན་དུ་སྡུག་བསྔལ་མྱོང་བའི་ཕྱིར་རོ།། གལཱ་ཏེ་གཞན་ལ་མཽ་བལྟོས་འཇུག་ཡིན་ན།། གྲུ་འགྲོ་བ་དང་ལྗོན་ཤིང་འགུལ་བ་དང་།། མེ་བྱུང་བ་དང་བུམ ་པ་དག་དང་ནི།། ཆུ་གནས་ཞེས་བྱ་རིགས་པོ་མ་ཡིན་ནོ།། འདི་ལྟར་འཕུལ་བར་བྱེད་པ་ལ་མ་བལྟོས་པར་ནི་གྲུ་འགྲོ་བ་ཡང་མེད་ལ་ལྗོན་ཤིང་འགུལ་བ་ཡང་མེད་དོ།། སྐྱེ་བའི་རྒྱུ་ལ་མ་བལྟོས་པར་མེ་འབྱུང་བ ་བ་ཡང་མེད་ལ། གཞི་ལ་མ་བལྟོས་པར་ཆུ་གནས་པ་ཡང་མེད་དོ།། གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་གྲུ་ནི་རྟེན་དུ་གྱུར་པ་ཉིད་ཀྱིས་རང་གི་བྱ་བུ་དག་ལ་བྱ་ལྟོས་པ་མེད་པར་འཇུག་གོ། དེ་ལྟ་བས ་ན་དེ་ནི་དེ་ལ་རང་དབང་ཡོད་པ་ཡིན་ནོ།། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ་ཞེ་ན། དེ་ལ་བྱུང་བའི་ཕྱིར་ན་རྟེན་གྱུར་པའི།། དེ་ཡང་དེ་དང་གཞན་དང་འབྲེལ་ཕྱིར་རོ།། འདི་ལྟར་དེ་དེ་ལ་འབྱུང་བ་གང་ཡིན ་པའི་གྲུ་དེ་བྱ་བ་དག་ལ་རྟེན་དུ་གྱུར་པར་བརྟག་གླང་ན། དེ་ཡང་དེ་དང་རྒྱུ་གཞན་དང་འབྲེལ་པ་ལས་འབྱུང་བའི་ཕྱིར་ཇི་ལྟར་དེ་ལ་རང་དབང་ཡོད་པ་ཉིད་དུ་འགྱུར། བྱ་བ་གང་བྱུང་བ་ནི་དེ་ལ་གནས་པའི་ཕྱིར་དེ་ལ ་གནས་པ་ནི་གྲུ་དང་རང་དབང་ཡོད་པ་ཉིད་ཡིན་ནོ་ཞེ་ན། གང་ལ་དེ་རང་དབང་ཡོད་པས་དེའི་ཚེ་དེ་ལ་ཅི་ཞིག་བྱར་ཡོད། སྐྱེ་བ་ཡང་སྐྱེ་བ་པོའི་བདག་ཉིད་དུ་གྱུར་པ་ཡིན་ན་དེ་དེའི་རྟོན་དུ་ཇི་ལྟར་རིགས། བདག་ཉིད་དུ ་གྱུར་པ་ཡང་དེ་ལ་འབྱུང་རེ་སྐན། སྐྱེ་བ་ཡང་སྐྱེ་བུ་ཐུག་པ་མེད་པར་གྱུར་པ་སྭཱ་ཧཱ་ཅང་ཡང་ཐལ་ཆེས་པར་འགྱུར་རོ།། འོ་ན་བརྗོད་པར་འདོད་པ་དེའི་བྱེད་པ་པོ་རྣམས་ཀྱི་སྦྱོར་བར་འགྱུར་ཏེ། གང་གི་ཚེ་གྲུ་འགྲོ་བ ་ལ་རང་དབང་ཡོད་པ་ཉིད་དུ་བརྗོད་པར་འདོད་པ་དེའི་ཚེ་གྲུ་འགྲོའོ་ཞེས་བྱ་བའི་སྦྱོར་བར་འགྱུར་རོ།། གང་གི་ཚེ་བདག་ཉིད་ཐོབ་པ་ལ་རང་དབང་ཡོད་པ་ཉིད་དུ་བརྗོད་པར་འདོད་པ་དེའི་ཚེ་འབྱུང་ངོ་ཞེས་བྱ་བའི ་སྦྱོར་བར་འགྱུར་རོ་ཞེ་ན། གལ་ཏེ་བརྗོད་པར་འདོད་པ་ལས་ཡིན་པ་ན་གྲུ་འདྲེན་པ་ན་འགྲོའོ་ཞེས་ཟེར་བ་ནི་གཞན་གྱི་དབང་ཉིད་དམ། རང་དབང་ཡོད་པ་ཉིད་དམ། ཅི་ཞིག་ཏུ་བརྗོད་པར་འདོད། དེ་བཞིན་དུ་འབྱིན་པར ་བྱེད་པ་ན་མེ་འབྱུང་ངོ་ཞེས་བྱ་བ་ཡང་ཅི་ཞིག་བརྗོད་པར་འདོད་པ་ཡིན། སྨྲས་པ། གཉི་ག་ཡིན་ནོ་ཞེ་ན། མཚན་ཉིད་མེད་བཞིན་དུ་ཡང་མཁས་པས་ཅི་དགར་བྱེད་པ་པོ་རྣམས་སྦྱར་བུར་རུང་ངམ། སྨྲས་པོ་རུང་སྟེ། ་འདི་ལྟར་ངེས་པའི་ཚིག་གི་ཆོས་ཉིད་ཀྱིས་རང་གི་མཚན་ཉིད་འཛིན་པས་ནི་ཆོས་ཞེས་བྱའོ་ཞེས་བྱ་བ་དེ་ལ་བྱེད་པ་པོ་དང་ལས་དང་བྱ་བའི་དབྱེ་བ་ཡང་མེད་ལ། བརྗོད་པར་འདོད་པ་ལ་ནི་དེའི་སྦྱོར་བར་འགྱུར་རོ་ཞེ་ན། ་གལ་ཏེ་རུང་ན་བྱེད་པ་པོ་དང་བྱ་བའི་དབྱེ་བ་མེད་ཀྱང་རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པའོ་ཞེས་བྱ་བ་འདི་ཡང་ཙའི་ཕྱིར་མི་རུང་། ཅིའི་ཕྱིར་ན་འདི་ལ་བྱེད་པ་པོ་མེད་བཞིན་དུ་བརྗོད་པར་འདོད་ཅེ་ན། རྣམ ་པར་ཤེས་པ་ཙམྦ་ལ་བྱེད་པ་པོ་ཉིད་དུ་ཐ་སྙད་འདོགས་ཀྱི་བདག་ཏུ་ལྟ་བས་ཀུན་ཏུ་བརྟགས་པའི་བྱེད་པ་པོ་ནི་འགའ་ཡང་ཡོད་པོ་མ་ཡིན་ནོ་ཞེས་བོསྟན་པའི་ཕྱིར་རོ།། ཇི་ལྟར་རྣམ་པར་ཤེས་པར་བྱེད་པས་ན་རྣམ ་པར་ཤེས་པའོ་ཞེས་བྱེ་བ་དེ་བཞིན་དུ་རབ་ཏུ་ཤེས་པར་བྱེད་པས་ན་ཤེས་རབ་པོ་ཞེས་བྱ་བ་ཡང་རིག་པར་བཤད་པ་ཡིན་ནོ།། འཇིག་རྟེན་ན་ཁྱིམ་གྱི་གྲཝ་ཞུམ་མོ་གྲྀ་རློས་སོ།། སྒོ་འདི་ཡུལ་བཅོམ་བརླག་ཏུ་འབྱུང་ངོ་།། ་ལམ་འདི་ཡུལ་བཅོམ་བརླག་ཏུ་འགྲོའོ་ཞེས་གང་ཇི་སྐད་ཟེར་བ་ཡང་དེ་དག་ལ་བརྗོད་པར་འདོད་པ་བྱེད་པ་པོ་འགའ་ཡང་ཅི་ཞིག་ཡོད་དེ། དེ་ལྟ་བྱས་ན་བརྗོད་པར་འདྲོད་པ་བྱེད་པ་པོ་མེད་པར ་ཡང་བྱེད་པ་པོ་ཉིད་དུ་བཤད་པ་ནི་ལེགས་པ་ཡིན་ནོ།། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བོ་ཞེས་བྱ་བ་དེ་ལྟ་བུའི་སྦྱོར་བ་ནི་བྱེད་པ་པོ་གཅིག་ལ་བྱ་བ་གཉིས་ཡོད་པའི་དུས་སྔ་མ ་ཤོས་ཀྱི་བྱེ་བ་ལ་འབྱུང་བ་ཡིན་ནོ་ཞེས་གང་སྨྲས་པ་དེ་ཅི་ཁྱེད་འདོད་པ་མ་ཡིན་ནམ། འོན་ཏེ་འཇིག་རྟེན་ན་དེ་ལྟར་མཐོང་བ་ཡིན། སྨྲས་པ་འཇིག་རྟེན་ནི་དེ་ལྟར་མཐོང་བ་ཡིན་ནོ་ཞེས་ནི། འཇིག་རྟེན་ན་ནི་གཞན་དུ་ཡང ་མཐོང་སྟེ། འདི་ལྟར་དེ་ལྟ་བུའི་སྦྱོར་བ་ནི་བྱེད་པ་པོ་ཐ་དད་པ་ལ་ཡང་མཐོང་སྟེ། དཔེར་ན་མར་འཐུང་ནས་སྟོབས་འབྱུང་ངོ་།། སེང་གེ་མཐོང་ནས་འཇིགས་པ་འབྱུང་ངོ་ཞེས་བྱ་བ་ལྟ་བུ་ཡིན་ནོ།། དེ་བཞིན་དུ་སྐར་རྒྱལ ་སྐྱེས་སམ། རྒྱལ་ལ་སྐྱེས་གང་ཡིན་པ་དེའི་མིག་དེ་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བར་འགྱུར་རོ།། དུས་སྔ་མ་ཤོས་མ་ཡིན་པ་ལ་ཡང་མཐོང་སྟེ། དཔེར་རོ་ཁ་གདངས་ནས་ཉལ་ཞེས་བྱ་བའམ། ་མོག་བཙུམས་ནས་ཉལ་ཞེས་བྱ་བ་ལྟ་བུའོ།། ཅི་ཁ་གདངས་ནས་སམ། མིག་བཙུམས་ནས་དུས་ཕྱི་མ་ལ་ཉལ་བ་མ་ཡིན་ནམ་ཞེ་ན། མི་རུང་སྟེ། ཇི་ལྟར་སྔར་ཁྲུས་པས་རས་པིས་ཟ་བ་ལྟ་བུར་སྔརོ་ཁ་གདངས ་བའམ། མིག་འཛུམས་པར་བྱེད་ལ། ཕྱིས་ཉལ་བའི་དོན་འདིར་ནི་ཁོང་དུ་ཆུད་པར་མི་འགྱུར་རོ།། འོན་ཀྱང་ཁཱ་གདངས་པ་འམ། མིག་འཛུམས་པ་ནི་ཉལ་བ་དང་དུས་མཉམ་དུ་འབྱུང་བ་ཡིན་པར་མངོན་ཏོ།། འདིར་ཁ ་གདངས་ནས་ཕྱིས་ཉལ་བར་བྱེད་པ་གལ་ཏེ་ཁ་མ་གདངས་ནི་ཁ་གདངས་ནས་ཉལ་བར་བྱེད་ཅེས་བྱ་བར་མི་འགྱུར་བའི་ཕྱིར་རོ།། དེ་བཞིན་དུ་འོད་ལྡན་རྣམས་ནི་འོད་དག་གིས།། འཇིག་རྟེན་བཀང་ནས་དེ་ཤར་ཏོ།། ་གང་གི་ཆ་ཤས་ཞུགས་ནས་ཀྱང་།། ནང་ན་ཡོད་པའི་མུན་པ་བསྔལ། ཞེས་བྱ་བ་ལྟ་བུ་སྟེ། དེ་ནི་འོགོངས་པ་འཇུག་པར་བྱེད་པ་ལ་ཕྱིས་འཆར་བའམ། སེལ་བ་ཡང་མ་ཡིན་ནོ།། དེ་བཞིན་དུ་ཁར་བ་ཁྲོལ་ཞེས་ཟེར ་ནས་ལྷུང་ཞེས་བྱ་བ་ལྟ་བུ་སྟེ། དེ་ཡང་སྔར་ཁྲོལ་ཞེས་ཟེར་ལ་ཕྱིས་ལྷུང་བ་ཡང་མ་ཡིན་ཏེ། ཁར་བར་ལྟུང་བ་ན་སྒྲ་ཁྲལྀ་ཞེས་ཟེར་ཏེ། བརྒྱ་པའི་ཕྱིར་རོ།། དེ་ལྟ་བུའི་སྦྱོར་བ་ནི་རྒྱའི་དོན་ལ་ཡང་མཐོང་སྟེ། དཔེར ་ན་བུངད་ཤིང་ལ་བརྟེན་ནས་མི་འབྱུང་ཏིལ་ལ་བརྟེན་ནས་ཏིལ་མོར་འབྱིང་སྤྲིན་ལ་བརྟེན་ནས་འཆར་པ་འབེབ་ཅེས་བྱ་བ་ལྟ་བུ་སྟེ། མེས་སྔར་བུད་ཤིང་ལའམ། ཏིལ་མོར་གྱིས་ཏིལ་ལ་བརྟེན་ཅིང་ཕྱིས་འབྱུང ་བ་ཡང་མ་ཡིན་ལ། ཆར་པས་ཀྱང་སྔར་སྤྲིན་ལ་བརྟེན་ཏེ་ཕྱིས་འབྱུང་བ་ཡང་མ་ཡིན་ཏེ། རྒྱུ་དེ་ཉིད་ཀྱིས་ཇི་སྐད་སྨོས་པ་བཞིན་དུ་འབྱུང་བར་མངོན་ནོ།། གཞན་ཡང་གང་ལ་སྔ་ཕྱི་བྱ་བ་དམིགས་པ་དེ་ཁ་ཅིག་ལ་དེ ་ལྟ་བུའི་སྦྱོར་བའི་རྒྱུའི་དོན་ཉིད་དུ་མཐོང་སྟེ། དཔེར་ན་མར་འཐུངས་ནས་སྟོབས་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ལྟ་བུ་སྟེ། འདི་ལྟར་མར་འཐུངས་པ་དང་སྟོབས་དང་ལྡན་པ་དགུ་ནི་ཇི་ལྟར ་ཁྲུས་བྱ་བ་དང་། ཟས་ཟ་བ་དག་ལྟར་སྔ་ཕྱི་ཙམ་དུ་རྟོགས་པར་བྱ་བ་མ་ཡིན་གྱིས། མར་འཐུངས་པའི་རྒྱུ་ལས་སྟོབས་དང་ལྡན་པ་ཉིད་འབྱུང་བར་ཤེས་པར་བྱའོ།། དེ་བཞིན་དུ་མིག་དང་གཟུགས་ཀྱི་རྐྱེན་གྱིས ་མིག་གི་རྣམ་པར་ཤེས་པ་སྐྱེ་བྱ་ན་མིག་དང་གཟུགས་ལ་བརྟེན་ནས་སྐྱེའོ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་དྲོ་ནི་དེ་ཉིད་གསལ་བར་མཛད་པ་ན་འདི་སྐད་ཅེ་སོ་བཀའ་སྩལ་ཏེ། རྟེན་ཅིང་འབྲལ་བར་འབྱུང་བ ་གང་ཞེ་ན། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། མྱ་རིགས་པའི་རྐྱེན་གྱི་འདུ་བྱེད་རྣམས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཀའ་སྩལ་པ། སྦྱོར་བ་འདི་ཅི ་ནས་ཀྱང་རྒྱུའི་དོན་ཁོ་ན་ཡིན་པར་ཤེས་པར་བྱའི། དུས་སྟེ་མ་ཤོས་ཀྱི་བ་པོའི་དོན་དུ་ནི་མ་ཡིན་ནོ།། རེ་ཞིག་འདི་ཡང་སྨད་པར་བྱ་སྟེ།། ང་གཱི་ཚེ་རྣམ་པར་ཤེས་པ་སྐྱེ་བ་དེའི་ཚེ་ཅི་རྣམ་པར་ཤེས་པ་ཡོད་དམ ་འོན་ཏེ་མོ་དེ། དེས་ཅིར་འགྱུར་ཞེ་ན། གལ་ཏེ་ཡོད་ན་དེའི་ཚེ་དེ་སྐྱེས་པ་ཉིད་ཡིན་པས་ཡིད་ཇི་ལྟར་སྐྱེ། བྱུང་བ་ནི་སྐྱེས་པ་ཡིན་གྱིས་ཡོད་པ་མ་ཡིན་ནོ་ཞེ་ན། གང་གི་ཚེ་དེ་ཞིག་པའི་ཚེ་སྐྱེས་པ་ཡིན་པར་འགྱུར ་རོ།། ངེས་པའི་ཚིག་ལས་ཀྱང་ཡོད་པ་ཞེས་བྱ་བ་ནི་སེམས་ཅན་སྐྱེས་པ་ངེས་པར་བཟུང་བ་ལ་བྱའོ་ཞེས་བཤད་པས་དེ་ཡང་འགལ་ལོ།། གལ་ཏེ་ཡང་ཡོད་པ་མ་སྐྱེས་པ་ཞིག་ཡིན་ན་སྐྱེ་བའི་སྔ་རོལ་ན་ཡོད་པ ་ཞེས་བྱ་བར་འགྱུར་རོ།། དེའི་ཕྱིར་བརྟེན་ནས་ཞེས་བྱ་བ་ཡང་གྲུབོ་པོ། ཡང་སྐྱེ་བའི་ཚེ་ཡང་མི་སྐྱེ་བ་ཡིན་ཏེ། སྐྱེ་བའི་འོག་ཏུ་རྣམ་པར་ཤེས་པ་སྐྱེས་པ་ཡིན་ནོ།། དེའི་ཚེ་ཡང་དེ་ཞིག་པ་ཁོ་ན་ཡིན་པས་གང་གི ་ཚེ་ཞིག་པ་དེའི་ཚེ་སྐྱེས་པ་ཡིན་པར་འགྱུར་རོ།། འོན་ཏེ་མེད་པ་ཞིག་ཡིན་ན་ཇི་ལྟར་དེ་མེད་ཀྱང་སྐྱེ་བའི་དེ་བཞིན་དུ་སྐྱེ་བའི་སྔ་རོལ་ནས་མེད་ཀྱང་བརྟེན་ནས་ཞེས་བྱ་བར་འགྱུར་བར་ཡང་ཅིའི་ཕྱིར་མི་འདོད་ན་ཡང་ཡོད་པ ་དང་མེད་པ་ཞེས་བྱ་བ་ཐལ་ཆེས་པའི་ཚིག་མང་པོ་བོར་ཏེ། ཅི་དེའི་ཚེ་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་བདག་ཏུ་བཅས་པ་ཡིན་ནམ། བདོག་མེད་པ་ཡིན་ཞེས་དཔྱད་པར་བྱའོ།། གལ་ཏེ་བདག ་དུ་བཅས་པ་ཡིན་པ་ཡིན་ན་དེའི་ཚེ་སྐྱེས་པ་ཉིད་ཡིན་པས་ཡང་སྐྱེ་བས་ཅི་ཞིག་བྱ། འོན་ཏེ་བདག་མེད་པ་ཡིན་ན་ཇི་ལྟར་དེ་བདག་མེད་པར་སྐྱེ་བ་དགྲ་ལ་བྱེད་པ་པོ་ཡིན་པ་དེ་བཞིན་དུ་བརྟེན་ནོས་ཞེས་བྱ་བ་ཡང ་གྲུབ་པ་ཡིན་ནོ།། རེ་ཞིག་སྐྱེ་ཞེས་བྱ་བའི་དོན་འདི་ཅི་ཡིན། འབྱུང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་ཞེ་ན། འབྱུང་བར་བྱེད་ཅེས་བྱ་བ་གང་ཡིན་པོ་དེས་ཅི་ཞིག་བྱེད་ན་འདི་ལྟར་བྱེད་པ་པོར་བརྗོད། སྐྱེ་བར་བྱེད་དོ་ཞེ་ན། ་གལ་ཏེ་སྐྱེ་བ་བསྐྱེད་པར་བྱ་བའི་བདག་ཏུ་གྱུར་པ་ཡིན་ན་ཇི་ལྟར་རང་ལ་བྱེད། འོན་ཏེ་བདག་ཏུ་གྱུར་པ་མ་ཡིན་ན་ནི་དེ་དེ་ལས་ལོགས་ཤིག་ན་མི་དམིགས་སོ།། ཡང་ན་དོན་གང་གིས་ན་དེ་བྱེད་ཅེས ་བྱ|བྱེད་པ་ལ་རང་གི་དོན་ནི་འགའ་ཡང་མེད་དེ། འདི་ལྟར་བདེ་བ་བྱེད་ཅེས་པ་ནི་སྐྱེད་ཅེས་བྱ་བར་རྟོགས་སོ།། ཕའི་ཆག་བཞིན་བྱད་ཅེས་བྱ་བར་རྟོགས་སོ།། ཁ་སྤུ་བྱེད་ཅེས་བྱ་བ་ནི་འདྲེག་པར་བྱེད་ཅེས་བྱ་བར ་རྟརྟོགསོ་སོ།། རྒྱལ་བ་ལ་བྱེད་ཅེས་བྱ་བ་ནི་ཉེད་པར་བྱེད་ཅེས་བྱ་བར་རྟོགས་སོ།། གློ་བྱེད་ཅེས་བྱ་བ་ནི་གླུ་བྱིན་ནས་འཆོལ་བར་བྱེད་ཅེས་བྱ་བར་རྟོགས་སོ།། སྦྱང་དུ་འབྲས་བྱེད་ཅེས་བྱ་བ་ནི་འཇོག་པར་བྱེད་ཅེས་བྱ ་བར་རྟོགས་སོ།། ཕའི་ཚིག་བཞིན་བྱེད་ཅེས་བྱ་བ་ནི་ངོས་སྨྲས་པ་བཞིན་དུ་སྒྲུབ་པར་བྱེད་ཅེས་བྱ་བར་རྟོགས་སོ།། སྐབས་བྱེད་ཅེས་བྱ་བ་ནི་སྒྲིབ་པ་སེལ་བར་བྱེད་ཅེས་བྱ་བར་རྟོགས་སོ།། དེ་ལྟ་བས་ནི་སྐྱེ་བའི ་བྱེད་པ་པོའི་བྱེད་ཅེས་བྱ་བའི་དོན་པོ་རྗོད་པར་བྱ་དགོས་སོ།། གལ་ཏེ་སྐྱེད་པར་བྱེད་པའི་དོན་ཡིན་ནོ་ཞེ་ན། སྐྱེ་བ་ཡང་སྐྱེ་བར་འགྱུར་བས་དེ་ལ་ཡང་སྐྱེ་བ་གཞོན་ཡོད་དོ། ཐུག་པ་མེད་པས་ཧ་ཅང་ཐལ་ཆེས་པར ་འགྱུར་རོ།། ཡོད་ན་སྐྱེ་བོའི་རག་རུས་པ་ཅི་ཞིག་ཡོད་ན་གང་གི་ཕྱིར་སྐྱེ་བོར་བྱེད་ཅེས་བྱ། དེ་ལྟ་བས་ན་བྱ་བ་མེད་ན་ཡང་བདག་ཉིད་ཐོབ་པ་ཙམ་ལ་བྱེད་པོ་བཞིན་དུ་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་རྐྱེན་རྙེད་པ་ཙམ ་ལ་བརྟེན་ནས་ཞེས་བྱ་བ་བཤད་པ་ཡིན་ཏེ། འདི་ལ་བྱ་བ་འགའ་ཡང་མེད་ལ་བྱེད་པ་པོ་ཡང་མེད་ན་བྱེད་པ་པོ་གཅིག་པུ་ཉིད་ལྟ་ག་ལ་ཡོད། དེ་ལྟ་བས་ན་བརྟེན་ནས་སྐྱེ་ཞེས་བྱ་བའི་སྦྱོར་བ་འདི་ནི་རིགས་པ་ཁོ་ན་ཡིན་ནོ།། ་མཚན་ཉིད་འདྲ་བ་ལོ་དགོས་པ་མེད་པར་བྱེ་བྲག་ཏུ་བཤད་པ་ནི་རིགས་པ་མ་ཡིན་ནོ་ཞེས་གང་བཤད་པ་དེ་ནི་དགོས་པ་མེད་པ་མ་ཡིན་ཏེ། འདི་ལྟར་གཟུགས་དེ་ལ་གང་ཅི་ཡང་རུང་པོ་ཞེས་བྱ་བཤད་པ་ནི་གཟུགས་ཀྱི ་དོན་དུ་མར་རབ་ཏུ་བསྟན་པའི་ཕྱིར་རོ།། འདི་ལྟར་གཟུགས་ཀྱི་དོན་ནི་རྣམ་པ་གསུམ་སྟེ། ཡུལ་བརྟག་ཏུ་རུང་བའི་དོན་དང་། ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་འགྱུར་བ་སྐྱེད་པར་གཟུགས་སུ་རུང་བའི་དོན ་དང་གཟུགས་ཀྱི་དེ་གང་གསོ་པ་གཟུགས་སུ་རུང་བའི་དོན་ཡིན་ཏེ། འདི་ལྟར་བསྟན་དུ་ཡོད་པའི་གཟུགས་འདི་ནའོ་ཕ་གི་ནའོ་ཞེས་ཡུལ་བརྟག་ཏུ་རུང་བའི་ཕྱིར་གཟུགས་ཡིན་པ་དང་། ཐོགས་པ་དང་བཅས་པའི ་གཟུགས་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གི་འགྱུར་བ་བསྐྱེད་པ་གཟུགས་སུ་རུང་བའི་ཕྱིར་གཟུགས་ཡིན་པ་དང་། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ལུས་དང་ངག་གི་རྣམ་པར་རིག་བྱེད ་མ་ཡིན་པ་ཞེས་བྱ་བ་གཟུགས་ཀྱི་དེ་གདགས་པ་གཟུགས་སུ་རུང་བའི་ཕྱིར་གཟུགས་ཡིན་ནོ།། འདི་ལྟར་དེ་ནི་ལུས་དང་ངག་གཉིས་མེད་ན་གདགས་སུ་མེད་པ་ཡིན་ཏེ། གཟུགས་མེད་པ་ན་དེ་གདགས་པ་མེད ་པའི་ཕྱིར་རོ།། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པ་ཉིད་དུ་ཇི་ལྟར་ཤེས་པར་བྱ་ཞེ་ན། གང་གི་ཕྱིར་སྐྱེ་མཆེད་སོ་སོ་པའི་མདོ་ལས་ཆོས་ཀྱི་སྐྱེ་མཆེད་བསྟན་དུ་མེད་ཅིང་ཐོགས་པ་མེད ་པ་ཞེས་ནི་གསུངས་ཀྱི་གཟུགས་ཅན་མ་ཡིན་པ་ཞེས་ནི་མ་གསུངས་པ་ཡིན་ལ། ཡང་འདི་ལྟར་གླང་པོ་ཆེའི་སྟབས་ལྟ་བུ་ལས་ཆོས་ཀྱི་སྐྱེ་མཆེད་བསྟན་ནས། དེ་ལ་ཆོས་གཟུགས་ཅན་གང་དག་ཡིན་པ་འདི་ནི ་གཟུགས་ཀྱི་ཕུང་པོ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་བོར་ན་ཆོས་ཀྱི་སྐྱེ་མཆེད་དུ་གྱུར་པ་ཆོས་གཟུགས་ཅན་གང་དག་ཡོད། གཟུགས་ཅན་འདས་པ་དང་མྱ་འོངས་པ་གང་ཡིན་པ་དག ་ཆོས་ཡིན་པ་དེ་ལྟར་ཅིའི་ཕྱིར་མི་འདོད་ཅེ་ན། སྐྱེ་མཆེད་སོ་སོ་བའི་མདོ་དང་འགལ་ཏེ། ཆོས་ཀྱི་སྐྱེ་མཆེད་ནི་སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ་ཞེས་འབྱུང་ལ། མིག་ལ ་སོགས་པ་འདས་པ་དང་མོ་འོངས་པ་དག་ནི་ཇི་ལྟར་རིགས་པར་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པའི་ཕྱིར་རོ།། ཡང་ན་གཟུགས་ཉིད་དུ་ཡང་འདོད་པར་མི་བྱ་སྟེ། འདི་ལྟར་དེ་དག་ནི་དེའི་ཚེ་གཟུགས་སུ་མེད ་པས་སོ།། སྐྱེ་མཆེད་བཅུ་པོ་དག་ཀྱང་དུས་གསུམ་པ་ཉིད་དུ་མི་འགྱུར་ཏེ། མིག་ལ་སོགས་པ་འདས་པ་དང་མ་འོངས་པ་དག་ནི་ཆོས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་གཟུགས་ཀྱི་སྐྱེ་མཆེད་མང་པོ ་ངག་ལས་གཅིག་གཟུགས་ཀྱི་སྐྱེ་མཆེད་དག་ཏུ་གསུངས་པ་ཡང་སྐྱེ་མཆེད་རྣམ་པ་བཅུ་གཉིས་ཁོ་ནར་རྣམ་པར་བཞག་པའི་ཕྱིར་རོ།། དེ་རྣམ་པར་བཞག་པ་ཡང་ཡུལ་ཅན་དང་ཡུལ་ཉིད་དུ་གཉིས་གཉིས་འབྲེལ་པར ་རབ་ཏུ་བསྟན་པའི་ཕྱིར་རོ།། ཡིད་ཀྱི་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གི་ཊཱིག་གི་གཟུགས་ཡུལ་ནི་ཐམས་ཅད་ཡིན་པོས་གཉིས་སུ་ངེས་པ་ཉམས་མ་ཡིན་ནཱ་མ་ཞེ་ན། འོ་ན་དེ་ལྟ་ན་ནི་དབང་པོ་དྲུག་གི་དབང་དུ ་མཛད་ནས་འབྲེལ་པར་རབ་ཏུ་བསྟན་པའི་ཕྱིར་ཏེ། དབང་པོ་འདིའི་ཡུལ་ནི་འདི་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་གཉིས་ཚན་ལྔ་དག་དང་། དབང་པོ་འདི་ཁོ་ནའི་ཡུལ་ནི་འདི་ལྗིན་གྱི་གཞན་གྱི་མ་ཡིན་ནོ་ཞེས ་གཉིས་ཚན་དྲུག་པ་ཡིན་ནོ།། དབང་པོ་ལྔ་པོ་དག་ཀྱང་དང་པོ་དྲུག་པ་ཁོ་ནའི་ཡུལ་ཡིན་པས་གཉིས་ཚན་དྲུག་པར་ངེས་པ་ཡང་ཉམས་མ་ཡིན་ནམ་ཞེ་ན། འོ་ན་ནི་དབང་པོ་གང་ཁོ་ནའི་ཡུལ་ཁོ་ན་གང་ཡིན་པའོ་ཞེས ་གཉིས་ཚན་དྲུག་པ་ཡིན་ནོ།། དེ་ལྟར་ན་དབང་པོ་ལྔ་པོ་དག་ནི་ཆོས་ཀྱི་སྐྱེ་མཆེད་ཉིད་ཡོངས་སུ་སྤངས་པ་ཡིན་ནོ།། འདི་ལྟར་དེ་དག་ནི་ཡིད་ཀྱི་ཡུལ་འབའ་ཤིག་མ་ཡིན་གྱི་རྟེན་ཡང་ཡིན་ཏེ། ཡིད་ནི་རྣམ་པར་ཤེས་པའི ་ཚོགས་དྲུག་གི་མཚན་ཉིད་ཡིན་པའི་ཕྱིར་རོ།། བསྡུས་པའི་ཚིགས་སུ་བཅད་པ། དབང་པོ་གང་གི་དོན་གང་ཉིད།། ཡིན་པ་གཉིས་ཚན་ལྔ་དག་གོ། གང་ཉིད་ཀྱི་ནི་དོན་ཉིད་གང་།། གཉིས་ཚན་སྐྱེ་མཆེད་དྲུག་པ་ཡིན།། ་གལ་ཏེ་མིག་ལ་སོགས་པ་ལྔ་པོ་དག་ཆོས་ཀྱི་སྐྱེ་མཆེད་ཉིད་དུ་གྱུར་ན་ཅིར་འགྱུར་ཞེ་ན། སྐྱེ་མཆེད་ས་སོ་བའི་མདོ་ལས་དགེ་སློང་དག་ཆོས་ཕྱིའི་སྐྱེ་མཆེད་ནི་སྐྱེ་མཆེད་བཅུ་གཅིག་དག་གིས་མ་བསྡུས། ་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ་ཞེས་ངེས་པར་མཛད་པ་མི་མཛད་པར་འགྱུར་རོ།། སེམས་ནི་སྐད་ཅིག་པོ་ཞེས་བྱ་བ་ཡིན་ལ། གོང་དུ་འགྲོ་བ་ཡང་ཡིན་ནོ་ཞེས་གང་གསུངས་པ་ཡང་དེའི་རྒྱུན་ལ་དགོངས་ནས་གསུངས།། ་པའི་ཕྱིར་འགལ་བ་མེད་དོ།། གྲིབ་མ་དང་མེ་འབར་བ་འགྲོ་བཞིན་ནོ།། བདེན་པ་རྣམ་བཞི་དང་། གསུམ་དང་། གཉིས་དང་། གཅིག་ཅེས་གྲངས་ཐ་དད་པར་གསུངས་པ་གང་ཡིན་པ་དེར་ཡང་དགོངས་པ་ཐ་དད་པའི་ཕྱིར ་འགལ་བ་ཡང་མེད་དེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་གཉིས་མདོར་བསྡུས་ན་རྒྱུ་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་ཉིད་ཡིན་པར་དགོངས་ཏེ་བདེན་པ་བཞི་དག་ཏུ་གསུངས་པ་ཡིན་ནོ།། མིང་གི ་བྲམ་ཟེ་རྣམས་མངོན་པར་མཐོ་བའི་རྒྱུའི་སྐབས་སུ་ལས་དང་ལས་ཀྱི་འབྲས་བུ་དང་བདག་ན་དེའི་བདག་པོ་ཡིན་པའི་དབོང་དུ་བྱས་ནས་གོ་རིམ་བཞིན་དུ་མཆོད་སྦྱིན་རྣམས་ལ་སེམས་ཅན་དེ་དང་དེ་དག་ནི་གསོད་པར ་བྱ་བ་ཡིན་ནོ་ཞེས་བྱ་བ་དང་། འཇིག་རྟེན་རྟག་པ་པོ་དག་འཐོབ་པོ་ཞེས་བྱ་བ་དང་། དེའི་འབྲས་བུ་བདག་ལ་འབྱུང་བས་བདག་ནི་དེའི་འབྲས་བུ་ལ་ཟ་བ་ཡིན་ནོ་ཞེས་བྲམ་ཟེའི་བདེན་པ་གསུམ་དག་ཏུ་རྣམ་པར ་འཇོག་པར་བྱེད་དོ།། དེ་ཡང་དོན་ཡང་དག་པའི་བྲམ་ཟེ་རྣམས་ལ་བརྫུན་པ་ཡིན་ནོ།། བཟློག་ན་ནི་བདེན་པ་ཡིན་པའི་ཕྱིར་དེ་ལ་དགོངས་ནས་བྲམ་ཟེའི་བདེན་པ་གསུམ་དུ་གསུངས་སོ།། འཇིག་རྟེན་པའི་ཤེས་པ་མ ་འཁྲུལ་བའི་ཡུལ་དང་། འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ལ་དགོངས་ནས་བདེན་པ་གཉིས་པོ་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་གསུངས་སོ།། བརྗོད་པ་ནི་ཀུན་རྫོབ་ཡིན་པས ་དེས་ཁོང་དུ་ཆུད་པར་བྱ་བའི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། གང་ལ་བརྗོད་པར་འཇུག་པ་སྟེ། དཔེར་ན་རྐང་པ་གཉིས་ཀྱིས་བརྒལ་བར་བྱ་བའི་འབབ་སྐྱུགས་ལ་རྐང་པའི་འབབ་སྟེགས་ཞེས ་བྱ་བ་དང་། ཀཻ་གྲུས་པོརྒལ་བར་བྱ་བའི་འབབ་སྟེགས་ལ་ཀོ་གྲུའི་འབབ་སྟེགས་ཞེས་བྱ་བྱ་ལྟ་བུའོ།། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པ་ཡིན་ནོ།། དེའི་དོན་ཡིན་པས་དོན་དམ་པ་སྟེ། དེའི་ཡུལ ་གྲོང་ཡིན་པའོ།། སྟོན་པ་རྣམས་ཀྱི་ལུགས་ཐ་དད་པ་ལ་དགོངས་ནས་བདེན་པ་ནི་གཅིག་ཁོ་ན་སྟེ། གཉིས་པ་མེད་དོ་ཞེས་གསུངས་པ་ཡིན་ཏེ། འདི་ལྟར་གཉིས་ཕན་ཚུན་འགལ་བ་དག་ནི་བདེན་པར་བྱ་བ ་ནི་མི་ནུས་སོ།། དེ་ལྟ་བས་ནི་དགོངས་པ་ཐ་དད་པའི་ཕྱིར་བདེན་པ་རྣམས་ལ་གྲངས་ཐ་དད་པར་བསྟན་པ་ལ་སྔ་ཕྱི་འགལ་བ་མེད་དོ།། ཁ་ཅིག་ལས། མི་རྣམས་ཀྱིས་ནི་འདི་ན་བསོད་ནམས་དང་།། སྡིག ་པ་གང་ཡིན་གཉིས་ཀ་བྱེད་པ་དེ་ཞེས་གསུངས་པ་དང་། ཁ་ཅིག་ལས་བྱེད་པ་པོ་མི་དམིགས་སོ་ཞེས་གང་གསུངས་པ་གང་ཡིན་པ་དེར་ཡང་དགོངས་པ་ཐཱ་དད་པའི་ཕྱིར་འགལ་བ་མེད་དེ།། ་འདི་ལྟར་ཕུང་པོའི་རྒྱུད་གང་ལ་མི་རྣམས་ཞེས་བྱ་བ་དེ་ལ་དེ་གཉིས་ཀྱི་རྒྱུ་ཡོད་ཅིང་དེ་ཁོ་ན་ལ་དེ་གཉིས་ཀྱི་འབྲས་བུ་འབྱུང་བས་འདི་ལས་དགོངས་ནས། མི་རྣམས་ཀྱིས་ནི་འདི་ན་བསོད་ནམས་དང་། སྡིག་པ ་གང་ཡིན་གཉིས་ཀ་བྱེད་པ་དེ།། དེའི་བདག་གཽརི་བྱ་བ་ཡིན་ཞིང་དེས།། དེ་ཡང་ཁྱེར་ཏེ་འགྲོ་བར་བྱེད་པ་ཡིན། ཞེས་གསུངས་པ་ཡིན་ནོ།། བདག་ཏུ་ལྟ་བས་ཀུན་ཏུ་བརྟགས་པའི་བྱེད་པ་པོ་རང་དབང་ཡོད ་པ་ལ་དགོངས་ནས་ནི་བྱེད་པ་པོ་མི་དམིགས་སོ་ཞེས་གསུངས་པ་ཡིན་གྱི་རྒྱུ་ཚོགས་པའི་མཚན་ཉིད་ལས་ནི་མ་ཡིན་ཏེ། འདི་ལྟར་གང་ཞིག་ཕུང་པོ་འདི་དགྲ་འདོར་ཞིང་ཕུང་པོ་གཞན་དག་ཏུ་མཚམས་སྦྱོར ་བར་བྱེད་པའི་ཞེས་ཁྱད་པར་དུ་མཛད་པ་ཡིན་ནོ།། དེ་བས་ན་དགོངས་པ་ཐ་དྲུད་པའི་ཕྱིར་སྔ་ཕྱི་འགལ་བ་མེད་དོ།། འདིར་ཡང་བཤད་པ། རས་བལ་གྱིས་ནི་ས་བོན་དང་།། མཱ་ཏུ་ལུང་གའི་མེ་ཏོག་ལ། རྒྱ་སྐྱེགས ་ཀྱིས་ནི་ཁ་བསྒྱུར་ནི།། ཚོན་དེ་ནུབ་པར་གྱུར་ཀྱང་ནི།། རྒྱུད་ལ་བསྒོམས་པའི་རིམ་པ་ལས།། རས་པལ་ཟེ་བ་དམར་སྐྱེ་ལྟར།། ལས་རྣམས་ནུབ་ཀྱང་དེའི་འབྲས་བུ།། སྐྱེ་ལ་དེ་ཡི་ཆོས་ཉིད་དོ།། གཟུགས་གང་ཡིན། ་པ་ཅིའང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་ངག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བྱ་བ་འདི་ལ་ཅི་རྫས་ཀྱི་དབང་དུ་མཛད་དེ་གསུངས་སམ། འོན་ཏེ་གོང་བུའམ། ་རིགས་ལས་ཞེ་ན་ཞེས་སྨྲས་པ་གང་ཡིན་པ་ཡང་རིགས་ཀྱི་དབང་དུ་མཛད་ནས་གསུངས་པས་འདི་ལ་ཇི་སྐད་སྨྲས་པའི་ཉེས་པ་མེད་དེ། དེ་ཁོ་ན་བཞིན་དུ་ཁས་བླངས་པའི་ཕྱིར་རོ།། དེ་ལྟ་ན་ནི་མདོ་སྡེ་དང་ཡང་མི་འགལ ་ཏེ། སྐྱེ་མཆེད་སོ་སོ་བོའི་མདོ་སྡེ་ལས་སྐྱེ་མཆེད་དགུ་པོ་རྣམས་ནི་རེ་རེ་ཡང་རིགས་སྨྲས་པས་ཇི་ལྟར་སྲིད་པར་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བཤད་པའི་ཕྱིར་འདུས་པ་རེ་རེ་ནཱི་མ་ཡིན་ནོ།། ལུག་པ་རྡོབ་པ ་ལྟ་བུ་ལས་ཇི་སྐད་གསུངས་པ་དེ་ཁོ་ན་བཞིན་དུ་ཁས་བླངས་པའི་ཕྱིར་ཏེ། འདི་ལྟར་མིག་གི་ཤའི་གོང་བུ་ལ་འབྱུང་བ་ཐམས་ཅད་རྒྱུ་ལས་བྱས་པ་དམིགས་པའི་ཕྱིར་རོ།། དེ་ལྟ་བས་ན་ཇི་སྐད་སྨྲས་པའི་རིག་པ་དང་འག ་བ་མེད་དོ།། གཟུགས་འདས་པ་ཡོད་དོ།། གཟུགས་མ་འོངས་པ་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་ཡང་འདི་ལྟ་སྟེ། དེ་འདས་པ་འམ་མི་འོངས་པ་དེ་ལྟ་བུར་ནི་ཡོད་ཅེས་བྱ་བའི་གཟུགས་ཀྱིས་བདག་ཉིད་ཀྱིས ་ནི་མ་ཡིན་ནོ།། ཇི་ལྟར་ན་དེ་འདས་པ་ཡིན་ཞེ་ན། སྔོན་བྱུང་བ་ཉིད་ཀྱིས་སོ།། ཇི་ལྟར་ན་མ་འོངས་པ་ཡིན་ཞེ་ན། འབྱུང་བར་འགྱུར་བ་ཉིད་ཀྱིས་ཏེ། ས་བོན་ཡོད་པའི་ཕྱིར་རོ།། དེ་ལྟར་ན་དེ་ཡོད་པའི་ཞེས་བྱ་སྟེ། དེ ་ལྟར་སྣང་བའི་ཕྱིར་རོ།། གཞན་ཡང་གཟུགས་གང་ཞིག་མེད་པར་ཡང་དེ་ཡོད་དོ་ཞེས་བྱ་བ་རིགས་སམ་ཞེ་ན། ཇི་ལྟར་གཞན་དུ་བརྗོད་པར་བྱ་བར་འགྱུར། གཟུགས་འདས་པ་མེད་དོ།། གཟུགས ་མ་འོངས་པ་མེད་དོ་ཞེས་བརྗོད་པར་བྱའོ་ཞེ་ན། དེ་ལྟར་བརྗོད་པ་གཟུགས་སྔོན་བྱུང་བ་ཉིད་དང་འབྱུང་བར་འགྱུར་བ་ཉིད་ལ་སྐུར་བར་འགྱུར་རོ།། འོ་ན་དེ་ལྟར་ན་ནི་གཟུགས་འདས་པ་སྔོན་བྱུང་བ་དང་། གཟུགས་མ་འོང་བ ་འབྱུང་བར་འགྱུར་བ་ཞེས་བརྗོད་པར་བྱའོ་ཞེ་ན། དེ་ལྟར་བརྗོད་ན་སྔོན་བྱུང་བ་ནི་དེ་འདས་པ་ཡིན་གྱི། ད་ལྟར་ནི་འདས་པ་མ་ཡིན་པས་འདས་པ་ཉིད་ལས་རབ་ཏུ་ཉམས་པ་ཡིན་པར་བསྟན་པར་འགྱུར་ལ། འབྱུང་བར་འགྱུར། ་བ་ནི་དེ་མ་འོངས་པ་ཡིན་གྱི། ད་ལྟར་ནི་མ་འོངས་པར་མི་འགྱུར་ལ། མ་འོངས་པ་ཉིད་ཀྱང་མ་བྱིན་པ་ཞེས་བྱ་བར་བསྟན་པར་འགྱུར་རོ།། འདས་པ་དང་མ་འོངས་པ་ཞེས་བརྗོད་པ་ཉིད་ཀྱིས་ཀྱང་བྱུང་བ་དང་འབྱུང་བར་འགྱུར ་བའི་དོན་སྨོས་པའི་ཕྱིར་ཟློས་བུར་བསྟན་པར་འགྱུར་རོ།། གལ་ཏེ་དེ་ལྟར་བསྟན་པ་ལ་དགའ་ན་ནི་ཡོད་པ་ཞེས་བྱ་བའི་སྒྲ་དེ་ཉིད་ཚིག་གི་ཕྲད་ཡིན་པའི་ཕྱིར་ཇི་ལྟར་རིགས་པར་དུས་གསུམ་གྱི་ཡུལ་ཡིན་པར་རིག་པར ་བྱའོ།། དེ་ལྟ་བས་ན་ཇི་ལྟར་བཀོད་པ་ཉིད་རིག་པ་ཡིན་ནོ།། གལ་ཏེ་གཟུགས་ཀྱི་མཚན་ཉིད་ཐལ་བ་འམ། མི་རེང་བ་ཡིན་ན་དེ་ཇི་ལྟར་གཟུགས་ཞེས་བྱ་ཞེ་ན། སྔོན་བྱུང་བ་དང་འབྱུང་བར་འགྱུར་བའི་ཐ་སྙད་ཀྱིས་ཏེ། ་དཔེར་ན་ས་བོན་ཉམས་པ་ཞེས་བྱ་བ་དང་། ཕྱེ་བཏག་གོ་ཞེས་བྱ་བ་ལྟ་བུའོ།། ལས་ཟད་པ་དང་། འདས་པ་དང་། འགག་པ་དང་། བྲལ་བ་དང་། ཡོངས་སུ་གྱུར་པ་གང་ཡིན་པ་དེ་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་དེས་སེམས ་ཀྱི་རྒྱུད་ལ་འབྲས་བུ་འབྱིན་པའི་ནུས་པ་བསྐྱེད་པ་ལ་དགོངས་ནས་གསུངས་པ་ཡིན་པའི་དོན་རྟོགས་པས་གཞན་དུ་མི་འཐད་པའི་ཕྱིར་རོ།། དེ་ལས་སྐྱེས་པ་ལ་དེ་གདགས་པ་ནི་གྲོང་ལ་སྤྱོད་དོ།། པ་ན་ཟའོ་ཞེས་བྱ་བ་ཡིན་ཞིང་ཇི ་སྐད་དུ་རེག་པའི་སྐྱེ་མཚད་དྲུག་པོ་དེ་སྔོན་མངོན་པར་འདུས་བྱས་པ་མངོན་པར་བསམས་པ་འདི་དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་འབྱུང་བ་ལྟ་བུ་ཡང་ཡིན་ནོ།། དགོངས་པ་འདིས་འདས་པ་དང་མ་འོངས་པ ་ཡོད་པ་ཉིད་དུ་གསུངས་པ་དེ་དང་། མིག་ན་མ་སྐྱེས་པ་ལས་སྐྱེ་ཞིང་སྐྱེས་ནས་ཀྱང་འཇིག་གོ་ཞེས་བྱ་བ་ཡང་རིགས་པ་ཡིན་ནོ།། དེ་ལྟ་བས་ན་འདི་ཡང་མངོན་སུམ་དང་འགལ་བ་མེད་ཅིང་སྔ་ཕྱི་འགལ་བ་ཡང་མེད་དོ།། གཟུགས ་རྣམས་ཀྱི་ངེས་པར་འབྱུང་བ་ནི་གཟུགས་མེད་པའོ་ཞེས་བྱ་བའི་རྗེས་སུ་དཔག་པ་ཡང་འགལ་བ་ཡིན་ཏེ། ཚོར་བ་ལ་སོགས་པ་རྣམས་ནི་གཟུགས་ལ་རག་ལས་ཏེ་སྐྱེ་བར་མཐོང་བའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ ་ཡང་དེ་ཡིན་ཏེ། དེ་ལ་གཟུགས་ལས་འདོད་ཆགས་དངངོ་མ་བྲལ་བ་རྣམས་གཟུགས་དང་ལྷན་ཅིག་ཏུ་ལུས་མངོན་པར་འགྲུབ་པ་ནི་མཐོང་ངོ་།། གཟུགས་ལས་འདོད་ཆགས་དང་བྲལ་པོ་རྣམས་ནི་གཟུགས་མེད་བཞིན་དུ་ལུས ་མངོན་པར་འགྲུབ་པ་ཡིན་པས་རྗེས་སུ་དཔག་པ་དེ་མི་འཐང་ངོ་།། ཡང་གཟུགས་ལས་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བྱ་བར་ཁས་བླང་བར་མི་བྱ་འམ། ཡང་ན་གཟུགས་ལས་འདོད་ཆགས་དང ་བྲལ་བ་དེ་ལ་ཡང་ཕྱིས་གཟུགས་མངོན་པར་འགྲུབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ཁས་བླང་བར་བྱ་གྲང་ན་དེ་ཡང་མི་རིགས་ཏེ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་འདི་ཉིད་དུ་རབ་ཏུ་གྲགས་པ་ཡིན་ནོ།། ་འདོད་པ་རྣམས་ལ་རྣམ་པར་སུན་འབྱིན་པར་བྱེད་ཕྱི་ན་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཡིན་ལ། གཟུགས་རྣམས་ལྔ་རྣམ་པར་སུན་འབྱིན་པར་བྱེད་པ་ན་གཟུགས་རྣམས་ལས་མ་ཡིན་ནོ་ཞེས་བྱ་བའི་རིགས ་པ་མེད་པའི་ཕྱིར་རོ།། འཕགས་པ་ལོ་ཡང་ཕུང་པོ་མངོན་པར་འགྲུབ་པ་སྤངས་སུ་ཟིན་ཀྱང་ཐར་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། སྦྱིན་པ་ལས་བྱུང་པོའི་བསོད་ནམས་བྱ་བའི་གཞི་ཀུན་ཏུ་བརྟེན་ན་ལོངས་སྤྱོད་ཆེན ་པོ་ཉིད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། སེར་སྣ་ཅན་ཡང་ཕྱུག་པོ་ཉིད་ཡིན་པའི་ཕྱིར་དང་། གཏོང་བ་ཡང་དབུལ་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་འགལ ་པབཅི་ཡོད་དེ། སེར་སྣ་ཅན་ཡང་ཁ་ཅིག་གིས་སྔོན་ལན་ཅིག་སྣོད་ཁྱད་པར་ཅན་ལ་ཕུལ་བའི་ཕྱིར་འདི་ལ་ཕྱུག་པོ་ཉིད་གང་ཡིན་པ་ཐོབ་པ་ཡིན་པ་ཐོབ་པ་ཡིན་ནོ།། གཏོང་བ་ཡང་ཁ་ཅིག་གིས་གཞན་དག་ལོངས་སྤྱོད་དང ་དང་བྲལ་བས་འདི་ལ་ཕྱུག་པོ་མ་ཐོབ་པ་ཡིན་པས་འབྲས་བུ་འབྱིན་པ་ལ་ནི་དེ་རྣམས་ཀྱི་ལས་སྟོབས་དང་སྟོབས་མེད་པ་ཡིན་པར་བརྟག་པར་བྱའོ།། གང་ཞིག་སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས་པ་མངོན་པར་འགྲུབ་པའི་ཀུན་ཏུ ་སྦྱོར་བ་ནི་མ་སྤངས་པའི་གང་ཟག་ཡོད་དོ་ཞེས་བྱ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ་ཞེས་སྨོས་པ་གང་ཡིན་པ་དེ་ཡང་འདིར་ལྷ་རྣམས་དགའ་བས་ནི་སྤངས་པའི་དོན་མི་ཤེས་ཏེ། འདིར་དོན་ནི་སྐྱེ་བའི་སྲིད་པ ་ལས་འདོད་ཆགས་དང་བྲལ་བ་སྲིད་པ་བར་མྱ་དོ་ལས་ནི་མ་ཡིན་པའི་གང་ཟག་ཡོད་དོ་ཞེས་བྱ་བ་འདི་ཡིན་ནོ།། དེ་ལྟར་ཡང་ཡིན་ཏེ། འདིར་དོན་ནི་གང་ཞིག་སྲིད་པ་བར་མ་དོར་ཁོ་ནའི་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པའི་ཕྱིར ་མི་འོང་བ་ཁ་ཅིག་རྒྱུད་ཡོངས་སུ་སྨིན་ཅིང་མངོན་པར་ཤེས་པ་མྱུར་བ་ཡིན་པ་དེ་ལ་སྐྱེ་བའི་སྲིད་པར་ཉིད་མཚམས་སྦྱོར་བར་བྱེད་པའི་ཉོན་མོངས་པ་ནི་མི་སྐྱེ་བ་ཁོ་ན་ཡིན་ལ་སྲིད་པ་བར་མ་དོར་ཉིང་མཚམས་སྦྱོར་པོར་བྱེད་པོ ་ནི་སྐྱེ་བ་ཡིན་ཏེ། དེ་ནི་མི་སྐྱེ་བའི་ཆོས་ཉིད་དུ་གནས་པའི་ཕྱིར་སྐྱེ་བའི་སྲིད་པ་ནི་སྤངས་པ་ཞེས་བྱ་ལ། མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ།། དེ་ལྟར་ནི་མི་འགལ་བ་ཡིན་ནོ།། གཞན་དོག་ན ་རེ། སྤངས་པ་ཞེས་བྱ་བ་ནི་སོ་སོར་བརྟག་པ་མ་ཡིན་པའི་འགོག་པས་ཐོབ་པ་ལ་དགོངས་ནས་གསུངས་པ་ཡིན་ནོ་ཞེས་ཟེར་རོ།། ཡོང་འདིར་བཤད་པ། བོར་མ་དོར་ནི་ཟད་པ་ཡི།། ཀུན་ནས་སྦྱོར་བ་གང་དག་གིས།། སྐྱེ་བའི ་སྲིད་པར་མཚམས་སྦྱོར་ཏེ།། དེའི་སོ་སོར་བརྟགས་མིན་པཱ་ཡི།། འགྲོགས་པས་འགགས་ཏེ་དེས་ན་དེའི།། དེ་སྤངས་པ་ཞེས་བྱ་བར་བརྗོད།། གཉིས་པོའི་སོ་སོར་བརྟགས་པ་ཡི།། འགོག་པ་ཊཱིག་ཅུར ་ཡིན་པར་འདོད།། ཆང་འཐུང་བ་བཅད་པའི་ཁ་ནཱ་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་ལུང་དང་འགལ་བ་ཡིན་ཏེ། ལུས་ཀྱི་ཉེས་པར་སྤྱད་པའོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ་ཡང་རེ་ཤིག་འདི ་དཔྱད་པར་བྱས་ཏེ། ཇི་ཙམ་གྱིས་ན་རང་བཞིན་གྱི་བླ་ན་མཱ་ཐོ་བ་དང་བཅས་པའམ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན། གང་ཉོན་མོངས་པ་ཅན་གྱི་སེམས་ཁོ་ནས་སྤྱོད་པ་དེ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང ་བཅས་པ་ཡིན་ནོ།། གང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཀྱང་སྤྱད་པར་ནུས་བཞིན་དུ་ཉེས་པ་གཞན་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དཔྱད་པ་དེ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ།། ད་ནི། ་འདི་དཔྱད་བར་བྱ་སྟེ་ཅི་ཆང་གང་ཞིག་མི་འདོད་བཞིན་དུ་ཡང་ཉོན་མོངས་པ་ཅན་མོ་ཡིན་པའི་སེམས་ཀྱིས་སྨན་པའི་ལུང་ལས་སོ་སོར་བརྟགས་ནས་འཐུང་བ་སྲིད་པ་ཡོད་དམ། འོན་ཏེ་མེད། དེས་ཅིར་འགྱུར་ཞེ་ན། གལ ་ཏེ་ཡོང་ན་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཇི་ལྟར་ཉེས་པར་སྤྱད་པར་འཐད། འོན་ཏེ་མེད་ན་དེ་ལྟར་འཐུང་བ་ལ་ཇི་ལྟར་ཉོན་མོངས་པ་ཅན་གྱི་སེམས་སུ་འཐད་ཅེ་ན། དེས་གང་ལ་ཆང་ངོ་སྙམ་དུ་རིག་ནས་ངོས ་མེད་པ་ཉིད་ཀྱིས་ཁ་ན་མ་ཐོ་བ་དང་བཅས་འཐུང་ངམ། ཡང་ན་ཁ་ན་མ་ཐོ་བ་དང་བཅས་པའི་ཆང་ལ་ཁ་ན་མ་ཐོ་བ་མེད་པའོ་སྙམ་དུ་སེམས་ནའོ།། གང་ཞིག་ཆོད་ཟིན་པས་འཐུང་བ་ནི་མྱོས་པར་མི་ནུས་ལ། དེ་ལྟར་ཡང་ཤེས་ནས ་འཐུང་བ་གང་ཡིན་པ་དེ་གང་གིས་ན་ཁ་ནཱ་མ་ཐོ་བ་དང་བཅས་པར་འགྱུར་ཏེ། དཔེར་ན་དུག་ཚོང་ཟིན་པས་ཟོས་པ་ནི་དུག་གི་ཉེས་པའི་བྱ་བ་མི་ནུས་པས་ཁ་ན་མ་ཐོ་བ་དང་བཅས་པ་མི་འབྱུང་བ་ལྟ་བུའོ།། དེ་ལྟ་བས་ན་ཆང ་འཐུང་བ་ཐམས་ཅད་ཉེས་པར་སྤྱོད་པ་མ་ཡིན་ནོ།། ཆང་འཐུང་བ་རྣམས་ནི་ཕལ་ཆེར་རྒྱགས་པར་བྱ་བའི་ཕྱིར་ཇི་ལྟར་ན་དགའུ་བར་འགྱུར་སྙམ་པའམ། བདག་མྱོས་པར་འགྱུར་རོ་སྙམ་དུ་སེམས་བཞིན་དུ་ཆང་འཐུང ་སྟེ། དེ་དག་གི་དེ་ནི་ལུས་ཀྱི་ཉེས་པར་སྤྱད་པར་རྣམ་པར་བཞག་སྟེ། ཉོན་མོངས་པ་ཅན་གྱི་སེམས་ཡིན་པའི་ཕྱིར་རོ།། དེ་ལ་དགོངས་པ་ནི་དེ་ཡིན་པར་རིག་པར་བྱའོ།། དེ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ ་ཡིན་ཏེ། དགག་པ་བཅས་པ་མེད་ཀྱང་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རོ།། རྣམ་པར་བཤད་པའི་རིགས་པ་ལས་ལེའུར་བཅས་པ་གསུམ་པའོ།། གྲགས་པའི་སངས་རྒྱས་ཀྱི་གསུང་དང་འགལ་བའི ་ཕྱིར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ།། དེ་ལྟ་བས་ན་ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་དེ་ལུང་དང་འགལ་བ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་ཡང་གལ་ཏེ་དེ་ལྟ་བུའི་རང་བཞིན ་དང་འགལ་བའི་ཕྱིར་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་མ་ཡིན་ན། ཁྱེད་ལ་གྲགས་པའི་སངས་རྒྱས་ཀྱི་གསུང་གང་ཡིན་པ་གཞན་ཡང་དེ་བཞིན་དུ་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ།། ཅིའི་ཕྱིར་ཞེ་ན། ་འགལ་བའི་ཕྱིར་རོ།། དེ་ལས་ནི་ཁ་ཅིག་ཏུ་ཚོར་བ་ནི་གསུམ་སྟེ། བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་བདེ་བའི་ཚོར་བ་ཚོར་བ་ན་བདེ་བའི་ཚོར་བ་ཚོར ་རོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་ལ། ཡང་གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདི་ལྟར་སྡུག་བསྔལ་ལོ་ཞེས་བྱ་བ་དང་། དེ་བཞིན་དུ་བདེ་བའི་ཚོར་བ་ནི་སྡུག་བསྔལ་ཉིད་དུ་བལྟ་བར་བྱའོ།། ་ཞེས་བྱ་བ་དང་། དེ་བཞིན་དུ་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ་ཞེས་གསུངས་པ་དང་། ཁ་ཅིག་ཏུ་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་དང་། དེ་བཞིན་དུ། འདི་ནི་བདག ་གམ་སེམས་ཅན་མེད།། ཆོས་འདྲི་རྒྱུ་དང་བཅས་ལས་འབྱུང་ཞེས་བྱ་བ་དང་། སྦྲིད་པའི་ཡན་ལག་བཅུ་གཉིས་དང་། ཕུང་པོ་དང་ནི་སྐྱེ་མཆེད་ཁམས།། དེ་དག་ཐམས་ཅད་རྣམ་ཕྱི་ན།། གང་ཟག་དམིགས་པ་མ་ཡིན་ནོ། ་ཞེས་གསུངས་ལ། ཡང་བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ནི་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་ལེགས་པར་དུལ་བས་ནི།། མཁས་པས་མཐོ་རིས་ཐོབ་པར་འགྱུར་ཞེས་བྱ་བ་དང་། དེ་བཞིན་དུ།། ་སོར་ཕྲེང་བ་ནི་ཀུན་ནས་སེམས་ཅན་ཐམས་ཅད་ལ།། དབྱུག་པ་དག་ནི་སྤང་བར་བྱས་ནས་འདུག་པ་ཡིན་ཞེས་བྱ་བ་དང་། དེ་བཞིན་དུ་འཇིག་རྟེན་དུ་སྐྱེ་བ་ན་གང་ཟག་གཅིག་སྐྱེའོ་ཞེས་གསུངས་པ་དང་། ཁ་ཅིག་ཏུ ་འདོན་ཁ་ཅིག་མཚམས་མེད་པ་ལྔའི་ལས་བྱས་ཤིང་བསགས་པས་ལུས་ཞིག་མ་ཐག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལ་ཡང་། ཕ་དང་མ་ནི་བསད་བྱས་ཤིང་།། རྒྱལ་པོ ་བྲལ་ཟེ་གཙང་སྦྲ་ཅན།། ཡུལ་འཁོར་འཁོར་དང་བཅས་བསད་ན།། བྲམ་ཟེ་སྡིག་པ་མེད་པར་འགྱུར་ཞེས་གསུངས་པ་ཡིན་ཏེ། དེ་ལྟར་ཕན་ཚུན་འགལ་བའི་ཕྱིར་དང་། སྔར་བརྒལ་བ་བསྟན་པ་གང་ཡིན་པའི་འགལ ་པའི་ཕྱིར་དེ་ལ་ནི་ཁ་ཅིག་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ།། དེ་ལ་ནི་འགལ་བ་མེད་དེ། འདི་ལྟར་དེ་ནི་ངེས་པའི་དོན་ཡིན་ཏེ། ཀུན་དགའ་བོ་དེས་འདུ་བྱེད་མི་རྟག་པ་ཉིད་དང་། འདུ་བྱེད་འགྱུར་བ་ཉིད་ལ་དགོངས་ནས ་གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདི་ལྟར་སྡུག་བསྔལ་ལོ་ཞེས་པ་གསུངས་པ་ཡིན་ནོ།། དེ་བཞིན་དུ་དེ་ལྟར་ན་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་འདི་དག་དང་། མིག་གི་དབང་པོ་གཟུགས་དང་། འདི་སྙེད་ཅིག ་མི་རྙེད་ཅེས་བྱའོ།། འདི་ལ་སེམས་ཅན་དང་། མིང་དང་ཤེང་ལས་སྐྱེས་དང་། ཤེད་བུ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། སྲོག་དང་། སྐྱེ་བ་པོ་ཞེས་དེ་སྐད་ཅེས་བྱའོ་ཞེས་འབྱུང་བ་དང་། དེ ་བཞིན་དུ། འདི་དག་ཡོད་ན་སེམས་ཅན་མི་འམ་ཤེད་ལས་སྐྱེས། ཤེད་བུ་ཤེས་པར་དེ་སྐད་དག་ཏུ་ཀུན་ཏུ་འདོགས།། དེ་དག་དང་ནི་དེ་བཞིན་གཞན་ཡང་མི་མང་པོ།། ཕུང་པོའི་གཞི་དང་རྒྱུ་ལས ་བྱུང་བར་འགྱུར་བ་ཡིན་ཞེས་བྱ་བ་ཡིན་ནོ།། ཚིགས་སུ་བཅད་པ་ལས་འབྱུང་བ་ཡང་། སྲེད་པ་ནཱི་མ། ལས་ཀྱི་སྲིད་པ་ནི་ཕ་ཞེས་བྱ་བ་ནས་བཤད་དེ། སྐྱེད་པ་པོ་ཡིན་པའི་ཕྱིར་རོ།། གཞན་དག་ན་རེ། བྱའོ་སྙམ་པའི ་རྒྱལ་ཡིན་ནོ་ཞེས་ཟེར་རོ།། གཞན་དུ་ན་ནི་མདོ་སྡེ་སྒྱུ་མ་ངོན་མེད་པར་འགྱུར་རོ།། དེ་ལྟ་བས་ན་མདོ་སྡེ་འདི་དག་དང་གཞན་རྣམས་ནི་དགོངས་པ་ཅན་གྱི་དོན་ཡོན་པའི་ཕྱིར་འགལ་བ་མེད་དོ།། ཐེག་པ་ཆེན་པོ་ལ་ནི་གང་གིས ་འགལ་བ་མེད་པར་ངེས་པར་གཟུང་བའི་ངེས་པའི་དོན་ཅུང་ཟད་ཀྱང་མེད་དོ་ཞེ་ན། ཅི་ལྷ་རྣམས་དགའ་བས་ཐེག་པ་ཆེན་པོ་མཐའ་དག་ཤེས་སྙམ། སྨྲས་པ། མ་ཡིན་ནོ་ཞེ་ན། མཐའ་དག་མི་ཤེས་པས་ངེས་པའི་དོན་མེད་པ ་ཉིད་དུ་ཇི་ལྟར་ཤེས། ད་ལྟར་མི་སྣང་བས་དེའི་ཕྱིར་སྤང་བར་བྱར་མི་རུང་ངོ་།། དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་ད་ལྟར་སངས་རྒྱས་ཀྱི་གསུང་མཐའ་དག་ནི་མི་སྣང་ངོ་།། མཐའ་དག་མ་ཡིན་པར་འདི་ཇི་ལྟར་ཞེ་ན། ་བླ་མ་ཀུན་དགའ་འོད་སེལ་དང་།། སྡུག་བསྔལ་ཕུང་སྟོན་སོ་སྟོན་དང་།། འཆར་ཀ་སྟོང་ཉིད་ཆུ་ལས་སྐྱེས།། གང་པོས་མཚོ་ཆུ་ཤིང་དང་།། མྱ་ངན་འདས་དང་ཡུལ་འཁོར་སྐྱོང་།། འགྲོ་བའི་མདོ་དང་དེ་བཞིན་གཞན།། ་ཡང་དག་བསྡུས་པའི་གཞི་ཉམས་ཕྱིར།། མཐའ་དག་མིན་པར་རྟོགས་པ་ཡིན།། བླ་མའི་མདོ་ལས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྨྲས། བཙུན་པ་བླ་མ་བཅོམ་ལྡན་འདས་ཀྱི་ཉན་ཐོས་འཛམ་བླའི་གླིང་ན་ཇི་སྙེད་འཁོར། ་པ་དེ་དག་ཐམས་ཅད་བདག་གིས་སྙོམས་ཀྱིས་ཁྱབ་པར་བྱས་ཏེ་བརྟག་ན། བཙུན་པ་བླ་མ་མ་གཏོགས་པར་དགེ་སློང་གཅིག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་མེད་དོ།། བཙུན་པ་བླ་མ་ཁྱོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཟུང ་ཤིག། ཆོས་ཀྱི་རྣམ་གྲངས་འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། རྗེས་སུ་དཔག་པ་འདིས་ན་དེའི་ཚེ་གཞན་ཡང་མེད་པར་གྱུར་པར་མངོན་ནོ།། ཡང་ན་སངས་རྒྱས་བཅོམ་ལྡན་འདས་མྱ ་ངན་ལས་འདས་ནས་རིང་པོ་མ་ལོན་ཞིང་འཕགས་པ་ཀུན་དགའ་བོ་ཡང་བཞུགས་བཞིན་དུ་སངས་རྒྱས་ཀྱི་གསུང་མཐའ་དག་མི་སྣང་ན། དེང་སང་ན་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོའི་མདོ་ལས་བཅོམ་ལྡན་འདས ་བགྲེས་པའི་གནས་སྐབས་ན་ངའི་བསྟན་པ་ཡང་འཛིན་པར་འགྱུར་རོ་སྙམ་ནས་འཕགས་པ་ཀུན་དགའ་བོ་རིམ་གྲོ་བར་བསྐོས་ཞེས་བྱ་བ་དང་། སེམས་ཀྱང་སྨྲས་པ། བདག་གི་ལོ་ཉི་ཤུ་ལྷག་བཙུན་པ་ལ་རིམ་གྲོ ་བགྱིད་དོ་ཞེས་བྱ་བ་དང་། དེ་ཉིད་ལས་ཡང་སྨྲས་པ། བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ནི་བཅོམ་ལྡན་འདས་ལས་གཟུང་གཉིས་ནི་དགེ་སློང་དག་ལས་སོ་ཞེས་འབྱུང་བས་དེའི་ཕྱིར་སྔར་བཅོམ་ལྡན་འདས ་ཀྱིས་བཤད་པ་གང་ཡིན་པ་དེ་ནི་དེས་མ་བཟུང་བར་ཤེས་པར་བྱའོ།། དེ་ནི་དགེ་སློང་རྣམས་ལས་བཟུང་བ་གང་ཡིན་པ་དེ་ཁོ་ནར་ཟད་དོ་ཞེས་བྱ་བར་རིགས་པ་ནི་མ་ཡིན་ཏེ། དུས་དེ་སྲིད་དུ་བཞི་བཅུ་ཆ་བས་ཀྱང་ཉུང ་བའི་ཆོས་བཤད་པས་ནི་མི་རུང་བས་སོ།། གལ་ཏེ་འཕགས་པ་ཀུན་དགའ་བོས་ཐམས་ཅད་རྟོགས་པར་གྱུར་ན་ནི་བླ་མའི་མདོ་ལས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དགེ་སློང་གཅིག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ ་མེད་དོ་ཞེས་དེ་སྐད་སྨོས་པར་ཡང་མི་འགྱུར་རོ།། དེ་ལྟ་བས་ན་དེ་ཐམས་ཅད་གཟུང་བ་མ་ཡིན་ལ། ངེས་སྨྲས་པ་གང་ཡིན་པ་དེ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་ཡང་དག་པར་བསྡུས་པ་ཡིན་ནོ།། དེ་ལྟ་བས་ན་དེང་སྤངས ་རྒྱས་ཀྱི་གསུང་མཐའ་དག་མི་སྣང་ངོ་།། འོད་སེལ་གྱི་མདོ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སེལ་གང་གི་ཚེ་ངས་དགེ་སློང་གི་དགེ་འདུན་ལ་རྟ་ཅང་ཤེས་བཞོན་བཟངས་ཀྱི་ཆོས་ཀྱི་རྣམ་གྲངས་བཤད་པ་དེའི་ཚེ ་ཁྱེད་རྣམས་ཉུང་བ་ཡིན་ནོ་ཞེས་བྱི་བའི་མདོ་སྡེ་དེ་མི་སྣང་ངོ་།། སྡུག་བསྔལ་གྱི་ཕུང་པོ་སྟོན་པ་ལས་བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཅན་ལ་བརྩམས་ནས་བཀའ་སྩལ་པ། དུས་དེ་གཅིག་ན་རྒྱལ་པོའི་ཁབ་རི་བགྲོད་བྱ་ལ་འདུག ་པོ་ལས། ངརི་ངོས་ཡངས་པ་གོལ་བ་དེར་ཕྱིན་པ་དང་། དེ་ན་ངེས་གཅེར་བུ་ལག་པ་བསླང་བ་དག་མཐོང་བ་ནས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བའི་མདོ་སྡེ་ནི་སྣང་ངོ་།། ས་སྟོན་གྱི་མདོ་ལས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དེ་གཅིག་གི་ཚེ་རྒྱལ་པོའི་ཁབ་རི་བགྲོད་བྱ་ལ་འཇུག་གོ།། དེ་ནས་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་རབ་ཏུ་མང་པོ་དག་ང་གཱ་ལ་བ་དེར་ལྷགས་སོ།། ལྷགས་ནས་ང་ལ་དོན་འདི་ཞེས ་བྱ་བ་རྒྱ་ཆེར་འབྱུང་བའི་མདོ་སྡེ་ང་ནི་སྣང་ངོ་།། འཆར་ཀའི་མདོ་ལས། ངས་ཚོར་བཞི་བཤད་པའི་རྣམ་གྲངས་ཡོད་དོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ་།། སྟོང་པ་ཉིད་ཀྱི་མདོ་ལས། འཕགས་པ་ཀུན་དགའ་བོས་སྨྲས་པ། དུས ་དེ་གཅིག་ན་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་ན་ཤཱཀྱ་རྣམས་ཀྱི་གློང་རྡལ་གྲོང་ཁྱེར་ཞེས་བྱ་བ་ན་བཞུགས་སོ།། དེ་ནི་བདག་གི་ཀུན་དགའ་བོ་ང་ནི་ད་ལྟར་སྟོང་པ་ཉིད་ཀྱི་ལན་མང་དུ་གནས་སོ་ཞེས་བྱ་བ་དེ་ལྟ་བུའི་བཅོམ ་ལྡན་འདས་ཀྱི་བཤད་པ་བདག་གིས་ཤེས་སོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ་།། ཆུ་ལོས་སྐྱེས་པའི་མདོ་ལས། རྒྱལ་པོ་ཆེན་པོ་བདག་གིས་ནི་དགེ་སློང་ངམ་བྲམ་ཟེ་གང་ལ་ལས་ལན་ཅིག་ཤེས་པར་འགྱུར་བ་འམ། མཐོང ་བར་འགྱུར་བ་གང་མ་བྱུང་ཞིང་མི་འབྱུང་ལ། ད་ལྟར་ཡང་མེད་དེ། གནས་དེ་ཡོད་པ་མ་ཡིན་པ་དེ་ལྟ་བུ་སྨྲས་པ་དྲན་ནོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ་།། གང་པོའི་མདོ་ལས་གནས་བརྟན་ཀུན་དགའ་བོས་སྨྲས་པ་ཆེ་དང ་ལྡན་པ་དག་དགེ་སློང་གནས་བརྟན་བྱམས་མའི་བུ་གང་པོ་ཞེས་བྱ་བ་འབྱུང་བ་གང་གིས་སྔོན་བདག་གསར་བུར་གྱུར་པ་ན་ཞེས་བྱ་བ་ནས། ཟབ་ཅིང་ཟབ་པའི་ཆོས་ལྡན་པའི་གཏམ་འདི་ལྟ་བུ་འདི་བཤད་དོ་ཞེས་རྒྱ ་ཆེར་འབྱུང་བའི་མདོ་སྡེ་དེ་མི་སྣང་ངོ་།། ས་མཚོའི་མདོ་ལས། དབྱར་ཚུལ་གྱིས་སྨྲས་པ། དུས་དེ་གཅིག་ན་དགེ་སློང་གཽ་ཏ་མ་སྒྲ་སྒྲོགས་ན་འོལ་མ་སྟེ་ཅན་གྱི་ནང་ན་བཞུགས་སོ་ཞེས་བྱ་བ་ནས། དེ་ན ་བཅོམ་ལྡན་འདས་གྲོ་ཏ་མ་ངེས་བདག་ལ་བསམ་གཏན་ཐམས་ཅད་བསྔགས་སོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བ་དེ་ལྟ་བུ་ལ་སོགས་པའི་མདོ་སྡེ་དེ་མི་སྣང་ངོ་།། ཆུ་ཤིང་གི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། དེ་ན་དེས་དགེ་སློང་རྟེན་ལྔ་རྣམས་ལ་བཀའ་སྩལ་པ། རྟེན་ལྔ་དག་དུ་སྔོན་རབ་ཏུ་འབྱུང་བར་རབ་ཏུ་མི་བྱུང་བ་ན་འདི་ལྟར་སློབ་སྟེ། ཁྱིམ་པ་ནི་ཉམ་དེའོ་ཞེས་རྒྱ་ཆེར་འབྱུང་བའི་མདོ་སྡེ་དེ་མི་སྣང་ངོ་།། ཡོངས་སུ་མྱ་ངན་ལས ་འདས་པ་ཆེན་པོའི་མདོ་ལས། གནས་བརྟན་ཀུན་དགའ་བོས་སྨྲས་པ། ཚེ་དང་ལྡན་པ་མ་འགགས་པ་བདག་གིས་བཅོམ་ལྡན་འདས་ལས་སངས་རྒྱས་བཅོམ་ལྡན་འདས་སྤྱན་དང་ལྡན་པ་དག་བསམ་གཏན་བཞི་པ་ལ་སྙོམས ་པར་ཞུགས་ཤིང་མི་གཡོ་བའི་ཞི་བ་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་མངོན་སུམ་དུ་བཟུང་ངོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ་།། འཕགས་པ་ཡུལ་འཁོར་སྐྱོང་གོས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་དག་ནི ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་གཟིགས་པས་ལམ་བརྟན་པ་བཤད་པ་ཡིན་ནོ་ཞེས་བྱ་བ་ནས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནི་རང་གིར་བྱ་བར་མེད ་པ་ངོམས་མི་ཤེས་པ་སྐྱེད་པས་འཁོལ་བ་ཡིན་ནོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ་།། འགྲོ་བའི་མདོ་ལས། མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བདག་གིས་བཅོམ་ལྡན་འདས་ལ་ཀུན་དགའ་ར་བ་ཕུལ་བའི་རྒྱུས་ལུས་ཞི་གནས ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་བའི་སེམས་ཅན་ཡོད་ཞེས་བྱ་བ་ནས། ཡོན་སྔོ་བ་བྱས་པོའི་རྒྱུས་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བའི་མདོ་སྡེ་དེ་མཱི་སྣང་ངོ་།། དེ་བཞིན་དུ་མདོ་སྡེ་གཞན ་གྱིས་ཀྱང་མངོན་ཏེ། དཔེར་ན་ཅང་མི་སྨྲ་བའི་མདོ་ལོས། མོ་དགལ་གྱི་བུས་སངས་རྒྱས་ཀྱི་གསུང་སྔོན་གསུངས་པ་བརྟན་པ་ན་མཽདྒལ་གྱི་བུ་མཽདྒལ་གྱི་བུ་འདི་ནི་འཕགས་པའི་ཅང་མི་སྨྲ་བ་ཡིན་པས་དེ་ལ་བག་མེད་པར་མ ་བྱེད་ཅིག་ཅེས་བྱ་བ་དང་། གནས་པའི་མདོ་ལས། ཏིང་ངེ་འཛིན་འདི་ནི་འཕགས་པའི་གནས་པ་ཡིན་པས་འདི་ལ་བདག་མེད་པར་མ་བྱེད་ཅིག་ཅེས་བྱ་བའི་མདོ་སྡེ་དེ་མི་སྨྱུང་ངོ་།། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ ་སོགས་པའི་མདོ་གཞན་དག་གི་ནང་ནས་འབྱུང་བའི་མདོ་སྡེ་མང་པོ་རྣམས་ནི་འདོམ་པ་ཐ་དད་པར་སྣང་ངོ་།། གཏི་མུག་མེད་དེ་ལྟ་བས་ན་འདི་དག་དང་མདོ་སྡེའི་ཤེས་པར་བྱེད་པ་གཞན་མང་པོ་དག་གིས་ཉན་ཐོས་ཀྱི་ཐེག ་པ་ལ་ཡང་ད་ལྟར་སངས་རྒྱས་ཀྱི་གསུང་མཐའ་དག་ནི་མི་སྣང་བར་མངོན་ནོ།། ཡང་དག་པར་བསྡུས་པའི་གཞི་པོ་འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་མཛད་པ་གང་ཡིན་པ་དེ་ཡང་ད་ལྟར་ཉམས ་ཏེ། སྡེ་པ་གཞན་དག་ལས་ལུང་དང་། ལེའུ་དང་། མདོ་རྣམ་པར་གཞག་པ་ཐ་དད་པའི་ཕྱིར་དང་། ལུང་དང་ལེའུ་གཞན་ཡང་དག་པར་བསྡུས་པའི་མདོ་རྣམས་ཀྱང་ཡང་སྡེ་པ་དེ་ཉིད་ལས་ཡང ་དག་པར་བསྡུས་པའི་ཕྱིར་དང་། མལ་དུ་འཇུག་པ་དང་། དགའ་བྱེད་དང་ཚེའི་མཐའ་ལ་སོགས་པ་ཞེས་བྱ་བ་དག་གི་མདོ་སིལ་བུ་དང་མི་འགལ་བར་སྣང་བའི་ཕྱིར་རོ།། དེ་ལྟར་ན་ཡང་དག་པར་བསྡུས་པ་ཉམས ་ན་ད་ལྟར་སངས་རྒྱས་ཀྱི་གསུང་མཐའ་དག་ཡོད་ངོ་ཞེས་བྱ་པ་འདི་ཇི་ལྟར་ཤེས་པར་ནུས།། ཐོས་པ་བརྒྱུད་པ་ལས་ནི་གཅིག་ལས་འཕྲོས་པ་དེ་ཡང་བརྒྱ་ལ་ཐུག་པ་དག་གཅིག་ཡོད་པར་གྱུར་ཅེས་ཐོས་སོ།། དེ ་ལྟ་བས་ན་ཐེག་པ་ཆེན་པོ་ལ་ཡང་ད་ལྟར་ངེས་པའི་དོན་གྱི་མདོ་སྡེ་མི་སྣང་བའི་ཕྱིར་ངེས་པའི་དོན་ཉིད་མེད་པར་ངེས་པར་གཟུང་བར་མི་བྱའོ།། །། བམ་པོ་བདུན་པ། ཅི་འདི་བཀྲི་བའི་དོན་ནུམ། ་འོན་ཏེ་སྒྲ་ཇི་བཞིན་གྱི་དོན་ཡིན་ཞེས་དཔྱད་པར་བྱ་སྟེ། ངེས་པའི་དོན་བཤད་པ་མི་སྣང་བར་ཡང་འདི་སྒྲ་ཇི་བཞིན་གྱི་དོན་མ་ཡིན་ནོ་ཞེས་ཤེས་པར་ནི་མི་ནུས་སོ།། འོན་ཀྱང་དགོངས་པ་ཅན་ཡིན་ནོ།། ཅིའི་ཕྱིར ་ཞེ་ན། འགལ་བའི་ཕྱིར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འདི་ལན་མང་དུ་བསྟན་ལ། ཡང་དེ་ཉིད་ལས་བཤད་པ། བྱང་ཆུབ ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འདོད་པ་དང་། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་དང་། མངོན་པར་ཤེས་པ་དྲུག་ཐོབ་པར་འདོད ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། རྣམ་པར་གཡོ་བ་ཤེས་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཤེས་པ་ཐམས་ཅད་ཟིལ་གྱིས་མནྡན་པར་འདོད་པ་དང་། གཟུང་དང་། ཏིང་ངེ་འཛིན ་གྱི་སྒོ་ཐོབ་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་སྦྱིན་པ་སྦྱིན་པར་བྱེད་པ་ན། རྗེས་སུ་ཡི་རང་པོ་དང་ལྡན་པའི་སེམས་གཅིག་གིས་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་འབྱུང་བ་དང་། དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་མངོན་པར་བསྒྲུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། དཔེ ་བྱང་བཟང་པོ་བརྒྱད་ཅུ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་བསྒྲུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་འབྱུང་བ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སྦྱིན་པ་འདི་ལྟར་བྱིན་ན་ནི། ལོངས་སྤྱོད་ཆེན་པོ་ཉིད་ཀྱི་འབྲས་བུ་འབྱུང་ངོ་དེ་བཞིན་དུ་སྦྱིན་པ་འདི་ལྟར་བྱིན་ན་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགསུ ་སྐྱེའོ་དེ་བཞིན་དུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ་ཞེས་བྱ་བའི་བར་དུ་འབྱུང་བ་དང་། དེ་བཞིན་དུ་སེར་སྣའི་སེམས་ཚར་གཅོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་བསླབ་པར་བྱའོ།། འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་འདོར་བར་འདོད་པ་དང་། གནོད་སེམས་ཀྱི་སེམས་འདིར་བར་འདོད་པ་དང་། ལེ་ལོའི་སེམས་འདོར་བར་འདོད་པ་དང་། རྣམ་པར་གཡེང་བའི་སེམས་འདོར་བར་འདོད་པ ་དང་། འཆལ་པའི་ཤེས་རབ་ཀྱི་སེམས་མི་སྤྲོ་བར། འདོད་པས་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། དེ་བཞིན་དུ་སྤྱན་ལྔ་སྐྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། ལྔ་གང་ཞེ་ན། ཤའི་སྤྱན ་དང་། ལྷའི་སྤྱན་དང་། འཕགས་པའི་ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ནོ།། དེ་བཞིན་དུ་ཤར་ཕྱོགས་ན་སེམས་ཅན་ལོང་བ་གང་དག་བདག་གིས་མཐུས་མིག་གིས་གཟུགས་མཐོང་བར་བྱ་ན ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། འོན་པ་རྣམས་རྣོ་བས་སྒྲ་ཐོས་པར་བྱ་བ་དང་། སྨྱོན་པས་དྲན་པ་ཐོབ་པར་བྱ་བ་དང་། གཅེར་བུ་རྣམས་གོས་ཐོབ་པར་བྱ་བ་དང་། སེམས་ཅན་བཀྲེས་པ་རྣམས ་འདྲངས་པར་བྱ་བ་དང་། སྐོམ་པ་རྣམས་ངོམས་པར་བྱ་བ་དང་།། ངན་སོང་དུ་སྐྱེས་པ་རྣམས་ངན་སོང་ནས་ཐར་བར་བྱི་ཞིང་མེའི་ལུས་ཐོབ་པར་བྱ་བ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ ་དགོད་པར་བྱ་བ་དང་། མཉམ་པར་མ་བཞག་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པ་དང་། བདེ་བ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པ ་འབྲས་བུ་ལ་དགོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱ་ན། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་འབྱུང་བ་དེ་ལ་སོགས་པ་དང་། སྡོག་པ་ཐམས་ཅད་སོ་སོར་བཤགས་པ་ལ་སོགས་པ་ཡོང་བསྟན་ཏོ།། གལ་ཏེ ་བོ་ཉིད་མེད་པ་ལ་སོགས་པའི་ཚིག་རྣམས་སྒྲ་ཇི་བཞིན་ཁོ་ནའི་དོན་ཡིན་ནོ།། འདི་ཐམས་ཅད་དང་འགལ་པོར་འགྱུར་ཏེ། བླང་བར་བྱ་བ་རྣམས་ཅི་ཡང་མེད་པའི་ཕྱིར་རྒྱུ་འདི་ལས་འདི་ལྟ་བུར་འགྱུར་རོ་ཞེས་ཡང་དེ་ལྟར་བླང་བ་ནི ་རུང་བ་མ་ཡིན་ནོ།། ཡང་ན་དེ་ལྟར་བླང་བར་བྱ་བ་ནི་ཅི་ཞིག་བླང་བར་བྱ་བར་སེམས། དེ་ལྟ་བས་ན་ཚིག་དེ་རྣམས་ཀྱི་ནི་སྒྲ་ཇི་བཞིན་གྱི་དོན་དུ་ངེས་པར་གཟུང་བ་མི་བྱའོ།། འོ་ན་ཅི་ཞེ་ན། དགོངས་པ་ཅན་ཡིན་ནོ།། དཔེར་ན་ཕ་དང ་མ་ནི་གསང་བྱས་ཤིང་ཞེས་བྱ་བའི་ཚོགས་སུ་བཅད་པ་འདི་དང་། མ་དང་བྱས་པ་མི་ཤེས་དང་ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ལ་ངེས་པའི་དོན་བཤད་པ་མེད་པར་ཡང་སྒྲ་ཇི་བཞིན་གྱི་དོན་ཏུ་ངེས་པར་གཟུང་བར ་མི་བྱ་སྟེ། མདོ་སྡེ་གཞན་དང་འགལ་བའི་ཕྱིར་རོ།། འོ་ན་ཅི་ཞེ་ན། དགོངས་པ་ཅན་ཡིན་ནོ།། ཡང་འདི་འགལ་དུ་ཟིན་ཡང་འགའ་ཞིག་གིས་དེ་ལྟར་བསླུས་པ་ན་མེད་པར་ལྟ་བ་དེ་ལ་བརྟེན་པར་འགྱུར ་རམ་སྙམ་ནས་བློ་ཞན་པ་རྣམས་ཆུད་གསན་པའི་ཕྱིར་གཞུང་དུ་བྱས་པ་ཡིན་པར་དེ་ལྟར་ཅི་སྟེ་མི་འདོད། འདི་ལྟར་དེ་ལྟར་སྨྲས་པ་ཡང་དེ་ཐམས་ཅད་མེད་པར་ལྟ་བ་དེ་ལ་མངོན་པར་ཞེན་པ་ཁ་ཅིག་སྣང་བ་ཁོ་ན་ཡིན་ནོ། ་ཞེ་ན། དེ་ནི་དེ་དག་གི་ཤེས་རབ་ཀྱི་ཉེས་པ་ཡིན་པ་འམ། སྔོན་ཆོས་ཀྱི་ཕོངས་པར་འགྱུར་བའི་ལ་སོགས་པ་དེས་དེ་དག་དེ་ལྟར་ཉམས་པ་ཡིན་གྱི། འདི་ནི་ཉམས་པར་བྱེད་པ་མ་ཡིན་ནོ།། འདི་ཇི་ལྟར་ཤེས་ཞེ་ན། གོང ་དུ་འགལ་བའི་ཕྱིར་རོ་ཞེས་སྨོས་པ་ཉིད་དང་སྦྱར་རོ།། མདོ་གཞན་ལས་གང་དག་དེ་བཞིན་གཤེགས་པས་གསུངས་པའི་དོན་དང་། ཚིག་དང་ཡི་གེ་ཟབ་མོ་དག་རྟོགས་པར་ཁོང་དུ་ཆུད་པར་བྱེད། དགོངས་པ་རྟོགས ་པར་བྱེད། རྗེས་སུ་མཐུན་པར་བྱེད། མི་མཐུན་པར་མི་བྱེད། སྦྱོར་བར་བྱེད། གནོད་པར་མི་བྱེད། དོན་རྟོགས་པར་ཁོང་དུ་ཆུད་པར་བྱེད་ཀྱི། ཚིག་འབྲུའི་རྗེས་སུ་རྒྱུག་པར་མི་བྱེད་པ་དེ་དག་ལ་ཡོན་ཏན་འདི་དག་དང་དེ ་བས་ལྷག་པ་དག་འབྱུང་བར་རིག་པར་བྱའོ་ཞེས་གསུངས་པ་ཡང་ཡིན་ཏེ། གང་ཞིག་སྒྲ་ཇི་བཞིན་གྱི་དོན་དུ་འཛིན་པར་བྱེད་པ་ཉིད་ཀྱིས་སེམས་ཅན་ཆུད་གསོན་པར་ཞུགས་པ་དེ་ལ་ནི་འདི་འགལ་བ་ཡིན་ཏེ། ་ལྟར་ན་སྒྲ་ཇི་བཞིན་གྱི་ངན་དུ་ཡང་གཟུང་བར་བྱ་ཞིང་། དགོངས་པ་ཡང་རྟོགས་པར་བྱ་བ་དང་། སྔ་ཕྱི་སྦྱོར་བར་བྱ་བ་ཉིད་དུ་ཡང་བསྟན་པར་འགྱུར། དེ་ཉིད་ལས་ཀྱང་ཚངས་པ་གཞན་ཡང་དེ་བཞིན་གཤེགས་པ་ནི ་དགོངས་པའི་རྣམ་གྲངས་ཀྱིས་རྟག་པ་གསུངས་པ་ཡིན་པར་ཉིད་ཞལ་གྱིས་འཆོས་པར་མཛད། ཀུན་ནས་ཉོན་མོངས་པ་གསུང་བ་དང་། ཆད་པ་གསུང་བ་དང་། མི་བྱ་བ་གསུང་བ་དང་། ལྡོག་པར་ལྟ་བ་ཅན ་དང་། མ་དད་པ་དང་། བྱ་བ་མི་ཤེས་པ་དང་། ཁྱིམ་འབུགས་པ་དང་། སྐྱུགས་པ་ཟ་བ་དང་། གོ་སྐབས་བཅོམ་པ་ཡིན་པར་ཉིད་ཞལ་གྱིས་འཆེ་བར་མཛད་ཀྱང་དེ་བཞིན་གཤེགས་པ་ནི་བསྟན་པ་དེ་དག་ལ་མེད་ཅིང ་མི་སྣང་སྟེ། དེ་བཞིན་གཤེགས་པས་དགོངས་ནས་གསུངས་པ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་དགོངས་པ་གང་གིས་སེམས་ཅན་མངོན་པའི་ང་རྒྱ་ལ་གཏོང་བའི་དགོངས་པ་དག་སྟོན་པར་མཛད་པ་ཡིན་ནོ།། ཚངས ་པ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་དགོངས་ནས་ཆོས་སྟོན་པར་མཛད་པ་ཡིན་པས་དེ་ལ་བྱང་ཆུབ་སེམས་དཔས་སྒྲ་ཐམས་ཅད་ལ་སྐྲག་པར་མི་བྱའོ་ཞེས་གསུངས་པ་འདི་ཡང་གལ་ཏེ་བསྟན་པ་ལ་སྒྲ་ཇི་བཞིན་གྱི ་དོན་མ་ཡིན་པ་ཉིད་དུ་མི་འདོད་ན་འགལ་བ་ཡིན་ནོ།། ཡང་ན་འདོད་ན་ནི་ཇི་ལྟར་ན་ཆུང་གསོན་པར་བྱ་བའི་ཐེག་པ་ཆེན་པོ་གཞུང་དུ་བྱས་པ་ཡིན། གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས ་ནི་མགོ་གཅིག་ཏུ་སྨྲ་བ་ཡིན་ཞིང་གདུང་བ་མེད་པར་སྨྲ་བ་ཡིན་ནོ།། བཞི་པོ་གང་དག་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་ཆོས་ཐམས་ཅད་གང་ཟག་མེད་པར་སྨྲ་བ་ཡིན། བྱུང ་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་སྐྱེ་བ་ཐམས་ཅད་ཀྱི་སྐྱེ་མཆེད་རྣམས་ལ་མངོན་པར་དགའ་བ་མེད་པར་སྨྲ་བ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་ཐེག་པ་ཆེན་པོའི་བསྔགས་པ་སྨྲ་བ། ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་དགེ་བ་དང་། མི་དགེ་པའི་ལས་རྣམས་ཆུད་མི་ཟ་བར་སྨྲ་བ་ཡིན་ནོ་ཞེས་གསུངས་པའི་གསུང་འདི་ཡང་མེད་པ་ལྟ་བ་འཛིན་དུ་འཇུག་པ་ལ་འགལ་བ་ཡིན་ནོ།། ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཡོད་པའང་མ་ཡིན། མེད་པའང་མིན་ཏེ་ཆོས་འདི་ཀུནི།། རྒྱུ་ལ་བརྟེན་ནས་འབྱུང་བ་ཡིན།། འདི་ལ་བདག་མེད་ཅིང་། བྱེད་པ་པོ་འམ་ཚོར་བ་པོ་མེད། དགེ་བ་དང་། ་མི་དགེ་ཡི། ལས་ནི་ཅི་ཡང་ཆུང་མི་ཟ་བར་གསུང་བ་ལགས་ཤེས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་དཀོན་མཆོག་འབྱུང་གནས་ཀྱིས་བསྟོད་པ་སྦྱར་བ་འདི་ཡང་འགལ་བར ་འགྱུར་རོ།། ཀུན་ཏུ་སྣང་བའི་མདོ་སྡེ་ལས་ཀྱང་། སྒྲ་ཇི་བཞིན་གྱི་དོན་ཏུ་འཛིན་ནི་ཉེས་པ་ལྔ་ཡོད་དེ། ལྔ་གང་ཞེ་ན། མི་མོས་པའི་གནས་སུ་འགྱུར་བའི་ཉེས་པ་དང་། བཙལ་བ་ཉམས་པའི་ཉེས་པ་དང་། གཞན ་ལ་སླུ་བར་བྱེད་པའི་ཉེས་པ་དང་། སྟོན་པ་ལ་སྐུར་པ་འདེབས་པའི་ཉེས་པ་དང་། ཆོས་སྤོང་བར་བྱེད་པའི་ཉེས་པའོ་ཞེས་རང་གི་སྒྲས་བསྟན་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ལེགས་པར་རྣམ་པར་བྱུང་བ་རྟོག་པས ་ཀྱང་། སྒྲ་བཞིན་དོན་ནི་ཀུན་ཏུ་བརྟགས་པ་ན།། རང་དགའ་དག་གིས་བློ་ནི་ཉམས་འགྱུར་ལ།། ལེགས་པར་གསུངས་ལ་སྐུར་ཅིང་སྨད་པར་འགྱུར།། ཚོསཱ་ལ་ཁོང་ཁྲོ་སྒྲིབ་པར་འགྱུར་བ་ཡིན།། ཞེས་གསུངས་པ་དེ ་ཡང་འགལ་བར་འགྱུར་རོ།། ཐེག་པ་ཆེན་པོའི་མདོ་དད་པ་ཆེན་པོ་སྐྱེ་བ་ལས་ཀྱང་། བཅོམ་ལྡན་འདས་ཀྱི་རིགས་ཀྱི་བུ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པས་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་ན་ཐེག་པ་ཆེན ་པོ་ལ་དད་པའི་འབྱུང་གནས་སུ་མི་འགྱུར་རོ།། དགོངས་པ་ཅན་གྱི་དོན་ནི་སྒྲ་བཞིན་མ་ཡིན་པར་ཚུལ་བཞིན་ཡིད་ལ་བྱེད་ན་ཐེག་པ་ཆེན་པོ་ལ་དད་པའི་འབྱུང་གནས་སུ་འགྱུར་རོ།། རིགས་ཀྱི་བུ་འདི་ལྟར་བྱང་ཆུབ ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པས་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་ན། ལྟ་བ་བཟང་པོ་མ་ཡིན་པ་ཉི་ཤུ་རྩ་བརྒྱད་སྐྱེ་སྟེ། འདི་ལྟ་སྟེ། མཚན་མེར་ལྟ་བ་དང་། ལྟ་བ་ལ་ལྟ་བ་མོ་ཡིན ་པར་ལྟ་བ་དང་། ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་དང་། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་དང་། སྦྱོར་བ་གཏོང་བའི་ལྟ་བ་དང་། ཡོངསུ ་འཛིན་པའི་ལྟ་བ་དང་། བསྒྲུབ་པའི་ལྟ་བ་དང་། ངེས་པར་འཛིན་པ་མ་ཡིན་པའི་ལྟ་བ་དང་། ཁ་ན་མ་ཐོ་བ་མེད་པ་ཉིད་དུ་ལྟ་བ་དང་། ངེས་པར་འབྱུང་བར་ལྟ་བ་དང་། སྒྲིབ་པ་ལ་སོགས་པའི་ལྟ་བ་དང་། བརྙས ་པའི་ལྟ་བ་དང་། འཁྲུགས་པའི་ལྟ་བ་དང་། བསོད་ནམས་མ་ཡིན་པ་བསྐྱེད་པའི་ལྟ་བ་དང་། ཕྱིན་སྡེ་ལོག་གི་ལྟ་བ་དང་། དལྟ་བ་འབྲས་བུ་མེད་པའི་ལྟ་བ་དང་། སྐྱེད་པའི་ལྟ་བ་དང་། སླུ་བའི་ལྟ་བ་དང་། ཁས་མི་ལེན་པའི་ལྟ ་བ་དང་། ངན་གཡོ་བའི་ལྟ་བ་དང་། ཚར་གཅོད་པའི་ལྟ་བ་དང་། བཀུར་སྟི་འི་ལྟ་བ་དང་། སྐུ་རོ་པའི་ལྟ་བ་དང་། རྨོངས་པ་ཉིད་ཚབས་ཆེ་བའི་ལྟ་བ་དང་། ཁ་ན་མ་ཐོ་བ་ཉིད་ཀྱི་ལྟ་བ་དང་། ལྟ་བ་ཆེན་པོ་དང་། མངོན་པའི་ང ་རྒྱལ་གྱི་ལྟ་བའོ།། རིགས་ཀྱི་བུ་དེ་ལ་མཚན་མར་ལྟ་བ་གང་ཞེ་ན། ངས་ཀུན་ཏུ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་ལ་དགོངས་ནས་ཆོས་རྣམས་ཀྱི་མེད་པ་ཉིད་བསྟན་པ་གང་ཡིན་པ་དེ་ལ་སྒྲ་ཇི་བཞིན་གྱི་དོན་དུ་མངོན་པར་ཞེན ་ཅིང་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་། རྣམ་པར་བྱུང་བའི་ཆོས་རྣམས་ལ་ཡང་མེད་པ་ཉིད་དུ་མངོན་པར་ཞེན་པ་ན་མེད་པ་ཉིད་དུ་མཚན་མར་བཟུང་ནས་མེད་པར་ལྟ་བ་འབྱུང་བ་སྟེ། དེ་ལྟ་བས་ན་མཚན་མར ་ལྟ་བ་ཞེས་བྱའོ།། དེ་ལ་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པར་ལྟ་བ་དེ་ལ་མངོན་པར་ཞེན་པ་ནི་ལྟེ་བ་མ་ཡིན་པའི་འདུ་ཤེས་འབྱུང་བ་ཡིན་ནོ།། མེད་པར་ལྟ་བ་གང་ཡིན་པ་དེ་ནི་དེའི ་ལྟ་བ་ཆེན་པོ་ཡིན་ཏེ་དེ་ལྟ་བས་ན་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ཞེས་བྱའོ།། དེ་ལ་ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་དང་། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི ་ལྟ་བ་ནི་མཚན་མར་ལྟ་བ་ངེས་ཐཾད་ལ་སྐུར་པ་འདེབས་པ་ན་ཐ་སྙད་ལ་སྐུར་པ་འདེབས་པར་ལྟ་བ་ལ་ཡང་མངོན་པར་ཞེན་པ་བྱེད། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན་པར་བྱེད། དེ་ཁོ་ན་ཉིད་ལ་སྐུར་པ ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན་པར་བྱེད་དོ།། དེ་ལྟ་བས་ན་ཐ་སྙད་ལ་སྐུར་པ་འདེབས་པའི་ལྟོ་བ་ཞེས་ཀྱང་བྱའོ།། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་ཞེས་ཀྱང་བྱའོ།། དེ་ཁོ་ན་ཉིད་ལ་སྐུར་པ ་འདེབས་པའི་ལྟ་བ་ཞེས་ཀྱང་བྱའོ།། དེ་ལ་སྦྱོར་བ་གཏོང་བའི་ལྟ་བ་ནི་སྐུར་པ་འདེབས་པའི་ལྟ་བ་ཅན་དེ་ཉིད་ཕྱིས་གང་གིས་ཁྱད་པར་དུ་འགྲོ་བ་ལས་ཡོངས་སུ་ཉམས་པར་འགྱུར་བ་རབ་ཏུ་རྣམ་པར་འབྱེད་པའི་སྦྱོར་བ་གཏོང ་བའོ།། དེ་ལ་ཡོངས་སུ་འཛིན་པའི་ལྟ་བ་ནཱི་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟེ་བ་དང་། སྐྱུར་པོ་འདེབསྡུ་པའི་ལྟེ་བ་དང་། སྦྱོར་བ་གཏོང་བའི་ལྟ་བ་ཅན་དེ་ཉིད་གཞན་དག་དང་ལྷན་སྡིག་ཏུ་ཆོས་ཀྱི་མཚན་ཉིད་རྣམ་པར་གཏན་ལ ་དབབ་པར་བྱེད་པ་ན་མེད་པའི་ཕྱོགས་ཁོ་ནར་ཡོངས་སུ་འཛིན་པས་ན་དེ་ལྟ་བས་ན་ཡོངས་སུ་འཛིན་པའི་ལྟ་བ་ཞེས་བྱའོ།། དེ་ལ་སྦྱར་བའི་ལྟ་བ་ནི་གལ་ཏེ་ཐེག་པ་ཆེན་པོའི་མདོ་སྡེའི་དོན་གྱི་བསྔགས་པར་བརྗོད་པ་ན་འདི ་ངག་ཐམས་ཅད་ནི་མོང་པདོན་སྟོན་པ་ཡིན་ན་ནས་པ། དག་ལྟ་བ་དེ་ཁོ་ནར་སྒྱུར་བར་བྱེད་པ་ཡིན་ཏེ། དེ་ལྟ་བས་ན་སྦྱར་བའི་ལྟ་བ་ཞེས་བྱའོ།། རིགས་ཀྱི་བུ་དེ་ལ་ངེས་པར་འབྱིན་པ་མ་ཡིན་པའི ་བ་ནི་ཡོངས་སུ་འཛིན་པའི་ལྟ་བ་གུང་ཡིན་པ་དང་། སྦྱར་བའི་ལྟ་བ་གང་ཡིན་པ་དེ་ནི་བདག་གམ་པ། ཞན་གྱི་ཕྱིརརེ་རེ་ཞིག་ཐེག་པ་དམན་པས་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱིན་པ་མ་ཡིན་ན་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་ལྟ་ཅི་སྨོས་པ་སྟེ། དེ་ལྟ་བས་ན་ངེས་པར་འཁྱེན་པ་མ་ཡིན་པའི་ལྟ་བ་ཞེས་བྱའོ།། དེ་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་དུ་ལྟ་བ་ནི་མེད་པའི་མཚན་མ་ཉིད་དུ་ལྕི་བར་གྱུར་ནས་འདི་ལྟ་སྟེ། བྱང་ཆུབ ་སེམས་དཔའ་གང་ཞིག་ལྟ་བ་འདི་དང་ལྡན་ན་འཁྲུལ་པའི་ཉེས་བྱས་ཅུང་ཟད་སྤྱད་ཀྱང་དེ་ལ་ཐམས་ཅད་དུ་ཁ་ན་མ་ཐོ་བར་མི་འགྱུར་པར་ལྟ་བ་འབྱུང་བ་སྟེ། དེ་བས་ན་ཁ་ན་མ་ཐོ་བ་མེད་པ་ཉིད་དུ་ལྟ་བ་ཞེས་བྱའོ།། དེ་ལ ་ངེས་པར་འབྱུང་བར་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚོན་མཚན་མར་ལྟ་བ་ཅན་དེ་ཉིད་འདི་སྙམ་དུ་མེད་པའི་མཚན་མར་ལྟ་བ་འདི་ནི་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཐམས་ཅད་ལས་ངེས་པར་འབྱུང་བ་ཡིན་ནོ་སྙམ ་དུ་སེམས་པ་གང་ཡིན་པ་སྟེ། དེ་ངེས་པར་འབྱུང་བ་ནི་མ་ཡིན་ནོ།། དེ་ལྟ་བས་ན་ངེས་པར་འབྱུང་བར་ལྟ་བ་ཞེས་བྱའོ།། ཁ་ན་མ་ཐོ་བ་ཉིད་པ་དང་། ངེས་པར་འབྱུང་བར་ལྟ་བ་དག་ཉིད་སྒྲིབ་པ་ལ་སོགས་པའི་ལྟ་བ་ཡིན ་ཏེ། སྒྲིབ་པའི་རྒྱུ་དེ་ལ་དེའི་གཉེན་པོ་ཡིན་པར་བློ་འབྱུང་བའི་ཕྱིར་རོ།། དེ་ལ་བརྙས་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉན་ཐོས་ཀྱི་ཐེག་པ་ལ་ཆོས་འདི་དག་ནི་བྱང་ཆུབ་སེམས་དཔས་གོམས ་པར་མི་བྱའོ།། ཆོས་འདི་དག་ནི་དམན་པ་ཡིན་པས་འདི་དག་ལ་བྱང་ཆུབ་སེམས་དབུས་མཁས་པ་ཉིད་དུ་མི་བྱའོ།། ཆོས་འདི་དག་ནི་བྱང་ཆུབ་སེམས་དཔས་ཐག་རིང་དུ་སྤང་བར་བྱའོ་ཞེས་བརྙས་པའི་སེམས་སྐྱེ་བ་གང་ཡིན ་པ་སྟེ། དེ་བས་ན་བརྙས་པའི་ལྟ་བ་ཞེས་བྱའོ།། དེ་ལ་འཁྲུག་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྦུ་བ་ཅན་དེ་ཉིད་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དེ་དག་ལ་འདི་དག་དང་ལྷན་ཅིག་གནས་པར་མི་བྱ། གླེང ་བ་དང་། ཀུན་ཏུ་གླེང་བུ་དང་། སྨྲ་བ་དང་། གོས་ལ་སོགས་པ་ཀུན་ཏུ་སྤྱད་པ་དང་། ལོངས་སྤྱོད་པར་མི་བྱའོ་ཞེས་ཁོང་ཁྲོ་བའི་སེམས་སྟོན་པ་གང་ཡིན་པ་དེ། དེ་བས་ན་འཁྲུག་པའི་ལྟ་བ་ཞེས་བྱའོ།། དེ་ལ་བསོད་ནམས་མུ་ཡིན ་པ་བསྐྱེད་པའི་ལྟ་བ་ནི་དེ་ཉིད་བརྙས་པའི་ལྟ་བ་དང་། འཁྲུག་པའི་ལྟ་བོ་ཅན་དུ་གྱུར་ནས་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་པ་ཡིན་ཏེ། དེ་ལྟ་བས་ན་བསོད་ནམས་མ་ཡིན་བསྐྱེད་པའི་ལྟ་བོ་ཞེས་བྱའོ།། དེ་ལ་གྱིན་ཅི་ལོག་གི། ་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་གང་གིས་ན་དེའི་ཏིང་འཛིན་རྣམ་པ་གསུམ་སྒོམ་པ་དེ་མི་འགྲུབ་པ་སྟོང་པ་ཉིད་ལ་སྟོང་པ་ཉིད་དུ་མི་རྟོག་པོ་དང་། མཚན་མ་མེད་པ་ལ་མཚན་མ་མེད་པ ་ཉིད་དུ་མི་རྟོག་པ་དང་། སྨོན་པ་མེད་པ་ལ་སྨོན་པ་མེད་པ་ཉིད་དུ་མི་རྟོག་པ་གང་ཡིན་པ་སྟེ། དེ་ལྟ་བས་ན་ཕྱིན་ཅི་ལོག་གི་ལྟ་བ་ཞེས་བྱའོ།། དེ་ལ་དུལ་བ་འབྲས་བུ་མེད་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་ཕྱིན་ཅི ་ལོག་གི་ལྟ་བ་ཅན་དེའི་ཏིང་ངེ་འཛིན་སྒོམ་པ་ངལ་བ་འབྲས་བུ་མེད་པ་གང་ཡིན་པ་སྟེ། དེ་ལྟ་བས་ན་ངལ་བ་འབྲས་བུ་མེད་པའི་ལྟ་བ་ཞེས་བྱའོ།། དེ་ལ་སྤྱོད་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་ཉིད་ལྟ་བ་ཅན་དེ་ཉིད ་འདི་ལྟར་བྱང་ཆུབ་སེམས་དཔའ་གང་ལྟ་བ་དེ་ལ་སྐྱེ་བོའི་ཚོགས་ཆེན་པོ་ཡང་དག་པར་ལེན་དུ་འཇུག་ཅིང་སྐྱེ་བོའི་ཚོགས་ཆེན་པོ་དད་པར་བྱེད་པ་དེ་ནི་བསོད་ནམས་མང་པོ་སྟོང་བ་ཡིན་ནོ་ཞེས་འབྱུང་བ་གང་ཡིན་པ་སྟེ། དེ་ལྟ་བས ་ན་སྐྱེད་པའི་ལྟ་བ་ཞེས་བྱའོ།། དེ་ལ་བསླུ་བའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་སྐྱེད་པའི་ལྟ་བ་ཅན་བསོད་ནམས་ཀྱི་བསམ་པ་ཅན་དེ་བདག་གམ་གཞན་ལས་བསོད་ནམས་བསླུ་བ་འབྱུང་བ་གང་ཡིན་པ་སྟེ། དེ་བས་ན་བསླུ་བའི་ལྟ ་བ་ཞེས་བྱའོ།། དེ་ལ་ཁས་མི་ལེན་པའི་ལྔ་བཾ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་འདི་སྙམ་དུ་བདག་གིས་ཆོས་ཐམས་ཅད་མེད་པ་ཉིད་འདི་ལ་གཞན་དག་དང་རྩོད་པར་བྱེད་པ་ན་ཡང་ཕྱོགས་འགའ་ཡང་ཁས ་བླང་བར་མི་བྱ་ཞིང་། བདག་གིས་སུན་ཅི་ཕྱིན་པ་འབའ་ཞིག་བྱའོ་སྙམ་དུ་སེམས་པ་གང་ཡིན་པ་སྟེ། དེ་ལྟ་བས་ན་ཁས་མི་ལེན་པའི་ལྟ་བ་ཞེས་བྱའོ།། དེ་ལ་ངན་གཡེའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མོད་པ་མཚན་མར་ལྟ་བ ་ཅན་ཕྱོགས་ཁས་མི་ལེན་ཅིང་སྒྲ་ཇི་བཞིན་གྱི་མེད་པ་ཉིད་དེ་རྣམ་པར་འཇིག་པ་དེ་ཉིད་ཚིག་དོར་དང་། ལྟག་ཆོང་སྨྲ་བའི་སྦྱོར་བ་བྱེད་དོ།། ཚིག་དོར་དང་ལྟག་ཆོད་སྨྲ་བའི་སྦྱོར་བ་ནི་ངན་གཡོ་སྨྲ་བ་ཞེས་བྱའོ།། དེ་ལྟ་བས་ན་ངན་གཡོའི་ལྟ་བ ་ཞེས་བྱའོ།། དེ་ལ་ཚར་བཅད་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་ཁས་མི་ལེན་པའི་ལྟ་བ་དང་། ངན་གཡོའི་ལྟ་བ་ཅན་དེ་ཉིད་སྨྲ་བ་སྙིང་པོ་མེད་པའི་ཕྱིར་མཁས་པོ་རྣམས་ཀྱིས་དུས་ཐམས་ཅད་དུ་ཚར་བཅད་པ་ཡིན་ཏེ། དེ་ལྟ་བས ་ན་ཚར་བཅད་པའི་ལྟ་བ་ཞེས་བྱའོ།། དེ་ལ་བཻཀུར་སྟིའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་འདི་ལྟར་གང་ཞིག་དེ་བཞིན་གཤེགས་པས་གསུངས་པའི་ལྟ་བ་འདི་ལ་རྟེན་པ་ནི་སྟོན་པ་ལ་བཀུར་སྟི་བྱེད ་པ་ཡིན། བླ་མར་བྱེད་པ་ཡིནཽ། རི་མོར་བྱེད་པ་ཡིན། མཆོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བཱ་ར་ལྟ་བ་འབྱུང་སྟེ། བཀུར་སྟི་བྱེད་པ་ནི་མ་ཡིན་ནོ།། དེ་ལྟ་བས་ན་བཀུར་སྟིའི་ལྟ་བ་ཞེས་བྱའོ།། དེ་ལ་སྐུར་བའི་ལྟ་བ་ནི་བྱང་ཆུབ་སེམས་དབུ ་བཀུར་སྟིའི་ལྟ་བཙོན་དེ་ཉིད་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པར་བྱེད་པ་གང་ཡིན་པ་སྟེ། བཀུར་སྟི་མི་བྱེད་པ་འབའ་ཞིག་ནི་མ་ཡིན་ནོ།། དེ་ལྟ་བས་ན་སྐུར་པའི་ལྟ་བ་ཞེས་བྱའོ།། དེ་ལ་རྨོངས་པ་ཉིད་ཚབས་ཆེ་བའི་ལྟ་བ་ནི ་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བུ་ཅང་དེ་ཉིད་བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་མངོན་པར་མ་ཞེན་པ་ལྟ་བ་ཕྱིན་ཅི་ལ་ལོག་པ་གཞན་རྣམས་ཀྱི་རིགས་པ་ཡང་དག་པར་བསྟན་པ་ཡང་བྱས། རྣམ་པ་དུ་མར ་བ་ས་པ་སྣང་རྒྱུན་དུ་སྒྲུབ་དུལ་གཟུག་པ་མ་ནུས་བྱུང་བ.རཱུ་བ་། དཱརྫྫ་སྣུན་ནས་པ་ནང་ན་བས་ཆུབ་སྨྲ་སྒྱུམ། ངས་ཁམམ་བྱུང་བ་སྣརུ་བན་བྱུང་ཆུག་མ ་ཆབས་མེ་ལྷྭ་ཉིད་ལ་ན་ཙྪེ་ནས་བྱུ། མྦྷ་མྦུ་བསྦྱིན་པོ་ན་ཊྚཧཱུ~ཾ་བཱ་ནྡྷེ་དྲུག་པ་འདུ་ཐམས་ཅད་། བརྒྱན་པ་ཞེས་བྷཱ།། ཕྱིར་ནཱ། ལྦུ་བ་འདི་ལྟ་བསྦྱིན་པ་སྦྱོར་འཇིག་ཚོགས་ཀྱིས ་ནི་ཅན་ལྟ་བའི་རྣམ་པ་དྲུག་ཅུ་ཅུ་གཉིས་པོ་དག་ནི་དེ་ལྟར་ཁོ་ན་མ་བ་ཆེན་པོ་དང་བཙོས་པ་མ་སྦྱིན་ནོ།། དེ་ལྟ་བས་ན་ལྟ་བ་ཆེན་པོ་ཞེས་བྱ་ནྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་ངནས ་སྦྱིན་པ་ལ་དོན་དུ་འཇུགས་ནས་འདི་ལྟར་ལྟ་བ་རིན་མེད་པ་ལྟ་བ་སྦྱིན་པར་བྱེད་པ་ནི། རྒྱས་ཀྱིས་ཕོངས་པར་འིམྱུར་བའི་ལས་རྒྱུད་མེད་པ་ཐོབ་པ་ཡོངས་སུ་འཛིན་པར་བྱེད་པ་དང་། འཛུག་ཀུན་ཏུ་བྱུ་བར་བྱེད་པ་དེ་ལྟ ་ཚོགས་ལྔ་ལྕི་བའི་རྩ་བཅན་ནཱི་ལྟ་བའི་རྣམ་པ་དགྲ་ན་ཆོས་རྒྱས་ཕོངས་པར་འགྱུར་བའི་ལས་དང་འཇུག་རྟེནཱ་ཀཱན་དྷ་སྦྱོར་བར་མ་བྱེད་དོ།། དེ་ལ་མངོན་པའི་རྒྱལ་གྱི་ལྦོ་བཱ་ནི་ལཱ་པ་ཆེན་པོ་དེ་ཉིད་ལྷ་མངོན་པའོ་ཎྜལ་ཙྪ་ཝཱ ་ས་པཟླ། ཟག་པ་ཆེན་པོམ་ཆོས་རྣམས་ལ་ས་ཇི་བཞིན་གྱི་དོན་དུ་མངོན་པའི་ང་རྒྱལ་བྱེད་པ་ནི་ལ་ག་པའི་ལྟེ་བ་འདིའི་བྱུང་བམ་སོ།། དེ་ལྟ་བས་ན་མངོན་པའི་ང་རྒྱལ་ཞེས་བྱའི་ཞེས་གསུངས་སོ།། དེ་ལྟ་བས་ནི་ཐེག་པ་ཆེན ་པོ་ནི་དགོངས་པ་ཅན་གྱི་དོན་ཡིན་པའི་ཕྱིར་ཉམས་པར་བྱེད་པའི་གཟུང་དུ་བྱས་པ་མ་ཡིན་ནོ།། ཡང་ཅིའི་ཕྱིར་ཞེ་ན། ལྟ་བ་མི་བཟང་བ་བཀག་པའི་ཕྱིར་རོ།། ཇི་ལྟར་བཀག་པའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང ་པ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས་འདི་སྐད་དུ། ཆོས་དེ་ནི་ནམ་མཁའ་དང་འདྲ་སྟེ། འདི་ལྟ་སྟེ་ཐམས་ཅད་མཁྱེན་པ་ཉིད་དོ།། ཆོས་དེ་ནི་མེད་པ ་སྟེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་དོ།། ཆོས་དེ་ནི་ཡོད་པ་མ་ཡིན་སྟེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཡིན་པ་འདི་ལ་སུ་ཞིག་ཤེས་པར་འགྱུར། འདི་ལ་སུ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེ ་སུ་ཡང་ངེས་པར་འབྱིན་པར་མི་བྱེད་དེ། གང་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ཐམས་ཅད་ནི་ན་མཁའ་དང་འདྲ་བ་ཡིན་པས་ཁྱོད་དོན་མེད་པར་རྣམ ་པར་ཉམས་སོ།། འདི་ལྟ་སྟེ་བླ་ན་མེད་པ་ཡང་དག་པར་རྟོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བྱ་བར་འདི་ནི་བདུད་ཀྱིས་བསྟན་པ་ཡིན་གྱི། དེ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཞེས ་འདུན་པ་ཟློག་པར་བྱེད་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ངེས་འོད་ནི་བདུད་ཀྱི་ལས་ཡིན་ནོ་ཞེས་དེ་ལྟར་ཤེས་པར་བྱ་ཞིང་དེ་ལྟར་རིག་པར་བྱའོ་ཞེས་འབྱུང་བ་ཡིན་ནོ།། གལ་ཏེ་ཐེག་པ་ཆེན་པོ་མེད་པར་ལྟ་བ་འཇུག་པའི་ཕྱིར ་གཞུང་དུ་བྱས་པ་ཡིན་ན་འདི་ནི་བདུད་ཀྱི་ལས་ཡིན་ནོ་ཞེས་མེད་པར་ལྟ་བ་དེ་བཀག་པར་མི་འགྱུར་བ་ཞིག་གོ།། ཅིའི་ཕྱིར་གཞན་དུ་དོན་དམ་པ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་གཞན་ཏུ་བདུད་ཀྱི་ལས་ཞེས་བསྟན་ཅེ་ན། ་དགོངས་པ་ཅན་གྱི་དོན་ལ་དགོངས་ནས་དོན་དམ་པ་ཞེས་གསུངས་ལ། སྒྲ་ཇི་བཞིན་གྱི་དོན་ལ་དགོངས་ནས་བདུད་ཀྱི་ལས་ཞེས་གསུངས་པ་ཡིན་ནོ།། གཞན་ཡང་མི་དགེ་བོའི་ལས་ཀྱི་ལམ་དགག་པར་ཡང་འབྱིན་པ་ནི་མེད་དོ་ཞེས་བྱ་བ་དེ ་ལྟ་བུ་ལ་སོགས་པ་ལོག་པར་ལྟ་བ་ལན་མང་དུ་བཀག་པ་ཡིན། གང་ཞིག་ཐམས་ཅད་མེད་དོ་ཞེས་བྱ་བ་འཛིན་དུ་གཞུག་པར་ཞུགས་པ་དེ་ཇི་ལྟར་ན་བྱིན་པ་ནི་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འགོག་པར་བྱེད་དེ། དེའི་ཕྱིར་ན ་ཡང་འདི་ལྟ་བ་བཟང་པོ་མ་ཡིན་པ་འཛིན་དུ་གཞུག་པའི་ཕྱིར་ཉམས་པར་བྱེད་པའི་གཞུང་དུ་བྱས་པ་མ་ཡིན་ནོ།། ཡང་ཅིའི་ཕྱིར་ཞེ་ན། ཕན་པའི་ཐབས་བསྟན་པའི་ཕྱིར་རོ།། བསོད་ནམས་ཐམས་ཅད་བསགས་པའི་མདོ་ལས ་རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་བོ།། བཞི་པོ་གང་དག་དང་ཞེ་ན། ལྟ་བ་སྤངས་པས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཉིད་དང་། ཉོན་མོངས ་བ་ཐམས་ཅད་རབ་ཏུ་ཞི་བོས་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་དང་། ཆོས་ལ་འཇུག་པའི་བཟོད་པའི་སྟོབས་དང་ལྡན་པ་ཉིད་དང་། དབེན་པའི་ཆོས་ལ་མོས་པས་བརྩོན་འགྲུས་བརྩམས་པ་ཉིད་དང་ངོ་།། བཞི་པོ་གཞན་དག་གིས ་ཀྱང་ཡིན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ཉིད་ཀྱིས་བྱམས་པ་ཆེན་པོ་དང་། འཁོར་བ་ལ་ཡོངས་སུ་མི་སྐྱོ་བ་ཉིད་ཀྱི་སྙིང་རྗེ་ཆེན་པོ་དང་། ཆོས་ལ་དགའ་བ་དང་། རབ་ཏུ་དགའ་བ་ཉིད་ཀྱིས་དགའ་བ་ཆེན་པོ་དང་། རྗེས་སུ ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པས་བཏང་སྙོམས་ཉིད་དང་ངོ་ཞེས་གསུངས་པ་ཡིན་ན་གང་ཞིག་སེམས་ཅན་ཆུད་གསན་བར་ཞུགས་པ་དེ་ཇི་ལྟར་ན་མེད་པ་ཅན་གྱི་ལྟ་བ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཕན་པ་ཉིད་ཀྱི་ཐབས ་སྟོན་པར་བྱེད། ཡང་དག་པར་བསྒྲུབ་པར་དེ་མེད་པར་ཡང་མེད་པའི་ལྟ་བ་འཐོབ་པར་འགྱུར་བ་མ་ཡིན་ནམ། དེ་ལྟ་བས་ན་ཐེག་པ་ཆེན་པོ་སེམས་ཅན་རྣམས་མེད་པར་ལྟ་བོ་ཇི་ལྟ་བོ་འཛིན་དུ་འཇུག་པའི་ཕྱིར་ཉམས་པར་བྱེད་པའི ་གཞུང་དུ་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ།། དེའི་ཕྱིར་ཡང་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་བྱ་བ་མ་གྲུབ་བོ།། བསྡུས་པའི་ཚིགས་སུ་བཅས་པ་དག་ནི། ཇི་ལྟར་སངས་རྒྱས་གསུང་མ ་ཡིན། འགོལ་བའི་ཕྱིར་རོ་གཞན་དེ་བཞིན།། དེ་ངེས་དོན་ཡིན་རིལ་མི་ཤེས།། ངེས་དོན་མེད་པར་ཇི་ལྟར་ཤེས།། དེ་སྒྲ་ཛ་བཞིན་དོན་མིན་ནོ།། འགལ་བའི་ཕྱིར་རོ་ཉམས་བྱེད་ཡིན།། ལྟ་བ་མི་བཟད་བཀག་ཕྱིར་རོ།། ཕན་པའི་ཐབས་ཀྱང ་བསྟན་ཕྱིར་རོ།། དེ་ནི་ངེས་པའི་དོན་ཡིན་གྱི་ཐེག་པ་ཆེན་པོ་ལ་ནི་ངེས་པའི་དོན་མེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡིན་པ་ཡང་ཐོས་པ་ཉུང་བའི་ཕྱིར་དེ་སྐད་སྨྲས་པ་ཡིན་ཏེ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། ཆོས ་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་ཐམས་ཅད་ངེས་པའི་དོན་མ་ཡིན་པར་འབྱུང་ལ། མདོ་སྡེ་གཞན་གྱི་ཁྱད་པར་གཞན་མང་པོ་དག་ལས་ཀྱང་དོན་དེ་ཉིད་ཡོངས་སུ་བསྟན་ཏོ།། ་མདོ་སྡེའི་དུམ་བུ་དེ་དག་ནི་གཞུང་མང་བ་ཡོངས་སུ་སྤངས་པའི་ཕྱིར་མ་བཀོད་དོ།། དེ་དག་ལས་ཚིགས་སུ་བཅད་པ་ཙམ་ནི་རེ་ཞིག་བརྗོད་པར་བྱའོ།། རེ་ཞིག་དགོངས་པ་ངེས་པར་འགྲེལ་པ་ལས། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས ་མ་སྐྱེས་དང་།། ཆོས་རྣམས་མ་འགགས་ཆོས་རྣམས་བཟོད་ནས་ཞི་བ་དང་།། ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི།། དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད།། མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད། ་དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངེས་བཤད་དེ།། མཁས་པ་གང་ཞིག་དགོངས་པས་འདི་དག་ཤེས་པ་ནི།། རབ་ཏུ་ཉམས་པར་འགྱུར་བའི་ལམ་དུ་དེ་མ་འགྲོ།། ཞེས་གསུངས་པ་ཡིན་ནོ།། གཞན་ལས་ཀྱང་ཕུང་པོ་དག་ལ་བདག ་མེད་དེ།། ཕུང་པོ་དག་ནི་བདག་མ་ཡིན།། དེ་དག་བརྟགས་པ་བཞིན་དུ་མེད།། དེ་དག་མེད་པའང་མ་ཡིན་ནོ།། ཇི་ལྟར་བྱིས་པས་བརྟགས་པ་བཞིན།། དངོས་པོ་ཐམས་ཅད་ཡོད་པ་སྟེ།། ཇི་ལྟར་མཐོང་བཞིན་དེ་ཡིན་ནུ།། ཐམས་ཅད ་ཡང་དག་མཐོང་བར་འགྱུར།། དངོས་པོ་ཐམས་ཅད་མེད་པའི་ཕྱིར།། ཀུན་ནས་ཉོན་མོངས་དག་པ་མེད།། ཇི་ལྟར་མཐོང་བཞིན་དེ་མེད་དོ།། དེ་དག་མེད་པ་ཡང་མ་ཡིན་ནོ།། ཡང་གསུངས་པ། ཀུན་ཏུ་བརྟགས་པའི་རང་བཞིན་གྱིས།། ། ་ཆོས་རྣམས་ཐམས་ཅད་མ་སྐྱེས་པ།། གཞན་གྱི་དབང་ལ་གནས་ནས་ན།། མི་ཡི་རྣམ་རྟོག་འཁྱམ་པ་ཡིན།། ནམ་ཞིག་གཞན་གྱི་དབང་དག་སྟེ།། རྣམ་པར་རྟོག་དང་བྲལ་བ་ནི།། ཤིན་ཏུ་གྱུར་པ་དེ་བཞིན་ཉིད།། རྟོག་པ་སྤངས་པར་གནས ་པའོ།། རྣམ་བརྟགས་བདེན་པར་ཡོད་མིན་གྱིས།། རྣམ་པར་རྟོག་པས་མུ་རྟོག་ཅིག། གཟུང་དང་འཛིན་པའི་མཚན་ཉིད་དུ།། ནོར་པར་དེ་དག་རྣམ་པ་རྟོག་ན།། ཕྱི་རོལ་དོན་མཐོང་བརྟགས་ན་ནི།། ཀུན་ཏུ་བརྟགས་པའི་རང་བཞིན་ནོ།། རྟོགས ་པ་གང་གིས་རྟོག་བྱེད་པ།། རྐྱེན་ལས་སྐྱེས་པའི་རང་བཞིན་ནོ།། ཕྱི་རོལ་དོན་མཐོང་ལོག་པ་སྟེ།། དོན་མེད་སེམས་ནི་འབའ་ཞིག་གོ།། རིགས་པས་རྣམ་པར་གཞིགས་ནས་ནི།། གཟུང་བ་དང་ནི་འཛིན་པ་འགག། ཇི་ལྟར་བྱིས ་པས་བརྟགས་པ་ལྟར།། ཕྱི་རོལ་གྱིས་ནི་དོན་མེད་དོ།། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས།། དོན་དུ་སྣང་བ་ཤིན་ཏུ་འབྱུང་།། དེ་ལྟ་བུ་ལ་སོགས་པ་ངེས་པའི་དོན་བཤད་པ་ལ་དོན་ནམ་ཚིག་གི་ཁོང་དུ་ཆུད་པར་མ་བྱས་པར་ཐེག ་པ་ཆེན་པོ་ལས་ངེས་པའི་དོན་བཤད་པ་མེད་དོ་ཞེས་ཟེར་བ་ནི་གྱ་ཚོམ་ཙམ་འབའ་ཞིག་གོ།། དེ་དེ་ལྟ་བས་ན་འགལ་བའི་ཕྱིར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་བྱ་བ་དེ་མ་གྲུབ་བོ།། གཞན་ཡང་ཐེག་པོ་ཆེན་པོ ་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་ཟེར་ན། སངས་རྒྱས་ཀྱི་གསུང་གི་མཚན་ཉིད་ཅི་ཡིན་ཞེས་བརྒལ་ཞིག་བརྟག་པར་བྱའོ།། སྨྲས་པ། སངས་རྒྱས་ཀྱི་གསུང་ཉིད་དུ་སྡེ་པ་བཅོ་བརྒྱད་དག་གིས་ཡོངས་སུ་བཟུང་བ་གང་ཡིན་པའོ།། ་ཞེ་ན། ཁོ་ན་དོན་དམ་པ་སྟོང་པ་ཉིད་ལ་སོགས་པའི་མདོ་སྡེ་བདག་མེད་པ་དང་ལྡན་པ་འཕགས་པ་ཀུན་གྱིས་བཀུར་བའི་སྡེ་པ་དག་གིས་ཁས་མི་ལེན་པ་དག་དང་། སྲིད་པ་བར་མ་དོ་དང་ལྡན་པ་སྲིད་པ་བདུན ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པས་སྟོན་པའི་སྡེ་ལ་སོགས་པ་རྣམས་ཀྱིས་ཁས་མི་ལེན་པ་གང་ཡིན་པ་དེ་དག་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ།། སྡེ་པ་ཕན་ཚུན་ཐ་དད་པའི་མདོ་སྡེ་གང་དག་ཡིན་པ་དེ་དག་ཡང་སྡེ་པ་བཅོ ་བརྒྱད་པོ་དག་གིས་ཡོངས་སུ་བསྡུ་བར་ཇི་ལྟར་ནུས་པས་དེ་དག་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ།། འདུལ་བ་དང་ཆོས་མངོན་པ་དག་ཀྱང་སྡེ་པ་ཐམས་ཅད་ལ་ཚིག་དང་། དོན་གྱིས་ཐ་དད་པས་དེ་གཉིས་སངས་རྒྱས་ཀྱི་གསུང ་ཉིད་དུ་ཇི་ལྟར་རྟོགས་པར་བྱ། འོ་ནི་སློབ་དཔོན་གྱི་རིགས་འགའ་ཞིག་གིས་ཡོངས་སུ་བཟུང་བ་གང་ཡིན་པ་དེ་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེ་ན། ཇི་རེ་ཞིག་གངངྒཱ་སྨྲས་པ་དེ་ལེགས་པར་སྨྲས་པས་སམ་འོན་ཏེ་རིགས་པ་འགའ་ཞིག ་ཡོད། འདི་ལ་མི་རིགས་པོ་ཙ་ཡོད་ཅེ་ན། ཇི་ལྟར་ན་ཕན་ཚུན་འགལ་བ་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་འགྱུར་ལ། སངས་རྒྱས་ཀྱི་གསུང་མཐའ་དག་ནི་དང་སང་མི་སྣང་ངོ་ཞེས་དེ་སྐད་ཀྱང་བསྟན་ཟིན་ཏོ།། དེ་ལྟ་བས་ན་དེ ་ནི་མཚན་ཉིད་དང་བྲལ་བ་ཡིན་ནོ།། འོ་ན་མདོ་སྡེ་ལ་འཇུག། འདུལ་བ་ལ་སྣང་། ཆོས་ཉིད་དང་མི་མཐུན་པ་མེད་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་གསུང་ཡིན་ཏེ། ཆེན་པོ་བསྟན་པ་ཚད་མ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། མདོ་སྡེའམ ་འདུལ་བ་ནི་གང་ལ་ཆོས་ཉིད་ནི་གང་ཡིན། ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་མདོ་སྡེ་འམ། འདུལ་བ་ཡང་དག་པར་བསྡུས་པ་གང་ཡིན་པ་དང་། དེ་གཉིས་ལས་གྲགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ཀྱི་ཆོས་ཉིད་གང ་ཡིན་པའོ་ཞེ་ན། ཡང་དག་པར་བསྡུས་པའི་གཞི་པོ་དང་སང་ཉམས་སོ་ཞེས་མ་བསྟན་ཏམ། འོ་ན་སྡེ་པ་གང་ལ་ཡང་དག་པར་བསྡུས་པ་གང་ཡིན་པ་དེར་རབ་ཏུ་གྲུབ་པའི་ཆོས་ཉིད་གང་ཡིན་པའོ་ཞེ་ན། ཇི་ལྟར་ན་ཕན་ཚུན་འགལ ་པ་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་འགྱུར་ཞེས་མ་བཀག་གམ། འོ་ན་འཕགས་པའི་བདེན་པའི་མདོ་སྡེ་ལ་འཇུག། ཉོན་མོངས་པ་འདུལ་བ་སྣང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དང་མི་མཐུན་པ་མ་ཡིན་པ་གང ་ཡིན་པའོ་ཞེ་ན། ཇི་ལྟར་གང་ཞིག་འཕགས་པའི་བདེན་པའི་མདོ་སྡེ་ལ་འཇུག། ཅི་རེ་ཞིག་ཚིག་གིས་སེམ། འོན་ཏེ་དོན་གྱིས་ཡིན། གལ་ཏེ་ཚིག་གིས་སོ་ཞེ་ན། དེ་ལས་གཞན་པའི་མདོ་སྡེ་ཐམས་ཅད་མི་འཇུག་གོ།། འོན་ཏེ ་དོན་གྱིས་སོ་ཞེ་ན། ཇི་ལྟར་ཐེག་པ་ཆེན་པོ་དེ་ལ་དོན་གྱིས་མི་འཇུག། ཉོན་མོངས་པ་འདུལ་བ་ལ་མི་སྣང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དང་མི་མཐུན་པ་ཡིན། གལ་ཏེ་འགལ་བའི་ཕྱིར་རོ་ཞེ་ན། ཉེས་པ་དེ་ནི་སྔར ་བསལ་ཟིན་ཏོ།། དེ་ལྟ་བུའི་ཚིགས་རྣམས་ནི་སྒྲ་ཇི་བཞིན་གྱིས་དོན་མ་ཡིན་པའི་ཕྱིར་རོ།། དེ་ལྟ་བས་ནི་གང་གིས་ན་ཐེག་པ་ཆེན་པོས་སངས་རྒྱས་ཀྱི་གསུང་མ་ཡིན་པར་འགྲུབ་པར་འགྱུར་བའི་མཚན་ཉིད་དེ་མེད་དོ།། ཅིའི་ཕྱིར ་གང་དག་སྒྲ་ཇི་བཞིན་གྱིས་དོན་མ་ཡིན་ནོ་ཞེས་དེ་སྐད་བསྟན་པའི་ཚིག་དེ་དག་བསྟན་ཞེ་ན། རེ་ཞིག་ཚིགས་སུ་བཅད་པ་ལས། ཕ་དང་མ་ནི་བསང་བྱས་ཤིང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྟན་པ་ཇི་ལྟ་བ ་ཡིན། དེ་ནི་གདོན་མི་ཟ་བར་བཤད་པར་བྱ་སྟེ། སྲེད་པ་ལ་སོགས་པ་ནི་མ་ལ་སོགས་པ་དང་འདྲ་བའི་ཆོས་ཉིད་ཡིན་པར་བསྟན་པའི་ཕྱིར་རོ་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ། མཽ་སྐྱེས་པ་མ་འགགས་པ་ཞེས་བྱ་བ་དེ་ལྟ་བུ་ལ ་སོགས་པ་དེ་ཡང་བཤད་པར་བྱའོ།། ཅིའི་ཕྱིར་ཞེ་ན། བྱིས་པས་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཡོད་པ་ཉིད་དུ་འཛིན་པ་བསལ་བའི་ཕྱིར་རོ།། རང་བཞིན་གྱིས་མིག་སྐྱོན་ཅན་དུ་གྱུར་པ་དག་ལ་ཀུན་ཏུ་བརྟགས་པའི་རང་བཞིན་དེ་ཡོད ་པ་ཉིད་དུ་འཛིན་པ་བསལ་བའི་ཕྱིར་དེ་མེད་པ་ཉིད་ཡིན་པོ་དང་འདྲ་བར་དེ་སྒྲ་ཇི་བཞིན་གྱིས་དོན་མ་ཡིན་ནོ་ཞེས་འདི་སྐད་ཀྱང་གདོན་མི་ཟ་བོར་བཤད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མགོ་སྐྱེས་པ་མི་ཤེས་པ་རྣམས་བརྗོད་དུ་མེད་པའི་ངོ་བོ ་ཆོས་མེད་པར་འཛིན་པ་བསལ་པོའི་ཕྱིར་རོ།། དེ་ལྟར་ན་ཁ་ཅིག་ནི་སྒྲོ་འདོགས་པའི་མཐའ་དང་། ཁ་ཅིག་ནི་སྐུར་པ་འདེབས་པའི་མཐའ་སྤངས་པ་ཡིན་ནོ།། གཞན་ཡོང་ལུང་འདི་ཡང་ཡོད་དེ་རྒྱུ་ལྔ་དག་གིས་དེ་བཞིན་གཤེགས་པ ་རྣམས་ཀྱིས་སྨོས་པའི་རྣམ་པ་བསྟན་པ་མདོར་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། ལེགས་པར་ཐ་སྙད་གདགས་པའི་རྗེས་སུ་མཐུན་པ་ཉིད་དང་། དགོངས་པ་སྣ་ཚོགས་ཀྱི་ཐབས་དང་མཐུན་པ་ཉིད་དང་། སྒྲིམ་པ་དྲག་པོ ་དེ་ཁོ་ན་ཉིད་རྟོགས་པ་དང་མཐུན་པ་ཉིད་དང་། དེའི་དོན་ཁོང་དུ་ཆུད་པས་ལས་དགའ་བའི་ཁྱད་པར་གྱིས་བདེ་བར་གནས་པ་དང་མཐུན་པ་ཉིད་དང་། འབེལ་བའི་གཏམ་ཉིད་རྣམ་པར་གཏན་ལ་དབབ་པས་ཤེས་རབ་ཀྱིས་སྤྱོད་པའི་ཐབས ་དང་མཐུན་པ་ཉིད་ཀྱིས་སོ།། གལ་ཏེ། དེ་སྐད་གདོན་མི་ཟ་བར་བསྟན་པར་བྱ་བ་ཡིན་ན་ཅིའི་ཕྱིར་ཉན་ཐོས་རྣམས་ལ་ཡང་ཉན་ཐོས་ཀྱི་ཐེག་པར་དེ་སྐད་མ་བསྟན་ཞེ་ན། དེ་དག་ལ་ནི་དེ་སྐད་བསྟན་པར་མི་བྱའོ།། ཇི་ཅིའི་ཕྱིར་ཞེ་ན། ་དེ་དག་ནི་ཆོས་ལ་བདག་མེད་པ་ཉིད་ལ་མོས་པ་ལ་གཟུད་པར་མི་བྱ་སྟེ།། སྐྱོ་བར་བྱ་བ་ཡིན་པའི་ཕྱིར་རོ།། འདི་ལྟར་དེ་དག་ནི་རང་བཞིན་གྱི་སྡུག་བསྔལ་ལ་འཇིག་པ་དང་སྙིང་རྗེ་ཆུང་བ་ཡིན་ནོ།། གང་ཟག་ལ་བདག་མེད་པ་ཉིད་ལ ་བཟུང་བར་བྱ་སྟེ། དེ་ལ་བདག་ཏུ་འཛིན་པའི་དབང་གི་ལུས་ལ་སྲིད་པས་སྡུག་བསྔལ་ལས་རྣམ་པར་མ་གྲོལ་བའི་ཕྱིར་རོ།། དེ་ལྟ་བས་ན་དེ་དག་ལ་གང་ཟག་མེད་པ་ཁོ་ན་བསྟན་གྱི་ཆས་མང་བ་ཁ་ན་བསྟན་གྱི་ཆོས་མེད་པ་ནི ་མ་ཡིན་ནོ།། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་ཕྱེད་ནི་བདེན་པ་བསྟེན། ཕྱེད་ནི་བརྫུན་པ་སྟེ། གང་ཟག་མེད་དོ་ཞེས་བྱ་བ་ནི་བདེན་པའོ།། ཆོས་རྣམས་ཡོད་དོ་ཞེས་བྱ་བ་ནི་བརྫུན་པ་སྟེ། ཇི་སྐད་དུ་འདི་ན་བདག་གམ ་སེམས་ཅན་མེད་ཆོས་འདི་རྒྱུ་དང་བཅས་ལས་འབྱུང་།། ལས་ཡོད་རྣམ་པར་སྨིན་པ་ཡོད།། བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་པ་ལྟ་བུའོ་ཞེ་ན་བཅོམ་ལྡན་འདས་ཀྱི་སེམས་ཅན་བརྫུས་ཏེ་བྱུང་བ་ཡོད་དོ་ཞེས་གང ་བཤད་པ་དེ་ཅི་བརྫུན་རྣམས་བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གིས་བཤད་པ་དེ་ལྟར་ན་བརྫུན་ནོ་ཞེ་ན། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གིས་ཆོས་རྣམས་ཡོད་དོ་ཞེས་བཤད་པ་འདི་ཡང་དེ་ལྟར་མི ་བརྫུན་ནོ།། ཅི་དགོངས་པ་དེ་ཉན་ཐོས་རྣམས་ཀྱིས་རྟོགས་སེམ་ཞེ་ན། བདེན་པ་མ་མཐོང་བ་རྣམས་ཀྱི་མི་རྟོགས་སོ།། ཇི་ལྟར་ན་དེ་དག་གི་ཇི་ལྟར་ཀུན་ཏུ་བརྟགས་པ་བཞིན་དུ་འཛིན་ན་བསླུས་པར་མི་འགྱུར་ཞེ་ན། བཅོམ་ལྡན་འདས ་ཀྱིས་དགོངས་པ་གང་གིས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གཟུད་བར་བྱ་བའི་འདུལ་བ་རྣམས་ཀྱི་དབང་དུ་མཛད་ན་བརྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་བཤད་པ་འདི་ཡང་ཇི་དེ་དག་གི་དགོངས་པ་དེ་རྟོགས་སམ། སྨྲས ་པ། མ་ཡིན་ནོ་ཞེ་ན་ཇི་ལྟར་ན་ཇི་ལྟར་ཀུན་ཏུ་བརྟགས་པ་བཞིན་དུ་འཛིན་ན་བསླུས་པར་མི་འགྱུར། དེ་རྣམས་ཀྱི་ལྷན་ཅིག་སྐྱེས་པ་སེམས་ཅན་དུ་ལྟ་བ་དེ་ནི་བདེ་འགྲོར་འགྲོ་བའི་བར་དུ་གཅོད་པར་མི་བྱེད་པས་དེའི་ཕྱིར་དེ ་ཤེད་པ་ཡིན་ནོ་ཞེ་ན། དེ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ཆོས་སུ་ལྟ་བ་དེ་ཡང་མྱ་ངན་ལས་འདས་པའི་བར་དུ་གཅོད་པར་མི་བྱེད་པས་དེའི་ཕྱིར་ཡང་དེ་བཤད་པ་ཡིན་ནོ།། གལ་ཏེ་འཁོར་བ་ལ་ནི་སྡུག་བསྔལ་བ་ཉིད་དམ། ་མྱ་ངན་ལས་འདས་པ་ལ་ནི་ཞི་བ་ཉིད་དུ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མ་ཡིན་པར་ཀུན་ཏུ་རྟོག་ན་ཇི་ལྟ་བ་མི་བྱེད་ཅེ་ན། ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པར་ཀུན་ཏུ་རྟོག་པ་ཡང་གང་འཕགས་པའི་ཡེ་ཤེས་ཀྱི་རྒྱུ་མཐུན ་པ་བསྟན་པའི་རྟེན་ཅན་ཁ་ཅིག་རྣམ་པར་བྱང་བ་དང་མཐུན་པ་ཡིན་ཏེ། དེའི་གཞི་ནི་བརྗོད་དུ་མེད་པའི་མཚན་ཉིད་དུ་ཡོད་པའི་ཕྱིར་རོ།། དཔེར་ན་མི་དག་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ལུས་དང་གནས ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་འམ། འཇིག་རྟེན་ལས་འདས་པའི་རྣམ་པར་གྲོལ་བ་གང་ཡིན་པ་དག་ཐོས་ནས་རྟོག་པར་བྱེད་ན། ཅི་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཀུན་ཏུ་རྟོག་པ་ཡིན་ནམ། འོན་ཀྱང་རྟོག་པ་དེ་དེ ་ལ་བརྩོན་པ་རྣམས་ཀྱིས་དེ་ཐོབ་པར་བྱ་བའི་ཕྱིར་མཐུན་པ་མ་ཡིན་ནམ། དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་མི་རྟོག་པ་ལ་སོགས་པའི་རྣམ་པ་དག་གིས་ཆོས་རྣམས་ལ་ཀུན་ཏུ་རྟོགས་པ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་མ ་ཡིན་ཏེ། སྒྱུ་མའི་འདྲ་བ་ལས་བཅོམ་ལྡན་འདས་ཀྱིས་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་པ་ཡིན་པར་གསུངས་སོ་ཞེས་འབྱུང་བའི་ཕྱིར་རོ།། རྟོག་པ་དེ་ཡང་ཇི་ལྟ་བ་བཞིན་གྱི་ཆོས་རྟོགས་པ་ཐོབ་པར་བྱ་བའི་ཕྱིར་མ ་མཐུན་པ་མ་ཡིན་ནོ།། གཞན་ཡང་ཐེག་པ་ཆེན་པོ་ལས། ཡང་དག་མིན་རྟོགས་ཡང་དག་མིན། ཡང་དག་མིན་རྟོག་ན་མི་རྟོག་རྟོག་མིན་མི་རྟོག་མ་ཡིན་པར། ཤེས་བྱ་ཐམས་ཅད་ཡིན་པར་བསྟན་ཞེས་ཚིགས་སུ་བཅད་པ ་བསྟན་པ་ཡང་ཡིན་ནོ།། དེ་ལ་ཡང་དག་མིན་རྟོག་ནི་གང་ཞིག་ཐར་པ་དང་མི་མཐུན་པའོ།། ཡང་དག་མིན་ཡང་དག་མིན་པ་མིན་ནི་ཟག་པ་དང་བཅས་པའི་ཐར་པ་དང་མཐུན་པ་སྟེ། བརྗོད་དུ་མེད་པའི་མཚན་ཉིད་མི་རྟོགས་པའི ་ཕྱིར་དང་། དེ་རྟོགས་པ་དང་མཐུན་པའི་ཕྱིར་རོ།། མི་རྟོག་ནི་འཇིག་རྟེན་ལས་འདས་པའི་ལམ་དང་། ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་གང་ཟག་དང་ཆོས་ལ་བདག་མེད་པ་ཉིད་ཀྱི་རྣམ་པར་རྟོག་པའི་མཚན་ཉིད་མེད་པའི ་ཕྱིར་རོ།། རྟོག་མིན་མིན་རྟོག་མ་ཡིན་པ་ནི་འཕགས་པ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་ཡུལ་ཡིན་པའི་ཕྱིར་དང་། ཆོས་ཀྱི་མཚན་ཉིད་རྣམ་པར་འཇོག ་པའི་ཕྱིར་རོ།། གལ་ཏེ་ཆོས་ལ་བདག་མེད་པ་ཉིད་བསྟན་པ་མེད་པར་ཡང་ཉོན་མོངས་པ་རྣམས་སྤོངས་ན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་མེད་པ་ཉིད་བསྟན་ཞེ་ན་འཁོར་བ་ལ་ཡོང་སུ་མི་སྐྱོ་ཞིང་ཀུན་ནས་ཉོན་མོངས་པ ་མེད་པར་བྱ་བའི་ཕྱིར་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤང་བའི་ཕྱིར་རོ།། དེ་དག་ནི་ཆོས་ལ་བདག་མེད་པ་ཉིད་ལ་མོས་པའི་སྦྱོར་བ་ལ་གོམས་པས་ཡང་དག་པར་སྒྲུབ་པ་ན་ཅི་ནས་དུས་རིང་པོར་འཁོར་བ་ལ་ཡང་མི་སྐྱོ་ཞིང་ཀུན་ནས ་ཉོན་མོངས་པར་མི་འགྱུར་བ་དེ་ལྟ་བུ་ནི་སེམས་ཀྱི་ཏིང་ངེ་འཛིན་ཞི་བོ་མཚན་མ་ཐམས་ཅད་དང་བྲལ་བ་ཐོབ་བོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་བསགས་ནས་ཐོས་པ་མཐའ་ཡས་པ་ཡོངས་སུ་བསྒོམས་པའི་གཟུངས ་དང་། ཏིང་ངེ་འཛིན་གྱི་སྒོ་སྟོང་ཕྲག་ཟད་མི་ཤེས་པའི་སྙིང་པོ་ཅན་ཐམས་ཅད་ལ་མངོན་འདུ་བྱེད་པ་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་རོ་གཅིག་པ་ཞི་བའི་ཏིང་ངེ་འཛིན་རབ་ཀྱི་མཐར་ཕྱིན་པ་བསྒྲུབས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན ་གྱི་མཇུག་ཐོགས་སུ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པས་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་བོ།། གཞན་དུ་ན་ནི་ཉན་ཐོས་དག་དང་འདྲ་བར་གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ།། གང་སྡུག ་བསྔལ་བ་དེ་ནི་བདག་མེད་པའོ།། ཞེས་གང་ཟག་ལ་བདག་མེད་པའི་རྣམ་པ་འབའ་ཞིག་ཡིད་ལ་བྱེད་པའི་སྦྱོར་བ་ལ་གོམས་པ་ལས། འཁོར་བ་ལ་ཡིད་བྱུང་བ་མང་བའི་ཤས་ཆེ་བའི་རྒྱུད་ཀྱི་མྱ་ངན་ལས་འདས་པ་ཁོ་ན་ལ་ཞི་བར་ལྟ་ཞིང ་སེམས་ཅན་རྣམས་ལ་སྙིང་རྗེ་བཏང་སྟེ། མྱུར་བ་ཁོ་ནར་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པར་འགྱུར་གྱི། རྒྱུད་ཆོས་ཀྱི་མཚན་མ་ལ་འདུ་ཤེས་པས་གཟིར་བས་དུས་རིང་པོར་འཇུག་ཀྱང་གང་གིས་མཐར་ཕྱིན་པས་ཤེས་བྱ་ཐམས་ཅད་ལ་ཡེ ་ཤེས་དབང་བ་འཐོབ་པ་དེ་ལྟ་བུའི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་རིགས་ཞི་བ་སེམས་ཀྱི་ཏིང་ངེ་འཛིན་ནི་འཐོབ་པར་མི་འགྱུར་རོ།། འདིར་ཡང་བཤད་པ། བརྟག་པའི་ཆོས་ཀྱི་རྣམ་རྟོག་ནི།། ཤོས་བྱ་ཀུན་ལ་མ་སྤངས་པར།། ཐམས ་ཅད་མཁྱེན་ཉིད་ཡོད་མིན་པས་དེ་ཕྱིར་ཆོས་ལ་བདག་མེད་བསྟན། གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་གྲོལ་བ་ནི་ཅི་དེ་དག་ཆོས་ལ་བདག་མེད་པར་ཤེས་པས་རྣམ་པར་གྲོལ་ལམ། འོན་ཏེ་གང་ཟག་ལ་བདག་མེད་པར་ཤེས ་པས་ཞེ་ན། བཤད་པ་ཆོས་ལ་བདག་མེད་པར་ཤེས་པས་སོ།། ཅིའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་ཁམས་མང་པོ་པ་དང་། དགྲ་བཅོམ་པའི་མདོ་ལ་སོགས་པ་དག་ལས་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་སུ་རྣམ་པར་གྲོལ ་བའི་ཐབས་མཚུངས་པར་བསྟན་ཞེ་ན། རྣམ་པར་གྲོལ་བ་མཚུངས་པ་ཉིད་དུ་བསྟན་ནཱ་དེའི་ཐབས་མཚུངས་པ་ཉིད་ཀྱང་བསྟན་པར་བྱ་བ་ཡིན་ནོ།། སངས་རྒྱས་རྣམས་ཀྱིས་རྣམ་པར་གྲོལ་བ་ནི་ཁྱད་པར་ཡོད་དེ། ་ཉོན་མོངས་པའི་སྒྲིབ་པ་ལས་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ།། ཤེས་བྱའི་སྒྲིབ་པ་སྤངས་པ་ལས་ཀྱང་ཡིན་ཏེ།། ཤེས་རབ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར ་རོ།། ཐབས་ཀྱི་ཁྱད་པ་ཡང་ཡོད་དེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཁྱད་པར་ཡོད་པའི་ཕྱིར་རོ།། འོ་ན་སངས་རྒྱས་རྣམས་ཀྱིས་མ་ཡིན་བཞིན་དུ་དེ་མཚུངས་པ་ཉིད་དུ་ཉིད་ཀྱིས་སྟོན་པ་མཛད་པ་ན་ཉན་ཐོས་རྣམས་ལ་བསླུ ་བར་མཛད་མོད་ཅེ་ན། སངས་རྒྱས་རྣམས་ཀྱི་ནི་མཚུངས་པ་ཉིད་ཀྱང་ཡོད་ལ། ཁྱད་པར་དུ་འཕགས་པ་ཉིད་ཀྱང་ཡོད་པས་འདི་ལ་བསླུ་བ་ག་ལ་ཡོད།། སངས་རྒྱས་རྣམས་ཀྱི་སྐལ་བ་མཉམ་པ་ཉིད་དུ་གཤེགས་པས་སེམས་ཅན ་གང་དག་འདུལ་བར་མཛད་པ་སྟེ། ཇི་ལྟར་རྨད་དུ་བྱུང་བ་དང་པོའི་མདོ་ལས་གསུངས་པ་ལྟ་བུ་ཡིན་ན་ཅི་དེ་དག་བསླུ་བ་ཡིན་ནམ། བཅོམ་ལྡན་འདས་ཀྱིས་དོན་དམ་པ་སྟོང་པ་ཉིད་ལས། ལས་ཀྱང་ཡོད་རྣམ་པར་སྨིན་པ་ཡང ་ཡོད་ལ་བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་པ་གང་ཡིན་པ་དེ་ཅི་དོན་དམ་པ་ཉིད་དུ་འམ། འོན་ཏེ་ཀུན་རྫོབ་ཉིད་དུ་ཡིན་ཞེ་ན། དེ་ལས་ཅིར་འགྱུར། གལ་ཏེ་དོན་དམ་པ་ཉིད་དུ་ཡིན་ན། ཇི་ལྟར་ཆོས་ཐམས་ཅད་ངོ་བོ་ཉིད ་མེད་པ་ཡིན། གལ་ཏེ་ཀུན་རྫོབ་ཏུ་ཡིན་ན་བྱེད་པ་པོ་ཡང་ཀུན་རྫོབ་དུ་ཡོད་པས་བྱེད་པ་པོ་ནི་མི་དམིགས་སོ་ཞེས་བརྗོད་པར་མི་བྱའོ་ཞེ་ན། རེ་ཞིག་ཀུན་རྫོབ་ཅེས་བྱ་བ་འདི་ཅི་ཡིན། དོན་ངམ་ནི་གང་ཞིག་ཡིན། དེ་ལས་ཅི་ཀུན ་རྫོབ་དུ་ཡོད་དམ། ཅི་དོན་དམ་པར་ཡོད་པར་ཤེས་པར་བྱའོ།། མིང་དང་བརྗོད་པ་དང་། གདགས་པ་དང་། ཐ་སྙད་ནི་ཀུན་རྫོབ་ཡིན་ལ་ཆོས་རྣམས་ཀྱི་རང་གིས་མཚན་ཉིད་ནི་དོན་དམ་པ་མ་ཡིན་ནོ་ཞེ་ན། འོ་ན་དེ་ལྟ་ན་ལས ་དྲང་རྣམ་པར་སྨིན་པ་གཉིས་མིང་དུ་ཡང་ཡོད། རང་གི་མཚན་ཉིད་དུ་ཡང་ཡོད་པས་དེ་གཉིས་ཇི་ལྟར་འདོད་པར་ཡོད་དུ་རྟོག་ལ་རག་གོ། དེང་ནི་གང་ཟག་ཀུན་རྫོབ་ཏུ་ཡོད་ཀྱི་རྫས་སུ་མ་ཡིན་ཏེ།། ཕུང་པོ་རྣམས་ལ་དེའི ་མིང་གདགས་པའི་ཕྱིར་རོ།། ལས་དང་རྣམ་པར་སྨིན་པ་དག་ནི་ཀུནྡ་རྫོབ་དུ་རྫས་སུ་ཡོད་དོན་དམ་པར་ནི་མེད་དེ། འཇིག་རྟེན་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར། དམ་པ་ནི་ཡེ་ཤེས་འཇིག་རྟེན་ལས་འདས་པ་ཡིན་ཏེ། ་དེའི་དོན་ཡིན་པས་དོན་དམ་པའོ།། དེ་གཉིས་ཀྱིས་རང་གི་མཚན་ཉིད་ནི་དེའི་ཡུལ་མ་ཡིན་ཏེ། དེའི་ཡུལ་ནི་བརྗོད་དུ་མེད་པའི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ།། འདིར་འཇིག་རྟེན་པའི་ཤེས་པའམ། འཇིག་རྟེན་ལས ་འདས་པ་ཚད་མ་ཡིན་ཞེ་ན། གཅིག་ཁོ་ནར་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ།། འཇིག་རྟེན་པ་ནི་དབྱེ་བ་ཡོད་དེ། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་གང་ཡིན་པ་དེ་ནི་ཚད་མ་ཡིན་ནོ།། གཞན་ནི་ཚད་མ ་མ་ཡིན་ནོ།། དེ་ལྟར་ན་དགེ་འདུན་ཕལ་ཆེན་སྡེ་པ་རྣམས་ཀྱི་ཚིགས་སུ་བཅད་པ། མིག་དང་ནུ་བ་སྣ་ཡང་ཚད་མ་མིན། ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། གལ་ཏེ་དབང་པོ་དེ་དག་ཚང་ཡིན་ན། འཕགས། ་པའི་ལམ་གྱི་བྱ་བ་མེད་པར་འགྱུར་ཞེས་བྱ་བ་འདི་དང་མཐུན་པར་བྱས་པ་ཡིན་ནོ།། ཡང་ཐེག་པ་ཆེན་པོ་པ་ཁ་ཅིག་ཐམས་ཅད་རང་གི་མཚན་ཉིད་དུ་ནི་མེད་པ་ཁོ་ན་ཡིན་ལ། ཀུན་རྫོབ་ཏུ་ནི་བཅོམ་ལྡན་འདས་ཀྱི་ཆོས་རྣམས ་ཡོད་པ་ཉིད་དུ་བསྟན་ཏོ།། ཞེས་སྒྲ་ཇི་བཞིན་པ་ཉིད་ཀྱི་དོན་ཡིན་པར་བརྗོད་པ་གང་ཡིན་པ་དེ་དག་ལ་ཇི་སྐད་བསྟན་པའི་རྩོད་པ་འདི་ཡང་འབྱུང་བར་འགྱུར།། །། བམ་པོ་བརྒྱད་པ། ཀུན་རྫོབ་ཅེས་བྱ་བ་ཡང ་བརྗོད་པ་ཡིན་ལ། དེ་ཡང་ཀུན་ནས་ཉོན་མོངས་པ་དང་མཐུན་པ་ཉེས་པར་བཤད་པ་ཞེས་བྱ་བ་ལ། རྣམ་པར་བྱུང་བ་དང་མཐུན་པ་ནི་ལེགས་པར་བཤད་པ་ཞེས་བྱ་བ་ཡིན་ནོ་ཞེ་ན། བརྗོད་པ་ཙམ་དུ་ཟད་ན་ཇི་ལྟར་ན་ལེགས ་པར་བཤད་པ་འམ། ཉེས་པར་བཤད་པར་འགྱུར། ཀུན་རྫོབ་ཀྱང་ཁ་ཅིག་གདོན་མི་ཟ་བར་དངོས་སུ་ཁས་བླང་པོར་བྱ་བར་འགྱུར་རོ།། ཡང་ན་དེ་ཡང་མེད་ན་ནི་ཇི་ལྟར་ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་གསུངས་པ་ཡིན། ཀུན ་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐམས་ཅད་ལ་སྐུར་པ་བཏབ་པས་གནས་དང་གནས་མ་ཡིན་པ་གཉིས་ལོ་མི་གནས་པའི་ཕྱིར་དང་རང་གི་རང་སྨྲ་བ་བཀག་པའི་ཕྱིར་བརྗོད་དུ་མེད་པར་འགྱུར་རོ།། དགོངས ་བ་ཅན་ཡིན་པར་སྨྲ་བ་ན་ནི་ཉེས་པ་འདི་དག་ཏུ་མི་འགྱུར་རོ།། འོ་ན་ཀུན་རྫོབ་སྒྲ་ཙམ་དུ་མི་འདོད་ན་ཐེག་པ་ཆེན་པོ་ལས་འབྱུང་བའི་ཚིགས་སུ་བཅད་པ། འདི་དག་ཐམས་ཅད་མིང་ཙམ་སྟེ།། འདུ་ཤེས་ཙམ་ལ་གནས་པ་ཡིན།། ་བརྗོད་པ་ལས་ནི་ལོགས་ཤིག་ན།། བརྗོད་པར་བྱ་བ་ཡོད་མ་ཡིན་ཅེས་བྱ་བ་འདི་ཇི་ལྟར་འགྲུབ་ཅེ་ན་འདིར་བརྗོད་པ་ལ་ལོགས་ཤིག་ན་བརྗོད་པ་བྱ་བ་མེད་པར་བཀག་པ་ཡིན་གྱི་བརྗོད་དུ་མེད་པའི་མཚན་ཉིད་ཀྱི་དངོས་པོ་ནི ་མ་ཡིན་ཏེ། དེ་ལྟར་དེ་ནི་འདི་ཁོ་ན་ལྟར་ཡིན་ཏེ་འདུ་ཤེས་ཙམ་ལ་གནས་པ་ཡིན་ཞེས་གསུངས་པ་ཡང་འདིར་སེམས་ལས་བྱུང་བའི་འདུ་ཤེས་ལ་འདུ་ཤེས་ཞེས་གསུངས་ཏེ། མདོ་ལས་ཇི་ལྟར་འདུ་ཤེས་འབྱུང་བ་དེ་ལྟར་རྗེས་སུ ་ཐ་སྙད་འདོགས་ཞེས་འབྱུང་བའི་ཕྱིར་རོ།། མིང་ཉིད་མིང་ལ་གནས་པར་ནི་མི་རུང་ངོ་།། འདི་ལྟར་མཇུག་ཐོགས་སུ་ཡང་།། མིང་ནི་གང་དང་གང་གིས་སུ།། ཆོས་ནི་གང་དང་གང་བརྗོད་པ།། དེ་ལ་ཡོད་པ་མ་ཡིན་ཏེ།། དེ་ནི་ཆོས ་རྣམས་ཆོས་ཉིད་དོ་ཞེས་གསུངས་པ་ཡང་ཡིན་ནོ།། གལ་ཏེ། བརྗོད་དུ་མེད་པའི་མཚན་ཉིད་ཀྱི་ཆོས་མེད་ན་དེ་ལ་ཞེས་མ་གསུངས་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཉི་ཚེ་གསུངས་པར་འགྱུར་རོ།། བྱིས་པ་རྣམས་ཀྱི་ཀུན་ཏུ ་བརྟགས་པ་བཞིན་དུ་ཆོས་བརྗོད་པར་བྱ་བ་དེ་ཡང་ཀུན་ཏུ་བརྟགས་པའི་མཚན་ཉིད་དེ་ལ་མེད་དོ།། དེ་ལ་མངོན་མིང་ལ་མེད་པས་དེའི་ཕྱིར་དེ་ལ་ཡོད་པ་མ་ཡིན་ཏོ།། ཞེས་གསུངས་སོ།། འདི་སྐད་དུ། དེ་ནི་ཆོས་རྣམས་ཆོས ་ཉེད་ངོ་ཞེས་གསུངས་པ་གང་ཡིན་པ་ཡང་འདིར་བརྗོད་དུ་མེད་པ་ཉིད་ཀྱི་ཆོས་ཉིད་ལ་དགོངས་སོ།། བརྗོད་པ་ཙམ་དུ་ཟད་ན་ནི་ཆོས་གང་དག་གིས་ཆོས་ཉིད་གང་ཡིན་པར་འགྱུར་ཡང་མིང་གིས་ཀྱང་ན ་ཡིད་ཉིད་སྟོང་ཞེས་གང་གི་གསུངས་པ་དེ་ཡང་འདི་ཐམས་ཅད་མིང་ཙམ་མོ་ཞེས་དུ་མ་བཅས་ནས་མིང་ཡང་མེད་དོ་ཞེས་བྱ་བ་འདིར་ཇི་ལྟར་རིགས་པ་ཡིན་ཞེ་ན། ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་དགག་པ་ཡིན་ན་ནི། ་བརྗོད་པའི་བདག་ཉིད་དུ་ཀུན་དུ་བརྟགས་པའི་བརྗོད་པ་ཡང་བཀག་པ་ཡིན་པས་རིགས་པའི་ངོ་བོར་འགྱུར་རོ།། དེ་ལྟར་ཡང་མི་འདོད་ན་ནི་ཆོས་རྣམས་ཐམས་ཅད་མིང་མེད་ཅིང་མིང་གིས་ཡོངས་སུ་བརྗེད་པ་ཡིན་ཞེས ་གང་གསུངས་པ་ཡང་གལ་ཏེ་མེད་པ་ཁོ་ན་ཡིན་ན། ཆོས་མིང་མེད་པ་དེ་དག་གང་ཡིན། བརྗོད་དུ་མེད་པའི་མཚན་ཉིད་དག་ཆོས་རྣམས་ཐམས་ཅད་ཡིན་ན་ནི། བྱིས་པ་རྣམས་ཀྱི་ཀུན་ཏུ་བརྟགས་པ་བཞིན་དུ་བརྗེད ་པས། རྗེད་པར་བྱེད་པ་དེའི་རྗེས་སུ་འབྲངས་ནས་འཕྱགས་པ་རྣམས་ཀྱང་མྱིང་མེད་པ་རྣམས་མིང་གིས་ཡོངས་སུ་བརྗོད་པ་ཡིན་པར་རུང་ངོ་།། དེ་ལྟར་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། རིགས་ཀྱི་བུ་འདུས ་བྱས་ཞེས་བྱ་བ་དེ་ནི་སྟོན་པ་རྟགས་པའི་ཚིག་ཡིན་ཏེ། སྟོན་པས་བརྟགས་པའི་ཚིག་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ ་དེ་ནི་ཀུན་དུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་བྱས་མ་ཡིན་ནོ།། འདུས་བྱས་ཇི་ལྟ་བུ་བཞིན་དུ་འདུས་མ་བྱས་ཀྱང་དེ་བཞིན་ནོ།། ཞེས་དེ་བཞིན་དུ་སྦྱར་རོ།། འདུས་བྱས་དང ་འདུས་མ་བྱས་སུ་མི་གཏོགས་པ་ཅི་བརྗོད་ཀྱི་ངོའི་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ།། བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ། དངོས་པོ་དེ་ཡང་གང་ཞེ་ན། འཕགས་པ་རྣམས་ཀྱིས་འཕགས་པའི་ཤེས་པ་དང་། ་འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ། ཞེས་འབྱུང་བའི་མདོ་སྡེའི་དུམ་བུ་དང་ཡང་སྦྱར་བ་ཡིན་ནོ།། རེ་ཞིག་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་མ་སྐྱེས་པ། ་མ་འགགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་དང་། ཚིགས་སུ་བཅད་པ་དེ་དགོངས་པ་ཅན་ཡིན་དུ་ཆུག་ན། ཡང་ཐེག་པ་ཆེན་པོ་ལས། བྲམ་ཟེའི་ཁྱེའུ་བླ་མ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདས་པ ་ཆེན་པོའི་བར་དུ་སྤྲུལ་པ་ཙམ་ཞིག་ཡིན་པར་བསྟན་པ་དེ་ལ་དགོངས་པ་ཅི་ཡོད་ཅེ་ན། འདི་ལ་ཉེས་པ་ཅི་ཡོད། སངས་རྒྱས་ཀྱི་གསུང་གྲགས་པ་དང་འགལ་ཏེ། ཉན་ཐོས་ཀྱི་ཐེག་པར་སྟེ་པ་ཐམས་ཅད་ལས ་ཟས་གཙང་མའི་སྲས་ཤཱཀྱ་ཐུབ་པ་གང་ཡིན་པ་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དེ་ཞེས་བྱའོ།། ཞེས་འབྱུང་ངོ་ཞེ་ན། ཅི་ཉན་ཐོས་ཀྱི་ཐེག་པ་ལས་སངས་རྒྱས་ཀྱི་སྤྲུལ་པ་མི་འདོད་དམ་གལ་ཏེ་མི་འདོད ་ན་འདུལ་བྱ་ལ་འཕགས་པ་མ་འགགས་པས་ལྷའི་མིག་གིས་བར་མ་དོར་སྐྱིད་པ་མང་པོ་ཐམས་ཅད་དང་སངས་རྒྱས་ཀྱི་སྤྲུལ་པ་རྣམས་མཐོང་ངོ་ཞེས་གསུངས་པ་དང་འགལ་བར་འགྱུར་ལ། དུས ་གཅིག་ཏུ་ཕྱོགས་དང་ཡུལ་སྣ་ཚོགས་ལ་སངས་རྒྱས་ཀྱི་འདུལ་བ་འཁོད་པ་རྣམས་འདུལ་བར་མཛད་པ་མི་འགྲུབ་པར་འགྱུར་རོ།། ཅི་སངས་རྒྱས་ཀྱི་སྤྲུལ་པ་དེ་གདུལ་བ་རྣམས་ལ་འདི་སྐད་དུ། ང་ནི་སངས་རྒྱས་ཀྱི ་སྤྲུལ་པ་ཡོན་གྱི་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ་ཞེས་གསུངས་སམ། སྨྲས་པ། མ་ཡིན་ནོ་ཞེ་ན། ཉིད་སངས་རྒྱས་ཡིན་པར་སྟོན་མོད།། སྨྲས་པ་དེ་བཞིན་ནོ་ཞེས་ན། ཅིའི་ཕྱིར་ཡིན། སངས་རྒྱས ་ཀྱེ་མཚན་ལ་གདུལ་བ་རྣམས་དགའ་བ་དང་། རབ་ཏུ་དགའ་བ་དང་གུས་པ་དང་། ཞེས་དང་དད་པ་ལ་སོགས་པའི་ཁྱད་པར་བསྐྱེད་པའི་ཕྱིར་རོ་ཞེ་ན། དེ་བཞིན་དུ་སངས་རྒྱས་ཀྱི་སྤྲུལ་པ་ཤཱཀྱ་ཐུབ་པ་འདི་ཡང་གལ་ཏེ་ཉིད ་སངས་རྒྱས་ཡིན་པར་ཡང་གསུངས་ལ། ཉན་ཐོས་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཟུང་ན་དེ་ལ་འགལ་བ་ཅི་ཡོད། སྤྲུལ་པ་དེ་གང་གི་ཡིན་པའི་ངོ་བོ་ཉིད་ཀྱི་སངས་རྒྱས་དེ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ས ་བཅུ་པ་ལས་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་པ་གང་ཡིན་པ་སྟེ། ས་དེ་ཡོངས་སུ་སྦྱངས་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ ་ཐམས་ཅད་སྤངས་པའི་ཕྱིར་གནས་གྱུར་པ་བསམ་གྱིས་མི་ཁྱབ་པ་བརྙེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཤེས་པའི་ཡུལ་ལས་འདས་པའི་བདག་ཉིད་དེ་ནི་ངོ་བོ་ཉིད་ཀྱི་སངས་རྒྱས་ཡིན་ཏེ། སྤྲུལ་པ་དེ་ནི་དེའི་ཡིན་ནོ།། ། ་དེའི་ཕྱིར། གཞལ་ཡས་གྲངས་ནི་མེད་པ་སྟེ།། བསམ་ཡས་བསྟན་དུ་མེད་པས་ན།། ཁྱོད་ནི་ཉིད་ཀྱི་རང་ཉིད་ཀྱི།། ཉིད་ནི་མཁྱེན་པ་ཁོ་ནར་འོས་ཞེས་བསྟོད་པ་ཡིན་ནོ།། མིའི་སྐྱེ་བ་མེད་པར་སངས་རྒྱས་ཉིད་མེད་ན་ཇི་ལྟར ་མི་རྣམས་སུ་མ་སྐྱེས་པ་མངོན་པར་རྫོགས་པར་སངས་རྒྱས་ཤེས་ན་མེད་དོ་ཞེས་བྱ་བ་དེ་གང་དུ་གསུངས་ཉན་ཐོས་ཀྱི་ཐེག་པར་ཞེ་ན། གང་དུ་མིར་སྤྲུལ་པ་ཁོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པ་དེར་ཇི་ལྟར ་གཞན་དུ་བརྗོད་པར་བྱ། གལ་ཏེ་སྤྲུལ་པ་དེ་མི་འདོད་ན་ཅིར་འགྱུར་ཞེ་ན། ཅི་ཞིག་ཏུ་འགྱུར་ཏེ། ཐེག་པ་ཆེན་པོ་སྐྱོན་མེད་པ་ལ་ཡང་གནོད་པར་བྱས་པར་འགྱུར་མོང་། གཞན་ཡང་མི་རིགས་པ་མང་པོར་འགྱུར་ཏེ།། བྱུང ་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཉོན་མོངས་པ་བག་ཆགས་དང་བཅས་པར་སྤངས་པ་དང་ཉེ་བར་གྱུར་ཅིང་གང་གིས་ན་ཡུམ་གྱི་ལྷུམས་སུ་འཇུག་པ་དང་། འབྱུང་བས་ན་དེ་ལས་འཇིག་རྟེན ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་པ་དེ་ལྟ་བུའི་མཐུ་ཕུན་སུམ་ཚོགས་པ་ཡིན་ལ་ཐོས་པ་དང་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པ་མཐའ་ཡས་པའི་དབང་ཐོབ་པ་མ་ཡིན་ཞིང་། ཉོན་མོངས་པའི་ཀུན་ཏུ ་རྒྱུ་བ་ཐམས་ཅད་རྣམ་པར་མ་བསལ་བ་ཡིན་ནོ་ཞེས་འབྱུང་བ་མི་རིགས་པ་ཡིན་ནོ།། ཡང་ན་དེ་ལྟར་གྱུར་ན་ཡང་ཉོན་མོངས་པའི་དཔུང་གིས་འདོད་པའི་ཁམས་སུ་སྐྱེ་ཞིང་མངལ་གྱི་གཟིམས ་མལ་དུ་གཟིམས་སོ་ཞེས་འབྱུང་བ་མི་རིགས་སོ།། བྱང་ཆུབ་སེམས་དཔའ་བལྟམ་པའི་མོད་ལས་སུས་ཀྱང་མ་བཟུང་བར་གོམ་པ་བདུན་འདོར་བ་དང་། ཕྱོགས་བཞིར་གཟིགས་པ་དང་འོད་ནི་ངའི་སྲིད་པ་དག་དུ་སྐྱེ་བ་ཐ ་མ་ཡིན་ནོ་ཞེས་ཚིག་དུ་གསུངས་ལ། ཕྱིས་བགྲེས་པའི་རྒྱུས་དབང་པོ་ཡོངས་སུ་སྨིན་ནས་འདོད་པའི་དགའ་བའི་ལོངས་སྤྱོད་བག་མེད་པ་ལ་ཞུགས་སོ་ཞེས་འབྱུང་བ་མི་རིགས་སོ།། རང་བཞིན་གྱིས་སྐྱེ་བ་དུ་མའི་ཆེ ་རབས་དགོངས་པ་ཡང་ཡིན། བཅོམ་ལྡན་འདས་འོད་སྲུངས་ལ་ཚངས་པར་སྤྱོད་པ་སྤྱད་ནས། བྱང་ཆུབ་ཀྱི་ལམ་ལ་གོམས་པར་ཡང་མཛད་ལ། དགའ་ལྡན་ནས་ཀྱང་ལྷའི་རིས་དྲུག་ལ་བཀའ་སྩལ་ནས་གཤེགས་པ ་བདག་ཉིད་དང་། གཞན་དག་གི་རྒ་བ་དང་། ན་པ་དང་འཆི་བའི་ཆོས་ཉིད་མི་མཁྱེན་པར་གྱུར་པ་དང་། གཞན་མུ་སྟེགས་ཅན་རྣམས་ལས་བྱང་ཆུབ་ཀྱི་ལམ་ཚོལ་བར་ཞུགས་པ་དང་། བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ ་སྦྱོར་བར་མཐའ་ལ་ལམ་ཡིན་པར་འདུ་ཤེས་མཛད་ནས་དཀའ་ཐུབ་དྲག་པོ་དོག་གིས་བདག་ཉིད་ཉོན་མོངས་པར་གྱུར་ཏོ་ཞེས་འབྱུང་བ་མི་རིགས་སོ།། ཡང་ན་ཚེ་རབས་མི་དགོངས་ན་ནི་དེ་ལྟ་ན་བསྐལ་པ་མི་ཉུང་བར ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐྱེད་པས། སྐུ་ཡང་དག་པར་གྲུབ་པ་དྲན་པ་དང་བློ་གྲོས་ཆེན་པོའི་སྟོབས་བསྐྱེད་པ་ཐོབ་པ། མངལ་ན་ཡང་བསྙེལ་བ་མི་མངའ་བ་བལྟམ་མ་ཐག་ཏུ་ཚིག་དེ་ལྟ་བུ་གསུངས་སོ།། ཞེས་བྱ་བ ་མི་རིགས་སོ།། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མཱ་པཱ་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་ནས། ཡོངས་སུ་ཉམས་སོ་ཞེས་འབྱུང་བ་མི་རིགས་སོ།། ཡང་ན་ཡོངས་སུ་མ་ཉམས་པར་གྱུར་ན ་ནི་དཀའ་བ་སྤྱད་པས། དག་པར་ཐུགས་སུ་ཆུད་པའི་ཕྱིར་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ལ་མཆོག་ཏུ་འཛིན་པར་གྱུར་ཏོ་ཞེས་འབྱུང་བ་མི་རིགས་སོ།། འོན་ཀྱང་རུང་སྟེ། ་བྱང་ཆུབ་སེམས་དཔའ་དེ་སྐད་བསྟན་པ་དེ་ཐམས་ཅད་ཞལ་གྱིས་བཞེས་པ་ནི་སེམས་ཅན་འདུལ་བའི་ཐབས་ཀྱི་རྣམ་པར་ཡོངས་སུ་འཛིན་དུ་གཞུག་པའི་ཕྱིར་རོ།། བློ་སྔོན་དུ་གཏང་བ་ཡིན་ནོ་ཞེ་ན། དེ་ཐམས་ཅད་ནི་སྤྲུལ ་པོས་ཀྱང་མཛད་པར་སྤྱོད་པས་རྒྱུ་མེད་པར་སྐྱེ་བ་ལེན་པ་དང་། འདོད་པའི་བསོད་ཉམས་ཀྱི་རྗེས་སུ་སྦྱོར་བའི་མཐའ་དང་། བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ་སྦྱོར་བའི་མཐའ་ལ་རྟེན་པར་མི་རིགས་སོ།། གལ་ཏེ་དེ ་ཐམས་ཅད་སྤྲུལ་པ་ཡིན་ན་ཅིའི་ཕྱིར་དཀའ་བ་སྤྱད་པ་ན། ང་བྲམ་ཟེའི་ཁྱེའུ་བླ་མའི་གནས་སྐབས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་མཆོག ་ཏུ་དཀའ་བ་ཡིན་ནོ།། ཞེས་ཁ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ང་ལོ་དྲུག་ཏུ་དཀའ་བ་སྤྱད་པ་གང་ཡིན་པ་འདི་ཡིན་ནོ་ཞེས་ལས་ཀྱི་རྒྱུ་བཤད་ཅེ་ན། དེ་ལ་ད་ལྟར་རིགས་འདི་གསལ་བར་བྱའོ་སྙམ ་ན་ཤིན་ཏུ་མུན་པ་བྱས་པ་ཡིན་ནོ།། ཇི་ལྟར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ནཱི་སངས་རྒྱས་ཞེས་བྱ་བ་སྔོན་མ་ཐོས་པའི་སྒྲ་ཐོས་ནས་པ་སྤུ་ཐམས་ཅད་ཟིང་ཞེས་བྱེད་ཅིང་། ཤིན་ཏུ་ལྟ་བ་ལ་སྤྲོ་བར་གྱུར་པོ་གང ་ཡིན་པ་དང་། བྲམ་ཟེའི་ཁྱེའུ་བླ་མ་ཚེ་རབས་གསུམ་ནུ་སངས་རྒྱས་སུ་འགྱུར་བ་གང་ཡིན་པས་ནི་སངས་རྒྱས་ཉིད་ལ་སྐུར་པ་བཏབ་པ་འདི་དགོངས་པ་ཅན་མ་ཡིན་པར་ཁྱེད་ཡིད་ཆེས་པར་སྤྲོ། སྤྲུལ་པའི་དངོས་པོ་ནི་མི་སྟོན ་ང་ལས་ཀྱིས་རྒྱུ་བ་ནི་གདོན་མི་ཟ་བར་བསྟན་པར་བྱ་སྟེ།། སེམས་ཅན་རྣམས་ལས་ཀྱི་འཇིགས་པ་ཉིད་ཡོངས་སུ་བསྐྱེད་པའི་ཕྱིར་རོ།། སངས་རྒྱས་རྣམས་སྤྲུལ་པ་གོང་དག་གིས་བརྫུན་གསུངས་པ་ཡིན་པར་འགྱུར་རོ ་ཞེ་ན་ཀྱེ་མཉེས་པར་འཛིན་པ་རྣམས་གདུལ་དཀའ་བ་ཉིད་ཡིན་ནོ།། སངས་རྒྱས་རྣམས་ནི་སེམས་ལ་ཇི་ལྟ་ཇི་ལྟར་ཕན་པ་དེ་ལྟ་དེ་ལྟར་སྤྲུལ་པ་མཛད་པ་འམ་གསུངས་པ་ཡིན་ན་འདི་ལ་ཅི་ཞོག་མི་འདས་པར་བྱ། གཞན ་ཏུ་ཇི་ལྟར་གདུལ་བ་དང་། སྐལ་པ་མཉམ་པའི་སྤྲུལ་པ་རྣམས་ཀྱི་དེ་དག་སྐལ་པ་མཉམ་པའི་རིགས་ལ་སོགས་པ་དམ་བཅས་པ་འགལ་བར་མི་འགྱུར་རེ་ཞིག་འདི་ཡང་དཔྱད་པར་བྱའོ།། ཅི་དེ་བཞིན་གཤེགས་པོ་རྣམས ་ཆོག་རྩུབ་པོ་འམ་མཛའ་བོ་དང་དབྱེ་བར་བྱེད་པ་གསུང་ངམ། སྨྲས་པ་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་གསུངས་ཏེ། གཞན་དུ་ན་འཆ་རཱ་ཀ་དད་ཅི་ཞིག་གསུང་བའི་མདོ་ལ་སོགས་པ་དག་དང་འགལ་བར་འགྱུར ་རོ་ཞེ་ན། ཅི་དག་གི་ལྷས་ཁ་ན་མོ་ཐོ་བ་དང་བཅས་པར་བརྗོད་པར་བྱ་བ་འམ་སྨྲས་པ་མ་ཡིན་ཏེ་དེ་ཅིའི་ཕྱིར་ཞེ་ནི་དགེ་བའི་སེམས་ལས་བྱུང་བའི་ཕྱིར་རོ་ཞེ་ན། བརྫུན་ཡང་དེ་ཁོ་ན་བཞིན་དུ་ཅིའི་ཕྱིར་མི་འདོད་། འོ་ན་བླ་མ་ལ ་སོགས་པ་སྤྲུལ་པ་ཡིན་པར་བསྟན་པ་ལ་དགོངས་པ་ཅི་ཞིག་ཡོད་ཙ་ན། ཐབས་ལ་མཁས་པའི་མདོ་སྡེ་དང་། འཇིག་རྟེན་ལས་འདས་པའི་ལོའུ་ལ་སོགས་པ་དག་ཇི་ལྟར་འོས་པར་ངེས་པར་གཟུང་བར་བྱའོ།། ཐབས་ལ ་མཁས་པའི་མང་སྔ་དང་། འཇིག་རྟེན་ལས་འདས་པའི་ལེའུ་ལ་སོགས་པ་དག་ཇི་ལྟར་འས་པར་ངེས་པར་གཟུང་བར་བྱའོ།། ཐབས་ལ་མཁས་པའི་མདོ་སྡེ་ཚད་མ་ཉིད་ཡིན་ན་ནཱི་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལ ་ཐབས་ལ་མཁས་པ་ཉིད་ཀྱི་སྲོག་གཅོད་པ་ནི་ཁ་ན་མ་ཐོ་བ་མེད་དོ་ཞེས་གསུངས་སོ་དེ་ལྟ་ཡིན་ན་ནི་གང་དག་ཕན་པར་འདོད་པས་དེ་རྣམས་མཐོ་རིས་ཐོབ་པར་བྱ་བའི་ཕྱིར་དང་། འཁོར་བ་ལས་ཐར་པར་བྱ་བའི་ཕྱིར། ་ཕྱུགས་དང་དུད་འགྲོ་སྣ་ཚོགས་གསོད་པར་བྱེད་པ། མཆོད་སྦྱིན་པ་རྣམས་འཁོར་བ་ལས་ཐར་བར་བྱ་བ་རྣམས་ལ་ཅིའི་ཕྱིར་ཁ་ན་མ་ཐོ་བ་མེད་པར་མི་འགྱུར་ཞེ་ན། ཅིའོ་ཐུག་དང་ཁར་འདྲ་བ་ཉིད་ཡིན་ནོམ། དེ་རྣམས ་ཀྱི། སྲོག་གཅོད་དེ་ནི་གཏི་མུག་ལས་སྐྱེས་པ་དང་། ཆགས་པ་ལས་སྐྱེས་པ་ཡིན་ནོ།། ཕྱུགས་དང་སྲོག་ཆགས་གཞན་དག་ལ་མཆོད་སྦྱིན་ཅན་གྱི་སྡུག་བསྔལ་གྱི་འཆི་བར་བྱེད་པ་འམ། བསད་པས ་མཐོ་རིས་སམ་ཐར་པ་འཐོབ་བོ་སྙམ་པ་ནི་གཏི་མུག་སྟེ། ལས་དང་འབྲས་བུ་ཕྱིན་ཅི་ལོག་པ་ལ་མངོན་པར་ཞེན་པའི་ཕྱིར་རོ།། བདག་ལ་འདིས་མཐོ་རིས་སུ་འགྲོ་བར་འགྱུར་རོ་སྙམ་པ་ནི་གཏི་མུག་དང་ཆགས་པའོ།། བཅོམ ་ལྡན་འདས་ཀྱི་དགེ་སློང་དག་སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་སྐྱེས་པ་དང་། ཞེ་སྡང་ལས་སྐྱེས་པོ་དང་། གཏི་མུག་ལས་སྐྱེས་པའོ།། ལོག་པར་ལྟ་བའི་བར་ལ་ཡང་དེ་བཞིན་ནོ་ཞེས་མི་དགེ་བའི་ལས ་ཀྱི་ལམ་རྣམས་ཀྱི་མཚན་ཉིད་སྤྱི་རྣམ་པར་བཞག་པས་དེའི་ཕྱིར་ཇི་ལྟར་ན་དེ་ཁ་ན་མ་ཐོ་བ་མེད་པར་འགྲུབ། ཐབས་ལ་མཁས་པའི་མདོ་སྡེ་ལས་ནི་མ་ཆགས་པ་ལ་སོགས་པ་ལ་བྱུང་བའི་སྲོག་གཅོད་པ་ཁ་ན་མ་ཐོ་བ་མེད ་པའོ་ཞེས་ཡོངས་སུ་བསྟན་པས་དེ་དང་དེར་ཇི་ལྟར་ན་འདྲ་བ་ཉིད་ཡིན། ཇི་ལྟར་མ་ཆགས་པ་ལ་སོགས་པ་ལས་འབྱུང་ཞེ་ན། གལ་ཏེ་གཞན་མཚམས་མེད་པའི་ལས་བྱེད་པ་ལ་མངོན་དུ་ཕྱོགས་པ་མཐོང་ན། ལས་དེ་ནི་ཡུན་རིང ་པོར་རྣམ་པར་སྨིན་པ་དྲག་པོར་འགྱུར་བར་རིགས་ནས། སྙིང་རྗེ་བྱེད་པ་ན་དེ་བསད་པས་བདག་ཉིད་སེམས་ཅན་དམྱལ་བར་སྐྱེ་བ་ཡང་ཁས་བླངས་ནས། དེ་ཡོངས་སུ་བསྐྱབ་པའི་ཕྱིར་དགེ་བའམ་ལུང་དུ་མ་བསྟན་པའི་སེམས ་ཀྱི་གནས་སྐབས་བྱས་ཏེ། བདག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པ་ནི་བླའི། དེ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དང་འབྲེལ་བར་གྱུར་ན་རུང་ངོ་སྙམ་ནས་གསོད་པར་བྱེད་པ་སྟེ། དེ་ལྟ་བུ་ནི་དགེ་བའི་སེམས་ལས་བྱུང ་བའི་ཕྱིར་རོ།། འདི་ལྟར་དགེ་བའི་སེམས་ཀྱང་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡིན་ནོ།། འོན་ཏེ་མི་ཆགས་པ་ལ་སོགས་པ་ལས་བྱུང་ཡང་སྲོག་གཅོད་པའི་སྐྱོན་དུ་འགྱུར་ན་ནི་ཚིག་རྩུབ་པོ་དང་། མཛའ ་པོ་འབྱོད་པ་དང་། ཇི་སྐད་དུ་གསུངས་པའི་མདོ་སྡེ་ཡང་སྐྱོན་དུ་འགྱུར་རོ།། དེ་ཡོངས་སུ་གཏོང་བའི་སེམས་ཉིད་གང་ཡིན་པ་དེ་ཉིད་འདིར་ཞེ་སྡང་མ་ཡིན་ནམ་ཞེ་ན། འདི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་ཡོངས་སུ ་སྐྱབས་པར་འདོད་པས་བདག་ལ་བྱམས་པ་བས་ཀྱང་ལྷག་པར་བྱམས་པས། དེར་དེ་ངེས་པར་མྱོང་བར་འགྱུར་བའི་ལས་བྱེད་པ་ལ་མངོན་ཏུ་ཕྱོགས་པའི་ལུས་པས་ཕུལ་དུ་བྱུང་བ་ལུས་གང་ཐོབ་པར་བྱེད་པ་ན། དེ ་ཡོངས་སུ་བཏང་བ་གང་ཡིན། གཞོན་ཡང་སྙིང་བརྩེ་བའི་བདག་ཉིད་དག་གིས་སྦྱོར་བ་གང་གིས། ཕན་ཕྱིར་གཞན་གསོད་དེ་ནི་སྐྱོན་ཅན་ན།། གང་གིས་དགེ་སྦྱོང་དྲུག་བཅུ་ལ་སོགས་ཤི། མདོ་གཉིས་ཐུབ་པས་བསྟན ་པ་དེ་ཅིའི་ཕྱིར།། མདོ་གཉིས་ཀྱང་གང་ལས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ནི་དགེ་སློང་དྲུག་བཅུ་ཁ་ནས་ཁྲག་དྲོན་མོ་བྱུང་སྟེ། གནོད་པ་དེ་ཉིད་ཀྱིས་དུས་བྱས་སོ་ཞེས་འབྱུང་བ་ལྗོན་ཤིང་གི་ཕུང་པོ་ལྟ་བུ་དང་། ་གང་ལས་དེ་ན་བཅོམ་ལྡན་འདས་ཀྱི་དགེ་སློང་རྣམས་ལ་དགེ་སློང་དག་མི་སྡུག་པ་བསྒོམས་ཤིག། མི་སྡུག་པ་བསྟན་ཅིང་ཞེས་བྱ་བ་ནས་ཕན་ཡོན་ཆེའོ་ཞེས་བྱ་བའི་བར་དུ་མི་སྡུག་པ་བསྟན་ཅིང་། མི་སྡུག ་པའི་སྡུག་པའི་སྒོམ་པའི་བསྔགས་པ་བཤད་པ་དང་། དེའི་ཚེ་དགེ་སློང་དག་མི་སྡུག་པ་བསྒོམས་ཤིང་། མི་སྡུག་པ་བསྒོམ་པ་ན། རྣག་གི་ལུས་འདིས་འཛེམ་ཞིང་ཞེས་བྱ་བ་ནས་མཚོན་འདེབས་པར་བྱེད་ཅིང་དགེ་སློང་གི་དགེ ་སློང་གསོད་བའི་བར་དུ་འབྱུང་བ་རི་དྭགས་ཟློག་གི་མདོ་ཡིན་ནོ།། ཅིའི་ཕྱིར་ཐེག་པ་ཆེན་པོ་ལས་སྤྲུལ་པ་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་བསྟན་ལ། ཐེག་པ་ཆེན་པོ་མ་ཡིན་པ་ལ་མ་ཡིན་ཞེ་ན། བྱང་ཆུབ་སེམས ་དཔའ་རྣམས་ནི་རྒྱ་ཆེན་པོ་ལ་མོས་པ་ཡིན་པས། དེ་རྣམས་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་དང་། མཐུན་ན་བདག་ཉིད་ཆེན་པོའི་ཁྱད་པར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་སྐྱེ་བ་བསྟན་པའི་མདོ་བཞིན་དུ་དེ་ལྟར་བསྟན་པར་བྱའོ།། ། ་གཞན་དུ་ན་ནི་དེ་རྣམས་དེ་ལྟར་སེམས་མངོན་པར་འདུ་བྱེད་པར་མི་འགྱུར་ལ་མ་རིག་པར་འགྱུར་བ་ཇི་སྐད་དུ་བསྟན་པ་དེའི་ལན་ཡང་ཇི་ལྟར་བཏབ་པར་འགྱུར། ཉན་ཐོས་གང་དག་དེ་ལྟ་བུ་ལ་མོས་པའི་སྐལ་བ་ཅན་དེ་དག་ནི ་དེ་ཉིད་ལས་ཐོས་པར་འགྱུར་རོ།། གང་དག་སྐལ་པ་མེད་པ་དེ་རྣམས་ལ་ནི་དེ་བསྟན་པ་ཉིད་སྐྱོན་དུ་འགྱུར་རོ།། དེ་བས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེས་བྱ་བ་དེ་ནི་མི་འགལ་ལོ།། དེའི་ཕྱིར་ཤིན་ཏུ་རྒྱས་པའི ་སྡེ་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་འགལ་བ་མེད་དོ།། རྣམ་པར་བཤད་པའི་རིགས་པ་ལས་ལེའུར་བཅད་པ་བཞི་པའོ།། །། བརྒལ་བ་དང་ལན་གྱི་རྣམ་པ་ཡང་བསྟན།། ཇི་ལྟར་མདོ་སྡེ་བཤད་པར་བྱ་བའི་རིག་པ་ཡང ་བསྟན་ཏོ།། གཞན་ཡང་ཆོས་སྤྲོ་བ་པོས་ཐོག་མ་ཁོ་ནར་མདོ་སྡེ་བཀོད་ནས་བརྒལ་ཞིང་བརྟག་པར་བྱ་སྟེ། འཁོར་ལན་རྣམས་ལ་སྲེད་པ་བསྐྱེད་པའི་ཕྱིར་རོ།། འོན་ཀྱང་སྲེད་པ་ཆུང་བ་ཡིན་པ་རྣམས་ལ་ཡང་རྣོ་བླག་ཏུ་གཞག་པའི ་ཕྱིར་གུས་པར་མཉན་པ་དང་ལྡན་པ་བཤད་པར་བྱའོ།། གུས་པར་མཉན་པ་དང་ལྡན་པ་འདི་ཅི་ཞིག་ཅེ་ན། གཏམ་གང་ལས་གུས་པས་མཉན་པོ་བསྟན་པའོ།། རྣ་བླགས་ན་དགོས་པ་ལ་སོགས་པའི་རིམ་པས་མདོ་སྡེ་བཤད་པར་བྱའོ།། ། ་བརྒལ་ཞིང་བརྟགས་པ་བྱས་ན་ཡང་བརྒལ་བ་ཙོའི་ཕྱིར་སྨོས་ཤེ་ན། བརྒལ་བའི་མཇུག་ཐོག་སུ་ལན་རྣམས་བདེ་བར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ།། སྔར་མདོ་སྡེའི་ཆེ་བ་ཉིད་ཐོས་ན། མཉན་པ་དང་ནི་བཟུང་བ་ལ།། ཉན་པ་པོ ་ནི་གུས་བྱེད་འགྱུར།། དེ་ཕྱིར་ཐོག་མར་དགོས་པ་བརྗོད་ཅེས་བསྟན་པ་ཡིན་ན། དེ་ཅིའི་ཕྱིར་ཐོག་མར་གུས་པར་མཉན་པ་དང་ལྡན་པ་བཤད་པར་བྱ་ཞེ་ན། དགོས་པ་བསྟེན་པ་ལ་ཡང་གུས་པར་མཉན་པར་བྱ་བའི་ཕྱིར་རོ།། ཁ་ཅིག ་མདོ་སྡེའི་དོན་ཁོང་དུ་ཆུད་པར་མི་ནུས་པ་དག་འབྱུང་བས་དེ་དག་ལ་ཆོས་ཙམ་ལ་ཡང་གུས་པར་མཉན་པས་བསོད་ནམས་བསྐྱེད་པར་བྱ་བའི་ཕྱིར་དང་། དོན་ཁོང་དུ་ཆུད་པ་ལ་སྨོན་པས་ཤེས་རབ་ཀྱི་ཁམས་བསྐྱེད་པར་བྱ་བའི ་ཕྱིར། གདོན་མི་ཟ་བར་ཐོག་མར་གུས་པ་མཉན་པ་དང་ལྡན་པ་བཤད་པར་བྱའོ།། ཇི་ལྟར་བཤད་པར་བྱ་ཞེ་ན། རྣམ་པ་གསུམ་དག་གིས་ཏེ། ཡང་དག་པར་འཛིན་དུ་གཞུག་པ་ཉིད་དང་། དགོས་པ་ཡང་དག་པར ་བསྟན་པ་ཉིད་དང་རྨུགས་པ་དང་། གཉིད་དང་ལོག་པའི་རྣམ་པར་རྟོག་པ་རྣམས་ཀྱི་ཞུམ་པ་དང་། སེམས་རྣམ་པར་གཡེངས་པ་རྣམས་ལ་ཡ་མཚན་དང་། རབ་ཏུ་དགའ་བ་དང་། སྐྱོ་བའི་གཏམ་ཉེ་བར་བསྒྲུབ་པ་ཉིད་ཀྱིས་སོ།། ཇི་ལྟར ་ན་ཡང་དག་པར་འཛིན་དུ་གཞུག་པ་ཉིད་ཀྱིས་ཞེ་ན། གུས་པར་ཆོས་མཉན་པར་བྱའོ།། ཞེས་བྱ་བས་ཡང་དག་པར་འཛུད་པའི་ཕྱིར་རོ།། འདིར་ཡང་དག་པར་འཛུད་པ་ནི་ཡང་དག་པར་འཛིན་དུ་གཞུག་པ་ཡིན་པར་རིག་པར་བྱའོ།། སངས ་རྒྱས་བཅོམ་ལྡན་འདས་ནི་འཁོར་ལ་ཆོས་སྟོན་པར་མཛད་པ་ན་དབྱངས་ཡན་ལོག་ལྔ་དང་ལྡན་པ་ཞལ་ནས་འབྱུང་ངོ་།། རེ་ཞིག་དེ་ཡང་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་གསུང་གིས་ཆོས་སྟོན་པ་ནི། དགེ་སློང་དག་ཁྱེད་ལ་ཆོས་བསྟན ་གྱིས་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་བྱོས་ཤིག་ཅེས་དེ་ལྟར་ཡང་དག་པར་འཛིན་ཏུ་གཞུག་པར་མཛད་པ་ཡིན་ན་བདག་ཅག་ལ་ལྟ་སྨོས་ཀྱང་ཅི་དགོས་པས་སོ།། དབྱངས་ཀྱི་ཡན་ལག་ལྔ་ནི་འབྲུག་སྒྲ་ལྟོར་ཟབ་པ་དང་། སྙན ་ཅིང་འཇེབོས་ལ་རྣར་སྙན་པ་དང་། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང་། རྣམ་པ་གསལ་ཞིང་རྣམ་པར་རིག་པར་བྱ་བ་དང་། མཉན་པར་འོས་ཤིང་མི་མཐུན་པ་མེད་པ་སྟེ། འདིས་དེ་བཞིན་གཤེགས་པའི་དབྱངས་ཀྱི་ཡོན་ཏན་ལྔ་པོ ་རྒྱ་ཆེ་བ་ཉིད་དང་སྙན་པ་ཉིད་དང་། རིགས་པའི་དོན་དང་ལྡན་པ་ཉིད་དང་། བཟུང་བླ་བ་ཉིད་དང་། སྣ་ཚོགས་ཅི་འདོད་པ་ཉིད་ཡོངསུ་བསྟན་ཏོ།། ཡོན་ཏན་ལྔ་པོ་འདི་དག་ནི་མཉན་པ་དང་། རྣམ་པར་མི་གཡེངས་པ་དང་། རྣམ་པར་གྲོལ ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། ཡོངས་སུ་སྨིན་པར་བྱེད་པའི་ཡན་ལག་ཏུ་གོ་རིམས་བཞིན་དུ་འགྱུར་རོ།། བསྡུས་པའི་ཚིགས་སུ་བཅད་པ་དག་ནི། ཡོན་ཏན་ལྔ་ནི་རྒྱ་ཆེན་དང་།། སྙན་དང་རིགས་དོན་ལྡན་ཉིད་དང་།། བཟུང་བླ་སྣ ་ཚེགས་ཅི་འདོད་ཉིད།། འདི་དག་ལྔའི་ཡན་ལག་སྟེ།། མཉོན་དང་རྣམ་པར་མི་གཡེངས་དང་།། རྣམ་གྲོལ་ཁོང་དུ་ཆུད་པ་དང་།། སྨིན་པར་བྱེད་པ་ཡིན་ཏེ་ངེས།། ཐུབ་ཆེན་གསུང་ནི་ཡན་ལག་ལྔ།། འཕགས་པ་ཤཱ་རིའི་བུས་ཚེ་དང ་ལྡན་པ་དག་དགེ་སློང་སྨྲ་བ་པོས་གཞན་དག་ལ་ཆོས་དང་ལྡན་པའི་གཏམ་སྨྲ་བ་ན། རྣམ་པ་ཉི་ཤུ་དག་དང་ལྡན་པོས་གཏམ་བྱ་སྟེ། དུས་སུ་གཏམ་བྱ་བ་དང་། གུས་པ་དང་། གོ་རིམས་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དང་ཚེ ་དང་ལྡན་པ་དག་ཆོས་མཉན་པར་བྱ་སྟེ། དུས་སུ་ཆོས་མཉན་པར་བྱ་བ་དང་། གུས་པ་དང་སྲི་ཞུ་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པ་ཡིན་ནོ།། དེང་ངམ་ཁྱེད་ཀྱི་དེ་ནི་བསྒྲུབ་པར་དཀའ་བས་དེའི་ཕྱིར་རྣམ་པ་ཉི་ཤུ་འམ ་བཅུ་དྲུག་ལྟ་ཞོག་གི་རེ་ཞིག་རྣམ་པ་གཅིག་ཙམ་ཡང་བྱས་ལ་ངས་ཀྱང་གུས་པར་ཆོས་བཤད་པར་བྱ། ཁྱེད་ཀྱིས་ཀྱང་གུས་པར་ཆོས་ཉོན་ཅིག། ཇི་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་བསྡུས་པ་ལས་འབྱུང་བ་དེ་ལྟར་ཡང་དག ་པར་འཛིན་དུ་གཞུག་པ་ཉིད་ཀྱིས་སོ།། དེ་ལས་ཇི་སྐད་གསུངས་ཤེས་དེའི་ཕྱིར་ཤེས་ལྡན་རྒྱལ་བའི་སྲས་དག་མ་ཆགས་པའི་སེམས་དང་། ཞེ་སྡང་མེད་པའི་སེམས་དང་། ལས་སུ་རུང་བའི་སེམས་དང་། རྣམ་པར ་མ་རྨོངས་པའི་སེམས་དང་། ཞི་བའི་སེམས་དང་། རྩུབ་པ་མེད་པའི་སེམས་དང་། རྒྱུད་གཅིག་ཏུ་གྱུར་པའི་སེམས་དང་། དགེ་བའི་སེམས་དང་། བྱེ་བྲག་ཕྱེད་པའི་སེམས་དང་གུས་པའི་སེམས་དང་། མོས་པའི་སེམས་དང་། ་ལེགས་པར་རྣམ་པར་གནས་པའི་སེམས་དང་། ལེ་ལོ་མེད་པའི་སེམས་དང་། བཟུང་བའི་སེམས་དང་། ཕན་འདོགས་པའི་སེམས་དང་། རབ་ཏུ་འཛིན་པོའི་སེམས་དང་། སྒྲུབ་པའི་སེམས་དང་། དོན་ལ་ལྟ་བའི་སེམས་དང ་སྐྱོན་ཡིད་ལ་མི་བྱེད་པའི་སེམས་དང་། དོན་ལ་སྟོན་པའི་སེམས་དང་། རི་མོར་བྱ་བའི་སེམས་དང་། ཞུམ་པ་མེད་པའི་སེམས་དང་། ཁེངས་པ་མེད་པའི་སེམས་དང་། མཉམ་པར་གཞུག་པའི་སེམས་དང་། ཚིག་འབྲུ་ལ་མི་འཕྲོ ་པོའི་སེམས་དང་། དོན་མི་གཏོང་བའི་སེམས་དང་། ཡིད་ལ་བྱེད་པ་དྲག་པོའི་སེམས་བྱོས་ཤིག་ཙས་འབྱུང་བ་ཡིན་ནོ།། ཡང་དག་པར་འཛིན་དུ་གཞུག་པ་འདིས་གང་ལ་ཡང་དག་པར་འཛིན་ཏུ་གཞུག་པ་འདིས་གང་ལ་ཡང་དག ་པར་འཛིན་དུ་བཅུག་པ་ཅེ་ན། ཚིག་བདུན་དག་གི་ནི་སྒྲིབ་པ་ལྔ་ཡོངས་སུ་སྤོང་བ་ལ་སྟེ། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་རྣམ་པ་གཉིས་སུ་བྱས་ཏེའོ།། ཚིག་བཞི་དག་གི་ནི་བཅོམ་ལྡན་འདས་ཀྱིས ་ཁྱེའུ་ལྟ་བུའི་གང་ཟག་བཞི་བསྟན་པ་གང་ཡིན་པ་དག་སྟེ་གསུམ་ནི་ནག་པོའི་ཕྱོགས་དང་མཐུན་པ་ཡིན་ནོ།། གཅིག་ནི་དཀར་པོའི་ཕྱོགས་དང་མཐུན་པ་ཡིན་ཏེ། དེ་ལྟ་བུ་ཉིད་ཡོངས་སུ་སྤང་བ་དང་། དེ་ལྟ་བུ་ཉིད་ལའོ།། ཚིག་ལྷག་མ ་བཅུ་དྲུག་པོ་དག་གིས་ནི་དོན་རྒྱས་པ་ལས་འཕགས་པ་ཤཱ་རིའི་བུས་རྣམ་པ་བཅུ་དྲུག་པོ་གང་དག་གིས་ཆོས་མཉན་པར་བྱ་བར་གསུངས་པའི་རྣམ་པ་བཅུ་དྲུག་དག་ལ་ཡང་དག་པར་འཛིན་དུ་བཅུག་པ་མིན་ནོ།། དེ་ལ་ཆོས ་མཉན་པ་དང་མཐུན་པའི་སྤྱོད་ལམ་ལ་རྣམ་པར་གནས་པའི་ཕྱིར་ལེགས་པར་རྣམ་པར་གནས་པའི་སེམས་སོ།། ལེ་ལོ་སྤོངས་ཏེ། ཉན་པའི་ཕྱིར། ལེ་ལོ་མེད་པའི་སེམས་དང་། གཟུང་བའི་བསམ་པ་ནི་གཟུང་བའི་སེམས ་སོ།། ཆོས་སྨྲ་བ་ལ་གུས་པོ་དང་བཅུས་པའི་ཕྱིར་ཕན་འདོགས་པའི་སེམས་སོ།། དེ་ཉིད་ཀྱིས་སེམས་ཀྱི་རྗེས་སུ་འཇུག་པས་ལུས་དང་། ངག་དག་གི་སྙེམས་ཡང་དག་པར་རབ་ཏུ་འཛིན་པའི་ཕྱིར་རབ་ཏུ་འཛིན་པའི་སེམས་སོ།། ་ཆོས་འདི་ནི་དོན་ཆེན་པོའི་སྙམ་པ་ནི་དོན་ལ་ལྟོ་བའི་སེམས་སོ།། ཚུལ་ཁྲིམས་དང་། རིགས་དང་། རུས་ཀྱི་སྐྱོན་ཡིན་ལ་མི་བྱེད་པའི་ཕྱིར། སྐྱོན་ཡིད་ལ་མི་བྱེད་པའི་སེམས་སོ།། གཞུང་གི་ཚིག་འབྲུ་ཉམས་པ་ལ་དོན་ལ་རྟོན་པའི ་སེམས་དང་། ངག་གི་ལས་ཕུན་སུམ་ཚོགས་པ་ལ་སངས་རྒྱས་དང་འདྲ་བ་ཉིད་ཀྱིས་རི་མོ་བྱ་བའི་སེམས་སོ།། ལྷག་མ་ནི་གོ་སླ་བའི་ཕྱིར་མ་བཤད་དོ།། དེ་ལྟ་བུ་ནི་ཡང་དག་པར་འཛིན་ཏུ་འཇུག་པ་ཉིད་ཀྱིས་སོ།། ཇི་ལྟར་ན ་དགོས་པ་ཡང་དག་པར་བསྟན་པ་ཉིད་ཀྱིས་ཡིན། ཅིའི་ཕྱིར་གུས་པར་ཆོས་མཉན་པར་བྱ་ཞེ་ན། སྣོད་གསུམ་དག་ཏུ་ནི་ལྷས་ཆར་ཕབ་ཀྱང་ཆུའི་བྱ་བ་མི་བྱེད་དེ། ཁ་གཞན་དུ་ཕྱོགས་པའམ་བཅད་པ་གང་དུ་མི ་འབབ་པ་ཉིད་དང་། མི་གཙང་བ་གང་དུ་བབ་ཀྱང་སྐྱོན་ཅན་དུ་འགྱུར་བ་དང་། བུ་གྲི་དང་བཅས་པ་གང་དུ་མི་གནས་པའོ།། དེ་བཞིན་དུ་སྐྱེ་བོ་ཉན་པ་པོའི་ཡིད་ཀྱི། སྣོད་གསུམ་དག་ཏུ་ཆོས་སྨྲ་བས་ཆོས་ཀྱི་ཆར་ཕབ་ཀྱང་། ཆོས་ཀྱི་ཆུའི ་བྱ་བ་མི་བྱེད་དེ། རྣམ་པར་གཡེང་བ་དང་རྨུགས་པ་དང་། གཉིད་དག་གིས་མི་ཉན་པའི་ཕྱིར། གང་དུ་མི་འབབ་པ་དང་། ཚུལ་བཞིན་ཡིད་ལ་མི་བྱེད་པའི་ཕྱིར། གང་དུ་བབ་ཀྱང་སྐྱོན་ཅན་དུ་འགྱུར་བ་དང་། དྲན་པ་རྗེད་ངས་པའི ་གང་དུ་མི་གནས་པའོ།། དེ་ལྟ་བས་ན་དེའི་སྐྱོན་ཡོངས་སུ་སྲུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་བྱོས་ཤིག་ཅེས་གསུངས་པ་ཡིན་པས་མ་ཉན་པའི་སྐྱོན་དེ་བདག་ཅག་ལ་འབྱུང ་ན་མི་རུང་བའི་ཕྱིར། གུས་པར་ཆོས་མཉན་པར་བྱའོ།། ནད་པ་གཅིག་གིས་ནི་སྨན་པའི་ལུང་མ་ཤེས་ལ། གཉིས་པས་ནི་ཉེས་པར་བཟུང་སྟེ། དཔེར་ན་འཁྲུས་པ་ལ་འབྲས་ཁུ་ལུད་ཅིག་ཅེས་བསྒོ་བ་ལས། ཞོ་ཁ་ཆུ་བླང ་པ་དང་། དྲོད་ཆུང་བ་ལ་ཕྱེ་མ་སྦྱར་བ་ལས་ཕྱུང་སྟེ། ཕོ་སུམ་རེ་རེ་འགོམས་ཤིག་ཅེས་བསྒོ་བ་ལས་རྒྱུན་མི་འཆད་པར་ཐམས་ཅད་འགམས་པ་དང་། འདི་ལྟར་སྣུམ་ཐང་ལ་འདི་ལྟར་བཀྲུ་སྨན་འཐུངས་ཤིག། འཐུངས ་ནས་ཀྱང་འདི་ལྟར་འབྲས་ཁུ་དང་། ཐུག་པ་ལ་སོགས་པ་རིམ་གྱིས་ལོངས་སྤྱོད་ཅིག་ཅེས་བསྒོ་བ་ལས་ཉི་མ་གཅིག་ཉིད་ལ་ཐམས་ཅད་བྱས་སོ།། གསུམ་པས་ནི་ལེགས་པར་བཟུང་ནས་ཆུང་གཟན་པ་ལྟ་བུ་སྟེ། དེ་རྣམས་ལས ་བར་མ་ནི་ཐམས་ཅད་པས་ཐ་ཆད་ཡིན་ནོ།། བསྟན་པ་འདི་ལ་ཡང་གང་ཟག་དེ་ལྟ་བུ་གསུམ་ཡོད་པས་དེའི་གཉེན་པོར་བཅོམ་ལྡན་འདས་ཀྱི་ཉོན་ལ་ལེགས་པར་དང་། རབ་ཏུ་ཡིད་ལ་བྱ་བས་མཉན་པ་ལ་ཡང་དག་པ་གཟུང་བ ་མཛད་དོ།། དེ་ལྟ་བས་ན་ནད་པ་ལྟ་བུར་གྱུར་ན་མི་རུང་བས་གུས་པར་ཆོས་མཉན་པར་བྱའོ།། ནད་པ་གསུམ་པོ་དག་ནི་ཕ་ལ་གནོད་དེ་ཟས་མི་ཟ་བ་གང་ཡིན་པ་དང་། མི་འཕྲོ་བ་ཟོས་པ་སྐྱུག་པ་གང་ཡིན་པའོ།། དེ་བཞིན་དུ ་ཉོན་མོངས་པའི་ནད་པ་རྣམས་ཀྱང་ཆོས་ཀྱི་ཡབ་སངས་རྒྱས་ལ་གནོད་དེ། དམ་པའི་ཆོས་མི་ཉན་པ་གང་ཡིན་པ་དང་། ཚུལ་བཞིན་ཡིད་ལ་མི་བྱེད་པ་གང་ཡིན་པ་དང་། ལེགས་པར་ཡིད་ལ་མེད་པའི་ཕྱིར་བརྗེད་པ་གང་ཡིན ་པའོ།། དེ་ལྟ་བས་ན་ཆོས་ཀྱི་ཡབ་སངས་རྒྱུས་ལ་གནོད་པ་གྱུར་ན་མཱ་རུ་བས། གུས་པར་མཉན་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཆོས་མཉན་པ་ལ་ཕནྡ་ཡོན་ལྔ་གསུངས་ཏེ། མ་ཐོས་པ་ཐོས་པོར་འགྱུར་བ་དང་། ཐོས ་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤོང་བ་དང་ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱི་དོན་དང་། ཚིག་ཟབ་མོ་རྟོགས་པར་འགྱུར་བའོ།། དེ་ལ་ཇི་ལྟར་ནི་མ་ཐོས་པ་ཐོས་པར་འགྱུར་བ་ཡིན་ཞེ་ན་ཐོག་མ་མེད་པ ་ཅན་གྱི་འཁོར་བ་ནས་བསྟན་བཅོས་གཞན་ཐམས་ཅད་ལས་མ་ཐོས་པ་ཕུང་པོ་དང་།། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་།། འཕགས་པའི་བདེན་པ་དང་། དྲན་པ་ཉེ་བར་གཞག་པ ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་དང་། བསླབ་པ་དང་། ཤེས་ནས་དད་པ་རྣམ་པར་གཞག་པ་དང་། ཀུན་ནས ་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རང་དང་སྤྱི་དང་རྒྱུ་དང་འབྲས་བུའི་མཚན་ཉིད་ཕྱིན་ཅི་མ་ལོགས་པ་སྟོན་པ་དང་། བདག་དུ་ལྟ་བའི་ཉེ་བར་ལེན་པ་སྤོང་བ་ཡོངས་སུ་སྟོན་པ་དང་། གང་ཟག་སློབ་པ་དང་། མི་སློབ་པའི། ་བར་དུ་དབྱེ་བ་དང་། ཆེ་བའི་བདོག་ཉིད་དང་། དགེ་སྦྱོང་གི་འབྲས་བུ་དང་རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་ལ་སྩོགས་པ་དང་། ་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ཆེ་བའི་བདག་ཉིད་ལ་སོགས་པ་གང་ཡིན་པ་དེ་ཐོས་པར་འགྱུར་རོ།། དེ་ལྟར་ན་མ་ཐོས་པ་ཐོས་པར་འགྱུར་རོ།། ཇི་ལྟར་ན་ཐོས་པ ་པ་ཡོངས་སུ་བྱ་བར་འགྱུར་ཞེ་ན། སངས་རྒྱས་འབྱུང་བ་གཞན་དག་ལས་སམ། འདིར་ཐོས་པར་བརྗོད་དམ། དྲི་མ་ཅན་དུ་གྱུར་པ་གང་ཡིན་པ་དེ་མཉན་པས་བསལ་བར་བྱེད་ཅིང་དྲི་མ་མེད་པར་བྱེད་དོ།། དེ་ལྟར་ན་ཐོས་པ་ཡོངས ་བྱང་བར་འགྱུར་རོ།། ཇི་ལྟར་ན་སོམ་ཉི་སྤོང་བར་འགྱུར་ཞེ་ན། དེ་སེམས་པ་ན་ཐེ་ཚོམ་འབྱུང་བ་གང་ཡིན་པ་དེ། ཆོས་མཉན་པས་ངེས་པ་འཐོབ་པོ།། ཇི་ལྟར་ན་ལྟ་བ་དྲང་པོར་བྱེད་ཅེ་ན། འདིར་སེམས་པ་ན་ལོག་པར་རྟོག་པ་འབྱུང་བ་གང ་ཡིན་པ་དེ་ཡང་དག་པར་རྟོག་གོ།། ཇི་ལྟར་ན་ཤེས་རབ་ཀྱི་དོན་དང་ཚིག་ཟབ་མོ་རྟོག་པར་འགྱུར་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་གང་ཐོས་ནས། ཆོས་ཉིད་རྟོགས་པར་འགྱུར་ཞིང་། འཕགས་པའི་བདེན་པ་མངོན་པར་རྟོག ་པར་བྱེད་དོ།། ཕན་ཡོན་ལྔ་པོ་འདི་དག་གིས་ཤེས་རབ་གསུམ་ཡོངས་སུ་དག་པར་བསྟན་པ་ཡིན་ཏེ། མ་ཐོས་པ་ཐོས་པས་འགྱུར་བ་དང་། ཐོས་པ་ཡོངས་སུ་བྱང་བར་འགྱུར་པ་གང་ཡིན་པ་དེས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ ་ཡོངས་སུ་དག་པར་འགྱུར་རོ།། སོམ་ཉི་སྤོང་བ་དང་། ལྟ་བ་དྲང་པོར་བྱེད་པ་གང་ཡིན་པ་དེས་ནི་བསམ་པ་ལས་བྱུང་བའོ།། ཤེས་རབ་ཀྱིས་དོན་དང་། ཚིག་ཟབ་མི་རྟོགས་པར་འགྱུར་བ་གང་ཡིན་པ་དེས་ནི་བསྒོམ་པ་ལས་བྱུང་བའི་ཤེས ་རབ་ཡོངས་སུ་དག་པར་འགྱུར་རོ།། ཕན་ཡོན་འདི་དག་ཡང་དག་པར་མཐོང་བས་དམ་པའི་ཆོས་མཉན་པ་ལ་གུས་པར་མཉན་པར་བྱའོ།། ཡང་ཅིའི་ཕྱིར་ཞེ་ན་བཅོམ་ལྡན་འདས་ཀྱིས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར།། ཐོས་པས ་སྡིག་ལས་ལྡོག་པར་འགྱུར།། ཐོས་པས་དོན་མེད་སྤོང་བར་འགྱུར།། ཐོས་པས་མྱ་ངན་འདས་པ་འཐོབ་ཅེས་གསུངས་པས་སོ།། དེ་ལ་ཇི་ལྟར་ན་ཐོས་པས་ཆོས་རྣམས་ཤེས་པར་འགྱུར་ཞེ་ན། འདི་ལྟ་སྟེ་འདི་ན་ཁ་ཅིག་དེ་བཞིན ་གཤེགས་པས་གསུངས་པའི་ཆོས་འདུལ་བ་ཐོས་ན་ཡང་དག་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོངས་སུ་སྟོན་པ་གང་ཡིན་པ་འདི་དེ་ཁོ་ན་ཆོས་ཡིན་གྱི། གཞན་མུ་སྟེགས་ཅན་གྱིས་སྨྲས ་པ། མེ་དང་ཆུར་འཇུག་པ་དང་། ཟས་མི་ཟ་བ་དང་། བརྟུལ་ཞུགས་དྲག་པོ་དང་། འཚེ་བ་དང་། མཆོད་སྦྱིན་ལ་སོགས་པ་ཡོངས་སུ་སྟོན་པ་ནི་མ་ཡིན་ནོ་ཞེས་རྣམ་པར་ཤེས་སོ།། ཇི་ལྟར་ན་ཐོས་པས་སྡིག་པ་ལས་ལྡོག་པར་འགྱུར་ཞེ ་ནའདི་ལྟ་སྟེ། འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་ན། དེ་ལ་བརྟེན་པས་ཉེས་པར་སྤྱོད་པ་ལས་ལྡོག་གོ།། ཇི་ལྟར་ན་ཐོས་པས་དོན་མེད་པ་སྤོང་བར ་འགྱུར་ཞེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལས། ལྷགས་པའི་སེམས་ཀྱི་བསླབ་པ་ཐོས་ན། དེ་ལ་བརྟེན་པས་གང་དག་ལ་བྱིས་པ་རྣམས་དོན་དུ་འདུ་ཤེས་པ་འདོད་པ་དྲིན་མེད ་བར་གྱུར་པ་རྣམས་སྤོང་བར་འགྱུར་རོ།། ཇི་ལྟར་ན་ཐོས་པས་མྱ་ངན་ལས་འདས་པ་འཐོབ་ཅེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཐོས་ན། ་དེ་ལ་བརྟེན་པས་ཟག་པ་ཟད་པ་མངོན་སུམ་དུ་བྱེད་དོ།། འདིས་ནི་དམ་པའི་ཆོས་མཉན་པ་ལ་ཕན་ཡོན་རྣམ་པ་བཞི་པོ་ཡང་དག་པའི་ལྟ་བ་རྙེད་པ་དང་། བསླབ་པ་གསུམ་ལ་ཡང་དག་པར་བརྟན་པས། སྡིག་པ་ལས་ཡང་དག་པར ་བརྒལ་བ་དང་། འདོད་པ་ལས་ཡང་དག་པར་རྒལ་བ་དང་། ཡང་སྲིད་པ་ལས་ཡང་དག་པར་བརྒལ་བ་ཡོད་པར་གོ་རིམ་བཞིན་དུ་ཡོངས་སུ་བསྟན་ཏོ།། ཡང་ཉོན་མོངས་པའི་གནོད་པའི་རྒྱུས་ཕན་ཡོན་རྣམ་པ་བཞི་པ་ཡང་དག་པའི་ལྟུ ་བ་རྙེད་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་བརྒལ་བ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་བརྒལ་བ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་བརྒལ་བ་ཡོད་པར་ཡོངས་སུ་བསྟན་ཏོ།། ཡང་རྣམ་པ་བཞི་ཏེ། ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་རྙེད་པ་དང་། རབ་ཏུ་འབྱུང་བ་དང་། དབང་པོའི་སྒོ་སྲུངས་པ་ཉིད་ཀྱི་རིམ་པས་བསམ་གཏན་བཞི་པའི་བར་དུ་སྟེ། དེ་ནི་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི ་ཕྱིར། གནོད་པ་སྤོང་བ་དང་འཕགས་པའི་བདེན་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་རིམ་པས་ཟག་པ་ཟད་པའི་བར་དུ་སྟེ། ནྱ་གློ་དྷ་ལ་སོགས་པའི་མདོ་སྡེ་རྣམས་ཀྱིས་བསྒྲུབ་པར་བྱའོ།། དེ་ལྟར་ཕན་ཡོན་རྣམ་པ ་མང་པོ་ཡང་དག་པར་མཐོང་བ་ཉིད་ཀྱི་གུས་པར་ཆོས་མཉན་པར་བྱའོ།། ཡང་ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ཀྱི་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་པས་སོ།། ཡང་ཇི་ལྟར་ན་ལེགས་པར་གསུངས་པ ་ཡིན་ཞེ་ན། རྣམ་པ་བཅུ་དག་གིས་ཏེ། ཡང་དག་པར་བསླང་པ་ཉིད་ཀྱིས་དང་། དབང་དུ་མཛད་པ་ཉིད་ཀྱིས་དང་། འཇུག་པ་ཉིད་ཀྱིས་དང་། རབ་ཏུ་བསྟན་པ་ཉིད་ཀྱིས་དང་། རབ་ཏུ་དབྱེ་བ་ཉིད་ཀྱིས་དང་རྟེན་ཉིད་ཀྱིས་དང་གོ་བར་མཛད ་པ་ཉིད་ཀྱིས་དང་། གདགས་པ་ཉིད་ཀྱིས་དང་དུས་ཉིད་ཀྱིས་དང་། ཡོན་ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་སོ།། ཇི་ལྟར་ན་ཡང་དག་པར་བསླང་བ་ཉིད་ཀྱིས་ཞེ་ན། ཡང་དག་པར་མངོན་པར་རྫོགས་པར་སངས ་རྒྱས་ནས་གསུངས་པའི་ཕྱིར་རོ།། ཇི་ལྟར་ན་དབང་དུ་མཛད་པ་ཉིད་ཀྱིས་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ།། ཇི་ལྟར་ན་འཇུག་པ་ཉིད་ཀྱིས་ཞེ་ན། རེས་འགའ་མ་ཡིན་གྱི། ཡང་དང་ཡང་དུ ་རྒྱུན་ཏུ་གསུངས་པའི་ཕྱིར། ཇི་ལྟར་ནི་རབ་ཏུ་བསྟན་པ་ཉིད་ཀྱིས་ཞེ་ན། སློབ་དཔོན་གྱིས་དཔེ་མཁྱུད་ཀྱིས་འགའ་ལ་ཡང་བར་ཆད་མ་བྱས་པར་བར་ཆད་མེད་པར་ཡང་དག་པར་གསུངས་པའི་ཕྱིར་རོ།། ཇི་ལྟར་ན་རབ་ཏུ་དབྱེ་བ་ཉིད ་ཀྱིསྣ་ཝཱ་ན། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་ཡང་དག་པར་གསུངས་པའི་ཕྱིར་རོ།། ཇི་ལྟར་ན་རྟེན་ཉིད་ཀྱིས་ཞེ་ན། དབྱངས་ཡན་ལག་ལྔ་དང་ལྡན་པ་ཅན་ཡང་དག་པར་གསུངས་པོའི་ཕྱིར་རོ།། ཇི་ལྟར་ན་གོ་བོར་མཛད ་པ་ཉིད་ཀྱིས་ཞེ་ན། དབྱངས་གཅིག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གོ་བར་མཛད་པ་ཡང་དག་པར་གསུངས་པའི་ཕྱིར་དང་། འཁོར་གྱི་དཀྱིལ་འཁོར་ཇི་སྙེད་པ་ལ་ཐུག་པར་གོ་བར་མཛོཛད་པ་ཡང་དག་པར་གསུངས ་པའི་ཕྱིར་རོ།། ཇི་ལྟར་ན་གདགས་པ་ཉིད་ཀྱིས་ཞེ་ན། མཐའ་གཉིས་སྤངས་པའི་ལམ་གསུངས་པའི་ཕྱིར་རོ།། ཇི་ལྟར་ན་དུས་ཉིད་ཀྱིས་ཞེ་ན། འདུལ་བ་ཡོངས་སུ་སྨིན་པ་རྣམས་ལ་གསུངས་པའི་ཕྱིར་རོ།། ཇི་ལྟར་ན་ཡོན ་ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་ཞེ་ན། གསུང་ཡོན་ཏན་རྣམ་པ་དྲུག་ཅུ་དང་། ལྡན་པ་ཡང་དག་པར་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ་ཐེག་པ་ཆེན་པོའི་མདོ་སྡེ་དེ་བཞིན་གཤེགས་པའི་གསང་བ་ལས། ཞི་བའི་བློ་གྲོས་གཞན་ཡང ་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་དང་ལྡན་པར་འབྱུང་སྟེ། མཉེན་པ་དང་། འཇམ་པ་དང་ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དགེ་བ་དང་། དྲི་མ་མེད་པ་དང་། གསལ་བ་དང་། སྙན་ཅིང་འཇེབས་པ ་དང་། མཉན་པར་འོས་པ་དང་། མི་ཚུགས་པ་དང་། སྙན་པ་དང་། འདུལ་བ་དང་། མི་ནུབ་པ་དང་། མི་བརླང་བ་དང་། རབ་ཏུ་དུལ་བ་དང་། རྣར་སྙན་པ་དང་། ལུས་ཚིམ་པར་བྱེད་པ་དང་། སེམས་ཚིམ་པར་བྱེད་པ་དང་། སྙིང ་དགའ་བར་བྱེད་པ་དང་། དགའ་བ་དང་། བདེ་བ་བསྐྱེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཀུན་ཏུ་ཤེས་པར་བྱ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར ་དགའ་བར་བྱེད་པ་དང་། ཀུན་ཤེས་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་པ་དང་། རིགས་པ་དང་། འབྲེལ་པ་དང་། ཟློས་པའི་སྐྱོན་མེད་པ་དང་། སེང་གེའི་སྒྲའི་ཤུགས་དང་། གླང་པོ་ཆེའི་སྒྲ་སྐད་དང་། འབྲུག་གི་སྒྲ་དབྱངས ་དང་། ཀླུའི་དབང་པོའི་སྒྲ་དང་། དྲི་ཟའི་གླུ་དབྱངས་དང་། ཀ་ལ་བིངྐའི་སྒོ་དབྱངས་དང་། ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང་། ཤང་ཤང་ཏིའུའི་སྒྲ་དབྱངས་སུ་གྲགས་པ་དང་། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ ་པ་དང་། རྔའི་སྒྲ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། ཚིག་ཟུར་ཆག་མེད་པ་དང་། མ་ཚང་བ་མེད་པ་དང་། མ་ཞུམ་པ་དང་། མི་ཞན་པ་དང་། རབ་ཏུ་དགའ་བ་དང་། ་ཁྱབ་པ་དང་། ཆུབ་པ་དང་། རྒྱུན་ཆགས་པ་དང་། འབྲེལ་པ་དང་། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་བརྟག་སྔ་པ་དང་། འཁོར་ཀུན་ཏུ་གྲགས ་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ།། དེ་ལ་མཉེན་པ་ནི་སེམས་ཅན་གྱི་ཁམས་ཀྱི་དགེ་བའི་རྩ་བ་སྟོན་པའི་ཕྱིར་རོ།། འཇམ་པ་ནི་མཐོང་བའི་ཁོ་ན་ལ་རེག་ན་བདེ་བའི་ཕྱིར་རོ།། ཡིད་དུ་འོང་བ་ནི་དོན་བཟང་བའི ་ཕྱིར་རོ།། ཡིད་དུ་འཐད་པཱ་ནི་ཡི་གེ་བཟང་བའི་ཕྱིར་རོ།། དག་པ་ནི་འཇིག་རྟེན་ལས་འདས་པ་གོང་ན་མེད་པའི་རྗེས་སུ་ཐོབ་པའི་ཕྱིར་རོ།། དྲི་མ་མེད་པ་ནི་ཉོན་མོངས་པའི་བག་ལ་ཉལ་དང་། བྲག་ཆུགས་ཐམས་ཅད་དང་བྲལ་བའི ་ཕྱིར་རོ།། གསལ་བ་ནི་རླིགྷྲ་དང་ཡཱི་གྷེར་རབ་ཏུ་གྲགས་པའི་ཕྱིར་རོ།། སྙན་ཅིང་འཇེབས་པ་ནཱི་མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ།། མཉན་པར་འོས་ཀྱི་ནི་བསྒྲུབ ་པོས་ངེས་པར་འབྱིན་པའི་ཕྱིར་རོ།། མི་ཚུགས་པ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བའི་ཕྱིར་རོ།། སྙན་པ་ནི་དགའ་བར་བྱེད་པའི་ཕྱིར་རོ།། །། བམ་པོ་དགུ་པ།། འདུལ་པོ་ནི་འདོད་ཆགས་ཀྱི་གཉེན་པོ་ཡིན ་པའི་ཕྱིར་རོ།། མི་རྩུབ་པ་ནི་བསྒྲུབ་པ་བཅའ་བའི་ཐབས་བདེ་བའི་ཕྱིར་རོ།། མུ་བརླང་བ་ནི་དེ་ལས་འདས་ན་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པའི་ཕྱིར་རོ།། རབ་ཏུ་རྡུལ་བ་ནི་ཐེག་པ་གསུམ་ཆར་གྱིས་འདུལ་བ་སྨྱོན ་པའི་ཕྱིར་རོ།། རྣར་སྨན་པ་ནི་རྣམ་པར་གཡེང་བའི་གཉེན་པོ་ཡིན་པོའི་ཕྱིར་རོ།། ལུས་ཚིམ་པར་བྱེད་པ་ནི་ཏིང་ངེ་འཛིན་པོ་སྐྱེད་པའི་ཕྱིར་རོ།། སེམས་ཚིམ་པར་བྱེད་པ་ནི་ལྷག་མཐོང་གིས་རབ་ཏུ་དགའ་བ་བསྐྱེད་པའི་ཕྱིར་རོ།། སྙིང ་དགའ་བར་བྱེད་པ་ནི་ཐེ་ཚོམ་གཅོད་པར་བྱེད་པའི་ཕྱིར་རོ།། དགའ་བ་དང་བདེ་བ་སྐྱེད་པ་ནི་ལོག་པར་ངེས་པར་སེལ་བའི་ཕྱིར་རོ།། ཡོངས་སུ་གདུང་བ་མེད་པ་ནི་བསྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་རོ།། ཀུན་ཏུ་ཤེས་པར་བྱ་བ ་ནི་ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སྡོམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ།། རྣམ་པར་རིག་པར་བྱ་བ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ།། རྣམ་པར་གསལ་བ་ནི་སློབ་དཔོན ་གྱིས་དཔེ་མཁྱུད་མེད་པར་ཆོས་སྟོན་པའི་ཕྱིར་རོ།། དགའ་བར་བྱེད་པ་ནི་རོང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པའི་ཕྱིར་རོ།། མངོན་པར་དགའ་བར་བྱེད་པ་ནི་རང་གི་ངན་རྗེས་སུ་མ་ཐོས་པ་རྣམས་ཀྱིས་དགའ་བ ་བྱ་བ་ཡིན་པའི་ཕྱིར་རོ།། ཀུན་ཤེས་པར་བྱེད་པ་ནི་བསམ་གྱིས་མོ་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ།། རྣམ་པོར་རིག་པར་བྱེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ།། རིགས་པ་ནི་ཚད ་མ་དང་མི་འགལ་བའི་ཕྱིར་རོ།། འབྲེལ་པ་ནི་འདུལ་བ་ལ་ཇི་ལྟར་རིགས་པར་སྟོན་པའི་ཕྱིར་རོ།། ཟློས་པའི་སྐྱོན་མེད་པ་ནི་དོན་མེད་པ་མ་ཡིན་པའི་ཕྱིར་རོ།། སེང་གེའི་སྒྲའི་ཤུགས་ནི་མུ་སྟེགས་ཅན་གྱི་ཚོགས ་ཐམས་ཅད་སྐྲག་པར་བྱེད་པའི་ཕྱིར་རོ།། གླང་པོ་ཆེའི་སྒྲ་སྐད་ནི་རྒྱ་ཆེ་བའི་ཕྱིར་རོ།། འབྲུག་གི་སྒྲ་དབྱངས་ནི་ཟབ་པའི་ཕྱིར་རོ།། ཀླུའི་དབང་པོའི་སྒྲ་ནི་གཟུང་བར་འོས་པའི་ཕྱིར་རོ།། དྲི་ཟའི་གླུ་དབྱངས་ནཱི་སྣུན་པའི་ཕྱིར་རོ།། ཀ་ལ་བིདྨའི ་སྒྲ་དབྱངས་ནི་རྒྱུན་མི་འཆད་པ་དང་འཇིག་པའི་ཕྱིར་རོ།། ཚངས་པའི་སྒྲ་དབྱིངས་བསྒྲགས་པ་ནི་ཐག་རིང་པོར་གྲགས་པའི་ཕྱིར་རོ།། ཤང་ཤང་ཏིའུ་ཡི་སྒྲ་དབྱངས་སུ་གྲགས་པ་ནི་གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་བཀྲ་ཤིས ་ཡིན་པའི་ཕྱིར་རོ།། ལྷའི་དབང་པོའི་སྒྲ་དབྱུང་སོ་ལྟར་སྙན་པ་ནི་མི་འདའ་བར་བྱ་བ་ཡིན་པའི་ཕྱིར་རོ།། རྔའི་སྒྲ་ནི་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ།། མ་ཁེངས་པ་ནི་བསྟོད ་ཀྱང་ཀུན་ནོས་ཉོན་མོངས་པ་མེད་པའི་ཕྱིར་རོ།། མི་དགའ་བ་ནི་སྨད་ཀྱང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ།། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི། བརྡ་སྤྲོད་པ་ཐམས་ཅད་ཀྱི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་ལ་རྫས་ས ་སོ་པའི་ཕྱིར་རོ།། ཚིག་ཟུར་ཆག་པོ་མེད་པ་ནི་བསྙེལ་ཏེ་མི་གསུངས་པའི་ཕྱིར་རོ།། མ་ཚང་བ་མེད་པ་ནི་གདུལ་བའི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པའི་ཕྱིར་རོ།། མ་ཞུམ་པ་ནི་རྙེད་པ་དང་བཀུར་སྟི་ལ་མི་བརྟེན ་བའི་ཕྱིར་རོ།། མི་ཞན་པཱ་ནི་བསྙེངས་པ་དང་བྲལ་བའི་ཕྱིར་རོ།། རབ་ཏུ་དགའ་བ་ནི་མི་སྐྱོ་བའི་ཕྱིར་རོ།། ཁྱབ་པ་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་ལྡན་པའི་ཕྱིར་རོ།། ཆུབ་པ་ནི་སེམས་ཅན་རྣམས་ཀྱི་དེ་དག་གི་དོན་ཐམས ་ཅད་སྒྲུབ་པར་བྱེད་པའི་ཕྱིར་རོ།། རྒྱུན་ཆགས་པ་ནི་རྒྱུནི་མ་ཆད་པའི་ཕྱིར་རོ།། འབྲེལ་པ་ནི་རྣམ་པ་སྣ་ཚོགས་སུ་ཉེ་བར་གནས་པའི་ཕྱིར་རོ།། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི། གསུང་གཅིག་ལས་སྒྲའི་རྣམ་པར་རིག་པ་རྣམ་པ ་དུ་མ་ཉེ་བར་གནོས་པའི་ཕྱིར་རོ།། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི་གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར་རོ།། མ་སྨད་པ་ནི་དམ་བཅས་པ་ཇི་ལྟ་བ་བཞིན་པའི་ཕྱིར་རོ།། མི་འགྱུར་བ་ནི་དུས་ལ་བབ ་པར་རབ་ཏུ་སྦྱོར་བའི་ཕྱིར་རོ།། མ་བརྟགས་པ་ནི་རྟབ་རྟབ་པར་མྱི་གསུངས་པའི་ཕྱིར་རོ།། འཁོར་ཀུན་ཏུ་གྲགས་པ་ནི། འཁོར་ཉེ་བ་དང་།། རིང་བས་མཚུངས་པར་ཐོས་པའི་ཕྱིར་རོ།། རྣམ་པ་ཐམས་ཅད་ཀྱིས་མཆོག་དང་ལྡན་པ་ནི ་འཇིག་རྟེན་པོའི་དོན་ཐམས་ཅད་དཔེའི་ཆོས་སུ་སྦྱར་བའི་ཕྱིར་རོ།། ཡང་ཅིའི་ཕྱིརརོ་ཞེ་ན། འཁོར་ལོ་ལེགས་པར་སྦྱར་བ་ཡང་ཕུལ་བར་བྱེད་པ་དང་། ས་དང་གཉིས་ཀྱི་ཡོན་ཏན་གྱིས་འདྲིལ་ཏེ། གལ་ཏེ་འབུལ་བར་བྱེད་པས ་ཀྱང་ལེགས་པར་ཕུལ་བ་ལ། གང་དུ་དངུལ་བར་བྱ་བའི་སོ་ཡང་མི་མཉམ་པོ་མེད་པ་ཡིན་ནའོ།། དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་ལེགས་པར་བཤད་པ་ཡང་སྟོན་པ་པོ་དང་། ཉན་པ་པོ་དང་། གཉིས ་ཀྱིས་ཡོན་ཏན་གྱིས་བསྐོར་ཏེ། གལ་ཏེ་སྟོན་པ་པོས་ཡང་དག་པར་སྟོན་ལ་གང་ལ་བསྟན་པར་བྱ་བའི་ཉན་པ་པོ་ཡང་དག་པར་ཉན་ནའོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱི་གང་ཟག་གཉིས་ནི། དེ་བཞིན ་གཤེགས་པའི་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་བསྐོར་བར་བྱེད་པ་ཡིན་ཏེ། གང་ཞིག་གུས་པར་ཆོས་འཆད་པ་དང་། གང་ཞིག་དེ་གུས་པར་ཉན་པོའོ།། ཆོས་དང་ལྡན་པ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ ་འདི་ཅི་ཞིག་ཡིན་ཞེ་ན། དོན་དམ་པའི་ཆོས་དང་མ་བྲལ་བ་ནི། ཆོས་དང་ལྡན་པ་ཡིན་ལ་ཀུན་རྫོབ་ཀྱི་ཆོས་ཀྱི་ངོ་བོ་བསྟན་པའི་རང་བཞིན་གྱི་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ།། གཞན་ཡང་བསྟན་པ་ཡང་ཆོས་ཞེས་བྱ་སྟེ། ཇི ་སྐད་དུ། ཇི་ལྟར་ན་དགེ་སློང་ཆོས་ཤེས་པ་ཡང་ཡིན་ཞེ་ན། འདི་ལ་དགེ་སློང་ཆོས་ཤེས་པ་ནི་འདི་ལྟ་སྟེ། མདོ་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་ཞེས་རྒྱུ་ཆེན་གསུངས་པ་ལྟ་བུའོ།། རིགས་པ་ཡང་ཡིན་ཏེ།། ཇི་སྐད་དུ་ཆོས ་ཀྱི་གོས་ཚོལ་བར་བྱེད་ངོ། ཆོས་མ་ཡིན་པས་མ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ།། དེ་ལྟ་བས་ན་རིགས་པའི་ཆོས་དང་མ་བྲལ་བའི་བསྟན་པ་ནི་ཆོས་ཀྱི་འཁོར་ལོ་ཞེས་པ་ཡིན་ནོ།། འཁོར་ལོ་དང་ཆོས་འཐུན་པས་འཁོར་ལོ་ཏེ། ་འདུལ་བའི་རྒྱུད་གཞན་དག་ལ་སྐོར་བའི་ཕྱིར་རོ།། གཞན་མུ་སྟེགས་ཅན་དག་ལ་ཡང་ཆོས་ཀྱི་འཁོར་ལོ་ཡོད་མོད་ཀྱི། ཆོས་དང་ལྡན་པ་ནི་མ་ཡིན་ཏེ། རིགས་པའི་ཆོས་དང་བྲལ་བའི་ཕྱིར་རོ།། དེ་ལྟ་བས་ན་དེ་བཞིན་གཤེག། ་པའི་ཆོས་ཀྱི་འཁོར་ལོ་ཁོ་ན་ཆོས་དང་ལྡན་པ་ཞེས་བྱ་བར་ངེས་པར་གཟུང་བར་བྱའོ།། དེ་ལྟ་བས་ན་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བར་བྱེད་པར་འགྱུར་སྙམ་ནས།། གུས་པར་ཆོས ་མཉན་པར་བྱའོ།། འཕགས་པ་ཤཱ་རིའི་བུས། དེ་ལྟར་འཕགས་པ་ཉན་ཐོས་ཆོས་ཡང་དག་པར་ཉནུ་ནུ་འཆད་པ་པོ་ལྔ་མཐོ་མི་འཆིམ་པ་དང་། གཏམ་གྱི་བཅུང་གཏོགས་པ་དང་ཆོས་ཉིད་ཀྱིས་སྟོན་པ་ལ་བསྙེན་བཀུར་བྱེད་པ་དང་། ་བདག་གི་དོན་རྗེས་སུ་འཐོབ་པ་དང་། མྱ་ངན་ལས་འདས་པ་འཐོབ་པོ་ཞེས་གསུངས་པ་འདིས་ཅི་ཞིག་བསྟན་པ་ཡིན་ཞེ་ན། ཆོས་ཡང་དག་པར་མཉན་ན་དུས་གསུམ་དག་ཏུ་ཕན་ཡོན་གསུམ་ཡོད་པར་བསྟན་པ་ཡིན་ཏེ། ཉན ་པའི་དུས་ན་འཆད་པ་པོའི་བསམ་པ་གང་ཡིན་པ་རྫོགས་པར་བྱེད་ཅིང་། བདག་ཉིད་ཀྱིས་ཀྱང་ཆོས་ཀྱི་དོན་གྱི་བཅུད་འཐོབ་པས་གཞན་དང་། བདག་རྗེས་སུ་འཛིན་པ་དང་། བསྒྲུབ་པའི་དུས་སུ་སྟོན་པའི་དགོངས་པ་གང་ཡིན་པ ་རྫོགས་པར་བྱེད་ཅུང་བདག་ཉིད་ཀྱིས་ཀྱང་ཟག་པ་ཟད་པ་རྗེས་སུ་འཐོབ་པས་བདག་དང་གཞན་རྗེས་སུ་འཛིན་པ་དང་། ཐ་མའི་དུས་སུ་སྡུག་བསྔལ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས ་འདས་པ་འཐོབ་བོ།། གལ་ཏེ་དུས་གསུམ་དག་ཏུ་ཡིན་ན་ཅིའི་ཕྱིར་ཉན་ན་ཞེས་གསུངས་ཞེ་ན། ཇི་ལྟར་སྨྲ་ཞིང་འགྲོ་བར་བྱེད་ཅེས་བྱ་བའི་བྱ་བ་གཉིས་དུས་གཅིག་པ་ཉིད་དུ་བསམས་པ་དེ་ལྟ་བུར་ནི་ཉན་ན་ཇི་སྐད་སྨོས་པ ་བཞིན་དུ་བྱེད་པ་ནི་མ་ཡིན་ནོ།། འོན་ཀྱང་ཉན་པའི་རྒྱུ་ཉིད་ལ་དགོངས་པ་ཡིན་ཏུ།། དཔེར་ན་མར་ཟོས་ན་རྟ་བར་བྱེད་དོ་ཞེས་བྱ་བ་ལྟ་བུའོ།། ད་སྐད་ན་ཕན་ཡོན་རྣམ་པ་འདོད་པས་གུས་པར་ཆ་ས་མཉན་པར ་བྱའོ།། ཇི་ལྟར་ལོང་བ་དང་མིག་བཙུམས་པ་ལ་མར་མེ་སྦར་བ་མཚུངས་པ་ལྷུར་སྐལ་བ་མེད་པ་ལྟ་བ་ལོག་པར་ཞུགས་པ་དང་། ནུ་བ་ཟློགས་པ་ཡོད་དེ་ལྟ་བློ་ཡིན་པས། དེ་ལྟ་བས་ན་ལོང་བ་དང་འདྲ་བར་གྱུར་ན་མི་རུང་ངོ་སྙམ ་ནོས་གུས་པར་ཆོས་མཉན་པར་བྱའོ།། བརྡའ་མཱི་ཕྲད་པས་ཀྱང་སངས་རྒྱས་ཀྱི་གསུང་གུས་པར་མཉེན་པར་བྱ་སྟེ། འདི་ལྟར་དད་པ་ཙམ་གྱིས་ཀྱང་ཉན་ན་བསོད་ནམས་ཆེན་པོ་ཉིད་དང་ལྡན་པ་དང་། ཤེས་རབ་ཀྱི་ཁམས་རྟས ་པར་འགྱུར་ན་དོན་རྟོགས་པ་ལ་ལྟོ་སྨོས་ཀྱང་ཅི་དགོས་ཏེ། བ་ལང་རྫི་དགའ་བོས་སྤེལ་པ་ཁར་བས་མནན་པོའི་རྟོགས་པ་བརྗོད་པ་ཡང་བརྗོད་པར་བྱའོ།། འདིར་ཡང་བཤད་པ། དད་པས་མཉན་པས་གང་གིས་ན།། མཐོ་རིས་དགའ ་བའི་བསོད་ནམས་དང་།། གང་གིས་མྱ་ངན་འདས་འཐོབ་པའི།། ཤེས་རབ་ས་བོན་རྟས་པར་འགྱུར།། འཛིན་པ་པོས་སྣོད་གཟུང་བ་ནི་སྐུའི་ལྗགས་པ་པོས་བཅུད་ཀྱི་ལེན་བླུགས་པར་མི་དཀའ་བས་ཁྱེད་ཀྱིས་ནི་སེམས་གཏད ་པར་བྱ་བས་རྣ་བའི་སྣོད་གཟུང་བ་འབོའ་ཞིག་བྱ་ཞིང་། བདག་ཅག་གི་ནི་དམ་པའི་ཆོས་ཀྱི་བཅུད་ཀྱིས་ལེན་བླུགས་པར་བྱ་སྟེ། ཁྱེད་ཀྱི་བྱ་ནི་སྨྲ་བ་ཡིན། ངེད་ཀྱི་བྱ་བ་ནི་དཀའ་བ་ཡིན་ནོ།། སླ་བ་རིགོས་པ་དང་ལྡན་པ་མི་བྱེད ་པ་ནི་སྨད་པར་བྱ་བ་ཡིན་བྱས་དེ་ལྟ་བུས་ན་གུས་པར་ཆོས་མཉན་པར་བྱའོ།། སངས་རྒྱས་ཀྱི་གསུང་འདི་ནི་ཚྭ་དང་འདྲའོ།། ཆུ་ནི་ཕན་པ་རྣམ་པ་ལྔ་བྱེད་དེ། འབྲས་ཐུག་པོ་ཆེ་ལ་སོགས་པ་བླངས་པར་བྱ་བ་རྣམས་བླངས་པར་བྱེད་པ་དང་། ་ལུས་དང་གོས་དང་། སྣོད་དག་གིས་དྲི་མ་སེལ་བ་དང་། སོས་ཀའི་ལུས་ཀྱི་ཡོངས་སུ་གདུང་བ་སེལ་བ་དང་། སྒོམ་དང་ཆེ་བ་ཞི་བར་བྱེད་པ་དང་། རྩཝ་དང་འབྲུ་དང་། ནགས་ཚལ་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ།། དེ་བཞིན་དུ ་སངས་རྒྱས་ཀྱི་གསུང་ལ་དད་པ་བསྐྱེད་པས་གདུང་བའི་རྒྱུད་བངས་པར་བྱེད་པ་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བ་དང་། འདོད་པའི་ཡོངས་སུ་གདུང་བ་སེལ་བ་དང་། ཡང་འབྱུང་བ་པའི་སྲེད་པ་ཞི་བར་བྱེད་པ་དང་། ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཡོན་ཏན་གྱི་རྩ་དང་། འབྲུ་དང་། ནོགས་ཚལ་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ།། ཕན་པ་རྣམ་པ་ལྔ་པོ་དེ་ཡང་དད་པ་རྙེད་པ་དང་། ལས་དང་བཅས་པའི་བསླབ་པ་གསུམ་ལོས་བརྩམས ་པར་རིག་པར་བྱའོ།། དེ་ལྟ་བས་ན་ཕན་པ་རྣམ་པ་ལྔ་པོ་དེ་འདོད་པས་གུས་པར་སོངས་རྒྱས་ཀྱི་གསུང་མཉན་པར་བྱའོ།། མེས་བྱ་བ་བཞི་བྱེད་དེ། སྲེག་པར་བྱེད་པ་དང་། ཆོས་པར་བྱེད་པ་དང་། དྲོ་བར་བྱེད་པ་དང་། གས ་བར་བྱེད་པའོ།། དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་མེས་ཀྱང་། རྒྱུ་སྨིན་པ་རྣམས་ལ་ཉོན་མོངས་པ་རྣམས་སྲོག་པ་དང་། རྒྱུད་མ་སྨིན་པ་རྣམས་ལ་དགེ་བའི་རྩ་བ་རྣམས་སྨིན་པར་བྱེད་པ་དང་། སྲོད་པ་ལ་མངོན་པར ་དགའ་བ་རྣམས་སྐྱོ་བར་བྱེད་པའི་ཕྱིར་གདུང་བར་བྱེད་པ་དང་། སྐྱོ་བར་གྱུར་པ་རྣམས་དང་། ཐེ་ཚོམ་ཟོས་པ་དང་། ལམ་ངན་པར་ཞུགས་པ་རྣམས་ལ་ལམ་དང་ལམ་མ་ཡིན་པ་ཡང་དག་པ་རབ་ཏུ་སྟོན་པའི་ཕྱིར ་གསལ་བར་བྱེད་པ་ཡིན་ནོ།། དེ་ལྟ་བས་ནི་གུས་པར་ཆོས་མཉན་པར་བྱའོ།། གཞི་ལྔ་དག་གིས་འཇུག་ངོགས་བདེ་བ་ལ་བརྟེན་པར་བྱ་སྟེ། དྲི་མ་མེད་པར་བྱ་བའི་ཕྱིར་དང་། ཚ་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང་། སྐོམ་པོ་རབ་ཏུ ་ཞི་བར་བྱ་བའི་ཕྱིར་དང་། དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་དང་ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་བྱ་བའི་ཕྱིར་རོ།། སངས་རྒྱས་ཀྱི་གསུང་འཇུག་ངོགས་བདེ་བ་ལ་ཡོད་དེ་བཞིན་ཏེ། འཆལ ་པའི་ཚུལ་ཁྲིམས་ཀྱི་དྲི་མ་མེད་པར་བྱ་བའི་ཕྱིར་དང་། འདོད་པའི་ཡོངས་སུ་གདུང་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང་། ཡང་འབྱུང་བའི་སྲེད་པ་ཞི་བར་བྱ་བའི་ཕྱིར་དང་། ཡང་འབྱུང་བའི་སྲིད་པ་ཞི་བར་བྱ་བའི་ཕྱིར་དང་། བསམ ་གཏན་དང་། མངོན་པར་ཤེས་པ་དང་། ཚད་མེད་པ་དང་། རྣམ་པར་ཐར་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་གྱི་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱ་བོའི་ཕྱིར་དང་། ཚུ་རོལ་གྱི་འགྲམ་འཇིག་ཚིག་སོ་ནས་ཕ་རོལ་གྱི ་འགྲམ་མྱ་ངན་ལས་འདས་པར་འགྲོ་བར་བྱ་བའི་ཕྱིར་རོ།། དེ་ལྟ་བས་ན་འཇུག་ངོགས་བདེ་བ་ལ་བརྟེན་པའི་ཡོན་ཏན་འདོད་པ་རྣམས་ཀྱི་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱ་བའོ།། རྒྱུ་གསུམ་ངག་གིས་རས་ལ ་གཟུགསུ་བྲི་བ་མི་འགྲུབ་སྟེ། རས་འགུས་པ་དང་། དྲི་མ་ཅན་དང་།། ཐག་ཐུག་ཉིད་ཀྱི་སྐྱོན་གྱི་ཕྱིར་དང་། ཚོན་མི་བཟང་བའི་ཕྱིར་དང་། རི་མོ་མཁན་མི་མཁས་པའི་ཕྱིར་རོ།། ཉན་པ་པོའི་སྐྱེ་བོའི་ཡིད་ཀྱི་རུས་ལ་ཡང་དག་པའི་ཡེ ་ཤེས་ཀྱི་གཟུགས་སུ་བྲི་བ་ཡང་དེ་བཞིན་ཏེ། རྣམ་པར་གཡེང་བ་དང་། སྒྲིབ་པ་དང་། སྔོན་གྱི་སྒྲིབ་པས་དེ་གཡོ་བ་དང་། དྲི་མ་ཅན་དང་། མི་མཉམ་པ་ཉིད་ཀྱི་སྐྱོན་གྱི་ཕྱིར་དང་། ཉེས་པར་བཤད་པའི་ཆོས་ཀྱི་ཚོན་མི་བཟང་བའི་ཕྱིར་དང ་ཆོས་སྨྲ་བའི་རི་མོ་མཁན་མི་མཁས་པའི་ཕྱིར་དང་། དེ་ལྟ་བས་ན་ཚོན་གྱི་སྐྱོན་ནི་མེད་དེ། ཆོས་ནི་ལེགས་པར་གསུངས་པ་ཡིན་པའི་ཕྱིར་རོ།། ཁྱེད་དམ་བདག་ཅག་ལ་སྐྱོན་འབྱུང་སྟེ།། དེ་ཡོངས་སུ་སྤང་བའི་ཕྱིར་ཁྱེད་ཀྱིས་ཀྱང་གུས ་པར་སངས་རྒྱས་ཀྱིས་གསུང་མཉན་པར་བྱ་ཞིང་། བདག་ཅག་གིས་ཀྱང་གུས་པར་བཤད་པར་བྱའོ།། དམ་པའི་ཆོས་མཉན་པ་ལ་ཡོན་ཏན་ལྔ་ཡོད་དེ། རྣམ་པར་མི་ཤེས་པ་རྣམ་པར་ཤེས་པར་བྱེད་པ་དང་། ཉེས་པར་བཟུང་བ་འདོར ་བ་དང་། ཐེ་ཚོམ་ཟོས་པ་ངེས་པར་བྱེད་པ་དང་། ངེས་པར་བྱས་པ་སྙིང་པོར་བྱེད་པ་དང་། འཕགས་པའི་ཤེས་རབ་ཀྱི་མིག་སྦྱོང་པུར་བྱེད་པའོ།། དེ་ལྟ་བས་ན་གུས་པར་དམ་པའི་ཆོས་མཉོན་པར་བྱའོ།། ལོང་བ་ནི་སྟོན་པ་པོའི ་ཡོན་ཏན་གྱི་ལམ་ཡང་རྙེས་པ་ཡང་སྲིད་ཀྱི། བླུན་པོ་ནི་ལོག་པར་ལྟུང་ན་མ་ཡིན་ནོ།། དེ་ལྟ་བས་ན་ལོང་བ་ནི་སླའི།། བླུན་པོའི་རྒྱུ་ནི་མི་ཉན་པ་ཡིན་ནོ།། དེ་ལྟ་བས་ན། ཇི་ལྟར་ན་བླུན་པོར་མི་འགྱུར་བར་བྱ་སྙམ་ནས། གུས་པར ་ཆོས་མཉན་པར་བྱའོ།། སེམས་སྤྲེའུ་འདྲ་བར་གཡོ་བ་ནི་གཉིས་ཏེ། རྣམ་པར་གཡེང་བ་དང་། གཉིད་ལོག་པའོ།། དེ་ཚར་བཅད་པའི་ཕྱིར་འདི་སྐད་ཅེས་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ།། ་ཞེས་བརྗོད་པར་བྱའོ།། འགའ་ཞིག་ལམ་ལོག་པར་ནི་ཞུགས་ན་ཡང་།། རིམ་གྱིས་བསྒྲུབ་པ་བྱས་ན་སྨན་དུ་འགྱུར། དགེ་དང་མི་དགེ་གཉིས་ཀ་དཔྱད་བྱས་ན།། གོང་འདོད་དེ་ནས་རྟོག་བྱེད་འགྲོ་བར་གྱིས།། འགའ་ལ་འཁྲུལ་པ། ་བྱུང་ན་བདག་ཉིད་ནི།། དག་འགྱུར་འདི་ཡིན་ཤེས་ནས་འདོད་པའང་སྲིད་།། ཡོན་ཏན་དེ་གསུམ་བརྟགས་ནས་ཐུབ་དབང་གི། གསུང་ནི་གུས་པར་ཉོན་ཅེས་བརྗོད་པར་བྱ།། དེ་ཡང་གང་ཟག་གསུམ་པོ་དག་ལ་དགོངས་ནས་གསུངས་པ ་ཡིན་ཏེ། གང་ཟག་གསུམ་དག་ནི་ངེས་པར་ལེགས་པ་ལ་ལོག་པར་ཞུགས་པ་དང་། བསྒྲུབ་པར་འདོད་པ་མངོན་པར་མི་ཤེས་པ་དང་། བསྒྲུབ་པར་མི་འདོད་པ་གཅིག་ཏུ་བག་མེད་པར་གྱུར་པ་དྲི་མ་ཅན་གྱི་ལས་ཅན་ཡིན་ནོ།། ཉི་མ་གནམ ་ལ་འཆར་བ་ནི་བྱ་བ་ལྔ་བྱེད་དེ། མི་ལ་སོགས་པ་དག་གི་ལྟ་བ་སྐྱེད་པ་དང་། འུག་པ་ལ་སོགས་པ་དག་གིས་ལྟ་བ་ཟློག་པ་དང་། འབྲུ་ལ་སོགས་པ་སྨིན་པར་བྱ་བ་སྨིན་པར་བྱེད་པ་དང་། འདམ་ལ་སོགས་པ་སྐམ་པར་བྱ་བ་སྐེམས ་པ་དང་། ལུས་དང་ཆུ་ལ་སོགས་པ་དྲོ་བར་བྱ་བ་དྲོ་བར་བྱེད་པའོ།། དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་ཉི་མས་ཀྱང་ཡང་དག་པའི་ལྟ་བ་སྐྱེད་པ་དང་། ལོག་པར་ལྟ་བ་ལྡོག་པ་དང་། གདུལ་བའི་ཞིང་རྣམས་ལ་དགེ་བའི་རྩ ་བའི་འབྲུ་ལ་སོགས་པ་སྨིན་པར་བྱེད་པ་དང་། སྐྱེད་པའི་འདམྦྷ་སྐྱེམས་པར་བྱེད་པ་དང་། བདུད་རྣམས་འདོད་པས་ཕོངས་པར་བྱེད་པ་དང་། གདུལ་བྱ་བག་མེད་པ་རྣམས་སྐྱོ་བར་བྱེད་པས་གདུང་བར་བྱེད་པ་ཡིན་ནོ།། དེ་ལྟ་བས་ན ་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ།། རྡོ་ཐལ་གྱི་རྡོ་མེས་སྲེགས་པ་ཆུས་འཇིག་པར་བྱེད་པ་དང་། འདྲ་བར་ཉོན་མོངས་པའི་བག་ལ་ཉལ་གྱི་རྡོ་ཤེས་རབ་ཀྱི་མེས་ཡོངས་སུ་བསྲེགས་པ་ཏིང་ངེ་འཛིན་གྱི་ཆུས་སྤངས ་ནས་འཇིག་གོ།། ཤེས་རབ་དེ་ཡང་དམ་པའི་ཆོས་མཉན་པ་མེད་པར་ནི་མ་ཡིན་པས། དེ་ལྟ་བས་ན་གུས་པར་ཆོས་མཉན་པར་བྱའོ།། ཚིག་གི་ཁུར་ཐོགས་ཀྱང་དོན་མངོན་པར་མི་ཤེས་ན། དེའི་དོན་མི་འཐོབ་སྟེ། ཁྱེའུ་ཡི ་མགུལ་དུ་གཏེར་གྱི་ཁ་ཆེམས་ཀྱི་ཡི་གེ་བཏགས་པ་དང་འདྲའོ།། དེ་ལྟ་བས་ན་མང་དུ་ཐོས་པས་ཀྱང་དོན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་མདོ་སྡེའི་དོན་མཉན་པ་ལ་འབད་པ་དང་ལྡན་པར་བྱའོ།། མེལ་ཚེ་བ་སོ་སོར་མི་རྟོག་པ་ནི། ་མ་ཉལ་ཞེས་ཟེར་བཞིན་དུ་ཆོམ་པོ་རྣམས་ཀྱིས་བཅོམ་མོ།། དེ་བཞིན་དུ་སྒྲ་ཙམ་ལ་བརྩོན་པའི་མང་དུ་ཐོས་པ་སོ་སོར་མཱི་རྟོག་པ་ཡང་ཉོན་མོངས་པའི་དགྲ་རྣམས་ཀྱིས་འཇོམས་སོ།། སོ་སོར་རྟོག་པ་དེ་ཡང་དོན་ཤེས་པ ་ཉིད་མེད་ན་མེད་པས་དེ་ལྟ་བས་ན་དོན་བཟུང་བ་ལ་འབད་པ་དང་ལྡན་པར་བྱའོ།། དེ་བཞིན་དུ་རོལ་མོ་མཁན་རྐུན་པོས་འཇིགས་ནས་མི་ཉལ་བར་བྱ་བའི་ཕྱིར་གླུ་ལེན་བཞིན་དུ་བཅོམ་མོ་ཞེས་བྱ་བ་ཡང་དཔེར་བརྗོད་པར་བྱའོ།། ་ཇི་ལྟར་ལོང་བ་མེ་མར་འཛིན་པ་ནི་གཞན་དག་ལྔ་ཕན་པར་འགྱུར་བ་དང་འདྲ་བར་དོན་མངོན་པར་མི་ཤེས་པའི་ཐོས་པ་འཛིན་པ་ཡང་དེ་ལྟ་བུ་ཡིན་པས་དེ་ལྟ་བས་ན་དོན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་དོན ་མཉན་པ་ལ་འབད་པར་བྱའོ།། སངས་རྒྱས་ཀྱི་གསུང་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་རོ།། ངེས་པའི་ཚིག་དུ་འཆོས་པ་དང་། སྐྱོབ་པར་བྱེད་པས། དེའི་ཕྱིར་བསྟན་བཅོས་སོ།། ཉོན་མོངས་དགྲ་རྣམས་མ་ལུས ་འཆོས་པ་དང་།། ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་དེ།། འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ།། གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད།། དེ་ལྟ་བསོ་ན་སངས་རྒྱས་ཀྱི་གསུང་ཁོ་ན་དོན་དམ་པར་བསྟན ་བཅོས་ཡིན་པས་འཆོས་པ་དང་། སྐྱོབ་པའི་ཡོན་ཏན་གྱི་ཕྱིར་ཡང་དོན་བཟུང་བ་ལོ་འབད་པ་དང་ལྡན་པར་བྱའོ།། ལེགས་པ་སྟོན་པ་ལ་བརྟེན་ནས་ཕན་ཡོན་ལྔ་ཡོད་དེ། ལམ་ངན་པ་ཡོངས་སུ་སྤོང་བ་དང་། ལམ་བཟང ་པོ་ལ་ཡང་དག་པར་གནས་པར་བྱེད་པ་དང་། འབྲོག་དགོན་པ་ལས་བརྒལ་བའི་དབུགས་འབྱིན་པ་དང་། བདེ་བར་འགྲོ་བ་དང་། འདོད་པའི་ཡུལ་དུ་ཡང་དག་པར་ཕྱིན་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་དམ་པའི་ཆོས་སྟོན་པ ་ལ་བརྟེན་ལོག་པར་ལྟ་བ་ལ་སོགས་པ་ལམ་ངན་པ་ཡོངས་སུ་སྤོང་བ་དང་། ཡང་དག་པའི་ལྟོ་བ་ལ་སོགས་པ་ལམ་བཟང་པོ་ལ་ཡང་དག་པར་གནས་པར་བྱེད་པ་དང་། འཁོར་བའི་འབྲོག་དགོན་པ་ལས་བརྒལ་བའི་དབུགས ་འབྱིན་པ་དང་། ངན་སོང་ལས་མཆོངས་ཏེ་བདེ་བར་འགྲོ་བ་དང་། འདོད་པ་མྱ་ངན་ལས་འདས་པའི་ཡུལ་དུ་ཡང་དག་པར་ཕྱིན་པར་བྱེད་པ་ཡིན་ནོ་དེ་དག་ཀྱང་མཉན་པ་ལས་འབྱུང་གི། མ་མཉན་པ་ལས་མ་ཡིན་པས་གུས་པར་མཉན ་པར་བྱའོ།། རྒྱུས་བསགས་པ་རྣམས་ནི་ཅུང་ཟད་མཉན་པས་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་ཏེ། དཔེར་ནི་འཕགས་པ་ཤཱ་རིའི་བུས་བསྙེན་པར་རྫོགས་པར་བྱ་བ་ལ་རྗེས་སུ་བསྟན་པ་བྲམ་ཟེ་ཞིག་གིས་ཐོས་ནས ་གབ་སྟེ་འདུག་ནས། རབ་ཏུ་བྱུང་བ་དང་ཚུལ་ཁྲིམས་ཉམས་པ་ལ་སྡུག་བསྔལ་རྣམ་པ་བཅུ་གཉིས་འབྱུང་ངོ་ཞེས་ཐོས་ནས། འཆལ་པའི་ཚུལ་ཁྲིམས་བྱ་བ་ལ་མངོན་དུ་ཕྱོགས་པ་ལས་ལོག་པ་ལྟ་བུའོ།། སྡུག་བསྔལ ་རྣམ་པ་བཅུ་གཉིས་ནི། ཉོན་མོངས་པས་ཡོངས་སུ་གདུངས་པའི་སྡུག་བསྔལ་དང་། ཀུན་ཏུ་འཚོལ་བའི་སྡུག་བསྔལ་དང་། གནོད་པའི་སྡུག་བསྔལ་དང་འདོད་པས་འཕོངས་པའི་སྡུག་བསྔལྔ་དང་། དོགས་པའི་སྡུག་བསྔལ་དང་།། ་གླེང་བའི་སྡུག་བསྔལ་དང་། ཀུན་ཏུ་སྤོང་བའི་སྡུག་བསྔལ་དང་། བཀུར་སྟི་མེད་པའི་སྡུག་བསྔལ་དང་། རྣམ་པར་སྨད་པའི་སྡུག་བསྔལ་དང་། ཡིད་ལ་བཅགས་པའི་སྡུག་བསྔལ་དང་། ཚེ་ཕྱི་མ་ལ་ངན་སོང་རྣམས་སུ་རྣམ་པར ་སྨིན་པའི་སྡུག་བསྔལ་དང་། བདེ་འགྲོ་དག་ཏུ་ཡང་ཉོན་མོངས་པ་མང་བ་ཉིད་ཀྱི་ཕྱིར་ཚངས་པར་སྤྱོད་པ་དཀའ་བ་ཉིད་ཀྱིས་རྒྱུ་མཐུན་པའི་སྡུག་བསྔལ་ལོ།། འབབ་པར་འདོད་པ་ཡང་ང་ནུར་མེ་རབ་ཏུ་འབབ་པའི་བུ་གར་སྦལ ་པ་འཇུག་པར་མངོན་པར་ཕྱོགས་པ་ལྟོས་ཤིག། ཁྱོད་མེ་རབ་ཏུ་འབར་བར་འཇུག་པར་འདོད་དམ་ཞེས་སྤྲོ་བ་ཐོས་ནས་ལོག་པ་ཡིན་ནོ།། ཆོས་དགའ་ཆུ་སྲིན་དུ་གྱུར་ན། སངས་རྒྱས་ཀྱི་སྒྲ་ཙམ་ཞིག་ཐོས ་པ་ལས་སྔོན་ཕྱག་འཚལ་བ་ཙམ་ལ་གོམས་པའི་ཕྱིར་ཁ་བཙུམས་ཏེ། འདུག་པ་ཡིན་ནོ།། དེ་ལྟ་བས་ན་ཅུང་ཟད་ཅིག་ཐོས་པས་ཀྱང་རྒྱུ་བསགས་པ་རྣམས་ཀྱིས་དགེ་བ་རབ་ཏུ་རྒྱས་པའི་ཕྱིར་སངས་རྒྱས་ཀྱི་གསུང་མཉན་པ ་ལྔལ་འབད་པ་དང་ལྡན་པར་བྱའོ།། བྱས་སྙོམས་མཁན་གྱིས་བོང་བུར་བྱས་པའི་མིས་དེ་ཤེས་པའི་བུད་མེད་ཀྱི་ངག་སྙན་ནས། དེའི་སྨན་འདོད་པས་ལྡམ་ལྡུམ་ཐམས་ཅད་ཟོས་པ་དང་། དངུལ་འཁྲུལ་པ་རྣམས་ཀྱི་གསེར་གྱི ་ཕྱིར་འབྱུང་ཁུངས་ཐམས་ཅད་སྦྱོང་བར་བྱེད་དོ།། དེ་བཞིན་དུ་བདག་ཉིད་ཐར་པའི་ཆོས་འདོད་པས།། ཆོས་གང་ཐར་པར་འགྱུར་བ་ལ།། ཆོས་དེ་ནི་དམ་པའི་ཆོས་ཐམས་ཅད་མཉན་པ་ལས་འབྱུང་ངོ་སྙམ་ནས་མཉན་པ་ལས་འབྱུང ་ངོ་སྙམ་ནས་མཉན་པར་བྱའོ།། སྡུག་བསྔལ་མྱོང་དང་ཁྱབ་པ་དང་།། རྟག་པ་དང་ནི་ཐབས་མེད་དང་།། གནོད་པ་མང་དང་འཇོམ་བྱེད་པའི།། ལུས་དང་འདྲ་བའི་ནད་མེད་དོ།། འདིས་ནི་ལུས་ཀྱི་ནད་འདི་ལ་སྐྱོན་དྲུག་པོ་ན་བ་དང ་འབྲེལ་པ་ཉིད་དང་། ལུས་ཐམས་ཅད་ལ་ཁྱབ་པ་ཉིད་དང་། བར་ཆད་མེད་པར་འཇུག་པ་ཉིད་དང་། གསེར་མི་རུང་བ་ཉིད་དང་། གནོད་པ་མང་བ་ཉིད་དང་། སྲོག་འཕྲོག་པ་ཉིད་སྤོང་བར་ཡོངས་སུ་བསྟན་ཏོ།། སྨན་པའི་ཕུལ ་གྱིས་ནད་འདི་དག། གཏན་དུ་འབྱིན་པར་བྱེད་པ་ཡི།། སྨན་ནི་ཡན་ལག་བརྒྱད་ལྡན་པ།། རྫས་ཀྱི་ཚོགས་ཡིན་གསུངས་པ་ཡོད།། འདི་ནི་ལྷག་པའི་རྙེད་པ་སྟེ།། རིན་མེད་པར་ཡང་རྙེད་པ་ཡིན།། བདག་ཉིད་འབད་པ་མེད་པར་ནི།། ནམ ་ཡང་བསྒྲུབ་པར་མི་ནུས་སོ།། ཇི་ལྟར་སྐྱོན་རྣམས་མ་བསལ་ན།། བཅུད་ཀྱིསེ་ལེན་ནི་མི་འགྲུབ་བཞིན།། དེ་བཞིན་རྣམ་པར་མ་ཞི་བའི།། སེམས་ལ་ལམ་ནི་མི་གནས་སོ།། དེ་ཡང་རིམ་མེད་པར་དམ་པའི་ཆོས་མཉན་པ་ལས ་རྙེད་ཀྱི་གཞན་ལས་ནི་མ་ཡིན་ནོ།། དེ་ལྟ་བས་ན་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ།། རྒྱུ་གསུམ་དག་གིས་ཕ་རོལ་གྱི་དངོས་པོ་རྣམས་མཉེན་པའི་དངོས་པོར་འགྱུར་ཏེ། སྤངས་པས་ནི་བོང་བ་དང་པགས་པ་སྐམ ་པོ་ལ་སོགས་པ་དག་གོ།། ཚ་བར་བྱ་བ་ས་ནི་ལྕགས་དང་ཟངས་ལ་སོགས་པ་དག་གོ།། བརྡུངས་པོས་ནི་ནརྀ་མུཉྫ་དང་བལ་བ་ཛ་ལ་སོགས་པ་དག་གོ།། དེ་བཞིན་དུ། སྡང་དང་བག་མེད་རྨོངས་རྣམས་ནི།། དད་དང་སྐྱོ་དང་རྟོག་པ་སྟེ།། མཉན ་པའི་དངོས་པོའི་རྒྱུ་གསུམ་དུ་འགྱུར་རོ།། དེ་ཡང་གང་ལས་འབྱུང་ཞེ་ན།། སྐལ་ལྡན་རྣམས་ཀྱིས་མཉན་བྱས་ན།། ཡོན་ཏན་སྐྱོན་དོན་ངེས་ལས་འབྱུང་།། གང་གིས་ཡོན་ཏན་ནམ་གང་གིས་སྐྱོན་ཐོས་པས་ཞེ་ན། དཀོན་མཆོག་གསུམ ་གྱི་ཡོན་ཏན་ཏེ། སྐྱོན་ནོ་སྡིག་འདོད་སྲིད་རྟེན་ཅན་དེ། སྡིག་པ་དང་འདོད་པ་རྣམས་དང་སྲིད་པའི་ཡིན་ནོ།། དོན་གང་གིས་ངེས་པ་ཐོབ་པས་ཞེ་ན། མཚན་ཉིད་རྣམ་གཉིས་དེ་རྒྱུ་དང་། འབྲས་བུར་ངེས་པ་འབྲེལ་པ་ཡིན། མཚན ་ཉིད་རྣམ་པ་གཉིས་ནི་ཕུང་པོ་ལ་སོགས་པ་དག་གི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དོ།། རྒྱུ་དང་འབྲས་བུར་འབྲེལ་བའི་མཚན་ཉིད་ནི་མ་རིག་པ་དང་འདུ་བྱེད་ལ་སོགས་པ་དག་གི་དང་། སྡུག ་བསྔལ་དང་། ཀུན་འབྱུང་བ་ལ་སོགས་པ་དག་གིའོ།། དེ་ལྟ་བས་ན་ཡོན་ཏན་འདི་དག་ནི་དམ་པའི་ཆོས་མཉན་ན་ཡོད་པར་རིག་པར་བྱ་སྟེ། དེ་ལ་གུས་པར་བྱའོ།། ཉན་པའི་སྐྱེ་བོ་དགེ་ན་ཕལ་ཆེར་ཕྱིར་ཕྱོགས་དང་། ཡོངས ་སུ་འཛིན་པར་བྱེད་པ་ཕལ་ཆེར་འདས་པ་དང་། ཉེས་པར་རྣམ་པར་བཤད་པ་དག་གི་མཐུ་བཅོམ་པས། དེང་སང་ལེགས་པར་བཤད་པ་མཐར་གྱུར་ཏོ།། ཚིགས་སུ་བཅད་པ་འདིས་ནི་དེང་སྲང་ཕྱོགས་གཉིས་ལ་སངས ་རྒྱས་ཀྱི་བསྟན་པ་ཡོངས་སུ་ཉམས་པ་རྣམ་པ་བཞི་དང་། ནུབ་ལ་ཐུག་པ་ཉིད་སྟོན་པ་ཡིན་ནོ།། ཉན་པའི་སྐྱེ་བོ་དག་ནི་ཕལ་ཆེར་ཕྱིར་ཕྱོགས་དང་ཞེས་བྱ་བས་ནི་ཁྱིམ་པའི་ཕྱོགས་ལ་ཉན་པ་ཡོངས་སུ་ཉམས་པར་སྟོན་པ ་ཡིན་ཏེ། དེ་དག་ནི་ཕལ་ཆེར་ཉན་པ་པོ་ཡིན་པ་ས་སོ་ཡོངས་སུ་འཛིན་པ་བྱེད་པ་ཕལ་ཆེར་འདས་པ་དང་། ཞེས་བྱ་བས་ནི་རབ་ཏུ་བྱུང་བའི་ཕྱོགས་ལ་འདོན་པོ་ཡོངས་སུ་ཉམས་པར་སྟོན་པ་ཡིན་ཏེ། དེ་དག་ནི་ཕལ་ཆེར ་ཡོངས་སུ་འཛིན་པར་བྱེད་པ་ཡིན་ཏེ། ཐོས་ལ་འཛིན་པའི་ཕྱིར་རོ།། ཉེས་པར་རྣམ་པར་བཤད་པ་དག་གི་ཞེས་བྱ་བས་ནི་དེ་ཉིད་ལ་དོན་བཤད་པ་ཡོངས་སུ་ཉམས་པར་སྟོན་པ་ཡིན་ཏེ། དོན་ལོག་པར་འཆད་པའི་ཕྱིར་རོ།། ། ་མཐུ་བཅོམ་པས་ཞེས་བྱ་བས་ནི་རྟོགས་པ་ཉམས་པར་སྟོན་པ་ཡིན་ཏེ། གང་གདོན་དུ་སྟེ། དགེ་སློང་གི་ཚུལ་གྱི་འབྲས་བུ་རྟོགས་པའི་དོན་དུ་བཤད་པ་སྟེ། དེ་ནུས་པར་མི་བྱེད་པའི་ཕྱིར་རོ།། འདི་ནི་མདོར་བསྡུས་ནས ་ཡོངས་སུ་ཉམས་པ་རྣམས་པ་གཉིས་སུ་འགྱུར་ཏེ། ཚིག་དང་དོན་གཉིས་ཀྱི་ལུང་ཡོངས་སུ་ཉམས་པ་དང་། རྟོག་པ་ཡོངས་སུ་ཉམས་པའོ།། གཞན་ཡང་ཉན་པའི་སྐྱེ་བོ་ཕྱིར་ཕྱོགས་པ་ཉིད་དང་། ཡོངས་སུ་འཛིན་པར་བྱེད་པ ་ཕལ་ཆེར་འདས་པ་ཉིད་ཀྱིས་ནི་ཐོས་པ་ཡོངས་སུ་ཉམས་པ་ཡིན་ལ། ཉེས་པ་བཤད་པ་ཉིད་ཀྱིས་ནི་ཡང་དག་པར་བསམ་པ་ཡོངས་སུ་ཉམས་པ་ཡིན་ནོ།། མཐོ་བཅོམ་པ་ཉིད་ཀྱིས་ནི་ཡང་དག་པར་བསྒོམ་པ་ཡོངས ་སུ་ཉམས་པ་ཡིན་ནོ།། དེང་སང་ལེགས་པར་བཤད་པ་མཐར་གྱུར་ཏོ་ཞེས་བྱ་བ་ནི་ནུབ་ལ་ཐུག་པ་ཉིད་དུ་སྟོན་པ་ཡིན་ནོ།། དེ་ལྟར་སངས་རྒྱས་ཀྱི་གསུང་ནི་ཡོང་སུ་ཉམས་པ་དང་ཡུན་རིང་དུ་མི་གནས་པར་རིག་པར་བྱས ་ནས་ཇི་སྲིད་དུ་ཅུང་ཟད་ལུས་པ་དེ་སྲིད་དུ་འདི་མཉན་པ་དང་བཟུང་བ་དོན་མཐུན་པར་བསྒྲུབ་པ་ལ་དདཔཾ་ཅན་རྣམས་ཀྱི་རབ་ཏུ་འབད་པར་བྱའོ།། དེང་སང་ཐུབ་པའི་གསུང་ནི་སྨྲ་བར་བྱེད་པའང་ཉུང་།། དངུལ་དང་གསོར ་དུ་འབྱེད་པར་འགྱུར་བའང་ཉུང་བར་གྱུར།། དེ་ལྟར་ལུང་དང་རྟོགས་པ་དག་ལ་འབད་ཞེན་པས།། སངས་རྒྱས་ཉི་མ་མཐར་ཕྱིན་དྲི་མ་མེད་འདི་ནུབ།། དེ་ལྟ་བས་ན་ཇི་སྲིད་ཐམས་ཅད་མ་ནུབ་པ།། དེ་སྲིད་ཇི་བཞིན་དོན ་རྣམས་དབྱེ་ལ་འབད་པར་མ།། ཐུབ་པར་གསུང་གཱ་སྣང་བ་ནུབ་པར་གྱུར་ན་ནོ།། འགྲོ་བ་ཀུན་ཏུ་མུན་པ་གཅིག་པའ་ཐབས་པོར་འགྱུར།། དེ་ལྟ་བས་ནཱ་ཛ་སྲིད་ཏུ་མུན་པ་གཅིག་པུའི་ཐབས་པ་མི་འབྱུང ་བྱ་དེ་སྲིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་སངས་རྒྱས་ཀྱིས་གསང་མཉན་པ་ལ་དད་པ་ཅན་རྣམས་ཀྱིས་ཤིན་ཏུ་རིངས་པར་བྱའོ།། སྟོན་པའི་ཞལ་ནས་བྱུང་བ་སྐྱེ་བོའི་མིག་གི་རབ་རབ ་ནིགསུང་ཞི་བར་མཛད་པ་བཀྲ་ཤིས་ཀྱི་འབྱུང་གནས་སེམས་ལ་ཞོག་ཅིག་གང་ཕྱིར་འདི་ནི་ལུས་ཅན་རྣམས་ཀྱི་རྣ་བའི་བདུད་རྩི་དང་། ཉོན་མོངས་པའི་དྲུག་ཀུན་སེལ་བར་མཛད་པ་ཡིན་པས་དེའི་དོན་ཡང་དག་པར་བསམ ་པར་གྱིས། རྒྱུ་འདི་རྣམས་ཀྱིས་རྟག་ཏུ་གུས་པར་སངས་རྒྱས་ཀྱི་ནི་གསུང་དག་མཉན་པར་བྱ་བའི་རིགས། རྒྱུ་གང་གིས་ཞེ་ན། གང་གིས་ཕྱིར་འདི་ནི་དེ་ལྟ་བུའི་ཞལ་ནས་བྱུང་བ་དང་། མིག་ཞི་བར་མཛད་པའི་ཕྱིར ་དང་། བཀྲ་ཤིས་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་དང་། གང་གི་ཕྱིར་དང་། ཚིག་འབྲུ་བཟང་བོ་ཉིད་ཀྱིས་ལུས་ཅན་རྣམས་ཀྱི་རྣ་བའི་བདུད་རྩི་ཡིན་པ་དང་། གང་གི་ཕྱིར་འདི་དོན་བཟང་པོ་ཡིད་ཀྱིས་ཉོན་མོངས་པོའི ་དུག་ཐམས་ཅད་སེལ་བར་མཛད་པའི་དོན་གྱིས་ཏེ། རྒྱུ་འདི་རྣམས་ཀྱིས་སོ།། དེ་ལྟར་ན་གསུང་བ་པོ་དང་། གསུང་དང་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ།། སངས་རྒྱས་ཀྱི་གསུང་འདི་ནི་མཉན་ན ་སིམ་པར་བྱེད་པ་དང་། བསམས་ནས་རྟོག་པར་བྱེད་པ་དང་། རྟོགས་ནས་གྲོལ་བར་བྱེད་པ་དང་། བརྗོད་ན་བཟང་བ་དང་། འཕགས་པའི་ནོར་བདུན་སྒྲུབ་པའི་ཕྱིར་ནོར་དང་ལྡན་པ་དང་། སྒྲོན་བདུན་འཁྲུ་བའི་ཕྱིར་བསོད ་ནམས་དང་ཡོན་ཏན་ཐམས་ཅད་སྔོན་དུ་འགྲོ་བའི་ཕྱིར་བཀྲ་ཤིས་པ་ཉིད་དང་། གཏན་གྱི་ཚངས་པར་སྤྱོད་པའི་དབང་དུ་མཛད་པའི་ཕྱིར་ཚེ་ལ་ཕན་པ་དང་། རང་བཞིན་གྱིས་རྣམ་པར་དག་པ་དང་། དགོངས་པ་འཇམ་པ་དང་། ་དོན་དང་མཐུན་པ་དང་། འདུལ་བ་དང་མཐུན་པ་དང་། དུས་ལ་བབ་པ་དང་། རན་པར་བཤད་པ་དང་། བསོད་ནམས་འདྲེན་པ་དང་། ཡེ་ཤེས་འདྲེན་པ་དང་། དགའ་བ་འདྲེན་པ་དང་། སྐྲག་པ་སེལ་བ་དང་། མྱ་ངན་སེལ་བ ་དང་། ཉོན་མོངས་པ་སེལ་བ་སྟེ། མདོར་ན་སངས་རྒྱས་ཀྱི་གསུང་ནི་ཡོན་ཏན་མཐའ་ཡས་པ་ཡིན་ལ་སྐྱོན་ནི་ཆེན་པོ་གཉིས་ཏེ། ཤིན་ཏུ་རྙེད་པར་དཀའ་བ་དང་། ཡུན་རིང་དུ་མི་གནས་པའོ།། དེ་ལྟ་བསོ་ན་ཤིན་ཏུ ་རིངས་པར་གུས་པར་མཉན་པར་བྱའོ།། རྒྱུ་གསུམ་དག་གིས་པགས་པ་ལས་སུ་རུང་བར་འགྱུར་ཏེ། སྣོམ་བསླུ་བ་དང་། མཉེ་བ་དང་། བསྲེ་བ་རྣམས་ཀྱིས་སོ།། དེ་བཞིན་དུ་སེམས་ཀྱང་ཐོས་པ་དང་། བསམས་པ ་དང་། བསྒོམ་པ་རྣམས་ཀྱིས་སོ།། དེ་ལྟ་བས་ན་སེམས་ལས་སུ་རུང་བ་ཉིད་དུ་བྱ་བའི་ཕྱིར་ཐོས་པ་ལ་སོགས་པ་དག་ལ་བརྩོན་འགྲུས་བྱའོ།། གསུམ་པོ་དག་གི་སྟོབས་ཀྱིས་ལམ་དུ་འགྲོ་བ་རྣམས་འབྲོག་དགོན ་པའི་ལམ་ལས་བདེ་བར་བརྒལ་བར་འགྱུར་ཏེ།། ལམ་རྒྱགས་ཀྱི་སྟོབས་དང་། གཞོན་པའི་སྟོབས་དང་། སྟོན་པ་པོའི་སྟོབས་ཀྱིས་སོ།། དེ་བཞིན་དུ་འཁོར་བའི་འབྲོག་དགོན་པ་འ ་པའི་ལམ་ལས་དེའི་ལམ་དུ་འགྲོ་བ་རྣམས་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཡེ་ཤེས་ཀྱི་སྟོབས་སོ།། འདི་གསུམ་ཆར་ཡང་ཐོས་པ་ལས་རག་ལུས་སོ།། སངས་རྒྱས་གསུང་ལ་དད་པ་ཙམ་གྱིས་ཀྱང་སྡིག་པ་ཆེན་པོ་དག་ཟིལ ་གྱིས་གནོན་ཏེ། འདི་ལྟར་མི་དགེ་བ་ལས་དགེ་བ་སྟོབས་དང་ལྡན་པས་སོ།། འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁྱད་པར་རྣམ་པ་བཅུ་དག་གིས་ཏེ། འདུ་བྱེད་པའི་ཁྱད་པར་གྱིས་ནི་དགེ་བ་དང་། མི་དགེ་པ་གཉིས་འབད་པ་དང ་མ་འབད་པར་མངོན་པར་འདུས་བྱས་པའི་ཕྱིར་རོ།། རྣམ་པའི་ཁྱད་པར་གྱིས་ནི་ཡང་དག་པ་ཇི་ལྟ་བོ་བཞིན་དང་ཕྱིན་ཅི་ལོག་གི་རྣམ་པ་ཡིན་པའི་ཕྱིར་རོ།། མཚུངས་པར་ལྡན་པའི་ཁྱད་པར་གྱིས་ནི་དགེ་བའི་རྩ་བ་གསུམ་དག ་དང་། མི་དགེ་བའི་རྩ་གཉིས་སམ་གཅིག་གིས་ཀྱང་མཚུངས་པར་ལྡན་པའི་ཕྱིར་རོ།། སའི་ཁྱད་པར་གྱིས་ནི་སོ་ཐམས་ཅད་དང་སཱ་གཅིག་པ་ཉིད་ཡིན་པའི་ཕྱིར་རོ།། འབྲས་བུའི་གྲངས་ཀྱི་ཁྱད་པར་གྱིས་ནི་འབྲས་བུ་རྣམ ་པ་ལྔ་དང་བཞི་ཡིན་པའི་ཕྱིར་རོ།། འབྲས་བུའི་མཐར་ཕྱིན་པའི་ཁྱད་པར་གྱིས་ནི་དུས་ཁྱད་པར་དུ་འཕགས་པ་དང་ངན་པ་ཡིན་པའི་ཕྱིར་རོ།། འདི་ལྟར་དགེ་བའི་འབྲས་བུ་ནི་བསྐལ་པ་ཆེན་པོ་བརྒྱད་ཁྲིའི་བར་དུ་འབྱུང་ལ། ་མི་དགེ་བའི་ནི་བར་མི་བསྐལ་བའི་བར་དུ་ཡིན་པས་སོ།། ཡང་དག་པར་འཆད་པའི་ཁྱད་པར་གྱིས་ནི་འདི་ལྟར་དགེ་བ་ནི་མི་དགེ་བས་དུས་རེ་ཞིག་དུ་ཡང་དག་པར་འཆད་པ་ཡིན་གྱི་མི་དགེ་བ་ནི་དགེ་བས་གཏན་དུ་ཡིན་པས་སོ།། ཆུང ་དུས་མང་པོ་ཡང་དག་པར་འཇོམས་པའི་ཁྱོད་པར་གྱིས་ནི་འདི་ལྟར་སྤོང་བའི་ལམ་སྐད་ཅིག་མ་གཅིག་གིས་ཐོག་མ་མེད་པའི་དུས་ནས་ཞུགས་པའི་མི་མཐུན་པའི་ཕྱོགས་རྣམ་པ་མང་པོ་ཡང་དག་པར་འཇོམས་པས་སོ།། སྤོང་བའི ་ཁྱད་པར་གྱིས་ནི་འདི་ལྟར་གཉེན་པོ་། སོ་བས་མི་དགེ་བ་སྤོང་གིས་དགེ་བ་ནི་མ་ཡིན་པས་སོ།། ཕྱོགས་ཀྱི་ཁྱད་པར་གྱིས་ནི་འདི་ལྟར་དགེ་བ་དང་མི་དགེ་བའི་ཆོས་ཡོངས་སུ་འཛིན་པ་ལ་སངས་རྒྱས་འཁོར་དང་བཅས་པའི་ཕྱོགས ་དང་བདུད་ཡིན་ཏེ། གོ་རིམས་བཞིན་ནོ།། དཔེ་རྣམས་ནི་སྣང་པ་དང་མུན་པ་དང་། བཀྲུ་སྨན་དང་། སྐྱོན་དང་། རྡོ་རྗེ་དང་། རཱི་དང་སེང་གེ་དང་རི་དྭགས་ཀྱི་ཁྱུ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ།། དགེ་བ་དྭེ་དང་ས་གཅིག ་པ་ཡིན་ཡང་དང་པོའི་ཁྱད་པར་རྣམ་པ་གསུམ་པ་རྣམས་ཀྱི་མི་དགེ་བ་བས་སྟོབས་དང་ལྡན་པར་རིག་པར་བྱའོ།། མི་དགེ་བ་ཟིལ་གྱིས་མནན་ནས་དེའི་གཉེན་པོ་དག་པ་གཞན་འདྲེན་པའི་ཕྱིར་རོ།། བསྡུས་པའི་ཚིགས་སུ ་བཅད་པ་ནི།། འདུ་བྱེད་རྣམ་པ་མཚུངས་པར་ལྡན།། ས་ཉིད་འབྲས་བུ་རྣམ་གཉིས་ཉིད།། འཆད་དང་ཆུང་ངུས་ཡང་དག་འཇོམས།། སྤོང་དང་ཕྱོགས་ཀྱི་ཁྱད་པར་ཉིད།། སངས་རྒྱས་ཀྱི་ནི་གསུང་འདི་ནི།། སྨན་དང་གྲུབ་དང ་གཏན་དུ་དང་།། ནད་ཀུན་འཇོམས་དང་གཉིས་མེད་དང་།། ལེགས་འཐོབ་ལེགས་བརྟེན་པ་སྒྲུབ་དཀའ་ན།། ནང་དྲག་ཡུན་རིངས་སུ་མི་སྟོན།། མི་ཤེས་པ་ནི་བསྟན་ནུས་ཀྱི།། གང་ཞིག་དེ་མི་འདོད་པ ་ནི།། གཉེན་པོ་བྱ་བའི་ངག་ཡིན་པས།། དེ་བཅོས་མི་རུང་རིག་པར་བྱ།། དེ་ལྟ་བས་ན་བཅོས་སུ་མི་རུང་བར་གྱུར་ན་མི་རུང་ངོ་སྙམ་ནས་སངས་རྒྱས་ཀྱི་གསུང་ལ་བརྟེན་པ་ལ་འབད་པ་དང་ལྡན་པ་དག་ཏུ་བྱའོ།། དམ་པ་རྣམས ་ལས་གང་ཟག་གཉིས་སྨད་པར་བྱ་བ་ཡིན་ཏེ། གང་ཞིག་དམ་པའི་ཆོས་མི་ཉན་པ་དང་། གང་ཞིག་ཕན་ཡོན་གང་ཡིན་པ་དེ་མི་འཐོབ་པ་དེ་ལྟ་བུར་ཉན་པའོ།། དེ་ལ་དོན་ཏུ་མི་གཉེར་རྒྱུད་གི་ཡེང་དང་།། རྨུགས་དང་གཉིད་ལོག ་མི་ཉན་པའོ།། ཕན་ཡིན་ལ་ནི་ཤེས་རབ་འཚལ།། རྙེད་སོགས་འདོད་སྡང་བཅས་མི་བརྟེན།། དེ་ལྟ་བས་ན་མི་ཉན་པར་གྱུར་ན་མི་རུང་བ་དང་།། ཕན་ཡོན་ལ་མི་བརྟེན་པར་གྱུར་ན་མི་རུང་ངོ་སྙམ་ནས་ཇི་སྐད་དུ་བསྟན་པའི་སྐྱེན ་བསལ་པ་ལ་འབད་པ་དང་ལྡན་པ་དག་ཏུ་བྱའོ།། གསུང་དང་རྣ་བ་ཉིད་དང་ནི།། འོད་དང་ཤེས་རབ་བགེགས་མེད་པ།། ལྔ་ནི་གང་ཕྱིར་རྙེད་དཀའ་བས།། དེ་ཕྱིར་ཐུབ་པའི་གསུང་མཉན་བྱ།། དམ་པའི་ཆོས་ནི་རྙེད་གྱུར་ཅིང་།། དད ་དང་ལྡན་ཡང་བློ་ཆུང་དག། ཡི་དྭགས་མགྲིན་པ་ཁབ་འདྲ་བར།། དེ་ནི་བཏུང་བར་མི་ནུས་སོ།། དེ་ལྟ་བས་ན་ཇི་སྲིད་དུ་ལྔ་པོ་རྙེད་པ་དང་། དེ་བཏུང་བར་ནུས་པ་དེ་ཇི་སྲིད་དུ་དམ་པའི་ཆོས་མཉན་པ་ལ་འབད་པར་བྱའོ།། ཟང། ་མོ་གོམས་པར་མ་བྱས་པས།། ཐུབ་པའི་གསུང་ནི་རྙེད་དཀའ་སྟེ།། དེ་མེད་པར་ནི་ཐར་པ་མེད།། ཐར་པ་འདོད་པ་རྣམས་ཀྱིས་ནི།། དེ་ཕྱིར་གུས་པར་མཉན་པར་གྱིས།། འདི་ལྟར་འདི་ལ་བརྟེན་ནས་མྱུར་སྡུག་ཁ་ན་མ་ཐོ་མེད།། ་ཕུལ་ཕྱུང་ངེས་པར་འབྲས་བུ་མི་ཟད་འཐོ་པ་དེར་ནུས་ཀྱིས།། ཐབས་གཞན་མེད་པ་ལ་སྒྲུབ་པ་པོ་ཡང་མེད་ཅིང་གང་ཞིག་ལ།། མ་བྱས་ན་ཡང་བདེ་བ་མེད་པ་འོ་ན་དེ་བྱ་མོང་།། ཐུབ་པའི་གསུང་ནི་འབྲས་བུ་དང་།། དོན་དང་ཚིག་འབྲུ། ་ལྡན་པ་ནི།། ཐོས་པའི་དུས་དང་བསམས་པ་དང་།། ། བསྒོམས་པ་དག་ནའང་རྗེས་སུ་འཛིན།། གོ་བྱེད་ངེས་ཚིག་བཟང་པོ་ཡི།། ཡོན་ཏན་གཉིས་ལྡན་ཐུབ་པའི་གསུང་།། དོན་དང་ལྡན་ཞིང་ཇི་འོས་དང་།། ཕན་དང་གཏན་གྱི ་འབྲས་བུར་ལྡན།། གང་ཕྱིར་འདི་དོན་ཀུན་འགྲུབ་འབྱུང་གནས་ཡིན།། ཐབས་བདེ་བ་དང་ཤིན་ཏུ་རྙེད་དཀའ་བས།། དེ་ཕྱིར་འགྲུབ་པ་དོན་གཉེར་སྲོག་འགྱུར་པ།། དང་དང་ལྡན་པས་འདི་ལ་བརྟུན་པར་བྱ།། མི་ཤེས་པ་དང། ་ཐེ་ཚོམ་ཤེས།། ལོག་པའི་ཤེས་པ་ལྡོག་པ་དང་།། བདེ་བ་རྣམས་ནི་རྟོགས་འགྱུར་བ།། དམ་ཆོས་མཉན་པའི་ཡོན་ཏན་ནོ།། དམ་པའི་ཆོས་མཉན་པ་ལ་ཕན་ཡོན་ལྔ་གསུངས་པ་གང་དག་ཡིན་པ་ནི་བཞི་པོ་འདི་དག་ཏུ་འདུས ་ཏེ་གཉིས་ཀྱིས་མི་ཤེས་པ་ལྡོག་པའི་ཕྱིར། སེམས་ནི་སྲོག་ཆགས་པད་མ་འདྲ།། སྟོབས་ཀྱིས་དམ་པའི་ཆོས་ལ་བླ་ན།། དེ་ཕྱིར་དོན་གྱི་རོ་རྙེད་ན།། དེ་ལྟ་བས་ན་སྟོབས་ཀྱིས་ཀྱང་དམ་པའི་ཆོས་མཉན་པ་ལ་བླན་པར ་བྱའོ།། ཅིའི་ཕྱིར་ཞེ་ན། དམ་པའི་ཆོས་ནི་གཏན་དུ་ཕན་པ་དང་བདེ་བའི་ཕྱིར་དང་། ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་དང་། དཀའ་བ་མེད་པར་བསྒྲུབ་པར་བྱ་བའི་ཕྱིར་དང་། ཆོས་དང་ཚེ་གཡོ་བའི་ཕྱིར ་དང་། ཡང་དང་ཡང་དུ་བསྒྲུབ་པར་བྱ་བ་དང་། སྦྱོར་བ་གཅིག་པའི་ཕྱིར་རོ།། མདོར་ན་བྱང་ཆུབ་སེམས་དཔའ་ཡིས།། ཆགས་ཟད་ཆགས་པ་འཕེལ་བྱ་སྟེ།། དེས་ནི་བདག་ལོ་ཆགས་ཟད་བྱ།། གཞན་ལ་ཆགས་པ ་འཕེལ་བར་བྱ།། ཉོན་མོངས་མྱ་ངན་འདས་པ་སྤང་ཕྱིར་ཏེ།། དེ་དག་གཉིས་ཀྱིས་བྱང་ཆུབ་མི་འཐོབ་པོ།། ཤེས་རབ་སྙིང་བརྩེ་དེ་ཟད་འཕེལ་རྒྱུ་ཡིན།། དེ་ཕྱིར་བྱང་ཆུབ་རྩ་བ་གཉིས་སུ་གསུངས།། ང་འཕེལ་རྒྱ་ནི་དེ ་བཞིན་གཤེགས་པའི་ཆོས།། འདྲི་མ་གཏོགས་པར་གཞན་ནི་འགའ་ཡང་མེད།། དེ་ཕྱིར་ཅི་ནས་ཁྱོད་ལ་ཆོས་འདི་ནི།། འབྲས་བུར་བཅས་འགྱུར་དེ་ལྟར་འབད་པོར་གྱིས།། ཇི་ལྟར་སྦྲང་བུ་ཁ་ཆུའི་ཟར་བུས་བཅིངས་པ ་གང་དག་འཆི་བ་དེར་བཅིངས་པའི།། རྒྱུ་ནི་སྟོབས་མ་ཡིན་གྱི་དེ་དག་ཉམ་ཆུང་ཡིན་ལྟར་དེ་བཞིན་དམན་པ་དག། ཡོངས་སུ་གཟུང་ལ་འཛིན་དང་ལྡན་པའི་འཆིང་བ་རང་གི་ཉམ་ཆུང་ཉིད་ལས་སྐྱེས།། དེ་ཕྱིར་སྦྲང་བུ་འདྲ ་བར་བློ་ལྡན་རང་ལུས་བཅིངས་པས་འཆི་བར་འོས་མ་ཡིན།། དེ་ལྟ་བས་ན་སྦྲང་བུ་དང་འདྲ་བར་ལུས་ཀྱིས་བཅིངས་པས་འཆི་བར་མི་བྱའོ་སྙམ་ནས། རང་གི་བློའི་སྟོབས་བསྐྱེད་པའི་ཕྱིར་གུས་པར་ཆོས་མཉན ་པར་བྱའོ།། སྐྱེ་དགུ་ག་ཡང་སར་འབབ་པ་དང་།། ལོང་བྱ་བཅིངས་དང་དབུལ་པོ་དང་།། ནང་བཏབ་དཔུང་གཉེན་མེད་པ་དང་།། འབྲོག་དགོན་ཡུན་རིང་ལམ་ཞུགས་དང་།། དགྲ་རྣམས་མང་པོ་རྣམ་མང་དང་།། མང་པོ་དག་གིས ་གཞོམ་བྱ་བ།། དེ་ལ་སངས་རྒྱས་མ་གཏོགས་པར། སྐྱོབ་པ་མེད་པས་དེའི་གསུང་མཉན་དེ་ལ་གཡང་སར་འབབ་ནི་ངན་སོང་དུ་སྐྱེ་བར་མངོན་དུ་ཕྱོགས་པའི་ཕྱིར་རོ།། ལོང་བ་ནི་མ་རིག་པས་ལྡོངས་པ་ཉིད་ཀྱིས་སོ།། ་བཅིངས་པ་ནི་སྲིད་པའི་འཆིང་བས་སོ།། དབུལ་བ་ནི་འཕགས་པའི་ནོར་བདུན་དང་བྲལ་བའི་ཕྱིར་རོ།། །། བམ་པོ་བཅུ་པ་སྟེ་ཐ་མའོ།། ནད་ཀྱིས་བཏབ་པ་ནི་ནང་འབྲས་དང་། འདྲ་བའི་ཉེ་བར་ལེན་པའི་ཕུང ་པོ་རྣམས་ཀྱིས་སོ།། དཔུང་གཉེན་མེད་པ་ནི་མགོན་མེད་པའི་ཕྱིར་རོ།། འབྲོག་དགོན་པ་ཡུན་རིང་དུ་ལམ་དུ་ཞུགས་པ་ནི་ཡུན་རིང་དུ་འཁོར་བའི་ལམ་དུ་ཞུགས་པའི་ཕྱིར་རོ།། དགྲ་རྣམས་མང་པོ་ནི་ཉོན་མོངས་པ་དང་། ཉེ ་པའི་ཉོན་མོངས་པ་རྣམས་དང་། དེ་ལས་བྱུང་བའི་ལས་རྣམས་སོ།། རྣམ་མང་ནི་སྡུག་བསྔལ་གསུམ་པོ་དག་དང་། མྱ་ངན་ལ་སོགས་པ་དག་དང་། གྲང་བ་དང་། ཚ་བ་དང་བཀྲེས་པ་དང་སྐོམ་པ་དང་གནོད་པ་དང་། འཆིང ་བ་དང་། རྡེག་པ་དང་ན་བ་དང་། རྒ་ཤི་དག་ལ་སོགས་པ་དག་གོ།། མང་པོ་དག་གིས་གཞོམ་བྱ་བ་ནི་དུས་རིང་པོར་རོ།། དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་མཉན་པ་དང་། འཇོག་པ་ནི་སྐྱེ་དགུ་དེ་ལྟ་བུར་གྱུར་པ་རྣམས ་ཀྱིས་སྐྱབས་ཡིན་པས་དེའི་ཕྱིར་སངས་རྒྱས་ཀྱི་གསུང་མཉན་པ་ལ་གུས་པ་བརྩོན་པར་བྱའོ།། གུས་པར་བརྩོན་པ་ནི་དགེ་བ་སྟོབས་དང་ལྡན་པར་འགྱུར་རོ།། དེ་ལྟར་ན་རྒྱ་བཅུ་དག་གིས་དགེ ་བའི་སྟོབས་དང་ལྡན་པར་འགྱུར་རོ་ཞེས་འཆད་དོ།། བཅུ་པོ་གང་གིས་ཞེ་ན། རྟེན་ཉིད་ཀྱིས་ནི་རྟེན་ལ་ཚུལ་ཁྲིམས་དང་ཐོས་པ་དང་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་གྱིས་ཡོངས་སུ་བསྒོས་པའི་ཕྱིར་རོ།། དང་པོ་ཀུན ་ནས་བསླང་བ་ཉིད་ཀྱིས་ནི་རྒྱུས་ཀུན་ནས་བསླང་བས་བྱེད་པར་འདོད་པ་ཉིད་ཀྱིས་སེམས་ཆེན་པོ་དང་ལྡན་པ་ཡིན་པའི་ཕྱིར་རོ།། བརྩོན་པ་དྲག་པོ་ཉིད་ཀྱིས་ནི་བྱེད་པའི་ཚེ་གུས་པར་བརྩོན་པའི་ཕྱིར་དང་། ཡང་དང་ཡང་དུ་བརྩོན ་པའི་ཕྱིར་ཏེ། རྟག་ཏུ་བརྩོན་པའི་ཕྱིར་རོ།། ཞིང་ཉིད་ཀྱིས་ནི་ཞིང་རྣམ་པ་བཞི་སྟེ། འགྲོ་བ་དང་། སྡུག་བསྔལ་བ་དང་། ཕོན་འདོགས་པ་དང་། ཡོན་ཏན་ཁྱད་པར་དུ་འཕགས་པས་སོ།། གཞི་ཉིད་ཀྱིས་ནི་དངོས་པོ་མང་པོ་དང་གྱ ་ནོམ་པོའི་ཁྱད་པར་གྱི་ཕྱིར་དང་། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་སྤོང་བའི་ཁྱད་པར་གྱི་ཕྱིར་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམས་པའི་ཁྱད་པར་གྱི་ཕྱིར་རོ།། བྱ་བ་ཉིད་ཀྱིས་ནི་ཕན་པ ་བྱེད་པའི་ཁྱད་པར་གྱི་ཕྱིར་རོ།། འཇུག་ཉིད་ཀྱིས་ནི་བྱས་ནས་རབ་ཏུ་དགའ་བ་ཡིད་ལ་བྱེད་པའི་ཀུན་ཏུ་རྟོགས་པས་རྒྱས་པའི་ཕྱིར་རོ།། འཁོར་ཉིད་ཀྱིས་ནི་གཞན་དེ་ལ་ཡང་དག་པོར་འཛིན་དུ་འཇུག་ཅིང་བསྔགས ་པ་བརྗོད་པ་དང་། ཆོས་མཐུན་པ་པོ་མཐོང་ན་ཤིན་ཏུ་ཡིད་དགའ་བ་ཉིད་དག་གིས་སོ།། ཡོངས་སུ་བསྔོ་བ་ཉིད་ཀྱིས་ནི་མྱ་ངན་ལས་འདས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ།། ། ་བསྡུས་པའི་ཚིགས་སུ་བཅད་པ་ནི། རྟེན་དང་དང་པོ་ཀུན་ནས་བསླང་།། དྲག་དང་ཡང་དང་ཡང་བརྩོན་ཉིད།། ཞིང་དང་གཞི་དང་བྱ་བ་དང་།། འཇུག་ཉིད་དང་ནི་འཁོར་ཉིད་དང་།། ཡོངས་སུ་བསྔོ་བ་ཉིད་ཀྱིས་ནི་དགེ་བ་སྟོབས་དང་ལྡན ་པར་འདོད། མི་དགེ་བ་ལ་ཡང་དེ་བཞིན་དུ་ཅི་རིགས་པར་བྱའོ།། དྲང་སྲོང་ཆེན་པོ་གནས་མ་མཐོང་བ་ཡིས་ནི་སྔོན།། ལེགས་གསུངས་འདི་ཐོས་ནས་ནི་རང་སྲོག་ནོར་ཉོས་པ།། པཱ་ལང་རྫིས་ནི་གོས་ཀྱི་ཐ་མར་པ་ནི་ཅིག། བཅིངས ་ལྟར་ཟོང་མེད་དགོས་ལ་བརྟགས་ཏེ་སེམས་ལ་འཛིན།། ཐུབ་པ་ཡི་ས་ནི་ལེགས་པར་གསུངས་པ་ཚིགས་བཅད་ཀྱི།། ཕྱེད་ཙམ་དག་ཀྱང་རང་གི་སྐུ་ཡི་རིན་གྱིས་བསྒྲུབས།། རཱིན་ཐང་ཆེན་པོས་མཉེས་ན་འོན་ཀྱང་མི་ཤེས་པ།། ་དེ་དག་རིན་མེད་པར་ཡང་བསྟེན་པར་མི་བྱེད་དོ།། ལེགས་ལྡན་འདི་ནི་ཚུལ་བཟུང་ཆུ་བོ་ཚོལ་བ་ཅན།། མཆོག་དང་མཆོག་ཚོལ་མཆོག་དང་མཆོག་མིན་ཤེས་པའི་ཡིནི།། དེ་ཡི་སྙིང་པོ་ཉིད་ནི་རབ་ཏུ་རྣམ་ཕྱེ་ནས།། རང་གི་སྲོག ་གི་རིན་གྱིས་ལེགས་གསུངས་ཉོ་བ་མཛད།། སྲིད་པ་ཡོད་ནི་གདོན་མི་ཟ་བར་ཚེ་འཕེལ་ལ།། དེ་ཡང་ཕལ་ཆེར་དོན་མེད་པར་ནི་ཟད་པར་འགྱུར།། ལེགས་པར་གསུངས་པས་སྟོང་འགའ་ན་ལན་འགའ་ཞིག། ཨུ་དུམྦ་རའི ་མེ་ཏོག་བཞིན་དུ་སྣང་བ་ཡིན།། ཇི་ལྟར་ཉི་མ་དག་ནི་ཤར་བ་ན།། པདྨ་ཡོངས་སུ་སྨིན་པ་ཁ་འབྱེད་ལྟར།། དེ་བཞིན་གཤེགས་པ་དག་ཀྱང་ཤར་བ་ན།། བསམ་པ་ཡོངས་སུ་སྨིན་པ་དག་པར་འགྱུར།། ་བསམ་པ་ཡོངས་སུ་སྨིན་པ་དེའི་རྒྱུའི་རྩ་བ་ཡང་དམ་པའི་ཆོས་ཉན་པ་ཡིན་ནོ།། དེ་ལྟ་བས་ན་བསམ་པ་ཡོངས་སུ་མ་སྨིན་པའི་ཕྱིར་སངས་རྒྱས་མང་པོ་འབྱུང་བ་དག་མི་མཉེས་པར་མི་བྱའོ་སྙམ་ནས་རྒྱུད་ཡོངས་སུ་སྨིན་པར ་བྱ་བའི་ཕྱིར་དམ་པའི་ཆོས་ཉན་པ་ལ་འབད་པར་བྱའོ།། སྦྱངས་པའི་ཡན་ལག་རྣམས་འགྱུར་ད་ལྟར་ནི།། དགེ་སློང་ཚོགས་ཀྱང་བྱམས་ལས་ཕྱིར་ཕྱོགས་ཤིང་།། སྡོམ་བརྩོན་སྐྱེ་བོ་དགེ་འདུན་ནང་དག་ཏུ།། དོགས་མིང་རྟག ་མཚན་ཙོན་དང་བྱ་ཐོགས་རྒྱུ།། སྔོན་གྱི་བསམ་གཽཏན་ས་ནི་གང་ཡིན་པ།། ཀྱེ་མ་ཇི་ལྟར་འབྲས་ཀྱི་ས་དག་བྱེད།། འདིར་ནི་ཐུབོ་པའི་བསྟན་པོ་དུསོ་རིང་དུ།། གནས་པར་མི་འགྱུར་བར་དོགས་པར་འགྱུར།། འདིས་ནི། ་བསྟན་པ་འདི་ལ་དགེ་སློང་རྣམས་ཀྱི་ཡོངས་སུ་ཉམས་པ་རྣམ་པ་བཞིར་ཡོངས་སུ་བསྟན་ཏོ། ཡོ་བྱད་རྣམས་ལ་ཟང་ཟིང་ལྷུར་བྱེད་པ་ཉིད་ཀྱི་ཡེ་བྱད་བསྙུངས་པ་ཡོངས་སུ་ཉམས་པ་དང་། ཚངས་པ་མཚུངས་པར་སྤྱོད ་པ་རྣམས་ལ་བྱམས་པ་ཡོངས་སུ་ཉམས་པ་དང་། ཞེ་ས་ཡོངས་སུ་ཉམས་པ་དང་། རང་གིས་དོན་ཐོབ་པར་བྱ་བ་ལ་མངོན་པར་བརྩོན་པ་ཡོངས་སུ་ཉམས་པའོ།། དེ་ལྟར་ན་བསྟན་པ་ཡུན་ཐུང་ངུ་གནས་པར་ཤེས་པར ་བྱ་སྟེ། དད་པ་ཅན་རྣམས་ཀྱིས་དེ་ལ་མཉན་པ་དང་བཟུང་བ་དང་། བཅང་བ་དང་དོན་དང་མཐུན་པར་སྒྲུབ་པ་དག་གིས་འབད་པར་བྱའོ།། འགྲོ་བ་འདི་ཡི་དོན་དུ་ནི།། སྡུག་བསྔལ་མང་པོ་གང་བསྟན་པ།། དེ་དག་དྲན་ནས་ཁྱོད་ཉིད་ཀྱི།། ་བསྟན་པ་ངན་ལའང་གནས་བགྱི་ན།། ཕན་པར་གསུངས་དང་ཕན་མཛད་པའི།། ཁྱོད་ཀྱིས་བསྟན་པ་ཅི་སྨོས་ཏེ།། མགོ་ལ་མ་ནི་འབར་གྱུར་ཀྱང་།། ཇི་ལྟ་བུར་ན་མི་བགྱི་ལགས།། དེ་ལྟར་སོ་སོར་ནས་ཀྱང་སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་གནས་པར་བྱའོ།། ལུས་ཅན་འདི་ནས་ཤི་ནས་ཡོང་།། དམ་ཆོས་དཀོན་མཆོག་འཕྲད་འགྱུར་རམ།། མི་འགྱུར་རྣ་བ་འཐོབ་པ་དང་།། སུ་ཞིག་དམ་ཆོས་འཆང་འགྱུར་བ།། དེ་ནི་སུས་ཀྱང་མི ་ཤེས་པས།། དེ་ཕྱིར་ཁྱེད་ཀྱིས་འབད་པ་ཡིས།། སྟོན་པའི་གསུང་ནི་མཉན་པར་བྱ།། གནས་སྐབས་འགྱུར་ཞིང་གནས་པར་མི་མངོན་ལ།། སོ་ཞིང་སོང་བ་མི་འོང་གསེར་དུ་སྐྱེ།། འོན་ཀྱང་བདག་ས་བདག་གིར་འཛིན་འཇུག ་པ། འགྲོ་བ་འདི་ནི་མ་རིག་པ་ཡིས་མིད།། ཚིགས་སུ་བཅད་པ་འདྲིས་ཛཱ་ཞིག་བསྟན་ཞེ་ན། འདུ་བྱེད་རྣམས་ནི་རྣམ་འཇིག་ཅིང་།། རང་གི་དང་གིས་སྐད་ཅིག་ཡིན།། གཱ་ཏ་ནཾ་དང་ཚད་མཱིན་དེ་དག་ལ།། མི་ཤེས་བདག་དང ་བདག་གིས་འཛིན།། གཞན་ཡང་མི་འཇིགས་པ་ལྟ་དང་།། ཡུན་རིང་འཇིག་པ་ལྟ་ཞིག་ན།། མྱ་ངན་བྱེད་དང་ཞིག་ལྟ་གང་།། དེ་ཡི་ཆེད་དུ་འདུ་བྱས་དག་ལ་ནི།། དེ་ཡི་རྩ་བ་བཞི་ཡིས་མི་རྟག་ཉིད་འདི་བསྟན།། དེ་ལ ་རྩ་བ་གཉིས་ཀྱི་ནི་འདུས་བྱས་རྣམས་ལ་བདག་མེད་པ་དང་བདག་གི་མེད་པ་ཉིད་དུ་ཡོངས་སུ་བསྟན་ཏོ།། གཅིག་གིས་ནི་དེ་དག་ལ་བདག་དང་བདག་གིར་ལྟ་བའོ།། གཅིག་གིས་དེའི་རྒྱུ་མ ་རིག་པས་ཟིན་པ་ཉིད་དོ།། དེ་ལྟར་ན་ཚིགས་སུ་བཅད་པ་འདི་ལས་མདོར་ན་བདག་ཏུ་ཕྱིན་ཅི་ལོག་པའི་གཞི་དང་། རང་བཞིན་དང་། རྒྱུ་ཡོངས་སུ་བསྟན་པ་ཡིན་ནོ་དེའི་རྒྱུ་མ་རིག་པ་དེ་ཡང་དམ་པའི་ཆོས་མཉན་པ་ལྔ་ས་མ ་གཏོགས་པར་སྤང་བར་མི་ནུས་སོ།། དེ་ལྟ་བས་ན་བདག་ནི་མ་རིག་པས་མིད་པར་གྱུར་ནི་མི་རུང་ངོ་སྙམ་ནས་གུས་པར་ཆོས་མཉན་པར་བྱའོ།། དེ་ལྟར་ན་དམ་པའི་ཆོས་མཉན་པའི་དགོས་པ་རྣམས་ཀྱི་མཐའ་མེད་དེ། འདི་ནི ་ཕྱོགས་ཙམ་ཞིག་གོ།། ཕྱོགས་འདིས་དགོས་པ་ཡང་དག་པར་བསྟན་པ་ཉིད་ཀྱིས་གུས་པར་མཉན་པ་དང་ལྡན་པ་བརྗོད་པར་བྱའོ།། ཇི་ལྟར་ན་ཡ་མཚན་དང་བར་ཏུ་དགའ་བ་དང་སྐྱོ་བའི་ཉེ་བར་བསྒྲུབ་པ་ཉིད་ཀྱིས་ཞེ་ན། རྨུགས ་པོ་དང་གཉིད་དང་ལྡན་པ་དག་ལ་སེམས་བསྔལ་བར་བྱ་བའི་ཕྱིར་ཡ་མཚན་སྐྱེ་བའམ། རབ་ཏུ་དགའ་བའི་གཏམ་བྱའོ།། སེམས་རྣམ་པར་གཡེང་བ་རྣམས་ལ་སྐྱོ་བར་བྱ་སྟེ། སྐྱོ་བར་གྱུར་པ་རྣམས་སེམས་རྩེ་གཅིག་པ ་ཉིད་དུ་བྱ་བའི་ཕྱིར་རོ།། ཇི་སྐད་དུ་བྱ་ཞེ་ན། རེ་ཞིག་ཡ་མཚོན་སྐྱེ་བ་ནི།། སངས་རྒྱས་རྣམས་ཀྱི་བསྟན་པ་ལ།། ཁྱོད་ཀྱི་བྱས་པ་ཀུན་མི་བྱ།། དེ་ཕྱིར་རབ་དགའ་སྐྱེད་པར་བྱ།། བྱས་པ་བྱ་ཡིན་ཉམས་པར་འགྱུར།། འདི་ཡི་དོན ་ཅི་ཡིན་ཞེ་ན། སངས་རྒྱས་ཀྱི་བསྟན་པ་ལ་བྱང་ཆུབ་གསུམ་ལྔ་བརྩམས་ནས་ཐོས་པ་ལས་བྱུང་བའམ། བསམས་པ་ལས་བྱུང་བའམ། བསྒོམས་པ་ལས་བྱུང་བས་རྒྱུད་ཡོངས་སུ་སྨིན་པར་གང་བྱས་པ་དེ་ཐམས་ཅད་ཡང་མི ་བྱ་བ་ཡིན་ཏེ། དགེ་བའི་རྩ་བ་དེ་ལས་ཉམས་པ་ཡང་དུས་རིང་དུ་ལོན་ན་ཡང་གླང་གི་ཚེ་བརྩོན་པར་བྱེད་པ་དེའི་ཚེ་ཁྱད་པར་ཁོ་ན་འཐོབ་བོ།། དེ་ལྟ་བས་ནི་བདག་ལ་ཡོངས་སུ་སྨིན་པར་བྱས་པ་ལས་ཉམས་པ་མེད་དོ།། ་སྙམ་དུ་སེམས་དགའ་བ་བསྐྱེད་པར་བྱའོ།། གང་ཞིག་གི་བྱས་པ་ཡང་བྱ་བ་ཡིན་པ་དེ་ནི་ཉམས་པརོ་འགྱུར་ཏེ། ཇི་ལྟར་ཕྱི་རོལ་པའི་སྙོམས་པར་འཇུག་པར་བྱེད་པ་ལྟ་བུའོ།། གང་བྱས་པ་ནི་མི་བྱ་དེས། ཡུན་རིང་ན་ཡང ་ཞི་བ་འཐོབ།། གྲང་བྱས་བྱ་ཡིན་དེ་ཡོས་ནི།། ཤིན་ཏུ་ཡུན་རིང་ཞི་མི་འཐོབ།། གང་བྱས་པ་ནི་མི་བྱས་དེས།། སངས་རྒྱས་ཉིད་དུ་སྲིད་པ་ཡོད།། གང་བྱས་བྱ་ཡིན་དེ་ཡིས་ནཱི།། ཐར་པ་འོང་སྲིད་པར་མི་འགྱུར་རོ།། ཚིགས་སུ ་བས་པ་འདི་གཉིས་ཀྱི་དོན་ཡང་སྣ་མཱ་དང་མཐུན་པར་བརྗེད་པར་བྱའོ།། རབ་ཏུ་དགའ་བའི་གཏམ་ཛཾ་ལྟར་བརྗོད་པར་བྱ་ཞེ་ན། གཉིད་སྦྱངས་པར་བྱ་བའི་ཕྱིར་རབ་ཏུ་དགའ་བའི་གཏམ་བརྗོད་པ་ལགས་སོ།། རེ་ཞིག་གཏམ ་ན་ཅིག་བོང་བུ་ཁུར་གྱིས་དུབ་པཾ་ཞིག་ལ་རྟེའུ་ཡིས་བྲོ་བརྡུང་ངོ་ཞེས་སྨྲས་པ་དང་། དེ་ན་རེ་ཁྱོད་ཀྱིས་ནི་བྲོ་བརྡུངས་ཤིག་ངས་ནི་རྣ་བ་བསྐུལ་ལོ་ཞེས་སྨྲས་ནས། དེ་བྲོ་བརྡུངས་པ་དང་། རྟེའུ་དང་མཐུན་པར་བྱ་བའི་ཕྱིར ་དེས་རྣ་བ་བསྐུལ་ལོ་ཞེས་གྲག་གོ།། ཁྱེད་ཀྱིས་ནི་ང་ཆོས་སྟོན་ན། རྣ་བ་གཉིས་ཀྱང་བསྒུལ་བར་མི་སྤྲོ་འམ་ཞེས་བྱ་བ་དང་། ཝ་སེང་གེའི་གོད་ཀྱིས་ཤཱ་འདོད་པ་ཞིག། སེང་གེའི་ཕྱི་བཞིན་འབྱངས་ལ་སེང ་གེ་ལན་ཅིག་འདྲངས་ཏེ། ཕག་རྒོད་ཆེན་པོ་ཞིག་བསད་ནས་དེ་ཝ་དེ་ལ་འདི་ཁྱེར་ཅིག་ཅེས་སྨྲས་པ་དང་། དེ་སྟོབས་ཆུང་བའི་ཕྱིར་ཁུར་དེ་བཏེག་པར་ཡང་མི་སྤྲོ་ལ། བདག་ལ་ཁྲོས་ཏེ་བསད་ན་ནི་རུང་ངོ་སྙམ་ནས་དེའི་ཚིག་བཟློག ་པར་མི་ནུས་ནས། འདི་ནི་བླུན་པ་དང་། ང་རྒྱལ་ཅན་ཡིན་པར་ཤེས་ཏེ། དེ་ན་རེ་བདག་གིས་ཁུར་འདི་བཀུར་ནི་བྱ་བ་གཉིས་བྱ་དགོས་ཏེ། ཁུར་ཡང་བཀུར་དགོས། སྐད་ཀྱང་དབྱུང་དགོས་པས་དེའི་ཕྱིར་བདག་གིས་ཅིག་ཙར་ལས ་གཉིས་བྱ་བ་མི་ནུས་པས་གཅིག་ཁྱོད་ཀྱིས་བྱོས་ཤིག་ཅེས་སྨྲས་པ་དང་། སེང་གེ་ནི་ང་རྒྱལ་ཅན་ཡིན་པའི་ཕྱིར་སྐད་འབྱུང་བར་ཡང་མི་འདོད་ནས། འོ་ན་ཁྱོད་ཀྱི་སྐད་ཕྱུང་ཤིག། ངས་ཁུར་བཀུར་རོ་ཞེས་སྨྲས་ཏེ།། སེང་གེ་ནི ་ཁུ་ཐོག་སེང་གེ་དང་མཐུན་པར་བྱེ་བའི་ཕྱིར་ཝ་སྐད་འབྱིན་པར་བྱེད་དོ་ཞེས་གྲག་གི་དེ་བཞིན་དུ་ངས་ནི་ཆོས་བཔྱད་པའི་ཕྱིར་ཁུར་བཀུར་རོ།། ང་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་ཁྱེད་ཀྱིས་ནི་རེ་ཞིག་དེ་ལེགས་ཙམ་ཡང ་བྱོས་ཤིག་དང་དགེ་བར་འགྱུར་རོ།། ཞེས་བྱ་བ་དང་། རྒོན་ཞུགསོ་ཞིག་ཐབས་མ་ཡིན་པ་བྱེད་པས་བུད་མེད་དོན་དུ་གཉེར་བ་ལས་དེས་དེ་ལ་མ་བཏུབ་པ་དང་། དེ་ནོ་རེ་བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་བསམ་པ་ནི ་སྐྱེས་པས་སོ་ཞེས་གསུང་ལ་འདི་ནི་མི་བཏུབ་པས་མདོ་སྡེ་དང་འགལ་ལོ།། ཞེས་སྨྲས་སོ་ཞེས་གྲག་གོ།། དེ་བཞིན་དུ་ཁྱེད་དང་པ་ཅན་ཡིན་ལ་དད་པའི་ཆོས་ཉན་མི་འདོད་པས་དད་པའི་རྟགས་རྣམས་ལས་དམ་པའི་ཆོས ་མཉན་པར་འདོད་པ་ཡིན་ཞེས་གསུངས་པའི་མདོ་སྡེ་དང་འགལ་ལོ་ཞེས་བྱ་བ་དང་བུད་མེད་རྒན་མོ་དབུལ་མོ་སྔོན་གྱི་ཁྱིམ་ཕྱུག་པོ་ན་འདུག་འདུག་པ་ཞིག་ཡོད་ལ་དེར་རྐུན་པོ་ཞིག་རེ་བས་མཚན་མོ་ཁྱིམ་ཕུག་སྟེ་ཞུགས་ནས ་མུན་ཁུང་ན་ལག་པ་གཉིས་རྫས་བཙལ་བ་ལས་ཁམ་སྣོད་དག་གཅིགོ་ལ་ཐུག་སྟེ། སྒྲ་བྱུང་བ་དང་། བུད་མེད་དོ་ན་རེ་བུ་རེ་ཞིག་ངས་ཉི་མའི་གུང་ལ་བཙལ་ན་ཡང་ཅི་ཡང་མི་རྙེད་ན། ཁྱོད་ཀྱིས་མུན་ཁུང་ན་གལ་རྙེད་ཅེས ་སྨྲས་སོ་ཞེས་གྲག་གོ།། དེ་བཞིན་དུ་བློ་རྣམ་པར་གསལ་བ་དང་བཅས་པས་ཀྱང་རེ་ཞིག་སངས་རྒྱས་ཀྱི་གསུང་གི་དགོངས་པ་ཅན་གྱི་དོན་རྙེད་པར་དཀའ་ན། གཉིད་ཀྱི་མུན་པས་ནོན་པའི་ཡིད་ཀྱིས་ལྟ་ག་ལ་ཞིག་ཅེས་བྱ་བ ་དང་། བྷ་ར་ཏའི་གཞུང་ཀློག་པ་ན་ལུས་སྐྱེས་ངུས་པ་དང་། ལེགས་ལྡན་ཅི་སྟེ། བཤུམས། སྨྲས་པ་རོལ་རྙེད་མས་ཇི་སྙེད་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བ་ལ་ལྟོས་ཞེས་སྨྲས་པ་དང་འདི་ནི་བྷ་ར་ཏའི་གཞུང་ཡིན་གྱི། ་འདི་དགའ་བྱེད་འགྲོ་བའི་གཞུང་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། བདག་གིས་ངུས་པ་དོན་མེད་པར་ངུས་པ་ཡིན་ནོ་ཞེས་སྨྲས་སོ་ཞེས་གྲག་གོ། དེ་བཞིན་དུ་གལ་ཏེ་ང་ཆོས་འཆད་པར་བྱེད་ན་ཁྱེད་གཉིད་ལོག་པ་ནི་ངས ་བཤད་པའི་དོན་མེད་པ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་རྒན་ཞུགས་བསྙེན་པར་རྫོགས་སུ་གཞུག་པར་མ་ནུས་སོ་ཞེས་བྱ་བ་དང་། དེ་ལྟ་བུ་དང་མཐུན་པ་མོད་རྟུལ་པོའི་གཏུམ་དག་ཀྱང་ཅི་རིགས ་པར་བསྒྲུབ་པར་བྱ་ཞིང་ཁྱོད་ཉན་དུ་གཞུགས་མི་ནུས་སོ་ཞེས་བྱ་སྟེ། གཉིད་སངས་པར་བྱ་བའི་ཕྱིར་རྣམ་པ་དེ་ལྟ་བུའི་རབ་ཏུ་དགའ་བའི་གཏམ་བྱའོ།། སྐྱོ་བའི་གཏམ་ཇི་ལྟར་བྱ་ཞེ་ན། མི་རྣམས་ཆེ་ནི་ལོ་བརྒྱ་ལ།། མཚན་མོ ་ཉལ་བས་ཕྱེད་དུ་བྱས།། དེ་ནི་ཉིན་པར་ཡང་ཉལ་བས།། དེ་ཡི་ཕྱེད་ཀྱང་དུམ་བུར་བྱས།། སྲོག་ནི་གཤིན་རྗེའི་འཁོར་ལོ་སོག་ལེར་ལྡན་ན་གསོན་འདྲར་གང་ཕྱིར་ཉལ་བྱེད་པ།། ཅི་ཞིག་རྙེད་པ་ལས་ནི་དབུགས་ཕྱིན་ཅི་ཞིག་རྟོག ་ཤིང་བགེགས་ནི་ཙོ་དག་སྤངས།། ངན་འགྲོ་རྣམས་ལས་བརྒལ་གཽཏམ་ཅི་ཡིན་མོ་བྱའི་ངེས་པའི་ལས་ནི་གང་ཞིག་ཐོབ།། པྲ་རྒྱས་མེ་རྣམས་ཀྱིས་སྲེགས་པོ་སྙིང་པ་རྣམས་ཀྱིས་ས་ནི་གང་ཞིག་འདས་པ་སྨོས།། འདིས་ཅི ་ཞིག་བསྟན་པ་ཡིན་ཞེ་ན། རྒྱུ་གཉིས་དག་གིས་སྲོག་དབུགས་མ་ཕྱིན་པ་ལས་དབུགས་ཕྱིན་པ་ཐོབ་པ་གསོན་པ་དང་འདྲ་བར་ཉལ་བར་རུང་གིས་གཞན་དུ་ནི་མ་ཡིན་ནོ།། གཉིས་པོ་གང་དག་གིས་ཞེ་ན། ལུང་བསྟན་པ ་ཐོབ་པ་ཉིད་ཀྱིས་རྟོགས་པ་མེད་པར་ཡང་དཔེར་ན་ཁ་ཅིག་ལ་བསྐོལ་པ་འདི་སྙེད་དུ་ལོག་པར་ལྟུང་བར་མི་འགྱུར་ཞིང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟ་བའོ།། འབྲས་བུ་ཐོབ་པ ་ཉིད་ཀྱིས་རྟོགས་པ་ཐོབ་པས་ངན་སོང་བའི་ཉོན་མོངས་པ་དང་། སྐྱེ་བ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་དང་། ཡང་འབྱུང་བ་པའི་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གཉིས ་ཟད་པ་ཡིན་ནོ།། ངན་སོང་བའི་ལས་སྤངས་པ་ལ་ནི་ཡང་འབྱུང་བ་པའི་ལས་ཀྱི་ཀུན་ནས་ཉོན་མོངས་རྣམ་པར་མི་བཞག་སྟེ། ཡང་འབྱུང་བ་ནི་དགེ་བའི་འབྲས་བུ་ཡིན་པའི་ཕྱིར་རོ།། དེ་ལ་གཤིན་རྗེའི་འཁོར་ལོ་དང་སོ་གུ་ལི ་དང་ལྡན་པ་ཉིད་ཀྱིས་ནི་སྲོག་དབུགས་མ་ཕྱིན་པ་ཉིད་དུ་སྟོན་པ་ཡིན་ནོ།། ཅི་ཞིག་རྙེད་པ་ལས་ནི་དབུགས་ཕྱིན་ཞེས་བྱ་བས་ནི་ལུང་བསྟན་པ་འཐོབ་པ་ཉིད་དུ་སྟོན་པ་ཡིན་ནོ།། ཅི་ཞིག་རྟོག་ཞེས་བྱ་བ་ནི་འབྲས་བུ་མ་ཐོབ་པའི་ཕྱིར་རོ།། ་བགེགས་ནི་ཅི་དག་སྤངས། ངན་འགྲོ་རྣམས་ལས་རྒ་ལོ་གཏམ་ཅི་ཡིན་མི་བྱའི་ངེས་པའི་ལས་ནི་གང་ཞིག་ཐོབ་ཅེས་བྱ་བ་ནི་འབྱས་པ་ཐོ་བ་ལས་ངན་སོང་པོའི་ཉོན་མོངས་པ་དང་། སྐྱེ་བ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ ་གང་དག་ཟད་པ་ཡིན་པ་དེ་དག་མ་བླང་པ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ།། ཉོན་མོངས་པ་མཐོང་བ་སྤང་བར་བྱ་བ་རྣམས་ནི་མངོན་པར་རྟོག་དེ་ས་ཡིན་པའི་ཕྱིར་ཞེག་ཞེས་བསྟན་ཏོ།། ཉོན་མོངས་པ་ལ་ཡང་སྐྱེ་བའི་ཀུན་ནས་ཉོན་མོངས ་བཔ་དེའི་ས་པ་ཡོད་པར་བསྟན་པའི་ཕྱིར་བར་དུ་དེ་སྨོས་པ་ཡིན་ནོ།། ངན་སོང་བའི་སྐྱེ་བ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་གཉིས་བདག་དང་གཞན་ལ་གནོད་པའི་དབང་དུ་མཛད་པའི་ཕྱིར་ཡང་ཡིན་ནོ།། རྒྱ་ཕྲ་རྒྱས་མེ་རྣམས ་ཀྱི་བསྲེགས་སྐྱེད་པ་རྣམས་ཀྱིས་ནི་གང་ཞིག་འདས་པ་སྨོས་ཞེས་བྱ་བ་ནི་ཡང་འབྱུང་བ་པའི་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གཉིས་མ་ཟད་པ་ཉིད་དུ་སྟོན་པ་ཡིན་ནོ།། བསྡུས་པ ་ཚིགས་སུ་བཅད་པ་ནི་ཇི་ལྟ་བཞིན་པའི་ཡིད་ནི་དབུགས་ཕྱིན་པའི།། ལུང་བསྟན་པ་ནི་ཐོབ་པོ་མེད་པ་དང་།། ངན་སོང་དང་ནི་ཡང་འབྱུང་འགྱུར་བ་གླིང་།། ཉོན་མོངས་ཡན་ལག་གསུམ་གཉིས་ཟེད་བྱ་ཕྱིར།། དེ་ཁོ་ན་ཉིད་རྟོག། ་པ་མེད་པའོ།། ཡང་རྒྱུ་གཉིས་དག་གིས་དབུགས་ཕྱིན་པ་ཐོབ་པ་ཞེས་བྱ་བ་སྔ་མ་བཞིན་ཏེ། ཡོངས་སུ་ཉམས་པ་མེད་པར་སྦྱོར་བའི་ལམ་ཐོབ་པ་ཉིད་ཀྱིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བཟོད་པ་ཐོབ་པའི་ཕྱིར་རོ།། ་དུ་ཟབ་པ་ཉིད་ཀྱིས་ནི་གང་ཞིག་ཐོབ་པ་དེ་སྟེ་མ་བཞིན་ནོ།། ཡང་རྒྱུ་གསུམ་དག་གིས་དབུགས་འབྱིན་པ་ཐོབ་པ་ཞེས་བྱ་བ་སྔ་མ་བཞིན་ནོ།། གསུམ་པོ་གང་དག་གོ་ཞེ་ན། ལུང་བསྟན་པ་པ་ཉིད་ཀྱིས་དང་། ཡེ་ཤེས ་ཀྱིས་ཁྱད་པར་ཐོབ་པ་ཉིད་ཀྱིསྐུ་དང་། སྤངས་པའི་ཁྱད་པར་ཉིད་ཀྱིས་སོ།། ཡང་ངན་སོང་བའི་ཀུན་ནས་ཉོན་མོངས་པ་རྣམ་པོ་གསུམ་སྤངས་པ་ཇི་སྐད་བསྟན་པ་དང་། ཡང་འབྱུང་བ་པའི་ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས ་སྤང་པོ་ཇི་སྐད་བསྟན་པ་ལྟ་བུའོ།། ཡུལ་ལ་རྣམ་པར་རྟོགས་པས་རྣམ་པར་གཡེངས་པ་རྣམས་ལ་ཡུལ་གྱི་སྐྱོན་བརྗོད་པ་དང་ལྡན་པའི་ཀུན་ཏུ་སྐྱོ་བའི་གཏམ་བརྗོད་པར་བྱའོ།། འཇིག་རྟེན་དག་ན་འདོད་པ་རྣམས་མི་རྟག ་དགེ་བའི་དོན་འཕྲོག་གསོག་དེར་སྒྱུ་མ་འདྲ།། སྨྱོན་པ་ན་ཡུང་མི་རྣམས་ཀྱི་ནི་སེམས། རྨོངས་ན་བདག་ཉིད་ཕྲད་ན་སྨོས་ཅི་དགོས། དེ་ལ་འདོད་པ་རྣམས་མི་རྟག་པ་ཉིད་ཀྱིས་ནི་མཐོང་བའི་ཆོས་ཉིད་ལ་མྱ་ངན་ལ་སོགས་པའི་རྒྱུ་ཉིད ་ཡིན་པར་སྟོན་ཏོ།། དགེ་བའི་དོན་འཕྲོགས་པ་ཉིད་ཀྱིས་ནི་ཚེ་ཕྱི་མ་ལ་ངན་འགྲོའི་རྒྱུ་ཡིན་པར་རོ།། གསོག་ཉིད་ཀྱིས་ནི་དགེ་བ་དང་བྲལ་བ་ཉིད་དུའོ།། སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ནི་བདེ་བ་ལྟར་སྣང་བ་ཉིད་དུ་སྟེ་བདེ་བར་འདུ་ཤེས ་ཕྱིན་ཅི་ལོག་གི་གཞི་ཉིད་ཡིན་པའི་ཕྱིར་རོ།། ཕྱི་མའི་ཕྱེད་ཀྱི་ནི་འདི་ལྟར་དེ་རྣམས་ནི་མ་ཕྲད་ཀྱང་སྲེད་པ་དང་བཅས་པ་རྣམས་ཀྱི་སེམས་བདེ་བར་འདུ་ཤེས་པས་རྨོངས་པར་བྱེད་ན་ཕྲད་ནི་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར ་སྟོན་ཏོ།། བསྡུས་པའི་ཚིགས་སུ་བཅད་པ་གཉིས་ནི། འདོད་པ་རྣམས་ནི་སྡུག་བསྔལ་རྒྱུ།། དེ་དག་ལ་ནི་བདེ་བ་མེད།། བདེ་བར་འདུ་ཤེས་ལོག་པ་ཡི།། བཞི་ཡིན་པར་ན་རབ་ཏུ་བསྟན།། མཛེ་བཞིན་ཡོངས་སུ་གདུང་བྱོས་ན།། ། ་མྱ་ངན་དཱན་འགྲིའི་རྒྱུ་ཡི་ཕྱིར།། མ་ཕྲད་ཕྱེད་པའི་གནས་སྐབས་སུ།། སྒྱུ་བཞིན་ལོག་པར་སྟོན་ཕྱིར་རོ།། ཤེས་དཀའ་བཟློག་དཀའ་དཔུང་ཐུབ་དཀའ་བ་ཅན་རྒྱུ་བ།། རྟོགས་དཀའ་འདོད་ཆགས་རང་དགའི་དབང་པོ་ཅན ་རྣམས་ཀྱི།། བཟང་པོའོ་ལམ་རྣམས་འཇོམས་དང་རྡུལ་ནི་བསགས་རྣམས་ཀྱི།། མོས་དང་བློ་ཡི་དགྲ་ཡིན་ཡིད་འཁྲུལ་རྣམས་ཀྱི་ནི།། ཚུལ་ཁྲིམས་ཟད་བྱེད་ཡིན་ཞིང་འབྱུང་པོ་རྣམས་ཀྱི་རྫས།། ལྟ་བུའི་དགེ་བ ་འཇོམས་པ་མི་དགེའི་ཡུལ་རྣམས་ཡིན།། དེ་ལྟ་བས་ན་ཁྱོད་ནི་དམ་པའི་ཆོས་མཉན་པའི་ཚེ་བདག་ལ་གཞོམ་པར་བྱ་བ་ནི་མི་རིགས་སོ།། དེ་ལ་ཇི་ལྟར་ན་ཤེས་པར་དཀའ་བ་ཡིན་ཞེ་ན། འདོད ་པ་འདི་དག་ནི་མནོག་ཆུང་ཞིང་སྡུག་བསྔལ་མང་བ་ཡིན་ནོ།། ཞེས་བྱ་བ་དེ་ལྟ་བ་ལ་སོགས་པར་ཤེས་དཀའ་བ་ཉིད་ཀྱིས་སོ།། ཇི་ལྟར་ན་བཟློག་པོར་དའ་བ་དང་། དཔུང་ཐུབ་པར་དཀའ་བ་དང་། རྒྱུ་བ་རྣམས་རྟོགས་པར ་དཀའ་བ་ཡིན་ཞེ་ན། བརྩལ་པ་དང་རྣམ་པར་མནན་པ་དང་། བག་ལ་ཉལ་ཡང་དག་པར་གཞོམ་པའི་སྤོང་བ་དཀའ་བ་ཉིད་ཀྱིས་ཡིན་ཏེ་གོ་རིམས་བཞིན་ནོ།། ཇི་ལྟར་བཟང་པོ་རྣམས་ཀྱི་ལམ་འཇོམས་པ་ཡིན་ཞེ་ན། ཁྱིམ ་པའི་ཕྱོགས་ལ་འདོད་ཆགས་དང་རང་དགའི་དབང་པོ་རྣམས་ཀྱི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཁྲིམས་ལ་སོགས་པ་ལས་འདའ་བར་བྱེད་པ་ཉིད་ཀྱིས་སོ།། ཇི་ལྟར་མོས་པ་དང་བློ་གྲོས་ཀྱི་དགྲ་རྣམས་དང་། ཚུལ་ཁྲིམས ་ཟད་པར་བྱ་བ་ཡིན་ཞེ་ན། རབ་ཏུ་འབྱུང་བའི་ཕྱོགས་ལ་སྔོན་རྡུལ་བསགས་པ་དང་འདིར་ཡང་འཁྲུལ་པ་རྣམས་ཀྱིས་ཏིང་ངེ་འཛིན་དང་ཤེས་རབ་དང་ཚུལ་ཁྲིམས་ཀྱི་བར་དུ་གཅོད་པའི་ཕྱིར་ཏེ། གློ་རིམས་བཞིན་ནོ།། མོས ་པ་ནི་སེམས་གནས་པ་ཡིན་པས་ཏིང་ངེ་འཛིན་ཏོ།། ཇི་ལྟར་ན་འབྱུང་པོ་རྣམས་ཀྱིས་རྫས་དང་འདྲ་བའི་དགེ་བ་ཡིན་ཞེ་ན་འདི་དང་ཕྱི་མར་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་དང་ཡོངས་སུ་སྐྱེ་བོ་པ་ཉིད་ཀྱིས་ནོར་དང་འདྲ་བའི ་ཕྱིར་རོ།། ཇི་ལྟར་ན་མི་དགེ་བའི་ཡུལ་རྣམས་ཀྱིས་འཇོམས་པ་ཡིན་ཞེ་ན། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ན། དེའི་མི་མཐུན་པའི་ཕྱོགས་ཉིད་ཀྱི་དགེ་བའི་ཆོས་རྣམས་ལས་ཐོབ་པ་དང་། མ་ཐོབ་པ་ཡོངས་སུ་ཉམས ་པོ་ཉིད་ཀྱིས་ཡོངས་སུ་ཉམས་པར་བྱེད་པའི་ཕྱིར་རོ།། ཡང་མདོར་བསྡུ་ན་འདིས་ནི་འདོད་པ་རྣམས་ཡོངས་སུ་ཤེས་པར་དཀའ་བ་ཉིད་དང་། སྤང་བར་དཀའ་བ་ཉིད་དང་། ཡོངསུ་ཤེས་ཤིང་མ་སྤངས་པ་དང་། ཇི་ལྟར་གང་དང ་གང་དག་ལ་གནོད་པ་བྱེད་པ་དེ་ཡོངས་སུ་བསྟོན་ཏེ། ཚིག་གཅིག་དང་གསུམ་དང་གསུམ་དང་ལྷག་མ་སྟེ་གོ་རིམས་བཞིན་ནོ།། རྣམ་གྲངས་གཞན་ཡང་འདོད་པ་རྣམས་ནི་ཆོམ་རྐུན་དང་ཆོས་མཐུན་པར་ཡོངས་སུ་བསྟན ་པ་ཡིན་ནོ།། ཆོམ་རྐུན་གྱི་རྒྱུ་བདུན་དག་གིས་རྐུན་པོའི་བྱ་བ་མཐར་ཕྱིན་པ་ཡིན་ཏེ། མི་འཕྲིག་པའི་རང་བཞིན་ཡིན། འཕྲིགས་ན་ཡང་མི་ལྡོག་པས་བསྟན་ཡིན། འགྲོ་བ་དང་འོང་བ་དང་ཕ་རོལ་གནོན་པ་དགུ་ལ་ངལ་བ ་མེད་པས་སྟོབས་དང་ལྡན་པ་ཡིན། མི་མངོན་པ་དང་བགྲོང་དཀའ་བའི་གནས་སུ་ཐག་རིང་ཞིང་ཐིབས་པོར་རྒྱུ་བ་ཡིན། མ་ལུས་པར་འཕྲོགས་པས་སྙིང་བརྩེ་བ་མེད་པ་ཡིན། གཉིད་ལོག་ཅིང་རཱ་རོ་བཱ་ན་འཇོམས་པས ་དུས་ཤེས་པ་ཡིན། མི་མཐུན་ཞིང་ཤ་ཁོ་ན་ཅན་ཡིན་ནོ།། དངོས་པོའི་འདོད་པ་ཉོན་མོངས་པའི་འདོད་པ་དང་བཅས་པ་རྣམས་ཀྱང་དེ་དང་ཆོས་མཐུན་པ་ཡིན་ཏེ། དེ་ལ་མི་འཕྲིགས་པའི་རང་བཞིན་ཉིད་ནི་ཤེས་པར ་དཀའ་བ་ཉིད་ཀྱིས་སྟོན་ཏེ། ཉེས་དམིགས་ཡོངས་སུ་མི་ཤེས་པའི་ཕྱིར་རོ།། བརྟན་པ་ཉིད་ནི་བཟློག་པར་དཀའ་བ་ཉིད་ཀྱིས་ཏེ། བསལ་བར་དཀའ་བའི་ཕྱིར་རོ།། སྟོབས་དང་ལྡན་པ་ཉིད་ནི ་དཔུང་ཐུབ་པར་དཀའ་བ་ཉིད་ཀྱིས་ཏེ། ཀུན་ཏུ་རྒྱུ་བ་རྣམས་པར་མནན་པར་དཀའ་བའི་ཕྱིར་རོ།། ཐིག་རིང་ཞིང་ཐིབས་པོར་རྒྱུ་བ་ཉིད་ནི་རྒྱུ་བ་རྟོགས་པར་དཀའ་བ་ཉིད་ཀྱིས་ཏེ། བགོ་ལ་ཉལ་བ་ནི་ཐག་རིང་དུ་ཞུགས་ཤིང ་མི་མངོན་པར་སོང་བའི་ཕྱིར་རོ།། སྙིང་བརྩེ་བ་མེད་པ་ཉིད་ནི་བཟང་པོའི་ལམ་འཇོམས་པ་ལ་སོགས་པ་ཉིད་ཀྱིས་ཏེ། དགེ་བ་མ་ལུས་པར་མེད་པར་བྱེད་པའི་ཕྱིར་རོ།། དུས་ཤེས་པ་ཉིད་ནི་གཉིད་ལོག་པ་དང་ར་རོ་ཞིང ་མྱོས་པ་ལྟ་བུའི་འདོད་ཚོགས་དང་།། དགའ་བའི་དབང་པོ་ཅན་རྣམས་ལ་འཇོམས་པའི་ཕྱིར་རོ།། མི་མཐུན་པ་ཉིད་ནི། མི་དགེ་བ་ཉིད་ཀྱིས་དགེ་བ་དང་། འགལ་བའི་ཕྱིར་རོ།། ནང་པར་མར་མེ་རླུང་གིས་བསྐྱོད་པ་འདྲ། ་བ་དང་།། ཆུ་བོའི་འགྲམ་གྱི་ལྗོན་ཤིང་རྩ་བ་འགུལ་འདྲ་དང་།། སྣོད་ཆགས་ཡོད་པའི་ཆུ་ནི་འཛག་པར་བྱེད་པ་ལྟར།། འགྲོ་བ་འདི་ནི་དབང་མེད་འཇིག་པའི་ཆོས་ཙུན་ཡིན།། དེ་ལྟར་འགྲོ་བ་རབ་ཏུ་འཇིག་པའི་ཆོས ་ཅན་ཡིན་ན། ཁྱེད་དམ་པའི་ཆོས་མཉན་པར་གཡེང་བའི་མི་རིགས་སོ།། ཅིའི་ཕྱིར་ཚིགས་སུ་བཅད་པ་འདི་ལས་དཔེ་གསུམ་དག་གིས་བསྟན་ཞེ་ན། འདི་ལྟ་སྟེ། འགྲོ་བ་ཞེས་བྱ་འདི་ནི་ཚེ་ཡི་དབང་གིས་མིང ་དང་གཟུགས།། འཇུག་ཡིན་གསུམ་པོ་དེ་ཕྱིར་ཇི་ལྟ་བུརུ།། མི་བརྟན་པ་དེ་འཆི་བ་གྱེལ་ཟད་ལ།། ཕྱོགས་པའི་མར་མེ་ལྗོན་ཤིང་ཆུ་ཡིས་བསྟན།། གཞན་ཡང་རྒྱུ་བརྒྱད་དག་གིས་ཆོས་འདི་ལ་ཤིན་ཏུ་བཙལ་བར་མི ་བྱ་བར་འགྱུར་ཏེ། གལ་ཏེ་ཐར་པ་དོན་དུ་མི་གཉེར་བ་ཡིན་པ་དང་། ནད་མེད་པ་མ་ཡིན་པའི་ཕྱིར་རམ། རང་དབང་མེད་པ་ཉིད་ཀྱིས་ཕྱིར་གཉེར་ན་ཡང་མི་ནུས་པ་ཡིན་པ་དང་། གལ་ཏེ་ནུས་ན་ཡང་བཙལ་བ་མ་བྱས་པར ་འབྲས་བུ་ཡོད་པ་མ་ཡིན་པ་དང་། གཞན་གྱིས་བྱེད་པ་པོ་གཞན་ཡིན་པ་དང་། བརྩལ་བ་བྱས་ཀྱང་ངེས་པར་འགྲུབ་པར་མི་འགྱུར་བ་དང་། འདིས་གྲུབ་པ་སྙམ་དུ་ཡིད་ཆེས་པར་མི་བྱེད་པ་ཡིན་པ་དང་། བདག་གིས་ཇི ་ལྟར་བརྩོན་པར་བྱ་ཞེས་ཐབས་མི་ཤེས་པ་ཡིན་པ་དང་། ངན་སོང་ལས་ཡང་དག་པར་བརྒལ་བའི་དབུགས་བྱིན་པ་ཐོབ་པ་ཡིན་ནོ།། འོན་ཏེ་ཡང་དོན་གཉེར་ནུས་དང་མ་བྱས་པར།། འབྲས་མེད་པོ་གཞན་མེད་པ་དང་།། ་ངེས་པར་འགྲུབ་དང་ཡིད་ཆེས་དང་།། ཐབས་ཤེས་ལོག་པར་ལྟུང་བ་ཡི།། མཐའ་གནས་པ་ཡི་སྐྱེ་བོ་གང་།། ཤིན་ཏུ་རྩོལ་བར་མི་བྱེད་པ།། དེ་ནི་ངེས་པར་སྡིག་ལས་ཀྱིས།། བསྒྲིབ་ཤིང་སྡུག་བསྔལ་མང་བསྟེན་ཡིན།། ་ངན་སོང་ཐོས་ལ་ཡིད་ཆེས་ཤིང་།། དེ་ཡིད་གཉེན་པོ་མི་བྱེད་ལ།། འཇིགས་ཤིང་ནུས་དང་ལྡན་པ་དག། ཚེ་ཐུང་ང་ཡང་མ་ངེས་དང་།། མི་བྱ་བར་ནི་བྱ་མིན་དང་།། བྱེད་པོ་གཞན་མེད་མ་བྱས་པར།། བདེ་ལས་མེད་ཅིང་བྱས་པ་དང་། ་མི་འཇིགས་དེ་བྱེད་མི་ཤིས་མིན།། གལ་ཏེ་སོ་སོའི་སྐྱེ་བོ་དག། འདོད་པ་ཡི་ནི་ཟང་ཟིང་གི། ཕུབ་མཱ་ལ་ནི་ཡོངས་འཇུས་ནས།། ཀྱེ་མ་འདི་ནི་རབ་མྱོས་པའི།། གླང་ཆེན་ཉལ་བ་བྱེད་དམ་ཅི།། བྱིས་པ་ཀུན ་ནི་རྟེན་ཡོད་དམ།། ཀྱེ་མཱ་མི་བཟད་ཀྱེ་མ་དཀའ།། ཀྱེ་མའོ་སྡུག་བསྔལ་གྱིས་མི་འཇིགས།། ཀྱེ་མའོ་བརླག་ལ་ཕྱོགས་པ་ཡིན།། སངས་རྒྱས་གསུངས་ཞེས་བྱ་བ་གང་།། དཀོན་མཆོག་འདོད་དོན་སྒྲུབ་མཛད་པ།། སྐྱེ་བོ་སྟེར་སྣ ་མེད་འདུག་པས།། གཎྜཱི་བསྲུངས་ཏེ་སྒྲོགས་བྱེད་ན། གཏི་མུག་དེང་རྒྱལ་ལྡོངས་པ་ཡི།། བྱིས་པ་འདི་དགེ་བདག་ཉིད་ལ།། དགྲ་བོ་བཞིན་དུ་བརླག་པའི་རྒྱུ།། གྲོང་པའི་དགྲ་ལ་མངོན་པར་དགའ།། བདག་ལ་ཕན་པོར་བརྩོན ་རྣམས་ཀྱིས་ནི་དགྲ་ཡིནྡ་ན་ཡང་ལེགས་བཤད་གཟུང་།། ངན་པ་ཡིན་ཀྱང་སྐྱེ་བོས་ཕུན་འདོགས་སྐྱེ་བོའི་ང་རོ་དཔྱད་བྱ་ན།། དགྲ་བཅོམ་པ་ཉིད་འགྲོ་བ་ཕན་པ་དཔུང་གཉེན་ཕན་པ་གསུངས་པ་ཡི།། གསུང་ནི་གལ་ཏེ་མི་འཛིན ་ཀྱི་ཧུད་ཀྱི་ཧུད་ཚིག་ནི་འདིར་བྱས་ལེགས།། ཚིགས་སུ་བཅད་པ་འདི་རྣམས་ཀྱིས་ནི་ཇི་ལྟར་བྱིས་པོ་རྣམས་ལ་མྱ་ངན་དུ་བྱ་བ་དེ་ཡོངས་སུ་བསྟན་ཏོ།། ཇི་ལྟར་ན་བྱིས་པ་རྣམས་མྱ་ངན་དུ་བྱ་བ་ཡིན་ཞེ་ན། ལོག་པར་བསྒྲུབ ་བསྐྱོན་ལྔ་དང་ལྡན་པ་ལ་གནས་པའི་ཕྱིར་རོ།། ལོག་པར་སྒྲུབ་པ་དེ་ཡང་ཚིགས་སུ་བཅད་པ་གཞན་གསུམ་དག་གིས་བསྟན་པ་ཡིན་ནོ།། དེ་ཡང་མདོར་བསྡུ་ན་སངས་རྒྱས་ཀྱི་གསུང་མོ་ཉན་པ་དང་། མི་འཛིན་པ་ལས ་བརྩམས་ནས་རིག་པར་བྱའོ།། སངས་རྒྱས་ཀྱི་གསུང་གང་རྙེད་པར་དཀའ་བ་དང་། དོན་ཆེ་བ་དང་། འབད་པ་མེད་འཐོབ་པ་བཞིན་དུ་གཏི་མུག་གི་ལྗོངས་པ་ཉིད་ཀྱིས་བག་མེད་པའི་རྒྱུ་འཁྲིག་པ་དང་ལྡན་པའི་སྒྲ་དག་ལ་ཆགས ་ནས་ཉན་དུ་མི་འདོད་པ་དང་། ཐོས་ན་ཡང་ཕན་པ་བཞད་པ་དང་། ཕན་པའི་བླ་མས་གསུངས་པ་ལ་མི་བསྒྲུབ་པས་མི་འཛིན་པའོ།། སྦྱིན་ལྔ་གང་དག་ཅེ་ན། མི་བཟད་པ་ཉིད་དང་། དཀའ་བ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། ་འཇིགས་པ་ཉིད་དང་། བརླག་པ་ལ་ཕྱོགས་པ་ཉིད་དོ།། གཉེན་པོ་སྲིད་པ་ཡོད་ཀྱང་ལོག་པར་སྒྲུབ་པ་གང་ལ་སྐྱོན་ལྔ་ཡོད་པ་དེ་ཡང་མི་ཟད་པ་ལ་སོགས་པའི་སྒྲར་བསྟན་ཏོ།། ཅི་མི་བཟད་པ་ནི་དེ་ཕྱིས་གདུང་བའི་རྒྱུ་ཡིན། ་པའི་ཕྱིར་ཏེ། འདི་ལྟར་གང་གིས་གདུངས་པར་འགྱུར་བ་དེ་བྱས་ནས་མི་བཟད་པ་བྱས་སོ་ཞེས་ཟེར་རོ།། དཀའ་བ་ནི་མང་པོ་ཀུན་ཏུ་འཆོལ་བས་དུབ་པའི་རྒྱུ་ཡིན་པའི་ཕྱིར་རོ།། སྡུག་བསྔལ་བ་ནི་ལུས་དང་སེམས་ལ ་གནོད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། གསོད་པ་དང་། འཆང་བ་དང་། རྡེག་པ་ལ་སོགས་པ་གཞན་གྱི་གནོད་པ་དང་མྱ་ངན་གྱི་གནས་ཡོན་པ་ཉིད་ཀྱིས་སོ།། འཇིགས་པ་ནི་ངན་འགྲོར་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ།། བརླག། ་པ་ལ་ཕྱོགས་པ་ཉིད་ནི་མྱ་ངན་ལས་འདས་པའི་ལམ་དང་ཐག་རིང་བར་འགྱུར་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། ཀྱེ་མའོ་ཞེས་བྱ་བའི་ཚིག་གི་ཕྲད་འདི་ནི་ཡ་མཚན་གྱི་དོན་ལ་ཡང་མཐོང་སྟེ།། དཔེར་ན་བདེ་སའི་བུས ་མངོན་པར་དང་ནས་ཀྱེ་མའོ་ཆོས་ནི་ལེགས་པར་གསུངས་པ་ཞེས་སྨྲས་པ་ལྟ་བུའོ།། མྱ་ངན་བྱེད་པའི་དོན་ལ་ཡང་སའི་བཅུད་ནུབ་པ་དང་ཀྱེ་མའོ་སའི་བཅུད་ཀྱེ་མའོ་སའི་བཅུད་ཅེས་མྱ་ངན་བྱས་པ་ལྟ ་བུའོ།། སྨོན་པའི་དོན་ལ་ཡང་མ་ལཱ་ཀྱེ་མའོ།། བདག་མི་སྐལ་པ་བཟང་པོ་པ་རྣམས་དང་སྐལ་པ་མཉམ་པ་ཉིད་དུ་སྐྱེ་བར་ཤོག་ཅིག་ཅེས་བྱ་བ་ལྟ་བུའོ།། སྨད་པའི་དོན་ལ་ཡང་དཔེར་ན་རྐུན་པོ་བྱེད་པ་ན་ཀྱེ་མོ་བྲམ་ཟེའི་ལེགས ་པ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། ད་ནི་འདིར་མྱ་ངན་བྱེད་པའི་དོན་དུ་བལྟ་བར་བྱའོ།། རྐུན་པོ་ཞིག་གིས་ར་བ་བརྒྱད་ཕུག་སྟེ། རྒྱལ་པོའི་མཛོད་དུ་ཞུགས་ནས་སྐོམ་པས་ཆང་ཞིམ་པོ་འཐུངས་ཏེ་ར་རི་ནས་ཉལ་བ་དང་ནང་པར ་བཟུང་ནས་སྡུག་བསྔལ་བར་བྱས་ཞེས་གྲག་གཽ།། དེ་བཞིན་དུ་ཁྱེད་ཀྱིས་མི་ཁོམ་པའི་ར་བ་བརྒྱད་ཕྱུག་སྟེ། དལ་བར་སྐྱེས་པའི་རྒྱལ་པོའི་མཛོད་དུ་ཞུགས་ནས་འདོད་པ་ལ་དགའ་བའི་ཆང་འཐུངས་ཏེ་ར་རོ་བ་ཉིད་ཀྱིས ་སྲོག་གི་མཚན་མོའི་ནམ་ནངས་ན་བདག་ཉིད་ལ་སྡུག་བསྔལ་བསྐྱེད་པར་མི་རིགས་སོ།། ཕག་མོ་ཐོ་བའི་ཕྲེང་ལྡན་མོའི་སྔོན་གྱི་ཚུལ་ཡང་བརྗོད་པར་བྱ་སྟེ། དེ་བཞིན་དུ་དམ་པའི་ཆོས་མ་ཉམས་པས་སེམས་ཅན་རྣམས ་མངོན་པར་མཐོ་བའི་འགྲོ་བར་སྐྱེས་ནས་ཤུགས་ཟད་པས་མངའ་གནམ་དུ་འཕངས་པ་སླར་ས་ལ་ལྟུང་བ་བཞིན་དུ་ཡང་ངན་འགྲོར་འགྲོ་བར་འགྱུར་རོ།། དེ་ལྟ་བས་ན་རྣམ་པ་དེ་ལྟ་བུའི་ཚིགསུ་བཅད་པ་དང་། གཏམ་པ ་དང་། སྔོན་གྱི་སྦྱོར་བ་ལ་སོགས་པ་དག་གིས་སྐྱོ་བའི་གཏམ་ཉེ་བར་བསྒྲུབ་པར་བྱའོ།། དེ་ལྟ་བུའི་ཡ་མཚན་དང་། རབ་ཏུ་དགའ་བ་དང་། སྐྱོ་བའི་གཏམ་ཉེ་བར་བསྒྲུབ་པ་ཉིད་ཀྱིས་གུས་པར་ཉན་པ་དང་ལྡན་པ་བརྗོད་པར་བྱའོ།། མདོ ་སྡེའི་རྒྱན་ལས་ཀྱང་མདོ་སྡེ་རྣམ་པར་བཤད་པའི་ཚུལ་བསྟན་ཏོ།། གཅེས་པ་དང་ནི་དགོངས་པ་ཅན་གྱི་གསུངས་དག་རྣམ་པ་མང་དུ་བརྗོད།། ཚིག་གི་དོན་དང་མཚམས་སྦྱར་སྡེ་པ་དང་འདྲ་བར་མང་དུ་བརྗོད་པར་བྱ།། འགལ་བ ་དགེ་དང་ལན་གདབ་ཐབས་ཀྱང་མང་དུ་བརྗོད་ཅིང་ཤེས་པར་བྱ།། ཡོན་ཏན་འདི་དག་རྣམས་དང་ལྡན་པས་གལ་ཏེ་སྨྲ་ན་ལེགས་སྨྲ་ཡིན།། ཚིགསུ་བཅད་པ་འདིས་ནི་སངས་རྒྱས་ཀྱི་གསུང་ཡོན་ཏན་ལྔ་དག་ཏུ་བསྟེན་པར་གྲག ་སྟེ། དགོས་པ་དང་བཅས་པ་ཉིད་དང་། དགོངས་པ་ཟབ་པ་ཉིད་དང་། མཚན་ཉིད་ཟབ་པ་ཉིད་དང་། སྔ་ཕྱི་འབྲེལ་པ་ཉིད་དང་། རིགས་པ་དང་འབྲེལ་པ་ཉིད་དོ།། གཞན་ཡང་བསྟན་པ། གང་ཞིག་གཞན་གྱིས་བརྒལ་ན་སྙན་པར ་སྨྲ་བྱེད་རྩུབ་པ་མ་ཡིན་དང་།། བསྟོད་དམ་གྲུབ་པར་གྱུར་ཀྱང་གང་གི་ཡིད་ནི་རྒྱགས་པར་མི་བྱེད་དང་།། གང་ཞིག་དོན་རྒྱས་པ་དང་སྣ་ཚོགས་འབྲེལ་དང་གོ་བྱེད་སྨྲ་བ་དང་།། གང་ཞིག་སྙིང་ལ་དགེ་རྩཝ་སྐྱེད་པ་དེ་ནི་སྨྲེ་བྱེད ་མཁས་པ་ཡིན།། ཚིགས་སུ་བཅད་པ་འདིས་ནི་སྨྲ་བ་པོ་རྣམ་པ་གཉིས་ཀྱི་ཡོན་ཏན་རྣམ་པ་གཉིས་ཀྱིས་བསྟན་པར་གྲག་སྟེ། སྨྲ་བ་པོ་རྣམ་པ་གཉིས་ནི་རང་གི་ཕྱོགས་འཛུགས་པ་དང་། ཆོས་སྟོན་པའོ།། ཡོན་ཏན ་རྣམ་པ་གཉིས་ནི་ངག་ཡོངསུ་དག་པ་དང་། སེམས་ཡོངས་སུ་དག་པའོ།། དེ་ལ་དང་པོའི་དྲུག་ཡོངས་སུ་དག་པ་ནི་གཞན་གྱིས་བརྒལ་བ་ན་སྙན་པར་སྨྲ་བ་ཉིད་དང་། མི་སྙན་པ་མི་སྨྲ་བ་ཉིད ་ཀྱིས་སོ།། སེམས་ཡོངས་སུ་དག་པ་ནི་བསྔགས་པ་དང་། རྒྱལ་བ་ཐོབ་ཀྱང་དེའི་ཉེ་བའི་ཉོན་མོངས་པ་མི་སྐྱེ་བས་སོ།། གཉིས་པའི་ངག་ཡོངས་སུ་དག་པ་ནི་ཡོང་སུ་རྫོགས་པ་དང་། མི་ཟློས་པ་དང་། ཆུད་མ ་དང་མི་འགལ་བའི་དོན་དང་། གསལ་བའི་ཚིག་བརྗོད་པ་ཉིད་ཀྱིས་སོ།། སེམས་ཡོངས་སུ་དག་པ་ནི་བདག་དང་གཞན་གྱི་རྒྱུད་ལ་དགེ་བའི་རྩ་བ་བསྐྱེད་པའི་བསམ་པའི་སེམས་ཟང་ཟིང་མེད་པ་ཉིད་ཀྱིས་སོ།། ་ལྟར་མེའི་སྒོ་བུད་ཤིང་ཡིན།། ཇི་ལྟར་ཆུའི་ལམ་གཏོང་པ་ལྟར།། དེ་བཞིན་བློ་དང་ལྡན་རྣམས་ལ།། མདོ་སྡེ་བཤད་པའི་ཤིན་འདི་བསྟནྡ།། རྣམ་པར་བཤད་པའི་རིགས་པ་ལས་ལེའུར་བཅད་པ་ལྔ་པ་སྟེ། ་རྣམ་པར་བཤད་པའི་རིགས་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང་། ཤཱཀྱ་སིདྷེ་དང་། ཞུ་ཆེན་གྱི་ལོ་ཙ་བཾ་བནྡེ ་རྩངས་དེ་བེནྣ་རཀྵི་ཏ་ས་པ་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་