CLOSE WINDOW

GT3564: rnam par bshad pa'i rigs pa'i mdo sde'i dum bu brgya
Wyliee-texts produced with BDRC’s OCR application

@རྒྱ་གར་སྐད་དུ། བྷཱ་ཁཱ་ཡུཀྟི་སཱུ་ཏྲ་ཁརྞྞ་ཤ་ཏཾ། བོད་སྦྱད་དུ། རྣམ་པར་བཤད་པའི་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཆོས་གང་དག ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། མངོན་པར་བརྗོད་པས་མངོན་པར་རྗོད ་པར་བྱེད་པ་ནི་མང་དུ་ཐོས་པ་དང་། ཐོས་པའི་གཞི་ཅན་དང་། ཐོས་པ་བསགས་པ་ཡིན་ཏེ། དེས་ཆོས་དེ་ལྟ་བུ་མང་པོ་ཐོས་པ་དང་། གཟུང་བ་དང་། ཁ་ཏོན་བྱེད་པ་དང་། ཡིད་ཀྱིས་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པ་ཡིན ་ནོ་ཞེས་བྱ་བ་དང་། འདི་ལྟར་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ ་སྦྱར་པོ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བ་དང་། དེའི་ཚེ་ང་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས ་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི་ཚོགས་ལས་གྲོལ་བ་དང་། ངེས་པར་བྱུང་བ་དང་། བྲལ་བ་དང་། རབ་ཏུ་རྣམ་པར་གྲོལ་བ་དང་། སེམས་ཕྱིན་ཅི་མ་ལོག་པས་ལན་མང་དུ་གནས་ཤིང་། དེའི་ཚེ་བདག་ནི་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ཤེས་སོ་ཞེས་བྱ་བ་དང་། བཙུན་པ་བཅོམ་ལྡན་འདས་ནི་མ་དུལ་བ་རྣམས་དུལ་བར་མཛད་པ། མ་ཞི་བ་རྣམས་ཞི་བར་མཛད་པ། དབུགས་མ་ཕྱིན ་པ་རྣམས་དབུགས་འབྱིན་པར་མཛད་པ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པའོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ནི་ལམ་མཁྱེན་པ། ལམ་ཐུགས་སུ་ཆུད་པ། ལམ་སྟོན ་པ། ལམ་གསུང་བ། ལམ་ཡོངས་སུ་འདྲེན་པ་ལགས་སོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོང་བ། འདི་མཐོང་བ ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་རང་གི་རིག་པར་བྱའོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ། ངེས་པར་འབྱུང་བ་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། ་མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ་ཞེས་བྱ།། བརྟེན་པ་ཡོད་པ་ཞེས་བྱ། འདི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བ་དང་། དགེ་སློང་དག་ངའི་ཆོས་ནི་ལེགས་པར་གསུངས ་པ། གསལ་བ་ཕྱེ་བ། རྒྱུ་བ་བཅད་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བརྟན་པའོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། རིག་པར་ཞུགས་པ། དྲང་པོར་ཞུགས་པ། ་མཐུན་པར་ཞུགས་པ། ཆོས་རྗེས་སུ་མཐུན་པར་སྤྱོད་པའོ་ཞེས་བྱ་བ་དང་། དགེ་སློང་གང་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན། ཁོང་མྱགས་པ། འཛག་པ། ཤིང་རུལ་པ་ལྟ་བུ། བོང་བུ་ལྟར་ཀུན་དུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར ་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་ཅན་མ་ཡིན་པར་ཚངས་པར་སྤྱོད་པ་ཅན་དུ་ཁས་འཆེ་བ་དེ་ནི། ཇི་ལྟར་རྨིག་པ་གཅིག་ལ་རཱ་ན་མེད་པ་དང་། རྐང་པ་བཞི་ལ་དུང་གི་ཁ་ཅན་སྐད་པོ་ཆེ།། རྟག་ཏུ་བ་ལང་རྣམས་ཀྱི་ནང་དུ་རབ ་འགྲོ་སྟེ།། འདི་ལ་ཁྱུ་མཆོག་སྒྲ་ནི་འབྱིན་པར་མི་བྱེད་ལྟར།། དེ་བཞིན་འདིར་ནི་ཁ་ཅིག་དྲན་ཉེར་མ་གཞག་ཅིང་།། རྟག་ཏུ་བདེ་བར་གཤེགས་པ་མཆོག་གི་བསྟན་པ་ལ།། གནས་པར་མི་བྱེད་ལེ་ལོ་ལྡན་ཞིང་མ་གུས་པ།། འདུས ་མ་བྱས་པའི་གོ་འཕང་དེ་ལ་འདིར་མི་རེག། གཞན་ཡང་བོང་བུ་དེ་ནི་བ་ལང་ནང་སོང་ཡང་།། དེ་ནི་བ་ལང་རྣམས་ལས་རིང་བར་གྱུར་པ་ཡིན།། གཞན་ཡང་དེ་ལྟ་བུ་ནི་དགེ་འདུན་ནང་འདུག་ཀྱང་།། འཕགས་པའི་ཚོགས་རྣམས་དང་ནི་རིང ་བ་ཡིན་ཞེས་བརྗོད་ཅེས་བྱ་བ་དང་། གཽ་ཏ་མ་དག་ཁྱེད་ནི་སྐྱེ་དགུ་ཉོན་མོངས་པ་ཅན། སྡུག་བསྔལ་ཅན། མྱ་ངན་ཅན། འཁྲུག་པ་ཅན་དག་ཡིན་ན། ཁྱེད་ཅག་ལ་རྙེད་པ་དག་ནི་ཅི་དག་ཡོད། ལེགས་པར་རྙེད་པ་དག་ནི་ཅི་དག་ཡོད་ཅེས ་བྱ་བ་དང་། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་མིག་གི་རོ་མྱང་བར་བྱེད་པ་དེ་དག་ནི་དགེ་སྦྱོང་ངམ་བྲམ་ཟེ་བདུད་ང་ལ་སྡིག་འདོད་ཀྱི་དབང་དུ་ཤས་ཀྱིས་སོང་བ་དང་། དབང་དུ་སོང་བ་དང་། ལག་ཏུ་སོང་བ་དང་། བདུད་པ ་ལ་སྡིག་འདོད་ཀྱི་ཅི་འདོད་དགུར་བྱ་བ་དང་། བདུད་ཀྱི་བཅིང་བ་དག་གིས་བཅིངས་པ་དང་། བདུད་ཀྱི་ཞགས་པ་དག་ལས་ཡོངས་སུ་མ་གྲོལ་བ་ཞེས་བྱའོ།། ཞེས་བྱ་བ་དང་། མི་དགེ་བའི་ཆོས་རྣམས་ཡང ་དག་པར་བླངས་པའི་རྒྱུས་མཐོང་བའི་ཆོས་ཉིད་ལ་སྡུག་བསྔལ་བ་དང་། སྡུག་བསྔལ་དང་བཅས་པ་དང་། ཕོངས་པ་དང་བཅས་པ་དང་། གནོད་པ་དང་བཅས་པ་དང་། ཡོངས་སུ་གདུང་བ་དང་བཅས་པར་གནས་པ་དང་། ལུས ་ཞིག་ནས་ངན་འགྲོར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བ་དང་། སྲོག་གཅོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། ཞེས་བྱ་བ་དང་། སྒྲིབ་པ་ལྔ་པོ་སེམས་ཉེ་བར ་ཉོན་མོངས་པར་བྱེད་པ་དག་ནི་འདོད་པ་ལ་འདུན་པའི་སྐྱོབ་པ་དང་། གནོད་སེམས་དང་རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱི་སྒྲིབ་པའོ་ཞེས་བྱ་བ་དང་། སྒྱུ་རྩལ་ཤོས་ངག་གསུམ་པོ་འདི་དག་ནི་སེམས ་ཅན་རྣམས་ཀྱི་ལས་ཀྱི་གཞི་དང་། ཀུན་ཏུ་འབྱུང་བ་དག་ཡིན་པར་རིག་པར་བྱ་སྟེ། སྒྱུ་རྩལ་ཤེས་དག་གསུམ་པོ་གང་ཞེ་ན། ཆགས་པ་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང་། ཀུན་འབྱུང་བ་དག་ཡིན་པར་རིག་པར་བྱ་སྟེ། ་སྒྱུ་རྩལ་ཤེས་དག་ཞེ་སྡང་དང་། གཏི་མུག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང་། ཀུན་འབྱུང་བ་དག་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བ་དང་། དེ་ལྟར་རྣམ་པར་རྟོག་པ་དེ་དག་ནི་མི་དགེ་བ་རྣམས་དང་། སྡུག ་བསྔལ་བ་རྣམས་དང་། འཕགས་པ་མ་ཡིན་པ་རྣམས་དང་། དོན་མེད་པ་དང་ལྡན་པ་རྣམས་སོ་ཞེས་བྱ་བ་དང་། མི་དུག་གི་འདོད་པ་རྣམས་ནི་མི་གུ་ཙང་བ་རྣམས་དང་། དཱ་མི་ཞིམ་པ་རྣམས་དང་། དྲི་ང་བ་རྣམས་དང་། ་མི་མཐུན་པ་རྣམས་ཡིན་ནོ་ཞེས་བྱ་བ་དང་། ཟས་རྣམས་དང་ནི་སྐོམ་རྣམས་དང་ཡང་དེ་བཞིན་རོ་རྣམས་དང་།། བུད་མེད་རྣམས་ནི་འདོད་རྣམས་ཡིན་ཞེས་འདི་ནི་ཁ་ཅིག་འཆི།། ཕུང་པོ་འདི་དག་དྲི་མ་ལགས་པར་ཡང ་དག་རབ་མཐོང་སྟེ།། དེ་སླད་བདག་ནི་བྱིན་དང་སྦྱིན་སྲེག་ལ་ནི་དགའ་མ་མཆིས། ཞེས་བྱ་བ་དང་། འདོད་པའི་རྒྱུ་དང་། འདོད་པའི་གཞི་དང་། འདོད་པའི་དབང་དུ་བྱས་པ་དང་། འདོད་པ་རྣམས་ཁོ་ནའི་རྒྱུས་མ་དང་བུ་དག ་ནས་རྩོད་པར་བྱེད་ན་ཞེས་བྱ་བ་དང་། ཚོགས་པ་དང་། ཞེན་པ་དང་འཆུམས་པ་དང་། མདུད་པ་བོར་བ་དང་། བརྒྱལ་བ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཞེན་པའོ་ཞེས་བྱ་བ་དང་། འདོད་པ་ལ་འདོད་ཆགས་དང་། ་ལྷག་པར་ཞེན་པ་དང་། རྣམ་པར་བཅིངས་པ་དང་། ཡོངས་སུ་ཞེན་པ་དང་། ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་ཁྱིམ་པ་རྣམས་དང་ཁྱིམ་པ་རྣམས་སུ་རྩོད་པར་བྱེད་དོ།། ལྟ་བ་ལ་འདོད་ཆགས་དང་། ལྷག་པར་ཞེན་པ་དང་། ་རྣམ་པར་བཅིངས་པ་དང་། ཡོངས་སུ་ཞེན་པ་དང་། ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་རབ་ཏུ་བྱུང་བ་རྣམས་དང་། རབ་ཏུ་བྱུང་བ་རྣམས་སུ་རྩོད་པར་བྱེད་དོ་ཞེས་བྱ་བ་དང་། དགེ་སློང་དག་སེམས་ཅན་དེ་དག་ལ་ནི་དོན་སྤྱོད་པ ་མེད། ཆོས་སྤྱོད་པ་མེད། བསོད་ནམས་སྤྱོད་པ་མེད། དགེ་བ་སྤྱོད་པ་མེད། དགེ་ལེགས་སྤྱོད་པ་མེད་ཅེས་བྱ་བ་དང་། དགེ་སློང་དག་དེ་ནི་ཆུ་གཏེར་ཆེན་པོ་དང་། ཆུའི་ཆུ་ཆེན་པོ་དང་། ཆུའི་ཚོགས ་ཆེན་པོ་དང་། ཆུའི་ཆུ་ཆེན་པོ་མ་ཡིན་གྷི་ཞེས་བྱ་བ་དང་། ཐགས་འཁྲུག་པ་ལྟ་བུ་དང་། དྲེ་བུ་འཛིངས་པ་ལྟ་བུ་དང་། རྩ་མན་ཛ་དང་བལ་པ་ཛ་ལྟ་བུར་འོང་བ་དང་འགྲོ་བར་གྱུར་ཅིང་། འཛག་རྟེན་འདི་ནས་འཇིག་རྟེན་ཕ་རོལ ་དུང་། འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཀུན་ཏུ་རྒྱུག་པར་བྱེད། འཁོར་བར་བྱེད། འཁོར་བ་ལས་མི་འདའ་བར་མེ་པ་ཞེས་ལ་པ་དང་། སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པ་དག་གིས ་ཞེས་བྱ་བ་དང་། ཅི་ཁྱོད་ལ་ཚོར་བ་སྡུག་བསྔལ་བ། མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ། སྲོག་འཕྲོག་པ་སྐྱེས་པ་ལུས་ལས་བྲལ་ཞིང་མི་སྐྱེ་ལ། དེ་བྲལ་ཞིང་མི་སྐྱེ་བར་མངོན་པ་ཡིན་ནམ་ཞེས་བྱ་བ་དང་། སྡུག ་བསྔལ་ཉིད་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་སྔལ་ཉིད་དོ།། ཞེས་བྱ་བ་དང་། ཇི་སྐད་དུ། འདུ་བྱེད་སྡུག་བསྔལ་ཉིད་དང་ནི།། འགྱུར་བ་ཉིད་དུ ་མཁྱེན་ནས་ནི།། རྫོགས་སངས་རབ་ཏུ་མཁྱེན་པ་ཡིས།། ཚོར་བ་སྡུག་བསྔལ་ཉིད་དུ་གསུངས་ཞེས་གསུངས་པ་ལྟ་བུ་དང་། སྲོག་གཅོད་པ་དང་། དྲག་ཤུལ་ཅན་དང་། ལོག་པ་ཁྲག་དམར་བ་དང་། གསོད་པ་དང་། རབ ་ཏུ་གསོད་པ་ལ་གནས་པ་དང་། སེམས་ཅན་སྲོག་ཆགས་སུ་གྱུར་པ་ལ་ངོ་ཚ་མེད་ཅིང་སྙིང་མི་བརྩེ་བ་ལ་ཞུགས་པ་ཡིན་ལ། ཐ་ན་སྲོག་ཆགས་སྲིན་བུ་ཕྱེའུ་དང་། གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་མི་སྤོང་བ་ཡིན་ནོ་ཞེས་བྱ་བ ་དང་། དགེ་སློང་དག་གསོན་པ་རྣམས་ལས་གཉིད་ལོག་པ་ནི་སྟོང་པ་དང་། གསོག་དང་འབྲས་བུ་མེད་པ་དང་། དོན་མེད་པ་དང་། ཕན་ཡོན་མེད་པ་ཡིན་ནོ་ཞེས་བྱ་བ་དང་། བྱིས་པ་རྨོངས་པ་མི་བསལ་བ་མི་མཁས་པ་ཞེས་བྱ་བ ་དང་། བྱིས་པའི་རང་བཞིན་ཅན། རྨོངས་པའི་རང་བཞིན་ཅན། ཤེས་རབ་འཆལ་པའི་རང་བཞིན་ཅན་ཞེས་བྱ་བ་དང་། གྲོ་ཞིན་སྐྱེས་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལྀ་དག་གཟུགས་མི་རྟག་པ་མི་བརྟན་པ་ཡིད་བསྟན་དུ་མི་རུང་བ།། ་འགྱུར་བའི་ཆོས་ཅན་གྱིས་ཆེ་བ་ཡིན་ནོ་སྙམ་དུ་རློམ་པར་བྱེད། ཁྱད་པར་དུ་འཕགས་སོ་སྙམ་དུ་རློམ་པོར་བྱེད། དམན་པ་མ་ཡིན་ནོ་སྙམ་དུ་རློམ་པར་བྱེད། གྲོ་བཞིན་སྐྱེས་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཐམས་ཅད་ནི་དེ་ལྟར ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བའི་ཕྱིར་རོ།། གཟུགས་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་བར་དུའང་དེ་བཞིན་ནོ་ཞེས་བྱ་བ་དང་། གཟུགས་གང་རྟགས་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། མི་འགྱུར་བའི་ཆོས ་ཅན་དང་། ཡང་དག་པར་དེ་བཞིན་དུ་གནས་པར་འགྱུར་བའི་གཟུགས་དེ་ལྟ་བུ་འགའ་ཡོད་དམ་ཞེས་བྱ་བ་དང་། འཕགས་པ་ཉོན་ཐོས་ཤེས་ནས་དད་པ་བཞི་དག་དང་ལྡན་པ་ནི་འཚོ་བ་དག་གིས་དབུལ་བ་མ་ཡིན། བཀྲེན ་པ་མ་ཡིན། ཕོངས་པ་མ་ཡིན་པར་འཚོ་ཞིང་ཞེས་བྱ་བ་དང་། གལ་ཏེ་ཏིང་ངེ་འཛིན་འདུ་བྱེད་པས་ཟིན་ཅིང་ཆུ་བཞིན་དུ་བཟུང་བ་ཡིན་ལ། ཆོས་ཉིད་ཀྱིས་ཟིན་ཅིང་ཞི་བ་མ་ཡིན་པ་དང་། གྱ་ནོམ་པ་མ་ཡིན་པ ་དང་། ལམ་ཤིན་ཏུ་སྦྱངས་པ་ཐོབ་པ་མ་ཡིན་པ་དང་། སེམས་རྒྱུད་གཅིག་ཏུ་གྱུར་པ་རྟོག་པ་མ་ཡིན་པ་ཞེས་བྱ་བ་དང་། དེ་ལྟར་སེམས་མཉམ་པར་བཞག་པ་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་དང་། ཉོན་མོངས་པ་མེད་པ་དང་། ་ཉེ་བའི་ཉོན་མོངས་པ་དང་བྲལ་བ་དང་། དྲང་པོར་གྱུར་པ་དང་། ལས་སུ་རུང་བ་དང་། གནས་པ་དང་། མི་གཡོ་བ་ཐོབ་ན་ཞེས་བྱ་བ་དང་། ཏིང་ངེ་འཛིན་དང་གནས་དང་ལྡང་།། ཉམས་བདེ་བ་དང་སྤྱོད་ཡུལ་དང་།། མངོན་པར་བསྒྲུབ ་དང་སྤྱོད་པ་དང་།། མི་སྤྱོད་དེ་བཞིན་གཉིས་ཀ་དང་།། སྐྱེ་དང་འབྲིང་དང་དེ་བཞིན་ཐབས།། ཞི་གནས་རབ་འཛིན་བཏང་སྙོམས་སོ།། ཞེས་བྱ་བ་དང་། སྲེད་པ་ཡང་སྲིད་པ་འབྱུང་བར་བྱེད་པ་དགའོ་བའི་འདོད་ཆགས་དང་ལྡན་པ་དེ ་དང་དེ་ལ་མངོན་པར་དགའ་བ་དེ་མ་ལུས་པར་སྤངས་པ་དང་། བོར་བ་དང་། བསལ་བ་དང་། ཟད་པ་དང་འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། རྣམ་པར་ཞི་བ་དང་། ནུབ་པ་གང་ཡིན་པ་ཞེས་བྱ་བ་དང་། རྟོག་གེ་པ ་ཡིན། སྤྱོད་པ་པ་དང་། རྟོག་གེ་ལ་ཞུགས་པ་དང་། རང་གི་སྤོབས་པ་དང་ལྡན་པ་དང་། སོ་སོའི་སྐྱེ་བོ་དང་ལྡན་པ་དང་། སྤྱོད་པ་འབྲེལ་པའི་ས་ལ་གནས་པ་ཡིན་ཞེས་བྱ་བ་དང་། འཆི་བ་ནི་བཟང་པོ་མ་ཡིན། འདུས་བྱས ་པ་ནི་བཟང་པོ་མ་ཡིན། ཚེ་ཕྱི་མ་ནི་བཟང་པོ་མ་ཡིན་ནོ་ཞེས་བྱ་བ་དང་། ཚེར་མ་ཕྱུང་བ་རྣམས་དང་། ཚར་མ་དཀྲུག་པ་རྣམས་དང་། ཚེར་མ་དང་བྲལ་བ་རྣམས་དང་། ཚེར་མ་མེད་པ་རྣམས་གང་ཡིན་པ་ཞེས་བྱ་བ་དང་། དད་པ་སྐྱེས ་ན་འགྲོ་བར་བྱེད། སོང་ནས་ཆོས་ཉན་པར་བྱེད་དོ།། དེས་ན་ཆོས་དེ་ཐོས་ནས་སེམས་པར་བྱེད་དོ།། བསམས་ནས་འཇལ་བར་བྱེད་ཅིང་། ཉེ་བར་རྟོག་པར་བྱེད་ལ། བདེན་པ་དེ་ཡང་ལུས་ཀྱིས་མངོན་སུམ་དུ་བྱེད་ཅིང་ཤེས་རབ ་ཀྱིས་སོ་སོར་འབིགས་པར་བྱེད་དོ་ཞེས་བྱ་བ་དང་། གཞི་དེ་ལས་སྦྱིན་པ་པོ་དང་། སྦྱིན་བདག་གི་བསོད་ནམས་རྒྱུན་རྒྱས་པ་དང་། དགེ་བ་རྒྱུན་རྒྱས་པ་དང་། བདེ་བ་འདྲེན་པ་ཚད་མེད་པ་ཡོད་པར་ཞེས་བྱ་བ་དང་། རྫུ་འཕྲུལ་གྱི་ཡུལ ་རྣམ་པ་མང་པོ་ཉམས་སུ་མྱོང་བར་བྱེད་དེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར།། མང་པོར་གྱུར་ནས་གྲི་ཅིག་ཏུ་འགྱུར་ལ་སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་བ་ཡང་ཤེས་པ་དང་། མཐོང་བས་ཉམས་སུ་མྱོང་བར་བྱེད ་པ་དང་། རྩིག་པ་ལ་ཡང་ཐ~ཾད་ཀར་འགྲོ། རི་ལ་ཡང་ཐད་ཀར་འགྲོ། ར་བ་ལ་ཡང་ཐད་ཀར་འགྲོ་སྟི། ལུས་ཀྱི་ཐོག་པར་འགྲོ་ལ། ས་ལ་ཡང་སྟེང་དུ་འབྱུང་བ་དང་། བྱེའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ།། ཆུ་ལྀ ་ཡང་མི་ནུབ་པའི་རྒྱུན་གྱིས་འགྲོ་སྟེ། དཔེར་ན་ས་ཆེན་པོ་ལ་བྱ་བ་བཞིན་ནོ།། ནམཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ།། ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར ་མཐུ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ་ལ་ཡང་ལག་པས་འཛིན་ཅིང་ཉུག་པར་བྱེད་ཀུན་ཏུ་ཉུག་པར་བྱེད་དོ།། ཚངས་པའི་འཇིག་རྟེན་གྱི་བར་དུ་སེམས་ཅན་རྣམས་ལ་ལུས་ཀྱི་དབང་སྒྱུར་རོ་ཞེས་བྱ་བ་དང་། འཇིག་ཚོགས ་འགོག་པ་མྱ་ངན་ལས་འདས་པ་ལ་སེམས་འཇུག་པར་བྱེད། དད་པར་བྱེད། ཀུན་ཏུ་གནས་པར་བྱེད། རྣམ་པར་གྲོལ་བར་བྱེད་ཅེས་བྱ་བ་དང་། དགེ་སློང་དག་འདི་ལ་མིག་གི་དབང་པོ་བསྲུང་བའི་ཕྱིར་དང་། སྦ་བའི་ཕྱིར་དང་། དུལ་བར ་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ་ཞེས་བྱ་བ་དང་། དགེ་སློང་དག་དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང་། ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པ་དང་། ཤིན་ཏུ་བསྡམ་པ་དང་། ཤིན་ཏུ་བསྒོམས་པ་ནི་ཞེས་བྱ་བ ་དང་། དེ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱུ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས ་ཏེ་གནས་སོ།། དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླ་དང་འོག་དང་ཐད་ཀར་རྣམ་པ་ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ། ་འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་དང་། བརྩོན་འགྲུས་བརྩམས་ཤིང་ཞུམ་པ་མེད་པ ་ཡིན། ལུས་ཤིན་ཏུ་སྦྱངས་ཤིང་ཉེས་པར་བརྩམས་པ་མེད་པ་ཡིན། དྲན་པ་ཉེ་བར་བཞག་ཅིང་ཀུན་ཏུ་རྨོངས་པ་མེད་པ་ཡིན། སེམས་མཉམ་པར་བཞག་ཅིང་རྩེ་གཅིག་པ་ཡིན་ཞེས་བྱ་བ་དང་། དགེ་སློང་དག་འདི་ནི་སྡུགས ་བསྔལ་འཕགས་པའི་བདེན་པའོ།། ཞེས་སྦྱར་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་ཤིང་། ཤེས་པ་དང་རིག་པ་དང་། བློ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དང་། དགེ་སློང་དག་འདི་ནི་ཁྱེད་ལ་ཕན་པའི ་ཕྱིར་དང་། འདི་ནི་བདེ་བའི་ཕྱིར་དང་། འདི་ནི་ཕན་པ་དང་། བདེ་བའི་ཕྱིར་ཞེས་བྱ་བ་དང་། ཤིང་ཐགས་བཙུགས་པ་ནི་ཟབས་རིང་། ལེགས་པར་བཙུགས་པ། བསྲ་བ་བརྟན་པ། མཁྲེགས་པ་དང་ལྡན་པ། མི་གཡོ་བ། མི ་འཆགས་པ་ཡིན་ཞེས་བྱ་བ་དང་། དེས་ལྗོངས་སྤྱོད་སྨོད་པ་དང་། བརྩོན་འགྲུས་ཀྱིས་ཐོབ་བྱ། ལག་མཐུས་བསྒྲུབས་པ། རྡུལ་མེད་དྲི་མ་ཆགས་ཆགས་སུ་བསྒྲུབས་པ། ཆོས་དང་ལྡན་པའི་ཆོས་ཀྱིས་རྙེད་པ་ཞེས་བྱ་བ་དང་། ་ཡོན་དབུལ་བར་བྱེད་པ་ནི་ཚེ་ཕྱི་མ་ལ་འགྲོ་བ་གོང་མར་འགྱུར་བ་དང་། སྐལ་པ་བཟང་པོར་འགྱུར་བ་དང་། རྣམ་པར་སྨིན་པ་བདེ་བར་འགྱུར་བ་དང་། མཐོ་རིས་འགྲུབ་པར་བྱེད་པར་འགྱུར་བའོ་ཞེས་བྱ་བ་དང་། དགེ་སློང་ངས ་ཁྱེད་ལ་སྐྱེས་བུ་དོམ་པ་རྣམས་ཀྱི་འགྲོ་བ་བདུན་དང་། ལེན་པ་མེད་པར་མྱ་ངན་ལས་འདས་པ་བཤད་པར་བྱའོ།། སྐྱེས་བུ་དམ་པ་རྣམས་ཀྱི་འགྲོ་བ་བདུན་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་ནི་འདི་ལྟར་བདག་མ་བྱུང ་ཡང་རུང་། བདག་གི་མ་བྱུང་ཡང་རུང་། བདག་མི་འབྱུང་བར་འགྱུར་རོ།། བདག་གི་མི་འབྱུང་བར་འགྱུར་རོ་སྙམ་དུ་ཞུགས་པ་ཡིན་ནོ།། དེ་ལྟར་ན་གང་ཡོད་པ་དང་། གང་བྱུང་བ་དེ་སྤང་ངོ་སྙམ་དུ་བཏང་སྙོམས ་ཐོབ་ལ། དེ་ལ་ཆགས་པར་མི་བྱེད་ཅིང་། དེའི་འོག་ཏུ་ཞི་བའི་སྒོ་འཕང་གྲོང་མ་ལ་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད་དོ་ཞེས་བྱ་བ་དང་། ཡོད་པ་ལ་ཡང་ཡོད་པ་ཉིད་དང་། མེད་པ་ལ་ཡང་མེད་པ་ཉིད་དང་། བླ་མ་དང་བཅས་པ ་ལྔ་ཡང་བླ་དང་བཅས་པ་ཉིད་དང་། བླ་ན་མེད་པ་ཡང་བླ་ན་མེད་པ་ཉིད་དུ་ཤེས་པར་འགྱུར་ཞེས་བྱ་བ་དང་། ལེགས་པར་མཐོང་བ་དང་། ལེགས་པར་རིག་པ་དང་། ལེགས་པར་ཡིད་ལ་བྱས་པ་དང་། ལེགས་པར་བརྟན་པ་དང་། ་ལེགས་པར་རྟོག་པ་ཞེས་བྱ་བ་དང་། འདུན་པ་སྐྱེད་པར་བྱེད། རྩོལ་བར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་དོ་ཞེས་བྱ་བ་དང་། འདུས་པ་དང་ལྡན་པ། ཚོགས་དང་ལྡན་པ། ་ཚོགས་ཀྱི་སློབ་དཔོན་སྐྱེ་བོ་མང་པོས་ཞི་བའི་རང་བཞིན་དུ་ཀུན་ཏུ་ཤེས་པ། ཚོགས་ཆེན་པོས་མདུན་གྱིས་བདར་བ་ཞེས་བྱ་བ་དང་། དམག་ལྡན་ཆོས་འདི་ནི་ཟབ་པ། ཟབ་པར་སྣང་བ། མཐོང་བར་དཀའ་བ། ཁོང་དུ་ཆུད་པར ་དཀའ་བ། བརྟག་མི་ནུས་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོ་བརྟགས་པའི་མཁས་པ་དང་། མཛངས་པས་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པས་ཕན་ཡོན་བཅུ་གཟིགས་ནས་འདུལ་བ ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་མཛད་དོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་བྱ་བའི་ཕྱིར་དང་། མངོན་པར་མ་དད་པ་རྣམས ་དད་པར་བྱ་བའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང་། གང་ཟག་གནོང་མི་བསྐུར་བ་རྣམས་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མཐོང་བའི ་ཆོས་ཀྱི་ཟག་པ་རྣམས་བསྡམ་པའི་ཕྱིར་དང་། ཚེ་རབྱས་ཕྱི་མའི་ཟག་པ་རྣམས་བཟློག་པའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་བཟུང་བའི་ཕྱིར་དང་། ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ངའི་ཚངས་པར་སྤྱད ་པ་སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་བ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། རྒྱས་པ་དང་། ལྷ་དང་མི་རྣམས་ཀྱི་བར་དག་ལ་ཡང་དག་པར་ལེགས་པར་རབ་ཏུ་བསྟན་པའོ་ཞེས་བྱ་བ་དང་། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་སྡུག ་བསྔལ་གང་ཡིན་པ་དེ་འགག་པ་དང་། དེ་ཉེ་བར་ཞི་བ་དང་། དེ་བསིལ་བར་གྱུར་པ་དང་། དེ་ནུབ་པ་ཞེས་བྱ་བ་དང་། བྲམ་ཟེ་དེ་སོམ་ཉི་མེད་ཅིང་འགྱོད་པ་ཆད་པ་དང་། འབྱུང་བ་དང་། འཇིག་པ་ལ་སྲེད་པ་དང་བྲལ་བ་དང་། ཆགས ་པ་རྒྱས་པར་མི་འགྱུར་བ་ཡིན་ཞེས་བྱ་བ་དང་། དགེ་སློང་དག་མི་རྟག་པའི་འདུ་ཤེས་བསྒོམས་ཤིག། དགེ་སློང་དག་མི་རྟག་པའི་འདུ་ཤེས་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་དང་། བགྲོད་པར་བྱས། རྟེན་དུ་བྱས།། ་ནན་ཏན་ཏུ་བྱས་ཤིང་ཤིན་ཏུ་རྫོགས་པར་བྱས་ལ་ལེགས་པར་བརྩམས་པ་ནི་འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་འཇོམས་ཤིང་། གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་། གཟུགས་མེད ་པའི་འདོད་ཆགས་ཐམས་ཅད་དང་། རྒོད་པ་དང་། ང་རྒྱལ་དང་། མ་རིག་པ་ཐམས་ཅད་ཡང་དག་པར་འཇོམས་ཏེ། དཔེར་ན་ཁྱིམ་བདག་ཞིང་པ་དབྱར་འདས་ནས་སྟོན་གྱི་དུས་ཀྱི་ཚེ་བཤོལ་ཆེན་པོས་ཞིང་རྣམས་རྨེད་ཅིང་རྨེད ་པ་ན་རམ་པའི་རྩ་རྒྱུས་ཐམས་ཅད་གཅོད་པར་བྱེད། ཀུན་ཏུ་སྤྱོད་པར་བྱེད། མངོན་དུ་གཅོད་པར་བྱེད་པ་དེ་བཞིན་དུ། དགེ་སློང་དག་མི་རྟག་པའི་འདུ་ཤེས་ཀུན་ཏུ་བརྟེན་ཅིང་སྔ་མ་བཞིན་དུ་ང་རྒྱལ་དང་མ་རིག་པའི་བར་དུ་ཡང་དག ་པར་འཇོམས་སོ།། དགེ་སློང་དག་དཔེར་ན་མི་རྩི་བལ་བ་ཛ་བརྡོ་བ་ཞིག་གི་རྩཝ་བལ་བ་ཛ་ཆུང་ཞིང་ཉུང་ལ་མི་མང་བ་ཤས་ཤིག་མཆོག་མ་ནས་བཟུང་སྟེ། སྤུག་ཅིང་བར་བུར་ཐམས་ཅང་སེལ་བར་བྱེད་པ་དེ་བཞིན་དུ་མི་རྟག་པའི ་འདུ་ཤེས་ཀུན་ཏུ་བསྟེན་ཅིང་ཞེས་བྱ་བ་ནས། ང་རྒྱལ་དང་། མ་རིག་པའི་བར་དུ་ཡང་དག་པར་འཇོམས་སོ།། དཔེར་ན་ཤིང་ཐོ་གཱས་ཨ་མྲའི་དོགས་པ་ལ་ཨ་མྲ་གང་ཅི་ཡོད་པ་དེ་ཐམས་ཅད་ནི་རྩ་རྒྱུས་དང་ལྡན་པ། རྩ་རྒྱུས་ལ ་བརྟེན་པ། རྩ་རྒྱུས་དང་འབྲེལ་པོ། རྩ་རྒྱུས་སུ་འདུ་བ། རྩ་རྒྱུས་དང་མ་བྲལ་བ་དག་ཡིན་ཞིང་དེ་དག་ལས་འབྱུང་བ་དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀུན་ཏུ་བརྟེན་ཅིང་སྟེ་སྔ་མ་བཞིན་ནོ།། དཔེར་ན་གཙང་ཁང་ཕྱུར་བུའི་ཕྱམ ་དགུ་པོ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་སྤྱི་རྟེན་ལ་གནས། སྤྱི་རྟེན་ལ་བརྟེན།། སྤྱི་རྟེན་ལ་རག་ལས། སྤྱི་རྟེན་ལ་གཞོལ་བས་སྤྱི་རྟེན་ནི་དེ་རྣམས་ཀྱི་མཆོག་ཡིན་པར་བསྟན་ཏོ། འདི་ལྟ་སྟེ་ཀུན་ཏུ་འཛིན་པའི་ཕྱིར་རོ།། དེ་བཞིན་དུ་མི་རྟག ་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ།། དཔེར་ན་སྲོག་ཆགས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་འགྲོ་བ་རྣམས་རྗེས་གང་ཇི་སྙེད་པ་དེ་དག་ཐམས་ཅད་གླང་པོ་ཆེའི་རྗེས་སུ་འདུས་ཤིང་ཁོངས་སུ་ཆུད་པས་གླང་པོ་ཆེའི་རྗེས་ནི་དེ་རྣམས ་ཀྱི་མཆོག་ཏུ་བསྟན་ཏེ། འདི་ལྟ་སྟེ། ཆེ་བ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ་མི་རྟག་པའི་འདུ་ཤེས་སྔ་མ་བཞིན་ནོ།། དཔེར་ན་འཛྲམྦུའི་གླིང་དུ་འབྲབ་ཆུ་གུང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་རྒྱ་མཚོར་གཞོལ་བ། རྒྱ་མཚོར་འབབ་པ་ཡིན།། ་རྒྱ་མཚོ་འབབ་པ་ཡིན་པས་རྒྱ་མཆི་ནི་དེ་རྣམས་ཀྱི་མཆོག་ཡིན་པར་བསྟན་ཏེ། འདི་ལྟ་སྟེ། ཀུན་ཏུ་སྡུད་པའི་ཕྱིར་རོ།། དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ།། དཔེར་ན། གནམ་ལས་ཉི་མ་ཤར་བ་ནི་གནམ་ལ ་ཡོག་པའི་མུན་པ་ཐམས་ཅད་འོད་ཀྱིས་ཟིལ་གྱིས་མནན་ནས་ལྷམ་མེ་ལྷན་ནེ་ལྷང་ངེའོ།། དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ།། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཁམས་ཀྱི་རྒྱལ་པོ་གངྒཱ་ཇི་སྙེད་པ་དེ་རྣམས ་ཀྱི་མཆོག་ཡིན་ཏེ། འདི་ལྟ་སྟེ། དབང་བྱེད་པ་ཉིད་ཀྱིས་སོ།། དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀུན་ཏུ་བརྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་དང་། བགྲོད་པར་བྱས། རྟེན་དུ་བྱས། ནན་ཏན་དུ་བྱས་ཤིང་ཤིན་ཏུ་རྫོགས ་པར་བྱས་ལ། ལེགས་པར་བརྩམས་པ་ནི་འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་འཇོམས་ཤིང་། གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་དང་། ་རྒོད་པ་དང་། ང་རྒྱལ་དང་། མོ་རིག་པ་ཐམས་ཅད་ཡང་དག་པར་འཇོམས་སོ།། སྡོམ་ནི། ཞིང་པ་དང་ནི་གྲེས་མ་བརྡ།། དོག་པ་དང་ནི་སྤྱི་རྟེན་དང་།། རྗེས་དང་འབབ་ཆུ་ཉི་མ་དང་།། བརྒྱད་པ་རྒྱལ་པོ་ཡིན་པར་འདོད་ཅེས་བྱ་བ་དང་།། ་ཚེ་དང་ལྡན་པ་དག་དགེ་སློང་ཆོས་སྨྲ་བ་པོས་ཆོས་ཀྱི་གཏམ་བྱེད་པ་ན་རྣམ་པ་ཉི་ཤུ་པོ་འདི་དག་དང་ལྡན་པས་གཏམ་བྱ་སྟེ། དུས་སུ་དང་། གུས་པ་དང་། གོ་རིམས་དང་། མཚམས་སྦྱར་བ་དང་། རྗེས་སུ་མཐུན་པ་དང་། དགོའ་བར ་བྱ་བ་དང་། འདོད་པར་བྱ་བ་དང་། མགུ་བར་བྱ་བ་དང་། སྤོ་བ་བསྐྱེད་པ་དང་། མི་སྨད་པ་དང་རིགས་པ་དང་། འབྲེལ་པ་དང་། མ་འདྲེས་པ་དང་། ཆོས་དང་ལྡན་པ་དང་། འཁོར་ཇི་ལྟ་བ་བཞིན་དང་། བྱམས་པའི་སེམས་དང་། ་ཕན་པའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མི་བརྟན་པ་དང་། གཏམ་དེ་དག་བརྗོད་པ་ན་བདག་ལ་བསྟོད་པར་མི་བྱ་ཞིང་། གཞན་ལ་སྨད་པར་མི་བྱ་ལ་གཏམ་ཡང་བྱ་བ ་སྟེ། རྣམ་པ་ཉི་ཤུ་པོ་འདི་དག་དང་ལྡན་པས་གཏམ་བྱའོ་ཞེས་བྱ་བ་དང་། ཚེ་དང་ལྡན་པ་དག་ཆོས་ཉན་པར་འདོད་པས་ནི་རྣམ་པ་བཅུ་དྲུག་དང་ལྡན་པས་ཆོས་ཉན་པར་བྱ་སྟེ། དུས་སུ་ཆོས་ཉན་པར་བྱ་བ་དང་། གུས་པ་དང་། ཉན་པར ་གུས་པ་དང་། མ་རངས་པ་མེད་པ་དང་། སྒོ་བ་བཞིན་བྱེད་པ་དང་། ཀླན་ཀཱ་མ་འཚོལ་བ་དང་། ཆོས་ལ་གུས་པ་ཉེ་བར་བཞག་པ་དང་། གང་ཟག་ཆོས་སྨྲ་བ་ལ་གུས་པ་ཉེ་བར་བཞག་པ་དང་། ཆོས་ལ་བརྙས་པ་མེད་པ་ཉིད་དང་། གང ་ཟག་ཆོས་སྨྲ་བ་ལ་བརྙས་པ་མེད་པ་ཉིད་དང་། བདག་ཉིད་ལ་བརྙས་པ་མེད་ཉིད་དང་། ཀུན་ཏུ་ཤེས་པར་བྱ་བའི་སེམས་དང་། སེམས་རྩ་གཅིག་ཏུ་བྱ་བ་དང་། རྣ་བླགས་པ་དང་། སེམས་ཀུན་ཏུ་བཏུང་བ་དང་། སེམས་ཐམས་ཅད ་ཀྱིས་བསམས་ནས་ཆོས་མཉན་པར་བྱ་སྟེ། ཚེ་དང་ལྡན་པ་རྣམ་པ་བཅུ་དྲུག་པོ་འདི་དག་དང་ལྡན་པས་ཆོས་མཉན་པར་བྱའོ་ཞེས་བྱ་བ་དང་། གསུང་གསལ་བ་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་དང་། རྣམ་པར་ཤེས ་པར་བྱ་བ་དང་། མཉན་པར་འོས་པ་དང་། མི་བརྟེན་པ་དང་། མི་མཐུན་པ་མེད་པ་དང་། ཡོངས་སུ་གཏུགས་མེད་པས་ཆོས་སྟོན་པར་མཛད་དོ་ཞེས་བྱ་བ་དང་། དེ་ནས་ཚེ་དང་ལྡན་པས་ག་དགེ་སློང་རབ་ཏུ་མང་པོ་དག་རིམ་གྲོའི་གནས་སུ ་ཚོགས་ཤིང་འདུས་པར་གྱུར་པ་དག་ལ་སྐད་གསལ་བ་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་དང་། རྣམ་པར་ཤེས་པར་བྱ་བ་དང་། མཉན་པར་འོས་པ་དང་། མི་རྟེན་པ་དང་། མི་མཐུན་པ་མེད་པ་དང་། ཡོངས་སུ ་གཏུགས་པ་མེད་པར་ཆོས་སྟོན་པར་བྱེད་པ་དང་། དེ་ལ་དགེ་སློང་དེ་དག་གིས་བཀུར་སྟིར་བྱས། བླ་མར་བྱས། མཆོད་པར་བྱས། ཡིད་ལ་བྱས། སེམས་རྩེ་གཅིག་ཏུ་བྱས་ཏེ། རྣ་བླུགས་ཤིང་སེམས་ཐམས་ཅད་ཀྱི་བསམས ་ནས་ཆོས་ཉན་པར་བྱེད་དོ་ཞེས་བྱ་བ་དང་། ཆོས་མངོན་པ་དང་འདུལ་བ་མངོན་པ་ལས་དྲི་བ་དྲིས་པ་ཡང་ཤེས་ཤིང་། ཚིག་དང་ཡིག་འབྲུ་རིགས་པ་དང་། འབྲེལ་པ་དང་། རྗེས་སུ་མཐུན་པ་དང་། འབྱོར ་པ་དང་། ཐབས་དང་། ལྡན་པ་དང་། འཚམས་པ་དང་། མཐུན་པ་དང་། རྟགས་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་རྣམས་ཀྱི་ལན་ལྡོན་པར་བྱེད་དོ་ཞེས་བྱ་བ་དང་། དགེ་སློང་དག་གཏམ་ལ་འཇུག་པར་བྱ་སྟེ། འདུན་པ་དང་། ཞེ་སྡང ་དང་། ང་རྒྱལ་དང་། འཆབ་པ་དང་། ཀུན་ནས་མནར་སེམས་དང་། མི་བཟོད་པ་དང་། ཡིད་མི་ཆེས་པ་དང་། སྤངས་ལ་སེམས་ཀྱི་ཐ་བ་དང་། འཐབ་པའི་གཽཞི་ཡང་བོར་ཏེ་ལྟ་བའི་ཡོངས་སུ་གདུང་བ་ཡང་བསལ་ནས་ཧ་ཅང་སྨྲ་བར ་ཡང་མི་བྱ་ཞིང་། འགལ་ཚབས་ཅན་དུ་ཡང་མི་བྱ་ལ། ཚིག་རྩུབ་པོ་སྨྲ་བར་ཡང་མི་བྱ་སྟེ། དོན་དང་ཆོས་བསྟན་པར་བྱ། ཀུན་ཤེས་པར་བྱ། ཡང་དག་པར་ཤེས་པ་བྱ་ངེས་པར་ཤེས་པར་བྱ། ངེས་པར་སེམས་སུ་ཞུགས་པར་བྱ་ཞིང་མགུ་བར་བྱ། ཡང ་དྲག་པར་མགུ་བར་བྱ། ཡོངས་སུ་མགུ་བར་བྱ་ལ། དད་པར་བྱ་ཞིང་དད་པ་བསྐྱེད་པར་བྱ་སྟེ། འཕགས་པོ་རྣམས་ནི་དེ་ལྟར་བརྗོད་ཅིང་། འཕགས་པ་རྣམས་ཀྱི་བརྗོད་པོ་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་དང་། དགེ་སློང་དག་བདག ་ཉིད་གླིང་དུ་འགྱུར་བ་དང་། བདག་ཉིད་སྐྱབས་སུ་འགྱུར་བ་དང་། ཆོས་གླིང་དུ་འགྱུར་བ་དང་། ཆོས་སྐྱབས་སུ་འགྱུར་བ་དང་། གླིང་གཞན་མ་ཡིན་པ་དང་། སྐྱབས་གཞན་མ་ཡིན་པར་གནས་པར་གྱིས་ཤིག་ཅེས་བྱ་བ་དང་། ་དགེ་སློང་དག་ལོག་པར་ལྟ་བ་སྤོངས་དེ་ཅིའི་ཕྱིར་ཞེ་ན། དགེ་སློང་ལོག་པར་ལྟ་བ་ནི་སྤངས་པར་རུང་བས་སོ།། དགེ་སློང་དག་གལ་ཏེ་ལོག་པར་ལྟ་བ་སྤང་བར་མི་རུང་ན་ནི་ལོག་པར་ལྟ་བ་སྤོངས་ཤིག་ཅེས་ང་མི་ཟེར་བ་ཞིག་ན། གང ་གི་ཕྱིར་ལོག་པར་ལྟ་བ་སྤང་དུ་རུང་བ་དེའི་ཕྱིར་དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག་ཅེས་ང་དེ་སྐད་ཟེར་རོ།། དགེ་སློང་དག་གལ་ཏེ་ལོག་པར་ལྟ་བ་སྤངས་པས་དུས་རིང་པོར་དོན་མེད་པ་དང་། མི་ཕན་པ་དང་། སྡུག་བསྔལ་བ་འགྲུབ། ་པར་འགྱུར་བ་ནི་ལོག་པར་ལྟ་བ་སྤོངས་ཤོག་ཅེས་དེ་སྐད་མི་ཟེར་བ་ཞིག་ན། གང་གི་ཕྱིར་ལོག་པར་ལྟ་བ་སྤངས་པས་དོན་དང་ཕན་པ་དང་། བདེ་བ་འགྲུབ་པར་འགྱུར་བ་དེའི་ཕྱིར་དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག་ཅེས་ང་དེ ་སྐད་ཟེར་རོ་ཞེས་བྱ་བ་དང་། དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོད་མ་གཟུང་ཞིག། གང་ཟག་ལ་ཚང་མ་འཛིན་ཅིག། དེ་ཅིའི་ཕྱིར་ཞེ་ན། གང་ཟག་གི་གང་ཟག་ལ་ཚོད་འཛིན་པ་དང་། གང་ཟག་ལ་ཚད་འཛིན་པ་ནི་གནོད་པར ་འགྱུར་ཏེ། ང་འམ་ང་འདྲ་བ་གང་ཡིན་པས་གང་ཟག་ཚོད་བཟུང་བ་འམ་ཚད་འཛིན་པ་ཡིན་ནོ་ཞེས་བྱ་བ་དང་། དེ་འདི་སྙམ་དུ་ཀྱེ་མ་བདག་གི་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་སྡིག་པ་བྱས་ཤིང་། ཀྱེ་མ་བདག་གི་འདི་ལྟ་སྟེ། ་ལུས་དང་ངག་དང་ཡིད་ཀྱིས་བསོད་ནམས་མ་བྱས་པས་སྡིག་པ་བྱེད་བྱེད་པ་རྣམས་དང་། དྲག་ཤུལ་བྱེད་བྱེད་པ་རྣམས་དང་། གདུག་པ་བྱེད་བྱེད་པ་རྣམས་དང་། བསོད་ནམས་མ་བྱས་པ་རྣམས་དང་། དགེ་བ་མ་བྱས་པ་རྣམས ་དང་། འཇིགས་པས་བག་ཚ་བ་རྣམས་དང་སྐྱོབ་པ་མ་བྱས་པ་རྣམས་ཀྱི་འགྲོ་བ་གང་ཡིན་པའི་འགྲོ་བ་དེ་དག་ཏུ་འགྲོ་བར་འགྱུར་རོ་སྙམ་དུ་སེམས་ནས་ཡིད་ལ་གཅགས་པ་འབྱུང་སྟེ། དགེ་སློང་དག་གང་ཟག་ཡིད་ལ ་གཅགས་པའི་འཆི་བ་ནི་བཟང་པོ་མ་ཡིན་ལ། འདུ་བྱེད་པ་ནི་བཟང་པོ་མ་ཡིན་ཞིང་ཚེ་ཕྱི་མར་འགྲོ་བ་ཡང་བཟང་པོ་མ་ཡིན་ནོ་ཞེས་བྱ་བ་དང་། དགེ་སློང་དག་གསོན་པོ་རྣམས་ལས་གཉིད་ལོག་པ་ནི་བརྫུན་པ་དང་། ཤིན་ཏེ་མ་དང་། ་འབྲས་བུ་མེད་པ་དང་། དོན་མེད་པ་དང་། ཕན་ཡོན་མེད་པ་ཡིན་གྱིས་ཀྱང་། དགེ་སློང་དོག་གཉིད་ལོག་པ་ནི་སླའི། འཐབ་མོ་དང་། འཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་གང་དག་སྐྱེ་བོ་མང་པོ་ལ་མི་ཕན་པ་དང་། དོན་མེད་པར ་འགྱུར་བ་དང་། ལྷ་དང་མི་རྣམས་ལ་མི་གནས་པ་དང་། སྡུག་བསྔལ་བར་འགྱུར་བའི་རྣམ་པར་རྟོག་པ་གང་ལ་བརྟེན་ནས་ཆགས་པ་དང་། འཐབ་མོ་དང་། འཚང་འབྲུ་བ་དང་། རྩོད་པ་དང་། འགྱེད་པར་འབྱུང་བའི་རྣམ་པར་རྟོག་པའི་རྣམ ་པར་བརྟག་པ་ནི་དེ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བ་དང་། དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ནི་གཤེ་ཡང་སླར་མི་གཤེ་ཁྲོས་ཀྱང་སླར་མི་ཁྲོ། བརྡེགས་ཀྱང་སླར་མི་བརྡེག། འཚང་བྲུས་ཀྱང་སླར་འཚང་མི་འབྲུ་བའོ་ཞེས་བྱ་བ་དང་། འདི་ལ ་འཕགས་པ་ཉན་ཐོས་ནི་བདག་ཉིད་ཀྱི་ཚུལ་ཁྲིམས་དག་ལ་ཚུལ་ཁྲིམས་འདི་དག་ནི་མ་ཉམས་པ། སྐྱོན་མེད་པ། འདྲེན་མར་མ་གྱུར་པ། ཐུན་ཚགས་མ་ཡིན་པ། རང་དབང་ཅན། ནོག་ནོག་པོར་མ་གྱུར་པ། ལེགས་པར་ཆུབ ་པ། ལེགས་པར་བརྩམས་པ། མཁས་པ་རྣམས་ཀྱིས་བསྔགས་པ། མཁས་པ་རྣམས་ཀྱིས་མ་སྨད་པ་ཡིན་ནོ་ཞེས་བྱ་བ་རྣམ་པ་ཡང་དག་པ་རྗེས་སུ་དྲན་ནོ་ཞེས་བྱ་བ་དང་། དགེ་སློང་དག་གང་ཟག་བདེན་པ་མཐོང་བ། འབྲས་བུ་ཐོབ ་པ། མངོན་པར་རྟོག་པ་དང་ལྡན་པའི་སྡུག་བསྔལ་ནི་རྫིང་བུ་ལེ་བརྟེན་པའི་ཆུ་ཇི་ཙམ་ཡོད་པ་དེ་སྙེད་ཙམ་ཞིག་ཡོད་དེ་སྤངས་པ་དང་ཡོངས་སུ་ཤེས་པ་སྟེ་ཞེས་བྱ་བ་དང་། དགེ་སློང་དག་གསུམ་པོ་འདི་དག་ནི་ནང་གི་དྲི་མ་ཡིན། ནང་གི ་འགྲན་ཟླ་དང་བཅས་པ་ཡི་མི། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་བོ་ཡིན་ནོ།། གསུམ་གང་དག་ཅེ་ན། དགེ་སློང་དག་འདོད་ཆགས་ནི་ནང་གི་དྲི་མ་ཡིན། ནོང་གི་འགྲན་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་བོ ་ཡིན་ནོ།། འདོད་ཆགས་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་། གཏི་མུག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་དང་། དགེ་སློང་དག་མིག་ནི་སྐྱེ་བུའི་རྒྱ་མཚོ་ཡིན་ཏེ། དེ་ལས་གཟུགས་ལས་བྱུང་བའི་ཤུགས་དག་ལས་འབྱུང་ངོ་།། གང་ཞིག་གཟུགས ་ལས་བྱུང་བའི་ཤུགས་དེ་བཟོད་པ་དེ་ནི་མིག་གི་རྒྱ་མཚོ་དཔའ་རླབས་དང་བཅས་པ། གློག་དང་བཅས་པ། འཛིན་ཁྲི་དང་བཅས་པ། སྲིན་པོ་དང་བཅས་པ་ལས་བརྒལ་བ་ཡིན་ནོ་ཞེས་བྱ་བ་དང་། ཤེས་རབ་མྱུར་བ། ཤེས ་རབ་མགྱོག་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་འབྱེད་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ ་ཚེ་དང་ལྡན་པ་ཞེས་བྱ་བ་དང་། འདི་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་བདག་ནི་སྐྱེ་དགུ་སེར་སྐྱའི་དྲི་མས་ཀུན་ནས་དཀྲིས་པ་རྣམས་ལས་སེམས་སེར་སྣའི་དྲི་མ་དང་བྲལ་བས་ལྷག་པར ་གཏོང་བ་དང་། ལག་རྐྱང་བ་དང་། རྣམ་པར་གཏོང་བ་ལ་དགའ་བ་དང་། སྦྱིན་པ་ལ་རྒྱུན་མི་འཆད་པ་དང་། གཏོང་པོ་ཕུན་སུམ་ཚོགས་པ་དང་། སྦྱིན་པ་ལ་འགེད་པར་དགའ་བས་ཁྱིམ་ནི་གནས་པ་ནི་བདག་གི་རྙེད་པ་ལེགས ་པར་རྙེད་དོ་ཞེས་སྦྱིན་པར་བྱ་བའི་ཆོས་ཀྱི་རྣམ་པ་ཡང་དག་པར་རྗེསུ་དྲན་ནོ་ཞེས་བྱ་བ་དང་། དེ་ལ་རིགས་ཀྱི་བུ་དགའ་བོའི་ཟས་ལ་ཚོད་ཟིན་པ་ནི་འདི་ཡིན་ཏེ། དགེ་སློང་དག་རིགས་ཀྱི་བུ་དགའ་བོ་ནི་ལོངས་པའི་ཕྱིར་མ་ཡིན། རྒྱགས ་པའི་ཕྱིར་མ་ཡིན། ཚ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང་། གསོ་བའི་ཕྱིར་དང་། བཀྲེས་པ་དང་བྲལ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་བཟུང་བའི་ཕྱིར་ཏེ། དེ ་ལྟ་བུས་ཚོར་བ་རྙིང་ནི་གཞོལ་བར་བྱ་ལ། ཚོར་བ་གསར་ནི་མི་སྐྱེ་བར་བྱས་ན། བདག་འཚོ་བ་དང་། སྟོབས་དང་། བདེ་བ་དང་། ཁཾ་ན་མ་ཐོ་བ་མེད་པ་དང་། རེག་པར་གནས་པར་འགྱུར་རོ་ཞེསྲ་སོ་སོར་བརྟགས་ནས་ཟོས་ཟའོ།། ་དཔེར་ན་སྐྱེས་བུ་ཤིང་རྟ་པས་མར་རོམ་འབྲུ་མར་གྱིས་ཤིང་རྟའི་སྲོག་ཤིང་ལ་སྐུད་པར་བྱེད་ན། ལོངས་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ཁལ་ཁོ་ན་ཐེག ་པའི་ཕྱིར་མ་ཡིན་ནོ།། སྐྱེས་བུ་རྨས་གཟིར་བ་ཡང་མར་རམ་འབྲུ་མར་གྱིས་རྨ་ལ་བསྐུད་པ་ན། ལྡོངས་པའི་ཕྱིར་མ་ཡིན་གྱི། རྒྱགས་པའི་ཕྱིར་མ་ཡིན། ཚ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། རྨ་ཁོ་ན་གསོ་བའི ་ཕྱིར་ཡིན་ནོ།། དེ་བཞིན་དུ་རིགས་ཀྱི་བུ་དགའ་བོ་ཡང་ལོངས་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཚ་བའི་ཕྱིར་མ་ཡིན། བརྒྱན་པོའི་ཕྱི་ཡིན་གྱི། ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང་། གསོ་བའི་ཕྱིར ་དང་། བཀྲེས་པ་དང་བྲལ་བར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་བཟུང་བའི་ཕྱིར་ཏོ། དེ་ལྟ་བུས། ཚོར་བ་རྙིང་ནི་གཞལ་བར་བྱ་ལ། ཚོམས་གསར་ནི་མི་སྐྱེ་བར་བྱས་ན། བདག་འཚེ་བ་དང་། སྟོབས་དང་། བདེ ་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། རེགྲོ་པར་གནས་པར་འགྱུར་རོ་ཞེས་སོ་སོར་བརྟགས་ནོས་ཟས་ཟའོ་ཞེས་བྱ་བ་དང་། དེ་ལ་རིགས་ཀྱི་བུ་དགའ་བོ་དྲན་པ་དང་། ཤེས་བཞིན་མོཆོག་དང་ལྡན་པ་ནི་འདི་ཡིན་ཏེ། དགེ་སློང་དག ་རིགས་ཀྱི་བུ་དགའ་བོ་ནི་གལ་ཏེ་ཤར་ཕྱོགས་སུ་རྣམ་པར་ལྟ་ན་སེམས་ཐམས་ཅད་ཀྱིས་བསམས་ནས་རྣམ་པར་ལྟའོ།། དེ་དེ་ལྟར་རྣམ་པར་ལྟ་བ་ན་བརྣབསེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས ་ལ་རྗེས་སུ་མི་འཛག་པར་འགྱུར་ལ། གལ་ཏེ་ལྷོ་དང་ནུབ་དང་བྱང་ཕྱོགས་སུ་རྣམ་པར་ལྟ་ན་ཡང་སེམས་ཐམས་ཅད་ཀྱིས་བསམས་ཏེ་རྣམ་པར་བལྟའོ།། དེ་དེ་ལྟར་རྣམ་པར་ལྟ་བ་ན་སྔ་མ་བཞིན་དུ་སེམས་ལ་རྗེས་སུ ་མི་འཛག་པའི་བར་དུ་འགྱུར་ཏེ། དགེ་སློང་དག་རིགས་ཀྱི་བུ་དགའ་བོའི་ཚོར་བ་ཡང་ཤེས་བཞིན་དུ་སྐྱེ། ཤེས་བཞིན་དུ་གནས། ཤེས་བཞིན་དུ་ནུབ་པ་དང་། ཟད་པ་དང་གཏུགས་པར་འགྱུར་ལ། འདུ་ཤེས ་ཀྱང་ཤེས་བཞིན་དུ་སྐྱེ། ཤེས་བཞིན་དུ་གནས། ཤེས་བཞིན་དུ་ནུབ་པ་དང་། ཟད་པ་དང་གཏུགས་པར་འགྱུར་རོ་ཞེས་བྱ་བ་དང་། དགེ་སློང་དག་རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་ཧ་ཅང་མི་དྲོ་བ་དང་། དུས་ཚིགས་བདེ་བ་དང་། ་གནོད་པ་མེད་པ་དང་། གང་གིས་ན་དེས་ཟོས་ཤིང་འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་སྟེ། ཕོ་བའི་དྲོད་སྙོམས་ཤིང་འཇུ་བ་དང་ལྡན་པས་གནོད་པ་ཉུང་བ་དང་། ནད་མེད་པའི་རང་བཞིན ་ཅན་དུ་གྱུར་ཏོ་ཞེས་བྱ་བ་དང་། དགེ་སློང་དག་དགེ་སློང་འདི་ལ་བརྙས་པའི་སེམས་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དགེ་སློང་འདི་ནི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་ལྡན་པ་བཞི་རྣམས ་ཅི་འདོད་པ་བཞིན་ཐོབ་པ། ཚེགས་མེད་པར་ཐོབ་པ། ངན་ངོན་མ་ཡིན་པར་ཐོབ་པ་ཡིན་ནོ་ཞེས་བྱ་བ་དང་། དགེ་སློང་དག་དཔེར་ན་མེ་ཏོག་ཨུཏྤ་ལའི་ཕྲེང་བ་འམ། ཙམྦ་ཀའི་ཕྲེང་བ་འམ། བརླི་ཀའི་ཕྲེང་བ་འམ། ཨ་ཏི་མུཀྟ ་ཀའི་ཕྲེང་བ་ཕྲག་པ་ལ་ཐོགས་པ་འམ། སྣོད་དུ་བཞག་པའི་མཚན་མོ་དང་ཉིན་མོ་དེ་དང་། དེ་དག་འདས། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེ་དང་དེ་དག་ལས་འདས་པ་དང་ཟེགས་པ་ཉིད་དུ་འགྱུར། རྙིངས་པ་ཉིད་དུ ་འགྱུར། སྐམས་པ་ཉིད་དུ་འགྱུར་རོ།། དགེ་སློང་དག་མེ་ཏོག་ཨུཏྤ་ལའི་ཕྲེང་བའམ། ཙམྦ་ཀའི་ཕྲེང་བ་འམ། བརྦི་ཀའི་ཕྲེང་བ་འམ། ཨ་ཏི་མུཀྟ་ཀའི་ཕྲེང་བ་གང་ཡིན་པ་དེ་གཟེགས་པ་དང་། རྙིངས་པ་སྐམས་པ་དང་། ཕྱག་དར ་གྱི་ཕུང་པོ་ལ་ཐུགས་པར་འགྱུར་བ་དེ་ནི་དུས་ལ་བབ་པ་ཡིན་ནོ།། དགེ་སློང་དག་དེ་བཞིན་དུ་ལུས་གཟུགས་ཅན་རག་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། ཕ་དང་མའི་ཁུ་ཆུ་ནུར་ནུར་པོ་ལས་བྱུང་བ། ཆན་དང་ནུམ་བུས་གསེ ་གསོ་བ། རྟག་ཏུ་བསྐུ་བ་དང་དཀྲུ་བ་དང་། མཉེ་བ་བྱས་པ། འགྱེས་པ་དང་འཇིག་པའི་ཆོས་ཅན་འདི་ཡང་རྒ་བ་ཉིད་དུ་འགྱུར། འཆི་བ་ཉིད་དུ་འགྱུར་རོ།། དགེ་སློང་དག་ལུས་གཟུགས་ཅན་རེག་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར ་པ། ཕ་དང་མའི་ཁུ་ཚུ་ནུར་ནུར་པོ་ལས་བྱུང་བ། ཆེན་དང་ནུམ་པུས་གསོ་གསོ་བ་རྟག་ཏུ་བསྐུ་བ་དང་། དཀྲུ་པ་དང་། མཉེ་བ་བྱས་པ། འགྱེས་པ་དང་འཇིག་པའི་ཆོས་ཅན་གང་ཡིན་པ་འདི་མཚན་མོ་དང་ཉིན་མོ་དེ་དང་དེ་དག་འདས།། ་སྐད་ཙུག་དང་། ཐང་ཅིག་དང་། ཡུད་ཙམ་དེ་དང་དེ་དག་འདས་ན་རྒས་པ་དང་ནང་བུ་ཅན་དང་ཤྲཱི་བ་དང་དུར་ཁྲོད་དུ་ཐུག་པར་འགྱུར་བ་དེ་ནི་དུས་ལ་བབ་པ་ཡིན་ནོ་ཞེས་བྱ་བ་དང་། འདོད་པ་ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་མི་ལེན ་ཅིང་སྤོང་བར་བྱེད་ལ་སེལ་བར་བྱེད་ཅིང་བྱང་བར་བྱེད་དོ།། གནོད་སེམས་ལ་རྣམ་པར་རྟོག་པར་བྱུང་བ་དང་། རྣམ་པར་འཆི་བ་ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་མི་ལེན་ཅིང་སྤོང་བར་བྱེད་ལ་སེལ་བར་བྱེད་ཅིང་བྱང་བར་བྱེད་དོ། ་ཞེས་བྱ་བ་དང་། བྲམ་ཟེའི་ཁྱེའུ་སེམས་ཅན་རྣམས་ནི་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ། ལས་ལ་སྟོན་པ། ལས་ཀྱི་སེམས་ཅན་རྣམས་ལ་མཐོན་པོ་དང་། ་དམའ་བ་དང་། ངན་པ་དང་གྱ་ནོམ་པ་འགེད་པར་བྱེད་པ་དག་ཡིན་ནོ་ཞེས་བྱ་བ་དང་། འདོད་པ་རྣམས་ལ་ཡིད་འབྱུང་བར་བྱ་བའི་ཕྱིར་དང་། འདོད་ཆགས་དང་བྲལ་བའི་ཕྱིར་དང་། འགོག་པར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས ་བྱ་བ་དང་། གཟུགས་རྣམས་ལ་ཡིད་འབྱུང་བར་བྱ་བའི་ཕྱིར་དང་། འདོད་ཆགས་དང་བྲལ་བར་བྱའི་ཕྱིར་དང་། འགོགཽ་པར་འགྱུར་བར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་དང་། ཆགས་པ་ཟད་པར་བྱ་བའི་ཕྱིར་དང་། ་སྲིད་པ་ཟད་པར་བྱ་བའི་ཕྱིར་དང་། སྡུག་བསྔལ་ཟོད་པར་བྱ་བའི་ཕྱིར་དང་། བསགས་པ་ཟད་པར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་དང་། གྲོ་ཞོན་སྐྱེས་དེ་ལྟར་ན་ཧ་ཅང་བརྩོན་འགྲུས་བརྩམ་དྲགས་ན་ནི་རྒོད་པ་ཉིད་དུ་འགྱུར ་ལ། ཧ་ཅང་ཞུ་མོ་ཆེས་ནི་ནི་ལེ་ལོར་འགྱུར་རོ།། གྲོ་བཞིན་སྐྱེས་དེ་བྲོས་ན་མཉམ་པ་ཉིད་དུ་རྟོགས་པར་བྱས་ལྀ་དེ་ལ་ཡང་མཚན་མུར་གཟུང་ཞིག། དེས་རློམས་སེམས་ཀྱང་མ་བྱེད་ལ། དཱི་ལ་བག་མེད་པར་ཡང་མ་བྱེད་ཅིག་ཅེས ་བྱ་བ་དང་། བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ནས་ཤིང་གི་ཕུང་པོ་ཆེན་པོ་ཞིག་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་མེ་ལྕེ་གཅིག་ཏུ་གྱུར་ཏེ་ལྷམ་མེར་འབར་བ་གཟིགས་སོ་ཞེས་བྱ་བ་དང་། དགེ་སློང་དག་བྱིས་པ ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ནི་ཕུང་པོ་ལྔ་པོ་འདི་དག་ལ་རྟག་པ་ཉིད་དང་། བརྟན་པ་ཉིད་དུ་ཡང་དག་པར་རྗེས་སུ་ལྟ་བདེ་བ་ཉིད་དང་། ནད་མེད་པ་ཉིད་དང་། བདག་དང་བདག་གི་ཉིད་དུ་ཡང་དག་པར་རྗེས་སུ་ལྟའོ་ཞེས་བྱ་བ ་དང་། ཚུལ་འཆོས་པ་དང་། ཁེ་གསག་དང་། གཞོག་སློངས་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པར་བྱེད་འདོད་པ་ཞེས་བྱ་བ་དང་། ཟླ་ཕྱེད་ཕྱེད་ཅིང་ཚེས་བཅོ་ལྔ་ལ་རྒྱལ་པོ་ཆེན་པོ་བཞི་དག་རང་ཉིད་ཅིའི་མིའི་འཇིག་རྟེན་ན། ་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ནོས་རྒན་རབས་ལྀ་རི་མོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། འཇིག་རྟེན ་འདི་དང་། འཇིག་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བོ་རྣམས་ལ་འཇིག་པར་ལྟ་བ་དང་། སྦྱིན་པར་བྱེད་པ་དང་། བསོད་ནམས་བྱེད་པ་དང་། བསྙེན་གནས་ལ་ཉེ་བར་གནས་པ་དང་ཚུལ་ཁྲིམས་ཡང་དག་པར་བློང་ནས་གནས་པའི་མ ་དག་མང་ངམ་ཞེས་འཇིག་རྟེན་རྣམ་པར་ལྟ་བར་བྱེད་དོ་ཞེས་བྱ་བ་དང་། ཀྱེ་ཤཱ་རིའི་བུ་འཇིག་རྟེན་ན་ཆོས་སྨྲ་བ་ནི་སུ་དག་ཡི་ནོ། ཟླ་བ་ཤུལཱ་པ་ནི་སུ་དལ་ཡིན་། བདེ་བར་གཤེན་པ་ནི་སུ་དག་ཡོས་ཛམྦུའི་གྲིབ་མ་ཅན་གང་སུ་དག་འདོད་ཆགས་གདུལ་བའི་ཕྱིར ་དང་། ཞེ་སྡང་གདུལ་བའི་ཕྱིར་དང་། གཏི་མུག་གདུལ་བའི་ཕྱིར་ཆོས་སྟོན་པ་འདི་ནི་འཇིག་རྟེན་ན་ཆོས་སྨྲ་བ་དག་ཅེས་བྱའོ།། གང་སུ་དག་འདོད་ཆགས་གདུལ་བའི་ཕྱིར་ཞུགས་པ་དང་། ཞེ་སྡང་གདུལ་བའི་ཕྱིར་དང་། གཏི་མུག ་གདུལ་བའི་ཕྱིར་ཞུགས་པ་འདི་ནི་ལེགས་པར་ཞུགས་པ་དག་ཅེས་བྱའོ།། གང་སུ་དག་འདོད་ཆག་ས་མ་ལུས་པར་སྤངས་པ་དང་། ཡོངས་སུ་ཤེས་པ་དང་། ཞེ་སྡང་དང་། གཏི་མུག་མ་ལུས་པར ་སྤངས་པ་དང་། ཡོངས་སུ་ཤིས་པ་འདི་ནི་འཇིག་རྟེན་ན་བདེ་བར་གཤེགས་པ་དོག་ཅེས་བྱའོ་ཞེས་བྱ་བ་དང་། དགེ་སློང་དག་འདི་ལྟར་ས་བོན་ཀྱང་ཡོད་ལ། མ་གྲུགས་པ་དང་། མ་རུལ་བ་དང་། རླུང་དང ་ཉི་མས་གདུངས་པ་དང་། གསར་པ་དང་། སྙིང་པོ་དང་ལྡན་པ་དང་། ལེགས་པར་གནས་པ་ཡང་ཡིན་ལ། སའི་སྣག་དང་། ཆུ་ཡང་ཡོད་ན་དེ་ལྟ་བུའི་ས་བོན་དེ་དག་ནི་འཕེལ་ཞིང་རྒྱས་ལ་ཡངས ་པར་འགྱུར་རོ།། དགེ་སློང་དག་དེ་བཞིན་དུ་འདི་ལྟར་ལས་ཀྱང་ཡོད། ཉོན་མོངས་པ་རྣམས་དང་། སྐྱེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། མ་རིག་པ་ཡང་ཡོད་ན་དེ་ལྟ་བུ་ནི་ཚེ་ཕྱི་མ་ལ་འདུ་བྱེད་རྣམས ་འབྱུང་བར་འགྱུར་རོ་ཞེས་བྱ་བ་དང་། དགེ་སློང་དག་དགེ་སློང་གསར་བུ་འདི་དག་ནི་དགེ་སྦྱོང་གི་གནོད་པ་གཙེས་པ། ཚངས་པར་སྤྱོད་པའི་འདམ་གྱིས་ཟིལ་གྱིས་ནོན་པ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན ་མོངས་པ་ཅན། ཡང་སྲིད་པོ་པ། རིམས་ནད་དང་བཅས་པ། སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན། ཚེ་ཕྱི་མ་ལ་སྐྱེ་བ་དང་། རྒ་བོ་དང་། འཆི་བར་འགྱུར་པ་རྣམས་ཀྱིས་ཟིལ་གྱིས་ནོན་པ་ཞེས་བྱའོ་ཞེས་བྱ་བ་དང་། ་དགེ་སློང་ངམ་དགེ་སློང་མ་གང་ལ་ལ་ཅུང་ཟད་ཅུང་ཟད་དང་། ཡུད་ཙམ་ཡུད་ཙམ་དང་། ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་སེམས་ཅན་ཆགས་སུ་གྱུར་པ་ཐམས་ཅད་ལ་བྱམས་པའི་སེམས་སྒོམ་པར་བྱེད་པའི་དགེ ་སྐྱོང་ངམ། དགེ་སློང་མ་འདི་ནི་སྟོན་པའི་བསྟན་པ་བཞིན་བྱེད་པ། མི་གཏོང་བར་སྒོམ་པ། ལྷག་མཐོང་དང་ལྡན་པ། ཁྱིམ་སྟོང་པ་རྣམས་རྒྱས་པར་བྱེད་པ་དང་། རང་གི་དོན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པ ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་མོ་སྨད་པ། ཡུལ་འཁོར་གྱི་བསོད་སྙོམས་ལ་འབྲས་བུ་ཡོད་པར་ཟོ་བ་ཞེས་བྱ་བ་དང་། ཀྱེ་གཽ་ཏ་མོ་གང་གིས་ན་དེ་ལྟར་མི་རྣམས་སྟོབས་ཆུང་བ་དང་། གནོད་པ ་མང་བ་དང་། མཐུ་ཆུང་པོ་དང་། ཚེ་ཐུང་བ་འི་རྒྱུ་ནི་གང་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་བྲམ་ཟེ་གྲོ་བཞིན་སྐྱེས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྲམ་ཟེ་དེ་ལྟར་མི་རྣམས་ནི་ཆོས ་མཱ་ཡིན་པར་ཆགས་པས་ཆགས་པ་དང་། མི་རིགས་པར་ཆགས་པས་ཟིལ་གྱིས་ནོན་པ་དང་། ལོག་པའི་ཆོས་ཀྱིས་དཀྲིས་པ་ཡིན་ནོ་ཞེས་བྱ་བ་དང་། སངས་རྒྱས་བཅོམ་ལྡན་འདས་གཏམ་དུས་སྔར་བྱ་བ་དེ ་ནི་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པ་རྣམས་ལ་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པ་དང་། ཕན ་ཡོན་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཡིན་ནོ།། གང་གི་ཚེ་དེ་སེམས་རངས་པ་དང་། སེམས་ཉམས་བདེ་བ་དང་། སེམས ་དགའ་བ་དང་། སེམས་སྒྲིབས་པ་མེད་པ་དང་། ཡང་དོག་ཕུལ་ཅན་གྱི་ཆོས་བསྟན་པ་ལ་ཀུན་ཤེས་པར་བྱ་བར་སྐལ་པ་དང་ལྡན་པ་དང་། ནུས་པ་ཀུན་ཏུ་མཁྱེན་པར་གྱུར་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱིས་ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ་ཞེས་བཅོམ་ལྡན་འདས་ཀྱིས་དེ་ལ་འཕགས་པའི་བདེན་པ ་བཞི་པོ་དག་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བ་དང་། དགེ་སློང་དག་གཟུགས་མི་རྟག་པ་སྟེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ།། གང་སྡུག་བསྔལ་བ་དེ་ནི་བདག་མེད་པའོ།། གང་བདག ་མེད་པ་སྟེ་ཐམས་ཅད་ནི་བདག་མ་ཡིན། དེ་ནི་ང་བདག་མ་ཡིན། དེ་ནི་བདག་གི་བདག་མ་ཡིན་ནོ།། ཞེས་དེས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ལེགས་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ།། གཟུགས་ལ་ཇི་ལྟ། ་བ་བཞིན་དུ་རྣམ་པར་ཤེས་པའི་བར་ལ་ཡང་ལེགས་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ།། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་དེ་ལྟར་མཐོང་ན་གཟུགས་ལ་ཡིད་འབྱུང་བར་འགྱུར་ཞིང་། ཚོར་བ་དང ་འདྲ་ཤོས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡོད་འབྱུང་བར་འགྱུར་རོ།། ཡོད་བྱུང་ན་འདོད་ཆགས་དང་བྲལ་བར་འགྱུརརོ།། འདུདུ་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་ཞེས ་བྱཱ་བ་དང་། སེམས་ཤེས་བྱ་བ་འམ། ཡིད་ཅེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་ཡང་རུང་སྟེ། གང་འདི་སྐད་ཅེས་བྱ་བ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་ཡུན་རིང་པོ་ནས་བྱི་བྱས་ཤིང ་ལོ། བདག་གིས་བྱས་པ་དང་། འདི་ནི་བདག་གི་ཡིན། འདི་ནི་ང་བདག་ཡིན། འདི་ནི་བདག་གི་བདག་ཡིན་ནོ།། ཞེས་ཁས་བླངས་ལོ་བཟུང་བ་ཡིན་ནོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱི་དཔེར་ན་གྲོང་ངམ་གྲོང་རྡལ ་དང་ཧ་ཅང་མོ་རིང་བ་ཞིག་ན། མངག་མ་མེ་ལྕེ་མེད་པ་དུ་བ་མེད་པའི་མདག་མས་གང་བུའི་ཀླུང་ཞིག་ཡོད་ལ། དེ་ནས་མི་བྱིས་པའི་རང་བཞིན་ཅན་མ་ཡིན་པ། རྨོངས་པའི་རང་བཞིན་ཅན་མ་ཡིན་པ། ཤེས ་རབ་ཀྱི་རང་བཞིན་ཅན། བདེ་བ་འདོད་པ། སྡུག་བསྔལ་ལ་མི་དགའ་བ། གསོན་པོར་འདོད་པ། འཆི་བར་མི་འདྲོད་པ། འཆི་བ་ལ་མི་དགའ་བ་ཞིག་འོངས་པ་དང་། དེ་འདི་སྙམ་དུ་མདག་མ་མི ་ལྕེ་མེད་པ་དུ་བ་མེད་པའི་མངག་མས་གང་བའི་ཀླུང་འདིར་བདག་ལྷུང་ན་བདག་འཆི་བ་འམ། འཆི་བ་ལ་ཐུག་པ་ཙམ་གྱི་སྡུག་བསྔལ་བར་འགྱུར་རོ་སྙམ་དུ་བསམས་ནས། དེ་དེ་ལས་བསྲིང་བར་སེམས ་བྱཱ་དང་། བསྲོང་བ་དན་དུ་གཉེར་བར་བྱང་རྗོང་བྱ་སོད་པ་ཡོང་ལ་བྱེད་དོ།། མཇུག་མའི་ཀླུང་དང་འདྲ་བུར་འདོད་པ་རྣམས་ཅད་ང་བཞིན་ནོ་ཞེས་གསུངས་པ་ཞེས་བྱ་བ་དང་། དགེ་སློང་དག་དག་སློང ་ཆོས་ཤེས་དའང་ཡིན་ནོ།། ཇི་ལྟ་བུ་ཡིན་ན་ནི། འདི་ལོ་དགེ་སློང་གིས་ཆོས་ཤོས་པ་ནི་འདི་ལྟ་སྟེ། མདོའི་སྤུ་དང་། དབྱངས་ཀྱི་བསྣད་བའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས ་བཅད་པའི་སྐྱེད། ཆེང་དུ་བརྗོད་པའི་སྣ་དང་། གླེང་གན་སྤྱི་དང་། རྟོགསྨྲ་པ་བརྗོད་པའི་སྡེ་དང་། དེ་ལྟ་ཟེ་བྱུང་བའི་སྣོ་ང་། སྐྱེས་པར་ཐོས་ཀྱི་ཤིན་ཏུ་རྒྱས་པའི་སྡེ་དང་། རྨ ་དུ་བྱུང་བའི་ཆོས་ཧཱུ~ཾ་སྨཻ་དང་གཏན་ལ་དབབ་པར་བསྟན་པའི་སྡེའི་ཞེས་བྱ་བྱའོ།། ། རྣམ་པར་ཤད་པའི་རིགས་པའོ་མདོ་སྡེའི་དུམ་བུ་བརྒྱ། རྫོགས་སོ།། ་རྒྱ་གུར་གྱི་མཁན་པོ་བི་ཤུ་དྷ་སིདྷ་དསརྦ་ཛཱ་དི་བ་ལོ་ཙཱ་བ་བནྡེ་རྩངས་དེ་བེནྡ་རཀྵི་ཏས་བསྒྱུར་ཙབུ་ཆེན་གྱི་ལི་ཙ་བ་བནྡེ་མ་ཀྵོ་ཤྲཱི་ཝརྨས་ཞུས་ཏེ་གཏན་ལ་ཕབ་པ། ་