CLOSE WINDOW

GT3562: rang bzhin gsum nges par bstan pa
Wyliee-texts produced with BDRC’s OCR application

@རྒྱ་གར་སྐད་དུ། ཏྲ་ས་བྷཱ་བ་ནནྡ་ཤ། བོད་སྐད་དུ། རང་བཞིན་གསུམ་ངེས་པར་བསྟན་པ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། བརྟགས་དང་བཞིན་གྱི་དབང་དང་ན།། ཡོངས་སུ་གྲུབ ་བ་ཉིད་དག་སྟེ།། རང་བཞིན་གསུམ་པོ་བརྟན་རྣམས་ཀྱིས།། ཟབ་མོ་ཡི་ནི་ཤེས་བྱར་འདོད།། རྐྱེན་གྱི་དབང་གིས་འཇུག་པ་དང་།། བརྟགས་པ་ཙམ་གྱི་དངོས་ཡིན་པོས།། གང་ཞིག་སྣང་དེ་གཞན་དབང་སྟེ།། ཇི་སྣད་དེ་ཀུན་བརྟགས་པ་ཡིན།། ་གང་སྣང་དེའི་ཇི་ལྟར་སྣང་།། རྟག་ཏུ་མེད་པ་གང་ཡིན་དེ།། གཞན་དུ་འགྱུར་མེད་ཤེས་བྱ་བས།། ཡོངས་སུ་གྲུབ་པའི་རང་བཞིན་ཡིན།། དེ་ལས་གང་སྣང་ཀུན་བརྟགས་ཏེ།། ཇི་ལྟར་སྣང་དེ་གཉིས་པོའོ།། དེ་ལ་དེ་མེད་གང་ཡིན་ལ།། དེ་ཉིད་དེ། ་ཡི་གཉིས་མེད་ཆོས།། གང་ཕྱིར་དེ་ལ་མེད་བརྟགས་དང་།། དེ་ཡིས་ཇི་ལྟར་དོན་བརྟགས་པ།། དེ་ལྟར་ཤིན་ཏུ་མེད་པས་ན།། སེམས་ནི་ཀུན་རྟོག་ཅེས་བྱ་ཡིན།། རྒྱུ་དང་འབྲས་བུའི་དངོས་པོ་ཡིས།། སེམས་དེ་རྣམ་པ་གཉིས་འདོད་དེ།། ཀུན་གཞི ་རྣམ་ཤེས་ཞེས་བྱ་དང་།། འཇུག་པ་ཞེས་བྱ་རྣམ་བདུན་ནོ།། དང་པོ་ཀུན་ཉོན་མོངས་ས་བོན།། བག་ཆགས་བསགས་པས་སེམས་ཞེས་བྱ།། གཉིས་པ་རྣམ་པ་སྣ་ཚོགས་སུ།། རབ་ཏུ་འཇུག་པས་བརྗོད་པ་ཡིན།། ཡང་དག་མ་ཡིན་ཀུན་རྟོག་དེ།། ་རྣམ་པར་སྨིན་དང་དེ་བཞིན་དུ།། ངར་འཛིན་གཞན་དུ་སྣང་བ་ཡི།། དབྱེ་བས་རྣམ་པ་གསུམ་དུའང་འདོད།། དང་པོ་རྣམ་སྨིན་བདག་ཉིད་དོ།། འདི་ནི་རྩ་བའི་རྣམ་ཤེས་ཡིན།། གཞན་ནི་འཇུག་པའི་རྣམ་པར་ཤེས།། བལྟ་བྱ་མཐོང་བྱེད་རྟོགས་པས ་འཇུག། ཡོད་དང་མེད་དང་གཉིས་དང་གཅིག། ཀུན་ནས་ཉོན་མོངས་རྣམ་བྱང་དག། མཚན་ཉིད་ཀྱི་ནི་རབ་དབྱེ་བས།། རང་བཞིན་དག་ནི་ཟབ་པར་འདོད།། ཡོད་པར་གཟུང་བ་གང་ཡིན་པ།། དེ་ཉིད་ཤིན་ཏུ་མེད་པ་སྟེ།། དེས་ན ་བརྟགས་པའི་རང་བཞིན་ཏེ།། ཡོད་དང་མེད་པའི་མཚན་ཉིད་འདོད།། འཁྲུལ་པའི་ངོ་བོར་ཡོད་པ་དང་།། ཇི་ལྟར་སྣང་བཞིན་མེད་པ་སྟེ།། དེས་ན་གཞན་གྱི་དབང་དེ་ཡང་།། ཡོད་དང་མེད་པའི་མཚན་ཉིད་འདོད།། གང་ཕྱིར་གཉིས་པོ་མེད་པ་དང་།། ་གཉིས་སུ་མེད་པར་ཡོད་པ་སྟེ།། དེས་ན་ཡོངས་སུ་གྲུབ་རང་བཞིན།། ཡོད་དང་མེད་པའི་མཚན་ཉིད་འདོད།། བརྟགས་པའི་དོན་གྱི་རྣམ་གཉིས་ཏེ།། ཡོད་དང་མེད་པར་ངོ་བོ་གཅིག། དེས་ན་བྱིས་པས་བརྟགས་རང་བཞིན།། གཉིས་དང་གཅིག ་གི་བདག་ཉིད་འདོད།། སྣང་བའི་ཆ་ཡིས་གཉིས་ཡིན་ལ།། འཁྲུལ་པ་ཙམ་དངོས་གཅིག་ཡིན་པས།། གཞན་དབང་ཞེས་བྱའི་རང་བཞིན་ཡང་།། གཉིས་དང་གཅིག་གི་བདག་ཉིད་འདོད།། གཉིས་ཀྱིས་ངོ་བོའི་རང་བཞིན་ཉིད།། གཉིས་སུ་མེད ་པར་གཅིག་གྱུར་པས།། ཡོངས་སུ་གྲུབ་པའི་རང་བཞིན་ཡང་།། གཉིས་དང་གཅིག་གི་བདག་ཉིད་འདོད།། བརྟགས་དང་གཞན་གྱི་དབང་དག་ནི།། ཤེས་བྱ་ཀུན་ཉོན་མོངས་མཚན་ཉིད།། ཡོངས་སུ་གྲུབ་པ་རྣམ་བྱང་གི། མཚན་ཉིད་དུ ་ནི་འདོད་པ་ཡིན།། མི་བདེན་གཉིས་པོའི་རང་བཞིན་དེ།། དངོས་མེད་རང་བཞིན་ཉིད་ཡིན་པས།། བརྟགས་པའི་རང་བཞིན་ཤེས་བྱ་ལས།། གྲུབ་པའི་མཚན་ཉིད་གཞན་མ་ཡིན།། གཉིས་མེད་པ་ཡི་རང་བཞིན་ཉིད།། གཉིས་པོ་མེད་པའི་རང ་རང་བཞིན་པས།། ཡོངས་སུ་གྲུབ་ལས་བརྟགས་པ་ཡི།། མཚན་ཉིད་གཞན་མིན་ཤེས་པར་བྱ།། བདེན་མིན་ཇི་ལྟར་སྣང་གྱུར་པ།། དེ་ལྟར་མེད་པའི་རང་བཞིན་པས།། གཞན་དབང་ཞེས་བྱའི་རང་བཞིན་ལས།། ཡོངས་གྲུབ་མཚན་ཉིད་ཐ་དད ་མིན།། ཡང་དག་མིན་པ་གཉིས་རང་བཞིན།། ཇི་ལྟར་སྣང་བའི་དངོས་མེད་པས།། ཡོངས་གྲུབ་ལས་ཀྱང་གཞན་དབང་གི། མཚན་ཉིད་ཐ་དད་མིན་ཞེས་བྱ།། ཐ་སྙད་ལ་ནི་བལྟོས་པ་ཡི།། རང་བཞིན་དབྱེ་བའི་གོ་རིམས་དང་།། དེ་ལ་འཇུག་པའི ་དབང་བྱས་པའི།། རྟོགས་པའི་རིམ་པ་བཞིན་དུ་བརྗོད།། ཀུན་བརྟགས་ཐ་སྙད་བདག་ཉིད་དེ།། ཐ་སྙད་འདོགས་པ་གཞན་བདག་ཉིད།། ཐ་སྙད་ཡོངས་སུ་ཆོད་པ་ཡི།། རང་བཞིན་ཡང་ནི་གཞན་དུ་འདོད།། སྔོན་དུ་གཉིས་པོ་བདག་མེད་ལ།། ཞུགས ་པས་གཞན་དབང་ལ་འཇུག་སྟེ། ཡོད་པ་མ་ཡིན་གཉིས་པོ་དག། དེ་ལ་བརྟགས་ཙམ་ཡིན་ཕྱིར་རོ།། དེ་ནས་གཉིས་དངོས་མེད་རང་བཞིན།། ཡོངས་གྲུབ་ལ་ནི་འདིར་འཇུག་སྟེ།། འདི་ལྟར་དེ་ཉིད་དེའི་ཚེ།། ཡིད་དང་མེད་པ་དག་ཏུའང་བརྗོད།། ་རང་བཞིན་གསུམ་པོ་དེ་དག་ནི།། དམིགས་མེད་གཉིས་མེད་མཚན་ཉིད་དེ།། ཤིན་ཏུ་མེད་དང་དེ་བཞིན་མེད།། དེ་དངོས་མེད་པའི་རང་བཞིན་ནོ།། སྔགས་མཐུས་སྒྱུ་མ་བྱས་པ་ཡིས།། ཇི་ནས་གླང་པོ་སྣང་གྱུར་པ།། རྣམ་པ་ཙམ་ཞིག་སྣང་བར ་འདོད།། གླང་པོ་ཀུན་ཏུ་ཡོད་མ་ཡིན།། བརྟགས་པའི་རང་བཞིན་གླང་པོ་འདྲ།། གཞན་དབང་དེ་ཡི་རྣམ་ལྟ་བུའོ།། དེ་ལ་གླང་པོ་དངོས་མེད་གང་།། དེ་འདྲ་ཡོངས་སུ་གྲུབ་པར་འདོད།། རྩ་བའི་སེམས་ལས་གཉིས་བདག་ཏུ།། ཡང་དག་མ་ཡིན ་ཀུན་རྟོག་སྣང་།། གཉིས་པ་ཤིན་ཏུ་མེད་པས་ན།། དེ་ནི་རྣམ་པ་ཙམ་དུ་ཡོད།། རྩ་བའི་རྣམ་ཤེས་སྔགས་དང་འདྲ།། དེ་བཞིན་ཉིད་རྣ་ཤིང་འདྲར་འདོད།། རྣམ་རྟོག་གླང་པོའི་རྣམ་པ་འདྲ།། གཉིས་ནི་གླང་པོ་ལྟ་བུའོ། ་གྱི་དེ་ཉིད་རིག་པ་ན།། ཡོངས་སུ་ཤེས་དང་སྤང་བ་དང་།། ཐོབ་བྱ་གོ་རིམས་ཇི་བཞིན་དུ།། ཅིག་ཅར་མཚན་ཉིད་གསུམ་རིག་བྱེད།། དམིགས་སུ་མེད་པ་ཡོངས་ཤེས་དང་།། སྣང་བ་དག་ནི་སྤོང་བར་འདོད།། གཉིས་སུ་མེད་པས་དམིགས་པས ་ན།། ཐོབ་བྱ་མངོན་དུ་བྱས་པའང་ཡིན།། གླང་པོ་དམིགས་སུ་མེད་པས་ན།། དེ་ཡི་རྣམ་པ་ནུབ་འགྱུར་ཏེ།། ཤིང་གི་དུམ་བུ་དམིགས་འགྱུར་བ།། སྒྱུ་མ་ལ་ནི་ཇི་བཞིན་དུ།། འདི་ལྟར་གཉིས་པོ་མི་དམིགས་ཆེ།། གཉིས་སུ་སྣང་བ ་ནུབ་པར་འགྱུར།། ནུབ་ན་དེ་ཡི་ཡོངས་སྒྲུབ་པ།། གཉིས་དངོས་མེད་པ་རྟོགས་པར་འགྱུར།། མི་མཐུན་བློ་ཡིས་དབང་སྒྱུར་དང་།། དོན་མེད་བཞིན་དུ་བློས་མཐོང་དང་།། ཡེ་ཤེས་གསུམ་གའི་རྗེས་འབྲང་དང་།། འབད་མེད་གྲོལ ་བར་ཐལ་འགྱུར་ཕྱིར།། སེམས་ཙམ་དུ་ནི་ཉེར་དམིགས་ཏེ།། ས་བྱའི་དོན་ལ་དམིགས་མི་བྱ།། ཤེས་བྱའི་དོན་ནི་དམིགས་མེད་པས།། སེམས་ཀྱང་དམིགས་སུ་མེད་པ་ཡིན།། གཉིས་པོ་དམིགས་སུ་མེད་པས་ན།། ཆོས ་ཀྱི་དབྱིངས་ལ་དམིགས་པར་འགྱུར།། ཆོས་ཀྱི་དབྱིངས་ལ་དམིགས་པ་ཡིས།། ཕུན་སུམ་ཚོགས་པ་ཉེར་དམིགས་འགྱུར།། ཕུན་སུམ་ཚོགས་པ་ཉེར་དམིགས་པས།། སྐུ་གསུམ་བདག་ཉིད་བླ་མེད་པའི།། བྱང་ཆུབ་བློ་ལྡན་གྱིས ་xxx ་ཀྱིས་གཏན་ལ་ཕབ་སྟེ་ལེགས་པར་བསྒྱུར་བའོ།། ། རྫོགས་སྷོ།། ། རྒྱ་གར་སྐད་དུ། པཉྩི་སྐནྟ་པྲེཔྲ་ཀ་ར་ཎ། བོད་སྐད་དུ། ཕུང་པོ་ལྔའི་རབ་ཏུ་བྱེད་པ།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་