| Wylie | e-texts produced with BDRC’s OCR application |
གཏན་ལ་ཕབ་པོའོ།། ། རྒྱ་གར་སྐད་དུ། བིངྒ་ཀོ་ཀཱ་རི་ཀ། བོད་སྐད་དུ། ཉི་ཤུ་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འདི་དག་རྣམ་པར་རིག་ཙམ་ཉིད།། ཡོད་པ་མ་ཡིན་དོན་སྣང་ཕྱིར།། དཔེར ་ན་རབ་རིབ་ཅན་དག་གིས།། སྒྲ་ཟླ་ལ་སོགས་མེད་མཐོང་བཞིན།། གལ་ཏེ་རྣམ་རིག་དོན་མིན་ན།། ཡུལ་དང་དུས་ལ་ངེས་མེད་ཅིང་།། སེམས་ཀྱང་ངེས་མེད་མ་ཡིན་ལ།། བྱ་བ་བྱེད་པའང་མི་རིགས་འགྱུར།། ཡུལ་ལ་སོགས་པ་དེས་འགྲུབ་སྟེ།། རྨི ་འདྲའོ་སེམས་ཀྱང་ངེས་པ་མེད།། ཡི་དྭགས་བཞིན་ཏེ་ཐམས་ཅད་ཀྱིས།། ཀླུང་ལ་རྣག་ལ་སོགས་མཐོང་བཞིན།། བྱཱ་བྱེད་རྨི་ལམ་གནོད་པ་འདྲ།། ཐམས་ཅད་སེམས་ཅན་དམྱལ་བ་བཞིན།། དམྱལ་བའི་སྲུང་མ་སོགས་མཐོང་དང་།། དེ་དག་གི་ནི ་གནོད་ཕྱིར་རོ།། ཇི་ལྟར་དུང་འགྲོ་མཐོ་རིས་སུ།། འབྱུང་བ་དེ་ལྟར་དམྱལ་བ་མིན།། ཡོ་དགས་མིན་ཏེ་འདི་ལྟ་བུར།། དེ་ཡོང་སྡུག་བསྔལ་དེས་མི་མྱོང་།། གལ་ཏེ་དེའི་ལས་ཀྱིས་དེར།། འབྱུང་བ་དག་ནི་འབྱུང་བ་དང་།། དེ་བཞིན་འགྱུར་བར་འདོད་ནན། ་རྣམ་པར་ཤེས་པར་ཅེས་མ་ཛ་དོ།། གཞན་ན་ལས་ཀྱི་བག་རགསུ་ལ།། འབྲས་བྱ་དག་ནི་གཞན་དུ་རྟོག། གླང་ན་བག་ཆགས་ཡོད་པ་དར་།། ཙ་སྱཻ་བྀ་ན་འདངདུ་མི་བྱ།། གཟུགས་སོགས་སྐྱེ་མཆེད་མེང་པ་ནི།། དེས་འདུལ་བ་ཡི་སྐྱེ་བོ་ལ།། དགོས ་པའི་དབང་གིས་གསུངས་པ་སྟེ།། རྫུས་ཏེ་འབྱུང་བའི་སེམས་ཅན་བཞིན།། རང་གི་ས་བོན་གང་ལས་སུ།། རྣམ་རིག་སྣང་བ་གང་འབྱུང་བ།། དེ་དག་དེ་ཡི་སྐྱེ་མཆེད་ནི།། རྣམ་པ་གཉིས་སུ་ཐུབ་པས་གསུངས།། དེ་ལྟར་གང་ཟག་བདག་མེད་པར།། འཇུག ་པར་འགྱུར་རོ་གཞན་དུ་ཡང་།། བསྟན་པས་ཆོས་ལ་བདག་མེད་པར།། འཇུག་འགྱུར་བརྟགས་པའི་བདག་ཉིད་ཀྱིས།། དེ་ནི་གཅིག་ནའང་ཡུལ་མིན་ལ།། ཕྲ་རབ་རྡུལ་དུ་དུ་མའང་མིན།། དེ་དག་འདུས་པའང་མ་ཡིན་ཏེ། འདི་ལྟར་རྡུལ་ཕྲན་མི་འགྲུབ ་ཕྱིར།། དྲུག་གིས་ཅིག་ཅེར་སྤྱར་པ་ན།། ཕྲ་རབ་རྡུལ་མཇུག་ཏུ་འགྱུར།། དྲུག་པོ་དག་ནི་གོ་གཅིག་ན།། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར།། རྡུལ་ཕྲན་སྦྱོར་བ་མེད་ན་ནི།། དེ་འདུས་ཡོད་པ་དེ་གང་གིས།། མ་ཤས་ཡོད་པ་མ་ཡིན་པས།། དེ་སྦྱོར ་འགྲུབ་མ་ཟེར་ཅིག། གང་ལ་ཕྱོགས་ཆ་ཐ་དད་ཡོད།། ད་ནི་གཅིག་ཏུ་མི་རུང་ངོ་།། གྲིབ་དང་སྒྲིབ་པར་ཇི་ལྟར་འགྱུར།། གོང་བུ་གཞན་མིན་དྲེ་ངོའི་མིན།། གཅིག་ན་རིམ་གྱིས་འགྲོ་བ་མེད།། ཟིན་དང་མ་ཟིན་ཅིག་ཅར་མེད།། རིས་ཆང་དུ་མར ་གནས་པ་དང་། གིས་མི་གཡོང་ཕྲ་བའང་མེད།། མངོན་སུམ་བློ་ནི་རྨི་སོགས་བཞིན།། དེ་ཡང་གང་ཚེ་ངོ་ཡི་ཚེ།། ཁྱོད་ཀྱི་དོན་དེ་མི་སྣང་ན།། དེ་ནི་མངོན་སུམ་ཇི་ལྟར་འདོད།། དཔེར་ན་དེར་སྣང་རྣམ་རིག་བཞིན།། བཤད་ཟིན་དུ ་ལས་དྲན་པར་ཟད།། རྨི་ལམ་མཐོང་བ་ཡུལ་མེད་པར།། མ་ཟད་བར་དུ་རྟོགས་མ་ཡིན།། གཅིག་ལ་གཅིག་གི་དབང་གིས་ན།། རྣམ་པར་རིག་པ་ཕན་ཚུན་ངེས།། སེམས་ནི་གཉིད་ཀྱིས་ནོན་པས་ན།། དེ་ཕྱིར་རྨི་དང་འབྲས་མི་མཚུངས། ་འཆི་བ་གཞན་གྱི་རྣམ་རིག་གིས།། བྱེ་བྲག་ལས་ཏེ་དཔེར་བྱ་ན།། འདྲེ་ལ་སོགས་པའི་ཡིད་དབང་གིས།། གཞན་གྱི་དྲན་ཉམས་འགྱུར་སོགས་བཞིན།། དྲང་སྲོང་ཁྲོས་པས་དནྟི་ཀའི།། དགོན་པ་ཇི་ལྟར་སྟོང་པར་འགྱུར།། ཡིད་ཉོས་ཁ་ན་མ་ཐོ་ཆེར།། དེ་ཡིས ་ཇི་ལྟར་འགྲུབ་པར་འགྱུར།། གཞན་སེམས་རིག་པའི་ཤེས་པ་ནི།། དོན་བཞིན་མ་ཡིན་ཇི་ལྟར་དཔེར།། རང་སེམས་ཤེས་པས་སངས་རྒྱས་ཀྱི།། སྤྱོད་ཡུལ་ཇི་བཞིན་མ་ཤེས་ཕྱིར།། རྣམ་རིག་ཙམ་དུ་གྲུབ་པ་འདི།། བདག་གིས་བདག་གི་མཐུ་འདྲ་བར།། ་བྱས་ཀྱི་དེ་ཡི་རྣམ་པ་ཀུན།། བསམ་ཡས་སངས་རྒྱས་སྤྱོད་ཡུལ་ལོ།། ཉི་ཤུ་པའི་ཚིག་ལེའུར་བྱས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི ་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། བིང་ཤི་ཀཾ་བྲྀཏ་ཏི། བོད་སྐད་དུ། ཉི་ཤུ་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཐེག་པ་ཆེན་པོ་ལ་ཁམས ་