| Wylie | e-texts produced with BDRC’s OCR application |
ཀྱིས་གཏན་ལ་ཕབ་སྟེ་ལེགས་པར་བསྒྱུར་བའོ།། ། རྫོགས་སྷོ།། ། རྒྱ་གར་སྐད་དུ། པཉྩི་སྐནྟ་པྲེཔྲ་ཀ་ར་ཎ། བོད་སྐད་དུ། ཕུང་པོ་ལྔའི་རབ་ཏུ་བྱེད་པ།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་འཚལ་ལོ།། ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ།། གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ།། འབྱུང་བ་ཆེན་པོ་བཞི་དག་གང་ཞེ་ན། སའི་ཁམས་དང་། ཆུའི་ཁམས་དང་། མིའི་ཁམས་དང་། རླུང་གི་ཁམས་སོ།། དེ་ལ་སྒོའི་ཁམས་གང ་ཞེ་ན། སྲ་བ་ཉིད་དོ།། ཆུའི་ཁམས་གང་ཞེ་ན། གཤེར་བ་ཉིད་དོ།། མེའི་ཁམས་གང་ཞེ་ན་ཚ་བ་ཉིད་དོ།། རླུང་གི་ཁམས་གང་ཞེ་ན་ཡང་ཞིང་གཡོ་བ་ཉིད་དོ།། རྒྱུར་བྱས་པའི་གཟུགས་གང་ཞེ་ན། མིག་གི་དབང་པོ་དང་། རྣ་བའི ་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཕྱོགས་གཅིག་དང་། རྣམ་པར་རིག་བྱེད་མ་ཡིན་པའོ།། དེ་ལ་མིག་གི་དབང་པོ་གང་ཞེ་ན། ཡུལ ་ཁ་དོག་གཟུགས་དང་བའོ།། རྣ་བའི་དབང་པོ་གང་ཞེ་ན། ཡུལ་སྐུ་གཟུགས་དང་བའོ།། སྣའི་དབང་པོ་གང་ཞེ་ན། ཡུལ་དྲི་གཟུགས་དང་བའོ།། ལྕེའི་དབང་པོ་གང་ཞེ་ན། ཡུལ་རོ་གཟུགས་དང་པའོ།། ལུས་ཀྱི་དབང ་པོ་གང་ཞེ་ན། ཡུལ་རེག་བྱ་གཟུགས་དང་པའོ།། གཟུགས་གང་ཞེ་ན། མིག་གི་ཡུལ་ཏེ། ཁ་དོག་དང་དབྱིབས་དང་། རྣམ་པར་རིག་བྱེད་དོ།། སྒྲ་གང་ཞེ་ན། རྣ་བའི་ཡུལ་ཏེ། ཟིན་པ་དང་མ་ཟིན་པ་དང་གཉི་གའི་སྟེ། འབྱུང་བ་ཆེན་པོ་བཞིའི ་རྒྱུ་ལས་བྱུང་བའོ།། དྲི་གང་ཞེ་ན་སྣའི་ཡུལ་ཏེ། དྲི་ཞིམ་པ་དང་། དྲི་ང་བ་དང་། དེ་ལས་གཞན་པའོ།། རོ་གང་ཞེ་ན། ལྕེའི་ཡུལ་ཏེ། མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་ཚ་བ་དང་། ཁ་བ་དང་། བསྐ་བ་ཞེས་བྱའོ།། རེག་བྱའི་ཕྱོགས ་གཅིག་གང་ཞེ་ན། ལུས་ཀྱི་ཡུལ་ཏེ། འབྱུང་བ་ཆེན་པོ་རྣམས་བཞག་སྟེ། འཇམ་པ་ཉིད་དང་། རྩུབ་པ་ཉིད་དང་། ལྕི་བ་ཉིད་དང་། ཡང་བ་ཉིད་དང་། གྲང་བ་ཉིད་དང་། བཀྲེས་པ་ཉིད་དང་། སྐོམ་པའོ།། རྣམ་པར་རིག་བྱེད་མ་ཡིན་པོ་གང་ཞེ་ན། ་རྣམ་པར་རིག་བྱེད་དང་། ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་ཏེ། བསྟན་དུ་མེད་ལ་ཐོགས་པ་མེད་པའོ།། ཚོར་བ་གང་ཞེ་ན། མྱོང་བ་རྣམ་གསུམ་པ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ ་ཡིན་པ་དེ། བདེ་བ་ནི་གང་འགགས་ན། ཕྲད་པར་འདོད་པའོ།། སྡུག་བསྔལ་ནི་གང་བྱུང་ན། བྲལ་བར་འདོད་པའོ།། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ནི་གང་བྱུང་ན། གཉིས་ཀར་འདོད་པར་མི་འགྱུར་བའོ།། འདུ ་ཤེས་གང་ཞེ་ན། ཡུལ་ལ་མཚན་མར་འཛིན་པའོ།། དེ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་། རྒྱ་ཆེན་པོར་གྱུར་པ་དང་། ཚད་མེད་པའོ།། འདུ་བྱེད་རྣམས་གང་ནོན། ཚོར་བ་དང་། འདུ་ཤེས་ལས་གཞན་པ་པ་སེམས་ལས་བྱུང་བར་ཆས ་རྣམས་དང་། སེམས་དང་ལྡན་པ་མ་ཡིན་པ་རྣམས་སོ།། དེ་ལ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་གང་ཞེ་ན། ཆོས་གང་དག་སེམས་དང་མཚུངས་པར་ལྡན་པ་རྣམས་སོ།། དེ་དག་ཀྱང་གང་ཞེ་ན། རེག་པ་དང་། ཡིད་ལ་བྱེད་པ་དང་། ་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པའི་དགེ་བའི་རྩ་བ་དང་། ཞེ་སྡང་མོད་པའི ་དགེ་བའི་རྩ་བ་དང་། གཏི་མུག་མེད་པའི་དགེ་བའི་རྩ་བ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཆེ་བ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་མ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པའོ།། ་དེ་རྣམས་ལས། ལྔ་ནི་ཀུན་ཏུ་འགྲོ་བའོ།། ལྔ་ནི་ཡུལ་སོ་སོར་ངེས་པའོ།། བཅུ་གཅིག་ནི་དགེ་བའོ།། དྲུག་ནི་ཉོན་མོངས་པའོ།། ལྷག་མ་རྣམས་ནི་ཉེ་བའི་ཉོན་མོངས་པའོ།། བཞི་ནི་གཞན་དུ་ཡང་འགྱུར་བའོ།། རེག་པ་གང ་ཞེ་ན། གསུམ་འདུས་ནས་ཡོངས་སུ་གཅོད་པའོ།། ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱིས་འཇུག་པའོ།། སེམས་པ་གང་ཞེ་ན། ཡོན་ཏན་དང་། ཉེས་པ་དང་། གཉི་ག་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སོ།། འདུན ་པ་གང་ཞེ་ན། བསམ་པའི་དངོས་པོ་ལ་འདོད་པའོ།། མོས་པ་གང་ཞེ་ན། ངེས་པའི་དངོས་པོ་ལ་དེ་བཞིན་དུ་ངེས་པར་འཛིན་པའོ།། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ཉིད་མ་བརྗེད་པ་སྟེ། སེམས་ཀྱི་མངོན་པར་བརྗོད་པ་ཉིད་དོ།། ཏིང་ངེ ་འཛིན་གང་ཞེ་ན། བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ།། ཤེས་རས་གང་ཞེ་ན། དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིག་པ་དང་། རིགས་པ་མ་ཡིན་པས་བསྐྱེད་པ་དང་། གཞན་པའོ།། དད་པ་གང་ཞེ་ན། ལས་དང ་འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། འདོད་པ་དང་། སེམས་དང་བའོ།། ངོ་ཚ་ཤེས་པ་གང་ཞེ་ན། བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ། ཁ་ན་མ་ཐོ་བས་མཛེམ་པའོ།། ཁྲེལ་ཡོད་པ་གང་ཞེ་ན། ་འཇིག་རྟེན་གྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བས་གཞན་ལ་འཛེམ་པའོ།། མ་ཆགས་པ་གང་ཞེ་ན། ཆགས་པའི་གཉེན་པོ་སྟེ། ཡིད་བྱུང་ཞིང་མི་ལེན་པའོ།། ཞེ་སྡང་མེད་པོ་གང་ཞེ་ན། ཞེ་སྡང་གི་གཉེན་པོ་སྟེ། བྱམས་པའོ།། གཏི་མུག ་མེད་པ་གང་ཞེ་ན། གཏི་མུག་གི་གཉེན་པོ། ཡང་དག་པ་ལ་ཡང་དག་པར་རྟོགས་པའོ།། བརྣོན་འགྲུས་གང་ཞེ་ན། ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྤྲོ་བའོ།། ཤིན་ཏུ་སྦྱངས་པ་གང་ཞེ་ན། གནས་ངན་ལེན་གྱིས་གཉེན ་པོ་སྟེ། ལུས་དང་སེམས་ལས་སུ་རུང་བ་ཉིད་དོ།། བག་ཡོད་པ་གང་ཞེ་ན། བག་མེད་པའི་གཉེན་པོ་སྟེ། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ལ་གནས་ནས་མི་དགེ་པའི་ཆོས་སྤོང་ཞིང་། དེའི་གཉེན་པོ་དགེ་བའི་ཆོས་རྣམས་བསྒོམ ་པའོ།། བཏང་སྙོམས་གང་ཞེ་ན། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ལ་གནས་ནུས་མ་དག་པའི་ཆས་སྤང་ཞིང་། ངའི་གཉན་པ་དག་པའ་ཆོས་རྣམས་བསྒོམ་པའི།། བཏང་སྙོམས་གང་ཞེ་ན། མ་ཆགས་པ་ནས་བརྩོན་འགྲུས ་ཀྱི་བར་དེ་དག་ཉིད་ལ་གནས་ཤིང་སེམས་མཉམ་པ་ཉིད་དང་། སེམས་རྣལ་དུ་འདུག་པ་དང་། སེམས་ལྷུན་གྱིས་གྲུབ་པ་ཡང་ཐོབ་པ་སྟེ། གང་གིས་ཉོན་མོངས་པ་ཅན་གྱིས་ཆོས་རྣམས་བསལ་ནས་ཉོན་མོངས་པ་ཅན་མེད་པར་གནས་པ་ཉིད ་དོ།། རྣམ་པར་མི་འཚེ་བ་གང་ཞེ་ན། རྣམ་པར་འཚེ་བའི་གཉེན་པོ་སྟེ། སྙིང་རྗེ་བའོ།། འདོད་ཆགས་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལ་མངོན་པར་ཞེན་པ་དང་། ལྷག་པར་ཆགས་པའོ།། ཁོང་ཁྲོ་བ་གང་ཞེ་ན། སེམས་ཅན་རྣམས་ལ་ཀུན ་ནས་མནར་སེམས་པའོ།། ང་རྒྱལ་གང་ཞེ་ན། ང་རྒྱལ་རྣམ་པ་བདུན་ཏེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི ་ང་རྒྱལ་ལོ།། ང་རྒྱལ་གང་ཞེ་ན། ཆུང་ངུ་བས་བདག་ཆེ་བ་འམ། མཚུངས་པ་དང་། མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ།། ཆེ་བའི་ང་རྒྱལ་གང་ཞེ་ན། མཚུངས་པ་བས་བདག་ཆེ་བ་འམ། ཆེ་བ ་དང་མཚུངས་སོ།། སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ།། ང་རྒྱ་ལྔ་ལས་ཀྱང་ང་རྒྱལ་གང་ཞེ་ན། ཆེ་བས་ཀྱང་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ།། ངའོ་སྙམ་པའི་ང་རྒྱལ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ ་ལྔ་པོ་རྣམས་ལ་བདག་གམ་བདག་གིར་ལྟ་བའི་སེམས་ཁེངས་པ་གང་ཡིན་པའོ།། མངོན་པའི་ང་རྒྱལ་གང་ཞེ་ན། གོང་མའི་ཁྱད་པར་ཐོབ་པར་བྱ་བའི་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ།། ཅུང ་ཟདེ་སྙམ་པའི་ང་རྒྱལ་གང་ཞེ་ན། ཁྱད་ཆེས་འཕགས་པ་བས་བདག་ཅུང་ཟད་ཆུང་ངོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ།། ལོག་པའི་ང་རྒྱལ་གང་ཞེ་ན། ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ ་སེམས་ཁེངས་པ་གང་ཡིན་པའོ།། མ་རིག་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན་པ་དང་། དཀོན་མཆོག་རྣམས་མི་ཤེས་པ་དེ། དེ་ཡང་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའོ།། འདོད་པ་ན་སྤྱོད་པའི་འདོད་ཆགས་དང་། ་ཁོང་ཁྲོ་བ་དང་། འདོད་པ་ན་སྤྱོད་པའི་མ་རིག་པ་དེ་དག་ནི་མི་དགེ་བའི་རྩ་བ་གསུམ་སྟེ། ཆགས་པ་དང་ཞེ་སྡང་དང་གཏི་མུག་གི་མི་དགེ་བའི་རྩ་བའོ།། ལྟ་བ་གང་ཞེ་ན། ལྟ་བ་ལྔ་སྟེ། འཇིགས་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར ་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། འཇིགས་ཚོགས་ལ་ལྟ་བུ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་གམ་བདག་གིར་ལྟ་བའི ་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ།། མཐར་འཛིན་པར་ལྟ་བ་གླིང་ཞེ་ན། དེ་ཉིད་ཀྱི་དབང་དུ་བྱས་ཏེ། རྟུག་པ་འམ་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ།། ལོག་པར་ལྟ་བ་གང་ཞེ་ན། རྒྱུ་འམ་འབྲས་བུ་འམ། ་བྱེད་པ་ལ་སྐུར་པ་འདེབས་པ་དང་། ཡོད་པའི་དངོས་པོ་ལ་འཇིགས་པའི་ཤེས་རབ་ཉོན་མོངས་པ་ཅན་གླང་ཡིན་པའོ།། ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན། ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་དང་།། དེའི་གནས་ཕུང་པོ་རྣམས་ལ་མཆོག་དང་། ་གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། དམ་པར་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། དེའི་གནས་ཕུང་པོ ་རྣམས་ལྔ་དག་པ་དང་། གྲོལ་བ་དང་ངེས་པར་འབྱིན་པར་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ།། ཐེ་ཚོམ་གང་ཞེན། བདེན་པ་ལ་སོགས་པ་ལ་གང་ཡིད་གཉིས་ཟ་བའོ།། ཉོན་མོངས་པ་དེ་དག་ལས་ལྟ་བ་འོག་མ་གསུམ་དང་། ་ཐེ་ཚོམ་ནི་ཀུན་ཏུ་བརྟགས་པའོ།། ལྷག་མ་ནི་ལྷོན་ཅིག་སྐྱེས་པ་དང་། ཀུན་དུ་བརྟགས་པའོ།། ཁྲོ་བ་གང་ཞེ་ན། ཡ་བྲས་དུ་ནོད་པ་བྱེད་པ་ལ་གནས་ཏེ། ག་དར་སེམས་པའོ།། ཁོན་དུ་འཛིན་པ་གང་ཞེ་ན། ་མདུད་པར་འཛིན་པའོ།། འཆབ་པ་གང་ཞེ་ན། བདག་གི་ཁ་ན་མ་ཐོབ་མ་བྱུང་པའོ།། འཚིག་པ་གང་ཞེ་ན། ཚིག་བརླང་པོས་ཞེར་འདེབས་པ་ཉིད་དོ།། ཕྲག་དོག་གང་ཞེ་ན། གཞན་གྱི་ཕུན་སུམ་ཚོགས་པ་ལ་སོམས་ཁོང་ནས ་འཁྲུགས་པའོ།། སེར་སྣ་གང་ཞེ་ན། སྦྱིན་པ་དང་མི་མཐུན་པའི་སེམས་ཀྱི་ཀུན་ཏུ་འཛིན་པོའོ།། སྒྱུ་གང་ཞེ་ན། གཞན་བསླུ་བ་ཡང་དག་པ་མ་ཡིན་པའི་དོན་སྨྱོན་པའོ།། གཡོ་གང་ཞེ་ན། བདག་གི་ཉིས་པ་བཅབ་པའི་ཐབས་བཟུང་སྟེ་སེམས ་གྷ་གྱུ་བའོ།། རྒྱགས་པ་གང་ཞེ་ན། བདོག་གི་ཕུན་སུམ་ཚོགས་པ་ལ་ཆགས་པའི་རབ་ཏུ་དགའ་བོ་དེ་སེམས་ཡོངས་སུ་འཛིན་པའོ།། རྣམ་པར་འཚེ་བ་གང་ཞེ་ན། སེམས་ཅན་རྣམས་ལ་རྣམ་པར་མཐོ་མཚམས་པའོ།། ངོ་ཚ་མེད་པ་གང ་ཞེ་ན། ཁ་ན་མ་ཐོ་བས་བདག་ལ་མི་འཇོམས་པའོ།། ཁྲེལ་མེད་པ་གང་ཞེ་ན། ཁ་ན་མ་ཐོ་བས་གཞན་ལ་མི་འཇོམས་པའོ།། རྨུགས་པ་གང་ཞེ་ན། སེམས་ལས་སུ་མི་རུང་བ་སྟེ། བློང་བ་ཉིད་དོ།། རྒོད་པ་གང་ཞེ་ན། སེམས་རྣམ་པར ་མ་ཞི་བའོ།། མ་དད་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན་པ་དང་། དཀོན་མཆོག་རྣམས་ལ་ཡིད་མི་ཆེས་པ་དང་། སེམས་མ་དད་པ་སྟེ། དད་པའི་མི་མཐུན་པའི་ཕྱོགས་སོ།། ལ་ལོ་གང་ཞེ་ན། དགེ་བ་ལ་སེམས་མངོན་པར་སྤོ་བ ་མེད་པ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ།། བག་མེད་པ་གང་ཞེ་ན། ཆགས་པ་དང་ཞེ་སྡང་དང་། གཏི་མུག་དང་། ལེ་ལོ་གང་ཡིན་པ་དག་གིས་ཉོན་མོངས་པ་ལས་སེམས་མི་སྲུང་བ་དང་དགེ་བ་མི་སྒོམ་པའོ།། བརྗེད་ངས་པ་གང ་ཞེ་ན། དྲན་པ་ཉོན་མོངས་ཅན་ཏེ། དགེ་བ་ལ་མི་གསལ་བའོ།། རྣམ་པར་གཡེང་བ་གང་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆ་ཤས་ཀྱི་འདོད་པའི་ཡོན་ཏན་ལྔ་པོ་ལ་གང་སེམས་རྣམ་པར་འཕྲོ་བའོ།། ཤེས་བཞིན་མ་ཡིན་པ་གང་ནི ་ན། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེས་ལྷས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའོ།། འགྱོད་པ་གང་ཞེ་ན། ཡིད་ལ་གཙིགས་པའོ།། གཉིད་གང་ཞེ་ན། འཇུག་པ་རང་དབང་མེད་པར་སེམས་སྦྱང ་པའོ།། རྟོག་པ་གང་ཞེ་ན། ཀུན་ཏུ་འཚོལ་བའི་ཡིད་ཀྱིས་བརྗོད་པ་སྟེ། སེམས་པ་དང་། ཤེས་རབ་ཀྱི་བྱེ་བྲག་གང་སེམས་རྩིང་བའོ།། སྤྱོད་པ་གང་ཞེ་ན། སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་སྟེ། དེ་བཞིན་དུ་གང་སེམས་ཞིབ་པའོ།། སེམས ་དང་མི་ལྡན་པའི་འདུ་བྱེད་རྣམས་གང་ཞེ་ན། གང་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་གདགས་པ་སྟེ། དེ་ཉིད་དང་གཞན་དུ་མི་གདགས་སོ།། དེ་དག་ཀྱང་གང་ཞེ་ན། ཐོབ་པ་དང་། འདུ་ཤེས་མེད་པའི ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་། རིས་མཐུན་པ་དང་། སྐྱེ་བ་དང་། གནས་པ་དང་། མི་རྟག་པ་ཉིད་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ་ཡི་གེའི་ཚོགས་དང་། སོ་སོའི་སྐྱེ་བོ་ཉིད་དང་། དེ་ལྟ་བུའི་ཆ་དང་མཐུན་པ་དག་གོ།། དེ་ལ་ཐོབ་པ་གང་ཞེ་ན། རྙེད་པ་དང་ལྡན་པའོ།། དེ་ཡང་ས་བོན་དང་། དབང་དང་། མངོན་དུ་གྱུར་པ་དང་ཅི་རིགས་སུ་སྦྱར་རོ།། འདུ་ཤེས་མེད་པ ་སྙོམས་པར་འཇུག་པ་གང་ཞེ་ན། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། གོང་མའི་མ་ཡིན་པ་འབྱུང་བའི་འདུ་ཤེས་མངོན་དུ་བཏང་བའི་སྲིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན ་པ་མ་ཡིན་པ་རྣམས་འགོག་པ་གང་ཡིན་པའོ།། འགོག་པའི་སྙོམས་པར་འཇུག་པ་གླང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལཾ། སྲེད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པའི་གནས་པར་འདུ་ཤེས་མངོན་དུ ་བཏང་བའི་ཡིད་ལ་བྱེད་པས། སེམས་དང་སེམས་ལས་བྱུང་ངུའི་ཆོས་བརྟན་པ་མ་ཡིན་པ་རྣམས་དང་། བརྟེན་པ་རྣམས་ལས་ཀྱང་ཁ་ཅིག་འགོག་པ་གང་ཡིན་པའོ།། འདུ་ཤེས་མེད་པ་གང་ཞེ་ན། འདུ་ཤེས་མོང་བའི་སེམས ་ཅན་གྱི་ཁྲོད་ཀྱི་ལྷ་རྣམས་ཀྱི་ནང་དུ་བསྐྱེད་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་བསྟན་པ་མ་ཡིན་པ་རྣམས་དང་འགོག་པའོ།། སྲོག་གོ་དབང་པོ་གང་ཞེ་ན། རིས་མཐུན་པ་རྣམས་སུ་སྔོན་གྱི་ལས་ཀྱིས་འཕངས་པས། ་གང་འདུ་བྱེད་རྣམས་ཀྱི་གནས་པའི་དུས་ངེས་པའོ།། རིས་མཐུན་པ་གང་ཞེ་ན། གང་སེམས་ཅན་རྣམས་ཀྱིས་ལུས་འདྲ་བའོ།། སྐྱེ་བ་གང་ཞེ་ན། རིས་མཐུན་པར་འདུ་བྱེད་རྣམས་མ་བྱུང་བ་ལས་བྱུང་བ་གང་ཡིན་པའོ།། ་རྒ་བ་གང་ཞེ་ན། དེ་ལྟ་དེ་དག་གི་རྒྱུན་གཞན་དུ་འགྱུར་བའོ།། གནས་པ་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་རྒྱུད་ཆགས་པའོ།། མི་རྟག་ཉིད་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་ཆད་པའོ།། མིང་གི་ཚོགས་གང་ཞེ་ན། ཆོས་རྣམས ་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་སོ།། ཚིག་གི་ཚོགས་གང་ཞེ་ན། ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དྭགས་སོ།། ཡི་གེའི་ཚོགས་གང་ཞེ་ན། ཡི་གེ་རྣམས་ཏེ། དེ་གཉིས་ཀ་བསལ་བར་བྱེད་པའི་ཕྱིར་རོ།། བརྗོད་པ་ཡང་དེ་དག ་ཡིན་ཏེ། མིང་དང་ཚིག་ལ་བརྟེན་ནས་དོན་བརྗོད་པའི་ཕྱིར་རོ།། ཡི་གེ་ཡང་རྣམ་གྲངས་གཞན་དུ་མི་འགྱུར་བའི་ཕྱིར་རོ།། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ།། འདི་ནི་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ།། ་རྣམ་པར་ཤེས་པ་གང་ཞེ་ན། དམིགས་པ་རྣམ་པར་རིག་པའོ།། སེམས་དང་ཡིད་ཀྱང་དེ་ཡིན་ཏེ།། སྣ་ཚོགས་པ། ཡིད་རྟེན་བྱེད་པའི་ཕྱིའི་རོ།། དངོས་སུ་རྐུ་སེམས་ཀྱི་ཀུན་གཞི་རྣམ་པར་ཤེས་པ་སྟེ། འདི་ལྟར་དེ་ནི་འདུ་བྱེད་ཐམས་ཅད ་ཀྱི་ས་བོན་བསགས་པའོ།། དེ་ཡང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའོ།། རིགས་གཅིག་པ་དང་། རྒྱན་ཆགས་པར་འཇུག་པའོ།། འདི་ལྟ་འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག ་པ་དང་། འདུ་ཤེས་མེད་པ་པ་རྣམས་ལ་ལངས་ནས་ཡང་ཡུལ་རྣམ་པར་རིག་པ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་དང་། དམིགས་བལྟོས་ནས་རྣམ་པ་གཞན་དུ་འཇུག་པ་ཉིད་དང་། ཆད་ནས་ཡང་འབྱུང་བ ་ང་དང་། འཁོར་བར་འཇུག་པ་དེང་ལྡོག་པའི་ཕྱིར་རོ།། ཀུན་གནི་རྣམ་པར་ཤེས་པ་དེ་ཉིད་ན་ས་བོན་ཐམས་ཅད་ཀྱིགན་ཉིད་དང་། ལུས་ཀྱི་ཀུན་གཞི་ང་རྒྱ་ཉིད་དང་། ལུས་ལ་གནས་པ་ཉིད་ཀྱི་ཡང་ཕྱིར་རོ།། ལེན་པའི་རྣམ་པ ་ཤེས་པ་ཡང་དེ་ཡིན་ཏེ། ལུས་ལེན་པའི་ཕྱིར་རོ།། དངོས་སུ་ན་ཡིད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཏེ། རྟག་ཏུ་བདག་ཏུ་རྨོངས་པ་དང་། བདག་ཏུ་ལྟ་བ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ལ་ཆགས་པ་ལ ་སོགས་པ་དང་མཚུངས་པར་ལྡན་པར་རྣམ་པར་ཤེས་པ་སྟེ། རིགས་གཅིག་པ་དང་། རྒྱུན་ཆགས་པར་འཇུག་པ་སྟེ། དགྲ་བཅོམ་པ་དང་། འཕགས་པའི་ལམ་དང་། འགོག་པའི་སྙོམས་པར་འཇུག་པའི་དུས་མ་གཏོགས་སོ།། ཅིའི་ཕྱིར ་ཕུང་པོ་ཞེས་བྱ་ཞེ་ན། སྤུངས་པའི་ཕྱིར་ཏེ་དུས་དང་རྒྱུད་དང་རྣམ་པ་དང་འགྲོ་བ་དང་། ཡུལ་ཐ་དད་པའི་གཟུགས་ལ་སོགས་པ་མདོར་བསྡུས་པ་ཉིད་ཀྱི་ཕྱིར་རོ།། སྐྱེ་མཆེད་བཅུ་གཉིས་ནི་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། ་རྣ་བའི་སྐྱེ་མཆེད་དང་། སྒོའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དོ།། མིག་ལ ་སོགས་པ་དང་། གཟུགས་དང་སྒྲ་དང་དྲི་དང་རོའི་སྐྱེ་མཆེད་ལ་སོགས་པ་ཡང་སྔ་མ་བཞིན་དུ་བཤད་དོ།། རེག་བྱའི་སྐྱེ་མཆེད་ནི་འབྱུང་བ་ཆེན་པོ་བཞི་དག་དང་། གང་རེག་བྱའི་ཕྱོགས་གཅིག་བཤད་པའོ།། ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར ་ཤེས་པའི་ཕུང་པོ་གང་ཡིན་པའོ།། ཆོས་ཀྱི་སྐྱེ་མཆེད་ནི་གང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། འདུས་མ་བྱས་སོ།། འདུས་མ་བྱས་གང་ཞེ་ན། ནམ་མཁའ་དང་། སོ་སོར ་བརྟགས་པ་མ་ཡིན་པའི་འགོག་པ་དང་། སོ་སོར་བརྟགས་པའི་འགོག་པ་དང་། དེ་བཞིན་ཉིད་དོ།། དེ་ལ་ན་མཁའ་གང་ཞེ་ན། གཟུགས་ཀྱི་གོ་འབྱེད་པའོ།། མ་སོར་བརྟགས་པ་མ་ཡིན་པའི་འགོག་པ་གང་ཞེ་ན། གང་འགོག་པ་ལ་བྲལ་བ ་མ་ཡིན་པ་སྟེ། དེ་ནི་ཉོན་མོངས་པའི་གཉེན་པོ་མེད་པར་ཕུང་པོ་རྣམས་གཏན་དུ་མི་སྐྱེ་བའོ།། སོ་སོར་བ་རྟགས་པའི་འགོག་པ་གང་ཞེ་ན། གང་འགོག་དྲི་གལ་པ་སྟེ། དེ་ནི་གང་ཉོན་མོངས་པའི་གཉེན་པོས་ཕུང་པོ་རྣམས་གཏན་དུ ་མི་སྐྱེ་བའོ།། དེ་བཞིན་ཉིད་གང་ཞེ་ན། གང་ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་བདག་མེད་པ་ཉིད་དོ།། ཅིའི་ཕྱིར་སྐྱེ་མཆེད་ཅེས་བྱ་ཞེ་ན། རྣམ་པར་ཤེས་པ་སྐྱེ་སྒོའི་ཕྱིར་རོ།། ཁམས་བཅོ་བརྒྱད་ནི་མིག་གི་ཁམས་དང་། གཟུགས་ཀྱི ་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་འ་མས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས ་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡི་རྣབསས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས ་སོ།། མིག་ལ་སོགས་པའི་ཁམས་དང་། གཟུགས་ལ་སོགས་པའི་ཁམས་ནི་སྐྱེ་མཆེད་རྣམས་ཇི་ལྟ་བ་བཞིན་ནོ།། རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ནི་མ་ལ་སོགས་པ་རྣམས་ལ་བརྟེན་ཏེ། གཟུགས་ལ་སོགས་པ་ལ་དམིགས ་པ་རྣམ་པར་རིག་པའོ།། ཡིད་ཀྱི་ཁམས་ནི་དེ་དག་ཉིད་འགུག་མ་ཐག་པ་སྟེ། རྣམ་པར་ཤེས་པ་དྲུག་པའི་གནས་བསྟན་པའི་ཕྱིར་རོ།། ད་ལྟར་ན་ཁམས་བཅཝོ་བརྒྱད་དུ་རྣམ་བྱར་གཞག་གོ།། གཟུགས་ཀྱི་ཕུང་པོ་གང་ཡིན ་པ་དེ་ནི་སྐྱེ་མཆེད་དང་། ཁམས་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དང་། ཁམས་ཀྱི་ཕྱོགས་གཅིག་གོ།། རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པ་དེ་ནི་ཡོད་ཀྱི་སྐྱེ་མཆེད་དང་། སེམས་ཀྱི་ཁམས་བདུན་ནོ།། གཞན་ཕུང་པོ་གསུམ་པོ་གང་ཡིན་པ་དགྲ ་དང་། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་པོ་ང་དང་། འདུས་མ་བྱས་དང་བཅས་པ་ནི་ཆོས་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་སོ།། ཅིའི་ཕྱིར་ཁམས་ཤེས་བྱ་ཞེ་ན། བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ།། ཅིའི་ཕྱིར་ཕུང་པོ ་ལ་སོགས་པ་བཤད་ཅེས་ན། བདག་དུ་འཛིན་པ་རྣམ་པ་གསུམ་གྱི་གཉེན་པོར་གོར་མུ་བནི།། བདག་ཏུ་འཛིན་པ་རྣམ་པ་གསུ་ནི་གཅིག་པུར་འཛིན་པ་དང་། ཟ་བ་འཛིན་པ་དང་བྱེད་པང་ཛིན་པའོ།། ཁམས་བཅོ་བརྒྱད་ལ་གཟུགས་ཅན་དུ་ཞེ་ན། གང་དག་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་དོ།། གཟུགས ་ཅན་མ་ཡིན་པ་དུ་ཞེ་ན། ལྷག་མ་རྣམས་སོ།། བརྟན་དུ་ཡོད་པ་དུ་ཞེ་ན། གཟུགས་ཀྱི་ཁམས་གཅིག་སྟེ། ཡུལ་བསྟན་དུ་ཡོད་པའོ།། བསྟན་དུ་མེད་པ་གང་དུ་ཞེ་ན། ལྷག་མ་རྣམས་སོ།། ཐོགས་པ་དང་བཅས་པ་དུ་ཞེ་ན། གཟུགས ་ཅན་བཅུ་སྟེ། གང་ལ་གང་ཐོགས་པའོ།། ཐོགས་པ་མེད་པ་དུ་ཞེ་ན། ལྷག་མ་རྣམས་སོ།། ཟག་པ་དང་བཅས་པོ་དུ་ན་ན། བཅོ་ལྔ་དང་ཐ་མ་གསུམ་གྱི་ཆའོ།། མི་ལྡན་པ་དུ་ཞེ་ན། གསུམ་གྱི་ཆེའོ།། དེ་དག་ཉོན་མོངས་པ་སྐྱེ་བའི ་མངོན་སུམ་གྱི་སྤྱོད་ཡུལ་གྱི་ཕྱིར་ནོ།། ཟག་པ་མེད་པ་དུ་ཞེ་ན། ཐ་མ་གསུམ་གྱི་ཆའོ།། འདོད་པ་དང་རབ་ཏུ་ལྡནང་དུ་ཞེ་ན། ཐམས་ཅད་དོ།། གཟུ་དང་རབ་ཏུ་ལྡན་པ་དུ་ཞེ་ན། བཅུ་བཞི་སྟེ། དཱི་དང་རོ་དང་སྣ་དང་ལྷོའི་རྣམ ་པར་ཤེས་པ་མི་གཏོགས་པའོ།། གཟུགས་མེད་པ་དང་རབ་ཏུ་ལྡན་པ་དུ་ཞེ་ན། ཐ་མ་གསུམ་མོ།། མི་ལྡན་པ་དུ་ཞེ་ནི། གསུམ་གྱི་ཆའོ།། ཕུང་པོར་བསྡུས་པ་དུ་ཞེ་ན། འདུས་མ་བྱས་མ་གཏོགས་པའོ།། ཉེ་བར་ལེན ་པའི་ཕུང་པོས་བསྡུས་པ་དུ་ཞེ་ན། གང་ཟག་པ་དང་བཅས་པ་རྣམས་སོ།། དགེ་བ་དུ་མི་དགེ་བ་དུ། ལུང་དུ་མ་བསྟན་པ་དུ་ཞེ་ན། བཅུ་ནི་རྣམ་པ་གསུམ་ཚར་ཏེ། སེམས་ཀྱི་ཁམས་བདུན་དང་། གཟུགས་དང ་སྒྲ་དང་ཆོས་ཀྱི་ཁམས་སོ།། ལྷག་མ་རྣམས་ནི་ལུང་དུ་མ་བསྟེན་པའོ།། ནང་གི་དུ་ཞེ་ན། བཅུ་གཉིས་ཏེ། གཟུགས་དང་སྒྲ་དང་། དྲི་དང་རོ་དང་། རེག་བྱ་དང་། ཆོས་ཀྱི་ཁམས་མ་གཏོགས་པའོ།། ཕྱི་རོལ་གྱི ་དུ་ཞེ་ན་དྲུག་སྟེ། གང་དག་མ་གཏོགས་པ་རྣམས་སོ།། དམིགས་པ་དང་བཅས་པ་དུ་ཞེ་ན། སེམས་ཀྱི་ཁམས་བདུན་དང་། ཆོས་ཀྱི་ཕྱོགས་གཅིག་ཀྱང་ཡིན་ཏེ། གང་སེམས་ལས་བྱུང་བའོ།། དམིགས ་པ་མེད་པ་དུ་ཞེ་ན། ལྷག་མ་བཅུ་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་སོ།། རྣམ་པར་རྟོག་པ་དང་། བཅས་པ་དུ་ཞེ་ན། ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་སོ།། ་རྙོག་པ་མེད་བདུན་ན། སྐྲགས་རྣམ་ས།། སྦྱིན་བདུན། ག་ཝཱ་དྲུན་གས་ཏྭ། ཟུགས་དང་། སྠུ་ང། བྷྲྀ་། དོ་ངྲ། ཀཱདྷརྣམས་ཅད། ནང་ས་སྟོན་ང ་ཞེ་ན། བཞིའི་ཕྱོགས་སོ།། བསྟེན་པ་མཚུངས་པ་དུ་ཞེ་ན། ནང་གི་གཟུགས་ཅན་ལྔ་སྟེ། རང་གི་རྣམ་པར་ཤེས་པ་དག་དང་ཡུལ་ཐུན་མོང་བ་ཉིད་ཀྱི་ཕྱིར་རོ།། དེ་དག་དང་མཚུངས་པ་དུ་ཞེ་ན། དེ་དག་ཉིད་རང་གི ་རྣམ་པར་ཤེས་པསོ་སྟོང་པ་སྟེ། རང་གི་རིག་དང་མཐུན་པའི་ཕྱིར། ཕུང་པོ་ལྔའི་རབ་ཏུ་བྱེད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཛི་ན་མཻ་ཏྲ་དང་། ཤཱི་ལེནྡ་བོ་དྷི་དང་། དཱ་ན་ཤཱི་ཡ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེ་ལྀ་སོགས་པས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ།། ་