| Wylie | e-texts produced with BDRC’s OCR application |
xxx ་xxx ་xxx ་xxx ་xxx ་ཡིད་ལ་བད་པའི་ཕན་ཡོན་དང་། འབེལ་བའི་གཏམ་གཏན་ལ་འབབས་པའི་ཕན་ཡོནོ།། དེ་ལ་ཡིད་ལ་བད་པའི་ཡན་ཨོན་ནི་ཞི་གནས་ཀྱི་རྗེས་མཐུན་པ་དང་། ་ལྷག་མཐོང་འཕེལ་བའི་རྗེསུ་མཐུན་པར་རིག་པར་བྱའོ།། ཞི་གནས་ཀྱི་རྗེསུ་མཐུན་པ་ནི་གནས་འདི་དག་ལོ་མཁས་པར་བྱས་པས་ཐེ་ཚོ་མེད་པས། འདི་ལྟར་རང་གི་དམི ་པ་ལ་རྩེ་གཅིག་པི་ཚུལ་གྱི་བདེ་བར་སེམས་མཉེ་བར་འཇོག་པའི་ཕྱིར་ནི་གནས་ཀྱི་རྗེ་སུ་མཐུ་ནོ།། ལྷག་མཐོང་འཕེལ་བའི་རྗེསུ་མཐུན་པ་ནི་རྣམ་པ་མང་པོར་ཤྲཱི་བ་ཡོངསུ་བརྟ་ཌ་པྲ ་ཤེས་རབ་ཁྱད་ཞུགས་པར་འགྲོ་བའི་ཕྱིར། ལྷག་མཐོང་གི་རྗེསུ་མཐུནནོ།། འཕེལ་བའི་གཏལ་གཏན་ལ་འབེབས་པཱི་པ་ན་ཡ་ནི་ཡནཱ་འདི་དག་ལ་མཁས་པས་དྲི་བ་ཟད་ལུང་སྟོན་པའི ་མཐུ་དང་ལྡན་པས་མི་འཇིགས་པ་ཐོབ་པར་བལྟའོ།། བདག་གི་གཞི་རྣམ་པ་ལྟ་བརྗོད་པའི་ཕྱིར་ཏེ། ཞེས་བྱ་བ་འདི་ལ་རྣམ་པ་བཞི་ནི་བདག་གི་གཞི་ཡིན་པས་བདག་གི་གཞིའོ།། ལྔ་པ་ནི་བདག་གི་མཚན་ཉིད་ཁོ་ན་ཏེ། ་གཞི་ཡིན་པས་བདག་གི་གཞིར་རིག་པར་བྱའོ།། ལུས་ཡོངས་སུ་གཟུང་བ་དང་བཅས་པ་སྨོས་པས་ནི་ཕྱི་དང་ནང་གི་གཟུགས་ཀྱི་ཕུང་པོ་བསྡུས་སོ།། ཚོར་བ་ལ་སོགས་པ་ནི་ལོངས་སྤྱོད་ལ་སོགས་པ་ཉིད་དེ། དེ་དག་གི་མཚན་ཉིད་བསྟན་པའི ་སྐབས་སུ་འཆད་དོ།། དེ་དག་གི་གནས་ནི་བདག་གི་གཞི་རྣམ་པར་ཤེས་པ་སྟེ། ལུས་ཡོངས་སུ་གཟུང་བ་དང་བཅས་པ་ལ་སོགས་པ་དེ་དག་གི་གནས་ནི་བདག་གི་མཚན་ཉིད་དེ། གཞི་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟར་འཇིག་རྟེན་ན ་ལ་ཆེར་རྣམ་པར་ཤེས་པའི་ཕུང་པོ་ལ་བདག་ཏུ་འཛིན་ལྷག་མ་རྣམས་ལ་ནི་བདག་གིར་འཛིན་ཏེ།། ལུས་དང་ཡོངས་སུ་གཟུང་བ་གཉིས་ཀྱིས་ཞེས་བྱ་བ་ལ། མིག་ལ་སོགས་པ་དབང་པོ་དྲུག་དང་། གཟུགས་ལ་སོགས་པ་ཡུལ་དྲུག་གིས ་སོ།། འདས་པ་དང་ད་ལྟར་གྱི་ཉེ་བར་སྤྱོད་པ་དྲུག་ནི་རྣམ་པར་ཤེས་པ་དྲུག་སྟེ། དེ་འཛིན་པ་ནི་གནས་དང་དམིགས་པའི་དངོས་པོ་འཛིན་ཏོ།། དབང་པོ་དང་ཡུལ་བཅུ་གཉིས་ནི་དེ་ལྟར་དེ་འཛིན་པའི་ཕྱིར་ཁམས་སོ།། རྣམ་པར་ཤེས་པ་རྣམས ་ནི་ཉེ་བར་སྤྱོད་པའི་མཚན་ཉིད་འཛིན་པོས་ཁམས་ཉིད་དུ་རིག་པར་བྱའོ།། སྐྱེ་བའི་སྒོ་ཙམ་ཡིན་པའི་ཕྱིར་དབང་པོ་དང་དོན་ཙམ་སྨོས་པས་སྐྱེ་མཆེད་བཅུ་གཉིས་ཁོ་ནར་རྣམ་པར་བཞག་པ་ཡིན་ཏེ། ཉེ་བར་སྤྱོད་པའི་མཚན་ཉིད་རྣམ་པར ་ཤེས་པ་དྲུག་ནི་རྣམ་པར་མ་བཞག་ག། ཉེ་བར་ལེན་པ་ནི་འདུན་པ་དང་འདོད་ཆགས་ཏེ། དེ་ལ་འདུན་པ་ནི་འདོད་པའོ།། འདོད་ཆགས་ནི་ལྷག་པར་ཆགས་པའོ།། འདུན་པས་ནི་མ་འོངས་པའི་ལུས་འདོད་པའི་སྒོ་ནས་ལེན་ཏེ། དེས་མ་འོངས་པའི་ཕ ་རྣམས་འགྲུབ་བོ།། འདོད་ཆགས་ཀྱིས་ནི་ད་ལྟར་གྱི་ལུས་ལ་ལྷག་པར་ཆགས་པའི་སྒོ་ནས་ལེན་ཏེ། དེས་ད་ལྟར་གྱི་ཕུང་པོ་རྣམས་ཡོངས་སུ་མི་གཏོང་ངོ་།། དེ་བས་ན་འདི་གཉི་ག་ཡང་ཉེ་བར་ལེན་པ་ཞེས་བྱའོ།། དེ་ལ་ཕུང་པོ་བཞིན་དུ་བ་ཤ། ་ཅེས་བྱ་བ་ནི་ཉེ་བར་ལེན་པ་དང་ལྡན་པ་སྟེ། དེའི་ཕྱིར་ཉི་དར་ལེན་པ་དང་བཅས་པའི་ཆོས་རྣམས་སུ་རིག་པར་བྱའོ།། རེག་པས་གཟུགས་སུ་ཡང་བས་ནི་གཞན་དུ་འགྱུར་བར་རིག་པར་སྨྲའོ།། གང་ཡུལ་ལ་ཞེས་བྱ་བ་ནི་མངོན་དུ་གྱུར་པའི་ཕྱོགས ་ལའོ།། འདི་དང་འདིའོ་ཞེས་བྱ་བ་ནི་ཀེང་རུས་ལ་སོགས་པ་ཞེས་བྱ་བའི་དངོས་པོ་དང་འདྲ་བའི་གཟུགས་བརྙན་ནོ།། འདི་ལྟ་བུ་དང་འདི་ལྟ་བུ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གོ།། བཀྲ་བར་འཛིན་པ་ཞེས་བྱ་བ་ནི་དེ་ལྟར་འདུ་ཤེས་པའོ།། ་ལས་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བདེ་བ་མྱོང་བའོ།། ལས་མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་སྡུག་བསྔལ་མྱོང་བའོ།། གཉི་གའི་འབྲས་བུ་རྣམ་པར་སྨིན་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན ་པ་མྱོང་བ་སྟེ། འདི་ལྟར་དགེ་བ་དང་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ཀུན་གཞི་རྣམ་པར་ཤེས་པ་ནི་རྟག་ཏུ་བཏང་སྙོམས་ཉིད་དང་མཚུངས་པར་ལྡན་པ་ཡིན་ཏེ། བཏང་སྙོམས་དེ་ཉིད་རྣམ་པར་སྨིན་པའོ།། བདེ་བ་དང་སྡུག་བསྔལ ་དེ་ནི་རྣམ་པར་སྦྱིན་པ་ལས་བྱུང་བཊྚི་ཕྱིར་རྣམ་པར་སྨིན་པ་ཞེས་ཉེ་བར་གདུགས་སོ།། མཐོང་བ་དང་ཐོས་པ་དང་བྱེ་བྲག་བྱེད་པ་དང་རྣམ་པར་ཤེས་པའི་དོན་རྣམས་ལ་ཞེས་བྱ་བ་ལ། མཐོང་བ་ནི་གང་མིག་གི་སྤྱོང་བའོ།། ཐོས་པ ་ནི་གང་རྣ་བས་མྱོང་བའོ།། བྱེ་བྲག་ཕྱེད་པ་ནི་གང་འོདི་དང་འོདི་ལྟར་བུར་འགྱུར་རོ།། ཞེས་བྱ་བ་འདི་ནི་བདག་ཉིད་ཀྱིས་མངོན་པར་བརྟགས་པའོ།། རྣམ་པར་ཤེས་པ་ནི་གང་ས་སོ་རང་གིས་མྱོང་པོའོ།། ཐ་སྙད་འདོགས་པ་ཞེས་བྱ་བ་ནི། མངོན་པར ་བརྗོད་པ་རྣམས་ཀྱིས་གོ་བཱར་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། གནས་སྐབས་སྣ་ཚོགས་རྣམས་སུ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་རྣམས་སུའོ།། མིག་གང་གིས་གཟུགས་རྣམས་མཐོང་བར་གྱུར་པ་ཞེས་པ་ནི་འདས་པའི་རྣམ་པར ་ཤེས་པ་ཉེ་བར་སྤྱོད་པ་འཛིན་པ་ཉིད་ཀྱིས་ཁམས་ཉིད་དུ་སྟོན་ཏོ།། ལྦུ་བ་ཞིས་བྱ་བ་ན~ཾད་ལྟར་གྱི་ནམོ་པ་ཤེས་པ་ལྕི་བཱི་སྤྱོད་པ་འཛིན་པ་ཉིད་ཀྱིས་ཁམས་ཉིད་དུ་སྟོན་ཏོ།། མིག་དྷཱའོས་བློན་བསྩགས་པའི་སྤྲིནྡ་གཎྜཱི་རྣམ་པར་ཤེས་པ་གང་མན ་པ་ཡང་ཁམས་ཏཽ། གང་ལས་ཕྱི་མ་ལ་མིག་འགྲུབ་པར་འགྱུར་བའོ།། རྣམ་པོར་སྨིན་པའང་ཁམས་ཏུ་གང་ལས་གྲུབ་ཟིན་པའོ།། ས་བོན་རྣམ་པ་དེ་གཉི་ག་ཡེང་མིག་གི་སྒྱུ་ཡིན་པས་མིག་གི་ཁམས་ཞེས་བྱའོ།། མིག་གི་ཁམས ་གཟུགས་ལ་དབང་བྱེད་པ་སྟེ། དབང་པོའི་དབང་གིས་ཕྱི་རོལ་གྱི་ཡུལ་འགྲུབ་པའི་ཕྱིར་རོ།། རང་གི་རྟེན་དང་དམིགས་པའི་བྱེ་བྲག་ཅན་ཡིན་ནོ།། དེ་ནི་ཁམས་བཞིན་དུ་བལྟ་སྟེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ།། ཞེས་བྱ་བ་ནི་མིག ་གང་གིས་གཟུགས་རྣམས་མཐོང་བར་འགྱུར་བ་དང་། དེའི་ས་བཱན་བསྔགས་པའི་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་སྟེ། གང་ལས་ཕྱི་མ་ལས་མིག་འགྲུབ་པར་འགྱུར་ཞེས་བྱ་བ་དང་སྦྱར་རོ།། འབྱུང་བ་ཆེན་པ་བཞི་དག་རྒྱུར་བྱས་པ་ཞེས་བྱ ་བ་ལ་རྒྱུར་བྱས་པའི་གཟུགས་ཇི་ལྟ་བུ་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ནི་སྐྱེད་པ་དང་། བརྟེན་པ་དང་། གནས་པ་དང་། རྟོན་པ་དང་། འཕེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ།། འབྱུང་བ་དག་རྒྱུར་བྱས་པའི་གཟུགས ་ལ་རྒྱུ་རྣམ་པ་ལྔའི་དང་བྲ་དུ་བྱས་ནས་སྐྱེད་པ་ལ་སོགས་པ་ཉིད་རྒྱུ་ཉིད་ཡིན་ཏོ། འབྱུང་བའི་རྒྱུ་ཉིད་ནི་འདི་དག་མེད་ན་དེ་མི་འབྱུང་བའི་ཕྱིར་རོ།། འདུག་པའི་རྒྱུ་ཉིད་ནི་འབྱུང་བ་རྣམས་བསལ་ན་རྒྱུར་བྱས་པའི་གཟུགས་ལ་ལོགས་ཤིག་ཏུ་ཡུལ ་གནོན་པའི་མཐུ་མེད་པའི་ཕྱིར་རོ།། རྗེས་སུ་འགྱུར་བའི་རྒྱུ་ཉིད་ནི་འབྱུང་བ་གྱུར་ན་དེ་ལྟ་གནསྨྲ་པའི་རྒྱུར་བྱས་པའི་གཟུགས་ཀྱང་འགྱུར་བའི་ཕྱིར་རོ།། གནས་པ་བྱེད་པའི་རྒྱུ་ཉིད་ནི་མཚུངས་པར་འབྱུང་བྱའི་དུས་ན་འབྱུང་བ་རྣམས་ཀྱི་རྒྱུར་བྱས་པའི ་གཟུགས་ཀྱི་རྒྱུད་རྒྱུན་མི་འཚོད་པའི་ཚུལ་དུ་འཛིན་པའི་ཕྱིར་རོ།། འཕེལ་བར་བྱེད་པའི་རྒྱུ་ཉིད་ནི་འཕེལ་བའི་དུས་ན་འབྱུང་བ་རྣམས་ཀྱིས་རྒྱུར་བྱས་པའི་གཟུགས་ཡོངས་སུ་རྒྱས་པར་འགྱུར་བའི་ཕྱིརརོ།། སྔོན་པོ་ལ་སོགས་པ་གཟུགས་རྣམ་པ་ཉི་ཤུ་རྩ ་ལྔ་ནི་མཚན་ཉིད་དང་། གནས་པ་དང་། ཕན་གནོད་དང་བྱེད་པའི་རྟེན་དང་བྱེད་པོའི་མཚན་ཉིད་དང་། རྒྱན་དང་། རྣམ་པ་དྲུག་གིས་རྣམ་པར་བཞག་པར་རིག་པར་བྱའོ།། བཞི་དང་། བཅུ་དང་། བརྒྱད་དང་། གཅིག་དང་། གཅིག་དང་། གཅིག་དང ་གོ་རིམ་བཞིན་ནོ།། དེ་ལ་མངོན་པར་སྐབས་ཡོད་པ་ཞེས་བྱ་བ་ནི་དེ་ལས་གཞན་པར་བྱེད་པའི་རེཀ་བྱ་པ་བྲལ་ཕྱོགས་གང་ཡིན་པའོ།། ནམ་མཁའ་ཨ་ཧཱ་བ་ན།། སྟེང་ན་སྔོན་པོར་སྣང་བ་ཚན་ཉིད་དང་། ཕན་གནོད ་དང་། རྒྱུས་རབ་ཏུ་དབྱེ་བ་དང་། བཤད་པས་རབ་ཏུ་དབྱེ་བ་དང་། ཐ་སྙད་ཀྱིས་རབ་ཏུ་དབྱེ་བས་རྣམ་པ་ན་ག་གོ།། མཚན་ཉིད་ནི་རྣ་བའི་དབང་པོའི་གཟུང་བའི་དོན་གང་ཡིན་པ་ཞེས་བྱ་བའོ།། བསྟན་པས་རབ་ཏུ་དབྱེ་ཏན་གྱི་གྲགས་པ་ལ ་སོགས་པ་གསུམ་མོ།། ལྷག་མ་ནི་ཇི་ལྟར་མཐུན་མཐུན་དུ་རིག་པར་བྱའོ།། དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་འདི་ལྟ་སྟེ། ངག་གི་སྒྲའོ།། ཟིན་པའི་མ་ཡིན་པའི་འབྱུང་བ་མེད་པའི་རྒྱུ་ལས་བྱུང་བ་ནི་འདི་ལྟ་སྟེ། ཤིང་ལ་སོགས་པའི ་སྒྲའོ།། དེ་གཉི་ག་ནི་འདི་ལྟ་སྟེ། ལག་པ་དང་རྫ་རྔ་ལ་སོགས་པའི་སྒོའོ།། འཇིག་རྟེན་གྱི་གྲགས་པ་ནི། འཇིག་རྟེན་པའི་སྐད་ཀྱིས་བསྡུས་པའོ།། གྲུབ་པས་བསྟན་པ་ནི་འཕགས་པ་རྣམས་བསྟན་པའོ།། ཀུན་ཏུ་བརྟགས་པ་ནི་མུ་སྟེགས་པ་ཅན ་རྣམས་ཀྱིས་བསྟན་པའོ།། འཕགས་པས་ཐ་སྙད་བཏགས་པ་དང་། འཕགས་པ་མ་ཡིན་པའི་ཐ་སྙད་བཏགས་པ་ནི། མཐོང་བ་ལ་སོགས་པ་ཐ་ཧཱུཾད་བརྒྱད་ཀྱི་དབང་དུ་བྱས་པར་རིག་པར་བྱའོ།། དྲི་ནི་རང་གི་མཚན་ཉིད་དང་། ཕན་གནོད་དང་། ་གནས་སྐབས་ཀྱི་སྒོ་ནས་རབ་ཏུ་དབྱེ་བས་རྣམ་པར་བཞག་གོ།། རོ་ཡང་དེ་བཞིན་དུ་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལ་ལྷན་ཅིག་ས་རི་ཙན་དན་ལ་སོགས་པའི་དྲིའོ།། སྦྱར་བ་ལས་བྱུང་བ་ནི་བདུག་སྤོས་སྦྱར་བ་ལ་སོགས་པའི ་དྲིའོ།། གྱུར་པ་ལས་བྱུང་བ་ནི་ཤིང་ཏོག་སྨིན་པ་ལ་སོགས་པའི་དྲིའོ།། རེག་བྱའི་ཕྱོགས་གཅིག་ནི་ཀུན་ཏུ་བརླབ་པ་དང་། ཀུན་ཏུ་གཞལ་བ་དང་། རེག་པ་དང་། ཀུན་ཏུ་བཙིར་བ་དང་། འདུས་པ་དང་། ཁམས་སྙོམས་མ་སྙེམས་ཀྱི་རྣམ་པར་བཞག་གེ། ་ཆུ་དང་རླུང་འདུས་ན་གྲང་ངོ་།། ཆུ་དང་ས་འདྲེས་ན་འདྲེད་དོ།། ཁམས་སྙོམས་ན་ངལ་བ་སོས་པ་དང་། ཉམ་ཡོད་པ་དང་། སྤུངས་ཆེ་བར་འགྱུར་ཏེ། སྤུངས་ཆེ་བ་ནི་མི་འཇིགས་པར་རིག་པར་བྱའོ།། ཚིམ་པ་ནི་གཉི་གའོ།། བཀྲེས་པ་ལ་སོགས་པ་ལྷག་མ ་རྣམས་ནི་ཁམས་མ་སྙོམས་པར་རིག་པར་བྱའོ།། བསྡུས་པ་ལས་གྱུར་པ་ནི་རྡུལ་ཕྲ་རབ་ཀྱི་གཟུགས་སོ།། མངོན་པར་སྐབས་ཡོད་པ་ནི་དེ་ཉིད་དེ། དེ་ལས་གཞན་པ་ཐོགས་པར་བྱེད་པའི་རོག་བྱ་དང་བྲལ་བའོ།། ཡང་དག་པར་བླངས་པ་ལས་བྱུང་བ་ནི ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ།། ཀུན་བརྟགས་པ་ནི་གཟུགས་བརྙན་གྱི་གཟུགས་སོ།། དབང་འབྱེར་པ་ནི་རྣམ་པར་ཐར་པ་ལ་བསམ་གཏན་པའི་སྤྱོད་ཡུལ་གྱི་གཟུགས་གང་ཡིན་པའོ།། ཚོར་བའི་ཕུང་པོ་ནི་གནས་དང་། ངོ་བོ་ཉིད་དང ་གནས་སྡོམ་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བས་རྣམ་པར་བཞག་གོ།། དེ་ལ་གཟུགས་ཀྱི་གནས་བསྡོམ་པས་ནི་ལུས་ཀྱི་ཚོར་བ་རྣམ་པར་བཞག་གོ། གཟུགས་མེད་པའི་གནས་བསྡོམ་པས་ནི་སེམས་ཀྱི་ཚོར་བ་རྣམ་པར་བཞག། ་ཀུན་ནས་ཉོན་མོངས་པས་ནི་ཟང་ཟིང་དང་བཅས་པ་ལ་སོགས་པ་རྣམ་པར་བཞག་པར་རིག་པར་བྱའོ།། རྣམ་པར་བྱང་བས་ནི་ཟང་ཟིང་མེད་པ་ལ་སོགས་པར་རྣམ་པར་བཞག་པ་རིག་པ་པའོ།། དེའི་སྲིད་པ་དང་མི་ལྡན་པའོ།། ཞེས་བྱ་པ་ནི་མཚུངས ་བྱར་ལྡན་པ་མ་ཡིན་པ་དང་བྲལ་བའི་རྗེས་སུ་མཐུན་པར་རིག་པར་བྱའོ།། ཐ་སྙད་ལ་མི་མཁས་པ་ནི། སྐད་མ་བསླབས་པས་གཟུགས་ལ་འངདུ་ཤེས་ནི་འབྱུང་ན་གཟུགསོ་སྙམ་དུ་མི་ཤེས་པ་སྟེ། དེའི་ཕྱིར་མཚན་མ་མེད་པའི ་འདུ་ཤེས་ཞེས་བྱའོ།། མཚན་མ་མེད་པའི་དབྱིངས་ལ་སྙོམས་པར་ཞུགས་པའི་གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་མཚན་མ་མེད་པའི་མྱ་ངན་ལས་འདས་པ་ལ་འདུ་ཤེས་པ་ནི་མཚན་མ་མེད་པའི་འདུ་ཤེས་སོ།། སྲིད་པའི ་རྩེ་མོ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་ནི་མི་གསལ་བས་དམིགས་པ་ལ་མཚན་མར་མི་བྱེད་པའི་ཕྱིར་མཚན་མ་མེད་པའི་འདུ་ཤེས་སོ།། ཆུ་ངུ་ནི་འདོད་པའི་ཁམས་ལ་སྟེ། ངན་པའི་ཕྱིར་རོ།། རྒྱ་ཆེན་པོར་གྱུར་པ་ནི་གཟུགས་ཀྱི་ཁམས ་ལ་སྟེ་དེ་བས་མཆོག་ཏུ་གྱུར་པའི་ཕྱིར་རོ།། ཚད་མེད་པ་ནི་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྟེ། མཐའ་ཡས་པའི་ཕྱིར།། དེ་བས་ན་དེ་དག་ལ་དམིགས་པའི་འདུ་ཤེས་ནི་ཆུ་ངུ་ལ་སོགས་པའི་འདུ་ཤེས་རྣམས་སུ་རིག་པར་བྱའོ།། ། ་ཚོར་བ་དང་འདུ་ཤེས་མ་གཏོགས་པ་སེམས་ལས་བྱུང་བ་དང་། སེམས་དང་ལྡན་པ་མ་ཡིན་པ་ཐམས་ཅད་ནི་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་ཁོ་ན་ཡིན་ན། དེ་བསྟན་པ་ལ་སེམས་པ་ཉི་ཚེ་སྨོས་པ་ནི་དེ་གཞན་དག་གི་སྔོན་དུ་འགྲོ་བའི་ཕྱིར།། གཏན ་ཚིགས་བསྟན་པའི་ཕྱིར། གང་གི་དགེ་བའི་ཕྱིར་ཡང་སེམས་པར་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་དགེ་བོ་ནི་དད་པ་ལ་སོག་པ་འོག་ནས་འབྱུང་བ་རྣམས་སོ།། ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པོ་དང་ཉེ་བའི ་ཉོན་མོངས་པ་རྣམས་སོ།། གནས་སྐབས་ཀྱི་བྱེ་བྲག་ནི་སེམས་པས་བསྐྱོད་པའི་འདུ་བྱེད་ཀྱི་གནས་སྐབས་རྣམས་ལ་བཏགས་པའི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སོ།། སེམས་པ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ནི་མཚན་ཉིད ་ལས་ཀྱི་བསྟན་པར་རིག་པར་བྱའོ།། དེ་ལ་སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། ཞེས་བྱ་བ་ནི་མཚན་ཉིད་བསྟན་པའོ།། དགེ་བ་དང་མི་དགེ་བོ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ཞེས་བྱ ་བ་ནི་ལས་བསྟན་པ་སྟེ། འདི་ལྟར་ཇི་ལྟར་མངོན་པར་འདུ་བྱ་བ་དགེ་བ་ལ་སོགས་པའི་ཆོས་རྣམས་ལ་སེམས་འཇུག་པའི་ཕྱིར་རོ།། དམིགས་པ་ལ་སེམས་འཛིན་པ་ནི་དེ་ཉིད་ལ་ཡང་དང་ཡང་དུ་གཏོད་པར་རིག་པར་བྱའོ།། དེའི་ཕྱིར་ཡིད་ལ་བྱེད་པ་ཐོབ ་པ་ནི་ཏིང་ངེ་འཛིན་ཐོབ་པ་ཞེས་བྱའོ།། རྣམ་པར་ཤེས་པ་འབྱུང་བ་ལ་བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བ་དང་མཐུན་པར་དབང་པོའི་འགྱུར་བ་གང་ཡིན་པའི་རྣམ་པ་དེ་ནི་རེག་པར་རིག་པར་བྱའོ།། དེ་དང་དེ་ལ་ལྡན་པར་བྱེད་འདོད་པ་ཉིད་དེ་ཞེས་བྱ་བ་ནི་ལྟ་བ ་དང་མཉན་པ་ལ་སོགས་པ་བྱེད་འདོད་པ་ཐམས་ཅད་བསྡུ་བའི་ཕྱིར་རོ།། ཇི་ལྟར་ངེས་པ་བཞིན་དུ་འཛིན་པ་ཞེས་བྱ་བ་ནི་འདི་ནི་དེ་བཞིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་སྨོས་པའོ།། དེའི་ཕྱིར་དེ་གཅེས་སུ་བྱེད་པ་ནི་གཞན་དག་གིས་འཕྲོགས་པར་མི་ནུསོ།། ་འདྲིས་པའི་དངོས་པོ་ནི་སྔོན་མྱོང་བར་རིག་པར་བྱའོ།། རྣམ་པར་མི་གཡེང་བའི་ལས་ཅན་ནི་དྲན་པས་དམིགས་པ་མངོན་པར་བརྗོད་པར་གྱུར་ན་རྣམ་པར་གཡེང་བ་མེད་པའི་ཕྱིར་རོ།། སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་རྣམ་པར་གཡེང་བ་མེད ་པའོ།། ཤེས་པའི་རྟེན་བྱེད་པ་ནི་སེམས་མཉམ་པར་བཞག་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ།། སོམ་ཉི་ཟློག་པ་ནི་ཤེས་རབ་ཀྱིས་ཆོས་རྣམས་རབ་ཏུ་རྣམ་པར་ཕྱེ་ན་ངེས་པ་རྙེད་པའི་ཕྱིརརོ།། དད་པ་ནི་ཡོད་པ་ཉིད ་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་དང་། ཡོན་ཏན་ཅན་ལ་དང་བའི་རྣམ་པ་དང་། ནུས་པ་ལ་བདག་གི་ཐོབ་པར་བྱེད་དམ་སྒྲུབ་པར་བྱེད་ནུས་སོ་སྙམ་དུ་འདོད་པའི་རྣམ་པའོ།། ངོ་ཚ་ཤེས་པ་ལ་སོགས་པ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ།། སྐྱེ་བས ་ཐོབ་པ་དང་། ཐོས་པ་དང་། བསམ་པ་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བ་ནི་གོ་རིམ་བཞིན་དུ་རྣམ་པར་སྨིན་པ་དང་། ལུང་དང་རྟོགས་པའི་ཤེས་རབ་པར་རིག་པར་བྱའོ།། བརྟན་པ་དང་བཅས་པའི་ཤེས་རབ་ནི་སོ་སོར་བརྟགས་པའོ།། དགེ ་པའི་ཆོས་རྣམས་ལ་མཐུ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་བསྟན་པ་དང་། བརྩོན་པ་མི་འདོར་བ་ཞེས་འབྱུང་བ་མདོའི་ཚིག་འདི་རྣམས་ནི་གོ་ཆ་ལ་སོགས་པ་ལ་མངོན་པར་སྤྲོ་བའི་དངོས་པོ་རྣམས་དང་། ་གོ་རིམ་བཞིན་དུ་སྦྱར་རོ།། ཡོངསུ་རྫོགས་པར་བྱེད་པ་ནི་ཇི་ལྟར་དངོས་གཞི་ལ་འཇུག་པ་ལྟ་བུའོ།། ཡོངསུ་བསྒྲུབ་པ་ནི་དེ་ཉིད་ལེགས་པར་ཡོངསུ་སྦྱང་བ་བྱས་པའོ།། སྒྲིབ་པ་ཐམས་ཅད་སེལ་བ་ནི་དེའི་དབང་གིས་གནས་འགྱུར་བར་བལྟའོ།། ་དགེ་བ་ཐམས་ཅད་བསྒོམ་པའི་སྔོན་དུ་བརྩོན་འགྲུས་ལ་སོགས་པ་བཞི་པོ་འགྲོ་བས། དེ་དག་ལ་བག་ཡོད་པར་གདགས་ཏེ། ཟག་པ་དང་བཅས་པོའི་ཆོས་རྣམས་ནི་འདིར་ཟག་པ་རྣམས་དང་ཟག་པའི་གནས་ཀྱི་ཡུལ་རྣམསུ་རིག་པར་བྱའོ།། ་སེམས་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་བཏང་སྙོམས་ཀྱི་ཐེག་མ་དང་བར་དང་ཐ་མའི་གནས་སྐབས་བཤད་དེ། འདི་ལྟར་བཏང་སྙོམས་དང་ལྡན་པའི་སེམས་ལ་བྱིང་བ་ལ་སོགས་པའི་མི་མཉམ་པ་མེད་པས་ཐོག་མར་མཉམ་པའོ།། ་དེའི་འོག་ཏུ་མངོན་པར་འདུ་བྱ་བ་མེད་པར་རྣལ་དུ་འདུག་པའོ།། དེའི་འོག་ཏུ་ཀུན་ནས་ཉོན་མོངས་པའི་དོགས་པ་མེད་པས་ལྷུན་གྱིས་གྲུབ་པར་གནས་སོ།། རྣམ་པར་མི་འཚོ་བ་ནི་ཞེ་སྡང་མེད་པ་ལས་གུད་ན་མེད་པའི་ཕྱིར་བཏགས་པའི་ཡོད་པར ་པར་བྱའོ།། སྡུག་བསྔལ་བསྐྱེད་པའི་ལས་ཅན་ཞེས་བྱ་བ་ནི་སྲེད་པའི་དབང་གིས་ཉེ་བར་ལེན་པའི་དཕུང་པོ་ལྔ་འགྲུབ་པའི་ཕྱིར་རོ།། རེག་པར་མི་གནས་པ་ནི་ཀུན་ནས་མནར་སེམས་པའི་སེམས་ཡོད་པ་སྡུག་བསྔལ་བར་གནས་པའི་ཕྱིརརོ།། མི་གུས ་པ་ནི་བླ་མོ་རྣམས་དང་ཡོན་ཏན་ཅན་རྣམས་ལ་སྒྱིང་བའོ།། སྡུག་བསྔལ་འབྱུང་བ་ནི་ཡང་སྲིད་པ་འབྱུང་བར་རིག་པར་བྱའོ།། ལོག་པར་ངེས་པ་ནི་ཕྱིན་ཅི་ལོག་ཏུ་ཤེས་པའོ།། ཐེ་ཚོམ་ནི་སོམ་ཉིའོ།། ཀུན་ནས་ཉོན་མོངས་པ་འབྱུང་བ་ནི་འདོད་ཆགས་ལ་སོགས ་པ་ཉོན་མོངས་པ་ཀུན་ཏུ་འབྱུང་བའོ།། དེའི་རྟེན་བྱེད་པ་ནི་རྨོངས་པར་གྱུར་ན་ཉོན་མོངས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ།། བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་ནི་ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ།། དེས་དགེ་བའི ་ཕྱོགས་ལ་མི་འཇུག་པ་སྟེ། ངེས་པ་མ་རྙེད་ན་མི་རྩོལ་བའི་ཕྱིར།། དབུ་མའི་ལམ་ཞེས་བྱ་བ་ནི་རྟག་པ་དང་ཆད་པ་སྤངས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ལྟ་བ་ངན་པ་སྔོན་དུ་འགྲོ་བར་རིག་པར་བྱའོ།། ་ངལ་བ་འབྲས་བུ་མེད་པ་ནི་དེས་ངེས་པར་མི་འབྱུང་བའི་ཕྱིརརོ།། སྦྱིན་པ་མེད་དོ།། མཆོད་སྦྱིན་མེད་དོ།། སྦྱིན་སྲེག་མེད་དོ།། ལེགས་པར་སྤྱད་པ་མེད་དོ།། ཉེས་པར་སྤྱད་པ་མདོ་ཞེས་བྱ་བ་འདི་ནི་རྒྱུ་ལ་སྐུར་པ་འདེབས་པའོ།། ་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ།། ཞེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ།། འཇིག་རྟེན་འདི་མདོ།། འཇིག་རྟེན་ཕ་རོལ་མེད་དོ།། ཕ་མེད་དོ།། མ་མེད་དོ།། སེམས་ཅན་རྫུས་ཏེ་འབྱུང་བ་མེདདོ།། ། ་ཞེས་བྱ་བ་ནི་བྱེད་པ་ལ་སྐུར་པ་འདེབས་པ་སྟེ། འཇིག་རྟེན་གཞན་དུ་འགྲོ་བ་དང་འོང་བའི་བྱེད་པ་དང་། ས་བོན་འདེབས་པའི་བྱེད་པ་དང་། ཉིང་མཚམས་སྦྱོར་བའི་བྱེད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ།། འཇིག་རྟེན་ན་དགྲ་བཅོམ་པ ་མེད་དོ།། ཅེས་བྱ་བ་ལ་སོགས་པ་ནི་ཡོད་པའི་དངོས་པོ་འཇུག་པའོ།། དེ་ལས་གཞན་ཕྱིན་ཅི་ལོག་ཏུ་ལྟ་བ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ལོག་པར་རྣམ་པར་རྟོག་པར་རིག་པར་བྱའོ།། དགེ་བའི་རྩ་བ་གཅོད་པ་ནི་ལོག་པར ་ལྟ་བ་ཁྱད་པར་ཅན་ལས་འབྱུང་གི་ཐམས་ཅད་ལས་ནི་མ་ཡིནོ།། ཕུང་པོ་ལྔའི་བདག་ཉིད་ཀྱིས་ཞེས་བྱ་ལ་བདག་དང་བདག་གི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་ནི་འཇིག་ཚོགས་ལ་ལྟ་བའོ།། བདག་རྟག་གོ་མི་རྟག་གོ་ཞེས་ཁྱད་པར་དུ་སྒྲོ་འདོག ་པ་ནི་མཐར་འཛིན་པར་ལྟའོ།། ལྟ་བ་ངན་པ་ལ་མཆོག་ལ་སོགས་པར་སྒྲོ་འདོགས་པ་ནི་ལྟ་བ་མཆོག་ཏུ་འཛིན་པའོ།། དེ་ཉིད་ལ་བདག་པོ་ལ་སོགས་པར་སྒྲོ་འདོགས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། གཅིག་ནི ་ཕལ་ཆེར་ལ་ཞེས་བྱ་བ་ནི་ལོག་པར་རྣམ་པར་རྟོག་པ་ནི་གདོན་མི་ཟ་བར་སྐུར་པ་འདེབས་པའི་ཕྱིར་རོ།། མཚན་ཉིད་ལ་བརྟགས་ན་ནི་མཐར་འཛིན་པ་དང་ལོག་པར་ལྟ་བ་གཉིས་ལས་འབྱུང་ངོ་།། འཁོར་དང་བཅས་པ་ལས་བརྟགས་ན་ནི་ལྔ་པོ་ཐམས ་ཅད་ལས་འབྱུང་ངོ་།། གཟུགས་ལ་སོགས་པ་ནི་བདག་མ་ཡིན་ཏེ། མཚན་ཉིད་དང་མི་མཐུན་པའི་ཕྱིར་དེ་དག་ནི་བདག་གི་མཚན་མ་ཡིན་པའོ།། དེ་དག་ལ་བདག་མེད་དེ། གནས་མེད་ན་གནས་པར་མི་འགྱུར་བས་མི་རྟག་པ་ཉིད་ཀྱི་ཉེས་པར་འགྱུར ་བའི་ཕྱིརརོ།། གཟུགས་ནི་བདག་གི་བ་མ་ཡིན་ཏེ། དེ་དག་ལ་དབང་བྱེད་པ་མེད་པས་རང་དབང་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ།། དེ་དག་ལས་གཞན་ན་ཡང་བདག་མེད་དེ། ལུས་མེད་ན་བདག་ཀུན་ཏུ་བརྟག་པར་མི་དམིགས་པས་ལུས་མེད ་པའི་ཉེས་པར་འགྱུར་བའི་ཕྱིར་རོ།། ཅི་སྟེ་ལ་ལ་ཞིག་བདག་རྣམ་པ་དེ་ལྟ་བུར་ཡོངས་སུ་རྟོག་ན། དེ་ལྟ་ན་ཡང་གཟུགས་ལ་སོགས་པ་མེད་པའི་བདག་མི་འཐད་དེ། ལུས་ལ་སོགས་པའི་འཆིང་བ་མེད་ན། རང་གི་ངང་གིས་གྲོལ་བར་འགྱུར་བས ་སྒྲིམ་མི་དགོས་པར་ཐར་པར་འགྱུར་བའི་ཉེས་པར་འགྱུར་བའི་ཕྱིརརོ།། གཟུགས་བདག་ཡིན་པར་ལྟ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་ཡིན་པར་ལྟ་བ་དེ་དག་ནི་བདག་ཏུ་ལྟ་བའོ།། ་བདག་གཟུགས་དང་ལྡན་པ་ཞེས་བྱ་བ་ནས་བདག་རྣམ་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་བར་དུ་ལྷག་མ་བཅོ་ལྔ་ནི་བདག་གིར་ལྟ་བའོ།། འབྲེལ་པས་བདག་གིར་གྱུར་པ་ནི་འདི་ལྟར་དེ་དེ་དང་འབྲེལ་པས་དེ་དང་ལྡན་པར་འགྱུརརོ།། གཟུགས ་བདག་གི་ཡིན་པ་ཞེས་བྱ་བ་ཡིན་པ་ནས། རྣམ་པར་ཤེས་པ་བདག་གི་ཡིན་པ་ཞེས་བྱ་བའི་བར་ནི་དབང་སྒྱུར་བས་བདག་གིར་འགྱུར་བའི་ཕྱིར་ཏེ། གང་ཞིག་སྦྱིན་པ་འམ་བསྐོ་བ་ལ་གང་གི་དབང་དུ་འགྱུར་བ་དེ་ནི་དེའི་བདག་གི་ཞེས་བྱའོ། ་གཟུགས་ལ་བདག་གནས་པ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ལ་བདག་གནས་པ་ཞེས་བྱ་བའི་བར་ནི་ཐ་དད་དུ་མི་འཇུག་པས་བདག་གིར་འགྱུར་བ་སྟེ། བདག་འདི་ནི་འདི་དག་ལ་རྗེ་སུ་ཞུགས་ཤིང་རྣམ་པར་ཞུགས་ནས་བཞག་པ་སྟེ། ཡན་ལག ་ཅན་ཡན་ལག་གི་རྗེ་སུ་སོང་བར་ཀུན་ཏུ་བརྟགས་པའི་ཕྱིར་རོ།། མ་དཔྱད་པའི་གཞི་ཅན་ནི་གཟུགས་ལ་སོགས་པའི་མཚན་ཉིད་ལ་ཀུན་ཏུ་དཔྱད་ན། བདག་ཀུན་ཏུ་ལྟ་བའི་སྐབས་མེད་པའི་ཕྱིར་ཏེ། དཔེར་ན་འགའ་ཞིག་གིས་མ་བརྟགས་པར་ཐག་པ་ལ། ་སྦྲུལ་དུ་འཛིན་པ་དང་འདྲ་སྟེ། ཐག་པ་ཡིན་པར་དཔྱད་ན་དེ་ལ་སྦྲུལ་དུ་མི་འཛིན་པའི་ཕྱིརརོ།། ཁྲོ་བ་ལ་སོགས་པ་ནི་བཏགས་པའི་ཡོད་པར་རིག་པར་བྱ་སྟེ། ཁོང་ཁྲོ་བ་ལ་སོགས་པ་ལས་གུད་ན་མེད་པའི་ཕྱིརརོ།། དེའི་འོག་ཏུ་ཞེས་པ་ནི་ཁྲོས་པའི་འོག་ཏུའོ།། ་མི་བཟོད་པ་ཞེས་བྱ་བ་ནི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པར་མི་བྱེད་པའོ།། འདི་ནི་ཆོས་ཉིད་དེ། ཁ་ན་མ་ཐོ་བ་དང་བཅས་ན་འགྱོད་པར་འགྱུར་ཏེ། དེའི་ཕྱིར་རེག་པར་མི་གནས་པ་ཞེས་བྱའོ།། ཚིག་རྩུབ་མོ་བརླང་ཞིང་དྲུག་པ་ཞེས་བྱ་བ་ནི་གཞན་གྱི་བཞིན ་འདེབས་པའི་ཚུལ་གྱིས་ངོར་ལྷངས་ཞེས་ཟེར་བའོ།། ཡོ་བྱད་མོ་བསྙུངས་པ་ཞེས་བྱ་བ་ནི་སེར་སྣས་ཡོ་བྱད་མི་མཁོ་བ་རྣམས་ཀྱང་སོགས་པ་ལས་གྱུར་པར་རིག་པར་བྱའོ།། ངེས་པ་ཡང་དག་པར་སྐྱོང་བ་ཞེས་བྱ་བ་ནི། གཞན་ནས་གཞན་དུ་བསྒྱུར ་བར་རིག་པར་བྱའོ།། ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ཞེས་བྱ་བ་ནི་བདག་གི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་མོ་སྟོན་ན་གདམས་ངག་གི་འོས་མ་ཡིན་པའི་ཕྱིརརོ།། ཚེ་རིང་བའི་མཚན་མ་གཟུང་ནས་དེ་ལ་རྣམ་པར ་རྟོག་པའི་ཕྱིར་ཏེ། མ་འཆི་བར་རྣམ་པར་རྟོག་པ་མངོན་དུ་བཏང་ནས་སྲོག་ལ་རྒྱགས་པ་སྐྱེའོ།། ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་ཞེས་བྱ་བ་ནི་རིགས་དང་། སྟོབས་དང་། གཟུགས་དང་། ཡིད་གཞུངས་པ་དང་། ་བློ་དང་། ལོངས་སྤྱོད་དང་། ཕྱུག་པ་ལ་སོགས་པར་རིག་པར་བྱའོ།། དགའ་བ་དང་ཡིད་བདེ་བ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་དཀའ་བའི་བྱེ་བྲག་གོ། སྡུག་པའི་མཚན་མའི་རྗེ་སུ་འཇུག་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་རྗེ་སུ་མཐུན ་པའོ།། སྔོན་རྒོད་རྒོད་པ་དང་། རྩེ་རྩེ་བ་ལ་སོགས་པ་རྗེ་སུ་དྲན་ནས་སེམས་རྣམ་པར་མ་ཞིག་པར་རིག་པར་བྱའོ།། ལེ་ལོའི་རྟེན་བྱེད་པའི་ལས་ཅན་ཞེས་བྱ་བ་ནི་མ་དད་ན་སྦྱོར་བ་ལ་འདུན་པ་མེད་པའི་ཕྱིར་རོ།། ལུས་དང་ངག་དང་སེམས་ཀྱི ་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པ་ཞེས་བྱ་བ་ནི་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་ལེགས་པར་མ་བརྟོགས་པར་རིག་པར་བྱའོ།། དེ་ལྟར་ན་འདི་ནི་བྱེ་བ་དང་བྱ་ངམ་ཡིན་པ་མི་ཤེས་པས་ལྷུང་པོར་འགྱུར་རོ།། ངོ་བོ་ཉིད་ཀྱི་གཡེང་བ ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཏེ། རང་བཞིན་གྱིས་ནང་དུ་མཉམ་པར་འཇོག་མི་ནུས་པའི་ཕྱིར་རོ།། ཕྱི་རོལ་ཏུ་གཡེང་པ་ཞེས་བྱ་བོ་ནི་ཐོས་པ་ལ་སོགས་པའི་དགེ་བ་ལ་ཞུགས་པ་དེ་ལ་དམིགས་པ་ལ་ཕྱི་རོལ་ཏུ་འདོད་པ ་ཡོན་ཏན་ལྔ་པོ་དག་ལ་སེམས་འགྲོ་བར་རིག་པར་བྱའོ།། ནང་གི་གཡེང་བ་ཞེས་བྱ་བ་ནི་ཏིང་འཛིན་དུ་ཞུགས་པ་ཉིད་ཀྱི་ཚེ་དེ་ལས་ཉམས་པར་བྱེད་པས་བྱིང་བ་དང་། རྒོད་པ་དང་རོ་མྱང་བར་བྱེད་པའོ།། མཚན་མའི་གཡེང་བ་ཞེས ་བྱ་བ་ནི་གཞན་གྱིས་བདག་ལ་ཡོན་ཏན་དང་ལྡན་པར་ཡིད་ཆེས་པར་བྱ་བའི་ཕྱིར་ཏེ། དེའི་མཚན་མ་ནི་དེའི་ཕྱིར།། དགེ་བ་ལ་ཞུགས་པ་ཁད་ཀྱིས་དེ་ལས་ཉམས་པར་རིག་པར་བྱའོ།། གནས་ངན་ལེན་གྱི་གཡེང་བ་ཞེས་བྱ་བ་ནི་ངར་འཛིན་པ ་སོགས་བའི་གནས་ངན་ལེན་གྱི་དབང་གིས་བདེ་བ་ལ་སོགས་པའི་ཚོར་བ་བྱུང་བ་རྣམས་ལ་ང་ཞེ་འམ་ངའི་ཞེས་འམ་འོ་སྙམ་དུ་འཛིན་པའི་ཕྱིར་དགེ་བའི་ཕྱོགས་ཡོངས་མ་དག་པར་རིག་པར་བྱའོ།། འཛིན་པ་ནི་ཐོག་མ་ཉིད་དུ་དེ་ལྟར་འཛིན ་པའོ། འདྲེས་པ་ནི་དེའི་འོག་ཏུ་དེ་དང་སེམས་ཀྱི་རྒྱུད་འདྲེས་པར་གྱུར་པའོ།། མཚན་མར་འཛིན་པ་ནི་ཚོར་བ་དེ་ཉིད་ལ་ཡང་དང་ཡང་བཀྲ་བར་འཛིན་པར་རིག་པར་བྱའོ།། ཡིད་ལ་བྱེད་པའི་གཡེང་བ་ཞེས་བྱ་བ་ནི། སྙོམས་པར་འཇུག་པ ་གཞན་ལ་སྙོམས་པར་ཞུགས་པ་དང་། ཐེག་པ་གཞན་ལ་བརྟེན་པ་སྔ་མ་ལས་ལངས་པར་རིག་པར་བྱའོ།། འདོད་ཆགས་དང་བྲལ་བའི་བར་དུ་གཅོད་པའི་ལས་ཅན་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པའི་བདག་ཉིད་ཀྱི་དབང་དུ་བྱས་པའོ།། ་གཉིས་ཀྱི་རྒྱུ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉམ་ཆུང་བ་དང་། ངལ་བ་དང་། ལུས་ལྕི་བ་དང་། མུན་པའི་མཚན་མ་ཡིད་ལ་བྱེད་པ་དང་། རྩོམ་པ་ཐམས་ཅད་ཡལ་བར་འདོར་བ་དང་། དེའི་དུས་ན་ཡང་དང་ཡང་གོམས་པ་དང་གཞན་དག་གི་སྔགས ་ཀྱི་སྟོབས་ཀྱིས་གཉིད་བྲོ་བར་བྱེད་པ་དང་། དེ་བཞིན་དུ་ལུས་མཉེབ་པ་ལ་སོགས་པའོ།། གཏི་མུག་གི་ཆར་གཏོགས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་བྱེ་བྲག་ཏུ་དབྱེ་བའི་ཕྱིརརོ།། དགེ་བ་ལ་སོགས་པའི་དངོས་པོའི་ཚིག་ནི་གདོན་མི་ཟ་བར ་གཏི་མུག་གི་བདག་ཉིད་མ་ཡིན་ནོ།། དུས་ཞེས་བྱ་བ་ནི་ནམ་གྱི་གུང་ཐུན་ནོ།། དུས་མ་ཡིན་པ་ནི་དེ་ལས་གཞན་པའོ།། རིགས་པ་ནི་དུས་སུ་ཇི་ལྟར་གནང་བ་དང་། དུས་མ་ཡིན་ན་ཡང་ན་བ་དང་། ལས་སུ་རུང་བར་བྱ་བའི་ཕྱིར།། མི་རིགས་པ་ནི་དེ ་ལས་གཞན་པའོ།། བྱ་བ་ཤེར་བའི་རྟེན་བྱེད་པ་ནི་ཉེ་བའི་ཉོན་མོངས་པའི་བདག་ཉིད་ཀྱི་དབང་དུ་བྱས་པར་རིག་པར་བྱའོ།། བསམ་པའི་ཞེས་བྱ་བ་ནི་ལེགས་པར་སྤྱོད་པ་དང་ཉེས་པར་སྤོང་པའི་བྱེད་པ་ལས་མངོན་པར་དགའ་བ་སྔོན་དུ་བཏང་བའོ།། མ ་བསམ་པའི་བྱ་བ་ནི་གཞན་དག་གིས་ནན་གྱིས་བྱེད་དུ་བཅུག་སྟེ་བྱེད་པ་འམ། ཉོན་མོངས་པས་ཟིལ་གྱིས་ནོན་པ་སྟེ། ཇི་ལྟར་མཐུན་མཐུན་དུ་རིག་པར་བྱའོ།། གཏི་མུག་གི་ཆར་གཏོགས་པ་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པས་བསྡུས་པའོ།། དུས་ནི ་ཇི་སྲིད་མི་སྦེང་གི་བར་དུའོ།། དུས་མ་ཡིན་པ་ནི་དེའི་འོག་ཏུའོ།། རིགས་པ་ནི་གནས་སོ།། མི་རིགས་པ་ནི་གནས་མ་ཡིན་པའོ།། སེམས་པ་འམ་ཤེས་རབ་ལ་བརྟེན་ཅེས་བྱ་བ་ནི་མངོན་པར་མི་རྟོག་པ་དང་། མངོན་པར་རྟོག་པའི་གནས་སྐབས་དང་གོ ་རིམ་བཞིན་ནོ།། ཀུན་ཏུ་ཚོར་བའི་རྣམ་པར་ཡིད་ཀྱི་མངོན་པར་བརྗོད་པ་ནི་རྟོག་པའོ།། སོ་སོར་རྟོག་པའི་རྣམ་པ་ནི་དཔྱོད་པའོ།། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ནི། གནས་དང་། ངོ་བོ་ཉིད་དང་། བརྟག་པས་བཤད་པར་རིག་པར ་བྱའོ།། དེ་ལ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ཞེས་བྱ་བ་ནི། གནས་བསྟན་པའོ།། འཕེལ་བ་དང་སྒྲིབ་པ་ཞེས་བྱ་བ་ནི་རང་བཞིན་བསྟན་པ་སྟེ། འདི་ལྟར་འཕེལ་བ་ཡོད་ན་དད་པ་ཆེན་པོ་དང ་ལྡན་པ་ཞེས་བྱའོ།། འགྲིབ་པ་ཡོད་ན་ཆུང་ངུ་དང་ལྡན་པ་ཞེས་བྱའོ།། ཐོབ་པ་དང་རྙེད་པ་དང་ལྡན་པ་ཞེས་གདག་སོ།། ཞེས་བྱ་བ་ནི་བཏགས་པ་བསྟན་པའོ།། དེ་བཞིན་དུ་གཞན་དག་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ།། དགེ་རྒྱས ་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བའོ།། སྟེང་མའི་འདོད་ཆགས་དང་མ་བྲལ་བ་ཞེས་བྱ་བ་ནི་བསམ་གཏན་བཞི་པའི་འདོད་ཆགས་དང་མ་བྲལ་བའོ།། འབྱུང་བའི་འདུ་ཤེས་སྔོན་དུ ་བཏང་བ་ཞེས་བྱ་བ་ནི་ཐར་པའི་འདུ་ཤེས་སྔོན་དུ་བཏང་བའོ།། བསྟན་པ་མ་ཡིན་པ་རྣམས་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པས་བསྡུས་པ་རྣམས།། འགོག་པ་ཅེས་བྱ་བ་ནི་སྙོམས་པར་འཇུག་པའི་སེམས་ཀྱིས་བྱས་པ་སྟེ། དུས་གཞན ་སེམས་དང་སེམས་ལས་བྱུང་བ་བརྟན་པ་མ་ཡིན་པ་ཀུན་ཏུ་འབྱུང་བ་དང་མི་མཐུན་པའི་གནས་སྐབས་ཀྱི་བྱེ་བྲག་གོ།། འདིས་འགོག་པར་འགྱུར་བས་ན་འགོག་པའོ།། འགོག་པའི་སྙོམས་པར་འཇུག་པ་ལ་ནི་སྟེང་མའི་འདོད་ཆགས་དང་མ་བྲལ ་པབ་ཞེས་མི་བརྗོད་དེ། དེ་ལ་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ཡང་ཡོད་པའི་ཕྱིར།། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་ཅེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་གཉིས་བསྡུས་པ་རྣམས།། སྙེམས་པར་འཇུག་པ་འདི ་གཉིས་ནི་ས་དང་། ཡིད་ལ་བྱེད་པ་དང་། གནས་དང་། ངོ་བོ་ཉིད་དང་། བརྟགས་པས་བརྟན་ཏོ།། འདུ་ཤཱ་མེད་པ་པ་ནི་ཡིད་ལ་བྱེད་པ་མ་གཏོགས་པར་གནས་ལ་སོགས་པ་དག་གིས་སོ།། ལྷག་མ་གསུམ་པོ་དག་གིས་བ་ཤ་དོ།། རིས་མཐུན ་པ་ཞེས་བྱ་བ་ནི་ཚེ་གཅིག་གི་ཕུང་པོའི་རྒྱུན་ནོ།། གནས་པའི་དུས་ངེས་པ་ཞེས་བྱ་བ་ནི་རིས་མཐུན་པར་འདིས་ལོ་བརྒྱའམ། ལོ་སྟོང་ངམ། དུས་ཇི་སྲིད་གཅིག་ཏུ་གནས་པར་བྱ་བ་སྟེ། ལས་བྱས་པའི་ནུས་པའི་བྱེ་བྲག་གོ།། སེམས་ཅན་གྱི་རིས ་དེ་དང་དེར་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པའི་སེམས་ཅན་གྱི་སྐྱེ་བ་རྣམས་སུའོ།། ལུས་འདྲ་བ་ཞེས་བྱ་བ་ནི་རྣམ་པ་གཅིག་པའོ།། ཕྱི་རོལ་གྱི་གཟུགས་ཀྱང་སྐྱེ་བ་དང་ལྡན་པས་རིས་མཐུན་པ་ཙམ་སྨོས་ཏེ། སེམས་ཅན་གྱི་རྒྱུད་ལ་མཚན་ཉིད ་གདགས་པར་བསྟན་པའི་ཕྱིར་རོ།། ཕྱི་རོལ་གྱི་གཟུགས་ནི་འཇིགས་པ་དང་འཆགས་པས་རབ་ཏུ་ཕྱེ་བའོ།། ནང་གི་འདུ་བྱེད་རྣམས་ནི་སྐྱེ་བ་དང་རྒ་བ་ལ་སོགས་པས་རབ་ཏུ་ཕྱེ་བའོ།། རྒྱུན་འཇིག་པ་ནི་འཆི་བར་རིག་པར་བྱའོ།། སྐྱེ་བ་ལ་སོགས ་པ་འདི་དག་ནི་སྐད་ཅིག་རེ་རེ་ལ་རིག་པར་བྱ་བ་མ་ཡིན་གྱི། རྒྱུན་གྱི་གནས་སྐབས་ལ་བྱའོ།། ངོ་བོ་ཉིད་ཀྱི་ཚིག་བླ་དགས་ཞེས་བྱ་བ་ནི་མིག་དང་རྣ་བ་དང་ལྷ་དང་མི་ཞེས་བྱ་བ་ལ་སོགས་པའོ།། ཁྱད་པར་གྱི་ཚིག་བླ་དགས་ཞེས་བྱ་བ་ནི་འདུ་བྱེད ་ཐམས་ཅད་མི་རྟག་པའོ།། སེམས་ཅན་ཐམས་ཅད་འཆི་བར་འགྱུརརོ་ཞེས་བྱ་བ་ལ་སོགས་པའོ།། དེ་གཉི་གའི་གནས་ཡི་གེ་རྣམས་ལ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་། ཁྱད་པར་གྱི་ཚིག་བླ་དགས་ཀྱི་གནས་ཡི་གེ་ཨ་ཨི་ཨུ་ཞེས་བྱ་བ་ལ་སོགས་པའོ།། ་ཐམས་ཅད་ནི་འདི་དག་ཙམ་དུ་ཟད་དེ། འདི་ལྟར་ངོ་བོ་ཉིད་དང་། ཁྱད་པར་དང་། དེ་གཉི་གར་ཐ་སྙད་གདགས་པའོ།། དེ་ཐམས་ཅད་ནི་འདི་དག་གིས་ཐ་སྙད་འདོགས་ཏྭ། དེའི་ཕྱིར་མིང་དང་། ཚིག་དང་། ཡི་གེའི་ཚོགས་འདི་དག ་རྣམ་པར་བཞག་གོ།། རྣམ་གྲངསུ་གཏོགས་པ་གཞན་དུ་མི་འགྱུར་བར་བྱེད་པའི་ཕྱིར་ཞེ་བྱ་བ་ནི་དཔེར་ན་མིག་ནི་མིག་ཅེ་བྱ་བའི་རྣམ་གྲངས་དེ་ལས་གཞན་པ་འདྲེན་བྱེད་དང་། གསལ་བྱེད་དང་། ཁྲིད་བྱེད་དང་། ལྟ་བ་ལ་སོགས་པ་རྣམ་གྲངསུ་གཏོགས་པ ་གཞན་དག་ཏུའང་འགྱུར་ཏེ། དེ་དག་གིས་ཀྱང་དེ་ཤེས་པར་འགྱུར་བའི་ཕྱིར་རོ།། དེ་བཞིན་དུ་ཨ་ཨཱི་ཞེས་བྱ་བའི་ཡི་གེ་འདི་ནི་ཨ་ཨཱི་ཞེས་བྱ་བའི་རྣམ་གྲོངས་འདི་མ་གཏོགས་པར་རྣམ་གྲངས་གཞན་གྱིས་བསྟན་པར་མི་ནུས་ཏེ། དེའི་ཕྱིར་རྣམ་གྲངས ་གཞན་གྱིས་བསྟན་པར་མ་ནུས་ཏེ། དེའི་ཕྱིར་རྣམ་གྲངས་གཞན་དུ་མི་འགྱུར་བས་ཡི་གེ་རྣམསོ།། འགྱུར་བ་ནི་འགྲོ་བར་རིག་པར་བྱའོ།། རྒྱུན་མ་ཆད་པ་ལ་འཇུག་པར་རྣམ་པར་བཞག་སྟེ། སྐད་ཅིག་གཅིག་གམ་རྒྱུན་ཆད་པ་ལ་དེ་ཉེ་བར་འདོགས ་པ་མེད་པའི་ཕྱིར་རོ།། རྒྱུ་དང་འབྲས་བུ་ཐ་དད་པ་ཞེས་བྱ་བ་ལ་འདོད་པའི་འབྲས་བུའི་རྒྱུ་ནི་ལེགས་པར་སྤྱོད་པའོ།། མི་འདོད་པའི་འབྲས་བུའི་རྒྱུ་ནི་ཉེས་པར་སྤྱོད་པའོ།། ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་བུ་རྣམས་ནི་སོ་སོར་རྒྱུ་གཞན་དང་གཞན་ལས ་འབྱུང་བའོ།། རྒྱུ་དང་འབྲས་བུ་མཐུན་པ་ནི་གཞན་ཡིན་དུ་ཟིན་ཀྱང་གང་གི་འབྲས་བུ་གང་འོས་པ་སྟེ། འདི་ལྟར་སྦྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པའོ།། རེ་རེ་ནས་འབྱུང་བ་ཞེས་བྱ་བ་ནི་ཅིག་ཅར་མི་འབྱུང ་བར་རིག་བྱའོ།། རྒྱུ་དང་འབྲས་བུ་རྒྱུན་ཏུ་འབྱུང་བར་གྱུར་པ་དེ་ལ་རྒྱུ་བ་འབྲས་བུ་བྱུང་ཟིན་པ་དང་འགགས་ཟིན་པ་གང་ཡིན་པ་ང་ནི་འདས་པའི་དུས་ཞེས་གདག་སོ།། གང་མ་བྱུང་བ་དེན་མ་འོངས་པའི་དུས་ཞེས་གངདགས།། གང་བྱུང་ལ་མ་འགགས་པ་དེའི ་ལྟར་བྱུང་བའི་དུས་ཞེས་ཡངགས་སོ།། རྒྱུ་དང་འབྲས་བུས་ཕྱོགས་ལ་ཁྱབ་པ་ལ་ཡུལ་ཉེ་བར་གང་པཱ། གཟུགས་ཅན་མ་ཡིན་པ་ནི་ཕྱོགས་ལ་ཁྱབ་པར་བྱེད་པའི་མཐུ་མེད་པས་རྒྱུ་དང་འབྲུས་བུ་ནི་འདིར་གཟུགསུ་བསྡུས་པར་རིག་པར་བྱའོ།། སེ་སེ་ཐཱ་དང་པ ་ལ་གྲངས་ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་པའི་བདག་ཉིད་གཅིག་པ་ལ་གཉིས་གསུམ་ཞེས་བྱ་བའི་གྲངས་ལ་སོགས་པ་མི་འཐད་པའི་ཕྱིར་རོ།། རྒྱུ་དང་འབྲས་བུའི་རྐྱེན་རྣམས་འདུངས་པ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་ཞེས་བྱ་བའི་རྒྱུའི་འབྲས་བུའི་རྐྱེན ་ནི་དབང་པོ་མ་ཉམས་པ་དང་། ཡུལ་སྣང་བར་གྱུར་པ་དང་། དེ་སྐྱེད་པའི་ཡིད་ལ་བྱེད་པ་ཉེ་བར་གནས་པ་སྟེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་རིག་པར་བྱའོ།། དེ་ལྟར་ན་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆོས་འདི་རྣམས་ནི། གནས་སྐབས་དག ་ལ་གདགས་པའི་ཕྱིར། ཐམས་ཅད་ཀྱང་བཏགས་པའི་ཡོད་པར་རིག་པར་བྱའོ།། དེ་ལ་དགེ་བ་ལ་སོགས་པ་འཕེལ་བ་དང་། སྒྲིབ་པའི་གནས་སྐབས་ལ་ནི་གཅིག་གོ།། སེམས་དང་སེམས་ལས་བྱུང་བ་མི་འབྱུང་བའི་གནས་སྐབས་ལ་ནི་གསུམས་གནས ་པའི་གནས་སྐབས་ལ་ནི་གཅིག་གོ།། འདྲ་བའི་གནས་སྐབས་ལ་ནི་གཅིག་གོ།། མཚན་ཉིད་ཀྱི་གནས་སྐབས་ལ་ནི་བཞིའོ།། ཐ་སྙད་ཀྱི་གནས་སྐབས་ལ་ནི་གསུམ།། མ་ཐོབ་པའི་གནས་སྐབས་ལ་ནི་གཅིག་གོ།། རྒྱུ་དང་འབྲས་བུའི་གནས་སྐབས་ལ་ནི ་ལྷག་མ་རྣམསོ།། རྒྱུ་དང་འབྲས་བུ་ནི་འདུས་བྱས་ཐམས་ཅད་དུ་རིག་པར་བྱའོ།། དེ་ལས་གཞན་འབྱུང་བས་རྒྱུའོ།། གཞན་ལས་དེ་འབྱུང་བས་འབྲས་བུའོ།། ཕུང་པོ་ལ་སོགས་པ་ཀུན་ཏུ་འབྱུང་བ་ལ་དེའི་ས་བོན་ཡོངསུ་རྒྱས་པ་ནི་བག་ཆགས ་ཞེས་བྱའོ།། ས་བོན་ཐམས་ཅད་པ་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་འབྱུང་བའི་ས་བོན་དང་ལྡན་པའི་ཕྱིརརོ།། དེར་ཆེས་རྣམས་ས་བོན་དུ་འདུ་བ་འམ། བདག་ཏུ་འཛིན་པས་སེམས་ཅན་དུ་འདུ་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པའོ།། སྔོན་གྱི ་ལས་ལས་ངེས་པར་འབྱུང་བའི་ཕྱིར་རྣམས་པར་སྨིན་པའི་རྣམ་པར་ཤེས་པའོ།། ཡང་དང་ཡང་ཉིང་མཚམས་སྦྱོར་བས་བྱེད་པས་ལེན་པའི་རྣམ་པར་ཤེས་པའོ།། དེ་ནི་སེམས་ཞེས་ཀྱང་བྱ་སྟེ། ཆོས་རྣམས་ཀྱི་བག་ཆགས་བསགས་པའི་ཕྱིར།། ཀུན་གཞི ་རྣམ་པར་ཤེས་པ་སྟེ་ཡོད་པར་ཇི་ལྟར་ཤེས་ཤེ་ན། འདི་ལྟར་དེ་མེད་ན། ལེན་དང་བཟོད་དང་གསལ་བ་དང་།། ས་བོན་དང་ནི་ལས་རྣམས་དང་།། ལུས་ཀྱི་མྱོང་དང་སེམས་མེད་པའི།། སྙོམས་འཇུག་དེ་བཞིན་འཆི་མི་རུང་།། སྡོམ་གྱི་ཚིགསུ་བཅད་པ་འདིའི། ་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ་རྣམ་པར་ངེས་པ་བསྡུ་བའི་ནང་དུ་བྱསོ།། རྣམ་པ་བརྒྱད་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་རྟོག་པར་བྱ་སྟེ། འདི་ལྟ་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལུས་ཉེ་བར་ལེན་པ་མི་སྲིད་པ་དང་། གཟེང་མ་ནས་བྱུང་བ་མི ་སྲིད་པ་དང་། གསལ་བར་བྱུང་བ་མི་སྲིད་པ་དང་། ས་བོན་མི་སྲིད་པ་དང་། ལས་མི་སྲིད་པ་དང་། ལུས་ཀྱི་མྱོང་བ་མི་སྲིད་པ་དང་། སེམས་མེད་པའི་སྙེམས་ར་འཇུག་པ་མི་སྲིད་པ་དང་། རྣམ་པར་ཤེས་པ་འཆི་འཕོ་བ་མི་སྲིད་པའི་ཕྱིར་རོ།། ཅིའི་ཕྱིར ་ལུས་ཉེ་བར་ལེན་པ་མི་རུང་ཞེ་ན། སྨྲས་པ། རྣམ་པ་ལྔས་ཏེ། འདི་ལྟར་ཀུན་གཞི་རྣམ་པར་དགས་པ་ནི་སྔོན་གྱི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བའོ།། མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་ནི་ད་ལྟར་གྱི་རྐྱེན་གྱི་རྒྱུ་ལས་བྱུང་བ་སྟེ། ཇི་སྐད་དུ། དབང་པོ ་དང་ཡུལ་དང་ཡིད་ལ་བྱེད་པའི་དབང་གིས་རྣམ་པར་ཤེས་པ་རྣམས་འབྱུང་བར་འགྱུརརོ།། ཞེས་རྒྱ་ཆེར་གསུངས་པ་ལྟ་བུ་སྟེ། འདི་ནི་གཏན་ཚིགས་དང་པོའོ།། ཡང་རྣམ་པར་ཤེས་པའི་ཚོགས་དྲུག་ནི་དགེ་བ་དང་མི་དགེ་བར་དམིགས་པ་སྟེ། འདི་ནི། ་ན་ཚིགས་གཉིས་པའོ།། ཡང་རྣམ་པར་ཤེས་པའི་ཚོགས་དྲུག་ལ་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པས་བསྡུས་པར་གྱུར་པ་གང་ཡིན་པའི་རྣམ་པ་མི་དམིགས་པ་སྟེ། འདི་ནི་གཏན་ཚིགས་གསུམ་པའོ།། ཡང་རྣམ་པར་ཤེས་པའི་ཚེ་ཌ ་དྲུག་འབྱུང་བ་ནི་གནས་སོ་སོར་ངེས་པ་སྟེ། གནས་གང་དང་གང་ལས་རྣམ་པར་ཤེས་པ་གང་འབྱུང་བའི་དང་དེ་ནི་ངེས་ཟིན་པར་འགྱུར་གྱི་ལྷག་མ་ནི་མ་ཟིན་པར་འགྱུར་ཏེ། མི་རུང་ངོ་།། ཟིན་པར་ཡང་མི་རུང་སྟེ། རྣམ་པར་ཤེས་པ་མེད་པའི་ཕྱིར་རོ།། ་འདི་ནི་གཏན་ཚིགས་བཞི་པའོ།། ཡང་དང་ཡང་ལུས་འཛིན་པའི་ཉེས་པར་འགྱུར་ཏེ་འདི་ལྟར་མིག་གི་རྣམ་པར་ཤེས་པ་རེས་འགའ་ནི་འབྱུང་། རེས་འགའ་ནི་མི་འབྱུང་ངོ་།། ལྷག་མ་རྣམས་ཀྱང་དེ་བཞིན་ཏེ། འདི་ནི་གཏན་ཚིགས་ལྔ་པའོ།། འདི་ལྟར ་སྔོན་གྱི་ལས་དང་ད་ལྟར་གྱི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བ་དང་། དགེ་བ་དང་མི་དགེ་བ་ཡིན་པ་དང་། དེའི་རྣམ་པ་མི་དམིགས་པ་དང་། གནས་སོ་སོར་ངེས་པ་དང་། ཡང་དང་ཡང་ལུས་ཉེ་བར་ལེན་པས་ཀྱང་མི་རུང་ངོ་།། ཅིའི་ཕྱིར་གཟོད་མའི་འཇུག་པ ་འབྱུང་བར་མི་རུང་ཞེ་ན། གལ་ཏ་ལ་ལ་ཞོག་འདི་སྐད་དུ། ཙསྟྭཾ་ཀུནྡྷ་གཞི་རྣམ་པར་ཤེས་པ་ཡོད་ན་དུའི་བྱུར་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བར་འགྱུར་ཞེས་པར་ན་ང་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། ཉས་། ་མེད་པ་ཉིད་ལ་ཁྱོད་ཉེས་པར་འདུ་ཤེས་པར་ཟད་ཀྱི། འདི་ལྟར་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བ་ཉིད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁ་ཅིག་ཅིག་ཅར་མཐོང་བར་འདོད་པ་ནས། རྣམ་པར་ཤེས་པའི་བར་དུ་འདོད་པ་ལ། ཐོག ་མར་རྣམ་པར་ཤེས་པ་གང་ཡང་རུང་བ་ཞིག་འབྱུང་དུ་མི་རུང་སྟེ། འདི་ལྟར་དེ་ན་ཡིད་ལ་བྱེད་པ་དང་དབང་པོ་དང་ཡུལ་ཡང་ཡོད་པར་བྱེ་བྲག་མེད་པའི་ཕྱིར་རོ།། རྣམ་པར་ཤེས་པ་ཅིག་ཅར་འབྱུང་བ་མེད་ན་ཅིའི་ཕྱིར་མིག་ལ་སོགས་པའི་རྣམ ་པར་ཤེས་པ་དང་ལྷན་ཅིག་རྗེ་སུ་འཇུག་པ་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་མི་འགྱུར་ཞེ་ན། འདི་ལྟར་གང་གི་ཆ་འདས་པའི་ཡུལ་མྱོང་བ་རྗེ་སུ་དྲན་པ་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་རྒྱུ་བ་ནི་གསལ་བ་མ་ཡིན་ལ། ད་ལྟར་གྱི་ཡུལ་ལ ་རྒྱུ་བའི་ཡིད་ནི་དེ་ལྟར་མི་གསལ་བ་མ་ཡིན་ཏེ། དེའི་ཕྱིར་ཡང་ཅིག་ཅར་འབྱུང་བ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མི་གསལ་བར་ཡང་རུང་ངོ་།། ཅིའི་ཕྱིར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ཕན་ཚུན་གྱི་ས་བོན་ཉིད་མ་ཡིན་ཞེ་ན། འདི ་ལྟར་དགེ་བའི་འོག་ཏུ་མི་དགེ་བ་འབྱུང་ལ། མི་དགེ་བའི་འོག་ཏུ་དགེ་པ་དང་། དེ་གཉི་གའི་འོག་ཏུ་ལུང་དུ་མ་བསྟན་པ་དང་། ཁམས་ངན་པའི་འོག་ཏུ་ཁམས་བར་མ་དང་། ཁམས་བར་མའི་འོག་ཏུ་ཁམས་བཟང་པོ་དང་། དེ་བཞིན་དུ་ཁམས ་བཟང་བའི་འོག་ཏུ་ཁམས་ངན་པ་དང་། ཟག་པ་དང་བཅས་པའི་འོག་ཏུ་ཟག་པ་མེད་པ་དང་། ཟག་པ་མང་བའི་འོག་ཏུ་ཟག་པ་དང་བཅས་པ་དང་། འཇུག་རྟེན་པའི་འོག་ཏུ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་འོག ་ཏུ་འཇིག་རྟེན་པ་འབྱུང་སྟེ། དེ་དག་ནི་དེ་ལྟར་ས་བོན་ཉིད་དུ་མི་རུང་ངོ་།། རྒྱུད་ཀྱི་རྒྱུན་ཆད་ནས་ཡུན་རིང་དུ་ལོན་པ་ཡང་ཡུན་རིང་ཞིག་ན་འབྱུང་བས་དེའི་ཕྱིར་ཡང་མི་རུང་ངོ་།། རྣམ་པར་ཤེས་པ་ཅིག་ཅར་འབྱུང་བ་མེད་ན་ཅིའི་ཕྱིར་ལས་མི་སྲིད ་ཅི་ན། འདི་ལྟར་མདོར་བསྡུ་ན་ལས་རྣམ་པ་བཞི་སྟེ། སྣོད་ཀྱི་རྣམ་པར་རིག་པ་དང་། གནས་ཀྱི་རྣམ་པར་རིག་པ་དང་། ངའོ་སྙམ་པའི་རྣམ་པར་རིག་པ་དང་། ཡུལ་གྱི་རྣམ་པར་རིག་པའོ།། རྣམ་པར་རིག་པ་འདི་དག་ནི་སྐད་ཅིག་སྐད་ཅིག་ལ་ཅག ་ཅིག་ཅར་འབྱུང་བར་དམིགས་ཏེ། རྣམ་པར་ཤེས་པ་ཅིག་གི་སྐད་ཅིག་གཅིག་ལ་ནི་ངོ་བོ་ཐ་དད་པའི་ལས་འདི་ལྟ་བུ་འདི་མི་རུང་ངོ་།། ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཅིའི་ཕྱིར་ལུས་ཀྱི་མྱོང་བ་མི་རུང་ཞེ་ན། འདི་ལྟར་འགའ་ཞིག་ཚུལ་བཞིན ་ནམ། ཚུལ་བཞིན་མ་ཡིན་པའི་སེམས་སམ། རྗེ་སུ་རྣམ་པར་རྟོག་གམ། སེམས་མཉམ་པར་བཞག་གམ། སེམས་མཉམ་པར་མ་བཞག་ཀྱང་རུང་སྟེ། ལུས་ཀྱིས་མྱོང་བ་གང་དག་འབྱུང་བ་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་དེ་དག་འབྱུང ་བ་དང་དམིགས་པར་ཡང་མི་རུང་སྟེ། དེའི་ཕྱིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོད་དོ།། ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཅིའི་ཕྱིར་སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་ཅེ་ན། འདི་ལྟར་འདུ་ཤེས་མེད་པ་ལ་སྙོམས་པར་ཞུག ་པའི་རྣམ་པར་ཤེས་པ་ཉིད་ལུས་ལས་འདའ་བར་འགྱུར་བའི་རིགས་ན་མ་འདས་ཏེ། དེའི་ཕྱིར་འཆི་བའི་དུས་བྱེད་པ་ཉིད་དུ་འགྱུར་རོ།། ཇི་སྐད་དུ་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་དེའི་རྣམ་པར་ཤེས་པ་ལུས་དང་མ་བྲལ ་བ་ཡིན་ནོ།། ཞེས་གསུངས་པ་ལྟ་བུའོ།། ཀུན་གཞི་རྣམ་པར་ཤེས་པ་མེད་ན། ཅིའི་ཕྱིར་འཆི་འཕོ་བ་ཡང་མི་རུང་ཞེ་ན། འདི་ལྟར་འཆི་བའི་རྣམ་པར་ཤེས་པ་ལུས་ཀྱི་སྟོང་སྨད་དུ་དྲོད་ཡལ་བར་བྱེད་ཅིང་འདོར་ན་ཡིད་ཀྱི་རྣམ་པར་ཤེས་པ ་ནི་ནམ་ཡང་མི་འབྱུང་བ་མ་ཡིན་ཏེ། དེའི་ཕྱིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ལུས་འཛིན་པ་ཉིད་དང་བྲལ་བའི་ཕྱིར་ལུས་དྲོད་ཡལ་བ་དང་། ལུས་ཚོར་བ་མེད་པར་ཡང་དམིགས་ཀྱི། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བས་ནི་མ་ཡིན་ཏེ། ་དེའི་ཕྱིར་ཡང་མི་རིགསོ།། ཡིད་ནི་ངེས་པའི་ཚིག་དང་དམིགས་པ་དང་མཚུངས་པར་ལྡན་པ་དང་འབྱུང་བའི་དུས་ཀྱི་བསྟན་པར་རིག་པར་བྱའོ།། ལས་མངོན་དུ་གྱུར་པ་ན་དེ་མེད་པ་ནི་དོན་དུ་དམ་པ་ཤེས་པ་དང་། བདག་ཏུ་ལྟ་བ་ཀུན་ཏུ་འབྱུང་བ་དང་། ་ཤིན་ཏུ་མི་མཐུན་པའི་ཕྱིར་རོ།། སློབ་པས་ནི་མ་སྤངས་པའི་ཕྱིར་དེའི་འོག་ཏུ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་།། འདུ་ཤེ་བའི་སྙོམ་པར་འཇུག་གྱི་འགོག་པ་སྙོམ་པར་འཇུག་པ་ཆེས་ཞི་བའི་ཕྱིར་དེ་ཀུན་ཏུ་འབྱུང་བ་དང་མི་མཐུན་པར་རིག་པར་བྱའོ།། འགགས ་མ་ཐག་པ་ཡང་ཡིད་དུ་འདོད་པས་འགགས་མ་ཐག་པའི་ཡིད་ཅེས་བྱ་བའི་ཐ་ཚིག་གོ།། རྣམ་པར་ཤེས་པ་ནི་གནས་དང་དམིགས་པ་དང་ངོ་བོ་ཉིད་ཀྱིས་རྣམ་པར་བཞག་པར་རིག་པར་བྱའོ།། ཁམས་དང་སྐྱེ་མཆོད་རྣམས་ཀྱི་མཚན་ཉིད་ནི་གྲོང། ་ཤིག་ཏུ་རྣམ་པར་བཞག་ཏུ་མེད་དེ། ཕུང་པོ་བསྟན་པའི་སྐབསུ་མིག་ལ་སོགས་པ་ཉེ་བར་མཚོན་པའི་ཕྱིར་ཏེ། དེ་བས་ན་ཕུང་པོ་རྣམས་ལས་དམིགས་ཀྱིས་བཏོན་ཏེ། ཁམས་རྣམས་རྣམ་པར་བཞག། ཁམས་རྣམས་ལས་དམིགས་ཀྱིས ་བཏོན་ཏེ་སྐྱེ་མཆེད་རྣམས་རྣམ་པར་བཞག། ཕུང་པོ་རྣམས་ཀྱིས་གང་མ་བསྡུས་པ་འདུས་མ་བྱས་པ་དེ་ནི་རྣམ་པ་བརྒྱད་དུ་རྣམ་པར་བཞག། དེ་བཞིན་ཉིད་རྣམ་པ་གསུམ་ནི་གནས་ཀྱི་རྣམ་པས་ཐ་དད་ཀྱི། ངོ་བོ་ཉིད་ཐ་དད་པ་ནི་མ་ཡིན་པར་རིག ་པར་བྱའོ།། གཞན་དུ་མི་འགྱུར་པ་ཉིད་ཅེས་བྱ་བ་ནི་རྟག་ཏུ་དངོས་པོ་རྣམས་ཀྱི་བདག་མེད་ཉིད་དུ་བལྟ་བར་བྱའོ།། ཀུན་ནས་ཉོན་མོངས་པ་མི་རྒྱུ་བའི་ཕྱིར་རོ།། ཞེས་བྱ་བ་ནི་དེ་ལ་དམིགས་པས་ཀུན་ནས་ཉོན་མོངས་པའི་དངོས་པོ་ཀུན་ནས ་ཉོན་མོངས་པས་སྟོང་པར་བྱེད་པའི་ཕྱིརརོ།། གང་གི་ཚེ་ཀུན་ནས་ཉོན་མོངས་པ་ཅན་ཞེས་བྱ་བ་དེའི་ཚེ་ཡང་དེ་ལ་གློ་བུར་གྱི་ཉེ་བའི་ཉོན་མོངས་པར་རིག་པར་བྱ་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་རང་བཞིན་གྱིས་འོད་གསལ་བའོ།། མཚན་མ་རྣམ ་ནི་གཟུགས་དང་ཚོར་བ་ནས་བྱང་ཆུབ་ཅེས་བྱ་བའི་བར་དུ་སྤྲོས་པ་རྣམས་ཏེ། དེ་ལ་དེ་དག་ཉེ་བར་ཞི་བའི་ཕྱིར་མཚན་མ་མེད་པའོ།། ཡང་དག་པ་ནི་གང་ཕྱིན་ཅི་མ་ལོག་པའོ།། དེའི་མཐའ་ནི་མུར་ཐུག་པ་སྟེ། བདག་མེད་པ་ལས་ཕ་རོལ་ཏུ ་དེ་ཁོ་ན་བཙལ་དུ་མེད་པའི་ཕྱིར་རོ།། ན་མཁོའ་ནི་གཟུགས་མེད་ཅེས་བྱ་བ་ནི། གཟུགས་ཉིད་ལས་བཟློག་པ་གཟུགས་མེད་པའི་མཚན་ཉིད་ཀྱི་ཆོས་ཡོད་ཀྱི་རྣམ་པར་ཤེས་པའི་ཡུལ་གང་ཡིན་པ་དེ་ནི་ན་མཁའོ།། ཡིད་ཀྱི་རྣམ་པར ་ཤེས་པའི་ཡུལ་ནི་ཆོས་ཀྱི་ཁམས་ཀྱི་སྐབས་ཡིན་པར་རིག་པར་བྱའོ།། གཟུགས་ཉིད་ཅེས་བྱ་བ་ནི་བརྣན་པའི་ཕྱིར་ཏེ། ཚོར་བ་ལ་སོགས་པ་དང་ཐུན་མོངས་པའི་དེ་བཞིན་ཉིད་དང་། སོ་སོར་བརྟགས་པ་མ་ཡིན་པ་དང་། ་སོ་སོར་བརྟགས་པའི་འགོག་པ་དང་། མི་རྟག་པ་ཉིད་སེལ་ཏོ།། རི་བོང་གི་རྭ་ལ་སོགས་པ་ནི་གཏན་མེད་པ་སྟེ། དེ་དག་ལས་བཟློག་པར་ནི་མི་ཤེསོ།། དེ་ལྟར་དེ་དག་ནི་གཏན་ནས་མེད་པའི་ཕྱིར་རོ།། རི་བོང་གི་རྭ་ལ་སོགས་པ་དེ་དག་ནི་གཟུགས ་ཡོད་པ་འདི་ལས་བཟློག་པ་མ་ཡིན་ཏེ། ཚོར་བ་ལ་སོགས་པ་དང་ཐུན་མོང་པའི་ཕྱིརརོ།། དེ་བས་ན་གཟུགས་ཉིད་ལས་བཟློག་པ་ཞེས་བྱའོ།། གང་གཟུགས་མ་ཡིན་པ་ཞེས་བརྗོད་པར་བྱ་སྟེ། མེད་པའི་མཚན་ཉིད་ཀྱི་ཚིག་གིས་ཚོར་བ་ལ ་སོགས་པ་གཟུགས་ཅན་མ་ཡིན་པ་རྣམས་བསལ་ཏེ། དེ་དག་ནི་མེད་པའི་མཚན་ཉིད་ནི་མ་ཡིནོ།། གང་འགོག་ལ་བྲལ་བ་མ་ཡིན་པའོ།། ཞེས་བྱ་བ་ནི་བག་ལ་ཉལ་མ་བཅོམ་པའོ།། བཟློག་པ་ནི་བྲལ་བའོ།། སྤང་བར་བྱ་བ་དེ་ནི་གཉིས་ཏེ། ་ཉོན་མོངས་པ་རྣམས་དང་། དེའི་གནས་སུ་གྱུར་པ་ཚོར་བའོ།། ཚོར་བ་དེ་ཡང་རྣམ་པ་གཉིས་ཏེ། འགྱུར་བར་བྱེད་པ་དང་། འགྱུར་བར་མི་བྱེད་པ་སྟེ། བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་དང་། ་མ་བཞིན་ནོ།། དེ་ལ་ཉེན་མོངས་པ་སྤོང་བས་སོ་སོར་བརྟགས་པའི་འགོག་པར་རྣམ་པར་བཞག་གོ།། ཚོར་བ་རྣམ་པ་གཉིས་སྤོང་བས་མི་གཡོ་པ་དང་། འདུ་ཤེས་དང་། ཚོར་བ་འགོག་པ་དང་གོ་རིམ་བཞིན་དུ་རྣམ་པར་བཞགོ། དེ་ལ ་ཉོན་མོངས་པ་སྤོང་བས་ན་དེའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་བྲལ་བའི་ཕྱིར་གནས་གྱུར་པའོ།། ཚོར་བ་སྤོང་བ་ནི་དེའི་གཉེན་པོར་གྱུར་པ་སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བའི་ཕྱིར་གནས་གྱུར་པའོ།། དེའི་ཕྱིར་བསམ ་གཏན་གཉིས་པར་སྡུག་བསྔལ་འགེག་པ་ལ་འདུས་མ་བྱས་རྣམ་པར་མི་བཞག་སྟེ། འགྱུར་བར་བྱེད་པའི་ཚོར་བ་མ་ལུས་པར་མ་སྤངས་པའི་ཕྱིརརོ།། གཟུགས་ཀྱི་ཕུང་པོས་ནི་ཁམས་གཟུགས་ཅན་བཅུ་བསྡུས་སོ།། ཆོས་ཀྱི་ཁམས་ཀྱི་ནི་དེ་ཉིད ་བསྡུསོ།། ཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་རྣམ་པར་ཤེས་པའི་ཁམས་བདུན་བསྡུས་ཏེ། དེ་ལྟར་ན་ཆོས་ཐམས་ཅད་ནི་གསུམ་དུ་འགྱུར་རོ།། །། བམ་པོ་གཉིས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་ལྟར་རྣམ་པར་བཞག་པ་ལ་ཞར ་ལས་འབྱུང་བ་དེ་བསྟོན་པར་བྱའོ།། མིག་དང་རྣ་བ་དང་སྣ་རྣམས་སོ་སོ་ལ་ཡང་གཉིས་གཉིས་ཡོད་ན་ཁམས་ཉི་ཤུ་རྩ་གཅིག་ཏུ་ཇི་ལྟར་མྱི་འགྱུར་ཞེ་ན། དེ་དག་གཉིས་གཉིས་ཡོད་དུ་ཟིན་ཀྱང་། གཉི་ག་ཡང་མིག་གི་མཚན་ཉིད་ཡིན་པས ་མཚན་ཉིད་འདྲ་བ་དང་། གཉི་གའི་བྱ་བ་མིག་གི་རྣམ་པར་ཤེས་པ་ཡིན་པར་གཅིག་པའི་ཕྱིར་བྱ་བ་མཐུན་པས་ཁམས་གཞན་མ་ཡིནོ།། རྣ་བ་དང་སྣ་ལའང་དེ་བཞིན་དུ་སྦྱར་བར་བྱའོ།། གཉིས་གཉིསུ་གྲུབ་པ་ནི་གནས་མཛེས་པའི་ཕྱིར།། ། ་དེ་ལྟར་ངོས་གཉིས་ཤིན་ཏུ་རྣམ་པར་འབྱེད་ན་གནས་མཛེས་ཀྱི་གཞན་དུ་ནི་མ་ཡིན་ནོ།། ཅི་རིག་རེ་རེ་ལ་བརྟེན་ཏེ་མིག་གི་རྣམ་པར་ཤེས་པ་རྟག་ཏུ་འབྱུང་ངམ་འོན་ཏེ་གཉི་ག་ལ་ཡང་བརྟེན། སྨྲས་པ། གསལ་བར་འཛིན་པའི་ཕྱིར། གཉི ་ག་ལ་བརྟེན་ནས་འབྱུང་སྟེ། དཔེར་ན་མིག་གཉི་ག་ཕྱེ་ན་གཟུགས་འཛིན་པ་ལ་གསལ་བར་འགྱུར་གྱི། གཅིག་གིས་ནི་དེ་ལྟ་མ་ཡིནོ།། དཔེར་ན་ཁང་པ་གཅིག་ཏུ་མར་མེ་གཉིས་བུས་ན། མར་མེ་གཉིས་ལ་བརྟེན་ནས ་འོད་རྒྱས་པ་གཅིག་གིས་ཤིན་ཏུ་གསལ་བར་འགྱུརརོ།། དེ་བཞིན་དུ་འདིར་ཡང་ཚུལ་དེ་ལྟར་བལྟ་བར་བྱའོ།། དེའི་ཡུལ་སྣ་ཚོགས་ཉེ་བར་གནས་པར་གྱུར་ན་དེའི་རྣམ་པ་རྣམས་ལ་དབང་པོ་རེ་རེའི་སྒོ་ནས་རྣམ་པར་ཤེས་པ་རྣམས་རིམ་གྱི ་འབྱུང་ངམ། འོན་ཏེ་གཅིག་གིས་ཅིག་ཅར་འཛིན་ཞེ་ན། རྣམ་པར་ཤེས་པ་ཅིག་ཁོ་ནས་ཅིག་ཅར་འཛིན་ཏེ། རྣམ་པ་ནི་སྣ་ཚོགས་སུ་རིག་པར་བྱའོ།། ལྕེ་ལ་ཁམ་གྱི་ཟས་རེག་ན་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་རྟག་ཏུ་ཅིག་ཅར་འབྱུང་བར ་རིག་པར་བྱའོ།། སྒྲ་ནི་རྒྱུན་ཆད་པའི་ཕྱིར་ཡུལ་གཞན་དག་ཏུ་གཅིག་ནས་གཅིག་ཏུ་བརྒྱ་དེ་འབྱུང་བའི་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་མེད་ཀྱི། འདི་ལྟ་སྟེ་རང་གི་ཡུལ་ན་འདུག་ཅིང་ཐབ་ཅིག་འབྱུང་སྟེ། མར་མེའི་འོད་རྒྱས་པ་བཞིན་དུ་སྒྲ ་རྒྱས་པར་འབྱུང་བ་ཡང་དེ་ལྟར་བལྟའོ།། ཉེ་ཡང་བར་དུ་བཅད་པའི་སྒྲ་གསལ་བར་མི་ཐོས་པའི་སྒྲ་དེ་ཐོགས་པ་ཡོད་པའི་ཕྱིར་རྩིག་པའི་གསེབ་ནས་ཆུང་ངུ་འབྱུང་བར་རིག་པར་བྱའོ།། རྣམ་པར་ཤེས་པ་དྲུག་པོ་དག་ལས་རྣམ་པར་རྟོག ་པ་དང་བཅས་པ་ནི་དུ་ཞིག། རྣམ་པར་མི་རྟོག་པ་ནི་དུ་ཞིག་ཅེ་ན། རྣམ་པར་རྟོག་པ་གསུམ་གྱིས་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུ་རྣམ་པར་རྟོག་པ་དང་བཅས་པ་སྟེ། རྣམ་པར་རྟོག་པ་གསུམ་ནི་རང་བཞིན་གྱི་རྣམ་པར་རྟོག་པ་དང་། ་རྗེསུ་དྲན་པའི་རྣམ་པར་རྟོག་པ་དང་། མངོན་པར་དཔྱོད་པའི་རྣམ་པར་རྟོག་པའོ།། དེ་ལ་རང་བཞིན་གྱི་རྣམ་པར་རྟོག་པ་ནི་དེ་ལྟར་བྱུང་བའི་འདུ་བྱེད་མྱོང་བ་ན་གང་རང་གི་མཚན་ཉིད་ཀྱི་རྣམ་པའི་རྣམ་པར་རྟོག་པའོ།། རྗེ་སུ་དྲན་པའི ་རྣམ་པར་རྟོག་པ་ནི། གང་སྔོན་མྱོང་བའི་འདུ་བྱེད་རྣམས་ཀྱི་རྣམ་པའོ།། མངོན་པར་དཔྱོད་པའི་རྣམ་པར་རྟོག་པ་ནི་གང་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ལྐོག་ཏུ་གྱུར་པ་རྣམས་ལ་མངོན་པར་རྟོག་པའི་རྣམ་པར་རྟོག ་པའོ།། ཡང་རྣམ་པར་རྟོག་པ་བདུན་ཏེ། དམིགས་པ་ལ་རང་གི་ངང་གིས་འཇུག་པའི་རྣམ་པར་རྟོག་པ་དང་། མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། ཀུན་ཏུ་ཚོལ་བར་བྱེད་པ་དང་། སོ་སོར་རྟོག་པ་དང་། ཉོན་མོངས་པ ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པའི་རྣམ་པར་རྟོག་པའོ།། དེ་ལ་རྣམ་པར་རྟོག་པ་དང་པོ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། དམིགས་པ་ལ་བཀྲ་བར་མ་གཟུང་བར་རང་གི་ཡུལ་ཇི་ལྟ་བ་བཞིན་དུ་རང་གི་ངང་གིས ་འཇུག་པའི་ཕྱིར་རོ།། མཚན་མ་དང་བཅས་པ་ནི་རང་བཞིན་དང་རྗེ་སུ་དྲན་པའི་རྣམ་པར་རྟོག་པ་སྟེ། ད་ལྟར་དང་འདས་པའི་ཡུལ་ལ་བཀྲ་བར་འཛིན་པའི་ཕྱིར་རོ།། མཚན་མ་མེད་པ་ནི་མ་འོངས་པའི་ཡུལ་ཡིད་ལ་བརྣགས་པའི་རྣམ ་པར་རྟོག་པ་གང་ཡིན་པའོ།། ལྷག་མ་རྣམས་ནི་མངོན་པར་དཔྱོད་པའི་རྣམ་པར་རྟོག་པའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། འདི་ལྟར་རེས་འགའ་ནི་མངོན་པར་རྟོག་ཅིང་ཀུན་ཏུ་ཚེ་ལོ།། རེས་འགའ་ནི་སོ་སོར་རྟོག་གོ།། རེས་འགའ་ནི་ཉོན ་མོངས་པ་ཅན་དུ་འགྱུརརོ།། རེས་འགའ་ནི་ཉོན་མོངས་པ་ཅན་མ་ཡིན།། གང་གི་ཚེ་གཟུགས་ལ་སོགས་པའི་སོ་སོར་རྣམ་པར་རིག་པའི་རྣམ་པར་ཤེས་པ་དེ་ཅིའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཞེས ་བྱའི་གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་ཞེས་ནི་མི་བྱ་ཞེ་ན། ཚིག་རྣམ་པར་སྦྱར་བ་རྣམ་པ་ལྔ་འཐད་པ་དང་། གཟུགས་ལ་སོགས་པའི་ཚིག་མི་འཐད་པའི་ཕྱིར་རོ།། ཇི་ལྟ་ཞེ་ན། མིག་ལ་རྣམ་པར་ཤེས་པ་ནི་མིག་གི་རྣམ ་བར་ཤེས་པ་སྟེ། གནས་ཀྱི་ཡུལ་ལ་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་རོ།། དེ་ཡོད་ནའང་ཡོད་པའི་ཕྱིར་ཏེ། འདི་ལྟར་མིག་ཡོད་ན་ལོང་བ་མ་ཡིན་པ་རྣམས་ཀྱི་མིག་རྣར་ཤེས་པ་འབྱུང་སྟེ། ཐ་ན་མུན་པ་ན་ཡང་མཐོང་བའི་ཕྱིརརོ།། ་གཟུགས་ཡོད་དུ་ཟིན་ཀྱང་གདོན་མི་ཟ་བར་འབྱུང་བ་མ་ཡིན་ཏེ། ལོང་བ་རྣམས་ཀྱིས་མི་མཐོང་བའི་ཕྱིར་རོ།། མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། གཟུགས་མ་གྱུར་ཀྱང་དེའི་དབང་གིས་རྣམ་པར་ཤེས་པ་འགྱུར ་བའི་ཕྱིརརོ།། དཔེར་ན་མིག་སེར་གྱི་ནད་ཀྱིས་བཏབ་ན་གཟུགས་སྔོན་པོ་ལ་སོགས་པ་ལ་ཡང་མིག་གིས་སེར་པོ་ཉིད་དུ་མཐོང་བ་ལྟ་བུའོ།། མིག་ལས་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། མིག་ནི་མིག་གི་རྣམ་པར་ཤེས ་པའི་ས་བོན་དང་འབྲེལ་བ་སྟེ། དེ་ལས་འགྲུབ་པའི་ཕྱིར།། མིག་གི་ཕྱིར་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ་དེ་ལ་ཕན་པའི་ཕྱིརརོ།། འདི་ལྟར་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་མྱོང་བས་དབང་པོ་ལ་ཕན ་གནོད་དུ་འགྱུར་གྱི་ཡུལ་ལ་ནི་མ་ཡིནོ།། མིག་དང་མཚུངས་པའི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། གཉི་ག་ཡང་སེམས་ཅན་གྱི་གྲངསུ་གཏོགས་པའི་ཕྱིརརོ།། གཟུགས་ནི་གདོན་མི་ཟ་བར་སེམས་ཅན་གྱི་གྲངསུ་གཏོགས་པ ་མ་ཡིན་ནོ།། ཅི་མིག་གི་གཟུགས་རྣམས་མཐོང་ངམ། འོན་ཏེ་རྣམ་པར་ཤེས་པས་མཐོང་ཞེ་ན། ཆོས་རྣམས་ནི་བྱེད་པ་མེད་པའི་ཕྱིར་གཅིག་གིས་ཀྱང་མི་མཐོང་ཅིག་ཤོས་ཀྱིས་ཀྱང་མི་མཐོང་བར་རིག་པར་བྱ་སྟེ། ཚོགས་པར་གྱུར་པ ་ལ་མཐོང་བ་གདག་སོ།། ཡང་རྣམ་པ་དྲུག་གིས་ནི་མིག་གིས་གཟུགས་མཐོང་ངོ་།། ཞེས་གཙོ་བོར་རིག་པར་བྱའོ།། རྣམ་པར་ཤེས་པས་ནི་མ་ཡིནོ།། རྣམ་པ་དྲུག་གང་ཞེ་ན། འབྱུང་བའི་རྒྱུའི་ཕྱིར་མིག་ལས་དེ་འབྱུང་བའི་ཕྱིར།། དེའི་གནས ་ཀྱི་ཕྱིར་མཐོང་བའི་རྟེན་མིག་ཡིན་པའི་ཕྱིར་རོ།། མི་གཡོ་བར་འཇུག་པའི་ཕྱིར་མིག་ནི་རྟག་ཏུ་རིགས་གཅིག་པའི་ཕྱིར་རོ།། རང་དབང་དུ་འཇུག་པའི་ཕྱིར་སྐད་ཅིག་རེ་རེ་ལ་འབྱུང་བ་རྐྱེན་ཚོགས་པ་ལ་མི་བལྟོས་པའི་ཕྱིརརོ།། མཛེས་པར ་འཇུག་པའི་ཕྱིར་དེས་གནས་མཛེས་པའི་ཕྱིརརོ།། ལུང་གི་ཕྱིར་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པ་དེ་ཐམས་ཅད་ནི་རྣམ་པར་ཤེས་པ་ལ་མི་སྲིད་པའི་ཕྱིར་རོ།། འདི་ནི་རྣམ་པ་མང་པོར ་འབྱུང་བས་གཡོ་བར་འཇུག་པ་ཉིད་དུ་རིག་པར་བྱའོ།། ཇི་ལྟར་ཁམས་རྣམས་དང་སྐྱེ་མཆེད་རྣམས་ལ་འདུས་མ་བྱས་རྣམ་པར་བཞག་པ་དེ་བཞིན་དུ་ཕུང་པོ་རྣམས་ལ་ཅིའི་ཕྱིར་རྣམ་པར་མ་བཞག་ཅེ་ན། ཕུང་པོའི་དོན་མེད་པའི་ཕྱིར།། ་གཟུགས་ལ་སོགས་པ་ནི་འདས་པ་ལ་སོགས་པའི་རྣམ་པ་དག་གིས་བསྡུས་ཏེ། སྤུངས་པའི་དོན་ནི་ཕུང་པོའི་དོན་དུ་བསྟན་ལ། དེ་ནི་རྟག་ཏུ་ཡོད་པ་མ་ཡིན་པས་ཕུང་པོ་རྣམས་ལ་འདུས་མ་བྱས་རྣམ་པར་མི་བཞགོ།། ཅིའི ་ཕྱིར་ཆོས་འདི་རྣམས་ཕུང་པོ་དང་ཁམས་འདི་རྣམས་སྐྱེ་མཆེད་ཀྱི་སྒོ་ནས་ལོགས་ཤིག་ཏུ་བཤད་ཅེ་ན། གདུལ་བྱ་རྣམས་བསྡུས་པ་དང་། རྒྱས་པར་བསྟན་པ་ལ་མཁས་པ་བསྐྱེད་པའི་ཕྱིར་ཏེ། འདི་ལྟར་ཕུང་པོ་བསྟན་པ་ལ་གཟུགས ་དང་རྣམ་པར་ཤེས་པ་གང་དག་མདོར་བསྟན་པ་དེ་དག་ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པ་བཅུ་གཅིག་དང་། རྣམ་པ་བདུན་དུ་ཕྱེ་ནས་རྒྱས་པར་བསྟན་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ།། དེར་ཚོར་བ་ལ་སོགས་པ་གང་དག་རྒྱས་པར ་བསྟན་པ་དེ་དག་ནི་ཁམས་དང་སྐྱེ་མཆེད་རྣམས་སུ་ཆོས་ཀྱི་ཁམས་དོང་སྐྱེ་མཆེད་དུ་བསྡུས་ཏེ་བསྟན་ཏོ།། ཡང་མཚན་ཉིད་ཙམ་རྣམ་པར་བཞག་པས་ཕུང་པོ་བསྟན་ཏོ།། འཛིན་པ་དང་གཟུང་བ་དང་འཛིན་པར་བྱེད་པར་རྣམ་པར་བཞག་པས ་ཁམས་བསྟན་ཏོ།། འཛིན་པར་བྱེད་པ་སྐྱེ་བའི་སྒོར་གྱུར་པ་གཟུང་བ་དང་། འཛིན་པ་ཙམ་རྣམ་པར་བཞག་པས་སྐྱེ་མཆེད་བསྟན་པར་རིག་པར་བྱའོ།། ཞིར་ལ་བྱུང་བ་རྫོགས་སོ།། །། འདི་མན་ཆད་དུ་ནི་རྩ་བའི་གཞུང་ཉིད་ཀྱི་དོན ་བཤད་པར་བལྟའོ།། དགྲ་བཅོམ་པ་ཐ་མའི་མིག་གོ་ཅེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཐ་མ་སྟེ། དེ་ནི་མིག་གཞན་གྱི་རྒྱུ་ཡིན་པས་ཁམས་མ་ཡིན།། གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་མིག་གི་རྒྱུའོ།། ཞེས ་བྱ་བ་དེ་ནས་འཕོས་ཏེ། གཟུགས་ཅན་གྱི་ཁམསུ་སྐྱེ་བའི་མིག་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པས་ལས་འདི་ལྟར་ཡང་མིག་མངོན་པར་འགྲུབ་པར་འགྱུར་བ་སྟེ། ཡང་ཕྱིར་མི་འོང་བས་ན་འཕགས་པ་རྣམས་ཀྱིས་ནི་མ་ཡིནོ།། ། ་ལུས་ཀྱི་ཁམས་ཡིན་ལ་ལུས་མ་ཡིན་པ་ལ་ཡང་གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་རྒྱུའོ།། ཞེས་བྱ་བ་འདིར་བརྗོད་པར་བྱ་སྟེ། སྒོ་ངའི་ནང་ན་འདུག་པ་ལ་སོགས་པ་ལ་ནི་ལུས་ཡོད་པའི་ཕྱིརརོ།། ལུས་ཞིག་པ་ནི་མི་འཚེ་བའི་ཕྱིར་རོ།། ། ་ཡིད་ཀྱི་ཁམས་ཡིན་ལ་ཡིད་མ་ཡིན་པའང་ཡོད་ཅེས་བྱ་བ་ལ། འདིར་འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པ་མ་སྨོས་པས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པའི་ཕྱིར་རོ།། བྱུང་ཞིང་སྐྱེས་པར་གྱུར་ཞེས་བྱ་བ་ནི་འགྲུབ་པ་དང་རྒྱས ་པར་འགྱུར་བའི་དབང་དུ་བྱས་པ་སྟེ་གོ་རིམ་བཞི་ནོ།། གཟུགས་མེད་པ་ན་སྤྱོད་པའི་ཡིད་ཀྱིས་གཟུགས་མེད་པ་ན་སྤྱོད་པའི་རང་གི་ས་པ་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེསོ་ཞེས་བྱ་བ་ནི། འཕགས་པ་ཉན་ཐོས་ཀྱི་དབང་དུ ་བྱས་པ་སྟེ། ཕྱི་རོལ་གྱི་སོ་སོའི་སྐྱེ་བོ་ནི་རང་གི་ས་པ་རྣམས་ཉིད་རྣམ་པར་ཤེས་ཀྱི་ཆོས་འདི་པ་ནི་ལ་ལ་སྔོན་ཐོས་པས་ཡོངས་སུ་བསྒོས་པའི་དབང་གིས་ས་གོང་མ་ལ་ཡང་དམིགས་ཏེ། བསྐྱེད་པའི་ཕྱིར་རོ།། གཟུགས་ཇི་ལྟ་བ་དེ་བཞིན་དུ་མྱོང ་ངོ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་དབང་པོ་དང་། ཡུལ་གཉིས་ལས་བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བའི་ཕྱིར།། ཚོར་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་འདུ་ཤེས་བྱེད་དོ་ཞེས་བྱ་བ་ནི་ཇི་ལྟར་མྱོང་བ་དེ་བཞིན ་དུ་མཚན་མར་འཛིན་པའི་ཕྱིརརོ།། ཇི་ལྟར་འདུ་ཤེས་སུ་བྱེད་པ་དེ་བཞིན་དུ་སེམས་པར་བྱེའོ་ཞེས་བྱ་བ་ནི་འདུ་ཤེས་ཇི་ལྟ་བ་དེ་བཞིན་དུ་མངོན་པར་འདུ་བྱེད་པའི་ཕྱིརརོ།། སེམས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་རྣམ ་པར་ཤེས་པར་བྱེད། དེ་དང་དེར་ཉེ་བར་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི་ཇི་ལྟར་མངོན་པར་འདུས་བྱས་པའི་ཡུལ་རྣམས་ལ་འགྲོ་བ་གཞན་རྣམསུ་རྣམ་པར་ཤེས་པར་འགྱུར་བའི་ཕྱིར་རོ།། གང་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ ་པར་བྱང་བ་ཞེས་བྱ་བ་ནི་དབང་པོ་དང་བཅས་པའི་ལུས་ལའོ།། མྱོང་བ་གང་གིས་ཞེས་བྱ་བ་ནི་ཟང་ཟིང་དང་བཅས་པ་དང་། ཟང་ཟིང་མེད་པ་ལ་སོགས་པ་དང་གོ་རིམ་བཞི་ནོ།། མཚན་མོར་འཛིན་པ་དང་མངོན་པར་འདུ་བྱེད་པ་གང་གི་ཞེས ་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་དང་ཚུལ་བཞིན་དུ་འཇུག་པས་སོ།། གང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཞེས་བྱ་བ་ནི་སེམས་གནས་ངན་ལེན་དང་བཅས་པ་དང་གནས་ངན་ལེན་མེད་པར་འབྱུང་བའི་ཕྱིརརོ།། སྲེད་པ་རྣམ་པ ་བཅུ་གཅིག་གི་སྐབས་ཀྱི་གཟུགས་ལ་སོགས་པ་འདས་པ་ལ་སོགས་པའི་རྣམ་པས་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ཡང་བལྟས་པའི་སྲེད་པ་དང་། མངོན་པར་དགའ་བའི་སྲེད་པ་དང་། ལྷག་པར་ཚོགས་པའི་སྲེད་པ་དང་། ་བདག་ལ་སྲེད་པ་དང་། ཡུལ་ལ་སྲེད་པ་དང་། འདོད་པ་ལ་སྲེད་པ་དང་། སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཉེས་པར་སྤྱད་པའི་སྡུག་བསྔལ་ལ་སྲེད་པ་དང་། ལེགས་པར་སྤྱད་པའི་བདེ་བ་ལ་སྲེད་པ་དང་། རིང་བ་ལ་སྲེད་པ་དང་། ཉེ་བ ་ལ་སྲེད་པ་སྟེ། སྲེད་པ་འདི་དག་གི་དམིགས་པ་ཉིད་ཀྱིས་གོ་རིམ་བཞིན་དུ་འདས་པ་ལ་སོགས་པའི་རྣམ་པར་སྦྱར་བར་བྱའོ།། ཡང་རྣམ་གྲངས་གཞན་དུ་ན་བྱུང་བ་དང་མ་བྱུང་བའི་བྱེ་བྲག་དང་། འཛིན་པ་དང་གཟུང་བའི་བྱེ་བྲག་དང་། ཕ ་རོལ་ཏུ་བལྟས་པ་དང་། ནང་དུ་བལྟས་པའི་བྱེ་བྲག་དང་། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་བྱེ་བྲག་དང་། རིང་བ་དང་ཉེ་བའི་བྱེ་བྲག་དང་། འདས་པ་ལ་སོགས་པ་ཇི་ལྟར་མཐུན་མཐུན་དུ་རིག་པར་བྱའོ།། དེ་ལ་བྱུང་བ་ནི ་འདས་པ་དང་ད་ལྟར་རོ།། མ་བྱུང་བ་ནི་མ་འོངས་པའོ།། འཛིན་པ་ནི་ནང་གིའོ།། གཟུང་བ་ནི་ཕྱིའོ།། ཕྱི་རོལ་ཏུ་བལྟས་པ་ནི་མཉམ་པར་མ་བཞག་པའི་ས་པའི་འོ།། ནང་དུ་བལྟས་པ་ནི་མཉམ་པར་བཞག་པའི་ས་པའི་འོ།། ལྷག་མ་ནི་གོ་སླ་བས ་མ་བཤད་དོ།། སྡུག་བསྔལོ་ནི་ཤིན་ཏུ་རྒྱས་པའི་མཚན་ཉིད་ཁོ་མའི་ཕྱིར་ཏེ། ཅེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་བརྟེན་ནས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྒྱས་པར་འགྱུར་བའི་ཕྱིརརོ།། ཀུན་ནས་ཉོན་མོངས་པའི་ཁུར་ཁྱེར་པ་ཉིད ་ཀྱི་ཕྱིར་ཏེ། ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་གཟུགས་ལ་སོགས་པ་ལ་བརྟེན་པའི་ཕྱིར་ཏེ། དཔེར་ན་འཇིག་རྟེན་ན་ཕྲག་པས་ཁུར་ཁྱེར་བའི་ཕྱིར་ལུས་ཀྱི་ཕྱོགས་གང་གིས་ཁུར་ཁྱེར་བ་དེ་ལ་ཕྲག་པ་ཞེས ་འདོགས་པ་མཐོང་སྟེ། དེ་དང་མཚུངས་སོ།། ཆོས་ཐམས་ཅད་ཀྱི་ས་བོན་གྱི་དོན་ཏོ།། ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རྒྱུའི་དབང་དུ་བྱས་པ་དང་། རང་གི་མཚན་ཉིད་འཛིན་པའི་དོན་ཏོ།། འབྲས་བུ་དང་རྒྱུའི་དངོས་པོ་འཛིན་པ ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་པོ་དག་ལ་རྣམ་པར་ཤེས་པའི་ཁམས་དྲུག་དང་། དབང་པོ་དང་དོན་གྱི་ཁམས་རྣམས་དང་གོ་རིམ་བཞིན་ནོ།། ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་ནས་འཛིན་པ་ཞེས་བྱ་བ་ནི་མདོ་སྡེ་གཞན ་དག་ལས་སའི་ཁམས་ལ་སོགས་པ་དང་། ཁམས་གཞན་དག་བསྟན་པ་དག་ཀྱང་ཁམས་བཅོ་བརྒྱད་པོ་འདི་དག་གི་ནང་དུ་ཇི་ལྟར་མཐུན་མཐུན་དུ་བསྡུ་བར་རིག་པར་བྱའོ།། ས་བོན་གྱི་དོན་དང་ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་པའི་དོན་ནི ་སྐྱེ་མཆེད་ཀྱི་དོན་དུ་ཡང་རིག་པར་བྱའོ།། གཟུགས་ལ་སོགས་པ་ནི་དབུ་བ་རྡོལ་པ་ལ་སོགས་པ་ལྟ་བུ་ཉིད་དེ། མེད་པ་དང་། གསོབ་དང་། གསོག་དང་། སྙིང་པོ་མེད་པར་སྣང་བར་རིག་པར་བྱའོ།། མདོའི་ཚིག་འདི་རྣམས་ཀྱི་དོན་ནི་བདག་དང ་གཙང་བ་དང་། བདེ་བ་དང་། རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོ་སྟེ། བདག་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་གོ་རིམ་བཞིན་དུ་སྦྱར་བར་བྱའོ།། ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཞེས་དྲི་བ་གསུམ་རྣམ་པར་འཇོག་པ་ནི ་མཚན་ཉིད་དང་། དངོས་པོ་ལ་རྨོངས་པ་དང་། སྒྲོ་འདོགས་པ་སྤང་བའི་ཕྱིར་རོ།། དེ་ལ་ཇི་ལྟར་རྫས་སུ་ཡོད་ཅེས་བྱ་བ་ནི་རྫ་སུ་ཡོད་པའི་མཚན་ཉིད་བརྟན་པས་དེ་ལ་རྨོངས་པ་སྤོང་ངོ་།། ཐམས་ཅད་ཀྱང་རྫ་སུ་ཡོད་པའོ།། ཞེས་བྱ་བ་འདིས ་ནི་དངོས་པོ་ལ་རྨོངས་པ་སྤོང་ངོ་།། བདག་ལ་རྫསུ་མངོན་པར་ཞེན་པ་སྤངས་པའི་ཕྱིར།། ཞེས་བྱ་བ་འདིས་ནི་སྒྲོ་འདེགས་པ་སྤོང་ངོ་།། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་བར་བྱའོ།། དབང་པོའི་སྤྱོད་ཡུལ་བརྗོད་པ་ལ་མི་བལྟོས་པ་ནི ་འདི་ལྟ་སྟེ། གཟུགས་དང་ཚོར་བ་ཞེས་པ་ལ་སོགས་པའི་མིང་བཀྲ་བར་མི་འཛིན་པ་དོན་གང་ཡིན་པ་འཛིན་པ་ཡིན།། དེ་ལས་གཞན་པ་ལ་མི་བལྟོས་པ་ནི་འདི་ལྔ་སྟེ། དེ་ན་གཞན་ལ་མི་བལྟོས་པ་དེའི་བློ་འབྱུང་བ་སྟེ། ཇི་ལྟར་གཟུགས་ལ ་གས་པ་ལ་བལྟོས་ནས་བུམ་པ་ལ་སོགས་པ་ལ་བུམ་པ་ལ་སོགས་པའི་བློ་འབྱུང་བ་ལྟ་བུ་ནི་མ་ཡིན་ནོ།། ཀུན་ནས་ཉོན་མོངས་པར་འགྱུར་བའི་དམིགས་པ་ནི་ཀུན་རྗེབ་ཏུ་ཡོད་པའོ།། ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་འཕེལ་བའི་ཕྱིརརོ།། ་བདག་ནི་ཀུན་ནས་ཉོན་མོངས་པའི་རྒྱུའོ་སྙམ་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ།། རྣམ་པར་དག་པར་འགྱུར་བའི་དམིགས་པ་ནི་དོན་དམ་པར་ཡོད་པ་སྟེ། ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིརརོ།། ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ། ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་ལས་གཞན་མ་ཡིན་པའི་ཕྱིརརོ།། གང་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའོ་ཞེས་བྱ་བ་ནི་སེམས་ལས་བྱུང་བ་འདོད་ཚོགས་ལ་སོགས་པ་དང་། དད་པ་ལ་སོགས་པར་རིག་པར་བྱའོ།། ། ་དེའི་གནས་སྐབས་གང་ཡིན་པ་ཞེས་བྱ་བ་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་དག་ལ་བཏགས་པ་སེམས་དང་ལྡན་པ་ལ་ཡིན་པའི་འདུ་བྱེད་རྣམས།། རྣམ་པར་བྱང་བ་གང་ཡིན་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། དེ་ནི ་ཅི་རིགསུ་སྦྱར།། ཤེས་པ་རྣམ་པོ་བཅུ་གསུམ་གྱིས་ཡུལ་གང་ཡིན་པ་དེ་ཤེས་བྱ་སྟེ། དེ་དག་ནི་ཐོས་པ་ལས་བྱུང་བའི་ཤེས་པ་དང་། བསལ་པ་ལས་བྱུང་བ་མདང་། འཇིག་རྟེན་པའི་བསྒོམ་པ་ལས་བྱུང་བའི་ཤེས་པ་དང ་དོན་དམ་པ་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་དང་། ཆོས་ཤེས་པ་དང་། རྗེ་སུ་རྟོགས་པའི་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས ་པ་དང་། ཟད་པ་དང་། མི་སྐྱེ་བ་ཤེས་པ་དང་། ཐེག་པ་ཆེན་པོ་ཤེས་པ་སྟེ། དེ་དག་ནི་གོ་རིམ་བཞིན་དུ་མོས་པའི་ཤེས་པ་ལ་སོགས་པར་རིག་པར་བྱའོ།། དེ་ལ་གཞན་གྱི་སེམས་ཤེས་པ་ནི་གཞན་གྱི་བདག་ཉིད་ཤེས་པ་སྟེ། གཞན་གྱི ་བདག་ཉིད་ཀྱི་སེམས་ཡུལ་ཕྱིན་པའི་ཕྱིར་རོ།། ཆོས་ཤེས་པ་ནི་འོག་མ་ཤེས་པ་སྟེ། བདེན་པ་རྣམས་ལ་ཐོག་མར་འབྱུང་བའི་ཕྱིར་རོ།། རྗེ་སུ་རྟོགས་པའི་ཤེས་པ་ནི་གོང་མ་ཤེས་པ་སྟེ། ཆོས་ཤེས་པའི་འོག་ཏུ་འབྱུང་བའི་ཕྱིར་རོ།། ་རྣམ་པར་སུན་འབྱིན་པའི་ཕྱིར། ཀུན་ནོས་མི་ལྡང་བར་བྱ་བའི་ཕྱིར། མི་སྐྱེ་བ་ཤེས་པ་ལ་མཐར་ཐུག་པ་ལ་དོན་ཆེན་པོ་ལ་ཤེས་པ་གང་ཡིན་པ་དེ་ནི། རྣམ་པར་སུན་འབྱིན་པའི་ཤེས་པ་ནས་དོན་ཆེན་པོའི་ཤེས་པ་ཞེས་བྱ་བའི་བར་དུ ་སྦྱར་བར་བྱའོ།། དོན་ཆེན་པོ་ནི་བདག་དང་གཞན་གྱི་དོན་གྱི་ཕྱིར།། རྣམ་པར་མི་རྟོགས་པས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གིས་སོ།། རྣམ་པར་རྟོག་པས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ།། རྒྱུས་ཞེས ་བྱེ་བ་ནི་ཀུན་གཞི་རྣམ་པར་ཤེས་པས་སོ།། འཇུག་པ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པའོ།། རྒྱུ་མཚན་ནི་དབང་པོ་དང་དོན་རྣམས་སོ།། རྒྱུ་མཚན་ལས་བྱུང་བ་ནི་རྣམ་པར་ཤེས་པ་རྣམསོ།། མི་མཐུན་པ་དང་གཉེན་པོ་ནི་འདོད་ཆགས ་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའོ།། ཕྲ་བའི་རབ་ཏུ་དབྱེ་བས་ཞེས་བྱ་བ་ནི་རྣམ་པར་ཤེས་པར་དཀའ་བའི་རྣམ་པར་རིག་པ་རྣམ་པ་བདུན་གྱི་བྱེ ་བྲག་གིས་ཏེ། རྣམ་པར་ཤེས་པར་དཀའ་བའི་རྣམ་པར་རིག་པ་བདུན་ནི་འདི་ལྟ་སྟེ། མ་རིག་པའི་རྣམ་པར་རིག་པ་ནི་སྣོད་ཀྱི་རྣམ་པར་རིག་པར་ཏེ། དུས་ཐམས་ཅད་དུ་རྣམ་པ་ཡོངས་སུ་མ་ཆད་པའི་ཕྱིརརོ།། སྣ་ཚོགས་ཀྱི་རྣམ་པའི་རྣམ་པར་རིག ་བ་ནི་གཅིག་གི་རྣམ་པ་ནི་གཅིག་དང་སྣ་ཚོགས་ཏེ། རྣམ་པར་བཞུག་པར་དཀའ་བའི་ཕྱིར་འདི་ནི་ཕྲ་བ་ཉིད་དོ།། ལྷན་ཅིག་འབྱུང་བའི་རྣམ་པར་རིག་པ་ནི་དུས་གཅིག་ཏུ་འབྱུང་བའི་རྣམ་པར་ཤེས་པ་རྣམས་ཇི་ལྟར་སོ་སོར་རང་གི་ཡུལ་ཇི་ལྟ ་བ་བཞིན་དུ་ཡོངསུ་གཅོད་པ་རྣམ་པར་བཞག་པར་དཀའ་བའི་ཕྱིར།། ཕྲ་བ་ཉིད་ཅེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་རིག་པར་བྱའོ།། མི་མཐུན་པའི་ཕྱོགས་ལས་གཉེན་པོ་མྱུར་དུ་འབྱུང་བའི་རྣམ་པར་རིག་པ་ནི་ཇི་ལྟར་འདོད་ཆགས་ལ ་སོགས་པའི་འཆིང་བ་ཐམས་ཅད་དང་ལྡན་པའི་སེམས་ཏེ། ཡུད་ཙམ་ཉིད་ལ་ཐང་ཅིག་ཏུ་འདོད་ཆགས་ལ་སོགས་པ་དང་བྲལ་བར་འགྱུར་བའོ།། བག་ཆགས་ཀྱི་རྣམ་པར་རིག་པ་ནི་ཇི་ལྟར་ལས་ཀུན་ཏུ་འབྱུང་བ་རྣམས་ཀྱི་སེམས་ལ ་བག་ཆགས་བསྒོ་བར་འགྱུར་བ་སྟེ། དེ་ལས་བག་ཆགས་གཞན་པའང་མ་ཡིན་ལ། དེ་ཙམ་ཉིད་ཀྱང་མ་ཡིན་ཏེ། འབྲས་བུ་འབྱིན་པའང་རིམ་གྱིས་འབྱུང་བ་རྙེད་པའོ།། ཉིང་མཚམས་སྦྱོར་བའི་རྣམ་པར་རིག་པ་ནི་ཇི་ལྟར་ལུས་རྣམ་པ་དུ ་མ་འགྲུབ་པའི་ལས་ཀྱིས་ཡོངསུ་བསྒོས་པའི་རྣམ་པར་ཤེས་པ་ཡོད་པ་དང་། དེ་བཞིན་དུ་འཆི་བའི་དུས་ན་ཤིན་ཏུ་མི་གསལ་བའི་ཚེ་འཕྲལ་ལ་ལས་ཀྱི་བག་ཆགས་གང་ཡང་རུང་བ་ཞིག་སད་ཅིང་རྒྱས་ནས་འགྲོ་བ་གང་ཡང་རུང་བ་ཞིག ་ཏུ་ཉིང་མཚམས་སྦྱོར་བར་འགྱུར་རོ།། གྲོལ་བའི་རྣམ་པར་རིག་པ་ནི་དགྲ་བཅོམ་པའི་སེམས་མཆོག་ཏུ་སྤྲོས་པ་མེད་པའི་ཆོས་ཉིད་འཐོབ་པ་འཁོར་བ་ན་འདྲིས་པ་ཟག་པ་དང་བཅས་པའི་སྤྱོད་པའི་རྣམ་པ་ཐམས་ཅད་ལས་ཡང་དག་པར་ཤིན་ཏུ་འདས་པ་སྟེ། ་རྣམ་པ་འདིས་འཇུག་པར་རྣམ་པར་བཞག་པར་དཀའ་བའི་ཕྱིར་འདི་ཕྲ་བ་ཉིད་དུ་རིག་པར་བྱའོ།། མཐོང་བ་པོ་ལ་སོགས་པ་སྨོས་པས་ནི་མཐོང་བ་པོ་དང་། ཉན་པ་པོ་དང་། སྣོམ་པ་པོ་དང་། མྱོང་བ་པོ་དང་། རེག་པ་པོ་དང་། རྣམ་པར་ཤེས་པ་པོ་ཞེས་བྱ ་བ་འདི་དག་བསྡུ་བར་རིག་པར་བྱའོ།། མངོན་པར་ཤེས་པར་བྱ་བ་ནི་མངོན་པར་ཤེས་པ་དྲུག་གི་ཡུལོ།། འགྲོ་བའི་བྱེ་བྲག་གིས་རབ་ཏུ་ཕྱེ་བའི་ཕྱིར་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་སྟེ། དེའི་ཡུལ་ནི་ཀུན་ཏུ་འགྲོ་བའི་ཕྱིར་མངོན་པར་ཤེས་པར་བྱ་བ། ་ཉིད་དོ།། རྣ་བའི་མངོན་པར་ཤེས་པས་འགྲོ་བ་སྣ་ཚོགས་ཀྱི་སྒྲ་ཡང་ཡོངསུ་ཤེས་པས་ན་རྗེ་སུ་ཐོས་པའོ།། སྤྱོད་པ་ལ་འཇུག་པའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དང་བཅས་པའི་སེམས་ཤེས་པའི་ཕྱིར་རོ།། འོང་བའི་ཕྱིར་ཞེས་བྱ་བ ་ནི་འདས་པའི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཞེས་པའི་ཕྱིར་རོ།། འགྲོ་བའི་ཕྱིར་ཞེས་བྱ་བ་ནི་མི་འོངས་པའི་སྐྱེ་བར་འགྲོ་བ་ཤེས་པའི་ཕྱིར་རོ།། ངེས་པར་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་ཁམས་གསུམ་ལས་ངེས་པར་ཐར་པ་དང་། ཐབས ་ཞེས་པའི་ཕྱིར་རོ།། ཐམས་ཅད་ཀྱང་མངོན་པར་ཤེས་པར་བྱ་བ་དག་གོ།། ཞེས་བྱ་བ་ནི་ཐམས་ཅད་ཀྱང་ཐ་མ་གསུམ་གྱི་ཡུལ་ཡིན་པའི་ཕྱིར།། གཟུགས་ནི་ཆོས་དེའི་བདག་ཉིད་དང་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་དེ་གཟུགས་ཅན་ཡིན་གྱི་གཟུགས ་གཞན་དང་ལྡན་པའི་ཕྱིར་ནི་མ་ཡིན་ཏེ། གཟུགས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་བར་དུ་བརྗོད་པར་འགྱུར་རོ།། འབྱུང་བ་རྟེན་དུ་གྱུར་པ་ཞེས་བྱ་བ་ནི་གཟུགས་གཞན་དང་ལྡན་པའི་ཕྱིར་ཡང་གཟུགས་ཅན་ཉིད་དུ་སྟོན་ཏེ། རྒྱུར་བྱས་པའི་གཟུགས ་ནི་འབྱུང་བའི་གཟུགས་དང་ལྡན་པ་དང་། འབྱུང་བའི་གཟུགས་རྣམས་ཀྱང་ནང་ཕན་ཚུན་ལྡན་པའི་ཕྱིར་རོ།། དགའ་བའི་ཀུན་འབྱུང་བ་ཞེས་བྱ་བ་ནི་དགའ་བ་ཉིད་གང་གི་ཀུན་འབྱུང་བ་ཡིན་པ་དེ་གཟུགས་ཅན་ཡིན་གྱི། ཇི་ལྟར་ཚོར་བ ་ལ་སོགས་པའི་ཀུན་འབྱུང་བ་ནི་སྔོན་གྱི་དགའ་བ་དང་། ད་ལྟར་བྱུང་བའི་རེག་པ་ལ་སོགས་པ་ཡང་ཡིན་པ་ལྟ་བུ་ནི་མ་ཡིནོ།། ཕྱོགས་དང་བཅས་པ་ཞེས་བྱ་བ་ནི་ཆ་ཤས་དང་བཅས་པའི་ཕྱིར་རོ།། ཡུལ་ལ་ཁྱབ་པའི་ཕྱིར་ཞེས་བྱ་བ་ནི ་ཕྱོགས་རྣམས་སུ་ལུས་ཀྱིས་རྒྱས་པའི་ཕྱིར་རོ།། ཡུལ་ཉེ་བར་བསྟན་དུ་རུང་བའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་ཆེ་གེ་མོ་ཞིག་ནའོ་ཞེས་བསྟན་པར་ནུས་པའི་ཕྱིར་རོ།། ཡུལ་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་འགའ་ཞིག་ན ་འདུག་པར་དམིགས་པར་འགྱུར་བའི་ཕྱིར།། གཉིས་སྤྱོད་ཡུལ་དུ་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་གཉིས་མཚུངས་པར་དམིགས་པར་འགྱུར་བའི་ཕྱིར་རོ།། གཟུགས་ཅན་མ་ཡིན་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་བདག་གིས ་མྱོང་བཞིན་དུ་གཞན་དག་གིས་ཤེས་པར་མི་ནུས་པའི་ཕྱིར།། འབྲེལ་བའི་ཕྱིར་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་བརྒྱུད་པས་གཟུགས་ཅན་ཉིད་དེ། དབང་པོ་གཟུགས་ཅན་དང་འབྲེལ་པའི ་ཕྱིར་རོ།། རྗེསུ་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་མེད་པའི་སྐྱེས་པའི་སོ་སོའི་སྐྱེ་བོ་རྣམས་ལ་གཟུགས་ཀྱི་ས་བོན་རྗེསུ་འབྲེལ་བའི་ཕྱིརརོ།། རབ་ཏུ་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་རྟོགས་པ་རྣམས་དམིག་པ་ལ་རབ་ཏུ་རྟག་པའི་ཕྱིར།། གནོད ་པོཔར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དག་ལ་ལག་པ་ལ་སོགས་པ་ཀུན་ཏུ་རེག་པ་དང་། མྱ་ངན་ལ་སོགས་པས་ཇི་ལྟར་མཐུན་མཐུན་དུ་གནོད་པར་བྱར་རུང་བའི་ཕྱིར་ཏེ། གནོད་པར་བྱ་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ།། གོ་བར་བྱེད ་པའི་ཕྱིར་ཞེས་བྱ་བ་ནི་བསྟན་པས་དོན་ལ་རྟོག་པའི་ཕྱིརརོ།། བསགས་པ་རྣམ་པར་བཞག་པའི་ཕྱིར་ཞེས་བྱ་བ་ནི་རྡུལ་ཕྲ་མོ་ལས་གོང་མའི་གཟུགས་ཆ་ཤས་དང་བཅས་པར་རྣམ་པར་བཞག་པའི་ཕྱིར།། ཕྱི་རོལ་ཏུ་བལྟས་པའི་ཕྱིར་ཞེས་བྱ་བ ་ནི་འདོད་པ་ན་སྤྱོད་པའི་གཟུགས་འདོད་པའི་ཡོན་ཏན་ལ་སྲེད་པ་ལས་བྱུང་བའི་ཕྱིར་རོ།། ནང་དུ་བལྟས་པོའི་ཕྱིར་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པའི་གཟུགས་དེ་སྙོམས་པར་འཇུག་པའི་སེམས་ལ་སྨོད་པ་ལས་བྱུང་བའི་ཕྱིར་ཏེ། དེའི་ཕྱིར་འོད ་ཡིད་ལས་བྱུང་བ་ཉིད་དུ་རིག་པར་བྱའོ།། ཡུན་རིང་བའི་ཕྱིར་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་གཟུགས་སྔོན་གྱིས་མཐའ་དང་ཕྱི་མའི་མཐའི་མུ་རྣམ་པར་གནས་པ་མེད་པའི་ཕྱིརརོ།། ཡོངསུ་ཆད་པའི་ཕྱིར་ཞེས་བྱ་བ་ནི། སློབ་པའི་གཟུགས་འཁོར ་བའི་མཐར་ཕྱིན་པར་བྱེད་པའི་ཕྱིརརོ།། དེའི་དུས་ཀྱི་ཕྱིར་ཞེས་བྱ་བ་ནི་མི་སློབ་པའི་གཟུགས་ད་ལྟར་བྱུང་བའི་སྲིད་པ་ཙམ་ཞིག་ལུས་པའི་ཕྱིར།། ངེས་པར་སྟོན་པའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱ་སུ་ལ་སོགས་པའི་གཟུགས་ནི་ཀུན་ཏུ་སྟོན་པ་ཙམ ་དུ་ཟད་ཀྱི་གྲུབ་པ་མེད་པའི་ཕྱིར་རོ།། ཐམས་ཅད་ཀྱང་གཟུགས་ཅན་དག་གོ་ཅེས་བྱ་བ་ནི་གནོད་པར་བྱ་བའི་གཟུགས་ཅན་ཡིན་པའི་ཕྱིར་རོ།། ལྷག་མ་རྣམས་ནི་ཅི་རིགསུ་རིག་པར་བྱའོ།། ཕྱི་རོལ་ཏུ་བལྟས་པ་ཞེས་པ་ལ་སོགས་པ་གཟུ ་ཅན་གྱི་རབ་ཏུ་དབྱེ་བ་དྲུག་ནི་ཚོར་བ་ལ་སོགས་པ་དང་ཐུན་མོང་བར་རིག་པར་བྱའོ།། ལྷག་མའི་རབ་ཏུ་དབྱེ་བ་ནི་གཟུགས་ཅན་བཞིནོ།། ཞེས་བྱ་བ་ནི་གཟུགས་དེའི་བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྣམ་པ་ཐམས་ཅད་དོ།། ཐམས་ཅད་ཀྱང་བསྟན ་དུ་ཡོད་པ་དག་གི་ཅེས་བྱ་བ་ནི་བསྟན་དུ་ཡོད་པ་དང་འབྲེལ་པ་ལ་སོགས་པས་གཟུགས་ཅན་མ་ཡིན་པ་རྣམས་ཀྱང་བསྟན་དུ་ཡོད་པའི་ཕྱིར་རོ།། སྒྲིབ་པར་བྱེད་པ་དང་བསྒྲིབ་པར་བྱ་བ་ཞེས་བྱ་བ་ལ། འགྲོ་བའི་གེགས་བྱེད་པའི་ཕྱིར ་སྒྲིབ་པར་བྱེད་པ་ཞེས་དེ་ཙམ་དུ་བསྟན་པས་བསྒྲིབ་པར་བྱ་བ་ཞེས་བྱ་བའི་ཚིག་གིས་འོད་ལ་སོགས་པའི་གཟུགས་ཐོགས་པ་དང་བཅས་པར་རྣམ་པར་འཇོག་སྟེ། དེ་ནི་བསྒྲིབ་པར་བྱ་བ་ཉིད་ཡིན་གྱི། སྒྲིབ་པར་བྱེད་པ་ནི་མ་ཡིན་ནོ།། ་འདི་ནི་དེའི་རིགས་ཏེ། འདི་ནི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིགོ། རྡུལ་ཕྲ་རབ་ལས་གོང་མ་ཞེས་བྱ་བ་ནི། རྡུལ་ཕྲ་རབ་གཅིག་ཐོགས་པ་མེད་པའི་ཕྱིརརོ།། གང་ཏིང་ངེ་འཛིན་གྱི་དབང་གིས་མ་བསྒྱུར་བའི་གཟུགས་ཞེས་བྱ་བ་ནི་ཏིང་འཛིན ་གྱི་དབང་སྒྱུར་བའི་གཟུགས་ནི་ཐོགས་པ་མེད་པའི་ཕྱིར་ཏེ། སེམས་མཉམ་པའི་ལྷ་བཞི་ནོ།། རབ་ཏུ་འཁྲུག་པའི་གཞིའི་གནས་ནི་གནས་སམ་དམིགས་པ་གང་ལ་ཞེ་སྡང་སྐྱེ་བ་སྟེ། ཐོགས་པ་དང་བཅས ་པའི་དོན་འདིས་ན་ཐམས་ཅད་ཀྱང་ཐོགས་པ་དང་བཅས་པ་དག་གོ།། ཡང་ན་ཅི་རིགསུ་སྦྱ་རོ་ཞེས་བྱ་བ་ནི་ལྷག་མ་རྣམས།། ཟག་པ་དེའི་བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཟག་པ་རྣམས་ཟག་པ་དང་བཅས་པ་ཉིད་དེ། ཟུག་པའི་ངོ་བོ་ཉིད་དང་། ་ལྡན་པའི་ཕྱིརརོ།། ཟག་པུ་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་དེ་དང་ལྷན་ཅིག་འབྱུང་བའི་སེམས་དང་སེམས་ལས་བྱུང་བ་རྣམས་དང་། མིག་ལ་སོགས་པོ་ཟག་པ་དང་ལྡན་པ་དང་གནས་ཡིན་པའི་ཕྱིར་ཏེ་གེ་རཱ་མ་བཞིནོ།། ཟག་པས་བཅིང ་པའི་ཕྱིར་ཞེས་བྱ་བ་ནི་དེའི་དབང་གི་དགེ་བ་ཟག་པ་དང་བཅས་པ་རྣམས་ཀྱང་ཡང་སྲིད་པ་འགྲུབ་པར་བྱེད་པའི་ཕྱིར་རོ།། ཟག་པའི་རྗེ་སུ་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་ས་པ་གཞན་རྣམས་ཀྱང་ས་པོ་གཞན་གྱི་ཟག་པའི་གནས་ངན་ལེན ་དང་ལྡན་པའི་ཕྱིར་རོ།། ཟག་པའི་རྗེ་སུ་མཐུན་པའི་ཕྱིར་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཉོན་མོངས་པའི་གནས་ངན་ལེན་དང་ལྡན་དུ་ཟིན་ཀྱང་ཟག་པ་མེད་པ་ཉིད་དུ་རྣམ་པར་བཞག་པའི་ཕྱིར་ཏེ། སྲིད་པ་ཐམས ་ཅད་ལ་རྒྱབ་ཀྱིས་བལྟས་པའི་ཕྱིར་དང་། དེའི་གཉེན་པོ་ལམ་བསྟེན་པའི་ཕྱིར་རོ།། ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་དགྲ་བཅོམ་པ་རྣམས་ཀྱི་ཕུང་པོ་རྣམས་ཚེ་རབས་སྔ་མའི་ཉོན་མོངས་པ་ལས་བྱུང་བའི་ཕྱིར་རོ།། ་ཁམས་བཅོ་ལྔ་ནི་ཐ་མ་གསུམ་མ་གཏོགས་པའོ།། སྐྱེ་མཆེད་བཅུ་ནི་ཐ་མ་གཉིས་མ་གཏོགས་པའོ།། ཁམས་གསུམ་དང་སྐྱེ་མཆེད་གཉིས་ཀྱི་ཕྱོགས་ནི་འཕགས་པའི་ལམ་འཁོར་དང་བཅས་པ་དང་འདུས་མ་བྱས་མ་གཏོགས ་པའོ།། མཚོན་ཆ་ལེན་པ་ལ་སོགས་པ་ནི་འཐབ་པ་སྟེ། འདོད་ཚོགས་ལ་སོགས་པ་ནི་རྒྱུ་ཡིན་པས་འཐབ་པའོ།། ཟག་པོ་དང་བཅས་པ་ཇི་སྙེད་པ་འཐབ་པ་དང་བཅས་པའང་དེ་སྙེད་དོ་ཅེས་བྱ་བ་ལ་སོགས་པ་ནི་རྗེ་སུ་འབྲེལ ་པར་རིག་པར་བྱའོ།། ཡང་སྲིད་པ་ལ་ལྷག་པར་ཆགས་པའི་རྒྱུ་ཉིད་དེ། རྣམ་པར་བྱང་བའི་ཆོས་ལ་ཞེ་སྡང་བས་སྲིད་པ་ལ་ལྷག་པར་ཆགས་པའི་ཕྱིར་རོ།། འདོད་པའི་ཡོན་ཏན་ལྔ་ལ་ལྷག་པར་ཆགས་པའི་རྒྱུ་ཡིན་པས་ཞེན་པའོ།། ཞེ ་སྡང་ཅི་འདྲ་བ་ཞིག་གིས་དེ་ལྔ་ལྷག་པར་ཆགས་ཞེ་ན། མངོན་པར་འབྱུང་བ་ལ་ཞེ་སྡང་བས་སོ།། འདོད་པ་བཞིན་དུ་བྱེད་པས་མངོན་དུ་ཕྱོགས་པ་དང་རྒྱབ་ཀྱི་ལྟ་བ་ནི་འདུས་མ་བྱས་ལ་མི་སྲིད། རྟག་པོའི་ཕྱིར་རོ།། འདུས་བྱས་ཀྱང ་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་པ་ནི་འདི་ཉིད་ལས་གུད་ན་མེད་པའི་ཕྱིརརོ།། འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་འདི་ནི་གཉིས།། ཞེས་གང་གསུངས་པ་དེ་ཇི་ལྟར་གཉིས་ཁོ་ནར་འགྱུར་ཞེ་ན། འདོད་པ་བཞིན་དུ་བྱེད་པས་མངོན་དུ ་ཕྱོགས་པ་དང་རྒྱབ་ཀྱི་ལྟ་བའི་ཕྱིར་འདུས་བྱས་ཞེས་བྱའོ།། ལས་དང་ཉོན་མོངས་པོས་མངོན་པར་འདུས་མ་བྱས་པའི་ཕྱིར་འདུས་མ་བྱས་ཞེས་བྱ་སྟེ། གཉིས་ལས་གུད་ན་མེདོ།། དེ་ལྟར་སྣང་བ་ཞེས་བྱ་བ་ནི་ཁམས་གསུམ་པར་གཏོགས ་པའི་རྣམ་པའོ།། དེ་བཞིན་ཉིད་ལ་སོགས་པར་སྣང་བ་ནི་གཅིག་ཏུ་མ་འདྲིས་པའི་ཕྱིར་འཇིག་རྟེན་ལས་འདས་པའོ།། ཕུང་པོ་རྣམས་ཀྱི་ཕྱོགས་གཅིག་ཅེས་བྱ་བ་ནི་ཡང་དག་པའི་ལམ་གྱིས་བསྡུས་པ་དང་། རྗེས ་ལས་ཐོབ་པ་འཇིག་རྟེན་ལས་འདས་པར་སྣང་བ་མ་གཏོགས་པའོ།། དེ་དག་དང་འདུས་མ་བྱས་མ་གཏོགས་པའོ།། དེ་དག་དང་འདུས་མ་བྱས་མ་གཏོགས་པ་ནི་ཁམས་གསུམོ་དང་སྐྱེ་མཆེད་གཉིས་ཀྱི་ཕྱོགསུ་བལྟ་བར་བྱའོ།། ཁམ ་གསུམ་པའི་གཉེན་པོ་ཅེས་བྱ་བ་ནི་འཕགས་པའི་ལམ་མོ།། དེ་ཡང་ཉན་ཐོས་དང་རང་སངས་རྒྱུས་རྣམས་ཀྱི་ནི་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་པས་འཇིག་རྟེན་ལས་འདས་པའོ།། ཕྱིན་ཅི་ལོག་ཏུ་རྣམ་པར ་མི་རྟོག་པས་རྣམ་པར་མི་རྟོག་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། གཟུགས་ལ་སོགས་པ་སྤྲོས་པའི་ཆོས་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་འཇིག་རྟེན་ལས་འདས་པའོ།། སྤྲོས་པའི་རྣམ་པར་རྟོག་པ་མེད་པས་རྣམ་པར ་མི་རྟོག་པའོ།། འདུས་མ་བྱོས་ནི་རྟོག་པ་ཐམས་ཅད་ཀྱི་གཞིའི་གནས་མ་ཡིན་པས་རྣམ་པར་མི་རྟོག་པའོ།། དང་པོ་བྱུང་བ་ནི་ཉིང་མཚམས་སྦྱོར་བའི་དུས་ནཱའོ།། རྒྱུན་གྱིས་བྱུང་བ་ནི་དེའི་ཕྱིན་ཆདདོ།། རྒྱས་པ་ལས་བྱུང་བ་ནི་ཉལྟ་བ་དང་། ་ཟས་དང་། ཚངས་པར་སྤྱོད་པ་དང་། སྙོམས་པར་འཇུག་པ་དང་། རྒྱས་པ་རྣམ་པ་བཞིའི་རྒྱུ་ལས་བྱུང་བའོ།། རྟེན་བྱུང་བ་ནི་ང་གི་དབང་པོའོ།། འགྱུར་པ་བྱུང་བ་ནི་བདེ་བ་ལ་སོགས་པའི་ཚོར་བ་བྱུང་བ་ན་དེ་དང་མཐུན་པར་དབང་པོ་འགྱུར་བ ་ཡོངས་སུ་སྨིན་པར་བྱུང་བ་ནི་རྒས་པའི་གནས་སྐབསོ།། ཉམས་པར་བྱུང་བ་ནི་བདེ་འགྲོ་ནས་ཤི་འཕོས་ཏེ་ངན་འགྲོར་སྐྱེ་བའིའོ།། ཁྱད་པར་དུ་འབྱུང་བ་ནི་དེ་ལས་བཟློག་པའོ།། འོད་གསལ་བར་བྱུང་བ་ནི་བརྩེ་བས་རབ་ཏུ་སླུ་བ་པ་རྣམ ་དང་། ཡིད་རབ་ཏུ་སུན་འབྱིན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་དགའ་བ་མང་བ་དང་། ལོངས་སྤྱོད་པ་དང་། གནས་ལ་རང་གི ་དབང་སྒྱུར་བའི་ཕྱིར་ཏེ་ཅི་རིགསུ་སྦྱར་རོ།། འོད་གསལ་བ་མ་ཡིན་པར་བྱུང་བ་ནི་དེ་ལས་གཞན་པའོ།། ཀུན་ཏུ་འགྲོ་བར་བྱུང་བ་ནི་འགྲོ་བའི་དུས་ནའོ།། ས་བོན་དང་བཅས་པར་བྱུང་བ་ནི་དགྲ་བཅོམ་པའི་ཐ་མའི་ཕུང་པོ་མ་གཏོགས་པའོ།། ་ས་བོ་ན་མ་ཡིན་པར་བྱུང་བ་ནི་ཕུང་པོ་ཐ་མ་པ་རྣམསོ།། གཟུགས་བརྙན་དང་། དབང་འབྱོར་པ་དང་། ངེས་པར་བསྟན་པའི་ཕྱིར་འབྱུང་བ་ནི་ཤེས་བྱའི་དངོས་པོ་དང་མཐུན་པ་དང་། རྣམ་པར་ཐར་པ་ལས་གྱུར་པ་དང་། དེ་བཞིན་གཤེ ་པའི་གཟུགས་ཏེ་གོ་རིམ་བཞི་ནོ།། གཅིག་ནས་གཅིག་ཏུ་བྱུང་བ་ནི་ཚེ་རབས་ཀྱི་རྒྱུན་ནོ།། སྐད་ཅིག་ཞིག་ནས་བྱུང་བ་ནི་འདུ་བྱེད་རྣམས་ཀྱི་མཚན་ཉིད་སྐད་ཅིག་སོ་སོའི་འོ།། ཕྲད་པ་དང་བྲལ་ནས་བྱུང་བ་ནི་སྡུག་པ་དང་མི་སྡུག་པ་དང་ཕྲད ་པ་དང་། བྲལ་བའི་དུས་དང་སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བའི་དུས་ནའོ།། གནས་སྐབས་གཞན་དུ་བྱུང་བ་ནི་མེར་མེར་པོ་ལ་སོགས་པའི་གནས་སྐབས་རྣམས་དང་། ནད་ལ་སོགས་པའི་གནས་སྐབ ་རྣམས་སུའོ།། འཆི་འཕོ་དང་སྐྱེ་བར་བྱུང་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ།། འཇིག་པ་དང་ཆགས་པར་བྱུང་བ་ནི་སྣོད་ཀྱི་འཇིག་རྟེ་ནོ།། སྔོན་གྱི་དུས་ན་བྱུང་བ་ནི་སྔོན་གྱི་དུས་ཀྱི་སྲིད་པའོ།། འཆི་བའི་དུས་ན་བྱུང་བ་ནི་འཆི་བ ་སྲིད་པའོ།། བར་དུ་བྱུང་བ་ནི་བར་མ་དོའི་སྲིད་པའོ།། ཉིང་མཚམས་སྦྱོར་བའི་དུས་ན་བྱུང་བ་ནི་སྐྱེ་བའི་སྲིད་པའོ།། གཟུགས་དང་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་དབང་པོའི་མཚན་ཉིད་དང་མཚུངས་པར་ལྡན་པའི་མཚན ་ཉིད་དེ་གོ་རིམ་བཞིན་ནོ།། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ་ཅེས་བྱ་བ་ནི་མཚུངས་པར་ལྡན་པའི་ངོ་བོ་ཉིད་ཟབ་པོ་ནི་བདག་སྟེ་འདོད་པ་དང་མི་འདོད་པའི་ཡུལ་རྣམས་ལ་དམིགས་པར་རིག་པར་བྱའོ།། མ་ཕྲད་པར་འཛིན་པ ་ནི་མིག་དང་རྣ་བ་དང་ཡིད་དོ།། ཕྲད་ནས་འཛིན་པ་ནི་དེ་ལས་གཞན་པའི་དབང་པོའོ།། ད་ལྟར་གྱི་རང་གི་མཚན་ཉིད་སོ་སོ་བ་ཡུལ་སོ་སོར་ངེས་པ་འཛིན་པ་ནི་དབང་པོ་ལྔ་ལས་བྱུང་བའོ།། རང་དང་སྤྱིའི་མཚན་ཉིད་དུས་ཐམས་ཅད་བའི་ཡུལ ་ཐམས་ཅད་འཛིན་པ་ནི་དབང་པོ་དྲུག་པོ་ལས་བྱུང་བའོ།། རྐྱེན་སྣ་ཚོགས་ནས་རྣམ་པར་ཤེས་པ་འབྱུང་བའི་དབང་དུ་བྱས་ཏེ། བཏགས་ནས་འཛིན་པའི་ཉེ་བར་འདོགས་པར་རིག་པར་བྱའི་ཡང་དག་པའི་དོན་དུ་ན་ཆོས་རྣམས་བྱེད་པ་མེད་པ་ཕྱིརོ།། འཛིན ་པ་གང་ཡིན་པ་གཟུང་བ་ཡང་དེ་ཡིནོ་ཞེས་བྱ་བ་ནི་མིག་ལ་སོགས་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པས་གཟུང་བའི་ཕྱིར།། འཛིན་པའི་སྤྱོད་ཡུལ་ཉིད་ཅེས་བརྣན་པ་ནི་སེམས་དང་སེམས་ལས་བྱུང་བ་བསལ་བའི་ཕྱིར།། ཐོས་པ་ལས་བྱུང་བ་དང་། ་བསམ་པ་ལས་བྱུང་བ་དང་། དེའི་རྗེ་སུ་མཐུན་པའི་ཆོས་སྒྲུབ་པས་ཡོངསུ་བསྡུས་པ་ནི་ཕྱི་རོལ་ཏུ་བལྟས་པ་མ་ཡིན་པ་ཉིད་དེ། རྒྱུ་མཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར།། དེའི་དབང་གིས་མྱ་ངན་ལས་འདས་པ་ལ་སོགས་པ་ལ་དམིགས་པར་བལྟའོ།། ་རྒྱུ་མཐུན་པའི་རྒྱུ་ལས་བྱུང་བའི་ཆོས་ནི་སངས་རྒྱས་ལ་སོགས་པས་ཐུག་སུ་ཆུད་པའི་རྒྱུ་ལས་བྱུང་བའི་བསྟན་པར་རིག་པར་བྱའོ།། ཁམས་བཞི་ནི་སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། དྲིའི་ཁམས ་དོང་། རོའི་ཁམས་སོ།། སྐྱེ་མཆེད་གཉིས་ནི་དྲི་དང་རོའི་སྐྱེ་མཆེད་།། དེ་ལས་གཞན་པ་དག་གི་ཕྱོགས་གཅིག་ནི་གང་འདོད་པའི་ཁམསུ་བསྡུས་པའོ།། ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་བདུན་དང་། གཟུགས་དང་སྒྲ ་དང་ཆོས་ཀྱི་ཁམསོ།། སྐྱེ་མཆེད་བཞི་ནི་གཟུགས་དང་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དོ།། རྒྱུ་དང་འབྲས་བུ་སྤྱད་ཟིན་པ་ཞེས་བྱ་བ་ནི་སྐྱེས་ཟིན་པ་དང་། འགགས་ཟིན་པོའི་ཕྱིར་ཏེ་གོ་རིམ་བཞིན་ནོ།། ཀུན་ནས་ཉོན་མོངས་པ་དང་། རྣམ་པ ་བྱད་པར་བྱེད་པ་ཡང་དག་པ་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་དེ་ལྟར་བྱུང་བའི་འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པ་བཞིན་དུ་སེམས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་བྱེད་པའི་མཐུ་མེད་པའི་ཕྱིར།། རྒྱུ་ཡོངསུ ་ཟུང་ནས་ཞིག་པ་ཞེས་བྱ་བ་ནི་བག་ཆགས་བཞག་ནས་ཞིག་པའི་ཕྱིར་རོ།། འབྲས་བུ་དང་རང་གི་མཚན་ཉིད་ཡོད་པ་དང་མེད་པ་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ན་དེས་བསྐྱེད་པའི་བག་ཆགས་ཡོད་པ་དང་། དེ་འཇོག་པར་བྱེད་པའི་རྫས་མིང ་པའི་ཕྱིར་རོ།། དྲན་པའི་ཀུན་ཏུ་རྟོག་པའི་མཚན་མ་ལ་སོགས་པ་ནི་མཚན་མ་ནི་དམིགས་པ་ཙམ་དུ་ཡོད་པར་རིག་པར་བྱའོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཅེས་བྱ་བ་ནི་མ་འོངས་པ་དང་ད་ལྟར་བྱུང་བ་དང་། ་འདུས་མ་བྱས་མ་གཏོགས་པའོ།། རྒྱུ་ཡོད་ཀྱང་མ་བྱུང་བ་ཞེས་བྱ་བ་ནི་འདུས་མ་བྱས་ལས་བྱེ་བྲག་ཏུ་དབྱེ་བའི་ཕྱིར་ཏེ། དེ་ནི་མ་བྱུང་ལ་རྒྱུ་དང་ལྡན་པ་ཡང་མ་ཡིནོ།། རང་གི་མཚན་ཉིད་མ་ཐོབ་པ་ནི་རང་བཞིན་གྱིས་མ་གྲུབ་པའི ་ཕྱིར་རོ།། རྒྱུ་དང་འབྲས་བུ་སྤྱད་པ་ནི་དེའི་ས་བོན་གྱི་བྱ་བ་མ་བྱས་པ་དང་། དེའང་མ་སྨྱོས་པའི་ཕྱིར་རོ།། རྒྱུ་དང་འབྲས་བུ་སྤྱད་ཟིན་པ་དང་སྤྱང་མ་ཟིན་པ་ཞེས་བྱ་བ་ནི་ཡང་མི་འགྲུབ་པ་དང་ཡོད་པའི་ཕྱིརརོ།། འདས་པ་དང་མ་འོངས་པ་རབ་ཏུ ་བཞག་པའི་རྒྱུ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་ལ་བརྟེན་ཏེ། འདས་པ་དང་མ་འོངས་པར་བཏགས་པའི་ཕྱིར་ཏེ། གང་དེའི་གོནས་སྐབས་ཐིབ་པར་འགྱུར་པ་དེ་ནི་མ་འོངས་པའོ།། གང་ཐོབ་ཟིན་པ་དེ་ནི་འདས་པའོ།། བྱེད་པ་ཉེ་བར་གནས ་པས་ཀྱང་ཞེས་བྱ་བ་ནི་མིག་ལ་སོགས་པ་ནི་རྣམ་པར་ཤེས་པའི་གནས་ལ་སོགས་པར་ཡོད་པའི་ཕྱིར་རོ།། འདས་པ་ལ་སོགས་པ་བཤད་པའི་སྐབས་ཀྱི་འདིའང་སྟོན་ཏེ། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདས་པོ་ལ་སོགས་པ་གསུ ་པོ་ཉིད་གཏམ་གྱི་གཞིར་རྣམ་པར་བཞག་གི་མྱ་ངན་ལས་འདས་པ་ནི་མ་ཡིན་ཞེ་ན། མྱ་ངན་ལས་འདའ་བ་ནི་སོ་སོ་རང་གི་རིག་པར་བྱ་བ་དང་། བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་ཏོ། བརྗོད་པར་མི་ནུས་ཞེས་བྱ་བའི་ཐ་ཚིག་གོ།། བྱུང་བ་དང ་འབྱུང་བ་དང་ད་ལྟར་ནི་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་རྣམས་ཀྱི་གནས་མ་ཡིན་པའི་ཕྱིར།། ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་རྣམས་དང་། གཟུགས་དང་སྒྲ་དང་ཆོས་ཀྱི ་ཁམསོ།། སྐྱེ་མཆེད་བཞི་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དོ།། དེ་དག་ཉིད་ལ་ཞེས་བྱ་བ་ནི་དད་པ་ལ་སོགས་པའོ།། རང་བཞིན་གྱིས་སོ་སོར་མ་བརྟགས་པར་ཞེས་བྱ་བ་ནི་རང་གི་ངང་གིས་ཏེ། དགེ་བའི ་བཤེས་གཉེན་ལ་སོགས་པའི་སྟོབས་ཀྱིས་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ།། འདོད་པ་ཀུན་ཏུ་གནས་པའོ་ཞེས་བྱ་བ་ནི་སྐྱེ་བའི་ཐོབ་པའི་འདོད་པ་འབའ་ཞིག་མ་ཡིན་གྱི། དད་པ་ལ་སོགས་པ་དང་ལྷན་ཅིག་ཏུའོ།། དགེ་བ་བསྒོམ་པའོ།། ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པ་ཐམས་ཅ་དགེ་བའི་ཆོས་རྣམས་སུ་རིག་པར་བྱའོ།། མཐོ་རིས་དང་ཕྱུག་པོའི་རིགསུ་སྐྱེ་བ་ཡོངསུ་འཛིན་པ་གཉིས་ཀྱིས་ནི་མངོན་པར་མཐོ་བའི་རྒྱུ་སྟོན་ཏོ།། རྣམ་པར་བྱུང་བའི་རྗེ་སུ་མཐུན ་པ་ཡོང་སུ་འཛིན་པས་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་སྟོན་ཏོ།། རྣམ་པར་སུན་འབྱིན་པོའི་གཉེན་པོ་ཞེས་བྱ་བ་ལ་སོགས་པ་ནི་འོག་ནས་འཆད་དོ།། དེ་དག་ཀྱང་གང་ཞེ་ན། དེ་ལ་རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ཟག་པ ་དང་བཅས་པའི་འདུས་བྱས་རྣམས་ལ་ཉེས་དམིགསུ་ལྟ་བ་སྟེ། དེས་ནད་དང་འབྲས་ལ་སོགས་པའི་རྣམ་པས་ཉེ་བར་ལེན་པའི་ཕུང་པོ་སུན་འབྱིན་པའི་ཕྱིར་རོ།། སྤོང་བའི་གཉེན་པོ་ཞེས་བྱ་བ་ནི་སྦྱོར་བ་དང་དེ་མ་ཐག་པའི་ལམ་སྟེ། དེ་དག ་གྲིས་ཉེན་མོངས་པ་སྤོང་བའི་ཕྱིརརོ།། གཞིའི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་རྣམས་ཏེ། དེ་དག་གིས་སྤོང་བའི་འཐོབ་པ་ཀུན་ཏུ་འཛིན་པའི་ཕྱིར།། ཐག་བསྲིང་བའི་གཉེན་པོ་ཞེས་བྱ་བ་ནི་དེའི་གོང་མའི་ལམ་སྟེ། ་དེས་སྔར་སྤངས་པའི་ཉོན་མོངས་པ་ཐག་བསྲིང་བའི་ཕྱིར་རོ།། དེ་ལས་གཞན་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཉེས་པར་སྤྱོང་པ་ཀུན་ནས་སློང་བྱའོ།། ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་རང་འཁྲུངས་མ་ཡིན་པ་གང་ཡིན ་པ་དང་། རང་འཁྲུངས་ལས་ནི་ཉེས་པར་སྤྱོད་པ་ཀུན་ནསོ་སློང་བ་གང་ཡིན་པ་དེ་མི་དགེ་བའོ།། དེ་ལས་གཞན་པ་ནི་བསྒྲིབས་པའི་ལུང་དུ་མ་བསྟན་པར་རིག་པར་བྱའོ།། འཚེ་བ་སྔོན་དུ་བཏང་ནས་གོང་དུ་ལུག་དང་མ་ཧེ་ལ་སོགས་པ་གསོད ་པ་དང་། ལྟ་བ་ངན་པ་སྔོན་དུ་བཏང་ནས་བསོད་ནམས་འདོད་པ་དང་། མཆོག་འདོད་པའི་ཕྱིར་གང་དུ་ཟས་མི་ཟ་བ་ལ་སོགས་པས་ཉོན་མོངས་པ་དེར་ལྷ་རྟེན་བྱེད་པའོ།། འཕེན་པ་འམ་ཡོངསུ་རྫོགས་པར་བྱེད་པ་ཞེས་བྱ་བ་ནི་ངན་འགྲོའི་དབང ་དུ་བྱས་པའོ།། བདེ་འགྲོར་ནི་ཡོང་སུ་རྫོགས་པར་བྱེད་པ་ཉིད་དེ། གང་གིས་འདིར་སྐྱེས་ནས་དབུལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བའོ།། དང་པའི་བར་ཆད་བྱེད་པའི་ཆུས་ཞེས་བྱ་བ་ནི་ཛྙཱན་མི་མང་པར་ཆགས་ཀྱི་ནང་དུ་འདུ་བ་ལ ་སོགས་པའོ།། ཁམས་བརྒྱད་ཅེས་བྱ་བ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། དྲི་དང་། རོ་དང་།། ཕྱེའི་ཁམསོ།། སྐྱེ་མཆེད་བརྒྱད་ཅེས་བྱ་བ་ནི་དེ་དག་ཉིད་དོ།། སྡང་བ་ཡང་མ་ཡིན་དང་བ་ཡང་མ་ཡིན་པའི་སེམསུ་གྱུར་པ ་ཞེས་བྱ་བས་ནི་དགེ་བ་དང་མི་དགེ་བ་ལས་བཟློག་པ་སྟོན་ཏོ།། དེ་དག་ཉིད་ཀྱིས་ཡོངསུ་ཟིན་པ་ཞེས་བྱ་བ་ནི་དེའི་རྣམ་པར་ཡིད་ལྔ་བརྗོད་པའི་སྒོ་ནས་འཇུག་པའི་ཕྱིར།། དེ་དག་ཉིད་བརྗོད་པའི་བག་ཆག་སོ།། ཞེས་བྱ་བ་ནི་མིང་གི་ཚོགས་ལ ་སོགས་པས་ཕྱི་མ་ལ་མངོན་པར་བརྗོད་པ་འབྱུང་བར་བྱ་བའི་ཕྱིར་སེམས་ལ་བག་ཚོགས་བསྒོས་པའོ།། དེ་དག་གིས་ཡོངསུ་ཟིན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་གང་ཀུན་ནས་བསླང་བའོ།། ཞེས་བྱ་བ་ནི་སྡང་བ ་ཡང་མ་ཡིན། དང་པ་ཡང་མ་ཡིན་པའི་སེམས་སུ་གྱུར་པའི་མིང་ལ་སོགས་པ་མངོན་པར་བརྗོད་པའི་རྣམ་པ་རྣམས་ཀྱིས་ཀུན་ནས་བསླང་བའོ།། ཉོན་མོངས་པ་ཅན་ཡང་མ་ཡིན་དགེ་བ་ཡང་མ་ཡིན་པའི་སེམས་དང་ལྡན་པ་ཞེས་བྱ་བ ་ནི། གལ་ཏེ་ཉོན་མོངས་པ་ཅན་ཡང་མ་ཡིན་ལ། དགེ་བ་ཡང་མ་ཡིན་པའི་སེམསུ་གྱུར་ན། དེའི་ཕྱིར་སྤྱོད་ལམ་ལ་སོགས་པ་ལུང་དུ་མ་བསྟན་པར་འགྱུར།། གཞན་དུ་ན་དགེ་བ་འམ་མི་དག་པར་འགྱུར་ཏེ་ཅི་རིག་སུ་སྦྱ་རོ།། འདི་ལྟ་སྟེ་སོ་སོར ་བརྟགས་པ་མ་ཡིན་པ་ལ་ཞེས་བྱ་བས་ནི་དགེ་བ་ལས་བྱེ་བྲག་ཏུ་འབྱེད་དོ།། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཞེས་བྱ་བས་ནི། མི་དགེ་བ་ལས་བྱེ་བྲག་ཏུ་འབྱེད་དོ།། ཡོང་སུ་འཛིན་པས་ལུང་དུས་བསྟན་པ་ཞེས་བྱ་བ་ནི་བཟོའི་གནས ་ལ་གེམས་པའི་བག་ཆགས་ཀྱིས་དེ་ལྟ་བུའི་ལུས་ཡོངསུ་འཛིན་པོའི་ཕྱིར་རོ།། སོ་སོར་བརྟགས་པས་སྨན་བསྟེན་པ་ཞེས་བྱ་བས་ནི་ནད་ཀྱི་གཉེན་པོས་ནད་མིང་བར་བྱ་བའི་ཕྱིར་རོ།། རྒྱུ་མཐུན་པས་ལུང་དུ་མི་བསྟན་པ་གང་ཞེ་ན། སྤྲུལ་པའི ་སེམས་དང་ལྷན་ཅིག་སྐྱེས་པའོ།། ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་གང་གིས་བརྩེ་བའི་ཕྱིར་སྤྲུལ་པ་སྤྲུལ་པ་སྟེ། སེམས་ཅན་ལ་ཕན་པའི་ཕྱིར་ན་ནི་དགེ་བར་རིག་པར་བྱའོ།། བསྟན་པས་ཀྱང་དགེ་བ་ཞེས ་བྱ་བ་ལ་སོགས་པས་ནི། གང་སངས་རྒྱས་ལ་སོགས་པས་འདུལ་བའི་དོན་གྱི་དབང་གི་ཕྱིར་ཀུན་ཏུ་སྟོན་པའོ།། མི་དགེ་བར་ཇི་ལྟར་ཀུན་ཏུ་སྟོན་ཅེ་ན། ཆོམ་རྐུན་ལ་སོགས་པར་སྤྲུལ་ནས་དེ་ལྔས་གཞོན་པའི་སེམས་ཅན་འཇིགས་པར་བྱ ་བོཔོའི་ཕྱིར་ལག་པ་དང་། རྐང་པ་དང་མགོ་གཅོད་པ་ལ་སོགས་པ་ཀུན་ཏུ་སྟོན་པའི་ཕྱིརརོ།། འདོད་ཆགས་དང་མ་བྲལ་བ་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཕྱོགས་ཙམ་དང་ཡང་མི་ལྡན་པ་སྟེ། ཏིང་འཛིན་མ་ཐོབ་པ་ཞེས་བྱ་བའི ་ཐ་ཚིག་གོ། གཞན་དུ་ན་ནི་མི་ལྕོགས་པ་མེད་པ་ཡང་འདོད་པ་དང་རབ་ཏུ་ལྡན་པར་འགྱུརརོ།། ཏིངངེ་འཛིན་ཐོབ་མ་ཐག་ཏུ་སྤོང་བ་ལ་མངོན་པར་དགའ་བའི་མི་མཐུན་པའི་ཕྱོགསུ་གྱུར་པའི་གནས་ངན་ལེན་སྤངས་པའི་ཕྱིར་འདོད་ཆགས་དང ་བྲལ་བ་ཉིད་ཀྱི་ཕྱོགས་ཡོད་པར་རིག་པར་བྱའོ།། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ནི་འདིར་འདོད་ཆགས་དང་མ་བྲལ་བའི་ལས་ཀྱི་དབང་གིས་གྲུབ་པའི་ཕྱིར་འདོད་པ་དང་རབ་ཏུ་ལྡན་པའོ།། སེམས་ཅན་ཐམས་ཅད་ཀྱི་ཐུན་མོངས་གི་ལས ་ཀྱི་དབང་གིས་བྱུང་བ་ཞེས་བྱ་བ་འབྱུང་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ན་ཡང་འདོད་ཆགས་དང་མ་བྲལ་བའི་ལས་ཀྱི་ས་པ་ནི་ཡོད་པའི་ཕྱིར།། ཁམས་བཞི་ཞེས་བྱ་བ་ནི་དྲི་དང་རོ་དང་། སྣ་དང་ལྕེའི་རྣམ་པར་ཤེས་པའི ་ཁམ་སོ།། སྐྱེ་མཆེད་གཉིས་ཞེས་བྱ་བ་ནི་དྲི་དང་རོའི་སྐྱེ་མཆེད་དོ།། དེ་ལས་གཞན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་ཟག་པ་མེད་པ་མྱ་གཏོགས་པའོ།། ་ཁམས་བཞི་དང་སྐྱེ་མཆེད་གཉིས་མ་གཏོགས་པ་ཞེས་བྱ་བ་ནི་བ.རཤད་མ་ཐག་པའོ།། དེ་ལས་གཞན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་མེད་པ་ན་སྤྱོད་པ་དང་ཟག ་པ་མེད་པ་མ་གཏོགས་པའོ།། ཕུང་པོ་བཞི་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའོ།། ཁམས་གསུམ་ཞེས་བྱ་བ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམསོ།། སྐྱེ་མཆེད་གཉིས་ཞེས་བྱ་བ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དེ། དེ ་ངག་གི་ཕྱོགས་གཅིག་ནི་འདོད་པ་དང་གཟུགས་ན་སྤྱོད་པ་དང་ཟག་པ་མེད་པ་མ་གཏོགས་པའོ།། ཕྱོགས་གཅིག་ལས་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་སའི་དབང་དུ་བྱས་པ་སྟེ། ས་བརྒྱད་པའི་བར་དུ་ཉོན་མོངས་པའི་རྣམ་པ ་སྤངས་པོའི་ཕྱིར་རོ།། མཐའ་དག་ལས་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་དགུ་པ་སྤངས་པའི་ཕྱིར།། ཡང་འཇིག་ཚོགས་ལས་འདོད་ཆགས་དང་བྲལ་བ་ཉིད་ཀྱི་དབང་དུ་བྱས་ནས་སློབ་པ་ནི་ཕྱོགས་གཅིག་ལས་འདོད་ཆགས་དང ་བྲལ་བ་ཉིད།། མི་སློབ་པ་ནི་མཐའ་དག་ལས་འདོད་ཆགས་དང་བྲལ་བ་ཉིད་དུ་རིག་པར་བྱའོ།། རྟོག་པས་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་མཐོང་བའི་ལམ་གྱིས་སོ།། གནོད་པའི་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་འཇིག ་རྟེན་པའི་ལམ་གྱིས་སོ།། ལེགས་པར་གནོན་པའི་འདོད་ཆགས་དང་བྲལ་བ་འདི་ཉིད་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་ཉིད་ཀྱིས་འདོད་ཆགས་དང་བྲལ་བ་ཉིད་དུ་རིག་པར་བྱའོ།། འདོད་ཆགས་དང་བྲལ་བ་ཉིད ་བཅུ་ཞེས་བྱ་བ་འདི་ལ་མི་འཕྲོད་པར་འཛིན་པའི་དོན་ནི་འདོད་ཆགས་དང་བྲལ་བ་ཉིད་ཀྱི་དོན་དུ་རིག་པར་བྱའོ།། གདོན་མི་ཟ་བར་སྤོང་བའི་དོན་དུ་ནི་མ་ཡིན་ནོ།། ཐབས་ཤིན་ཏུ་ཆེན་པོ་ཐོབ་པ་ཐབས་སྨན་པ་ལྀ་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་གཙོ་བོ ་ལ་སོགས་པ་དང་། གྲོང་དཔོན་ལ་སོགས་པ་ལྟ་བུར་རིག་པར་བྱའོ།། བྱིས་པ་རྣམས་མྱ་ངན་ལས་འདས་པ་ལ་ཞེས་བྱ་བ་ནི་དེ་ལ་ཞི་བ་ཉིད་དུ་མི་ཤེས་པ་དང་། འཇིག་ཚོགས་ལ་མངོན་པར་ཆགས་པའི་ཕྱིར།། མཐོང་བའི་ལམ་ཐོབ་པ་ཁམས ་གསུམ་པ་ལ་ཞེས་བྱ་བ་ནི་འདུ་བྱེད་སྡུག་བསྔལ་བ་ཉིད་དུ་ཡོངས་སུ་ཤེས་པ་དང་ལྡན་པ་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་ཡིད་འབྱུང་བའི་ཕྱིརརོ།། ཐར་པ་ལ་བརྩོན་པའི་དགེ་བ་ནི་བསླབ་པར་བལྟའོ།། ཞེས་བྱ་བ་ནི་ཚོགས ་བསགས་པའི་གནས་སྐབས་ནས་བཟུང་སྟེ། ཐར་པར་བྱ་བའི་ཕྱིར་བརྩོན་པར་རིག་པར་བྱའོ།། ཚོགས་བསགས་པའི་གནས་སྐབས་ནི་མངོན་པ་འགྲོ་བ་ཐར་པའི་ཆ་དང་མཐུན་པར་རིག་པར་བྱའོ།། ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས ་པའི་ཁམས་བདུན་དང་། གཟུགས་དང་སྒྲ་དང་ཆོས་ཀྱི་ཁམས་རྣམས་སོ།། སྐྱེ་མཆེད་བཞི་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་རྣམསོ།། བསླབ་པའི་མཐར་ཕྱིན་པོ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ནི་བསླབ་པའོ།། མཐར་ཕྱིན་པ་ནི་དགྲ་བཅོམ་པ་ཞེས་བྱ་བུའི་ཐ་ཚིག་གོ།། སོ་སོའི་སྐྱེ་བོའི་དགེ་བ་ལྔ་སོགས་པ་ནི་ཐར་པ་ལ་བརྩོན་པ་མ་གཏོགས་པའོ།། དེ་ནི་བསླབ་པ་ལ་སློབ་པས་སློབ་པ ་ཞེས་བྱའོ།། སློབ་པའི་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་ཞེས་བྱ་བ་འདི་ལ་ཉོན་མོངས་པ་ཅན་ནི་མི་དགེ་བའོ།། ལུང་དུ་མོ་བསྟན་པ་ནི་བསྒྲིབས་པའི་ལུང་དུ་མ་བསྟན་པ་སྟེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ།། མི་སློབ་པའི་ལུང་དུ ་མ་བསྟན་པ་ཞེས་བྱ་བ་ནི་མ་བསྒྲིབས་པའི་ལུང་དུ་མ་བསྟན་པར་རིག་པར་བྱའོ།། ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་ཏུ་བརྟགས་པ་རྣམས་ཞེས་བྱ་བ་ནི་དམ་པའི་ཆོས་མ་ཡིན་པ་ཉན་པ་ལ་སོགས་པ་སྔོན་དུ་འགྲོ་བའི་ལྟ་བ་ལྔ་པོ་དག་གོ། ་ཀུན་ཏུ་བརྟགས་པ་སྨོས་པས་ནི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་བསལ་བའི་ཕྱིར།། མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་ཇི་ལྟ་བུ་ཞེ་ན། མངོན་པར་རྟོགས་པ་ལ་ཞུགས་པ་ཅན་ངའི་བདག་གང ་ཡིན་ཞེས་སྐྲག་པ་གླིང་ལས་བྱུང་བའོ།། ལྟ་བོའི་གནས་ཞེས་བྱ་བ་ནི་ལྟ་བ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་དང་།། དེའི་ས་བོན་ནོ།། ཐེ་ཚོམ་གྱི་གནས་སྟོང་དེ་བཞིན་དུ་རིག་པར་བྱའོ།། ལྟ་བ་ལ་སོགས་པར་ཞུགས་པའི་ཉོན་མོང ་པ་དང་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དག་ཅེས་བྱ་བ་ནི་ལྟ་བོའི་སྒོ་ནས་ཞུགས་པ་དང་། དེ་ལ་དམིགས་པའི་འདོད་ཆགས་པ་གང་ཡིན་པའོ།། ཐམས་ཅད་ཀྱི་ཕྱོགས་གཅིག་གོ།། ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་དང་། ཟག་པ ་མེད་པ་མ་གཏོགས་པའོ།། མཐོང་བས་སྤང་བར་བྱ་བ་ལས་བཟློག་པ་ཟག་པ་དང་བཅས་པའི་ཆོས་རྣམས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་ཏུ་བརྟགས་པ་ལས་གཞན་པའི་ཟག་པ་དང་བཅས་པ་རྣམས ་ཞེས་བྱ་བའི་ཐ་ཚིག་གོ།། འདིར་ཟག་པ་དང་བཅས་པ་སྨོས་པས་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱང་བསྡུ་བར་རིག་པར་བྱ་སྟེ། གནས་ངན་ལེན་གྱི་རྗེ་སུ་འབྲེལ་པ་ཡོད་པའི་ཕྱིརརོ།། ཐམས་ཅད་ཀྱི་ཕྱོགས་གཅིག་གོ། ་ཅེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ནི་ཟག་པ་མེད་པ་མ་གཏོགས་པའོ།། ཕུང་པོ་རྣམས་ཀྱི་ཕྱོགས་གཅིག་སྤང་བར་བྱ་བ་མ་ཡིན་པ་ནི་འཇིག་རྟེན་ལ་འདས་པའི་ལམ་དང་། དེའི་རྗེས་ལ་ཐོབ་པོའོ།། ཁམས་བཅུ་དང་སྐྱེ་མཆེད་བཞི ་ཞེས་བྱ་བ་ནི་དེ་དང་འདུས་མ་བྱས་སོ།། ཅི་འདྲ་བའི་གཟུགས་དང་། སྒྲའི་ཁམས་སྤང་བར་བྱ་བ་མི་ཡིན་ཞེ་ན། མི་སློབ་པའི་ལུས་དང་ངག་གི་ལས་ཀྱི་རང་བཞིན་ནོ།། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པར་ཞེས ་བྱ་བ་ནི་འདུས་མ་བྱས་ཀྱི་མཚོན་ཉིད་དོ།། །། བམ་པོ་གསུམ་པ།། བདག་དང་ཆོས་རྒྱུ་མེད་པ་དང་། དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བར་མངོན་པར་ཞེན་པ་སྤང་བའི་ཕྱིར།། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ ་པར་འབྱུང་བའི་མཚན་ཉིད་གང་གསུངས་པ་ནི་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་འདི་ཡོད་པས་འདི་འབྱུང་ཞེས་བྱ་བ ་ནི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་ཕྱིར་ཏེ། རྐྱེན་ཡོད་ན་འབྲས་བུ་འབྱུང་བར་ཟད་ཀྱི། འབྲས་བུ་འབྱུང་བར་བྱ་བའི་ཕྱིར་རྐྱེན་ལ་གཡོ་བ་ནི་མེད་ཅེས་བྱ་བའི་ཐ་ཚིགོ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་བྱ་བ་ནི་མི་རྟག་པའི་རྐྱེན་ལས་བྱུང ་བའི་ཕྱིར་ཏེ། མ་བྱུང་བའི་རྒྱུ་ལས་འབྲས་བུ་འབྱུང་བ་མ་གྲུབ་པའི་ཕྱིར་རོ།། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་ཏེ། གཡོ་བ་མེད་ཅིང་མི་རྟག་པ་ཡིན་དུ་ཟིན་ཀྱང་རྟེན ་གང་ཡང་རུང་བ་ལས་འབྲས་བུ་མི་འབྱུང་གི་ནུས་པའི་རྐྱེན་ལས་འབྱུང་སྟེ་འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་བ་ནས་སྐྱེ་བ་ལས་རྒ་ཤི་འབྱུང་བའི་བར་དུའོ།། མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་ཕྱེ་བ ་གང་ཡིན་པ་དེ་དག་ནི་མདོར་བསྡུས་ན་ཡན་ལག་བཞིར་འགྱུར་ཏེ། འཕེན་པའི་ཡན་ལག་ལ་སོགས་པའོ།། འབྱུང་བ་བསྟན་པ་ལ་ནི་དེ་དག་ཙམ་ཞིག་བསྟན་པས་བསྟན་པར་བྱ་སྟེ། འདི་ལྟར་རྒྱུའི་དུས་ན་གང་གིས་འཕེན་པ་དང་། གང ་འཕེན་པ་དང་། འབྲས་བུའི་དུས་ན་གང་གིས་མངོན་པར་འགྲུབ་པ་དང་། གང་མངོན་པར་འགྲུབ་པ་སྟེ། དེ་དག་ཐམས་ཅད་ནི་ཡན་ལག་འདི་རྣམས་ཀྱིས་བསྟན་པར་རིག་པར་བྱའོ།། དེ་ལ་འཕེན་པའི་ཡན་ལག་ནི་མ་རིག་པ་དང་། འདུ ་བྱེད་དང་། རྣམ་པར་ཤེས་པ་སྟེ། མ་འོངས་པའི་སྐྱེ་བ་མངོན་པར་འགྲུབ་པར་འགྱུར་བར་བདེན་པ་རྣམས་མི་ཤེས་པ་སྔོན་དུ་འགྲོ་བའི་ལས་ཀྱི་བག་ཆགས་སེམས་ལ་བསྒོ་བའི་ཕྱིར་རོ།། འཕངས་པའི་ཡན་ལག་ནི་མིང་དང་གཟུགས་དང ་སྐྱེ་མཆེད་དྲུག་དང་། རེག་པ་དྲང་ཚོར་བ་སྟེ། སེམས་ཀྱི་བག་ཆགས་ཀྱི་མིང་དང་གཟུགས་ལ་སོགས་པ་སྔ་མ་ལ་ཕྱི་མ་བརྟེན་ནས་རིམ་གྱིས་མངོན་པར་འགྲུབ་པར་བྱ་བའི་ཆེད་དུ་སེམས་ཀྱི་བག་ཆགས་དེ་དག་གི་ས་བོན ་བརྟས་པའི་ཕྱིརརོ།། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་གི་སྲེད་པ་དང་། ལེན་པ་དང་། སྲིད་པ་སྟེ། འདོད་ཆགས་ལ་སོགས་པའི་སྲིད་པ་མ་སྤངས་པའི་དབང་གིས་འདོད་པ་ལ་སོགས་པར་ལེགས་པར་སྤྱོད་པ་དང་། ཉེས་པར་སྤྱོད་པའི ་རྣམ་པ་ལ་མངོན་པར་དགའ་བ་སྔོན་དུ་འགྲོ་བའི་འདུན་པ་དང་། འདོད་ཆགས་ཀྱི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་ཡོད་པར་གྱུར་ན་འཆི་བའི་དུས་ན་འབྲས་བུ་འབྱིན་པར་བྱ་བ་ལ་འདུན་པ་དང་། འདོད་ཆགས་ཀྱི་རྗེས་སུ ་མཐུན་པའི་ལས་གང་ཡང་རུང་བའི་བག་ཆགས་མངོན་དུ་འགྱུར་བའི་ཕྱིར།། མངོན་པར་གྲུབ་པའི་ཡན་ལག་ནི་སྐྱེ་བ་དང་རྒ་ཤི་སྟེ། རྣམ་པ་དེས་དེ་ལས་གཞན་གྱི་བག་ཆགས་མངོན་དུ་གྱུར་ན་ཇི་ལྟར་འཕངས་པ་བཞིན་དུ་འགྲོ་བ་དང ་སྐྱེ་གནས་ལ་སོགས་པའི་བྱེ་བྲག་ཐ་དད་པའི་རིས་མཐུན་པའི་གང་ཡང་རུང་བར་མིང་དང་གཟུགས་ལ་སོགས་པ་མངོན་པར་འགྲུབ་པའི་ཕྱིརརོ།། སྐྱེ་བ་དང་རྒ་ཤི་སྨོས་པ་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་གྱི་སྐབས་ཀྱིས་སྐྱོ་བར་བྱ་བའི ་ཕྱིར་རོ།། རྒ་བ་དང་འཆི་བ་ཡན་ལག་གཅིག་ཏུ་བྱ་བ་ནི་རྒ་བ་མེད་པར་ཡང་འཆི་བ་སྲིད་པའི་ཕྱིར་རོ།། མངལ་ནས་སྐྱེ་བའི་སྐྱེ་གནས་སུ་མིང་དང་གཟུགས་ལ་སོགས་པ་མེད་པར་སྐྱེ་མཆེད་དྲུག་ལ་སོགས་པ་འབྱུང་བ་ནི་དེ་ལྟ་མ་ཡིན་། དེའི ་ཕྱིར་དེ་དག་ཡན་ལག་སོ་སོར་བྱ་བར་རིག་པར་བྱའོ།། ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པ་ནི་རྐྱེན་བཞིའི་དབང་དུ་བྱས་པ་སྟེ། དེ་ལ་མ་རིག་པ་ནི་འདུ་བྱེད་རྣམས་ཀྱི་རྐྱེན་ཏེ། སྔ་ལོག་སུ་བྱུང་བའི་བག་ཆགས་ཀྱིས་རྒྱུའི་རྐྱེན་ཏོ།། དེས ་ཡོངས་སུ་བསྒོས་པའི་རྒྱུ་ལས་བྱུང་བའི་ལས་རྣམས་ཡང་སྲིད་པར་མངོན་པར་འདུ་བྱེད་པར་ནུས་པའི་ཕྱིར་ཏེ། དེའི་ཚེ་ཀུན་ཏུ་འབྱུང་བའི་ཚུལ་ཅན་ནོ།། ཤུགས་ཀྱིས་ཞེས་བྱ་བ་ནི་དེ་མ་ཐེག་པའི་རྐྱེན་ཏེ། དེའི་ཚེ་འཕེན་པའི་བྱེ་བྲག ་གིས་འདུ་བྱེད་ཀྱི་རྒྱུན་གྱི་རྒྱུན་ཆགས་པར་འབྱུང་བའི་ཕྱིར་རོ།། ཡིད་ལ་བྱེད་པས་ཤོས་ཞེས་བྱ་བ་ནི་དམིགས་པའི་རྐྱེན་ཏེ། རྨོངས་པའི་དུས་ན་མཆོག་ལ་སོགས་པར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་དམིགས་པའི་ཕྱིར་རོ།། ། ་ལྷན་ཅིག་བྱུང་བས་ཞེས་བྱ་བ་ནི་བདག་པོའི་རྐྱེན་ཏེ། དེའི་དབང་གིས་དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་རྣམས་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་འདུ་བྱེད་པའི་ཕྱིར།། མ་རིག་པ་ནི་སྲིད་པ་ལ་སེམས་ཅན་རྣམས ་རྨོངས་པར་བྱེད་ཅེས་བྱ་བ་ནི་དེས་བསྒྲིབས་པ་རྣམས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་བར་གྱི་མཐའ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་མི་ཤེས་པའི་ཕྱིར་ཏེ། འདི་ལྟར་ཅི་བདག་འོངས་པའི་དུས་ན་འབྱུང་བ་ཞིག་གམ། འོན་ཏེ་མ ་བྱུང་བ་ཞིག་སྙམ་པ་ལ་སོགས་པ་དེ་ལྟར་ཐེ་ཚོམ་ཟ་བའོ།། འདུ་བྱེད་རྣམས་ཀྱི་རྐྱེན་ཀྱང་ཡིན་ནོ།། ཞེས་བྱ་བ་ནི་དེའི་དབང་གིས་ཡང་སྲིད་པ་ལ་སོགས་པའི་ཕྱིར་རོ།། འདུ་བྱེད་རྣམས་ནི་འགྲོ་བ་རྣམསུ་སེམས་ཅན་དག་རྣམ་པར་འབྱེད་ཅེས ་བྱ་བ་ནི་ལས་ཀྱི་དབང་གིས་སེམས་ཅན་རྣམས་འགྲོ་བ་གཞན་དུ་འགྲོ་བ་སྣ་ཚོགས་པའི་ཕྱིར།། རྣམ་པར་ཤེས་པའི་བག་ཆགས་ཀྱི་རྐྱེན་ཀྱང་ཡིན་ཞེས་བྱ་བ་ནི་ཕྱི་མུ་ལ་མྱིང་གཟུགས་ལ་སྩོགས་པ་འགྲུབ་པར་འགྱུར ་བ་ས་བོན་གསོ་བར་བྱེད་པའི་ཕྱིར་རོ།། རྣམ་པར་ཤེས་པ་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་འཆི་བི་འཛིན་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱིས་བསྐྱེད་པའི་བག་ཆགས་དང་ལྷན་ཅིག་འབྱུང་བའི་ཕྱིར་རོ།། མིང་དང་གཟུགས་ཀྱི་རྐྱེན་ཀྱང་ཡིན་ཞེས་བྱ ་ནི་རྣམ་པར་ཤེས་པོ་མའི་མངལ་དུ་ཞུགས་ན་མིང་དང་གཟུགས་འཕེལ་བར་འགྱུར་བའི་ཕྱིརརོ།། མིང་དང་གཟུགས་ནི་སེམས་ཅན་རྣམས་ལུས་ལེན་དུ་འཇུག་ཅེས་བྱ་བ་ནི་དེ་གྲུབ་ན་སེམས་ཅན་རྣམས་རིས་མཐུན་པར་གཞན་ལ་བརྟེན་པའི ་རོ།། མིང་དང་གཟུགས་ལ་སོགས་པ་སྐྱེ་མཆེད་དྲུག་ལ་སོགས་པའི་རྐྱེན་དུ་འགྱུར་བ་ནི་ཡན་ལག་སྔ་མ་ལ་བརྟེན་ནས་ཡན་ལག་ཕྱི་མ་འགྲུབ་པར་བལྟའོ།། སྐྱེ་མཆེད་དྲུག་ནི་སེམས་ཅན་རྣམས་ལུས་རྫོགས་པར་ལེན་དུ་འཇུག་པ ་ཞེས་བྱ་བ་ནི་དེ་མ་གྲུབ་ན་དབང་པོ་གཞན་མ་ཚང་བ་མེད་པའི་ཕྱིརརོ།། རིག་པ་ནི་ཡུལ་གྱི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པ་ཞེས་བྱ་བ་ནི་དེའི་སྒོ་ནས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་ཡུལ་རྣམ་པ་གསུམ་ལ་ལོངས ་སྤྱོད་པའི་ཕྱིརརོ།། ཚོར་བ་ནི་སྐྱེ་བའི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པ་ཞེས་བྱ་བ་ནི་དེ་ལ་བརྟེན་ནས་འདོད་པ་ལ་སོགས་པའི་ལས་ཀྱི་རྣམ་པར་སྨིན་པ་ལ་ཉེ་བར་སྤྱོད་པའི་ཕྱིར་རོ།། སྲིད་པའི་རྐྱེན་ཀྱང་ཡི་ནོ་ཞེས་བྱ་བ་ནི་དེ་དང་ཕྲད ་པ་ལ་སོགས་པར་འདོད་པའི་སྒོ་ནས་སྲེད་པ་འབྱུང་བའི་ཕྱིར་རོ།། སྲེད་པ་ནི་སེམས་ཅན་རྣམས་ཀྱི་སྐྱེ་བ་འདྲེན་པ་ཞེས་བྱ་བ་ནི་དེའི་དབང་གིས་ཚེ་གཞན་དུ་བརྒྱུད་པ་རྒྱུན་མི་འཆད་པའི་ཕྱིརརོ།། ལེན་པའི་རྐྱེན་ཀྱང་ཡིནོ་ཞེས་བྱ་བ་ནི་རོ ་མྱང་བར་འདོད་པའི་སྒོ་ནས་འདོད་པ་ལ་སོགས་པ་ལ་འདུན་པ་དང་འདོད་ཆགས་འབྱུང་བའི་ཕྱིརརོ།། ལེན་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ཉེ་བར་ལེན་པ་དང་བཅས་པར་བྱེད་ཅེས་བྱ་བ་ནི ་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་བྱེ་བྲག་ཅན་དུ་ཡང་སྲིད་པའི་ཉིང་མཚམས་སྦྱོར་བར་འགྱུར་བའི་ལས་ཀྱི་བག་ཆགས་ངེས་པར་བྱེད་པའི་ཕྱིརརོ།། སྲིད་པའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་དེའི་དབང་གིསོ་འདུ་བྱེད་ཀྱི ་བག་ཆགས་འབྱུང་བ་རྙེད་པའི་ཕྱིརརོ།། སྲིད་པ་ནི་ཡང་སྲིད་པར་སེམས་ཅན་རྣམས་མངོན་དུ་ཕྱོགས་པར་བྱེད་ཅེས་བྱ་བ་ནི་དེ་མ་ཐག་ཏུ་འགྲོ་བ་གཞན་འདྲེན་པའི་ཕྱིརརོ།། སྐྱེ་བའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་རིས་མཐུན་པ ་གཞན་འབྱུང་བའི་ཕྱིར་རོ།། སྐྱེ་བ་ནི་མིང་དང་གཟུགས་ལ་སྩོགས་པའི་རིམ་གྱིས་སེམས་ཅན་མངོན་པར་འགྲུབ་པར་བྱེད་པ་ནི་ཕྱི་མ་ཕྱི་མའི་གནས་སྐབས་གཞན་འདྲེན་པའི་ཕྱིར་རོ།། རྒ་ཤིའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བ་ཡོད་ན ་དེའི་རྒྱུས་གཞན་དུ་འགྱུར་བ་དང་། འཇིག་པ་སྲིད་པའི་ཕྱིརརོ།། རྒ་ཤི་ནི་ཡང་དང་ཡང་ན་ཚོད་འགྱུར་བ་དང་། སྲོག་འགྱུར་བ་ལ་སེམས་ཅན་རྣམས་སྦྱོར་བའོ།། ཞེས་བྱ་བ་ནི་དར་ལོ་བབ་པ་དང་། ཚེ་རྣམ་པར་འཇིག་པ་ལ་སྦྱོར་བའོ།། རྣམ་པར ་ཤེས་པ་ལས་ཀྱི་ཀུན་ནས་ཉོན་མོངས་པ་བསྡུ་བ་ནི་རྣམ་པར་ཤེས་པའི་ཡན་ལག་འདུ་བྱེད་ཀྱི་བག་ཆགས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིརརོ།། བྱེད་པ་པོ་མེད་པའི་དོན་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི ་བྱེད་པ་པོ་དང་བྲལ་བའི་ཕྱིར།། རྒྱུ་དང་བཅས་པ་ལས་བྱུང་བའི་དོན་ཞེས་བྱ་བ་ནི་མ་རིག་པའི་རྒྱུ་ལས་བྱུང་བའི་ཕྱིར།། སེམས་ཅན་མེད་པའི་དོན་ཞེས་བྱ་བ་ནི་རང་བཞིན་གྱི་བདག་མེད་པའི་ཕྱིརརོ།། གཞོན་གྱི་དབང་གི་དོན་ཞེས་བྱ་བ་ནི། ་རྐྱེན་ལ་རག་ལས་པའི་ཕྱིརརོ།། གཡོ་བ་མེད་པའི་དོན་ཞེས་བྱ་བ་ནི་རྐྱེན་རྣམས་བྱེད་པ་མེད་པའི་ཕྱིར་རོ།། མི་རྟག་པའི་དོན་ཞེས་བྱ་བ་ནི་ཐེར་ཟུག་མ་ཡིན་པའི་ཕྱིར།། སྐད་ཅིག་མའི་དོན་ཞེས་བྱ་བ་ནི་སྐྱེས་པའི་དུས་ལས་ཕ་རོལ་ཏུ ་མི་གནས་པའི་ཕྱིརརོ།། རྒྱུ་དང་འབྲས་བུའི་རྒྱུད་རྒྱུན་མི་འཆང་པོའི་དོན་ཞེས་བྱ་བ་ནི་རྒྱུའི་སྐད་ཅིག་འགག་པ་དུས་མཉམ་དུ་འབྲས་བུའི་སྐད་ཅིག་འབྱུང་བའི་ཕྱིར་རོ།། རྒྱུ་དང་འབྲས་བུ་མཐུན་པའི་དོན་ཞེས་བྱ་བ་ནི་ཐཾད་ལས་ཐ~ཾང་མི་འབྱུང ་བའི་ཕྱིརརོ།། རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་དོན་ཞེས་བྱ་བ་ནི་རྒྱུ་དུ་མ་དང་གཙོག་གི་རྣམ་པ་ལས་འབྲས་བུའི་རྣམ་པ་གཅིག་དང་དུ་མ་འབྱུང་བའི་ཕྱིརརོ།། རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ཞེས་བྱ་བ་ནི་རྒྱུ་གཞན་ལས་འབྲས་བུ་གཞན་མི་འབྱུང ་བའི་ཕྱིར་རོ།། ཡང་དོན་འདི་དག་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་པ་ལྔས་ཟབ་པར་རིག་པར་བྱ་སྟེ། རྒྱུས་ཟབ་པ་ནི་མཐུན་པའི་རྒྱུ་དང་། རྒྱུ་མེད་པར་སྨྲ་བའི་གཉེན་པོར་དོན་གཉིས་ཀྱིས་ཟབ་བོ།། མཚན་ཉིད་ཀྱིས་ཟབ་པ་ནི་བདག་མེད་པ ་ཉིད་ཀྱིས་ཏེ་དོན་གཅིག་གིསོ།། སྐྱེ་བས་ཟབ་པ་ནི་རྐྱེན་རྣམས་འབྲས་བུ་འབྱུང་ཡང་ངེས་མ་བྱས་པའི་ཕྱིར་ཏེ། དོན་གཉིས་ཀྱིསོ།། གནས་པས་ཟབ་པ་ནི་གནས་མེད་ཀྱང་གནས་པར་སྣང་བའི་ཕྱིར་ཏེ། དོན་གཉིས་ཀྱིསོ།། འབྱུང་བས་ཟབ་པ་ནི ་རྒྱུ་ལས་འབྲས་བུ་འབྱུང་བ་རྣམ་པོར་ཤེས་པར་དཀའ་བའི་ཕྱིར་ཏེ། དོན་བཞིས་ཟབ་བོ།། བྱེད་པ་པོ་མེད་ཀྱང་ལས་དང་བྱེད་པ་དང་། དེའི་འབྲས་བུ་ལ་སྤྱོད་པ་ཡོད་དེ། འདི་ནི་འདིར་ལས་དང་འབྲས་བུ་ཆུད་མི་ཟ་བར་རིག་པར་བྱའོ།། ཆོས་ནི ་བདག་ཉིད་ཀྱིས་མ་བྱས་པ་སྟེ། གང་གིས་བྱེད་པ་དེ་མ་སྐྱེས་ཏེ་མེད་པའི་ཕྱིར།། གཞན་གྱིས་ཀྱང་མ་བྱས་ཏེ། རྐྱེན་རྣམས་བྱེད་པ་པོ་མ་ཡིན་པའི་ཕྱིར།། གཉིས་ཀས་ཀྱང་མ་བྱས་ཏེ། རྒྱུ་དེ་གཉིས་ཀྱིས་མ་བྱས་པའི་ཕྱིར།། རང་གི་བྱེད་པ་དང་། ་གཞན་གྱིས་བྱེད་པོ་དང་། རྒྱུ་མེད་པ་ལས་བྱུང་བ་ཡང་མོ་ཡིནོ་ཞེས་བྱ་བ་ནི་རྐྱེན་རྣམས་འབྲས་བུ་བསྐྱེད་ནུས་པའི་ཕྱིརརོ།། རྣམ་གྲངས་གཞན་དུ་ན་བདག་ཉིད་ཀྱིས་མ་བྱས་པ་ནི་རྐྱེན་ལ་བལྟོས་པའི་ཕྱིརརོ།། གཞན་གྱིས་མ་བྱས་པ་ནི་རྐྱེན ་ཡོད་དུ་ཟིན་ཀྱང་ས་བོན་མེད་པ་ནི་མི་སྐྱེ་བའི་ཕྱིར།། གཉི་གས་མ་བྱས་པ་ནི་དེ་གཉི་ག་ལ་གཡོ་བ་མེད་པའི་ཕྱིར་རོ།། རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་པ་ནི་ས་བོན་དང་རྐྱེན་རྣམས་ལ་ནུས་པ་ཡོད་པའི་ཕྱིར་རོ།། གཞན་ཡོད་རང་གིས ་བོན་ལས་ཏེ་གཞན་ལས་མིན།། དེ་ལོ་བལྟོས་ཕྱིར་བདག་གི་བྱས་མ་ཡིན།། གཡོ་བ་མེད་ཕྱིར་གཉིས་ཀྱི་མ་བྱས་ལ།། དེ་ནི་ནུས་པས་རྒྱུ་མེད་བྱུང་མ་ཡིན།། བདག་ལས་མ་ཡིན་གཞན་ལས་མིན།། ཞེས་བྱ་བས་མུ་རྣམ་པ་གཉིས་སྤོང ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པར་འགྱུར་ན། གང་དུ་བཞི་ཆུར་སྤོང་བ་ལྟ་སྨོས་དང་ཅི་དགོས། དེ་ལྟ་བས་ན་འདི་མཆོག་ཏུ་ཟབ་པར་རིག་པར་བྱའོ།། རྣམ་པར་ཤེས་པ་འབྱུང་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་མིག ་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་བ་ཞེས་བྱ་བ་ལ་སོགས་པའོ།། འཆི་འཕོ་བ་དང་སྐྱེ་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་བྱས་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས ་ཞེས་བྱ་བ་ལ་སོགས་པའོ།། ཕྱིའི་ལོ་ཏོག་འབྱུང་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ས་བོན་ལ་བརྟེན་ནས་མྱུ་གུ། བྷྱོ་གུ་ལ་བརྟེན་ནས་སྡོང་བུ་སྟེ། དེ་བཞིན་སྦུ་གུ་དང་འདྲབ་མ་དང་མེ་ཏོག་དང་འབྲས་བུ་རྣམས་ཀྱང་སྦྱར་བར་རིག་པར་བྱའོ།། འཇིག ་པ་དང་ཆགས་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང་ལ་བརྟེན་ནས་ས་ཆེན་པོ་ལ་སོགས་པ་འབྱུང་བའི་ཕྱིར་རོ།། ཟས་ཀྱིས་བསྟན་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཟས་བཞི་ལ་བརྟེན་ནས་སེམས ་ཅན་རྣམས་ཁམས་གསུམ་ན་གནས་པའི་ཕྱིར་རོ།། འདོད་པ་དང་མི་འདོད་པའི་འགྲོ་བ་རྣམ་པར་འབྱེད་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ལེགས་པར་སྤྱད་པོ་དང་ཉེས་པར་སྤྱད་པ་ལ་བརྟེན་ནས་བདེ་འགྲོ་དང་ངན་འགྲོར་འགྲོ་བའི་ཕྱིརརོ།། རྣམ་པར ་དག་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་ལ་བརྟེན་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བ་ནས་མཐོང་བ་དང་བསྒོམ་པའི་ལམ་གྱི་རིམ་གྱིས་དགྲ་བཅོམ་པ་ཐོབ་པའི་བར་དང་། གཞན་གྱི་སྒྲ་ལ་བརྟེན་ནས་ར ་དུ་ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཡང་དག་པའི་ལྟ་བ་དང་ཟག་པ་ཐམས་ཅད་ཟད་པའི་བར་དུའོ།། མཐུ་སྟོབས་ཀྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཐོབ་པ་ལ་བརྟེན་ནས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་འབྱུང ་བའི་ཕྱིར་རོ།། དེ་ལྟར་རབ་ཏུ་དབྱེ་བ་འདི་དག་གིས་འདུ་བྱེད་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱ་ཆེར་རྟོགས་པར་བྱའོ།། ཀུན་ནས་ཉོན་མོངས་པའི་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་ཞེས་བྱ་བ་ནི་འབྱུང་བའི་རིམ་པའི ་དབང་དུ་བྱས་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ལུགས་དང་མཐུན་པར་བསྟན་ཏོ།། རྒ་ཤི་དང་། རྒ་ཤི་ཀུན་འབྱུང་བ་དང་། རྒ་ཤི་འགོག་པ་དང་། རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ ་ནི་བདེན་པོ་རྣམ་པར་བཞག་པའི་དབང་དུ་བྱས་པ་སྟེ། ལུགས་དང་མི་མཐུན་པ་བསྟན་པར་རིག་པར་བྱའོ།། དེ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་བྱང་བའི་ལུགས་དང་མཐུན་པ ་སྟོན་ཏོ།། གང་མེད་ན་རྒ་ཤི་མི་འབྱུང་བ་དང་། གང་འགགས་ན་རྒ་ཤི་འགག་པ་ཅེས་བྱ་བ་ནི་ལུགས་དང་མི་མཐུན་པ་སྟོན་ཏོ།། རྒྱུའི་རྐྱེན་གང་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་དང་། དགེ་བའི་བག་ཆོ་གསོ་ཞེས་བྱ་བ་ནི་ཟག་པ་དང་། ་བཅས་པ་དང་། ཟག་པ་མེད་པའི་འདུ་བྱེད་རྣམས་དང་གོ་རིམ་བཞིན་ནོ།། ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཏེ། རྣམ་པར་སྨིན་པ་དང་། མངོན་པར་འདུ་བྱེད་པ་ལས་བྱུང་བའོ།། དེ་ལ་རྣམ་པར་སྨིན་པ་ནི་སྐྱེ་བས་འཐོབ ་པ་རྣམས་ཀྱི་རྒྱུའི་རྐྱེན་ཏོ།། མངོན་པར་འདུ་བྱེད་པ་ལས་བྱུང་བ་ནི་སྦྱོར་བ་ལས་བྱུང་བ་རྣམས་ཀྱི་སྟེ། ཕྱི་མ་ལ་ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་རྒྱུའི་རྐྱེན་དུ་བལྟ་བར་བྱའོ།། མངོན་པར་འདུ་བྱེད་པ་ལས་བྱུང ་བའི་ཀུན་གཞི་རྣམ་པར་ཤེས་པ་ནི། ཚེ་དེའི་འཇུག་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་བག་ཆགས་བསྒོས་པར་རིག་པར་བྱའོ།། དགེ་བའི་བག་ཆགས་ནི་ཐར་པའི་ཆ་དང་མཐུན་པོ་རྣམས་ཀྱི་བག་ཆགས་སུ་ལྟ་བར་བྱ་སྟེ། ་དེ་དག་ནི་འཇིག་རྟེན་ལས་འདས་པ་ཐོབ་པའི་རྒྱུ་མཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་དེའི་བག་ཆགས་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རྒྱུ་ཉིད་དུ་རིག་པར་བྱའོ།། ཡང་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་རྒྱུ་དྲུག་པོ་དོག ་རྒྱུརྒྱའི་རྐྱེན་དུ་སྟོན་ཏོ།། དེ་ལ་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་ནི་བྱེད་པའི་རྒྱུར་རྣམ་པར་བཞག་གོ། ཚིག་ལྷག་མ་རྣམས་ནི་གློ་རིམ་བཞིན་དུ་ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པ་དང་། སྐལ་བ་མཉམ་པ་དང་། ཀུན་ཏུ་འགྲོ་བ་དང་། ་རྣམ་པར་སྨིན་པའི་རྒྱུ་རྣམས་སུ་རྣམ་པར་བཞག་པར་རིག་པར་བྱའོ།། རྒྱུའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་བྱེད་པའི་རྒྱུ་རྣམ་པར་བཞག་པའི་ཕྱིར་རྒྱུ་ཐམས་ཅད་བྱེད་པའི་རྒྱུའི་ནང་དུ་འདུས་པར་རིག་པར་བྱའོ།། གྲོག་སྣ་ལ་སོགས་པ་ནི ་བྱེ་བྲག་བསྟན་པའི་ཕྱིར་སོ་སོར་རྣམ་པར་བཞག་གོ།། བྱེད་པའི་རྒྱུའི་རབ་ཏུ་དབྱེ་བ་ལ། རྣམ་པར་ཤིས་པའི་ཚོགས་ལ་སོགས་གང་བསྟན་པ་དེ་ནི་དཔེ་ཙམ་དུ་བལྟོ་བར་བྱའོ།། ཕྱོགས་འདིས་ནི་དེ་ལྟ་བུའི་རང་བཞིན་ཅན་གཞན ་ལ་ཡང་མངོན་པར་བརྟག་པར་བྱ་བའི་ཕྱིར།། དེ་ལ་འབྱུང་བའི་བྱེད་རྒྱུ་ནི་དེ་ལས་འབྲས་བུ་མ་བྱུང་བ་འབྱུང་བའི་ཕྱིར།། གནས་པའི་བྱེད་རྒྱུ་ནི་སྐྱེས་པའི་རྒྱུད་རྒྱུན་མི་འཆད་པར་བྱེད་པའི་ཕྱིར།། རྟེན་པའི་བྱེད་རྒྱུ་ནི་ལྟུང་བའི་གྲགས ་བྱེད་པའི་ཕྱིརརོ།། གསལ་བའི་བྱེང་རྒྱུ་ནི་བསྒྲིབས་པ་གསལ་བར་བྱེད་པའི་ཕྱིརརོ།། འགྱུར་བའི་བྱེད་རྫུ་ནི་རྒྱུད་གཞན་དུ་འགྱུར་བར་བྱེད་པའི་ཕྱིར་རོ།། འབྲལ་བའི་དེང་དྷཱ་ནི་འབྲེལ་པ་གཉི་སུ་གཅོད་པའི་ཕྱིར་རོ།། བསྒྱུར་བའི་བྱེད་རྒྱུ་ནི ་དེའི་ཆ་ཤོས་ཡུལ་གཞན་དུ་འཕོ་བར་བྱེད་པའི་ཕྱིར།། ཡིད་ཆེས་པའི་བྱེད་རྒྱུ་ནི་དེས་ལྐོག་ཏུ་གྱུར་པ་རྗེ་སུ་དཔག་པའི་ཕྱིར།། ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ་ནི་ངེས་ཡང་དག་པར་ངེས་པར་བྱེད་པའི་ཕྱིར་རོ།། ཐོབ་པའི་བྱེད་རྒྱུ་ནི་དེས ་ཐོབ་པར་བྱེད་པའི་རྒྱུའི་ཕྱིརརོ།། ཐ་སྙད་ཀྱི་བྱེད་རྒྱུ་ནི་མིང་ཇི་ལྟ་བ་བཞིན་དུ་མཚན་མར་འཛིན་པས་མངོན་པོར་ཞེན་ནས་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར།། ལྟོས་པའི་བྱེད་རྒྱུ་ནི་གཞན་དུ་འདོད་པ་འབྱུང་བའི་རྒྱུ་ཡིན་པོའི་ཕྱིར་རོ།། ་འཕེན་པོའི་བྱེད་རྒྱུ་ནི་དེའི་རྒྱུ་ལས་བྱུང་བ་གནས་སྐབས་གཞན་དུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འབྱུང་བས་འཕེན་པའི་ཕྱིར།། མངོན་པར་འགྲུབ་པའི་བྱེད་རྒྱུ་ནི་དེ་མ་ཐག་ཏུ་འབྱུང་བ་བསྐྱེད་པ་ཡིན་པའི་ཕྱིརརོ།། ཡོངསུ་འཛིན་པའི ་བྱེད་རྒྱུ་ནི་རང་གི་ས་བོན་ལས་བྱུང་བ་སྟོབས་བསྐྱེད་པའི་ཕྱིར་རོ།། ཆུད་པར་བྱེད་པའི་བྱེད་རྒྱུ་ནི་དེའི་རྗེ་སུ་མཐུན་པས་འགྲུབ་པའི་ཕྱིར་རོ།། སོ་སོར་ངེས་པའི་བྱེད་རྒྱུ་ནི་རང་བཞིན་ཐ་དད་པས་འབྲས་བུ་གཞན་དང་གཞན་འབྱུང་བའི་ཕྱིརརོ།། ། ་ལྷན་ཅིག་བྱེད་པའི་བྱེད་རྒྱུ་ནི་རང་གི་འབྲས་བུ་འགྲུབ་པར་བྱེད་པ་ལ་རྒྱུ་གཞན་ལ་བལྟོས་པའི་ཕྱིར་རོ།། མི་མཐུན་པའི་བྱེད་རྒྱུ་ནི་བགེགས་བྱེད་པའི་ཕྱིརརོ།། མི་མཐུན་པ་མ་ཡིན་པའི་བྱེད་རྒྱུ་ནི་དེ་ལས་བཟློག ་པར་རིག་པར་བྱའོ།། འདི་ལྟ་སྟེ་འབྱུང་བ་རྣམས་དང་། འབྱུང་བ་ལས་གྱུར་པའོ་ཞེས་བྱ་བ་ནི་ཇི་ལྟར་མཐུན་མཐུན་དུ་སྦྱར་གྱི་ཚོགས་པ་ཐམས་ཅད་དང་། གཟུགས་ལ་སོགས་པ་འབྱུང་བ་ལས་གྱུར་པ་ལ་འབྱུང་བ་ཆེན་པོ་བཞི་པོ ་དག་གདོན་མི་ཟ་བར་འབྱུང་བ་ནི་མ་ཡིནོ།། དེའི་ཕྱིར་གང་ན་གང་ཡོད་པ་དེ་ནི་དེ་དང་ལྷན་ཅིག་འབྱུང་སྟེ། གང་ཡང་རུང་པོ་ཞིག་མེད་ན་ནི་མ་ཡིནོ།། དེ་ལྟར་ན་གྲོགསུ་ངེས་པས་ལྷན་ཅིག་འབྱུང་བའི་རྣམ་པར་བཞག་གོ།། འབྱུང་བ་དག ་དང་འབྱུང་བ་ལས་གྱུར་པ་ཞེས་བྱ་བས་དེ་ནི་དཔེར་བརྗོད་པ་ཙམ་དུ་ཟད་པར་རིག་པར་བྱའོ།། སེམས་དང་སེམས་ལས་བྱུང་བ་རྣམས་ནི་གང་ཡང་རུང་བ་ཞིག་མེད་ན་མི་འབྱུང་བར་ངེས་པའི་ཕྱིར་རོ།། གལ་ཏེ་དེ་ལྟར་ན་མཚུངས་པར་ལྡན ་རྒྱ་ལོགས་ཤིག་ཏུ་བཞག་ཏུ་མེད་པར་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་ལྷན་ཅིག་འབྱུང་བའི་རྒྱུའི་ནང་དུ་འདུས་པའི་ཕྱིར་རོ།། དེ་ལྟར་ཡིན་དུ་ཟིན་ཀྱང་དོན་གཞན་གྱིས་མཚུངས་པར་ལྡན་པའི་རྒྱུར་འགྱུར་ཏེ། ་ཆོས་གང་དག་ལྷན་ཅིག་འབྱུང་བས་དམིགས་པ་མཐུན་པར་རྟོགས་ཀྱི་གང་ཡང་རུང་བ་ཞིག་མ་ཚང་ན་མ་ཡིན་པ་སྟེ། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམསོ།། སྔོན་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས ་བསྒོམ་པ་རྣམས་ཞེས་བྱ་བ་ནི་སྔོན་གོམས་པར་བྱས་པ་རྣམས་ཏེ། སྔོན་ཀུན་ཏུ་སྤྱད་ཅེས་བྱ་བའི་ཐ་ཚིག་གོ།། ཕྱི་མའི་མཐའ་གོང་ནས་གོང་དུ་ཤིན་ཏུ་རྒྱས་པ་དང་མཆོག་ཏུ་རྒྱས་པར་འབྱུང་བ་གང་ཡིན་པའོ།། ཞེས་བྱ་བ་ནི། ་དེ་དག་གི་ས་བོན་ཡོང་སུ་གསོས་པ་རྣམས་ཏེ། དེའི་རྒྱུ་ལས་བྱུང་བ་རྣམས་མ་འོངས་པོའི་དུས་ན་ཁྱད་པར་ཅན་དུ་འབྱུང་བར་བལྟའོ།། དེ་ལྟ་ན་སྐལ་བ་མཉམ་པའི་རྒྱུ་འདི་ནི་འདྲ་བ་རྣམས་ཀྱི་རྒྱས་པར་བྱེད་པས་རྒྱུར་རྣམ་པར་བཞོག་གོ། ་ཀུན་ཏུ་འགྲོ་བའི་རྒྱུ་ནི་འདྲ་བ་རྒྱས་པར་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གང་ཡང་རུང་བ་གོམས་པར་བྱས་པས་ཞེ་སྡང་ལ་སོགས་པའི་རྒྱུན་རྒྱས་པར་བསྟན་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར ་དམ་དུ་འཆིང་བར་བྱེད་པས་ན་ཐར་པ་ཐོབ་པའི་བར་དུ་གཅོད་པའི་ཕྱིར་རྣམ་པར་བཞག་པར་རིག་པར་བྱའོ།། རྣམ་པར་སྨིན་པའི་རྒྱུ་ནི་ཕྱི་མ་ལ་གཅིག་ཏུ་མི་འདྲ་བ་མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་ལུས་སུ་བསྡུས་པ་སྟེ། རྣམ ་པར་སྨིན་པ་འཕེན་པོའི་ཕྱིར་ཡོངས་སུ་འཛིན་པའི་དོན་གྱི་རྣམ་པར་བཞག་གོ།། དགེ་བ་ཟག་པ་དང་བཅས་པ་སྨོས་པ་ནི་ཟག་པ་མེད་པ་རྣམས་ཀྱི་སྐྱེ་བ་དང་མི་མཐུན་པས་འཕེན་པ་མ་ཡིན་པའི་ཕྱིརརོ།། རྒྱུན་མི་འཆད་པར་བར་ཆད ་མེད་པ་ཞེས་བྱ་བ་ནི་གདོན་མི་ཟ་བར་སྐད་ཅིག་གི་བར་ཆད་མེད་པ་མ་ཡིན་གྱི་སེམས་གཞན་གྱི་བར་ཆད་མེད་པ་ཡང་འདིར་བར་ཆད་མེད་པར་བལྟ་བར་བྱ་སྟེ། གཞན་དུ་ན་སྙོམས་པར་འཇུག་པའི་སེམས་ནི་སེམས་མེད་པ་ལ ་སྙོམས་པར་འཇུག་པ་ལས་ལངས་པའི་སེམས་ཀྱི་དེ་མ་ཐག་པའི་རྐྱེན་དུ་ན་མི་འགྱུར་བའི་རིགས་ན་འགྱུར་བས་དེའི་ཕྱིར་རྒྱུད་ཅིག་ལ་ཕྱི་མའི་སེམས་དང་། སྔ་མའི་སེམས་ཀྱི་བར་དུ་སེམས་གཞན་གྱི་བར་དུ་མ་ཆོད ་བ་ནི་དེ་མ་ཐག་པའི་རྐྱེན་ཏོ།། སེམས་ལ་ཇི་ལྟ་བར་སེམས་ལས་བྱུང་བ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ།། མཐུན་པ་དང་མི་མཐུན་པ་ལས་སེམས་དང་སེམས་ལས་བྱུང་བ་འབྱུང་བའི་དེ་མ་ཐག་ཏུ་པས་ཀྱང་ཞེས་བྱ་བ་ལ། སེམས ་དང་སེམས་ལས་བྱུང་བའི་དགེ་བ་རྣམས་ནི་མཐུན་པ་དགེ་བ་རྣམས་དང་། མི་མཐུན་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་ཏོ།། དེ་བཞིན་དུ་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས ་ཀྱང་རང་དང་གཞན་གྱི་རྣམ་པ་རྣམས་དང་སྦྱར་བར་བྱའོ།། དེ་བཞིན་དུ་འདོད་པ་ན་སྤྱོད་པ་རྣམས་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་ཏོ།། དེ་བཞིན་དུ ་གཟུགས་ན་སྤྱོད་པ་ལ་སོགས་པ་ཡང་སོ་སོར་གཟུགས་ན་སྤྱོད་པ་ལ་སོགས་པ་དང་། འདོད་པ་ན་སྤྱོད་པ་ལ་སོགས་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་ཏོ་ཞེས་སྦྱར་བར་བྱའོ།། ཅི་སེམས་ཐམས་ཅད་ཀྱི་དེ་མ་ཐག་ཏུ་སེམས ་ཐམས་ཅད་འབྱུང་ངམ། འོན་ཏེ་ངེས་པ་ཡོད་ཅེ་ན། ངེས་པ་ཡོད་ཅེས་བྱ་སྟེ་སེམས་འདིའི་འོག་ཏུ་སེམས་འདི་དང་འདི་འབྱུང་ངོ་ཞེས་བརྗོད་ན་ནི་བརྗོད་པ་མང་བར་འགྱུར་རོ།། དེ་ལྟ་བས་ནི་སྤྱིར་སེམས་འབྱུང་བའི་མཚན་ཉིད་ཙམ་རྣམ་པར ་བཞག་གོ།། འདི་ལྟར་སྟོབས་བཅུས་སེམས་འབྱུང་བར་རིག་པར་བྱ་སྟེ། འདྲིས་པའི་སྟོབས་དང་། འདུན་པའི་སྟོབས་དང་། སྦྱོར་བའི་སྟོབས་དང་། སྙོམས་པར་འཇུག་པའི་སྟོབས་དང་། འཕེན་པའི་སྟོབས་དང་། རྒྱུའི་སྟོབས་དང་། ཡུལ་གྱི ་སྟོབས་དང་། དྲན་པའི་སྟོབས་དང་། ཡིད་ལ་བྱེད་པའི་སྟོབས་དང་། ཉིང་མཚམས་སྦྱོར་བའི་སྟོབས་ཀྱིས་སོ།། འདྲིས་པའི་སྟོབས་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ།། སྙོམས་པར་འཇུག་པ་དང་གནས་པ་དང་། ལྡང་བའི ་རྒྱུ་རྣམས་མི་མངོན་པའི་ཕྱིར་ཆུང་ངུའོ།། མངོན་པར་ལེགས་པར་མ་འདྲིས་པའི་ཕྱིར་འབྲིང་ངོ་།། ལེགས་པར་འདྲིས་པའི་ཕྱིར་ཆེན་པོའོ།། དེ་ལ་འདྲིས་པ་ཆུང་ངུའི་སྟོབས་ཀྱིས་ནི་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་མཐར་གྱིས ་སྙོམས་པར་འཇུག་པར་རིག་པར་བྱའོ།། འབྲིང་གིས་ནི་གཅིག་གིས་བར་དུ་གཅོད་པའི་ཚུལ་གྱིས་ཐོད་རྒལ་དུ་སྙོམས་པར་འཇུག། ཆེན་པོས་ནི་ཇི་ལྟར་འདོད་པ་འམ་ཐམས་ཅད་ལ་ཐོད་རྒལ་དུ་ཞུགས་ནས་ལུགས་དང་མཐུན་པ་དང་ལུག་པ ་མི་མཐུན་པར་སྙོམས་པར་འཇུག་པར་རིག་པར་བྱའོ།། འདུན་པའི་སྟོབས་ཀྱིས་ནི་བསམ་གཏན་གཉིས་པ་ཐོབ་པ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ལ། གལ་ཏེ་འདོད་ན་བསམ་གཏན་གཉིས་པའི་ས་པ་ལས་ལྡང་བའི་སེམས ་མངོན་དུ་བྱེད་དོ།། གཞན་དུ་འདོད་ན་ཡང་འདོད་པ་ན་སྤྱོད་པ་དགེ་བ་འམ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་མངོན་དུ་བྱེད་དོ།། དེ་བཞིན་དུ་གཞན་ལའང་རྒྱ་ཆེར་སྦྱར་བར་བྱའོ།། སྦྱོར་བའི་སྟོབས་ཀྱི་ནི་འདོད་པ་ན་སྤྱོད་པའི་དགེ་བ་ཉིད་ཀྱི ་མཇུག་ཐོག་སུ་ཐོག་མ་ཁོ་ནར་གཟུགས་ན་སྤྱོད་པའི་སེམས་འབྱུང་ངོ་།། མི་ལྕོགས་པའ་མེད་པའི་དགེ་བའི་མཇུག་ཐོགས་སུ་དངོས་གཞིའོ།། དངོས་གཞིའི་མཇུག་ཐོགསུ་བསམ་གཏན་གཉིས་པའི་ཉེར ་བསྡོགས་ཞེས་བྱ་བ་ལ་སོགས་པ་ནས་རྒྱ་ཆེར་སྲིད་པའི་རྩེ་མོའི་བར་དུ་རིག་པར་བྱའོ།། སྙོམས་པར་འཇུག་པའི་སྟོབས་ཀྱིས་ནི་དག་པ་ལ་སྙོམས་པར་འཇུག་པའི་སེམས་རེས་འགའ་ནི་དག་པ་གཉིས་སྐྱེའོ།། རེས་འགའ་ནི་ཉོན ་མོངས་པ་ཅན་ནོ།། འཕེན་པའི་སྟོབས་ཀྱི་ནི་ཏིང་ངེ་འཛིན་ལས་ལངས་ནས་རྒྱུ་བ་ནི་ཇི་སྲིད་དུ་དེ་དང་མི་མཐུན་པ་ཉོན་མོངས་པ་ཀུན་ཏུ་འབྱུང་བས་ཡོངས་སུ་ཉམས་པར་མ་གྱུར་པ་དེ་སྲིད་དུ་མཉམ་པར་བཞག་པའི་ས་པའི་སེམས་དང་། ་མཉམ་པར་མ་བཞག་པའི་སྐད་ཅིག་འདྲེན་མར་རྗེསསུ་འཇུག་གོ། དེ་དང་མི་མཐུན་པ་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་ནི་རྒྱུ་ལ་སོགས་པའི་སྟོབས་བཞིས་ཀུན་ཏུ་འབྱུང་བར་རིག་པར་བྱའོ།། དེ་ལ་རྒྱུའི་སྟོབས་ཀྱིས ་ནི་གལ་ཏེ་གདོན་མི་ཟ་བར་ཡོངསུ་ཉམས་པར་འགྱུར་བའི་སྒྲིབ་པ་སྔོན་བསགས་པར་གྱུར་པའོ།། ཡུལ་གྱི་སྟོབས་ཀྱིས་ནི་གལ་ཏེ་འདོད་ཆགས་ལ་སོགས་པ་འབྱུང་བ་དང་མཐུན་པ་སྡུག་པ་ལ་སོགས་པའི་མཚན་མའི་སྟོབས ་ཤས་ཆེ་བའི་ཡུལ་སྣང་བར་འགྱུར་བའོ།། དྲན་པའི་སྟོབས་ཀྱིས་ནི་གལ་ཏེ་དྲན་པའི་ཀུན་ཏུ་རྟོག་པ་དག་གིས་འདས་པའི་ཡུལ་ལ་འཕྲོ་བར་བྱེད་པའོ།། ཡིད་ལ་བྱེད་པའི་སྟོབས་ཀྱིས་ནི་གལ་ཏེ་སྤྱོད་པའི་ཡིད་ལ་བྱེད་པས་སྡུག ་པའི་མཚན་མ་གང་ཡང་རུང་བ་ཡིད་ལ་བྱེད་པའོ།། ཉིང་མཚམས་སྦྱོར་བའི་སྟོབས་ཀྱིས་ནི་འཆི་བའི་སེམས་རྣམ་པ་དགུ་སྟེ་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པ་ཁམས་གསུམ་དུ་སོ་སོར་འདོད་པ་དང་། གཟུགས་དང་གཟུགས ་མེད་པ་ན་སྦེད་པ་དག་གོ། དེ་ལ་འདོད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དེ་ཉིད་དུ་ཉིང་མཚམས་སྦྱོར་བའི་འདོད་པ་ན་སྤྱོད་པའི་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པ་ནི་འཆི་བའི་སེམ་སུ་རིག་པར་བྱའོ།། གཟུ ་དང་གཟུགས་མེད་པའི་ཁམསུ་ཉིང་མཚམས་སྦྱོར་བའི་སེམས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་འཆི་བོའི་སེམས་སུ་རིག་པར་བྱའོ།། དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་དེ་ཉིད ་དང་གཞན་དུ་སྐྱེས་པའི་སེམས་ཀྱང་དྲུག་ཏུ་སྦྱར་བར་བྱའོ།། ལུས་ལ་སྲེད་པ་དེ་ནི་ལྷན་ཅིག་སྐྱེས་པ་དང་། དམིགས་པ་ལ་མི་སྤྱོད་པ་དང་། བསྒྲིབས་པའི་ལུང་དུ་མ་བསྟན་པའོ།། ལུས་དང་ལྷན་ཅིག་སྐྱེས་པ་འདི་ནི་དམིགས་པ་ནི་རྣམ ་མམ་སུ་མི་གཅོད་པ་རིག་པར་བྱ་སྟེ། དེའི་དབང་གིས་དེ་མ་ཐག་ཏུ་སོ་སོའི་སྐྱེ་བོ་རྣམས་ནི་བར་མ་དོའི་སྲིད་པར་ཉིང་མཚམས་སྦྱོརརོ།། འཕགས་པ་འདོད་ཆགས་དང་མ་བྲལ་བ་རྣམས་ནི་འཆི་བའི་དུས་ན་ཇི་ཙམ་དུ་འདུ་ཤེས་མི ་གནས་སྐབས་སུ་མ་གྱུར་པ་དེ་སྲིད་དུ་སྲེད་པ་དེ་ཀུན་ཏུ་འབྱུང་ངོ་།། དེ་དག་ནི་ཡོངས་སུ་རྟོགས་ནས་གཉེན་པོས་ཚར་གཅོད་དོ།། འཕགས་པ་འདོད་ཆགས་དང་བྲལ་བ་རྣམས་ནི་མ་སྤངས་སུ་ཟིན་ཀྱང་གཉེན་པོའི་སྟོབས ་ཆེ་བས་དེ་ཀུན་ཏུ་མི་འབྱུང་ངོ་།། དེའི་བག་ལ་ཉལ་གྱི་དབང་གིས་ནི་དེ་དག་ཉིད་ཉིང་མཚམས་སྦྱོར་རོ།། བར་མ་དོའི་སྲིད་པ་ཉིང་མཚམས་སྦྱོར་བའི་སྐད་ཅིག་ནི་རྟག་ཏུ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཉིད།། ་རྣམ་པར་སྨིན་པའི་ཕྱིར།། དེའི་འོག་ཏུ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། འཚོ་འཕོ་བའི་སེམས་མ་གཏོག་སོ།། བར་མ་དོའི་སྲིད་པའི་འཆི་འཕོ་བའི་སེམས་ནི་རྟག་ཏུ་ཉོན་མོངས་པ་ཅན་ཏེ།། ་འཆི་འཕོ་བའི་སྲིད་པ་བཞི་ནོ།། སྐྱེ་བའི་ཉིང་མཚམས་སྦྱོར་བ་ནི་རྟག་ཏུ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཉིད་དུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་རྣམས་ཀྱི་འཆི་བའི་སེམས་ལ་སོགས་པ་ནི ་ཐམས་ཅད་ཀྱང་གཅིག་ཏུ་དགེ་བོར་རིག་པར་བྱའོ།། དེ་མོ་ཐག་པའི་རྐྱེན་གྱི་སྐབས་རྟོག་སོ།། །། ཡུལ་ཡོངསུ་ཆད་པའི་དམིགས་པ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ཚོགས་ལྔ་པོ་དག་གི་དམིགས་པ་སྟེ། ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་ཡུལ་སོ་སོར་ངེས་པའི་ཕྱིརརོ།། ཡུལ་ཡོངསུ་མ་ཆད་པའི་དམིགས་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་སྟེ། ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན ་པའི་ཕྱིརརོ།། ཡུལ་ལ་བཀྲ་བར་འཛིན་པ་མེད་པའི་དམིགས་པ་ཞེས་བྱ་བ་ནི་མིང་ལ་མ་བྱང་བ་རྣམས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་སྟེ། མིང་དང་ཡི་གེར་བྱེད་མི་ནུས་པའི་ཕྱིར་རོ།། ཡུལ་ལ་བཀྲ་བར་འཛིན་པའི་དམིག ་པ་ཞེས་པ་ནི་དེ་ལས་བཟློག་པར་རིག་པར་བྱའོ།། དངོས་པོ་བཅས་པའི་ཡུལ་གྱི་དམིགས་པ་ཞེས་བྱ་བ་ནི་ལྔ་པ་དང་། ང་རྒྱལ་བཥྛ་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་མ་གཏོགས་པར་དེ་ལས་གཞན་པ་དག་གི་དམིགས ་པའོ། དངོས་པོ་མེད་པའི་ཡུལ་གྱི་དམིགས་པ་ཞེས་བྱ་བ་ནི་མ་གཏོགས་པ་སྟེ། བདག་གཞི་ཡིན་པོའི་ཕྱིར་རོ།། དངོས་པོའི་དམིགས་པ་ཞེས་བྱ་བ་ནི། ཟག་པ་མེད་པ་ལ་དམིགས་པ་དང་། སྐལ་པོ་མི་མཉམ་པའི་ཁམས་དང་། ་སའི་ཀུན་ཏུ་འགྲོ་བ་རྣམས་དང་། མ་འོངས་པའི་དམིགས་པ་གཞི་གཏན་ལ་ཕེབས་པ་མེད་པ་མ་གཏོགས་པར་དེ་ལས་གཞན་པ་དག་གི་དམིགས་པའོ།། ཀུན་ཏུ་བརྟགས་པའི་དམིགས་པ་ཞེས་བྱ་བ་ནི་མ་གཏོགས་པ་རྣམས་ཀྱི ་དམིགས་པ་སྟེ། རང་གི་ཀུན་ཏུ་བརྟགས་པ་ཙམ་ལ་དམིགས་པའི་ཕྱིར་རོ།། ཕྱིན་ཅི་ལོག་གི་དམིགས་པ་ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་རྣམ་པར་འབྱུང་བ་རྣམས་ཀྱི་དམིགས་པའོ།། ཕྱིན་ཅི་མ་ལོག་པའི་དམིགས་པ་ཞེས་བྱ། ་བ་ནི་མི་རྟག་པ་ལ་སོགས་པའི་རྣམ་པར་འབྱུང་བ་རྣམས་ཀྱི་དམིགས་པའོ།། ཐོགས་པ་དང་བཅས་པའི་དམིགས་པ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་མ་སྤངས་པ་རྣམས་ཀྱི་དམིགས་པའོ།། ཐོགས་པ་མེད་པའི་དམིགས་པ་ཞེས་བྱ་བ ་ནི་ཤེས་བྱའི་སྒྲིབ་པ་སྤངས་པ་རྣམས་ཀྱི་དམིགས་པའོ།། དམིགས་པའི་རྐྱེན་གྱིས་རྣམ་པར་ངེས་པ་ནི་མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་། བཞག་པ་དང་། ཡོང་སུ་ཤེས་པ་དང་། སྤོང་བས་ཀྱང་དམིགས་པ་རྣམ་པར་བཞག་པར ་རིག་པར་བྱའོ།། མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། དོན་གང་དེར་སྣང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འབྱུང་བའི་རྒྱུ་དང་། དེ་དག་བྱུང་ནས་ཀྱང་དོན་དེ་ལས་མངོན་པར་ཞེན་པ་དང་། ཐ་སྙད་འདོགས་པ་དང ་སོ་སོ་རང་གིས་རིག་པར་འགྱུར་བ་ནི་དམིགས་པའི་མཚན་ཉིད་དོ།། རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། མེད་པའི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་ཕྱིན་ཅི་ལོག་པ་རྣམས་ཀྱི་དམིགས་པ་དང་། འདས་པ་དང་། མ་འོངས་པ ་དང་། རྨི་ལམ་དང་། གཟུགས་བརྙན་དང་། སྒྱུ་མ་ལ་སོགས་པའི་དམིགས་པའོ།། ཡོད་པའི་དམིགས་པ་ནི་དེ་ལས་གཞན་པ་དག་གིས་དམིགས་པའོ།། དམིགས་པ་མེད་པའི་དམིགས་པ་ནི་གཟུགས་དང་སེམས་དང་ལྡན་པ་མ་ཡིན ་པ་དང་། འདུས་མ་བྱས་སོ།། དམིགས་པ་དང་བཅས་པའི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམསོ།། ཡང་དག་པ་ཉིད་ཀྱི་དམིགས་པ་ནི་འདི་ལྟ་སྟེ་དག་པའོ།། ལོག་པ་ཉིད་ཀྱི་དམིགས་པ་ནི་འདི་ལྟ་སྟེ་ཉོན ་མོངས་པ་ཅན་ནོ།། ཡང་དག་པ་ཉིད་ཀྱང་མ་ཡིན་ལ་ལོག་པ་ཉིད་ཀྱང་མ་ཡིན་པའི་དམིགས་པ་ནི་འདི་ལྟ་སྟེ། མ་བསྒྲིབས་པའི་ལུང་དུ་མ་བསྟན་པའོ།། ཚུལ་བཞིན་གྱི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་དག་པ ་རྣམས་ཀྱི་དམིགས་པའོ།། ཚུལ་བཞིན་མ་ཡིན་པའི་དམིགས་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་ཅན་རྣམས་ཀྱི་དམིགས་པའོ།། ཚུལ་བཞིན་ཡང་མ་ཡིན་ཚུལ་བཞིན་མ་ཡིན་པ་ཡང་མ་ཡིན་པའི་དམིགས་པ་ནི་དེ་དག་མ་གཏོགས་པ་རྣམ ་ཀྱི་དམིགས་པའོ།། འདྲ་བའི་དམིགས་པ་ནི་འདི་ལྟ་སྟེ། དགེ་བ་ལ་སོགས་པ་རྣམས་ཀྱི་དགེ་བ་ལ་སོགས་པ་དང་། རང་གི་ས་པ་རྣམས་ཀྱི་རང་གི་ས་པ་དང་། ཟག་པ་དང་བཅས་པ་རྣམས་ཀྱི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ ་རྣམས་ཀྱི་ཟག་པ་མེད་པའོ།། མི་མཐུན་པའི་དམིགས་པ་ནི་འདི་ལྟ་སྟེ། དགེ་བ་ལ་སོགས་པ་རྣམས་ཀྱི་མི་དགེ་པ་ལ་སོགས་པ་དང་། ས་གཞན་པ་རྣམས་ཀྱི་ས་གཞན་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ། ་ཀྱི་ཟག་པ་མེད་པ་དང་ཟག་པ་དང་བཅས་པའོ།། སྣ་ཚོགས་ཀྱི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་རྣམས་ཀྱི་དམིགས་པའོ།། གཅིག་པུའི་དམིགས་པ་ནི ་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་མི་རྟོག་མི་དཔྱོད་པ་རྣམས་ཀྱི་དམིགས་པའོ།། འབྲལ་བའི་དམིགས་པ་ནི་འདི་ལྟ་སྟེ། འདུ་ཤེས་མེད་པ་ལ་སོགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དང་། རྣམཁའ་དང ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པ་རྣམས་ཀྱི་དམིགས་པའོ།། འབྲལ་བ་ནི་མེད་པར་འགྱུར་བའོ།། གཞན་དུ་ན་འབྲལ་བ་ཆེན་པོ་ཉིད་ལ་བྱའོ།། བསྡུས་པ་ཕྲ་བའི་དམིགས་པ་ནི་འདི་ལྟ་སྟེ། ཅི་ང་མེད་པའི་སྐྱེ་མཆེད་པ། ་རྣམས་ཀྱི་དམིགས་པའོ།། མཐར་ཕྱིན་པའི་ཕྲ་བའི་དམིགས་པ་ནི་འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པ་རྣམས་ཀྱི་དམིགས་པའོ།། ཉོན་མོངས་པའི་དམིགས་པ་ནི་དེས་དམིགས་པར་བྱེད་པའི་ཕྱིར་དམིག ་པ་ཞེས་བྱའོ།། མདོ་སྡེའི་ཚིག་ལ་ཡོད་པའི་ཆོས་ཀྱི་དམིགས་པ་ནི་འདི་ལྟ་སྟེ། གཙུག་ལག་རྣམས་ཀྱི་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་སོ།། དོན་གྱི་དམིགས་པ་ནི་དེ་ལ ་བརྟེན་པ་བརྗོད་པར་བྱ་བའི་དོན་གང་ཡིན་པའོ།། ཆུང་ངུའི་དམིགས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའོ།། རྒྱ་ཆེན་པོའི་དམིགས་པ་ནི་འདི་ལྟ་སྟེ་ཐེག་པ་ཆེན་པོའོ།། མཚན་མའི་དམིགས་པ་ནི་འདི་ལྟ་སྟེ། ཞི་གནས་དང་། ་རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་རྣམསོ།། མཚན་མ་མེད་པའི་དམིགས་པ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པ་དང་། སྲིད་པའི་རྩེ་མོའོ།། དེ་ཁོ་ནའི་དམིགས་པ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དང་། རྣམ་པ་བཅུ ་དྲུག་པོ་བདག་གི་དམིགས་པའི་བདེན་པ་རྣམས་སོ།། གནས་པར་བྱ་བའི་དམིགས་པ་ནི་འདི་ལྟ་སྟེ། འགོག་པའི་སྙོམས་པར་འཇུག་པ་ལ་སྦྱོར་བ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པའོ།། དབང་སྒྱུར་བའི ་དམིགས་པ་ནི་འདི་ལྟ་སྟེ། རྣམ་པར་ཐར་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་ཡོན་ཏན་རྣམས་ཀྱི་དམིགས་པའོ།། སྐད་ཅིག་པའི་དམིགས་པ་ནི་འདི་ལྟ་སྟེ། མི་སློབ་པ་རྣམས་ཀྱི་ཚེ་དེ་ཉིད།། རྗེས་སུ ་འབྲང་བའི་དམིགས་པ་ནི་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པའོ།། བཞག་པ་ཇི་ལྟ་བུ་ཞེ་ན། དེ་བཞིན་དུ་རྣམ་པར་བཞག་པའི་ཕྱིར་དམིགས་པ་ཡོངས་སུ་མ་གྲུབ་པས་སོ།། རྣམ་པ་བཞིས ་ཡོངསུ་མ་གྲུབ་པའི་དམིགས་པར་རིག་པར་བྱ་སྟེ། རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་དང་དམིགས་པ་མེད་པའི་རྣམ་པར་ཤེས་པ་དམིགས་པ་དང་། བསྒྲིམ་པ་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང་། ཤེས་པ ་གསུམ་གྱི་རྗེ་སུ་མཐུན་པར་འགྱུར་བས་སོ།། དེའི་ཕྱིར་འཛིན་པ་ཡང་ཡོངསུ་མ་གྲུབ་པའོ།། ཤེས་པ་རྣམ་པ་གསུམ་ནི་དབང་གི་ཤེས་པ་དང་། ལྷག་མཐོང་གི་ཤེས་པ་དང་། རྣམ་པར་མི་རྟོག་པའི་ཤེས་པའོ།། དེ་ལ ་རྣམ་པ་བཞིའི་དཔར་བརྗོད་པ་ནི། ཡི་དྭགས་དུད་འགྲོ་མི་རྣམས་དང་།། ལྷ་རྣམས་ཇི་ལྟར་རིགས་རིགསུ།། དངོས་གཅིག་ཡིད་ནི་ཐ་དད་ཕྱིར།། དོན་མ་གྲུབ་པར་འདོད་པ་ཡིན།། འདས་སོགས་དེ་བཞིན་རྨི་ལམ་དང་།། གཟུགས ་བརྙན་རྣམ་པ་གཉིས་པོ་ཡང་།། མེད་ཕྱིར་དམིགས་པ་མེད་པའི་ཕྱིར།། དེ་ནི་དམིགས་པར་རུང་མ་ཡིན།། དོན་ནི་དོན་དུ་གྲུབ་གྱུར་ན།། མི་རྟོག་ཡེ་ཤེས་མེད་པར་འགྱུར།། ཤེས་པ་རྟོག་པ་མེད་མི་འགྱུར།། དེ་མེད་པས་ན་སངས ་རྒྱས་ཉིད།། ཐོབ་པར་འཐད་པ་མ་ཡིན་ནོ།། བྱང་ཆུབ་སེད་ལ་དབང་ཐོབ་དང་།། རྣལ་འབྱེར་བ་ལ་འདི་ལྟར་ཡང་།། མོས་པའི་དབང་གི་སྔ་ལ་སོགས།། དངོས་པོ་དེ་ལྟར་དམིགས་པར་འགྱུ།། འདི་ལ་རྣམ་པར་འབྱེད་གྲུབ་དང་།། བློ ་ལྡན་ཞི་བ་ཐོབ་པ་ཡི།། ཆོས་ཀུན་ཡིད་ལ་བྱེད་པ་ལ།། དེ་ལྟར་དོན་ནི་སྣང་བའི་ཕྱིར།། མི་རྟོག་ཡེ་ཤེས་རྒྱུ་བ་ལ།། དོན་ཀུན་སྣང་བ་མེད་ཕྱིར་ཡང་།། དོན་མེད་ཁོང་དུ་ཆུད་པར་བྱ།། དེ་མེད་པས་པ་རྣམ་རིག་མེད།། ཡོང་སུ་ཤེས་ཇི་ལྟ ་བུ་ཞེ་ན། མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་། བཞག་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ར་ཏུ་ཤེས་པའི་ཕྱིརརོ།། སྤོང་ངམ། ཇིལྟ་བུ་ཞེ་ན། ཉན་ཐོས་དང་ཐེག་པ་ཆེན་པོས་གནས་གྱུར་པ་སྟེ། ཉན་ཐོས ་ཀྱི་ཐེག་པས་གནས་གྱུར་པས་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དམིགས་པ་དག་ལས་རྣམ་པར་ཐ་ཡི། དེ་འ་འབྱོར་པོ་ཐོབ་པ་ནི་མ་ཡིན།། ཐེག་པ་ཆེན་པོས་གནས་གྱུར་པ་ནི་གཉི་གའོ།། དམིགས་པའི་རྐྱེན་གཞུག ་ཇི་ལྟ་བ་བཞིན་དུ་རྣམ་པར་ངེས་རྫོག་སོ།། །། རྟེན་ལ་དབང་བྱེད་པ་ཞེས་བྱ་བ་ལ་རླུ་གི་དཀྱིལལ་སོགས་པ་ནི་ཆུའི་དཀྱིལ་འཁོར་ལ་སོགས་པ་ལ་བརྟེན་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ།། ་སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་གྱིའོ།། འབྱུང་བ་རྣམས་ནི་འབྱུང་བ་ལས་གྱུར་པ་རྣམས་ཀྱིའོ།། དབང་མས་ནི་རྣམ་པར་ཤེས་པ་རྣམས་ཀྱིའོ།། ཞེས་བྱ་བ་ལ་སོགས་པའོ།། འཕེན་པ་ལ་དབང་བྱེད་པ་ཞེས ་ལ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ནི་སྣོད་ཀྱི་འཇིག་རྟེན་འཕེན་པ་ལ་དབང་བྱེད་པས་བདག་པོའི་རྟེན་ཏོ།། སེན་གྱི་བ་དང་བཅས་པའི་ལས་རྣམས་ནི་རྣམ་པར་སྨིན་པའི་འོ་ཞེས་བྱ་བ་ལ་སོགས་པའོ།། ལྷན་ཅིག ་འབྱུང་བ་ལ་དབང་བྱེད་པ་ཞེས་བྱ་བ་ལ། སེམས་ནི་སེམས་ལས་བྱུང་བ་རྣམས་ཀྱི་ལྷན་ཅིག་འབྱུང་བ་ལ་དབང་བྱེད་པས་པདས་པོའི་རྐྱེན་ཏོ།། ད་ལ་བྱེད་པ་ནི་སེམས་ཀྱིའོ།། རིག་པ་ནི་ཚོར་བའོ་ཞེས་བྱ་བ་ལ་སོགས་པའོ།། འདི་མན་ཆད་ནི ་དབང་པོ་ཉི་ཤུ་རྩ་གཉིས་ཀྱི་དབང་དུ་བྱས་ཏེ། བདག་འོར་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལ་ཡུལ་ལ་དབང་བྱེད་པ་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་རྣམས་ཏེ། དེའི་དབང་གིས་གཟུགས ་ལ་སོགས་པ་མངོན་པར་འགྲུབ་པའི་ཕྱིར་རོ།། སྐྱེ་བར་དབང་བྱེད་པ་ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་སྟེ། དེའི་དབང་གིས་ང་མདུལ་དུ་འཇུག་པའི་ཕྱིར་རོ།། གནས་པར་དབང་བྱེད་པ་ཞེས་བྱ་བ་ནི་སྲོག་གི་དབང་པོ་སྟེ། དེའི་དབང་གིས ་རིས་མཐུན་པར་གནས་པའི་ཕྱིར་རོ།། འབྲས་བུ་ལ་ཉེ་བར་སྤྱོད་པར་དབང་བྱེད་པ་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་ཏེ། དེའི་དབང་གིས་སྡུག་པ ་དང་མི་སྡུག་པའི་རྣམ་པར་སྨིན་པ་སོ་སོར་ཉམ་སུ་མྱོང་བའི་ཕྱིརརོ།། འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་ཏེ། ་དེ་དག་གིས་ཉོན་མོངས་པ་རྣམ་པར་གནོན་པའི་ཕྱིར་རོ།། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས ་པ་དང་ལྡན་པའི་དབང་པོ་ལ་རྣམ་པར་བཞག་པར་རིག་པར་བྱ་སྟེ། དེ་དག་གི་བག་ལ་ཉལ་ལེགས་པར་བཅོམ་པོའི་ཕྱིར།། རྣམ་པར་ཤེས་པ་དང་མ་བྲལ་ཞིང་དེ་དང་འདྲ་བའི་དབང་པོ་ཡུལ་ལ་རྒྱུན་དུ་འབྱུང་བ་ཞེས་བྱ་བ་ནི་བརྟེན་པ་མཚུངས ་པར་རིག་པར་བྱ་སྟེ། རྣམ་པར་ཤེས་པ་དང་ལྡན་ཞིང་རྣམ་པར་ཤེས་པ་དང་འདྲ་བའི་དབང་པོ་ཡུལ་རྣམས་ལ་རྒྱུན་དུ་འབྱུང་ཞིང་། རྣམ་པར་ཤེས་པ་འབྱུང་བ་དང་འདྲ་བའི་ཕྱིར་དབང་པོ་དེ་ནི་བརྟེན་པ་དང ་མཚུངས་པ་ཞེས་བྱའོ།། རྣམ་པར་ཤེས་པ་དང་བྲལ་ཞིང་རང་དང་འདྲ་བ་རྒྱུན་ཏུ་འབྱུང་བས་ཞེས་བྱ་བ་ནི་དེ་དག་དང་མཚུངས་པ་སྟེ། རྣམ་པར་ཤེས་པ་དང་མི་ལྡན་པའི་དབང་པོ་བདག་ཉིད་དང་འདྲ་བ་ནི་རྒྱུན་ཏུ་འབྱུང་ཞིང་དབང ་པོའི་མཚན་ཉིད་དང་འདྲ་བའི་ཕྱིར་དེ་དང་མཚུངས་པར་རིག་པར་བྱའོ།། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་མིག་ལ་སོགས་པ་དབང་པོ་ལྔའི་མཚན་ཉིད་དོ།། གཟུགས་ཅན་གྱི་ཁམ་དང་སྐྱེ་མཆེད་ལྔའོ་ཞེས་བྱ་བ་ནི ་མིག་ལ་སོགས་པ་ཉིད།། ཚོར་བ་འབྱུང་བའི་གནས་ཀྱི་གཟུགས་ཀྱིས་ཞེས་བྱ་བ་ནི་གཟུགས་གང་ལ་བརྟེན་ནས་ཚོར་བ་འབྱུང་བ་དེ་ཟིན་པ་ཞེས་བྱའོ།། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་གནས་དང་བཅས་པའི། ་དབང་པོས་བསྡུས་པའོ།། ཁམས་དང་སྐྱེ་མཆེད་གཟུགས་ཅན་ལྔ་ཞེས་བྱ་བ་ནི་མིག་ལ་སོགས་པའོ།། བཞིའི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་གཟུགས་དང་དྲི་དང་རོ་དང་རིག་བྱ་དབང་པོ་ལས་གཞན་དུ་མ་གྱུར་པའོ།། ཡུལ་ལ ་འཛིན་པར་དབང་བྱེད་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་དྲུག་སྟེ། དེའི་དབང་གིས་གཟུགས་ལ་སོགས་པའི་དམིགས་པ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་འབྱུང་བའི་ཕྱིརརོ།། རིགས་ཀྱི་རྒྱུད་ལ་དབང་བྱེད་པ་ཞེས་བྱ་བ་ནི ་ཕོ་དང་མོའི་དབང་པོ་སྟེ། དེ་ལས་བུ་དང་ཚའོ་ལ་སོགས་པའི་རིགས་འབྱུང་བའི་ཕྱིར་རོ།། ལྕུག་མ་ནི་བདག་པོའི་རྐྱེན་ཇི་སྐད་དུ་བསྟན་པ་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ།། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི། མིག་དང ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཕོ་དང་མོའི་དབང་པོའི་མཚན་ཉིད་དོ།། འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་སྲེག་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་འཛིན་དང་ཤེས་རབ་ཀྱི་དབང་པོའི་མཚན ་ཉིད་དོ།། ཁམས་བཅུ་གཉིས་ཞེས་བྱ་བ་ནི་དབང་པོ་དང་རྣམ་པར་ཤེས་པའི་ཁམས་རྣམསོ།། སྐྱེ་མཆེད་དྲུག་ཅེས་བྱ་བ་ནི་ནང་གི་རྣམས།། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག། ཞེས་བྱ་བ་ནི་སྲོག་གི་དབང་པོ་དང་། ་བདེ་བ་ལ་སོགས་པ་དང་དད་པ་ལ་སོགས་པ་ལྔ་ལྔའོ།། སྡུག་བསྔལ་གྱི་ཚོར་བ་ནི་སྡུག་བསྔལ་གྱི་བདག་ཉིད་ཡིན་ཏེ། རང་གི་མཚན་ཉིད་ཁོ་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ།། དེ་ལས་འབྱུང་པོའི་རྒྱུར་གྱུར་པ་དབང་པོ་དང་། ་དོན་རྣམས་དང་དེ་དང་མཚུངས་པར་ལྡན་པ་རྣམས་ནི་སྡུག་བསྔལ་མྱོང་བར་བྱེད་པའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བལྟའོ།། བདེ་བའི་ཚོར་བ་དང་། དེ་མྱོང་བར་བྱེད་པའི་ཆོས་རྣམས་འགྱུར་བས་ཡིད་མི་བདེ་བ་འབྱུང་བའི ་ཕྱིར་དེ་འགྱུར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་དོ།། དེ་ལ་ཡང་རྗེས་སུ་ཆགས་པས་སེམས་འགྱུར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་དུ་རིག་པར་བྱ་སྟེ། ཇི་སྐད་དུ་ཞེན་ནས་གྱུར་པའི་སེམས་ཀྱིས་ཞེས་གསུངས་པ་ལྟ་བུའོ།། སྡུག་བསྔལ ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དང་། དེ་མྱོང་བར་བྱེད་པའི་འདུ་བྱེད་རྣམས་དང་། སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ཉིད་ཀྱི ་གནས་ངན་ལེན་དང་ལྡན་པ་དང་། སྡུག་བསྔལ་དེ་གཉིས་ལས་རྣམ་པར་མ་གྲོལ་བས་རེས་འགའ་ནི་བདེ་བའི་གནས་སྐབས་ལ་བརྟེན། རེས་འགའ་ནི་སྡུག་བསྔལ་གྱི་གནས་སྐབས་ལ་བརྟེན་ཏེ། རྟག་ཏུ་ཁོར་མོ་སྡུག་བསྔལ་ཡང ་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་སུ་འགྱུར་བ་ནི་མ་ཡིནོ།། དེ་ལྟ་བས་ན་མི་རྟག་པས་རྗེས་སུ་བཅིངས་པས་གྲུབ་པ་དང་། བདེ་བ་མ་ཡིན་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་རིག་པར་བྱའོ།། ཕུང་པོ་རྣམས་དང ་ཁམས་གསུམ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་སོ།། སྐྱེ་མཆེད་གཉིས་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དོ།། ཕྱོགས་གཅིག་མ་གཏོགས་པ་ནི་ཟག་པ་མེད་པའི་མཚན་ཉིད་།། ཐམས་ཅད་དོ་ཞེས་བྱ་བ་ནི་དེ ་ལས་གཞན་པ་དག་གོ།། མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པའི་རྣམ་པར་སྨིན་པོ་ཀུན་གཞི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་ནི་ཕྱི་མ་ལ་ཡོད་དེ། དེའི་ཕྱིར་རྣམ་པར་སྨིན་པ་དེས་ན་དེ་གཉིས་རྣམ་པར་སྨིན ་པ་དང་བཅས་པ་ཞེས་བྱའོ།། ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་པ་མིག་ལ་སོགས་པ་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ནི་རྣམ་པར་སྨིན་པ་དེ་ལས་བྱུང་བ་ཞེས་བརྗོད་པ་འཐོབ་སྟེ། དེ་ལས་སྐྱེས་པའི་ཕྱིརརོ།། ཕུང་པོ་རྣམ ་དང་ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བདུན་དང་། གཟུགས་དང་སྒྲ་དང་ཆོས་ཀྱི་ཁམས་རྣམ་སོ།། སྐྱེ་མཆེད་བཞི་ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། ཡིད་དང་། ཆོས་ཀྱི་སྐྱེ་མཆེད་རྣམ་སོ།། ཕྱོགས་གཅིག་གོ་ཞེས་བྱ་བ་ནི། ་ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པ་མ་གཏོགས་པའོ།། འཇུ་བས་ཀྱང་འཇུ་བ་ལས་གྱུར་བ་ཞེས་བྱ་བ་ནི་ཁམས་ཀྱི་ཟས་འཇུ་བའི་དུས་ན་དབང་པོའི་འབྱུང་བ་ཆེན་པོ་རྟག་པར་བྱེད་པའི་ཕྱིརརོ།། ཡུལ་གྱིས་ཀྱང་ཡུལ་ལས ་གྱུར་པ་ཞེས་བྱ་བ་ནི་རེག་པའི་ཟས་ཏེ། ཡིད་དུ་འོང་བའི་ཡུལ་གྱི་གནས་ཀྱིས་རེག་པས་ལུས་ལ་ཕན་འདོགས་པའི་ཕྱིརརོ།། རེ་བས་ཀྱང་རེ་བ་ལས་གྱུར་པ་ཞེས་བྱ་བ་ནི་ཡིད་ཀྱི་ལ་སེམས་པའི་ཟས་ཏེ། འདོད་པའི་དངོས་པོ་དང ་ལ་པའི་རེ་བའི་དབང་གིས་ལུས་ལ་ཕན་འདོགས་པའི་ཕྱིརརོ།། ལེན་པས་ཀྱང་ལེན་པ་ལས་གྱུར་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཟས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་དབང་གིས་ལུས་གནས་པའི་ཕྱིར ་ཏེ། འདི་ལྟར་དེ་དང་བྲལ་ན་ལུས་རུལ་བར་འགྱུར་བའི་ཕྱིརརོ།། ཡང་ཟས་རྣམ་པ་བཞི་པོ་དག་ནི་བསྡུས་ནས་རྣམ་པ་བཞིས་རྣམ་པར་བཞག་གོ།། འདི་ལྟ་སྟེ། མ་དག་པའི་ལུས་གནས་པར་བྱེད་པ་ནི་འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ ་རྣམས་ཀྱི་སྟེ། མཐའ་དག་ནི་འཆིང་བ་དང་ལྡན་པའི་ཕྱིར་མ་དག་པའི་གནསོ།། དག་པ་དང་མ་དག་པའི་ལུས་གནས་པར་བྱེད་པ་ནི་སློབ་པ་རྣམས་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་སྟེ། འཆིང ་བའི་ལྷག་མ་ལས་འདས་པའི་ཕྱིརརོ།། དག་པའི་ལུས་གནས་པར་བྱེད་པ་ནི་དགྲ་བཅོམ་པ་རྣམས་ཀྱི་སྟེ། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ།། གནས་པར་ཀུན་ཏུ་སྟོན་པ་ནི་སངས་རྒྱས་རྣམས་དང ་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་རྣམས་ཀྱི་སྟེ། ཟས་ཀྱི་དབང་གི་གནས་པར་ཀུན་ཏུ་སྟོན་པ་ཙམ་གྱི་ཕྱིརརོ།། འདུས་མ་བྱས་ཀྱི་ཕྱོགས་གཅིག་གིས་ཀྱང་གོང་མོ་དང་བཅས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་མ་གཏོགས ་པོ་སྟེ། དེའི་མཚན་ཉིད་ནི་རྣམ་པར་དག་པའི་དེ་བཞིན་ཉིད་ཡིན་པས་དེ་ནི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ།། བསྡུས་པའི་རབ་ཏུ་དབྱེ་བ་ནི་རྣམ་པ་གསུམ་སྟེ། གང་ཟག་ལ་བདག་མེད་པའི་ཚུལ་གྱིས་ངོ་བོ་ཉིད་གསུམ་གྱི ་དབང་དུ་བྱས་པར་རིག་པར་བྱའོ།། དེ་ལ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ནི་ཕུང་པོ་ལ་སོགས་པ་ལ་བརྟེན་ནས་མེད་པར་ཡང་བདག་ལ་སོགས་པའི་ངོ་བོ་ཉིད་གང་རྟོག་པའོ།། གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཕུང་པོ་ལ་སོགས་པ་དེ་དག་ནི ་གང་དུ་སོང་དག་པ་མ་ཡིན་པ་བདག་ལ་སོགས་པའི་རྣམ་པར་རྟོག་པ་དེ་འབྱུང་བའོ།། ཡོང་སུ་གྲུབ་པའི་ངོ་བོ་ཉིད་ནི་དངོས་པོ་དང་དངོས་པོ་མེད་པ་དང་། མི་ལྡན་པའི་མཚན་ཉིད་དེ། ཕུང་པོ་ལ་སོགས་པ་ལ་བདག་ལ་སོགས་པ་མེད ་པ་དང་། བདག་མེད་པ་ལ་སོགས་པ་ཡོད་པ་ཉིད་ཀྱི་མཚན་ཉིད་ཀྱི་ཕྱིར།། མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་ནི་ཆོས་རྣམས་ཀྱི་རང་བཞིན་གྱི་དབང་དུ་བྱས་ཏེ། གཟུགས་དང་ཚོར་བ་ལ་སོགས་པའོ།། རྣམ་པའི་རབ་ཏུ་དབྱེ་བ་ནི་ཁྱད་པར ་གྱི་དབང་དུ་བྱས་ནས་རྫས་སུ་ཡོད་པ་དང་། བརྟགས་པའི་ཡོད་པ་ཞེས་བྱ་བ་ལ་སོགས་པའོ།། ལུས་ཀྱི་རབ་ཏུ་དབྱེ་བ་ནི་སོ་སོའི་ལུས་ཏེ་ཕུང་པོ་ལ་སོགས་པ་ཐ་དད་པའི་དབང་དུ་བྱས་པའོ།། རྒྱུན་གྱིས་རབ་ཏུ་དབྱེ་བ་ནི་ལུས་གཅིག ་ལ་ཡང་ཕུང་པོ་ལ་སོགས་པའི་སྐད་ཅིག་སོ་སོ་གཞན་གྱི་དབང་དུ་བྱས་པའོ།། ཕྱི་རོལ་ཏུ་བལྟས་པས་རབ་ཏུ་དབྱེ་བ་གང་ཞེ་ན། ཕལ་ཆེར་འདོད་པའི་ཁམས་ན་སྤྱོད་པ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཐོས་པ་དང་། ་སེམས་པ་ལས་བྱུང་བ་མ་གཏོགས་པར་བཏོན་པའི་ཕྱིར་རོ།། །། བམ་པོ་བཞི་པ།། མཚན་ཉིད་ཀྱིས་བསྡུས་པ་ནི་གཟུན་ཀྱི་ཕུང་པོ་ཉིད་ཀྱི་གཟུན་ཀྱི་ཕུང་པོ་བསྡུས་པ་ན། རྒྱ་ཆེར་ཆོས་ཀྱི་སྐྱེ་མཆེད་ཀྱི་ཆོས་ཀྱི་སྐྱེ་མཆེད་བསྡུས་པའི ་བར་དུའོ།། ཁམས་ཀྱིས་བསྡུས་པ་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པས་བསྡུས་པ་སྟེ། དེ་ལ་དེ་དག་ཐམས་ཅད་ཀྱི་ས་བོན་ཡོད་པའི་ཕྱིརརོ།། རིགས་ཀྱིས་བསྡུས་པ་ནི་ཕུང་པོ་རྣམ ་ཀྱིས་སྤུངས་པ་ལ་སོགས་པའི་དོན་དང་ལྡན་པ་གཟུགས་ལ་སོགས་པའོ།། རང་གི་མཚན་ཉིད་ཀྱིས་ཕན་ཚུན་མཚན་ཉིད་མི་འདྲུ་ཡང་རིགས་གཅིག་པའི་ཕྱིར་ཐམས་ཅད་བསྡུསོ།། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆོད་རྣམས ་ཀྱིས་ཀྱང་ཉེ་བར་སྤྱོད་པ་འཛིན་པའི་དོན་དང་ལྡན་པ་དང་། སྐྱེ་བའི་སྒོའི་དོན་དང་ལྡན་པ་མིག་ལ་སོགས་པ་བསྡུས་པར་རིག་པར་བྱའོ།། གནས་སྐབས་ཀྱིས་བསྔོས་པ་ནི་ཕུང་པོ་རྣམས་རིགས་གཅིག་ཏུ་ཟིན་ཀྱང་བདེ་བ་ལ་སོགས་པའི ་གནས་སྐབས་ངེས་པར་བྱས་ནས་བདེ་བའི་གནས་སྐབས་ནི་བདེ་བའི་གནས་སྐབས་ཀྱིས་བསྡུས་ཀྱི། སྡུག་བསྔལ་གྱི་གནས་སྐབས་ཀྱིས་ནི་མ་ཡིནོ།། དེ་བཞིན་དུ་སྡུག་བསྔལ་གྱི་གནས་སྐབས་ཀྱང་དེ་ཉིད་ཀྱི་གནས ་སྐབས་ཀྱིས་བསྡུསོ།། ཕུང་པོ་རྣམས་ཇི་ལྟར་བར་ཁམས་རྣམས་དང་། སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ནོ།། གྲོགས་ཀྱིས་བསྡུས་པ་ཞེས་བྱ་བ་ལ། གཟུགས་ཀྱི་ཕུང་པོ་ནི་བསྡུས་པ་ན་དེ་ལ་བརྟན་པ་ཚོར་བ་ལ་སོགས་པ་གྲོགས་རྣམས་དང ་ལྷན་ཅིག་ཏུ་ཕུང་པོ་ལྔ་པོ་དག་གིས་བསྡུ་སོ།། དེ་བཞིན་དུ་ཚོར་བ་ལ་སོགས་པ་འཁོར་དང་བཅས་པ་རྣམས་ཀྱང་བསྡུས་པ་ན་སོ་སོར་ཕུང་པོ་ལྔ་པོ་དག་གིས་བསྡུས་པར་འགྱུརརོ།། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་འཁོར་དང་བཅས ་པ་རྣམས་ཀྱང་སོ་སོར་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱིས་བསྡུས་པར་རིག་པར་བྱའོ།། ཕྱོགས་གཅིག་གིས་བསྡུས་པ་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས་སོ།། ཏིངེ་འཛིན་དང་ཤེས ་རབ་ཀྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས་སོ།། འདོད་པ་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་ཁམས་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གིས་བསྡུསོ།། ནམ་མཁའ་མཐའ་སྐྱེ་མཆེད་ལ་སོགས་པ་ནི་ཡིད ་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་བསྡུ་སོ།། དེ་ལྟར་བྱས་ན་མདོ་སྡེ་གཞན་དག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་དེ་དག་གང་ཡང་རུང་བས་བསྡུས་པ་ནི་ཕྱོགས་གཅིག་གིས་བསྡུས་པར་རིག་པར ་བྱའོ།། མཐའ་དག་གིས་བསྡུས་པ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གིས་བསྡུ་སོ།། འདོད་པའི་ཁམས་ནི་ཁམས་བཅོ་བརྒྱད་པོ་དག་གིས་བསྡུསོ།། འདུ་ཤེས་མེད་པའི་སེམས་ཅན ་གྱི་སྐྱེ་མཆེད་ནི་དྲི་དང་རོའི་སྐྱེ་མཆེད་མ་གཏོགས་པ་སྐྱེ་མཆེད་བཅུ་པོ་དག་གིས་བསྡུས་སོ།། དེ་ལྟར་བྱས་ན་མདོ་སྡེ་གཞན་དག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་དེ་དག་ནི་མཐའ་དག ་གིས་བསྡུས་པར་རིག་པར་བྱའོ།། གཅིག་གིས་གཅིག་བསྡུས་པ་ཞེས་བྱ་བ་ལ། ཕུང་པོ་རྣམས་ནི་སོ་སོར་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ།། དེ་བཞིན་དུ་ཁམས་རྣམས་ཀྱང་ཕུང་པོ ་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་ཤིང་། སྐྱེ་མཆེད་རྣམས་ཀྱང་ཕུང་པོ་དང་ཁམས་རྣམས་ཀྱིས་བསྡུས་པར་རྒྱ་ཆེར་ཁོང་དུ་ཆུད་པར་བྱའོ།། ཡང་བསྡུས་པའི་མཚན་ཉིད་ནི་འཇིག་རྟེན་གྱི་གྲོགས་པས་བསྡུས་པ་དང་མཐུན་པར་རྣམ་པ ་དྲུག་ཏུ་བལྟ་སྟེ། དེ་ཡང་གང་ཞེ་ན། གཞིའི་གནས་ཀྱིས་བསྡུས་པ་ནི་དཔེར་ན་མི་རྣམ་འཛམྦུའི་གླིང་གིས་བསྡུསོ།། རི་དྭགས་རྣམས་ནི་དགོན་པས་བསྡུ་སོ་ཞེས་འཇིག་རྟེན་ན་བརྗོད་པ་དེ་བཞིན་དུ་འདིར་ཡང་མིག་ལ་སོགས་པས་མིག་གི ་རྣམ་པར་ཤེས་པ་ལ་སོགས་པ་བསྡུས་པར་རིག་པར་བྱའོ།། འཆིང་བས་བསྡུས་པ་ནི་དཔེར་ན་ཐག་པ་ལ་སོགས་པས་ཤིང་ཁུར་ལ་སོགས་པ་བཅིངས་པ་དེ་བཞིན་དུ་ལུས་ཀྱིས་མིག་ལ་སོགས་པའི་དབང་པོ་རྣམས་བཅིང་སོ།། དོན ་མཐུན་པས་བསྡུས་པ་ནི་དཔེར་ན་དགོས་པ་ཐམས་ཅད་མཐུན་པའི་མི་ཡིད་བཙུགས་པ་རྣམས་ཕན་ཚུན་བརྟེན་པ་དེ་བཞིན་དུ་དམིགས་པ་གཅིག་ལ་འབྱུང་བ་མཚུངས་པར་ལྡན་པ་རྣམས་ཀྱང་གཅིག་གིས ་གཅིག་བསྡུ་སོ།། ཉེ་བར་འཛིན་པས་བསྡུས་པ་ནི། དཔེར་ན་ཇོ་བོས་བྲན་ལ་སོགས་པ་བདག་གིས་ཡོངས་སུ་གཟུང་བ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པས་ཀྱང་ལུས་བཟུང་ངོ་།། རྣམ་པར་མི་འཕྲོ་བས་བསྡུས་པ་ནི་དཔེར་ན་བུམ་པས ་ཆུ་བཟུང་བ་དེ་བཞིན་དུ་ཏིང་འཛིན་གྱིས་དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་གཟུང་ངོ་།། མངོན་པར་བསྡུད་པས་བསྡུས་པ་ནི། དཔེར་ན་རྒྱ་མཚོས་འབབ་ཆུ་རྣམས་བསྡུས་པ་དེ་བཞིན་དུ་གཟུགས་ཀྱི་ཕུང་པོས ་མིག་ལ་སོགས་པས་བསྡུསོ།། འདིར་མངོན་པར་བསྡུད་པས་བསྡུས་པའི་དབང་དུ་བྱས་ནས་བསྡུས་པ་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱའོ།། རྡུལ་ཕྲ་རབ་ཀྱི་ཕྱོགས་ལ་ཕྱོགས་ཅན་ཐམས་ཅད་ཅེས་བྱ་བ་ནི་རྡུལ་ཕྲ་རབ་གཅིག་ཏུ་གཏོགས ་པའི་གཟུགས་ལ་སོགས་པ་ནི་ཕྱོགས་མཐུན་པས་ཐ་དད་པ་མེད་པར་རིག་པར་བྱའོ།། རྡུལ་ཕྲ་རབ་ལས་གོང་མ་ཕྱོགས་ཅན་རྣམས་འདྲེས་པར་གྱུར་པ་ནི་འདི་ལྟ་སྟེ། ཆུ་རྙོག་མ་ཅན་གྱི་ནང་ན་ཆུ་དང་སའི་རྡུལ་ཕྲ་རབ་རྣམས་ཕན་ཚུན་དུ ་འདྲེས་པ་ལྟ་བུའོ།། ཕྱོགས་ཅན་འདུས་པ་རྣམས་ཕན་ཚུན་དུ་ཕྲད་པ་ནི་འདི་ལྟ་བུ་སྟེ། རྩིག་པ་ལ་འཇིམ་གོང་དང་འཇིམ་གོང་གཞན་ཕྲད་པ་ལྟ་བུའོ།། ལྷན་ཅིག་འབྱུང་བར་མཚུངས་པར་ལྡན་པ་ནི་ལུས་གཅིག་ལ་ཕུང་པོ་ལ་སོགས ་པ་སྐད་ཅིག་པ་རྣམསོ།། བྱ་བ་བསྒྲུབ་པས་མཚུངས་པར་ལྡན་པ་ནི་དགོས་པ་གཅིག་ལ་ཞུགས་པ་རྣམས་ཕན་ཚུན་དུའོ།། མཐུན་པར་རྟོག་པས་མཚུངས་པར་ལྡན་པ་ནི་གཞན་གྱི་དངོས་པོ་དང་ཡིན་གྱི་རང་གི་དངོས་པོ་དང་ནི་མ ་ཡིན་པ་སྟེ། འདི་ལྟར་སེམས་ནི་སེམས་གཞན་དང་མཚུངས་པར་ལྡན་པ་མ་ཡིན་ཞིང་ཚོར་བ་གཞན་དང་ལྡན་པ་མ་ཡིན་པ་ལ་སོགས་པའོ།། མི་མཐུན་པ་གཉིས་མ་ཡིན་པ་ནི་དཔེར་ན་འདོད་ཆགས་དང་ཞེ་སྡང་གཉིས་དང་། དགེ ་བ་དང་མི་དགེ་བ་གཉིས་ལ་སོགས་པའོ།། དུས་མི་འདྲ་བ་གཉིས་མ་ཡིན་པ་ནི་འདི་ལྟ་སྟེ། ད་ལྟར་དང་མ་འོངས་པ་གཉིས་དང་། འདས་པ་དང་ད་ལྟར་གཉིས།། མི་མཐུན་པའི་ཁམས་དངས་པ་གཉིས་མ་ཡིན་པ་ནི་འདི་ལྟ་སྟེ། འདོད ་པ་དང་གཟུགས་ན་སྤྱོད་པ་གཉིས་དང་། བསམ་གཏན་དང་པོ་དང་། གཉིས་པའི་ས་པ་གཉིས་ལ་སོགས་པའོ།། མཐུན་པར་གཏོགས་པས་མཚུངས་པར་ལྡན་པ་ཚེར་བ་ལ་སོགས་པ་དྲུག་པོ་འདི་དག་ནི་ཀུན་ཏུ་འགྲོ་བ་སྟེ། གནས ་སྐབས་ཐམས་ཅད་དུ་འདི་དག་ལས་གང་ཡང་རུང་བ་གཅིག་མེད་ན་མེད་པའི་ཕྱིརརོ།། འདྲིས་པ་ནི་སློབ་པ་དང་མི་སློབ་པ་དེ་དག་ལས་ཀྱང་ཁ་ཅིག་གོ་ཞེས་བྱ་བ་ནི་གཅིག་ཏུ་འཇིག་རྟེན་པའི་དགེ་བ་རྣམས་དང་། མི་དགེ་བ་དང་། ་ལུང་དུ་མ་བསྟན་པ་རྣམས་ཀྱིས་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ།། དང་པོ་དེ་དང་དེའི་འོག་མ་རྣམས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་སྐད་ཅིག་དང་པོ་ལས་བྱུང་བ་རྣམས་དང་། སྐད་ཅིག་གཉིས་པ་ལ་སོགས་པ་ལས་བྱུང་བ ་རྣམས་ཀྱང་སྔོན་གྱི་རང་བཞིན་མ་ཡིན་པས་མ་འདྲིས་པ་ཉིད་དུ་བསྟན་པའི་ཕྱིར་རོ།། ལྡན་པ་གང་ཞེ་ན། མཚན་ཉིད་ཀྱིས་ནི་སྔ་མ་བཞི་ནོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་བ་ལ་སོགས་པའི་ཆོས་རྣམས་ཀྱི་འཕེལ་བ་དང ་འགྲིབ་པ་ལ་འཐོབ་པ་དང་རྙེད་པ་དང་ལྡན་པ་དག་དག་སོ་ཞེས་བྱ་བའོ།། ས་བོན་དང་ལྡན་པ་གང་ཞེ་ན། འདོད་པའི་ཁམསུ་སྐྱེས་པར་གྱུར་པ་ནི་ཁམས་གསུམ་པའི་ཉོན་མོངས་དང་། ཉེ་བའི་ཉོན་མོངས་པ་དང་ལྡན་ཏེ། དེ་ནི་སོ་སོའི་སྐྱེ་བོ ་འདོད་ཆགས་དང་མ་བྲལ་བའི་དབང་དུ་བྱས་པར་རིག་པར་བྱའོ།། འདོད་ཆགས་དང་བྲལ་བ་ནི་དེ་འམ་གོང་མར་སྐྱེས་ཀྱང་རུང་སྟེ། ས་གང་གིས་འདོད་ཆགས་དང་བྲལ་བར་ས་དེ་བ་རྣམས་དང་། དེ་དག་དང་མི་ལྡན་པ་དང་ལྡན་པ་ཡང་ཡིན ་ཏེ། གཉེན་པོས་གནོད་པར་བྱས་པ་དང་། བག་ལ་ཉལ་ལེགས་པར་མ་བཅོམ་པའི་ཕྱིར་གོ་རིམ་བཞིན་ནོ།། སྐྱེ་བས་ཐོབ་པའི་དགེ་བ་རྣམས་ཞེས་བྱ་བ་ནི་གོང་དུ་སྐྱེས་པའི་ས་པ་དེའི་ས་པ་རྣམས་ཉིད་དང་ལྡ་ནོ།། ཁམས་གསུམ་པའི ་གཉེན་པོ་ཐོབ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པའོ།། རྣམ་པ་གང་དང་གང་གི་གཉེན་པོ་བྱུང་བ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆེན་པོ་ལ་སོགས་པའོ།། དེ་དང་དེའི་ས་བོན་དང་མི་ལྡན་པས ་ལྡན་པ་མ་ཡིན་ཞེས་བྱ་བ་ནི་བག་ལ་ཉལ་ལེགས་པར་བཅོམ་པའི་ཕྱིརརོ།། དབང་དང་ལྡན་པ་གང་ཞེ་ན། སྦྱོར་བ་ལས་བྱུང་བ་དགེ་བའི་ཆོས་འཇིག་རྟེན་པ་རྣམས་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ས་བོན་ཡོད་དུ་ཟིན་ཀྱང་དེ ་གོམས་པར་མ་བྱས་པས་ཚེ་དེའི་ས་བོན་རྟས་པ་མེད་པས་སྔོན་དུ་བྱེད་མི་ནུས་པའི་ཕྱིརརོ།། དེ་དག་ལས་ཀྱང་ལུང་དུ་མ་བསྟན་པ་ཁ་ཅིག་ཅེས་བྱ་བ་ནི་བཟོའི་གནས་དང་སྤྲུལ་པའི་སེམས་ལ་སོགས་པའོ།། ཐར་པའི་རྒྱུ་དང་མི་ལྡན་པའི་ཕྱིར ་དེ་དག་གཏན་དུ་རྒྱུ་དང་མི་ལྡན་ཏེ། འཇིག་རྟེན་ལས་འདས་པ་རྣམས་དང་། ཐར་པ་ཐོབ་པའི་རྒྱུ་དང་མི་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ།། ཐར་པ་ཐོབ་པའི་རྒྱུ་གང་ཡིན་ཞེ་ན། དེ་བཞིན་ཉིད་ལ་ཉོན་མོངས་པའི་གནས་ངན་ལེན་གནས་པ ་ཡིན་ཏེ། རྒྱུད་གང་གཉེན་པོའི་རྗེ་སུ་མཐུན་པའི་རྐྱེན་རྙེད་ན་ལེགས་པར་འཇོམས་ནུས་པ་དེ་སྐལ་བ་དང་ལྡན་པའི་ཕྱིར་རྒྱུ་ཞེས་བྱའོ།། བཟློག་པ་ནི་རྒྱུ་དང་མི་ལྡན་པར་རིག་པར་བྱའོ།། །། དེ་ནི་སེམས་ཅན་གྱི་སྐྱེ་བ་དང་སྐྱེ་བའི ་གནས་ཀྱིས་ཀྱང་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་གང་སྐྱེ་བ་དང་། སྣོད་ཀྱི་འཇིག་རྟེན་གང་དུ་སྐྱེ་བ་དེ་གཉིས་ག་སྡུག་བསྔལ་གྱི་བདེན་པ་ཞེས་བསྟན་པ་ཡིནོ།། སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང་། སྣོད་ཀྱི་འཇིག་རྟེན་གང ་ཡིན་པ་དེ་ལས་དང་ཉོན་མོངས་པས་བསྐྱེད་པ་དང་། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་ཞེས་བྱ་བ་ནི་གོ་རིམ་བཞིན་ཏེ། དེ་གཉིས་ཀྱིས་ནི་སྡུག་བསྔལ་ཉིད་ཀྱི་རྒྱུ་སྟོན་ཏོ།། ཡང་སྐྱེ་བ་ནི་སྡུག་བསྔལོ།། ཞེས་བྱ་བ་ལ་སོགས་པ་ནི ་སྔར་མདོར་བསྡུས་ཏེ་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་བསྟན་ནས། ད་ནི་སྡུག་བསྔལ་གྱི་བདེན་པ་ལས་བརྩམས་ཏེ། མདོ་སྡེ་ལས་བྱུང་བ་བསྟན་པའི་དོན་རྣམ་པར་དབྱེ་བར་བརྩམས་ཏེ། སྐྱེ་བའི་སྡུག་བསྔལ་ནི་དོག་པའི་སྡུག ་བསྔལ་ཉིད་དང་། དེ་ལས་གཞན་པའི་སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིརརོ་ཞེས་བྱ་བ་ནི་མའི་མངལ་ན་ཞུ་བ་དང་མ་ཞུ་བ་གཉིས་ཀྱི་བར་ན་འདུག་པ་ལས་འབྱུང་བ་དང་། མངལ་ན་མི་གཙང་བའི་རྫས་སྣ་ཚོགས ་ཀྱིས་གཟིར་ཏེ། ལུས་ཀྱི་ཡན་ལག་ཀུན་ཏུ་བཙིར་བ་ལ་སོགས་པའི་སྡུག་བསྔལ་མྱོང་བའི་ཕྱིརརོ།། བཙས་ནས་ཀྱང་རྒ་བ་ལ་སོགས་པའི་སྡུག་བསྔལ་ཞར་ལ་འབྱུང་བའི་ཕྱིར་ཏེ་གོ་རིམ་བཞི་ནོ།། བརྒྱད་ཡིན་ཡང་དྲུག་ཏུ་འགྱུར་ཞེས་བྱ་བ ་ནི་གསུ་འགྱུར་བའི་སྡུག་བསྔལ་དུ་བྱས་པའི་ཕྱིར་རོ།། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་སྡུག་བསྔལ་ཉིད་ཡོངསུ་བསྟན་ཏོ་ཞེས་བྱ་བ་ནི་སྡུག་བསྔལ་མྱོང་བར་འགྱུར་བའི་ཆོས་ཀྱི་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ།། སྡུག་པ ་དང་བྲལ་བའི་དངོས་པོ་ལ་སོགས་པས་འགྱུར་བའི་སྡུག་བསྔལ་ཉིད་ཡོངསུ་བསྟན་ཏོ།། ཞེས་བྱ་བའི་ཚིག་ནི་ཕྲད་པ་དང་མ་ཕྲད་པས་བདེ་བ་མྱོང་བར་འགྱུར་བའི་ཆོས་འགྱུར་བའི་རང་གི་མཚན་ཉིད་ཡིན་པའི་ཕྱིརརོ།། ཉེ་བར་ལེན ་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་བྱ་བ་འདིས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡོངསུ་བསྟན་ཏོ།། ཞེས་བྱ་བའི་ཚིག་འདི་གཉིས་ལས་རྣམ་པར་མ་གྲོལ་ཞིང་མི་རྟག་པ་ཉིད་རྗེ་སུ་འབྲེལ་ཏེ་གྲུབ་པ་དང་བདེ་བ་མ་ཡིན་པའི་ཕྱིར་རོ།། ། ་སྐྱེ་བ་ནི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བ་སྟེ། འཇིག་རྟེན་པཱི་ཤྲཱི་བཱི་ཡུལ་ཡིན་པའི་ཕྱིར་རོ།། ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལོ་ཞེས་བྱ་བ་ནི་གནས་པའི་དེ་བཞིན་ཉིད་ཀྱི་སྒོ་ཞེས་དོན ་དམ་པའི་བདེན་པར་སྡུག་བསྔལ་བ་སྟེ། འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིརརོ།། སྡུག་བསྔལ་གྱི་སྤྱིའི་མཚན་ཉིད་ནི་རྣལ་འབྱོར་པས་རྣམ་པ་གང་དག་གིས་སྡུག་བསྔལ་གྱི་བདེན་པར་དཔྱད་པ་སྟེ། འདི་ལྟ་སྟེ་མི ་རྟག་པ་དང་ཉིད་དང་། སྡུག་བསྔལ་བ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པ་ཉིད་ཀྱིས་སོ།། དེ་ལ་མཚན་ཉིད་རྣམ་པོ་བཅུ་གཉིས་ཀྱིས་མི་རྟག་པ་སྡུག་བསྔལ་གྱི་བདེན་པར་རིག་པར་བྱ་སྟེ། དེ་ཡང་མེད་པའི་མཚན་ཉིད་ནི་འདི ་ལྟ་སྟེ། བདག་དང་བདག་གྲི་བའི་ངོ་བོ་ཉིད་ཀྱི་སྡུག་བསྔལ་བའི་བདེན་པ་རྟག་ཏུ་མེད་པའི་དོན་གང་ཡིན་པའི་དོན་དེ་ནི་མི་རྟག་པ་སྡུག་བསྔལ་གྱི་བདེན་པའོ།། མི་ཞེས་བྱ་བ་ནི་དགག་པའི་དོན་ཡིན་པའི་ཕྱིརརོ།། རྟག་ཅེས་བྱ་བའི་སྒྲ་ནི ་དུས་ཐམས་ཅད་པའི་དོན་ཡིན་པའི་ཕྱིརརོ།། རྣམ་པར་འཇིག་པའི་མཚན་ཉིད་ནི་འདུ་བྱེད་རྣམས་བྱུང་ནས་མེད་པར་འགྱུར་བའོ།། འགྱུར་པའི་མཚན་ཉིད་ནི་རྒྱུ་མི་འདྲ་བ་ཉིད་དུ་འབྱུང་བའོ།། འབྲལ་བའི་མཚོན་ཉིད་ནི་དངོས་པོའི་གནས ་སྐབས་དེ་དག་ཉིད་ལ་རང་བཞིན་གྱི་དབང་ཉམས་པ་དང་། ཁ་ཅིག་ཏུ་ནི་གཞན་དག་གིས་བདག་གིར་བྱས་པར་རིག་པར་བྱའོ།། ཉེ་བའི་མཚན་ཉིད་ཀྱི་ཚེ་ན་མི་རྟག་པ་ཉིད་མྱོང་བ་གང་ཡིན་པའོ།། ཆོས་ཉིད་ཀྱི་མཚན་ཉིད་ནི་གང་གདོན་མི ་ཟ་བར་མྱོང་བར་འགྱུར་བའོ།། སྐད་ཅིག་གི་མཚན་ཉིད་ནི་བདག་ཉིད་རྙེད་ནས་དེ་མ་ཐག་ཏུ་གདོན་མི་ཟ་བར་རྣམ་པར་འཇིག་པ་ཉིད་དོ།། རྒྱུན་གྱི་མཚན་ཉིད་ནི་ཐོག་མ་མེད་པ་ཅན་གྱི་འཁོར་བ་ནས་འོང་བ་དང་། འགྲོ་བར་འགྱུར་བས ་འབྱུང་བའོ།། ན་བ་དང་རྒ་བ་དང་འཆི་བའི་མཚན་ཉིད་ནི་ཁམས་མ་སྙོམས་པ་དང་། སྤྱི་རྒྱུར་དུ་གྱུར་པ་དང་། གནས་པའི་དུས་ཀྱི་འཕེན་པ་ཟང་བའོ།། སེམས་སྣ་ཚོགས་ཀྱི་རྣམ་པར་འགྱུར་བའི་མཚན་ཉིད་རྣ ་མཐུན་པའི་ཕྱོགས་དང་གཉེན་པོའི་གནས་ལ་གནས་པའོ།། ལོངས་སྤྱོད་འབྱོར་པ་ཆུང་བའི་མཚན་ཉིད་ནི་འཇིག་རྟེན་པའི་འབྱོར་པ་ཐམས་ཅད་གཏན་དུ་འདུག་པ་མ་ཡིན་པས་མཐར་ཉེས་པ་ཉིད་དོ།། སྣོད་འཇིག་པ་དང་ཆགས ་པའི་མཚན་ཉིད་ནི་ས་ཆེན་པོ་ལ་སོགས་པ་མེ་ལ་སོགས་པས་ཡང་དོང་ཡང་འཇིག་པ་དང་འབྱུང་བ་སྟེ། མེ་དང་ཆུ་དང་རླུང་འ་ཚོག་པར་བྱེད་པ་དང་རུལ་བར་བྱེད་པ་དང་། སྐམ་པར་བྱེད་པས་བདག་ཉིད་ཀྱི་འཇིག་པ་རྣམས་དང་གོ ་རིམ་བཞིན་དུ་བསམ་གཏན་དང་པོ་དང་། གཉིས་པ་དང་གསུམ་པའི་གནས་ཀྱི་མཐར་ཐུག་པར་འཇིག་རྟེན་གནས་པ་འཇིག་གོ། དེའི་གོང་མ་ལྷག་མ་ལུས་པ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པའི་གནས ་གཞན་གང་ཡིན་པ་དེ་དག་ནི་དེ་དག་གིས་བསྡུས་པར་རིག་པར་བྱའོ།། བསམ་གཏན་བཞི་པ་རྣམས་ཀྱི་གཞལ་མེད་ཁང་རྣམས་གང་གིས་འཇིག་ཅིང་འཆགས་ཤེ་ན། ཕྱི་རོལ་གང་གིས་ཀྱང་མ་ཡིན་གྱི་གཞལ་མེད་ཁང་དེ་དག ་ནི་སེམས་ཅན་དེ་དག་ཉིད་སྐྱེ་བ་དང་ལྷག་ཏུ་འགྲུབ་ཅིང་འཆི་བ་དང་ལྷན་ཅིག་ཏུ་འགག་སྟེ། དེ་ཉིད་དེ་དག་གི་འཇིགས་པ་དང་འཆགས་པར་རིག་པར་བྱའོ།། དེ་དག་གིས་བསྐལ་པ་ཚར་ཕྱིན་པར་འགྱུརརོ་ཞེས་བྱ་བ་ནི་ཡོངསུ་རྫོགས་པར་འགྱུར ་ཞེས་བྱ་བའི་ཐ་ཚིག་གོ།། ཆགས་པའི་དུས་ན་མར་འབྲི་བ་བར་གྱི་བསྐལ་པ་གཅིག་དང་། སར་འཕེལ་བ་དང་མར་འབྲི་བ་བཅོ་བརྒྱད་དེ་བཅུ་དགུའོ།། དེའི་འོག་ཏུ་ཐ་མར་སར་སྐྱེ་བ་གཅིག།། ཚེ་ཟད་ཅེས་བྱ་བ་ནི་འཆིབ་སྟེ། ཚེའི ་འཕེན་པ་ཇི་ཙམ་ཡོངསུ་རྫོགས་པའི་ཕྱིར་དུས་སུ་འཆི་བའི་དབང་དུ་བྱས་པའོ།། བསོད་ནམས་ཟད་ཅེས་བྱ་བ་ནི་དུས་མ་ཡིན་པར་འཆི་བའི་དབང་དུ་བྱས་པ་སྟེ། སྙོམས་པོར་འཇུག་པའི་རོ་མྱང་པོར་བྱེད་པས་དེའི་ཚེ་འཕེན ་པར་བྱེད་པའི་ལས་བསྒོས་པ་ལ་གནོད་པའི་ཕྱིར་རོ།། ལས་ཀྱང་ཟད་ནས་ཞེས་བྱ་བ་ནི་རྒྱུན་ཆད་ནས་འཆི་བའི་དབང་དུ་བྱས་པ་སྟེ། གནས་དེར་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི ་ལས་སྤྱད་ཟིན་པའི་ཕྱིར་རམ། མེད་པའི་ཕྱིར་དེར་ཡང་མི་སྐྱེ་བར་རིག་པར་བྱའོ།། སྡུག་བསྔལ་རྣམ་པ་བརྒྱད་ཅེས་བྱ་བ་ནི་དོག་པའི་སྡུག་བསྔལ་ཉིད་ལ་སོགས་པའོ།། སྐྱེ་བའི་ཆར་གཏོགས་པའི་མི་རྟག་པོ་ཉིད་ནི་མ་བྱུང་བས ་ལས་འབྱུང་བ་སྟེ། དེ་ནི་སྡུག་བསྔལ་གྱི་ཕྱོགས་ཀྱི་འདུ་བྱེད་རྣམས་ལ་གནོད་པའི་བདག་ཉིད་དོ།། མི་རྟག་པ་ཉིད་དེ་ལ་བརྟེན་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས།། འཇིག་པའི་ཆར་གཏོག་སྲ་ནི་བྱུང་ནས་མེད་པར ་འགྱུར་བ་སྟེ། དེ་ནི་བདེ་བའི་ཕྱོགས་ཀྱི་འདུ་བྱེད་རྣམས་ཀྱི་མི་འདོད་པའོ།། དེ་ལ་བརྟེན་ནས་འགྱུར་བའི་སྡུག་བསྔལ་ཉིད་རབ་ཏུ་ཤེསོ།། གནས་ངན་ལེན་དང་བཅས་པའི་འདུ་བྱེད་རྣམས་ཀྱི་རྒྱུན་ཏུ་འབྱུང་བ་དང་། འཇིག་པ་ཡང་འདོད་པ ་མ་ཡིན་པ་སྟེ། དེ་གཉི་གའི་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བླུརྟེན་ནས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རབ་ཏུ་ཤེསོ།། ངས་འདུ་བྱེད་མཱི་རྟག་པ་ཉིད་དང་། འདུ་བྱེད་འགྱུར་བ་ཉིད་ལ་དགོངས་ནས་གང་ཅི ་ཡང་རུང་འདི་ནི་འདིར་སྡུག་བསྔལ་དུ་གསུང་སོ་ཞེས་བྱ་བ་ནི་འདི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། བདེ་བ་མྱོང་བ་ནི་སྡུག་བསྔལ་ཉིད་ཀྱི་ཚིག་ཏུ་དགོང་རྫོག་པར་བྱའོ།། སྡུག་བསྔལ་མྱོང་བ་ནི་སྡུག་བསྔལ་ཉིད་དུ ་འཇིག་རྟེན་ན་གླགས་པའི་ཕྱིར་དེར་ཡང་དགོངས་པོ་བརྗོད་མི་དགོས་སོ།། འདུ་བྱེད་མི་རྟག་པ་གང་དག་ལ་སྐྱེ་བ་ལ་སོགས་པར་སྣང་བ་དེ་དག་ནི་མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་དུ་དགོངས་པར་རིག་པར་བྱའོ།། གཞན་དུ་ན་ནི ་ལམ་ཡང་མི་རྟག་པའི་ཕྱིར་སྡུག་བསྔལ་དུ་འགྱུརརོ།། །། སྟོང་པའི་མཚན་ཉིད་ནི་རྟོག་པ་ལ་སོགས་པའི་མཚན་ཉིད་ཀྱི་བདག་འདུ་བྱེད་རྣམས་ལོས་དོན་གཞན་དུ་གྱུར་པ་སྟེ། དེ་དག་ལ་མེད་པའོ།། འདུ་བྱེད ་དེ་དག་ནི་རྟག་ཏུ་དེ་དང་བྲལ་བའི་རང་བཞིན་གྱི་མཚན་ཉིད་ཀྱི་བདག་མེད་པའི་ངོ་བོ་ཉིད་ཡིན་ཏེ། འདི་གཉི་ག་ཡང་སྟོང་པ་ཉིད་ཅེས་བྱའོ།། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཉེ་བར་གཟུང་བ་སྟེ། རང་གི་མཚན ་ཉིད་ཁོ་ནས་མེད་པའི་ཕྱིར་རོ།། དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཉེ་བར་གཟུང་བ་སྟེ། དེ་ནི་རྣམ་པ་གང་དང་གང་ཀུན་ཏུ་བརྟགས་པར་བྱ་བ་རྣམ་པ་དེ་དང་དེ་མེད་པའི་ཕྱིར་རོ།། རང ་བཞིན་གྱིས་སྟོང་པ་ཉིད་ནི་ཡོངསུ་གྲུབ་པའི་ངོ་བོ་ཉེ་བར་བཟུང་བ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར།། བདག་མེད་པའི་མཚན་ཉིད་ནི་འདུ་བྱེད་དེ་དག་ཉིད་བདག་ཏུ་སྨྲ་བ་རྣམས་ཀྱི་ཀུན་ཏུ་བརྟགས་པའི་བདག་གི་མཚན ་ཉིད་མ་ཡིན་པ་ཉིད།། འདུ་བྱེད་ཐམས་ཅད་འཇིག་པ་ལ་སོགས་པའི་མཚན་ཉིད་མི་རྟག་པ་ཉིད་དུ་མི་གྲགས་ལ། སྐད་ཅིག་པའི་མཚན་ཉིད་དུ་ནི་མ་གྲགས་ཏེ། དེའི་ཕྱིར་དེ་བསྒྲུབ་པར་བྱའོ།། དེ་ལ་སེམས་དང་སེམས་ལས་བྱུང་བ ་རྣམས་ལ་ནི་སྐད་ཅིག་པ་ཉིད་དུ་འཇིག་རྟེན་དུ་གྲགས་ཏེ། དེའི་ཕྱིར་དེས་མ་གྲུབ་པའི་གཟུགས་ཀྱི་སྐད་ཅིག་པ་ཉིད་བསྒྲུབ་བོ།། ཇི་ལྟར་ཞེ་ན་སེམས་ཀྱིས་ཟིན་པ་ཞེས་བྱ་བ་ནི་སེམས་སྐད་ཅིག་པོས་ལུས་ཟིན་པའོ།། ཅིའི་ཕྱིར་ཞེ་ན། གྲུབ་པ ་དང་བདེ་བ་གཅིག་པའི་ཕྱིར་ཏེ། འདི་ལྟར་རྣམ་པར་ཤེས་པ་དང་བཅས་པ་ཉིད་ཀྱི་ལུས་ནི་ཡང་དག་པར་འགྲུབ་ཀྱི། རྣམ་པར་ཤེས་པ་དང་བྲལ་བ་ནི་རུལ་བར་འགྱུརརོ།། དེ་ལྟ་བས་ན་སེམས་དང་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་དེ་བཞིན ་དུ་འདི་ཡང་སྐད་གཅིག་པ་ཉིད་དུ་རིག་པར་བྱའོ།། སེམས་གྱུར་ན་དེ་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དང་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གནས་སྐབས་ན་སེམས་གྱུར་པས་ལུས་འགྱུར་བར་སྣང་སྟེ། དེའི་ཕྱིར ་སྐད་ཅིག་རེ་རེ་ལ་འགྱུར་བའི་སེམས་ཀྱི་རྗེ་སུ་འགྱུར་བས་ལུས་སྐད་ཅིག་པ་ཉིད་དུ་གྲུབ་པོ།། སེམས་ཀྱི་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ལ། དབང་པོ་དང་བཅས་པའི་ལུས་ནི་སེམས་ཀྱི་གནསུ་རབ་ཏུ་གྲུབ་པ་སྟེ། གང་ཞིག་གང་གི་སྐྱེ ་བའི་གནས་ཡིན་པ་དེ་བདག་འཇིག་པ་མེད་པར་དེའི་གནས་སུ་འགྱུར་བར་མཱི་སྣང་སྟེ། དཔེར་ན་མེ་དང་མྱུ་གུ་ལ་སོགས་པའི་ཤིང་དང་ས་བོན་ལ་སོགས་པ་བཞི་ནོ།། དེ་བས་ན་སྐད་ཅིག་རེ་རེ་ལ་སེམས་ཀྱི་གན་སུ ་གྱུར་པས་སྐད་ཅིག་རེ་རེ་ཁོ་ན་ལ་རྣམ་པར་འཇིག་པ་གྲུབ་བོ།། སེམས་ཀྱི་དབང་གིས་བྱུང་བའི་ཕྱིར་ཞེས་བྱ་བ་ལ་ནང་དང་ཕྱིའི་གཟུགས་ཐམས་ཅད་ནི་སེམས་ཀྱི་དབང་གིས་བྱུང་བ་སྟེ། དེ་བླ་ན་རྒྱུ་སྐད་ཅིག་པ་ཡིན་པའི་ཕྱིར། འབྲས་བུ ་ཡང་སྐད་ཅིག་པ་ཉིད་དུ་རིག་པར་བྱ་སྟེ། གཟུགས་འབྱུང་བའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་དག་ནི་མི་རྟག་པ་ཡིན་ན། རྒྱུ་རྐྱེན་མི་རྟག་པ་ལ་བརྟེན་ནས་འབྱུང་བའི་གཟུགས་རྟག་པར་ག་ལ་འགྱུར་ཞེས་མདོ་ལས་བྱུང ་བའི་ཚིག་གི་ཚུལ་དུ་རིག་པར་བྱའོ།། སེམས་དབང་སྒྱུར་བའི་ཕྱིར་རོ།། ཞེས་བྱ་བ་ནི་མཐུ་ཁྱད་པར་དུ་འཕགས་པའི་སེམས་གཟུགས་ལ་དབང་སྒྱུར་བ་སྟེ། དེ་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་བའི་ཕྱིརརོ།། དེའི་ཕྱིར་སྐད་ཅིག་རེ་རེ་ལ་རྣམ ་གཞན་དུ་མོས་ན་རྣམ་པ་གཞན་འབྱུང་བས་སྐད་ཅིག་པ་ཉིད་དུ་གྲུབ་བོ།། ཡང་མཐར་འགྱུར་བར་དམིགས་པའི་ཕྱིར་ཞེས་བྱ་བ་ནི། སྐད་ཅིག་རེ་རེ་ལ་རང་བཞིན་གྱིས་འགྱུར་བ་མེད་པར་གློ་བུར་དུ་གཟུགས་ཀྱི་ཐ་མར་འགྱུར་བའི་མི ་རིགས་ན། དེ་ཡང་དམིགས་པ་དེ་བས་ན་མཐའ་མའི་གཟུགས་ཀྱི་འགྱུར་བའི་རང་གི་རྒྱུད་ཀྱི་སྐད་ཅིག་རེ་རེ་འགྱུར་བ་འཕེལ་བའི་རྒྱུ་ལས་བྱུང་བའི་ཕྱིར་གཟུགས་སྐད་ཅིག་པར་གྲུབ་པོ།། སྐྱེས་ནས་ཀྱང་རྐྱེན་ལ་མི་བལྟོས་པར་རང ་གྲི་ངང་གིས་རྣམ་པར་འཇིག་པའི་ཕྱིར་ཞེས་བྱ་བ་ནི་སྐྱེས་པ་ཐམས་ཅད་ནི་རྐྱེན་ལ་མི་བྱལྟོས་པར་རང་གི་ངང་ཉིད་ཀྱིས་འཇིག་པར་འགྱུར་རོ།། དེའི་ཕྱིར་རྐྱེན་གཞན་ལ་མི་བལྟོས་པར་གདོན་མི་ཟ་བར་འཇིག་སྟེ། དངོས་པོ་བསྐྱེས་པ་ཙམ་ཉིད ་ཀྱིས་འཇིག་པ་མ་ཡིན་ལ། ཕྱིས་འཇིག་གོ་ཞེས་བྱ་བ་ནི་བྱེ་བྲག་ཅུང་ཟད་ཀྱང་མེད་དོ།། དེ་ལྟ་བས་ན་རྣམ་པར་འཇིག་པའི་ཚུལ་ཅན་ཐམས་ཅད་ནི་སྐྱེས་པ་ཙམ་གྱིས་འཇིག་པར་འགྱུར་བས་སྐད་ཅིག་པ་ཉིད་དུ་གྲུབ་པོ།། ཕྱོགས་གཅིག ་ལ་བརྟེན་པའི་དངོས་པོའི་དོན་ནི་རྒྱུར་བྱས་པའི་དོན་ཏོ།། ཞེས་བྱ་བ་ནི་འབྱུང་བའི་ཕྱོགས་ལ་མི་བལྟོས་པར་འབྱུང་བ་ལས་གྱུར་པ་ལོགས་ཤིག་ཏུ་རང་དབང་དུ་འབྱུང་བའི་མཐུ་མེད་པའི་ཕྱིརརོ།། འབྱུང་བ་གཅིག་ལས་གྱུར་པའི་འདུས་པ ་ཡང་ཡོད་དེ། འདི་ལྟ་སྟེ་ས་རྡོག་སྐོམ་པོ་ལྟ་བུའོ།། འབྱུང་བ་གཉིས་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་གཤེར་བའོ།། འབྱུང་བ་གསུམ་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་དྲོ་བའོ།། འབྱུང་བ་ཐམས་ཅད་ལས་གྱུར་པ་ཡང་ཡོད། ས་རྡོག ་དེ་ཉིད་གཤེར་བ་དང་དྲོ་བ་དང་འདྲིལ་ཞིང་འགྲོ་བའི་ཚེའོ།། འདུས་པ་རྒྱུར་བྱས་པའི་གཟུགས་གཅིག་པ་ཡང་ཡོད་དེ། འདི་ལྟ་སྟེ་འོད་ལྟ་བུའོ།། རྒྱུར་བྱས་པའི་གཟུགས་གཉིས་དང་ལྡན་པ་ཡང་ཡོད་དེ། འདི་ལྟ་སྟེ། སྒྲ་དང་། དྲི་དང་བཅས ་པའི་རླུང་ལྟ་བུའོ།། རྒྱུར་བྱས་པའི་གཟུགས་གསུམ་དང་ལྡན་པ་ཡང་ཡོད་དེ། འདི་ལྟ་སྟེ། དུ་བ་ལྟ་བུའོ།། དེ་ནི་གཟུགས་དང་དྲི་དང་རེག་བྱའི་བྱེ་བྲག་གིས་རབ་ཏུ་ཕྱེ་བའི་ཕྱིར་ཏེ། རེག་བྱའི་བྱེ་བྲག་ནི་འདིར་ཡང་བ་ཉིད་དུ་རིག་པར་བྱའོ།། ་ཡང་རྒྱུར་བྱས་པའི་གཟུགས་གསུམ་དང་ལྡན་པ་ཡང་ཡོད། དྲི་མནམ་པ་མེད་པའི་ནོར་བུའི་སྣོད་ཀྱི་ནང་ན་ཡོད་པའི་ཆུ་ལ་གཟུག་དང་རོ་དང་རེག་བྱ་ཡོད་པའོ།། རྒྱུར་བྱས་པའི་གཟུགས་བཞི་དང་ལྡན་པ་ཡང་ཡོད། ་འདི་ལྟ་སྟེ་བུ་རམ་གྱི་ལིང་ལྟ་བུའོ།། རྒྱུར་བྱས་པའི་གཟུགས་ལྔ་དང་ལྡན་པ་ཡང་ཡོད་དེ། འདི་ལྟ་སྟེ་དེ་ཉིད་སྒྲ་དང་བཅས་པའོ།། དེ་ལྟར་གཞན་ལ་ཡང་འབྱུང་བ་འམ་འབྱུང་བ་ལས་གྱུར་པ་གང་ན་གླང་དམིགས་པ་དེ་ནི་དེ་ཡོད་པར ་རིག་པར་བྱ་སྟེ། གཞན་དུ་ན་ནི་མ་ཡིན།། རྡུལ་ཕྲ་རབ་ལུས་མེད་པ་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད་མེད་པ་སྟེ། རྣམ་པར་བཞག་པ་ཙམ་དུ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ།། བ་ཤིག་ནཱ་མུ་ཐུག་པ་མེད་པའི་ཕྱིརརོ།། བློས་མཐར་རབ་ཏུ་ཕྱེ་ནས ་རྡུལ་ཕྲ་རབ་ཏུ་རྣམ་པར་བཞག་ཅེས་བྱ་བ་ནི་བློ་ཇི་ཙམ་དུ་ཆ་ཤས་ཀྱིས་བཤིག་པའི་མཐར་རབ་ཏུ་དབྱེ་བར་ནུས་པ་དེ་ཙམ་དུ་རྡུལ་རབ་ཏུ་རྣམ་པར་འཇོག་པར་བྱེད་པའོ།། ཅིའི་ཕྱིར་དེ་ལྟར་ལུས་མེད་ཀྱང་རྡུལ་ཕྲ་རབ་ཏུ་རྣམ་པོར ་འཇོག་ཅེ་ན། རིལ་པོའི་འདུ་ཤེས་རྣམ་པར་བྱ་ཤིག་པའི་ཕྱིར་ཏེ། གཟུགས་ལ་བློས་མ་ཤས་ཀྱིས་བ་ཤིག་ན་འདི་ཐམས་ཅད་ནི་གཟུགས་གཅིག་གོ་ཞེས་རིལ་པོར་འདུ་ཤེས་པ་དང་བྲལ་བར་འགྱུར་ཏེ། འདི་ལྟར་གང་ཟག་ལ་བདག ་མེད་པར་འཇུག་པའི་རྗེ་སུ་མཐུན་པར་འགྱུརརོ།། གཟུགས་ལ་རྫས་སུ་ཡོངསུ་གྲུབ་པ་མེད་པར་འཇུག་པར་བྱ་བའི་ཕྱིརརོ་ཞེས་བྱ་བ་ནི་དེ་ལྟར་བློས་རབ་ཏུ་ཕྱེ་ན་གཟུགས་ཅི་ཡང་མེད་པར་རྟོགས་ནས་གཟུགས་ལ་རྫསུ་ཡོངསུ་གྲུབ་པ་མེད ་པར་འཇུག་སྟེ། འདི་ལྟར་རྣམ་པར་རིག་པ་ཙམ་དུ་འཇུག་པས་ཆོས་ལ་བདག་མེད་པ་ལ་འཇུག་པའི་རྗེ་སུ་མཐུན་པར་འགྱུར་རོ།། བློའི་དབྱེ་བ་དྲང་རྫས་ཀྱི་དབྱེ་བས་རྡུལ་ཕྲ་རབ་རྣམ་པར་བཞག་པར་ཤེས་པར་བྱ་སྟེ། ཚིག་གཉིས ་དང་གོ་རིམ་བཞིན་ནོ།། སྡུག་བསྔལ་ཤིན་ཏུ་རྒྱས་ལ་མ་བསྲབས་པ་ནི་འདོད་པའི་ཁམས་ན་སྤྱོད་པའི་དགེ་བའི་རྩེ་བ་མ་བསགས་པ་རྣམས་ཀྱི་སྟེ། འདོད་པའི་ཁམས་ནི་སྡུག་བསྔལ་ཉིད་ཐམས་ཅད་དང་། འགྲོ་བ་དང་སྐྱེ་གནས ་ཀྱིས་རབ་ཏུ་ཕྱེ་བ་དང་། དགེ་བའི་རྩ་བ་མ་བསགས་པས་ན། ཐོགས་པ་མེད་པར་འགྲོ་བ་ཐམས་ཅད་དུ་འགྲོ་བའི་ཕྱིར་ཏེ། གོ་རིམ་བཞིན་དུ་དེ་ནི་ཤིན་ཏུ་རྒྱས་ལ་མ་བསྲབས་པར་རིག་པར་བྱའོ།། བསྲབས་པ་ནི་དེ་ཉིད་ཐར་པའི་ཆ ་དང་མཐུན་པ་སྐྱེས་པ་རྣམས་ཀྱི་སྟེ། གདོན་མི་ཟ་བར་ཡོང་སུ་མྱ་ངན་ལས་འདས་འདའ་བར་ངེས་པར་བྱ་བའི་ཕྱིར་རོ།། བསྲབས་པའང་མ་ཡིན་ལ་མ་བསྲབས་པ་ཡང་མ་ཡིན་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དེ་ཉིད་འཇིག་རྟེན ་པས་འདོད་ཆགོས་དང་བྲལ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱི་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་སོགས་པ་ལས་ཡང་དག་པར་ཤིན་ཏུ་འདའ་བར་ངེས་པར་བྱས་པ་དང་། གཏན་དུ་མ་ཡིན་པའི་ཕྱིར་ཏེ། ་གོ་རིམ་བཞིན་ནོ།། བར་མ་བསྲབས་པ་ལ་སོགས་པ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ།། བསྲབས་པ་ཆེན་པོར་ཉེ་བར་གནས་པར་ཞེས་བྱ་བ་ནི་སེམས་ཅན་དུ་མའི་རྒྱུད་ལ་ཡོད་པའི་སྡུག་བསྔལ་བསལ་བར་ཉེ་བར་གན ་པའི་ཕྱིར་རོ།། དགེ་བ་ལ་སོགས་པའི་སེམས་ཡོད་པ་ལ་འཆི་བ་ཞེས་བྱ་བ་ནི་བདག་ལ་ཆགས་པ་དང་མཚུངས་པར་ལྡན་པའི་འཆི་འཕོ་སེམས་ཅན་གྱི་སྔ་རོལ་གྱི་གནས་སྐབས་ཀྱི་དབང་དུ་བྱས ་པར་རིག་པར་བྱའོ།། ཡིད་ལོས་བྱུང་བ་ཞེས་བྱ་བ་ནི་རྫུས་ཏེ་སྐྱེ་བ་ཉིད་དེ། སེམས་ཙམ་གྱི་རྒྱུ་ལས་བྱུང་བའི་ཕྱིར་རོ།། དེ་ཟ་ཞེས་བྱ་བ་ནི་དྲིས་འགྲོ་བའི་ཕྱིར་ཏེ། དྲི་དང་མཐུན་པར་སྐྱེ་བའི་ཡུལ་དུ་འགྲོ་བའི་ཕྱིར་ཞེས་བྱ་བའི་ཐ ་ཚིག་གོ།། དེ་ལྟར་ཐོགས་ན་ཞག་བདུན་གནས་ཏེ། དེ་ཚུན་ཆད་ཀྱིས་འཆི་འཕོའོ།། ཞེས་བྱ་བ་ནི་གལ་ཏེ་སྐྱེ་བའི་རྐྱེན་རྙེད་ནའོ།། ཅི་སྟེ་མ་རྙེད་ན་ཞག་བདུན་གྱི་འོག་ཏུ་ཤི་འཕོས་ནས་ཡང་བར་དོའི་སྲིད་པ་ཉིད་འགྲུབ་བོ།། དེ་ལྟར ་ལན་བདུན་གྱི་བར་དུ་བྱས་ནས་ཅི་སྟེ་ལྡོག་གོ་ཞེས་བྱ་བ་ནི་གལ་ཏེ་གནས་སྐབས་དེ་ནི་གཞན་དུ་སྐྱེ་བའི་རྐྱེན་སྟོབས་དང་ལྡན་པ་ཞིག་མངོན་དུ་གྱུར་ན་སྟེ། བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་དགྲ་བཅོམ་པའོ།། ་སམ་པའི་མངོན་པའི་ང་རྒྱལ་ཅན་ས་དེ་པའི་བར་མ་དོའི་སྲིད་པ་མངོན་པར་གྲུབ་པ་ན་ཐར་པ་ལ་སྐུར་པ་འདེབས་པའོཔར་ལྟ་བ་རྙེད་ནས་སེམས་ཅན་དམྱལ་བའི་བར་མ་དོའི་སྲིད་པ་མངོན་པར་འགྲུབ་པ་བཞི་ནོ།། དེ་ན ་ས་པ་ཡང་ལས་སོག་གོ་ཞེས་པ་ན་སྔོན་གྱི་འཕེན་པའི་དབང་གིས་དགེ་བ་ལ་སོགས་པའི་སེམས་པ་ཀུན་ཏུ་འབྱུང་བའི་ཕྱིརརོ།། སྐལ་པ་མཉམ་པའི་སེམས་ཅན་རྣམས་ཀྱང་མཐོང་ཞེས་བྱ་བ་ནི་གང་དག་དང་ལྷན་ཅིག་ཏུ ་སྔོན་དགེ་བ་འམ། མི་དགེ་བ་ཀུན་ཏུ་སྤྱད་པར་གྱུར་པ་དེ་དག་དང་བདག་ལྷན་ཅིག་ཏུ་འདུག་པར་རྨི་ལམ་ཙམ་གྱི་ཆེད་དུ་ཤེསོ།། གང་དུ་སྐྱེ་བར་འགྱུར་བ་དེའི་སྔོན་ལོགས་ཀྱི་སྲིད་པའི་བྱང་གཟུགས་གྲུའོ།། དེའི་འོག་ཏུ་དབང་པོ་རྣམས ་མངོན་པར་འགྲུབ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཇི་སྐད་དུ་འབྱུང་བ་དེ་བཞིན་ཞེས་བྱ་བ་ནི་མིང་དང་གཟུགས་ལ་སོགས་པའི་རོམ་པས་སོ།། ཇི་སྐད་དུ་ཐོག་མ་ཉིད་དུ་ནུར་ནུར་འགྱུར།། ནུར་ནུར་པོ་ལས་མེར་མེར་འགྱུར།། མེར་མེད ་པོ་ལས་ནར་ནར་འགྱུར།། ནར་ནར་པོ་ལས་གོར་གོར་འགྱུར།། གོར་གོར་པོ་ལས་རྐང་ལག་འགྱུས།། སྐྲ་སྤུ་སེན་མོ་ལ་སོགས་འབྱུང་།། དབང་པོ་གཟུགས་ཅན་རྣམས་དང་ནི།། མཚན་རྣམས་མཐར་གྱིས་འབྱུང་བར་འགྱུར།། ཞེས ་གསུངས་པ་ལྟ་བུའོ།། །། ཀུན་འབྱུང་གི་བདེན་པ་ནི་གང་ལས་སྡུག་བསྔལ་ཀུན་འབྱུང་བ་སྟེ། དེ་ཡང་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་ཏེ། ཟག་པ་དང་བཅས་པ་ཞེས་བྱ་བའི་ཐ ་ཚིག་གོ།། གལ་ཏེ་དེ་ལྟ་མ་ཡིན་ན། ཀུན་འབྱུང་བ་ཞེས་བསྟན་པ་ལ་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲེད་པ་ཉིད་བསྟན་ཅེ་ན། ཐམས་ཅད་དུ་འགྲོ་བས་གཙོ་བོར་གྱུར་པའི་ཕྱིར་ཏེ། ཇི་ལྟར་སྲེད་པ་དངོས་པོ་ཐམས་ཅད་དུ་འགྲོ་བ་ནི ་ཐོབ་པ་དང་མ་ཐོབ་པའི་ཡུལ་དང་ཡུལ་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིརརོ།། དེ་ལ་ལུས་ཐོབ་པ་ནི་སྲེད་པའོ།། མ་ཐོབ་པ་ནི་ཡང་འབྱུང་བའོ།། ཐོབ་པའི་ཡུལ་རྣམས་ནི་དགའ་བའི་འདོད་ཆགས་དང་ལྡན་པའོ།། མ་ཐོབ་པའི ་ཡུལ་རྣམས་ནི་དེ་དང་དེ་ལ་མངོན་པར་དགའ་བྱར་རིག་པར་བྱའོ།། གནས་སྐབས་ཐམས་ཅད་དུ་འགྲོ་བ་ནི། འདུ་བྱེད་རྣམས་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་པ་གནས་སྐབས་གསུམ་པོ་དག་དང་ལྡན ་པའི་ཕྱིརརོ།། དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ཐོབ་པ་ལ་ནི་འབྲལ་བར་སྲིད་དོ།། མ་ཐོབ་པ་ལ་ནི་མི་ཕྲད་པར་སྲིད་དོ།། འགྱུར་བའི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ལ་ནི་ཐོབ་པ་དང་མ་ཐོབ་པའི་བྱེ་བྲག་གིས་མི ་འབྲལ་བའི་སྲེད་པ་དང་ཕྲད་པའི་སྲེད་པའོ།། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ལ་ནི་གཏི་མུག་གི་སྲེད་པ་སྟེ། ཉོན་མོངས་པའི་གནས་ངན་ལེན་གྱིས་རབ་ཏུ་ཕྱེ་བ་དང་། སྡུག་བསྔལ་ཡང་མ་ཡིན་པདེ་བ་ཡང་མ་ཡིན་པའི ་ཚོར་བས་རབ་ཏུ་ཕྱེ་བའི་ཕྱིརོ།། བྱེ་བྲག་ཏུ་ནི་ཀུན་གཞི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ཏེ། དེ་ལ་བདག་ཏུ་རྨོངས་པའི་སྒོ་ནས་སྲེད་པ་འབྱུང་བར་རིག་པར་བྱའོ།། དུས་ཐམས་ཅད་དུ་འགྲོ་བ་ནི་དུས་གསུ ་པོ་དག་གི་རྗེ་སུ་འགྲོ་བའི་ཕྱིར་རོ།། འདས་པའི་དུས་ལ་ནི་བལྟས་པའི་རྣམ་པས་རྗེ་སུ་འགྲོའོ།། མ་འོངས་པའི་དུས་ལ་ནི་མངོན་པར་དགའ་བའི་རྣམ་པས་རྗེ་སུ་འགྲོའོ།། དེ་ལྟར་བྱེད་པ་ལ་ནི་ལྷག་པོར་ཆགས་པས་རྗེསུ་འགྲོའོ།། ཁམས་ཐམས ་ཅད་དུ་འགྲོ་བ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པ་དག་གི་སྲེད་པ་དག་གིས་ཁམས་གསུམ་ཁྱབ་པའི་ཕྱིར།། ཚོལ་བ་ཐམས་ཅད་དུ་འགྲོ་བ་ནི་དེས་འདོད་པ་དང་སྲེད་པ་དང་ལོག་པས་ཚངས་པར་སྤྱོད་པ་ཚོལ་བའི་ཕྱིརརོ།། ་འདོད་པ་ཚོལ་བས་ནི་འདོད་པའི་ཁམས་ལས་ཡོངསུ་མ་གྲོལ་བ་དེ་ཉིད་དུ་སྡུག་བསྔལ་འགྲུབ་པར་བྱེད།། དེ་བཞིན་དུ་སྲིད་པ་ཚོལ་བས་ནི་གཟུགས་དང་གཟུགས་མེད་པའི་ཁམ་སུ་སྡུག་བསྔལ་འགྲུབ་པར་བྱེད།། ལོག་པས་ཚད ་པར་སྤྱོད་པ་ཚོལ་བས་ནི་འཁོར་བ་ལས་ཡོངས་སུ་མ་གྲོལ་བར་དེར་འཁོར་རོ།། རྣམ་པ་ཐམས་ཅད་དུ་འགྲོ་བ་ནི་འབྱུང་བ་དང་འཇིག་པའི་སྲེད་པས་རྟག་པ་དང་ཆད་པའི་རྣམ་པ་དང་ལྡན་པའི་ཕྱིརརོ།། ལྟ་བ་རྣམ་པ་ལྔའི་བྱེ་བྲག་ནི་འཇིག ་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། རབ་ཏུ་མ་ཞི་བའི་མཚན་ཉིད་ནི་ཉོན་མོངས་པ་རྣམས་ཀྱི་སྤྱིའི ་མཚན་ཉིད་དུ་རིག་པར་བྱའོ།། དེ་ལ་རྣམ་པ་དྲུག་སྟེ། འདི་ལྟར་རྣམ་པར་གཡེང་བས་རབ་ཏུ་མ་ཞི་བ་དང་། ཕྱིན་ཅི་ལོག་གིས་རབ་ཏུ་མ་ཞི་བ་དང་། རྒོད་པས་རབ་ཏུ་མ་ཞི་བ་དང་། རྨུགས་པས་རབ་ཏུ་མ་ཞི་བ་དང་། བག་མེད་པས་ར ་མ་ཞི་བ་དང་། འཛེམ་པོ་མེད་པས་རབ་ཏུ་མ་ཞི་བའོ།། ཉོན་མོངས་པའི་བག་ལ་ཉལ་མ་སྤང་བར་གྱུར་པ་ཞེས་བྱ་བ་ནི་དེའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ལེགས་པར་མ་བཅོམ་པའི་ཕྱིརརོ།། ཉོན་མོངས་པའི་གནས་ཀྱི་ཆོས་སྣང ་བར་གྱུར་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བ་ལ་སོགས་པའོ།། དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉེ་བར་གནས་པ་ཡིན་ཞེས་བྱ་བ་ནི་ཡུལ་དེ་ལ་སྡུག་པའི་མཚན་མ་ལ་སོགས་པར་འཛིན་པ་སྟེ། འདོད་ཆགས་ལ ་སོགས་པ་འབྱུང་བ་དང་མཐུན་པའོ།། མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་ས་གོང་མ་པ་ལ་དམིགས་པ་ཡང་ཡོད་མོད་ཀྱི། དེ་དག་ནི་ཇི་ལྟར་རང་གི་ས་པ་ལ་དམིགས་པ་བཞིན་དུ་ས་དེ་མངོན་སུམ་དུ་དམིགས་པ་ནི་མ ་ཡིན་པར་རིག་པར་བྱ་སྟེ། དེ་ལ་ཀུན་ཏུ་བརྟགས་པའི་སྒོ་ནས་ཞུགས་པའི་ཕྱིར། དེ་ལ་དམིགས་པར་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལ་མ་རིག་པ་ས་གོང་མ་པ་ལ་དམིགས་པ་ནི་གང་ལྟ་བ་དང་མཚུངས་པར་ལྡན་པའོ།། ལྟ་བ ་ནི་འཇིག་ཚོགས་ལ་ལྟ་བ་མ་གཏོགས་ཏེ། གཞན་གྱི་ས་པའི་འདུ་བྱེད་ལ་ངའོ་སྙམ་དུ་མངོན་པར་ཞེན་པ་ནི་མ་མཐོང་ངོ་།། ས་གྲོང་མའི་ཉོན་མོངས་པ་ནི་འོག་མ་ལ་དམིགས་པ་མ་ཡིནོ་ཞེས་བྱ་བ་ནི་དེ་ལས་འདོད་ཆགས་དང་བྲལ་བའི ་ཕྱིརརོ།། འགོག་པ་དང་ལམ་ལ་དམིགས་པ་ནི་དེ་གཉིས་ལ་དམིགས་པ་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་། དེའི་རྗེས་ལ་ཐོབ་པ་སོ་སོ་རང་རང་གིས་རིག་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། དེའི་དམིགས་པ་ནི་དེས་ཡོངསསུ ་རྟོག་པའོ།། ཞེས་བྱ་བ་ནི་དེའི་དམིགས་པ་ནི་དེས་ཡོངསུ་བརྟགས་པའོ།། ཞེས་བརྗོད་པར་བྱ་སྟེ། དེའི་དམིགས་པ་ནི་དེས་ཡོངས་སུ་རྟོགས་པ་ཞེས་བྱ་བའི་ཚིག་དེ་ལས་ཡོངསུ་བརྟགས་པ་གུད་ནི་མེད་དོ།། འདོད་ཆགས་ནི་ཁོང་ཁྲོ་དང ་མཚུངས་པར་ལྡན་པ་མ་ཡིནོ།། ཞེས་བྱ་བ་ནི་ཤིན་ཏུ་མི་མཐུན་པ་གཉིས་གཅིག་ཏུ་འབྱུང་བ་མི་རིགས་པའི་ཕྱིར།། ཐེ་ཚོམ་དང་ཡང་མཚུངས་པར་ལྡན་པ་མ་ཡིན་པ་ནི་ཐེ་ཚོམ་དུ་གྱུར་ན་བློ་གནས་པ་མེད་པས་ཆགས་པར་འགྱུར་བ ་མེད་པའི་ཕྱིར་རོ།། ལྷག་མ་ནི་དེ་དང་ཞེས་བྱ་བ་ནི་ང་རྒྱལ་ལ་སོགས་པ་དང་མི་མཐུན་པ་མེད་པའི་ཕྱིར་མཚུངས་པར་ལྡན་པར་རིག་པར་བྱའོ།། ཁོང་ཁྲོ་བ་ཡང་ང་རྒྱལ་དང་ལྟ་བ་དང་མཚུངས་པར་ལྡན་པ་ཡིནོ།། ཞེས་བྱ་བ་ནི་སུ ་ཞིག་དངོས་པོ་གང་ལ་ཞེ་འགྲས་པར་གྱུར་པ་དེས་དེ་ཁེངས་པར་མི་འགྱུར་རོ།། དེར་ཡང་རྟོག་པར་མི་ནུས།། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ།། ཁོང་ཁྲོ་བ་ལ་སོགས་པ་ཕན་ཚུན་མཚུངས་པར་ལྡན་པ་མ་ཡིན་པོ་ཞེས་བྱ། ་བ་ནི་མི་མཐུན་པ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། དཔེར་ན་འདོད་ཆ་ཀྱི་ཆར་གཏེཌ་བ་རྣམ་ཞེ་སྡང་གི་ཆར་གཏོ། བདག་དང་མ་ཡིན་པ་བཞིནོ།། མི་མོཐུན་པ་མེད་པར་བདག་ནི་ཉོན་མོངས་པ་བཞིན་དུ་མཚུངས་པར་ལྡན་པར་རིག་པར་བྱའོ།། ངོ ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་མཚུངས་པར་ལྡན་ནོ་ཞེས་བྱ་བ་ནི་བདག་དང་གཞན་ལ་མི་ལྟ་བ་མེད་པར་ཀུན་ཏུ་འབྱུང་བ་མེད་པའི་ཕྱིར།། དེ་བཞིན་དུ་རྨུགས་པ་ལ་སོགས་པ་ཡང་ཉོན་མོངས་པ་ཅན་ཐམས ་ཅད་དང་སྦྱར་བར་བྱ་སྟེ། ལས་སུ་མི་རུང་བ་ཉིད་ལ་སོགས་པ་མེད་པར་ཉོན་མོངས་པ་ཅན་མི་སྲིད་པའི་ཕྱིརརོ།། གང་ཞིག་རྣམ་པ་གང་གི་དངོས་པོ་གང་ལ་ཀུན་ཏུ་སྦྱོར་བ་དེ་བསྟན་པས་ཀུན་ཏུ་སྦྱོར་བ་བསྟན་པར་རིག་པར་རིག་པར་བྱའོ།། ་ཀུན་ཏུ་སྦྱོར་བ་ཅི་ཞེ་ན་རྗེ་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་ནི་ཁམས་གསུམ་པའི་འདོད་ཆགས་ཀྱི་ངོ་བོ་ཉིད་དེ་ཀུན་ཏུ་སྦྱོར་བར་བྱེད་དོ།། རྣམ་པ་གང་གིས་ཀུན་ཏུ་སྦྱོར་ཞེ་ན། དེ་དང་ལྡན་པ་ཁམས་གསུམ་པ་ལ་ཡིད་མི་འབྱུང་བ་ནི་མི་དགེ་བ ་ཀུན་ཏུ་སྤྱོད་ཅིང་དགེ་བ་མི་སྤྱོད་པས་སོ།། གང་ཀུན་ཏུ་སྦྱོར་ཞེ་ན། ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་རོ།། དེ་བཞིན་དུ་ཁོང་ཁྲོའི་ཀུན་ཏུ་སྦྱོར་བ་ལ་ཡང་སྦྱར་བར་བྱའོ།། མི་རིག་པའི་ཀུན་ཏུ་སྦྱོར་བ་དང ་ལྡན་པ་ནི་སྡུག་བསྔལ་གྱི་ཆོས་རྣམས་དང་ཀུན་འབྱུང་བའི་ཆོས་རྣམས་ལ་ལྷག་པར་ཚོགས་ཏེ་འབྲས་བུ་དང་རྒྱུར་གྱུར་པ་ཟག་པ་དང་བཅས་པའི་འདུ་བྱེད་རྣམས་དང་དེའི་ཉེས་དམིགས་ཡོངསུ་མི་ཤེས་བྱའི་ཕྱིར།། ལྟ་བའི ་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ལོག་པས་ངེས་པར་འབྱུང་བ་ཀུན་ཏུ་ཚོལ་ཏེ་བདག་གྲོལ་བར་འགྱུརརོ།། བདག་གྲོལོ།། གྲོལ་ནས་ཀྱང་རྟག་པར་འགྱུརོ།། སྙམ་པ་དང་ཆད་པར་འགྱུར་ཏེ། སངས་རྒྱས་པ་ལ་ཐར་པ་མེདོ་སྙམ་པའོ།། མཆོག ་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ལྡོག་པས་ངེས་པར་འབྱུང་བའི་ཐབས་ལ་རྟོག་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བོར་ནས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་། དེ་སྔོན་དུ་འགྲོ་བའི་ཚུལ་ཁྲིམས་དང ་བརྟུལ་ཞུགས་ཀྱིས་རྟོག་པར་ཡིད་ཆེས་པའི་ཕྱིརརོ།། འདོད་ཆགས་ལ་སོགས་པའི་འཆིང་བས་འགྱུར་བའི་སྡུག་བསྔལ་ཉིད་ལ་སོགས་པ་ལ་འཆིང་བར་བསྟན་པ་ནི་འདོད་ཆགས་ལ་སོགས་པ་ནི་བདེ་བ་ལ་སོགས་པའི་ཚོར་བ ་ལ་ཕྲ་རྒྱས་སུ་འགྱུར་བའི་ཕྱིརརོ།། ཕྱི་རོལ་གྱི་འཆིང་བས་བཅིངས་པ་གཉིས་མི་འཐོབ་སྟེ། འགྲོ་བ་མི་འཐོད་པ་དང་། འདུག་ཀྱང་ཇི་ལྟར་འདོད་པ་དང་། བསམ་པ་དང་། སྤྱོད་པ་དང་། འདོད་པ་བཞིན་དུ་བྱེད་པ་མི་འཐོབ ་པའོ། ནང་གི་འདོད་ཆགས་ལ་སོགས་པའི་འཆིང་བ་ཡང་དེ་དང་འདྲ་བར་རིག་པར་བྱའོ།། འདོད་པ་འཚོལ་བ་མ་སྤངས་པའི་འདོད་པ་ལ་འདོད་ཆགས་དང་། ཁོང་ཁྲོ་བའི་བག་ལ་ཉལ་ཕྲ་རྒྱ་སུ་འགྱུར་ཏེ། དེའི་སྒོ་ནས་དེ་གཉིས ་རྒྱས་པར་འགྱུར་བའི་ཕྱིར་རོ།། ལོག་པར་ཐར་པ་དང་། ཐར་པའི་ཐབས་ལ་རྟོགས་པར་བྱེད་དོ།། ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བའི་ནང་དུ་ལྟ་བ་གསུམ་དང་། མཆོག་ཏུ་འཛིན་པ་གཉིས་ཇི་སྐད་དུ་བཤད་པ་དང་གོ་རིམ་བཞིནོ།། ་གླང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་མ་གཏོགས་པར་དེ་ལས་གཞན་པོ་སེམས་ལས་བྱུང་བའི་འདུ་བྱེད་ཀྱི་ཕུང་པོ་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་ནི་ཁྲོ་བ་ལ་སོགས་པར་རིག་པར་བྱའོ།། རྣལ་འབྱོར་པ་རྣམས ་ཀྱི་དགེ་བའི་ཕྱོག་ཀྱི་བར་ཆད་བྱ་བའི་ཕྱིར་ཡང་དང་ཡང་ཤས་ཆེར་སེམས་ལ་ཀུན་ནས་འཁྲི་བར་བྱེད་པས་ཀུན་ནས་དཀྲིས་པ་དག་གོ། དགེ་བའི་ཕྱོགས་ནི་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན ་བསྒོམ་པ་སྟེ། དུས་ཇི་བ་ལྟ་བོ་བཞིནོ།། དེ་དག་གི་བཞི་ནི་ཚངས་པར་སྤྱོད་པ་ལ་སོགས་པ་དག་པས་བསྡུས་པའི་ཚུལ་ཁྲིམསོ།། དེ་ལ་ཞི་གནས་ཀྱི་དུས་ན་ནི་རྨུགས་པ་དང་གཉིད་བར་ཆད་བྱེད་དེ། ནང་དུ་ཞུམ་པར་བྱེད་པའི་ཕྱིར་རོ།། ་རབ་ཏུ་འཛིན་པའི་དུས་ན་ན་རྒོད་པ་དང་འགྱོད་པ་སྟེ། ཕྱི་རོལ་ཏུ་རྣམ་པོར་གཡེང་བར་བྱེད་པའི་ཕྱིརརོ།། བཏང་སྙོམས་ཀྱི་དུས་ན་ནི་ཕྲ་དོག་དང་སེར་སྣ་སྟེ། དེ་དང་ལྡན་ན་གཞན་དང་བདག་གི་ཕུན་སུམ་ཚོགས་པ་ལོ་མི་བཟོད་པ་དང ་ཀུན་ཏུ་འཛིན་པའི་སྒོ་ནས་ཡང་དང་ཡང་སེམས་གཡོ་བའི་ཕྱིརརོ།། ཚུལ་ཁྲིམས་རྣམ་པར་དག་པའི་དུས་ན་ནི། ངོ་ཚ་མེད་པ་དང་ཁྲེལ་མེད་པ་སྟེ། དེ་གཉི་ག་དང་ལྡན་ན་རྣམ་པ་ཐམས་ཅད་ལྟུང་བའི་གནས་ཀྱིས ་ནི་འཛེམ་པའི་ཕྱིརརོ།། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྗེསུ་མཐུན་པ་དང་། མི་མཐུན་པའི་ཕྱིར་ཆུ་བོ་དང་སྦྱོར་བ་གོ་རིམ་བཞིན་དུ་རྣམ་པར་བཞག་པར་རིག་པར་བྱའོ།། གནས་པ་དང་གནས་འབྲེལ་པའི་ཚུལ་གྱི ་ཞེས་བྱ་བ་ལ། ལྦུ་བའི་ཆུ་བོ་ནི་གནས་པའོ།། མ་རིག་པའི་ཆུ་བོ་ནི་གྷན་སྭཱ་ཏཱཾ། རྨོངས་པར་གྱུར་ན་ཐར་པོ་དང་དེའི་ཐབས་ལ་ལོག་པར་རྟོགས་པའི་ཕྱིརརོ།། ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་བཞུགས་ཀྱི་ཉེ་བར་ལེན་པ ་གཉིས་ཀྱིས་སུ་སྟོག་ས་ནཱན་རྣམས་ནང་རྗོད་ཏེ། དེ་ལ་བློ་དུ་མར་གྱུར་པའི་ཕྱིར་རོ།། བདག་ཏུ་སྨྲ་བོའི་ཉེ་བར་ལེནྡྲ་པས་ནི་རླུང་མི་རྩོད་དེ། ཐམས་ཅད་ཀྱང་པོ་དགུ་ཡོད་པ་ཉིད་དུ་བློ་མཐུན་པའི་ཕྱིར་རོ།། ཆོས་འདྲི་པ་རྣམས་དང་ནི་རྩོང ་བདག་མེད་པར་སྨྲ་བའི་ཕྱིར་རོ།། བརྣབ་སེམས་ལ་སོགས་པ་ལུས་ཀྱི་མདུད་པ་ཞེས་བྱ་བ་ནི་དེ་དག་གཟུགས་ཀྱི་ལུས་ཀྱི་མདུད་པ་མ་ཡིན་པར་རིག་པར་བྱ་སྟེ། མཉམ་པར་བཞག་པར་སེམས་ཀྱི་རང་བཞིན་གྱི་ལུས་ཀྱི་བར་དུ ་གཅོད་པས་མདུད་པ་དགོ་གོ།། སོ་སོའི་ལྟ་བ་ལ་རྟེན་ནས་འདི་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ།། ཞེས་མངོན་པར་ཞེན་ནས་ཞེས་བྱ་ལ་ཀུན་ཏུ་རྟོག་པསོ་ཚུལ་བཞིན་མ་ཡིན་པར་ཤེས་བྱ་ལ་རྟོག་པའི་རྒྱུས་སེམས་རྣམ་པར ་གཡེང་བར་བྱེད་དོ།། གང་ལས་རྣམ་པར་གཡེང་བར་བྱེད་ཅེ་ན། མཉམ་པར་བཞག་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་མཐོང་བ་ལ་སོ།། དགེ་བའི་ཕྱོགས་མི་རྟོགས་པར་འགྱུར་བར་སེམས་ལ་སྒྲིབ་པར་བྱེད ་པས་སྒྲིབ་པོ་རྣམས་ཏེ། དགེ་བ་ལ་འཇུག་པའི་བར་ཆད་བྱེད་ཅེས་བྱ་བའི་ཐ་ཚིགོ། དེ་ལ་འདོད་པ་ལ་འདུན་པ་ནི། རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བའི་བར་ཆད་བྱེད། ཡུལ་ལ་ཉེ་བར་སྤྱོད་པར་འདོད་པའི་སྒོ་ནས། དེ་ལ་མངོན ་པར་མི་དགའ་བའི་ཕྱིརརོ།། གནོད་སེམས་ནི་བསྐུལ་བའི་དུས་ན་ཏེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཡང་དག་པར་བསྒྲུབ་པར་བསླབ་པའི་གནས་ལ་བསྐུལ་ནས་གནོད་སེམས་ཀྱི་སེམས་ཀྱིས་ཡང་དག་པར་མི་སློབ ་པའི་ཕྱིར།། རྨུགས་པོ་དང་གཉིད་དང་། རྒོད་པ་དང་འགྱོད་པ་ནི་ཞི་གནས་དང་རབ་ཏུ་འཛིན་པ་གཉིས་སྔ་མ་བཞིན་དུ་ཞུམ་པ་དང་། རྣམ་པར་གཡེང་བར་བྱེད་པའི་ཕྱིརརོ།། ཐེ་ཚོམ་ནི་བཏང་བསྙོམས་ཀྱི་དུས་ན་ཏེ། གཏན་ལ་ཕེབས་པ་མེད ་པར་བཏང་སྙོམསུ་བྱེད་མི་ནུས་པའི་ཕྱིར་རོ།། གཉེན་པོ་ཐོང་གཤོལ་གྱིས་རློག་པར་དཀའ་བའི་ཕྱིར་ཐ་བར་རྣམ་པར་བཞག་པར་རིག་པར་བྱ་སྟེ། ཚེ་རབས་གཞན་ན་གོམས་པར་བྱས་པས་སྤྱོད་པས་ཐ་བར་གྱུར་པའི་ཕྱིརརོ།། འཆལ ་པའི་ཚུལ་ཁྲིམས་མི་གཙང་བར་ཡིད་ཆེས་པའི་རྒྱུ་ཡིན་པས་དྲི་མ་རྣམསོ།། ཡང་དང་ཡང་འཁོར་བར་སྐྱེ་བ་དང་འཆི་བའི་ཚུལ་གྱིས་གནོད་པར་བྱེད་པས་སྡིག་པ་རྣམ་སོ།། སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་དང་། དཀོན་མཆོག ་རྣམས་ལ་སྲེད་པ་དང་། ཐེ་ཚོམ་གྱི་སྒོ་ནས་ཞུགས་པས་གནོད་པའི་ཕྱིར་ཟུག་རྔུ་རྣམ་སོ།། ཡོ་བྱད་མང་པོ་ཡོངསུ་འཛིན་པས་ཅི་ཡང་དང་བཅས་པར་བྱས་ནས་འཇིགས་པ་ལ་སོགས་པ་དང་སྦྱོར་བའི་ཕྱིར་ཅི ་ཡང་རྣམསོ།། སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་འདྲེན་པས་ཉེས་པར་སྤྱོད་པ་རྣམས་སོ།། ཆགས་པ་དང་ཞེ་སྡང་དང་གཏི་མུག་ཉིད་མི་དགེ་བའི་རྩ་བར་རྣམ་པར་བཞག་སྟེ། དེ་དག་གི་སྒོ་ནས་སེམས་ཅན་རྣམས་ཉེས ་པར་སྤྱད་པ་སྤྱོད་པའི་ཕྱིརརོ།། དེ་ལ་ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུས་སེམས་ཅན་ལོངས་སྤྱོད་དེན་དུ་གཉེར་བ་རྣམས་ཆགས་པས་ཉེས་པར་སྤྱད་པ་སྤྱོད་དོ།། གནོད་པར་བྱས་པའི་རྒྱུ་ལ་ཡོངསུ་རྟོག་པའི་རྒྱུས་གཞན་གྱི་ཉེས་པ ་མི་བཟོད་པ་རྣམས་ཞེ་སྡང་གིས་ཉེས་པར་སྤྱད་པ་སྤྱོད་དོ།། ཆོས་ལོག་པ་ལ་མངོན་པར་ཞེན་པའི་རྒྱུས་ཕྱིན་ཅི་ལོག་ཏུ་ལྟ་བ་མཆོད་སྦྱིན་ལ་སོགས་པ་དག་གཏི་མུག་གིས་ཉེས་པར་སྤྱད་པ་སྤྱོང་ངོ་།། སེམས་རྣམ་པར་འཕྲོ་བར ་ཟག་པར་བྱེད་པའི་ཕྱིར་ཟག་པ་རྣམསོ།། ལུས་དང་སེམས་ལ་འཕོངས་པར་བྱེད་པས་འཕོངས་པ་རྣམསོ།། ཚུལ་བཞིན་མ་ཡིན་པའི་མཚན་མ་དང་མངོན་རྟགས་འཛིན་དུ་བཅུག་ནས་ལུས་དང་སེམས་ལ་ཡོངསུ་གདུང་བར་བྱེད ་པས་ཡོངསུ་གདུང་པོ་རྣམསོ།། གཟུགས་ལ་སོགས་པའི་དངོས་པོ་ལ་དགའ་བ་འམ་ལྷག་པར་ཆགས་པར་བྱེད་དུ་བཅུག་ནས་དེ་རྣམ་པར་གྱུར་ན་མྱ་ངན་ལ་སོགས་པས་སེམས་རྣམས་ཉོན་མོངས་པར་བྱེད་པའི་ཕྱིར་འཁྲུ ་པ་རྣམ་སོ།། མཚོན་ཆ་ལེན་པ་ལ་སོ། པས་འཐབ་པར་བྱེད་པས་འཐབ་པ་རྣམ་སོ།། ཆོས་མ་ཡིན་པ་ལ་འདོད་ཆགས་ལ་སོགས་པ་ནི་ཡོངསུ་གདུང་བ་ཆེན་པོས་བྱེད་པས་རིམས་ནང་དང་འདྲ་བས་རིམས་ནང་རྣམསུ་རིག་པར་བྱའོ།། དེ་ལ་ཆོས ་མ་ཡིན་པ་ལ་འདོད་ཆགས་ནི་གང་མི་དགེ་བའི་ལས་ཀྱི་ལམ་རྣམས་ལ་རྗེ་སུ་ཆགས་པའོ།། མི་མཐུན་པས་ཆགས་པ་ནི་མི་རིགས་པའི་ཆོས་མ་ཡིན་པས་ཡུལ་ཀུན་ཏུ་འཚོལ་བའོ།། ཆོས་ལོག་པ་ནི་ཉེས་པར་བཤད་པའི ་ཆོས་འདུལ་བར་རིག་པར་བྱའོ།། སྐྱེ་བའི་རྩ་བ་འདུ་བྱེད་ཀྱི་ཤིང་གི་ནགས་ཚལ་ལ་ཆགས་པར་བྱེད་པས་ནགས་སྦྱོར་རྣམསོ།། ལུས་ལ་ལྟ་བ་ལ་སོགས་པ་དང་བཅས་པས་དགེ་བ་ལ་སྦྱོར་བའི་གགས་བྱེད་པས་གགས་རྣམ་སོ།། ། ་ལུས་ལ་ལྟ་བ་ལ་སོགས་པོ་དང་བཅས་པ་ནི་སེམས་ཀྱི་གགས་ལྔའི་དབང་དུ་བྱས་པའོ།། འདོད་ཚོགས་ནི་ཡུལ་དང་ལྟ་བ་ལ་སོགས་པར་རྟོག་པའོ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་དང་། མཐོང་བས་སྤང་བར་བྱ་བ་དང ་གེགོ་རིམ་བཞིན་ཏེ། འདོད་ཆགས་ནི་སྡུག་པ་ཙམ་དུ་དམིགས་པའི་ཕྱིརརོ།། གང་ཡོང་སེམས་ཅན་ལ་འདོད་ཆགས་པ་དེ་ནི་ཡུལ་གྱི་སྒོ་ཉིད་ནས་ལོག་པར་རྟོག་པར་རིག་པར་བྱའོ།། དེ་བཞིན་དུ་ཁོང་ཁྲོ་བ་ནི་མི་མཐུན་པའི་རྒྱུ་ཙམ་ལ ་དམིགས་པའི་ཕྱིར་རོ།། སེམས་ཅན་རྣམས་ལ་འབྱུང་བ་ན་ཡུལ་གྱི་སྒོ་ཉིད་ནས་ལོག་པར་རྟོག་པར་རིག་པར་བྱའོ།། ང་རྒྱལ་ནི་སེམས་ཅན་རྣམས་དང་ལྟ་བ་ལ་སོགས་པར་རྟོགས་པའོ་ཞེས་བྱ་བ་ནི་ཆུང་ངུ་བས་བདག་ཆེའོ། ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འབྱུང་བའི་ཕྱིར་སེམས་ཅན་རྣམས་ལ་ལོག་པར་རྟོགས་པར་རིག་པར་བྱའོ།། འཇིག་ཆགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་ནི་ཤེས་བྱ་ལ ་ལྡོག་པར་རྟོགས་པའོ།། ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་། སྒུར་པོའི་སྒོ་ནས་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ལྟ་བ་ལ་ལོག་པར་རྟོག་པའོ་ཞེས་བྱ་བ་ནི་ལྟོ་བྱའི ་ཉེས་པ་ཉིད་ཀྱིས་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་ལྷག་པར་མཆོག་ཏུ་འཛིན་པའི་ཕྱིར་རོ།། ཐེ་ཚོམ་ནི་གཉེན་པོ་ལ་ལོག་པར་རྟོགས་པའོ།། ཞེས་བྱ་བ་ནི་བདེན་པ་རྣམས་ལ་བློ་རྣམ་པ་གཉི་སུ་འཇུག་པའི་ཕྱིར།། ་ཉོན་མོངས་པ་བཅུ་ཆར་ཡང་སྡུག་བསྔལ་དང་ཀུན་འབྱུང་བའི་རྒྱུ་ཡིན་ལ། དེ་གཉིས་ཀྱང་དེ་དོག་གི་གཞིའི་གནས་ཡིན་ནོ།། དེའི་ཕྱིར་དེའི་རྒྱུ་དང་གཞིའི་གནས་ཀྱི་ལོག་པར་རྟོགས་པ་རྣམས་ཞེས་བྱའོ།། འགོག་པ་དང་ལམ ་ལ་ཡང་སྐྲག་པ་སྐྱེས་པས་ལེག་པར་ཞུགས་པའོ་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་གིས་འཁོར་བ་ལ་མངོན་པར་དགའ་བ་དང་།། རྣམ་པར་བྱང་བ་ལ་གཡང་སར་འདུ་ཤེས་ནས་སྐྲག་པ་དང་། ཕྱིན་ཅི་ལོག་ཏུ་རྟོགས་པ ་འགོག་པ་དང་ལོ་མ་ལ་ལོག་པར་རྟོགས་པར་བལྟ་བར་བྱའོ།། མུ་སྟེགས་ཅན་རྣམས་ཀྱིས་ནི་རྣམ་པ་གཞན་དུ་བརྟགས་ནས་དེ་ལ་ལོག་པར་རྟོགས་པའི་ཕྱིའོ།། འདོད་པ་ན་སྤྱོང་བའི་འདོད་ཚོགས་རྣམ་པར་ཤེས ་པའི་ཚོགས་ལྔ་དང་ལྡན་པ་ནི་བདེ་བ་དང་མཚུངས་པར་ལྡན་ནོ།། ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་ལྡན་པ་ནི་ཡིད་བདེ་བ་དང་མཚུངས་པར་ལྔ་ནོ།། འདོད་ཆགས་ཐམས་ཅད་ནི་རྒྱུན་ཆུད་པའི་དུས་ན་བཏང་སྙོམས་དང ་མཚུངས་པར་ལྔ་མོ།། སྡུག་བསྔལ་དང་ཡིད་མི་བདེ་བ་གཉིས་དང་ནི་མཚུངས་པར་ལྡན་པ་མ་ཡིན་ཏེ། དགའ་བའི་རྣམ་པར་འབྱུང་བའི་ཕྱིར་རོ།། རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ཁོང་ཁྲོ་བ་ནི་སྡུག་བསྔལ་དང་མཚུངས ་པར་ལྡནོ།། དྲུག་པ་ཡིད་ཀྱིས་པ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་ནོ།། ཐམས་ཅད་ནི་བཏང་སྙོམས་དང་མཚུངས་པར་ལྡན་ཏེ་སྔ་མོ་བཞི་ནོ།། བདེ་བ་དང་ཡིད་བདེ་བྱ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། དམན་པའི་རྣམ་པར ་འབྱུང་བའི་ཕྱིར་རོ།། ང་རྒྱལ་ནི་འདོད་པའི་ཁམས་ན་བདེ་བ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། རྣམ་པར་ཤེས་པའི་ཚིགས་ལྔ་དང་མཚུངས་པར་ལྡན་པ་མེད་པའི་ཕྱིརརོ།། བསམ་གཏན་དང་པོ་དང་གཉིས་པར་བདེ་བ་དང་ཇི་ལྟར་ལྡན ་ཞེ་ན། ཡིད་ཀྱི་ས་པའི་བདེ་བ་དང་མཚུངས་པར་ལྡ་ནོ།། དེ་ན་ཡིད་ཀྱི་ས་པའི་བདེ་བ་ཇི་ལྟ་བུ་ཞེ་ན། དགའ་བ་དང་བདེ་བ་ཞེས་གང་འབྱུང་བ་སྟེ། ཇི་སྐད་དགའ་བ་གང་ཞེ་ན། གང་གནས་གྱུར་པའི་འཇུག་པའི་རྣམ་པར་ཤེས་པ་ལ ་བརྟེན་པའི་སེམས་ཚིམ་པ་དང་། སེམས་ཤིན་ཏུ་དགའ་བ་དང་། སེམས་རངས་པ་དང་། སེམས་དགའ་བ་དང་། བདེ་བ་མྱོང་བ་སྟེ། ཚོར་བར་གཏོགས་པའོ།། བདེ་བ་གང་ཞེ་ན། གང་གནས་གྱུར་པའི་ཀུན་གཞི་རྣམ་པར ་ཤེས་པ་ལ་བརྟེན་པའི་གནས་ལ་ཕན་པ་དང་། གནས་སིམ་པ་དང་། བདེ་བ་མྱོང་བ་སྟེ། ཚོར་བར་རྟོགས་པའོ་ཞེས་བཤད་པ་ལྟ་བུའོ།། དེ་ནི་འདི་སྐད་དུ་བསྟན་ཏོ།། འཇུག་པའི་རྣམ་པ། ཤེས་པ་ལ་བརྟན ་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པ་ཡིན་ཏེ། གཞན་ལ་མཉམ་པར་བཞག་པ་མེད་པའི་ཕྱིརརོ།། བདེ་བའི་ཚོར་བ་བསམ་གཏན་དང་པོ་དང་གཉིས་པ་ལ་འབྱུང་བ་ན། སེམས་དང་སེམས་ལས་བླང་བའི་ཆོ་ག ་གང་ཡང་མཚུངས་པར་ལྡན་པ་དེ་དགའ་བའི་རྣམ་པས་ཚིམ་པར་བྱེད་པ་དང་། གནས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཤིན་ཏུ་སྦྱངས་པའི་བདེ་བས་སིམ་པར་བྱེད་པ་སྟེ། དེ་བས་ན་དེ་གཉི་གའི་བྱ་ས་བྱེད་པ་ཕྱིར་འདི་དག ་པ་དང་བདེ་བ་ཞེས་བྱ་བ་རྣམ་པ་གཉི་གར་རྣམ་པར་བཞག་པར་རིག་པར་བྱའོ་ཞེས་བསྟན་པར་འགྱུར་རོ།། དེ་ལྟ་བས་ན་དེ་དང་མཚུངས་པར་ལྡན་པའི་ང་རྒྱལ་ནི་བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ཞེས་བྱའོ།། ལོག ་པར་ལྟ་བ་ནི་འདོད་པའི་ཁམས་ན་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་ཞེས་བྱ་སྟེ། ལེགས་པར་བྱ་བ་དང་ཉེས་པར་བྱ་བ་བྱེད་པ་རྣམས་ཀྱི་འབྲས་བུ་མེད་པར་མཐོང་ནས་ཡི་མོས་པ་དང་དགའ་བ་སྐྱེ་བོའི་ཕྱིར་རོ།། ། ་བདེ་བ་དང་སྡུག་བསྔལ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། ལྟ་བ་ཐམས་ཅད་ནི་ཡིད་ཀྱི་ས་པ་ཡིན་པའི་ཕྱིརརོ།། ཐེ་ཚོམ་ནི་འདོད་པའི་ཁམས་ན་ཡང་བདེ་བ་དང་མཚུངས་པར་ལྡན་འཏེ། མས་གཏན་མ་ཕབ་པ་མེད་པ ་རྣམས་པ་མེད་པས་ཡིད་བདེ་བ་མེད་པའི་ཕྱིར།། གཟུགས་པ་ཁམས་ནཱ་ན་ནི་ཚོམ་གྱི་ཤས་མ་བའི་བསམ་གཏན་པ་རྣམས་ཀྱི་དགའ་བ་དང་བད་བ་ནི་ཏིང་འཛིན་གྱི་སྟབས་བསྐྱེད་བའི་རྗེསུ་འགྲོ་བ་ཉིད་དེ། དོན་བྱང་བ་དང་ཡང་བདེབ་ད ་ཡང་མཚུངས་པར་ལྡན་ནོ།། མ་རིག་པ་མ་འདྲེས་པ་ཡང་བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་པ་དང་། མཚུངས་པར་ལྡན་པ་མ་ཡིན་པ་ལས་བརྩམས་ཏེ་ཚུལ་འདི་འདྲ་བར་བལྟ་བར་བྱའོ།། ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད ་བཏང་སྙོམས་དང་མཚུངས་པར་ལྡན་ཞེ་ན། ཐ་མལ་པར་འདུག་པ་ལ་བརྟེན་ནས་ནུབ་པར་འགྱུར་བའི་ཕྱིརརོ།། ཞེས་བྱ་བ་ནི་ཉིན་མོངས་པའི་རྒྱུན་རྗེ་ཆུང་ཇེ་ཆུང་ངུ་འགྲོ་བས་རྒྱུན་ཆད་པའི་ཤུགས་ཀྱི་རྒྱུན་ཆད་པའི་ཕྱིར་ཐ་མུར་གདོན ་མི་ཟ་བར་ཐ་མལ་པར་འདུག་པའི་སྒོ་ནས་བཏང་སྙོམས་དང་མཚུངས་པར་ལྡན་པར་རིག་པར་བྱའོ།། གཟུགས་ཀྱི་ཁམས་ན་ནི་རྣམ་པར་ཤེས་པའི་ཚོགས་བཞི་དང་ལྡན་ཏེ། དེ་ན་སྣ་དང་ལྕེའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ།། པ ་རྒྱལ་ལ་སོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་ལྡན་པ་ཉིད་དོ།། ཡོངསུ་འཇལ་བའི་སྒོ་ནས་འབྱུང་བའི་ཕྱིརརོ།། ང་རྒྱལ་ནི་ཕྱོགས་གཅིག་ལ་འཇུག་པ་ཉིད། གང་ཡང་རུང་བའི་ཡན་ལག་གིས་ཁེངས་པར་འགྱུར་བའི་ཕྱིརརོ།། ་འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་བཅུའོ།། ཞེས་བྱ་བ་ནི་དེ་ན་གང་དག་དེའི་རྒྱུ་དང་། གཞིའི་གནས་ཀྱིས་ཀྱང་ལོག་པར་རྟོག་པ་དག་གོ།། དེ་བཞིན་དུ་ཀུན་འབྱུང་བ་ལ་སོགས་པ་ཡང་ཇི་ལྟར་མཐུན་མཐུན་དུ ་ལོག་པར་རྟོག་པ་དག་སྟེ། དེ་ནི་མཐོང་བས་སྤང་བར་བྱ་བར་རིག་པར་བྱའོ།། ཅིའི་ཕྱིར་གང་དག་གང་གི་ཚེ་དམིགས་པ་དེ་དག་དེ་ལ་ཅི་ལོག་པར་རྟོག་པར་རིག་པར་བྱ་ཞེ་ན། ཟག་པ་མེད་པའི་དམིགས་པ་དག་ནི ་ཟག་པ་དང་བཅས་པའི་དངོས་པོ་ཉིད་གདོན་མི་ཟ་བར་ཕྲ་རྒྱ་སུ་བྱེད་པ་མ་ཡིནོ།། གཟུགས་ཀྱི་ཁམས་ན་ནི་ཁོང་ཁྲོ་མེད་པས་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དོག་ནི་དགུའོ།། གཟུགས་མེད་པའི་ཁམས ་ང་དེ་བཞིན།། འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་ནི་བསྒོམ་པས་སྤང་བར་བྱ་བ་སྟེ། མཐོང་བའི་ལམ་སྐྱེས་སུ་ཟིན་ཡང་གང་ལ་བརྟེན་ནས་འཕགས་པ་ཉན་ཐོས་ལ་ངའོ་སྙམ་པའི་ད་རྒྱལ་ཀུན་ཏུ་འབྱུང་བའོ།། ཇི་སྐད་དུ ་ཚེ་དང་ལྡན་པ་བྲན་ཅན་ཁོ་བོས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་བདག་གོམ་བདག་གིར་རྗེ་སུ་མི་མཐོང་མེད་ཀྱི། འོན་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ངའོ་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་པའི་འདུན ་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤང་སོ།། ཡོངསུ་མ་ཤེ་སོ།། མ་བཀག་གོ།། མཐའ་མེད་པར་མ་བྱས་སོ།། ཞེས་གསུངས་པ་ལྟ་བུའོ།། དཔེར་ན་མ་མའི་གོས་དྲི་མ་ཅན་དུ་གྱུར་པ་བུལ་ཏོག་ལ་སོགས་པས་ལེགས་པར་བཀྲུས ་ཏེ་དྲི་མ་མེད་པར་གྱུར་ཀྱང་དེ་ཞེན་པར་གོས་པས་དྲི་མནམ་པའི་བག་ཡོད་དེ། དེ་སྤོས་དྲི་ཞིམ་པོ་བསྒོ་བས་ཡང་བསལ་བར་བྱ་དགོས་པ་དེ་བཞིན་དུ་མཐོང་བའི་ལམ་གྱིས་འཇིག་ཚོགས་ལ་ལྟ་བ་ཀུན་ཏུ་བརྟགས་པའི་དྲི་མ ་སྤངས་པའི་འཕགས་པ་ཉན་ཐོས་ལ་ཡང་སྔོན་མངོན་པར་ཞེན་ཏེ་གོམས་པར་བྱས་པ་དངོས་པོ་མ་གཏོགས་པའི་བདག་ཏུ་ལྟ་བ་རྗེསུ་འབྲང་སྟེ། དེ་ནི་ལམ་བསྒོམ་པས་སྤང་བར་བྱ་དགོས་པ་ཡི་ནོ།། མཐར་འཛིན་པར་ལྟ་བ་ལྷན་ཅིག ་སྐྱེས་པ་ནི་ཆད་པར་ལྟ་བས་བསྡུས་པར་རིག་པར་བྱ་སྟེ། དེས་བདག་གི་བདག་གང་ཡིན་ཞེས་ཡོང་སུ་ཡི་ཆད་པའི་ཕྱིར་མྱ་ངན་ལས་འདས་པ་ལ་ཡིད་ཕྱིར་ལྡོག་པར་བྱེད་དོ།། ལྟ་བོའི་ཕྱོགས་དང་མཐུན་པ་མ་གཏོགས་པར་འདོད་ཆ ་ལོ་སོགས་པ་ནི་བསྒོམ་པས་སྤང་བར་བྱ་བ་དག་གོ། དེའི་གཞིའི་དངོས་པོ་ཡོངསུ་ཤེས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞི་ནོ།། ངོ་བོ་ཉིད་ཡོངསུ་ཤེས་པ ་ཞེས་བྱ་བ་ནི། སེམས་ཅན་ཀུན་ནས་ཉོན་མོངས་པར་བྱེད་པའི་བདག་ཉིད་ཀྱི་ཉོན་མོངས་པ་ནི་འབྱུང་ངོ་ཞེས་བྱའོ།། ཉེས་དམིགས་ཡོངསུ་ཤེས་པ་ཞེས་བྱ་བ་ནི་བདག་ལོ་གནོད་པ་དང་གཞན་ལ་གནོད་པ་དང་། གཉི་ག་ལ་གནོད ་པར་འགྱུར་བ་དང་། མཐོང་བའི་ཆོས་ཀྱི་ཁ་ན་མ་ཐོ་བོ་བསྐྱེད་པ་རྣམས་དང་། ཚེ་ཕྱི་མའི་ཁ་ན་མྱ་ཐོ་བ་བསྐྱེད་པོ་དང་། དེ་ལས་བྱུང་བའི་སེམས་ལས་བྱུང་པོ་སྡུག་བསྔལ་དང་སིད་མི་བདེ་བ་མྱོང་བར་བྱེད་པའོ།། དེ་ལྟར་རྣམ་པ་གསུམ་གྷ ་ཡོངས་སུ་ཤེས་ནས་ཉོན་མོངས་པ་འབྱུང་བར་གྱུར་པ་དང་དུ་མོ་ལེན་པའི་ཚུལ་གྱིས་ཡོང་སུ་སྤོང་ངོ་།། མ་སྐྱེས་མི་བསྐྱེད་པའི་ཕྱིར་ལམ་བསྒོམ་མོ།། འདྲེས་པ་ལཾ་དམིགས་པས་ཡིད་ལ་བྱེད་པས་ཞེསོ་བྱ་བ་ནི་ཐ་དད་པ་མེད་པ་ལོ་ངམི། ་པ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཀྱི་རྣམ་པར་ཞེས་བྱ་བའི་ཐ་ཚིག་གོ། གལ་ཏེ་ཆོས་ཐམས་ཅད་བདག་མེད་དོ་ཞེས་བདག་མེད་པར་ཤེས་པ་ཉིད་ཀྱིས་ཉོན་མོངས་པ་སྤོང་བར་འགྱུར་ན། མི་རྟག ་པ་ལ་སོགས་པའི་རྣམ་པ་ཅིའི་ཕྱིར་བསྟན་ཞེ་ན། དེ་དག་ནི་ཉོན་མོངས་པ་སྤོང་བ་མོ་ཡིན་གྱི་བདག་མེད་པའི་རྣམ་པར་ཡོངས་སུ་སྦྱོང་བར་བྱ་བའི་ཕྱིར་ཏེ། མི་རྟག་པའི་རྣམ་པ་ལ་བརྟེན་ནས་སྡུག་བསྔལ་གྱི་རྣམའཐོབ་བོ།། ་སྡུག་བསྔལ་གྱི་རྣམ་པ་ལ་བརྟེན་ནས་བདག་མེད་པའི་རྣམ་པ་འཐོབ་སྟེ། ཇི་སྐད་དུ་གང་མི་རྟག་པ་དེ་སྡུག་བསྔལ་བའོ།། དེ་བདག་མེད་པའོ་ཞེས་གསུངས་པ་ལྟ་བུའོ།། དེ་བས་ན་བདག་མེད་པའི་རྣམ་པ་ནི་བླ་ན་མེད་པ་ཉིད་དུ་རྣམ་པར ་བཞག་གི། བླ་ན་མེད་པ་ཉིད་ལ་བརྩམས་ནས་བླ་ན་མེད་པ་ཉིད་གསུམ་སྟེ། ཤེས་པ་བླ་ན་མེད་པ་ཉིད་དང་། ལམ་བླ་ན་མེད་པ་ཉིད་དང་། རྣམ་པར་གྲོལ་བ་བླ་ན་མེད་པ་ཉིད་དོ།། དེ་ལ་ཤེས་པ་བླ་ན་མེད་པ་ཉིད་ནི་བདག་མེད་པའི་ཤེས ་པ་ཉིད་དེ། དེའི་ཕ་རོལ་ཏུ་ཤེས་པ་གཞན་བསྔལ་དུ་མེད་པའི་ཕྱིར།། ལམ་བླ་ན་མེད་པ་ཉིད་ནི་སླ་ལ་མངོན་པར་ཤེས་པ་མྱུར་བ་སྟེ། དེ་ནི་ལམ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ།། རྣམ་པར་གྲོལ་བ་བླ་ན་མེད་པ་ཉིད་ནི་མི ་སློབ་པ་མི་འཁྲུགས་པའི་རྣམ་པར་གྲོལ་བ་སྟེ། རྣམ་པར་གྲོལ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ།། བླ་ན་མེད་པ་རྣམ་པ་གསུམ་པོ་འདི་དག་ནི་གོ་རིམ་བཞིན་དུ་མཐོང་བ་དང་། བསྒོམ་པ་དང་། མཐར་ཕྱིན་པའི ་ལམ་གྱི་དབང་དུ་བྱས་པར་རིག་པར་བྱའོ།། བམ་པ་ཀྵ་པ།། དམིགས་པའི་ལུས་ཞེས་བྱ་རྣ་རྨན་སོགས་པ་གཟུགས་ལྔགྶ་གྲགས་པའོ།། བྱུད་པའི་ལས་ནི་ས་ལ་སོགས་པའོ་སྟེ། རྟེན་པ ་ལ་སོགས་པའོ།། ཡང་ན་གང་གི་མཚན་ཉིད་ཀྱི་བྱེད་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། གཟུགས་ཀྱི་ནི་གཟུགསུ་ཡོད་པའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། རྩོལ་བའི་ལས་ནི་བསམ་པ་སྔོན་དུ་བཏང་བའི་ལུས་ལ་སོགས་པའི ་ལས་སོ།། བསྒྱུར་བའི་ལས་ནི་གསེར་མགར་ལ་སོགས་པའི་སྟེ། རྒྱན་ལ་སོགས་པའོ།། འཐོབ་པའི་ལས་ནི་འཕགས་པའི་ལམོ་ལ་སོགས་པ་སྟེ། མྱ་ངན་ལས་འདས་པ་འཐོབ་པ་ལ་སོགས་པའོ།། སྐབས་འདིར་ནི་ཕལ་ཆེར ་རྩོལ་བའི་ལས་སུ་འདོད་དོ་ཞེས་བྱ་བ་ནི་འཐོབ་པ་དང་། བྱེད་པའི་ལས་ཀྱང་ཡོད་པའི་ཕྱིར་རོ།། ལུས་ལ་སོགས་པའི་ལས་ལ་ལས་ཀྱི་ལམ་ཞེས་བྱ་བ་ནི་མདོ་སྡེ་དང་མཐུན་པར་ཇི་ལྟར་གཙོ་བོ་བསྟན་པར་རིག་པར་བྱ་སྟེ། དེ་ལ་སྦྱོར ་བ་ལ་སོགས་པ་ཡང་ལུས་ལ་སོགས་པའི་ལས་ཀྱི་ནང་དུ་འདུས་པའི་ཕྱིརརོ།། ལས་ཀྱི་ལམ་གསུམ་དང་བཞི་དང་གསུམ་ནི་གོ་རིམ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ལུས་ཀྱི་མཚན་ཉིད་དུ་རིག་པར་བྱའོ།། སྲོག་གཅོད་པ་ལ་སོག ་པའི་གཞི་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་། སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་དང་། ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། གང་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པ་འབྱུང་བའོ།། བསམ་པ་ནི་གཞི་དེ་ལ ་དེར་འདུ་ཤེས་པའི་བསམ་པ་དང་། ལས་ཀྱི་ལམ་དེ་བྱེད་པར་འདོད་པའི་བསམ་པའོ།། སྦྱོར་བ་ནི་དེ་བྱ་བའི་ཕྱིར་བདག་གམ་གཞན་གྱི་ལུས་དང་ངག་དང་ཡིད་ཀྱི་རྩོམ་པའོ།། ཉོན་མོངས་པ་ནི་འདོད་ཆགས་དང ་ཞེ་སྡང་དང་གཏི་མུག་འདུས་པ་དང་སོ་སོ་བ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ།། ཟིན་པར་བྱས་པ་ནི་སྦྱོར་བ་དེ་དང་དེས་དེའི་དུས་སམ་ཕྱིས་ལས་དེ་དང་དེས་ཡོངསུ་རྫོགས་པའོ།། །། དེ་ལ་སྲོག་གཅོད་པའི་གཞི ་ནི་སེམས་ཅན་ནོ།། བསམ་པ་ནི་དེ་ལ་དེར་འདུ་ཤེས་ཤིང་བསད་པའི་བསམ་པའོ།། སྦྱོར་བ་ནི་བསོད་པར་བསམས་པའི་མཚོན་ཆ་ལ་སོགས་པའོ།། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ།། ཟིན་པར་བྱས་ནི་སྦྱོར ་བ་དེས་དེ་མ་ཐག་ཏུ་འམ་ཕྱིས་ཤི་བའོ།། མ་བྱིན་པར་ལེན་པ་ལ་སོགས་པའི་གཞི་དང་། ཟིན་པར་བྱས་པ་བཤད་པར་བྱའོ།། ལྷག་མ་ནི་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ།། མ་བྱིན་པར་ལེན་པའི་གཞི་ནི་གཞན་གྱིས ་ཡོངསུ་གཟུང་བ་སེམས་ཅན་གྱི་གྲངསུ་གཏོགས་པ་འམ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པའོ།། ཟིན་པར་བྱས་པ་ནི་བདག་གིར་བྱས་པའོ།། འདོད་པ་ལ་ལོག་པོར་གཡེམ་པའི་གཞི་ནི་སྤྱོད་ཡུལ་མ་ཡིན་པའི་བུད་མེད ་དང་། སྤྱོད་ཡུལ་ཡིན་ཡང་ཡན་ལག་མ་ཡིན་པ་དང་། ཡུལ་མ་ཡིན་པ་དང་། དུས་མ་ཡིན་པ་དང་། ཚེད་མ་ཟིན་པ་དང་། རིགས་མ་ཡིན་པ་དང་། ཕོ་དང་མ་ནིང་ཐམས་ཅད་དོ།། ཟིན་པར་བྱས་པ་ནི་གཉིས་ཀྱིས་གཉིས་སྤང་བའོ།། ་བརྫུན་དུ་སྨྲ་བའི་གཞི་ནི། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། མ་མཐོང་བ་དང་། མ་ཐོས་པ་དང་། བྱེ་བྲག་མ་ཕྱེད་པ་དང་། རྣམ་པར་མ་ཤེས་པའོ།། བསམ་པ་ནི་གཞན་དུ ་འདུ་ཤེས་ལ་གཞན་དུ་སྨྲ་བར་འདོད་པའོ།། ཟིན་པར་བྱས་པ་ནི་འཁོར་དོང་ཕྱིར་རྒོལ་བས་གོ་བར་བྱེད་པའོ།། ཕྲ་མའི་གཞི་ནི་སེམས་ཅན་འདུམ་པ་དང་། མི་འདུམ་པ་དག་གོ།། བསམ་པ་ནི་དབྱེ་བ་དང་སྣུམ་མི་བྱ་བར་སེམས ་པའོ།། ཟིན་པར་བྱས་པ་ནི་ཆེ་བར་ཤེས་པར་བྱེད་པའོ།། ངག་རྩུབ་པོའི་གཞི་ནི་ཀུན་ནས་མནར་སེམས་ཀྱི་གཞིར་གྱུར་པའི་སེམས་ཅན་རྣམ་སོ།། ཟིན་པར་བྱས་པ་ནི་ངག་རྩུབ་པོ་སྨྲས་པའོ།། ཚིག་བཀྱིལ་པའི་གཞི་ནི་དོན་མེད་པ ་དང་ལྡན་པའི་དོན་ཏོ།། ཟིན་པར་བྱས་པ་ནི་དེ་སྨྲས་པའོ།། བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ནོར་དང་ཡོ་བྱད་དོ།། བསམ་པ་ནི་དེ་ལ་དེར་འདུ་ཤེས་ཤིང་དེ་བཞིན་དུ་འདོད་པའོ།། སྦྱོར་བ་ནི་དེ་བདག་གིར་བྱ་བར་སེམས་པའོ།། ཟིན་པར ་བྱས་པ་ནི་བདག་གིར་བྱ་བར་ངེས་པའོ།། གནོད་སེམས་ཀྱི་གཞི་ནི་ཀུན་ནས་མནར་སེམས་ཀྱི་རྒྱུར་གྱུར་པའི་སེམས་ཅན་རྣམསོ།། ཟིན་པར་བྱས་པ་ནི་བསད་པ་ལ་སོགས་པར་དྲིས་པའོ།། ལོག་པར་ལྟ་བའི་གཞི་ནི་དོན་ཡོད་པའོ།། ། ་བསམ་པ་ནི་ཡོད་པ་ལ་མེད་པར་འདུ་ཤེས་ཤིང་དེ་བཞིན་དུ་འདོད་པའོ།། ཟིན་པར་བྱས་པ་ནི་སྐུར་པ་འདེབས་པར་ངེས་པའོ།། གཞན་གྱི་བསྒོ་བ་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འགའ་ཞིག་མི་འདོད་བཞིན་དུ་གཞན་དག ་གིས་ནན་གྱིས་བསྒོ་ནས་བསམས་ཏེ། མི་དགེ་བ་སྤྱོད་པའོ།། གཞན་གྱིས་གསོལ་བ་བཏབ་པ་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འགའ་ཞིག་མི་འདོད་བཞིན་དུ་གཞན་དག་གིས་གསོལ་བ་བཏབ་ནས། འདི་ནི ་ཕན་པའོ།། ཞེས་ཡང་དག་པར་འཛིན་དུ་བཅུག་ཅིང་ལེན་དུ་བཅུག་ནས་བསམས་ཏེ་མི་དགེ་བ་སྤྱོད་པའོ།། མི་ཤེས་པའི་སེམ་པ་ལས་གྱུར་པ་ནི་འདི་ལྟ་སྟེ། ཁ་ཅིག་ཡོན་ཏན་དང་ཉེས་པར་མངོན་པར་མི་ཤེས་ཤིང་། མངོན་པར་ཞེན ་པ་མེད་པ་ལ། འདོད་དགུར་བསམས་ནས་མི་དགེ་བ་སྤྱོད་པའོ།། རྩ་བ་ལ་མངོན་པར་ཞེན་པའི་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འགའ་ཞིག་མི་དགེ་བའི་རྩ་བ་ཆགས་པ་ལ་སོགས་པས་ཟིལ་གྱིས་ནོན་ཅིང་སེམས་ནོན་ནས ་མངོན་པར་ཞེན་པ་དྲག་པོས་བསམས་ཏེ་མི་དགེ་བ་སྤྱོད་པའོ།། ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འགའ་ཞིག་ཆོས་འདོད་ཀྱང་མི་མཐུན་པའི་རྒྱུ་ལ་ལྔ་སྟེ། ཕྱི་མ་ལ་ཡིད་དུ་འོང་བའི་འབྲས་བུའི་དོན་ཏུ་བསམས ་ནས་མི་དགེ་བ་སྤྱོད་པའོ།། དེ་ལ་སེམས་པ་ལས་གྱུར་པ་དང་པོ་གསུམ་ནི་ལས་བྱས་སུ་ཟིན་ཀྱང་སོགས་པ་ཉིད་དུ་མི་འགྱུར་ཏེ། དེའི་ཕྱིར་འདིའི་རྣམ་པར་སྨིན་པ་གདོན་མི་ཟ་བར་མྱོང་བར་འགྱུར་བ་མ་ཡིནོ།། སེམས་པ་ལས་གྱུར་པ ་ཐ་མ་གཉིས་ནི་གོལ་ཏེ་བྱས་པར་གྱུར་ན་བསགས་པ་ཡིན་ཏེ། དེའི་རྣམ་པར་སྨིན་པ་གདོན་མི་ཟ་བར་མྱོང་བར་འགྱུར་རོ།། སོགས་པ་ནི་བག་ཆགས་འཕེལ་བའོ།། ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པའི་ས ་བོན་ཡོངས་སུ་གསོས་པར་རིག་པར་བྱའོ།། ལས་བྱེད་པར་ངེས་པ་ནི་སྔོན་གྱི་ལས་རྣམས་ཀྱིས་རྣམ་པར་སྨིན་པའི་རྒྱུད་ངེས་པར་བྱས་ནས་འཕངས་པར་གྱུར་པ་སྟེ། གང་གི་ཚེ་དེ་ལ་འདིས་ལས་འདི་བྱེད་པར་ངེས་པ་དེ་དང་འགལ་བར་ལས ་དེ་བྱེད་དེའི་རྒྱུའི་ངེས་པར་ཇི་ལྟ་བ་བཞིན་དུ་འབྲས་བུའི་རྒྱུར་གྱུར་པའི་ཕྱིར་དེ་མི་བྱ་བར་བཟློག་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མཛད་མི་སྤྱོད་དོ།། རྣམ་པར་སྨིན་པ་མྱོང་བར་ངེས་པ་ནི། སེམས་པ་ལས་གྱུར་པའི ་ལས་ཀྱི་སྟེ། སྔ་མ་བཞིན་ནོ།། དུས་ངེས་པ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ལ་སོགས་པའི་ལས་རྣམས་ཀྱི་དུས་ཀྱང་ངེས་པར་བྱས་པ་ཡིན་ཏེ། ཇི་ལྟར་རྣམ་པར་སྨིན་པ་འདིས་ནི་མཐོང་བའི་ཆོས་ལ་རྣམ་པར་སྨིན་པར་བྱེདདོ།། ་འདིས་ནི་སྐྱེས་ནསོ།། འདིས་ནི་ལན་གྲངས་གཞན་ལའོ།། ཞེས་བྱ་བའོ།། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱིས་རྣམ་པར་སྨིན་པའི་འབྲས་བུ་ནི་དུད་འགྲོ་དང་ཡི་དྭགས་དང་། སེམས་ཅན་དམྱལ་བ་རྣམསུ་རིག་པར་བྱའོ།། རྒྱུ་མཐུན་པོའི ་འབྲས་བུ་ནི་ངན་སོང་རྣམས་ནས་ཤི་འཕོས་ནས་མིར་སྐྱེས་པ་རྣམས་ཀྱི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པ་སོ་སོ་དང་མཐུན་པའི་ལུས་དང་ཡོངསུ་གཟུང་བ་མི་འབྱོར་པ་སྟེ། འདི་ལྟར་ཚེ་ཐུང་བ་དང་དབུལ་བ་ལ་སོགས་པ་ཇི ་ལྟར་མཐུན་མཐུན་དུ་སྦྱརརོ།། བདག་པོའི་འབྲས་བུ་ནི་སོ་སོ་དང་མཐུན་པ་ཉིད་དུ་ཕྱིའི་དངོས་པོ་ལོ་ཏོག་ལ་སོགས་པ་མི་འབྱོར་པ་སྟེ། འདི་ལྟར་སྲོག་གཅོད་པའི་དབང་གིས་ནི་བྱི་ན་ཆུང་བར་འགྱུར་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་དུ ་དགེ་བ་བཅུའི་ལས་ཀྱི་ལམ་ཟག་པ་དང་བཅས་པ་རྣམས་ཀྱི་འབྲས་བུ་དག་ཀྱང་ལྷ་དང་མི་རྣམས་ཀྱི་ནང་དུ་གསུམ་གསུམ་དུ་འགྱུར་བར་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ།། ལས་གཅིག་གིས་ལུས་གཅིག ་འཕེན་པ་ནི་ལས་ཀྱི་སྐད་ཅིག་གཅིག་གིས་ཚེ་གཅིག་ཁོ་ནའི་རྣམ་པར་སྦྱིན་པའི་ས་བོན་གསོས་པའི་ཕྱིར་རོ།། གཅིག་གིས་དུ་མའི་འཕེན་པ་ནི། དེ་ཉིད་ཀྱི་ཚེ་རབས་དུ་མའི་རྣམ་པར་སྨོན་པའི་ས་བོན་གསོས་པའི་ཕྱིར་རོ།། དུ་མས ་གཅིག་འཕེན་པ་ནི་ལས་ཀྱི་སྐད་ཅིག་མང་པོས་དེ་གཅིག་པོ་ཉིད་ཀྱི་ས་བོན་ཡང་དང་ཡང་གསོས་པའི་ཕྱིར།། དུ་མས་དུ་མ་འཕེན་པ་ནི་མང་པོ་དག་ཕན་ཚུན་བལྟོས་ནས་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ས་བོན་གསོས ་པའི་ཕྱིརརོ།། ཅིའི་ཕྱིར་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་དགེ་བ་ལ་མི་གཡོ་བ་ཞེས་བྱ་ཞེ་ན། ཇི་ལྟར་འདོད་པ་ན་སྤྱོད་པའི་འགྲོ་བ་གཞན་གྱི་ཡོངསསུ་རྫོགས་པར་བྱེད་པའི་དགེ་བ་ནི་གཞན་དུ་རྣམ་པར་སྨིན་པ་འབྱིན ་པར་བྱེད་པ་དེ་བཞིན་དུ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ནི་དེ་ལྟ་མ་ཡིན་ཏེ། སའི་ངེས་པས་འབྲས་བུ་འབྱིན་པའི་ཕྱིར་རོ།། དེ་བས་ན་རྣམ་པར་སྨིན་པ་འབྱིན་པར་གཡོ་བོ་མེད་པ་དང་། མཉམ་པར་བཞག་པའི་ས་པ་ཡིན་པོས ་མི་གཡོ་བའི་ཕྱིར་མི་གཡོ་བ་ཞེས་བཤད་དོ།། འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་ནི་མི་དགེ་བའི་འདུ་བྱེད་རྣམས་འབྱུང་ངོ་ཞེས་བྱ་བ་ནི་དེ་དག་གི་ནི་གཅིག་ཏུ་ཉོན་མོངས་པ་ཅན་ཡིན་པས་མ་རིག་པ་ཡོད་པར་གྱུར་ན་འབྲས་བུ ་རྣམ་པར་སྨིན་པ་ལ་མངོན་པར་ཡིད་ཆེས་པའི་རྣམ་པའི་ཡང་དག་པའི་ལྟ་བའི་སྐབས་མེད་པའི་ཕྱིར་རོ།། དེ་ཁོ་ནའི་དོན་ལ་རྨོངས་པ་ནི་བསོད་ནམས་དང་མི་གཡོ་བ་རྣམ་སོ།། ཞེས་བྱ་བ་ལ་དེ་ཁོ་ནའི་དོན་ཅེས་བྱ་བ་ནི་འཕགས་པའི ་བདེན་པ་བཞི་པོ་དག་གོ།། དེ་ལ་རྨོངས་ན་དགེ་བའི་སེམས་ཡོད་དུ་ཟིན་ཀྱང་བདེན་པ་མ་མཐོང་བ་རྣམས་ལ་བག་ལ་ཉལ་གྱི་རྗེ་སུ་འབྲེལ་བར་འགྱུར་རོ།། དེའི་དབང་གིས་དེ་དག་ཁམས་གསུམ་པ་སྡུག་བསྔལ་ཉིད་དུ་ཡང་དག་པ ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མ་ཤེས་པའི་ཕྱིར་ཡང་སྲིད་པའི་རྒྱུར་གྱུར་པའི་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་རྣམས་སློང་བར་བྱེད།། བདེན་པ་མཐོང་བ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་ཁོ་ནའི་དོན་ལ་རྨོངས་པ་མེད་པའི ་ཕྱིར་རོ། དེ་བས་ན་དེ་དག་ནི་དེའི་རྒྱུ་ལས་བྱུང་བ་རྣམས་ཤེས་བྱའོ།། སྲོག་གཅོད་པ་ལ་ཡང་ཤ་ལ་སོགས་པ་འདོད་པ་རྣམས་ནི་ཆགས་པས་སྦྱོར་རོ།། ཤ་གློན་པར་འདོད་པ་རྣམས་ནི་ཞེ་སྡང་གིས་སྦྱོར་རོ།། མཆོད་སྦྱིན་ལ་སོཌ ་པ་ནི་གཏི་མུག་གིས་སྦྱོར་རོ།། ཞེ་སྡང་ཉིད་ཀྱིས་ནི་མཐར་ཕྱིན་པར་བྱེད་དེ།། སྙིང་རྗེ་མེད་པ་མ་ཡིན་པར་སེམས་ཅན་གསོད་མི་སྲིད་པའི་ཕྱིརརོ།། ངགི་རྩུབ་པོ་ལ་སོགས་པ་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ།། བོ་རྣབ་སེམས ་ལ་སོགས་པ་ལ་ཇི་ལྟར་ཆགས་པ་ལ་སོགས་པས་སྦྱོར་ཞེ་ན། དེ་ལ་བརྣབ་སེམས་ཀྱི་ལས་ཀྱི་ལམ་ནི་གཞན་གྱི་ནོར་དང་ཡོ་བྱད་བདག་གིར་བྱེད་པར་ངེས་པའོ།། ཞེས་བསྟན་པ་དེ་ལ་གཞན་གྱི་ནོར་དང་ཡོ་བྱད་དེ་ཉིད་འདོད་པར་གྱུར་ན། ་དེ་བདུག་གིར་བྱ་བའི་ཕྱིར་མངོན་པར་འདུ་བྱེད་དེ། དེའི་ཕྱིར་ཆགས་པས་སྦྱོར་བར་རྣམ་པར་བཞག་གོ།། རྩི་སྟེ་འདིར་ཡིར་མ་གྱུར་ཅིག་ཅེ་ན། དེ་ལྟར་ན་ནི་ཞེ་སྡང་གིས་སྦྱོར་རོ།། ཅི་སྟེ་གཞན་གྱིས་བདག་གིས ་བྱས་ཀྱང་ཉེས་པ་ཅི་ཡང་མེད་དོ་སྙམ་ན་གཽཏི་མུག་གིས་སྦྱོར་བར་རིག་པར་བྱའོ།། གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། ཕན་ཚུན་གྱི་དབང་གི་བྱུང་བ་ཡང་ཐུན་མོངས་པའི་ལས་སུ་རིག་པར་བྱ་སྟེ། དེའི་དབང་གིས ་སེམས་ཅན་རྣམས་ཕན་ཚུན་དུ་སེམས་དང་སེམས་ལས་བྱུང་པོ་འབྱུང་བའི་རྒྱུར་འགྱུར་རོ།། མི་མཐུན་པའི་ཕྱོགས་ཀྱི་ལས་པས་ནི་གཉེན་པོའི་ལས་སྟོབས་དང་ལྡན་པར་བལྟ་སྟེ། མི་མཐུན་པའི་ཕྱོགས་ཀྱིས་འབྲས་བུ་འཕངས ་ཟིན་ཀྱང་། གཉེན་པོའི་སྟོབས་ཀྱིས་གཞན་དུ་བསྒྱུར་བའི་ཕྱིར་རོ།། གཉེན་པོའི་སྟོབས་ཅན་གྱི་དགེ་བའི་ལས་སེམས་པ་ལས་གྱུར་པ་ནི། མི་དགེ་བ་པས་སྟོབས་དང་ལྡན་པར་བལྟའོ།། གཉེན་པོའི་མཐུ་ཆུང་བའི་མི་དགེ་བ་ནི་དགེ ་བ་བ་སྟོབས་དང་ལྡན་ནོ།། དགེ་བ་དང་མི་དགེ་བ་རྣམ་པར་སྨིན་པར་ངེས་པ་འཕགས་པའི་ལམ་གྱིས་མ་སྤངས་པ་ཐམས་ཅད་ནི་བྱེ་བྲག་མེད་པར་སྟོབས་དང་ལྡན་པ་ཞེས་བྱའོ།། འདོད་པ་དང་རབ་ཏུ་ལྡན་པའི་མི་དགེ་བ་ནི་རང་བཞིན ་གྱིས་སྟོབས་དང་ལྡན་པ་སེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པའི་འཁོར་མང་བའི་ཕྱིར་རོ།། གང་སྔོན་གོམས་པར་བྱས་པ་དེ་ཡང་སྟོབས་དང་ལྡན་པ་སྟེ། དེས་རྒྱུད་ལ་བསྒོས་པའི་ཕྱིར་རོ།། གང་གནས་ལ་གནས ་པ་ནི་ནར་སོན་པ་རྣམས་ཀྱི་སྟེ། མངོན་པར་ཞེན་པ་དང་དད་པ་དྲག་པོས་བྱེད་པའི་ཕྱིར་རོ།། ཡོང་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱི་ལམ་སྒྲུབ་ཏུ་མེད་པ་གང་ཡིན་པ་དེ་ནི་གཉེན་པོས་དབྱུང་དུ་མེད་པའི་ཕྱིརརོ།། ཞིང་ནི ་མ་གསོད་པ་ལ་སོགས་པའོ།། སེམས་ཀྱི་མངོན་པར་འདུ་བྱེད་པ་ནི་བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ་ལ་སོགས་པ་སྟེ། སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱའོ།། ཡང་རྣམ་པ་དགུས་སྟོབས་དང་ལྡན་པའི་ལས་སུ ་རིག་པར་བྱ་སྟེ། འདི་ལྟ་སྟེ། ཞིང་ནི་གལ་ཏེ་ཡོན་ཏན་དང་ལྡན་པའི་སྦྱིན་གནས་ཞིང་དུ་གྱུར་པའོ།། དངོས་པོ་ནི་གལ་ཏེ་སྦྱིན་པའི་དངོས་པོ་གྱ་ནོམ་ཞིང་མང་པོར་གྱུར་པའོ།། ངོ་བོ་ཉིད་ནི་སྦྱིན་པ་པས་ཚུལ་ཁྲིམས་སྟོབས་དང ་ལྡན་ནོ།། ཚུལ་ཁྲིམས་པས་བསྒོམ་པའོ་ཞེས་བྱ་བ་ལ་སོགས་པའོ།། གཞི་ནི་བསོད་ནམས་བྱེད་པ་གལ་ཏེ་འདོད་ཆགས་དང་བྲལ་བར་གྱུར་པའོ།། ཡིད་ལ་བྱེད་པ་ནི་གལ་ཏེ་ཡིད་ལ་བྱེད་པ་དོད་པ་དྲག་པོ་དང་ལྡན་པར་གྱུར་པའོ།། ་བསམ་པ་ནི་མྱ་ངན་ལས་འདས་པའི་བསམ་པ་དང་ལྡན་པར་གྱུར་པའོ།། གྲོགས་ནི་དེ་ལས་གཞན་པའི་བསོད་ནམས་བྱ་བའི་དངོས་པོས་ཡོངས་ཟིན་པར་གྱུར་པའོ།། ལན་མང་དུ་བྱེད་པ་ནི་ཡང་དང་ཡང་དུ་བྱས་པར་གྱུར ་པ་འམ་རྗེ་སུ་རྣམ་པར་བརྟགས་པའོ།། སྐྱེ་བོ་མང་པོས་ཀྱང་ཞེས་བྱ་བ་ནི་བདག་གིས་ཀྱང་བྱས་པར་གྱུར་ལ་གཞན་དག་ཀྱང་བྱེད་དུ་བཅུག་པའོ།། སུ་ཞིག་འདི་སྐད་དུ་སྐྱེས་བུ་གང་ཟག་འདི་ཇི་ལྟ་ཇི་ལྟར་ལས་བྱེད་ཅིང་སོགས ་བྱ་བའི་ངེས་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་བཀག་གོ།། ཡང་སུ་ཞིག་འདི་སྐདདུ། སྐྱེས་བུ་གང་ཟག་འདི་ཇི་ལྟར་མྱོང་བར་འགྱུར་བ་ཇི་ལྟར་མྱོང་བར་འགྱུར་བ་ཞེས་བྱ་བ་ལ་སོགས་པས་ནི་བདེ་བ་དང་ལྡན་པའི་དགེ་བ་དང་། མི ་དགེ་བ་ཕྱི་མ་ལ་ཇི་ལྟར་མཐུན་མཐུན་དུ་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་མྱོང་བར་འགྱུར་བའི་བདེ་བ་ལ་སོགས་པའི་རྣམ་པར་སྨིན་པ་ནི་གནང་ངོ་།། རབ་ཏུ་བྱུང་བའི་སྡོམ་པ་ནི ་རྣམ་པ་ལྔ་སྟེ། དགེ་སློང་གི་སྡོམ་པ་ནས་དགེ་ཚུལ་མའི་སྡོམ་པའི་བར་དུའོ།། ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་དང་། འདོད་པ་ལས་དབེན་པར་སྤྱོད་པ་ཞེས་བྱ་བ་ནི་གང་ཟག་གི་དབང་དུ་བྱས་ནས་རྣམ་པར་བཞག་པ་སྟེ།། ། ་འདི་ལྟར་དེ་འདྲ་བ་དེ་ནི་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད་པོ་དང་། མི་ཚངས་པར་སྤྱོད་པ་སྤོང་བར་ནུསོ།། དགེ་བསྙེན་དང་དགེ་བསྙེན་མའི་སྡོམ་པ་ནི་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པའི་དབང་དུ ་བྱས་པ་སྟེ། འདོད་པ་ལས་དབེན་པར་སྤྱོད་པ་ནི་མ་ཡིནོ།། དེ་བས་ན་འདིའི་སྡོམ་པ་ཇི་སྲིད་འཚོའི་བར་དུ་འདོད་པ་ལ་ལོགས་པར་གཡེམ་པ་སྤོང་བར་རྣམ་པར་བཞག་གོ། མི་ཚངས་པར་སྤྱོད་པ་སྤོང་བ་ནི་མ་ཡིནོ།། བསྙེན་གནས་པའི ་སྡོམ་པ་ནི་ཉེས་པར་སྤྱོད་པ་ལས་དབེན་པོར་སྤྱོད་པ་ཡང་མ་ཡིན་འདོད་པ་ལས་དབེན་པར་སྤྱོད་པ་ནི་མ་ཡིན་པ་སྟེ། དེའི་ཕྱིར་དེའི་སྡོམ་པ་ནི་ཉིན་ཞག་གཅིག་པ་ལ་བསྙེན་གནས་པའི་སྡོམ་པོར་བཏགས་ཏེ། རིམ་གྱིས་དེ་གཉི་ག ་པཱ་དེ་ལྟ་དེ་ལྟར་རྣམ་པར་སྨིན་པ་མྱོང་བར་འགྱུར་ན། དེ་ལྟར་ན་ཚངས་པར་སྤྱོད་པས་གནས་པར་མི་འགྱུར་ཞིང་ཡང་དག་པར་སྡུག་བསྔལ་ཟད་པ་དང་། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་མི་སྣངོ་ཞེས ་ཟེར་བ་ཞེས་བྱ་བ་ལ། ཇི་ལྟར་བྱས་ན་ཚངས་པར་སྤྱོད་པས་གནས་པར་མི་འགྱུར་ཞེ་ན། ཉོན་མོངས་པ་དྲག་པོས་དང་ལྡན་པ་སོ་སོར་བརྟགས་ན་སྡུག་བསྔལ་དང་བཅས་ཤིང་ཡིད་མི་བདེ་བ་དང་བཅས་པར་ཚུལ་ཁྲིམས་ཡོངསསུ་བསྲུང ་བའི་ཕྱིར་གལ་ཏེ་དེའི་རྣམ་པར་སྨིན་པ་ཡང་དེ་བཞིན་དུ་སྡུག་བསྔལ་དང་བཅས་ཤིང་ཡིད་མི་བདེ་བ་དང་བཅས་པ་མྱོང་ན་ནི་དེ་ཡོངསུ་བསྲུང་བ་དོན་མེད་པར་འགྱུར་རོ།། གཞན་གྱི་ཆུང་མ་ལ་སོགས་པ་ལ་བདེ་བ་དང་བཅས་ཤིང་ཡིད་བདེ་བ ་དང་བཅས་པར་ཚུལ་ཁྲིམས་འཆལ་པར་བྱས་པའི་ཕྱིར་གལ་ཏེ་དེའི་རྣམ་པར་སྨིན་པ་དེ་བཞིན་དུ་མྱོང་ན་ནི་དེ་སྤོང་བ་དོན་མེད་པར་འགྱུར་ཏེ། དེ་ལྟར་བྱས་ན་ཚངས་པར་སྤྱོད་པས་གནས་པར་མི་འགྱུར་རོ།། ཇི་ལྟར་ན་ཡང་དག་པར་སྡུག ་བསྔལ་ཟད་པ་དང་། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་མི་སྣང་ཞེ་ན། དེའི་ཕྱིར་དེའི་རྒྱུར་གྱུར་པ་ཚངས་པར་སྤྱོད་པས་གནས་པའི་རྣམ་པར་སྨིན་པ་སྡུག་བསྔལ་བའི་ཕྱིརརོ།། དེ་ལྟར་བྱས་ན་བདེ་བ་དང་བཛྲ་བཱིལ་ཀྱི་རྣར་སྨིན་པ་ནི་བདེ་བ་དང་བཅཝ་པ་ཉིད་དུ་འགྱུར། ་སྡུག་བསྔལ་དང་བཅས་པའི་རྣམ་པར་སྨིན་པ་ནི་སྡུག་བསྔལ་ཉི་དུ་འགྱུར། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་བཅས་པའི་ནི། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་བཅས་པ་ཉི་དུ་འགྱུར་རོ་ཞེས ་ནས་གླང་པོ་ཆེ་གཟུང་ནས་འདུལ་བར་བྱེད་པ་རྣམ་སོ།། སྦྲུལ་གྱིས་འཚོ་བ་ནི་གང་དག་སྦྲུལ་གཟུང་ནས་རྩེ་བས་འཚོ་བར་བྱེད་པ་རྣམ་སོ།། ཉན་རྣ་བ་ནི་གང་དག་གཞན་དག་ལས་ཕྲ་མས་གནོད་པར་བྱས་ནས་འཚོ་བར་བྱེད་པ་རྣམ་སོ།། དེ ་ངག་གི་ལས་སྐྱེས་པས་སམ་ཡང་དག་པར་བླངས་པ་སྟེ། ཞེས་བྱ་བ་ནི་དེའི་རིགས་སམ། གཞན་གྱི་རིགས་གོ་རིམས་བཞིན་ནོ།། དེ་དག་གི་ལས་སྤྱད་པར་ངེས་པར་བྱས་པ་ནི་ལུས་དང་ངག་གི་སྦྱོར་བ་སྔོན་དུ་བཏང་བ་སྟེ། སྡོམ་པ་མ ་ཡིན་པ་ཞེས་བྱའོ།། ཇི་སྐད་བཤད་པའི་སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་མི་ལྡན་པའི་སྦྱིན་པ་དང་། ངག་སྙན་པ་ལ་སོགས་པ་དང་། ཁུ་ཚུར་དང་ཐལ་ལྕག་ལ་སོགས་པའི་ལས་ནི་སྡོམ་པ་ཡོད་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ ་ཡིན་པ་ཞེས་བྱའོ།། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ནི་ཚེ་གང་ལ་བྱས་པ་དེ་ཉིད་ལ་གང་རྣམ་པར་སྨིན་པར་འགྱུར་བའོ།། སྐྱེས་ནས་མྱོང་བར་འགྱུར་བའི་ལས་ནི་གང་དྲི་མ་ཐག་ཏུ་འབྱུང་བའི་ཚེ་ལ་མྱོང་བར་འགྱུར་བ་སྟེ། ་འདི་ལྟར་མཚམས་མེད་པ་ལྔའི་ལས་རྣམསོ།། གང་གི་མཚམས་མེད་པ་གཅིག་ཉིད་ནི་དེའི་རྣམ་པར་སྨིན་པ་དེ་དེ་མི་ཐག་ཏུ་པར་རིགས་ན། དེ་གང་གི་མང་པོ་གང་ཡིན་པ་དེའི་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟར་མྱོང་བར་འགྱུར་ཞེ་ན། ་ཐམས་ཅད་ཀྱི་རྣམ་པར་སྨིན་པ་ཅིག་ཅར་མྱོང་བར་འགྱུར་ཏེ། འདི་ལྟར་མཚམས་མེད་པ་དུ་མ་བྱེད་པའི་ལུས་ཤིན་ཏུ་རབ་ཏུ་གཞོན་པར་མངོན་པར་འགྲུབ་ལ། ཆད་པ་ཡང་མང་ཞིང་མི་བཟེད་ལ་སྣ་ཚོགས་པ་འབྱོང་སྟེ། དེའི་དབང་གི ་གོམས་པར་བྱས་པའི་ཕྱིར།། ཇི་ལྟར་ཟ་མ་དང་མ་ནིང་རྣམས་ལ་ནི་དགེ་སློང་དང་དགེ་སློང་མའི་ཕྱོགས་གཉིས་ལ་བསྙེན་བཀུར་བྱ་བའི་འོས་མ་ཡིན་པའི་ཕྱིར་དགེ་བསྙེན་ཉིད་ནི་བཀག་པ་བཞིན་དུ་མཚན་གཉིས ་པ་རྣམས་ཀྱང་དེ་བཞིན་དུ་སྟེ། སྐྱེས་པ་དང་བུད་མེད་ཀྱི་ཉོན་མོངས་པ་ཀུན་ཏུ་སྤྱོད་པས་ཕྱོགས་གཉི་ག་ལ་བསྙེན་བཀུར་བྱ་བའི་འོས་མ་ཡིན་པའི་ཕྱིར་དེ་དག་ལོག་ཤིག་ཏུ་མ་བཤད་དོ།། བསམ་གཏན་གྱི་སྡོམ་པ་ནི་འཆལ་བའི ་ཚུལ་ཁྲིམས་ཀུན་ནས་སློང་བ་དག་གི་ཆགས་པ་ལ་སོགས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པོ་རྣམས་རྣམ་པར་གནོན་པའི་གཉེན་པོས་ས་བོན་བཅོམ་པས་ཕྱོགས་གཅིག་པ་ལས་འདོད་ཆགས་དང་བྲལ ་བ་ཉིད་དུ་ཟདེ་འདོད་པ་དག་ལས་འདོད་ཆགས་དང་བྲལ་བའི་འཆལ་བའི་ཚུལ་ཁྲིམས་ཏེ། སྤོང་བ་གང་ཡིན་པའོ།། བསམ་གཏན་གསུམ་པའི་བར་ལས་འདོད་ཆགས་དང་བྲལ་བའི་རིང་དུ་བྱེད་པའི་གཉེན་པོས་འཆལ་བའི་ཚུལ་ཁྲིམས ་ཀུན་ནས་སློང་བ་དེ་དག་ཉིད་ཀྱི་ས་བོན་ཤིན་ཏུ་འཇོམས་པར་རིག་པར་བྱའོ།། བསམ་གཏན་བཞི་པ་ལ་འདོད་ཆགས་དང་བྲལ་བ་ནི་གཟུགས་མེད་པ་རྣམས་ན་གཟུགས་མེད་པའི་ཕྱིར་ཚུལ་ཁྲིམས་ཕྱེ་སྡོམ་བྱ་རྣམ་པར་བཞག་པ་མེད་པར ་རིག་པར་བྱའོ།། ཤན་པ་ནི་གང་དག་ཕྱགས་རྣམས་བསད་ནས་དེ་འཚོང་པས་འཚོ་བར་བྱེད་པ་རྣམ་སོ།། བྱེ་གག་གསོད་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ།། གླང་པོ་ཆེ་འཛིན་པ་ནི་གང་དག་ནག ་དང་དཀར་པོ་ཉིད་དུ་ཕན་ཚུན་འདྲ་བར་གྱུར་པས་ནག་པོ་དང་དཀར་པོ་ལས་གཅིག་ཏུ་རྣམ་པར་བཞག་གོ།། དེ་ལས་བསམ་པ་གནག་ལ་སྦྱོར་བ་དཀར་བ་སྟེ་དཔེར་ན་འགའ་ཞིག་གཞན་དག་ལ་སླུ་བར་འདོད་ནས་དེ་དག་ཡིད་ཆེས་པར་བྱ ་བའི་མཚན་མར་བསམས་པས་སྦྱིན་པ་ནས་རབ་ཏུ་འབྱུང་བའི་བར་དུའོ།། སྦྱོར་བ་གནག་ལ་བསམ་པ་དཀར་བ་ནི་དཔེར་ན་འགའ་ཞིག་བུ་འམ་སློབ་མ་ལ་མི་ཕན་པ་བཟློག་པར་འདོད་ཅིང་ཕན་པ་ལ་ནི་སྦྱོར་བར་འདོད་ནས། སྙིང་བརྩེ་བའི ་སེམས་ཀྱིས་ལུས་དང་ངག་གིས་དྲག་ཏུ་བྱེད་པ་དེའི་ཚེ། ཀུན་ནས་ཉོན་མོངས་པར་འགྱུར་རོ།། མི་གནག་ཅིང་དཀར་ལ་རྣམ་པར་སྨིན་པར་མི་འགྱུར་ཞིང་ལས་ཟད་པར་འགྱུར་བའི་ལས་གང་ཞེ་ན། སྦྱོར་བ་དང་བར་ཆད་མེད་པའི་ལམ ་རྣམས་ལ་ཟག་པ་མེད་པའི་ལས་ཞེས་བྱ་བ་ལ། སྦྱོར་བ་དང་བར་ཆད་མེད་པའི་ལམ་རྣམས་ནི་སྤོང་བའི་གཉེན་པོ་ཡིན་པའི་ཕྱིར་རོ།། དེ་ལ་མི་གནག་པ་ནི་ཉོན་མོངས་པའི་དྲི་མ་མེད་པའི་ཕྱིར་རོ།། དཀར་བ་ནི། ཅིག་ཏུ་རྣམ་པར ་བྱང་བའི་ཕྱིར།། རྣམ་པར་སྨིན་པར་མི་འགྱུར་བ་ནི། འཁོར་བ་དང་མི་མཐུན་པའི་ཕྱིརརོ།། ལས་ཟད་པར་འགྱུར་བ་ནི་ནག་པོ་ལ་སོགས་པ་ཟག་པ་དང་བཅས་པའི་ལས་ལས་རྣམ་པ་གསུམ་པོ་འདི་ཉིད་ཟག་པ་ད་པའི་ལམ་དེས ་རྣམ་པར་སྨིན་པ་འབྱིན་པའི་བག་ཆགས་ལེགས་པར་བཅོམ་པའི་ཕྱིར་རོ།། བྱེ་བྲག་མེད་པར་ཟག་པ་མེད་པའི་ལས་འདི་ཐམས་ཅད་ཀྱི་བར་དུ་གཅོད་པ་དང་རྗེས་སུ་མཐུན་པ་དང་། ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་ཡོན་པོ་དང་། ་ཚོར་བ་ཤིན་ཏུ་མང་པོ་འབྱུང་བར་འགྱུརརོ།། རྩོམ་པའི་དབང་དུ་བྱས་ནས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ལ་སོགས་པ་འདི་དག་རྣམ་པར་བཞག། དེ་ཙམ་ལ་མྱོང་བར་འགྱུར་བའི་དབང་དུ་བྱས་པ་ནི་མ་ཡིནོ།། ་ཚེ་དེ་ཉིད་ལ་གང་གིས་རྣམ་པར་སྨིན་པ་རྣམ་པར་སྨིན་པར་རྩོམ་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའོ།། གང་དེ་མ་ཐག་པའི་ཚེ་ལ་རྩོམ་པ་དེ་ནི་སྐྱེས་ནས་མྱོང་བར་འགྱུར་བའོ།། གང་དེ་མ་ཐག་ཏུ་འབྱུང་བའི་ཚེ་ཐོལ་ནས་རྩོམ་པ ་དེ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་པ་སྟེ། དེ་ལྟར་བྱས་ན་ཀྱི་ཧུད་སེམས་ཞེས་བྱ་བའི་རྟོགས་པ་བརྗོད་པ་ལས་མཚམས་མེད་པའི་ལས་ཀྱི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཡང་དང་ཡང་འཆི་འཕོ་ཞིང་སྐྱེ་བས་རྣམ་པར་སྨིན ་པ་མྱོང་ངོ་ཞེས་འབྱུང་བ་དང་མཐུན་པར་བྱས་པ་ཡིན་ནོ།། གནག་ལ་རྣམ་པར་སྨིན་པ་གཞག་པའི་ལས་ནི་མི་དགེ་བ་སྟེ། ཉོན་མོངས་པ་ཅན་དང་། རྣམ་པར་སྨིན་པ་མི་འདོད་པ་མ་ཡིན་པའི་ཕྱིརརོ།། བཟློག་པ་ནི་དཀར་ལ་རྣམ་པར་སྨིན་པ ་དཀར་བ་སྟེ། ཁམས་གསུམ་པའི་དགེ་བའོ།། དཀར་ནག་ཏུ་གྱུར་ལ་རྣམ་པར་སྨིན་པ་དཀར་གནག་ཏུ་གྱུར་པ་ནི་གང་འདོད་པ་དང་རབ་ཏུ་ལྡན་པའི་འདྲེན་མ་སྟེ། དགེ་མི་དགེ་ཞེས་བྱ་བའི་ཐ་ཚིག་གོ།། གཅིག་ཅི་ལྔར་དགེ་བར་ཡང་འི་གྱུར ་ལ་མི་དགེ་བར་ཡང་འགྱུར་ཞེ་ན། འདི་ལ་འཇུག་པའི་སྐད་ཅིག་ངེས་པས་དེ་གཉི་ག་བརྗོད་པ་ནི་མ་ཡིན་གྱི། བསམ་པ་དང་ལྷན་ཅིག་པའི་སྦྱོར་བ་ལས་གཅིག་ཅེས་བྱ་སྟེ། འདི་ནི་འདིར་དགོངས་པ་ཡིན་པར་རིག་པར་བྱའོ།། དེ་གཉིས་ནག་པོ ་དུ་བྱས་ནས་སྦྱིན་པ་པོར་འགྱུར་རོ།། ཞེས་བྱ་བ་འདིས་ནི་ཕྱིར་ཞིང་སྦྱིན་པ་སྟོན་ཏེ། དེའི་ངང་ཚུལ་ཅན་དུ་གྱུར་པས་ཡང་དང་ཡང་སྦྱིན་པའི་ཕྱིརརོ།། དགེ་སྦྱོང་རྣམས་དང་བྲམ་ཟེ་རྣམས་ལ་ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་མི ་འབྱེད་པར་སྦྱིན་པ་སྟོན་ཏེ། འདོད་པ་ཐམས་ཅད་ལ་བྱེ་བྲག་མེད་པོར་སྦྱིན་པའི་ཕྱིར་རོ།། བཟའ་བ་དང་བཏུང་བ་ཞེས་བྱ་བ་ལ་སོགས་པས་ནི། འདོད་པ་ཡོངསུ་རྫོགས་པར་སྦྱིན་པ་སྟོན་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་ཡོ་བྱད ་ཀྱི་དངོས་པོ་ཐམས་ཅད་ཡོངསུ་གཏོང་བའི་ཕྱིརརོ།། ལྕུགྲཱྀ་པར་གཏོང་བ་དང་། ལག་བརྐྱང་བ་དང་། གཏོང་བ་ལ་དགའ་བ་དང་། མཆོད་སྦྱིན་བྱེད་པའི་ངང་ཚུལ་ཅན་དང་། གཏོང་པོ་ཕུན་སུམ་ཚོགས་པ་དང་། སྦྱིན་པ་ལེགས་པར ་འགྱེད་པ་ལ་དགའ་བ་ཞེས་བྱ་བའི་ཚིག་འདི་དག་ནི་མི་གནས་པར་སྦྱིན་པ་ལ་སོགས་པ་དང་གོ་རིམ་བཞིན་དུ་རིག་པར་བྱའོ།། མི་གནས་པོའི་སྦྱིན་པ་ནི་སྲིད་པ་དང་ལོངས་སྤྱོད་ཀྱི་ཕྱིར་ཡོངསུ་མི་བསྔོ་བ་ཉིད་དུ་རིག་པར་བྱའོ།། ་སྦྱིན་པར་བྱ་བ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་ལྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་གནོད་པས་གྲུབ་པ་མ་ཡིན་པོ་སྟོན་ཏོ།། གནོད་པས་གྲུབ་པ་ནི་ལྡང་བའི་བརྩོན ་འགྲུས་ཀྱིས་ཐོབ་པ་མ་ཡིན་ཏེ། རང་གི་གནས་ནི་འདུག་ཅིང་གཞན་གྱིས་བཅོལ་བ་བསྙོན་པས་ཐོབ་པའི་ཕྱིརརོ།། ལག་བདོར་པའི་མཐུས་བསྒྲུབས་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་གཞན་ལས་ཕྲོགས ་ཉེས་པ་དང་། རྙོག་པ་དང་། གཙང་བ་དང་། ཐུབ་པ་རྣམས་གོ་རིམ་བཞིན་དུ་ནུམ་པར་བཞག་པར་རིག་པར་བྱའོ།། དེ་ལ་ཡོན་པོ་ནི་ལུས་དང་ངག་དང་ཡིད་ཀྱི་ལཱ་ཚ་ལྔ་ལ་བཱི་ལམ་ཡན་ལག་བརྒྱུད་པ་འབྱུང ་བའི་སྒྲིབ་པར་གྱུར་པའོ།། ཉེས་པ་ནི་ལུས་ལ་སོགས་པའི་ལས་གང་གིས་རྣམ་པར་སུན་ཕྱུང་བའི་སེམས་ཀྱི་རྒྱུད་ལ་དེ་དང་འདྲ་བོའི་སྒྲུབ་པར་གྱུར་པའི་ལས་འབྱུང་བའོ།། རྙོག་པ་ནི་མུ་སྟེགས་ཅན་གྱི་ལྟ་བ་ལ་བརྟེན་པའི་ལུས ་ལ་སོགས་པའི་ལས་གང་ཡིན་པ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་དད་པའི་མི་མཐུན་པའི་ཕྱོགས་མ་དད་པའི་རྙོག་པས་ཡོངསསུ་ཟིན་པའི་ཕྱིརརོ།། རྣམ་གྲངས་གཞན་དུ་ན་རྟག་པ་དང་ཆད་པའི་མཐར་ལྷུང་སྟེ། དབུ་མའི་ལམ་དང ་མི་མཐུན་པའི་ཕྱིར་ཡོན་པོའོ།། སྐུར་པའི་ལྟ་བས་ཡོངསུ་གཟུང་སྟེ་རྣམ་པར་བྱང་བ་རྣམ་པར་བཞག་པ་ལ་རབ་ཏུ་སྡང་བའི་ཕྱིར་ཉེས་པའོ།། འཇིག་ཚོགས་ལ་ལྟ་བས་ཡོངསུ་གཟུང་སྟེ། བདག་མེད་པའི་དེ་ཁོ་ན་ཉིད་ལ་ལྟ་བའི་བར ་དུ་གཅོད་པའི་ཕྱིར་རྙོག་པ་ཞེས་བྱའོ།། གཙང་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱིས་ཡོངསུ་ཟིན་པ་དང་། ལྟ་བ་དྲོང་པོས་ཡོངསུ་ཟིན་པའི་ལུས་དང་ངག་དང་ཡིད་ཀྱི་ལུས་གང་ཡིན་པ་སྟེ། ཚུལ་ཁྲིམས་དང་ལྟ་བ་ལོག ་པར་ཞུགས་པའི་དྲི་མ་སྤངས་པའི་ཕྱིར་རོ།། ཐུབ་པ་པ་ནི་གང་སློབ་པ་དང་མི་སློབ་པ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་ཟག་པ་མེད་པ་སྟེ། དེ་ཐུབ་པ་རྣམས་ཀྱི་ལས་ཡིན་པའི་ཕྱིར་རོ།། སྦྱིན་པ་ཕུན་ཚོགས་པའི་དབང ་པ་མ་ཡིན་པ་སྟོན་ཏོ།། གཞན་ལས་ཕྲོགས་པ་ནི་ལག་བདར་བའི་མཐུས་བསྒྲུབས་པ་མ་ཡིན་ཏེ། དེ་དག་གི་ཤ་ཐང་བར་ཐབས་སྣ་ཚོགས་ཀྱིས་བསྒྲུབས་པ་པ་ཕྲོགས་པའི་ཕྱི་རོ།། རྡུལ་དང་དྲི་མས་མ་ཕོག་པོ ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་མ་རུལ་ཅིང་དྲི་མེད་པ་སྟོན་ཏེ། རྡུལ་དང་དྲི་མས་མ་ཕོག་པ་ཞེས་བྱ་བ་ནི་སྤངས་ཞེས་བྱ་བའི་ཐ་ཚི་གོ། ཆོས་དང་མཐུན་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་རུང་བ་སྟོན་ཏེ། མཚོན་ཆ ་དང་དུག་དང་ཆང་ལ་སོགས་པོ་རུང་བ་མ་ཡིན་པའི་དངོས་པོ་ཡོངསུ་སྤངས་པའི་ཕྱིར་རོ།། ཆོས་ཀྱིས་ཐོབ་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོ་སྡེ་ཆོས་ཀྱི་བསྒྲུབས་པ་སྟོན་ཏེ། གཞལ་པོ་ལ་གཡོ་འཇུག་པ་ལ་སོགས་པ་དང་ལོག་པས ་འཚོ་བ་ལ་སོགས་པ་ཡོངསུ་སྤངས་པས་བསྒྲུབས་པའི་ཕྱིརརོ།། ཚུལ་ཁྲིམས་ཡང་དག་པར་བླངས་ནས་མ་ཉམས་པས་དེ་དང་ལྗོན་པཱི་ཕྱིའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ།། ཐར་པའི་ཕྱིར་སྡོམ་པ་གང་ཡིན་པ་དེ་ནི་སོ་སོར་ཐར་པའི་སྡོམ་པ་སྟེ། ་དེ་ནི་འཁོར་བ་ལས་འབྱུང་བར་འགྱུར་བ་ཡིནོ།། ཆོ་ག་ཕུན་སུམ་ཚོགས་པ་ནི་སྤྱོད་ལམ་ལ་སོགས་པ་དམ་པ་རྣམས་ཀྱིས་མ་སྨད་པའི་ཕྱིར་རོ།། སྤྱོད་ཡུལ་ཕུན་སུམ་ཚོགས་པ་ནི་སྤྱོད་ཡུལ་མ་ཡིན་པ་ལྔ་སྤངས་པའི་ཕྱིར་ཏེ། དགེ་སློང་གི ་སྤྱོད་ཡུལ་མ་ཡིན་པ་ལྔ་ནི་གསོད་པའི་ས་དང་། སྨད་འཚོང་གི་གནས་དང་། ཚོང་འཚོང་གི་ཁྱིམ་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་པའི་ཁྱིམ་སྟེ་ལྔ་པའོ།། བཅས་པའི་ཁ་ན་མ་ཐོབ་རྣམས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་ལ་ཡང ་བསམ་པ་དྲག་པོས་བསླབས་པས་ཁ་ན་མ་ཐོ་བ་ཆུང་ངུ་ཙམ་རྣམས་ལ་ཡང་འཇིགས་པར་ལྟ་བ་ཡིནོ།། ཀུན་ནས་ཡོང་སུ་རྫོགས་པར་བསླབ་པ་རྣམས་བླངས་ནས་སློབ་པའི་ཕྱིར་ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས ་ལ་སློབ་ཅེས་བྱའོ།། འདི་མན་ཆད་དུ་ནི་ཚུལ་ཁྲིམས་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དག་ལས་ལུས་དང་ངག་བསྡམས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་བསྟན་པ་དེའི་དོན་བརྗོད་པར་བྱའོ།། དེ ་ལ་ལུས་དང་ངག་གི་བསྡམས་པ་ཡིན་པ་ནི་ཤེས་བཞིན་གྱིས་ཡོངསུ་ཟིན་པ་ཡིན་པའི་ཕྱིར་ཏེ། ཇི་ལྟར་བཀའ་སྩལ་པ་བཞིན་དུ་འགྲོ་བ་དང་། ལྡོག་པ་ལ་སོགས་པོ་ལ་བློ་སྔོན་དུ་བཏང་ནས་ལེགས་པར་བསྒྲུབ་པའི་ཕྱིརརོ།། ལུས་དང ་ངག་ཕུན་སུམ་ཚོགས་པས་ཕུན་སུམ་ཚོགས་པ་ནི་ལྟུང་བ་མི་བྱེད་པའི་ཕྱིར་ཏེ། ཚུལ་ཁྲིམོས་ཆུད་མི་གསོན་པའི་ཕྱིརརོ།། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཡོངསུ་དག་པ་ནི་ཏིང་འཛིན་ལ་གནས་པའི་ཕྱིར་ཏེ། ཏིང་ངེ་འཛིན་གྱི་སྟོབས ་ཀྱིས་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་ཐག་བསྲིང་བའི་ཕྱིར།། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་དག་བ་ནི་ཉོན་མོངས་པ་ཅན་གྱི་རྟོག་པ་དང་མ་འདྲེས་པའི་ཕྱིར་ཏེ། གཅིག་ཏུ་དགེ་བའི་ཕྱིར་རོ།། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཁ་ན ་མ་ཐོ་བ་མེད་པ་ནི་སྲིད་པ་དང་ལོངས་སྤྱོད་ཀྱི་ཕྱིར་ཡོངས་སུ་མི་བསྔོ་བས་དམ་པ་རྣམས་ཀྱིས་བསྔགས་པའི་ཕྱིར་རོ།། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གནོད་པ་མེད་པ་ནི་བདག་ལ་བསྟོད་པ་ལ་སོགས་པས་གཞན་དག་ཁྱེདདུ་གསོད ་ཅིང་འགྲོགས་ན་མི་བདེ་བས་ཞེར་འདེབས་པ་མེད་པའི་ཕྱིར་རོ།། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་རྗེསུ་མཐུན་པ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་དང་མཐུན་པའི་ཕྱིར་ཏེ། འཕགས་པའི་ལམ་འདྲེན་པའི ་ཕྱིར། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་འབྱོར་པ་ནི་རང་གི་ཉེས་པ་དང་ཡོན་ཏན་སྒྲོགས་པ་དང་མི་སྤྱོམས་པའི་ཕྱིར་རོ།། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཐབས་དང་ལྡན་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་ཉེ་བར་སྡུད་པའི་ཚུལ ་ཁྲིམས་ཡིན་པའི་ཕྱིར་ཏེ། ཉེ་བར་འགྲོ་བར་བྱ་བའི་འོས་ཡིན་པའི་ཕྱིརརོ།། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་འཚོམས་མེད་པ་ནི་བླ་མ་རྣམས་དང་། བླ་མ་དང་འདྲ་བ་རྣམས་ལ་ང་རྒྱལ་བཅག་པའི་ཕྱིར་ཏེ། ཅི་རིགསུ་བསྙེན་བཀུར ་བྱེད་པའི་ཕྱིར་རོ།། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་མཐུན་པ་ནི་གདམ་ངག་ལ་མཐུན་པར་འཛིན་པའི་ཕྱིར་ཏེ། རང་གི་ལྟ་བ་ལ་མཆོག་ཏུ་འཛིན་པ་མེད་པའི་ཕྱིརརོ།། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གདུང་བ་མེད་པ་ནི་དཀའ་ཐུབ ་དྲག་པོ་དང་ངན་ངོན་ལ་མོས་པ་སྤངས་པའི་ཕྱིར་ཏེ། བདག་ལ་གདུང་བར་མི་བྱེད་པའི་ཕྱིརརོ།། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཕྱིས་འགྱོད་པ་མེད་པ་ནི་ལོངས་སྤྱོད་པ་རྣམས་དང་ལས་ཀྱི་མཐོའ་རྣམས་སྤངས་པ་ལ་བརྩམས་ནས ་འགྱོད་པ་མེད་པའི་ཕྱིར་ཏེ། ཕྱིས་འགྱོད་པ་མེད་པའི་ཕྱིར།། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཡིད་ལ་གཅགས་པ་མེད་པ་ནི་དགེ་བའི་ཕྱོགས་ལ་བརྩམས་ནས་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པའི་ཡིད་ལ་བ.རགསཔ ་མེད་པའི་ཕྱིར་ཏེ། སྒྲུབ་ནུས་པའི་བར་དུའོ།། འདི་དག་གི་ལས་ནི་བདག་གིར་བྱ་བ་ཡིན་པས་འདི་དག་ནི་ལས་བདག་གིར་བྱ་བ་དག་གོ། དེ་དག་གི་ལས་བདག་གིར་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། རང་གི་ལས་བྱས་པའི་ལས་ཀྱི་རྣམ་པར ་སྨིན་པ་མྱོང་བའི་ཕྱིར་ཏེ། གང་གཞན་དག་དང་ཐུན་མོང་མ་ཡིན་པ་དེ་ནི་བདག་གི་ཞེས་བྱའོ།། འདི་དག་ནི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་པས་འདི་དག་ནི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དག་གོ། ཇི་ལྟར་ན་ལས་ཀྱི་བགོ་སྐལ་ལ ་སྤྱོད་པ་ཉིད་ཡིན་ཞེ་ན། རང་གིས་བྱས་པའི་རྣམ་པར་སྨིན་པ་མྱོང་བ་དེ་ལ་དགེ་བ་དང་མི་དགེ་བ་སོའི་བགོ་སྐལ་ལ་སྤྱོད་པའི་ཕྱིར་ཏེ། འདི་ལྟ་སྟེ། རང་རང་གི་འབྲས་བུ་འདོད་པ་དང་མི་འདོད་པ་འགེད་པའི་ཕྱིརརོ།། རང་གིས་བྱས་པའི ་ས་ལ་འདོད་པ་དང་མི་འདོད་པ་དག་གི་རྣམ་པར་སྨིན་པ་མྱོང་བའི་སེམས་ཅན་དེ་དག་ཐོག་མ་ག་ལས་བྱུང་། ཅི་རྒྱུ་མེད་པ་ལས་བྱུང་བ་ཞིག་གམ། འོན་ཏེ་རང་བཞིན་དང་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བ་ཞིག་ཅེ་ན། ་སྨྲས་པ། ལས་ཀྱི་སྐྱེ་གནས་པ་དག་གོ། འདི་དག་གི་ལས་ཉིད་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་རྣམས་པར་སྤངས་པའི་སྐྱེ་གནས་ཏེ། སེམས་ཅན་རྣམས་འབྱུང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་འཇུག་པ་ལས་ཀྱང་བརྩམས ་ལྡོག་པ་ལས་ཀྱང་བརྩམས་ནས་ལས་བསྟན་པར་བྱ་བ་དག་སྟེ། ཟག་པ་དང་བཅས་པའི་ལས་སྤང་བའི་ཕྱིར་ཟག་པ་མེད་པའི་ལས་རྟེན་ཡིན་པས། འདི་དག་གི་བརྟེན་པར་བྱ་བ་ནི་ལས་ཉིད་ཡིན།། སེམས་ཅན་རྣམས་ཀྱི་ལས་ཀྱི ་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་བོ།། ཞེས་གང་གསུངས་པ་དེ་ནི་རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པ་མ་ཡིན་པར་རིག་པར་བྱའོ།། བསམ་གྱིས་མི་ཁྱབ་པ་ནི་ཇི་ལྟ་བུ་ཞེ་ན། དགེ་བ་དང་མི་དགེ ་པའི་རྣམ་པར་སྨིན་པ་བདེ་འགྲོ་དང་ངན་འགྲོར་འདོད་པ་དང་མི་འདོད་པ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་སྟེ། ནུས་པ་དང་ཡང་དག་པའི་ལྟ་བ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་འདྲེན་པའི་ཕྱིར་རོ།། ལས་འདིས་སེམས ་ཅན་རྣམས་ཀྱི་ལུས་ཀྱི་ཁ་དོག་དང་དབྱིབས་ལ་སོགས་པ་རྣམ་པ་ཐ་དད་པ་སྣ་ཚོགས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་སྟེ། མི་ནུས་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལས་གཞན་པ་མགོ་རྨོངས་པ་ལ་སོགས་པའི་ཉེས་པ་འདྲེན་པའི ་ཕྱིར་རོ།། དགེ་བ་ལ་སོགས་པའི་ལས་དེ་ཉིད་གནས་ལ་སོགས་པའི་རབ་ཏུ་དབྱེ་བས་ནི་བསམ་གྱིས་མི་ཁྱབ་བོ།། དེ་ལ་གནས་ནི་གྲོང་ངམ་གྲོང་ཁྱེར་གྱི་ཕྱོགས་གོང་དུ་གནས་ནས་ལས་དེ་བྱས་ཞེས་བྱ་བ་ལ་སོགས་པའོ།། དངོས་པོ་ནི་སེམ ་ཅན་གྱི་གྲངསུ་གཏོགས་པ་འམ། སེམས་ཅན་མ་ཡིན་པའི་གྲངས་སུ་གཏོགས་པ་གང་ལ་བརྟེན་ཏེ་བྱོས་པའོ།། རྒྱུ་ནི་དགེ་བ་དང་མི་དགེ་བའི་རྩ་བ་རྣམས་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱརརོ།། རྣམ་པར་སྨིན་པ་ནི་ལུས་སྣ་ཚོགས་དེ་ཉིད་།། ། ་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པའི་ལས་བསམ་གྱིས་མི་ཁྱབ་པ་ནི་ལས་ཅི་འདྲ་བས་ཚེར་མ་ལ་སོགས་པའི་རྣོ་བ་ལ་སོགས་པ་བྱས་པ་སྟེ། འཇིག་རྟེན་གྱི་བསམ་པར་མ་གཏོགས་པའི་ཕྱིར།། ནོར་བུ་དང་སྔགས་དང་སྨན་དང ་མཁྱུང་དཔྱད་དང་ལྡན་པའི་ལས་བསམ་གྱིས་མི་ཁྱབ་སྟེ། དེ་ལ་ནོར་བུ་དང་ལྡན་པ་ནི་ཆུ་ཤེལ་ལ་སོགས་པ་ལས་ཆུ་འབྱུང་བ་ལ་སོགས་པའོ།། སྔགས་དང་ལྡན་པ་ནི་སྔགས་ང་དག་གོས་བཏབ་ན་མོ་འཚོག་པ་ལ་སོགས་པའོ།། ་སྨན་དང་ལྡན་པ་ནི་དེས་ཟིན་ན་མི་སྣང་བར་འགྱུར་བ་ལ་སོགས་པའོ།། མཁྱུད་དཔྱད་དང་ལྡན་པ་ནི་མཁྱུད་དཔྱད་དེ་དང་དེས་རིམས་ནད་དང་བྲལ་བར་འགྱུར་བ་ལ་སོགས་པའོ།། རྣལ་འབྱོར་པ་ཐམས་ཅད་ཀྱི་མཐུའི་ལས་བསམཱ་གྱིས ་མི་ཁྱབ་པ་ཇི་ལྟ་བུ་ཞེ་ན། དེ་དག་གི་སེམས་ཀྱི་མཐུས་ས་ཆེན་པོ་གཡོ་བར་བྱེད་པ་འམ། ནམ་མཁའ་ལ་འཕུར་བ་ལ་སོགས་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་ལ་སོགས་པས་ལས་གང་བྱེད་པ་དེ་བསམ་གྱིས་མི་ཁྱབ ་པ་ནི་འདི་ལྟ་སྟེ། ཚེ་ལ་དབང་བས་ནི་བྱང་ཆུབ་སེམས་དཔའ་རྣམས་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་ཇི་སྲིད་འདོད་པ་དེ་སྲིད་དུ་གནསོ།། སེམས་ལ་དབང་བས་ནི་ཇི་ལྟར་འདོད་པ་བཞིན་དུ་ཏིང་འཛིན་ལ་སྙོམས་པར ་འཇུག་གོ།། ཡོ་བྱད་ལ་དབང་བས་ནི་སེམས་ཅན་ཐམས་ཅད་ལ་ཡོ་བྱད་རིན་ཆེ་བ་དང་དཔག་ཏུ་མེད་པའི་ཆར་འབེབས་སོ།། ལས་ལ་དབང་བས་ནི་ཁམས་དང་ས་དང་འགྲོ་བ་དང་སྐྱེ་གནས་དང་གནས་སྐབས་གཞན་ན་མྱོང་བར ་འགྱུར་བའི་ལས་རྣམས་གཞན་དུ་བསྒྱུར་རོ།། སྐྱེ་བ་ལ་དབང་བས་ནི་བསམ་གཏན་ལ་གནས་ཤིང་ཡོངསུ་མ་ཉམས་བཞིན་དུ་འདོད་པའི་ཁམསུ་སྐྱེའོ།། མོས་པ་ལ་དབང་བས་ནི་ས་ལ་སོགས་པར་ཆུ་ལ་སོགས་པར་མོསོ།། ་སྨོན་ལམ་ལ་དབང་བས་ནི་ཇི་ལྟར་འདོད་པ་བཞིན་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་རྒྱ་ཆེན་པོ་གྲངས་མེད་པ་མངོན་པར་སྒྲུབ་བོ།། རྫུ་འཕྲུལ་ལ་དབང་བས་ནི་སེམས་ཅན་རྣམས ་འདུན་པར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་དཔག་ཏུ་མེད་པ་ཀུན་ཏུ་སྟོན་ཏོ།། ཡེ་ཤེས་ལ་དབང་བས་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་རྣམས་ཀྱི་རབ་ཀྱི་མཐར་ཕྱིན་པར་འགྲོའོ།། ཆོས་ལ་དབང་བས་ནི་ཅི་རིགས ་པར་ཇི་ཙམ་དུ་སེམས་ཅན་ཐམས་ཅད་ལ་མིང་དང་ཚིག་དང་ཡི་གེའི་ཚོགས་གཞན་དང་གཞན་དག་གིས་མདོ་ལ་སོགས་པའི་ཆོས་རྣམ་པར་བཞག་ནས་ཅིག་ཆར་དུ་སེམས་ཡོངསུ་ཚིམོ་པར་བྱེད་ནུས་པར་འགྱུརརོ།། སངས་རྒྱས་ཐམས་ཅད ་ཀྱི་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཇི་ལྟ་བུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལྷུན་གྱིས་གྲུབ་པར་གཏོགས་པར་ཐུགསུ་ཆུད་ཅིང་ཆོས་ཀྱི་དབྱིངས་རོ་གཅིག་པ་ཉིད་དུ་གྱུར་ནས་སེམ ་ཅན་རྣམས་ལ་གང་གི་ཚེ་དང་ཇི་ལྟར་བུ་དང་། ཇི་སྲིད་དུ་མཛད་པ་བསྒྲུབ་པར་བྱ་བ་དེ་ཐམས་ཅད་རྗེས་སུ་གནས་ཏེ། དེ་ལྟར་སངས་རྒྱས་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་བོ།། ཡང་སྲིད་པའི་བག་ཆགས་འཇོག་པའི་བྱེད་རྒྱུ་ཞེས་བྱ་བ་ནི་རྒྱུའོ།། ་སེམས་ཅན་བག་ཆགས་བསགས་པ་རྣམས་ལྷ་ལ་སོགས་པའི་སེམས་ཅན་གྱི་རིས་སུ་དེའི་ཆ་བྱད་དང་རང་བཞིན་དང་འདྲ་བར་མཐུན་པར་འབྱུང་བའི་བྱེད་རྒྱུ་ཞེས་བྱ་བ་ནི་ཀུན་འབྱུང་བའོ།། སོ་སོ་རང་གི་རྒྱུད་ངེས་པ་དང་། འགྲོ་བ་དང ་སྐྱེ་གནས་ལ་སོགས་པ་རྣམས་དང་མཆོག་ཏུ་འབྱུང་བས་སྲིད་པའི་རྩེ་མོའི་འགྲོ་བའི་བར་དུ་འབྱུང་བའི་བྱེད་རྒྱུ་ཞེས་བྱ་བ་ནི་རབ་ཏུ་སྐྱོ་བའོ།། སྒྲོན་མ་བྱུང་བའི་ལུས་གཞན་དང་གཞན་འཐོབ་པ་དང་། སྔོན་འཐོབ་པའི་ལུས་འདའ ་བའི་བྱེད་རྒྱུ་ཞེས་བྱ་བ་ནི་རྐྱེན་ཏོ།། །། འདུ་བྱེད་དེ་དག་གི་འཇིག་པ་ལས་འགོག་པ་དེ་དག་གཞན་ཞིག་ཡིན་ན་ནི་འབྲེལ་མེད་དེ་དོན་གཞན་དུ་འགྱུརརོ།། ཇི་སྟེ་གཞན་མ་ཡིན་ན་ནི་ཀུན་ནས་ཉོན་མོངས་པའི་མཚན ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་གཉི་ག་ཡང་མ་ཡིན། གཉི་ག་མ་ཡིན་པ་ཡང་མ་ཡིན་ནོ།། སྤྲོས་པ་ནི་སྐབས་འདིར་ཚུལ་བཞིན་མ་ཡིན་པར་སེམས་པ་ཡིན་ཏེ་ཞེས་བྱ་བ་ནི་ལས་མ་ཡིན་པ་དང་། རིག་པ་མ་ཡིན་པ་དང་། ཐབས་མ ་ཡིན་པ་སེམས་པ་ཞེས་བྱ་བའི་ཐ་ཚིག་སྟེ། སེམས་པ་ཡང་གཞན་ལ་སེམས་པར་བྱ་བ་ཡང་གཞན་ཡིན་པའི་ཕྱིརརོ།། སེམས་པ་ཇི་ལྟ་བུ་ཞེ་ན། ཞི་བ་དང་། གྱ་ནོམ་པའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིསོ།། རྒྱུན ་མེད་པ་ནི་ཤེས་རབ་ཀྱི་རྣམ་པར་གྲོལ་བ་རྣམས་ཀྱི་ཡོན་ཏན་ཁྱད་པར་ཅན་རིག་པ་ལ་སོགས་པའི་རྒྱན་མེད་པའི་ཕྱིར་རོ།། རྣམ་གྲངས་ཀྱིས་ནི་མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་བསྟན་པའོ།། ལྷག་མ་ནི་བཤད་པའོ།། དེའི་ཕྱིར ་དེའི་ཚིག་ལྷག་མ་རྣམས་ཀྱི་ཕྱིརརོ་ཞེས་བརྗོད་དེ། དེ་དག་གི་དེ་བཤད་པའི་ཕྱིར་རོ།། ཇི་ལྟར་བྱས་ན་མ་ལུས་པར་སྤོངས་ཤེ་ན། ཀུན་ནས་དཀྲིས་པ་དང་བག་ལ་ཉལ་སྤངས་པའི་ཕྱིར་རོ།། དེ་ལ་ངེས་པར་སྤངས་པ་ནི་ཀུན་ནས་དཀྲིས ་པའི་དབང་དུ་བྱས་པ་སྟེ། བྱུང་བ་ཡོངསུ་སྤངས་པའི་ཕྱིརརོ།། བྱ་བར་གྱུར་པ་ནི་བག་ལ་ཉལ་སྤངས་པ་སྟེ། རྩ་བ་མེད་ན་གཏན་མི་སྐྱེ་བའི་ཕྱིར་རོ།། དེ་ནི་གཉེན་པོ་མཐོང་བ་དང་སྒོམ་པའི་ལམ་གྱི་བྱེ་བྲག་གིས་རྣམ་པ ་གཉིསུ་རྣམ་པར་བཞག་སྟེ། ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བའོ།། དེ་ལ་ཟད་པ་ནི་མཐོང་བའི་ལམ་གྱིས་བྲལ་བ་ཉིད་ཀྱི་དབང་དུ་བྱས་པ་སྟེ། ཉོན་མོངས་པའི་ཚོགས་ཅུང་ཟད་ཙམ་ཞིག་ལུས་པའི་ཕྱིར་རོ།། འདོད ་ཆགས་དང་བྲལ་བ་ནི་སྒོམ་པའི་ལམ་གྱིས་བྲལ་བ་ཉིད་ཀྱི་དབང་དུ་བྱས་པ་སྟེ། དེ་ནི་ས་ལ་འདོད་ཆགས་དང་བྲལ་བ་ཉིད་དུ་འགྱུར་བས་རབ་ཏུ་ཕྱེ་བའི་ཕྱིར་རོ།། དེ་གཉིས་ཀྱིས་བྲལ་བར་གྱུར་ན་མི་སྐྱེ་བའི་ཆོས་ཉི་དུ་བྱས་པས་ཕྱི་མ ་ལྔ་སྡུག་བསྔལ་འགོག་པ་དང་། ཀུན་ཏུ་མི་འབྱུང་བས་མཐོང་བའི་ལ་ཡིད་མི་བདེ་བ་རྣམ་པར་ཞི་བར་འགྱུར་ཏེ། དེའི་ཕྱིར་དེའི་འབྲས་བུར་གྱུར་པ་སྡུག་བསྔལ་རྣམ་པ་གཉིས་སྤོང་བའི་དབང་དུ་བྱས་ནས་འགོག་པོ་དང་རྣམ་པོར ་ཞི་བ་ཞེས་བྱ་བ་སྨོས་སོ།། སྔོན་གྱི་ལས་དང་ཉོན་མོངས་པས་ཡང་དག་པར་བསྒྲུབ་པའི་ཕུང་པོ་རྣམས་ནི་རང་གི་ངང་གིས་འཇིག་པའི་དབང་དུ་བྱས་ནས་ནུབ་པ་ཞེས་བྱའོ།། དེ་ལྟར་ན་མ་ལུས་པར་སྤངས་པ་བསྟན་པར་རིག་པར་བྱའོ།། ། ་འདུས་མ་བྱོས་ནི་འདུས་མ་བྱས་ལས་བཟློག་པ་སྟེ། སྐྱེ་བ་དང་འཇིག་པ་དང་གནས་པ་གཞན་དུ་འགྱུར་བ་མེད་པའི་ཕྱིརརོ།། བལྟ་དཀའ་བ་ནི་འཕགས་པ་གཅིག་པུའི་ཤེས་རབ་ཀྱི་སྤྱན་གྱི་སྤྱོད་ཡུལ་ཡིན་པའི་ཕྱིརརོ།། གཡོ་བ་མེད ་པ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བར་མི་འཕོ་བས་བསྟན་པའི་ཕྱིརརོ།། མི་འདུད་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པ་མེད་པས་སྲིད་པར་མི་འདུད་པའི་ཕྱིརརོ།། འཆི་བ་མེད་པ་ནི་འཆི་བའི་རྟེན་ཕུང་པོ ་མེད་པའི་ཕྱིར་རོ།། ཟག་པ་མེད་པ་ནི་ཟག་པ་དང་བྲལ་བའི་ཕྱིར་རོ།། གནས་ནི་རྣམ་པར་གྲོལ་བའི་བདེ་བའི་གཞི་ཡིན་པའི་ཕྱིར་རོ།། གླིང་ནི་འཁོར་བའི་རྒྱ་མཚོ་ཆེན་པོ་ལ་ཐང་ལྟ་བུར་གྱུར་པའི་ཕྱིརརོ།། སྐྱོབ་པ་ནི་དེ་ཐོབ་ན་སྐྱེ་བ་ལ ་སོགས་པའི་གནོད་པ་ཐམས་ཅད་བཟློག་པའི་ཕྱིརརོ།། མགོན་ནི་དེའི་བསམ་པ་དང་སྦྱོར་བ་བྱས་པ་འབྲས་བུ་ཡོད་པའི་གཞིའི་གནས་ཡིན་པས་རྟེན་ཡིན་པའི་ཕྱིརརོ།། དཔུང་གཉེན་ནི་འཕགས་པའི་མཆོག་ཉིད་དུ་འགྲོ་བའི་གཞིའི་གན ་ཡིན་པའི་ཕྱིར་ཏེ། དགྲ་བཅོམ་པ་ཉིད་འཐོབ་པོའི་ཐབས་ལ་དམིགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིགོ། འཆི་འཕོ་མེད་པ་ནི་མུ་སྐྱེས་པས་ཉམས་པ་མེད་པའི་ཕྱིར་རོ།། རིམས་ནད་མེད་པ་ནི་འདོད་པས་འཕོངས་པའི་གདུང་བ་ཐམས ་ཅད་མེད་པའི་ཕྱིརརོ།། ཡོངསུ་གདུང་བ་མེད་པ་ནི་མྱ་ངན་ལ་སོགས་པའི་ཡོངསུ་གདུང་བ་ཐམས་ཅད་རྒྱུན་ཆད་པས་བསིལ་བའི་ཕྱིརརོ།། བདེ་བ་ནི་ན་བ་དང་རྒ་བ་དང་འཆི་བའི་འཇིགས་པ་དང་བྲལ་བས་འཕགས་པའི་གནས་པའི་རྟེན་ཡིན ་པའི་ཕྱིར་རོ།། ཞི་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར།། བདེ་གཞི་ནི་འཇིག་རྟེན་ལས་འདས་པའི་བདེ་བའི་གཞི་ཡིན་པའི་ཕྱིར་རོ།། བདེ་བར་འགྱུར་བ་ནི་སྦྱོར་བ་བདེ་བས་དེ་ཐོབ་པར་འགྱུར་བའི་དམིགས་པ་ཡོད ་པའི་ཕྱིར་རོ།། ནད་མེད་པ་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་དང་བྲལ་བའི་ཕྱིརརོ།། མི་གཡོ་བ་ནི་ཡུལ་གྱི་སྤྲོས་པའི་རྣམ་པར་གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར།། མྱ་ངན་ལས་འདས་པ་ནི་གཟུགས་ལ ་སོགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་ཏེ་ཞི་ཞིང་བདེ་བར་གནས་པའི་དམིགས་པ་ཡིན་པའི་ཕྱིརརོ།། ཡང་འགོག་པའི་བདེན་པ་ལ་བརྩམས་ནས་མ་སྐྱེས་པ་ལ་སོགས་པ་རྣམ་གྲངས་སུ་གཏོགས་པ་རྣམས་ཏེ། སྡུག་བསྔལ་གྱི་མཚན ་ལས་བཟློག་པར་རིག་པར་བྱའོ།། སྡུག་བསྔལ་ནི་སེམས་ཅན་གྱི་རིས་དེ་དང་དེར་ཉིང་མཚམས་སྦྱོར་བར་བྱེད་པས་སྐྱེ་བའོ།། དེའི་འོག་ཏུ་ལུས་ཡོངསུ་རྫོགས་པར་འཕེལོ།། སྡུག་བསྔལ་དེ་ཡང་སྔོན་གྱི་ལས་དང་ཉོན་མོངས་པས་འཕངས་ཏེ ་པ་ནི་ད་ལྟར་གྱི་ལས་དང་ཉོན་མོངས་པ་རྣམས་ཀྱིས་སྲིད་པ་གཞན་དུ་འདུ་བྱེད་པའི་གཞིའི་གནས་ཡིན་ཏེ། དེའི་རྒྱུན་མི་འཆད་པའི་ཚུལ་གྱིས་ཡང་སྲིད་པའི་རྒྱུན་སྐྱེ་བར་འགྱུར་རོ།། དེ་ལས་བཟློག་པ་ནི་སྡུག་བསྔལ་འགོག་པ་འཕགས ་པོའི་བདེན་པ་སྟེ། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། སྐྱེས་པ་མེད་པ་དང་། གོ་རིམ་བཞིན་དུ་རིག་པར་བྱའོ།། ཡང་འགོག་པའི་བདེན་པའི་མཚན་ཉིད་རྣམ་པ་བཞིར་རིག་པར་བྱ་སྟེ། འགོག་པའི་མཚན་ཉིད ་ནི་འབྱུང་བའི་རྒྱུ་ཉོན་མོངས་པ་རྣམས་དང་བྲལ་བའི་དབང་དུ་བྱས་པའོ།། ཞི་བའི་མཚན་ཉིད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་མ་ཞི་བའི་མཚན་ཉིད་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་དང་བྲལ་བའི་དབང་དུ་བྱས་པའོ།། གྱ་ནོམ ་པའི་མཚན་ཉིད་ནི་ཉོན་མོངས་པ་དང་སྡུག་བསྔལ་དང་བྲལ་བའི་ཕྱིར། བདག་ཉིད་གཙང་བ་དང་བདེ་བའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པའོ།། ངེས་པར་འབྱུང་བའི་མཚན་ཉིད་ནི་རྟག་པ་དང་ཕན་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། ་ཡང་ཕྱིར་མི་ལྡོག་པ་དང་བདེ་བའི་ཕྱིར་ཕན་པ་དང་། བདེ་བ་དང་གོ་རིམ་བཞིན་ནོ།། །། ལམ་གྱི་བདེན་པ་ནི་གང་གིས་སྡུག་བསྔལ་གྱི་བདེན་པ་ཡོངསུ་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྟེ། བདེན་པོ་རྣམས་ལ ་འདིའི་བྱ་བའི་སྐབས་ཀྱིས་མཚན་ཉིད་བསྟན་པར་རིག་པར་བྱའོ།། ལམ་རྣམ་པ་ལྔ་ཞེས་བྱ་བ་ནི་རབ་ཏུ་དབྱེ་བ་ལྔའི་སྐབས་ཀྱིསོ།། རབ་ཏུ་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་སྐབས་ཀྱིས་རིག་པར་བྱའོ།། ་དེ་ལ་ཚོགས་ཀྱི་ལམ་ནི་ཚུལ་ཁྲིམས་ལ་སོགས་པ་སྟེ། དེ་ཡོང་སུ་རྫོགས་པས་དྲོ་བར་གྱུར་པ་ལ་སོགས་པའི་གོ་རིམ་གྱིས་བདེན་པ་མཐོང་བར་བྱ་བ་དང་། དེ་ལ་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་སེམས་ཀྱི་རྒྱུད་འོསུ་གྱུར་པ་འཐོབ ་བོ། གང་ཡང་རྒྱུར་གྱུར་པའི་དགེ་བ་གཞན་ཞེས་བྱ་བ་ནི་འགྱོད་པ་མེད་པ་ལ་སོགས་པར་རིག་པར་བྱའོ།། དྲོ་བར་གྱུར་པ་ནི་སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་ཐོབ་པའི་ཏིང་འཛིན་ཤེས་རབ་དང་མཚུངས་པར་ལྡན་པ་དང་བཅས ་པའོ་ཞེས་བྱ་བ་ནི་མཉམ་པར་བཞག་པའི་སེམས་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་མདོ་སྡེ་ལ་སོགས་པ་ཡིད་ཀྱིས་བརྗོད་པའི་སྒོ་ནས་དོན་སྣང་བར་གྱུར་པའི་ཞི་གནས་དང་ལྷག་མཐོང་ནི་དྲོ་བར་གྱུར་པར་རིག་པར་བྱའོ།། དེ་འཕེ ་བ་ནི་རྩེ་མོ་སྟེ། དེའི་གོང་ནས་རྣམ་པར་གནས་པའི་ཕྱིརརོ།། བཟོད་པ་ནི་ཕྱོགས་གཅིག་ལ་ཞུགས་པ་དང་རྗེ་སུ་སོང་བའི་ཏིང་འཛིན་ཞེས་བྱ་བ་ལ། ཇི་ལྟར་ན་ཕྱོགས་གཅིག་ལ་ཞུགས་པ་ཡིན་ཞེ་ན། གཅིག་ཏུ་གཟུང ་བ་མེད་པར་བཟོད་པའི་ཕྱིརརོ།། ཇི་ལྟར་ཕྱོགས་གཅིག་གི་རྗེསུ་སོང་བ་ཡིན་ཞེ་ན། འཛིན་པ་མེད་པར་རྟོགས་པའི་རྗེ་སུ་མཐུན་པར་གནས་པའི་ཕྱིར།། འཇིག་རྟེན་པའི་ཆོས་ཀྱི་མཆོག་ནི་གང་གི་འོག་ཏུ་ཐོག་མར་འཇིག་རྟེན་ལས་འདས ་པའི་ལམ་མོ།། མཐོང་བའི་ལམ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་འོག་གི་རྣམ་པར་མི་རྟོག་པའི་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་དུ་རིག་པར་བྱའོ།། དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པས་མཉམ ་པར་ཤེས་པའང་དེ་བཞིན་ཏེ། ཞེས་བྱ་བ་ནི་དེས་གཟུང་བ་དང་འཛིན་པ་མེད་པའི་དེ་བཞིན་ཉིད་རྟོགས་པའི་ཕྱིརརོ།། སོ་སོ་རང་ལ་སེན་གྱི་བརྡ་དང་ཆོས་ཀྱི་བརྡ་གསལ་བ་དང་ཐ~ཾད་དུ་གཉི་གའི་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པའང ་དེ་ཡིན་ནོ་ཞེས་བྱ་བ་ལ། སེམས་ཅན་གྱི་བརྡ་སོ་སོ་རང་གི་གསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཇི་ལྟ་བུ་ཞེ་ན། དེས་རང་གི་རྒྱུད་ལ་བདག་གི་མཚན་མར་རྣམ་པར་མི་རྟོག་པའི་ཕྱིར།། སོ་སོ་རང་ལ་ཆོས་ལ་བརྡ་གསལ་བ་ལ་དམི ་པའི་ཆོས་ཤེས་པ་ཇི་ལྟ་བུ་ཞེ་ན། དེས་རང་གི་རྒྱུད་ཉིད་ལ་གཟུགས་ལ་སོགས་པའི་མཚན་མར་རྣམ་པར་མི་རྟོག་པའི་ཕྱིར་རོ།། ཐམས་ཅད་དུ་གཉི་གའི་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཇི་ལྟ་བུ་ཞེ་ན། ཐང ་དུ་བྱེ་བྲག་མེད་པར་བདག་དང་ཆོས་ཀྱི་མཚན་མཱ་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ།། ཡང་མཐོང་བའི་ལམ་རབ་ཏུ་དབྱེ་ན་བདེན་པ་རྣམ་པ་བཅུ་དྲུག་སྟེ། ཆོས་དང་རྗེས་སུ་རྟོགས་པ་ལ་བཟོད་པ་དང་ཤེས་པ་རྣམསོ།། དེ་ལ་སྡུག ་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་སྦྱོར་བའི་ལམ་ལ། སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་པའི་མདོ་ལ་སོགས་པའི་ཆོས་ལ་རྣམ་པར་སྤྱོད་པའི་ཤེས་པ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་དབང ་དུ་བྱས་ནས་རང་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་གྱི་བདེན་པ་ལ་དེའི་དེ་བཞིན་ཉིད་མངོན་སུམ་དུ་འགྱུར་བའི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡང་དག་པར་ལྟ་བའི་རང་བཞིན་འབྱུང་སྟེ། དེས་སྡུག་བསྔལ་མཐོང་བས ་སྤང་བར་བྱ་བ་ཁམས་གསུམ་པའི་བབྲག་ལ་ཉལ་ཉི་ཤུ་རྩ་བརྒྱད་རབ་ཏུ་སྤོང་ངོ་།། དེ་བས་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ།། བཟོད་པ་དེས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི ་ཕྱིར་གནས་གྱུར་ནས་དེ་མ་ཐག་ཏུ་ཤེས་པ་གང་གིས་གནས་གྱུར་པ་དེ་མྱོང་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ།། དང་པོའི་བཟོད་པ་དང་ཤེས་པ་འདི་གཉིས་ནི་སློབ་པ་དང་མི་སློབ་པའི་འཕགས་པའི་ཆོས ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། དེ་ལས་དེ་དག་ཡང་དག་པར་འབྱུང་བའི་ཕྱིརརོ།། དེའི་ཕྱིར་འདི་གཉིས་ནི་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུའོ།། ཞེས་དེ་ལ་དམིགས་ནས་སོ་སོ་རང་ལ་མངོན་སུམ་དུ་འགྱུར་པའི་ཟག་པ་མེད་པའི ་ཤེས་རབ་ནི་སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པའོ།། རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང་དེ་ཤེས་པ་གང་གིས་མྱོང་བ་དེ་ནི་རྗེ་སུ་རྟོགས་པའི་ཤེས་པ་ཞེས་བྱའོ།། འཇིག་རྟེན ་ལས་འདས་པའི་ལམ་གྱི་ཡུལ་ནི་གཉིས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ།། དེ་ལ་ཆོས་ཤེས་པའི་ཕྱོགས་ཀྱི་ལམ་གྱི་ཡུལ་ནི་དེ་བཞིན་ཉིད་དོ།། རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་ཀྱི་ཡུལ་ནི་ཡང་དག ་པཱའི་ཡེ་ཤེསོ།། དེའི་ཕྱིར་འདི་སྐད་ཅེས་བྱ་སྟེ། ཆོས་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་གཟུང་བ་རྟོགས་སོ།། རྗེ་སུ་རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་འཛིན་པ་རྟོགསོ་ཞེས་བྱའོ།། བཅོམ་ལྡན་འདས ་ཀྱིས་གང་མཚན་མ་མེད་པ་ལ་གནས་པའི་གང་ཟག་དྲུག་བཀའ་སྩལ་པ་དེ་ནི་བཟོད་པ་དང་ཤེས་པ་དེ་དག་ལ་གནས་པར་རིག་པར་བྱ་སྟེ། མཚན་མ་ཐམས་ཅད་མི་དམིགས་པའི་ཕྱིར་རོ།། བཟོད་པ་དཔེ་ཤེས་པས་བསྡུས་པ ་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་འདི་དག་ནི་མཐོང་བའི་ལམ་སྟེ། དེ་དག་གིས་སྔོན་མ་མཐོང་བའི་འཕགས་པའི་བདེན་པ་རེ་རེ་ལ་ཡང་རྣམ་པ་བཞི་བཞིར་མཐོང་བའི་ཕྱིར་རོ།། འདིར་དངོས་པོ་མ་བྱུང་བ་ལ་བྱུང་བ་ཙམ་ལ་སེམས ་ཀྱི་སྐད་ཅིག་ཏུ་རིག་པར་བྱ་བ་མ་ཡིན་གྱི། ཇི་ཙམ་དུ་ཞེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་འགྱུར་བ་ལ་བྱ་སྟེ། འདི་ལྟ་སྟེ། སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་གཅིག་གོ།། ཀུན ་འབྱུང་བ་ནི་སྤང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་ནོ།། གང་མཐོང་བའི་ལམ་ལས་བརྩམས་ཏེ། རྒྱ་ཆེར་རྣམ་པར་སྤྲོས་པ་དེ་ཐམས་ཅད་ནི་རྣམ་པར་བཞག་པ་ཙམ་དུ་རིག་པར་བྱའོ།། འཇིག་རྟེན་ལས་འདས ་པའི་གནས་སྐབས་ནི་སོ་སོ་རང་གི་རིག་པར་བྱ་བའི་ཕྱིར།། ལམ་གྱི་བདེན་པ་ཐམས་ཅད་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། རྣམ་པར་བཞག་པ་དང་། རྣམ་པར་རྟོག་པ་དང་། མྱོང་བ་དང་། ཡོང་སུ་རྫོགས་པའོ།། ་དེ་ལ་རྣམ་པར་བཞག་པ་ནི་ཉན་ཐོས་ལ་སོགས་པས་ཇི་ལྟར་རང་གི་ཁོང་དུ་ཆུད་པ་མཐར་ཕྱིན་ནས་དེའི་རྗེས་ལ་ཐོབ་པའི་ཤེས་པས་གཞན་ལ་གོ་བར་བྱ་བའི་ཕྱིར་མིང་དང་ཚིག་དང་ཡི་གེའི་ཚེགས་རྣམས་ཀྱི་ལམ་གྱི ་བདེན་པ་རྣམ་པར་འཇོག་སྟེ། བདེན་པ་རྣམས་ལ་བཟོད་པ་དང་ཤེས་པ་ནི་འདི་ལྟ་བུའོ་ཞེས་བྱ་བ་ལ་སོགས་པའོ།། རྣམ་པར་རྟོག་པ་ནི་མངོན་པར་རྟོགས་པ་ལ་ཞུགས་པའི་འཇིག་རྟེན་པའི་ཤེས་པས་ཇི་ལྟར་རྣམ་པར་བཞག ་པ་བཞིན་དུ་རྣམ་པར་རྟོག་ཅིང་དེ་གོམས་པར་བྱེད་པའོ།། མྱོང་བ་ནི་དེ་ལྟར་གོམས་པར་བྱེད་པ་ན་མཐོང་བའི་ལམ་ཞེས་བརྗོད་པའི་འཇིག་རྟེན་ལས་འདས་པ་སྤྲོས་པ་མེད་པའི་གནས་སྐབས་གང་ཡིན་པ་དང་པོར་སོ་སོར་རང་གིས ་མྱོང་བའོ།། ཡོངསུ་རྫོགས་པ་ནི་དེའི་འོག་ཏུ་གནས་གྱུར་པ་ཡོངསསུ་རྫོགས་ནས་ཐོབ་པ་མཐར་ཕྱིན་པའི་བར་དུ་འཐོབ་པའོ།། ཐོབ་པ་མཐར་ཕྱིན་པ་དེ་དག་ནི་དེའི་རྗེས་ལ་ཐོབ་པའི་ཤེས་པའི་ལམ་གྱི་བདེན་པ་རྣམ་པར་འཇོག་གོ།། ་དེ་ལྟར་ན་རྣམ་པ་འདི་བཞི་ནི་ལམ་གྱི་འཁོར་ལོ་སྟེ། ཡང་དང་ཡང་གཞན་དང་གཞན་ལ་བརྟེན་ནས་འཇུག་པར་རིག་པར་བྱའོ།། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེསོ།། ཞེས ་བྱ་བ་གང་གསུངས་པ་དེ་ནི་མཐོང་བའི་ལམ་གྱི་དབང་དུ་མཛད་ནས་གསུངས་པ་སྟེ། ཞེས་བྱ་བ་དེ་ནི་ཐོག་མ་ཁོ་ནར་བདེན་པ་རྣམས་ལ་འཕགས་པའི་ཤེས་རབ་ཀྱི་སྤྱན་གྱི་རང་བཞིན་ཡིན་པའི་ཕྱིརརོ།། དེ་ལ་ཆོས་ལ་བཟོད་པ ་རྣམས་ཀྱིས་ནི་རྔུབ་མེདེ། དེ་དག་གིས་ཉོན་མོངས་པའི་རྡུལ་སྤོང་བའི་ཕྱིར།། ཆོས་ཤེས་པ་རྣམས་ནི་དྲི་མ་དང་བྲལ་ཏེ། དེ་དག་ནི་ས་དེའི་སྒྲིབ་པའི་དྲི་མ་སྤངས་པའི་གན་སུ་སྐྱེས་པའི་ཕྱིར་རོ།། ཡང་བཟོད་པ་དང་ཤེས་པའི ་གནས་སྐབས་གཉིས་ནི་གོ་རིམས་བཞིན་དུ་ཡོངསུ་ཤེས་པ་དང་སྤངས་པས་ལམ་གྱི་རྣམ་པར་དག་པའི་དབང་དུ་བྱས་པ་སྟེ། རྡུལ་མེད་པ་དང་དྲི་མ་དང་བྲལ་བར་རིག་པར་བྱའོ།། ཆོས་མཐོང་བ་ཞེས་པ་ལ་སོགས་པ་ཡང ་མཐོང་བའི་ལམ་ཉིད་ཀྱི་དབང་དུ་བྱས་པར་རིག་པར་བྱ་སྟེ། འདུལ་བ་རྣམས་བདེན་པ་མངོན་པར་རྟོགས་པ་ཞེས་བྱ་བའི་འོག་ཏུ་གསུངས་པའི་ཕྱིརརོ།། དེ་ལ་ཆོས་ལ་བཟོད་པོ་རྣམས་ཀྱིས་ཆོས་མཐོང་སྟེ། དེ་དག་གིས་དེ་ཁོ་ན ་རྟོགས་པའི་ཕྱིར།། ཆོས་ཤེས་པ་རྣམས་ཀྱིས་ཆོས་ཐོབ་སྟེ། ཆོས་ཤེས་པ་རྣམས་ཀྱིས་གནས་གྱུར་པ་མངོན་སུམ་དུ་ཐོབ་པར་བྱེད་པའི་ཕྱིརརོ།། རྗེ་སུ་རྟོགས་པའི་བཟོད་པ་རྣམས་ཀྱིས་ཆོས་རིག་སྟེ། དེ་དག་གིས་འདི་ནི་འཕ ་པའི་ཆོས་རྣམས་ཀྱི་རྒྱུའོ།། ཞེས་དེ་གཉིས་རིག་པའི་ཕྱིརརོ།། རྗེསུ་རྟོགས་པའི་ཤེས་པ་རྣམས་ཀྱིས་ཆོས་རྟོགས་ཏེ། དེ་དག་གིས་ཤེས་བྱ་ཇི་སྙེད་པ་ཡོངསུ་རྫོགས་པའི་ཕྱིརརོ།། བཟོད་པ་དང་ཤེས་པ་ཐམས་ཅད ་ཀྱིས་སོམ་ཉི་ལས་བརྒོལ་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱི་འབྲས་བུ་ཐོབ་པས་ཡུན་རིང་པོ་ནས་འདོད་པ་རང་གིས་ཐོབ་པ་ལ་ཐ་ཚོམ་མེད་པའི་ཕྱིར།། ཐམས་ཅད་ཀྱི་གཞན་གྱིས་ཐོབ་པ་ལ་ཐེ་ཚོམ་ལས་བརྒལ ་ཏེ། དེའི་དུས་ན་གཞན་དག་གིས་ཁྱད་པར་ཐོབ་པ་ལ་ཡིད་གཉིས་ཟ་བ་མེད་པའི་ཕྱིར།། ལམ་བསྒོམ་པ་ལ་གཞན་གྱི་དྲིང་མི་འཇོག་པ་ནི་གཞན་ལ་ལུང་མནོས་པ་མེད་པར་ཡང་བདག་ཉིད་ཀྱིས་མཁས་པའི་ཕྱིར།། ་གཞན་གྱི་མི་བཀྲི་བ་ནི་ཤེས་ནས་དང་བ་ཐོབ་པས་གཞན་མུ་སྟེགས་ཅན་རྣམས་ཀྱིས་ཚེ་རབས་གཞན་ལ་ཡང་སྟོན་པའི་བསྟན་པ་ལས་མི་འཕྲོགས་པའི་ཕྱིར།། ཆོས་རྣམས་ལ་མི་འཇིགས་པ་འཐོབ་པ་ནི་ཐོབ་པ་ལ་བརྩམས ་ནས་ཡོངསུ་དྲི་བའི་ཆོས་རྣམས་དང་ལུང་བསྟན་པའི་ཆོས་རྣམས་ལ་སྡིག་པ་འདོད་པ་མངོན་པའི་ང་རྒྱལ་ཅན་བཞིན་དུ་སེམས་ཞུམ་པ་མེད་པའི་ཕྱིརརོ།། །། བམ་པོ་དྲུག་པ།། བསྒོམ་པའི་ལམ་ནི་འཕགས ་པ་ཉན་ཐོས་བདེན་པ་རྣམས་མངོན་པར་རྟོགས་པ་དང་ལྡན་པའི་འོ།། དེའི་གོང་དུ་གྱུར་པ་ནི་ཀུན་ཏུ་སྦྱོར་བ་ལྷག་མ་རྣམ་སྤངས་པའི་ཕྱིར་ཞུགས་པ་སྟེ། གང་འཇིག་རྟེན་པ་ལ་སོགས་པའི་ལམ་མོ།། དེ་ལ་འཇིག་རྟེན་པའི་ལམ ་ནི་བསམྦྷ་གཏན་རྣམས་དང་། གཟུགས་མེད་པ་རྣམ་སོ།། བསམ་གཏན་དང་གཟུགས་མེད་པ་དེ་དག་ཀྱང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱུང་བ་དང་། རྣམ་པར་བཞག་པ་དང་། རྣམ་པར་དག་བས ་རིག་པར་བྱའོ།། ཀུན་ནས་ཉོན་མོངས་པས་ཇི་ལྟ་བུ་ཞེ་ན། ལུང་དུ་མ་བསྟན་པའི་རྩ་བ་བཞི་པོ་སྐྱེད་པ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པ་སྟེ། དེ་དག་གི་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་རྣམས་ཀྱི་ཉོན་མོངས་པའི ་བསམ་གཏན་གྱི་སྒོ་ནས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་བསྒྲིབས་པའི་ལུང་དུ་མི་སྟོན་པར་འགྱུར་བའི་ཕྱིརརོ།། དེ་ལ་སྲེད་པས་ནི་རོ་མྱང་བའི་ཀུན་ནས་ཉོན་མོངས་པས ་ཀུན་ནས་ཉོན་མོངས་པ་སྟེ། ཤིན་ཏུ་སྦྱངས་པའི་བདེ་བའི་རོ་མྱོང་བར་བྱེད་པའི་ཕྱིརརོ།། ལྟ་བས་ནི་ལྟ་བ་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཏེ། བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐའ་ལ་རྟོག ་པ་ལ་སོགས་པའི་ལྟ་བ་ཀུན་ནས་སློང་བའི་ཕྱིར་རོ།། ང་རྒྱལ་གྱིས་ནི་ངོ་རྒྱལ་ཤོས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཏེ། དེས་ཁྱད་པར་དུ་ཐོབ་ན་ཁེངས་པར་འགྱུར་བའི་ཕྱིར་རོ།། མ་རིག་པ་ནི་ཐེ་ཚོམ ་གྱི་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་སྟེ། དེ་ཁོ་ན་མ་གཏོགས་པས་ཐར་པ་འདོད་པ་ཁྱད་པར་དེ་ཐོབ་པ་ལ་ཐར་པ་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་སྐྱེ་བའི་ཕྱིརརོ།། རྣམ་པར་བྱང་བ་ཇི་ལྟ ་བུ་ཞེ་ན། དག་པའི་བསམ་གཏན་དང་། གཟུགས་མེད་པའི་འཇིག་རྟེན་པ་རྣམས་ཀྱང་དགེ་བའི་ཕྱིར་ཀུན་ནས་དཀྲིས་པའི་དྲི་མ་དང་བྲལ་བས་ན་རྣམ་པར་བྱུང་བ་ཞེས་བྱའོ།། རྣམ་པར་བཞག་པས་ཇི་ལྟ་བུ་ཞེ་ན། བསམ ་གཏན་རྣམས་ནི་ཡན་ལག་དང་། སྙོམས་པར་འཇུག་པ་དང་། ཚད་དང་། མིང་དུ་གདགས་པའི་བྱེ་བྲག་གི་རྣམ་པ་བཞིར་རྣམ་པར་བཞག་གོ།། གཟུགས་མོད་པ་རྣམས་ནི་ཡན་ལག་མ་གཏོགས་པ་རྣམ་པ་གསུམ་མོ།། ་གང་གི་དབང་དུ་བྱས་ནས་ཆོས་གཞན་དག་ཀྱང་ཡོད་བཞིན་དུ་རྟོགས་པ་ལ་སོགས་པ་ཁོ་ན་བསྒོམ་གཏན་རྣམས་ལ་ཡན་ལག་ཉིད་དུ་རྣམ་པར་བཞག་ཅེ་ན། དེ་ཙམ་གྱིས་གཉེན་པོ་དང་། ཕན་ཡོན་དང་། དེ་གཉི་གའི ་གནས་ཀྱི་ཡན་ལག་ཡོངསུ་རྫོགས་པའི་ཕྱིར་རོ།། བསམ་གཏན་དང་པོ་ལ་རྟོག་པ་དང་དཔྱོད་པ་ནི་གཉེན་པོའི་ཡན་ལག་སྟེ། དེ་གཉིས་ཀྱིས་འདོད་པ་དང་། གནོད་སེམས་དང་། འཚེ་བའི་རྣམ་པར་རྟོག་པ་ལ་སོགས་པ་སྤོང ་བའི་ཕྱིར་རོ།། དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། རྟོག་པ་དང་དཔྱོད་པ་གཉིས་ཀྱིས་གཉེན་པོ་བྱས་པའི་མི་མཐུན་པའི་ཕྱོགས་ལ་དྲི་ལས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཐོབ་པའི་ཕྱིརརོ།། སེམས་རྩེ ་གཅིག་པ་ཉིད་ནི་དེ་གཉི་གའི་གནས་ཀྱི་ཡན་ལག་སྟེ། ཏིང་འཛིན་ལ་བརྟེན་པའོ་སྟོབས་ཀྱིས་རྟོག་པ་ལ་སོགས་པ་འཇུག་པའི་ཕྱིར་རོ།། དེ་བཞིན་དུ་བསམ་གཏན་གཉིས་པ་ལ་ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་སྟེ། ་དེ་རྟོག་པ་དང་དཔྱོད་པའི་གཉེན་པོ་བྱེད་པའི་ཕྱིརརོ།། དགའ་བ་དང་བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་ནི་ཡན་ལག་ལྷག་མ་གཉིས་ལ་སྔ་མ་བཞི་ནོ།། བསམ་གཏན་གསུམ་པ་ལ་བཏང་སྙོམས་དང་དྲན་པ་དང་། ཤེས ་བཞིན་ནི་གཉེན་པོའི་ཡན་ལག་སྟེ། དེ་དག་དགའ་བའི་གཉེན་པོ་བྱེད་པའི་ཕྱིརརོ།། བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི་ཡན་ལག་ལྷག་མ་གཉིས་དང་གོ་རིམ་བཞིན་ནོ།། བསམ་གཏན་བཞི་པ་ལ་བཏང་སྙོམས་ཡོངསུ་དག་པ ་དང་། དྲན་པ་ཡོང་སུ་དག་པ་ནི་གཉེན་པོའི་ཡན་ལག་སྟེ། དེ་གཉིས་བདེ་བའི་གཉེན་པོ་བྱེད་པའི་ཕྱིརརོ།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་ཕན་ཡོན་གྱི་ཡན་ལག་གོ།། སེམས་རྩེ་གཅིག་པ་ཉིད་ནི་དེ་གཉི་གའི་གན ་ཀྱི་ཡན་ལག་གོ། ཇི་ལྟར་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཡིད་ལ་བྱེད་པ་བདུན་དུ་འགྱུར་ཞེ་ན། མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་གང་གི་འདོད་པ་རྣམས་ལ་ཉེས་དམིགས་ལ་སོགས་པར་ལྟ ་པས་རགས་པའི་མཚན་ཉིད་རབ་ཏུ་རིག་པ་སྟེ། དེ་མེད་པའི་ཕྱིར་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དོ།། འདི་ནི་མཚན་ཉིད་རབ་ཏུ་རིག་པའི་ཡིད་ལོ་བྱེད་པ་ཞེས་བྱ་སྟེ། དེ་ནི་ཐོས་པ་དང་སེམས་པ་དང་འདྲེས་པར་རིག ་པར་བྱའོ།། དེའི་འོག་ཏུ་ཐོས་པ་དང་སེམས་པ་ལས་འདས་ནས་གཅིག་ཏུ་བསྒོམ་པའི་རྣམ་པས་དེའི་རགས་པ་དང་ཞི་པའི་མཚན་ཉིད་ཀྱིས་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་ཞིང་ཡང་ཇི་ལྟར ་ཡོངས་སུ་བསལ་བ་རགས་པ་དང་ཞི་བ་ཉིད་དུ་མོས་ཏེ། འདི་ནི་མོས་པ་ལས་བྱུང་བ་ཞེས་བྱའོ།། དེ་གོམས་པས་ཐོག་མ་ཁོ་ནར་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ་བྱེད་པ་ནི་རབ་ཏུ་དབེན་པ་ལས་བྱུང་བ་སྟེ། དེ་ཉོན་མོངས་པའི ་རྣམ་པ་ཅན་པོ་སྤངས་པ་དང་དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ།། རྣལ་འབྱོར་པ་དེ་དེའི་འོག་ཏུ་སྤོང་བ་ལ་དགའ་བར་འགྱུར་ཞིང་། སྤོང་བ་ལ་ཕན་ཡོན་དུ་ལྟ་སྟེ། རབ་ཏུ་དབེན་པའི་དགའ་བ་དང་བདེ་བ་ཆུང་ངུ ་རེག་ནས་དུས་དུས་སུ་དང་བར་འགྱུར་བའི་ཡིད་ལ་བྱེད་པས་ཇི་ཙམ་དུ་རྨུགས་པ་དང་གཉིད་དང་རྒོད་པ་དང་བྲལ་བར་བྱ་བའི་ཕྱིར་རབ་ཏུ་དགའ་བར་བྱེད་པ་འདི་ནི་དགའ་བ་སྡུད་པ་ཞེས་བྱའོ།། དེ་ལྟར་ལེགས་པར་ཞུགས་པ ་དེ་དག་པའི་ཕྱོགས་ལ་སྦྱོར་བས་བརྟན་པའི་ཕྱིར་འདོད་པ་ན་སྤྱོད་པའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་ཀུན་ནས་མི་འབྱུང་བས། དེ་སྤངས་སམ་མ་སྤངས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་འབྱུང་བ་དང་མཐུན་པའི་སྡུག་པའི ་མཚན་མ་ཡིད་ལ་བྱེད་པས་སོ་སོར་རྟོག་པ་ནི་སྤྱོད་པའི་ཡིད་ལ་བྱེད་པའོ།། དེས་དེ་ལྟར་སྤྱད་ནས་གཉེན་པོ་བསྒོམ་པས་དུས་དེ་སྲིད་གཅིག་པའི་ཚུལ་གྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར ་བསམ་གཏན་དང་པོ་ལ་སྦྱོར་བའི་མཐར་ཐུག་པའི་གཉེན་པོ་ཡིད་ལ་བྱེད་པ་ནི་སྦྱོར་བའི་མཐའོ།། དེའི་འོག་ཏུ་དངོས་གཞིའི་བསམ་གཏན་དང་པོར་གྱུར་པ་ནི་སྦྱོར་བའི་ཡབའི་འབྲས་བུ་ཡིད་ལ་བྱེད་པ་ཞེས་བྱའོ།། དེ་ལ ་མཚན་ཉིད་རབ་ཏུ་རིག་པས་ནི་སྤང་བར་བྱ་བ་དང་། ཐོབ་པར་བྱ་བ་ལེགས་པར་ཡོངས་སུ་ཤེས་ནས་སྤང་བ་དང་ཐོབ་པར་བྱ་བའི་ཕྱིར་སེམས་འཇོག་གོ།། མོས་པ་ལུས་བྱུང་བས་ནི་དེའི་འོག་ཏུ་ཡང་དག་པར ་སྦྱོར་བ་རྩོམ་མོ།། རབ་ཏུ་དབེན་པ་ལས་བྱུང་བས་ནི་ཀུན་ནས་ཉོན་མོངས་པ་ཆེན་པོ་རྣམས་རབ་ཏུ་སྤོང་ངོ་།། དགའ་བ་སྡུད་པས་ནི་ཉོན་མོངས་པའི་རྣམ་པོ་འབྲིང་དུ་སྤོང་ངོ་།། དཔྱོད་པས་ནི་ཐོབ་པར་མངོན་པའི་ང་རྒྱལ་མེད་པ་ལ་སེམས ་འཇོག་པར་བྱེད་དོ།། སྦྱོར་བའི་མཐས་ནི་ཉོན་མོངས་པའི་རྣམ་པ་ཆུང་ངུ་རབ་ཏུ་སྤོང་ངོ་།། སྦྱོར་བའི་མཐའི་འབྲས་བུས་ནི་ཡིད་ལ་བྱེད་པ་ལེགས་པར་སྒོམ་པས་འདི་དག་གིས་བསྒོམས་པའི་འབྲས་བུ་མྱོང་བར་བྱེད།། བསམ་གཏན་དང ་པོ་ལ་སྙོམས་པར་འཇུག་པའི་ཕྱིར་ཡིད་ལ་བྱེད་པ་རྣམ་པ་བདུན་ཇི་ལྟ་བ་བཞིན་དུ་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་སྙོམས་པར་འཇུག་པའི་ཕྱིར་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ།། རགས་པའི་མཚན་ཉིད་ནི་ས ་འོག་མ་ཐམས་ཅད་དེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ།། མདོར་བསྡུ་ན་རྣམ་པ་གཉིསུ་རིག་པར་བྱ་སྟེ། རབ་ཏུ་མ་ཞི་བར་གནས་པས་ཤིན་ཏུ་སྡུག་བསྔལ་བར་གནས་པ་དང་། ཤིན་ཏུ་ཆེ་ཐུང་བའོ།། དེ་ལས་བཟློག་སྟེ། ་ས་གོང་མ་ནི་ཞི་བའི་མཚན་ཉིད་དུ་རིག་པར་བྱའོ།། ཚད་རྣམ་པར་བཞག་པ་ཞེས་བྱ་བ་ལ། བསམ་གཏན་རྣམས་ནི་ཆུང་ངུ་དང་། འབྲིང་དང་ཆེར་ཡོངསུ་བསྒོམ་པའི་ཕྱིར་རོ།། རེ་རེ་ལ་ཡང་བསམ་གཏན་གྱི་སྐྱེ་བ་གསུམ ་གསུམ་ནི་འབྲས་བུ་ཡིན་ཏེ། འདི་ལྟ་སྟེ་ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་གོང་དུ་བཤད་པའོ།། གཟུགས་མེད་པ་རྣམས་ན་ནི་གཞལ་མེད་ཁང་གི་གནས ་གཞན་གནས་པ་མེད་པའི་ཕྱིར་དེ་ལྟར་སྐྱེ་བའི་བྱེ་བྲག་རྣམ་པར་བཞག་པ་མེད་དེ། འོན་ཀྱང་དེ་དག་ལ་ཆུང་ངུ་ལ་སོགས་པ་ཡོངསུ་བསྒོམས་པ་རྣམས་ཀྱི་སྐྱེ་བ་ལ་ཆེ་ལ་སོགས་པའི་ཁྱད་པར་གྱིས་མཐོན་པོ་དང་དམའ ་པཱ་དང་། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་མང་བའི་ཁྱད་པར་གྱིས་ངན་པ་དང་བཟང་པོ་ནི་ཡོད་དོ།། མིང་དུ་གདགས་པ་རྣམ་པར་བཞག་པོ་ནི་བསམ་གཏན་བཞིའི་རབ་ཏུ་དབྱེ་བའི་ཏིངངེ་འཛིན་རྣམས་ཀྱི ་མིང་གྲངས་མེད་པ་དང་བསམ་གྱིས་མི་ཁྱབ་པ་རྣམས་ཏེ། འདི་ལྟར་བསམ་གཏན་དང་པོས་བསྡུས་པ་ཇི་སྙེད་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་རྣམས་སྙོམས་པར་འཇུག ་པའི་ཏིང་འཛིན་དེ་དག་གི་མིང་ཡང་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱིས་མི་ཤེས་ན། དེ་དག་གི་གྲངས་ཤེས་པར་འགྱུར་བ་འམ་སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལས་ཏིང་འཛིན་བརྒྱ་ལྷག་ཅིག་བསྟན་པ་དང་། དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་སྡེ་གཞན་དེ་དང་དེ་དག་ནས་འབྱུང་བའོ།། རྣམ་པར་དག་པས་ཇི་ལྟ་བུ་ཞེ་ན། རབ་ཀྱི་མཐའི་ཆ་ལས་བྱུང་བའི་བསམ་གཏན་དང་གཟུགས ་མེད་པ་རྣམས་ནི་རྣམ་པར་དག་པ་ཞེས་བྱ་སྟེ། ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པའི་ཕྱིར་འདོད་པ་བཞིན་དུ་ཐོབ་པ་ལ་སོགས་པས་ལས་སུ་རུང་བ་མཆོག་ཏུ་ཕྱིན་པར་ཁྲིད་པའི་ཕྱིརོ།། འཇིག ་རྟེན་ལས་འདས་པའི་ལམ་གྱི་བསྒོམ་པའི་ལམ་ལ་བརྒྱ་དེ། སྡུག་བསྔལ་ལ་སོགས་པ་ལ་ཆོས་དང་རྗེ་སུ་རྟོགས་པོའི་ཤེས་པ་རྣམས་ཏེ། ཇི་ལྟར་མཐོང་བའི་ལམ་ལ་བསྟན་པ་རྣམས་སོ།། དེ་དག་དང་མཚུངས་པར་ལྡན ་པའི་ཏིང་ངེ་འཛིན་ནི་མི་ལྕོགས་པ་མེད་པས་བསྡུས་པ་འམ། བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བྱར་དུའོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་འདུ་ཤེས་ཀྱི་རྒྱུ་བ་ཡོངསུ་མི་གསལ་བས ་འཕགས་པའི་ལམ་རྒྱུ་བ་མཆོག་ཏུ་གསལ་བའི་གནས་མ་ཡིན་པའི་ཕྱིར་གཅིག་ཏུ་འཇིག་རྟེན་པར་རིག་པར་བྱའོ།། དེའི་ཕྱིར་དེའི་དུ་ཤེས་དམན་པས་དམིགས་པོ་ལ་མཚན་མར་མི་བྱེད་པས་ཕྱིར་མཚན་མ་མེད་པ་ཞེ། ་བྱའོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་འཕགས་པའི་ལམོ་མེད་པ་དེ་ཇི་ལྟར་ཞེས་ཤེ་ན། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཇི་ཙམ་དུ་འདུ་ཤེས་ཀྱིས་སྙོམས་པར་འཇུག་པོ་དེ་ཙམ་དུ་ཀུན་ཤེས་པ་རྟོགསོ ་ཞེས་གསུངས་པའི་ཕྱིརརོ།། འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། འཕགས་པའི་ལམ་གྱི་རྗེས་ལ་ཐོབ་པའི་ཕྱིརརོ།། མི་རྣམས་ཀྱི་ནང་དུ་མངོན་པར་སྒྲུབ་བོ་ཞེས་བྱ་བ་ནི། ཐོག་མ་ཉིད་དུ་བསྐྱེད་ཅེས ་བྱ་བའི་ཐ་ཚིག་སྟེ། སྔར་བསྐྱེད་ན་མི་རྣམས་ཀྱི་ནང་དུ་ཚེ་དེ་ཉིད་དམ་གཟུགས་ཀྱི་ཁམསུ་སྐྱེས་ནས་མངོན་དུ་འགྱུརརོ།། འཕགས་པ་ཉན་ཐོས་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་ཏེ། གཟུགས་མེད་པ་ཐོབ་པ་གཟུ ་ཀྱི་ཁམསུ་ཇི་ལྟར་སྐྱེ་ཞེ་ན། གཟུགས་ཀྱི་ཁམས་ཀྱི་འདོད་ཆག་དང་བྲལ་བ་ཉིད་གཟུགས་མེད་པ་ལ་སྙོམས་པར་འཇུག་པར་ངེས་པ་མེད་དོ།། དེའི་ཕྱིར་གང་གཟུགས་ལ་འདོད་ཆགས་དང་བྲལ་བ་དེ་ཐམས་ཅད་གཟུགས་མེད ་པ་ཞི་བ་རྣམ་པར་ཐོར་པ་ལ་སྙོམས་པར་འཇུག་པར་བྱེད་ལ། གང་ཡང་གཟུགས་མེད་པ་ཞི་བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་དེ་ཐམས་ཅད་གཟུགས་ལས་འདོད་ཆགས་དང་བྲལ་བ་ཡིན་ནམ་ཞེས་པ ་ལ་མུ་བཞིར་འགྱུར་ཏེ། མི་ལྕོགས་པ་མེད་པ་ལ་བརྟོན་ནས་གཟུགས་ལ་འདོད་ཆགས་དང་བྲལ་བ་ནི་མུ་དང་པོའོ།། བསམ་གཏན་བཞི་པ་ཐོབ་པའི་འཕགས་པ་གཟུགས་མེད་པར་སྐྱེ་བ་དོན་དུ་མི་གཉེར་ལ་སྤོང་བའི་ལམ ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་ཏེ་གཟུགས་མེད་པ་ཞི་བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་ནི་མུ་གཉིས་པའོ།། དེ་ཉིད་འདོད་ཆགས་དང་བྲལ་བ་དོན་དུ་གཉེར་ཞིང་སྤོང་བའི་ལམ་ལ ་གནས་ཏེ་གཟུགས་མེད་པ་ཞི་བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་ནི་མུ་གསུམ་པའོ།། རྣམ་པ་དེ་དག་མ་གཏོགས་པ་ནི་མུ་བཞི་པའོ།། གཟུགས་མེད་པར་སྐྱེས་པ་རྣམས་ལ་ཅིའི་ཕྱིར་མངོན་སུམ་དུ ་མི་འགྱུར་ཞེ་ན། ཞི་བར་གནས་པས་གནས་པར་འདོད་པས་འཕགས་པ་རྣམས་མའི་ནང་དུ་དེ་མངོན་པར་བསྒྲུབས་ནས་མངོན་སུམ་དུ་བྱེད་དོ།། གཟུགས་མེད་པར་སྐྱེས་པ་དེ་དག་ནི་སྒྲིམ་མི་དགོས ་པར་རྣམ་པར་སྨིན་པ་ལས་བྱུང་བ་མཆོག་ཏུ་ཞི་བ་རྣམ་པར་ཐར་པ་ལ་གནས་པས་གནས་པ་སྟེ། དེའི་ཕྱིར་དེ་མངོན་སུམ་དུ་བྱ་བའི་དོན་དུ་ཡང་འབྱུང་བ་མི་རློམ་མོ།། ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་རཱི་ར་ལ་ཡང་མུ ་ལ་སོགས་པས་རྣམ་པ་གསུམ་དུ་ཕྱེ་ནས་རྣམ་པ་དགུར་རྣམ་པར་བཞག་སྟེ། བསྒོམ་པས་སྤང་བར་བྱ་བ་རྣམས་རིམ་གྱིས་སྤོང་བ་བསྟན་པའི་ཕྱིར་རོ།། ཅིའི་ཕྱིར་ཆུང་ངུའི་ཆུང་ངུས་ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤོང་ཞེ ་ན། དེ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ཤིན་ཏུ་བྲལ་ཞིང་འཛེམ་པ་མེད་པའི་སེམས་ཀྱི་རྒྱུད་ལ་ཀུན་ཏུ་འབྱུང་བས་དེ་རྟོག་པར་སླ་ཞིང་ཡོངསུ་གཅད་པར་སླ་བ་སྟེ། དེའི་ཕྱིར་ད་ནི་དྲི་མ་ཆེ་ལོང་བཞིན་དུ་གཉེན་པོ་ཆུང ་དུས་སེལ་ཏོ།། གང་ཡོངསུ་གཅད་དཀའ་བར་ཀུན་ཏུ་འབྱུང་ཞིང་ཕྲ་ལ་རྒྱུལ་ཞེན་པའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་དེ་ནི་དྲི་མ་ཆུང་ངུ་བཞིན་དུ་གཉེན་པོ་ཆེན་པོ་ཆེན་པོའོ་སྟོབས་ཀྱིས་སེལ་ཏེ། དེའི་ཕྱིར་མི་མཐུན་པའི་ཕྱོགས ་ཀྱི་རྣམ་པ་ལས་བཟློག་པ་ནས་གཉེན་པོའི་ཕྱོགས་ཀྱིས་རྣམ་པར་བཞག་པར་རིག་པར་བྱའོ།། སྦྱོར་བའི་ལམ་ནི་ལམ་གང་བསྒོམས་པས་ཆེན་པོའི་ཡང་ཆེན་པོ་ལ་སོགས་པ་ཉོན་མོངས་པའི་རྣམ་པའི་བྱེ་བྲག་དང་ཕྱོགས ་ཀྱི་གནས་ངན་ལེན་གྱི་ཆ་ཤས་རེ་རེ་དང་བྲལ་བའི་ཕྱིར་རིམ་གྱིས་གནས་གྱུར་པ་དེ་ནི་བསྒོམ་པའི་ལམ་ལ་སྦྱོར་བའི་ལམ་ཞེས་བྱའོ།། གང་གི་འོག་ཏུ་དེ་ཉོན་མོངས་པའི་བྱེ་བྲག་གི་རྣམ་པ་དང་ཕྱོགས་ཀྱི་གནས་ངན་ལེན་མ ་ལུས་པ་དང་བྲལ་བའི་ཕྱིར་དེས་གནས་ངན་ལེན་མེད་པར་གནས་གྱུར་པ་དེ་ནི་བར་ཆད་མེད་པའི་ལམ་མོ།། རྣམ་པར་གྲོལ་བའི་ལོམ་ནི་གང་གིས་གནས་གྱུར་པ་དེ་སོ་སོ་རང་གི་མྱོང་བའོ།། ཁྱད་པར་གྱི་ལམ་ནི་དེའི་འོག་ཏུ ་ཉོན་མོངས་པ་ལྷག་མ་སྤོང་བར་བྱེད་པའི་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གང་ཡིན་པའོ།། རྣམ་གྲངས་གཞན་དུ་ན་ཁྱད་པར་གྱི་ལམ་ནི་ཉོན་མོངས་པ་སྤོང་བར་སྦྱོར་བ་བཏིང་སྟེ། མདོ་ལ་སོགས་པའི་ཆོས ་སེམས་པ་འམ་སྔར་བསམས་པ་དང་ཁོང་དུ་ཆུད་པའི་ཆོས་ལ་སོ་སོར་རྟོག་པའི་གནས་པས་གནས་པ་དང་། སྙོམས་པར་འཇུག་པ་གཞན་ལ་སྙོམས་པར་འཇུག་པའི་ལམ་གང་ཡིན་པའོ།། ཡང་མངོན་པར་ཤེས་པ་ཡོན ་ཏན་ཁྱད་པར་ཅན་རྣམས་མངོན་པར་སྒྲུབ་པ་འམ་དེ་དག་གི་གནས་པའི་ལམ་གང་ཡིན་པའོ།། དེ་ལྟར་བསྒོམ་པའི་ལམ་རྒྱ་ཚུར་བཤད་ནས་དེའི་ཞར་ལ་བྱུང་བའི་ལམ་བསྒོམ་པ་བརྗོད་པར་བྱའོ།། ལམ་བསྒོམ་པ་རྣམ་པ ་བཞི་ནི་ཡང་དག་པར་སྤོང་བའི་དབང་དུ་བྱས་པ་སྟེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ།། དེ་ལ་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་ནི་ཐོབ་པར་བྱ་བའི་དོན་དུ་བསྒོམ་པ་སྟེ། དེས་དགེ་བའི་ཆོས་མ་ཐོབ་པ་རྣམས་ཐོབ་པའི་ཕྱིརརོ།། ་བརྟེན་པ་བསྒོམ་པ་ནི་བརྟན་པ་ཉིད་བསྒོམ་པ་སྟེ། དགེ་བའི་ཆོས་ཐོབ་པ་གོམས་པར་བྱེད་པའི་ཕྱིརརོ།། བསལ་བའི་ཕྱིར་བསྒོམ་པ་ནི་བསལ་བའི་དོན་དུ་བསྒོམ་པ་སྟེ། ཀུན་ཏུ་བྱུང་བའི་གན་སྐབས ་སུ་མི་དགེ་བའི་ཆོས་སེལ་བའི་ཕྱིརརོ།། གཉེན་པོ་བསྒོམ་པ་ནི་གཉེན་པོ་ལ་བསྒོམ་པ་སྟེ། མ་འོངས་པའི་མི་དགེ་བའི་ཆོས་མི་སྐྱེ་བའི་ཆེས་ཅན་དུ་བྱེད་པའི་ཕྱིརརོ།། རྣམ་གྲངས་གཞན་དུ་ནི་འཕེན་པའི་ལམ་སྐྱེ་བ་ན་རང་གི་བགས ་འཇོག་པ་དེ་ནི་བག་ཆགས་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་སྟེ། དེ་ལས་དེའི་རྒྱུ་ལས་བྱུང་བ་རྣམས་ཆེར་འབར་བར་འབྱུང་བའི་ཕྱིརརོ།། ལམ་དེ་ཉིད་མངོན་དུ་བྱེད་པ་ནི་བརྟེན་པའི་བསྒོམ་པའོ།། དེས་རང་གི་མི་མཐུན་པའི་ཕྱོགས ་ཀྱི་གནས་ངན་ལེན་འགོག་པར་བྱེད་པ་ནི་བསལ་བའི་ཕྱིར་བསྒོམ་པའི།། གནས་འགྱུར་བའི་ཕྱིར་ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་འཇོག་པ་དེ་ནི་གཉེན་པོ་བསྒོམ་པའོ།། ཡང་གཉེན་པོ་ནི་རྣམ་པར་སུན་འབྱིན་པ་ལ ་སོགས་པ་རྣམ་པ་བཞིར་རབ་ཏུ་དབྱེ་བར་རིག་པར་བྱ་སྟེ། དེ་ལ་རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ཟག་པ་དང་བཅས་པའི་འདུ་བྱེད་རྣམས་ལ་ཉེས་དམིགསུ་ལྟེ་བ་སྟེ། དེས་ནད་དང་འབྲས་ལ་སོགས་པའི་རྣམ་པ ་རྣམས་ཀྱིས་ཉེ་བར་ལེན་པའི་ཕུང་པོ་འབྱིན་པའི་ཕྱིར།། སྤོང་བའི་གཉེན་པོ་ནི་སྦྱོར་བ་དང་བར་ཆད་མེད་པའི་ལམ་རྣམས་ཏེ། དེ་དག་གི་ཉོན་མོངས་པ་སྤོང་བའི་ཕྱིར་རོ།། རྟེན་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་རྣམས་ཏེ ་དེ་དག་གིས་སྤོང་བའི་ཐོབ་པ་ཀུན་ཏུ་འཛིན་པའི་ཕྱིར་རོ།། ཟག་བསྲུང་བའི་གཉེན་ཟ་ནི་དེའི་གང་མའི་ལམ་སྟེ། ངས་སྟན་སྤངས་པ་མཉན་མོངས་པ་བག་བསྲིང་བར་ཕྱི་།། ཡང་བྱུང་ཆུབ་ཕྱོགས་ལ་སོགས་པའི་བྱེ་བྲན ་གིས་ལམ་རྣམ་པ་བཅུ་གཅིག་ཏུ་རྣམ་པར་བཞག་སྟེ། འདི་ལྟ་སྟེ། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ནི་དྲན་པ་ཉེ་བར་བཞག་པ་རྣམས་ཏེ། དེས་ཐོག་མ་ཉིད་དུ་མི་གཙང་བ་ལ་སོགས་པའི་རྣམ་པ་རྣམས་ཀྱི་ལུས ་དང་ཚེར་བ་དང་། སེམས་དང་། ཆོས་ཀྱི་དངོས་པོ་ལ་ཡོངསུ་རྟོག་པའི་ཕྱིར་རོ།། རྩོལ་བ་ལས་བྱུང་བའི་ལམ་ནི་ཡང་དག་པར་སྤོང་བ་རྣམས་ཏེ། དེ་ལྟར་དངོས་པོ་རྣམས་ལ་ཡོངསུ་བརྟགས་ནས་དེས་སྒྲིབ་པ་སྤང་བའི་དོན་དུ ་བརྩོན་འགྲུས་རྩོམ་པའི་ཕྱིརརོ།། ཏིངེ་འཛིན་ཡོངསུ་སྦྱོང་བར་བྱེད་པའི་ལ་མཽ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཏེ། དེ་ལྟར་སྒྲིབ་པ་ཡོངསུ་སྦྱངས་པ་ནི་འདིས་འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པའི་སྒོ་ནས་ཏིང་འཛིན ་རྣམས་ཀྱིས་ལ་སུ་རུང་བར་བྱེད་པའི་ཕྱིར།། མངོན་པར་རྟོགས་པར་བྱ་བའི་སྦྱོར་བའི་ལམ་ནི་དབང་པོ་རྣམས་ཏེ། དེ་ལྟར་ཏིང་ངེ་འཛིན་ཡོངསུ་སྦྱང་བ་བྱས་པ་ནི་དེས་འཕགས་པའི་ལམ་ཡང་དག་པར་སྒྲུབ་པའི་ཕྱིར་དབང་བྱེད ་པར་གྱུར་པ་དྲོ་བར་གྱུར་པ་དང་རྩེ་མོ་ལ་སྦྱར་བའི་ཕྱིརརོ།། མངོན་པར་རྟོགས་པ་དང་འདྲེས་པའི་ལམ་ནི་སྟོབས་རྣམས་ཏེ། དེ་ལྟར་དབང་བྱེད་པ་ཐོབ་པ་ནི་ལྔ་པོ་འདིས་དེ་མ་ཐག་ཏུ་བདེན་པ་རྟོགས་པར་བྱ་བའི་ཕྱིར་མ་དང་པོ་ལ ་སོགས་པའི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ་སྦྱོར་བའི་ཕྱིརརོ།། མངོན་པར་རྟོགས་པའི་ལམ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། ་དེས་ཐོག་མ་ཁོ་ནར་སོ་སོ་རང་གིས་དེ་ཁོ་ནར་མངོན་དུ་ཡང་དག་པར་རྟོགས་པའི་ཕྱིར་རོ།། རྣམ་པར་དག་པར་ངེས་པར་འབྱིན་པའི་ལམྱ་ནི་འཕྲིགས་པོའི་ལམ་ཡན་ལག་བརྒྱུད་པ་སྟེ། དེའི་འོག་ཏུ་ངེས་བསྒོམ་པས་སྤང་བར་བྱ ་བའི་ཉོན་མོངས་པ་རྣམས་རྣམ་པར་དག་པར་བྱ་བར་ངེས་པར་འབྱུང་བའི་ཕྱིར།། དེའི་ཕྱིར་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་འདི་དག་གི་གོ་རིམ་ནི་འདི་ལྟ་བུ་ཡིན་པར་རིག་པར་བྱའོ།། གནས་དང་དབང་པོ་ཐ་དད་པའི་ལམ་ནི་ལམོ ་བཞི་སྟེ། དེ་ལ་དཀའ་བའི་ལམ་ནི་མི་ལྕོགས་པ་མེད་པ་དང་། གཟུགས་མེད་པ་ལ་བརྟེན་པ་སྟེ། གོ་རིམ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཞན་པའི་ཕྱིར་རོ།། སླ་བ་ནི་བསམ་གཏན་དཔ་ལ་བརྟེན་པ་སྟེ། ཟུང་དུ་འབྲེལ་བར ་འཇུག་པའི་ཕྱིར་རོ།། མངོན་པར་ཤེས་པ་བུལ་བ་ནི་དཀའ་བ་དང་སླ་བའི་གནས་འདི་གཉིས་ལ་སྟེ། དབང་པོ་བརྟུལ་པོ་རྣམས་ཀྱིའོ།། མངོན་པར་ཤེས་པ་མྱུར་བ་ནི་འདི་གཉིས་ཉིད་ལ་སྟེ། དབང་པོ་རྣོན་པོ་རྣམས་ཀྱིའོ།། བསླབ ་པ་གསུམ་ཡོངསུ་སྦྱོང་བའི་ལམ་ནི་ཆོས་ཀྱི་གནས་བཞི་སྟེ། དེ་ལ་བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་གཉིས་ཀྱིས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངསུ་སྦྱོང་བ་སྟེ། རྗེ་སུ་ཆགས་པ་དང་། ཁོང་ཁྲོ་བ ་སྤངས་པའི་སྒོ་ནས་བསླབ་པའི་གནས་མི་ཉམས་པར་བྱེད་པའི་ཕྱིརརོ།། ཡང་དག་པའི་དྲན་པས་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡོངསུ་སྦྱོང་བ་སྟེ། དམིགས་པ་མ་བརྗེད་པ་ནི་སེམས་མཉམ་པར་འཇོག་པའི་ཕྱིར་རོ།། ་ཡང་དག་པའི་ཏིང་འཛིན་གྱིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངསུ་སྦྱོང་སྟེ། སེམས་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིརརོ།། ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་རྣལ ་འབྱོར་གྱི་ལམ་ནི་ཞི་གནས་དང་ལྷག་མཐོང་སྟེ། དེ་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་མངོན་པར་འགྲུབ་པའི་ཕྱིར་རོ།། ལམོ་སྡུད་པའི་ལམ་ནི་དབང་པོ་གསུམ་པོ་དག་སྟེ། དེ ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པས་དབང་པོས་ནི་སྦྱོར་བ་དང་མཐོང་བའི་ལམ་བསྡུད་དོ།། ཀུན་ཤེས་པའི་དབང་པོས་ནི་བསྒོམ་པའི་ལམ་བསྡུད་དོ།། ཀུན་ཤེས་པ་དང་ལྡན་པའི་དབང་པོས་ནི་མཐར་ཕྱིན་པའི་ལམ ་བསྡུད་དོ།། ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་རྣམ་པ་ལྔས་རྣམ་པར་བཞག་པར་རིག་པར་བྱ་སྟེ། དམིགས་དང་ངོ་བོ་ཉིད་དང་། གྲོགས་དང་བསྒོམ་པ་དང་། བསྒོམས་པའི་འབྲས་བུསོ།། དེ་ལ་དྲན་པ་ཉེ་བར ་གཞག་པ་རྣམས་ཀྱི་དམིགས་པ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ཏེ་གོ་རིམ་བཞིན་ནོ།། ཅིའི་ཕྱིར་འདི་དག་དམིགས་པར་བཞག་ཅེ་ན། འདི་ལྟར་བྱིས་པའི་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་ཕལ་ཆེར ་དབང་པོ་དང་བཅས་པའི་ལུས་ལ་བརྟེན་ནས་བདེ་བ་ལ་སོགས་པ་ལ་སྤྱོད་པ་ན་དམིགས་པའི་མཚན་ཉིད་ཀྱི་བདག་འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པས་ཀུན་ནས་ཉོན་མོངས ་པར་འགྱུར་བ་དང་རྣམ་པར་བྱུང་བར་འགྱུར་བར་རྟོགས་ཏེ། དེའི་ཕྱིར་ཐོག་མ་ཉིད་དུ་དངོས་པོའི་མཚན་ཉིད་དེ་ལེགས་པར་ཡོངསུ་བརྟགས་པའི་ཕྱིར་དམྱིགས་པ་རྣམ་པ་བཞི་རྣམ་པར་བཞག་པར་རིག་པར་བྱའོ།། ངོ་བོ ་ཉིད་ནི་ཤེས་རབ་དང་དྲན་པ་སྟེ། ལུས་ལ་སོགས་པ་ལ་རྗེ་སུ་ལྟ་བ་ཞེས་འབྱུང་བ་དང་། དྲན་པ་ཉེ་བར་གཞག་པ་ཞེས་འབྱུང་བའི་ཕྱིར་གོ་རིམ་བཞིན་ནོ།། གྲོགས་ནི་དེ་གཉིས་དང་མཚུངས་པར་ལྡན་པའི་སེམས་དང ་སེམས་ལས་བྱུང་བ་རྣམསོ།། བསྒོམ་པ་ནི་ནང་དུ་ཕྱིའི་ལུས་ལ་སོགས་པ་ལ་ལུས་ལ་སོགས་པའི་རྗེ་སུ་ལྟ་བའོ།། དེ་ལ་ནང་གི་ལུས་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་རྣམས་ཏེ། ནང་གི་སྐྱེ་མཆེད ་ཀྱིས་བསྡུས་པ་དང་སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་རོ།། ཕྱིའི་ལུས་ནི་ཕྱི་རོལ་གྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཏེ། ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པ་དང་། སེམས་ཅན་གྱི་གྲངསུ་གཏོགས ་པའི་ཕྱིར་རོ།། ནང་དང་ཕྱིའི་ལུས་ནི་མིག་ལ་སོགས་པའི་སྐྱེ་མཆེད་དེ་དང་འབྲེལ་པའི་གཟུགས་ལ་སོགས་པའི་སྐྱེ་མཆེད་དབང་པོའི་གནསུ་གྱུར་པ་རྣམས་ཏེ། སེམས་ཅན་གྱི་གྲངས་གཏོགས་པ་དང་། ཕྱིའི་སྐྱེ་མཆེད་ཀྱི ་བསྡུས་པའི་ཕྱིར་རོ།། གཞན་གྱི་རྒྱུད་ལ་ཡོད་པའི་ནང་གི་སྐྱེ་མཆེད་གཟུགས་ཅན་རྣམས་ཀྱང་ནང་དང་ཕྱིའི་ལུས་ཏེ། སྐྱེ་མཆེད་རྣམ་པར་བཞག་པ་དང་། རྒྱུད་རྣམ་པར་བཞག་པ་བརྩན་པར་བྱས་པའི་ཕྱིརོ།། ལུས་ལ་ལུས ་ཀྱི་རྗེ་སུ་ལྟ་པོ་ནི་ལུས་ལ་ལུས་དང་འདྲ་བར་ལྟ་བ་སྟེ། རྣམ་པར་རྟོག་པའི་གཟུགས་བརྙན་གྱི་གཟུགསཽ་མཐོང་བ་དང་མཐུན་པར་རང་བཞིན་གྱི་གཟུཊ་ཀྱི་ལུས་དེ་བཱ་འཛིན་པཱི་ཕྱིར།། ནང་གི་ཚེར་བ་ལ་སོ་ཌཔ་ནི་ནང་གི་ལུས་ལ་བརྟེནས་བྱུང་བ་རྣམ་ཏེ། མིག་ལ་སྱེ་པ ་ལ་དམིག་པ་དང་རང་གི་གནས་ལས་བྱུང་བའི་ཕྱིར་རོ།། ཕྱིའི་ཆར་བ་ལ་སོགས་པ་ནི་ཕྱི་རོལ་གྱི་ལུས་ལ་བརྟེན་ནས་འབྱུང་བ་རྣམས་ཏེ། གཟུགས་ལ་སོགས་པ་ལ་དམིགས་པ་དང་གཞན་གྱི་གནས་ལས་བྱུང་བའི་ཕྱིརརོ།། ་ནང་དང་ཕྱིའི་ཚོར་བ་ལ་སོགས་པ་ནི་ནང་དང་ཕྱིའི་ལུས་ལ་བརྟེན་ནས་བྱུང་བ་རྣམས་ཏེ། རང་གི་རྒྱུད་ལ་ཡོད་པའི་ཕྱིའི་སྐྱེ་མཆེད་ལ་དམིགས་པ་དང་། གཞན་གྱི་རྒྱུད་ལ་ཡོད་པའི་ནང་གི་སྐྱེ་མཆེད་ལ་དམིགས་པའི་ཕྱིར་རོ།། ་ཚོར་བ་ལ་སོགས་པའི་རྗེསུ་ལྟ་བ་ཡང་དེ་བཞིན་ཏེ། ཅི་རིགསུ་སྦྱར་རོ།། ཞེས་པ་ནི་བློ་ན་ལ་སྣང་བ་དང་ཁྱད་པར་མེད་པ་བསྒོམ་ཞེས་བྱའོ།། འདུན་པ་ལ་སོགས་པ་དགུ་པོ་འདི་དག་ནི་དྲན་པ་ཉེ་བར་གཞག་པའི་ཡན་ལག་གོ།། ་སེམས་ཞུམ་པ་ནི་ཁྱད་པར་ཐོབ་པར་བྱ་བ་ལ་བདག་དམན་པར་སེམས་པའི་སྒོ་ནས་སྒྱིང་ལུག་པའོ།། གནོད་པས་ཡོངས་སུ་སྐྱོ་བ་ནི་ཤ་སྦྲང་དང་སྦྲང་བུ་ལ་སོགས་པ་གནོད་པས་ཉེན་པ་མི་བཟོད་པའོ།། ཅུང་ཟད་ཙམ་གྱིས ་ཆོག་པར་འཛིན་པ་ནི་དགེ་བའི་ཕྱོགས་འདི་ཙམ་གྱིས་ཆོག་གོ་ཞེས་ཕྱིར་བཟློག་པའོ།། ལྟུང་བས་ཡིད་ལ་གཅགས་པས་ནི་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་ཤེས་བཞིན་མེད་པར་སྤྱོད་པ་སྟེ། སྔར་བསླབ་པ་དང ་འགལ་ནས་ཕྱིས་འགྱོད་པའོ།། བརྩོན་པ་འདོར་བ་ནི་བག་མེད་པའི་ཉེས་པས་དགེ་བའི་ཕྱོགས་ཇི་ལྟར་བརྩམས་པ་ལ་སྦྱོར་བ་མཐར་མི་འབྱིན་པའོ།། འབྲས་བུ་ནི་གོ་རིམ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་གཙང་བ་དང་། བདེ ་བ་དང་། རྟག་པ་དང་། བདག་ཏུ་ཕྱིན་ཅི་ལོག་སྤོང་བ་སྟེ། མི་སྡུག་པ་བསྒོམ་པའི་ཕྱིར།། གང་ཅི་ཚེར་ཡང་རུང་སྟེ། དེ་ནི་འདི་ལྟར་སྡུག་བསྔལ་བར་ཤེས་པའི་ཕྱིརརོ།། གནས་དང་དམིགས་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པར་ཤེས ་པ་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བར་རྟོགས་པའི་ཕྱིརརོ།། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཆོས་ཙམ་དུ་ཟད་དེ་བྱེད་པ་མེད་པར་ཡོངསུ་རྟོགསོ་བའི་ཕྱིར་རོ།། ཡང་འདི་དག་གི་འབྲས་བུ་ནི་གཽ་རིམ་བཞིན་དུ་བདེན་པ་བཞི ་ཇུག་སྟེ། ལུས་དྲན་པ་ཉེ་བར་གཞག་པས་ནི་སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། ལུས་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་མཚན་ཉིད་གནས་ངན་ལེན་གྱིས་རབ་ཏུ་ཕྱེ་བའི་ཕྱིརརོ།། འདི་ལྟར་དེའི་གཉེན་པོར་གྱུར་བ་ཤིན་ཏུ་སྤངས ་པ་ནི་ལུས་ཉིད་ལ་ཁྱད་པར་ཅན་དུ་འབྱུང་ངོ་།། ཚོར་བ་དྲན་པ་ཉེ་བར་བཞག་པས་ནི་ཀུན་འབྱུང་བའི་བདེན་པ་ལ་འཇུག་སྟེ། ཕྲད་པ་ལ་སོགས་པར་སྲེད་པ་ནི་བདེ་བ་ལ་སོགས་པའི་ཚོར་བའི་གནས་ཡིན་པའི་ཕྱིརརོ།། སེམས་དྲན་པ ་ཉེ་བར་གཞག་པས་ནི་འགོག་པའི་བདེན་པ་ལ་འཇུག་སྟེ། བདག་མེད་ཅིང་རྣམ་པར་ཤེས་པ་ཙམ་མེད་པར་འགྱུར་བུར་བལྟ་བས་ན་བདག་ཆད་པར་དོགས་པའི་སྒོ་ནས་མྱ་ངན་ལས་འདས་པ་ལ་སྐྲག་པ་མེད་པའི་ཕྱིར།། ཆས། ་དྲན་པ་ཉེ་བར་གཞག་པས་ནི་ལམ་གྱི་བདེན་པ་ལ་འཇུག་སྟེ། མི་མཐུན་པའི་ཕྱོགས་ཀྱི་ཆོས་སྤོང་བ་དང་། གཉེན་པོའི་ཆོས་ལ་བརྟེན་པའི་ཕྱིར་རོ།། ཡང་འདི་དག་གི་འབྲས་བུ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་དང་བྲལ་བར ་གོ་རིམ་བཞིན་དུ་རིག་པར་བྱ་སྟེ། དེ་དག་བསྒོམས་པས་ལུས་ལ་སོགས་པའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ།། ཡང་དག་པོར་སྤོང་བ་རྣམས་ཀྱི་དང་པོའི་དམིགས་པ་ནི་མི་མཐུན་པའི་ཕྱོགས་སྐྱེས་པ་སྟེ། དེས ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་པའི་ཕྱིར་འདུན་པ་སྐྱེད་པའི་ཕྱིར་རོ།། གཉིས་པ་འི་དམིགས་པས་ནི་མི་མཐུན་པའི་ཕྱོགས་མ་སྐྱེས་པ་དང་། གསུམ་པའི་དམིགས་པ་ནི་གཉེན་པོ་མོ་སྐྱེས་པ་དང་། བཞི་པའི ་དམིགས་པ་ནི་གཉེན་པོ་སྐྱེས་པ་སྟེ། ཇི་ལྟར་མདོ་སྡེ་ལས་འབྱུང་པོ་བཞིན་དུ་སྦྱར་བར་བྱའོ།། འདུན་པ་སྐྱེད་དོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་བརྩོན་འགྲུས་བསྒོམ་པ་གནས་དང་བཅས་པོ་ཡོངསུ་བསྟན་ཏོ།། དེ ་ལ་གནས་ནི་འདུན་པ་སྟེ། དེ་ནི་བརྩོན་འགྲུས་རྩོམ་པའི་སྔོན་དུ་འགྲོ་བའི་ཕྱིར།། གང་གི་ཚེ་ཞི་གནས་ཀྱི་མཚན་མ་ཡོད་ལ་བྱེད་པས་གཉེན་པོ་སྐྱོན་མེད་པ་འབའ་ཞིག་སྒོམ་པ་དེའི་ཚེ་འབད་པ་ཞེས་བྱའོ།། གང་གི་ཚེ་ཉེ་བའི་ཉོན ་མོངས་པ་བྱིང་བ་བྱུང་བ་དེ་གསལ་བའི་ཕྱིར་དགའ་བར་གྱུར་པ་ལ་སོགས་པའི་ཡིད་ལ་བྱེད་པ་རྣམས་ཀྱིས་སེམས་པར་བྱེད་པ་དང་། ཉེ་བའི་ཉོན་མོངས་པ་རྒོད་པ་བྱུང་བ་ན་ནང་དུ་སྡུད་པའི་སྒོ་ནས་སེམས ་འཛིན་པ་དེའི་ཚེ་བརྩོན་འགྲུས་རྩོམ་ཞེས་བྱའོ།། དེའི་ཕྱིར་ཕྱིང་བ་དང་རྒོད་པ་བསལ་བའི་ཐབས་བསྟན་པའི་ཕྱིར་དེའི་འོག་ཏུ་སེམས་རབ་ཏུ་འཛིན་པ་དང་། རབ་ཏུ་འཇོག་པ་སྨོས་སོ།། འབྲས་བུ་ནི་ཡང་དག་པར་སྤོང་བ་དང ་པོ་དང་གཉིས་པའི་ནི་མི་མཐུན་པའི་ཕྱོགས་མ་ལུས་པར་ཉམས་པ་སྟེ། དེ་གཉིས་ཀྱིས་ཇི་ལྟར་མཐུན་མཐུན་དུ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དང་མ་སྐྱེས་པའི་ཆོས་རྣམས་ཉམས་པར་བྱེད་པའི་ཕྱིརརོ།། གསུམ་པའི ་ནི་གཉེན་པ་ཐོབ་པ་སྟེ། དེས་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པའི་ཕྱིར་རོ།། བཞི་པའི་ནི་གཉེན་པོ་ཐོབ་པས་འཕེལ་བ་སྟེ། དེས་དགེ་བའི་ཆོས་སྐྱེས་པ་ཡོངས་པར་བྱེད་པའི་ཕྱིར་རོ།། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི ་དམིགས་པ་ནི་ཏིང་ངེ་འཛིན་གྱིས་གྲུབ་པའི་བྱ་བའི་རྫུ་འཕྲུལ་ལ་སོགས་པའི་བྱེ་བྲག་གང་ཡིན་པའོ།། འདུན་པའི་ཏིང་འཛིན་ནི་གང་གུས་པར་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་སྟེ། གུས་པར་སྦྱོར་བ་ནི། ་འདུན་པ་དྲག་པོ་དང་རིམ་གྲེ་ཆེར་བྱས་ཏེ་སྦྱོར་བའོ།། བརྩོན་འགྲུས་ཀྱིས་ཏིང་འཛིན་ན་གང་རྒྱུན་ཏུ་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པོ་ཉིད་ལ་རེག་པ་སྟེ། གང་རྟག་ཏུ་སྦྱོར་ཞིང་ནམ་ཡང་མི་སྦྱོར་བ་མ་ཡིན་པ་དེ་ནི ་བརྩོན་འགྲུས་ཞེས་བྱའོ།། སེམས་ཀྱི་ཏིང་ངེ་འཛིན་ནི་སྔོན་གང་གིས་ཚེ་རབས་གཞན་ན་ཏིངེ་འཛིན་བསྒོམས་པ་ལ་བརྟེན་ནས་དེས་སེམས་ཀྱི་ས་བོན་ཡོངསུ་བརྟས་པའི་ཕྱིར་རང་གི་ངང་གིས་ཏིང་ངེ་འཛིན་གྱི་རྗེསུ་མཐུན་པར ་གྱུར་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ།། རྫུ་འཕྲུལ་གྱི་རྐང་པ་མངོན་པར་སྒྲུབ་པའི་རྒྱུ་ཡང་དག་པར་བསྟན་པའི་ཕྱིར་ཡང་དག་པར་སྤོང་བ་བསྒོམ་པ་ལ་འདུན་པོ་བསྐྱེད་དོ།། ཞེས་བྱ་བ་ལ་སོགས་པས་བསྟན་པར ་རིག་པར་བྱའོ།། སེམས་རབ་ཏུ་འཇོག་པ་དང་རབ་ཏུ་འཛིན་ཅེས་བྱ་བ་དེ་ནི་འདིར་བརྗོད་པའི་ལུགས་ཀྱི་གོ་རིམ་དུ་རིག་པར་བྱའོ།། དེ་ལ་སེམས་ཀྱི་ཏིང་ངེ་འཛིན་ནི་གང་སེམས་རབ་ཏུ་འཇོག་པ་ན་སེམས་རྩེ་གཅིག་པ་ཉིད ་ལྔ་རིག་པོའོ་ཞེས་བྱ་བ་ནི་སེམས་ཉིད་ཀྱིས་སེམས་ནང་དུ་འཛིན་ཅིང་ཞི་བར་བྱེད། སྤྱད་པར་བྱེད། ཐོབ་པར་བྱེད་ཅེས་བྱ་བའི་ཐོ་ཚིག་གོ། དཔྱོད་པའི་ཏིང་འཛིན་ནི་སེམས་རབ་ཏུ་འཛིན་པ་ན་ཞེས་བྱ་བ་ནི་ཆོས་ལ་ལྷག་མཐོང ་གི་སྒོ་ནས་སེམས་འབར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། བསྒོམ་པ་ནི་འདུན་པ་ལ་སྩོགས་པོ་སྤོང་བའི་འདུ་བྱེད་བརྒྱད་གོམས་པར་བྱེད་པའོ།། སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དག་ནི་རྣམ་པ་བཞིར་བྱ་སྟེ། འདི་ལྟ་སྟེ། ་འབད་པ་ནི་འདུན་པ་དང་། རྩོལ་བ་དང་དད་པའོ།། དེ་ལ་ན་འདུན་པ་ནི་རྩོལ་བའི་གན་སོ།། འདུན་པའི་རྒྱུ་ནི་དད་པ་སྟེ། འདི་ལྟར་གང་ཟག་གང་ཞིག་དོན་དུ་གཉེར་བར་འགྱུར་བ་དེ་ནི་དེ་ཐོབ་པར་བྱ་བའི་ཕྱིར་རྩོལོ།། དེ་ཡོད་པ ་ཉིད་ལ་སོགས་པ་ཡིད་ཆེས་པ་མེད་ན་དོན་དུ་གཉེར་བར་མི་འགྱུར་རོ།། ཕན་འདོགས་པ་ནི་ཤིན་ཏུ་སྦྱངས་པ་སྟེ། དེས་ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར་རོ།། ཉེ་བྱར་འདོགས་པ་ནི་དྲན་པ་དང་ཤེས་བཞི ་ཏེ། དམིགས་པ་མ་བརྗེད་པས་སེམས་རྩེ་གཅིག་པ་ཉིད་ལ་འཇུག་པ་དང་། དེ་ལ་བག་མེད་པར་གྱུར་ན་ཡོངས་སུ་གཅོད་པའི་ཕྱིར་ཏེ། གེ་རིམ་བཞིན་ནོ།། གཉེན་པོ་ནི་སེམས་པ་དང་བཏང་སྙོམས་ཏེ། སེམས་རབ་ཏུ་འཛིན་པ་དང་། ་རབ་ཏུ་འཇོག་པ་མངོན་པར་འདུ་བྱེད་པས་བྱིང་བ་དང་རྒོད་པ་འབྱུང་བ་ཡོངསུ་སྤོང་བ་དང་། ཉེ་བའི་ཉོན་མོངས་པ་མེད་པ་ནི་ཞི་གནས་ལ་སོགས་པའི་མཚན་མའི་རྗེས་སུ་འཇུག་པའི་ཕྱིའོ།། ཡང་འདུན་པ་ལ་སོགས་པའི་སྡུད་པ ་དང་། གཡེང་བ་བཞི་དང་བཅས་པར་ཡོངསུ་སྤངས་པ་ལ་སོགས་པ་བསྒོམ་པ་དེ་ལ་སྡུད་པའི་གཞི་ནི་ལྷག་མཐོང་དང་བྲལ་བ་སྟེ། ལེ་ལོའི་སྒོ་ནས་བྱིང་བར་འགྱུརརོ།། གཡེང་བའི་གཞི་ནི་མི་སྡུག་པའི་འདུ་ཤེས་དང་བྲལ་བ ་སྟེ། རྒོད་པའི་སྒོ་ནས་ཡང་དག་པར་རབ་ཏུ་མི་འཛིན་ཏོ།། སྡུད་པ་ནི་རྨུགས་པ་དང་གཉིད་ཀྱི་སྒོ་ནས་ནང་དུ་ཞུམ་པའོ།། གཡེང་བ་ནི་སྡུག་པའི་མཚན་མོའི་རྗེསུ་འབྲང་བའི་སྒོ་ནས་ཡུལ་རྣམས་ལ་རྣམ་པར་འཕྲོ་བའོ།། ཞུམ་པ ་མེད་པ་དང་། མཐུན་པའི་སྒོམ་པ་ནི་སོ་སོར་རྟོག་པའི་མཚན་མ་ལ་བརྟེན་ནས་ཆོས་ལ་རྣམ་པར་བལྟ་བའོ།། གཡེང་བ་མེད་པ་དང་མཐུན་པ་ནི་སྒྲ་ལ་སོགས་པའི་རྗེས་ལ་མི་གཙང་བར་སོ་སོར་རྟོག་པའོ།། དེ་གཉི་ག་དང་མཐུན་པ་ནི ་སྣང་བའི་འདུ་ཤེས་སོ།། དེ་ཡང་བདག་གི་འདུན་པ་ཧ་ཅང་ཡང་ཞུམ་པར་ཡང་མི་འགྱུར་བ་དང་། ཧ་ཅང་རབ་ཏུ་གཟུང་བར་ཡང་མ་ཡིན་པ་དང་། ནང་དུ་བསྡུས་པ་ཡང་མ་ཡིན་པ་དང་། ཕྱི་རོལ་ཏུ་གཡེང་བ་ཡང་མ་ཡིན ་པ་དང་། ཕྱི་མ་དང་སྔ་མའི་འདུ་ཤེས་དང་། སྟེང་དང་འོག་གི་འདུ་ཤེསུ་བྱའོ་སྙམ་པ་དང་། དེ་ལྟར་རྣམ་པར་ཕྱེ་བའི་སེམས་ཀུན་ནས་དཀྲིས་པ་མེད་པས་སྣང་བ་དང་ལྡན་པའི་སེམས་བསྒོམ་པར་བྱ་བའི་བདག་གི་སེམ ་མུན་པ་ཅན་གྱི་ཚུལ་དུ་ནི་མི་འགྱུར་བར་བྱའོ་ཞེས་བྱ་བའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་གོ་རིམ་བཞིན་དུ་གསུངསོ།། འབྲས་བུ་ནི་ཇི་ལྟར་འདོད་པ་བཞིན་དུ་རྫུ་ཕྲུལ་ལ་སོགས་པའི་ཡོན་ཏན་བསྒྲུབ ་པོའི་ཕྱིར།། དབང་པོ་རྣམས་ཀྱི་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་རྣམས་ཏེ། བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བས་བསྡུས་པས་དེའི་རྣམ་པར་འགྱུར་བའི་ཕྱིར་རོ།། འབྲས་བུ་ནི་དེའི་དབང་གིས་རང ་པོར་མི་ཐོགས་པར་མཐོང་བའི་ལམ་སྐྱེ་བ་དང་། དེ་ཉིད་ཀྱི་དུས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་བརྟེན་པའི་སེམས་ཀྱི་རྒྱུད་ངོ་།། སྟོབས་རྣམས་ཀྱི་དམིགས་པ་ལ་སོགས་པོ་ནི་དབང་པོ་རྣམས་དང་མཐུ་ནོ།། འབྲས ་བུ་ལ་ནི་བྱེ་བྲག་ཡོད་དེ། འདི་ལྟར་འདི་དག་གི་འབྲས་བུ་དེ་ནི་ཇི་སྐད་དུ། མི་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་བསྲབས་པས་ལྷག་པར་བསྟན་པ་སྟེ། དེའི་ཕྱིར་འདི་དག་གིས་དམིགས་པ་དང་ངོ་བོ་ཉིད་ལ ་སོགས་པ་མཐུན་དུ་ཟིན་ཡང་མི་རྫི་བའི་དོན་གྱིས་བྱེ་བྲག་གིས་བྱང་ཆུབ་ཀྱི་ཕྱོགས་གཞན་ཉིད་དོ།། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་དག་གི་ཡང་དག ་པ་ཉིད་ཇི་ལྟ་བའོ།། ཞེས་བྱ་བ་ནི་དོན་དམ་པ་རྣམ་པར་དག་པའི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། ངོ་བོ་ཉིད་ནི་དྲན་པ་ལ་སོགས་པའི་ཆོས་བདུན་ནོ།། དེ་ལ་དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། དྲན་པ་ཉེ་བར་གནས་པ ་ནི་དགེ་བའི་ཆོས་ཐམས་ཅད་མངོན་པར་བརྗོད་པའི་ཕྱིར་རོ།། ཆོས་རྣམ་པར་འབྱེད་པ་ནི་ངོ་བོ་ཉིད་ཀྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་མཚན་མ་ཉིད་ཡིན་པའི་ཕྱིརརོ།། བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། དེས ་བགྲོད་པ་ཇི་སྲིད་པར་འགྲོ་བའི་ཕྱིར་རོ།། དགའ་བ་ནི་པན་ཡོན་གྱི་ཡན་ལག་སྟེ། དེས་སེམས་ཀྱི་རྒྱུད་ཚིམ་པར་བྱེད་པའི་ཕྱིར།། ཤིན་ཏུ་སྦྱངས་པ་དང་ཏིངེ་འཛིན་དང་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན ་ལག་སྟེ། དེ་ལ་ཤིན་ཏུ་སྦྱངས་པོས་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། དེས་གནས་ངན་ལེན་འཇིག་པའི་ཕྱིར་རོ།། ཏིང་ངེ་འཛིན་ནི་ཀུན་ནས་ཉོན་མོངས་པས་མི་འགྱུར་ཏེ། དེ་ལྟ་གནས་པ་གནས་འགྱུར་བའི་ཕྱིར་རོ།། ། ་བཏང་སྙེམས་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྟེ། བརྣབ་སེམས་དང་ཡིད་མི་བདེ་བ་དང་བྲལ་བ་ཉོན་མོངས་པ་ཅན་མོ་ཡིན་པའི་གནས་སྐབས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། བསྒོམ་པ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡོན་ལག ་དབེན་པ་ལ་གནས་པ་བསྒོམ་པ་ཞེས་བྱ་བ་ལ་སོགས་ཏེ། ཚིག་འདི་དག་དང་གོ་རིམ་བཞིན་དུ་འཕགས་པའི་བདེན་པ་ལ་དམིགས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངསུ་བསྟན་པ་ཡིན་ཏེ། འདི་ལྟར་སྡུག་བསྔལ ་ལ་སྡུག་བསྔལ་ཉིད་དུ་དམིགས་པ་ནི་དེ་ལས་དབེན་པ་ཚོལ་བས་སྡུག་བསྔལ་ལ་དམིགས་པ་ནི་དབེན་པ་ལ་གནས་པ་ཞེས་བྱའོ།། སྲེད་པའི་མཚན་ཉིད་ནི་སྡུག་བསྔལ་ཀུན་འབྱུང་བ་སྟེ། སྡུག་བསྔལ་ཀུན་འབྱུང་བར་དམིགྲེ ་པ་ནི་དེ་དང་བྲེལ་བ་ཚོལ་བས་དེ་ལ་དམིགས་པ་ནི་འདོད་ཆགས་དང་བྲལ་བ་ལ་དམིགས་པའོ།། སྡུག་བསྔལ་འགོག་པ་ལ་སྡིག་བསྔལ་འགོག་པར་དམིགས་པ་ནི་དེ་མངོན་སུམ་དུ་བྱེད་པར་འདོད་པས་དེ་ལ་དམིགས ་པ་ནི་འགོག་པ་ལ་གནས་པའོ།། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ནི་དེས་སྡུག་བསྔལ་རྣམས་སྤོང་བའི་ཕྱིར་རྣམ་པར་སྤོང་བ་ཞེས་བྱའོ།། དེ་ལ་དེ་ལྟར་དམིགས་པ་ནི་དེ་བསྒོམ་པས་ཚོར་བས་དེ་ལ་དམིགས་པ་ནི ་རྣམ་པར་སྤོང་བས་ཡོངསུ་བསྒྱུར་བ་ཞེས་བྱའོ།། འབྲས་བུ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོངས་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མཐོང་བའི་ལམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། ལམ་གྱི་ཡན ་ལག་རྣམས་ཀྱི་དམིགས་པ་ནི་དེའི་འོག་ཏུ་བདེན་པ་ཇི་ལྟར་མཐོང་བ་རྣམས་ཀྱི་ཡང་དོག་པ་ཉིད་ཇི་ལྟ་བ་དེ་ཉིད་དོ།། ངོ་བོ་ཉིད་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་ཆོས་བརྒྱད་པོ་རྣམསོ།། དེ་ལ་ཡང་དག་པོའི་ལྟ་བ་ནི་ཡོངསུ ་གཅོད་པའི་ཡན་ལག་སྟེ། དེས་ཇི་ལྟར་མྱོང་བའི་དེ་ཁོ་ན་ངེས་པར་འཛིན་པའི་ཕྱིར།། ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་སྟེ། དེས་ཇི་ལྟར་རྟོགས་པ་རྣམ་པར་བཞག་ནས་ངག་ཀུན ་ནས་སློང་བའི་ཕྱིར།། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚེ་བ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། དེ་དག་གིས་རྟོགས་པ་དང་ལྡན་པའི་ལྟ་བ་ལ་སོགས་པ་རྣམ་པར་དག་པ་གོ་རིམ་བཞིན་དུ་གཞན ་ངག་གིས་གཏན་ལ་འབེབས་པའི་ཕྱིརརོ།། དེ་ལ་ཡང་དག་པའི་ངག་གིས་ནི་རྟོག་པ་དང་མཐུན་པར་འདྲི་བ་དང་ལུང་སྟོན་པ་འབེལ་བའི་གཏམ་གཏན་ལ་འབེབས་པས་དེའི་ལྟ་བ་རྣམ་པར་དག་པར་རྣམ་པར་ཤེས་སོ།། ། ་ཡང་དག་པའི་ལས་ཀྱི་མཐའ་ནི་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་སྤྱོད་པ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་རྣམ་པར་དག་པར་ཤེསོ།། ཡང་དག་པའི་འཚོ་བས་ནི་ཇི་ལྟར་གནང་བ་བཞིན་དུ་ཆོས་དང་མཐུན ་པས་གོས་ལ་སོགས་པ་ཚོལ་བས་ཡང་དག་པའི་འཚོ་བས་རྣམ་པར་ཤེས་སོ།། ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དེས་ཀུན་ཏུ་སྦྱོར་བ་ལྷག་མ་སྤོང་བའི་ཕྱིར་རོ།། ཡང་དག ་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དེས་ཡང་དག་པའི་ཞི་གནས་ལ་སོགས་པའི་མཚན་མ་མ་བརྗོད་པས་ཉེ་བའི་ཉོན་མོངས་པ་བྱིང་པོ་ལ་སོགས་པའི་སྐབས་མེད་པའི་ཕྱིརརོ།། ་ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དེས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པའི་ཕྱིརརོ།། བསྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བཞིན ་ཏེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དབེན་པ་ལ་གནས་པ་བསྒོམ་པ་ཞེས་རྒྱ་ཆེར་འབྱུང་བའོ།། ལམ་དང་ཆོས་ཀྱི་གནས་རྣམས་ནི་དོན་སྔ་མ་བཞིན་དུ་བཤད་པར་རིག་པར་བྱའོ།། ཞི་གནས་ནི་སེམས་གནས་པ་དགུ་སྟེ། ་དེ་ལ་ཕྱི་རོལ་གྱི་དམིགས་པ་རྣམས་ལས་ཕྱིར་བསླན་ནས་ནང་དུ་མི་གཡེང་བར་གང་དང་པོ་ཉིད་དུ་སེམས་ཉེ་བར་འདོགས་པ་ནི་འཇོག་པའི།། དེ་ལྟར་སེམས་གཡོ་བ་རགས་པ་ཐོག་མ་ཉིད་དུ་བཏགས་པ་དེ་དམིགས་པ་དེ ་ཉིད་ལ་རྒྱུན་གྱི་ཚུལ་དང་ཕྲ་བར་བྱེད་པས་མངོན་པར་བསྡུས་པ་ནི་རྒྱུན་ཏུ་འཇོག་པའོ།། བརྗེད་ནས་ཕྱི་རོལ་ཏུ་གཡེངས་པར་གྱུར་པ་དེ་ཡང་ཕྱིར་བཀུག་པ་སྟེ། བསླན་ཏེ་འཇོག་པའོ།། སེམས་ཕྱི་རོལ་ཏུ་མི་འཕྲོ་བར་བྱ་བའི ་ཕྱིར་ཐོག་མ་ཉིད་དུ་དྲན་པ་ཉེ་བར་གནས་པ་ནི་ཉེ་བར་འཇིག་པའོ།། རྣམ་པར་གཡེང་བའི་རྒྱུ་གཟུགས་ལ་སོགས་པ་ལ་ཉེས་དམིགས་ཀྱི་འདུ་ཤེས་ཀྱི་དབང་དུ་བྱས་ནས་ཐོག་མ་ཉིད་དུ་སེམས་རབ་ཏུ་འཕྲོར་མི་སྟེར་བ་ནི ་དུལ་བར་བྱེད་པའོ།། སེམས་འཁྲུགས་པར་བྱེད་པ་ཉེ་བའི་ཉོན་མོངས་པ་རྣམ་པར་རྟོག་པར་བྱེད་པ་ལ་ཉེས་དམིགསུ་ལྟ་བས་འཕྲོར་མི་སྟེར་བ་ནི་ཞི་བར་བྱེད་པའོ།། བརྗེད་ནས་རྣམ་པར་རྟོག་པ་ལ་སོགས་པ་ཀུན་ཏུ་འབྱུང། ་པ་ན་དེ་དང་དུ་མི་ལེན་པ་ནི་རྣམ་པར་ཞི་བར་བྱེད་པའོ།། མངོན་པར་འདུ་བྱེད་པས་སྐབས་མེད་ཅིང་བར་ཆད་མེད་པར་ཏིང་ངེ་འཛིན་རྒྱུན་ཏུ་བསྐྲུན་ཏེ། འཇོག་པ་ནི་རྩེ་གཅིག་ཏུ་བྱེད་པའོ།། ཤིན་ཏུ་གོམས ་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་པ་ཅིང་ལྷུན་གྱི་གྲུབ་པར་སེམས་ཀྱི་ཏིང་འཛིན་གྱི་རྒྱུན་གཡེང་བ་མེད་པར་འབྱུང་བ་ནི་མཉམ་པར་འཇོག་པའོ།། ལྷག་མཐོང་ནི་འདི་ལྟ་སྟེ། ཆོས་རྣམས་ལོ་རྣམ་པར་འབྱེད་པ་ཞེས་བྱ ་བ་ལ་སོགས་པ་སྟེ། དེ་ལ་སྤྱད་པ་རྣམ་པར་སྦྱོང་བ་ལ་དམིགས་པ་འམ། མཁས་པ་ལ་དམིགས་པ་འམ། ཉོན་མོངས་པ་རྣམ་པར་སྦྱོང་བའང་རུང་སྟེ། ཇི་སྙེད་ཡོད་པས་རྣམ་པར་འབྱེད་པའོ།། ཇི་ལྟ་བ་བཞིན་དུ་ཡོད ་པས་རབ་ཏུ་རྣམ་པར་འབྱེད་པའོ།། རྣམ་པར་རྟོག་པ་དང་བཅས་པའི་ཡིད་ལ་བྱེད་པ་ཤེས་རབ་དང་བཅས་པས་མཚན་མར་བྱེད་པ་ནི་ཡོངསུ་རྣམ་པར་རྟོག་པའོ།། ཀུན་ཏུ་རྟོག་པ་ནི་ཡོངསུ་སྤྱོད་པར་བྱེད་པའོ།། ཡང་ཞི་གནས ་དང་ལྷག་མཐོང་ལ་བརྟེན་ནས་ལམ་བཞིར་འགྱུར་ཏེ་ཞེས་བྱ་བ་ནི་ལམ་བཞིར་བསྟན་པའི་དབང་དུ་བྱས་པ་སྟེ། དེ་ལ་དང་པོར་ནི་ཞི་གནས་ཐོབ་པའི་ཕྱིར་འདུག་བཞིན་དུ་སེམས་འཇོག་པ་ནས་མཉམ་པར་འཇོག་པའི་བར་དང ་ལྷག་མཐོང་མ་ཐོབ་པའི་ཏིང་འཛིན་དེ་ལ་བརྟེན་ནས་ཕྱིས་དེ་བཞིན་དུ་འདུག་སྟེ། ཆོས་དེ་དག་རྣམ་པར་འབྱེད་པ་ནས་ཡོངསུ་དཔྱོད་པར་བྱེད་པའི་བར་དུའོ།། གཉིས་པ་ནི་དེ་ལས་བཟློག་པར་རིག་པར་བྱའོ།། གསུམ་པ་ནི་གཉི། ་ག་མ་ཐོབ་པ་སྟེ། གཉི་ག་ལ་བརྩོན་པར་བྱེད་དོ།། ཇི་ལྟར་ཞེ་ན་ཐོས་པ་འཛིན་པའི་སྒོ་ནས་ལྷག་མཐོང་ལ་བརྩོན་པར་བྱེདདོ།། དེ་མངོན་དུ་འགྲོ་བས་ཞི་གནས་ལ་བརྩོན་པར་བྱེདདོ།། བཞི་པ་ནི་གཉི་ག་ཐོབ་པའོ།། མི་ཤེས ་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་སྦྱོར་བའི་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་དང་། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་པོ་དག་ལ་དབང་པོ་གང་ཡིན་པ་སྟེ། འདི་ལྟ་སྟེ་ཡིད་ཀྱི་དབང ་པོ་དང་དད་པ་ལ་སོ་གཽསླ་ལྔ་དང་མི་ལྕོགས་པ་མེད་པ་ལ་སོགས་པ་གནས་ཀྱི་བྱེ་བྲག་གིས་ཇི་ལྟར་མཐུན་མཐུན་དུ་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བའོ།། ཡིད་མི་བདེ ་བའི་དབང་པོ་ནི་སྦྱོར་བའི་དུས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རྗེས་ལོ་རྣམ་པར་ཐར་པ་མཆོག་འདོད་པས་བསྡུས་པར་རིག་པར་བྱའོ།། དེ་དག་ནི་སྲིད་པས་དབང་པོ་རྣམ་པ་བཅུ་སྟེ། དེ་ཁོ་ན་མི་ཤེས་པ་ཀུན་ཤེས ་པར་བྱ་བའི་ཕྱིར་ཞུགས་པས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ།། དབང་པོ་རྣམ་པ་བཅུ་པོ་འདི་དག་ཉིད་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་ལ་བརྟེན་ནས་རྡོ་རྗེ་ལྟ་བུའི་ཏིངངེ་འཛིན་ཅེས ་བ་བའི་བར་ངོ་སློབ་པའི་ལམ་དེ་ལ་ཀམ་ཤེས་པའི་དབང་པོ་ཞེས་བྱ་སྟེ། མངོན་མ་མཐོང་བའི་ཤེས་པ་མེད་པའི་ཕྱིར་རོ།། ཡིད་མི་བདེ་བའི་དབང་པོ་མ་གཏོགས་པར་དབང་པོ་རྣམ་པ་དགུ་པོ་དེ་དག་ཉིད་མི་སློབ་པའི་ལམ ་ལ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱ་སྟེ། ཀུན་ཤེས་པ་དང་ལྡན་པ་ནི་དགྲ་བཅོམ་པའི་དབང་པོ་ཡིན་པའི་ཕྱིརརོ།། བསྒོམ་པའི་ལམ་གྱི་སྐབསུ་འདི་ཡང་བརྗོད་པར་བྱ་སྟེ། གེང་མའི་ས་པའི་ལམ ་ལ་སྔོན་དུ་བྱེད་པ་བསྒོམ་པ་ནས་འོག་མའི་དགེ་བའི་རྩ་བ་མངོན་སུམ་དུ་མ་གྱུར་པ་རྣམས་ཀྱང་བསྒོམ་པར་འགྱུར་ཏེ། དེ་དག་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རོ།། དབང་འབྱོར་པ་ནི་མཆོག་ཏུ་སྦྱངས་པ་འཐོབ་པ་སྟེ། མངོན ་སུམྦྷ་དུ་བྱེད་པ་ན་དབང་དུ་རིག་པར་བྱའོ།། མཐར་ཕྱིན་པའི་ལམ་ནི་གནས་ངན་ལྡན་ཐམས་ཅད་རྒྱན་བཅད་པ་ཞེས་རྒྱ་ཆེར་འབྱུང་བ་དེ་ལ། གོནས་ངན་ལེན་ཐམས་ཅད་ནི་ཉི་རོ་ཤུ་རྩ་བཞི་ཡིན་ཏེ། འདི་ལྟ་སྟེ། མངོན་པར་བརྗོད ་པོའི་གནས་ངན་ལེན་ཀུན་ཏུ་འགྲོ་བོ་ནི་མིག་ལ་སོགས་པ་ཆོས་ཐམས་ཅད་ཀྱི་མིང་ལ་མངོན་པར་ཞེན་པའི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ཐོག་མ་མེད་པའི་དུས་ནས་རྗེ་སུ་ཞུགས་པ་གང་ཡིན་པ ་སྟེ། དེ་ལས་མིག་ལ་སོགས་པའི་ཆོས་མིང་ལ་མངོན་པར་ཞེན་པ་དང་བཅས་པ་རྣམས་ཡང་དང་ཡང་འབྱུང་བའི་ཕྱིར་དེ་ནི་སྤྲོས་པའི་བག་ཆགས་ཤེས་བྱའོ།། ཚོར་བའི་གནས་ངན་ལེན་ནི་ཟག་པ་དང་བཅས་པའི་ཚོར་བ་རྣམ ་ཀྱི་བག་ཆག་སོ།། ཉོན་མོངས་པའི་གནས་ངན་ལེན་ནི་ཉོན་མོངས་པ་རྣམས་ཀྱི་བག་ལ་ཉལོ།། ལས་ཀྱི་གནས་ངན་ལེན་ནི་ཟག་པ་དང་བཅས་པའི་ལས་རྣམས་ཀྱི་བག་ཆག་སོ།། རྣམ་པར་སྨིན་པའི་གནས་ངན་ལེན་ནི་རྣམ ་པར་སྨིན་པའི་ལས་སུ་མི་རུང་བ་ཉིད་དོ།། ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་ནི་ཉོན་མོངས་པ་མི་བཟད་ཅིང་རྒྱུན་རིང་བ། ཀྱི་སྒྲིབ་པའི་གནས་ངན་ལེན་ནི་ལམ་གྱི་བར་ཆད་བྱེད་པ་མཚམས་མེད་པ་ལ ་སོགས་པའི་ལས་ཀྱི་སྒྲིབ་པ་ཉིད་དོ།། རྣམ་པར་སྨིན་པའི་སྒྲིབ་པའི་གནས་ངན་ལེན་ནི་བདེན་པ་མངོན་པར་རྟོགས་པ་དང་མི་མཐུན་པ་སེམས་ཅན་དམྱལ་བ་ལ་སོགས་པའི་ལུས་ཐོབ་པའོ།། སྒྲིབ་པའི་གནས་ངན ་ལེན་ནི་དགེ་བའི་ཕྱོགས་ལ་སྦྱོར་བའི་བར་ཆད་བྱེད་པ་འདོད་པ་ལ་འདུན་པ་ལ་སོགས་པས་ཟིལ་གྱིས་ནོན་པ་ཉིད་དོ།། རྟོག་པའི་གནས་ངན་ལེན་ནི་རབ་ཏུ་འབྱུང་བ་ལ་གགས་བྱེད་པ་འདོད་པ་ལ་རྣམ་པར་རྟོག་པ ་ལ་སོགས་པས་ཟིལ་གྱིས་གནོན་པ་ཉིད་དོ།། ཟས་ཀྱི་གནས་ངན་ལེན་ནི་ཟས་ཧ་ཅང་ཉུང་བ་དང་མང་དུ་ཟོས་པས་སྦྱོར་བའི་འོ་སུ་མ་གྱུར་པ་ཉིད་དོ།། འཁྲིག་པའི་གནས་ངན་ལེན་ནི་གཉིས་ཀྱིས་གཉིས་སྤྱད་པ་ལས ་གྱུར་པ་དང་། ལུས་དང་སེམས་ལ་གནོད་པའོ།། རྨི་ལམ་གྱི་གནས་ངན་ལེན་ནི་གཉིས་ལྔས་གྱུར་པའི་ལུས་བེམས་པོ་ཉིད་དོ།། ནཱད་ཀྵི་གནས་ངན་ལེན་ནི་ཁམས་མ་སྙོམས་པ་ལས་གྱུར་པའི་ཉམས་རབ་ཏུ་མི་བདེ་བ ་ཉིད་དོ།། རྨ་བའི་གནས་ངན་ལེན་ནི་འབྱུང་བ་འགྱུར་བ་ལས་གྱུར་པའི་དབང་མེད་པ་ཉིད་དོ།། འཆི་བའི་གནས་ངན་ལེན་ནི་འཆིབ་ནི་དབང་པོ་ཐམས་ཅད་འཁྲུགས་པའོ།། ཡོངསུ་རོལ་བའི་གནས་ངན་མིན་ནི་ཧ་ཙང ་འགྲོ་བ་ལ་སོགས་པས་གྱུར་པའི་ལུས་དུབ་པའོ།། གནས་ངན་ལེན་བསྟན་པ་ནི་མངོན་པར་བརྗོད་པའི་གནས་ངན་ལེན་ལ་སོགས་པ་ཉིད་དག་དང་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། ཡོངས་མྱ་ངན ་ལས་མི་འདའ་བའི་ཆོས་ཅན་ནོ།། གནས་ངན་ལེན་ཆེན་པོ་དང་འབྲིང་དང་ཆུང་ངུ་ནི་གོ་རིམ་བཞིན་དུ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམསུ་རིག་པར་བྱའོ།། ཉོན་མོངས་པའི་སྒྲིབ་པའི་གེ་ནོས་ངན ་ལེན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་མི་མཐུན་པའི་ཕྱོགསོ།། སྙོམས་པར་འཇུག་པའི་སྒྲིབ་པའི་གནས་ངན་ལེན་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་པར་བསྒྲུབ་པའི་མི་མཐུན ་པའི་ཕྱོགས་སོ།། ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མི་མཐུན་པའི་ཕྱོགསོ།། དེ་ལྟར་གནས་ངན་ལན་འདི་དག་ཐམས་ཅད་ཇི་ལྟར་མཐུན་མཐུན་དུ་རྒྱུན་བཅད་པ་ནི་མཐར་ཕྱིན་པའི་ལམ་སྟེ། ་ཇི་སྐད་སེམས་རྣམ་པར་གྲོལ་བ་ཡོངསསུ་རྫོགས་པ་དང་ཤེས་རབ་རྣམ་པར་གྲོལ་བ་ཡོངསསུ་རྫོགས་ནས་ལུས་ཀྱི་གནས་ངན་ལེན་རྣམས་རྒྱུན་གཅད་། དྲན་པ་དང་ལྡན་པའི་རྒྱུས་འདི་ལྟ་དེའི་སྒོ་དང་པོ་འདི་ལྟ་སྟེ། མིག་གིས ་རྣམ་པར་ཤེས་པར་བྱ་བའི་གཟུགས་ལ་ཤིན་ཏུ་དུལ་བ་དང་། ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པ་དང་། ཤིན་ཏུ་བསྡམས་པ་དང་། ཤིན་ཏུ་བསྒོམས་པ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམ ་ཀྱི་བར་ལ་ཞེས་གསུངས་པ་ལྟ་བུའོ།། རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི་བསྒོམ་པའི་ལམ་གྱི་མཐའི་སྤོང་བའི་ལམ་གྱི་གནས་སྐབསུ་རིག་པར་བྱའོ།། ཏི་ངེ་འཛིན་དེ་ཡང་བར་ཆད་མེད་པ་སྟེ། དེའི་རྐྱེན་འཇིག་རྟེན་པའི་སྤྱོད་པས ་རབ་ཏུ་འཕན་མི་ཕྱེད་པའི་ཕྱིར་རོ།། བརྟན་པ་ནི་སྒྲིབ་པ་ཐམས་ཅད་ཀྱིས་མི་ཕྱིགས་པ་དང་། སྒྲིབ་པ་ཐམས་ཅད་ནི་ཕིགས་པས་སྲ་བའི་ཕྱིརརོ།། རོ་གཅིག་པ་ནི་རྣམ་པར་མི་རྟོག་པར་རོ་གཅིག་པའི་ཕྱིར་རོ།། ཁྱབ་པ་ནི ་ཤེས་བྱ་ཐམས་ཅད་ཀྱི་སྤྱིའི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིརརོ།། དེའི་དོན་དང་འདྲ་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་དཔེར་ནོ་བྲག་ཆེན་པོ་མ་གྲུབ་པ་སེར་ཀ་མེད་པ་ཁོང་སྟོང་པ་མ་ཡིན་པ་གཅིག་ཏུ་འདུས་པ ་ཤིན་ཏུ་མཁྲེགས་པ་ཞེས་གསུང་སོ།། གནས་མ་ལུས་པར་གྱུར་པོ་ནི་རྣམ་པ་གསུམ་སྟེ། མི་སློབ་པའི་ལམ་ཐོབ་པའི་སེམས་ཀྱི་གནས་གྱུར་པ་ནི་ཆོས་ཉིད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་གློ་བུར་གྱི་ཉེ་བའི ་ཉོན་མོངས་པ་མ་ལུས་པ་དང་བྲལ་བས་གནས་གྱུར་པ་གང་ཡིན་པ་སྟེ། དེ་བཞིན་ཉིད་གྱུར་ཅེས་བྱ་བའི་ཐ་ཚིག་གོ།། ལམ་གྱི་གནས་གྱུར་པ་ནི་འཇིག་རྟེན་པའི་ལམ་སྔ་མ་མངོན་པར་རྟོགས་པའི་དུས་ན་འཇིག་རྟེན་ལས ་འདས་པ་ཉིད་དུ་གྱུར་པ་སྟེ། བྱེ་བའི་ལྷག་མ་ཡོད་པའི་ཕྱིར་སློབ་པ་ཞེས་ཀྱང་བྱའོ།། གང་གི་ཚེ་ཁམས་གསུམ་པ་ལ་འདོད་ཆགས་དང་བྲལ་བས་མི་མཐུན་པའི་ཕྱོགས་མ་ལུས་པར་གསལ་བ་དེའི་ཚེ་ལམ་གྱི་ངོ་བོ ་ཉིད་ཀྱི་གནས་གྱུར་པ་ཡོངསསུ་རྫོགས་པར་རྣམ་པར་བཞག་གོ།། གནས་ངན་ལེན་གྱི་གནས་གྱུར་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉོན་མོངས་པ་ཐམས་ཅད་ཀྱི་བག་ལ་ཉལ་གྱི་བག་ཆགས་དང་བྲལ ་པར་གྱུར་པར་རིག་པར་བྱའོ།། ཟད་པར་གྱུར་ནས་ཤེས་པ་འམ། ཡུལ་དེ་ལ་ཤེས་པ་གང་ཡིན་པ་དེ་ནི་ཟད་པ་ཤེས་པ་སྟེ། དེ་ནི་འདི་སྐད་དུ་ཀུན་འབྱུང་བ་མ་ལུས་པར་སྤངས་ནས་ཤེས་པ་གང་ཡིན་པ་དང་། དེའི་གནས ་སྐབས་ན་རྒྱུ་འགོག་པ་ལ་དམིགས་པ་ནི་ཟད་པ་ཤེས་པ་ཞེས་བྱའོ།། དེ་བཞིན་དུ་མི་སྐྱེ་བར་གྱུར་ནས་ཤེས་པ་འམ། ཡུལ་དེ་ལ་ཤེས་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཤེས་པ་སྟེ། ཕྱི་མ་ལ་སྡུག་བསྔལ་ཐམས་ཅད ་གཏན་དུ་མི་སྐྱེ་བའི་ཆོས་ཉིད་དུ་གྱུར་ནས་ཤེས་པ་གང་ཡིན་པ་དེ་ནི་བདེན་པ་གཞན་ལོ་དམིགས་པ་ཡང་ཡིན་ནོ།། ཡང་ན་གླང་སྡུག་བསྔལ་གྱི་བདེན་པ་ལ་མི་སྐྱེ་བར་དམིགས་པ་དེ་མི་སྐྱེ་བར་ཤེས་པ་ཞེས་བྱ་བའི ་ཐ་ཚིག་གོ། མི་སློབ་པའི་ཆོས་བཅུ་ནི་མི་སློབ་པའི་ཚུལ་ཁྱིམས་ལ་སོགས་པའི་ཕུང་པོ་ལྔའི་དབང་དུ་བྱས་པ་སྟེ། དེ་ལ་མི་སློབ་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ནི་མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོའི ་ཡང་དག་པའི་དྲན་པ་དང་ཏིང་འཛིན་ནོ་ཏིང་འཛིན་གྱི་ཕུང་པོའོ།། ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་རྣམས་ནི་ཤེས་རབ་ཀྱི་ཕུང་པོའོ།། ཡང་དག་པའི་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཕུང་པོའོ།། ཡང་དག་བཱི ་ཤེས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ།། ཡང་ལམ་གྱི་བདེན་པའི་རྣམ་པ་བཞི་དང་མཚན་ཉིད་བཞིའོ།། དེ་ལ་འདིས་དེ་ཁོ་ནའི་ལམ་ཚོལ་བས་ལམ་མོ།། རིགས་པ་མ་ཡིན་པར་གྱུར་པའི་ཉོན་མོངས་པ ་རྣམས་ཀྱི་གཉེན་པོར་གྱུར་པས་རིགས་པའོ།། དེ་ཁོ་ན་ཁོང་དུ་མ་ཆུད་པའི་ཉེས་པས་མི་རྟག་པ་ལ་རྟག་པ་ལ་སོགས་ཕྱིན་ཅི་ལོག་པ་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཕྱིན་ཅི་ལོག་མེད་པ་དེ་ཉིད་ཁོང་དུ་ཆུད་པ་ལ ་འཇོག་པས་སྒྲུབ་པའོ།། ངེས་པར་འབྱུང་བའི་གནས་རྟག་པ་བརྟན་དུ་བར་འགྲོ་བས་ངེས་པར་འབྱིན་པ་ཞེས་བྱའོ།། སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ནི་འཇིག་རྟེན ་པ་ཡང་ཡོད་འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། དེ་ལ་འཇིག་རྟེན་པ་རྣམས་ནི་ཤེས་བྱ་ལ་ལེགས་པར་མོ་ཞུགས་པ་དང་། སྒྲིབ་པ་དང་བཅས་པ་དང་། རྣམ་པར་རྟོག་པ་དང་བཅས་པ་སྟེ། དེ་བཞིན་ཉིད་མ་རྟོགས ་པ་དང་། ཉོན་མོངས་པའི་བག་ལ་ཉལ་ཡོད་པ་དང་། མངོན་པར་བརྗོད་པའི་སྒོ་ནས་སྤྲོས་པའི་ཕྱིར་ཏེ། གོ་རིམ་བཞིན་ནོ།། བཟློག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། ལེགས་པར་ཞུགས་པ་དང་། སྒྲིབ་པ་མེད་པར་གྱུར ་ནས་རྣམ་པར་མི་རྟོག་པས་འཇིག་རྟེན་པ་རྣམས་ལས་ཁྱད་པར་དུ་འགྱུར་རོ།། དེ་དག་རྣམ་པར་མི་རྟོག་ན་ཇི་ལྟར་ཤེས་བྱ་བ་ལ་ལེགས་པར་ཞུགས་པར་འགྱུར་ཞེ་ན། འདི་ལྟར་འདི་དག་ལ་གནས་པ་ནི་མི་རྟག་པའི་དོན ་དུ་མྱུ་ག། དྲུག་གུ་ཞེས་མངོན་པར་བརྗོད་པ་དང་སྨོས་པའི་སྒོ་ནས་མཐོང་བ་ནས་མནོ།། ད་བཞིན་དུ་བསྡུག་བསྔལ་ལ་སོགས་པའི་རྣམ་པ་རྣམས་ལ་ཡང་སྦྱར་བར་བྱ།། བདུན ་པ་རྣམ་པ་ངེས་པའོ།། ། ཆོས་རྣམ་པར་ངེས་པ་ལ་ཆོས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ཏེ། དེ་ལ་མདོའི་སྡེ་ནི་གང་བཞེད་པའོ་དོན་སྨོས་པའི་ཚུལ་གྱིས་རྐྱང་པར་གསུངས་པའོ།། ཅིའི་ཕྱིར ་དེ་བཞིན་ག། ས་ལ་འད་པའི་དོན་རྣམ་པར་ཕྱེ་སྟེ། མ་གསུངས་ཞེ་ན། སྨྲས་པ། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པ་སྲེས་པའི་ཆུས་གྱི་ཆོས་སྟོན་ཏེ། རྣམ་པར་བཞག་པར་སླ་བ་ནི་སྟོན་པར ་གོ་བར་བྱ་བའི་དོན་རྣམ་པ་ནང་དུ་རྣམ་པ་བཞག་པ་མདོར་བསྡུས་ཏེ། ཚེགས་ཆུང་ངུས་རྣམ་པར་འཇོག་པའི་ཕྱིར།། བ་བ་ནི་ཚིག་ཉུང་ངུས་དོན་ཆེན་པོ་རྒྱས་པར་གོ་བར་བྱེད་པའི་ཕྱིར་ཏེ། འདི་ལྟ་སྟེ། འཇོག་པ ་དང་། རྒྱུན་ཏུ་འཆོག་ལ་ཞེས་བུ་འསོགས་པའོ།། ཉན་པས་ཀྱང་གཟུང་སླ་བའོ།། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོང་སྔགས་པར་བྱེད་པ་ནི་ཆོས་འདི་དག་བསྒོམས་པས་ཤེས་པར་བྱ་བ་ཡིན་པར་རྟོགས་ནས ་གུས་པ་བསྐྱེད་པ་ལ་ཀེ་ཅེས་སྨྲས་སུ་བྱ་བའི་སྒོ་ནས་དད་པ་ལ་སོགས་པའི་ཚོགས་ཡོངསུ་རྫོགས་པར་བྱེད་པའི་ཕྱིར། སྟ་དུ་ཆོས་ཉིད་རྟོགས་པར་འགྱུར་བ་ནི་དེ་ལྟར་གཅེས་སུ་བྱ་བ་སྦྱོར་བའི་ཤེས་རབ་རྣོ ་གྱུར་པའི་ཕྱིར་རོ།། དཀོན་མཆོག་རྣམས་ལ་ཤེས་ནས་དད་པ་ཐོབ་པ་ནི་བསྟན་པ་ལ་ལགས་པར་རྣམ་པར་གནས་པར་ཁོང་དུ་ཆུད་ནས་སྟོན་པ་ལ་སོགས་པར་ལ་དད་པ་སྐྱེ་བའི་ཕྱི་རོ།། མཐོང་བའི་ཆོས་ལ་བདེ་བར་གནས ་བའི་མཆོག་ལ་དག་པ་ལ་དགོངས་པའི་དོན་རྩོལ་བུ་ཆེན་པོ་བསམས་ནས་རྟོགས་པས་རབ་ཏུ་དགའ་བའི་ཁྱད་པར་ཐོབ་པའི་ཕྱིར་རོ།། འཕེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ ་བར་བྱེད་པ་ནི། དོན་ཟབ་པ་རྣམ་པར་འབྱེད་པས་དེའི་ཕྱིར་མཁས་པ་མཁས་པ་ཞེས་བྱ་བའི་གྲངསུ་འགྲོ་སྟེ། འདིའི་སྙན་པ་ཀུན་ཏུ་འབྱུང་ཞེས་བྱ་བའི་ཐ་ཚིག་གོ།། ཐ་མ་ནི་འདི་གཉི་ག་བསྡུས་ཏེ་ཕན་ཡོན་གཅིག་ཏུ་བལྟ ་བར་བྱའོ།། ངེས་པའི་དོན་གྱི་མདོ་སྡེ་ནི་ལུང་དུ་བསྟན་པའི་སྡེ་སྟེ། དེས་རྣམ་པར་ཕྱེ་ནས་དགོངས་པར་ལུང་སྟོན་པའི་ཕྱིར་རོ།། ཆེད་དུ་བརྗོད་པའི་སྡེ་ནི་གང་ཡི་རངས་ནས་བརྗོད་པ་སྟེ། འདི་ལྟ་སྟེ། གང་གི་ཚེ་ཆོས་དེ་དག་འབྱུང ་ངོ་། ཞེས་བྱ་བ་ལ་སོགས་པའོ།། གླིང་གཞིའི་སྡེ་ནི་གང་ཟག་གང་ཞིག་གིས་ཆེད་དུ་གསུངས་པ་དང་། བྱང་བ་དང་བཅས་པའི་བསླབ་པ་བཅས་པ་གསུངས་པ་སྟེ། འདི་ལྟ་སྟེ། གཞི་འདི་དང་སྐབས་འདི་ཞེས་རྒྱ་ཆེར ་འབྱུང་བའོ།། རྟོགས་པ་བརྗོད་པའི་སྡེ་ནི་དཔེ་དང་བཅས་པར་གསུངས་པ་སྟེ། དེས་དོན་གསལ་བར་བྱེད་པའི་ཕྱིར་ཏེ། མངོན་དུ་གསལ་བར་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ།། ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་བ་ལ ་རྣམ་པར་འཐག་པ་དང་། མཚུངས་བྲལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་རྣམ་གྲངསུ་གཏོགས་པ་སྟེ། དེ་ནི་ཆེན་པོ་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ།། ཆེན་པོ་རྣམ་པ་བདུན་ལ ་དམིགས་པ་ཆེན་པོ་ནི་པང་ཆུབ་སེམས་དཔའི་ལམ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་སྡེ་བསྐྱེད་དུ་མེད་པའི་བསྟན་པའི་ཆོས་ལ་དམིགས་པའི་ཕྱིར་རོ།། སྒྲུབ་པ་ཆེན་པོ་ནི་བདག་དང་གཞན་གྱི་དོན་མཐའ་དག་སྒྲུབ་པའི་ཕྱིར། ་ཡེ་ཤེས་ཆེན་པོ་ནི་གསོ་གོ་དང་ཆོས་ལ་བདག་མེད་པར་ཤེས་པའི་ཕྱིརརོ།། བརྩོན་འགྲུས་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་ཆེན་པོ་གསུམ་དུ་དཀའ་བ་བརྒྱ་སྟོང་ལ་སྦྱོར་བའི་ཕྱིར་རོ།། ཐབས་ལ་མཁས་པ་ཆེན་པོ་ནི་འཁོར་བ ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་རོ།། ཐོབ་པ་ཆེན་པོ་ནི་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་ཅིང་གྲངས་མེད་པ་ཐོབ་པའི་ཕྱིར།། ལས་ཆེན་པོ ་ནི་འཁོར་བ་ཇི་སྲི་པྱང་ཆུ་པ་ལ་སོགས་པོ་ཡང་དག་པར་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་རོ།། གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་གང་དུ་ཕྱན་ཏཱི་མཱ་ལོག་པའི་མཚན་ཉིད་དུ་མདོ་སྡེ་ལྀ་སོགས་པའི་དོན ་བཤད་པའོ།། གང་གཞིཡི་སྡེ་ནི་བྱུང་བ་དང་བཅས་པའི་བསླབ་པ་བཅས་པ་གསུངས་པ་བསྡུས་པ་ནི་འདུལ་བའི་སྡེ་སྣོད་དོ།། རྟོགས་པ་བརྗོད་པ་ལ་སོགས་པ་ནི་དེའི་འཁོར་དུ་རིག་པར་བྱའོ།། རྨད་དུ་བྱུང་བའི་ཆོས་རྣམས ་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དུ་བསྡུས་པ་སྟེ། དེ་དག་གི་ཁྱད་པར་གྱིས་མཐུ་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བའི་ཁྱད་པར་དང་ལྡན་པའི་ཕྱིརརོ།། གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་ཉན་ཐོས་ཀྱི་ཐེག་པ་དང་། ་ཐེག་པ་ཆེན་པོ་གཉི་གའི་ཆོས་མངོན་པའི་སྡེ་སྣ་།། ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་ནི་མདོ་སྡེའི་སྡེ་སྣོད་རྣམ་པར་བཞག་སྟེ། གདུལ་བྱེ་རྣམས་ཀྱི་སོམ་ཉི་བྱུང་བ་བཅད་པའི་ཆེ་དུ་མདོའི་སྡེ་དང་། དབྱངས་ཀྱིས་བསྙད ་པའི་སྡེ་ལ་སོགས་པ་བཤད་པའི་ཕྱིརརོ།། ཉེ་བའི་ཉོན་མོངས་པ་མཐའ་གཉིས་དང་ལྡན་པའི་གཉེན་པོར་འདུལ་བའི་སྡེ་སྣོད་རྣམ་པར་བཞག་སྟེ། གསོག་འཇོག་བྱེད་པས་ཡོངསུ་སྤྱོད་པ་ལ་སོགས་པ་སྤོང་བ་དང་། བརྒྱ་སྟོང་རི ་བའི་གོས་ལ་སོགས་པ་གནང་བའི་ཕྱིར་རོ།། མཐའ་གཉིས་ནི་འདོད་པ་བསོད་ཉམས་ཀྱི་མཐའ་དང་། བདག་དུབ་པའི་མཐའོ།། རང་གི་ལྟ་བ་མཆོག་ཏུ་འཛིན་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཆོས་མངོན་པའི་སྡེ་སྣོད ་རྣམ་པར་བཞག་སྟེ། དེར་ཆོས་ཀྱི་མཚོན་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་རོ།། ཡང་མདོ་སྡེའི་སྡེ་སྣོད་ལ་བརྟན་ནས་གདུལ་བྱ་རྣམས་བསླབ་པ་གསུམ་ལ་བྱང་བར་བྱེད་དོ།། དེ་ལས་དེ་རྒྱས་པར་བརྗོད་པའི་ཕྱིརརོ།། འདུལ་བ་ལ་བརྟེན་ན། ་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པ་བསྒྲུབ་སྟེ། དེར་སོ་སོར་ཐར་པའི་སྡོམ་པའི་བསླབ་པའི་ལོམ་ཉེ་བར་བསྟན་པ་ལ་བརྟེན་ནོས་ཚུལོ་ཁྲིམས་ཡོངསུ་སྦྱོང་བ་དང་། དེ་ཡོངསུ་དག་པར་འགྱུར་ཏེ། ་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་སེམས་མཉམ་པར་འཇོག་པའི་ཕྱིར་རོ།། ཆོས་མངོན་པ་ལ་བརྟེན་ནས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་འགྲུབ་སྟེ། དེར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཐབས ་རྒྱ་ཆེར་བསྟན་པའི་ཕྱིར་རོ།། དེའི་ཕྱིར་ཡང་སྡེ་སྣོད་གསུམ་རྣམ་པར་བཞགོ། ཡང་མདོ་སྡེའི་སྡེ་སྣོད་ལ་བརྟེན་ནས་ཚིག་དང་དོན་ལ་བྱང་བར་བྱེད་དེ།། འདུལ་བ་ལ་བརྟེན་ནས།། ཉི་ག་མངོན་སུམ་དུ་བྱེདདོ།། འདུལ་བའི་སྡེ་སྣོད ་ནི་བསླབ་པ་སྒྲུབ་པས་རབ་ཏུ་ཕྱེ་བའི་ཕྱིརརོ།། དེའི་ཕྱིར་ཆོས་དང་དོན་མངོན་སུམ་དུ་བྱ་བའི་གནས་ཡིན་པས་གཞིའི་གནས་ཞེས་བྱའོ།། ཆོས་མངོན་པ་ལ་བརྟེན་ནས་ཕན་ཚུན་འབྲེལ་པའི་གཏམ་གྱིས་གཏན་ལ་འབེབས ་པ་ལས་གྱུར་པའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པས་བདེ་བ་ལ་རེག་པར་གནས་པར་འགྱུར་ཏེ། དེར་ཆོས་རྣམ་པ་མང་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པའི་ཆོས་ཉིད་ལ་བྱང་བར་བྱེད་པའི་ཕྱིར་རོ།། ཉན་ཐོས་ཀྱི ་ཐེག་པའི་སྐབསུ་གནས་བརྟན་ཀུན་དགའ་བོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་དག་གཟུང་བ་རྣམས་ནི་སྡེ་སྣོད་གསུམ་པོ་འདི་དག་ཉིད་ཡིནོ།། ཆོས་ཀྱི་ཕུང་པོ་གཅིག་གི་ཚད་ཇི་ཙམ་ཞེ་ནོ། གྲངས་བརྒྱ་ཕྲག་བཅུ་ནི། ་ཆོས་ཀྱི་ཕུང་པོ་སྟེ། གྲངས་སྟོང་ཞེས་བྱ་བའི་ཐ་ཚིག་གོ།། གལ་ཏེ་དེ་ལྟ་ཡིན་ན་གྲངས་སྟོང་ཞེས་དེ་སྐད་དུ་ཅིའི་ཕྱིར་མི་བརྗོད་ཅེ་ན། ཕུང་པོ་རེ་རེ་ལ་ཡང་སྟོང་སྟོང་རྣམ་པར་བཞག་པའི་དགོས་པ་བསྟན་པའི་ཕྱིར་ཏེ། འདི་ལྟར ་གཅིག་ལ་སོགས་པར་བསྐྱེད་ན་གྲངས་བཅུར་འགྱུར་རོ།། བཅུར་བསྐྱེད་ན་གྲངས་བརྒྱར་འགྱུར་རོ།། གྲངས་སྟོང་ལ་སོགས་པའི་བཞི་ནི་གྲངས་བརྒྱ་ཕྲག་བཅུ་ཡིན་པར་བལྟའོ།། འདི་ལྟ་སྟེ་བརྒྱ་ཕྲག་བཅུ་ནི་སྟོང་ངོ་།། སྟོང་ཕྲག་བརྒྱ་ནི ་འབུམ་མོ། འབུམ་ཕྲག་བརྒྱ་ནི་བྱེ་བའོ།། དེ་བཞིན་དུ་གྲངས་གོང་མོ་ཐམས་ཅད་ལ་ཡང་བརྒྱ་དང་བཅུ་པོ་འདི་གཉིས་ལ་གང་ཡང་རུང་བ་ཞིག་གདོན་མི་ཟ་བར་གཞིར་འགྱུར་ཏེ། དེའི་ཕྱིར་དེ་དག་བསྡུས་ནས་བརྒྱ་ཕྲག་བཅུ་པོ ་དག་ལ་ཆོས་ཀྱི་ཕུང་པོ་གཅིག་རྣམ་པར་བཞག་གོ། བགྲང་བའི་ཚུལ་འདིས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་ནི་ཚིག་ལེའུར་བྱས་པ་བྱེ་བ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུརརོ།། །། བམ་པོ་བདུན་པ། ་སྡེ་སྣོད་གསུམ་གྱིས་བསྡུས་པའི་ཆོས་འདི་དག་གང་གི་སྤྱོད་ཡུལ་ཡིན་ཞེ་ན། ཐོབ་པ་ལས་བྱུང་བ་ལ་སོགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་སྤྱོད་ཡུལ་ཏེ། དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ།། དེའི་ཞར་ལ ་དམིགས་པ་དང་བཅས་པ་ལ་སོགས་པའི་མཚན་ཉིད་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ཆོས་ལས་བརྩམས་ཏེ་དམིགས་པ་ལ་སོགས་པ་རྣམ་པར་བཞག་གོ།། དེ་ལ་ཆོས་ཀྱི་ནང་ནས་དེ་དག་གི་དམིགས་པ་གང་ཞེ་ན། ་དོའི་སྡེ་ལ་སོགས་པ་སྟེ། མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱིས་བསྡུས་པའི་མདོའི་སྡེ་ལ་སོགས་པ་བཤད་པའོ།། ཞེས་བྱ་བའི་ཐ་ཚིག་གོ། རྣམ་པ་ནི་གང་ཕུང་པོ་ལ་སོགས་པའི་དོན་གྱི་རྣམ་པ་རྣམས་ལས་བརྩམས ་ཏེ་བསྟན་པ་གང་ཡིན་པ་དེ་ན་རྣམ་པ་རྣམས་ཏེ། དེ་དག་ནི་སེམས་དང་སེམས་ལས་བྱུང་བ་རྣམ་སུ་རིག་པར་བྱའོ།། གནས་ནི་གཞན་ལས་རྣམ་པར་རིག་པ་དང་དྲན་པ་དང་བྲག་ཆུག་སོ།། དེ་ལ་བཤད་པའི་དུས་མ ་གཞན་ལས་རྣམ་པར་རིག་པ་གནས་ཏེ། དེ་ནི་གཞན་གྱི་སྒྲ་ལས་ཤེས་པ་འབྱུང་ངོ་།། དེའི་འོག་ཏུ་དྲན་པ་གནས་ཏེ་ཇི་ལྟར་ཐོས་པ་བཞིན་དུ་རྗེསུ་དྲན་པས་གོམས་པར་བྱེད་པའི་ཕྱིར་རོ།། དེའི་འོག་ཏུ་བག་ཆགས་གནས་ཏེ། དེའི ་རྗེསུ་དྲན་པ་མེད་ཀྱང་གོམས་པའི་བག་ཆགས་ཀྱི་དབང་གི་ཕྱིས་སྣང་བར་འགྱུར་བའི་ཕྱིར།། མཚུངས་པར་ལྡན་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་གཅིག་གིས་གྲོགས་གཅིག་ཡིན་པའི་ཚུལ་གྱི་ཕུང་པོ་ལ་སོགས ་པ་དང་རབ་ཏུ་ལྡན་པའི་དོན་གྱི་རྣམ་པ་རྣམས་ཀྱི་མདོ་སྡེ་ལ་སོགས་པའི་དམིགས་པ་ཡང་དག་པར་རྟོགས་པའོ།། ཆོས་ལ་དམིགས་པའི་རབ་ཏུ་དབྱེ་བ་ནི་ཁྱབ་པའི་དམིགས་པ་ལ་སོགས་པ་རྣམ་འཞིའོ།། ཁྱབ་པའི་དམིགས ་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལྔ་སོགས་པའི་བྱེ་བྲག་གིས་རྣམ་པ་བཞིའོ།། དེ་ལ་མོས་པ་ཡིད་ལ་བྱེད་པ་ནི་གང་གཅིག་ཏུ་འཇིག་རྟེན་པའི་ཡིད་ལ་བྱེད་པའོ།། དེ་ཁོ་ན་ཡིད་ལ་བྱེད་པ་ནི་འཇིག་རྟེན་ལས ་འདས་པ་དང་། དེའི་རྗེས་ལ་ཐོབ་པའོ།། ཆོས་རྣམས་ཀྱི་ཇི་སྙེད་ཡོད་པ་ནི་ཆོས་ཐམས་ཅད་ཀྱི་དངོས་པོ་འདི་དག་ཏུ་ཟད་དོ་ཞེས་གོང་ཤེས་བྱ་རྣམ་པར་བཞག་པ་སྟེ། འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མོཆེད་རྣམ་སོ།། ཇི་ལྟ་བ་བཞིན ་དུ་ཡོད་པ་ནི་རྣམ་པ་འདི་དག་ཏུ་དེ་ཤེས་པར་བྱ་བ་སྟེ། འདི་ལྟར་བདེན་པའི་སྒོ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་ཉིད་ཇི་ལྟར་མཐུན་མཐུན་དུ་སྡུག་བསྔལ་ཉིད་དུ་ཤེས་པར་བྱ་བ་ནས་ལམ་གྱི་བར་དུའོ།། རྣམ་པའི་སྒོ ་ནས་བདེན་པ་རེ་རེ་ལ་ཡང་རྣམ་པ་བཞི་བཞིས་ཤེས་པར་བྱའོ།། བྱེ་བྲག་མེད་པར་ན་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པར་བྱའོ།། ཆོས་ཀྱི་སྡོམ་གྱི་སྐབས་ཀྱིས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དུ་ཤེས ་པར་བྱ་བ་ནས། མྱ་ངན་ལས་འདས་པ་ཞི་བ་ཉིད་ཀྱི་བར་དུའོ།། རྣམ་པར་ཐར་པའི་རྣམ་པའི་སྐབས་ཀྱིས་ན་སྟོང་པ་ཉིད་ནས་མཚམ་མེད་པའི་བར་དུའོ།། དགོས་པ་ཡོངསུ་གྲུབ་པ་ནི་གནས་གྱུར་པ་གྲུབ་པ་སྟེ། གནས་གྱུར་པ་ལ ་དམིགས་པ་ཕྱིན་ཅི་མ་ལོག་པར་སྣང་བ་ཉིད་དོ།། ཇི་ལྟ་བ་བཞིན་དུ་ཡོད་པ་བསྟན་པ་རྣམ་པ་བཅུ་དྲུག་དང་། རྣམ་པར་ཐར་པ་རྣམ་པ་གསུམ་བསྟན་པ་དེ་དག་ནི་གཅིག་གིས་གཅིག་སྡུད་དོ།། ཇི་ལྟ་ཞེ་ན། རྣམ་པ་བཅུ་དྲུག་གི ་ནང་ནས་གཉིས་ནི་སྟོང་པ་ཉིད་ཀྱི་རྣམ་པ་སྟེ། སྟོང་པའི་རྣམ་པ་དང་། བདག་མེད་པའི་རྣམ་པའོ།། དྲུག་ནི་སྨོན་པ་མེད་པ་སྟེ། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་རྣམ་པ་དང་། རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ ་དང་། རྐྱེན་གྱི་རྣམ་པ་སྟེ། དེ་དག་གིས་ཁམས་གསུམ་པ་ལ་སྨོན་པ་མེད་པའི་ཕྱིར།། ལྷག་མ་བརྒྱད་ནི་མཚན་མ་མེད་པའི་རྣམ་པ་སྟེ། འགོག་པ་དང་ལམ་ལ་མཚན་མར་བྱེད་མི་ནུས་པའི་ཕྱིར་རོ།། སྤྱོད་པ་རྣམ་པར་སྦྱང ་སྦྱོང་བའི་དམིགས་པ་ནི་འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་མི་སྡུག་པ་ལ་སོགས་པ་སྟེ། ངེས་འདོད་ཆགས་ལ་སོགས་པའི་ཤས་ཆེ་བ་ཉེ་བར་ཞི་བར་བྱེད་པའི་ཕྱིརོ།། མ་རིག་པ་ལ་སོགས་པའི་ཆོས་རྣམས ་ནི་འདུ་བྱེད་ལ་སོགས་པའི་ཆོས་རྣམས་སྔོན་དུ་འབྱིན་ཏེ། འདི་དག་རྒྱུ་མེད་པ་ལས་བྱུང་བ་མ་ཡིན་ཞིང་དབང་ཕྱུག་ལ་སོགས་པའི་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པར་ཤེས་པ་གང་ཡིན་པ་དེ་ནི། རྟེན་ཅིང་འབྲེལ ་པར་འབྱུང་བ་ལ་མཁས་པའོ།། ཆོས་ཙམ་གྱི་རྒྱུ་ལས་བྱུང་བ་ཡིན་དུ་ཟིན་ཀྱང་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་ཉིད་འབྱུང་སྟེ། འདི་ལྟ་སྟེ། ལེགས་པར་སྤྱོད་པའི་རྣམ་པར་སྨིན་པ་སྡུག་པ་དང་། ཉེས་པར་སྤྱོད་པའི་རྣམ་པར ་སྨིན་པ་མི་སྡུག་པ་ཞེས་པ་ལ་སོགས་པར་ཤེས་པ་གང་ཡིན་པ་དེ་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པར་རིག་པར་བྱའོ།། ཉོན་མོངས་པ་རྣམ་པར་སྦྱོང་བཱིའི་དམིགས་པ་ནི་འཇིག་རྟེན་པའི་ལམ་གྱི་གནས་སྐབས་ས ་འོག་མ་དང་གོང་མ་རྣམས་ཀྱི་རགས་པ་དང་ཞི་བ་ཉིད་དེ། དེས་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་ཕྱིར་རོ།། འཇིག་རྟེན་ལས་འདས་པའི་ལམ་གྱི་སྐབསུ་ནི་བསྡུ་ན་དེ་བཞིན་ཉིད་དོ།། སྤྲོས་ན་འཕགས་པའི་བདེན་པ་བཞི ་སྟེ། དེས་བག་ལ་ཉལ་ལེགས་པར་བཅོམ་པའི་ཕྱིར་རོ།། མདོའི་སྡེ་ལ་སོགས་པའི་ཆོས་སྤྱད་པ་དང་འབྲེལ་བས་རིགས་པ་བཞིར་བརྗོད་པར་བྱ་སྟེ། དེ་དག་གིས་སྤྱད་པའི་ཕྱིརརོ།། དེ་ལ་ལྟོས་པའི་རིགས་པ་ནི་གང་འདུ་བྱེད ་རྣམས་འབྱུང་བ་ནི་རྐྱེན་ལ་བལྟོས་པ་སྟེ། འདི་ལྟ་སྟེ། མྱུ་གུ་འབྱུང་བ་ནས་ས་བོན་དང་དུས་དང་ཆུ་དང་ཞིང་རྣམས་ལ་བསྔོས་པ་དང་། རྣམ་པར་ཤེས་པའི་དབང་པོ་དང་། དོན་དང་ཡིད་ལ་བྱེད་པ་ཞེས་བྱ་བ་ལ་སོགས་པའོ།། ་བྱ་བ་བྱེད་པའི་རིགས་པ་ནི་འདི་ལྟ་སྟེ། མིག་ལྔ་སོགས་པ་ནི་མོག་གི་རྣམ་པར་ཤེས་པ་ལ་སོགས་པའི་གནས་ཀྱི་དངོས་པོའོ།། གཟུགས་ལ་སོགས་པ་ནི་དམིགས་པའི་དངོས་པོའོ།། མིག་གི་རྣམ་པར་ཤེས་པ་ལ་སོག ་པོ་ནི་གཟུགས་ལ་སོགས་པ་སོ་སོར་རྣམ་པར་རིག་པར་བྱེད་དོ།། གསེར་མེགར་ལ་སོགས་པའི་ལག་བཟོ་བ་རྣམས་ནི་གསེར་ལ་སོགས་པ་བྱེད་ཅེས་བྱ་བ་ལ་སྩོགས་པའོ།། གཏན་ཚིགས་སྒྲུབ་པའི་རིགས་པ་ནི་སྒྲུབ་པའི་དོན ་ངོ་བོ་ཉིད་དང་། ཁྱད་པར་གྱིས་བསྡུས་པ་མངོན་སུམ་ལྟོ་སོགས་པའི་ཚད་མ་དང་མི་འགལ་བར་དམ་བཅས་པ་ལ་སོགས་པར་བསྟན་པའོ།། ཆོསོ་ཉིད་ཀྱི་རིག་པ་ནི་འདི་ལྟ་སྟེ། མེས་ནི་ཆོག་ཆུས་ནི་འདྲུལ་ཞེས་བྱ་བ་ལ ་སོགས་པ་གྲགས་པའི་ཆོས་རྣམས་ཀྱི་ཆོས་ཉིད་དེ། ཇི་སྐད་དུ་འབྱོར་ལྡན་མིག་ནི་རྟག་པ་ནས་བདག་གི་བའི་བར་གྱིས་སྟོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། འདིའི་རང་བཞིན་ནི་འདིའོ་ཞེས་གསུངས་པ་ལྟ་བུའོ།། མིང་ཀུན་ཏུ་ཚོལ ་བ་ནི་མིང་གི་ཚོགས་ལ་སོགས་པ་བཏགས་པའི་ཡོད་པ་ཡིན་པའི་ཕྱིར་འདི་དག་གི་རང་གི་མཚན་ཉིད་ཡོངསུ་གྲུབ་པ་མེད་པར་སྤྱོད་པའོ།། དངོས་པོ་ཀུན་ཏུ་ཚོལ་བ་ནི་ཇི་ལྟར་མིང་གི་ཆགས་ལ་སོགས་པ་བརྗོད་པ་དེ ་བཞིན་དུ་ཕུང་པོ་ལ་སོགས་པའི་མཚན་ཉིད་ཡོངསུ་གྲུབ་པ་མེད་པར་རྟོག་པ་སྟེ། ཡོངསུ་རྟོག་ཅེས་བྱ་བའི་ཐ་ཚིག་གོ། ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་ནི་བརྗོད་པ་དང་བརྗོད་པར་བྱ་བར་འབྲེལ་པ་ལ ་ངོ་བོ་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོགས་པའོ།། ཞེས་བྱ་བ་ལ་བརྗོད་པ་དང་བརྗོད་པར་བྱ་བར་འབྲེལ་པ་ནི་རྟོགས་པའི་རྒྱུ་ཉིད་དེ། འདི་ལྟར་ཐ་སྙད་ལ་བྱང་བ་ནི་བརྗོད་པ་ཙམ་ཐོས་པས་དེའི་བརྗོད་པར་བྱ་བ་དྲན ་པའི་སྒོ་ནས་རྟོགས་པ་འབྱུང་ངོ་།། བརྗོད་པར་བྱ་བ་དམིགས་ན་ཡང་དེ་བརྗོད་པ་ལ་རྟོག་པ་འབྱུང་སྟེ། རྣམ་པོ་དེ་ལྟ་བུར་འབྲེལ་པར་གྲགས་པ་ལ་མིག་ལ་སོགས་པའི་རང་གི་མཚན་ཉིད་དུ་བརྟགས་པ་ཙམ་ནི་དེ་བརྗོད་པ་ཤེས་སྣ་དགུ ་ལ་སོགས་པའི་ཐ་སྙད་ཀྱི་རྒྱུར་གྱུར་པར་གང་ཀུན་ཏུ་རྟོག་པ་དེ་ནི་ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་ཞེས་བྱའོ།། ཁྱད་པར་དུ་འདོགས་པ་ཀུན་ཏུ་ཚོལ་བ་ནི་གང་དེ་བཞིན་དུ་བརྗོད་པ་དང་བརྗོད་པར་བྱ་བར་འབྲེལ་པ་རྟག་པ ་དང་མི་རྟག་པ་དང་། བླ་ན་ཡོད་པ་དང་། བླ་ན་མེད་པ་དང་། གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པར་ཁྱད་པར་གྱི་མཚན་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཙམ་གྱི་རྒྱུ་ཉིད་དུ ་རྟོག་པའོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་ནི་ཇི་ལྟར་ཀུན་ཏུ་བཙལ་བ་རྣམས་ཀྱི་མིང་ལ་སོགས་པ་མི་དམིགས་པར་ཤེས་པ་རྣམས་སོ།། ཆོས་ལ་ཏིང་འཛིན་པར་བརྩོན་པའི་རྣལ་འབྱོར་གྱི་ས་ནི་རྣམ་པ ་ལྔ་སྟེ། གཞི་ལ་སོགས་པའོ།། དེ་ལ་གཞི་ནི་མང་དུ་ཐོས་པ་ཅི་འདྲ་བར་དམིགས་པའི་ཚུལ་གྱིས་གྲཝ་ཞི་གནས་དང་ལྷག་མཐོང་གི་གན་སུ་འགྱུར་ཏེ། དེ་ནི་གཞི་ཞེས་བྱའོ།། དེ་ཡང་ཚོགས་བསགས་པའི་བདེན་པ་མངོན ་པར་རྟོགས་པའི་དབང་དུ་བྱས་པ་སྟེ། གང་མདོ་སྡེ་ལ་སོགས་ཐོས་པས་བཟུང་བའོ།། བླསྐྱེད་པ་ནི་དེ་ལ་དམིགས་པའི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེས་མང་དུ་ཐོས་པ་དེ་ལ་ཕྱིན་ཅི་མ་ལོག་པར་དོན་སེམས་པའི་ཚུལ ་གྱིས་སེམས་འཛིན་པའོ།། མོ་ལོང་ལྟ་བུ་ནི་མང་དུ་ཐོས་པ་དེ་ཉིད་ལ་དམིགས་པའི་ཏིངེ་འཛིན་མཚན་མ་དང་བཅས་པ་སྟེ། ཤེས་བྱའི་དངོས་པོ་དང་མཐུན་པ་གཟུགས་བརྙན་ལྟ་བུ་ཞེས་བྱ་བའི་ཐ་ཚིག་གོ།། འདིའི་མེ ་ལོང་ལྟ་བུ་ཉིད་ནི་དེས་ཤེས་བྱའི་གཟུགས་བརྙན་ལ་ཡོང་སུ་རྟོག་པར་རིག་པར་བྱའོ།། སྣང་བ་དང་ནི་གཟུང་བ་དང་འཛིན་པ་མི་དམིགས་པར་ཤེས་པ་སྟེ། མངོན་སུམ་དུ་འབྱུང་བའི་ཕྱིར་མཐོང་བའི་ལམ་གྱིས་བསྡུས་པའོ།། ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་རྣལ་འབྱོར་གྱིས་འདྲི་ལ་བརྩོན་པ་མི་དམིགས་པ་ལོ་རེག་ཙ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་བྱང་ཆུབ་སེམས་དཔའ་ནི་བསྐལ་པོ་གྲངས་མེད་པ་ཚར་ཕྱིན་ནས་དེ་བཞིན ་ཉིད་རྟོགས་པ་དང་མཐུན་པའི་ཆོས་ཐོས་པ་ཚུལ་བཞིན་ཡིད་ལ་བྱེད་ཅིང་ཏིང་ངེ་འཛིན་སྒྲུབ་སྟེ། དེ་དེ་ལྟར་མཉམ་པར་བཞག་པའི་སེམས་ཀྱིས་ཤེས་བྱའི་གཟུགས་བརྙན་གང་ཡིན་པ་ལ་བརྟེན་ནས་བསམ་གཏན་དུ་བྱེདདོ།། ་མཉམ་པར་བཞག་པའི་སེམས་དེ་ལས་དེ་གཞན་མ་ཡིན་པར་མཐོང་ནས་གཟུགས་བརྙན་དེ་ལ་ཡུལ་གྱི་འདུ་ཤེས་བཟློག་སྟེ། དེའི་རྣམ་པ་རང་གི་འདུ་ཤེས་ཙམ་དུ་འཛིན་ཏོ།། དེའི་ཆ་དེ་རང་གི་སེམས་ཙམ ་ལ་གནས་པའི་ཕྱིར་སེམས་ནང་དུ་གྱུར་པའི་གཟུང་བ་རྣམ་པ་ཐམས་ཅད་དུ་མེད་པར་རྟོག་སོ།། དེའི་འོག་ཏུ་གཟུང་བ་མེད་པས་འཛིན་པ་ཡང་ཡོངསུ་མ་གྲུབ་བོ།། ཞེས་དེ་ཡང་མེད་པར་རབ་ཏུ་རྟོག་སོ།། དེའི་འོག་ཏུ་སོ་སོ་རང་ལ ་དེ་གཉི་གའི་རང་པོཞིན་དུ་དམིགས་པ་དང་བྲལ་ནས་དམིགས་པ་མེད་པར་ཁོང་དུ་ཆུད་དོ།། དེ་ཉིད་ཀྱི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཉམ་བཞག་པ།། ཡིད་ཀྱི་གཟུགས་བརྙན་མཐོང ་བས་ན།། ཞེས་རྒྱ་ཆེར་གསུང་སོ།། གནས་ནི་གནས་གྱུར་པ་སྟེ། གནས་ངན་ལེན་དང་བྲལ་བ་ཕྱིར་གན་ཡོངསུ་དག་ཅེས་བྱ་བའི་ཐ་ཚིག་གོ།། རྣལ་འབྱོར་གྱི་ས་འདི་ནི་རྒྱུ་དང་འབྲས་བུ་བསྟན་པར་རིག་པར་བྱ་སྟེ། དེ་ལ་གཞི་ལ ་སོགས་པ་བཞིས་ནི་རྒྱུ་བསྟན་ཏོ།། ཐ་མ་གཅིག་གིས་ནི་འབྲས་བུ་བསྟན་ཏོ།། གནས་བརྟན་ཀུན་དགའ་བོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་ཀྵ་དང་ལྡན་པའི་དགེ་སློང་མྱུར་དུ་འཛིན་ཏོ་ཞེས་གང་སྨྲས་པའི་མདོ་དེ་ལ་ཆོས ་ལྔ་པོ་འདི་དག་གིས་མྱུར་དུ་འཛིན་པ་ལ་སོགས་བཞིན་དུ་ཅི་རིགསུ་རིག་པར་བྱའོ།། ཇི་ལྟར་ན་ཆོས་ལ་མཁས་པ་མྱུར་དུ་འཛིན་ཅེ་ན། མང་དུ་ཐོས་པས་ཚིག་དང་ཡི་གེ་ཕལ་ཚོར་ལྕོགས་པའི་ཕྱིར་རོ།། དོན་ལ་མཁས་པས ་མང་དུ་འཛིན་ཏེ། ཆོས་མངོན་པ་ལ་སོགས་པའི་མཚན་ཉིད་ཤེས་པའི་ཕྱིར་ཏེ། ཕུང་པོ་དང་ཁམས་དྲུང་ལ་སོགས་པའི་གཏམ་གྱི་གཞིའི་སྐབསུ་ཚིག་ལེའུ་མང་དུ་བཟླུམས་པའི་ཕྱིརརོ།། ཡི་གེ་ལ་མཁས་པ་དང་ངེས ་པའི་ཚིག་ལ་མཁས་པས་ནི་ཚིག་དང་དོན་མ་ནོར་བར་འཛིན་པས་ལེགས་པར་འཛིན་ཏེ། ངེས་པའི་ཚིག་བཟང་པོའི་ཡི་གེ་ཤེས་པ་དང་། བདག་གོ་ཞེས་ཡུལ་གྱི་མིའི་ཚིག་ལོ་མངོན་པར་ཞེན་པ་རྗེ་སུ་ཐ་སྙད ་འདོགས་པ་ཤེས་པ་ཉིད་ཀྱི་ཕྱིར་རོ།། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་དགོངས་པ་ལ་མཁས་པ་ནི་ཟིན་པ་ཆུད་མི་གསོན་ཏེ། སྔོན་ཟིན་པའི་ཆོས་རྣམས་ལ་བརྟེན་ནས་ཕྱིས་འབྱུང་བར་བྱ་བར་ཤེས་ཏེ། དགོངས ་བ་ཤེས་པའི་ཕྱིར་ཁོང་དུ་ཆུ་དོ་པས་དེའི་སྙིང་པོ་ལེན་པའི་ཕྱིརརོ།། བཙུན་པ་ཆོས་ལ་གནས་པའི་དགེ་སློང་ཞེས་བྱ་བའི་མདོ་དེར་ནི་བཅོམ་ལྡན་འདས་ཀྱིས་ཐོས་པ་དང་བསམས་པ་དང་བསྒོམ་པ་ནི་རིལ་གྱིས་བྱེད ་ན་ཆོས་ལ་གནས་པ་ཡིན་གྱི། སྦྱོར་བ་གང་ཡང་རུང་བ་ཙམ་གྱིས་ནི་མ་ཡིན་པར་བསྟན་ཏོ།། དེ་ལ་ཀུན་ཆུབ་པར་བྱེད་པ་དང་ཁ་དོན་དུ་བྱེད་པ་དང་། བཤད་པ་མང་བ་དང་། རྟོག་པ་མང་བ་དེ་འབའ་ཞིག་ནི་ཐོས་པ་དང་། ་སེམས་པ་ལ་ཞུགས་པ་ཡིན་གྱི། བསྒོམ་པ་ལ་ཞུགས་པ་མ་ཡིན་ཏེ། རྣལ་འབྱོར་ལ་སོགས་པ་བོར་བའི་ཕྱིརརོ།། དེའི་ཕྱིར་ཆོས་ལ་གནས་པ་མ་ཡིན་པར་རྣམ་པར་བཞག་གོ། གང་ལ་ལ་ཞིག་ཐོས་པ་དང་སེམས་པ་ལ་མ ་བརྟེན་པར་བསྒོམ་པ་འབའ་ཞིག་ལ་ཞུགས་པ་དེ་ཡང་ཆོས་ལ་གནས་པ་མ་ཡིན་པར་རྣམ་པར་བཞག་གོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ལ་གནས་པའི་དགེ་སློང་ལས་བརྩམས་ཏེ། ཅི་ནས་ཐོས ་པ་དང་བསམ་པ་དང་། བསྒོམ་པ་ལ་བརྟེན་ནས་དེ་གཉི་ག་ལ་གནས་པས་ཆོས་ལ་གནས་པ་ཡིན་པར་ཤེས་པར་བྱ་བའི་ཕྱིར་འདི་ལོ་དགེ་སློང་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེའི་ཆོས་ཀུན་ཆུབ་པར་བྱེད་པ་ཞེས་རྒྱ་ཆེར ་བཀའ་སྩལ་ནས་དེའི་འོག་ཏུ་རྣལ་འབྱོར་མི་འདོར་རོ།། ཞེས་བྱ་བ་ལ་སོགས་པ་གསུངསོ།། རྣལ་འབྱོར་མི་འདོར་ཞེས་བྱ་བ་ལ་སོགས་པས་ནི། ཏིང་ངེ་འཛིན་ལ་སྦྱོར་བ་དང་། ཆོག་པར་མི་འཛིན་པ་བསྒོམ་པ་ལོས་བྱུང་བ་བསྟན་ཏོ།། ། ་ཏིང་འཛིན་ལ་སྦྱོར་བ་ནི་རྣམ་པ་གཉིས་ཏེ། རྒྱུན་ཏུ་ཆུད་པ་དང་གུས་པར་སྦྱོར་བས་བསྡུས་པ་ནི་རྣལ་འབྱོར་མི་འདོར་བ་ཞེས་བྱ་བ་འདིས་བསྟན་ཏོ།། མ་ལོག་པར་སྦྱོར་བས་བསྡུས་པ་ནི་ཡིད་ལ་བྱེད་པ་མི་འདོར་བ་ཞེས་བྱ་བ་འདིས ་བསྟན་ཏོ།། ཆོ་ག་བར་མི་འཛིན་པ་ནི་ནང་དུ་སེམས་ཞི་གནས་སུ་བྱེད་པ་མི་འདོར་བ་ཞེས་བྱ་བ་འདིས་བསྟན་ཏེ། དེའི་རོ་མི་མྱོང་བ་དང་། གོང་དུ་ཞི་གནས་ལ་སྦྱོར་བས་མི་འདོར་བར་བལྟའོ།། ཅིའི་ཕྱིར་མདོ་སྡེ་གཞན་ལས་ཤིན་ཏུ ་རྒྱས་པའི་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཅེས་བྱ་ཅེ་ན། དེར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་བསྟན་པ་ནས་གཅིག་ལ་གཅིག་རྣམ་པར་ངེས་པའི་བར་དུ་བསྟན་པའི་ཕྱིར།། དེ་ལ་གྲངས་ནི་རྣམ་པ་གཉིས་ཏེ། ་བགྲང་བའི་གྲངས་དང་། དེ་ཙམ་གྱི་གྲངསོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བ་ནི་བགྲང་བའི་གྲངསོ།། བྱང་ཆུབ་སེམས་དཔའི་ལམ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་རྣམ་པ་ཐམས་ཅད་དང་ལྡན་པ་གཉིས་གསུམ་གསུམ ་གྱིས་བསྡུས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད། མི་མོང་མི་ཉུང་བ་ནི་དེ་ཙམ་གྱི་གྲངས་སོ།། མངོན་པར་མཐོ་བ་ནི་རྣམ་པ་གསུམ་སྟེ། ལོངས་སྤྱོད་ཆེན་པོ་ཉིད་དང་། བདག་ཉིད་ཆེན་པོ་ཉིད་དང་། ཕྱོགས་ཆེན་པོ་ཉིད་དོ།། དེ་ལ ་སྦྱིན་པས་ལོངས་སྤྱོད་ཆེན་པོ་ཐོབ་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ཉིད་དོ།། དེ་ལ་ཚུལ་ཁྲིམས་ཀྱིས་བདེ་འགྲོའི་ལུས་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན ་པོའི་འབྲས་བུ་ནི་བདག་ཉིད་ཆེན་པོ་ཉིད་དོ།། བཟོད་པས་སྐྱེ་བོ་ཐམས་ཅད་ཀྱི་མངོན་དུ་འགྲོ་བར་འགྱུར་པ་ཐོབ་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ཕྱོགས་ཆེན་པོ་ཉིད་དོ།། ངེས་པར་ལེགས་པའི་ལམ་ཡང་རྣམ ་པ་གསུམ་སྟེ། ཉོན་མོངས་པ་ཟིལ་གྱིས་མནན་ནས་དགེ་བོའི་ཕྱོགས་ལ་སྦྱོར་བའི་ཐབས་དང་། སེམས་ཅན་ཡོངསུ་སྨོན་པར་བྱ་བའི་ཐབས་དང་། སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་ཐབས་ཏེ། འདི་དག་ལས་གང་ཡང ་རུང་བ་ཞིག་མེད་ན་བྱང་ཆུབ་སེམས་དཔའི་ངེས་པར་ལེགས་པ་མི་འབྱུང་པོའི་ཕྱིར་རོ།། དེ་ལ་སེམས་ཅན་ཡོངསསུ་སྨིན་པར་བྱ་བོའི་ཐབས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་བརྟེན་ནས་མངོན་པར་ཤེས་པ་རྣམས ་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ།། ཡང་མི་གནས་པའི་མྱ་ངན་ལས་འདས་པའི་ཐབ་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དེ། བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ལ་གནས་པ ་ལས་བཟློག་སྟེ། འཁོར་བ་ན་མངོན་པར་མཐོ་བ་ཡོངསུ་གཟུང་བར་བྱའོ།། འཁོར་བ་ན་གནས་པ་ལས་བཟློག་སྟེ། དེར་ཉོན་མོངས་པ་མེད་པར་བྱའོ།། དེའི་ཕྱིར་གསུམ་ནི་མངོན་པར་མཐོ་བ་ཐོད་པའི་ཐབ་སོ།། གསུམ་ནི་དེ་ན་ཉོན ་མོངས་པ་མེད་པའི་ཐབས་ཏེ། སྔ་མའི་ཚུལ་དུ་གོ་རིམ་བཞིན་དུ་རིག་པར་བྱའོ།། ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་ལ་བརྩོན་འགྲུས་ཀྱིས་ནི་གཉེན་པོ་བསྒོམ་མོ།། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན ་ཏོ། ཤེས་རབ་ཀྱིས་ནི་བག་ལ་ཉེལ་ལེགས་པར་འཇོམསོ།། སེམས་ཅན་རྗེསུ་འཛིན་པ་དང་། ཉོན་མོངས་པའི་གཉེན་པོའི་ཕྱིར་ཡང་རྣམ་གྲངས་གཞན་ཏེ། དེ་ལ་སྦྱིན་པས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ ་ཡོ་བྱད་ཉེ་བར་སྒྲུབ་པའི་ཕན་འདོགས་བྱས་རྗེས་འཛིན་ཏོ།། ཚུལ་ཁྲིམས་ཀྱིས་ནཱི་ཕོངས་པ་དང་། གནོད་པ་དང་རྣམ་པར་འཚོ་བ་མི་བྱེད་པའི་ཚུལ་གྱིས་རྣཾ་སུ་འཛིན་ཏོ།། གོ་རིམ་བཞིན་དུ་ལོངས་སྤྱོད་དང་ལུས་དང་སེམས་ཅན ་ལ་གནོད་པ་མི་སྒྲུབ་པའི་ཕྱིར་རོ།། བཟོད་པས་ནི་ཕོངས་པ་དང་གནོད་པ་ལ་ཇི་མི་སྙམ་པར་རྗེས་སུ་འཛིན་ཏོ།། གཞན་དག་གིས་བདག་གི་ལོངས་སྤྱོད་ལ་སོགས་པ་ལ་གནོད་པ་ལ་མི་མཛད་པའི་ཕྱིར་ཏེ། དེ་གསུམ ་གྱིས་རྗེ་སུ་འཛིན་ཏོ།། བརྩོན་འགྲུས་ཀྱིས་ནི་ཉོན་མོངས་པ་རྣམ་པར་མ་མནན་ཡང་དགེ་བའི་ཕྱོགས་ལ་སྦྱོར་རོ།། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ།། ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར ་འཇོམས་པར་བྱེད་དེ། འདི་གསུམ་ནི་ཉོན་མོངས་པའི་གཉེན་པོར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་བྱང་ཆུབ་སེམས ་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་བདོགས་པ་ཐམས་ཅད་ཡོངསུ་གཏོང་བ་ལ་ལུས་དང་ངག་དང་ཡིད་ཀྱི་ལས་ཏེ། དེ ་ལྟར་བྱས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་རིགས་དང་། སྨོན་ལམ་དང་། བསམ་པ་དང་། དངོས་པོ་དང་། ངོ་བོ་ཉིད་ཀྱིས་བསྟན་པར་རིག་པར་བྱའོ།། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཆོས་ཉིད་ནི་རིག ་སོ།། བྱང་ཆུབ་ཀྱི་སེམས་ནི་སྨོན་ལམ་མོ།། སྙིང་རྗེ་སྔོན་དུ་གཏོང་བའི་སེམས་ནི་བསྡམ་པའོ།། བདོག་པ་ཐམས་ཅད་ཡོངསུ་གཏོང་བ་ནི་དངོས་པོའོ།། ལུས་དང་ངག་དང་ཡིད་ཀྱི་ལས་ནི་ངོ་བོ་ཉིད་དོ།། དེ་བཞིན་དུ་ཤེས་རབ ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་རྒྱ་ཆེར་རིག་པར་བྱའོ།། འདི་ནི་བྱེ་བྲག་ཡིན་ཏེ། ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནི་སྡོམ་པ་ཐམས་ཅད་ཡང་དག་པར་ལེན་པ་དང་། རྗེསུ ་བསྲུང་བ་དང་། གནོད་པར་བྱེད་པ་དང་། སྡུག་བསྔལ་བ་ལ་ཇི་མི་སྙམ་པ་དང་། དང་དུ་ལེན་པ་དང་། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པ་ལ་ལུས་དང་ངག་དང་ཡིད་ཀྱི་ལསོ་ཞེས་གོ་རིམ་བཞིན ་དུ་བརྗོད་པར་བྱའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་རྣམ་པ་ཐམས་ཅད་དང་དབང་འབྱོར་པ་ལ་སེམས་ཀྱི་གནས་པ་རྣམ་པ་ཐམས་ཅད་དང་ལྡན་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་ནི་ལུས་དང་ངག་དང་ཡིད་ཀྱི་རྣམ་པ་ཐམས་ཅད་དང་དབང་འབྱོར་པ་ལ་གང་རྣམ་པ་ཐམས་ཅད་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པའོ་ཞེས་བརྗོད་པར་བྱའོ།། ལྷག་མ་ཐམས་ཅད་ནི་སྦྱིན་པ་བཞིན་དུ་རིག་པར་བྱའོ།། ཡང་སྦྱིན ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྩམས་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་པོ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་བྱེད་པ་སྟེ། དེ་ནི་སྦྱིན་པའི ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། ཚིག་བཞི་པོ་དེ་དག་ནི་གོ་རིམ་བཞིན་དུ་རྩོམ་པོ་དང་། བག་ཆགས་དང་སྐུ་དང་། རྒྱུ་མཐུན་པར་རིག་པར་བྱའོ།། དེ་ལ་རྩོམ་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལྔས་བརྩ་མོ་སྭཱ་ཏཽ། འབྱུང་བ་དང་བྱུང་བ ་དེར་ཡོངསུ་བསྔོ་བའི་ཕྱིར་རོ།། སྦྱིན་པ་དེ་ཉིད་རྒྱུད་ལ་བག་ཆགས་བསྒོས་ཏེ། དེ་ལས་ཕྱི་མ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུརརོ།། གོང་གི་ཚེ་དེ་ཉིད་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ། ཆོས་ཀྱི་སྐུ་ཡོངསུ་གྲུབ་པའི་ཚུལ ་གྱིས་ཐམས་ཅད་མཁྱེན་པ་ཉིད་ཡོངསསུ་འཛིན་ཏོ།། དེའི་འོག་ཏུ་ལོངས་སྤྱོད་པ་རྫོགས་པ་དང་། སྤྲུལ་པའི་སྐུས་རྒྱུ་མཐུན་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་བྱེད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ། ་བཞིན་དུ་རིག་པར་བྱའོ།། གོ་རིམ་ནི་འོག་མ་འོག་མ་ལ་བརྟན་པའི་ཕྱིར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ནི་ནང་དང་ཕྱིའི་དངོས་པོ་ཐམས་ཅད་ཡོངསུ་གཏོང་བར་གོམོས་པས། ལུས་ལ་དང་སྲོག་ལོ་མི་ལྟ་བའི་བྱང་ཆུབ ་སེམས་དཔའ་ལོངས་སྤྱོད་ཀྱི་ཕུང་པོ་ཡང་སྤངས་ནས་ཚུལ་ཁྲིམས་ལ་ཡང་དག་པར་འཛིན་པར་བྱེའོ།། ཚུལ་ཁྲིམས་ཡོངསུ་བསྲུང་བ་ནི་གཤེ་ཡང་བདག་གིས་སླར་གཤེ་བར་མི་བྱའོ།། ཞེས་བྱ་བ་ལ་སོགས་པའི་རྣམ་པ ་རྣམས་ཀྱིས་བཟོད་པར་འགྱུརརོ།། གྲང་བ་ལ་སོགས་པ་བཟོད་པ་ནི་དེའི་གཞི་ལས་སྦྱོར་བ་མི་ཉམས་པསྡུ་བརྩོན་འགྲུས་བརྩམས་པ་ཡིནོ།། བརྩོན་འགྲུས་བརྩམས་པ་ནི་སྦྱོར་བའི་མཐའི་འབྲས་བུ་ཐོབ་པས་བས་མ ་གཏན་བསྒྲུབ་པོ།། བསམ་གཏན་ཕུན་སུམ་ཆགས་ཏེ་སེམས་མཉམ་པར་བཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་བོ།། ཡང་གོང་མ་གོང་མ་ནི་གཞི་ཡིན་པའི ་ཕྱིར་ཏེ། ཚུལ་ཁྲིམས་ནི་སྦྱིན་པའི་གཞི་ཡིན།། དེ་བཞིན་དུ་ཤེས་རབ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གཞི་ཡིན་པའི་བར་དུའོ།། འདི་ལྟར་ཚུལ་ཁྲིམས་དང་ལྡན་པ་ནི་སྦྱིན་པའི་ཕན་བཏགས་པ་ལ་ཚུལ་ཁྲིམས ་ཀྱི་གནོད་པ་མི་བྱེད་པའི་ཕྱིར་སྦྱིན་པ་རྣམ་པར་དག་པར་འགྱུར་རོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ལེན་པ་པོ་དེ་ལ་རྣམ་པར་འཚེ་བ་དང་བྲལ་བར་ཡོ་བྱད་བདེ་བར་སྦྱོར་བས་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་སྦྱིན་པ་རྣམ ་པར་དག་པར་རིག་པར་བྱའོ།། དེ་ལྟར་བཟོད་པ་དང་ལྡན་པ་ནི་གཞན་གནོད་པར་བྱེད་པ་དག་གི་བསླབ་པའི་གཞི་མི་འདྲ་བས་ཚུལ་ཁྲིམས་རྣམ་པར་དག་གོ།། བརྩོན་འགྲུས་བརྩམས་པའི་སྤྲོ་བའི་སྟོབས་ཀྱི་ཚེ་རུ་འཁོར་བ ་ཁས་བླངས་པ་ནི་སེམས་ཅན་ལོག་པར་སྒྲུབ་པའི་སྡུག་བསྔལ་བདེ་བླག་ཏུ་བཟོད་པས་བཟོད་པ་རྣམ་པར་དག་གོ།། བསམ་གཏན་པ་ནི་བདེ་བ་དང་བཅས་པ་དང་ཡིད་བདེ་བ་དང་བཅས་པར་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་བས ་བརྩོན་འགྲུས་རྣམ་པར་དག་གོ།། བརྩོན་འགྲུས་བརྩམས་པས་ཤེས་རབ་དང་ལྡན་པ་ནི་ཆོས་རྣམ་པ་མང་པོ་ལ་རྣམ་པར་བལྟས་ནས་ནང་དུ་ཞི་བར་བྱེད་པ་ནི་ཏིང་འཛིན་རྣམ་པར་འཕེལ་བས་བསམ་གཏན་རྣམ་པར་དག་སྟེ། ་ཤེས་རབ་མེད་ལ་བསམ་གཏན་མེད་ཅེས་ཚིགསུ་བཅད་པ་ལས་གསུངས་པའི་ཕྱིར་རོ།། ཇི་ལྟར་རགས་པས་རིམ་གྱིས་ཡང་གོ་རིམ་བཞིན་དུ་རིག་པར་བྱའོ།། སྦྱིན་པ་ནི་ཐམས་ཅད་ཀྱི་ནང་ནས་རགས་ཏེ། དེའི་ཕྱིར་སྦྱིན་པ་ཐོག ་མར་རྣམ་པར་བཞགོ།། དེའི་འོག་ཏུ་བཟོད་པ་ལ་སོགས་པ་བས་ཚུལ་ཁྲིམས་རགོ་སོ།། དེ་བཞིན་དུ་ཤེས་རབ་པས་བསམ་གཏན་རགས་པའི་བར་དུའོ།། ཤེས་རབ་ནི་ཐམས་ཅད་ཀྱི་ནང་ན་ཕྲ་སྟེ། དེའི་ཕྱིར་ཐམས་ཅོད་ཀྱི་ཐ ་མར་རྣམ་པར་བཞག་གོ། ངེས་པའི་ཚིག་ནི་ཅིའི་ཕྱིར་སྦྱིན་པ་ལ་སྦྱིན་ཕྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། སྦྱིན་པ་དང་ཆེན་པོ་དང་། སྐྱོན་མེད་པ་དང་། དྲི་མ་མེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། དེ་ལ་སྦྱིན་པ་ཆེན་པོ་ནི་ནང ་དང་ཕྱིའི་དངོས་པོ་རྣམ་པ་ཐམས་ཅད་སྦྱིན་པ་དང་། ཡུན་རིང་དུ་སྦྱིན་པའི་ཕྱིརརོ།། སྐྱོན་མེད་པ་ནི་གནོད་པོས་ཀུན་ཏུ་ཚོལ་བ་ལ་སོགས་པ་རྣམ་པར་སྤངས་པའི་ཕྱིར་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ ་ལས་སྦྱིན་པ་མི་ཟད་པས་ལས་བརྩམས་ཏེ་བསྟན་པ། བཙུན་པོ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པའི་ཕྱིར་རོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་སྦྱིན་པ་ཡོངསུ་སྦྱང་བ་ཡང་ཚད་མེད་པ་སྟེ། ཚེ་དང་སྤོབས་པ་དང་བདེ་བོ་དང་སྟོབས་དང་ཁ་དོག་ཉེ་བར་མཛེས་པའི་ཕྱིར་ཟས་འདོད་པ་རྣམས་ལ་ཟས་སྦྱིན་པའོ།། ཉོན་མོངས་པའི་སྲེད་པ་བསེལ་བའི་ཕྱིར་བཏུང་བ་འདོད ་པ་རྣམས་ལ་བཏུང་བ་སྦྱིན་པའོ།། བདེ་བ་དང་འབྱོར་པའི་དངོས་པོ་ཐམས་ཅད་བསྡུ་བའི་ཕྱིར་བཞོན་པ་འདོད་པ་རྣམས་ལ་བཞོན་པོ་སྦྱིན་པའོ།། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་མདོག་གསེར་གྱི་ཁ་དོག་ཡོངསུ་སྦྱོངས་པའི་ཕྱིར་གོས ་འདོད་པ་རྣམས་ལ་གོས་སྦྱིན་པའོ།། དེ་བཞིན་གཤེགས་པའི་ལྷའི་སྤྱན་ཡོངསུ་རྫོགས་པར་བྱ་བའི་ཕྱིར་མར་མེ་འདོད་པ་རྣམས་ལ་མར་མེ་སྦྱིན་པའོ།། དེ་བཞིན་གཤེགས་པའི་ལྷའི་སྙན་ཡོང་སུ་དག་པར་བྱ་བའི་ཕྱིར་སིལ་སྙན ་འདོད་པ་རྣམས་ལ་སིལ་སྟོན་སྦྱིན་པའོ།། ཚུལ་ཁྲིམས་དང་ཐོས་པ་དང་ཏཱི་འཛིན་གྱི་དྲིས་བྱུག་པའི་ཕྱིར་སྤོས་དང་བྱུག་པ་འདོད་པ་རྣམས་ལ་སྤོས་དང་བྱུག་པ་སྦྱིན་པའོ།། གཟུངས་དང་སྤོབས་པ་དང་བྱང་ཆུབ་ཀྱི་ཡན་ལག ་གི་མེ་ཏོག་ཐོབ་པར་བྱ་བའི་ཕྱིར་ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ་སྦྱིན་པའོ།། ལུས་ཀྱི་དྲི་ཡིད་དུ་འོང་བ་ཐོབ་པར་བྱ་བའི་ཕྱིར་ཕྱེ་མ་འདོད་པ་རྣམས་ལ་ཕྱེ་མ་སྦྱིན་པའོ།། སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཡོངསུ་རྫོགས་པར་བྱ ་བའི་ཕྱིར་བྲོ་བ་ཐམས་ཅད་འདོད་པ་ལ་རོ་བྲོ་བ་ཐམས་ཅད་སྦྱིན་པའོ།། སེམས་ཅན་ཐམས་ཅད་ཀྱི་གནས་དང་། སྐྱ་བོས་དང་། མགོན་དང་། དཔུང་གཉེན་བྱ་བའི་ཕྱིར་གནས་འདོད་པ་རྣམས་ལ་གནས་སྦྱིན་པའོ།། སྒྲིབ་པ་ཐམས་ཅད་རབ་ཏུ། ་སྦྱངས་པ་དང་། ལྷ་དང་ཚངས་པའི་གནས་པ་དེ་བཞིན་གཤེགས་པའི་གཟིམས་ཆ་ཐོབ་པར་བྱ་བའི་ཕྱིར་མལ་ཆ་འདོད་པ་རྣམས་ལ་མལ་ཆ་སྦྱིན་པའོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང ་པོ་རྡོ་རྗེའི་གདན་ཐོབ་པར་བྱ་བའི་ཕྱིར་སྟན་འདོད་པ་རྣམས་ལ་སྟན་སྦྱིན་པའོ།། བྱང་ཆུབ་ཀྱི་ཡོ་བྱད་ཐམས་ཅད་ཡོངསུ་བསྐང་བར་བྱ་བའི་ཕྱིར་ཡོད་བྱེད་འདོད་པ་རྣམས་ལ་ཡོ་བྱད་སྦྱིན་པའོ།། མི་རྒ་མི་འཆི་བའི་བདུད་རྩིའི་བདེ་བས་ཡོངསུ་བསྐུ ་བའི་ཕྱིར་ན་བ་དང་སྨན་འདོད་པ་རྣམས་ལ་སྨན་སྦྱིན་པའོ།། རང་དབང་དང་རང་ཉམས་དང་རང་འབྱུང་གི་ཡེ་ཤེས་ཡོངསུ་བསྐང་པོའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དང་བྲན་མོ་ཡོངསུ་གཏོང་བའི་སྦྱིན་པའོ།། ཞེས་རྒྱ་ཆེར་འབྱུང ་བ་ལྟ་བུའོ།། དྲི་མ་མེད་པ་ནི་མི་མཐུན་པའི་ཕྱོགས་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་རོ།། དམ་པ་རྣམ་པ་འདི་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཡིན་ཏེ། དམ་པ་རྣམ་པ་གསུམ་ནི་འདྲིས་པ་དང་བཅས ་པའི་ངོ་བོ་ཉིད་དམ་པ་དང་། ཐབས་དམ་པ་དང་། འབྲས་བུ་དམ་པའོ།། འདྲིས་པ་ནི་ཡུན་རིང་པོ་ནས་སྦྱིན་པར་རིག་པར་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ།། ཚུལ་ཁྲིམས་ལ་སོགས་པའི ་སྐྱོན་མེད་པ་ནི་བདག་ཏུ་སྒྲོ་འདོགས་པ་རྣམ་པར་སྤངས་པའི་ཕྱིར་ཏེ། ཅི་རིགསུ་བློ་གྲོས་མི་ཟད་པས་བསྟན་པ་ལས་བལྟ་བར་བྱའོ།། ཡང་དམ་པ་རྣམ་པ་བཅུ་གཉིས་དང་ལྡན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། དམ་པ་རྣམ་པ ་བཅུ་གཉིས་ལ། རྒྱ་ཆེ་བ་དམ་པ་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་མི་འདོད་པ་དང་མཆོག་ཏུ་གྱུར་པའི་ཕྱིར།། ཡུན་རིང་བ་དམ་པ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཡོངསུ་བསྒོམ་པའི་ཕྱིརརོ།། ཆེད་དུ་བྱ་བ་དམ ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཆེད་ཀྱི་ཕྱིར་རོ།། ཟད་མི་ཤེས་པ་དམ་པ་ནི་བྱང་ཆུབ་ཆེན་པོར་ཡོངསུ་བསྔོས་པས་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་བའི་ཕྱིརརོ།། རྒྱུན་མི་འཆད་པ་དམ་པ་ནི་བདག་དང་གཞན ་མཉམ་པ་ཉིད་དུ་མོས་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངསུ་རྫོགས་པར་བྱེད་པའི་ཕྱིར་རོ།། ཚོགས་མེད་པ་དམ་པ་ནི་གཞན་གྱི་སྦྱིན་པ་ལ་རྗེ་སུ་ཡི་རང་བ་ཙམ་གྱིས་ཕ ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱེད་པའི་ཕྱིརརོ།། དབང་འབྱོར་པ་དམ་པ་ནི་ན་མཁའ་མཛོད་ཀྱི་ཏིངངེ་འཛིན་ལ་སོགས་པས་སྦྱིན་པ་ལ་སོགས་པ་ཡོངསུ་རྫོགས་པར་བྱེད་པའི་ཕྱིར།། ཡོངསུ་བཟུང་བ་དམ་པ་ནི་རྣམ ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངསུ་གཟུང་བའི་ཕྱིར་རོ།། རྩོམ་པ་དམ་པོ་ནི་མོས་པས་སྤྱོད་པའི་ས་ལ་བཟོད་པ་ཆེན་པོར་གྱུར་པ་ལའོ།། ཐོབ་པ་དམ་པ་ནི་ས་དང་པོ་ལའོ།། རྒྱུ་མཐུན་པ་དམ་པ་ནི་དེ་མ་ཡིན་པ་གཞན་བརྒྱད་པོ ་ག་ལའོ།། འགྲུབ་པ་དམ་པ་ནི་ས་བཅུ་པ་དང་དེ་བཞིན་གཤེགས་པའི་ས་ལ་བྱང་ཆུབ་སེམས་དཔའ་འགྲུབ་པ་དང་། སངས་རྒྱས་འགྲུབ་པའི་ཕྱིརརོ།། ཡང་དམ་པ་རྣམས་ཀྱིས་སྤྱད་པ་དང་བགྲོད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱད་པ་དང་བགྲོད་ཅེས་བྱ་བའི་ཐ་ཚིག་གོ།། ཡང་ཤེས་བྱའི་ཕ་རོལ་ཏུ་སོན་པས་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་ཉིད་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ།། ཡང་གཞན་དང་བདག ་མཆོག་ཏུ་གནོད་པོ་ལས་སྐོལ་བར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། གཞན་དང་བདག་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདའ་བར་བྱེད་ཅེས་བྱ་བའི་ཐ་ཚི་གོ། འདི་ནི་རེ་ཞིག་ཐུན་མོང་གི་དེས་ཚིའོ།། སོ་སོའི་ངེས་པའི་ཚིག་ནི་སྦྱིན ་བདག་གི་དབུལ་བ་སེལ་བ་དང་། ལེན་པ་པོ་རྣམས་ཀྱི་གདུང་བ་སེལ་བའི་ཕྱིར་སྦྱིན་པའོ།། དབང་པོ་ཞི་བ་ཐོབ་པ་དང་། འགྲོ་བ་བཟང་པོར་སྦྱོར་བ་དང་། བསིལ་བའི་གནས་ཡིན་པས་ཚུལ་ཁྲིམས་ཏེ། གོ་རིམ་བཞིན་དུ་དབང་པོ་རྣམས ་ཀྱི་སྒོ་སྡོམ་པར་བྱེད་པ་དང་། བདེ་འགྲོར་འགྲོ་བའི་དྷཱར་གྱུར་པ་དང་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་མྱ་ངན་ལས་འདས་པ་ལ་སོགས་པའི་བར་གྱི་གནས་ཡིན་པའི་ཕྱིརོ།། ལྟོ་བའི་ཆབ་སེལ་བ་དང་། རྨ་འབྱིན་དུ ་སེམས་འོངས་པ་སེལ་བ་དང་། ཞི་བར་བརྗོད་པའི་ཕྱིར་བཟོད་པའོ།། རྨ་འབྱིན་པའི་སེམས་ཞེས་བྱ་བ་ནི་གང་གིས་གནོད་པ་བྱེད་པ་རྣམས་ལ་ལན་དུ་གནོད་པ་བྱེད་པ་སྟེ། དེ་འོངས་པ་འདིས་འབྲལ་བར་བྱེད་པ་ནི་སེལ ་བར་རིག་པར་བྱའོ།། རྨ་འབྱིན་པ་ནི་འདི་དག་ལ་ཤར་གཉེར་བ་ཡོད་པས་རྨ་འབྱིན་པ་ཅན་ཏེ། དེ་དག་ལ་མི་འཇིགས་པ་སྒྲོགས་པོ་ནི་བདེ་བར་བརྗོད་པར་རིག་པར་བྱའོ།། སེལ་བ་དང་འཕེལ་བར་བྱེད་པ་དང་ལྡན་པས་བརྩོན ་འགྲུས་ཏེ། དེ་ལ་སེལ་བའི་ཕྱིར་སྤྱོད་པ་ནི་ཡང་དག་པར་སྤོང་བ་གཉིས་ཀྱིས་མི་དགེ་བའི་ཆོས་དང་བྲལ་བར་བྱེད་པའོ།། འཕེལ་བའི་ཕྱིར་སྤྱོད་པ་ནི་ཡང་དག་པར་སྤོང་བ་གཉིས་ཀྱིས་དགེ་བའི་ཆོས་ཡང་དགེ་བར་སྒྲུབ་པའོ།། ་འཛིན་པ་དང་། སྡོམ་པ་དང་། འདུལ་བ་དང་། འཐོབ་པར་བྱེད་པ་བསམ་གཏན་ཏེ། དེ་ལ་འཛིན་པ་ནི་དམིགས་པོ་ལ་སེམས་འཛིན་པའོ།། སྡོམ་པ་ནི་རྣམ་པར་གཡེང་བ་ལས་སེམས་ཡང་དག་པར་སྡོམ་པའོ།། འདུལ་བ་ནི་ཀུན ་ནས་དཀྲིས་པ་རྣམས་རྣམ་པར་གནོན་པའོ།། ཐོབ་པར་བྱེད་པ་ནི་དབང་འབྱོར་པ་ཐོབ་པར་བྱེད་པར་རིག་པར་བྱའོ།། གཞན་གྱིས་སྨྲས་པ་ཤེས་པ་དང་། སོ་སོ་རང་གི་ཤེས་པ་དང་། རྣམ་པར་ཤེས་པ་དང་། རབ་ཏུ་ཞི་བ་ཐོབ་པ ་དང་། ཡོན་ཏན་མཆོག་ཏུ་ཕྱིན་པར་ཤེས་པས་ཤེས་རབ་སྟེ། དེ་ལ་གཞན་གྱིས་སྨྲས་པ་ཤེས་པ་ནི་གཞན་གྱི་སྒྲའི་རྒྱུ་ལས་བྱུང་བའི་ཚུལ་བཞིན་ལྕི་བྱེད་པ་དང་མཚུངས་པར་ལྡན་པའི་ཤེས་རབ་བོ།། ་སོ་སོ་རང་གིས་ཤེས་པ་ནི་འཇིག་རྟེན་ལས་འདས་པའོ།། རྣམ་པར་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའོ།། ཞི་བ་ཐོབ་པར་བྱ་བའི་ཕྱིར་ཤེས་པ་ནི་བསྒོམ་པའི་ལམ་ལ་ཉོན་མོངས་པའི་གཉེན་པོར ་གྱུར་པའོ།། ཡོན་ཏན་མཆོག་ཏུ་ཕྱིན་པར་བྱ་བའི་ཕྱིར་ཤེས་པ་ནི་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཤེས་རབ་ཏུ་རིག་པར་བྱའོ།། བསྒོམ་པ་ནི་རྣམ་པ་ལྔ་སྟེ། ཕུང་པོ་ལྔ་གནས་པ་ནས་དབང་འབྱོར་པ་ལ་གནས ་པའི་བར་དུའོ།། འདིར་ཚིག་སུ་བཅོད་པ། ཕུང་པོར་བརྟེན་ནས་བསྒོམ་པ་སྟེ།། ཡིད་ལ་བྱེད་དང་བསམ་པ་དང་།། ཐབས་དང་དབང་འབྱོར་དེ་བཞིན་ཏེ།། དེ་དག་ཐམས་ཅད་བརྗེད་པ་ཡིན།། ཇི་སྐད་དུ། རྒྱུ་དང་སྨིན་དང་སྨོན་ལམ ་དང་། སོ་སོར་བརྟགས་པ་ཕུང་པོར་དྲན་ཞེས་བཤད་པ་ལྟ་བུའོ།། དེ་ལ་ཕུང་པོ་ལ་གནོས་པ་རྣམ་པ་བཞི་སྟེ། དེ་ལ་རྒྱུ་ལ་གནས་པོ་ནི་གང་རིགས་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་གྱིས་གོམས་པར་བྱེད ་པའོ།། རྣམ་པར་སྨིན་པ་ལ་གནས་པ་ནི་གང་ལུས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་སོ།། སྨོན་ལམ་ལ་གནས་པ་ནི་གང་སྔོན་གྱི་སྨོན་ལམ་གྱི་སྟོབསོ།། སོ་སོར་བརྟགས་པའི་སྟོབས་ལ་གནས་པ་ནི་ཤེས་རབ་ཀྱི་སྟོབས ་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་གྱིས་གོམས་པར་བྱེད་པའོ།། ཡིད་ལ་བྱེད་པ་ལ་བྱེ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པ་བཞི་སྟེ། མོས་པ་ཡིད་ལ་བྱེད་པས་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པས་ཐ~ཾང ་དང་ལྡན་པའི་མདོ་སྡེ་ལ་མོས་པ་བསྒོམ་པའོ།། རོ་མྱང་བའི་ཡིད་ལ་བྱེད་པས་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ལ་ཕན་ཡོན་མཐོང་བའི་ཚུལ་གྱིས་རོ་མྱང་བར་བྱེད་པའོ།། རྗེ་སུ་ཡིད་རང་བ་ཡིད་ལ་བྱེད་པས་སྒོམ ་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ལ་རྗེ་སུ་ཡི་རང་བའོ།། མངོན་པར་དགའ་བ་ཡིད་ལ་བྱེད་པས་བསྒོམ་པ་ནི་བདག་དང་སེམས་ཅན་རྣམས་ཀྱི་མ་འོངས་པོའི་ཕ་རོལ་ཏུ ་ཕྱིན་པའི་ཁྱད་པར་ལ་མངོན་པར་དགའ་བའོ།། བསམ་པ་ལ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་རྣམ་པ་དྲུག་སྟེ། མི་ངོམས་པའི་བསམ་པ་དང་། ཡངས་པའི་བསམ་པ་དང་། དགའ་བའི་བསམ་པ་དང་། ཕན ་གདགས་པའི་བསམ་པ་དང་། གོས་པ་མེད་པའི་བསམ་པ་དང་། དགེ་བའི་བསམ་པོས་སོ།། དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་མི་ངོམས་པའི་བསམ་པ་ནི་གང་བྱང་ཆུབ་སེམས་དཔའ་སྐད་ཅིག་གཅིག་ལ ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངསུ་བཀང་བ་དང་། ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་སེམས་ཅན་གཅིག་ལ་སྦྱིན་པར་བྱེད་ཅིང་། དེ་བཞིན་དུ་སྐད་ཅིག་རེ་རེ་གངྒཱའི་ཀླུང་གི ་བྱེ་མ་སྙེད་ཀྱི་བསྐལ་པར་སྦྱིན་པར་བྱེད་ཅིང་སེམས་ཅན་གཎྜཱི་ག་ལཱ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ཇི་སྙེད་པ་བླ་ན་མེད་པ་ལུང་དྲུག་པར་རྫོགས་པའི་བྱང་ཆུབ་ལ་ཡོངསུ་སྨིན་པར་བྱེད ་ལརྒྱུ་རྣམ་གྲངས་འདིས་དེ་ལ་སྦྱིན་ཡང་མི་ངོམས་པོ་ཉིད་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་བསམ་པ་སྟེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་བསམ་པོ་མི་ངོམས་པ ་ཡིནོ།། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བྱང་ཆུབ་སེམས་དཔའ་རྣམ་པ་དེ་ལྟ་བུར་སྦྱིན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་སྐད་ཅིག་ཙམ་ཡང་ཉམས་པར་མི་བྱེད་ཅིང་རྒྱུན་མི་གཅོད་། རྣམ་པ་འདི་ལྟ་བུའི་བསམ ་པ་གང་ཡིན་པ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་ཡངས་པའི་བསམ་པའོ།། དེ་ལྟར་སྦྱིན་པས་སེམས་ཅན་དེ་དག་རྗེས་སུ་འཛིན་པའི་བྱང་ཆུབ་པ་ནི་ཤིན་ཏུ་དགའ་བ་ཡིན་གྱི་སྦྱིན་པ་དེས་རྗེསུ་གཟུང་བའི་སེམས ་དེ་དག་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་དགའ་བའི་བསམ་པའོ།། གང་དག་ལ་དེ་ལྟར་སྦྱིན་པས་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག ་ལ་ཤིན་ཏུ་ཕན་འདོགས་པར་བྱང་ཆུབ་སེམས་དཔའས་མཐོང་གི། བདག་གིས་མ་ཡིན་ཏོ།། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོན་པའི་ཕྱིར་རོ།། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི ་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་བསམ་པའོ།། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་དེ་ལྟར་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཡངས་པ་མངོན་པར་འདུ་བྱས་ཀྱང་ལན་དུ་ཕན་འདོག ་པོ་འམ། རྣམ་པར་སྨིན་པ་འདོད་པ་མེད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་གོས་མེད་པའི་བསམ་པའོ།། བྱང་ཆུབ་སེམས་དཔའ ་སྦྱིན་པའི་ཕུང་པོ་ཡངས་པའི་རྣམ་དྷར་སྨིན་བྱ་དེ་ལྟ་བུ་ཡང་སེམས་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི། བདག་ལ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསསུ་བསྔོའོ།། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པའོ།། དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ ་ཏུ་ཕྱིན་པ་བསྒོམ་པ་ནོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པཱཥྚི་བྷར་ལ་བྱང་ཆུབ་སེམས་དཔའི་མི་ངོམས་པའི་བསམ་པ་ནི། གང་བྱང་ཆུབ་སེམས་དཔའ་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ཅིང་ཆེའི་ཚད་བསྐལ་པ་གངྒཱའི ་ཀླུང་གི་བྱེ་མ་སྙེད་དུ་གྱུར་ལ་རྒྱུན་དུ་ཡོ་བྱད་ཐམས་ཅད་ཀྱིས་ཕོངས་པར་གྱུར་ཅིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་རབ་ཏུ་གང་བ་ནི་སྤྱོད་ལམ་བཞི་བྱེད་ཀྱང་སྐད་ཅིག་གཅིག་ལ་ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། སྐད་ཅིག་གཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་ཞིང་རྣམ་གྲངས་འདིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་སྙེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར ་གྱི་ཕུང་པོ་ཇི་སྙེད་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ནས་ཤེས་རབ་ཀྱི་ཕུང་པོ་དེ་བསྒོམ་ཡང་བྱང་ཆུབ་སེམས་དཔའི་མི་ངོམས་པ་ཉིད ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མི་ངོམས་པའི་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་སྟེ། བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པ་འདི་ལྟ ་བུ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་མི་ངོམས་པའི་བསམ་པའོ།། བྱང་ཆུབ་སེམས་དཔའ ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉམས་པར་མི ་བྱེད་ཅིང་། རྒྱུན་མི་གཅོད་པའི་བསམ་པ་རྣམ་པ་འདི་ལྟ་བུ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་ཡངས་པའི ་བསམ་པའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་དེས་སེམས་ཅན་རྗེསུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་རབ་ཏུ་དགའ་བ་ཡིན་གྱི། རྗེས་སུ ་བཟུང་བའི་སེམས་ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ ་སེམས་དཔའི་དགའ་བའི་བསམ་པའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པས། གང་དག་ལ་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཤིན་ཏུ ་ཕན་འདོགས་པར་བྱང་ཆུབ་སེམས་དཔས་མཐོང་གྲི་བདག་གི་ནི་མ་ཡིན་ནོ།། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོན་པའི་ཕྱིར་རོ།། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་ཚུལ་ཁྲིམ ་ཀྱི་ཕ་རོལ་ཏུ་ཕྱིན་པོ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་བསམ་པའོ།། བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལས་བྱུང་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བྱུང་བའི་བསོད་ནམས་ཡོངས་པ་མངོན་པར་འདུས་བྱས་ཀྱང་། དེ་ལ་ལན་དུ་ཕན་འདོགས་པ་འམ་རྣམ་པར་སྨིན་པ་ལས་འདོད་པ་མེད་དེ། རྣམ་པ ་འདི་ལྟ་བུའི་བུས་མ་བུ་གང་ཡིན་པ་དྲན་ནུལ་ཁྲིམས་ལ་ཏུ་ལྡན་པ་བསྒོམ་བྱ། ནས་རབ་ས་པ་རོལ་ཏུ་ཕྱིན་པ་བསྒོམ་བྲ་ལ་བྱུང་ཆུབ་སེམས་དཔའ་གས་པ་མེད་པའི་ཐམས་འ། ་དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལས་བྱུང་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་རྣམ་པར་སྦྱིན་པ་དེ་ལྟ་བུ་ཡང་སེམས ་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི་བདོག་ལ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོའོ།། རྣམ་པ་དེ་ལྟ་བུའི་བསམ ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པའོ།། ཐབས་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ ་པ་གང་ཞེ་ན། རྣམ་པ་གསུམ་སྟེ། སོ་སོར་རྟོག་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་འཁོར་གསུམ་ཡོང་སུ་དག་པ་སྟེ། ཐབས་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་མངོན་པར་འགྲུབ་པའི་ཕྱིརརོ།། དབང་འབྱོར་པ་ལ་གནས ་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་རྣམ་པ་གསུམ་སྟེ། ལུས་ལ་དབང་འབྱོར་པ་དང་། སྤྱོད་པ་ལ་དབང་འབྱོར་པ་དང་། བཤད་པ་ལ་དབང་འབྱོར་པའོ།། ལུས་ལ་དབང་འབྱོར་པ་ནི་དེ་བཞིན་གཤེགསོ་པའི་སྐུ་གཉིསུ་བལྟ་བར་བྱ་སྟེ། ་རང་བཞིན་དང་ལོངས་སྤྱོད་རྫོགས་པའོ།། དེ་ལ་སྤྱོད་པ་ལ་དབང་འབྱོར་པ་ནི་སྤྲུལ་པའི་སྐུར་བལྟ་བར་བྱ་སྟེ། དེ་སེམས་ཅན་ཐམས་ཅད་ལ་སྤྱོད་པ་རྣམ་པ་ཐམས་ཅད་ཀུན་ཏུ་སྟོན་ཏོ།། བཤད་པ་ལ་དབང་སྦྱོར་བ་ནི་ཕ་རོལ་ཏུ་ཕྱིན་པ ་དྲུག་རྣམ་པ་ཐམས་ཅད་དུ་བཤད་པ་ལ་ཐོགསོ་བ་མེད་པའོ།། རབ་ཏུ་དབྱེ་བ་ནི་རྟོན་པ་བཅོ་བརྒྱད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་དབྱེ་བར་བལྟ་བར་བྱའོ།། རྟོན་པ་བཅོ་བརྒྱད་ནི་ལུས་རྟོན་པ་དང་། སེམས་རྟོན་པ་དང་། དགེ ་བརྟོན་པ་དང་། བདེ་འགྲོ་རྟོན་པ་དང་། བྱང་ཆུབ་རྟོན་པ་དང་། སྙིང་རྗེ་རྟོན་པ་དང་། སེམས་ཅན་ཡོངསུ་མི་གཏོང་བ་རྟོན་པ་དང་། དམན་པའི་སེམས་ཡོངསུ་དོར་བ་རྟོན་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་རྟོན་པ་དང་། དགེ ་བྱའི་རྩ་བ་ལ་སྦྱོར་བ་རྟོན་པ་དང་། དགེ་བོའི་རྩ་བ་ཡང་དག་པར་སྒྲུབ་པ་རྟོན་པ་དང་། དགེ་བའི་རྩ་བ་མི་ཟད་པ་རྟོན་པ་དང་། དགེ་བའི་རྩ་བ་ལ་ཡོངསུ་མི་སྐྱེ་བ་རྟོན་པ་དང་། བསམ་པའི་དོན་ཐམས་ཅད་འབྱོར་པ་རྟོན་པ་དང་། ་ཚེགས་སྡུད་པ་རྟོན་པ་དང་། ས་ལ་འཇུག་པ་རྟོན་པ་དང་། སངས་རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་རྟོན་པ་དང་། སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་རྟོན་པ་སྟེ། སྦྱིན་པ་ལ་སོགས་པ་རྣམ་པ་གསུམ་གསུམ་དུ་ཐ་དད་པས། ་གསུམ་གསུམ་གྱི་གོ་རིམ་བཞིན་དུ་བསྡུས་པར་བྱའོ།། དེ་ལ་སྦྱིན་པ་རྣམ་པ་གསུམ་ནི་ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ།། ཚུལ་ཁྲིམས་རྣམ་པ་གསུམ་ནི་སྡོམ་པའི་ཚུལ་ཁྲིམ ་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ།། བཟོད་པ་རྣམ་པ་གསུམ་ནི། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་མི ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ།། བརྩོན་འགྲུས་རྣམ་པ་གསུམ་པ་ནི་གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སོ།། བསམ ་གཏན་རྣམ་པ་གསུམ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་བསམ་གཏན་དང་། མངོན་པར་ཤེས་པ་མངོན་པར་བསྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་བྱ་བའི་བསམ་གཏནོ།། ཤེས་རབ ་རྣམ་པ་གསུམ་པ་ནི་ཀུན་རྫོབ་ལ་དམིགས་པ་དང་། དོན་དམ་པ་ལ་དམིགས་པ་དང་། སེམས་ཅན་གྱི་དོན་ལ་དམིགས་པའོ།། དེ་ལ་ཟང་ཟང་གི་སྦྱིན་པ་ནི་ལུས་རྟོན་པ་སྟེ། བཟའ་བ་དྲང་བཏུང་བ་ལ་སོགས་པའི་ཡོ་བྱད ་རྣམས་ཀྱིས་ལེན་པའི་ལུས་ལ་ཕན་འདོགས་པའི་ཕྱིར་རོ།། མི་འཇིགས་པའི་སྦྱིན་པ་ནི་སེམས་རྟོན་པ་སྟེ། ཡིད་མི་བདེ་བའི་བྱེ་བྲག་དང་བྲལ་བར་བྱ་བའི་ཕྱིར་སེམས་ཀྱི་དབུགས་འབྱིན་པ་ཉེ་བར་སྒྲུབ་པའི་ཕྱིརརོ།། གཞོན་ལ ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། དམན་པའི་སེམས་ནི་བྱང་ཆུབ་སེམས་དཔའ་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་སྐྱོ་བས་ཉོན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཏེ། དེ་ཡོངསུ་འདོར་བ་རྟོན་པ་ནི་སྡུག་བསྔལ་དང་དུ ་ལེན་པའི་བཟོད་པར་རིག་པར་བྱའོ།། དགེ་བའི་རྩ་བ་མི་ཟད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་ལྷག་པར་བྱེད་པས་འཁོར་བ་ཇི་སྲིད་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་ཡང་ཡོད ་སུ་མི་གཏོང་བ་སྟེ། དེ་རྟོན་པ་ནི་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སུ་རིག་པར་བྱའོ།། ཚོགས་བསྡུད་པ་ནི་ཐོབ་པ་ལ་བརྟེན་ནས་འདུལ་བ་རྣམས་སེམས་མཉམ་པར་མ་བཞོག་པ་མཉམ་པར་བཞག་པར་བྱ་བ་དང ་སེམས་མཉམ་པར་བཞག་པ་རྣམ་པར་ཐར་པར་བྱ་བོའི་ཕྱིར་གདམས་པ་དང་རྗེསུ་བསྟོན་པར་རབ་ཏུ་སྦྱིན་པ་སྟེ། དེ་རྟོན་པ་ནི་སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ།། ས་ལ་འཇུག་པ་ནི་ཆོས་ལ་མོས་པ་སྔོན་དུ་བཏང ་བ་ནི་བཤད་པ་གང་གིས་ཚོགས་ཡོངས་སུ་རྫོགས་པར་བྱས་ནས། རབ་ཏུ་དགའ་བའི་ས་ལ་འཇུག་པ་སྟེ། དེ་རྟོན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པའོ།། ལྷག་མ་ནི་ལེགས་པར་སྦྱར་བའི་ཕྱིར་ལེགས་པར ་སྦྱར་བ་མ་བྱསོ།། ཡང་རབ་ཏུ་དབྱེ་བ་ནི་སྦྱིན་པ་བདུན་ཏེ། རྩེ་བའི་སྦྱིན་པ་ནི་རིགས་ཀྱི་གནས་སྐབས་པའི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རིགས་ཙམ་ལ་བརྟེན་ནས་སྦྱིན་པའི་ཕྱིར་རོ།། བླངས ་སྨྱོན་པ་ནི་སེམས་བསྐྱེད་པའི་གནས་སྐབས་པ་སྟེ། སྨོན་ལམ་ཡང་དག་པར་བླངས་པ་ལ་བརྟེན་ནས་སྦྱིན་པོའི་ཕྱིརརོ།། རྗེསུ་འཛིན་པའི་སྦྱིན་པ་ནི་བདག་དང་གཞན་གྱི་དོན་སྒྲུབ་པའི་གནས་སྐབས་པའོ།། འཛིན་པ་ངན ་མེད་པའི་སྦྱིན་པ་ནི་དེ་ཁོ་ནའི་དོན་ལ་ཡོངས་སུ་རྟོགས་པའི་གནས་སྐབས་པ་སྟེ། སྦྱིན་བདག་ལ་སོགས་པར་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་འཛིན་པ་ངན་པ་མེད་པའི་ཕྱིརརོ།། ཡོངསུ་འཛིན ་པ་མེད་པའི་སྦྱིན་པ་ནི་མཐུའི་གནས་སྐབས་པ་སྟེ། ཕྱི་རོལ་གྱི་ཡོ་བྱད་ཡོངསུ་འཛིན་པ་མེད་པར་ཡོང་ན་མཁའ་མཛོད་ལ་སོགས་པའི་ཏིང་འཛིན་རྣམས་ཀྱིས་ན་མཁའ་ལ་ལག་པ་བརྐྱང་ནས་ཇི་ལྟར་འདོད་པ ་བཞིན་དུ་རིན་པོ་ཆེ་ལ་སོགས་པའི་ཆར་འབེབས་པའོ།། སོ་སོར་རིག་པའི་སྦྱིན་པ་ནི་ཡོངསུ་སྨིན་པའི་གནས་སྐབས་པའི་སྦྱིན་པ་འདུལ་བ་ཇི་ལྟ་བ་བཞིན་དུ་མཐུན་པར་སྦྱིན་པའི་ཕྱིརརོ།། སྦྱིན་པ་ཆེན་པོ་ནི་བྱུང ་ཆུབ་མཆོག་གི་གནས་སྐབས་པའི་སྟེ། བླ་ན་མེད་པའི་ཕྱིར།། དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་ཅི་རིགས་སྦྱར་བར་རིག་པར་བྱའོ།། བསྡུས་པ་ནི་སྦྱིན་པ་ལ་སོགས་པས་བྱང་ཆུབ་སེམས་དཔའི་སོ་བསྡུས་པའི་ཕྱིར་ཏོ།། ་དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རིགས་བསྡུས་པ་འདི་ནི་དཔེ་ཙ་མོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་རིཊ་ཀྱི་ཀྱིས་བསྡུས་པར་ཤེས་པར་བྱའོ།། སེམས་བསྐྱེད་པས་བསྡུས་པ་ནི་ཁྱད་པར་དུ་འཕགས་པའི ་སེམས་བསྐྱེད་པོས་བསྡུས་པའི་ཕྱིར་རོ།། སེམས་བསྐྱེད་པ་རྣམ་པ་གཉིས་ཏེ། ཁྱད་པར་ཅན་མ་ཡིན་པ་དང་། ཁྱད་པར་དུ་འཕགས་པའོ།། དེ་ལ་ཁྱད་པརོ་ཅན་མ་ཡིན་པ་ནི་ཀྱེ་མའོ་བདག་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཅིག་སྙམ་པའོ།། ཁྱད་པར་དུ་འཕགས་པ་ནི་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་ཤོག་ཅིག་སྙམ་པ་ནས། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་བར་དུའོ།། ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པ་འདིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྡུས་པར་རིག་པར་བྱ་སྟེ། དེ་དག་གི་རྒྱུ་ཡིན་པའི་ཕྱིརརོ།། བདག་དང་གཞན་གྱི་དོན་བསྡུས་པ་ལས་གང ་སྦྱིན་པས་ཕྱུག་པོ་ཡོངསུ་འཛིན་པ་འདི་ནི་བདག་གི་དོན་ཏོ།། གང་གཞན་ལ་ཡོ་བྱད་ཉེ་བར་བསྒྲུབ་པས་རྗེ་སུ་འཛིན་པ་འདི་ནི་གཞན་གྱི་དོན་ཏོ།། ལྕུག་མ་རྣམས་ཀྱིས་བསྡུས་པ་ཡང་དེ་བཞིན་དུ་རིག་པར་བྱའོ།། ་དོན་དམ་པས་བསྡུས་པ་ཆོས་ཀྱི་དབྱིངས་ལས་བརྩམས་པ་ནི་དེ་བཞིན་ཉིད་སྦྱིན་པོ་ལ་སོགས་པ་སྤྱིའི་མཚན་ཉིད་ཡིན་པའི་ཕྱིརརོ།། ཡེ་ཤེས་ཀྱི་ཚོགས་ལས་བརྩམས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣོད་དུ་སྒྲུབ ་པའི་ཕྱིར་རོ།། ཡེ་ཤེས་ཡོང་སུ་འཛིན་པ་ལས་བརྩམས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངསུ་སྒྲུབ་པའི་ཕྱིར།། ཡེ་ཤེས་ཀྱི་རྒྱུ་སུ་འཇུག་པ་ལས་བརྩམས་པ་ནི་ལྔ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ ་མཐུན་པའི་ཕྱིར་རོ།། ཡེ་ཤེས་ཀྱི་མཚན་ཉིད་ལ་བརྩམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པའོ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་དེ་བཞིན་ཉིད་ཡང་དག་པའི་ཡེ་ཤོས་ཀྱི་ངོ་བོ་ཉིད ་དོན་དམ་པ་ནི་སྦྱིན་པ་ལ་སོགས་པས་བསྡུས་པར་རིག་པར་བྱའོ།། དཔེ་བརྗོད་པ་འདིས་བསྡུས་པ་ལྷག་མ་རྣམས་བརྟག་པར་བྱའོ།། མི་མཐུན་པའི་ཕྱོགས་ནི་སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས ་དང་། ཁྲོ་བ་དང་། ལེ་ལོ་དང་། རྣམ་པོར་གཡེང་བ་དང་། འཆལ་པའི་ཤེས་རབ་སྟེ་སྦྱིན་པ་ལ་སོགས་པ་དང་གོ་རིམ་བཞིན་ནོ།། ཡང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་དེ་དག་གི་མི་མཐུན་པའི ་ཕྱོགས་གང་ཡིན་པ་དང་། ཤེས་བྱའི་སྒྲིབ་པ་དེ་ཡང་དེ་དག་གི་མི་མཐུན་པའི་ཕྱོགསུ་རིག་པར་བྱའོ།། ཕན་ཡོན་ནི་འབྲས་བུ་རྣམ་པ་ལྔའི་སྐབསུ་དཔག་ཏུ་མེད་པར་རིག་པར་བྱའོ།། འདི་ལྟ་སྟེ། ཇི་ལྟར་འདི་དག་གི་རང་གི ་མི་མཐུན་པའི་ཕྱོགས་སྤོང་བ་བྲལ་བའི་འབྲས་བུ་དང་། མཐོང་བའི་ཆོས་ལ་བདག་དང་གཞན་རྗེསུ་འཛིན་པ་སྐྱེས་བུ་བྱེད་པའི་འབྲས་བུ་དང་། ཕྱི་མ་ལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་མཆོག་དམ་པ་འབྱུང ་བ་རྒྱུ་མཐུན་པའི་འབྲས་བུ་དང་། བྱང་ཆུབ་ཆེན་པོ་དབང་གི་འབྲས་བུ་དང་། ལེངས་སྤྱོད་ཆེན་པོ་དང་བདེ་འགྲོར་འགྲོ་བ་དང་། ཁོ་ན་མེད་པ་དང་། དབྱེ་བ་མེད་པ་དང་། བདེ་བ་དང་། ཡིད་བདེ་བ་མང་བ་དང་། སེམས་ཅན ་ལ་དབང་བ་དང་། ལུས་ལ་གནོད་པོ་མེད་པ་དང་། དབང་ཆེ་བར་གྲགས་པ་ནི་གོ་རིམ་བཞིན་དུ་སྦྱིན་པ་ལ་སོགས་པའི་རྣམ་པར་སྨིན་པའི་འབྲས་བུར་རིག་པར་བྱའོ།། གཅིག་ལ་གཅིག་རྣམ་པར་ངེས་པ་ནི་རྣམ་པ ་གསུམ་སྟེ། སྦྱོར་བ་ལས་གྱུར་པ་དང་། རབ་ཏུ་དབྱེ་བ་ལས་གྱུར་པ་དང་། རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་པའོ།། དེ་ལ་སྦྱོར་བ་ལས་གྱུར་པ་ནི་སྦྱིན་པ་ལ་སྦྱོར་བར་ཐམས་ཅད་འདུས་པར་དམིགས་ཏེ། འདི་ལྟ་སྟེ། ནང་དང ་ཕྱིའི་དངོས་པོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་སྦྱོར་བའོ།། དེ་ལ་གང་ཡོངསུ་བཏང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་བྱམས་པའི་སེམས་དང་ལྡན་པའི་ཕྱིར་གང་གཞན་ལ་ཀུན་ནས་མནར་སེམས་པ་དང་། ་གནོད་པ་དང་། རྣམ་པར་འཚེ་བ་སྡོམ་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ཉིད་ལ་གང་ཉེ་བར་སྐོང་བ་དང་། ཕོངས་པ་དང་། སྐྱོ་བ་ལ་ཇི་མི་སྙམ་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། དེ་ཉིད་གང་ཕྱིར་ཞིང ་སེམས་སྤྲོ་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ཉིད་ལ་གང་སེམས་རྩེ་གཅིག་པ་ཉིད་དེ་དགེ་བ་ལས་སེམས་ཕྱི་རོལ་ཏུ་མི་འཕྲོ་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ཉིད་ལ་རྒྱུ་དང་འབྲས་བུ་ཇི་ལྟ་བ ་བཞིན་དུ་ལེགས་པར་གཟུང་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་ཅི་རིགས་སུ་སྦྱར་བར་བྱ་སྟེ། མི་འཇིགས་པའི ་སྦྱིན་པ་ནི་ཐམས་ཅད་དུ་ཡང་སྦྱིན་པ་ཡིན་པའི་ཕྱིརརོ།། དེ་ཡང་རབ་ཏུ་དབྱེ་བ་ལས་གྱུར་པ་ནི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། རྗེསུ་བྱེད་པས་རབ་ཏུ་དབྱེ་བ་དང་། རྗེསུ་སྦྱོར་བས་རབ་ཏུ་དབྱེ་བ་དང་། སྐྱེད་པས་རབ་ཏུ་དབྱེ་བའོ།། ་དེ་ལ་སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་ནི་རྣམ་པར་གཏོང་བ་དང་། སྡོམ་པ་དང་། ཇི་མི་སྙམ་པ་དང་། མངོན་པར་སྤྲོ་བ་དང་། སེམས་གནས་པ་དང་། རབ་ཏུ་རྣམ་པར་འབྱེད་བྱ་སྟེ། གོ་རིམ་བཞིན་ནོ།། དེ་ལ ་སྦྱིན་པ་ལ་སོགས་པའི་རྗེ་སུ་བྱེད་པ་ནི་སྦྱིན་པ་ལ་སྩོགས་པ་ལ་སྦྱོར་བ་ན། དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་རྗེ་སུ་འཇུག་པ་སྟེ་སྔ་མ་བཞིནོ།། དེ་ལ་སྦྱིན་པ་ལ་སོགས་པའི་རྗེསུ་སྦྱོར་བ་ནི་འཛིན་དུ་འཇུག་པ ་དང་། བསྔགས་པ་བརྗོད་པ་དང་། རབ་ཏུ་དགའ་བའོ།། དེ་ལ་སྦྱིན་པོ་ལ་སོགས་པ་སྐྱེད་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་འཛེག་པའོ།། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟང་ཟིང་གི་སྦྱིན་པའོ།། དེ་མ་ཡིན་པ་གཞན་ལྟུ ་ནི་མི་འཇིགས་པའི་སྦྱིན་པའོ།། ཐམས་ཅད་ནི་དམ་པའི་ཆོས་ཀྱི་སྦྱིན་པ་སྟེ། གཞན་གྱི་སེམས་ཀྱི་རྒྱུད་ལ་བསྐྱེད་པའི་ཕྱིརརོ།། དེ་ལ་རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་པ་ནི་གཅིག་ནས་རྟོག་པ་ལ་སོགས་པ་སྟེ། འདི་ལྟ་སྟེ། ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་དེ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་དེ་ཡིན་ནམ་ཞེ་ན། ཚིག་འོག་མ་དང་སྦྱར་བ་སྟེ། ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་དེའོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡིན་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ཡང་ཡོད་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ ་བྱིཕྱིན་པས་མ་ཟིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚིག་འོག་མ་དང་སྦྱོར་བ་རྣམས་དང་སྦྱར་བར་བྱའོ།། སྦྱིན་པ་གང་ཡིན་པ་དེ་ཐང ་སྨྱོསྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པ་ཡིན་ནམ་ཞེ་ན། མུ་གསུམ་དུ་འགྱུར་ཏོ།། སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མྱ་ཡིན་པ་ནི། གང་བྱང་ཆུབ་ཆེན་པོར་ཡོངསུ་མ ་བོསྔོས་པའི་སྦྱིན་པའོ།། སྦྱིན་པའང་ཡིན་ལ་ཕ་རོལ་ཏུ་ཕྱིན་པའང་ཡིན་པ་ཡོད་དེ། བྱང་ཆུབ་ཆེན་པོར་ཡོངསུ་བསྔོས་པའི་སྦྱིན་པ་རྣམས་སོ།། སྦྱིན་པ་ཡང་མ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་མ་ཡིན་པའང་ཡོད་དེ། སྔར་བཤད ་བྱ་མ་གཏོགས་པའི་ཆོས་རྣམསོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བརྩམས་ཏེ། རེ་རེ་ལ་ཡང་མུ་གསུམ་གསུམ་དུ་སྦྱར་བར་བྱའོ།། སྦྱིན་པ་ལ་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པའིཕ ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བའི་བསོད་ནམས་སྤྱད་དམ་ཞེ་ན། མུ་བཞིར་འགྱུར་ཏེ། མུ་དང་པོ་ནི་བྱང་ཆུབ་ཆེན་པོར་ཡོངསུ་མ་བསྔོས་པའི་སྦྱིན་པ་སྤྱོད་པའོ།། མུ་གཉིས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལོས་ཡང ་དག་པར་འཛིན་དུ་འཇུག་པ་དང་། བསྔགས་པ་བརྗོད་པ་དང་། ཡིད་རབ་ཏུ་དགའ་བའོ།། མུ་གསུམ་པོ་ནི་བྱང་ཆུབ་ཆེར་པོར་ཡོང་སུ་བསྔོས་པའི་སྦྱིན་པའོ།། མུ་བཞི་པ་ནི་རྣམ་པ་འདི་དག་མ་གཏོགས་པསོ།། དེ་བཞིན་དུ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བརྩམས་ཏེ། རེ་རེ་ལ་ཡང་མུ་བཞི་བཞིར་སྦྱར་བར་བྱའོ།། ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་དང་ཟབ་པར་ཡང་བསྟན་པ་ནི་དེའི་འབྲས་བུར་ཐམས་ཅད་མཁྱེན་པ་ཉིད ་མཆོག་ཏུ་རྒྱ་ཆེ་བ་དང་ཟབ་པའི་ཕྱིར་འབྲས་བུ་དང་མཐུན་པར་རྒྱུ་བསྟན་པར་བལྟའོ།། ཁ་ཅིག་དེ་ལ་མི་མོས་པ་དང་སྒྲོག་པ་ནི་བྱང་ཆུབ་སེམས་དཔའི་རིགས་དང་མི་ལྡན་པ་དང་། རང་བཞིན་གྱིས་སེམས་དམན་པའི་ཕྱིར།། ་དེའི་རིགསུ་གྱུར་དུ་ཟིན་ཀྱང་བྱང་ཆུབ་ཆེན་པོ་ལས་བརྩམས་ཏེ། སྨོན་ལམ་ལ་སོགས་པའི་དགེ་བའི་རྩ་བ་མ་བསྐྱེད་པའི་ཕྱིར་རོ།། དགེ་བའི་རྩ་བ་བསྐྱེད་དུ་ཟིན་ཀྱང་ཐེག་པ་ཆེན་པོ་སྤོང་བའི་སེམས་ཅན་གྱིས་ཡོངསསུ་ཟིན ་པའི་ཕྱིརརོ།། ཁ་ཅིག་མོས་ཀྱང་ངེས་པར་འབྱུང་བར་མི་འགྱུར་བ་ནི་ངེས་པའི་དོན་གྱི་མདོ་སྡེ་མ་བཙལ་ཏེ། བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་དང་། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་ཏེ། འདི་ལྟ། ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བྱ་བའི་ཚིག་གིས་མཚན་ཉིད་ཐམས་ཅད་ཀྱིས་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པའོ།། དེ་བཞིན་དུ་གཞན་ལ་ཡང་དེ་ན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞོན་པའི་ཐེག་པ ་ཆེན་པོ་ལས་ངེས་པར་མི་འབྱུང་བར་རིག་པར་བྱ་སྟེ། ཐེག་པ་ཆེན་པོ་ལ་ནི་དགོངས་པ་སྣ་ཚོགས་ཀྱིས་གསུངས་པའི་ཕྱིར་རོ།། འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས ་ལས་གསུངས་པ། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་དུ་མ་ཡིན་པར་ཆོས་རྣམས་རྣམ་པར་འབྱེད་པ་ལ་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་པོ་དག་གང་ཞེ་ན། མཚན ་མར་ལྟ་བ་ནས་མངོན་པའི་ང་རྒྱལ་གྱི་བར་དུ་ལྟ་བའོ།། དེ་ལ་ཐེག་པ་ཆེན་པོ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེ་པ་དང་། མ་སྐྱེས་པ་ཞེས་བྱ་པ་ལ་སོགས་པའི་སྒྲ་དམིགས་ཤིང་ཐོས་ནས། དགོངས་པ་དེ་ལ་མི་མཁས ་པ་དག་འདིའི་དོན་ལ་སྒྲ་ཇི་བཞིན་དུ་མོས་ནས་འདི་ནི་དངོས་པོ་མེད་པ་ཉི་དུ་བསྟན་ཏོ།། ཞེས་ཆེས་ཐམས་ཅད་མ་སྐྱེས་པ་ཉིད་དུ་མེད་པ་ལ་སོགས་པའི་མཚན་མར་མངོན་པར་ཞེན་པ་ནི་དེ་དག་གི་མཚན་མར་ལྟ་བ ་ཡིནོ། དེ་དག་ཉིད་མེད་པ་ལ་སོགས་པའི་མཚན་མར་མངོན་པར་ཞེན་ནས། ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་དང་། ཡོངསུ་གྲུབ་པའི་ངོ་བོ་ཉིད་གསུམ་ལ་སྐུར་པ་འདེབས་པའོ།། དེ་ལ་འདི་ནི་ཀུན་ཏུ ་བརྟགས་པའི་ངོ་བོ་ཉིད། གང་གཟུགས་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་བརྗོད་པས་བཏགས་པ་ཙམ་དུ་ཟད་ནས་པ་དག་པ་མ་ཡིན་པ་ལུས་མེད་པའི་དོན་གང་ལ་བྱིས་པ་རྣམས་ཀྱིས ་གཟུགས་ལ་སོགས་པའི་མཚན་ཉིད་དུ་སྒྲོ་བཏོགས་ནས་ཡོངས་སུ་རྟོག་པའོ།། དེ་ལ་འདི་ནི་གཞན་གྱི་དབང་ག་ངངོ་བོ་ཉིད་དེ། གང་ཞེ་ན། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་དེ་ཉིད་དོ།། དེ་ལ་འདི་ནི་ཡོངསུ་གྲུབ ་པའི་ངོ་བོ་ཉིད་དེ་གང་ཞེ་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་དེ་བཞིན་ཉིད།། དེ་ལ་སྐུར་པ་འདེབས་པའི་རྣམ་པ་འདིས་ལྟ་བ་གསུམ་དུ་འགྱུར་ཏེ། བཏགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། ཀུན་ཏུ་རྟོག་པ ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བའོ།། དེ་ལྟར་དེ་དག་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ལ་སྐུར་པ་འདེབས་པས་ན་སྐུར་པ་འདེབས་པའི་ལྟ་བ་དེ་བཞག་པའི་ཕྱིར་རིག་པ་འགའ་ཞིག་ཡོད ་སུ་འཛིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་གང་དག་བརྗོ་དུ་མེད་པའི་ཆོས་ཉིད་སྟོན་པ་དེ་དག་ཐམས་ཅད་ཀྱང་རང་གི་ལྟ་བ་དང་མཐུན་པར་ཡོངསུ་གྲུབ་པ་དེ་དག་ནི་ལྟེལྟ་བ་གཉིསུ་འགྲུབ་སྟེ། ཡོངསུ་འཛིན་པའི་ལྟ་བ་དང་། སྒྱུར་བའི་ལྟ ་བའོ།། དེ་དག་ཡང་ལྟ་བ་འདི་འདྲ་བར་འགྱུར་ཏེ། ལྟ་བ་འདི་ལྟ་བུ་ལ་བརྟེན་ནས་དགེ་བ་འམ་མྱི་དགེ་བ་ཡང་རུང་སྤྱད་ན་ཁ་ན་མ་ཐོ་བ་མེད་པ་དང་། སྐྱོན་མེད་པར་འགྱུར་ཞིང་དེ་ཐམས་ཅད་དགེ་བར་འགྱུར་པ་དང་། སྔོན་བསགས་པའི ་སྒྲིབ་པ་ལས་དེ་འབྱུང་བར་འགྱུར་བར་འཛིན་པ་དེ་ལྟ་བུ་དེ་དག་གི་ལྟ་བ་གཉིས་ཏེ། ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་། ངེས་པར་འབྱུང་བར་ལྟ་བའོ།། དེ་དག་ལྟ་བ་དེ་ལྟ་བུ་ལ་མངོན་པར་ཞེན་པས་ལྟ་བ་དེ་ལས་བཟློག་པ་ཕུང་པོ་ལ་སོགས ་པའི་ཆོས་རྣམ་པར་འཇོག་པ་ཉན་ཐོས་ཀྱི་སྡེ་སྣོད་ཁྱད་དུ་གསོད་པ་དང་། གང་དག་སྐུར་པ་འདེབས་པར་ལྟ་བ་དེ་ལ་མི་མོས་པ་ཉན་ཐོས་ཀྱི་ཐེག་པ་པ་དེ་དག་ལ་རབ་ཏུ་སྡང་བའི་ལྟ་བ་འདི་གཉིས་ཏེ། དབང་ཟ་བའི་ལྟ་བ་དང་། ་རབ་ཏུ་འཁྲུག་པའི་ལྟ་བའོ།། རང་གི་ལྟ་བའི་ཚུལ་དུ་ནང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཇི་ལྟ་བ་བཞིན་དུ་རྣམ་པར་བཞག་པ་ཡིན་སྙམ་ནས། དེའི་མཚན་ཉིད་མ་ཡིན་པ་ལ་དེའི་མཚན་ཉིད་དུ་འདུ ་ཤེས་པ་ནི་དེ་དག་གི་མཚན་ཉིད་ཕྱིན་ཅི་ལྡོག་ཏུ་རྣམ་པར་འཇོག་ཅིང་འདི་སྙམ་དུ་ཡང་སེམས་ཏེ། གང་དག་ཆོས་ཉིད་འདི་ལྟ་བུ་ལ་འཇུག་པ་དང་། འཛུད་པ་དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་སྐྱེད་དོ། ་སྙམ་པ་དེ་ལྟ་བུའི་ལྟ་བ་འདྲི་གཉིས་ཏེ། ཕྱིན་ཅི་ལག་ཏུ་ལྟ་བ་དང་། འཕེལ་བའི་ལྟ་བའོ།། གང་གི་ཚེ་དེ་དག་ལྟ་བ་དེ་ལས་བརྩམས་ཏེ་གཞན་དག་གིས་དྲིས་པ་དེའི་ཚེ་བདག་ནི་ཅི་ཡང་ཁས་ལེན་པར་མི་འདོད་ཀྱི་ཚིག་དོར་དང ་ལྟག་ཆོད་ཀྱིས་གཞན་ལ་འདྲི་བའི་ལྟ་བ་འདི་གཉིས་ཏེ། ཁས་མི་ལེན་པའི་ལྟ་བ་དང་། ངན་གཡོའི་ལྟ་བའོ།། དེ་དག་ཡང་འདི་ལྟ་བུའི་ངནི་རྒྱལ་ཅན་དུ་འགྱུར་རོ།། གང་དག་དེ་ལྟར་སྒྲུབ་པ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས ་རྣམས་ལ་མཆོད་པ་བྱེད་པ་དང་། རིམ་གྲོར་བྱེད་པར་འཛིན་པ་དེ་དག་གི་ལྟ་བ་ནི་བཀུར་སྟིའི་ལྟ་བའོ།། ཕྱིན་ཅི་ལོག་མ་ཡིན་པའི་ཆོས་ཉིད་ལ་མཁས་པ་དག་གིས་ལྟ་བ་དེ་དང་འབྱེད་ཅིང་ལེགས་པར་འཐད་པ་དང་། རབ་ཏུ་གྲ ་པའི་རིགས་པས་ཡིད་ཆེས་པར་བྱེད་པ་ན་ཡང་ལྟ་བ་དེ་ཇི་ལྟར་ཡོངསུ་མི་འདོར་ཏེ་འདི་ཉིད་བདོན་གྱི་གཞན་ནི་ལོག་པའོ་སྙམ་པ་དེ་དག་ནི་རྨོངས་པ་བརྟན་པའི་ལྟ་བའོ།། ལྟ་བ་ཇི་སྟོང་དུ་བསྟན་པ་འདི་དག་གི་བག་ཆགས་གནས ་ངན་ལེན་གང་ཡིན་པ་དེ་ནི་རྩ་བའི་ལྟ་བའོ།། ལྟ་བ་བཅུ་བདུན་པོ་དེ་དག་ཉིད་ཀྱི་སྐྱོན་བརྗོད་པའི་སྒོ་ནས་ཡང་བཤད་པར་བྱ་སྟེ། འདི་ལྟ་སྟེ། མཚན་མར་ལྟ་བ་ནི་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ཞེས་བྱ་སྟེ། ་མེད་པ་ལ་སོགས་པའི་མཚན་ཉིད་ལ་མངོན་པར་ཞེན་པ་ཉིད་དུ་གྱུར་ཀྱང་། མཚན་མ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་དོ།། མཉམ་པའི་འདུ་ཤེས་ཅན་དུ་གྱུར་པའི་ཕྱིར་རོ།། བརྟགས་པ་ལ་སྐུར་པ་འདེབས་པའི་ལྟ་བོ་དང་། ་ཏུ་རྟོག་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང་། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་ནི་སྦྱོར་བ་སེལ་བའི་ལྟ་བ་སྟེ། ཐམས་ཅད་ལ་སྐུར་པ་འདེབས་པའི་ལྟ་བ་ནི་འབད་པ་མཐུ་མེད་པའི་འདུ་ཤེས་ཅན་དུ་འགྱུར་བའི་ཕྱིར་རོ།། ་ཡོང་སུ་འཛིན་པའི་ལྟ་བ་དང་། སྦྱར་བའི་ལྟ་བ་ནི་ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བ་སྟེ། ཐོབས་མ་ཡིན་པ་ལ་སྦྱོར་བ་ནི་དེའི་འབྲས་བུ་མི་འཐོབ་པའི་ཕྱིརརོ།། ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་། ངེས་པར་འབྱུང་བར་ལྟ་བ་ནི་སྒྲིབ་པ ་སོགས་པའི་ལྟ་བ་སྟེ། ལོག་པར་སྒྲུབ་པའི་སྒྲིབ་པ་ཟད་མི་སྲིད་པའི་ཕྱིརརོ།། དབང་ཟ་བའི་ལྟ་བ་དང་། རབ་ཏུ་འཁྲུག་པོའི་ལྟ་བ་ནི་བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་སྟེ། དམ་པའ་ཆོས་དང་ཚངས་པ་མཚུངས་པར་སྤྱོད་པ་ལ་ལོག ་པར་སྒྲུབ་པའི་སྒོ་ནས་རྨས་པ་ཆེན་པོ་འཐོབ་པའི་ཕྱིརརོ།། ཕྱིན་ཅི་ལོག་ཏུ་ལྟ་བ་དང་། འཕེལ་བའི་ལྟ་བ་ནི་འབྲས་བུ་མེད་པའི་ལྟ་བ་སྟེ། ཡང་དག་པ་མ་ཡིན་པའི་ཆོས་ཉིད་རྣམ་པར་འཇོག་པ་འཛིན་པ་དང་། འཛིན་དུ་འཇུག་པས ་ཁྱད་པར་མི་འཐོབ་པའི་ཕྱིརརོ།། ཁས་མི་ལེན་པའི་ལྟ་བ་དང་། ངན་གཡོའི་ལྟ་བ་ནི་ཆད་པས་གཅད་པའི་ལྟ་བ་སྟེ། རིགས་པ་མ་ཡིན་པས་རྒོལ་ན་རྒྱལ་མི་སྲིད་པའི་པིརོ།། བཀུར་སྟིའི་ལྟ་བ་ནི་སྐུར་པ་འདེབས་པའི་ལྟ་བ་སྟེ། ་དེ་མི་གསུང་བ་ལ་དེ་སྒྲོ་འདོགས་པའི་ཕྱིརརོ།། རྨོངས་པ་བརྟན་པའི་ལྟ་བ་ནི་བསྙད་པ་མ་ཡིན་པའི་ལྟ་བ་སྟེ། ལོག་པ་ལ་མངོན་པར་ཞེན་པ་དང་། འབེལ་བའི་གཏམ་བྱ་བ་བཀག་པའི་ཕྱིར་ཏེ། དོན་མེད་པའི་ཕྱིརརོ།། རྩ་བའི་ལྕེ། ་བ་ནི་ལྟ་བ་ཆེན་པོ་སྟེ། དེ་ལས་ཕྱི་མ་ལོ་ལྟ་བར་གྱུར་པ་ཐམས་ཅད་ཤིན་ཏུ་བརྟས་པ་རྒྱས་པར་འགྱུར་བའི་ཕྱིརརོ།། ལྟ་བ་ཉི་ཤུ་རྩ་བདུན་པོ་ཐམས་ཅད་ནི་མངོན་པའི་ང་རྒྱལ་གྱི་ལྟ་བ་སྟེ། ཡང་དག་པ་མ་ཡིན་པའི་མངོན་པའི ་ང་རྒྱལ་གྱིས་བསླང་བའི་ཕྱིར་རོ།། དེའི་ཕྱིར་མདོ་དེ་ཉིད་ལས་དེའི་འོག་ཏུ་འདི་དག་ནི་བཅུ་བདུན་ཡིན་ཡང་བཅུར་འགྱུརརོ།། བཅུ་ཡིན་ཡང་བཅུ་བདུན་དུ་འགྱུ་རོ།། ཉི་ཤུ་རྩ་བདུན་ཡིན་ཡང་གཅིག་ཏུ་འགྱུར།། གཅིག་ཡིན་ཡང་ཉི་ཤུ་རུ ་བདུན་དུ་འགྱུརརོ་ཞེས་གསུངསོ།། །། བམ་པོ་བརྒྱད་པ།། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྟེ། འདི་ལྟར་འདི་དག་ནི་བདག་ཉིད་ཀྱིས་འབྱུང་བ་མེད་ཀྱི། རྐྱེན་རྣམས་ལ་བལྟས་ནས་འབྱུང་བ་བཀག་པ་ནི་མ་ཡིན ་ངོ་བོ་ཉིད་གང་དུ་དེ་དག་སྔར་བྱུང་བའི་ངོ་བོ་ཉིད་དེར་ཡང་དེ་དག་གིས་བསྐྱེད་མི་ནུས་པས་ངོ་བོ་ཉིད་མེད་པའོ།། ཐོབ་ལ་མ་ཉམས་པ་ད་ལྟར་བྱུང་བ་རྣམས་ཀྱང་རང་གི་ངོ་བོ་ལ་མི་གནས་པས་ངོ་བོ་ཉིད་མེད་པའོ།། བདེན་པ་མ་མཐོང ་པ་རྣམས་ཀྱིས་ངོ་བོ་ཉིད་དེ་མཚན་ཉིད་མངོན་པར་བརྗོད་པ་སྨོས་པའི་བག་ཆགས་ཀྱི་སྒོ་ནས་ཇི་ལྟར་བཟུང་བ་བཞིན་དུ་བྱིས་པས་བཟུང་བ་དང་། མཐུན་པའི་ངོ་བོ་ཉིད་དེ་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པའོ།། ་ཡང་ཆོས་ཐམས་ཅད་ཅེས་བྱ་བ་ནི་ངོ་བོ་ཉིད་གསུམ་སྟེ། དེ་ལ་ཀུན་བརྟགས་ཀྱི་ངོ་བོ་ཉིད་ནི་རང་གི་མཚན་ཉིད་ཀྱིས་མེད་པ་སྟེ། དེའི་ཕྱིར་རང་གི་མཚན་ཉིད་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པའོ།། གཞན་གྱི་དབང་ནི་རྐྱེན་ལ་བལྟོས ་པའི་ཕྱིར་བདག་ཉིད་ཀྱིས་འབྱུང་བ་མེད་པ་སྟེ། དེའི་ཕྱིར་དེ་རང་གི་འབྱུང་བ་མེད་པས་ན་སྐྱེ་བ་ངོ་བོ་ཉིད་མེད་པས་དེའི་ངོ་བོ་ཉིད་མེད་པའོ།། ཡོངསུ་གྲུབ་པ་ནི་རྣམ་པར་དག་པའི་དམིགས་པ་ཡིན་པ་དང་གཞན་གྱི་དབང་དང་ཀུན ་བརྟགས་པའི་མཚན་ཉིད་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དོན་དམ་པ་ཡིན་ལ་ངོ་བོ་ཉིད་མེད་པས་རབ་ཏུ་བྱ་བ་སྟེ། དོན་དམ་པ་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པའོ།། དེ་ལྟར་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་ལྟའི ་རྣམ་པ་ཐམས་ཅད་དུ་མཚན་ཉིད་མེད་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ།། ཡང་ཐེག་པ་ཆེན་པོ་ལ་དེ་བཞིན་གཤེགས་པའི་དགོངས་པ་ཐམས་ཅད་ནི་མདོར་ན་བཞིར་འགྱུར་ཏེ། འདི་ལྟ་སྟེ། མཉམ་པ་ཉིད་ལ་དགོངས་པ་ནི་ང་ཉིད ་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གང་གསུངས་པ་སྟེ། ཆོས་ཀྱི་སྐུ་ལ་བྱེ་བྲག་མེད་པའི་ཕྱིརརོ།། དུས་གཞན་ལ་དགོངས་པ་ནི་གང་དག་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམསུ་སྨོན་ལམ ་བས་པ་སྟེ་དེ་དག་དེར་སྐྱེ་བར་འགྱུར་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་བཟུང་བ་ཙམ་གྱིས་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་བོ་ཞེས་གང་གསུངས་པ་སྟེ། དུས ་ཞན་ནའོ།། ཞེས་དགོངས་པའོ།། དོན་གཞན་ལ་དགོངས་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ།། མ་སྐྱེས་པའོ།། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་སྟེ། སྒྲ་ཇི་བཞིན་མ་ཡིན་པའི་ཕྱིརརོ།། གང་ཟག་གི་བསམ་པ་ལ ་དགོངས་པ་ནི་གང་ལ་ལ་ལ་ནས་བསྔགས་པའི་དགེ་བའི་རྩ་བ་དེ་ཉིད་ཅུང་ཟད་ཙམ་གྱིས་མཆོག་པར་འཛིན་པ་ལ་ལ་ལོ་སྨང་ངོ་།། དེ་བཞིན་དུ་འདོད་ཆགས་ལ་སྤྱོད་པ་ལ་ནི་སངས་རྒྱས་ཀྱི་ཞིང་གི་རྣམ་པར་འབྱོར་པ་བསྔག་སོ།། ། ་ང་རྒྱལ་ལ་སྤྱོད་པ་ལ་ནི་སངས་རྒྱས་ཁེ་ཅིག་གི་ཕུན་སུམ་ཚོགས་པ་ལྷག་པར་བསྔགསོ།། འགྱོད་པས་བསྒྲིབས་པ་ལ་ནི་གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་མཐོ ་རིས་སུ་ཉེ་བར་འགྲོ་བྱར་འགྱུརརོ།། ཞེས་གསུངས་སོ།། མ་ངེས་པའི་རིགས་ཅན་ལ་ནི་ཉན་ཐོས་ཉིད་ཀྱི་བསམ་པ་དོར་བའི་ཕྱིར་ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་ཉིད་དུ་ལུང་སྟོན་ཅིང་ཐེག་པ་ནི་གཅིག་སྟེ་གཉི་སུ་མེད་དོ།། ཞེས་ལུང ་སྟོན་ཏོ།། ཡང་ལྡེམ་པོར་དགོངས་པ་ཐམས་ཅད་ནི་མདོར་ན་གཞུག་པ་ལ་ལྡེམ་པོར་དགོངས་པ་ལ་སོགས་པ་བཞིར་འགྱུར་རོ།། དེ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་ཉན་ཐོས་རྣམས་ལ་བལྟ་བར་བྱ་སྟེ། བསྟན་པ་ལ ་གཞུག་པའི་དོན་དུ་མི་སྐྲག་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པ་ཡོད་པ་སྐད་དུ་བསྟན་པའི་ཕྱིརརོ།། མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་ཀུན་བརྟགས་པ་ལ་སོགས་པ་ངོ་བོ་ཉིད་གསུམ་ལ་ལྟ་སྟེ། ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་ལ་སོགས་པོ་བསྟན་པའི་ཕྱིརརོ།། གཉེན་པོ་ལ་ལྡེམ་པོར་དགོངས་པོ་ནི་ཉེས་པ་རྣམས་འདུལ་བར་བལྟ་སྟེ། དཔེར་ནི་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་མཆོག་ཡང་དག་པར ་བཤད་པ་ལྟ་བུའོ།། སྒྲིབ་པ་བརྒྱད་ནི་སངས་རྒྱས་དང་ནི་ཆོས་ལ་བརྙས་པ་དང་། ཞེས་རྒྱ་ཆེར་འབྱུང་བ་སྟེ། དེའི་དཔེ་བརྗོད་པ་ནི་ཅི་རིགས་སུ་དགོངས་པ་བཞི་བསྟན་པར་བལྟའོ།། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་བརྗོད ་པ་ཟབ་པ་ལ་བལྟ་བར་བྱ་སྟེ། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས།། ཕྱིན་ཅི་ལོག་ལ་ཤིན་ཏུ་གནས།། ཉོན་མོངས་ཀུན་ནས་རབ་ཉོན་མོངས།། བྱང་ཆུབ་དམ་པ་ཐོབ་པར་འགྱུར་ཞེས་བྱ་བ་འདི་ལ་ལྡེམ་པོར་དགོངས་པ ་ནི་འདི་ཡིན་ཏེ། རྣམ་པར་མི་གཡེང་བ་ལ་གང་དག་སྙིང་པོར་བློ་འབྱུང་བ་དང་མཚིག་ཏུ་བློ་འབྱུང་བའོ།། རྣམ་པར་གཡེང་བ་ནི་སེམས་རྣམ་པར་འཕྲོ་བའོ།། ཕྱིན་ཅི་ལོག་ལ་ཤིན་ཏུ་གནས་ཞེས་བྱ་བ་ནི། རྟག་པ་དང་བདེ་བ་དང་། ་གཙང་བ་དང་། བདག་ལས་བཟློག་སྟེ། མི་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་ལ་ཤིན་ཏུ་གནས་པ་ཡོངསུ་མི་ཉམས་པའི་ཕྱིརརོ།། ཉོན་མོངས་ཀུན་ནས་རབ་ཉོན་མོངས་ཞེས་བྱ་བ་ནི་ཡུན་རིང་པོར་དཀའ་བ་བྱེད་པའི་རྩོལ་བས ་ཤིན་ཏུ་ཡོངསུ་ཉོན་མོངས་པར་གྱུར་པའོ།། ཤིན་ཏུ་རྒྱས་པ་ལ་བྱང་ཆུབ་སེམས་དཔའ་ཚེས་ལཱ་ཏིངངེ་འཛིན་དུ་མཁས་པར་བསྟན་པ་ནི་ཞི་གནས་ཀྱི་ཕན་ཡོན་དང་། ལྷག་མཐོང་གི་ཕན་ཡོན་དང་། དེ་གཉི་གའི་སྨོན ་གྱི་དབང་དུ་བྱས་པར་རིག་པར་བྱའོ།། དེ་ལ་ཞི་གནས་ཀྱི་ཕན་ཡོན་ནི་རྣམ་པ་གཉིས་ཏེ། སྐད་ཅིག་གཅིག་ལ་ཁྱད་པར་དུ་འགྲོ་བའི་ཤིན་ཏུ་སྦྱངས་པས་རྒྱུན་མི་འཆད་པར་ལུས་ལ་ཁྱབ་པའི་ཕྱིར་སྐད་ཅིག་རེ་རེ་ལ་གནས ་ངན་ལེན་གྱི་གནས་ཐམས་ཅད་འཇིག་པར་བྱེད་པ་དང་། བསྟན་པའི་ཆོས་ཐམས་ཅད་ཁྱད་པར་མེད་པས་རོ་གཅིག་པར་མོས་ཏེ། མཉམ་པར་འཇོག་པས་ཕུང་པོ་ལ་སོགས་པའི་དོན་གྱི་རྣམ་པ་ཐ་དད་པའི་འདུ་ཤེས་དང་བྲལ་བ ་མདོ་ལ་སོགས་པའི་ཆོས་ཀྱི་དགའ་བ་ལས་དགའ་བ་ཐོབ་པའོ།། ལྷག་མཐོང་གི་ཕན་ཡོན་ཡང་རྣམ་པ་གཉིས་ཏེ། ཇི་ལྟར་རབ་ཏུ་རྣམ་པར་ཕྱེ་བའི་ཆོས་རྒྱུན་མི་འཆད་པར་མི་བརྗེད་པས་སོ་སོར་དྲན་པ་ཙམ་གྱི་སྒོ་ནས་མདོ ་ལ་སོགས་པའི་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་རྣམ་པ་ཡོངས་སུ་མ་ཆད་པ་ཚད་མེད་པ་དང་། གནས་འགྱུར་བའི་སྔ་རྟགསུ་གྱུར་པ་རྣམ་པར་མི་རྟོག་པ་མངོན་པར་འདུས་མ་བྱས་པའི་མཚན་མ་རྣམས་ཀུན་ཏུ ་འབྱུང་བའོ།། དེ་གཉི་གའི་ཕན་ཡོན་ནི་ཆོས་ཀྱི་སྐུ་ཤེས་བྱའི་སྒྲིབ་པ་སྤངས་པ་གནས་གྱུར་པས་བསྡུས་པ་ས་བཅུ་པ་ལ་ཡོངསུ་རྫོགས་པར་བྱ་བ་དང་། དེ་བཞིན་གཤེགས་པའི་ས་ལ་ཡོངསུ་བསྒྲུབ་པའི་ཕྱིར་གོང་མ་བས ་ཀྱང་ཆེས་གོང་མའི་རྒྱུ་མཐུན་པའི་བག་ཆགས་བསྐྱེད་པའི་ཚུལ་གྱི་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ།། ཆོས་ཀྱི་སྐུའི་རྒྱུ་མཐུན་པར་འདྲ་བ་ལ་ཅིའི་ཕྱིར་ཤིན་ཏུ་རྒྱས་པའི་ཆོས་ལ་བདུག་པ་དང་། ཕྱེ་མ་ལ ་སོགས་པས་མཆོད་པར་འོས་ཀྱི། ཉན་ཐོས་ཀྱི་ཐེག་པའི་ཆོས་ལ་དེ་ལྟ་མ་ཡིན་ཞེ་ན། ཤིན་ཏུ་རྒྱས་པའི་ཆོས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གཞིར་གྱུར་བའི་ཕྱིར་ཏེ། དོན་ཆེ་བས་བསོད་ནམས་བླ་ན་མེད་ཅིང ་དཔག་ཏུ་མེད་པ་སྐྱེད་པའི་གན་སུ་གྱུར་པའི་ཕྱིརརོ།། །། ཐོབ་པ་རྣམ་པར་ངེས་པ་ནི་ཐོབ་པར་བྱེད་པའི་གང་ཟག་རྣམ་པར་བཞག་པ་དང་། མངོན་པར་རྟོགས་པར་རྣམ་པར་བཞག་པར་བལྟའོ།། གང་ཟག་རྫ་སུ་མེད་ཀྱང་རྣམ ་པ་བཞིས་གང་ཟག་རྣམ་པར་བཞག་སྟེ། འོདི་ལྟ་སྟེ། སླ་བར་ཐ་སྙད་གདགས་པའི་ཕྱིར་ནི་གཟུགས་ལ་སོགས་པ་རྣམ་པ་མང་པོ་མཚན་ཉིད་དང་མིང་ཐ་དད་པ་མང་པོ་རྣམས་གཅིག་ཏུ་བསྡུས་ཏེ། སེམས་ཅན་ཞེས་བཏགས་ན་སོ་ཞེས ་བྱ་བ་ལ་སོགས་པ་ཚེགས་མེད་པ་ཉིད་དུ་ཐ་སྙད་འདོགས་པའི་ཕྱིར་རོ།། འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་ནི་འཇིག་རྟེན་ན་ཆོས་ཙམ་གྱི་མིང་རྣམས་ཀྱི་ཐ་སྙད་ཐམས་ཅད་མ་གྲགས་ཀྱི་ཕལ་ཆེར་སེམས་ཅན་གྱི་མིང་གིསོ།། དེ་བས ་ནོ་འཕགས་པ་རྣམས་ཀྱིས་ཀྱང་གདོན་མི་ཟ་བར་འཇིག་རྟེན་དང་མཐུན་པའི་ཐ་སྙད་རྣམས་ཀྱིས་དེ་དང་མཐུན་པོར་བྱའོ།། མི་སྐྲག་པར་བྱ་བའི་ཕྱིར་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་མི་མཁས་པ་གློ་བུར་དུ་ཐོག་མ་རྣམ་པ་ཐ~ཾད ་དུ་སེམས་ཅན་མེད་པ་ཐོས་པ་ན་སྐྲག་པར་འགྱུར་བའི་ཕྱིརརོ།། བདག་དང་གཞན་དག་གི་ཉེས་པ་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་བརྗོད་པའི་ཕྱིར་ན་གཞན་དུ་སེམས་ཅན་དུ་བཏགས་པ་མེད་པར་ཀུན་ནས་ཉོན་མོངས་པ་དང་། རྣམ ་རྣམ་པར་བྱང་བའི་མཚན་ཉིད་ཙམ་བསྟན་ན་ཆེ་གེ་མོ་ཞིག་གི་སེམས་ཀྱི་རྒྱུད་ལ་ཉེས་པ་འདི་རྣམས་སྤངསོ།། ཡོན་ཏན་འདི་རྣམས་སྐྱེས།། ཞེས་ཤེས་པར་མི་ནུས་པའི་ཕྱིར་རོ།། གང་ཟག་རྣམ་པར་བཞག་པ་ནི་སྤྱོད་པ་ལ་སོགས་པའི ་བྱེ་བྲག་གིས་རྣམ་པ་བདུན་ཏེ། དེ་ལ་འདོད་ཆགས་ལ་སྤྱོད་པ་ནི། འདོད་ཆགས་ཀྱི་ཤས་ཆེ་ཞིང་རྒྱན་རིང་བ་སྟེ། ཆགས་པར་འགྱུར་པོའི་དངོས་པོ་ངན་པ་ལ་ཡང་འདོད་ཚོགས་ཚར་འབྱུང་བ་དང་། བྱུང་ནས་ཀྱང་ཡུན་རིང་དུ་རྗེ་སུ་འབྲེལ ་པོའི་ཕྱིརོ།། རྣམ་པར་རྟོག་པ་ལ་སྤྱོད་པའི་བར་དུ་ཡང་དེ་བཞིན་ཏེ། རང་གི་དངོས་པོ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ།། ཆ་མཉམ་པ་ལ་སྤྱོད་པ་ནི་ཉོན་མོངས་པ་རང་བཞིན་དུ་གནས་པ་སྟེ། ཉོན་མོངས་པ་ཤས་ཆེ་བ་དང་ཤས་ཆུང་བ ་རྣམ་པར་སྤངས་ནས་མཉམ་པའི་གནས་སྐབས་ཞེས་བྱ་བའི་ཐ་ཚིག་སྟེ། དངོས་པོ་ཇི་ལྟ་བ་དང་མཐུན་པར་ཉོན་མོངས་པ་ཀུན་ཏུ་འབྱུང་བའི་ཕྱིར་རོ།། ཉོན་མོངས་པ་ཆུད་ངུ་ནི་ཉོན་མོངས་ཤིན་ཏུ་སྒྲུབ་པའི་རང་བཞིན་དུ་གནས་པ་དང་། ་ཉོན་མོངས་པ་རང་བཞིན་དུ་གནས་པའི་མཚན་ཉིད་བསྟན་པ་དག་པས། ཉོན་མོངས་པ་ཆེས་སྲབ་པ་ཡོད་པ་དེ་ནི། ཉོན་མོངས་པ་རང་བཞིན་དུ་གནས་པ་བས་སྲབ་པ་སྟེ། སྔོན་གཉེན་པོ་ཆེན་པོ་གོམས་པར་བྱས་པའི་དབང་གིས ་དངོས་པོ་ཤས་ཚ་བ་ལ་ཡང་རང་བཞིན་གྱིས་ཉོན་མོངས་པ་ཆུང་ངུ་ཀུན་ཏུ་འབྱུང་བའི་ཕྱིརརོ།། ཉན་ཐོས་རྣམས་ཀྱི་ཐེག་པ་ནི་རིགས་དང་། དབང་པོ་དང་། སྨོན་ལམ་དང་། བསམ་པ་དང་། དམིགས་པ་དང་། སྒྲུབ ་པ་དང་། འབྲས་བུའི་རབ་ཏུ་དབྱེ་བའི་དབང་གིས་བསྟན་པར་རིག་པར་བྱའོ།། འདིའི་དབང་པོ་རྟུལ་བ་ཉིད་ནི་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དབང་པོ་ལས་བལྟོས་པའོ།། གཞན་དུ་ནི་ཆོས་ཀྱི་རྗེ་སུ་འབྲང་བ་ལ་སོགས ་པ་དབང་པོ་རྣོན་པོ་ཡིན་ནོ།། ཞེས་བྱ་བ་དང་འགལ་བར་འགྱུར་རོ།། དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟོན་མ་བསྐྱེད་པ་དང་། སྔོན་འབྲས་བུ་མ་ཐོབ་པ་ནི་བསེ་རུ་ལྟར་གྱུར་ཏེ་གཅིག་པུ་གནས་པའོ།། དེ་ལས་གཞན་པའི་རང ་རྒྱལ་བ་ནི་ཚོགས་དང་སྤྱོད་པའོ།། ལུང་བསྟན་པ་ཡང་ཐོབ་ཅེས་བྱ་བ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་བྱ་བའི་ཐ་ཚིགོ། ཚོགས་མ་བསགས་པ་ལ་སོགས་པ་ནི་ཐར་པའི་ཆ་དང་མཐུན་པ་རྣམས་དང་། ངེས་པར ་འབྱེད་པའི་ཆ་དང་མཐུན་པ་ཆུང་ངུ་དང་། འབྲིང་པོ་དང་ཆེན་པོར་ངེས་པར་འབྱེད་པའི་ཕྱོགས་དང་བདེན་པ་མངོན་པར་རྟོགས་པོ་སྐྱེད་པའོ།། དེ་ཡང་མ་ངེས་པ་དང་ངེས་པ་དང་། ཚེ་རབས་དེ་ཉིད་ཀྱི་དུས་དང་ལྡན་པའི་ཕྱིར་གོ་རིམ་བཞིན ་དུ་རིག་པར་བྱའོ།། འདི་ལ་བདེན་པའི་དབང་དུ་བྱས་པའི་ཆོས་ལ་མོས་པ་དང་། དད་པའི་མཚན་ཉིད་ཀྱི་ཐར་པའི་ཆ་དང་མཐུན་པ་རྣམས་ཏེ། དེ་ཉིད་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པའི་མཚན་ཉིད་ཀྱིས་ངེས་པར་འབྱེད་པའི ་ཆ་དང་མཐུན་པ་རྣམས་ནི་དད་པ་མཆོག་ཡིན་པ་དང་། ཤེས་རབ་མཆོག་ཡིན་པའི་ཕྱིར་ཏེ། གོ་རིམ་བཞིནོ།། འཇིག་རྟེན་པའི་ཆོས་ལ་ཀྱི་མཆོག་ནི་རང་བཞིན་གྱིས་སྐད་ཅིག་པ་སྟེ། ཞེས་བྱ་བ་ནི་རྒྱུན་མ་ཡིན་ཞེས་བྱ་བའི་ཐ་ཚིག ་བག་ཆགས་ཡོངསུ་ཉམས་པས་ཡོངསུ་ཉམས་པ་ནི་མ་ཡིནོ།། ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་བྱེད་པའི་དགེ་བའི་རྩ་བ་སྔར་བསྐྱེད་པ་ཡང་བསྐྱེད་མི་དགོས་པའི་ཕྱིརརོ།། ཐར་པའི་ཆ་དང་མཐུན་པ་ཆུང་ངུའི་དབང་དུ་མཛད་ནས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་པ་ཡི་ཡང་དགོ་ལྟ།། ཆེན་པོ་སུ་ལ་ཡོད་གྱུར་པ།། དེ་ནི་ཚེ་རབས་སྟོང་དུ་ཡང་།། ངན་འགྲོར་འགྲོ་བར་མི་འགྱུར་རོ།། ཞེའོ།། ཡང་ཐར་པའི་ཆ་དང་མཐུན་པ་བཞི་སྟེ། སྐབསུ་གཏོག ་པ་དང་། མོས་པ་ལས་གྱུར་པ་དང་། ལྷག་པར་འདོད་པ་ལས་གྱུར་པ་དང་། ཐོབ་པ་ལས་གྱུར་པའོ།། དགེ་བའི་ཕྱོགས་ལ་འདུན་པ་ནས་ཉེ་བར་བཟུང་སྟེ། ཐར་པའི་དོན་བྱ་བ་ཇི་སྙེད་པ་དེ་ནི་སྐབ་སུ་གཏོགས་པའོ།། དེ་དང་རབ་ཏུ་ལྡན ་པའི་བསྟན་པ་ལ་མོས་པ་དང་ལྡན་པ་གང་ཡིན་པ་དེ་ནི་མོས་པ་ལས་གྱུར་པའོ།། དགའ་བ་དང་དད་པ་དང་ལྡན་པོར་ཐར་པ་ལ་དམིགས་པའི་ཡིད་ལ་བྱེད་པ་མང་བ་གང་ཡིན་པ་དེ་ནི་ལྷག་པར་འདོད་པ་ལས་གྱུར་པའོ།། ཚེ་འདི་ཉིད ་ལ་ངེས་པར་བྱེད་པའི་ཆ་དང་མཐུན་པ་སྐྱེད་པར་ངེས་པ་གང་ཡིན་པ་དེ་ནི་ཐོབ་པ་ལས་གྱུར་པའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་རྣམ་པ་དྲུག་སྟེ། རྗེ་སུ་མཐུན་པ་པ་དང་། ཁྱད་པར་པ་དང་། རབ་ཏུ་རྟོགས་པ་པ་དང་། གཞན་དུ ་སོངསུ་བསྒྱུར་བ་བ་དང་། བྷཱུ་བྷ་གཙུག་པ་དང་། སྤྱནྟ་གཙུག་པཙྪ།། རྡུལ་གང་བདུན་པ་པ་རྫོགས་ནྡྷ་ན་དྲན་པ་རྒྱུ་བ་དང་བ་དྷ་དྲུང་བྱུང་། མཐུན་པ་བལ།། ། ་འབྲིང་དུ་འབྱུང་བ་དེ་ནི་ཁྱད་པར་བ་སྟེ། དེ་བས་ཆེས་མཆོག་ཏུ་གྱུར་པའི་ཕྱིར་རོ།། གང་ཚེ་འདི་ཉིད་ལ་བདེན་པ་རྟོགས་པ་ཤས་ཆེན་པོར་གྱུར་པ་དེ་ནི་རབ་ཏུ་རྟོགས་པ་པའོ།། དེ་ཡང་གང་མ་ངེས་པའི་རིགས་ཅན་རྣམས་བྱུང ་ཆུབ་ཁྱད་པར་དུ་གྱུར་པོར་ཡོངསུ་བསྒྱུར་བ་དང་། གང་ཡང་རང་སངས་རྒྱསོ་རྣམས་ཆེ་གཞན་ལ་སློབ་དཔོན་མེད་པར་མངོན་པར་རྟོགས་པར་བྱང་ཆུབ་པར་ཡོངསུ་བསྒྱུར་བ་དེ་ནི་གཞན་དུ་ཡོངསུ་བསྒྱུར་བ་པའོ།། གང་གི་ཚེ་དེ་ཉིད ་ལ་རབ་ཏུ་རྟོགས་པར་འགྱུར་བ་དེ་ནི་ཚེ་གཅིག་པའོ།། གང་སྟན་དེ་ཉིད་ལ་རབ་ཏུ་རྟོགས་པར་འགྱུར་བ་དེ་ནི་སྟན་གཅིག་པའོ།། ལུས་ཀྱི་མངོན་དུ་བྱེད་པ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་རྣམ་པར་ཐར་པ་བརྒྱད་ཐོབ་པའོ།། རྣམ ་པར་ཐར་པ་བརྒྱད་པོ་དེ་དག་ལུས་ཀྱི་མངོན་སུམ་དུ་བྱས་ནས་རྟོགས་པ་བྱས་ཏེ་གནས་པའི་ཕྱི་རོ།། རྣམྦྷ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལྔ་ལྟ་བ་ཞེས་བྱ་བ་ལ་སོགས་བྱ་སྟེ། འོག་ནས་འཆང་དོ།། ་ཤེས་རབ་ཀྱི་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་མི་མཐུན་པའི་ཕྱོགས་ཉོན་མོངས་པའི་སྒྲིབ་པ་ཙམ་མ་ལུས་པར་སྤངས་པའི་ཕྱིར་རོ།། གཉི་གའི་ཚེ་ལས་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་དང་སྙོམས ་བར་འཇུག་པའི་སྒྲིབ་པ་ཐམས་ཅད་ལྔས་གང་རྣམ་པར་གྲོལ་བའོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འཇུག་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟན་གཅིག་པ་ནས་བཟུང་སྟེ། དང་པོའི་འབྲས་བུ་མ་ཐོབ་ཀྱི་བར་དུའོ།། ་མཐོང་བའི་ལམ་གྱི་ཐ་མ་ལ་དང་པོའི་འབྲས་བུ་ཐོབ་པ་གང་ཞེ་ན། གང་ཕྱོགས་ལས་འདོད་ཆགས་དང་བྲལ་ཡང་འདོད་པ་དག་ལས་འདོད་ཆགས་དང་མ་བྲལ་ཞིང་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་འཇུག་པའོ།། གང ་སྔར་འཇིག་རྟེན་པའི་ལམ་གྱིས་སྒོམ་པས་སྤང་བར་བྱ་བའི་འདོད་པ་ན་སྤྱོད་པ་རྣམ་པ་དྲུག་སྤངས་ནས་པལ་ཆེར་ལས་འདོད་ཆགས་དང་བྲལ་པར་གྱུར་ཏེ། ཕྱིས་ཡང་དག་པ་ཉིད་ལ་ངེས་པར་འཇུག་པ་དེ་ནི་སེམས་ཀྱི་སྐད་ཅིག ་བཅུ་དྲུག་པ་ལན་ཅིག་ཕྱིར་འོང་བ་ཉི་དུ་འགྱུར་བའོ།། གང་རྣམ་པ་དགུ་ཆར་སྤངས་ནས་འདོད་པ་ལས་འདོད་ཆགས་དང་བྲལ་བར་གྱུར་ཏེ། ངེས་པར་གྱུར་པོ་ལ་འཇུག་པ་དེ་ནི་ཕྱིར་མི་འོང་བ་ཉིད་དུ་འགྱུར་བའོ།། མཐོང་བས ་སྤང་བར་བྱ་བ་ཐམས་ཅད་སྤངས་ཀྱང་ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་རྒྱུན་ཏུ་ཞུགས་པ་ཞེས་བརྗོད་པ་ནི། འདི་དག་ཐར་པ་ཐོབ་པའི་གགསུ་གྱུར་པས་གཙོ་བོ་ཡིན་པའི་ཕྱིར་ཏེ། འདི་ལྟར་འཇིག་ཚོགས་ལ་ལྟ་བས་ཉེ་བར ་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་དང་བདག་གིར་མངོན་པར་ཞེན་ནས་བདག་ལ་དགའ་བ་སྡུག་བསྔལ་ལས་མི་འཕག་གོ།། ཇི་སྙེད་འཕགས་ཀྱང་ཐར་པར་བྱ་བའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན ་པ་དང་། ཐེ་ཚོམ་གྱི་ལམ་ངན་པ་ལ་མངོན་པར་ཞེན་པ་དང་། ལམ་བཟང་པོ་ལ་ཐེ་ཚོམ་ཟ་བའི་ཕྱིར། ལོག་པས་ངེས་པར་འབྱུང་གི་ཡང་དག་པར་ངེས་པར་མི་འབྱུང་ངོ་།། ཡང་འཇིག་ཚོགས་ལ་ལྟ་བས ་ཞེས་བྱ་ལ་ལྡོག་པར་རྟོགས་པ་སྟེ། སྡུག་བསྔལ་ཙམ་ལ་བདག་དང་བདག་གི་བའི་མཚན་ཉིད་དུ་སྒྲོ་འདོགས་པའི་ཕྱིརརོ།། ཚུལ་ཁྱིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ལྟ་བ་ལ་ལོག་པར་རྟོགས་ཏེ། དེས་དག་པར ་ཡིད་ཆོས་པའི་ཕྱིར་རོ།། ཐེ་ཚོམ་གྱིས་ནི་གཉེན་པོ་ལ་ལོག་པར་རྟོགས་ཏེ། དཀོན་མཆོག་གསུམ་ལ་ངེས་པར་མི་འབྱེད་པའི་ཕྱིར་རོ།། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་ནི་མཐོང་བའི་ལམ་གྱི་གོང་དུ་འདོད་པ་ན ་སྤྱོད་པའི་ཉོན་མོངས་པའི་རྣམ་པ་འབྲིང་པོའི་འབྲིང་གི་བར་དུ་སྤོང་བའི་ལམ་ལ་གནས་པའི་གང་ཟག་གང་ཡིན་པའོ།། ལན་ཅིག་ཕྱིར་འོང་བ་ནི་ཉོན་མོངས་པའི་རྣམ་པ་འབྲིང་པོའི་ཆུང་ངུ་སྤོང་བའི་ལམ་ཡོངསུ་རྫོགས་པ་ལ ་གོནས་པའི་གང་ཟག་གང་ཡིན་པའོ།། ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་གོང་དུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆེན་པོ་དང་། ཆུང་ངུའི་འབྲིང་པོ་སྤངས་བུའི ་ལམ་ལ་གནས་པའི་གང་ཟག་གང་ཡིན་པའོ།། ཕྱིར་མི་འོང་བ་ནི་དགུ་པ་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་སྤོང་བའི་ལམ་ཡོངསུ་རྫོགས་པ་ལ་གནས་པའི་གང་ཟག་གང་ཡིན་པའོ།། འདོད་པ་ན་སྤྱོད་པ་གང་བསྒོ། ་པས་སྤང་བར་བྱ་བ་ཐམས་ཅད་སྤངས་ཀྱང་ཐ་མའི་ཆུ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བ་ཞེས་མདོ་ལས་འབྱུང་བ་ནི་འདི་དང་འགྲོ་བ་དང་ཁམས་ཐ་མའི་རྒྱུར་གྱུར་པ་གཙོ་བོ་ཡིན་པའི་ཕྱིར་ཏེ། ་འགྲོ་བ་ཐ་མ་ནི་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའོ།། ཁམས་ཐ་མ་ནི་འདོད་པའི་ཁམསོ།། དེ་ལ་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བཏུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་རྣམས་ཀྱིས་ནི་འགྲོ་བ་ཐ ་མ་ལས་མི་འདའ་བོས་དེའི་རྒྱུ་ཉིད་།། འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་ཀྱིས་ནི་ཁམས་ཐ་མ་ལས་མི་འདའ་བས་དེའི་རྒྱུ་ཉིད་དོ།། ཁམས་གསུམ་པའི་ཉོན་མོངས་པ་ཐམས་ཅད་སྤངས་ཀྱང་གོང་མའི་ཆ་དང ་མཐུན་པ་ལྔ་སྤང་བས་དགྲ་བཅོམ་པ་ཞེས་བརྗོད་པ་ནི་གོང་མ་ཉེ་བར་ལེན་པ་དང་། ཡོངསུ་མི་གཏོང་བའི་རྒྱུར་གྱུར་པས་གཙོ་བོ་ཡིན་པའི་ཕྱིར་ཏེ། དེ་ལ་གཟུགས་དང་གཟུགས་མེད་པའི་འདོད་ཆགས་གཉིས་ཀྱི་ནི་འདོད ་པའི་ཁམས་ནས་གོང་མ་ཉེ་བར་ལེན་ཏེ། གཟུགས་དང་གཟུགས་མེད་པའི་ཁམསུ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། རྒོད་པ་དང་ང་རྒྱལ་དང་མ་རིག་པ་རྣམས་ཀྱིས་ནི་གོང་མ་ཡོངསུ་མི་གཏོང་སྟེ། སྲེད་པ་དང་ང་རྒྱལ ་དང་ཐེ་ཚོམ་གྱི་ཤས་ཆེ་བའི་བསམ་གཏན་པ་དེ་ཉིད་དུ་ཀུན་ནས་ཉོན་མོངས་པའི་ཕྱིར་རོ།། རིགསོ་ནས་རིགས་སྐྱེ་བ་ནི་རྒྱུན་ཏུ་ཞུགས་པ་ཉིད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལེ་འཇུག་པ་ལྷ་འམ་མི་རྣམས་ཀྱི་ནང་དུ ་ངེས་པར་སྐྱེད་པ་གཉིས་འཁོར་བར་བྱས་ནས་ཡོངསུ་མྱ་ངན་ལས་འདའ་བའོ།། བར་ཆད་གཅིག་པ་ནི་ལན་ཅི་ཕྱིར་འོང་བ་ཉིད་དེ། ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པ་ལྷ་ཉིད་ཀྱི་ནང་དུ་སྲིད ་པ་གཅིག་འཁོར་བ་བྱས་ནས་ཡོངསུ་མྱ་ངན་ལས་འདའ་བའོ།། བར་ཆད་གཅིག་པ་ནི་བར་སྐབས་ཏེ་སྐྱེ་བའི་སྐབས་ཡོད་པ་དེ་ནི་དེའི་བར་ཆད་གཅིག་པའོ།། བར་མ་དོར་ཡོངསུ་མྱ་ངན་ལས་འདའ་བ་ནི་ཉོན་མོངས ་པའི་ཤུགས་གང་གིས་སྐྱེ་བའི་ཡུལ་དུ་སོང་ན་ཉིང་མཚམས་སྦྱོར་བ་དེ་ཟད་ནས་བག་ལ་ཉལ་ཙམ་གང་གིས་ཤི་བའི་འོག་ཏུ་ཕུང་པོ་མངོན་པར་འགྲུབ་པ་དེའི་ལྷག་མ་ལུས་པསོ་བར་དོའི་སྲིད་པ་མངོན་པར་འགྲུབ ་སྟེ། སྔོན་གོམས་པར་བྱས་པའི་ལམ་མངོན་དུ་གྱུར་ནས་བག་ལོ་ཉལ་ལྷག་མུ་སྤངས་ཏེ། དེ་ཉིད་དུ་ཡོངས་མྱ་ངན་ལས་འདའ་བའོ།། དེ་ཡང་སྐྱེ་བའི་ཡུལ་ལས་མི་འཕགས་པ་དང་། འཕགས་པ་ཙམ་དང་། རིང་དུ་སྟོང ་བའི་གནས་སྐབས་ཀྱི་སོ་རྣམ་པ་གསུམྦྷ་སྟེ། སྐྱེས་བུ་དམ་པའི་འགྲོ་བའི་མདོའི་ཚུལ་དུ་རིག་པར་བྱའོ།། མངོན་པར་འདུ་བྱེད་པ་མེད་པར་ལམ་མངོན་དུ་བྱས་ནས་ཞེས་བྱ་བ་ནི་སྔོན་ཤིན་ཏུ་གོམས་པས་འཇུག་པའི་ཕྱིར། ་ཏེ། བསྒྲིམ་མི་དགོས་ཞེས་བྱ་བའི་ཐ་ཚིག་གོ། དེ་ལས་བཟློག་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངསུ་མྱ་ངན་ལས་འདའ་བའོ།། གོང་དུ་འཕོ་བ་ནི་རྣམ་པ་གཉིས་ཏེ། འོག་མིན་དུ་འགྲོ་བ་དང་། སྲིད ་པའི་རྩེ་མོར་འགྲོ་བའོ།། དེ་ལ་འོག་མིན་དུ་འགྲོ་བ་ནི་མྱང་བ་མང་བས་བསམ་གཏན་གྱི་རྣམ་པ་ཆུང་ངུ་ལ་སོགས་པ་སྐྱེས་ཤིང་སྐྱེས་པའི་རོ་མྱང་བར་བྱེད་པའི་ཕྱིར་ཚངས་རིས་ནས་བཟུང་སྟེ། རྒྱུན་མི་འཆད་པར་གནས་གཞན་ཐམས ་ཅད་དུ་ལཱན་རེ་རེ་སྐྱེས་ནས་འོག་མིན་གྱི་བར་དུ་ཞུགས་ཏེ་ཡོངསུ་མྱ་ངན་ལས་འདའ་བའོ།། སྲིད་པའི་རྩེ་མོར་འགྲོ་བ་ནི་བོས་མ་གཏོན་བཞི་པ་ལོ་སྤེལ་མར་མ་བསྒོམས་པས་གནས་གཙང་མ་འབའ་ཞིག་བཀོལ་ཏེ། དེ་བཞིན་དུ ་སྲིད་པའི་རྩེ་མོའོ་བར་དུ་སོང་ནས་ཡོངསུ་མྱ་ངན་ལས་འདའ་བའོ།། སྤེལ་མར་བསྒོམ་པ་ནི་བསམ་གཏན་བཞི་པའི་རྣམ་པ་ཆུང་ངུ་ལ་སོགས་པ་ལྔ་བསྒོམ་པས་གོ་རིམ་བཞིན་དུ་གནས་གཙང་མ་ལྔ་པོ་རྣམས་སྐྱེ་བར་རིག་པར་བྱའོ།། ་གསོད་ཀྱང་རུང་མི་གསྟོད་ཀྱང་རུང་ཞེས་བྱ་བ་ནི་དཀྲི་བད་འི་སྲོག་གཅོད་པ་འམ། མི་གཅོད་ཅེས་བྱ་བའི་ཐ་ཆེག་གོ།། མཐོང་བའི་ཆོས་ལྟ་བདེ་བར་གནས་པ་ལས་ཡོངསུ་ཉམས་པ་ཞེས་བྱ་བ་ནི། འཇིག་རྟེན་པའི་བསམ་གཏན་རྣམ ་ལས་ཞེས་བྱ་བའི་ཐ་ཚིག་གོ།། དབང་པོ་རྣམས་སྦྱོང་བ་ཞེས་བྱ་བ་ནི་བདག་ག་ཆེན་པོ་ཐོབ་པར་བྱེད་པ་སྟེ། རྣོ་བར་བྱེད་ཅེས་བྱ་བའི་ཐ་ཚིགོ།། དེའི་ཕྱིར་མི་འཁྲུགས་པའི་ཆོས་ཅན་ལ་དབང་པོ་རྣམས་ཡོངསུ་སྦྱོང་བའི་སྐལ་པ་ཅན ་ཞེས་མ་བཤད་དེ། རང་བཞིན་གྱིས་དབང་པོ་རྣོ་བའི་ཕྱིར།། བྱང་ཆུབ་སེམས་དཔའ་ནི་འདོད་པ་ན་སྤྱོད་པ་དང་། གཟུགས་ནི་སྤྱོད་པ་ཉིད་ཡིན་གྱི། གཟུགས་མེད་པ་ན་སྤྱོད་པ་ནི་མ་ཡིན་ཏེ། སེམས་ཅན་ཡོང་སུ་སྨིན་པར་བྱེད་པའི ་གནས་མ་ཡིན་པའི་ཕྱིར་མཐུའི་ཁྱད་པར་ཐོབ་པ་དེར་མི་སྐྱེའོ།། གཟུགས་མེད་པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་ཞེས་བྱ་བ་ནི་གཟུགས་མེད་པར་སྐྱེ་བ་བོར་བའི་ཏིང་ངེ་འཛིན་ཞེས་བྱ་བའི ་ཐ་ཚིག་གོ། བསམ་གཏན་གྱི་བདེ་བས་གནས་པ་ནི་ཡོངསུ་མཉམ་པ་ཉིད། བསམ་གཏན་ལས་རྣམ་པར་བཟློག་པ་ལ་མཁས་པས་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་འདོད་པའི་ཁམསུ ་སྐྱེ་བར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཅེས་བྱ་བ་ནི་དགའ་ལྡན་གྱི་གནས་ན་གནས་པ་ནུས་བཟུང་སྟེ། བདུད་ལས་རྒྱལ་བའི་བར་དུའོ།། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བ་ནི་མངོན་པར་རྫོགས ་པར་བྱང་ཆུབ་པ་ནས་བཟུང་སྟེ། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་བོར་དུའོ།། མོས་པས་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་རིགས་ལས་གནས་པ་ཐོག་མར་སྨོན་ལམ་ཆེན་པོ་བཏབ་པ་ནས་བཟུང་ནས་རབ་ཏུ་དགའ་བའི ་ས་ལ་མ་ཞུགས་ཀྱི་བར་དུ་སྟེ། སོ་སོར་རང་གིས་འཇིག་རྟེན་ལས་འདས་པ་ཐོབ་པ་མེད་པའི་ཕྱིར་རོ།། ལྷག་པའི་བསམ་པས་སྤྱོད་པ་ཅན་ནི་ས་བཅུ་རྣམསུ་འཇིག་རྟེན་ལས་འདས་པ་ཐོབ་པས་བསྡུ་བ་དག་པའི་ཕྱིརརོ།། མཚན་མ ་ལ་སྤྱོད་པ་ཅན་ནི་ས་དྲུག་པོ་དག་ལ་མི་འདོད་བཞིན་དུ་མཚན་མ་དང་འདྲེ་བའི་ཕྱིརརོ།། མཚན་མ་མེད་པར་སྤྱོད་པ་ཅན་ནི་ས་བདུན་པ་ལོ་བསྒྲིམས་ནས་ཇི་སྲིད་འདོད་པར་མཚན་མ་ཀུན་ཏུ་མི་འབྱུང་བའི་ཕྱིརརོ།། མངོན་པར་འདུ་བྱེད་པ ་མེད་པར་སྤྱོད་པ་ཅན་ནི་ས་ལྷག་མ་རྣམསུ་རྣམ་པར་སྨིན་པ་ལས་བྱུང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམས་ཐོབ་པའི་ཕྱིརརོ།། ཅིག་ཅར་ངེས་པར་འབྱིན་པ་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་ཅིག་ཅར་སྤོང ་པའོ།། རྣམ་པས་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ནི་སྤྱོད་པ་ཆེན་པོའི་ཅིག་ཅང་སྦྱོང་བ་དང་། དེ་བཞིན་དུ་ཆུང་ངུ་ཆུང་ངུའི་བར་དུ་སྟེ། མཐོང་བས་སྤང་བར་བྱ་བ་བཞི་ནོ།། འཇིག ་རྟེན་པའི་ལམ་བཞིན་དུ་སའི་རྣམ་པའི་བྱེ་བྲག་གིས་སོ་སོའི་བ་ནི་མ་ཡིན་པ་ཞེས་བྱ་བའི་ཐ་ཚི་གོ། འདིར་ཁུངས་ནི་སོར་མོའི་རྩེ་མོའི་མདོ་ལས་གཟུགས་གང་ཅི་ཡང་རུང་སྟེ། ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་འདས་པ་དང ་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་རྒྱ་ཆེར་འབྱུང་བ་ནས། རྒྱང་རིང་པོ་དང་ཐག་ཉེ་བ་ཞེས་བྱ་བའི་བར་དུ་དེ་ཐམས་ཅང་གཅིག་ཏུ་བསྡུས་ཏེ་ཆ་གཅིག་ཏུ་བྱེད།། གཅིག་ཏུ་བཟླུམ་མོ།། གཅིག་ཏུ་སྡོམོ།། ཕུང་པོ་གཅིག་ཏུ་བྱེད།། ཆ་གཅིག ་ཏུ་བྱས་ཤིང་ཕུང་པོ་གཅིག་གི་བར་དུ་བྱས་ནས་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ཐམས་ཅད་ན་མི་རྟག་པ། འདི་ཐམས་ཅད་ནི་སྡུག་བསྔལ་པོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ།། དེ་ནི་འབྲས་བུ་དང་པོ་དང་། ཐ་མ་གཉིས་ཁོ ་ན་ལ་གདགས་ཏེ། དེ་གཉིས་ནི་ཁམས་གསུམ་པའི་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་ཐམས་ཅད་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་ག་རིམ་བཞིནོ།། བར་མ་དག་ལ་ནི་མི་གདགས་ཏེ། དེ་དག་ནི་བདེན་པ ་མཐོང་བའི་བསྒོམ་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་ཉིད་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པར་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ།། ཅིག་ཅར་ངེས་པར་འབྱིན་པའི་དབང་དུ་བྱས་ནས་རྣམ་པར་འབྱེད་པའི ་མདོ་ལས་རྒྱུན་ཏུ་ཞུགས་པའི་འབྲས་བུའི་འོག་ཏུ་དགྲ་བཅོམ་པ་རྣམ་པོར་བཞག་པར་རིག་པར་བྱའོ།། ཐམས་ཅད་ལ་མ་ལུས་པར་འདོད་ཆགས་དང་བྲལ་བ་མ་ཡིན་པས་དེ་གལ་ཏེ་མཐོང་བའི་ཆོས་ལ་ཀུན་ཤེས་པ་ཐོབ་པར་མི་བྱེད ་ན་མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉི་དུ་སྐྱེའོ།། མངོན་པར་རྟོགས་པ་རྣམ་པར་བཞག་པ་ནི་རྣམ་པ་བཅུ་སྟེ། དེ་ལ་ཆོས་མངོན་པར་རྟོག་པ་ནི་གཞན་གྱི་སྒྲའི་དབང་དུ ་བྱས་པ་སྟེ། བདེན་པའི་དབང་དུ་བྱས་པའི་ཆོས་རྣམས་ལ་ཐར་པའི་ཆ་དང་མཐུན་པ་ཐ་མས་བསྡུས་པའི་མོས་པ་དང་དད་པ་ཆེན་པོ་ཐོབ་པ་སྟེ། འདི་ལྟར་དེ་ལ་མོས་པ་དང་དད་པ་ཐོབ་པས་བདེན་པ་དེ་དག་ལ་ཆོས་མངོན་པར་རྟོགས ་པས་མངོན་པར་རྟོགས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ།། དོན་མངོན་པར་རྟོགས་པ་ནི་ཆོས་དེ་དག་ཉིད་ལ་གང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་དབང་དུ་བྱས་ནས་བདེན་པ་རྣམས་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐམས ་བསྡུས་པའི་ཆོས་ངེས་པར་སེམས་དཔའི་བཟོད་པ་ཆེན་པོ་ཐོབ་པའོ།། ཆོས་ངེས་པར་སེམས་པའི་བཟོད་པ་དེ་ཡང་ཚུལ་བཞིན་ཡིད་ལོ་བྱེད་པའི་རྣམ་པ་གསུམ་གྱི་རབ་ཏུ་ཕྱེ་བ་སྟེ། ཆེན་པོའི་ཆུང་ངུས་ནི་ཚེ་དེའི་དྲོ་བར་གྱུར་པ་རྣམས།། ་སུའོ།། ཆེན་པོའི་འབྲིང་པོས་ནི་རྩེ་མོ་དང་བཟོད་པ་རྣམསུའོ།། ཆེན་པོའི་ཆེན་པོ་རྣམས་ཀྱིས་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སུའོ།། དེ་ཁོ་ན་མངོན་པར་རྟོགས་པ་ནི་མཐོང་བའི་ལམ་སྟེ། དེར་ནི་བདེན་པ་རྣམ་པར་འཇོག ་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཀུན་རྫོབ་ཤེས་པ་རྣམས་ཐོབ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དབང་གིས་དེའི་ས་བོན་གསོས་པའི་ཕྱིར་གྱི་མངོན་དུ་བྱེད་པ་ནི་མ་ཡིན་ཏེ། མཐོང་བའི་ལམ་གྱི ་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་དག་རྒྱུན་མི་འཆད་པས་འཇིག་རྟེན་པའི་སེམས་ཀྱི་སྐབས་མེད་པའི་ཕྱིར་རོ།། རྗེས་ལ་མངོན་པར་རྟོགས་པ་ནི་མཐོང་བའི་ལམ་གྱི་གོང་དུ་འཇིག་རྟེན་པ་ཡང་རུང་། འཇིག་རྟེན་ལས་འདས་པ ་ཡང་རུང་སྟེ། བསྒོམ་པའི་ལམ་ཐམས་ཅདདོ།། དཀོན་མཆོག་མངོན་པར་རྟོགས་པ་ནི།། ཀྱེ་མ་བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་སོ།། དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པའོ།། ཉན་ཐོས ་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པའོ།། ཞེས་དེ་ལྟར་ཤེས་ཏེ། ངེས་ནས་སངས་རྒྱས་ལ་སོགས་པ་ལ་འཕགས་པ་ཉན་ཐོས་དང་བའོ།། ཀུན་ཏུ་མི་འབྱུང་བ་མངོན་པར་རྟོགས་པ་ནི་མི་བྱ་བའི་སྡོམ་པ་འཕགས་པ་དགྱེས་པའི ་ཚུལ་ཁྲིམས་ཀྱིས་བསྡུས་པ་ཐོབ་པས་དེའི་མི་མཐུན་པའི་ཕྱོགས་བྱེད་པ་ལ་སོགས་པ་ཀུན་ཏུ་མི་འབྱུང་བ་སྟེ། བདགི་སེམས་ཅན་དམྱལ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ངེས་པར་འབྱུང་བ་དེ་ནི་ཀུན་ཏུ་མི་འབྱུང ་བ་མངོན་པར་རྟོགས་པའོ།། མཐར་ཐུག་པ་མངོན་པར་རྟོགས་པ་ནི་གནས་ངན་ལེན་ཐམས་ཅད་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་ལམ་གྱི་བདེན་པ་ལས་མཐར་ཕྱིན་པའི་ལམ་བསྟན་པ་ལྟ ་བུའོ།། མངོན་པར་རྟོགས་པ་བདུན་པོ་དེ་དག་ནི་ཉན་ཐོས་རྣམས་ཀྱིས་གཞན་གྱི་སྒྲ་ལ་བརྟེན་ནས་ཐོབ་པས་ཉན་ཐོས་ཀྱི་མངོན་པར་རྟོགས་པ་ཞེས་བྱའོ།། གཞན་གྱི་སྒྲ་ལ་མ་བརྟེན་པར་ཐོབ་པས་རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་འདུལ་བའི་ཐབས་ལ་མཁས་པར་བྱ་བའི་ཕྱིར། མངོན་པར་རྟོགས་པ་བདུན་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པའི ་བཟོད་པ་གང་ཡིན་པ་སྟེ། སེམས་ཅན་ལ་ལྟ་བས་ཐེག་པ་ཆུང་ངུས་ངེས་པར་མི་འབྱུང་བའི་ཕྱིར་མངོན་དུ་བྱེད་པ་ནི་མ་ཡིན།། ཡང་ཐོག་མ་ཉིད་དུ་ས་ལ་འཇུག་པ་ཡང་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱའོ།། ་མངོན་པར་རྟོགས་པ་དེ་ལ་བརྟེན་ནས་ཉན་ཐོས་ཀྱི་མངོན་པར་རྟོགས་པ་ལས་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཁྱད་པར་ཅི་ཡོད་པ་བརྗོད་པར་བྱ་སྟེ། དམིགས་པའི་ཁྱད་པར་ནི་ཤིན་ཏུ་རྒྱས་པ་ལ་དམིགས་པའི་ཕྱིར་རོ།། ་ཉེ་བར་རྟོན་པའི་ཁྱད་པར་ནི་བསྐལ་པ་ཆེན་པོ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོང་སུ་རྫོགས་པར་བྱེད་པའི་ཕྱིརརོ།། རབ་ཏུ་རྟོགས་པའི་ཁྱད་པར་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་དབང་དུ་བྱས་པའི ་ལ་སྦྱོར་བའི་འཕེན་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་དེ་གཉི་ག་རབ་ཏུ་རྟོགས་པའི་ཕྱིརརོ།། ཁས་ལེན་པའི་ཁྱད་པར་ནི་བདག་དང་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་ཁས་ལེན་པའི་ཕྱིརརོ།། ངེས་པར་འབྱུང་བའི་ཁྱད་པར ་ནི་སོ་བཅུ་པོ་དག་གིས་ངེས་པར་འབྱུང་བའི་ཕྱིར།། ཡོངསུ་འཛིན་པའི་ཁྱད་པར་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡོངསུ་འཛིན་པའི་ཕྱིརརོ།། གནས་དང་གཡོག་འཁོར་གྱི་ཁྱད་པར་ནི་སངས་རྒྱས་ཀྱི་ཞིང་ཡོངསུ་སྦྱོང་བ་དང་། གདུལ ་བའི་སྐྱེ་བོ་ཉེ་བར་བསྡུད་པའི་ཕྱིརརོ།། བཙུན་པར་སྐྱེ་བའི་ཁྱད་པར་ནི་ཕ་བཞིན་དུ་རང་གི་རིགས་ཡང་དག་པར་འཛིན་པའི་བུ་གཙོ་བོའི་མཚན་ཉིད་ཡིན་པའི་ཕྱིར་རོ།། སྟེ་བའི་ཁྱད་པར་ནི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྐྱེ་བའི་ཕྱིར་རོ།། ། ་འབྲས་བུའི་ཁྱད་པར་དེ་ཡང་གནས་གྱུར་པའི་ཁྱད་པར་གྱི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་གནས་ངན་ལེན་གྱི་གནས་ཐམས་ཅད་སྤངས་པའི་ཕྱིར་ཡོན་ཏན་པ་ན་མེད་པ་ཐམས་ཅད་ཀྱི་གནས་ཉིད་དུ་གྱུར་པས་གན ་གྱུར་པའི་ཕྱིར་རོ།། ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་ནི་སྟོབས་དང་མི་འཇིགས་པ་དང་། སས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་འཇུག་པའི་ཕྱིར་རོ།། རྣམ་པ་ལྔའི་ཁྱད་པར་ནི་རྣམ་པར་དག་པ་ལ་སོགས ་པའི་ཁྱད་པར་གྱི་ཕྱིར་ཏེ། རྣམ་པར་དག་དང་ཡོངས་དག་དང་།། ལུས་དང་ལོངས་སྤྱོད་རྫོགས་པ་དང་།། ལས་ཀྱི་སངས་རྒྱས་ཆེས་རྣམས་ཀྱི།། ཁྱད་པར་ཡོངསུ་བརྗེད་པ་ཡིན།། དེ་ལ་རྣམ་པར་དག་པའི་ཁྱད་པར་ནི་བག་ཆགས་དང་བཅས་པའི་ཉོན ་མོངས་པ་སྤོང་བའི་ཕྱིརརོ།། ཡོང་སུ་དག་པའི་ཁྱད་པར་ནི། སངས་རྒྱས་ཀྱི་ཞིང་ཡོངསུ་སྦྱོང་བའི་ཕྱིརརོ།། ལུས་ཀྱི་ཁྱད་པར་ནི་ཆོས་ཀྱི་སྐུ་ཡོངསསུ་སྒྲུབ་པའི་ཕྱིརརོ།། ལོངས་སྤྱོད་ཀྱི་ཁྱད་པར་ནི་རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས ་དང་ལྷན་ཅིག་འཁོར་གྱི་དཀྱིལ་འཁོར་རྣམསུ་ཆོས་རྣམས་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིརརོ།། ལས་ཀྱི་ཁྱད་པར་ནི་ཅི་རིགས་པར་སྤྲུལ་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམསུ་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི ་ཕྱིར། སྐུ་གསུམ་གྱི་ཁྱད་པར་ནི་རང་བཞིན་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྒོ་འགྲུབ་པ་ཐོབ་པའི་ཕྱིར་རོ།། མྱ་ངན་ལས་འདས་པའི་ཁྱད་པར་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་ཡང་སེམས་ཅན ་ཐམས་ཅད་ལ་ཕན་པར་ཡོན་ཏན་ཐམས་ཅད་རྒྱུན་མི་གཅོད་པའི་ཕྱིརརོ།། འདྲེས་ཤིང་ཉེ་བར་འདྲེས་པའི་ཡེ་ཤོས་ཀྱི་ནུས་པ་ཐོབ་པའི་ཁྱད་པར་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པར་རོ་གཅིག་པ་ཉིད་དང་། དེ་ལོ་བརྟེན་པ་རྣམ་པ་ཟད ་ཀྱི་མཆོག་ཤེས་པ་ཉིད་རྣམས་ལ་སངས་རྒྱས་ཐམས་ཅད་སོ་སོར་མོཐུ་དང་ལྡན་པའི་ཕྱིར་རོ།། སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤོང་བའི་ཕྱིར།། འདྲེས་པ་དང་ཉེ་བར་འདྲེས་པའི ་ལས་བྱེད་པའི་ཁྱད་པར་ནི། སེམས་ཅན་རེ་རེ་གདུལ་བའི་ཕྱིར་ཡང་སངས་རྒྱས་ཐམས་ཅད་ཀྱི་དབང་གིས་བྱེད་པའི་ཕྱིར་རོ།། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པ་སྟོན་པའི་ཐབས་ཀྱི་ཁྱད་པར་ནི་ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅི་རིགས་པར་ཕྱི་མའི་མཐའི་བར་དུ་ཡང་དང་ཡང་སངས་རྒྱས་འབྱུང་བ་ལ་སོགས་པ་སྟོན་པས་གདུལ་བ་ཐམས་ཅད་ཡོང་སུ་སྨིན་པར་བྱེད་པ་དང་། རྣམ་པར་ཐར་བར་བྱེད་པའི་ཕྱིརརོ།། ཡོངསུ་སྐྱོབ་པ་རྣམ་པ ་ལྔའི་ཁྱད་པར་གྱིས་ཀྱང་རིག་པར་བྱའོ།། ཞེས་བྱ་བ་ནི་གནོད་པ་ལ་སོགས་པ་ལས་ཡོངསུ་སྐྱོབ་པའི་ཕྱིརརོ།། དེ་ལ་གནོད་པ་ལས་ཡོངསུ་སྐྱོབ་པ་ནི་གྲོང་ཁྱེར་དུ་འཇུག་པ་ལ་སོགས་པས་ལོང་བ་ལ་སོགས་པས་མིག་ལ་སོགས་པ་ཐོབ་པའི ་ཕྱིར་རོ།། ཐབས་མ་ཡིན་པར་ལས་ཡོངསུ་སྐྱོབ་པ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཐོབ་པས་ལྟ་བ་ངན་པ་ཐམས་ཅད་དང་བྲལ་བར་བྱེད་པའི་ཕྱིརརོ།། ངན་སོང་ལས་ཡོངསུ་སྐྱོབ་པ་ནི་མཐོང་བའི་ལམ་སྐྱེས་པས་ངན་འགྲོ་ལས་ཤིན་ཏུ་བཟློག ་པོའི་ཕྱིརརོ།། འཇིག་ཚོགས་ལས་ཡོངསུ་སྐྱོབ་པ་ནི་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པས་ཁམས་གསུམ་པ་ལས་རྣམ་པར་ཐར་པར་བྱེད་པའི་ཕྱིར་རོ།། ཐེག་པ་དམན་པ་ལས་ཡོངསུ་སྐྱོབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་དམན ་པ་ལས་འདུན་པ་བཟློག་པའི་ཕྱིརརོ།། གནོད་པ་དག་ནི་ཐམས་ཅད་དང་།། ཐབས་མ་ཡིན་དང་ངན་སོང་དང་།། ཐེག་པ་དམན་ལས་སྐྱོབ་པས་ན།། དེའི་ཕྱིར་མགོན་པོ་དམ་པའོ།། ཡོན་ཏན་ཁྱད་པར་ཅན་རྣམས་ནི་འཕགས་པ་ཉན་ཐོས་རྣམས་ཀྱིས ་བསྒོམ་པའི་ལམ་དང་མི་སློབ་པའི་ལམ་མངོན་པར་སྒྲུབ་སྟེ། དེའི་ཕྱིར་འདི་དག་རྗེས་ལ་མངོན་པར་རྟོགས་པ་དང་། མཐར་ཐུགས་པའི་མངོན་པར་རྟོགས་པས་བསྡུས་པར་རིག་པར་བྱའོ།། བྱམས་པ་ལ་སོགས་པ་མདོ་སྡེ་གཞན་དག་ལས ་ཇི་སྐད་བསྟན་པ་དེ་དག་ནི་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་ཡང་དེ་བཞིན་དུ་རིག་པར་བྱའོ།། དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་ལྔས་ཅི་རིགསུ་མཚན་ཉིད་བཤད་པར་བལྟ་སྟེ། གནས་དང་། དམིགས་པ་དང་། ་རྣམ་པ་དང་། རང་བཞིན་དང་། གྲོགས་ཀྱིསོ།། དེ་ལ་བྱམས་པའི་གནས་ནི་བསམ་གཏན་ནོ།། དམིགས་པ་ནི་སེམས་ཅནོ།། རྣམ་པ་ནི་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའོ།། རང་བཞིན་ནི་ཏིང་ངེ་འཛིན་དང་ཤེས་རབ་སྟེ། ཞི་གནས་དང ་ལྷག་མཐོང་གིས་བསྡུས་པའི་ཕྱིར་རོ།། ཡོན་ཏན་ཐམས་ཅད་ཀྱི་གྲོགས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སོ།། སྙིང་རྗེ་ལ་སོགས་པ་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ།། སེམས་ཅན་བདེ་བར་གྱུར་པ་ལ་སོགས་པ་ལ་ཡང ་རྗེསུ་ཆགས་པ་ལ་སོགས་པ་བཏང་སྙོམས་སུ་བྱེད་ཅིང་། ཀྱེ་མ་ཉོན་མོངས་པ་ལས་རྣམ་པར་གྲོལ་བར་གྱུར་ཅིག་སྙམ་པ་འདི་ནི་བཏང་སྙོམས་ཀྱི་རྣམས་པར་རིག་པར་བྱ་སྟེ། དེ་ཡང་ཕན་པའི་བསམ་པས་གནས་པ་ཞེས་བྱའོ།། རྣམ་པར་ཐར ་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་བལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ།། ཞེས་རྒྱ་ཆེར་འབྱུང་བའོ།། དེ་ལ་ཇི་ལྟར་ན་གཟུགས་ཅན་ཞེས་བྱ་ཞེ་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས་བདག་ལ་གཟུགས་ཀྱི ་འདུ་ཤེས་རྣམ་པར་མི་འཇོག་པའི་ཕྱིར་རམ། གཟུགས་ཀྱི་འདུ་ཤེས་འཇོག་པའི་ཕྱིར་ཏེ། ལྟ་བ་པོ་བདག་ལ་གཟུགས་ཀྱི་འདུ་ཤེས་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། ཇི་ལྟར་ན་གཟུགས་རྣམས་ལ་བལྟ་བ་ཞེས་བྱ་ཞེ་ན། ཁ་དོག ་མཛེས་པ་དང་། ཁ་དོག་མི་སྡུག་པ་ལ་སོགས་པའི་གཟུགས་རྣམསུ་མོས་ནས་ལྟ་བའི་ཕྱིརརོ།། ཇི་ལྟར་ན་རྣམ་པར་ཐར་པ་ཞེས་བྱ་ཞེ་ན། འདིས་སྤྲུལ་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར།། ནང་གཟུགས་མེད་པར་འདུ་ཤེས་པ་ཞེས ་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས་གཟུགས་ཀྱི་འདུ་ཤེས་རྣམ་པར་འཇིག་པའི་ཕྱིར་རམ། གཟུགས་མེད་པའི་འདུ་ཤེས་འཇོག་པའི་ཕྱིརརོ།། ལྟ་བ་པོ་ལ་མིང་དུ་འདུ་ཤེས་པ་མངོན་དུ་བྱེད་ཅེས་བྱ་བའི ་ཚིག་གོ།། ལྷག་མ་ནི་སྔ་མ་བཞིན་ནོ།། སྡུག་པའི་རྣམ་བྱར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་ནི་སྡུག་པ་དང་མི་སྡུག་པའི་གཟུགས་རྣམས་ལ་ཕན་ཚུན་བལྟོས་པའི་འདུ་ཤོས་དང་། ཕན་ཚུན ་རྗེསུ་འབྲེལ་པའི་འདུ་ཤེས་ལ་བརྟེན་ནས་ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་པའི་ཕྱིར་ཏེ། འདི་ལྟར་སྡུག་པའི་གཟུགས་རྣམས་ལ་བལྟོས་ནས་དེ་ལས་གཞན་པ་རྣམ་ལ་མི་སྡུག་གོ་ཞེས་བྱ་བར་གྱུར་ལ། མི་སྡུག་པ་ལ་བལྟོས ་ནས་སྡུག་ཅེས་བྱ་བར་འགྱུར་གྱི། མ་བལྟོས་པར་ནི་མ་ཡི་ནོ།། རིགས་གཅིག་པ་རྣམས་ཉིད་མཐོང་ན་སྡུག་པ་དང་མི་སྡུག་པ་གཉིས་ཀྱི་བློ་མི་འབྱུང་བའི་ཕྱིར་རོ།། དེ་བཞིན་དུ་སྡུག་པ་རྣམས་ལ་ཡང་མི་སྡུག་པ་ཉིད་རྗེ་སུ་འབྲེལ་ཏོ།། ་སྡུག་པ་རྣམས་ལ་ཡང་སྡུག་པ་ཉིད་རྗེ་སུ་འབྲེལ་ཏོ།། སྡུག་པར་གྲགས་པ་ཡང་བཏགས་པ་ཙམ་དུ་ཟད་དེ། སྐྲ་ལ་སོགས་པ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་ནང་དུ་འདུས་པའི་ཕྱིརརོ།། དེ་ལྟར་གཟུགས་ཐམས་ཅད་ཕན ་ཚུན་བསྲེས་ཏེ་སྡུག་པ་ཉིད་དུ་རོ་གཅིག་པའི་རྣམ་པའི་འདུ་ཤེས་ཀྱིས་མོས་པར་བྱེདདོ།། དེ་ལྟར་ཇི་ལྟར་འདོད་པ་བཞིན་དུ་གཟུགས་ལ་སོགས་པར་མོས་པ་ལ་དབང་འབྱོར་པ་ཐོབ་པ་དེ་སྡུག་པ་དང་མི་སྡུག་པ ་ལ་སྤྲུལ་པ་ལ་སྒྲིབ་པ་སྤོང་སྟེ། དེར་ནི་ཀུན་ནས་ཉོན་མོངས་པ་འབྱུང་བའི་སྒྲིབ་པ་སྤོང་ངོ་།། སྤྲུལ་པ་ལ་ཀུན་ནས་ཉོན་མོངས་པ་གང་ཡིན་ཞེ་ན། སྡུག་པའི་གཟུགས་སྤྲུལ་པ་ལ་ནི་ཆགས་པའོ།། མི་སྡུག་པའི་གཟུགས་སྤྲུལ་པ་ལ་ནི་མི ་མཐུན་པའོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་ནི་འཕགས་པ་ཉན་ཐོས་ཀྱི་ཟག་པ་མེད་པའི་རྗེ་སུ་མཐུན་པ་དག་པ་པ་གང་ཡིན་པ་དེ་དག་རྣམ་པར་ཐར་པ་ཞེས་བྱ་བ་འཐོབ་སྟེ། དེའི་རོ་མྱེད་པ་ལས་རྣམ་པར་ཐར་པར་བྱ་བའི ་ཕྱིར་རོ།། ཞི་བའི་རྣམ་པར་ཐར་པ་ནི་གཟུགས་རྣམས་ལས་ཤིན་ཏུ་འདས་ནས་གཟུགས་མེད་པ་གང་ཡིན་པ་དག་སྟེ། དེ་དག་ལ་མི་ཆགས་པ་ནི་ཡོང་སུ་དག་པའོ།། དེའི་སྒྲིབ་པ་ནི་གཟུགས་མེད་པའི་རོ་མྱོང་བའོ།། འདུ་ཤེས་དང་ཚོར་བ ་འགོག་པའི་གནས་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ།། སེམས་དང་སེམས་ལས་བྱུང་བ་རྣམས་མེད་པའི་ཕྱིར་དམིགས་པ་དང་རྣམ་པ་དང་གྲོགས་ནི་མེད་དོ།། དེའི་རང་བཞིན་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས ་འགོག་པའོ།། དེ་ཡང་ཐར་པ་དང་མཐུན་པར་གནས་པ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་གནས་གྱུར་པའི་ཉན་ཐོས་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མི་འབྱུང་བའི་གནས་སྐབས་ན་མཆོག་ཏུ་ཞི་བ ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱང་ཀུན་ཏུ་མི་འབྱུང་བའི་ཕྱིརརོ།། འཕགས་པ་རྣམས་ནི་འདི་དག་གིས་གནས་པའི་ཕྱིར་འདི་དག་ནི་འཕགས་པ་གནས་པའི་རྣམ་པར་ཐར་པ་བརྒྱད་ཅེས་བྱའོ།། དེ་ལ་འཕགས་པ་དག་ནི་གནས་པ ་གཉིས་ཀྱིས་ལན་མང་དུ་གནས་ཏེ། གསུམ་པ་དང་བརྒྱད་པ་སྟེ། མཆོག་ཡིན་པའི་ཕྱིར་རོ།། དེའི་ཕྱིར་དེ་གཉིས་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནསོ་ཞེས་གསུངས་ཀྱི་གཞན་རྣམས་ལ་ནི་མ་ཡིན་ཏེ། གཟུག ་ཅན་དང་གཟུགས་མེད་པའི་རྣམ་པར་ཐར་པ་ལ་སྒྲིབ་པ་མ་ལུས་སྤངས་པའི་ཕྱིར་གོ་རིམ་བཞིན་ནོ།། རྣམ་གྲངས་གཞན་དུ་ན་དེ་གཉིས་ཀྱི་གནས་གྱུར་པ་རྫོགས་པ་མངོན་དུ་བྱེད་པའི་ཕྱིར་རོ།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད ་པོ་དེ་ལ་ནང་གཟུགསུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་དང་། ངན་པ་དང་བཟང་པོ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས ་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ།། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་དང་། ངན་པ་དང་བཟང་པོ ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ།། ཞེས་བྱ་བའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འདི་གཉིས་ནི་གཟུགས ་ཅན་གཟུགས་རྣམས་ལ་བལྟའོ།། ཞེས་བྱ་བའི་རྣམ་པར་ཐར་པ་དེ་ལས་བྱུ་།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་དང་། ངན་པ་དང་བཟུང ་པོ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནོས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་དེ་ནི་ཟིལ་གྱིས་མནན་པའི་སྐྱེ་མཆེད་གསུམ་པའོ།། ནད་གཟུགས་མེད་པར་འདུ་ཤེས་པས་ཕྱི ་རོལ་གྱི་གཟུགས་ཆེན་པོ་ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་དང་། ངན་པ་དང་བཟང་པོ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ།། ཞེས་བྱ་བ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འདི་གཉིས་ནི་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་བལྟ་བ་ཞེས་བྱ་བའི་རྣམ་པར་ཐར་པ་དེ་ལས་བྱ་།། དེ་ལྟར་ན ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་ནི་རྣམ་པར་ཐར་པོ་གཉིས་ཀྱིས་རིག་པར་བྱའོ།། ནང་གཟུགས་མེད་པར་འདུ་ཤེས་བྱས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་ཝ་ར་ཎཱ་སེར་བྱས་པའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན ་པའི་སྐྱེ་མཆེད་ལྔ་པའོ།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ནི་དོང་ཀའི་མེ་ཏོག་གམ། ཡུལ་ཝ་ར་ཎཱ་སེའི ་རས་ཕུན་སུམ་ཚོགས་པ་སེར་པོ།། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར ་པོ་འབྱུང་བ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟི་ལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ།། ནང་གཟུགས་མེད་པར་འདུ ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་བནྡྷ་ཛཱི་བ་ཀའི་མེ་ཏོག་གམ། ཡུལ་བ་ར་ཎཱ་སེའི་རིས་ཕུན་སུམ་ཚོགས་པ་དམར་པོ། ཁ ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕ་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་བལྟ ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འབྱུང་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ།། ནང་གཟུགས་མེད་པར་འདུ་ཤེས་པས ་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་སྐར་མ་བ་ཝ་སངས་ཀྱི་མདོག་གམ། ཡུལ་བ་ར་ཎཱ་སེའི་རས་དཀར་པོ་ཕུན་སུམ་ཚོགས་པ་དཀར་པོ། ་ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་པ་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་བལྟ་ཞིང་། ་གཟུགས་དེ་དག་ཡིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ།། ཞེས་བྱ་བ་འདི་བཞི་ནི་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནསོ།། ཞེས་བྱ་བའི་རྣམ་པར་ཐར་པ་དེ་ལས་འབྱུང་ངོ་།། དེ་ལ་རྣམ་པར་ཐར་པ་རྣམས་ཀྱིས་ནི་དམིགས་པ་ཆུང་ངུ་ལ་སོགས་པ་ལ་མོས་པ་བྱེད་དོ།། ཟིལ་གྱིས་གནོན་པ་རྣམས་ཀྱིས་ནི་དབང་བྱེད་པའི་ཕྱིར ་ཟིལ་གྱིས་གནོན་ཏེ། དེའི་ནང་དུ་འདུས་པར་བྱེད་པོ་དང་། ཇི་ལྟར་འདོད་པ་བཞིན་དུ་བྱེད་པའི་ཕྱིརརོ།། དེ་ལ་གཟུགས་ཆུ་ངུ་རྣམས་ནི་སེམས་ཅན་དུ་གཏོགས་པ་སྟེ། ཆུང་བའི་ཕྱིར་རོ།། ཆེན་པོ་ནི་སེམས་ཅན་མ་ཡིན་པར་གཏོགས་པ་སྟེ། ཁང ་བ་དང་གཞལ་མེད་ཁང་དང་། རི་ལ་སོགས་པ་ཆེ་བའི་ཕྱིརརོ།། ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་ནི་ཁ་དོག་སྡུག་པ་དང་། ཁ་དོག་མི་སྡུག་པ་ལས་བསྡུས་པ་རྣམསོ།། མིའི་དང་ལྷའི་རྣམས་ནི་ངན་པ་དང་བཟང་པོ་རྣམས་ཏེ། གོ ་རིམ་བཞིནོ།། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་བྱ་བ་ནི་དབང་སྒྱུར་ནསོ།། ཤེས་ཞེས་བྱ་བ་ནི་ཞི་གནས་ཀྱི་ལམ་གྱིས་སོ།། མཐོང་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱིསོ།། དེ་ལྟ་བུར་འདུ་ཤེས་པར་འགྱུར་པ་ཞེས་བྱ་བ ་ནི་ཟིལ་གྱིས་མནན་ནམ། ཟིལ་གྱི་མ་མནན་ཀྱང་རུང་སྟེ། དེ་ལ་མངོན་པའི་ང་རྒྱལ་མེད་པའི་འདུ་ཤེས་ཅན་གྱི་ཕྱིར་རོ།། སྔོན་པོ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ།། ཁ་དོག་སྔོན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྔོ་བ་ཉིད་ཀྱི་ཕྱིརརོ།། ་སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་སྦྱར་བ་ལས་གྱུར་པའི་སྔོ་པ་ཉིད་ཀྱི་ཕྱིརརོ།། འོད་སྔོན་པོ་འབྱུང་བ་རྣམས་ཞེས་བྱ་བ་འདི་ནི་དེ་གཉི་ག་ལས་འོད་འབྱུང་བ་རྣམས་འོད་གསལ་བ་ཉིད་ཀྱི་ཕྱིར་རོ།། སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ་སོར་པོ ་དང་དམར་པོ་དང་དཀར་པོ་རྣམས་ལ་ཡང་རྒྱ་ཆེར་རིག་པར་བྱའོ།། དཔེ་གཉིས་པོ་རེ་རེ་ལ་ཡང་ལྷན་ཅིག་སྐྱེས་དང་སྦྱར་བ་ལས་གྱུར་པའི་ཁ་དོག་བརྗོད་པའི་ཕྱིར་ཏེ། འདི་ལྟ་སྟེ་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་དང་རས་གཉི་ག་ལ་མཚུངས ་པར་བསྟན་པའི་ཚིག་གོ།། ཁ་དོག་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་ཉིད་ཀྱི་དབང་དུ་བྱས་པ་སྟེ། དེ་ལྷན་ཅིག་སྐྱེས་པའི་སྔོན་པོ་ཡིན་པའི་ཕྱིརརོ།། སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་རས་ཀྱི་དབང་དུ་བྱས་པ་སྟེ། དེ་ལ་སྦྱར་བ་ལས་གྱུར་པའི ་སྔོན་པོ་ཉིད་ཡོད་པའི་ཕྱིར།། འོད་སྔོན་པོ་འབྱུང་བ་ཞེས་བྱ་བ་ནི་མེ་ཏོག་དང་རས་གཉི་གའི་དབང་དུ་བྱས་པ་སྟེ། གཉི་ག་ལ་ཡང་འོད་གསལ་བ་ཉིད་ཡོད་པའི་ཕྱིར་རོ།། དེ་ལྟར་བྱས་ན་དཔེར་ན་ཟར་མའི་མེ་ཏོག་དང ་ཡུལ་བ་ར་ཎཱ་སྱེའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་ཞེས་བྱ་བ་ལོ་སོགས་པ་བསྟན་པའི་དཔེ་ཡང་འཐད་པར་འགྱུར་རོ།། དེ་བཞིན་དུ་སེར་པོ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ།། ལྷགོ་མཱ་ནི་རྣམ་པར་ཐར་པ་ལས་བྱུང་བ ་ཇི་ལྟ་བ་བཞིནོ།། ཞེས་བྱ་བ་ལ་ལྷག་མ་གང་ཞེ་ན། ནང་གཟུགསུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་གཟུགས་ཅན་གཟུགས་རྣམས་ལོ་བལྟ་ཞེས་ཇི་སྐད་བསྟན་པའི་ཚུལ་བཞིན་དུ ་བལྟ་བར་བྱའོ།། ཇི་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་དམིགས་པ་ལ་དབང་སྒྱུར་ནས་ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ཟད་པར་རྒྱས་པར་བྱེད་དེ། ཀུན་ཏུ་མཐའ་ཡས་པར་ཁྱབ་པར་བྱེད་ཅེས་བྱ་བའི་ཐ་ཚིགོ། ཟད་པར ་གྱི་སྐྱེ་མཆོད་དེ་དག་ནི་བཅུ་ཡིན་ཏེ། ཟད་པར་ས་དོང་། ཟད་པར་ཆུ་དང་། ཟད་པར་མེ་དང་། ཟད་པར་རླུང་དང་། ཟད་པར་སྔོན་པོ་དང་། ཟད་པར་སེར་པོ་དང་། ཟད་པར་དམར་པོ་དང་། ཟད་པར་དཀར་པོ་དང་། ཟད་པར་ན་མཁའ་མཐའ་ཡས ་སྐྱེ་མཆེད་དང་། ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ།། ཟད་པར་གྱི་སྐྱེ་མཆེད་རྣམས་ལ་ས་ལ་སོགས་པ་རྣམ་པར་མི་བཞག་ན་ནི་དེས་ན་གནས་འབྱུང་བ་ཆེན་པོ་རྣམས་ལ་རྒྱུར་བྱས་པའི་གཟུགས་སྔོན་པོ་ལ་སོགས་པ་དེས ་ཁྱབ་པར་བྱེད་མི་ནུས་ཏེ། དེ་བས་ན་གནས་དང་བཅས་པའི་གཟུགས་ལ་ཁྱབ་པར་བྱ་བ་འབྱོར་པ་ཉིད་ཀྱི་ཕྱིར། དེ་དག་ནི་ཟད་པར་ལ་རྣམ་པར་བཞག་པར་རིག་པར་བྱའོ།། ལྷག་མ་ནི་རྣམ་པར་ཐར་པ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ ་སྦྱར་བར་བྱའོ།། ཞེས་བྱ་བ་ནི་ཟད་པར་ན་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའོ།། དེ་ལ་རྣམ་པར་ཐར་པ་རྣམས་ཀྱིས་ནི་རྣམ་པར་ཐར་པ་རྣམས་རྩོམོ།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་སྦྱོརོ།། ཟད་པར་གྱི་སྐྱེ་མཆེད ་རྣམས་ཀྱིས་ནི་ཡོངསུ་གྲུབ་པར་རིག་པར་བྱའོ།། །། བམ་པོ་དགུ་པ།། ཉོན་མོངས་པ་མེད་པར་གནས་པ་ནི་སེམས་ཅན་གང་དག་གིས་རྨི་ལམ་དུ་སྣང་བར་འདོད་པ་དེ་དག་བདོག་ལ་ཉོན་མོངས་པ་ཀུན་ཏུ་མི་འབྱུང་བའི་དབང་དུ ་བྱས་ནས་འདུག་བཞིན་དུ་བསམས་ནས་རོཤེས་པའི་དབང་གིས་མ་འོངས་པ་ན་འབྱུང་བ་ལ་ལྟ་སྟེ། དེ་ལྟར་དེའི་དྲུང་དུ་འགྲོ་ཡང་རུང་མི་འགྲོ་ཡང་རུང་ཅི་ནས་དེར་དེ་དག་ལ་རྗེ་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ཕྲག་དོག་དང་། སེར་སྣ་ལ ་སོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་འཐབ་རྩོད་མི་བསྐྱེད་དོ།། དེའི་ཕྱིར་ཉོན་མོངས་པ་མེད་པ་ནི་བསམ་གཏན་ལ་བརྟེན་ནས་གཞན་གྱི་ཉོན་མོངས་པ་འབྱུང་བ་རྗེསུ་སྲུང་བར་གནས་པ་ཡང་དག་པར་འབྱོར་པའི་ཞེས་རྒྱ ་ཆེར་འབྱུང་བ་དེ་སྐད་ཅེས་བྱའོ།། བསམས་ནས་ཞེས་བྱ་བ་ནི་དེ་ཐོབ་པ་གལ་ཏེ་དུས་གསུམ་པ་ལ་སོགས་པའི་ཤེས་བྱའི་རྣམ་པ་དེ་ཉིད་ཤེས་པར་འདོད་པར་གྱུར་ན་དེ་དང་དེར་འདི་ཤེས་པར་འགྱུར་བར་བྱའོ།། ཞེས་བསམས་ནས་བསམ ་གཏན་ལ་སྙོམས་པར་འཇུག་ཅིང་། དེ་ལས་ལངས་ནས་དེའི་སྨོན་པ་འགྲུབ་པར་འགྱུར་ཏེ། ཤེས་བྱ་དེ་ཤེསོ།། ཞེས་བྱ་བའི་ཐ་ཚིགོ།། ཆོས་སོ་སོ་ཡང་དག་པར་རིག་པ་ནི་རྣམ་གྲངསུ་གཏོགས་པ་རྣམས་ལ་འདི་ལྟ་སྟེ། ་མ་རིག་པ་ལ་སོགས་པ་ལ་བརྩམས་ནས་མི་ཤེས་པ་དང་། མི་མཐོང་བ་དང་། མངོན་པར་མི་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཏིང་འཛིན་ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བའོ།། ་དོན་སོ་སོ་ཡང་དག་པར་རིག་པ་ནི། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དང་། དོན་གཞན་ལ་སོགས་པ་ལ་ས་དགོངས་པ་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཞེས་རྒྱ་ཆེར་འབྱུང་བའོ།། ངེས་པའི་ཚིག་སོ་སོ་ཡང་དག ་པར་རིག་པ་ལ་ཡུལ་མཱི་སྐད་ཅེས་བྱ་བ་ནི་ཡུལ་སོ་སོ་བས་ཇི་ལྟར་རང་རང་གིས་གཞན་དང་གཞན་མིང་གཞན་གྱི་ཐ་སྙད་འདོགས་པའོ།། ཆོས་ཀྱི་ངེས་པའི་ཚིག་ལ་ཞེས་བྱ་བ་ནི་འདི་ལྟ་སྟེ། འཇིག་པ་དང་རབ་ཏུ་འཇིག་པས་དེའི་ཕྱིར་འཇིག ་རྟེན་ཞེས་བྱ་བ་དང་། གཟུགསུ་རུང་བས་དེའི་ཕྱིར་གཟུགས་ཞེས་བྱ་བ་ལ་སོགས་པའོ།། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་རྫ་སུ་ཡོད་པའོ།། བཏགས་པའི་ཡོད་པའོ།། ཀུན་རྫོབ་ཏུ་ཡོད་པའོ།། དོན་དམ་པར་ཡོད་པའོ།། ཞེས་བྱ ་བ་ལ་སོགས་པ་ཆོས་རབ་ཏུ་འབྱེད་པའོ།། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ལ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཡང་དག་པར་འབྱོར་པའི་ཞེས་བྱ་བ་ནི་འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞེས་བྱ་བ་ལ་སོགས ་པའོ།། སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་པ་ཞེས་བྱ་བ་ནི་ལྷ་དང་མིའི་ལ་སོགས་པའོ།། སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཡང་དག་པར་འབྱོར་པ་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པ་ལ་སོགས་པའི ་སེམས་ཀྱི་རྒྱུ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བའི་ཐ་ཚིག་གོ།། སྔོན་གྱི་མཐའི་སྤྱོད་པའི་རྗེསུ་དྲན་པ་ཡང་དག་པར་འབྱེར་པའི་ཞེས་བྱ་བ་ནི་འདས་པའི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱད ་པ་ལས་བརྩམས་ཏེ། མིང་དང་རིགས་དང་རུས་ལ་སོགས་པའི་རྣམ་པའི་ལོ་དྲུང་ཞེས་བྱ་བའི་ཐ་ཚི་གོ།། འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ་ནི་ལྷའི་མིག་གིས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག ་ངན་པ་དང་། བདེ་འགྲོར་འགྲོ་བ་དང་། ངན་འགྲོར་འགྲོ་བ་དང་། ཕྱི་མའི་མཐའ་ལས་བརྩམས་ཏེ། འཆི་འཕོ་དང་། སྐྱེ་བ་མཐོང་བ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ།། ཟག་པ་ཟད་པ་ཤེས་པ་ཡང་དག་པར་འབྱོར ་པའི་ཞེས་བྱ་བ་ནི་ཐབས་གང་གིས་ཟག་པ་རྣམས་ཡོངསསུ་ཟད་པ་དང་། དེ་དག་ཡོངས་སུ་ཟད་པ་གང་ཡིན་པ་དེ་ཤོས་པ་འགྲུབ་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ།། མཚན་དང་དཔེ་བྱད་བཟང་པོ་རྣམས་ནི་གང་ཏིངངེ་འཛིན་དང་ཤེས་རབ ་ཀྱི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པའི་གཟུགས་ཀྱི་སྐུས་འདུལ་བ་རྣམས་ལ་ཀུན་ཏུ་སྟོན་ཏོ།། དེ་དག་གི་དེ་དག་ནི་དེའི་རང ་བཞིན་དུ་རིག་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་དེ་ལྟར་སྟོན་ནུས་པ་རྣམས་ཀྱང་ཏིང་འཛིན་དང་ཤེས་རབ་ཀྱི་རང་བཞིན་ནོ།། དེ་ལ་གཞན ་པ་འཁོར་གྱི་དཀྱིལ་འཁོར་དྲག་ཏུ་སྐྱེས་པ་རྣམས་ནི་དེ་ལས་བྱུང་བའི་རྣམ་པར་སྨིན་པའི་རང་བཞིན་དུ་རིག་པར་བྱའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ཆེན་པོ་ཐོབ་པ་རྣམས་ཀྱི་རྣ ་པ་ཐམས་ཅད་ཡོང་སུ་དག་པ་ནི་བཞི་སྟེ། དེ་ལ་ཇི་ལྟར་བཞེད་པ་བཞིན་དུ་གནས་ལེན་པ་དང་། བཞུགས་པ་དང་། ཡོངསུ་གཏོང་བ་ཡང་དག་པར་འབྱོར་པའི་ཞེས་བྱ་བོ་ནི་གང་དུ་བཞེད་པ་དེར་སྐྱེ་བ་འཛིན་པ་དང་། དེར་སྐྱེས་ནས་ཀྱང་ཚེའི ་འདུ་བྱེད་བྱིན་གྱིས་བརླབས་ཏེ་ཇི་སྲིད་བཞེད་པར་བཞུགས་པ་དང་། གང་གི་ཚེ་བཞེད་པ་དེའི་ཚེ་དུས་ནི་ཆའི་འདུ་བྱེད་འདོར་བ་སྟེ། གོ་རིམ་བཞི་ནོ།། ཇི་ལྟར་བཞེད་པ་བཞིན་དུ་དམིགས་པའི་དབང་དུ་མཛད་ནས་སྤྲུལ་པ་དང་བསྒྱུར་བ་དང་། ་མཁྱེན་པ་སྟོང་དག་པར་འབྱོར་པའི་ཞེས་བྱ་བ་ནི་སྟོན་མ་བྱུང་བའི་གཟུགས་ལ་སོགས་པ་སྤྲུལ་པ་དང་། སྟོན་བྱུང་བའི་གཟུགས་ལ་སོགས་པ་གསེར་ལ་སོགས་པར་བསྒྱུར་བ་དང་། རྣམ་པ་ཐམས་ཅད་ཐུགསུ་ཆུད་པའི་ཕྱིར་ཏེ་གོ་རིམ ་བཞིན་ནོ།། ཇི་ལྟར་བཞེད་པ་བཞིན་དུ་ཏིང་འཛིན་གྱི་སྒོ་ལ་དབང་སྒྱུར་བ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་ནི་སྐད་ཅིག་རེ་རེ་ལ་ཇི་ལྟར་བཞེད་པ་བཞིན་དུ་ཏིང་འཛིན་གཞན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པའི་ཕྱིརརོ།། ཇི་ལྟར་བཞེད་པ ་བཞིན་དུ་གཟུངས་ཀྱི་སྒོ་ཀུན་ཏུ་འཛིན་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་ནི་ཡི་གེ་བཞི་བཅུ་རྩ་གཉིས་ལས་ཡི་གེ་གང་ཡང་རུང་བ་ཡིད་ལ་བྱེད་པ་ན་དེས་ཐོག་མ་ཁོ་ནར་ཆོས་ཀྱི་རྣམ་གྲངས་ཐམས་ཅད་བརྗོད་ནུས་པ་ཐོབ་པའི་ཕྱིར་ཞེས ་བྱ་བའི་ཐ་ཚིགོ། སྟོབས་ནི་བཅུ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི ་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁྱམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། ་སྔོན་གྱི་གནས་རྗེསསུ་དྲན་པ་མཁྱེན་པའི་སྟོབས་དང་། ཤི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབསོ།། གནས་དང་གོནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་བསམ་གཏན་ལ་བརྟེན་ནས་རྒྱུ་དང་རྒྱུ་མ ་ཡིན་པ་རྣམ་པ་ཐམས་ཅད་དུ་མཁྱེན་པ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་སྔོན་དུ་གྱུར་པའི་ཏིང་འཛིན་ལ་སོགས་པའོ།། དེ་བཞིན་དུ་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ལ་སོགས་པ་ལ་ཡང་རྣམ་པ་ཐམས་ཅད་དུ་དེ་མཁྱེན་པ ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་སྔོན་དུ་གྱུར་པའི་ཏིང་འཛིན་ལ་སོགས་པ་ཞེས་བྱ་བར་སྦྱར་བར་བྱའོ།། མི་འཇིགས་པ་ནི་བཞི་སྟེ། མངོན་པར་རྫོགས་པར་སངས་རྒྱསོ།། ཞེས་བྱ་བ་འདི་ལ་ཆོས་འདི་དག་མངོན་པར་རྫོགས་པར་སངས ་མ་རྒྱ་སོ།། ཞེས་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་དང་། སུས་ཀྱང་ཆོས་དང་མཐུན་པས་ང་ལ་རྒོལ་བ་འམ། དྲན་པར་བྱེད་པའི་མཚན་མ་མི་མཐོང་སྟེ། མཚན་མ་དེ་མི་མཐོང་བས་བདེ་བ་ཐོབ། ་མི་འཇིགས་པ་ཐོབ། བག་ཆེ་བ་མེད་པ་ཐོབ་ནས་གནསོ།། ཁྱུ་མཆོག་གི་གནས་རྒྱ་ཆེན་པོར་ཞལ་གྱིས་འཆེའོ།། ཚངས་པའི་འཁོར་ལོ་བསྐོར་རོ།། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་སྒྲོག་གོ། ང་ཟག་པ་ཟད་དོ།། ཞེས་བྱ་བ་ལ ་ཟག་པ་འདི་དག་ཡོངསུ་མ་ཟད་དོ།། ཞེས་བྱ་བ་དང་། ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་གང་དག་བསྟན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཞེས་བྱ་བ་དང་། ཡང་ངས་ཉན་ཐོས་རྣམས་ལ་ངེས་པར ་འབྱུང་བར་བྱ་བའི་ཕྱིར། འཕགས་པ་ངེས་པར་འབྱིན་པ་ངེས་པར་འབྱུང་བའི་ལམ་གང་བཤད་པ་དེ་ངེས་པར་འབྱུང་བ་མ་ཡིནོ།། ཞེ་འམ། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་དང་། སྡུག་བསྔལ་གྱི་ཐ་མ ་བྱེད་པར་མི་འགྱུརརོ།། ཞེས་འདི་ལ་དགེ་སྦྱོང་ངམ་སུས་ཀྱང་ང་ལ་ཞེས་བྱ་བ་ནས་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅེས་བྱ་བའི་བར་དུ་རྒྱ་ཆེར་རེ་རེ་ལ་ཡང་དག་བརྗོད་པར་བྱའོ།། མི་འཇིགས་པ་བཞི་པོ་འདི་དག་ནི་རང་གི་དོན་དང་གཞན ་གྱི་དོན་ལས་བརྩམས་པར་རིག་པར་བྱའོ།། དེ་ལ་རང་གི་དོན་ནི་རྣམ་པོ་གཉིས་ཏེ། ཡེ་ཤེས་ཀྱི་ཁྱད་པར་དང་། སྤངས་པའི་ཁྱད་པར་རོ།། གཞན་གྱི་དོན་ཡང་རྣམ་པ་གཉིས་ཏེ། མི་མཐུན་པའི་ཆོས་ཡོངསུ་སྤོང་བ་དང་། གཉེན་པོའི ་ཆོས་ལ་བརྟེན་པའོ།། དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི་ཡེ་ཤེས་ཀྱི་བདག་ཉིད་དེ་རང་གི་དོན་ལ་བརྩམས་ནས་རྣམ་པ་ཐམས་ཅད་དུ་ངས་རབ་ཏུ་དབྱེ་བའི་མཐའ་དང་བཅས་པར་ཞེས་བྱ་བ་མངོན་པར ་སངས་རྒྱསོ།། ཞེས་ཞལ་གྱིས་འཆེ་བ་སྟེ། ཡང་དག་པར་རྒོལ་བ་མེད་པར་འཇིག་རྟེན་ཐམས་ཅད་དུ་འཇོག་པ་ཡང་དག་པར་འབྱོར་པའི་ཏིང་འཛིན་གང་ཡིན་པ་ཞེས་བྱ་བ་སྔ་མ་བཞི་ནོ།། མི་འཇིགས་པ་ལྷག་མ་རྣམས་ཀྱང་དེ ་བཞིན་དུ་སྦྱར་བར་བྱའོ།། ཟག་པའི་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམ་སུ་རིག་པར་བྱའོ།། བར་དུ་གཅོད་པའི་ཆོས་རྣམས་པ་ཐམས་ཅད་ཅེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཆོས ་ཀུན་ནས་ཉོན་མོངས་པ་ཐམས་ཅད་དུ་རིག་པར་བྱའོ།། ངེས་པར་འབྱིན་པའི་ལམ་གྱི་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་སྦྱོར་བ་ནས་བཟུང་སྟེ། མཐར་ཕྱིན་པའི་ལམ་གྱི་བར་དུ་རིག་པར་བྱའོ།། དྲན་པ་ཉེ་བར་བཞག་པ་གསུམ་ནི་འདི ་ལྷ་སྟོན་པ་ཐུགས་བརྩེ་བ་ཅན་ཐུགས་རྗེ་དང་ལྡན་པ། དོན་བཞེད་པོ། ཕནྡ་པ་བཞེད་པ། ཐུགས་རྗེ་ཅན་ཉན་ཐོས་རྣམས་ལ་དགེ་སློང་དག་འདི་ནི་ཕན་པར་འགྱུར་བའོ།། འདི་ནི་བདེ་བར་འགྱུར་བའོ།། ཞེས་ཆོས་སྟོན་པ་འདི་ལ་ཉན ་ཐོས་དེ་དག་གུས་པར་ཉན་པ་དང་། རྣ་བ་གཏོད་པ་དང་། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པ་དང་། ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་སྒྲུབ་པ་དེ་ལ་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར། ཡིད་བདེ་བར་མི་འགྱུར། ་ཐུགས་དགའ་བ་ཡ་ཡ་བོར་མི་འགྱུར་གྱི། བཏང་སྙོམས་ཅན་དུ་དེ་བཞིན་གཤེགས་པ་དེ་ལ་གནས་ཏེ། དྲན་པ་དང་ཤེས་བཞིན་དང་ལྡན་པ་འདི་ནི་མྱ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དང་པོ་སྟེ། ་གང་འཕགས་པ་བསྟེན་པ་བསྟེན་ནས་ཀྱང་འཁོར་ལ་རྗེསུ་བསྟན་པར་འོས་པའོ།། གཞན་ཡང་སྟོན་པ་འདི་ནི་ཕན་པ་དང་བདེ་བར་འགྱུར་བའོ།། ཞེས་བྱ་བའི་བར་དུ་ཆོས་སྟོན་པ་དེ་ལ་ཉན་ཐོས་དེ་དག་གུས་པར་མི་ཉན ་པ་ནས། ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་མི་སྒྲུབ་པའི་བར་དེ་ལ་དེ་བཞིན་གཤེགས་པ་ཀུན་ནས་མནར་སེམས་སུ་མི་འགྱུར། མི་བཟོད་པར་མི་འགྱུར། ཐུགས་མི་ཆེས་པར་མི་འགྱུར། ཐུགས་མི་མཉེས་པར་མི་འགྱུར་གྱི ་བཏང་སྙོམས་ཅན་དུ་དེ་ལ་ཞེས་བྱ་བ་རྒྱ་ཆེར་སྦྱར་བ་སྟེ། འདི་ནི་གཉིས་པའོ།། གསུམ་པའི་བྱེ་བྲག་ནི་འདི་ཡིན་ཏེ། དེ་ལ་ཉན་ཐོས་ཁ་ཅིག་གུས་པར་ཉན་པ་ནས་ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་པ་དང་། ཁ་ཅིག ་གུས་པར་མི་ཉན་པ་ནས་ཆོས་ཀྱི་རྗེསུ་མཐུན་པའི་ཆོས་མི་སྒྲུབ་པའ་བར་དེ་ལ་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར་བ་ནས་ཐུགས་མི་མཉེས་པར་མི་འགྱུར་བའི་བར་དུའོ།། དྲན་པ་ཉེ་བར་གཞག་པོ་གསུམ་པོ་འདི ་དག་ནི་སྟོན་པའི་ཚོགས་ཡོང་སུ་སྡུད་པ་ལ་གོ་རིམ་བཞིན་དུ་རྗེ་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། དེ་གཉི་གའི་ཀུན་ནས་ཉོན་མོངས་པ་དང་། བག་ཆགས་ཀྱི་རྣམ་པ་ཐམས་ཅད་ཀུན་ཏུ་མི་འབྱུང་བ་ཡང་དག་པར་འབྱོར་པའི ་ཏིང་འཛིན་ལ་སོགས་པའོ།། བསྲུང་བ་མེད་པ་གསུམ་པ་ནི་དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཀྱི་སྤྱོད་པ་ཡོངསུ་དག་བྱ་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་ཕྲིན་ལས་ཡོངསུ་མ་དག་པ་མེད་དེ། བདག་ལ་གཞན་གྱིས ་ཤེསུ་འོང་ངོ་།། ཞེས་བཅབ་པར་དགོངས་པ་མེད་པ་དང་། དེ་བཞིན་དུ་གསུང་དང་ཐུགས་ཀྱི་ཕྲིན་ལས་ལ་ཡང་རིག་པར་བྱའོ།། དེ་དག་གི་ཐ་སྙད་གདག་སུ་མེད་པས་དོགས་པ་མི་མངའ་བའི་ཕྱིར། སྟོན་པ་ཉིད་ཀྱིས་གདུལ་བའི ་སྐྱེ་བོ་བསྡུ་བ་ལས་བརྩམས་ཏེ། ཇི་ལྟར་བཞེད་པ་བཞིན་དུ་ཚར་བཅད་དེ་སྒྲ་བཀོང་ནས་གདགས་པ་དང་རྗེསུ་བསྟན་པ་ལ་སྦྱོར་བ་ཡང་དག་པར་འབྱོར་པར་རིག་པར་བྱའོ།། བསྙེལ་བ་མེད་པའི་ཆོས་ཉིད་ནི་གདུལ་བའི་བྱ་བ ་ཐམས་ཅད་ལས་བརྩམས་ཏེ། ཇི་ལྟ་བ་བཞིན་དུ་མཛད་པ་དང་གསུངས་པའི་རྣམ་པ་ཐམས་ཅད་མངོན་པར་བརྗོད་པ་ཡང་དག་པར་འབྱོར་པའི་ཏིང་འཛིན་ལ་སོགས་པའོ།། བག་ཆགས་ལེགས་པར་བཅོམ་པ་ནི་ཐམས་ཅད ་མ་ཁྱེན་པར་གྱུར་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ལྷག་མ་ཡོད་པ་སྟོན་པའི་སྐུ་དང་གསུང་གི་གཡོ་བ་ཀུན་ཏུ་མི་འབྱུང་བ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ།། ཐུགས་རྗེ་ཆེན་པོ་ནི་ཁམས་གསུཾ ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ལ་དམིགས་པའི་ཐུགས་རྗེ་ལ་གནས་པ་ཡང་དག་པར་འབྱོར་པའི་ཏིང་འཛིན་ལ་སོགས་པའོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅོ་བརྒྱད་སྟེ། འདི ་ལྟ་སྟེ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་དང་། བསྙེལ་བ་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི ་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ ་མེད་པ་དང་། དེ་བཞིན་གཤེགས་པའི་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེ་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲེ་ཞིང་ཡེ་ཤེས་ཀྱི་རྗེསུ་འབྲང་བ་དང་། ཡིད་ཀྱི་ལས ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེ་སུ་འབྲང་བ་དང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང་། ད་ལྟར་བྱུང་བའི་དུས་ལ ་མ་ཆགས་མ་ཐོགས་པའི་ཡེ་ཤེསོ།། དེ་དག་གི་རྣམ་པར་བཞག་པ་ནི་འདི་ལྟ་སྟེ། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་རྒྱུ་བ་ན་རེས་དགའ་གླང་པོ་ཆེ་གཏུམ་པོ་དང་ལྷན་ཅིག་འགྲོ་བ་དང་། གླང ་པོ་ཆེ་གཏུམ་པོ་དང་ཇི་ལྟ་བ་དེ་བཞིན་དུ་རྟ་གཏུམ་པོ་དང་། བ་རྡུང་དྲུས་མ་དང་། ཁྱི་ཟ་བ་དང་། ཆང་ཚིང་ཚེར་མས་འཛིངས་པ་དང་། སྦྲུལ་པ་རྐང་པ་གཉིས་ཀས་བརྫི་བ་དང་། གང་དུ་བུད་མེད་མི་རིགས་པས་བསྐྱེད་པས་ཐོས་པོའི ་ཁྱིམ་དེ་ལྟ་བུར་འཇུག་པ་དང་། དགོན་པར་ལམ་ནོར་ནས་ལམ་ལོག་པར་འགྲོ་བ་དང་། ཆོམ་རྐུན་རྣམས་དང་། རྐུན་པོ་རྣམས་དང་། སེང་གེ་དང་། སྟག་དང་། སྤྱང་ཀི་དང་ལྷན་ཅིག་འགྲོ་བ་དང་། དེ་ལྟ་བུ་དང་མཐུན་པ་ལ་སོགས་དགྲ ་བཅོམ་པའི་འཁྲུལ་པ་དེ་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ།། གཞན་ཡང་དགྲ་བཅོམ་པ་རེས་འགའ་དགོན་པ་ན་ནགས་ཁྲོས་ཆེན་པོར་རྒྱུ་བ་ན་ལམ་བོར་ཏེ། གྲོང་སྟོང་དུ་ཕྱིན་ནས་སྒྲ་འབྱིན་པ། ་དང་། སྒྲ་སྒྲོགས་པ་དང་། ཀུ་ཅོ་ཆེར་འདོན་པ་དང་། བག་ཆགས་ཀྱི་ཉེས་པ་ལ་བརྟེན་ནས་ཉོན་མོངས་པ་ཅན་གྱི་གུད་མོ་རྟ་གང་སོ་སྣང་བར་རྒོད་པ་དང་། འཕྱ་བ་ཉེ་བར་སྟོན་པ་དང་། དེ་ལྟ་བུ་དང་མཐུན་པའི་དགྲ་བཅོམ་པའི་ཅི་ཅོ་དེ ་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའ་བའོ།། དེ་བཞིན་གཤེགས་པ་ལ་བསྙེལ་བ་མེད་ཉོན་མོངས་པ་མེད་པར་ཡུན་རིང་པོ་ནས་མཛད་པ་དང་གསུངས་པ་རྗེསུ་དྲན་པའི་ཕྱིརརོ།། གཞན་ཡང་དགྲ་བཅོམ་པ ་ནི་སྙོམས་པར་ཞུགས་ནས་མཉམ་པར་བཞག་པར་འགྱུར་གྱི་ལངས་ནས་མཉམ་པར་བཞག་པ་ནི་མ་ཡིན་ནོ།། དེ་བཞིན་གཤེགས་པ་ལ་ནི་གནས་སྐབས་ཐམས་ཅད་དུ་སེམས་མཉམ་པར་བཞག་པོ་མེད་དེ།། གཞན་ཡང་དགྲ་བཅོམ ་པ་ནི་ཕུང་པོ་ལ་ཤིན་ཏུ་མི་མཐུན་པའི་འདུ་ཤེས་སུ་ལྟ་ཞིང་ཕུང་པོ་མེད་པ་མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེསུ་འགྱུར་རོ།། དེ་བཞིན་གཤེགས་པ་ལ་ནི་ཕུང་པོ་དང་མྱ་ངན་ལས་འདས་པ་ལ་ཐ་དད་པའི་འདུ་ཤེས་མི་མངའོ།། ། ་གཞན་ཡང་དགྲ་བཅོམ་པ་ནི་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་རོ།། དེ་བཞིན་གཤེགས་པ་ལ་ནི་དེ་ལྟ་བུ་དང་མཐུན་པ་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ།། གཞན་ཡང ་དགྲ་བཅོམ་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ལས་བརྩམས་ཏེ། འདུན་པ་ལས་ཀྱང་མ་ཐོབ་པའི་ཡོངསུ་ཉམས་པས་ཡོངསུ་ཉམ་སོ།། བརྩོན་འགྲུས་དང་དྲན་པ་དང་ཏིངངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བ་ལས ་ཀྱང་ཡོངསུ་ཉམས་སོ།། དེ་བཞིན་གཤེགས་པ་ལ་ནི་ཡོངསུ་ཉམས་པ་རྣམ་པ་འདི་དྲུག་མེད་དོ།། འཕྲིན་ལས་གཞན་ཡང་དགྲ་བཅོམ་པ་ནི་རེས་འགའ་ལུས་ཀྱི་ལས་དགེ་བ་ལ་འཇུག། རེས་འགའ་ལུང་དུ་མ་བསྟན་པ་ལ་འཇུག་གོ།། ་ལུས་ཀྱི་ལས་ཇི་ལྟ་བུ་དག་གི་ལས་དང་ཡིད་ཀྱི་ལས་ཀྱང་དེ་བཞིན་ནོ།། དེ་བཞིན་གཤེགས་པའི་ཕྲིན་ལས་གསུམ་པོ་ནི་ཡེ་ཤེས་སྔོན་དུ་འགྲོ་བ་དང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ལུང་དུ་མ་བསྟན་པའི་ལས་མེདདོ།། དེ་ལ་ཡེ ་ཤེས་ཀྱིས་ཀུན་ནས་བསླང་བའི་ཕྱིར་ཡེ་ཤེས་ཀྱི་སྔོན་དུ་འགྲོ་བའོ།། ཡེ་ཤེས་དང་ལྷན་ཅིག་རྒྱུ་བའི་ཕྱིར་ཡེ་ཤེས་ཀྱི་རྗེ་སུ་འབྲང་བའོ།། གཞན་ཡང་དགྲ་བཅོམ་པ་ནི་རྩོལ་བ་ཙམ་དུ་གྱིས་དུས་གསུམ་གྱི་ཤེས་བྱའི་དངོས་པོ་རྟོགས་པར ་མི་འགྱུར་ཏེ། དེས་ན་དེའི་ཡེ་ཤེས་མཐོང་བ་ཆགས་པར་འགྱུརརོ།། ཐམས་ཅད་རྟོགས་པར་ཡང་མི་འགྱུར་ཏེ། དེས་ན་དེའི་ཡེ་ཤེས་མཐོང་བ་ཐོགས་པར་འགྱུར་རོ།། དེ་བཞིན་གཤེས་པ་ནི་རྩོལ་བ་ཙམ་གྱིས་དུས་གསུམ་གྱི་ཤེས ་བྱའི་དངོས་པོ་ཐམས་ཅད་རྟོགས་ཏེ། དེ་ལྟ་བས་ན་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ།། དེ་ལ་འདི་དག་ལས་དང་པོ་དྲུག་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པ་ཡོངསུ་དག་པ་ཡང ་དོག་པར་འབྱོར་པའི་ཏིང་འཛིན་ལ་སོགས་པའོ།། དེ་ལ་འཁྲུལ་པ་མེད་ཅེས་བྱ་བ་ནི་སྐུའི་ཕྲིན་ལས་ཡོངསུ་དག་པ་ལས་བརྩམས་པའོ།། ཅ་ཅོ་མེད་ཅེས་བྱ་བ་འདི་ནི་གསུང་གི་ཕྲིན་ལས་ཡོངསུ་དག་པ་ལས་བརྩམས་པའོ།། བསྙེལ ་བ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སེམས་མཉམ་པར་མི་བཞག་པ་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་ཅེས་བྱ་བ་འདི་བཞིས་ནི་ཐུགས་ཀྱི་ཕྲིན་ལས་ཡོངསུ་དྲུག་པར་རིག་པར་བྱའོ།། འདུན ་པ་ཉམས་པ་མེད་ཅེས་བྱ་བ་ནས་རྣམ་པར་གྲོལ་བ་ཉམས་པ་མེད་ཅེས་བྱ་བའི་བར་དུ་དྲུག་ནི་དེ་བཞིན་གཤེགས་པའི་དབང་པོ་ལྟ་གནས་པ་དང་བཅས་པོ་དང་། འབྲས་བུ་དང་བཅས་པ་རྣམས་མ་ཐོབ་པའི་ཡོང་སུ་ཉམས་པ་མེད་པ ་ཡང་དག་པར་འབྱོར་པའི་ཏིངངེ་འཛིན་ལ་སོགས་པའོ།། དེ་ལ་གནས་ནི་འདུན་པའོ།། འབྲས་བུ་ནི་རྣམ་པར་གྲོལ་བའོ།། དབང་པོ་ནི་བརྩོན་འགྲུས་ལ་སོགས་པར་རིག་པར་བྱའོ།། ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཐམས་ཅད ་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེསུ་འབྲང་བ་ཞེས་བྱ་བ་འདི་གསུམ་ནི་ཐུན་མོང་མ་ཡིན་པའི་ཕྲིན་ལས་མཛད་པ་ཡང་དག་པར་འབྱོར་པའི་ཏི་ངེ་འཛིན་ལ་སོགས་པའོ།། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ ་ཤེས་ཞེས་བྱ་བ་ནས། ད་ལྟར་བྱུང་བའི་དུས་ལ་ཞེས་བྱ་བ་འདི་གསུམ་ནི་ཡེ་ཤེས་ལ་གནས་པ་ཐུན་མོངས་མ་ཡིན་པ་ཡང་དག་པར་འབྱོར་པའི་ཏིང་འཛིན་ལ་སོགས་པའོ།། ཕུང་པོ་དང་ཁམས་དང་སྐྱེ་མཆེད ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་འབྱོར་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དང་ཁྱད་པར་གྱི་མཚན་ཉིད་དང་རབ་ཏུ་དབྱེ་བའི་མཐར་ཐུག་པ་མཁྱེན་པ་གྲུབ་ཅེས་བྱ་བའི་ཐ་ཚི་གོ།། དེ་དག་ནི ་ན་པར་སྒྲུབ་པ་གནས་དང་། མངོན་པར་སྒྲུབ་པ་པོ་གང་ཟག་དང་། མངོན་པར་སྒྲུབ་པའི་ཐབས་ཀྱིས་ཡོངས་བསྡུ་ནོ།། མངོན་པར་སྒྲུབ་པའི་ཐབས་ནི་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་ལན་མང་དུ་ཡིད་ལ་བྱེད་པ་སྟེ། ཇི ་ལྟར་བསྟན་པོ་བཞིན་དུ་སེམས་མཉམ་པར་བཞག་ནས་ཡང་དང་ཡང་དེ་ལ་འཇོག་ཅེས་བྱ་བའི་ཐ་ཚིག་གོ།། འདི་ལྟ་སྟེ་ཚད་མེད་པ་མངོན་པར་སྒྲུབ་པར་འདོད་པ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ་འགྲོན་ཟླ་མེད་པ ་ཞེས་བྱ་བ་ལ་སོགས་པས་བསྟན་པ་བསམ་གཏན་ལ་བརྟེན་ནས་བསམས་པས་ཡིད་ལ་བྱེད་པས་མང་དུ་བྱེད་དོ།། དེ་བཞིན་དུ་མངོན་པར་ཤེས་པ་ལ་སོགས་པ་རྣ་མངོན་པར་སྒྲུབ་པར་འདོད་པས་གཅིག་ཏུ་གྱུར་ནས་མང་པོར་འགྱུར ་ཞེས་བྱ་བ་ལ་སོགས་པ་རྣམ་པར་བཞག་པ་ཡིད་ལ་བྱེད་པས་མང་དུ་བྱེད་དོ།། ཞེས་སྦྱར་བར་བྱའོ།། ཚད་མེང་པ་ལ་སོགས་པ་ཡོན་ཏན་འདི་དག་ནི་རྣམ་པ་གཉིས་ཏེ། རང་གི་བྱ་བ་ལ་ཉེ་བར་གནས་པ་ནི་གང་དག་གིས་འཕགས ་བ་ཅི་རིགསུ་མི་མཐུན་པའི་ཕྱོགས་སྤོང་བ་ལ་སོགས་པའི་ལས་བྱེད་པའོ།། གནས་པ་ལས་གྱུར་པ་ནི་མཆོག་ཏུ་ཞི་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བསྡུས་པ་དམིགས་པ་མེད་པའི་ཚད་མེད་པ་ལ་སོགས་པ་གང་དག ་གིས་མཐོང་བའི་ཆོས་ཡ་བདེ་བར་གནས་པའོ།། དེ་ལ་ཚད་མེད་པ་རྣམས་ཀྱིས་མི་མཐུན་པའི་ཕྱོགས་སྤོང་ངོ་།། ཞེས་བྱ་བ་ནི་གནོད་སེམས་དང་། རྣམ་པར་འཚོ་བ་དང་། མི་དགའ་བ་དང་། རྗེ་སུ་ཆགས་པ་དང་། ཁོང་ཁྲོ་བ ་དང་། གོ་རིམ་བཞིན་ནོ།། ཚད་མེད་པ་བཞི་པོ་འདི་དག་ནི་སྙིང་བརྩེ་བ་ཞེས་བྱ་སྟེ། འདི་དག་གིས་སེམས་ཅན་གྱི་དོན་གྱི་རྗེ་སུ་མཐུན་པར་འཇུག་པའི་ཕྱིརརོ།། དེའི་ཕྱིར་དེ་དག་གི་གནས་ན་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་གནས ་པས་བསོད་ནམས་ཀྱི་ཚོགས་ཡོངསུ་རྫོགས་བྱར་མཛད་དོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངསུ་སྨིན་པར་མཛད་པ་ལ་ཡོངསུ་མེ་སྐྱོ་སྟེ། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་བདག་ལ་མི་ལྟ་བའི་ཕྱིར།། རྣམ་པར་ཐར་པ ་རྣམས་ལས་གཉིས་ཀྱིས་ནི་སྤྲུལ་པའི་ལམ་མངོན་པར་སྒྲུབ་བོ།། གསུམ་པས་ནི་དགེ་བ་སྤྲུལ་པ་ལ་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ།། གཟུགས་མེད་པའི་རྣམ་པར་ཐར་པ་བཞི་ནི་ཞི་བའི་རྣམ་པར་ཐར་པ་རྣམས་ལ་མི་ཆགསོ།། ་ཐ་མས་ནི་འཕགས་པའི་གནས་པ་མཆོག་ཏུ་རབ་ཏུ་ཞི་བོའི་གནས་པས་གནས་ཏེ། དེ་ལྟ་དེ་ལྟར་མོས་པའི་དོན་ནི་རྣམ་པར་ཐར་པའི་དོན་དུ་རིག་པར་བྱའོ།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པའི་ལས་ཀྱང་སྔ་མ་བཞིན ་དུ་དེ་བསྟན་པའི་ཚུལ་དུ་སྦྱར་བར་བྱའོ།། ཉོན་མོངས་པ་མེད་པས་ནི་གཞན་གྱིས་སེམས་རྗེསུ་བསྲུང་བ་གཅེས་སུ་བྱེད་པས་ཇི་ལྟར་མཐུན་པ་བཞིན་དུ་སྨྲ་བའི་ཕྱིར་གཟུང་བའི་ཚིག་ཏུ་འགྱུར་རོ།། བསམས ་ནས་ཤེས་པས་ནི་ཐམས་ཅད་ཤེསོ།། ཞེས་གུས་པར་བྱ་བའི་ཕྱིར་འཇིག་རྟེན་ན་མང་པོས་བཀུར་བར་འགྱུར་རོ།། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ནི་རྣམ་པ་སྣ་ཚོགས་མང་པོས་ཐེ་ཚོམ་གཅོད་པའི་ཕྱིར་བཤད་པས་སེམས ་ཅན་རྣམས་ཀྱི་སེམས་ཚིམ་པར་མཛད་།། རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དང་། འཆི་འཕོ་བ་དང་སྐྱེ་བ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་ཀྱིས་ནི་གོ་རིམ ་བཞིན་དུ་ལུས་ཀྱི་ལས་ལ་སོགས་པས་བསྟན་པ་ལ་འདུན་པར་མཛད་དོ།། ལྷའི་རྣ་བའི་མངོན་པར་ཤེས་པས་ནི་སྤྱིའི་རྣམ་པ་ཐམས་ཅད་རྟོགས་ནས་ངག་གི་ལས་ཀྱིས་འདུན་པར་མཛད་པར་རིག་པར་བྱའོ།། གནས་ཡོངསུ ་དག་པས་ནི་ཇི་ལྟར་བཞེད་པ་བཞིན་དུ་གནས་ལེན་པ་དང་། བཞུགས་པ་དང་། ཡོངསུ་གཏོང་བའི་དབང་དུ་བྱས་ནས་སྲིད་པར་སྐྱེ་བ་ཡོངསུ་འཛིན་པ་ལ་སོགས་པ་གསུམ་དུ་རིག་པར་བྱའོ།། དམིགས་པ་ཡོང་སུ་དག་པས་ནི ་ཆོས་ལ་དབང་སྦྱར་རོ།། སེམས་ཡོངསུ་དག་པས་ནི་ཏིང་འཛིན་ལ་དབང་སྒྱུར་རོ།། ཡེ་ཤེས་ཡོང་སུ་དག་པས་ནི་དམ་པའི་ཆོས་ཡང་དག་པར་འཛིན་ཏོ།། སྟོབས་རྣམས་ཀྱི་ནང་ནས་སྟོབས་གཉིས་ཀྱིས་ནི་མངོན་པར་མཐོ་བའི་ལམ ་སྟོན་ཏོ།། ལྷག་མ་རྣམས་ཀྱིས་ནི་ངེས་པར་ལེགས་པའི་ལམ་སྟོན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཛད་པ་ནི་འདི་དགོ།། དེ་ལ་བཅོམ་ལྡན་འདས་ཀྱི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་མངོན ་པར་མཐེ་བ་རྒྱུ་མེད་པ་ལས་བྱུང་བ་དང་། རང་བཞིན་དང་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་ངོ་།། ཞེས་རྒྱུ་མེད་པ་དང་མི་མཐུན་པ་རྒྱུར་སྨྲ་བ་དེ་སྤོང་ངོ་།། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ནི་ལས་བདག་གི་མ་བྱས ་ཀླད་ལས་འོང་ངོ་།། ཞེས་ལས་མ་བྱས་པ་དང་ཕྲད་པར་སྨྲ་བ་དེ་སྤོང་སྟེ། འདི་ལྟར་ཡང་དོག་པར་མ་ནོར་པར་བདེ་འགྲོའི་ལམ་སྟོན་ཏོ།། བསམ་གཏན་དང་རྣམ་པར་ཐར་ཏིང་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱི ་ནི་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་རྣམས་ཏེ། སེམས་ཀྱི་རྒྱུ་བ་རྣམས་རྗེ་སུ་རྟོག་སོ།། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་བཤད་པའི་སྣོད་དད་པ་ལ་སོགས་པའི་དབང་པོ་ཡོངསུ་སྨིན་པ་རྗེས་སུ ་རྟོག་སོ།། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་བསྣམ་པ་སྟེ། ངན་པ་དང་བཟང་པོ་ལ་མོས་པ་རྗེ་སུ་རྟོག་སོ།། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་ངག་ལ་ཉལ་སྐྱེང་ནུས་པའི་ཉོན་མོངས་པ་རྗེསུ་རྟོག་སོ།། ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ནི་དམིགས་པ་ཉན་ཐོས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་བསྟན་པའི་ཆོས་ཀྱིས་བསྡུས་པ་རྗེ་སུ་རྟོགས་སོ།། སྔོན་གྱི་གནས་རྗེསུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་ནི་ཚེ ་རབས་སྔ་མ་དག་ན་ཚོགས་ཡང་དག་པར་སྒྲུབ་པ་འཕགས་པའི་ལམ་གྱི་རྒྱུ་རྗེ་སུ་རྟོག་སོ།། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་ནི་ཕྱི་མ་ལ་འོས་སུ་འགྱུར་བ་རྗེསུ་རྟོག་སོ།། ཟག་པ་ཟད་པ་མཁྱེན་པའི་སྟོབ ་ཀྱིས་ནི་འཇིག་རྟེན་ན་ཐམས་ཅད་ནས་ངེས་པར་འབྱུང་བ་རྗེ་སུ་རྟོགས་ཏེ། གང་ལས་ཇི་ལྟ་བ་བཞིན་དུ་ཐར་པའི་ལམ་སྟོན་ཏོ།། སྟོབས་ཉིད་ནི་འདི་དག་གི་ཕུང་པོ་དང་། ཉོན་མོངས་པ་དང་། ལྷའི་བུ་དང་། འཆི་བདག་གི་བདུད་ཚར་གཅོ ་པའི་ཁྱད་པར་གྱི་ཕྱིར་རོ།། ཁྱད་པར་ནི་ཤེས་བྱའི་སྒྲིབ་པ་སྤངས་ནས་པར་ཆད་མི་བྱེད་པ་དང་། གནས་དང་གནས་མ་ཡིན་པ་ནས་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་བར་ཐམས་ཅད་དུ་དྲི་བ་དྲིས་ན་ལུང་སྟོན་པ་ལ་ཐོགས ་པ་མེད་པའི་ཕྱིརརོ།། མི་འཇིགས་པ་རྣམས་ཀྱིས་ནི་འཁོར་གྱི་ནང་དུ་བདག་སྟོན་པ་ཡང་དག་པ་བདག་དང་གཞན་ལ་ཕན་པར་ཞུགས་པ་ཉིད་དུ་འཇོག། མངོན་པར་རྫོགས་པར་བྱང་ཆུབ་པ་ནས་ལམ་གྱི་བྱར་ལ་རྒོལ་བའི་མུ ་སྟེགས་ཅན་རྣམས་ཆོས་དང་མཐུན་པས་ཚུར་གཅོད་དོ།། དྲན་པ་ཉེ་བར་གཞགས་པ་རྣམས་ཀྱིས་ནི་གུས་པར་ཉན་པ་ལ་སོགས་པ་ལྔ་རྟེ་སུ་ཆགས་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིརརོ།། ཀུན་ནས་ཉོན་མོངས ་པ་ཅན་མ་ཡིན་པས་ཚོགས་ཡོང་སུ་སྡུད་དོ།། བསྲུང་བ་མེད་པ་རྣམས་ཀྱིས་ནི་རང་གི་ཉེས་པ་བརྗོད་དུ་དོགས་ནས་བསྲུང་བ་མེད་པའི་ཕྱིར་རྒྱུན་མི་འཆད་པར་ཚོགས་ལ་འདོམསོ།། བསྙེལ་བ་མེད་པའི་ཆོས་ཉིད་ཀྱིས་ནི་སེན་གྱི ་དོན་བྱ་བ་ཉེ་བར་གནས་པ་ལ་སྐད་ཅིག་ཡང་བག་མེད་པས་འགལ་བར་མི་འཛིན་པའི་ཕྱིར་སངས་རྒྱས་ཀྱི་མཛད་པ་མི་འདོར་རོ།། བག་ཆགས་ལེགས་པར་བཅོམ་པ་ནི་ཇི་ལྟར་དགྲ་བཅོམ་པ་ལ་འཁྲུལ་པ་ལ་སོགས་པ་སྟོན་པ ་ལྟ་བུ་མ་ཡིན་ཏེ། ཉོན་མོངས་པ་མེད་པས་ཉོན་མོངས་པ་ལྟ་བུའི་སྤྱོད་པ་མི་སྟོན་ཏོ།། ཐུགས་རྗེ་ཆེན་པོས་ནི་སུ་ཉམས་པར་འགྱུར་སུ་འཕེལ་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་སོ་སོར་རྟོགས་པའི་ཕྱིར་ཉིན ་མཚན་ལན་དྲུག་ཏུ་འཇིག་རྟེན་ལ་རྣམ་པར་གཟིག་སོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པ་ཡོང་སུ་དག་པར་འབྱོར་པའི་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད ་བསྟན་པའི་སྐབས་བཞིན་དུ་སྦྱར་བར་བྱའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནི་ཐམས་ཅད་དུ་ཡེ་ཤེས་ཐོགས་པ་མེད་པས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་དོ།། ཐེ་ཚོམ་གཅད་པའི་ཕྱིར་དེ་དང་དེར་བསྟན་པའི་ཆོས ་ཀྱི་རྣམ་གྲངས་རྣམས་ཡང་དག་པར་བསྔོས་པའི་རིམ་གྱིས་ཡང་དག་པར་བསྡུས་ནས་ཆོས་ཀྱི་ཚུལ་ཡང་ཡུན་རིང་དུ་འཇོག་གོ། ཆོས་ཀྱི་ཚུལ་དེ་ལ་བརྟེན་ནས་སེམས་ཅན་ཡོངསུ་མ་སྨིན་པ་རྣམས་ནི་ཡོང་སུ་སྨིན་པར་མཛད། ་ཡོངསུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དོ།། ཁྱད་པར་དུ་འཕགས་པའི་ལམ་ཐོབ་ན་ལམ་དམན་པ་འདོར་བ་ནི་འདི་ལྟ་སྟེ། འབྲས་བུས་བསྡུས་པའི་ལམ་ཐོབ་པར་གྱུར་ན་འཇུག་པའི་ལམ་རྣམ་པར་འདོར་ཞེས་བྱ་སྟེ། ་ཡང་སྔོན་དུ་མི་བྱེད་པའི་ཕྱིརརོ།། སྡོམས་ཏེ་སྤོང་བ་ཡང་མངོན་སུ་དུ་བྱེད།། ཞེས་བྱ་བ་འདི་ནི་འབྲས་བུ་ཐོབ་པའི་དུས་ཏེ། དེའི་མི་མཐུན་པའི་རིགས་ཀྱི་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་མ ་ལུས་པར་སྤངས་པས་གནས་གྱུར་པོའི་ཁྱད་པོར་ཐོབ་པའི་ཕྱིརརོ།། རྒྱུན་ཡང་དག་པར་གཅོད་པའི་རྣམ་པར་འདོར་བས་རྣམ་པར་སྤོང་ཞེས་བྱ་བ་ནི་གཏན་དུ་ཀུན་ཏུ་མི་སྤྱོད་པས་རྣམ་པར་འདོ་ཞེས་བྱ་བའི་ཐ་ཚིག་གོ། བྱང ་ཆུབ་སེམས་དཔའ་ནི་དེ་ལྟར་རྣམ་པར་སྤོང་བ་མ་ཡིན་ཏེ། དེའི་ལམ་ནི་སེམས་ཅན་ཐམས་ཅད་ཡོང་སུ་མྱ་ངན་ལས་འདའ་བའི་བྱསམ་པ་སྔོན་དུ་བཏང་བའི་ཕྱིར་རོ།། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩོབ ་མི་ཟད་པ་དང་ཡོན་ཏན་མི་ཟད་པ་ཞེས་བྱ་སྟེ། འདི་ལྟར་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་མི་ཟད་པ་བསྟན་པ་རྣམས་ཡིནོ།། འཇིག་རྟེན་རྟག་པའོ་མི་རྟོག་པའོ།། ཞེས་བྱ་བ་ལ་སོགས་པ་དྲི་བ་ལ་ལུང་མི་སྟོན་པའི་དངོས ་པོ་རྣམ་པར་བཞག་པ་ནི་དོན་དང་མི་ལྡན་པས་ཚུལ་བཞིན་མ་ཡིན་པའི་ཕྱིརརོ།། འདྲི་བ་དེ་དག་གི་འདྲི་བའི་དོན་དང་ལྡན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་ལས་བརྩམས་ནས་གང་འདྲི་བ་སྟེ། འདི་ལྟར ་དེ་རྒྱུ་དང་འབྲས་བུ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་སེམས་པའི་ནང་དུ་གཏོགས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཀྱང་རྒྱུན་ཏུ་ཞུགས་པ་ལ་སོགས་པར་རྣམ་པར་མི་བཞག་པ་ནི ་མི་གནས་པའི་ལམ་ཐོབ་པའི་རྒྱུན་ལ་འཇུག་པ་ཡོངསུ་མ་གྲུབ་པའི་ཕྱིརརོ།། ཞེས་བྱ་བ་ནི་རྣམ་པ་དྲུག་སྟེ། འཁྲུལ་པ་ནས་མ་འཁྲུལ་པའི་རྒྱུ་མཐུན་པའི་བར་དུའོ།། དེ་ལ་འཁྲུལ་པ་ནི་གཟུང་བ་དང་འཛིན་པར་མངོན་པར་ཞེན་པའོ།། འཁྲུལ ་པའི་གནས་ནི་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འདུ་བྱེད་ཀྱི་རྒྱུ་ཙམ་ཡང་དོག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་བདག་ཉིད་དུ་གྱུར་པ་གང་ལ་བྱིས་པ་རྣམས་མངོན་པར་ཞེན་པས་འཇུག་པའོ།། མ་འཁྲུལ་པའི་གནས་ནི་དེ་བཞིན་ཉིད།། ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྟེན་ཡིན་པའི་ཕྱིརརོ།། འཁྲུལ་པ་ཡང་ཡིན་ལ་མ་འཁྲུལ་པ་ཡང་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་མཐུན་པ་ཐོས་པ་ལས་བྱུང་བ་ལ་སོགས་པ་དགེ་བའི་ཆོས་རྣམས་ཏེ། ཤེས ་བྱ་ལ་རྣམ་པར་རྟོག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུན་པའི་ཕྱིར་རོ།། མ་འཁྲུལ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེ་སོ།། མ་འཁྲུལ་པའི་རྒྱུ་མཐུན་པ་ནི་འཕགས་པའི་ལམ་གྱི་རྗེས་ལ་ཐོབ་པའི་དགེ་བའི་ཆོས་རྣམས ་ཐོབས་ལ་མཁས་པ་ནི་རྣམ་པ་བཞི་སྟེ། སེམས་ཅན་ཡོང་སུ་སྨིན་པར་བྱ་བ་ལ་མཁས་པ་ནི་བསྡུ་བའི་དངོས་པོ་བཞི་སྟེ། དེ་དག་གིས་བསྡུས་ནས་དེ་དགེ་བ་རྣམས་ལ་འཛུད་པའི་ཕྱིར།། སངས་རྒྱས་ཀྱི་ཆོས་ཡོངསསུ་རྫོགས་པར་བྱ་བ ་ལ་མཁས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ།། ཞེས་གསུངས་པའི་ཕྱིརོ།། མངོན་པར་ཤེས་པ་མྱུར་བ་ལ་མཁས་པ་ནི་ཉིན་མཚན་ལན་དྲུག་ཏུ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེསུ་ཡི་རང་བ་དང ་སངས་རྒྱས་ལ་གསོལ་བ་གདབ་པ་དང་། དགེ་བའི་རྩ་བོ་ཡོངསུ་བསྔོ་བ་སྟེ། འཕགས་པ་བྱམས་པས་ཞུས་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ།། ལམ་རྒྱུན་མི་འཆད་པ་ལ་མཁས་པ་ནི། མི་གནས་པའི་མྱ་ངན་ལས་འདས ་པས་ཕྱིར་ཞིང་རྒྱུན་མི་འཆད་པར་གཏན་དུ་འཇིག་རྟེན་གྱི་ཁམས་ཀུན་ཏུ་འདུལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་སྟོན་པའི་ཕྱིརརོ།། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་རྣམ ་པ་བཅུ་སྟེ། རྩ་བའི་རྣམ་པར་རྟོག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་ས་བོན་དུ་གྱུར་པའི་ཕྱིརརོ།། མཚན་མའི་རྣམ་པར་རྟོག་པ་ནི་ལུས་དང་གནས་དང་ལོངས་སྤྱོད་ཀྱི་རྣམ་པར་རིག་པ་སྟེ། ་གཟུང་བ་མཚན་མར་གྱུར་པའི་ཕྱིར་རོ།། དེ་དག་ནི་དབང་པོ་གཟུགས་ཅན་དང་སྣོད་ཀྱི་འཇིག་རྟེན་དང་གཟུགས་ལ་སྩོགས་པའི་ཡུལ་གྱི་མཚན་ཉིད་དང་གོ་རིམ་བཞིན་དུ་བལྟའོ།། མཚན་མར་སྣང་བའི་རྣམ་པར་རྟོག་པ་ནི ་རྣམ་པར་ཤེས་པའི་ཚོགས་དྲུག་དང་ཡིད་དེ་གཟུང་བའི་མཚན་མ་ཇི་སྐད་དུ་བཤད་པའི་རྣམ་པར་གྱུར་པའི་ཕྱིརརོ།། མཚན་མར་འགྱུར་པའི་རྣམ་པར་རྟོག་པ་ནི་ཇི་སྐད་བཤད་པའི་ལུས་ལ་སོགས་པའི་མཚན་མའི་རྣམ ་པ་གཞན་དུ་བསྐྱེད་པའོ།། མཚན་མར་སྣང་བར་འགྱུར་བའི་རྣམ་པར་རྟོག་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མཚན་མུར་སྣང་བ་ཇི་སྐད་དུ་བསྟན་པ་བདག་བདེ་བ་ལ་སོགས་པའི་གནས་སྐབས་གཞན ་དུ་བསྐྱེད་པའོ།། གཞན་གྱིས་བསྟན་པའི་རྣམ་པར་རྟོག་པ་ནི་བསྟན་པར་བསྡུས་པའི་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱི་མཚན་ཉིད་དོ།། དེ་ལ་ཡང་རྣམ་པ་གཉིས་ཏེ། ཉེས་པར་བཤད་པའི་ཆོས་ཀྱི་ཚུལ་གྱི་བདག་ཉིད ་དང་ལོགས་པར་བཤད་པའི་ཆོས་ཀྱི་ཚུལ་གྱི་བདག་ཉིད་དོ།། དེའི་ཕྱིར་དེའི་དབང་དུ་བྱས་པ་ཡིད་ལ་བྱེད་པས་བསྡུས་པ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་དང་། ཚུལ་བཞིན་གྱི་རྣམ་པར་རྟོག་པ་དང་གོ་རིམ ་བཞིན་དུ་རིག་པར་བྱའོ།། མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་ཚུལ་བཞིན་མྱ་ཡིན་པའི་རྣམ་པར་རྟོག་པ་ལས་ལྟ་བར་སོང་བ་དྲུག་ཅུ་རྩ་གཉིསུ་བསྡུས་པའི་རྣམ་པར་རྟོག་པ་གང་ཡིན་པའོ།། རྣམ་པར་གཡེང ་བྱའི་རྣམ་པར་རྟོག་པོ་ནི་ཚུལ་བཞིན་རྣམ་པར་རྟོག་པ་ལས་དངོས་པོ་མྱེད་པ་ལ་སོགས་པ་འཛིན་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་གང་ཡིན་པའོ།། དེ་ཡང་རྣམ་པ་བཅུ་སྟེ། དངོས་པོ་མེད་པར་རྣམ་པར་རྟོག་པ་ནས ་དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའི་བར་དུའོ།། རྣམ་པར་རྟོག་པ་ནི་འདི་བཅུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐོག་མར་བསྟན་པའི་དབང་དུ་བྱས་པར་རིག་པར་བྱ་སྟེ། ཇི་སྐད་དུ་ཤཱ་རིའི་བུ་འདི་ལ ་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཉིད་ཡོད་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེ་སུ་མི་མཐོང་ངོ་།། བྱང་ཆུབ་སེམས་དཔའི་མིང་ཡང་དག་པར་རྗེ་སུ་མི་མཐོང་། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེ་སུ་མི་མཐོང་། བྱང་ཆུབ་ཀྱི་སེམས་ཡང་དགྲ་པར་རྗེ་སུ་མི་མཐོང་། སྤྱོད་ཅེས་བྱ་བར་ཡང་དག་པར་རྗེསུ་མྱི་མཐོང་། མི་སྤྱོད་ཅེས་བྱ་བར་ཡང་དག་པར་རྗེ་སུ་མི་མཐོང་སྟེ། འདི་ལྟར་མི་ནི་མིང ་གི་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱིས་ནི་སྟོང་པ་མ་ཡིན།། གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱིས་ནི་སྟོང་པ་མ་ཡིནོ།། རྣམ་པར་ཤེས་པའི་བར་དུ་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱིས་ནི་སྟོང་པ་མ ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིནོ།། སྟོང་པ་ཉིད་ལས་གཟུགས་གཞན་པའང་མ་ཡིནོ།། གཟུགས་ཉིད་སྟོང་པ་ཉིད།། སྟོང་པ་ཉིད་གཟུགསོ།། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུའོ། ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་ཅེས་བྱ་བ་དང་། གཟུགས་ཞེས་བྱ་བ་ནས་རྣམ་པར ་ཤེས་པ་ཞེས་བྱ་བའི་བར་འདི་ནི་མིང་ཙམ་སྟེ། ངོ་བོ་ཉིད་ཀྱིས་མི་འི་སྐྱེ་མི་འགག། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་ཡང ་དག་པར་རྗེ་སུ་མི་མཐོང་བ་ནས། རྣམ་པར་བྱང་བའི་བར་དུ་ཡང་དག་པར་རྗེ་སུ་མི་མཐོང་།། དེ་ཅིའི་ཕྱིར་ཞེ་ན། མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་བརྟགས་ནས། གློ་བུར་གྱི་མིང་གི་རྗེ་སུ་ཐ་སྙད་འདོགས་པའི་ཕྱིརརོ།། ཇི་ལྟ་ཇི ་ལྟར་རྗེ་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་མངོན་པར་ཞེན་ཏོ།། བྱང་ཆུབ་སེམས་དཔའ་ནི་མིང་ཐམས་ཅད་ཡང་དག་པར་རྗེསུ་མི་མཐོང་།། ཡང་དག་པར་རྗེ་སུ་མི་མཐོང་བས་མངོན་པར་ཞེན་པ་མེ་དོ།། དེ་ལོ་དངོས་པོ་མེད ་པ་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཉི་དུ་ཡོད་དོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོད་པའི་སྒྲ་ནི་དངོས་པོའི་དོན་ཡིན་པའི་ཕྱིར།། དངོས་པོར་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ ་ཡང་དགྲ་པར་རྗེ་སུ་མི་མཐོང་བ་ནས། མི་སྤྱོད་དོ་ཞེས་བྱ་བར་ཡང་དག་པར་རྗེསུ་མི་མཐོང་།། ཞེས་བྱ་བའི་བར་དུ་གསུངས་ཏེ། གང་ཟག་དང་ཆོས་ཀྱི་དངོས་པོ་བཀག་པའི་ཕྱིརརོ།། སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན ་པོར་འདི་ལྟར་མིང་ནི་ངོ་བོ་ཉིད་ཀྱིས་སྟོང་།། ཞེས་བྱ་བ་གསུངས་ཏེ། ཡང་དག་མ་ཡིན་པའི་ཀུན་བརྟོགས་པའི་ངོ་བོ་བཀླག་པའི་ཕྱིརརོ།། སྐུར་པཱ་འདེབས་པའི་རྣམ་པར་རྟོག་པའི་གཉེན་པོར་སྟོང་པ་ཉིད་ཀྱིས་མ་ཡིན་ཞེས ་བྱ་བ་གསུངས་ཏེ། མིང་དེ་ཀུན་བརྟགས་པའི་ངོ་བོ་ཉིད་དེ་དང་བྲལ་བ་ཉིད་དུ་ཐམས་ཅད་དུ་ཡོད་པའི་ཕྱིརརོ།། གཅིག་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ།། ་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིནོ།། ཞེས་བྱ་བའི་བར་དུ་གསུངས་ཏེ། ངོ་བོ་ཉིད་གཞན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་ནི་ཀུན་བརྟགས་པའི ་པོ་ཉིད་དོ།། སྟོང་པ་ཉིད་ནི་ཡོངསུ་གྲུབ་པའོ།། ཐ་དད་པ་ཉིད་རྣམ་པར་རྟོག་པའི་གཉེན་པོར་སྟོང་པ་ཉིད་ལས་གཟུགས་གཞན་པ་ཡང་མ་ཡིནོ།། གཟུགས་ཉིད་སྟོང་པ་ཉིད།། སྟོང་པ་ཉིད་གཟུགསོ།། ཞེས་བྱ་བ་ནས་རྣམ ་པར་ཤེས་པའི་བར་དུ་གསུངས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་པས། དེ་ལས་མ་གཏོགས་པར་དེ་མེད་པའི་ཕྱིར།། ངོ་བོ་ཉི་དུ་རྣམ་པར་རྟོག་པའི་གཉེན་པོར་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་ནས་རྣམ ་པར་ཤེས་པའི་བར་འདི་ནི་མིང་ཙམོ། ཞེས་བྱ་བ་གསུངས་ཏེ། བརྗོད་པ་ལས་མ་གཏོགས་པ་བརྗོད་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ།། ཁྱད་པར་དུ་རྣམ་པར་རྟོག་པའི་གཉེན་པོར་ངོ་བོ་ཉིད་ཀྱིས་མཱི་སྐྱེ་བ་ཞེས་བྱ་བ་ནས ་རྣམ་པར་བྱང་བ་ཡང་དག་པར་རྗེ་སུ་མི་མཐོངངོ་།། ཞེས་བྱ་བའི་བུར་དུ་གསུང་སོ།། སྐྱེ་བ་ལ་སོགས་པའི་ཁྱད་པར་གྱི་མཚན་ཉིད་བཀག་པའི་ཕྱིར།། མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་རྟོག་པའི་གཉེན་པོར་མིང་བཅོས་མ་ཆོས་དེ ་དག་སོ་སོར་བརྟགས་ནས་གློ་བུར་གྱི་མིང་གིས་རྗེ་སུ་ཐོ་སྙད་འདོགས་ཞེས་བྱ་བ་ལ་སོགས་པ་གསུངསོ།། དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའི་མིང་དེ་དག་ཐམས་ཅད་ཡང་དག ་པར་རྗེ་སུ་མི་མཐོང་།། ཡང་དག་པར་རྗེ་སུ་མི་མཐོང་བས་མངོན་པར་ཞེན་པ་མེདདོ། ཞེས་བྱ་བ་གསུངས་ཏེ། དོན་ཇི་ལྟ་བ་བཞིན་དུ་མིང་དུ་མྱི་མཐོང་ན་མངོན་པར་ཞེན་པ་མེད་པའི་ཕྱིརརོ།། རྣམ་པར་མི་རྟོག་པ་ཉིད་ནི་རྣམ་པ ་གསུམ་སྟེ། ཆོག་པར་འཛིན་པའི་རྣམ་པར་མི་རྟོག་པ་ལ་སོགས་པའོ།། དེ་ལ་སོ་སོའི་སྐྱེ་བོ་རྣམས་ནི་གང་མི་རྟག་པ་ཉིད་ལ་སོགས་པ་ཆོས་ཉིད་འགའ་ཞིག་ལས་བརྩམས་ནོས་སེམས་པ་ཐར་ཁྲིད་དེ། འདི་ནི་དེ་བཞི ་ནོ།། ཞེས་པར་འབྱེད་ཅིང་ཡོང་སུ་ཚིམ་པ་ཐོབ་པར་འགྱུར་ཏེ། དེ་དག་ནི་ཆོག་པར་འཛིན་པའི་རྣམ་པར་རྟོག་པ་ཉིད་ཅེས་བྱ་སྟེ། དེ་ལ་མྱི་རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་བཅད་པའི་ཕྱིརརོ།། ཉན་ཐོས ་རྣམས་ནི་ཕུང་པོ་རྣམས་ལ་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་གི་གཉེན་པོར་ཇི་ལྟ་བ་བཞིན་དུ་གཟུགས་ལ་སོགས་པ་ལ་ཆོས་ཙམ་དུ་ཡོངསུ་བརྟགས་ནས་འཇིག་རྟེན་ལས་འདས་པའི་ཤེས་པས་བདག་མེད་པར་རྟོགས་ཏེ།། ་དེའི་ཕྱིར་དེ་དག་གི་དེ་ནི་ཕྱིན་ཅི་ལོག་པའི་རྣམ་པར་མི་རྟོག་པ་ཉིད་ཅེས་བྱའོ།། བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་སོགས་པ་ཆེས་དེ་ཡང་སྤྲོས་པར་རིག་ནས་ཆོས་ཐམས་ཅད་ཀྱི་མཚན་མ་རྣམ་པར་བཤིག་སྟེ། འཇིག ་རྟེན་ལས་འདས་པའི་ཡེ་ཤེས་མཆོག་ཏུ་ཞི་བས་དེ་བཞིན་ཉིད་ཐམས་ཅད་དུ་འགྲོ་བ་རྟོགས་ཏེ། དེའི་ཕྱིར་དེ་དག་གི་དེ་ནི་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་ཅེས་བྱའོ།། ཇི་ལྟར་ན་དེ་སྤྲོས་པ་མེད་པའི་རྣམ་པར ་མི་རྟོག་པ་ཞེས་བྱ་ཞེས་ནཱ། གལ་ཏེ་ཡིད་ལ་བྱེད་པ་མེད་པས་དེ་སྐད་ཅེས་བྱ་ན་ནི་དེས་ན་གཉིད་ཀྱིས་ལོག་པ་དང་། ར་རོ་བ་ལ་སོགས་པ་ཡང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེ་དག་ལ་ཆོས ་ཀྱི་མཚན་མ་ཡིད་ལ་བྱེད་པ་མེད་པའི་ཕྱིར་རོ།། ཇི་སྟེ་ཡང་དག་པར་འོངས་པས་དེ་སྐད་ཅེས་བྱ་ན་ནི་དེ་ན་བསམ་གཏན་གཉིས་པ་ལ་སོགས་པ་ཡང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། རྟོག་པ་དང་དཔྱོད་པའི་རྣམ་པར་རྟོག ་རྣམས་ལས་ཡང་དོག་པར་འདས་པའི་ཕྱིརརོ།། དེའི་ཕྱིར་ན་རྣམ་པར་རྟོག་པའི་ལུས་ནི་ཁམོས་གསུམ་པའི་སེམས་དང་སེམས་ལས་བྱུང་བའོ།། ཞེས་བྱ་བ་འདི་དང་འགལ་ལོ།། ཇི་སྟེ་རྣམ་པར་ཞི་བས་དེ་སྐད་བྱ་ན་ནི་དེས་ན ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ཡང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེར་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ཞི་བའི་ཕྱིརརོ།། དེའི་ཕྱིར་ཤེས་པ་མེད་པར་འགྱུརརོ།། ཇི་སྟེ་ངོ་བོ ་ཉིད་ཀྱིས་དེ་སྐད་བྱ་ན་ནི། དེས་ན་གཟུགས་ཀྱང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། དྷཱི་སྟེ་དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པས་དེ་སྐད་བྱི་ན་ནི། དེས་ན ་རྣམ་པར་རྟོག་པ་དང་བཅས་པ་ཉིད་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། འདི་ནི་རྣམ་པར་མི་རྟོག་པའོ།། ཞེས་མངོན་པར་འདུ་བྱེད་པ་འདི་ནི་མཚན་མ་ལ་རྣམ་པར་རྟོག་པའི་མཚོན་ཉིད་ཡིན་པའི་ཕྱིརརོ།། དེ་ལྟ་བས་ན ་རྣམ་པ་དེ་དག་གིས་རྣམ་པམི་རྟོག་པ་ཉིད་དུ་མཱི་བལྟ་སྟེ། འོན་ཀྱང་དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པར་བལྟའོ།། ཇི་སྟེ་ཞེ་ནུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྟེ། རྗེ་སུ་མཐུན་པ་ཉིད་ཀྱི་གདམས་པ་ལ་བརྟེན་ནས། ་ཆོས་ཐམས་ཅད་ཀྱི་མཚན་མ་ལ་ནི་རང་བཞིན་གྱིས་ཡོངསུ་མ་གྲུབ་པར་རྣམ་པ་ཕོག་སྟེ། རྣམ་པར་རྟོག་པ་དེ་ལ་གོམས་པའི་སྟོབས་བསྐྱེད་པས་སོ་སོ་རང་གིས་མངོན་པར་འདུ་བྱེད་པ་མེད་པ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་སྤྲོས་པ ་མེད་པའི་དབྱིངས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སེམས་མཉམ་པར་འཇོག་སྟེ། དེ་ནི་དེའི་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་ཅེས་བྱའོ།། བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་དབང་པོ་རྣོན་པོ་ཞེས་སྔར་བཤད ་ན། དེ་ཇི་ལྟར་དུས་དུས་སུ་དབང་པོ་རྣམས་སྦྱང་བར་བྱ་ཞེ་ན། རང་གི་རིགས་ཀྱི་དབང་པོ་བརྟུལ་པོ་ལ་སོགས་པ་རྣམ་པ་གསུམ་གྱིས་གོང་ནས་གོང་དུ་མངོན་པར་བསྒྲུབ་པས་དེ་སྦྱར་བར་རིག་པར་བྱའོ།། གཞན་དུ་ནི་དབང་པོ ་རྣོན་པོའི་རིགས་རྣམས་ཀྱི་དབང་པོ་རྣམས་རྣམ་པ་གཅིག་ཏུ་གྱུར་ན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོར་གྱུར་པའི་ཁྱད་པར་མི་དམིགས་པར་འགྱུར་ན། དེ་ལ་དམིགས་པ་དེའི་ཕྱིར་ཇི་སྐད་བཤད་པ་དེ་གྲུབ ་གོ།། ། བམ་པོ་བཅུ་པ་སྟེ་ཐ་མའོ།། འབེལ་བའི་གཏམ་གྱིས་རྣམ་པར་ངེས་པ་རྣམ་པ་བདུན་ལ་དོན་རྣམ་པར་ངེས་པ་ནི་ངོ་བོ་ཉིད་ཀྱིས་དོན་ལ་སོགས་པ་དོན་དྲུག་ལས་བརྩམས་པར་རིག་པར ་བྱའོ།། དེ་ལ་ངོ་བོ་ཉིད་ཀྱི་དོན་ནི་ངོ་བོ་ཉིད་གསུམ་སྟེ། ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངསུ་གྲུབ་པའོ།། རྒྱུའི་དོན་ནི་རྒྱུ་གསུམ་སྟེ། སྐྱེ་བའི་རྒྱུ་ནི་འདི་ལྟ་སྟེ། རྒྱུ་དང་། དེ་མ་ཐག་པ་དང་། ་དམིགས་པ་དང་། བདག་པོའི་རྐྱེན་རྣམས་ཏེ། དེ་ལ་འདུས་བྱས་ཐམས་ཅད་གྲུབ་པའི་ཕྱིར།། འབྱུང་བའི་རྒྱུ་ནི་འདི་ལྟ་སྟེ། མེ་རིག་པའི་རྐྱེན་གྱི་འདུ་བྱེད་རྣམས་ཞེས་བྱ་བ་ནས་ཀུན་འབྱུང་བར་འགྱུར་བ་དང་། འགག་པར ་འགྱུར་རོ།། ཞེས་བྱ་བའི་བར་འདིས་མཐར་གྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱུང་པོ་འབྱུང་བའི་ཕྱིརརོ།། འགྲུབ་པའི་རྒྱུ་ནི་མངོན་སུམ་དུ་དམིགས་པ་དང་མི་དམིགས་པ་མཚུངས་པ་བསྙད་པས་བསྡུས་པ་སྟེ། དེས་བསྒྲུབ་པ ་མ་གླེགས་པའི་དོན་སྒྲུབ་པའི་ཕྱིརོ།། འབྲས་བུའི་དོ་ནི་འབྲས་བུ་ལྔ་སྟེ་ནིར་སྨིན་པའི་འབྲས་བུ་ནི་འདི་ལྟ་སྟེ། ཀུན་གཞི་ནི་ཤྲཱི་བའོ་རྒྱུ་མཐུན་པའི་འབྲས་བུ་ནི་འདི་ལྟ་སྟེ། སྔར་སྐྱེས་པའི་དགེ་བ་ལ་སོགས་པའི་ཆོས་རྣམས་ཀྱི་དེའི་རྒྱུ་ལས་བྱུང་བྱ ་དགེ་བ་སྩོགས་པ་ཆོས་ཕྱི་མ་རྣམ་སོ།། བདག་པོའི་འབྲས་བུ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོ་གི་ལུས་ཀྱི་དབང་གིས་སྣོད་ཀྱི་འཇིག་རྟེནོ།། སྐྱེས་བུ་བྱེད་པའི་འབྲས་བུ་ནི་འདི་ལྟ་སྟེ། ལོ་ཏོག་ལ་སོགས་པའོ།། ། ་བྲལ་བའི་འབྲས་བུ་ནི་འཕགས་པའི་ལམ་གྱི་བག་ལ་ཉལ་ལེགས་པར་བཅོམ་པའོ།། ལས་ཀྱི་དོན་ནི་འདི་ལྟ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་བསྟོན་པའོ།། ལྡན་པའི་དོན་ནི་རྣམ་པ་ལྔ་སྟེ། མང་པོ་ལས་གྱུར་པའི ་ལྡན་པ་ནི་འདི་ལྟ་སྟེ། ཁང་པའི་ཤིང་དང་ཕ་གུ་ལ་སོགས་པའོ།། རྗེ་སུ་འཆིང་བ་ལས་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ། བག་ལ་ཉལ་ལ་སོག་པའི་རྒྱུ་སྟེ། འདི་ལྟར་དེ་ཡོད་ན་ཀུན་ཏུ་མི་སྤྱོད་ཀྱང་ཉོན་མོངས་པ་ལ་སོགས་པ ་དང་ལྡན་པ་ཞེས་བྱའོ།། འབྲེལ་པར་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ། རང་གི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་འབྲེལ་བའོ།། གནས་སྐབས་ལས་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ། ཕན་འདོགས་པ་ལ་སོགས་པའོ་སེམས་ཀྱི་རྒྱུད་ཀྱི་གནས་ཏེ། འདི ་ལྟར་དེའི་འཕྲལ་དུ་བདེ་བ་དང་ལྡན་པ་ནས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་བར་དང་ལྡན་པ་ཞེས་བྱའོ།། འགྱུར་བ་ལས་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ། གློ་བུར་གྱི་ཉེ་བའི་ཉོན་མོངས་པ་ལ་སོགས་པ་མངོན་དུ་གྱུར ་བ་སྟེ། འདི་ལྟ་སྟེ། དེ་ཡོད་ན་འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པ་དང་ལྡན་པ་ཞེས་བྱའོ།། འཇུག་པའི་དོན་ནི་འཇུག་པ་ལྔ་སྟེ། མཚན་ཉིད་ལེ་འཇུག་པ་ནི་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་གསུམ་སྟེ། དེ་དག ་གི་རྣམ་པར་འབྱུང་བའི་ཕྱི་རོ།། རྟེན་ལ་འཇུག་པ་ནི་རྟེན་ལ་གནས་པར་བྱས་པ་གནས་པ་སྟེ། འདི་ལྟར་ས་ལ་སེམས་ཅན་རྣམསོ།། ཕྱིན་ཅི་ལོག་གི་འཇུག་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཏེ། ཡང་དག་པ་ཇི་ལྟ་བ ་བཞིན་མ་ཡིན་པར་འཇུག་པའི་ཕྱིརརོ།། ཕྱིན་ཅི་ལོག་མ་ཡིན་པའི་འཇུག་པ་ནི་འཕགས་པའི་ལམ་སྟེ། དེ་ཕྱིན་ཅི་མ་ལོག་པར་འཇུག་པའི་ཕྱིརརོ།། རབ་ཏུ་དབྱེ་བའི་འཇུག་པ་ནི་ཆོས་རྣམས་ཀྱི་རྣམ་པ་ཐ་དད་པ་གང་ཡིན་པ་སྟེ། འདི་ལྟར ་འདུ་བྱེད་ཐམས་ཅད་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་ནང་དང་ཕྱི་ལ་སོགས་པའི་རྣམ་པར་འཇུག་པའི་ཕྱིརརོ།། རྣམ་པར་བཤད་པ་རྣམ་པར་ངེས་པ་ནི་གང་གིས་མདོ་སྡེ་རྣམས་ཀྱི་དོན་སྟོན་པ་སྟེ། ་དེ་ཡང་ཡོངསུ་ཤེས་པར་བྱ་བའི་དངོས་པོ་ལ་སོགས་པ་དོན་དྲུག་པོ་དག་མདོ་སྡེ་སོ་སོར་ཇི་ལྟར་མཐུན་མཐུན་དུ་སྟོན་པའི་ཕྱིརརོ།། དེ་ལ་ཡོངསུ་ཤེས་པར་བྱ་བའི་དངོས་པོ་ནི་ཕུང་པོ་ལ་སོགས་པའོ།། ཡོངསུ་ཤེས་པར་བྱ་བའི་དོན་ནི་མི ་རྟག་པ་ཉིད་ལ་སོགས་པའོ།། ཡོངསུ་ཤེས་པར་བྱ་བའི་རྒྱུ་ནི་ཚུལ་ཁྲིམས་དང་དབང་པོའི་སྒོ་བསྡམས་པ་ལ་སོགས་པའོ།། ཡོངསུ་ཤེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམསོ།། ཡོངསུ་ཤེས་པའི་འབྲས་བུ་ནི་རྣམ་པར ་གྲོལ་བའོ།། དེ་རབ་ཏུ་ཤེས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ།། ཡང་རྣམ་པར་བཤད་པའི་སྒོ་བཅུ་བཞི་སྟེ། རྣམ་པར་བཤད་པ་བསྡུ་བའི་སྒོ་ནི་གང་ན་མདོ་སྡེ་འབྱུང་བའི་དགོས་པ་དང་། ཚིག་གི་དོན་དང་། མཚམས་སྦྱར་བ་དང་། ་དགོངས་པ་དང་། བརྒ་ལྔ་པ་དང་། ལན་བརྗོད་པའོ།། དངོས་པོ་བསྡུ་བའི་སྒོ་ནི་གང་ན་མདོ་སྡེ་བསླབ་པ་དང་། འཕགས་པའི་བདེན་པ་དང་། དངོས་པོ་ལ་སོགས་པར་སྟོན་པ་སྟེ། འདི་ལྟ་སྟེ། སྡིག་པ་ཐམས་ཅད་མི་བྱ་སྟེ། དགེ་བོ་ཕུན་སུམ ་ཚོགས་པར་བྱ།། རང་གི་སེམས་ནི་ཡོངསུ་གདུལ།། འདི་ནི་སངས་རྒྱས་བསྟན་པའོ།། ཞེས་བྱ་བའི་ཚིག་སུ་བཅད་པ་བསླབ་པ་གསུམ་གྱི་དབང་དུ་བྱས་པ་ལ་སོགས་པའོ།། ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ་ནི་གང་དུ་ཚིག་གཅིག ་གིས་བསྟན་ལ་ལྷག་མ་རྣམས་ཀྱིས་བཤད།། ཞེས་རབ་ཏུ་སྟོན་པ་སྟེ། དཔེར་ན་དལ་བ་ཕུན་སུམ་ཚོགས་པ་བཅུ་གཉིས་བསྟན་པ་ལས་བདག་ཕུན་སུམ་ཚོགས་པ་དང་། གཞན་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཚིག་འདི་གཉིས་གོ་རིམ ་བཞིན་དུ་ཚིག་རེག་མ་ལྔ་ལྔས་བཤད་པ་ལྟ་བུ་སྟེ། འདི་ལྟ་སྟེ་མི་ཉིད་དང་། ཡུལ་དབུས་སྐྱེས་པ་དང་། དབང་པོ་རྣམས་ཚང་བ་དང་། ལས་ཀྱི་མཐའ་སྨིན་པར་མ་གྱུར་བ་དང་། གནསུ་གྱུར་པ་ལ་དང་པོ་དང་། སངས་རྒྱས་རྣམས་བྱུང ་དང་། དམ་པའི་ཆོས་སྟོན་པ་དང་། བསྟན་པའི་ཆོས་རྣམས་གནས་པ་དང་། གནས་པའི་ཆོས་རྣམས་ཀྱི་རྗེ་སུ་འཇུག་པ་དང་། གཞན་ལ་སྙིང་བརྩེ་བའོ།། གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་སྒོ་ནི་གང་དུ་འོག་མ་ནི་གོང་མ་མངོན ་པར་བསྒྲུབ་པའི་གནས་ཡིན་པའི་ཕྱིར་ཆོས་དེ་དག་ནི་འདི་ལྟར་བསྟན་ཏོ།། ཞེས་སྟོན་པའོ།། དཔེར་ན་དབང་པོ་ལྔ་པོ་རྣམས་ཏེ། འདི་ལྟར་དད་ན་བརྩོན་འགྲུས་རྩོ་མོ།། བརྩོན་འགྲུས་བརྩམས་ནས་དྲན་པ་ཉེ་བར་གནསོ།། དྲན་པ་ཉེ་བར་གན། ་ན་སེམས་མཉམ་པར་འཛེག།། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་བ་བཞིན་དུ་རབ་ཏུ་ཤེསོ་ཞེས་བྱའོ།། སྤོང་བའི་སྒོ་ནི་འདི་ལུས་བརྩམས་ནས་འདི་སྤོང་བར་སྟོན་པ་སྟེ། འདི་ལྟ་སྟེ། སྟེའུའི་ཡུ་ལྟ་བུའི་མདོ་ལས་ཟག་པ་ཟང ་པ་ལས་བརྩམས་ནས་འདི་ལས་ཕྱི་རོལ་པ་དང་། ཆོས་འདི་པ་ཐོས་པ་དང་སེམས་པ་ཙམ་གྱིས་ཆོག་པར་འཛིན་པ་དང་། སྒོམ་པས་ཡོངསུ་ཡི་ཆད་པ་དང་། ཚོགས་ཡོངསུ་མ་རྫོགས་པའོ།། དགེ་སློང་དག་ང་ནི་ཤེས་བཞིན་དུ་ཟག་པ ་རྣམ་སྐྲའོ།། ཞེས་བྱ་བ་ལ་སོགས་པའི་མདོའི་ཚིག་གི་དུམ་བུས་དང་པོའི་གང་ཟག་སྤང་སོ།། སྒོམ་པར་སྦྱོར་བ་ལ་བརྩོན་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྤྱད་སོ།། སྟེ་ཡུའི་དཔེས་ནི་གསུམ་པ ་སྤངསོ།། གྲུའི་དཔེས་ནི་བཞི་པ་སྤ་ས་སོ།། ཡི་གེ་ཡོངསུ་བསྒྱུར་བའི་སྒོ་ནི་གང་དུ་དོན་གཞན་ལ་རབ་ཏུ་གྲུབ་པའི་ཡི་གེ་རྣམས་གཞན་དུ་ཡོངསུ་བསྒྱུར་བ་སྟེ། དཔེར་ནཱ་མི་གང་མ་དང་བྱས་མི་གཟོ་ཞེས་བྱ་བ་ལ་སྩོགས་པའི་ཚིགསུ ་བཅད་པ་ལྟ་བུའོ།། རྨད་ཟ་པ་ད་ད་མི་ཟ་བའི་སྒོ་ནི་གླིང་དུ་རག་ཏུ་ཆུད་ཟ་བ་དང་། རབ་ཏུ་ཆུད་མི་ཟ་བ་དང་། དེ་གཉི་གའི་ཐབས་དང་། དེ་གཉི་གའི་རབ་ཏུ་དབྱེ་བ་སྟོན་པ་སྟེ། དཔེར་ན་ལེགས་པར་སྐྱེས་ཀྱི་མདོ་ལས་རབ་ཏུ་ཆུད་མི་ཟ ་བ་ནི་ཕྱི་དང་ནང་གི་ཤོགས་པའོ།། དེ་ལ་ཕྱིའི་རྫས་ནི་ཁྱིམ་དང་ཆུང་མ་ལ་སོགས་པའི་མཚན་ཉིད་དོ།། ནང་གི་རྫས་ནི་ཉེ་བྱར་ལེན་པའི་ཕུ་པོ་ལྔའི་མཚན་ཉིད།། རབ་ཏུ་ཆུད་མི་ཟ་བོ་ནི་གཉི་ག་ལ་ལྷག་པར་ཆགས ་བྲལ་བས། འི་ཐབས་ནི་རབ་ཏུ་མི་འབྱུང་བ་དང་། རབ་ཏུ་བྱུང་ནས་ཀྱང་ཟག་པ་ཟད་པར་བྱ་བ་ལ་བག་མི་བྱེད་པའོ།། དེ་ལས་བཟོ་རྒོ་མི་རྙེད་མི་ཟ་བའི་ཐབ་སུ་བལྟ་བར་བྱའོ།། དེ་ལ་ཀྱེ་མ་རིགས་ཀྱི་བུ་ལེག ་སྐྱེས་པའི་ས་མ་ཏེ། གང་སྒྲ་དང་ཁ་སྤུ་དྲེགས་རབ་ཏུ་བྱུང་བའི་བར་དང་། གང་ཟག་པ་ཟད་ནས་རབ་ཏུ་ཤ~ཾ་སོ།། ཞེས་བྱ་བའི་བར་འདེ་དུ་མི་ཟ་བ་དང་། དེའི་ཐབས་ཉེ་བར་བསྟན་པས་དེ་ལས་བཟློག་པའི ་ཚན་ཉིད་ཆུད་ཟ་བ་དང་དེའི་ཐབས་བསྟན་པར་འགྱུར་རོ།། ཆུད་མི་ཟ་བ་རབ་ཏུ་དབྱེ་བའི་ཚིག་སུ་བཅད་པའི་དབྱངས་ཀྱིས་རབ་ཏུ་བསྟན་པ། དགེ་སློང་འདི་ནི་མཛེས་པ་སྟེ།། ཉེ་བར་ཞི་ཞིང་ཟག་པ་ཟད་ཅེས་བྱ་བའོ།། དེ་ལྟར་རབ་ཏུ་བྱུང་བ ་དང་ཟག་པ་ཟད་པ་ཡོངསུ་བསྟན་ཏོ།། ཟག་པ་ཟད་པ་དེ་ཡང་། འདོད་ཆགས་བྲལ་ཞིང་བྲལ་བ་སྟེ།། ཉེར་ལེན་མེད་པས་མྱ་ངན་འདས།། བདུད་ཀྱི་སྡེ་ནི་ཕམ་བྱས་ནས།། ལུས་ཀྱི་ཐ་མ་འཛིན་པ་ཡིན་ཞེས་བྱ་བ་སྟེ། འདི་ནི་འཇིག་རྟེན་པའི ་ལམ་ལ་འདོད་ཆགས་དང་བྲལ་ནས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་སྤངས་པ་དང་། གོང་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ཡང་སྤངས་པ་དང་། ནང་གི་རྫས་ཡོངས་སྤངས་པར ་ཡང་བསྟན་པའོ།། རྒྱུ་དང་འབྲས་བུ་ཟད་པའི་སྐབས་ཡིན་པས་ཀྱང་འདི་བསྟན་པར་བལྟའོ།། འདི་ལས་བཟློག་པ་ནི་རབ་ཏུ་ཆུད་ཟ་བའི་རབ་ཏུ་དབྱེ་བ་བསྙད་པར་བལྟ་བར་བྱའོ།། གང་ཟག་རྣམ་པར་བཞག་པའི་སྒོ་ནི་གང་དུ་གང ་ཟག་འདི་སྙེད་ཀྱི་དབང་དུ་བྱས་ནས་འདི་གསུངསོ།། ཞེས་བྱ་བར་སྟོན་པ་སྟེ། དཔེར་ན་ཆུ་ལས་གྱུར་པ་ལྟ་བའི་མདོ་ལས་བྱུང་བ་ལྟ་བུ་སྟེ། དེ་ནི་གང་ཟག་གཉིས་དང་གསུམོ་དང་བཞིར་རབ་ཏུ་དབྱེ་བའི་དབང་དུ་མཛད་ནས་གསུང ་ཏེ། སོ་སོའི་སྐྱེ་བོ་དང་བདེན་པ་མཐོང་བའོ།། སོ་སོའི་སྐྱེ་བོ་ནི་གསུམ་དུ་རབ་ཏུ་ཕྱེ་ནས་བསྙད་པར་བལྟ་བར་པ་སྟེ། དཀར་པོ་མ་ཡིན་པ་དང་། ཆུང་ཟད་དཀར་བ་དང་། ཆེར་དཀར་བའོ།། བདེན་པ་མཐོང་བ་ནི་བཞིར་རབ་ཏུ་དབྱེ ་སྟེ། འབྲས་བུ་ལ་གནས་པ་བཞི་སྟེ། གསུམ་ནི་སློབ་པའོ།། གཅིག་ནི་མི་སྐྱོབ་པའོ།། རབ་ཏུ་དབྱེ་བ་རྣམ་པར་བྱཞག་པའི་སྒྲ་ནི་གྲང་དུ་མུ་བཞི་ལ་སོགས་པ་དྷི་བ་རྣམས་ཀྱི་དོན་བརྗོད་བཱ་སྟེ། དཔེར་ན་མྱི་རྒྱུག ་པའི་མདོ་ལས་གང་གིས་འདི་ལེགས་པར་མཐོང་བ་དེས་གཟུགས་ཐམས་ཅད་མཐོང་དུམྱ། གང་གིས་གཟུགས་ཐམས་ཅད་མཐོང་བས་ནས་འདི་ཐམས་ཅད་ལེགས་པར་མཐོང་ངམ། ཞེས་བྱ་བ་མུ་བཞིའོ།། མུ་དང་པོ་ནི ་བ་ལ་སོགས་པ་ཕུང་པོ་བཞི་ལ་རྟག་པ་དང་གཙང་བ་དང་། བདེ་བ་དང་བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་མ་བཏགས་པར་ཡོངསུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དེ་ཡང་དག་པར་རྗེ་སུ་བལྟ་བའིའོ།། མུ་གཉིས་ནི་གཟུགས་ལ་རྟག། ་པ་དང་གཙང་བ་དང་བདེ་བ་དང་བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་ཡོངསསུ་ཤེས་པར་བྱ་བ་མ་ཡིན་པ་དང་། ཡོང་སུ་སྤོང་བར་བྱ་བ་མ་ཡིན་པར་ཡང་དག་པར་རྗེ་སུ་བལྟ་བུའིའོ།། མུ་གསུམ་པ་ནི་གཟུགས་ལ་རྟག་པ ་དང་གཙང་བ་དང་བདེ་བ་དང་བདག་ཏུ་ཕྱིན་ཅི་ལྐོག་ཏུ་སྐྱོ་མ་བཏགས་པར་ཡོངསུ་ཤེས་པར་བྱ་བ་དང་ཡོངསུ་སྤང་བར་བྱ་བར་ཡང་དག་པར་རྗེ་སུ་བལྟ་བའིའོ།། མུ་བཞི་པ་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞི་ལ་རྟག་པ ་དང་གཙང་བ་དང་བདེ་བ་དང་བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་ཡོངསུ་ཤེས་པར་བྱ་བ་མ་ཡིན་པ་དང་། སྤང་བར་བྱ་བ་མ་ཡིན་པར་ཡང་དག་པར་རྗེ་སུ་བལྟ་བའིའོ།། གཟུགས་ལ་མུ་བཞི་ཇི་ལྟ་བ་དེ་བཞིན་དུ་ཚེར ་བ་ལ་སོགས་པ་ཐམས་ཅད་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ།། གང་བྱ་བ་བྱས་པ་དེ་ཐམས་ཅད་འདི་ལས་སྲིད་པ་གཞན་མི་ཤེསོ།། ཞེས་བྱ་བ་ཡིན་ནམ། གང་འདི་ལས་སྲིད་པ་གཞན་མྱི་ཤེས་པ་དེ་ཐམས་ཅད་བྱ་བ་བྱས་པ་ཡིན ་ནཱ་མ་ཞེས་བྱ་བའི་བར་དུའོ།། སྨྲས་པ་མུ་བཞི་སྟེ། མུ་དང་པོ་ནི་ཇི་སྲིད་འཚོའི་བར་དུ་ལེགས་པར་སྤྱད་པ་སྤྱོད་པའི་སོ་སོའི་སྐྱེ་བོའིའོ།། གཉིས་པ་ནི་ཆད་པར་ལྟ་བ་ལ་སོགས་པའིའོ།། གསུམ་པ་ནི་མི་སློབ་པོའི་འོ།། བཞི་པ ་ནི་རྣམ་པ་དེ་དག་མ་གཏོགས་པའི་འོ།། ཞེས་འབྱུང་བ་ལྟ་བུའོ།། ཚུལ་གྱི་སྒོ་ནི་གང་དུ་ཚུལ་དྲུག་གིས་དོན་བརྗོད་པ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་། འཐོབ་པའི་ཚུལ་དང་། བཤད་པའི་ཚུལ་དང་། མཐའ་གཉིས་སྦྱངས་པའི ་ཚུལ་དང་། བསམ་གྱིས་མ་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་གྱིསོ།། ཚུལ་དྲུག་པོ་འདི་དག་ལས་ཚུལ་གོང་མ་གསུམ་ནི་ཚུལ་གང་མ་གསུམ་གྱི་གོ་རིམ་བཞིན་དུ་རིག་པར་བྱ་སྟེ། དཔེར་ན་རོ་མྱང་བའི་མདོ་ལས་དགེ ་སློང་དག་གཟུགས་ལ་རོ་མྱང་པོ་ཡོད།། ཞེས་བྱ་བ་ལ་སོགས་པས་ནི་སྐུར་པ་འདེབས་པའི་མཐའི་དང་། སྒྲོ་འདོགས་པའི་མཐའི་སྤངས་ནས་དེ་ཁོ་ནའི་དོན་གྱི་ཚུལ་སྟོན་ཏོ།། རོ་མྱང་བ་དང་ཉིས་དམིགས་དང་། ངེས་པར་འབྱུང་བ་ཡོས། ་ཞེས་བྱ་བ་འདིས་ནི་སྐུར་པ་འདེབས་པའི་མཐའ་སྤང་སོ།། གཟུགས་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདིས་ནི་སྒྲོ་འདོགས་པའི་མཐའ་སྤངས་ཏེ། ཕུང་པོ་ཙམ་ཡེ་ལ་ཀུན་ནོས་ཉོན་མོངས་པ་འམ། རྣམ་པར་བྱང་བར་ཟད་ཀྱི ་བདག་ནི་མེད་དོ།། ཞེས་རབ་ཏུ་བསྟན་ཏོ།། དགེ་སློང་དག་ངས་ཇི་ཙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་སངས་རྒྱསོ།། ཞེས་བྱ་བར་ནང་དུ་འདུ་ཤེསོ།། ཞེས ་བྱ་བ་འདིས་ནི་འཐོབ་པའི་ཚུལ་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཡོངསུ་བསྟན་ཏེ། སོ་སོ་རང་གིས་རིག་པར་བྱ་བ་ཐོབ་པར་སྟོན་པའི་ཕྱིརརོ།། མདོ་འདི་ཐམས་ཅད་ནི་བཤད་པའི་ཚུལོ།། དེ་ཡང་དགོངས་པའི་ཚུལ་གྱི ་ཁོང་དུ་ཆུད་པར་བྱ་སྟེ། ཡོངསུ་ཤེས་པར་བྱ་བའི་དངོས་པོ་དང་། ཡོངསུ་ཤེས་པར་བྱ་བའི་དོན་དང་། ཡོངསུ་ཤེས་པ་དང་། ཡོངསསུ་ཤེས་པོའི་འབྲས་བུ་དང་། དེ་རབ་ཏུ་ཤེས་པ་ལ་དགོངས་ནས་མདོ་དེ་དག་བཤད་དོ།། ་དེ་ལ་ཡོངསུ་ཤེས་པར་བྱ་བའི་དངོས་པོ་ནི་གཟུགས་ལ་སོགས་པའོ།། ཡོངསུ་ཤེས་པར་བྱ་བའི་དོན་ནི་རོ་མྱང་བ་ལ་སོགས་པ་སྟེ། རྣམ་པ་དེས་གཟུགས་ལ་སོགས་པའི་དངོས་པོ་དེ་ཡོངསུ་ཤེས་པའི་ཕྱིརརོ།། ཡོངསུ་ཤེས་པ་ནི ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་དེ་ལྟར་གསུམ་དུ་བསྒྱུར་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་པའོ།། ཡོང་སུ་ཤེས་པའི་འབྲས་བུ་ནི་ལྷ་དང་བཅས་པའི་འཇིག་རྟེན་འདི་ལས་ཞེས་བྱ་བ་ནས། ལྷ་དང་མི་དང ་བཅས་པ་ཞེས་བྱ་བའི་བར་ལས་གྲོལ་བ་ནས་རྣམ་པར་རབ་ཏུ་གྲོལ་ཞེས་བྱ་བའི་བར་དུའོ།། དེ་རབ་ཏུ་ཤེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ནང་དུ་ཤེ་སོ།། ཞེས་བྱའོ།། ཡོང ་སུ་ཤེས་པ་ལ་སོགས་པའི་སྒོ་ནི་གོང་དུ་དེ་ཁོ་ནའི་མཚན་ཉིད་ལས་བརྩམས་ནས་ཡོངསུ་ཤེས་པའི་མཚན་ཉིད་དང་། སྤོང་བའི་མཚན་ཉིད་དང་། མངོན་སུམ་དུ་བྱེད་པའི་མཚན་ཉིད་དང་། སྒོམ་པའི་མཚན་ཉིད་དང་། དེ་ཁོ་ནའི་མཚ ་ཉིད་ལ་སོགས་པ་འདི་དག་གི་རྣམ་པའི་རབ་ཏུ་དབྱེ་བའི་མཚན་ཉིད་དང་། གནས་དང་གནས་པར་འབྲེལ་པའི་མཚན་ཉིད་དང་། ཡོངསསུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་དང་། རྗེ་སུ་མཐུན་པའི་མཚན་ཉིད ་དང་། ཡོངསུ་མ་ཤེས་པ་ལ་སོགས་བྱ་དང་། ཡོངསུ་ཤེས་པ་ལ་སོགས་པ་ལ་ཉེས་དམིགས་དང་ཕན་ཡོན་གྱི་དོན་སྟོན་པ་སྟེ། དཔེ་རོ་མྱང་བའི་མདོ་དེ་ཉིད་ལས་འབྱུང་བ། དེ་ལ་དེ་ཁོ་ནའི་མཚན་ཉིད་ན་ཉེ་བར་ལེན་པའི་ཕུང་པོ་ལྔས ་བསྡུས་པ་སྡུག་བསྔལ་གྱི་བདེན་པའོ།། ཡོངསུ་ཤེས་པའི་མཚན་ཉིད་ནི་རོ་མྱང་བ་ལ་སོགས་པས་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། སྤོང་བའི་མཚན་ཉིད་དང་། མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་འཇིག་རྟེན་ཐཾ ་ལས་རྣམ་པར་གྲོལ་བ་སྟེ། སྒྲིབ་པ་སྤོང་བ་དང་གནས་པར་གྱུར་པ་མངོན་སུམ་དུ་བྱེད་པའི་ཕྱིརརོ།། བསྒོམ་པའི་མཚན་ཉིད་ནི་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱི་ལན་མང་དུ་གནས་པའོ།། རྣམ་པར་རབ་ཏུ་དབྱེ་བའི་མཚན་ཉིད་ནི་དེ་ཁོ་ནའི ་མཚན་ཉིད་རྣམ་པ་ལྔའི་དབྱེ་བ་སྟེ། གཟུགས་ནས་རྣམ་པར་ཤེས་པའི་བར་དུའོ།། ཡོངསུ་ཤེས་པའི་མཚན་ཉིད་ནི་རྣམ་པ་གསུམ་དུ་རབ་ཏུ་དབྱེ་སྟེ། ཉེས་དམིགས་ལ་ཉེས་དམིགས་དང་། ངེས་པར་འབྱུང་པོའི་བར་ལ་ངེས་པར་འབྱུང་བར ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། སྤོང་བའི་མཚན་ཉིད་དང་། མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་རྣམ་པ་གཉིསུ་དབྱེ་སྟེ། ཉོན་མོངས་པ་ལས་རྣམ་པར་གྲོལ་པོ་དང་། སྡུག་བསྔལ་ལས་རྣམ ་པར་གྲོལ་བའོ།། དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ན་ཞེས་བྱ་བ་ནས། ལྷ་དང་མིར་བཅས་པའི་སྐྱེ་དགུའི་བར་ལོས་གྲོལ་བ་ནི་ཉོན་མོངས་པ་རྣམས་ལས་རྣམ་པར་ཐར་པའི་ཕྱིརརོ།། དེ་བས་ན་དེ་བྱེ་བྲག་ཏུ་བྱ་བའི་ཕྱིར་ངེས་པར ་འབྱུང་བ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་མདོ་གཞན་ལས་ངེས་པར་འབྱུང་བ་གང་ཞེ་ན། གང་འདིར་འདུན་པ་དང་། འདོད་ཆགས་འདུལ་བ་དང་། འདུན་པ་དང་། འདོད་ཆགས་སྤོང་བ་དང་། འདུན་པ་དང་འདོད་ཆགོས་ལས་ཡང ་དག་པར་འདའ་བའོ།། ཞེས་གསུངསོ།། དེ་ལྟར་མ་འོངས་པའི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་དང་བྲལ་ན་སྡུག་བསྔལ་ལས་ཀྱང་རྣམ་པར་གྲོལ་བར་འགྱུརརོ།། ཞེས་བྱེ་བྲག་ཏུ་བྱ་བའི་ཕྱིར་བྲལ་བ་དང་རྣམ ་པར་རབ་ཏུ་གྲོལ་བ་ཞེས་བྱ་བ་གསུང་སོ།། བསྒོམ་པའི་མཚན་ཉིད་ནི་རྣམ་པ་གཉིས་སུ་རབ་ཏུ་དབྱི་སྟེ། མཐོང་བའི་ལམ་དང་བསྒོམ་པའི་ལེ་མོ།། དེ་ལ་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་ཤེས་བྱ་བས་ནོ།། མཐོང་བའི་ལམ ་སྟོན་ཏོ།། ལན་མང་དུ་གནོས་པར་གྱུར་ཏོ།། ཞེས་བྱ་བ་འདིས་ནི་བསྒོམ་པའི་ལམ་སྟོན་ཏོ།། གནས་དང་གནས་པར་འབྲེལ་པའི་མཚན་ཉིད་ནི། དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་འོག་མ་གོང་མའི་གནས་ཡིན་པར་སྟོན་པའི་ཕྱིརརོ།། ། ་ཡོངསུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་མཚན་ཉིད་ནི་དེ་ལྟར་གསུམ་དུ་བསྒྱུར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་ཤེས་པའོ།། རྗེ་སུ་མཐུན་པའི་མཚན་ཉིད་ནི་གཟུགས་ལ་སོགས་པ་འདི་དག་ཇི་ལྟར་གནས ་བ་བཞིན་དུ་ཉེས་དམིགས་ལ་སོགས་པར་རྣམ་པར་སྤྱོད་པའོ།། ཡོངསུ་མི་ཤེས་པ་ལ་སོགས་པ་ལ་ཉེས་དམིགས་ཀྱི་མཚན་ཉིད་ནི་མི་གྲོལ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོག་པ་འཚང་མི་རྒྱ་བ ་བར་དུའོ།། དེ་ལས་བཟློག་པ་ནི་ཕན་ཡོན་གྱི་མཚན་ཉིད་དུ་རིག་པར་བྱའོ།། སྟོབས་དང་སྟོབས་མ་ཡིན་པའི་སྒོ་ནི་གང་དུ་ཚིག་གཅིག་མ་བརྗོད་ན་དོན་འདི་གོ་བར་མི་འགྱུར་བས་ཚིག་སོ་སོ་ཐམས་ཅད་ཀྱིས་ནུས་པ་སྟོན་པ་སྟེ། དཔེར་ན ་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མྱ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ།། ཚིག་འདི་དག་གི་སོ་སོའི་ནུས་པ ་ནི་ཇི་ལྟར་གོང་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དུ་བཤད་པ་བཞིན་དུ་རིག་པར་བྱའོ།། བཟླས་ཏེ་བརྗོད་པའི་སྒོ་ནི་མདོ་གང་དུ་ཚིག་ཅིག་བཟུང་བས་རྒྱ་ཆེར་དོན་ཡང་དག་པར་སྟོན་པ་སྟེ། དཔེར་ན་ཆོས་དྲུག་དང་ལྡན་པའི ་དགེ་སློང་གི་ཁའི་དབུགས་ཀྱི་རོའི་རྒྱལ་པོ་གངས་རི་ཡང་འཐོར་ན་རོ་ལྟ་བུའི་མ་རིག་པ་ལྟ་སྨོས་ཀྱང་ཅི་དགོས། དྲུག་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་སེམས་བསྐྱེད་པ་ལ་མཁས་པ་ཡིན་པ་ནས། ཐབས་ལ་མཁས་པས་ཡིནོ།། ། ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ།། མདོ་འདི་ལས་ཇི་ལྟར་ན་དགེ་སློང་སེམས་བསྐྱེད་པ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་འདོད་པ་ལས་དབེན་པ་ནས་བསམ་གཏན་བཞི་པའི་བར་དུ་རྫོགས་པར་བྱས་ནས ་གནས་ཏེ། དེ་ལྟར་ན་དགེ་སློང་སེམས་བསྐྱེད་པ་ཡིན།། ཇི་ལྟར་ན་དགེ་སློང་སེམས་གནས་པ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་ཀུན་ཏུ་བརྟེན་པའི་རྒྱུའི་བར་དུ་གྱིས་གང་ཉམས་པའི་ཆ་དང་མཐུན་པ་བསམ་གཏན་དེ་གནས་པའི ་ཆ་དང་མཐུན་པར་བྱེད་དེ། དེ་ལྟར་ན་དགེ་སློང་དེ་སེམས་གནས་པ་ལ་མཁས་པ་ཡིན།། ཇི་ལྟར་ན་དགེ་སློང་དེ་སེམས་ལྡང་བར་བྱེད་པ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་ཀུན་ཏུ་བརྟེན་པའི་རྒྱུས་གནས་པའི་ཆ་དང་མཐུན་པའི ་བསམ་གཏན་དེ་ཁྱོད་པར་དུ་གྱུར་པའི་ཆ་དང་མཐུན་པར་བྱེད། དེ་ལྟར་ན་དགེ་སློང་ལྡང་བར་བྱེད་པ་ལ་མཁས་པ་ཡིན།། ཇི་ལྟར་ན་དགེ་སློང་འཕེལ་བ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས ་བྱ་བ་ཡང་དག་པར་སྤོང་བ་གཉིས་རྒྱ་ཆེར་བྱ་སྟེ། དེ་ལྟར་ན་དགེ་སློང་འཕེལ་བ་ལ་མཁས་པ་ཡིན།། ཇི་ལྟར་ན་དགེ་སློང་འབྲི་བ་ལ་མཁས་པ་ཡིན་ཞེ་ན། སྡིག་པ་མྱི་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ཡང་དག་པར་སྤོང་བ་གཉིས ་ཀྱིས་རྒྱ་ཆེར་བྱ་སྟེ། དེ་ལྟར་ན་དགེ་སློང་འབྲི་བ་ལ་མཁས་པ་ཡིན།། ཇི་ལྟར་ན་དགེ་སློང་ཐབས་ལ་མཁས་པ་ཡི་ན་ཞེ་ན། འདི་ལ་དགེ་སློང་ནི་འདུན་པའི་ཏིང་འཛིན་སྦྱོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོ་མོ།། ཞེས་བྱ ་བ་ལ་སོགས་པ་རྫུ་འཕྲུལ་གྱི་རྐང་པ་བཞི་རྒྱ་ཆེར་སྦྱར་ཏེ། དེ་ལྟར་དགེ་སློང་ཐབས་མཁས་པ་ཡི་ནོ་ཞེས་འབྱུང་།། མངོན་པར་བསྒྲུབ་པའི་སྒོ་ནི་གང་དུ་ཚིག་རེ་རེ་ལ་ཡང་མུ་བཞི་ལ་སོགས་པ་སྟོན་པ་སྟེ། མུ་བཞི་པ་ལ་སོགས་པཱ་དེ ་དག་གི་ཚིག་རེ་རེ་ལ་ཡང་གཞན་བཞི་ལ་སོགས་པས་ཐུག་པ་མེད་པར་མངོན་པར་སྒྲུབ་པར་རིག་པར་བྱ་སྟེ། དཔེར་ན་སངས་རྒྱས་འི་རྩོམ་པའི་མདོ་ལས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི ་བྱང་ཆུབ་ཡོངསུ་སྦྱོང་བར་བྱེད་པའི་ཆོས་རྣམས་ཏེ། སྟོང་པ་ཉིད་བསྒོམ་པ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་ཕན་པ་ཉེ་བར་སྒྲུབ་པའི་སེམས་དང ་ཟོང་ཟིང་མེད་པའི་སེམས་ཀྱུས་ཆོས་ཀྱི་སྦྱིན་པ་ཡང་དག་པར་རབ་ཏུ་སྟོན་པའོ།། ཞེས་བྱ་བ་བཞི་ནི་བདག་དང་གཞན་གྱི་དོན་ལས་བརྩམས་ཏེ། བྱང་ཆུབ་ཡོངསུ་སྦྱང་བའི་ཕྱིར་མི་མཐུན་པའི་ཕྱོགས་བཞིའི་གཉེན་པོར་རིག ་པར་བྱའོ།། མི་མཐུན་པའི་ཕྱོགས་བཞི་ནི་སྙོམས་པར་འཇུག་པའི་རོ་མྱང་བ་དང་། གནོད་སེམས་དང་། ང་རྒྱལ་དང་། རྙེད་པ་དང་། བཀུར་སྟི་ལ་སྲེད་པའོ།། རྣམ་གྲངས་གཞན་དུ་ན་ཆོས་དང་པོས་ནི་ཉོན་མོངས་པ་སྤོང་བའི་གཉེན ་པོ་བསྟན་ཏོ།། ལྷག་མ་རྣམས་ཀྱིས་ནི་རྒྱུ་གསུམ་གྱིས་ཐེག་པ་དམན་པ་ཡོངསུ་སྤང་བར་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཉེ་བར་འཛིན་པ་དང་། ཞུགས་པ་ཡོངསསུ་སྨིན་པར་བྱེད་པ་དང་། མ་ཞུགས་པ་འཇུག ་པར་བྱེད་པས་སོ།། རྣམ་གྲངས་གཞན་དུ་ན་དང་པོས་ནི་ཡེ་ཤེས་ཀྱི་ཚོགས་ཡོངསུ་བསྟན་ཏོ།། གསུམ་གྱིས་ནི་བསོད་ནམས་ཀྱི་ཚོགས་ཡོངསུ་བསྟན་ཏེ། ཉེ་བར་འཛིན་པ་དང་ཡོངསུ་སྨིན་པར་བྱེད་པ་དང་། ་འཇུག་པ་རྣམས་རེ་རེ་ནས་ཀྱང་བསོད་ནམས་ཀྱི་ཁྱད་པར་བསྐྱེད་པའི་ཕྱིརརོ།། ཡང་རྒྱུ་གཉིས་ཀྱིས་རིག་པར་བྱ་སྟེ། བསམ་པས་ནི་བྱམས་པའི་སེམསུའོ།། བསྒྲུབ་པས་ནི་ཐོབ་པ་དང་ལུང་སྟོན་པར་རིག་པར་བྱའོ།། ཆོས་བཞི་དང་ལྡན ་ན་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་བསྒོམ་སྟེ། ནང་དུ་སེམསུ་རྣམ་པར་མི་རྟོག་པ་དང་། མོས་པ་ལ་རབ་ཏུ་རྣམ་པར་འབྱེད་པའི་སྟོབས་བསྐྱེད་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་དང་། སྒྲིབ་པ་ཐ~ཾད ་ལོས་རྣམ་པར་ཐར་པ་སྟེ། འདི་དག་གིས་ནི་གང་ལས་བརྟན་ནས་ཇི་ལྟར་བསྒོམ་པ་དེ་ཡོངསུ་བསྟན་ཏོ།། གང་ལ་བརྟན་ནོས་ཤེ་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལའོ།། ཇི་ལྟར་བསྒོམ་ཞེ་ན། སོ་སོའི་སྐྱེ་བོའི་ལམ་གྱིས་ཐོས ་པ་དང་། བསམ་པའི་སྟོབས་བསྐྱེད་པ་དང་། སློབ་མའི་ལམ་དང་། མི་སློབ་པའི་ལམ་གྱིས་སོ།། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན་ཏེ། ་བྱམས་པ་བསྒོམ་པ་དང་། སྒྲུབ་པོ་རྣམ་པར་མི་འཁྲུགས་པ་དང་། མཚན་མ་ལ་རྣམ་པར་མི་རྟོག་པོ་དང་། སྐྱོ་བ་བཟོད་པའོ།། འདིར་ཡང་གང་ལ་བརྟེན་ནས་ཇི་ལྟར་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན་པ་ཡོངསུ་བསྟན་ཏོ།། ་གང་ལ་བརྟེན་ནས་ཤེ་ན། ཚེ་རབས་སྔ་མའི་བྱམས་པ་བསྒོམ་པ་ལའོ།། ཇི་ལྟར་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན་ཞེ་ན། ལོག་པར་སྒྲུབ་པ་ལ་གནས་པ་རྣམས་ལ་སེམས་རྣམ་པར་མི་འཁྲུགས་པ་དང་། གནོད་པ་བྱེད ་པ་རྣམས་ལ་གནོད་པ་བྱེད་པའི་མཚན་མར་རྣམ་པར་མི་རྟོག་པ་དང་། གཞན་ལ་ཕན་པའི་དོན་དུ་རྩོལ་བ་ལ་ཡོངསུ་མི་སྐྱོ་བའོ།། བྱང་ཆུབ་སེདེའི་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེཾསད་རྣམ་ལ་རྟག་ཏུ་ཕན་པ་ཉེ་བར་བསྒྲུབ་པ་ཡིན་ཏེ། བདག་ཡོངསུ ་འཇལ་བ་དང་། ཡང་དག་པའི་གདམས་པ་ལ་འཇུག་པ་དང་། དེས་ཤིང་འགྲོགས་ན་བདེ་བདེ་བ་དང་། མཆོད་པ་དང་རྙེད་པ་དང་བཀུར་སྟི་དང་། བསྙེན་བཀུར་བྱོ་བ་ཉེ་བར་སྒྲུབ་པའོ།། འདིར་ཡང་གིང་ལ་བརྟན་ནས་ཇི་ལྟར་ཉེ་བར ་བསྒྲུབ་པ་དེ་ཡོསུ་བསྟན་ཏོ།། གང་ལྔ་བརྟེན་ནས་ཤི་ན། ང་རྒྱལ་བཅག་པའོ།། ཇི་ལྟར་ཉེ་བར་བསྒྲུབ་ཅེ་ན། ཇི་སྐད་བསྟན་པ་རྣ་བ་གསུཾ་གྱོས་དམའ་བ་དང་མཚུངས་པ་དང་། ཁྱད་པར་དུ་འཕགས་པའི་བྱང་ཆུབ་སེམས་དཔའ ་རྣམས་ལ་གོ་རིམ་བཞི་ནོ།། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་ཡང་དག་པར་རབ་ཏུ་སྟོན་ཏེ། བར་དུ་གཅོད་པའི་ལེགསོ་པར་རབ་ཏུ་རྟོགས་པ་དང་། རྨོངས་པ་དང་བྱིང་བ ་སེལ་བ་ལ་རབ་ཏུ་མཁས་པ་དང་། ཡིད་བདེ་བ་ཉེ་བར་སྒྲུབ་པ་དང་། མགོན་བྱེད་པའི་ཆོས་ལ་དགའ་བའོ།། འདིར་ཡང་གང་ལ་བརྟེན་ནས་ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་པ་དེ་ཡོང་སུ་བསྟན་ཏོ།། གང་ལ་བརྟེན་ནས་ཤེ་ན། རྙེད་པོ་དང ་བཀུར་སྟི་བར་དུ་གཅོད་པར་བྱེད་པ་ཉིད་དུ་ལེགས་པར་རྟོགས་པ་ལའོ།། ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཅེ་ན། རྨོངས་པ་རྣམས་ལ་ཡང་དག་པར་སྟོན་པ་དང་། བག་མེད་པ་ལ་ཆགས་པ་དང་། བདག་དམན ་པར་འཛིན་པས་ཞུམ་པ་རྣམས་ལ་ཡང་དག་པོར་འཛིན་དུ་འཇུག་པ་དང་། ཡང་དག་པར་གཟེངས་བསྟོད་པ་དང་ཡང་དག་པར་ཞུགས་པ་དང་རྣམས་ལ་ཡང་དག་པར་རབ་ཏུ་དག་བླ་བྱེད་པ་དང་། རང་བཞིན་གྱི་ཆོས་ལ་དགའ་བས ་སོ། དེ་ལྟར་བཞི་པ་གཞན་ནི་བཞི་པ་དང་པོའི་ཚིག་རབ་ཏུ་དབྱེ་བ་མངོན་པར་སྒྲུབ་པར་རིག་པར་བྱའོ།། རབ་ཏུ་ཕྱེ་ནས་ཀུན་ཏུ་བསྟན་པ་རྣམ་པར་ངེས་པ་ནི་ཇི་སྐད་དུ་བསྟན་པའི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ལ་གཅིག་ནས ་རྟོག་པ་ལ་སོགས་པར་ཅི་རིགས་པར་སྦྱ་རོ།། དེ་ལ་གཅིག་ནུས་རྟོག་པ་ཞེས་བྱ་བ་དྲི་བཱ་ནི་གང་གིས་ཚོས་གཅིག་ཚོས་ལྷག་མ་རྣམས་དང་ལྷན་ཅིག་ཏུ་རེ་རེ་ནས་དྲིས་ནས་དེ་བོར་ཏེ། དེས་གཉིས་པ་ལ་ཡང་གཞན་རྣམས་དང་། ལྷན ་ཅིག་ཏུ་འདྲི་བའོ།། དེ་བཞིན་དུ་རེ་རེ་ནས་ཐམས་ཅད་འདྲི་བ་སྟེ། དཔེར་ན་གངོ་མིག་གི་སྐྱེ་མཆེད་དང་ཡང་ལྡན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ། གང་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་དེ་མིག་གི་སྐྱེ་མཆེད་དང་ཡང་ལྡན ་ནམ། ཞེས་བྱ་བ་ནི་ཚིག་གོང་མ་དང་སྦྱར་བའོ།། གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་རྣོ་བའི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ལ་མུ་བཞིའོ།། དེ་བཞིན་དུ་དེ་ཡིད་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བའི་བར་དུ་འདི་ལ ་ཅི་རིགསུ་སྦྱར་བར་བྱའོ།། དེ་ལ་ཆོས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ནི་ཚིག་གོང་མ་དང་སྦྱར་བར་བྱའོ།། གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་གང་ཡིན་པ་དེ་མིག་གི་སྐྱེ་མཆེད་དང་ཡང་ལྡན་ནམ། གང་མིག་གི་སྐྱེ་མཆེད ་དང་ལྡན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ། ཞེས་བྱ་བ་ནི་ཚིག་འོག་མ་དང་སྦྱརརོ།། གང་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་དེ་རྣ་བའི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ཡང་ཚིག་འོག་མ་དང་སྦྱར་བའོ།། དེ་བཞིན ་དུ་ཆོས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་ཅི་རིགསུ་སྦྱར་བར་བྱའོ།། གང་རྣ་བའི་སྐྱེ་མཆོད་དང་ལྡན་པ་དེ་མིག་གི་སྐྱེ་མཆེད་དང་ཡང་ལྡན་ནམ། ཞེས་བྱ་བ་འདི་ལ་མུ་བཞིའོ།། དེ་བཞིན་དུ་ཆོས་ཀྱི་སྐྱེ་མཆེད་ཀྱི་བོར་དུ་ཡང་སྦྱར ་བར་བྱའོ།། དེ་ལྟར་རེ་རེ་ནས་གསལ་བའི་ཚུལ་གྱིས་སྐྱེ་མཆེད་ཕོན་ཚུན་དུ་སྦྱར་བར་བྱའོ།། ཚིག་གིང་མ་དང་སྦྱོར་བ་གཉིས་ན་ཆོས་འགའ་ཞིག་ལ་བརྩམས་ནས་ཕན་ཚུན་དྲིས་ན་ཆོས་གོང་མ་ལ་བརྟེན་ནས་གང་ལུང་སྟོན་པོ་སྟེ། ་དཔེར་ན་ཤེས་པ་གང་ཡིན་པ་ཤེས་བྱ་ཡང་དེ་འམ། ཤེས་བྱ་གང་ཡིན་པ་ཤེས་པོ་ཡང་དེ་འམ། ཞེས་བྱ་བ་ནི་ཚིག་གོང་མ་དང་སྦྱོར་བ་སྟེ། ཤེས་པ་གང་ཡིན་པ་ཤེས་བྱ་ཡང་དེ་ཡིནོ།། ཤེས་བྱ་ཡིན་ལ་ཤེས་པ་མ་ཡིན་པའང ་ཡོད་དེ། དེ་ལས་གཞན་པའི་ཆོས་རྣམསོ།། ཚིག་འོག་མ་ང་སྦྱོར་བ་ནི། དེ་བཞིན་དུ་གཉིས་གཉིས་དྲིས་པ་ལོ་གང་ཕྱི་མ་ལ་བརྟེན་ནས་ལུང་སྟོན་པ་སྟེ། དཔེར་ན་གཟུང་བ་གང་ཡིན་པ་དེ་འཛིན་པའང་དེ་ཡིན་ནམ། འཛིན་པ་གང་ཡིན་པ་དེ ་གཟུང་བའང་དེའམ་ཞེས་བྱ་བ་ཚིག་འོག་མ་དང་སྦྱོར་བ་སྟེ། འཛིན་པ་གང་ཡིན་པ་གཟུང་བའང་དེའོ།། གཟུང་བ་ཡིན་ལ་འཛིན་པ་མ་ཡིན་པའང་ཡོད་དེ། གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་དང་མཚུངས་པར་ལྡན ་པ་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་དོ།། མུ་གཉིས་པ་ནི་གང་དུ་མུ་གཉིས་སྟོན་པ་སྟེ། དེ་ལས་གཞན་མེད་པའི་ཕྱིརརོ།། དཔེར་ན་ཕུང་པོ་རྣམས་པར་བཞག་པ་དང་། ཁམས་རྣམ་པར་བཞག་པ་ལ་བརྟེན་ནས་བརྗོད་པ་སྟེ། ཕུང་པོའི་གྲངས ་གང་ཡིན་པ་ཁམས་ཀྱི་གྲངས་ཀྱང་དེའམ། ཁམས་ཀྱི་གྲངས་གང་ཡིན་པ་ཕུང་པོའི་གྲངས་ཀྱང་དེ་འམ་ཞེས་བྱ་བ་ནི་མུ་གཉིས་པ་སྟེ། ཕུང་པོའི་གྲངས་ཡིན་ལ་ཁམས་ཀྱི་གྲངས་མ་ཡིན་པའང་ཡོད་གཟུགས་ཀྱི་ཕུང་པོ་དང་རྣམ ་པར་ཤེས་པའི་ཕུང་པོའོ།། འདི་ལྟར་གཟུགས་ཀྱི་ཕུང་པོའི་མཚན་ཉིད་མཐའ་དག་གམ་རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་མཐའ་དག་ཁམ་གཅིག་ཏུ་གྱུར་པ་མེད་དོ།། ཁམས་ཀྱི་གྲངས་ཡིན་ལ་ཕུང་པོའི་གྲངས་མ་ཡིན་པ ་འང་ཡོད་དེ། ཆོས་ཀྱི་ཁམ་སོ།། མུ་གསུམ་པ་ནི་གང་དུ་མུ་གསུམ་པ་ཁོ་ན་སྟོན་པ་སྟེ། དཔེར་ན་ཕུང་པོའི་གྲངས་གང་ཡིན་པ་སྐྱེ་མཆེད་ཀྱི་གྲངས་ཀྱང་དེ་འམ། སྐྱེ་མཆེད་ཀྱི་གྲངས་གང་ཡིན་པ་ཕུང་པོའི་གྲངས་ཀྱང་དེ་འམ་ཞེས་བྱ་བ་ནི་མུ ་གསུམ་པ་སྟེ། ཕུང་པོའི་གྲངས་ཡིན་ལ་སྐྱེ་མཆེད་ཀྱི་གྲངས་མ་ཡིན་པའང་ཡོད། གཟུགས་ཀྱི་ཕུང་པོའོ།། སྐྱེ་མཆེད་ཀྱི་གྲངས་ཡོན་ལ་ཕུང་པོའི་གྲངས་མ་ཡིན་པོའང་ཡོད། ཆོས་ཀྱི་སྐྱེ་མཆེད་དོ།། ཕུང་པོའི་གྲངས་ཀྱང་ཡིན་ལ་སྐྱེ་མཆེད་ཀྱི ་གྲངས་ཀྱང་ཡིན་པ་ཡོད། རྣམ་པར་ཤེས་པའི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དོ།། གཉི་ག་མ་ཡིན་པའི་གྲངས་ནི་ཕུང་པོ་དང་སྐྱེ་མཆེད་ལ་མེ་དོ།། མུ་བཞི་པ་ནི་གང་དུ་མུ་བཞི་སྟོན་པ་སྟེ། དཔེར་ན་མིག་གི་དབང་པོ་དང་ལྡན་པ་གང་ཡིན་པ ་རྣ་བའི་དབང་པོ་དང་ལྡན་པའང་དེའམ། རྣ་བའི་དབང་པོ་དང་ལྡན་པ་གོང་ཡིན་པ་མིག་གི་དབང་པོ་དང་ལྡན་པའང་དེའམ་ཞེས་བྱ་བ་ནི་མུ་བཞི་པ་སྟེ། མུ་དང་པོས་ནི་མག་སྐྱེས་ཤིང་མ་ཉམས་ལ་འོན་པའོ།། མུ་གཉིས་པ་ནི་རྣ་བ་སྐྱེས ་ཤིང་མ་ཉམས་པ་ལ་ལོང་བའོ།། མུ་གསུམ་པ་ནི་མིག་དང་རྣ་བ་སྐྱེས་ཤིང་མ་ཉམས་པའོ།། མུ་བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ།། དེ་དེ་བཞིན་ནོ།། ཞེས་བྱ་བ་ནི་གང་དྲིས་པ་ལུང་དུ་བསྟན་པ་ལ་དེ་བཞིན་ཞེས་བརྗོད་པ ་སྟེ། དེ་དེ་བཞིནོ་ཞེས་ཁས་ལེན་ཅེས་བྱ་བའི་ཐ་ཚིགོ། དཔེར་ན་གང་དག་མི་རྟག་པ་དེ་དག་ཐམས་ཅད་འདུས་བྱས་ཡིན་ནམ། འདུས་བྱས་གང་ཡིན་པ་དེ་དག་ཐམས་ཅད་མི་རྟག་པ་འམ་ཞེས་དྲིས་པ་ལ་དེ་བཞིནོ།། ཞེས་བསྟན་པར ་བྱའོ།། སྤོང་བ་ནི་གང་དུ་མ་ཡིན་ཞེས་སྤོང་བ་སྟེ། དཔེར་ན་ཕུང་པོ་ལྔ་ལས་མ་གཏོགས་པའི་འདུ་བྱེད་རྣམས་བདེན་པ་གང་དག་གོས་བསྡུས་ཞེས་ཟེར་བ་ལ། ཕུང་པོ་ལྔ་ལས་མ་གཏོགས་པའི་འདུ་བྱེད་དག་མེད་དོ་ཞེས་སྤོང ་འོ།། ཡང་དག་པར་དྲི་བ་རྣམ་པར་ངེས་པ་ནི་རྣམ་པ་བརྒྱད་དེ། ཅི་ཞེས་བསྟན་པ་ནི་འདི་ལྟ་སྟེ། སུ་ཞིག་མི་དམིགས་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་བྱང་ཆུབ་སེམས་དཔའོ།། ཅི་མི་དམིགས་ཤེ་ན་གཟུང་བའི་མཚ ་ཉིད་དང་འཛིན་པའི་མཚན་ཉིད།། གང་གིས་མི་དམིགས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོ།། ཅིའི་ཕྱིར་མི་དམིགས་ཤེ་ན། སེམས་ཅན་ཐམས་ཅད་ཡོངསསུ་བསྐྱབ་པ་དང་། བླ་ན་མེད་པ་ཡང་དག་པར་རྫོག ་པའི་བྱང་ཆུབ་པར་བྱ་བའི་ཕྱིར།། གང་ལས་མི་དམིགས་ཤེ་ན། སངས་རྒྱས་འབྱུང་བ་ལ་མཉེས་པར་བྱེད་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་སྒྲུབ་པ་ལསོ།། གང་དག ་མི་དམིགས་ཤེ་ན། ཆོས་ཐམས་ཅད་ཀྱིའོ།། གང་དུ་མི་དམིགས་ཤེ་ན། མོས་པས་སྤྱོད་པའི་ས་ནས་སོ་བཅུ་པའི་བར་དུའོ།། རྣམ་པ་དུ་ཞིག་མི་དམིགས་ཤེ་ན། རྣམ་པ་བཅུ་གཅིག་སྟེ། སྐྱེས་ནས་འགགས་པ་དང་། མ་སྐྱེས་པ ་དང་། མངོན་དུ་གྱུར་པ་དང་། རྒྱུའི་སྟོབས་ལས་བྱུང་བ་དང་། མཛའ་བོའི་སྟོབས་ལས་བྱུང་བ་དང་། ཆོས་ཐམས་ཅད་མི་དམིགས་པ་དང་། སྟོང་པ་ཉིད་མི་དམིགས་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་བཅས་པ་དང་། ངའོ་སྙམ་པའི ་ང་རྒྱལ་མེད་པ་དང་། ཚོགས་མི་བསགས་པ་དང་། ཚེགས་བསགས་པ་སྟེ། མི་དམིགས་པ་འདི་དག་ནི་གང་ནི་ཡང་རུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་། ནང་དང་ཕྱི་དང་། རགས་པ་དང་ཕྲ་བ་དང་། ངན་པ་དང་། ་བཟང་པོ་དང་། རྒྱང་རིང་བ་དང་ཐག་ཉེ་བ་དང་ཞེས་བྱ་བ་འདི་དག་གི་གོ་རིམ་གྱི་ཚུལ་གྱིས་བལྟ་བར་བྱའོ།། ཅི་ཞེས་བསྟན་པ་ལ་ཇི་ལྟ་བར་གང་ཞེས་བསྟན་པ་ལ་ཡང་དེ་བཞི་ནོ།། ཞེས་བྱ་བ་འདི་གང་ཞིག་མི་དམིགས་པ་དང་། ་གང་དང་གང་གིས་དང་། གང་གི་ཕྱིར་དང་། གང་ལས་དང་། གང་གི་དྲང་། གང་དུ་མི་དམིགས་པ་དང་། ཇི་སྙེད་ཅིག་མི་དམིགས་པའོ།། ཡང་རྣམ་པར་ངེས་པའི་ལམ་བཞི་སྟེ། སུན་འབྱིན་པར་བྱེད་པ་ལ་སོགས་པའོ།། དེ་ལ་སུན ་འབྱིན་པར་བྱེད་པ་ནི་གཞན་གྱི་ཕྱོགས་ཉེས་པར་སྨྲས་པ་ལ། འདི་ལེགས་པ་མ་ཡིན་ཞེས་སེལ་བར་བྱེད་པའོ།། སྒྲུབ་པར་བྱེད་པ་ནི་རང་གི་ཕྱོགས་ལེགས་པར་སྨྲས་པ་ལ་འདི་ནི་ལོགས་པའོ།། ཞེས་འཇོག་པར་བྱེད།། གཅོད ་པར་བྱེད་པ་ནི་གཞན་དག་གི་ཐེ་ཚོམ་སྐྱེས་པ་འམ། མ་སྐྱེས་པ་ལ་རྣམ་པར་ངེས་པ་སྦྱིན་པར་བྱེད་པའོ།། ཁོང་དུ་ཆུད་པར་བྱེད་པ་ནི་དོན་དེ་དང་དེ་དག་ལ་རྨོངས་པ་རྣམས་ལ་དོན་དེ་སྟོན་པར་བྱེད་པའོ།། བྱ་བ་སྒྲུབ་པོ་རྣམ་པར་ངེས ་བྱ་ནི་འཇིག་རྟེན་ཕན་ཚུན་དུ་འཚོ་བའི་ཐབས་ལ་སོགས་པའི་དགོས་པ་སྒྲུབ་པའོ།། འཇུག་པ་རྣམ་པར་ངེས་པ་ནི་ཐེག་པོ་གསུམ་པོ་དག་ལས་ཐེག་པ་གང་ལ་འཇུག་པར་བྱ་ཞིང་གཞུག་པར་བྱ་ཞེས་རྣམ་པར་དཔྱོད་པའོ།། ་མོས་པར་རྣམ་པར་ངེས་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཇི་ལྟར་ཐོས་པ་བཞིན་དུ་ཡིད་ཆེས་པའོ།། རིགས་པས་རྣམ་པར་ངེས་པ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་སྔ་ཕྱིའི་དགོངས་པ་ཡོང་སུ་འཇལ ་བའོ།། འབེལ་བའི་གཏམ་གྱིས་རྣམ་པར་ངེས་པ་ནི་ཇི་ལྟར་ཐོས་པ་དང་བསམ་པ་རྣམས་དྲི་བ་དང་ཕྱིར་ཞིང་དྲི་བར་བྱ་བའི་རྒྱལ་གྱིས་ཕྲན་ཚུན་ཆོས་ལ་རྫོགས་པར་ལོངས་སྤྱོད་པའོ།། རབ་ཏུ་རྫོགས་པས་རྣམ་པར་ངེས་པ་ནི ་མཐོང་བའི་ལམ་སྟེ། དེས་བདེན་པ་རབ་ཏུ་རྟོགས་པའི་ཕྱིར་རོ།། རྣམ་པར་དག་པས་རྣམ་པར་ངེས་པ་ནི་བསྒོམ་པའི་ལམ་སྟེ། དེས་ཉོན་མོངས་པ་མ་ལུས་པར་རྣམ་པར་སྤོང་བའི་ཕྱིར་རོ།། མངོན ་པར་སྒྲུབ་པས་རྣམ་པར་ངེས་པ་ནི་ཁྱད་པར་གྱི་ལམ་སྟེ། དེས་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཕྱིརརོ།། ཚིག་རབ་ཏུ་དབྱེ་བ་རྣམས་པར་ངེས་པ་ནི་གཉིས་པ་དང་གསུམ་པ་དང་བཞི་པ་ལ་སོགས་པའི་རྣམ ་པ་མངོན་པར་སྒྲུབ་པའི་སྒོ་ནས་ཆོས་སྟོན་པ་མཐའ་ཡིསོ།། ལྷུན་གྱིས་གྲུབ་པ་དང་རྩོལ་བ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་རྣམ་པར་ངེས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཏེ། སྔོན་གྱི་རྩོལ་བ་མེད་པར་ཡང ་དོན་ཐམས་ཅད་ལ་རྩོལ་བའི་མདོ་ལས་ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་འཇུག་པའི་ཕྱིརརོ།། སྨྲ་བ་རྣམ་པར་ངེས་པ་ནི་སྨྲ་བ་དང་། སྨྲ་བའི་ཞལ་འཆེ་བ་ལ་སོགས་པ་ལ་མཁས་པ་སྟེ། དེ་ལ ་སྨྲ་བ་ནི་ཚིག་ཐམས་ཅད་དོ།། སྨད་ཁྱེར་བར་སྨྲ་བ་ནི་འཛིན་ན་ནར་སྨྲ་བའོ།། རྩོད་པ་སྨྲ་བ་ནི་མི་ཐུན་པར་སྨྲ་བའོ།། ཚིག་ངན་པར་སྨྲ་བ་ནི་སྨད་པར་སྤྲོ་བའོ།། མཐུན་པར་སྨྲ་བ་ནི་རྗེ་སུ་མཐུན་པར་སྨྲ་བའོ།། གདམས་པར་སྨྲ་བ་ནི་ཁོང་དུ་ཆུད་པར་བྱ་བའི ་ཕྱིར་སྨྲ་བའོ།། སྨྲ་བའི་ཞལ་འཚེ་བ་ནི་གང་དུ་སྨྲ་བར་བྱ་བ་སྟེ། འདི་ལྟ་སྟེ། རྒྱལ་པོའི་ཕོ་བྲང་ནི་གང་ན་རྒྱལ་པོ་ཉིད་བཞུགས་པའོ།། བསྐོས་པ་འདུ་བའི་ས་ནི་གང་དུ་རྒྱལ་པོས་བསྐོས་པ་རྣམས་འདུ་བའོ།། འདུས་པ་ནི་ཚོང་པ ་འདུས་པ་ལ་སོགས་པའོ།། ཚད་མར་རུང་བའི་ཟླ་གྲོགས་ནི་གང་དག་གི་ཚིག་སྨྲ་བ་དང་ཕྱིར་རྒོལ་བ་གཉིས་ཀས་མི་གཅོད་པའོ།། དགེ་སྦྱོང་དང་བྲམ་ཟེ་ཆོས་དང་དོན་ལ་མཁས་པ་རྣམས་ནི་གང་དག་བསྟན་བཅོས ་དེ་དང་དེ་དགི་ཚིག་དང་དོན་ལ་བློ་བྱང་བའོ།། སྨྲ་བའི་གཞི་ནི་གང་ལ་བསྟེན་ནས་སྨྲ་བར་བྱ་བ་སྟེ། འདི་ལྟ་སྟེ། སྒྲུབ་པ་དང་གྲུབ་པའོ།། དེ་ལ་ངོ་བོ་ཉིད་སྒྲུབ་པ་ནི་བདག་གི་ངོ་བོ་ཉིད་དང་། ཆོས་ཀྱི་ངོ་བོ་ཉིད་དེ་ཡོད་དོ། ་ཞེ་འམ། མེད་དོ་ཞེས་བྱ་བའོ།། ཁྱད་པར་བསྒྲུབ་པ་ནི་བདག་གི་ཁྱད་པར་དང་ཆོས་ཀྱི་ཁྱད་པར་ཏེ། ཐམས་ཅད་དུ་སོང་བ་འམ། ཐམས་ཅད་དུ་སོང་བ་མ་ཡིན་པ་འམ། རྟག་པ་འམ་མི་རྟག་པ་འམ། གཟུགས ་ཅན་ནམ་གཟུགས་ཅན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་སུའོ།། དམ་བཅའ་བ་ནི་བདག་འདོད་པ་བསྒྲུབ་པའི་དོན་གཞན་ལ་གོ་བར་སྟོན་པ་ཞེས་བྱ་བ་ལ། གལ་ཏེ་སྒྲུབ་པ་མ་སྨོས་ན་བདག་གི ་ཕྱོགས་གྲུབ་ཟིན་པ་ཡང་གཞན་དག་ལ་བསྟན་པར་དམ་བཅའ་བར་འགྱུརརོ།། བདག་འདོད་པའི་དོན་མ་སྨོས་ན་ནི་གཞན་གྱི་ཕྱོགས་བསྒྲུབ་པའི་ཚིག་ཀྱང་དམ་བཅའ་བར་འགྱུརརོ།། གཞིན་མ་སྨོས་ན་ནི་གཅིག་པུ ་ཡོང་ཚིག་དེ་དམ་བཅའ་བར་འགྱུརརོ།། གལ་ཏེ་གོ་བ་མ་སྨོས་ན་ནི་ལུས་ཀྱི་དོན་དེ་བརྡ་སྤྲོད་པ་ཡང་དམ་བཅའི་བར་འགྱུར་རོ།། གལ་ཏེ་སྟོན་པ་མ་སྨོས་ན་ནི་ཉན་པ་རྣམས་ཀྱིས་དོན་དེ་མ་ཤེས་ན་ཡང་དམ་བཅའ་བར་འགྱུར། ་ཇི་ལྟར་བསྟན་པ་བཞིན་དུ་རྣམ་པར་བཞག་པ་ལ་ཉེས་པ་འདི་དག་ཐམས་ཅད་མེད་པར་འགྱུར་ཏེ། དེ་ལྟ་བས་ན་འདི་རྣམ་པར་བཞག་པར་རིག་པར་བྱའོ།། གཏན་ཚིགས་ནི་སྒྲུབ་པ་ཉིད་ལ་མ ་གྲགས་པའི་དོན་ཡིད་ཆེས་པར་བྱེད་པའི་རྒྱུ་མངོན་སུམ་དུ་དམིགས་པ་དང་། མི་དམིགས་པར་བསྙད་པའོ།། ཞེས་བྱ་བ་ལ། ཡིད་ཆེས་པའི་རྒྱུའི་དོན་ནི་འདིར་གཏན་ཚིགས་ཀྱི་དོན་ཅེས་བྱ་བར་སྟོན་ཏེ། འདི་ལྟར ་མངོན་སུམ་དུ་དམིགས་པ་དང་། མ་དམིགས་པ་ཞེས་བསྟན་པ་འདིས་སྒྲུབ་པ་དེ་ཉིད་ལ་མ་གྲགས་པའི་དོན་ལ་ཡིད་ཆེས་པ་སྐྱེ་བ་སྟེ། དེས་ན་དེ་བསྙད་པའི་རྒྱུར་གྱུར་པའི་ཕྱིར་གཏན་ཚིགས་ཞེས་བྱའོ།། མངོན་པར ་སུམ་དུ་དམིགས་པ་དང་མྱ་དམིགས་པ་ནི་ངོ་བོ་ཉིད་དང་རྟགས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ།། དཔེ་ནི་མཐའ་མཐོང་བ་དང་།། མཐའ་མ་མཐོང་བ་མཚུངས་པར་སྦྱར་ཞིང་བསྐྲད་པའོ།། ཞེས་བྱ་བ་ནི་གླགས་པའི ་རྒྱུ་དང་མ་གྲགས་པའི་ཆུ་རྟོགས་པར་བྱ་བའི་ཕྱིར། བསྙད་ཅེས་བྱ་བའི་ཐ་ཚིག་གོ།། ཉེ་བར་སྦྱར་པོ་ནི་དེའི་རིགས་ཀྱི་ཆོས་ལྷག་མ་དེ་དང་འདྲ་བ་ལ་དེའི་ཆོས་སྦྱོར་བའི་ཕྱིར་ཚུལ་གྱིས་མཐུན་པར་བསྟོད་པའོ།། ཞེས་བྱ་བ ་ནི་ཇི་ལྟར་བསྒྲུབས་པའི་དོན་ཡན་ལག་གསུམ་གྱིས་བསྒྲུབས་པ་དེ་བཞིན་དུ། ལྷག་མ་དེ་དང་འདྲ་བ་གྲུབ་པ་རྣམས་ལ་ཡང་གྲུབ་པའི་དོན་གྱིས་ཆོས་སྦྱར་པོའི་ཕྱིར། ཚུལ་གྱིས་མཐུན་པར་བསྐྱེད་ཅིང་རིགས་པོས ་འདྲ་བར་སྟོན་པ་ནི་ཉེ་བར་སྦྱར་བར་བྱའོ།། མཇུག་བསྡུས་པས་ནི་མཐར་ཕྱིན་པར་བསྙད་པའོ།། ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་རིགས་པས་ལེགས་པར་འཐད་པ་དེའི་ཕྱིར་དེ་ནི་དེ་བཞི་ནོ།། ཞེས་བྱ་བ་དེ་ནི་མཇུག ་བསྡུད་དུ་རིག་པར་བྱའོ།། དམ་བཅའ་བ་ལ་སོགས་པ་འདི་དག་གི་དཔེར་བརྗོད་པ་ཙམ་འདི་རབ་ཏུ་བསྟོན་པར་བྱ་སྟེ། དཔེར་ན་རྩོད་པའི་ཕྱིར་རྒོལ་བ་དང་བཅས་པ་དེ་ལ་བདག་མེད་པར་སྨྲ་བས་བདོག་མེད་དོ།། ཞེས ་བྱ་བའི་ཚིག་འདི་དམ་བཅའ་བའོ།། ཕུང་པོ་ལ་བདག་ཏུ་འདོགས་པ་ལ་ཉེས་པ་རྣམ་པ་བཞི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚི་གོས་ཏེ། བདག་དེ་ལ་འདོགས་ན་ཕུང་པོའི་མཚན་ཉིད་དུའམ། ཕུང་པོ་རྣམས ་ལ་འམ། ཕུང་པོ་རྣམས་ལས་གཞན་པ་འམ། ཕུང་པོ་མེད་པ་ཞིག་ཏུ་བརྟག་གྲང་ན། དེ་ལ་གལ་ཏེ་ཕུང་པོའི་མཚན་ཉིད་ཅེས་བྱར་ནི་ཕུང་པོ་དེ་དག་རང་དབང་མེད་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་འཇིག་པའི ་ཆོས་ཅན་ཏོ།། བདག་དེའི་མཚན་ཉིད་དུ་མི་འཐད་པས་ཉེས་པར་འགྱུར་རོ།། ཇི་སྟེ་ཕུང་པོ་རྣམས་ལ་འདོགས་ན་ནི་དེས་ན། ཕུང་པོ་མི་རྟག་པ་ལ་བརྟེན་པས་བདག་མི་རྟག་པར་འགྱུར་བའི་ཕྱིར་ཉེས་པར་འགྱུར་རོ།། ཇི་སྟེ ་སུདྨོ་དག་ལས་གཞན་དུ་འདོགས་ན་ནི་དེས་ན་བདག་དེ་ལུས་མེད་ཅིང་བསྒྲིམ་མི་དགོས་པའི་ཕྱིར་ཉེས་པར་འགྱུར་རོ།། གལ་ཏེ་ཕུང་པོ་མེད་པར་འདོགས་ན་ནི། རང་བཞིན་གྱིས་གྲོལ་བ་མ་འདྲེས་པ་ཡིན་པས་ཐར་བར་བྱ ་བའི་ཕྱིར་འབད་པ་དོན་མེད་པའི་ཉེས་པར་འགྱུརརོ།། ད་ལྟར་ལ་འདས་པ་འདོགས་པ་བཞི་ནོ།། ཞེས་བྱ་བ་དཔེའོ།། འདས་པ་དེ་ཡོད་པའི་མཚན་ཉིད་ཁོ་ནར་འདོགས་པ་ན། ད་ལྟར་གྱི་མཚན་ཉིད་དུ ་འམ། ད་ལྟར་བྱུང་བ་ལ་འམ། ད་ལྟར་བྱུང་བ་ལས་གཞན་དུའང་། ད་ལྟར་བྱུང་བ་ལས་མི་བལྟོས་པ་ཞིག་ཏུ་གདགས་གྲོང་ན། དེ་གལ་ཏེ་ད་ལྟར་གྱི་མཚན་ཉིད་དུ་འདོགས་ན་ནི་དེས་ན་ད་ལྟར་ནི་བྱུང་ལ་མ་འགགས ་པ་ཡིན་པས་དེའི་མཚན་ཉིད་འདས་པ་ཡང་བྱུང་ལ་མ་འགགས་པའི་མཚན་ཉིད་ཀྱིས་ཉེས་པར་འགྱུར་རོ།། ཇི་སྟེ་ད་ལྟ་ལ་འདོགས་ན་དེས་ན་མ་འགགས་པ་ནི་འགག་པའི་བདག་ཉིད་དང་འབྲེལ་པར་མི་རུང་བས་ཉེས་པར ་འགྱུར་རོ།། ཇི་སྟེ་ད་ལྟར་ལས་གཞན་དུ་འདོགས་ན་ནི་དེས་ན་ད་ལྟར་བོར་ན་དངོས་པོ་དེ་ཅི་ཡང་མི་དམིགས་ཏེ། དེ་ལ་དེ་འདོགས་པ་དེ་ཉེས་པར་འགྱུར་རོ།། ཇི་སྟེ་ད་ལྟར་ལཱ་མི་བལྟོས་ན་ནི་དེས་འདུས་མ་བྱས་ཀྱང་འདས་པར ་འགྱུར་བས་ཉེས་པར་འགྱུརརོ།། འདས་པ་དེ་ནི་མཚན་ཉིད་ཉམས་པའི་ཕྱིར་མཚན་ཉིད་ཀྱིས་མེད་པར་གྲུབོ།། དེའི་ཕྱིར་ད་ལྟར་ལ་འདོགས་པ་ལ་ཉེས་པ་བཞི་གྲུབ་པ་འདིས། བདག་མེད་པ་མ་གྲུབ་པོ་ཡང་ཕུང་པོ་ལ ་འདོགས་པ་ལ་ཉེས་པ་རྣམ་པ་བཞི་དམིགས་པའི་ཕྱིར་མེད་པར་རབ་ཏུ་གྲུབ་པོ།། དེ་ལྟར་བདག་ཏུ་ཕྱིན་ཅི་ལོག་པ་བཀག་ནས་རིགས་པ་འདིས་རྟག་པ་ལ་སོགས་པ་ཡང་མེད་དོ།། ཞེས་འདྲ་བར་སྟོན་པ་ནི་ཉེ་བར་སྦྱར་བའོ།། ། ་གླང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཕུང་པོ་ལྔ་ནི་མི་རྟག་པ་ནས་བདག་གི་བྱ་མེད་པའོ།། ཞེས་བྱ་བ་ནི་མཇུག་བསྡུད་དོ།། མངོན་སུམ་ནི་རང་གི་དོན་ཡོད་ཅིང་སྣང་ལ་མ་ནོར་བའོ།། ཞེས་བྱ་བ་དེ་ལ་རང་གི་ངན། ་ནཱི་འདྲི་ལྟ་སྟེ། མིག་གི་གཟུགས་སོ།། ཡོད་པ་སྨྲས་པ་ནི་བུམ་པ་ལ་སོགས་པའི་རྗེས་འཇིག་རྟེན་ན་མངོན་པ་སུམ་དུ་གྲགས་པ་རྣམས་མངོན་སུམ་མ་ཡིན་པ་གསལ་བའི་བྱུར་ཏེ། བཏགས་པ་ཙམ ་གྱི་ཕྱིར་རོ།། སྣང་བ་སྨོས་པ་ནི་བསྒྲིབས་པ་ལ་སོགས་པ་མཱི་དམྱིགས་པའི་རྒྱུ་རྣམས་ཀྱིས་མི་སྣང་བར་འགྱུར་བའི་ཡུལ་གསལ་བའི་ཕྱིར་རོ།། མ་ནོར་བ་སྨོས་པ་ནི་མགལ་མྱེ་བསྐོར་བ་དང་། སྒྱུ་མ་དང ་སྨིག་རྒྱུ་ལ་སོགས་པ་བསལ་བའི་ཕྱིར་རོ།། རྗེསུ་དཔག་པ་ནི་མངོན་སུམ་གྱི་ལྕིག་མ་ཡིད་ཆེས་པའོ།། ཞེས་བྱ་བ་ལ། མངོན་སུམ་ལོས་གཞན་གང་ཡིན་པ་ནི་ལྕུག་མ་མངོན་སུམ་མ་ཡིན་པ་སྟེ། ངེས་པར ་དོ་དང་ལྷན་ཅིག་གནས་པར་མཐོང་པོ་པོ་ལྔ་སྔར་རབ་ཏུ་གྲུབ་པའོ།། མངོན་སུམ་དྲི་ལྟ་བསྡུ་ན་དེ་ལས་གཞན་པ་ལྷག་མ་ལ་འདིར་ནི་འོདི་དེ་དང་ལྷན་ཅིག་གནས་པ་ཡིན་ནོ།། ཞེས་ཡིད་ཆེས་པར་འབྱུང་བ་དེ་མངོན ་སུམ་སྔོན་དུ་སོང་བའི་རྗེས་སུ་དཔག་པ་སྟེ། དཔེར་ན་དུ་བ་མཐོང་བ་ལ་མེ་ལྟོ་བུའོ།། ཡིད་ཆེས་པའི་ལུང་ནི་གཉི་ག་དང་མི་འགལ་བར་སྟོན་པ་སྟེ། ཉེ་བར་བསྟན་པ་གང་ལ་མངོན་སུམ་དང་རྗེས་སུ་དཔག ་པ་དེ་རྣམ་པ་ཐམས་ཅད་དུ་འགལ་བ་མེད་ཅིང་འཁྲུལ་པ་མེད་པ་སྟེ། ཡིད་ཆེས་པའི་ལུང་ནི་ཡིད་ཆེས་པར་བྱེད་པའི་ཕྱིར་རོ།། སྨྲ་བའི་རྒྱན་ནི་གང་དང་ལྡན་ན་སྨྲ་བ་སྨྲ་བར་བྱེད ་པའི་ཚེ་ཤིན་ཏུ་མཛེས་པའོ།། དེ་ཡང་བདག་དང་གཞན་གྱི་གཞུང་ལུགས་ཤེས་པ་ལ་སོགས་པ་སྟེ། དེ་ལ་བདག་དང་གཞན་གྱི་གཞུང་ལུགས་ཤེས་པ་ནི་རང་གི་གྲུབ་པའི་མཐའ་དང་གཞན་གྱི ་གྲུབ་པའི་མཐའ་ལས་བརྩམས་ཏེ། ཚིག་དང་དོན་སྔ་ཕྱི་རྒྱུན་ཆགས་པར་རྣམ་པར་སྟོན་པར་ལྕོགས་པའོ།། ཚིག་ཟུར་ཕྱིན་པ་ཕུན་སུམ་ཚོགས་པ་ནི་སྒྲ་སྨྲ་བ་འོག་ནས་འབྱུང་བའི་གཏམ་གྱི་ཉེས་པ ་ལས་བཟློག་པ་སྟེ། ཙལ་ཅོལ་ལ་སོགས་པ་མེད་པའི་ཕྱིར་རོ།། མི་འཇིགས་པ་ནི་དུ་མཾ་བཙུན་པ་དང་མངོན་པར་ཞེན་པ་ཙན་མཁས་པ་དག་འདུས་པར་ཡང་སྨྲ་ཞིང་བག་ཚ་བ་མེད་ལ་འཛེམ་པ་མེད་པའོ།། ་བརྟན་པ་ནི་ཕྱིར་རྒོལ་བའི་ཚིག་མཇུག་ཏུ་ཕྱིན་པར་བསྡོད་ནས་ཡིད་དལ་དུ་སྨྲ་བའོ།། མཐུན་པར་བྱེད་པ་ནི་རང་བཞིན་གྱིས་བཟང་བས་གཟུ་བོ་དང་ཕྱིར་རྒོལ་བའི་སེམས་དང་མཐུན་པའོ།། སྨྲ་ཆང ་པས་གཅད་པ་ནི་གང་གིས་སྨྲ་བ་ཆད་པས་གཅད་ཅེས་བྱ་བ་སྟེ། དེ་ཡང་གཏམ་རྗེས་གཅད་པོ་ལ་སོགས་པའོ།། དེ་ལ་གཏམ་རྗེས་བཅད་པོ་ནི་བདག་ནི་མ་ལེགས་སོ།། ཁྱོད་ནི་ལེགས་སོ།། ཞེས ་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་རང་དང་གཞན་གྱི་སྨྲ་བའི་སྐྱོན་དང་ཡོན་ཏན་ཁས་བླང་བའོ།། གཏམ་འཕྲོ་ལུས་པ་ནི་གཞན་ནས་གཞན་དུ་བརྒྱུད་པ་ལ་སོགས་པས་བསྐལ་པའོ།། གཏམ ་གྱི་ཉེས་པ་ནི་རྒྱལ་ཅོལ་ལ་སོགས་པའི་ཚིག་གོ། དེ་ལ་ཅལ་ཅོལ་ནི་གང་སྐབས་བོར་ཏེ། གཏམ་སྣ་ཚོགས་རྒྱས་པར་བྱེད་པའོ།། འཁྲུགས་པ་ནི་གང་ཁྲོས་པས་གཡེངས་པ་དང་། དགའ་བས ་གཡོངས་པའོ།། བརྡ་ཕྲད་དུ་མི་རུང་བ་ནི་གང་ཆོས་དང་དོན་འཁོར་དང་ཕྱིར་རྒོལ་བ་རྣམས་ཀྱིས་མ་ཟིན་པའོ།། རན་པ་མ་ཡིན་པ་ནི་གང་ཚིག་ལྷག་མ་དང་ཟློས་པ་དང་ཉུངས་པའོ།། དོན་དང་ལྡན་པ་མ་ཡིན ་པ་ནི་རྣམ་པ་ལྟར་བ་ལྟུར་བར་བྱ་སྟེ། དོན་མེད་པ་དང་ཧཱ། དོན་དང་བྲལ་བ་དང་། རིགས་པ་དང་བལ་བྱ་དང་། བསྒྲུབ་པར་མཚུངས་པ་དང་། ལྟག་ཚོད་དང་ལྡན་པ་སྟེ། དོན་མི་དམིགས་པའི་ཕྱིར ་དོན་དྭང་མཱ་འབྲེལ་བའི་ཕྱིར་རོ།། མ་ངེས་པའི་ཕྱིར་རོ།། གྲུབ་པ་ཡང་བསྒྲུབ་དགོས་པའི་ཕྱིར་རོ།། ཚུལ་བཞིན་མ་ཡིན་པ་དང་། ཚོགས་པར་དབྱུང་བ་དང་མ་ཡིན་པ་དང་། སྨྲ་བ་ཐམས་ཅད ་དང་ལྡན་པའི་ཕྱིར་རོ།། དུས་ཚོགས་མ་ཡིན་པར་སྨྲ་བོ་ནི་གང་སྔར་སྨྲ་བར་བྱ་བ་དེ་ཕྱིས་སྨྲ་བ་དང་། ཕྱིས་སྨྲ་བར་བྱ་བ་དེ་སྔར་སྨྲ་བའོ།། མི་བརྟན་པ་ནི་གང་དམ་བཅས་ནས་སྨོད་པ་དང་། སྨད ་ནས་ཡང་དམ་འཆའ་བ་དང་། མྱུར་ཆོས་པས་ཧ་ཅང་ཏབ་ཏབ་པོར་གྱུར་ཏེ་མི་གསལ་བའོ།། ཚིག་མི་གསལ་བ་ནི་གང་སྒྲའི་མཚན་ཉིད་དང་འགལ་བ་དང་། ཕྱིར་མ་བཟླས ་པར་ལན་སྨྲས་པ་དང་། ལེགས་པར་སྦྱར་བ་ལས་བརྩམས་ཏེ། ཐ་མལ་པས་མཐར་ཕྱུང་བ་དང་། ཐ་མལ་པ་ལས་བརྩམས་ཏེ་ལེགས་པར་སྦྱར་བས་མཐར་ཕྱུང་བའོ།། ཚིག་རྒྱུན་ཆགས་པ་མ་ཡིན་པ་ནི། ་བར་སྐབས་སུ་ཚིག་དང་སྤོབས་པ་ཐོགས་པ་དང་རྒྱུན་ཆད་པའོ།། སྨྲ་བ་ལས་བྱུང་བ་ནི་གང་གི་སྨྲ་བ་ལས་བྱུང་བ་སྟེ། སྨྲ་བའི་ཡོན་ཏན་དང་ཉེས་པ་བརྟགས་ནས་མི་བྱེད་པས་འབྱུང་བ་ནི་ཆད་པའི་གནས་སུ ་མི་འགྱུར་པའི་ཕྱིར་རོ།། བྱེད་པས་འབྱུང་བ་ནི་ལྕོགས་པའི་ཕྱིར་རོ།། དེ་ལ་ཕྱིར་རྒོལ་བ་སྣོད་མ་ཡིན་པ་ནི་མི་དགེ་བྱའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་བཞག་པར་མི་ནུས་པའོ།། འཁོར་ཡོན ་ཏནྟྲ་མེད་པ་ནི་ཚུགས་པ་རུང་བ་མ་ཡིན་པ་དང་། མངོན་པར་ཞོན་པ་ཅན་དང་། ཕྱོགས་སུ་ལྷུང་བ་ལ་སོགས་པའོ།། བདག་ཀྱང་མི་མཁས་པ་ནི་སྨྲ་བ་ནས་སྨྲ་བའི་རྒྱུན་དང་གྱི་བར་ལ་མ་བྱང་བའོ།། དེ་ལས ་བཟློག་པ་ནི་འཁོར་སྣོད་དུ་གྱུར་པ་ལ་སོགས་པར་རིག་པར་བྱའོ།། སྨྲ་བ་ལ་གཙེས་སྤྲས་བྱེད་པའི་ཆོས་རྣམས་ནི་གང་དག་སྨྲ་བ་རྣམས་ལ་གདོན་མི་ཟ་བར་དགོས་པ་སྟེ། འདི་ལྟར་གཞན་གྱི་གཞུང་ལུགས ་ལ་མཁས་པ་ནི་སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་ཏེ། དེས་གཏན་གྱི་གཞི་ཐམས་ཅད་དུ་སྨྲ་བར་བྱེད་དོ།། ལྷག་མ་རྣམས་ནི་གོ་སླ་བས་མ་བཤད་དོ།། དགེ་བའི་ཆོས་ལ་བརྩོན་པ་ཞེས་གསུངས ་ནས་ནན་ཏན་སྙིང་པོར་བྱེད་པ་ཞེས་བཀོའ་སྩལ་པ་ནི་བསམ་པ་རྣམ་པར་དག་པ་བསྟན་པའི་ཕྱིར་ཏེ། རྙེད་པ་དང་བཀུར་སྟི་ལ་སོགས་པའི་རྒྱུར་ཐོས་པ་ལ་སོགས་ལ་དགེ་བའི་ཕྱོགས་ལ་བརྩོན་པ ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། སེམས་ཅན་བསྡུས་པ་ནི་ཉན་ཐོས་ལ་སོགས་པ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་ཏེ། གཞན་ལ་ཕན་པར་སྒྲུབ་པ་ལྷུར་ལེན་ཅེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་བདག་ལ་ཕན ་པཱ་དང་། གཞོན་ལ་ཕན་པར་ཞུགས་པ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའོ་བྱང་ཆུབ་མངོན་པོར་རྟོགས་པར་འཚང་རྒྱ་ཞེས་བྱ་བ་འདི་ནི་ཚིག་འདི་དག་གི་མཚམས་སྦྱར་བར་རིག་པར་བྱའོ།། ་མི་རྩོད་པར་སྨྲ་བར་བྱེད་དུ་ཟིན་ཀྱང་ཐེག་པ་ཆེན་པོའི་ཆོས་ནི་རང་བཞིན་གྱིས་ཟབ་པའི་ཕྱིར་ཀུན་ཤེས་པ་དཀོན་ན་རྩོད་པས་ལྟ་སྨོས་ཀྱང་ཅི་དགོས། གང་དག་དང་ལྷན་ཅིག་ཏུ་རྩོད་པོས་སྨྲ་བར་བྱ་བའི་ཕྱིར། ་སྨྲ་བ་དེ་དག་ཀུན་ཤེས་པར་བྱ་བའི་བསམ་པས་ཕྱིར་སྨྲ་བ་མ་ཡིན་གྱི་སྐྱོན་གདགས་པའི་བསམས་པས་སོ།། གཟུ་བོ་གང་དག་གི་མདུན་དུ་དེ་སྨྲ་བར་བྱ་བའི་ཚོགས་དེ་དག་ཀྱང་རུང་བ་མོ་ཡིན་ཞིང ་བྱ་བ་མ་ཡིན་པ་འམ། མངོན་པར་ཞེན་པ་ཅན་དག་གོ། སྨྲ་བར་བྱ་བ་ཐམས་ཅད་ཀྱང་ཕལ་ཆེར་ཉེས་པ་དྲུག་དང་ལྡན་པ་ཡིན་ཏེ། འདི་ལྟར་སྨྲ་བར་བྱེད་པ་ན་ཡང་རྙེས་འགའ་བྱུང ་རྒྱལ་དུ་ཕྱོགས་ངན་པ་ཡང་ཡོངས་སུ་བཟུང་ནས་མངོན་པར་ཞེན་པ་དང་། ཚིག་དོར་དང་། ལྟག་ཆོད་དང་། ཆད་པའི་གནས་རྣམས་ལ་ཡང་སྦྱོར་བ་དང་། ཚིག་མཇུག་ཏུ་ཕྱིན་ཕྱིན་དུ་མི་སྡོད་པར་དུས ་མ་ཡིན་པོར་སྨྲ་བར་རྩོམ་པ་དང་། ཕྱིར་རྒོལ་བས་ལེགས་པར་སྨྲས་ཀྱང་གཏམ་དུ་གསོད་དེ་སྨོད་ཅེས་བྱ་བའི་ཐ་ཚིག་གོ། ཚིག་བརླང་པོ་ཡང་སྨྲ་བ་སྟེ། དེས་ཕྱིར་རྒོལ་བ་ལོ་སོགས་པའི་སེམས ་ཁྲུག་པར་བྱེད་པ་དང་། བདག་ཀྱང་དེ་དག་ལ་སེམས་འཁྲུག་པ་ཞེས་བྱ་བའི་ཉེས་པ་འདི་དྲུག་དང་ལྡན་པ་ཡིན་ནོ།། ཉེ་བར་ཞི་བ་ནི་སྨྲ་བ་དཀོན་ནོ།། ཉེ་བར་ཞི་བ་ལ་ནི་གང་གིས་གཞན་དད་པ་འཐོབ་པར ་འགྱུར་བ་དང་།། རྣམ་པར་གྲོལ་བའི་གནས་དང་ལྡན་པས་རང་གི་སེམས་མཉམ་པར་འཇོག་པར་འགྱུར་བ་དང་། གཞན་གྱི་སེམས་བསྲུང་བ་དང་། རང་གི་སེམས་བསྲུང་བ་གཉི་ག་དཀོན་ནོ།། སྨྲ་བ ་ཕལ་ཆེར་ནི་ཇི་ལྟར་ན་བདག་རྒྱལ་བར་འགྱུར་ཞིང་ཕ་རོལ་ཕམ་པར་འགྱུར་སྙམ་པའི་སེམས་དེ་ཀུན་ཏུ་འབྱུང་ངོ་།། དེ་ཡོད་ན་ཡོངས་སུ་གདུང་བའི་སྡུག་བསྔལ་གྱིས་ཀུན་ནས་ཉོན་མོངས་པར་འགྱུར་རོ།། ་དེ་ཡོད་ན་བདེ་བ་ལ་གནས་པར་མི་འགྱུར་རོ།། དེའི་ཕྱིར་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་མི་ནུས་སོ།། དེའི་ཕྱིར་ཁྱད་པར་ཐོབ་པར་བྱ་བ་ལ་མ་ཐོབ་པའི་ཡོངས་སུ་ཉམས་པར་འགྱུར་རོ།། ་ཕ་དང་མ་ནི་བསད་བྱས་ཤིང་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིར་ནི་འཇིག་རྟེན་གང་ཤིན་ཏུ་ཁ་ན་མ་ཐོ་བ་སྡིག་ཏོར་རྩི་བོ་དེ་བརྗོད་པའི་ཡི་གེ་རྣམས་རྣམ་པར་དག་པར་ཡོངས་སུ་བསྒྱུར་བའོ།། འཇིག ་རྟེན་ན་ཤིན་ཏུ་ཁ་ནོ་མ་ཐོ་བར་གྲགས་པ་ནི་སྐྱེ་བྱོ་བླ་མ་བསད་པ་དང་། སྐྱེ་བོ་ཆེན་པོ་བསད་པའོ།། སྐྱེ་བོ་བླ་མ་དེ་རྣམ་པ་གཉིས་ཏཱཾ། སོ་སོར་ངེས་པ་དང་། འཇིག་རྟེན་དང་ཐུན་མོང་བའོ།། འཇིག་རྟེན ་དང་ཐུན་མོང་པ་ལ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་སྐྱོང་བར་བྱེད་པ་དང་། སྦྱིན་གནས་སོ།། དེ་ལ་སོ་སོར་ངེས་པའི་སྐྱེ་བོ་བླ་མ་ནི་ཕ་དང་མའོ།། སྐྱོང་བར་བྱེད་པ་ནི་རྒྱལ་པོའོ།། སྦྱིན་གནས་ནི་བྲམ་ཟེ ་གཙང་སྦྲ་ཅན་རྣམས་ཏེ། དེ་དག་ནི་ཤིན་ཏུ་དག་པར་གྲགས་པའི་ཕྱིར་རོ།། དེ་དོག་ཐམས་ཅད་གསུད་ན་ནི་སྐྱེ་བོ་བླ་མ་བསོད་པ་ཞེས་བྱའོ།། སྐྱེ་བོ་ཆེན་པོ་བསོད་པ་ནི་ཡུལ་འཁོར་འཁོར་དྲང་བཅ་སྟེ་བཅོམ ་ནས་ཞེས་བྱའོ།། འཁོར་ནི་བ་ལང་དང་། རྟ་དང་། རྔ་མོ་དང་། མོ་ཧེ་ལ་སོགས་པར་རིག་པར་བྱའོ།། ཇི་ལྟར་ཡི་གེ་འདི་དག་དག་པར་ཡོངས་སུ་བསྒྱུར་ཞེ་ན། མ་ལ་སོགས་པ་བསད་པའི་ཚིག་ནི་སྲེད་པ ་ལ་སོགས་པ་སྤོང་བར་ཡོངས་སུ་བསྒྱུར་བའི་ཕྱིར་ཏེ། གོ་རིམ་བཞིན་དུ་སྲེད་པ་དང་། ལས་ཀྱི་སྲིད་པ་དང་། ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་དང་། ལྟ་བ་དང་། ་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་གཉིས་དང་། སྐྱེ་མཆོད་དྲུག་སྤྱོད་ཡུལ་དང་བཅས་པའི་དབང་དུ་བྱས་ནས། མ་ལ་སོགས་པར་བལྟ་བར་བྱ་སྟེ། དེ་དང་འདྲ་བའི་ཕྱིར་རོ།། དེ་ལ་སྲེད ་པ་ནི་མངོན་པར་འགྲུབ་པའི་རྒྱུའོ།། ལས་ཀྱི་སྲིད་པ་ནི་སྐྱེ་བའི་རྒྱུ་སྟེ། དེ་ནི་བསྒོས་པོའི་བག་ཆགས་སྐྱེད་པའི་ཚུལ་གྱིས་ཕྱཝ་ལྟ་བུར་བལྟ་བར་བྱའོ།། རྒྱུ་འདི་གཉིས་ལྔས་ནི་ཉེ་བར་ལེན་པ་དང་བཅས་པའི ་རྣམ་པར་ཤེས་པ་འབྱུང་ངོ་།། དེ་དེ་ལྟར་འབྱུང་ན་ཐར་པོ་འདོད་དུ་ཟིན་ཀྱང་མཆོག་དང་དག་པར་ཡིད་ཆོས་པར་བྱེད་པའི་མཆོག་ཏུ་འཛིན་པ་གཉིས་ཐར་པ་ཐོབ་པ་ལ་གླེགས་བྱེད་དོ།། འདི་གཉིས་གཙང ་སྠི་ཅན་དང་འདྲ་བ་ནི་འདི་ལྟ་བུར་རིག་པར་བྱ་སྟེ། འདི་ལྟར་མཆོག་དང་འདག་པར་མངོན་པར་ཞེན་བྱའོ།། རྣམ་པར་ཤེས་པ་དེའི་གནས་དང་དམིགས་པའི་དངོས་པོས་སྐྱེ་མཆེ་དོ་དྲུག་སྤྱོད་ཡུལ་དང་བཅས ་པར་རིག་པར་བྱའོ།། ཡིད་མི་ཆོས་དང་བྱས་མི་གཟོ།། ཞེས་བྱ་བའི་ཚིགས་སུ་བཅད་པ་འདིར་ནི། དོན་ངན་པ་བརྗོད་པའི་ཡི་གེ་རྣམས་མཆོག་གི་དོན་དུ་ཡོངས་སུ་བསྒྱུར་པོའོ།། འཇིག་རྟེན་ན་ངན་པ་རྣམ་པ ་བཞི་སྟེ། ཡིད་ཀྱི་ལས་ངན་པ་དང་། ལུས་ཀྱི་ལས་དྲན་པ་དང་། ངག་གི་ལས་ངན་པ་དང་། ལོངསུ་སྤྱོད་ངན་པའོ།། ཡིད་ཀྱི་ལས་ངན་པ་ཡང་རྣམ་པ་གཉིས་ཏེ། དགེ་བ་ལ་འཇུག་པ་དང་། མི་མཐུན ་པས་ཡིད་མི་ཆེས་པ་སྟེ། འཇིག་རྟེན་ཕ་རོལ་ཏུ་ལ་སོགས་པ་ལ་ཡིད་མི་ཆེས་པས། སྦྱིན་པ་ལ་སོགས་པ་ལ་མི་སྦྱོར་བའི་ཕྱིར་རོ།། མི་དགེ་བ་ལ་འཇུག་པ་དང་། མཐུན་པས་བྱས་པ་མི་གཟོ་བ་སྟེ། ་སྔོན་ཕྲན་བཏགས་པ་ལ་མི་ལྟ་བར་མ་གསོད་པ་ལ་སོགས་པར་ཉེས་པར་སྤྱོད་པ་ལ་ཡང་མི་ལྡོག་པའི་ཕྱིར་རོ།། ལུས་ཀྱི་ལས་ངན་པ་ནི་ཁྱིམ་འབིགས་པའི་རྐུན་པོ་སྟེ། འཚེ་བ་ཤིན་ཏུ་སྨད་པའི་ཕྱིར་རོ།། ་ངག་གི་ལས་ངན་པ་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་ལྷུར་ལེན་པ་སྟེ། དེ་ལྟ་བུ་དང་ལྡན་པ་ནི་ཚོགས་པ་ལོ་སོགས་པའི་ནང་དུ་འཇུག་ཏུ་མ་རུང་བའི་ཕྱིར་རོ།། ལོངས་སྤྱོད་ངན་པ་ནི། ཁྱི་དང་། བྱ་རོག་དང་། ་ཡི་དྭགས་ལ་སོགས་པ་སྟེ། སྐྱུག་པ་ཟ་བའི་ཕྱིར་རོ།། ཇི་ལྟར་ཡི་གེ་འདི་དག་མཆོག་གི་དོན་དུ་ཡོངས་སུ་བསྒྱུར་ཞེ་ན། ཡིད་མི་ཆེསྣ་པ་ལ་སོགས་པའི་ཚིག་རྣམས་ནི་དགྲ་བཅོམ་པར་ཡོངས་སུ་བསྒྱུར་བའི ་ཕྱིར་རོ།། དེ་ལ་ཡིད་མི་ཆེས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་ལྡན་པས་རང་གིས་ཡིད་ཆེས་པའི་ཕྱིར་རོ།། བྱས་པ་མི་གཟོ་བ་ནི་འདུས་མ་བྱས་པ་མྱ་ངན་ལས་འདས་པ་ཤེས་པའི་ཕྱིརརོ།། ་ཁྱིམ་འབིགས་པར་བྱེད་པ་ནི་ཡང་སྲིད་པར་ཉིད་མཚམས་སྦྱོར་བའི་རྒྱུ་ཉོན་མོངས་པ་སྤངས་པའི་ཕྱིར་རོ།། གོ་སྐབསུ་བཅོམ་ཞེས་བྱ་བ་ནི། ཕྱི་མ་ལ་འགྲོ་བ་ཐམས་ཅད་དུ་སྡུག ་བསྔལ་མངོན་པར་མི་འགྲུབ་པའི་ཕྱིར་རོ།། སྐྱོག་པ་ཟ་བ་ནི་མཐོང་བའི་ཆོས་ལ་ཡོ་བྱད་ཀྱི་སྟོབས་ཀྱིས་ལུས་འཛིན་ཀྱང་ལོངས་སྤྱོད་དང་སྲོག་ལ་རེ་བ་མེད་པའི་ཕྱིར་རོ།། སྙིང་པོ་མེད་ལ་སྙིང་པོར ་ཤེས་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིའི་དོན་ནི་སྔ་མ་བཞིན་དུ་བཤད་པར་བྱའོ།། འདིའི་ལུས་ནི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལ་བརྟེན་ནས་མཐོང་པོ་དང་། བསྒོམ་པའི་ལམ་གཉིས ་ཀྱིས་བྱང་ཆུབོ་ཆེན་པོ་ལ་རེག་པའོ།། སེར་སྣའི་ཆོས་ཉིད་འཕེལ་བར་བྱེད་པ་ནི་བོག་ཆགས་དང་བཅས་པའི་སེར་སྣའི་བག་ལྔ་ཉལ་སྤངས་པས་དེའི་དེ་བཞིན་ཉིད་གནས་གྱུར་པ་མངོན་སུམ་དུ ་བྱེད་པོའི་ཕྱིར་རོ།། སྦྱིན་པས་ཡོངས་སུ་སྐྱོ་བ་ནི་ཡུན་རིང་པོར་སྦྱིན་པའི་རྒྱུ་མཆོག་ཏུ་བྱ་དཀའ་བས་ངལ་བར་བྱ་བ་ཁས་བླངས་པའི་ཕྱིར་རོ།། སློང་བཱ་ལ་ཚིག་པ་ཟླ་བཱ་ནི་རང་གིས་ལེན་པར་འདོད་པས ་སློང་བ་དང་མི་མཐུན་པའི་ཕྱིར་རོ།། རོས་འགའ་ཅི་ཡང་སྦྱིན་པར་མི་བྱེད་པ་ནི་དངོས་པོ་ཐམས་ཅད་རྟག་ཏུ་སྦྱིན་པའི་ཕྱིར་རོ།། སྦྱིན་པ་ལས་རིང་དུ་གྱུར་པ་ནི་ཉེ་བ་ལ་སྦྱིན་པ་ལ་སོགས་པ ་ཡོངས་སུ་སྤངས་པའི་ཕྱིར་རོ།། ཚངས་པར་སྤྱོད་པ་མཆོག་དང་ལྡན་པ་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་ལམ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ།། འཁྲིག་པ་ལས་གཞན་དུ་འཁྲིག་པ་ལས ་ངེས་པར་འབྱུང་བ་འཚེལ་བ་ནི་དེ་ཉིད་ཡང་དོག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས་སྤོང་བའི་ཕྱིར་རོ།། དེ་ལ་ཡང་དག་པ་ཇི་ལྟ་བོ་བཞིན་དུ་ཡོངས་སུ་ཤེས་པ་ནི། དེའི་དེ་བཞིན་ཉིད་རབ་ཏུ ་རྟོགས་པར་རིག་པར་བྱའོ།། འཁྲིག་པ་སྤོང་བ་ལ་གཡེལ་བ་ནི་མི་ཚངས་པར་སྤྱོད་པ་སྤོང་བའི་ཐབས་ལ་རྟོག་པའི་ཕྱིར་རོ།། འཁྲིག་པའི་འདོད་ཆགས་སྐྱེས་པ་དང་དུ་ལེན་པ་ནི། འདོད་པ་ལ་འདོད་ཆགས ་ནང་དུ་སྐྱེས་པ་ཕྱི་རོལ་དུ་སྤོང་བའི་ཕྱིར་རོ།། འཁྲིག་པའི་གཉེན་པོའི་ཆོས་ཀྱིས་སྐྲག་པ་ནི་དེའི་གཉེན་པོའི་ཆོས་ཀྱིས་སེམས་ཅན་ཐམས་ཅད་བསྒྲལ་པོའི་དོན་དུ་རྩེལ་བའི་ཕྱིར་རོ།། རྒྱུན་མི་འཆད ་པར་གཉིས་ཀྱི་སོ་གཉིས་སྦྱོར་བ་ནི། ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ལྔ་སྙོམས་པར་འཇུག་པ་སྟེ། ཀུན་ནས་ཉོན་མོངས་པ་དང་། ་རྣམ་པར་བྱང་བ་གཉིས་འབྲོས་བུ་དང་། རྒྱུའི་བྱེ་བྲག་གིས་བདེན་པ་བཞིའི་བདག་ཉིད་དུ་གྱུར་པའི་དོན་དུ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ལ་སྙོམས་པར་འཇུག ་པའི་ཕྱིར་རོ།། བསྟན་བཅོས་འད་ཅིའི་མྱུར་ཆོས་མངོན་པ་ཀུན་ལས་བཅས་པ་ཞེས་བྱ་བར་མིང་བཏགས་ཤེ་ན། ངེས་པའི་ཚིག་གི་ཚུལ་གྱིས་རྟོགས་ནས་བསྡུས་པའི་ཕྱིར་ཏེ། ་བྱང་ཆུབ་སེམས་དཔའ་རྣམསོ་ཀྱིས་དེ་ཁོ་ན་ཉིད་མངོན་པར་རྟོགས་ཤིང་ཁྱོད་དུ་ཆུད་ནས་མདོར་བསྡུས་ཞེས་བྱ་བའི་ཐ་ཚིག་གོ། ཀུན་ལས་བཏུས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་མངོན་པོའི་མདོ་རྣམས ་ལོས་ཏེ། བསམ་པའི་གནས་ཐམས་ཅད་བསྡུས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། ཡང་དག་པར་མཐོ་བའི་གནས་ཡིན་པའི་ཕྱིར། ཞེས་བྱ་བ་ནི་བྱིན་ཙོམ་ལོག་པའི་ཐབས་ཀྱིས་སངས ་རྒྱས་ཉིད་ཀྱི་བར་དུ་ཐོབ་པར་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ།། ཆོས་མངོན་པ་ཀུན་ལས་བཏུས་པའི་བཱ་ཤད་པ། སློབ་དཔོན་རྒྱལ་པོའི་སྲས་ཀྱིས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཛཱི་ན་མི་ཏྲཾ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་བམ་པོ་ནི་བཅུ་ཡོད་དོ།། ་