CLOSE WINDOW

GT3556: don gsang ba rnam par phye ba bsdus te bshad pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པི་བྲྀ་ཏ་གཱུ་དྷུརྦྷ་པིརྨྨ་བྱཱ་ཁྱཱ། བོད་སྐད་དུ། དོན་གསང་བ་རྣམ་པར་ཕྱེ་བ་བསྡུས་ཏེ་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། རྣལ་འབྱོར་སྤྱོང ་པའི་ས་ནི། ཉན་ཐོས་ལ་སོགས་པ་དང་། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ཡང་དབང་དུ་མཛད་ནས་མཛད་དེ།། རབ་ཏོ་བྱེད་པ་འདི་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཚིག་གི་དོན་བཅུས་ཐེག་པ་ཆེན་པོ་མཐའི་དགེ ་བསྡུ་བར་བཞེད་ནས་བརྩམས་ཏེ། གཞི་གཅིག་གིས་ཀྱང་མ་ཡིན། ཀུན་རྫོབ་དང་དོན་དམ་པའི་བདེན་པ་དང་གཉིས་ཀྱིས་ཀྱང་མ་ཡིན། བརྟགས་པ་ལ་སོགས་པ་གསུམ་གྱིས་ཀྱང་མ་ཡིན། དུས་གསུམ་དང་འདས་མ་བྱས ་དང་བཞིས་ཀྱང་མ་ཡིན། མིང་ལ་སོགས་པ་ལྔས་ཀྱང་མ་ཡིན།། ཐེག་པ་ཆེན་པོ་ལ་ཤིན་ཏུ་ཞུགས་པ་ཞེས་བྱ་བ་ནི། བཏགས་པའམ་ཡིན་ཏན་ཕུན་སུམ་ཚོགས་པ་ཡིན་ཏེ། ཐེག་པ་ཆེན་པོ་ཉིད་ནི་དེར་འགྲོ་བས་ན་དེ་བཞིན་ཉིད ་ཅེས་བྱ་བའི་དམིགས་པ་ཡིན།། དེར་ཞུགས་པ་ནི་ས་དང་པོ་ཉིད་ལའོ།། ཤིན་ཏུ་ཞུགས་པ་ནི། ཀུན་ཏུ་འགྲོ་པོ་ལ་སོགས་པའི་སྒྲིབ་པ་སྤང་པའི་ཕྱིར་ས་བཅུ་པཱ་ལ་ཡིནོ།། བརྗོད་པ་དང་བརྗོད་པར་བྱ་བའི་བདག་ཉིད་ཀྱི་ཐེག་པ་ཆེན་པོ ་ནི་མི་བོ་ཟུང་སྟེ། མཐར་མ་ཕྱིན་པ་ཡང་དེ་ལ་ཞུགས་པའི་ཕྱིརརོ།། གཞན་ཡང་ཆོས་ཀྱི་དབྱིངས་ལ་ཞུགས་པ་ཁོ་ནས་དེ་ལ་ལེགས་པར་ཞུགས་པ་ཡིན།། ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་མ་ཡིན་ཏེ། དེ་ནི་དེ་ལ་འཇུག་པའི་ཐབས་ཡིན་པའི ་གཞན་ཡང་དེ་དག་ཀྱང་དེ་རྟོགས་པ་ཁོ་ནས་རྣམ་པར་དག་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྐབས་ཡིན་པའི་ཕྱིར་འབྲས་བུའི་བདག་ཉིད་ནི་མ་ཡིནོ།། དེ་ལྟར་ན་ཤིན་ཏུ་ཞུགས་པ་ཞེས་སྨོས་པ་ཡང་གཞན་དུ་མི་སྨྲ་བའི ་ཕྱིར་ཏེ། ཡང་དག་པར་མ་ཞུགས་པ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡང་བརྒྱ་བྱིན་བཞིན་དུ་ལོག་པར་ཡང་སྨྲ་སྟེ། ཇི་སྐད་དུ། བརྒྱ་བྱིན་གྱིས། མཇུག་ཏུ་བདག་ནི་ཉམས་གྱུར་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལྟ་བུའོ།། གལ་ཏེ་རྫས་གཅིག ་བསྟན་པ་མཛད་པ་ན་ནི་དེ་འབའ་ཞིག་བཅུ་པ་སྟོནི་ནུས་པར་ཡིད་ཆོས་ཀྱིས། སོ་བཅུའི་དབང་ཕྱུག་གཞན་ལ་ནི་མེ་ཡིན།། སྤྱིར་བརྗོད་ན་ནི་དེ་འདྲ་བའི་ཕྱིར་གཞན་ལ་ཡང་ཡིད་ཆེས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། བྱང་ཆུབ ་དང་སེམས་ཅན་ལ་དམིགས་པས་ན་ཐ་སྙད་དུ་བཏགས་ཏེ། མི་སྡུག་པ་ལ་སོགས་པ་བཞི་ནོ།། རྣམ་པ་གཅིག་ཏུ་ན་འདི་ལ་བྱང་ཆུབ་ཏུ་སེམས་པ་ཡོད་པ་སྟེ། སེམས་ཞེས་བྱ་བའི་སྒྲ་བསམ་པ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའོ།། ཐེག་པ་ཆེན་པོ ་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར་ཞེས་བྱ་བ་འདིར་ཐེག་པ་ཆེན་པོ་སྨོས་པ་ནི། བརྗོད་པ་དང་བརྗོད་པར་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་དེ་བཞིན་ཉིད་དང་། འབྲས་བུ་ལ་ཡོད་པ་ཡོངསུ་བཟུང་སྟེ། འདི་ཐམས་ཅད་ཀྱི་ཆེ་བའི་བདག་ཉིད་ནི ་ཟབ་པ་དང་རྒྱ་ཆེ་བ་དག་གིས་བླ་ན་མེད་པོ་ཉིད།། བདག་ཉིད་ཅེས་བྱ་བའི་སྒྲ་ནི་རང་བཞིན་དང་འབྲས་བུའི་ཚིག་ཏུ་གྲགས་ཏོ།། དབེན་མི་ནི་ཆེ་བའི་བདག་ཉིད། དུག་ནི་བསོད་པའི་བདག་ཉིད་ཅེས་བྱེ་བ་ལྟ་བུའོ།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞེས ་བྱ་བ་ནི། སྔངས་རྒྱས་ཀྱིས་གནང་བ་ཉིད་ཀྱིས་ཡིད་ཆེས་པ་ཉིད་དུ་སྟོན་ཏེ། སྟེན་པ་དང་ཉེན་གཞན་དུ་མི་སྨྲ་བའི་ཕྱིར་རོ།། སྟོན་པ་དང་མི་ཉེན་ནི་སྒྲིབ་པའི་ལྷག་མ་དང་བཅས་པའི་ཕྱིར་ལོག་པར་སྨྲ་བར་ཡང་འགྱུརརོ།། འདི་ལྟ་སྟེ་ཞེས ་བྱོ་བའི་སྒྲ་ནི་ཚིག་གི་དོན་བཅུ་པོ་ཉེ་བར་དགོད་པའི་ཕྱིར།། འདིར་ཡང་ཐེག་པ་ཆེན་པོ་ཞེས་སྨོས་པ་ནི། བརྗོད་དཱིའི་བདག་ཉིད་ཀྱི་ཐེག་པ་ཆེན་པོ་ལ་བསྙག་སྟེ། འཆུད་པར་འགྱུར་བའི་ཁྱད་པར་རྣམ་པ་བཅུས་ཐ་དད་པའི་དེ་བཞིན་ག ་པོའི་བཀའ་ཐོག་པ་ཆེན་པོ་གང་ཡིན་པ་དེའི་དབང་དུ་མཛད་པ་ཡིན་པས། དེ་བས་ན་འདིར་ནི་ཚིག་གི་རང་བཞིན་གྱི་ཐེག་པ་ཆེན་པོ་ལ་བྱ་བར་མངོན།། འོན་ཀྱང་ཅིའི་ཕྱིར་ཡང་ཐེག་པོ་ཆེན་པོ་ཞེས་བྱ་བ་སྨོས་ཞེ་ན། ཚིག་གི་དོན་བཅུས ་ཐུན་མེད་མ་ཡིན་པ་བསྡུ་བར་བསྟན་པའི་ཕྱིར།། གལ་ཏེ་དེ་ནི་དོན་གྱི་བདག་ཉིད་ལ་ཡང་མཚུངས་པས་འོན་ཀྱང་སྨོས་པར་མི་བྱ་སྟེ། ཐེག་པོ་ཆེན་པོའི་ཆེ་བའི་བདག་ཉིད་བརྗོད་ན་གདོན་མི་ཟ་བར་བཅུ་པ་ཡང་དེ་སྡུད་པ་ཡིན་པ་ཁོ་ནར་འགྱུར་ཞེ་ན ་མ་གྣི་ཏེ། འབྲས་བུའི་སྒོ་ནས་ཀྱང་ཆེ་བའི་བདག་ཉིད་དུ་སེམསོ།། འདི་ལྟར་ཐེག་པ་ཆེན་པོའི་འབྲས་བུ་ནི་རྣམ་པ་བཅུ་ལ་མ་གཏོགས་པ་ཉན་ཐོས་ཀྱི་ཐེག་པ་མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པ་ཞིག་ཡོད་ལ་དེས་ཁྱད་པར་དུ་འཕགསོ་ཞེས་བྱ་བ ་ཡང་འཛིན་པས། ཉན་ཐོས་དང་ཐུན་མོང་མ་ཡིན་པར་ངེས་པར་འཆད་པར་འགྱུར་བས་ཐེག་པ་ཆེན་པོ་ཁོ་ན་བསྡུ་སོ།། ཞེས་བྱ་བར་དེའི་དོན་དུ་ཡང་ཐེག་པ་ཆེན་པོ་ཞེས་སྨོས་པར་བྱ་སྟེ། དེ་བསྡུས་པར་བསྟན་པའི་ཕྱི་རོ།། ཆོས་མངོན་པ ་ཐེག་པ་ཆེན་པོའི་མདོ་ལས་ཞེས་བྱ་བ་འདིས་ནི་ཚིག་གི་དོན་བཅུ་པོ་ལུང་དང་ལྡན་པ་ཉིད་དུ་སྟོན་ཏེ། གཞི་མཐུན་པ་ཉིད་ཀྱི་གཞིའི་བདུན་པ་ཡིན།། འདི་ལྟར་གསུངས་རབ་ལས་མདོ་ནི་སངས་རྒྱས་ཀྱི་བཀའ་ཉིད་དུ ་གྲགས་ལ། ཆོས་མངོན་པ་ཡང་སྨོས་པའི་དོན་སྟོན་པར་བྱེད་པ་ཉིད་དུ་གྲགསོ།། གལ་ཏེ་དེ་ལྟར་ན་མདོ་ཞེས་སྨོས་པ་ཁོ་ནས་ཚིག་མོད་ཅེ་ན། དེ་ནི་མ་ཡིན་ཏེ། མདོ་རྣམས་ནི་དྲང་བའི་དོན་གྱི་ཕྱིར་ཡང་ཡིན་པས་ཚིག་གི་དོན་བཅུ་པོ་ཡང་དེ་བཞིན ་དུ་གདུལ་བའི་དབང་གིས་དགོངས་པ་ཅན་གྱི་དོན་སྟོན་པའི་དྲང་བའི་དོན་ཉིད་ཡིན་པར་འཛིན་པར་འགྱུར་རོ།། ཆོས་མངོན་པ་ནི་སྨོས་པའི་དོན་སྟོན་པ་ལྷུར་ལེན་པའི་ཕྱིར་ངེས་པའི་དོན་ཡིན།། གལ་ཏེ་དེ་ལྟ་ན་ཆོས་མངོན་པ་ཞེས་སྨོས་པ་ཁོ་ནས་ཆོག ་མོད་ཅེ་ན། དེ་ནི་མ་ཡིན་ཏེ། ཡེ་ཤེས་ལ་འཇུག་པ་ལ་སོགས་པ་བཞིན་དུ་གཙུག་ལག་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ།། རྣམ་པ་གཅིག་ཏུ་ན་གང་གི་ཕྱིར་ཆེས་མངོན་པ་ཟག་པ་མེད་པའི་ཤེས་རབ་ཡིན་པ་དེའི་ཕྱིར་ཆོས་མངོན་པ་ནི་སྤྱིའི་མཚན ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། ཟག་པ་མེད་པའི་ཤེས་རབ་ཀྱི་ཡུལ་ནི་སྤྱིའི་མཚན་ཉིད་དེ་བཞིན་ཉིད་ཡིན་པའི་ཕྱིརརོ།། རང་གི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་གང་ཡིན་པ་དེ་ནི་མོད་ཡིན་ཏེ། གདུལ་བའི་དབང་གིས་ཐུན་མོང་མ་ཡིན་པ་ཡང་གཙོར་བསྟན ་པའི་ཕྱིརོ།། དེ་བས་ན་ཆོས་མངོན་པའི་མདོ་ནི་གཉི་གའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། དེ་དང་འབྲེལ་པས་རབ་ཏུ་བྱེད་པ་ཡང་གཉི་གའི་བདག་ཉིད་ཡིནོ།། ཞེས་བྱ་བར་སྟོན་ཏོ།། རྣམ་པ་གཅིག་ཏུ་ན་ཆོས་མངོན་པ་ནི་རབ་ཏུ་རྣམ་པར་འབྱེད་པའི ་ཕྱིར་ལྷག་པའི་ཤེས་རབ་ཀྱིས་བསླབ་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་གཙོར་མྱ་ངན་ལས་འདས་པ་འདྲེན་པར་བྱེད་པ་ཡིན་གྱི། བསླབ་པ་གཞན་གཉིས་ནི་གཙེར་འདྲེན་པར་བྱེད་པ་ཉིད་མ་ཡིན་ནོ།། མདོ་ནི་བསླབ་པ་གསུམ་ཆར་གྱིས་རབ་ཏུ་ཕྱེ་བ ་ཡིན་ཏེ། གདུལ་བའི་དབང་གིས་གསུམ་ཆར་བསྟན་པའི་ཕྱིརརོ།། དེ་བས་ན་དེ་ནི་ཆོས་མངོན་པ་དང་མདོ་ཞེས་བྱ་བའི་ཚིག་གཉི་གས་ཐ་སྙད་གདགས་ཀྱི་འདུལ་བས་ནི་མ་ཡིན།། དེ་ནི་གཅིག་ཏུ་ལྡོག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས ་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་ཏེ། ཚུལ་ཁྲིམས་ཀྱིས་ནི་རང་གིས་དངོསུ་ཡིན་ལ། མཉམ་པར་བཞག་པས་ནི་འབྲས་བུའི་སྒོ་ནས་ཡིན་གྱི་བར་དུ་ཆོད་པའི་ཕྱིར་དེ་ཤེས་རབ་ཀྱིས་ནི་མ་ཡིན་ནོ།། དེ་བས་རབ་ཏུ་བྱེད་པ་འདི་ནི་ཆོས་མངོན་པའི་མདོ་དང་། ་འབྲེལ་གྱི། འདུལ་བའི་སྡེ་སྣོད་དང་འབྲེལ་པ་ནི་མ་ཡིནོ་ཞེས་བྱ་བའི་ཐ་ཚིག། ཐེག་པ་ཆེན་པོ་ཞེས་སྨོས་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིརརོ།། ཉན་ཐོས་ལ་སོགས་པ་དང་ཐུན་མེད་མ་ཡིན་པའི་ཕྱིར་རྣམ ་པ་བཅུ་པོ་འཆང་པར་འགྱུར་བས་དེ་དག་ཉིད་ཁྱད་ཞུགས་པ་ཡིན་ཏེ། དེ་དག་གི་ཁྱད་པར་དུ་འཕགས་པའི་གསུང་།། བརྗོད་པར་བྱ་བ་མེད་པའི་བརྗོད་པ་ནི་ཐམས་ཅད་ཁྱད་པར་མེད་དེ། དེ་ལྟ་བས་ན་ཤེས་བྱར་གནས་ཞེས་བྱ་བ་ལ་སོགས ་པ་དོན་རྣམས་ཀྱིས་ཁྱད་པར་དུ་བྱེད།། ཞེས་བྱ་བ་ནི་ཡོངསུ་གྲུབ་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ།། ཡེངསུ་གྲུབ་པ་ཡང་རྣམ་པ་གཉིས་ཏེ། རྟག་པ་དང་མི་རྟག་པའོ།། རྟག་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། ་ད་ནི་ཆོས་ཅན་གྱི་ཆེས་ཉིད་ཡིན་པའི་ཕྱིར་གནས་ནི་ཆོས་ཅནོ།། ཆོས་ཅན་དུ་འདྲ་ཡང་བརྟན་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཁོ་ནས་གནས་རྣམ་པར་བཞུག་གི།། མི་བརྟན་པའི་ཕྱིར་འཇུག་པའི་རྣམ་པར་ཤེས ་བ་ནི་མ་ཡིན་ནོ།། དེ་ལྟ་བས་ནཱ་འདིས་ནི་དེ་བཞིན་ཉིད་ནི་ཆོས་ཅན་གྱི་ཆོས་ཉིད་ཡིན་པའི་ཕྱིར། ན་མཁའི་མེ་ཏོག་ལ་སོགས་པ་བཞིན་དུ་གཏན་མེད་པ་མ་ཡིནོ་ཞེས་བཤད་པ་ཡིན།། མི་རྟག་པ་གང་ཡིན་པ་དེ་ཡང་རྣམ་པ་གཉིས་ཏེ། ཡང ་དག་པའི་ཡེ་ཤེས་ཀྱི་བདག་ཉིད་དང་ས་བོན་གྱི་བདག་ཉིད་།། ཡང་དག་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་རག་ལས་ཏེ། འབྱུང་བའི་ཕྱིར་གནས་ཁོ་ན་ཡིནོ།། ས་བོན་གྱི་བདག་ཉིད་ཀྱང་རང་བཞིན་དུ་གནས་པ ་དང་ཡང་དག་པར་བསྒྲུབས་པ་དང་རྣམ་པ་གཉིས་ཏེ། གཉིས་ཀ་ཡང་ལེན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འཇུག་པའི་ཕྱིར་དེ་དག་གི་གནས་ཡིན་པ་ཉིད།། གཞོན་གྱི་དབང་ཡང་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་དག་པ ་འཇིག་རྟེན་པའོ།། དག་པ་འཇིག་རྟེན་པ་ནི་ལེན་པའི་རྣམ་པར་ཤེས་པ་དང་འབྲེལ་བའི་ཕྱིར་དེའི་གནས་ཡིན་པ་ཁོ་ནའོ།། ཀུན་ནས་ཉེན་མོངས་པ་ལ་ཡང་རྣམ་པ་གཉིས་ཏེ། རྣམ་པར་ཤེས་པ་བདུན་གྱི་ཚོགས་ཀྱིས་བསྡུས་པ་དང་། ཀུན་གཞི་རྣམ ་པར་ཤེས་པས་བསྡུས་པའོ།། རྣམ་པར་ཤེས་པ་བདུན་གྱི་ཚོགས་ཀྱིས་བསྡུས་པ་གང་ཡིན་པ་དེ་ནི། ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་དག་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་དག་ཡོན་ཡང་ལེན་པའི་རྣམ་པ ་ཤེས་པ་ནི་བརྟན་པའི་ཕྱིར།། ལེན་པའི་རྣམ་པར་ཤེས་པ་ཁོ་ན་གནས་ཡིན་གྱི་རྣམ་པར་ཤེས་པ་གཞན་ནི་གནས་མ་ཡིན་ཏེ། མི་རྟེན་པའི་ཕྱིརརོ།། ཀུན་གཞི་རྣམ་པར་ཤེས་པ་ཡང་ས་སྔོན་དང་རྣམ་པར་སྨིན་པའི་བྱེ་བྲག་གིས་རྣམ་པ་གཉིསུ ་དབྱེ་ཏེ། དེ་གཉིས་ལས་གང་ཡང་རུང་བ་ཞིག་གནས་ཉིད་དུ་རྣམ་པར་བཞག་ལ། ཅིག་ཤོས་ནི་དེ་ལ་བརྟེན་པར་རྣམ་པར་བརྟག་པར་བྱའོ།། ཡང་ན་སྐད་ཅིག་མ་སྔ་ཕྱི་འཇུག་པའི་སྒོ་ནས་གནས་དང་རྟེན་པ་ཉིད་དང་། རྒྱུ་ཉིད་དང་། འབྲས ་བུ་ཉིད་ཀྱིས་ཐ་དད་པ་ཉིད་ཡིནོ།། སེམས་ལས་བྱུང་བ་གང་དག་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དེ་དག་གི་གནས་ཀྱང་རྣམ་པར་ཤེས་པ་ཁོ་ན་ཡིན་ཏེ། དེས་ཉེ་བར་བསྟན་པའི་ཡུལ་ལ་ཁྱད་པར་འཛིན་པ་ཉིད་དུ་ཞུགས་པས་དེ ་དག་གཙོ་བོ་ཡིན་པའི་ཕྱིར་དང་དེ་ནི་གཙོ་བོ་ཡིན་པའི་ཕྱིརརོ།། དེ་བས་ནཱ་རྟེན་པ་ཡིན་པའི་ཕྱིར་དེ་དག་ཁོ་ནས་དེ་ལས་བསྒོ་བར་བྱེད་ཀྱི། དེས་ནི་དེ་དག་ལ་མ་ཡིནོ།། ཀུནྡ་བརྟགས་པ་ཡང་ཀུན་བརྟགས་པར་བྱ་བའི་དངོས་པོའི་གཞི་ཅན་ཉིད ་ཡིན་པས་ཀུན་གཞི་རྣམ་པར་ཤེས་པའི་གཞི་གང་ལ་བརྟགས་པ་དེ་ནི་དངོས་དེའི་གནས་ཉིད་ཡིན།། རྣམ་པར་ཤེས་པ་གཞན་གྱི་གཞི་ཅན་གྱི་གནསུ་ཡང་བརྟན་པ་ཉིད་ཡིན་པའི་ཕྱིར་བརྒྱུད་པའི་སྒོ་ནས་དེ་ཉིད་རྣམ་པར་བཞུག་གོ།། འདིར ་རྣམ་པ་བཅུ་པོ་དག་གི་རྣམ་པར་དབྱེ་བ་ནི་འདི་ཡིན་ཏེ། འཇུག་པ་དང་རྒྱུ་དང་འབྲས་བུ་དག་དང་དེ་དག་བསྒོམ་པའི་རབ་ཏུ་དབྱེ་བ་དང་། བསླབ་པ་གསུམ་ཞེས་བྱ་བ་རྣམ་པ་འདི་དྲུག་ནི་ཐེག་པོ་ཆེན་པོའི་སྤྱོད་པའི་ངོ་བོ་ཉིད་ཡིནོ།། ད་ཡི་དམེ་ཌ ་པ་ནི་ཤེས་བྱའི་གནས་དང་ཤེས་བྱའི་མཚན་ཉིད་དོ།། དེ་ལ་ཡང་ཤེས་བྱའི་མཚན་ཉིད་ནི་གདོན་མི་ཟ་བར་ཤེས་པར་བྱ་བ་ཡིན་པ་ཉིད་ཀྱིས་དངོས་སུ་རང་རྒ་རྗེ་ཟས་དམིགས་པ་ཡིནོ།། ཤེས་བྱའི་གནས ་ནི་དེའི་གནས་ཡིན་པ་ཉིད་ཡིས་སོ།། སྤྱོད་པ་དེ་ཉིད་ཀྱི་འབྲས་བུ་ནི་སྤངས་པ་དང་ཡེ་ཤེས་ཀྱི་ཁྱད་པར་གྱི་རྣམ་པར་དག་ཡིན་པས་དེའི་ཕྱིར་ཐ་མར་བསྟན་ཏོ།། དེ་ལྟ་བས་ན་འདི་ལས་ནི་ཐེག་པ་ཆེན་པོའི་དམིགས་པ་གང་ཡིན་པོ་དང་། ཐེག ་བྲས་བུ་གང་ཡིན་པ་དེ་དག་བསྟན་ཏོ།། དཀྱུ་སོ་མ་ཉིད་སྦྱང་བར་བྱ་སྟེ། ཤེས་བྱའི་མཚན་ཉིད་ནི་ངོ་བོ་ཉིད་གསུམ།། དེ་ལ་ཡོད། མུང་པ་ནི་རྟག་པ་དང་མི་རྟག་པའི་མཚན་ཉིད་དེ་བཞིན་ཉིད་དང ་ད་རང་རིག་པའི་སྒོ་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཤེས་པོར་བྱ་བ་ཡི་ནོ།། གཞན་གྱི་དང་ནི་འཇིག་རྟེན་ལས་འདས་ལྔ་ཐོབ་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བར ་པ་སོཔས་མང་རེག་པའི་སྨོན་པ་ཤེས་པར་བྱ་བ་ཡིན་ནོ།། འོ་ན་ཡོངསུ་གྲུབ་པ་དེ་མ་མཐོང་བར་གཞན་གྱི་དབང་མི་མཐོང་ངོ་ཞེས་འབྱུང་བ་གང་ཡིན་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་གཞན་གྱི་དབྱུང་མ་ལུས་པར་མངོན་སུམ་པ་དགོག་པ ་ལྷུར་བྱ་བོ་ཡིན་པས་ཉེས་པ་མེདོ།། རྣམ་པ་གཅིག་ཏུ་ན་ཀུན་བརྟགས་པས་དབེན་པར་ངེས་པར་མི་བཟུང་བའི་ཕྱིར་ཏེ། གཞན་གྱི་དབང་རང་རིག་པ་ཡོད་ཀྱང་གཅིག་ཏུ་ངེས་པར་མ་ཟིན་པའི་ཕྱིར། ཡོངསུ་གྲུབ་པ་འདི་མ་མཐོང་བ་ཞེས་བྱ་བ་ལ ་སོགས་པ་སྨོསོ།། ཀུན་བརྟགས་པ་ནི་སྔོ་སོའི་སྐྱེ་དེའི་ཤེས་པས་ཤེས་པར་བྱ་བ་ཁོ་ན་ཡིན་ཏེ། དེ་ནི་གཅིག་ཏུ་མངོན་པར་ཞེན་པའི་ཡུལ་ཡིན་པའི་ཕྱིརརོ།། རྣམ་པར་གཏན་ལྔ་དབབ་པ་བསྡུ་བ་ལས། བརྟགས་པ་ནི་ཤེས་པ་གང་གིས་དམྱི། ་པ་ཡང་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་ནི། མེད་པའི་ཕྱིར་གང་གིས་རྟོན་དུ་ཡང་མི་འགྱུརརོ།། ཞེས་བྱ་བའི་དོན་ཡིན་གྱི། སྒྲོ་བཏགས་པར་ཡོང་ཡུལ་དུ་མི་འགྱུར་བ་ནི་མ་ཡིན་ཏེ། འདི་ལྟར་དེ་ཉིད་ལས་སོ་སོའི་སྐྱེ་བོའི་ཤེས་པའི ་དམིགས་པའོ།། ཞེས་འབྱུང་བ་དེའི་ཕྱིར་ཡང་དེ་ལྟ་བུ་ཡིན་ནོ།། ཐེག་པ་ཆེན་པོའི་སྐབས་མ་ཡིན་ནམ། སོ་སྔོའི་སྐྱེ་བོའི་ཤེས་པའི་སྐབསུ་ཅི་འབབ་ཅེ་ན། ཞེར་ལ་སྨོས་པའི་ཕྱིར་ཉེས་པ་མེདོ།། རྣམ་པ་གཅིག་ཏུ་ན་མོས་པས་སྤྱོང་པའི་ཡུལ ་ཡིན་པའི་ཕྱིར་དང་། ཟག་པ་མེད་པའི་ཡེ་ཤེས་ལས་ལངས་པའི་སེམས་དང་ལྡན་པ་རྣམས་ཀྱི་ཡང་དམ་པའི་ཆོས་ཉན་པ་ལ་སོགས་པ་ནི་ཡུལ་ཉིད་དུ་ཉེ་བར་འགྲོ་བའི་ཕྱིར་སྐབསུ་འབབ་སྟེ་འགལ་བ་མེདདོ།། དེ་བཞིན་གཤེགས་པའི་གནས ་སྐབས་ནཱ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་ཡུལ་ཡང་མ་ཡིན་ཏེ། མངོན་པར་ཞེན་པ་ཐམས་ཅད་སྤངས་པའི་ཕྱིར་ལ། བརྟགས་པ་ཡང་མངོན་པར་ཞེན་པས་བྱ་བའི་ཕྱིརརོ།། དེ་བཞིན་གཤེགས་པ་གང་གི་ཚེ་གཞན་གྱི ་སེམས་ཀྱིས་བཟུང་བའི་ཀུན་བརྟགས་པ་ཡོངསུ་གཅོད་པ་དེའི་ཚེ་ཡང་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཡུལ་དུ་འགྱུར་གྱི། ཇི་ལྟར་བརྟགས་པ་དེ་ལྟར་ནི་ཡུལ་དུ་མི་འགྱུར།། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་གང ་ཟག་གི་གནས་སྒྲུབས་ཀྱི་རིམ་པ་དང་བསྒྲུར་པ་མངོན་པར་འགྲུབ་པའི་རིམ་པའི་སྒོ་ནས་ཐ་དད་དོ།། གང་ཟག་གི་གནས་སྐབས་ཀྱི་རིམ་པའི་སྒོ་ནས་ནི་རྣམ་པ་གསུ་སུ་སྐྱེ། འཇུག་པ་དང་དེའི་རྒྱུ་དང་འབྲས་བུ་དག ་དང་བསྒོམ་པའི་བར་དུ་དབྱེ་བའོ།། དེ་ལ་ཡང་དང་པོ་གཉིས་ནི་ཉེ་བར་ལེན་པ་ཡིན་ལ་གསུམ་པ་ནི་ཉེ་བར་བླང་བ་ཡིན་ཏེ། འདི་ལྟར་གང་ཟག་ཞུགས་པ་རྒྱུ་དང་འབྲས་བུ་དག་ལ་གནས་པ་གང་ཡིན་པ་ནི་དེ་ལ་བརྟེན་ནས་ས་བཅུ་རབ་ཏུ་དབྱེ་བ་ཡི ་བསྒྲུབ་པའི་རིམ་པ་ནི་བསླབ་པ་གསུམ་གྱིས་བསྟན་ཏེ། བསྒྲུབ་པའི་རིམ་པ་འདིས་ནི་གང་ཟག་གི་གནས་སྐབས་གསུམ་གྱི་པོ་འདི་དག་རབ་ཏུ་འབྱེད་དེ།། དེ་ལ་ཡང་ནི་དེ་བཞིན་གཤེགས་པའི་གནས་སྐབས་ན་ཞེས་བྱ་ལ་འཇུག་པ་ཕྱིན་ཅི་མོ་ལོག་པ ་ཡིན་མོད་ཀྱི། འདིར་ནི་འཇུག་པ་དང་པོ་ལ་དགོངས་པ་ཡིན་ནོ།། ཕྱིན་ཅི་མ་ལོག་པ་དེ་ཡང་གང་དུ་ཡོངསསུ་རྫོགས་ཤེ་ན། འདི་ལྟར་བཟོད་པ་འབྲིང་གི་གནས་སྐབས་ན་ནི་ཀུན་བརྟགས་པའི་ཕྱོགས་གཅིག་པོ་གཟུང་བའི་རྣམ་པོ་ཡང་དག་པར ་རྟོགསོ།། ཆེན་པོ་དང་ཆོས་ཀྱི་མཆོག་གི་གནས་སྐབས་དག་ན་ནི་འཛིན་པའོ།། དེའི་མཇུག་ཐོགསུ་མཐོང་བའི་ལམ་གྱི་སྐད་ཅིག་མ་དང་པོ་ལ་ནཱི་དེ་བཞིན་ཉིད།། དེ་ལ་གཞན་པའི་ས་རབ་ཏུ་དགའ་བ་ལ་ནི་འཇུག་པ་ཡོངསུ་རྫོགས་པ་ཡིནོ།། འཇུག་པ ་དེའི་རྒྱུ་དང་འབྲས་བུ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། མོས་པས་སྤྱོད་པའི་ས་ལ་ནི་རྒྱུའོ།། རབ་ཏུ་དགའ་བ་ལ་སོགས་པའི་གནས་སྐབས་ན་ནི་འབྲས་བུའོ།། དེའི་རྒྱུ་དང་འབྲས་བུ་སྒོམ་པ་རབ་ཏུ་དབྱེ་ཞེས་བྱ་བ་ནི། གཙོ་བོ་ཡིན་པའི་ཕྱིར་འབྲས་བུ ་ཁོ་ནའི་རབ་ཏུ་དབྱེ་བ་མཛད་དོ།། ཀར་ལ་བསྐལ་པ་གྲངས་མེད་པ་རྣམས་ཀྱི་རྣམ་པར་དབྱེ་བ་བསྟན་པར་རྒྱུའི་རྣམ་པར་དབྱེ་བར་མཛད་པར་འགྱུར་རོ།། ལྷག་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ནི་གཙོ་བོ་ཡིན་པའི་ཕྱིར་བསྒྲུབ་པ་གསུམ ་སྨོས།། ཞར་ལ་ནི་གཞན་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་སྨོས་པ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པའི་སྒོའི་བྱེ་བྲག་གི་དེ་སྐད་དུ་བསྟན་ཏོ།། གང་གི་ཚེ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལ་སོགས་པ་སྨོས་པ་དེའི་ཚེ་ནི ་དངོས་ཁོ་ནར་ཡིན།། ལྷག་པའི་སེམས་ཞེས་བྱ་བ་ལ་སོགས་པ་ནི། ས་དང་པོ་གསུམ་ལ་ནི་ཐེག་པ་ཆེན་པོ་རབ་ཏུ་སྣང་པོའི་ཏིང་འཛིན་ཏོ།། ས་བཞི་པ་དང་ལྟ་པ་དང་དྲུག་པ་དང་བདུན་པ་དག་ལ་ནི་བསོད་ནམས་ཐམས་ཅད་སྡུད་པའི ་ཏིངེ་འཛིན་ཏོ།། དགུ་པ་དང་བརྒྱད་པ་ལ་ནཱི་ཏིདྭེ་འཛིན་གྱི་རྒྱལ་པོ་བཟང་སྐྱོང་ངོ་།། བཅུ་པ་ལ་ནི་དཔའ་བར་འགྲོ་བ་དང་ནི་མཁའ་མཛོད་ལ་སོགས་པའོ།། ལྷག་པའི་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ནི། གཙོ་བོ་ཡིན་པའི་ཕྱིར་དངོས ་གཞི་སྨོས་ཏེ། སྦྱོར་བ་པ་དང་རྗེས་ཀྱི་དག་ནི་ཕྱིས་སྟོན་ཏོ།། སྤངས་པའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་ལ་མྱ་ངན་ལས་འདས་པ་ནི་རྣམ་པ་བཞི་སྟེ། ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། ་དེ་བཞིན་དུ་མི་གནས་པའི་མྱ་ངན་ལས་འདས་པའོ།། དེ་ལ་འདིར་ནི་གསུམ་ནི་ཉན་ཐོས་ལ་སོགས་པ་དང་། ཐུན་མོང་ཡིན་པའི་ཕྱིར་མི་གཟུང་གི། མི་གནས་པའི་མྱ་ངན་ལས་འདས་པ་དེ་བཞིན་ཉིད་སྒྲིབ་པ་གཉིས་དང་བྲལ་བ ་ཁོ་ན་ཐུན་མོང་མ་ཡིན་པའི་ཕྱིར་བཟུངངོ་།། ཡེ་ཤེས་ཀྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་དེ་སྨོས་ནི་སྟོབས་ལ་སོགས་པའོ།། དེ་དག་གི་སྐུ་སྟེ་རྟེན་ནི་ཆོས་ཀྱི་སྐུའོ།། དེ་ཉིད་དེ་བཞིན་ཉིད་ཡོངསུ་དག་པ་ཡིན་ཏེ། སངས་རྒྱས ་ཀྱི་ཆོས་རྣམས་ནི་དེ་ལ་རག་ལས་ཏེ། འབྱུང་བའི་ཕྱིརརོ།། སྐུ་ཞེས་བྱ་བའི་སྒྲ་ཡང་རྟེན་དུ་གྲགས་ཏེ། ལུས་ཀྱི་དབང་པོ་བཞིན་ཏེ། བསགས་པ་ཉིད་ཡིན་ཡང་མིགེ་ལ་སོགས་པའི་རྟེན་ཡིན་པའི་ཕྱིར།། རྣམ་པ་གཅིག་ཏུ་ན་སྐུ་ནི་རང་གི་མཚན་ཉིད་ཁོ ་ན་ཡིན་ལ་རང་གི་མཚན་ཉིད་ཡིན་པའི་ཕྱིར་ཆོས།། འདི་ནི་སྐུ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ཆོས་ཀྱིས་སྐུ་སྟེ། དེ་ཡང་དེ་བཞིན་ཉིད་ཡོངསུ་དག་པ་ཡིནོ།། སྐུ་ཞེས་བྱ་བ་ནི་སྒྲ་ཡང་རང་གི་མཚན་ཉིད་དུ་ཡང་གྲགས་ཏེ། རྣམ་པར་ཤེས་པའི་ལུས ་བཞིན་ཏེ། གཟུགས་ཅན་མ་ཡིན་པ་རྣམས་ལ་བསགས་པ་མེད་པའི་ཕྱིརརོ།། ཆོས་ཀྱི་སྐུ་དེ་ནི་ཡེ་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པར་ཏེ། དེ་ཉིད་ངོ་བོ་ཉིད་ཀྱི་སྐུ་ཡིན།། དེ་བཞིན་གཤེགས་པའི་ཡེ་ཤེས་ཐམས་ཅད་ནི་ཉིད་ཀྱི་ལོངས ་སྤྱོད་རྫོགས་པར་དགོངས་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཡིན།། སྟོབས་ལ་སོགས་པའི་ངོ་བོ་ཉིད་གང་ཡིན་པ་དང་། མཚན་དང་དཔེ་བྱད་བཟང་པོ་ཉིད་དུ་གྱུར་པ་གང་ཡིན་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན ་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པར་ཡིན།། དེའི་དབོང་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་སོ་སོར་མཚན་དང་དཔེ་བྱད་བཟང་པོ་ལ་སོགས་པར་སྣང་བ་སེམས་དང་སེམས་ལས་བྱུང་བ་དག་ལ་ཁྱབ་པ་གང་ཡིན་པ་དེ་ཡང་གཞན་ལོངས་སྤྱོད ་རྫོགས་པར་དགོས་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ།། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དབང་ཁོ་ནས་བྱང་ཆུབ་སེམས་དཔའ་མོས་པ་སྤྱད་པ་སྤྱོད་པ་དང་། ཉན་ཐོས་ལ་སོགས་པའི་རྒྱུད་ལ་སོ་སོར་མཚན་དང་དཔེ་བྱད་བཟང་པོ་ལ་སོག ་པར་སྣང་བའི་སྐུ་ནི་ཡུན་ཐུང་ངུར་གནས་པའི་ཕྱིར་སྤྲུལ་པ་སྟེ། ཡེ་ཤེས་ཀྱི་འབྲས་བུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པོར་ཡིན།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཞེས་བྱ་བ་བཤད་པར་བཞེད་ནས། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཉིད ་དུ་བརྗོད་པའོ་ཞེས་བྱ་བ་ལ་སོགས་པ་སྨོས།། དེ་ལྟ་ཞོ་ན་གང་དག་ཉན་ཐོས་ཀྱི་ཐེག་པ་ཉིད་ཐེག་པོ་ཆེན་པོ་ཡིནོ་ཞེས་བྱ་བར་རྟོགས་པ་དེ་དག་ནི་སངས་རྒྱས་ཀྱི་གསུང་དེ་ཐེག་པ་ཆེན་པོ་ཡིན་པར་ཡང་བརྗོད་དོ།། དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ནི ་ཐེག་པ་ཆེན་པོ་ཉིད་དུ་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། རྣམ་པ་བཅུ་བསྟན་པ་དང་བྲལ་བའི་ཕྱིར་གྲངས་ཅན་ལ་སོགས་པའི་བསྟན་ཆོས་བཞི་ནོ།། ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་བྱས་པ་ཞེས་བྱ་བ་ནི། གསུང་ཁྱད་པར་རྣམ་པ་བཅུས ་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་དེ་སྟོན་ཏེ། གང་གི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལས་ནི། ཤེས་བྱའི་གནས་ལ་སོགས་པ་ཡོངསུ་མ་རྫོགས་པར་བསྟན་ལ། འདི་ལས་ནི་ཤེས་བྱའོ་གནས་ལ་སོགས་པ་རྣམ་པོ་ཐམས་ཅད་བསྟན་པ་དེའི ་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་བྱ་བ་རྣམ་པོ་བཅུས་དེ་བཞིན་གཤེགས་པའི་གསུང་ཁྱད་པར་དུ་སྤོག་པ་ཡིནོ།། མཆོག་ཉིད་ཀྱི་ཕྱིར་ཡང་ཁྱད་པར་དུ་འཕག་སོ།། ཇི་ལྟར་མཆོག་ཉིད་ཡིན་ཞེ་ན། མཆོག་ཉིད་དུ་བསྟན་པའི་ཕྱིར ་མཆོག་ཉིད་དུ་བསྟན་པ་ཉིད་ཇི་ལྟར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་བསྟན་པ་ཡིན་པསོ།། འདིས་ནི་གདུལ་བ་མཆོག་ཉིད་ཀྱི་ཕྱིར་མཆོག་ཉིད་དོ་ཞེས་བྱ ་པའི་ཐ་ཚིག་གོ། འདི་ལྟར་གདུལ་བའི་དབང་གིས་ཀྱང་བསྟན་པ་དམན་པ་དང་མཆོག་ཉིད་ཡིན་ཏེ། དཔེར་ན་སོ་སོའི་སྐྱེ་བོ་ཡིན་པའི་ཚོང་པ་ག་གོན་དང་མཛེས་ལྡན་དག་གི་ཆེད་དུ་ནི་དམན་པ་བསྟན།། འཕགས་པའི་སྐབས་ཡིན་པས་ལྔ་སྡེའི ་དབང་དུ་མཛད་ནས་ནི་འབྲིང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བརྒྱད་བསྟན་ཏེ། བརྟགས་པའི་རྣམ་པ་དགག་པའི་སྒོ་ནས་མཆོག་གོ།། རྣམ་པ་བརྒྱད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་སུམ་བརྒྱ་པ་དང་། ལྔ་བརྒྱ་པ་དང་། བདུན་བརྒྱ་པ་དང་། ཉིས་སྟོང་ལྔ་བརྒྱ་པ་དང་། བརྒྱད་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། འབུམ་པ་བསྟན་པ་ཡིན།། དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པ་བསྟན་པ་ནི། རང ་ཀྱི་མཆོག་ཡིན་ཏོ།། འདི་ལྟར་དེ་ལས་ནི་ཐེག་པ་གཅིག་བསྟན་བྱས་མི་ངེས་པའི་རིགས་ཅན་རྣམས་ཀྱང་དེ་ལས་འདོན་ཏེ།། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་བསྟན་པ་ནི་རབ་ཀྱི་ཕུལ་ཡིན་ཏེ། འདི་ལྟར་དེ་ལས་ནི་དེ་བཞིན་གཤེགས ་པ་རྣམས་འཁོར་བ་ཇི་སྲིད་པར་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་པར་བསྟན་ཏོ།། སངས་རྒྱས་ཕལ་པོ་ཆེའི་མདོ་བསྟན་པ་ནི་རབ་ཀྱི་ཕུལ་གྱི་མཆོག་ཡིན་ཏེ། འདི་ལྟར་མདོར་ནི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས ་རྒྱས་ནས་རིང་པོ་མ་ལོན་པར་ཕྱོགས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་མ་བཅུའི་དབང་ཕྱུག་རྣམས་ལ་ལན་ཅིག་རབ་ཏུ་བསྟན་ཏོ།། གོང་དུ་ཉན་ཐོས་ཀྱི་ཐེག་པ་ཆེན་པོ་ཉིད་དུ་སངས་རྒྱས་ཀྱི་གསུང་ཡིན་པ་ཉིད་དགུག་པའི་ཕྱིར་གཏན་ཚིགས ་རྣམ་པ་བཅུ་བསྟན་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་དེ་ནི་མ་གྲུབ་སྟེ། ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཀུན་གཞི་ལ་ཀུན་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པས་ཤེས་བྱའི་གནས་བསྟན་པའི་ཕྱིརརོ།། སེམས་ཅན་བརྫུས་ཏེ་སྐྱེ་བ་ཡོད་དོ་ཞེས་བྱ་བ་ལ ་སོགས་པས་ཀུན་བརྟག་པ་ཡང་བསྟོན་པའི་ཕྱིར།། འདི་ལས་སེམས་ཅན་མེདོ་ཞེས་བྱ་བ་ལ་སོགས་པས་ཡོངསུ་གྲུབ་པ་ཡང་བསྟན་པའི་ཕྱིརརོ།། ཆོས་འདི་དག་ནི་རྒྱུ་དང་བཅས་ཞེས་བྱ་བ་ལ་སོགས་པས་གཞན་གྱི་དབང་ཡང་བསྟན་པའི་ཕྱིརརོ།། ། ་ཤེས་བྱ་ལ་འཇུག་པ་ཡང་མིག་དང་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་བསྟན་པའི་ཕྱིར།། དེའི་རྒྱུ་དང་འབྲས་བུ་བསྟན་པ་ཡང་ཡོད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་པའི་ཕྱིར།། བསྒོམ་པ་རབ་ཏུ་དབྱེ་བ་ཡང་དགེ་འདུན་ཕལ་ཆེན་སྡེའི ་སྡེ་པ་ལས་སའི་རྣམ་པར་དབྱེ་བའི་མཚན་ཉིད་བསྟན་པའི་ཕྱིར།། བསླབ་པ་གསུམ་ཡང་བསྟན་པའི་ཕྱིརརོ།། མྱ་ངན་ལས་འདས་པ་ཡང་ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པས་བསྟན་པའི་ཕྱིརརོ།། ཆོས་ཀྱི་སྐུ་མི་སློབ་པའི ་ཆོས་ཀྱི་ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དང་དེས་སྐྱེ་བ་སྤྲུལ་པའི་སྐུ་བསྟན་པའི་ཕྱིར་སྐུ་གསུམ་ཡང་བསྟན་ཏོ་སྙམ་པའི་བསམ་པ་འདི་ཇི་ལྟར་ན་འདིས་ཞེས་བྱ་བ་ལ་སོགས་པ་སྨོས།། འདི ་ལྟར་གནས་བཅུ་པ་འདི་དག་ཅེས་བྱ་བ་ལ་སོགས་པ་འདིས་ནི་གཏན་ཚིགས་སྒྲུབ་པར་བྱེད་དེ། རྣམ་པ་བཅུ་རྫོགས་པར་བསྟན་པ་དང་བྲལ་བའི་ཕྱིརརོ།། ཞེས་བསྟན་ཚིགས་སྟོན་པར་ཕྱིར།། འདི་ལྟར་ཉན་ཐོས་ཀྱི་ཐེག་པ ་ལས་ནི་ཤེས་བྱའི་གནས་ཀྱང་རྒྱུའི་བྱེ་བྲག་དང་མཚུངས་པར་ལྗོན་པའི་བྱེ་བྲག་དང་། དམིགས་པ་བསྟན་པ་དང་། བག་ཆགས་ཀྱི་བརྟན་ཉིད་ལ་སོགས་པའི་དབྱེ་བས་མ་བསྟན་ཏོ།། ཀུན་བརྟགས་པ་ཡང་གཟུགས་ལ་སོགས་པའི་བྱེ་བྲག ་དང་ཡོངསུ་གྲུབ་པ་ཡང་ཆོས་ལ་བདོག་མེད་པའི་མཚན་ཉིད་དང་གཞན་གྱི་དབང་གི་དངོས་པོ་ཡང་རྣམ་པར་ཤེས་པ་བརྒྱད་ཀྱི་ཚོགས་ཀྱི་མཚན་ཉིད་རབ་ཏུ་རྣམ་པར་མ་ཕྱེའོ།། ཤེས་བྱ་ལ་འཇུག་པ་ཡང་ཇི་སྐད་བསྟན་པའི་ཀུན་བརྟོགས ་པ་ལ་སོགས་པ་ལ་འཇུག་པའི་མཚན་ཉིད་མ་བསྟན་ཏོ།། དེ་མེད་པས་འཁོར་གསུམ་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་དག་ཀྱང་རྣམ་པར་མ་ཕྱེ་ལ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལ་སོགས་པ་ཡང་མ་བསྟན་ཏོ།། དགེ་འདུན ་ཕལ་ཆེན་སྡེ་རྣམས་ལ་སའི་དབྱེ་བ་བསྟན་པ་གང་ཡིན་པ་དྲི་ཡང་ཕྱོགས་ཀྱི་ཁོངསུ་གཏོགས་པ་ཡིན།། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་མཚན་ཉིད་རྣམ་པར་མ་ཕྱེའོ།། ལྷག་པའི། ་སེམས་ཀྱང་ཐེག་པ་ཆེན་པོ་རབ་ཏུ་སྣང་བའི་མཚན་ཉིད་ཀྱི་ཏིང་འཛིན་ལ་སོགས་པའི་དབྱེ་བ་དང་། ལྷག་པའི་ཤེས་རབ་ཀྱང་བདག་མེད་པ་གཉི་ག་རྟོགས་པའི་དབྱེ་བ་དང་མི་གནས་པའི་མྱ་ངན་ལས་འདས་པ་ཡང་ཇི་སྐད་འཆང་བར་འགྱུར ་པ་དང་། སྐུ་གསུམ་ཡང་ཇི་ལྟར་བཞེད་པ་བཞིན་རྣམ་པར་མ་ཕྱེའོ།། བྱང་ཆུབ་ཆེན་པོ་ཀུན་ཏུ་བསྒྲུབ་པར་བྱེད་པ་སྟེ། ཞེས་བྱ་བ་ལ་སོགས་པས་ནི། རང་གི་ཕྱོགས་སྒྲུབ་པར་བྱེད།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མངོན ་ཐེག་པ་ཆེན་པོ་ཉིད་དུ་སངས་རྒྱས་ཀྱི་གསུང་ཡིན་ཏེ། བྱང་ཆུབ་ཆེན་པོ་ཀུན་ཏུ་སྒྲུབ་པར་བྱེད་བའི་དོན་སྟོན་པའི་ཕྱིར་གཉི་ག་ལ་གྲགས་པ་སྐྱེས་པའི་རབས་ཀྱི་སྡེ་ལ་སོགས་པ་བསྟན་པ་བཞིན།། འདོད་དོ་ཞེས་བྱ་བའི་སྒྲ་ཚིག་སུ་བཅད་པ་ལས་འབྱུང ་པར་འཆད་པར་འགྱུར་བ་དང་། སྦྱོར་བའི་ཕྱིར་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། བྱང་ཆུབ་ཆེན་པོ་ཀུན་ཏུ་སྒྲུབ་པར་བྱེད་པའི་དོན་སྟོན་པར་འདོད་པའི་ཕྱིརརོ་ཞེས་བྱ་བའི་ཐ་ཚིགོ།། བྱང་ཆུབ་ཆེན་པོ་ནི་འདིར་དེ་བཞིན་ཉིད་དྲི་མ་མེད་པའོ།། དེ་ཀུན་ཏུ་སྒྲུབ་པ་ན། ་མངོན་སུམ་དུ་བྱེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར།། མི་གནས་པའི་མྱ་ངན་ལས་འདས་པ་དང་སྐུ་གོ་སུམ་པོ་བྱང་ཆུབ་ཆེན་པོའི་གནས་སྐབས་ཁོ་ན་ཡིན་ན་ཇི་ལྟར་བྱང་ཆུབ་ཆེན་པོ་ཀུན་ཏུ་སྒྲུབ ་པར་བྱེད་པ་ཡིན་ཞེ་ན། རྒྱུད་གཞོན་དག་ལ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ཀྱི་རིམ་གྱིསོ།། ཡོང་ནི་བྱང་ཆུབ་ཡེ་ཤེས་ཡིན་མེད་ཀྱི། འོན་ཀྱང་ཚིག་ཕྱེ་ནས་སྦྱར་བར་བྱ་སྟེ། གང་གི་ཕྱིར་འདི་དག་བྱང་ཆུབ་ཆེན་པོ་ཀུན་ཏུ་སྒྲུབ ་པར་བྱེད་པ་དེའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པོ་ཡིནོ།། བྱང་ཆུབ་ཆེན་པོ་ཀུན་ཏུ་སྒྲུབ་པར་བྱེད་པ་དེ་ཡང་ཤིན་ཏུ་འཐད་པ་ཞེས་བྱ་བ་ལ་སོགས་པ་ཚིགསུམ་གྱིས་ཁྱོད་པར་དུ་བྱེད་དེ། དེ་ལ་ཤིན་ཏུ་འཐད་པ་ནི་དམིགས་པ ་ངོ་བོ་ཉིད་ཀྱི་ཐེག་པ་ཆེན་པོ་གང་ཡིན་པ་ཤེས་བྱའི་གནས་དང་། ཤེས་བྱའི་མཚན་ཉིད་དེ་ཕྱིན་ཅི་མ་ལོག་པའི་ཕྱིར།། མཐུན་པ་ནི་སྤྱོད་པའི་ངོ་བོ་ཉིད་ཀྱི་ཐེག་པ་ཆེན་པོ་གང་ཡིན་པ་ཤེས་བྱ་ལ་འཇུག་པ་ལ་སོགས་པ ་རྣམ་པ་དྲུག་སྟེ། འབྲས་བུའི་རྗེ་སུ་མཐུན་པའི་ཕྱིརརོ།། འགལ་བ་མེད་པ་ནི་འབྲས་བུའི་ངོ་བོ་ཉིད་ཀྱི་ཐེག་པ་ཆེན་པོ་གང་ཡིན་པ་སྤངས་པ་དང་། ཡེ་ཤེས་ཀྱི་ཁྱང་པར་གྱི་ངོ་བོ་སྟེ། རྒྱུ་དང་མི་འགལ་བའི་ཕྱིར།། རྣམ་པ་གཅིག་ཏུ་ན་རློམ་པ་བཅུ་པོ་ངོ་བོ་ཉིད་གསུ ་གྱི་ནང་འདུས་པའི་ཕྱིར་ངོ་བོ་ཉིད་གསུམ་གྱི་དབྱེ་བས་ཤིན་ཏུ་འཐད་པ་ལ་སོགས་པ་ཡིན་ཏེ། དེ་ལ་ཤིན་ཏུ་འཐད་པ་ནི་ཡོངསུ་གྲུབ་པ་སྟེ། ཚད་མ་དང་མི་མ་འགལ་བའི་ཕྱིརརོ།། མཐུན་པ་ནི་གཞན་གྱི་དབང་སྟེ། རྣམ་པར་བྱང་བ་དང་མཐུན་པའི་ཕྱིརརོ།། འག ་བ་མེད་པོ་ནི་ཀུན་བརྟོགས་པ་སྟེ། ཐ་སྙད་དང་མི་འགལ་བའི་ཕྱིར།། རྣམ་པ་གཅིག་ཏུ་ན་རྣམ་པ་བཅུ་བཅར་མངོན་སུམ་གྱི་ཚད་མ་དང་ལྡན་པའི་ཕྱིར། ཤིན་ཏུ་འཐང་བའོ།། རྗེསུ་དཔག་པ་དང་ལྡན་པའི་ཕྱིར་མཐུན་པའོ།། སྔོན་གྱི་སངས་རྒྱས་ཀྱི་ལུང་དང ་མི་འགལ་བའི་ཕྱིར་འགལ་བ་མེད་པའོ།། རྣམ་པ་གཅིག་ཏུ་ནི་མངོན་སུམ་དང་རྗེ་སུ་དཔག་པ་དང་ལུང་རྣམས་དང་ལྡན་པའི་ཕྱིར་ཤིན་ཏུ་འཐད་པའོ།། རྣམ་པར་བྱུང་བ་དང་མཐུན་པའི་ཕྱིར་མཐུན་པའོ།། འགལ་བ་ཀུན་ནས་ཉོན་མོངས་པའི་དགྲ་བོར་གྱུར་པའི ་ཕྱིར་འགལ་བ་མེད་པའོ།། རྣམ་པ་གཅིག་ཏུ་ན་བདེན་པ་གསུམ་གྱི་སྐབས་ཀྱི་མཚན་ཉིད་ཀྱིས་བདེན་པའི་དབང་དུ་བྱས་ནས་ཤིན་ཏུ་འཐད་པའོ།། དོན་དམ་པའི་བདེན་པའི་དབང་དུ་བྱས་ནས་མཐུན་པའོ།། ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ནས་འགལ ་དུ་མེད་པའོ།། རྣམ་པ་གཅིག་ཏུ་ན་རྣམ་པ་བཅུ་པོ་བསྐལ་པ་གྲངས་མེད་པ་དང་པོས་བསྡུས་པ་ནི་ཤིན་ཏུ་འཐད་པ་སྟེ། ས་གླེང་མ་དང་མཐུན་པའི་ཕྱིརརོ།། བསྐལ་པ་གྲངས་པ་གཉིས་པས་བསྡུས་པ་ནི་མཐུན་པ་སྟེ། ལྷག་པའི་བསམ་པ་རྣམ་པར་དག་པའི ་ཕྱིར།། བསྐལ་པ་གྲངས་མེད་པ་གསུམ་པས་བསྡུས་པ་ནི་འགལ་བ་མེད་པ་སྟེ། མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར།། རྣམ་པ་གཅིག་ཏུ་ན་རང་བཞིན་དུ་གནས་པའི་རིགས་ཀྱིས་བསྡུས་པ་ནི་ཤིན་ཏུ་འཐུད་པའོ།། ཡང་དག་པར་བསྒྲུབ་པའི ་རིགས་ཀྱིས་བསྡུས་པ་ནི་མཐུན་པའོ།། འབྲས་བུའི་གནས་སྐབས་ཀྱིས་བསྡུས་པ་ན་འགལ་བ་མེད་པའོ།། དེ་འདིར་གནས་བཅུ་པོ་འདི་དག་གི་གོ་རིམ་ནི་བསྟན་ཟིན་པ་ཉིད་དེ། དམིགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རྒྱུ་ཡིན་པའི་ཕྱིར་དང་པོར་བསྟན་ཏེ། ་དམིགས་པ་ཇི་ལྟ་བ་བཞིན་ཤེས་བྱ་ལ་འཇུག་པ་ལ་སོགས་པ་དྲུག་ནི་དེའི་འབྲས་བུ་ཡིན་པའི་ཕྱིར་ཕྱིསོ།། སྤངས་པ་དང་ཡེ་ཤེས་ཀྱི་ཁྱད་པར་དག་ནི་དེའི་འབྲས་བུ་ཡིན་པར་ཕྱིར་དེ་བས་ཀྱང་ཕྱི་སོ།། དམིགས་པ་དག་ལ་ཡང་སྔ་ཕྱི་ནི་ཤེས་བྱའི་གན ་ནི་རྒྱུ་ཡིན་པའི་ཕྱིར།། ཤེས་བྱའི་མཚན་ཉིད་ནི་འབྲས་བུ་ཡིན་ཕྱིར།། ཤེས་བྱ་ལ་འཇུག་པ་ལ་སོགས་པ་དྲུག་ལ་ཡང་གསུམ་ཚན་དང་པོ་གང་ཡིན་པ་དེ་ནི་གང་ཟག་གི་གནས་སྐབས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་དང་པོར་བསྟན་ཏོ།། གོསུམཚམ ་གཉིས་ལ་སྤྱོད་པའི་ངོ་བོ་ཉིད་ནི་དེ་ལ་བརྟེན་པ་ཡིན་པའི་ཕྱིར་ཕྱིས་བསྟན་ཏོ།། གསུམ་ཚན་དང་པོ་ལ་ཡང་རྣམ་པ་དང་པོ་གཉིས་གང་ཡིན་པ་དེ་ནི་ཉེ་བར་ལེན་པ་ཡིན་པའི་ཕྱིར་སྔར་བསྟན་ཏོ།། རྣམ་པ་གསུམ་པ་གང་ཡིན་པ་དེ་ནི་ཉེ་བར་བླང་བར་བྱ་བ་ཡིན་པའི ་ཕྱིར་ཕྱིསོ།། རྣམ་པ་དང་པོ་གཉིས་ལ་ཡང་ཤེས་བྱ་ལ་འཇུག་པ་ནི་རྒྱུ་ཡིན་པའི་ཕྱིར་དང་པོར།། རྣམ་པ་གཉིས་པ་ནི་འབྲས་བུ་ཡིན་པའི་ཕྱིར་ཕྱིས།། སྒྲུབ་པ་ལ་ཡང་མི་མཐུན་པའི་ཕྱོགས་ཇི་ལྟར་རགས་པ་བཞིན་ནོ། ཡི ་འདི་ལྟར་འཆལ་བའི་ཚུལ་ཁྲིམས་ནི་བརྟག་སླ་བའི་ཕྱིར་ཆེས་རགས་པས། དེའི་གཉེན་པོར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ།། དེ་བཞིན་དུ་རྒོད་པ་དང་། རྣམ་པར་གཡེང་བ་ལ་སོགས་པ་རགས་པ་དེ་དག་གི་གཉེན་པོར་ལྷག་པའི་སེམས་ཀྱི་བསླབ། ་པའོ།། དེ་བཞིན་དུ་གནས་ངན་ལེན་གྱི་ས་བོན་རྗེ་སུ་འབྲེལ་བ་ནི་ཕྲ་བས་དེའི་གཉེན་པོར་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ།། རྣམ་པ་གཅིག་ཏུ་ན་སའི་རིམ་པས་གོ་རིམ་དུ་བླགས་པ་ཡིན་ཏེ། འདི་ལྟར་ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས ་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པའི་ཕྱིར།། ས་གསུམ་པ་ནི་ལྷག་པའི་སེམས་ཀྱི་བསླབ་པས་རབ་ཏུ་ཕྱེ་བ་ཡིན་ཏེ། འཇིག་རྟེན་པའི་བསམ་གཏན་དང་ཏིངེ་འཛིན་དང་སྙོམས་པར་འཇུག་པས་གནས་པའི ་ཕྱིར།། བཞི་པ་ལ་སོགས་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པས་རབ་ཏུ་ཕྱེ་བ་ཡོན་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་རབ་ཏུ་རྣམ་པར་འབྱེད་པས་གནས་པའི་ཕྱིར།། སྤངས་པ་དང་ཡེ་ཤེས་དག་ཀྱང་བདེན་པ་ཇི་ལྟར་བསྟན་པ་བཞིན ་གོ་རིམ་ཡིན་ཏེ། འདི་ལྟར་མི་གནས་པའི་མྱ་ངན་ལས་འདས་པ་ནི་འགོག་པའི་བདེན་པས་བསྡུས་པ་ཡིན་ལ། དེའི་འབྲས་བུར་གྱུར་པ་ཡེ་ཤེས་ནི་ལམ་གྱི་བངོན་པས་བསྡུས་པ་ཡིན་ཏེ། ཡེ་ཤེས་ཀྱི་ཁྱད་པར་ནི་སྤངས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར ་གོ་རིམ་དེ་ལྟར་བསྟན་ཏོ།། བསྟན་བཅོས་མཛད་པས་ནི་གོ་རིམ་གཞན་དུ་བསྟན་པའི་ཕྱིར། ཆོས་རྣམས་ཀྱི་རྒྱུ་ལ་མཁས་པ་ལ་བརྟེན་ནས་ཤེས་བྱ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ཡོངསུ་སྤངས་པས་ཕྱིར་རྒྱུ་ལ་མཁས་པའོ།། དེའི་ཚེ ་དུ་ཤེས་བྱའི་གནས་བསྟན་ཏེ། ཆོས་ཐམས་ཅད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རག་ལས་པའི་ཕྱིར།། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་ཞེས་བྱ་བ་ནི། སྡུག་པ་དང་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད་པ་དང་ཉེ་བར་སྤྱོད་པ་པའི་རྟེན་ཅིང་འབྲེལ་པར ་འབྱུང་པོ་བསྟན་པའི་ཕྱིར།། རྒྱུ་ལ་མཁས་པ་ཞེས་བྱ་བ་སྨོས་པ་ནི། ངོ་བོ་ཉིད་རྣམ་པར་འབྱེད་པ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་བསྟན་པའི་ཕྱིར་ཏེ། འདིར་ཡང་གཞན་ལ་མཁས་པ་ནི་ངོ་བོ་ཉིད་རྣམ་པར་འབྱེད་པ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ ་མཁས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའི་ཕྱིས་བསྟན་ཏོ།། དེའི་འོག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་ན་ཆོས་རྣམས་ཀྱི་མཚན་ཉིད་ལ་འཇུག་པར་ནུས་པས་ཤེས་བྱའི་མཚན་ཉིད་བསྟན་ཏོ།། སྒྲོ་འདྲོག ་པ་དང་སྐུར་བའི་མཐའི་ཉེས་པ་ཡོངསུ་སྤོང་པོ་ཞེས་བྱ་བ་དེ་ལ་ཀུན་བརྟགས་ལ་སྒྲོ་འདོགས་པ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ལྟ་བུ་སྟེ། གཟུགས་ལ་སོགས་པ་ལ་དེ་ཁོ་ན་ཉིད་དུ་ཁས་ལེན་པའི་ཕྱིརརོ།། གཞན་གྱི་དབང་ལ་སྐུར་པ་འདེབས་པ་ནི་བདག་ཉིད ་ཐམས་ཅད་དུ་གདགས་པའི་གཞི་སྤྲིང་བའི་ཕྱིརརོ།། ཡོངསུ་གྲུབ་པ་ལ་སྐུར་པ་འདེབས་པ་ཡང་གཅིག་ཏུ་མེད་པར་རྟོགས་པའམ། ཀུན་རྫོབ་ཏུ་ཡོད་པར་རྟོག་པའི་ཕྱིརརོ།། རེ་ཞིག་གཅིག་ཏུ་མེད་པ་ནི་མ་ཡིན་ཏེ། དེ་བཞིན་ཉིད་རྫས་ཀྱི་ཆོས་ཡིན་པའི་ཕྱིར། ་གདགས་པའི་ཉེ་བར་ལེན་པ་མེད་པར་ནི་བརྟགས་པའི་ངོ་བོས་སྟོང་པའི་དེ་བཞིན་ཉིད་ངེས་པར་བཟུང་བར་མི་ནུས།། མི་རྟག་པ་ཉིད་ལ་སོགས་པ་བཞིན་དུ་བཏགས་པ་ཡོད་པ་ཡང་མ་ཡིན་ཏེ་དེ་དག་ནི་གནས་སྐབས། ་ཀྱི་བྱེ་བྲག་ལ་བཏགས་པས་འཁྲུལ་པའི་ཕྱིར་ལ། དེ་བཞིན་ཉིད་ནི་གནས་སྐབས་ཐམས་ཅད་དུ་མི་འཁྲུལ་པའི་ཕྱིར།། དེ་བས་ན་བརྟན་པའི་ཕྱིར་རྫས་ཡིན་ལ་རྫས་ཀྱིས་ཆོས་ཡིན་པའི་ཕྱིར་མེད་པ་ཉིད་ཀྱང་མ་ཡིནོ།། དེ་ལྟར་ན་བརྟགས་པ་ལ ་སྒོ་འདོགས་པར་མི་བྱེད་པའི་ཕྱིར་དང་། གཞོན་གྱི་དབང་དང་ཡོངསུ་གྲུབ་པ་དག་ལ་སྐུར་པ་འདེབས་པར་མི་བྱེད་པའི་ཕྱིར་སྒྲོ་འདེགས་པ་དང་སྐུར་བའི་ཉེས་པ་སྦྱངས་པ་ཉིད་དོ།། ཡང་ན་ངོ་བོ་ཉིད་རེ་རེ་ལྔ་ཡང་སྒྲོ་འདོགས་པ་དང་སྐུར་བའི་ཉེས་པ ་སྤང་བ་ཉིད་སྦྱར་ཏེ། དེ་ལ་བརྟོགས་པཱ་ལ་སྒྲོ་འདོགས་པ་ནི་སྔ་མ་བཞིན་ནོ།། སྐུར་པ་འདེབས་པ་ནི་ཐམས་ཅོད་ཀྱི་ཐམས་ཅད་དུ་ཀུན་རྫོབ་ཏུ་ཡང་སེལ་བའི་ཕྱིར།། གཞན་གྱི་དབ་ལ་སྒྲོ་འདོགས་པ་ནི་མདོ་སྡེ་པ་ལ་སོགས་པ་ལྟ་བུ་སྟེ། དེ་ཁོ་ན ་ཉིད་ཁོ་ནར་ཁས་ལེན་པའི་ཕྱིརརོ།། འདི་ལྟར་སེམས་དང་སེམས་ལས་བྱུང་བ་རྣམས་རིགས་མཐུན་པའི་དངོས་པོ་དང་བྲལ་བའི་ཕྱིར་དེ་ཁོ་ནའི་བདག་ཉིད་དུ་ནི་བསྒྲུབ་པར་ནི་མི་ནུས་ཀྱིས། དེ་ནི་འཇིག་རྟེན་གྱི་ཐ་སྙེད་ཀྱིས་གཞི་མེད་པར་མ་གཏག ་པས་རྟེན་ཅིང་འབྲེལ་པ་ཉིད་དུ་ཁས་བླང་བ་འབའ་ཞིག་ཏུ་ཟང་།། གཟུགས་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་སེམས་དང་སེམས་ལས་བྱུང་བ་ལས་གུས་ན་ཡོད་པར་བརྟགས་ཏེ། རྨི་ལམ་ལ་སོགས་པ་ལ་འཁྲུལ་པའི་ཕྱིར་དང་། ཤིན་ཏུ་བརྟག་མི ་བཟོད་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཡིན་པ་བསལ་ལོ།། སྐུར་པ་འདེབས་པ་ནི་སྔ་མ་བཞིན་སྦྱར།། ཡོངསུ་གྲུབ་པ་ལ་སྒྲོ་འདགས་པ་ནི་ཇི་ལྟར་བརྗོད་པ་དེ་ཁོ་ན་བཞིན་དུ་ལྡན་ཉིད་དུ་ཡོངསུ་འཛིན་པའི་ཕྱིར།། སྐུར་བ་འདེབས་པ་ནི་སྔམ ་བཞིན་ནོ།། གཞན་དག་ནི་གཞན་གྱི་དབང་ལ་སྒྲོ་བདེགས་པ་གཞན་དུ་འཆད་དེ། ཇི་ལྟར་འཛིན་པའི་བདག་ཉིད་དུ་གྲགས་པ་དེ་ལྟར་མངོན་པར་ཞེན་པའི་ཕྱིར་ཡིན་གྱི། ཡོད་པའི་ཕྱིར་བཟུང་བ་དང་འཛིན་པའི་དབེན་པའི་བདག་ཉིད་དུ་ནི་མ་ཡིན ་ཏེ། དེ་ལྟར་སྒྲོ་འདོགས་པའི་ཕྱིར་སྒྲོ་འདོགས་པ་ཡིནོ་ཞེའོ།། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་དེ་དག་ལ་ཞེས་བྱ་བས་འདིར་བརྒལ་བ། གལ་ཏེ་བརྟེན་ཅིང་འབྲེལ་བར་འབྱུང་བ་དག་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་སྤངས་པ ་ཉིད་ཀྱིས་མཚན་ཉིད་ལ་མཁས་པ་ཡིན་ན། བརྟགས་པ་དང་ཡོངསུ་གྲུབ་པ་དག་ལ་མཁས་པ་གོ་སྐབས་ཙོ་འབབ་སྟེ། གཅིག་ནི་མེད་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའི་ཕྱིར་ལ། ཅིག་ཤོས་དེ་བཞིན་ཉིད་ཀྱང ་རྟག་པའི་ཕྱིར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། མཚན་ཉིད་ལ་མཁསྔ་པ་ཞེས་བཤད་པ་མཚན་ཉིད་ནི། འདིས་མཚོན་པས་ན་གཞན་གྱི་དབང་ལ་ཀུན་བརྟགས་པ་དང་ཡོངསུ་གྲུབ་པ་ཡིན་ཏེ། འདི་ལྟར་སེམས་ཅན་མ་དག་པ་རྣམས་ནི་རྟགས ་པའི་བདག་ཉིད་དུ་དག་པ་རྣམས་ཀྱིས་ནི་བདག་མེད་པའི་བདག་ཉིད་དུ་མཚོན་ཏོ།། གཞན་གྱི་དབང་རང་ཉིད་ནི་མཚོན་པར་བྱ་བ་ཡིན་པས་ན་མཚན་ཉིད་དེ་དེ་ཉིད་སྦྱར་བར་བྱའོ།། འདི་ལ་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་བདེན་པ་བཞི་དང་། དོན་དམ་པའི ་བདེན་པ་བཞིའོ།། དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ནི་བརྟགས་པ་ལ་སྒོ་ཡང་མི་འདོགས་སྐུར་པ་ཡང་མི་འདེབསོ།། རིགས་པའི་ཀུན་རྫོབ་ཏུ་ནི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་གཞན་གྱི་དབང་ལ་སྒོ་ཡང་མི ་འདོགས་སྐུར་པ་ཡང་མི་འདེབསོ།། རྟོགས་པའི་ཀུན་རྫོབ་ཏུ་ནི་བདེན་པའི་ལུགས་ཇི་ལྟར་རྣམ་པར་བཞག་པ་ལ་མངོན་པར་ཞེན་པ་ཉིད་ཀྱིས་སྒོ་ཡང་མི་འདོགས་ལ་མངོན་པར་རྟོག་པ་དང་མཐུན་པ་མེད་པར་སྐུར་པ་ཡང་མི་འདེབས།། དོན་དམ ་པའི་ཀུན་རྫོབ་ཏུ་ནི་ཇི་སྐད་བརྗོད་པའི་ཡོངསུ་གྲུབ་པ་ལ། སྒོ་ཡང་མི་འདོགས་སྐུར་པ་ཡང་མི་འདེབས་ཏེ། དེ་བཞིན་དུ་འཇིག་རྟེན་གྱི་དོན་དམ་པ་དང་རིགས་པའི་དོན་དམ་པ་དང་། རྟོགས་པའི་དོན་དམ་པ་དང་། དོན་དམ་པའི་དོན་དམ་བྱས་དེ་ཁོ་ན ་བཞིན་དུ་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པ་སྤངས་པ་ཉིད་སྦྱར་བར་བྱའོ།། གཞན་དག་ནི་ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ལ་བདེ་བ་དང་སྡུག་བསྔལ་བ་དྲང་རྨོངས་པ་ཡོངསུ་འགྱུར་བ་ལ་སོགས་པ་ཉིད་དུ་སྒྲོ་འདོགས ་པའི་ཕྱིར་སྒྲོ་འདོགས་པའོ།། བདག་ཉིད་ཐམས་ཅད་དུ་མེད་པོར་རྟོག་པའི་ཕྱིར་སྐུར་པ་འདེབས་པའོ་ཞེས་བརྗོད་དེ། བརྟགས་པ་ལ་སོགས་པ་ངོ་བོ་ཉིད་གསུམ་དང་སྦྱོར་བས་ནི་མ་ཡིན།། རྟོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ་མཁས་པ་དང་པོ་ལ་ནི་ཕན་ཡོན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ཡིན་ལ། གཉིས་པ་ལ་ཡང་མཐའ་གཉིས་སྤང་བ་ལ་མཁས་པ་མ་ཡིན་ནམ། མཁས་པ་ནི་ཤེས་པ་ཡིན་པས་དེ་ཉིད་རྟོགས་པ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། ་མཁས་པ་ནི་མོས་པས་སྤྱོད་པའི་ཐོས་པ་ལས་བྱུང་བ་དང་བསམ་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་ཟག་པ་དང་བཅས་པ་ཡིན་པར་བཞེད་ལ། རྟོགས་པ་ནི་ཟག་པ་མེད་པའི་ཡེ་ཤེས་ཡི་ནོ།། དེས་སྒྲིབ་པ་རྣམས་ལས་ཞེས་བྱ་བ་ལ ་སོགས་པ་ནི། དེ་ལ་དྲོ་བོའི་གནས་སྐབས་ན་ནི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་རྣམ་པར་གནོན་པའི་སྤོང་བས་ཀུན་ཏུ་མི་འབྱུང་བ་ཙམ་རྣམ་པར་གྲོལ་བ་ཡིན་ཏེ། དེ་དག་ནི་བསྒོམས་པས་སྤང་བར་བྱ་བ་ཡིན་པའི་ཕྱིར། ་རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་གི་གནས་སྐབས་ན་ནཽ།། མཐོང་བསྡུ་སྦྱང་བར་བྱ་བའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཀུན་བརྟག་པ་རྣམ་པར་པ་གྲོལ་པ་ཡིན།། མཐོང་བའི་ལམ་གྱི་གནས་སྐབས་ན་ནི་སྒྲིབ་པོ ་རྣམ་པ་དེ་གཉི་གའི་ས་བོན་ཡང་དག་པར་བཅོམ་པ་རྣམ་པར་གྲོལ་བ་ཡིན།། དེ་ཡོན་ཅད་རྡོ་རྗེ་ལྟ་བུའི་ཏིངངེ་འཛིན་གྱི་བར་དུ་ནི་ཤེས་བྱའི་སྒྲིབ་པའི་ས་བེན་ལྷན་ཅིག་སྐྱེས་རིམ་གྱིས་ཡང་དག་པར་འཇོམས་ཏེ། འཇིག་ཚོགས་ལ་ལྟ་བ་དང་མཐ ་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དག་ནི་ས་བཞི་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་མནན་ཏོ།། དེ་ལས་གཞན་པ་འདོད་ཆགས་དང་ཞེ་སྡང་གཏི་མུག་རྣམས་རྣམ་པ་ཐམས་ཅད་དུ ་རྣམ་པར་མནན་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ནི་ས་བརྒྱད་པ་ལ་རྣམ་པར་མནན་ཏོ།། ཐམས་ཅད་ཀྱི་ས་བོན་དང་ཉོན་མོངས་པས་འཕངས་པའི་བག་ཆགས་ནི་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་ཅིག་ཅར་ཀུན་ནས་འཇོམ་སོ།། ལྷག་པའི་བསམ་པ ་དག་པ་ལ་བརྟེན་ནས་ཤེས་བྱ་བ་ནི། ས་བཅུ་པ་ལས་བསྟན་པ་དྲང་པོའི་བསམ་པ་ཉིད་ལ་སོགས་པསོ།། སྔར་སྦྱོར་བཅན་གྱི་ཞེས་བྱ་བ་ལ་སོགས་པ་ནི། རྒྱུན་གཅིག་པའི་ཕྱིར་དེ་སྐད་བརྗོད་དེ། རྒྱུར་གྱུར་བྱ་གང་དག ་ཡིན་པ་དེ་དག་རྟོགས་པའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན།། རྟོགས་པར་བསྒྲུབ་པ་ཡང་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་ས་བོན་བཅོམ་པ་དང་། འཁོར་གསུམ་ཡོངསུ་དགོ་བས་ཡོངསུ་ཟིན་པའི་སྒོ་ནས་ཕ་རོལ་ཏུ ་ཕྱིན་པ་རྣམས་གྲགས་མེད་པར་འཇུག་པ་གང་ཡིན་པའོ།། དེའི་འོག་ཏུ་ལྷག་པའི་བསམ་པ་དག་པའི་རྒྱུ་ཅན་ས་བཅུའི་མཚན་ཉིད་བསྒོམ་པ་རབ་ཏུ་དབྱེ་བ་ཡིན་པས་དེ་བསྟན་ཏོ།། དེ་ཡང་ཡང་ནི་བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ཡིན་མོད་ཀྱི།། ་འོན་ཀྱང་གསུམ་ཉིད་ནི་དེར་ཡོངསུ་རྫོགས་པ་ཡིན་པས་གྲངས་མེད་པ་གསུམ་དུ་ཞེས་བཤད་དེ།། བསླབ་པ་ཡོངསུ་རྫོགས་པ་ནི་ས་ལ་བརྟེན་པ་ཡིན་པའི་ཕྱིར། དེའི་འོག་ཏུ་བསླབ་པ་གསུམ་སྟེ། འདི་དག་གི་ནང་གོ་རིམ་ནི་སྔ་མ་བཞིནོ།། ལྷག་མའི ་གོ་རིམས་ཀྱང་སྔ་མ་བཞིན།། ཐེག་པ་ཆེན་པོ་ཐམས་ཅད་ཡོངསུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་ནི། དམིགས་པ་ལ་སོགས་པའི་བྱེ་བྲག་ཅི་སྐད་བཤད་པའི་སྒོ་ནསོ།། འདི་ནི་བཅུ་པོ་མདོར་བསྡུས་ནས་རྣམ་པར་བཤད་པ་ཡིན་ཏེ། རྒྱས་པར་ནི་འདི་མན ་ཅད་ནས་སྟོན་ཏོ།། དེར་ཡང་རྣམ་གྲངས་དང་རང་གི་མཚན་ཉིད་དང་རིགས་པ་དང་རབ་ཏུ་དབྱེ་བ་དང་རྣམ་པ་བཞིས་རྣམ་པར་བཤོད་པར་བྱ་སྟེ། ཉན་པ་པོ་རྣམས་ཀྱིས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་པོར་རྣམ་གྲངས་ཙམ་ཞིག་སྙད་དོ།། དེའི ་འོག་ཏུ་བརྗོད་པར་བྱ་བར་འདོད་པ་རྣམས་ལ་མཚན་ཉིད་བརྗོད།། རང་གི་མཚན་ཉིད་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་རིགས་པ་རྒྱས་པའོ།། རིགས་པས་བསྒྲུབས་པ་རང་གི་གྲུབ་པའི་མཐའ་ལ་རྣམ་པར་གནས་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བའོ།། རྣམ་གྲུབ ་ལ་ཡང་ཁྱད་པར་རྣམ་པ་བཞི་སྟེ། ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པ་དང་། ཉན་ཐོས་ཀྱི་ཐེག་པོ་དང་ཐོག་པ་ཆེན་པོ་ཐུན་མོང་པ་དང་། ཉན་ཐོས་ཀྱི་ཐེག་པའི་ཐུན་མང་མ་ཡིན་པ་དང་། དེའི་རྩད་པའོ།། དེ་ལ་རྩོད་པ་ནི་འདི་ཡིན་ཏོ།། ཅི་འཇུག་པའི ་རྣམ་པར་ཤེས་པའི་རྒྱུད་ལ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བས་རྣམ་གྲངས་ཤིག་ཡིན་ནམ་འོན་ཏེ་དེ་དང་ཐ་དད་པ་ཞིག་ཡིན་ཞེས་བྱ་བའོ།། དེ་ལ་རེ་ཞིག་རྣམ་གྲངས་དང་པོའི་དབང་དུ་མཛྙཱ་ནས། བཅོམ་ལྡན་འདས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ ་ཞེས་བསྟན་པས་ཀུན་གཞིའི་རྣམ་པར་ཤེས་པ་གང་དུ་ཞེས་བྱ་བ་ལ་སོགས་པ་སྨོསོ།། འདིར་ནི་འདྲི་བའི་ལན་འཆད་པར་འགྱུར་པ་དང་སྦྱར་ན་འདྲི་བ་འདི་ཐེག་པ་ཆེན་པོ་པ་མི་མཁས་པ་ཞིག་ཡིན་པར་མངོན་ཏེ། འདི་ལྟར་དྲིས་པའི་དོན་ཐེག་པ་ཆེན་པོར ་གཏོགས་པའི་མདོ་བརྗོད་པས་གཏན་ལ་དབབ་པ་མཛད།། འོན་ཏེ་སྡེ་པ་ཞིག་འདྲེན་འོན་ཀྱང་ཉེས་པ་མེད། འདི་ལྟར་དེ་སྔར་ཆང་མས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་པར་ཁས་ལེན་དུ་བཅུག་པསོ།། ཡང་ན་སློང་དཔོན་ཉིད་ཀྱིས་མ་འོངས ་པའི་སྐྱེའོ་ལ་བལྟས་ནས་བདག་ཉིད་ཀྱིས་དྲིས་ནས་ལན་གདབ་པ་བྱས་པ་ཡིནོ།། ཐོག་མ་མེད་པའི་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བའི་རྣམ་གྲངས་འདི་དྲིས་ན་ཤེས་བྱའི་གནས་ཞེས་བྱ་བའི་སྒྲ་ཆོས ་ཀུན་གྱི་གནས་ཡིན་པ་ཉིད་དུ་སྟོན་པ་མཛད་དེ། ཀུན་གཞི་རྣམ་པར་ཤེས་པ་དྲིས་ན། དེ་ཡང་དྲི་བ་བྱས་པ་ཡིནོ་སྙམ་དུ་དགོངས་པསོ།། དེའི་ཕྱིར་འདི་ནི་སྐབསུ་མ་བབ་པ་མ་ཡིན་གྱི་སྐབསུ་བབ་པ་ཡིན།། རྣམ་པ་གཅིག་ཏུ ་ན་ཀུན་གཞི་རྣམ་པར་ཤེས་པའི་ལན་གདབ་པར་མཛད་པ་ཡིན་ན་ཡང་ཇི་ལྟར་སྔར་ཤེས་པའི་གནས་བསྟན་ནས་ཀུན་གཞིའི་རྣམ་པར་ཤེས་པ་བསྟན་པ་དེ་བཞིན་དུ་འདིར་ཡང་ཤེས་བྱའི་གནས་ཀྱི་ངོ་བོ་ཉིད་དཔྱད་པས་ཀུན་གཞི་རྣམ་པར་ཤེས ་པའི་སྒྲ་དཔྱོད་པར་མཛད་པ་ཡིན་ནོ།། རྣམ་གྲངས་ཀྱི་སྐབསུ་དོན་གྱི་སྐབས་ལ་ཅི་འབབ་ཅེས་བརྗོད་པར་ཡང་མི་ནུས་ཏེ། རང་གི་མཚན་ཉིད་བསྟན་པ་འདི་ལྟར་མ་ཡིན་པ་ནི་འོག་ནས་འཆད་པར་འགྱུར་པའི་ཕྱིར།། ཕོ་གོ་མ་མེད་པའི་དུས་ཀྱི་ཞེས་བྱ་བ་ནི ་གློ་བུར་དུ་བྱུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ།། དབྱིངས་ཞེས་བྱ་བ་ནི་རྒྱུ་ཞེས་བྱ་བའི་ཐ་ཚིག། ཆོས་རྣམས་ཀུན་གྱི་འདྲ་བའི་གནས་ཞེས་བྱ་བ་ནི། འདི་ལ་རེ་ཞིག་ལས་དགེ་བ་དང་མི་དགེ་བ་ནི་གནས་མ་ཡིན།། དེ་དག་གནས་ཤིག་ཡིན་ནི་རྣམ ་རྣམ་པར་སྨིན་པའི་འབྲས་བུའི་ཡིན་པར་འགྱུར་གྲོང་ན་རྣམ་པར་སྨིན་པའི་འབྲས་བུ་ལྷན་ཅིག་པའམ། དེ་མ་ཐག་པ་ན་མེད་པས་གང་གི་ཚེ་འབྲས་བུ་དེ་བྱུང་བ་ན་ལས་དེ་འདསོ།། འདས་པ་ཡང་གནས་མ་ཡིན་ཏེ་བྱེད་པ་ཞིག་པའི་ཕྱིར་ནམཁའི ་མེ་ཏོག་བཞིན།། སྐལ་བ་མཉམ་པ་དང་སྲོག་གི་དབང་པོ་དག་ཀྱང་གནས་ཉིད་མ་ཡིན་ཏེ། རྫསུ་མེད་པའི་ཕྱིར། གལ་ཏེ་དེ་ཐམས་ཅད་ཡིན་པ་ཞིག་ཏུ་གྱུར་ན་ཡང་ཚད་ཡོད་པ་ཞིག་གི་གནས་ཡིན་པར་འགྱུར་རོ།། བགེགས་མི་བྱེད་པའི ་ངོ་བོ་ཙམ་གྱིས་ཀུན་གྱི་གནསོ་ཞེས་བརྟག་པར་ཡང་མི་ནུས་ཏེ། འདི་ལྟར་གཏན་མེད་པ་ཡང་གནས་ཉིད་དུ་ཐལ་བར་འགྱུར།། དེ་བཞིན་དུ་རང་གི་སྡེ་པས་ཀུན་བརྟགས་པ་གཞན་ཡང་གནས་ཡིན་པ་ཉིད་དགག་པ་དང་། ཤུགས་ཀྱིས་ཆོས་ཀུན་གྱི ་གནས་ནི་ཀུནྡ་གཞིའི་རྣམ་པར་ཤེས་པ་ཡིན།། ཀུན་གཞི་གང་གིས་གནས་ཡིན་པའི་ཀུན་ཏེ་བརྟག་པའི་ཕྱིར། དེ་ཡོད་པསྟ་ནཱ་འགྲེ་ཀུན་དང་མྱ་ངན་ལས་འདས་པའང་ཐོབ་པར་འགྱུར་ཞེས་བྱ་བ་སྨོས་ཏེ། འགྲོ་ཀུན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི ་གནས་ཉིད་ཡིན་པའོ།། མྱ་ངན་ལས་འདས་པའང་ཐོབ་པར་འགྱུར་ཞེས་བྱ་བ་ནི། ཐོབ་པ་དང་བསམས་པ་ལ་སོགས་པའི་རིམ་གྱིས་རྣམ་པར་བྱང་བའི་གནས་ཉིད་ཡིན་པར་སྟོན་ཏོ།། རྒྱུ་མེད་པར་སྨྲ་བ་དགག་པའི་ཕྱིར་ཐོག་མ་མེད་པའི་དུས་ཞེས ་བྱ་བ་སྨོས།། སྨྲ་བ་གང་དག་ཁ་ཅིག་མི་མཐུན་པའི་རྒྱུ་གཙོ་བོ་ལ་སོགས་པ་རྟག་པ་ཉིད་ཀྱིས་ཐོག་མ་མེད་པའི་དུས་པར་རྟོག་པ་ཡོད་པ་དེ་དག་ཡོངསུ་སྤང་བའི་ཕྱིར་འདྲ་བའི་གནས་ཞེས་བྱ་བ་སྨོས་སོ།། འབྲས་བུ་དག་དང་འདྲ་ན་གནས་ཡིན་ཞེས ་བྱེ་བའི་དོན་ཏེ། ཇི་ལྟར་འབྲས་བུ་སྐྱེ་བ་དང་འབྲེལ་པ་དེ་ཁོ་ན་བཞིན་དུ་རྒྱུ་གང་ཞིག་སྐྱེ་བ་དང་འཇིག་པ་དང་ལྡན་པ་དེ་ནི་འབྲས་བུ་དང་འདྲ་བར་དགོངས་པ་ཡིན།། དེ་བཞིན་དུ་སྨྲ་བ་གང་དག་ཁ་ཅིག་རྒྱུ་རྟག་པ་ལས་ཀྱང་འབྲས་བུ་སྐྱེ་ལ། རྒྱུ ་ནི་བྱེད་པ་དང་ལྡན་པ་ཉིད་དུ་རྟོག་པར་བྱེད་པ་ཡོད་དེ། དཔེར་ན་བྱེ་བྲག་པ་དག་ལྟ་བུའི།། དེ་དགག་པའི་ཕྱིར་དེ་ཡོད་པས་ན་ཞེས་བྱ་བ་སྨོས་ཏེ། བྱེད་པ་མེད་པ་ཁོ་ནར་ཡོང་པོ་ཙམ་གྱིས་རྒྱུ་ཡིནོ་ཞེས་བྱ་བའི་ཐ་ཚི་གོ། འདིར་ཡང་དེ་ཁོ་ན ་ཡོད་པས་ཞེས་བྱ་བ་དང་དེ་ཡོད་པ་ཁོ་ནས་ཤེས། གཉི་གར་ངེས་པར་གཟུང་བར་བྱ། རིག་པར་བྱ་སྟེ། གང་དག་རྒྱུ་རྟག་པ་ཡིན་ལ་བདག་ལ་སོགས་པའི་རྫས་དང་གཞན་གཙོ་བོ་ལས་འབྲས་བུ་འབྱུང་བར ་རྟོག་པར་བྱེད་པ་དེ་དག་ནི་ངེས་པར་བཟུང་བ་དང་པོས་བསལ་ཏོ།། གང་དག་ཡོད་པ་ཙམ་དང་བྱེད་པ་དང་ལྡན་པ་ཉིད་ཀྱིས་རྒྱུའི་དངོས་པོར་རྟོག་པར་བྱེད་པ་དེ་དག་ནི་ངེས་པར་གཟུང་བ་གཉིས་པསོ།། ཡང་དཔྱད་པར་བྱ་སྟེ་འདིར་གང་གི་ཚེ། ་ཀུན་ནས་ཉོན་མོངས་པའི་གནས་ཉིད་ཀྱིས་ཀུན་གཞི་རྣམ་པར་ཤེས་པར་ཐ་སྙད་གདགས་ཏེ།། ཇི་སྐད་དུ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་སྦྱོར་བ་ཞེས་འཆད་པར་འགྱུར་པ་ལྟ་བུ་ཞིག་ཡིན་ན་ནི་ཕྱོགས་དེ་ལ་ནི་ཐོག་མ་མེད་པའི ་དུས་ཀྱིས་དབྱིངས་ཞེས་བྱ་བ་ཀུན་ནས་ཉོན་མོངས་པའི་གནས་ཉིད་ཀྱིས་དབྱིངས་ཡིན་པར་དགོངས་ཏེ། དེའི་ཚེ་ནི་རྒྱུའི་རྐྱེན་ཡིན་པའི་ཕྱིར་དེ་ཡོད་པས་ནི་འགྲོ་ཀུན་དང་ཞེས་བྱའོ།། རྣམ་པར་བྱང་བ་ལས་བལྟོས་ན་ནི་ཀུན་ནས་ཉོན་མོངས་པའི ་བོན་དེ། བདག་པོའི་རྐྱེན་ཡིན་ཏེ་མི་མཐུན་པའི་ཕྱོགས་མེད་པར་གཉེན་པོ་མེད་པའི་ཕྱིར།། དེ་བས་ན་བདག་དེའི་རྐྱེན་ཡིན་པའི་ཕྱིར་མྱ་ངན་ལས་འདས་པའང་ཐོབ་པར་འགྱུར་ཞེས་གསུང་སོ།། གང་གི་ཚེ་ཀུན་ནས་ཉོན་མོངས་པའི་ས ་འོན་ལ་ཡང་བལྟོས་རྣམ་པར་བྱང་བ་རང་བཞིན་གྱི་རིགས་ལ་ཡང་བལྟོས་ནས་ཀུན་གཞིའི་རྣམ་པར་ཤེས་པར་ཐ་སྙད་གདགས་ཏེ།། འབོལ་འཕང་སེ་ངྒེ་རི་ང་རོའི་མདོ་ལས། རྣམ་པར་བྱང་བའི་ས་བོན་ལ་བལྟོས་ནས་སེམས་ཅན་པང ་དེ་བཞིན་གཤེགས་པའི་སྙིང་པོ་ཅ་ནོ་ཞེས་འབྱུང་བ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་དག་གིས་ལོང་སྤྱོད་རྫོགས་པའི་སྐུ་བསྡུ་སོ་ཞེས་གང་འབྱུང་བ་ལྟ་བུ ་ཞིག་ཡིན་ན་ནི་དེའི་ཕྱིར་འདི་ལྟ་བུ་ཡིན་ཏེ། ཐོག་མ་མེད་པའི་དུས་ཀྱི་དབྱིངས་ཞེས་བྱ་བ་གཉི་གའི་ས་བོན་ལས་བལྟོས་ཏེ་ཐ་སྙད་གདགསོ།། དེའི་ཚེ་ཡང་བ་དེ་འགྲོར་འགྱུར་བའི་ཀུན་ནོས་ཉོན་མོངས་པའི་ས་བོན་རྒྱུའི་རྐྱེན་ཡིན་པའི་ཕྱིར ་དང་། ཐར་པའི་ཆུ་དང་མཐུན་པ་ཐོས་པ་ལས་བྱུང་བ་ལ་སོགས་པའི་དགེ་བའི་རྩ་བ་བསགས་པ་རྣམ་པར་བྱུང་བའི་ས་བོན་འཕེལ་ཞིང་ཀུན་ནས་ཉོན་མོངས་པའི་ས་བོན་ཡིད་བསལ་བར་བྱས་ནས། སྐད་ཅིག་མ་བཅུ་གཉིས་འདུས་པོས ་ཉེ་བར་བཟུང་བའི་བདག་གི་ངོ་བོ་མངོན་པར་འགྲུབ་པའི་སྒོ་ནས་རྣམ་པར་བྱུང་བའི་ས་བོན་བདག་པོའི་རྐྱེན་ཡིན་པའི་ཕྱིར་དེ་ཡོད་པས་ན་འགྲོ་ཀུན་དང་ཞེས་བྱ་བ་གསུངས་ལ་ཀུན་ནས་ཉོན་མོངས་པ་མི་མཐུན་པའི་ཕྱོགས་ཀྱིས་ངོ་བོས་བདག ་པོའི་རྐྱེན་ཡིན་པའི་ཕྱིར་དང་། རྣམ་པར་བྱུང་བ་ས་བོན་རྒྷའི་རྐྱེན་ཡིན་པོའི་ཕྱིར། མྱ་ངན་ལས་འདས་པའང་ཐོབ་པར་འགྱུར་ཞེས་བྱ་བ་གསུངསོ།། ཡ་ན་ཀུན་ནས་ཉོན་མོངས་པའི་ས་བོན་རྩཝའི་རྐྱེན་ཡིན་པའི་ཕྱིར་དང་། རྣམ་པར་བྱུང ་པའི་ས་བོན་ཡང་རྣམ་པར་བྱང་བའི་རྒྱུའི་རྐྱེན་ཡིན་པའི་ཕྱི་རི་གོ་རིམ་བཞིན་དུ་སྐྱུར་པོ་ཉིད་དུ། དེ་ཡོད་པས་ན་འགྲོ་ཀུན་དང་། མྱ་ངན་ལོས་འདས་པའང་ཐོབ་པར་འགྱུར་ཞེས་གསུངསོ།། རྣམ་པ་གཅིག་ཏུ་རྒྱུ་རྟག་པ་དགག་པའི་ཕྱིར། ་ཐོག་མ་མེད་པའི་དུས་ཞེས་བྱ་བ་གསུངས་ཏེ། དུས་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པའི་མཚན་ཉིད།། གང་ལ་དེ་རྒྱུན་ཆགས་པར་འཇུག་པའི་སྒོ་ནས། ཐོག་མ་མེད་པ་ཡོད་པ་དེ་ནི་ཐོག་མ་མེད་པའི་དུས་ཀྱི ་དབྱིངས། གཞན་གྱིས་ཀུན་རྟགས་པའི་གཙོ་བོ་ལ་སོགས་པོ་ནི་དེ་ལྟ་བུ་མ་ཡིནོ།། ཁ་ཅིག་ནཽ་སྔོན་བྱོས་པའི་རྒྱུར་སྨྲ་བ་ཁས་ལེན་ལ། རང་གི་སྡེ་པ་ཉིད་དག་ལ་ཡང་ཁ་ཅིག་རྒྱུ་ནི་སྔ་ལ་འབྲས་བུ་ན་ཕྱི་བར་རྟོག་པར་བྱེད་དེ། འདི་གཉི་ག ་འང་རྒྱུ་དང་འབྲས་བུ་དག་སྡེ་ཕྱེ་ཡོད་པ་ཉིད་དུ་མངོན་པར་ཞེན་ཏེ།། འདས་པ་དང་མ་འོངས་པའི་ལྟ་བ་ངན་པ་དེ་དག་བསལ་བའི་ཕྱིར་ཆོས་རྣམས་ཀུན་གྱི་འདྲ་བའི་གནས་ཞེས་བྱ་བ་གསུངས།། དུས་མཉམ་པའི་གོནས་ནི་འདྲ་བའི་གནས ་ཏེ། འབྲས་བུ་དང་དུས་མཉམ་དུ་རྒྱུ་ཡོད་པ་ཞེས་བྱ་བའི་དོན་ཡིན་ན། དེ་ལ་ཡང་ངེས་པར་མི་ཟིན་ཏེ། ལ་ལས་རྒྱུ་དང་འབྲས་བུའི་དངོས་པོ་དུས་ཐ་དད་པ་ཡང་ཁས་བླངས་པོའི་ཕྱིརརོ།། ཆད་པར་སྨྲ་བ་གང་དག་ཁ་ཅིག་འདི་སྐད་དུ ་འདི་ཉིད་དུ་བདག་འདི་འཆད་པར་འགྱུརརོ་ཞེས་ཟེར་བ་ཡོད་པས་དེ་དགག་པའི་ཕྱིར། དེ་ཡོད་པས་ན་འགྲོ་ཀུན་དང་ཞེས་བྱ་བ་གསུངས་ཏེ། དེ་ཡོད་པས་འགྲོ་བ་ཐམས་ཅད་དུ་འཕོ་བར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། རྟག་པ་སྨྲ་བ་གང ་དག་ཁ་ཅིག་འཁོར་བའི་བཙོན་ར་པའི་བདག་ནི་རྟག་པ་ཉིད་དུ་རྟོག་པར་བྱེད་པོ་ཡོད་པས་དེ་དགག་པའི་ཕྱིར། མྱ་ངན་ལས་འདས་པའང་ཐོབ་པར་འགྱུར་ཞེས་བྱ་བ་གསུང་སོ།། ཡང་ན་ཤེས་བྱའི་གནས་དཔྱད་པས་ཀུན་གཞི ་རྣམ་པར་ཤེས་པའི་སྒྲ་དཔྱོད་པར་མཛད་པ་ཡིན་ཞེས་བཤད་པ་ཤེས་བྱའི་གནས་དེ་ནི་རང་གི་ངོ་བོས་ཤེས་བྱའི་མཚན་ཉིད་རྣམ་པ་གསུམ་གྱི་གནས་ཡིན་ལ། དེ་ཡང་ཚིགསུ་བཅད་པས་སྟོན་ཏོ།། ཐོག་མ་མེད་པ་དུས་ཀྱི་དབྱིངས་ཞེས་བྱ་བ ་ནི་རང་གི་ངོ་བོའོ།། ཆོས་རྣམས་ཀུན་གྱི་འདྲ་བའི་གནས་ཞེས་བྱ་བ་ནི། གཞོན་གྱི་དབང་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་གནས་ཡིན་པའོ།། དེ་ཡོད་པས་ན་འགྲོ་ཀུན་དང་ཞེས་བྱ་བ་ནི་བརྟགས་པའི་བདག་ཉིད། ཀུན་ནས་ཉོན་མོངས ་པའི་ཆས་ཀུན་བརྟགས་པ་ཉིད་དོ་ཞེས་འཆད་པར་ཡང་འགྱུ་རོ།། མྱ་ངན་འདས་པའང་ཐོབ་པར་འགྱུར་ཞེས་བྱ་བ་ནི་ཡོངསུ་གྲུབ་པའི་རྟེན་ཉིད་དེ། རྣམ་པར་བྱང་བའི་ཆེས་ཡོངསུ་གྲུབ་པ་ཉིད་ཞེས་འཆད་པར་ཡང་འགྱུརརོ།། ཆོས་ཀུན་ས་བོན་ཐམས ་ཅད་པ་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་ཀྱི་ཐེག་པ་ལས་གྲགས་པ་ཀུན་གཞི་ལ་ཀུན་ཏུ་དགའ་བ་ཞེས་བྱ་བ་འདི་ཉིད་སྦྱར་བར་བྱ་བ་མ་ཡིན་ནམ་ཞེ་ནོ།། འདི་ལས་རྣམ་པར་ཤེས་པ་སྨོས་པ་མི་འབྱུང་ལ་སྔར་ནི་རྣམ་པར་ཤེས་པ་དྲིས་ཏེ། དེ་ལྟ ་བས་ན་གང་ལོས་རྣམ་པར་ཤེས་པ་སྨོས་པ་འབྱུང་བ་དེ་ཉིད་ཉེ་བར་སྦྱརོ།། དེ་ལྟར་ན་འོ་ན་དགེ་འདུན་ཕལ་ཚོན་སྡེ་ལས་གྲོགས་པོ་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་ཉེ་བར་སྦྱར་བར་བྱ་བ་ཡིནོ་ཞེ་ན། དེ་ལས་ཀྱང་ཀུན་གཞི་སྨོས་པ་མི ་འབྱུང་ལ་སྔར་ནི་ཀུན་གཞི་དྲིས་ཏེ། དེ་ལྟ་བས་ན་གང་ལས་གཉི་ག་འབྱུང་བ་དེ་ཁོ་ན་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པར་བཤད།། ཆོས་ཀུན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱིའོ།། གྲངས་ཅན་གྱིས་བརྟགས་པ་གཙོ་བོ་ལ ་སོགས་པ་ཡང་དེ་ལྟ་བུ་ཡིན་པས་དེ་རྣམ་པར་བཅད་པའི་ཕྱིར། རྣམ་པར་ཤེས་པ་ཞེས་བྱ་བར་གསུངསོ།། འདི་དག་གི་གནསུ་འགྱུར་བ་ན་རྟེན་དང་། བརྟེན་པ་ཉིད་ཀྱི་གནསུ་འགྱུར་རམ་ཞེ་ན། ས་བོན་ཐམས་ཅད ་བའི་ཞེས་བྱ་བ་གསུངས་ཏེ། རྒྱུ་ཉིད་ཀྱི་གནསུ་འགྱུརརོ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་རྣམ་པར་ཤེས་པ་ཡིན་ན་འདིའི་དམིགས་པ་ཅི་ཞིག་ཡིན་ཞེ་ན། ས་བོན་དང་མིག་ལ་སོགས་པ་དང་ཡུལ་གཟུགས་ལ་སོགས་པའོ།། ས་བོན་དེ་ཡང་རྣམ་པ་གཉི ་ཏེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ས་བོན་ཡོངསུ་སྨིན་པ་དང་ཡོངསུ་མ་སྨིན་པའོ།། ས་བོན་རྣམ་པ་དེ་དག་གཉི་ག་ཡང་ཁམས་གསུམ་ན་འདིའི་དམིགས་པ་ཡིན།། མིག་ལ་སོགས་པ་དང་། གཟུགས་ལ་སོགས་པ་ནི་འདོད་པ་དང ་གཟུགས་ཀྱི་ཁམས་ཁོ་ནའོ།། མིག་ལ་སོགས་པ་ཞེས་བྱ་བ་ལ་ཡང་མིག་ལ་སོགས་པ་གང་དག་ཡིན་ཞེ་ན་མིག་ལ་སོགས་པའི་ས་བོན་ཡོངསུ་མ་སྨིན་པ་འཁོར་པ་ཐོག་མ་མེད་པ་ནས་གནས་པ་གང་གི་ཚེ་ཡོངསུ་སྨིན་པར་གྱུར་པ་དེའི་ཚེ་མིག ་ལ་སོགས་པ་ཞེས་བྱའོ།། ཡང་ཇི་ལྟར་ཡོངསུ་སྨིན་པར་འགྱུར་ཞེ་ན། མིག་ལ་སོགས་པ་འགྲུབ་པར་འགྱུར་བའི་ལས་སྲིད་པའི་ཡན་ལག་གི་བག་ཆགས་དང་། མིག་མིག་ཅེས་བྱ་བ་ནས་ལུས་ལུས་ཞེས་བྱ་བའི་བར་གྱི་མངོན་པར་བརྗོད་པའི ་བག་ཆགས་ལ་ཡང་བརྟེན་ནས་གང་གི་ཚེ་གཟུགས་ཅན་གྱི་ཁམསུ་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་བདག་པོའི་རྐྱེན་གྱི་དངོས་པོར་ཡོངསུ་གྱུར་པ་དེའི་ཚེ་ཡོང་སུ་སྨིན་པ་ཞེས་བྱའོ།། ཡང་དེ་ལྟར་ས་བོན་ཡོངསུ་སྨིན་པ་རྣམས་མིག ་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ལ་ཁྱད་པར་ཅི་ཞིག་བྱེད་ཅེ་ན། རེ་ཞིག་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ས་བོན་ལས་མིག་གི་རྣམ་པར་ཤེས་ལྔ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ངོ་བོ་སྐྱེ་བ་ལ་མིག་ཡོངསུ ་སྨིན་པ་སྒྲ་ལ་སོགས་པའི་ཡུལ་ལ་ལྡོག་པས་རང་གི་ཡུལ་ལོ་འཇུག་པའི་ཁྱད་པར་བྱེད།། ཡང་མཐོང་བར་འགྱུར་བའི་སྲིད་པའི་ཡན་ལག་གི་བག་ཆགས་མིག་གི་ས་བོན་ལ་ཅི་ཞིག་བྱེད་ན་ཡོངསུ་སྨིན་པར་བྱེད་ཅེས་བྱ་ཞེསཿ། བདེ་འགྲོ ་དང་ངན་འགྲེའི་ངོ་བོར་བྱེད་པ་ལ་དེ་སྐད་ཅེས་བྱའོ།། མིག་མིག་ཅེས་མངོན་པར་བརྗོད་པའི་བག་ཆགས་ཀྱི་མཐུ་ལས་ནི་ཅི་ནས་ཀྱང་མིག་མིག་ཅེས་ཐ་སྙད་འདོགས་པའི་རྒྱུར་འགྱུར་བ་དེ་ལྟར་མིག་གི་ས་བོན་ཡོངསུ་འགྱུརརོ།། མིག་གི་རྣམ ་པར་ཤེས་པ་ནི། མིགོ་གི་རྣམ་པར་ཤེས་པ་མཽག་གི་རྣམ་པར་ཤེས་པ་ཞེས་མངོན་པར་བརྗོད་པའི་བག་ཆགས་ཀྱི་ཁྱད་པར་དེ་དང་། གཟུགས་གཟུགས་ཤས་མངོན་པར་བརྗོད་པའི་བག་ཆགས་ཀྱི་ཁྱད་པར་དེ་ལས་ཇི་ལྟ་ཇི་ལྟར་འཛིན་པར ་མངོན་པར་ཞེན་པ་དང་། གཟུང་བའི་མངོན་པར་ཞེན་པའི་རྒྱུར་འགྱུར་བ་དེ་ལྟ་དེ་ལྟར་ཡོང་སུ་འགྱུར་བར་འགྱུར་ཏེ། དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལ་ཡང་བསམ་པ་འདི་བྱའོ།། ཀུན་གཞི་རྣམ་པར་ཤེས་པའི་དམིགས ་བ་མིག་ལ་སོགས་པ་ཡིན་ཞེས་བཤད་པ་ཅི་རང་གི་རྒྱུད་དུ་གཏགས་པ་ཁོ་ན་དམིགས་སམ་ཞེ་ན། སྨྲས་པ་མ་ཡིན་ཏེ། གཞན་གྱི་རྒྱུད་དུ་གཏོགས་པ་དག་ལ་ཡང་དམིགས་ཏེ། དེ་སྐད་དུ་སེམས་ཅན་དུ་སྣང་བ་ནི་དབང་པོ་ལྔར་རང་དང་གཞ ་གྱི་རྒྱུད་དག་ལ་ཡང་ཡིན་པའོ་ཞེས་བཤད།། ཡང་ཇི་ལྟར་མིག་ལ་སོགས་པ་དམིགས་པར་འགྱུར་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་དེ་ནི་རང་གི་མིག་ལ་སོགས་པ་དང་འབྲེལ་པ་དང་། གཞན་དང་འབྲེལ་པར ་འགྱུར་བའི་ལས་ཀྱིས་གང་གིས་ན་འཁྲུལ་པ་ཅན་གྱི་རང་གི་རྒྱུད་ལ་ནི་སེམས་ཅན་གྱི་རྣམ་པར་རིག་པ་གཞན་གྱི་རྒྱུད་ལ་ནི་སེམས་ཅན་གཞན་དུ་རྣམ་པར་རིག་པའི་རྒྱུད་འགྱུར་བ་དེ་ལྟ་བུར་སོ་སོར་སྣང་བའི་ཁྱད་པར་ཅན་དུ་འགྱུརརོ།། ཁ་དོག་དང ་དབྱིབས་ཉིད་འབའ་ཞིག་དམིགས་པར་བྱས་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་དེ་དག་ལ་དམིགས་ཀྱང་དེ་དག་དང་ཐ་མི་དད་པར་གྲགས་པ་ལ་སོགས་པ་ཡང་དམིགས་པར་བྱའོ་ཞེས་སཐ་སྙད་གདག་སོ།། འོ་ན་གལ་ཏེ་གཞན་གྱི་རྒྱུད་དུ་གཏོག ་པའི་མིག་ལ་སོགས་པ་ཡང་དམིགས་པ་ཡིན་ལ། དེ་དག་ཀྱང་ནུས་པས་རབ་ཏུ་ཕྱེ་བ་ཡིན་ན་གོ། ཅིའི་ཕྱིར་རང་གི་རྒྱུད་ལས་གཞན་གྱི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བར་མི་འགྱུར་ཏེ། དམིགས་པར་བྱས་པ་མིག་ལ་སོགས་པའི ་ནུས་པ་ཡོད་པའི་ཕྱིར་ཞེ་ན། དེ་ནི་མ་ཡིན་ཏེ། ཡང་དཔེར་ན་ཡིད་ཀྱི་རྣམ་པར་ཤེས་པ་གཞན་གྱི་མིག་ལ་སོགས་པར་སྐྱེ་ལ། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུ་མ་ཡིན་པ་དང་། ཡང་དཔེར་ན་རང་གི་རྒྱུད་ལ་ཡང་ཀུན་གཞི་རྣམ་པར ་ཤེས་པའི་རྣམ་པ་མིག་ལ་སོགས་པའི་ནུས་པར་སྣང་བའི་དམིགས་པ་ལ་དེ་དང་མཚུངས་པར་ལྡན་པའི་རེག་པ་ལ་སོགས་པ་དམིགས་པ་མཚུངས་པ་ཉིད་ཀྱིས་དམིགས་ལ། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུ་ཡང་མ་ཡིན་པ་ལྟར་འདི ་ཡང་དེ་དང་འདྲ་བར་འགྱུརརོ།། ནུས་པའི་རྟེན་ཉིད་ཀྱང་གཞན་དུ་མིན་ལ་དམིགས་པའི་དངོས་པོ་ཡང་གཞན་དུ་ཡིན་ཏེ། རྟེན་ཉིད་ཀྱིས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྒྱུ་ཡིན།། འོ་ན་གལ་ཏེ་རྣམ་པར་ཤེས་པ་ཡིན་ན་འདི་ལ་སེམས ་ལས་བྱུང་བ་དག་ཀྱང་ཡོད་པར་འགྱུར་ཞེ་ན། དེ་ལྟར་ཡིན་ཏེ། རེག་པ་ལ་སོགས་པ་ལྔ་ཀུན་ཏུ་འགྲོ་བ་ཡོད་དོ།། ཅིའི་ཕྱིར་རེག་པ་ལ་སོགས་པ་ཁོ་ན་ཡིན་ཞེ་ན། ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིརརོ།། ཁ་ཅིག་ནི་རེག་པ་མུ་འོངས་པ་ཁོ་ན ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་འབྲེལ་པའི་བྱེད་པ་སེམས་ཐམས་ཅད་ལ་བྱུང་བས་ཀུན་ཏུ་འགྲོ་བ་ཉིད་ཡིན་པར་ཁས་ལེན་ཏོ།། དེ་ནི་རིགས་མ་ཡིན་ཏེ། མ་འོངས་པ་ལ་སྐྱེས་བུའི་བྱེད་པ་མེད་པའི་ཕྱིར།། དེ་ལྟ་བས་ན ་རེག་པ་ནི་ཡུལ་གྱི་ཁྱད་པར་ཕན་པ་དང་གནོད་པ་དང་། གཉི་ག་ལས་བཟློག་པའི་མཚན་ཉིད་ཁོ་ན་ལ་རེག་པ་དབང་པོ་འགྱུར་བ་བྱེད་པས་འབྱུང་བ་ཡིན་ལ། དེ་ཡང་ཕན་པ་དང་གནོད་པ་དང་། བོར་མར་གནས་པའི་ཡུལ་རྣམས་ལས་གང ་ཡང་རུང་བ་ཞག་ལ་ངེས་པར་འབྱུང་བའི་ཕྱིར་ཀུན་ཏུ་འགྲོ་བ་ཡིནོ།། ཚོར་བ་ཡང་བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལ་འབྱུང་བ་ཡུལ་ཉམསུ་མྱོང་བའི་མཚན་ཉིད་ཡོངསུ་གཅོད་པ་ཡིན་ལ། རང་རིག་པ ་ཁས་མི་ལེན་པའི་ཕྱིར་རང་ཉམ་སུ་མྱོང་བ་ཡོངསུ་པར་ནས་ཕན་པ་དང་། གནོད་པ་དོང་གཉི་ག་ལས་བཟློག་པའི་ཡུལ་ཡེངསུ་བཟུང་བའི་རྣམ་པ་ཅན་གྱི་རེག་པའི་གཟུགས་བརྙན་གྱི་ཚུལ་དུ་རྣམ་པའི་རྗེསུ་བྱེད་པ་མྱོང་བའི་མཚན་ཉིད་ཡིན་པར ་བརྗོད་དེ། དེའི་ཕྱིར་རེག་པའི་རྐྱེན་གྱི་ཚོར་བ་ཡིན་ཞེའོ།། དེ་ཡང་རིགས་པ་མ་ཡིན་ཏེ། ཚོར་བ་རེག་པའི་རྗེསུ་བྱེད་པ་ཉིད་ཀྱིས་དེ་ལ་དམིགས་པར་ཐལ་བར་དུ་འགྱུར་དུ་འོང་ངོ་།། སེམས་དང་སེམས་ལས ་བྱུང་བ་རྣམས་ནི་ཕན་ཚུན་མི་དམིགས་ཏེ། དམིགས་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིརརོ།། དེ་ལྟ་བས་ན་ཚོར་བ་ནི་རེག་པས་ཡོངསུ་བཅད་པའི་ཡུལ་གྱི་ཁྱད་པར་ཕན་པ་དང་གནོད་པ་དང་། གཉི་ག་ལས་བཟློག་པའི་མཚན་ཉིད་ཁོ་ན ་རང་གིར་བྱེད་པ་ཉམ་སུ་མྱོང་བའི་མཚན་ཉིད་ཡིན་ཏེ། རིག་པའི་རྐྱེན་ཅན་ཞེས་ཀྱང་བྱ་ལ། དེ་ཡང་རང་གིར་བྱེད་པ་མེད་ན་མི་འབྱུང་བ་ཡིན་པས་ཐམས་ཅད་དུ་འགྲོ་བ་ཉིད།། འདུ་ཤེས་ནི་གཞན་སེལ་བར་སྒྲུབ་པར་བྱེད་པ་མངོན་པར་བརྗོད་པའི ་བག་ཆགོས་ཡོངསུ་སྨིན་པ་ལས་བྱུང་བ། རང་གི་ཡུལ་ལ་ཡུལ་གཞན་སེལ་བར་བྱེད་ཅིང་འཇུག་པའོ་ཞེས་བྱ་བར་ཐམས་ཅད་ཀྱིས་ཤེས་པ་ཉིད།། ཡུལ་གཞན་སེལ་བ་ཡང་དམིགས་པར་བྱ་བའི་ཡུལ་ཐམས་ཅད་ལ་ཡོད་པས་ཀུན་ཏུ ་འགྲོ་བ་ཉིད་ཡི་ནོ།། ཡིད་ལ་བྱེད་པ་ཡཱ་བྱེ་དགྷཱ་སྨྲ་བ་རྣམས་ཀྱི་ལྟར་ན་ཆོས་ཐ~ཾད་བཞི་ཚན་དུ་ངེས་པའི་ཕྱིར་རྣམ་པར་དཤེས་པོ་ཡུལ་གཞན་དང་ཕྲལ་ནཱ་ཡུལ་གཞན་ལ་གཏོང་པ་མ་ཡིན་གྱི་འོན་ཀྱང་རང་གི་ཡུལ་ལོ་འཇུག་པ་ཙམ་ཞིག་བྱེད་པར་ཟདདོ།། རྣལ ་འབྱོལ་སྤྱོད་པ་རྣམས་ཀྱི་ལྟར་ན་ཡང་། གཟུང་བ་དང་འཛིན་པའི་ས་བོན་ལས་བྱུང་པོའི་རྣམ་པར་ཤེས་པ་ལ་བདག་པོའི་རྐྱེན་ཉིད་ཀྱིས་གཟུང་བར་སྣང་བ་ལ་གཏོང་བ་ཡིན་ཏེ། དོན་འདིས་ན་སེམས་ཀྱི་འཇུག་པ་ཞེས་བྱའོ།། དོན་འདི ་ཡང་ཐམས་ཅད་དུ་འབྱུང་བས་ཐམས་ཅད་དུ་འགྲོ་བ་ཉིད་ཡིན།། སེམས་པ་ཡང་དགེ་བ་དང་མི་དགེ་པ་དང་གཉི་ག་ལས་བཟློག་པའི་རྣམ་པར་མངོན་པར་འདུ་བྱེད་ཅིང་འབྱུང་བ་ཡིན་པས་ཐམས་ཅད་དུ་འགྲོ་བ་ཉིད་ལས་མི་འདའ།། ལུང་ཡང་། ་ཡིད་དེ་གསུམ་འདུས་པ་གང་ཡིན་པ་དེ་ནི་རེག་པའོ།། རིག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བ་དང་སེམས་དང་འདུ་ཤེས་ཡིན་པས་དབང་པོ་ཐ་མི་དད་པ་ཡིན་ལོ། དེ་ལས་བྱུང་བ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་འགྱུར་རོ།། ཞེས་བྱ་བ ་ལ་སོགས་པ་ཡིན།། ཡང་བྱེ་བྲག་ཏུ་སྨྲ་བས་འདུན་པ་ལ་སོགས་པ་ཀུན་ཏུ་འགྲོ་བ་གཞན་ལྔ་བཤད་པ་གང་ཡིན་པ་དེ་དག་ཅིའི་ཕྱིར་མི་འབྱུང་ཞེ་ན། ཡུལ་ངེས་པ་ཉིད་ཀྱིས་ཀུན་ཏུ་འགྲོ་བ་ཉིད་མེད་པའི་ཕྱིརརོ།། དེ་དག་གི་ལྟར་ན་འདུན ་པ་ནི་བྱེད་འདོད་པ་ཉིད་དེ་ཡུལ་ལ་གཏོད་པ་ཡིན་ན་དེ་ཡང་ཡིད་ལ་བྱེད་པ་ལས་མཚན་ཉིད་ཐ་དད་པ་མ་ཡིན་པས་དེ་ལྟ་བུ་ཡིན་པར་མི་བཟུང་།། དེ་ལྟ་བས་ན་བསམས་པའི་དངོས་པོ་ལ་འདོད་པ་ནི་འདུན་པ་ཡིན་ན། དེ་ཡང་མི་འདོད་པ་དང་། ་བར་མར་གནས་པའི་དམིགས་པ་དག་ལ་མི་འབྱུང་བས་ཀུན་ཏུ་འགྲོ་བ་མ་ཡིན།། མོས་པ་ནི་ལྷག་པར་མོས་པ་སྟེ། ངེས་པ་ཞེས་བྱ་བའི་དོན་ཏོ།། དེ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ཐེ་ཚོམ་ཡོད་པའི་གནས་སྐབས་ནི་ཐེ་ཚོམ ་དང་མཚུངས་པར་ལྡན་པའི་སེམས་ལ་ཡང་འབྱུང་སྟེ། ཡུལ་གཞན་ལས་ལྡོག་པའི་རྣམ་པ་ཅན་ཡིན་པར་ཡོངསུ་བཟུང་བའི་ཕྱིར།། དེ་ནི་མཚན་ཉིད་དེ་ལྟ་བུ་མ་ཡིན་ཏེ། འདུ་ཤེས་ཀྱི་བྱེད་པ་ཁོ་ནས་སྲེག་པའི་ཕྱིརརོ།། དེ་ལྟ་བྱས། ་ན་མོས་པ་ན་མོས་པ་ནི་ཐེ་ཚོམ་ལོག་པ་ངེས་པའི་དངོས་པོ་ལྔ་དེ་ཁོ་ན་བཞིན་དུ་ངེས་པར་འཛིན་པ་ཡིན་ཏོ།། དེ་བས་ན་ཀུན་ཏུ་འགྲོ་བ་མ་ཡིན།། ཏིང་འཛིན་ཡང་ཁ་ཅིག་ནི་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་སྐད་ཅིག། ་མ་གཅིག་གནས་པ་ཡིན་པར་སེམསོ།། དེ་ནི་དེ་ལྟ་ཡིན་པར་མི་བཟུང་སྟེ། སེམས་ལ་རང་གི་སྐད་ཅིག་གནས་པ་ཡོད་པའི་ཕྱིརརོ།། གཞན་དུག་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཡུལ་སོ་སོ་ལ་གྱེས་པ་ཡོངསུ་སྤོང་བས་ཡུལ་གཅིག ་ལ་སྡུད་ཅིང་འཇོག་པ་ནི་ཏིང་འཛིན་ཡིན་པར་སེམསོ།། དེ་ཡང་དེ་ལྟར་ཡིན་པར་མི་གཟུང་སྟེ། འདུ་ཤེས་ཁོ་ནས་གྲག་པའི་ཕྱིརརོ།། དེ་ལྟ་བས་ན་ཏིང་འཛིན་ནི་བརྟག་པར་བྱ་བའི་ཡུལ་ཁོ་ན་སྐད་ཅིག་མ་ཅིག་དང་། གཉིས་དང་གསུམ་ལ་སོགས ་པའི་རྒྱུན་འཇུག་པ་ཉིད་ཀྱིས་སེམས་རྩེ་གཅིག་པ་ཉིད་ཀྱི་རྒྱུ་ཡིན་པར་ཁས་བླངས་ལ། དེ་ཡང་བརྟག་པར་བྱ་བ་མ་ཡིན་པའི་ཡུལ་ལ་རྒྱུན་དང་བྲལ་བའི་གནས་སྐབས་ན་མི་འབྱུང་བས་ཀུན་ཏུ་འགྲོ་བ་མ་ཡིན།། དྲན་པ་ནི་བྱེ་བྲག་ཏུ་སྨྲ་བ་རྣམ ་ཀྱི་ལྟར་ན་སེམས་ཀྱི་མངོན་པར་བརྗོད་པ་ཉིད་དེ། དེ་ཡང་ཡུལ་བསལ་བར་བྱེད་པའམ། མཚན་མར་འཛིན་པ་ཅིག་ཡིན་གྲང་ན། གཉི་ག་ལྟར་ན་ཡང་ཤེས་རབ་དང་འདུ་ཤེས་དག་གི་དོན་སྲེག་པའི་ཕྱིར་དོ་ན་ཡང་དག་པ་མ་ཡིན་ནོ།། ། ་དེ་བས་ན་དྲན་པ་ནི་ཡུལ་འདྲིས་པ་ལ་ངའི་རྗེ་སུ་འགྲོ་བའི་སེམས་ཀྱི་མངོན་པར་བརྗོད་པ་ཡིན་ལ། དེ་ཡང་མ་འདྲིས་པ་ལ་མེད་པས་ཀུན་ཏུ་འགྲོ་བ་མ་ཡིན།། དེ་ལྟ་ན་ཡང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་མི་འགྱུར་ཏེ། མཐོང ་བའི་ལམ་ལ་དེ་བཞིན་ཉིད་སྔོན་ཉམ་སུ་མ་མྱོང་བའི་ཕྱིརརོ་ཞེ་ན། དེ་ནི་ཉེས་པ་མེད། སྐད་ཅིག་མ་དང་པོ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་མ་ཡིནོ།། གཉིས་ལ་སོགས་པ་ལ་ནི་ཡོད།། དེའི་ཚེ་ནི་དེ་བཞིན་ཉིད་སྔར་ཉམསུ ་མྱོང་བ་ཉིད།། མཐོང་བའི་ལམ་ལ་བྱང་ཆུབོ་ཀྱི་ཡན་ལག་བདུན་ཞེས་བཤད་པ་ནི་རྒྱུན་ལས་དགོངས་པ་ཡིན་གྱི། སྐད་ཅི་གོ་མ་ནི་མ་ཡིན་པས་འགལ་བ་མེད།། ཡང་ན་སྦྱོར་བའི་དུས་ན་དེ་བཞིན་ཉིད་སྤྱིའི་རྣམ་པ་ཉམ་སུ་མྱང་བས་སྐད་ཅིག། ་མོ་དང་པོ་ལ་ཡང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མི་འགལོ།། ཤེས་རབ་ཀྱང་བྱེ་བྲག་ཏུ་སླུ་བ་རྣམས་ཀྱི་ལྟར་ན་ཆེས་རབ་ཏུ་རྣམ་པར་འབྱེད་པ་ཡིན།། རབ་ཏུ་འབྱེད་པ་ཡང་གལ་ཏེ་ཡུལ་ཡོངསུ་གཅོད་པ་ཙམ་ཞིག་ཡིན་ན་དེ་ནི་སེམས ་དང་སེམས་ལས་བྱུང་བ་ཐམས་ཅད་ལ་མཚུང་སོ།། དེ་ལྟ་བས་ན་ཤེས་རང་ནི་ཉེ་བར་བརྟག་པར་བྱ་བ་ཁོ་ན་ལ་རིགས་པ་དང་རིགས་པ་མ་ཡིན་པ་ད་གཉི་ག་ལས་བཟློག་པོའི་མཚན་ཉིད་ཀྱི་རབ་ཏུ་རྣམ་པར་འབྱེད་པ་ཡིན་ཏེ། དེ་བས་ན་ཤེས་རབ་ནི། ་ཀུན་ཏུ་འགྲོ་བ་མ་ཡིན།། དེ་ཉིད་ཀྱི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་ཉེ་བར་གནས་པ་ལས་བྱུང་བ་རྣམས་ལ་ཤེས་རབ་མི་སྲིད་དེ། དེ་དག་ཡོངསུ་རྟོག་པར་མི་ནུས་པའི་ཕྱིར།། མཚུངས་པ་དེ་མ་ཐག་པ་ཡིད་ཀྱི་རྣམ་པར་ཤེ ་པས་འཕངས་པ་རྣམས་ནི་ཡོད་དོ།། ཀུན་ཏུ་འགྲོ་བ་མ་ཡིན་པ་དེ་དག་ཀྱང་རྣམ་པར་ཤེས་པ་གསལ་བ་དང་མཚུངས་པར་ལྡན་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མི་གསལ་བ་དང་ལྷན་ཅིག་མཚུངས་པར་མི་ལྡན།། འཕེན་པར་བྱེད་པའི ་ལས་ཀྱི་རྣམ་པར་སྨིན་པ་ཀུན་གཞི་རྣམ་པར་ཤེས་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཅན་དང་དད་པ་ལ་སོགས་དགེ་བ་རྣམས་ཀྱང་མི་སྲིད། ་གཉིད་ལ་སོགས་པ་མ་ངེས་པ་གཞན་བཞི་པོ་གང་དག་ཡིན་པ་དེ་དག་ཡང་མཚུངས་པར་མི་ལྡན་ཏེ། རེ་ཞིག་གཉིད་ནི་ཉེ་བའི་ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཏི་མུག་གི་ཁྱད་པར་འགའ་ཁོ་ན་ལ་གདགས་ཏེ། མི་གསལ ་པའི་ངོ་བོ་ཉིད་ཀྱིས་སེམས་མངོན་པར་སྡུད་པར་བྱེད་པའི་ཕྱིར།། དགེ་བ་དང་ལུང་དུ་མ་བསྟན་པའི་གནས་སྐབས་ཀྱི་གང་ཡིན་པ་དེ་ཡང་ཤེས་རབ་ཀྱི་རྫུས་མ་ངེས་པ་གཉི་གའོ་གནས་སྐབསུ་འབྱུང་བ་ལ་གདགས་ཏེ། མ་ངེས་པ ་ཉིད་ཀྱི་ཕྱིར་དང་གསལ་བ་ཉིད་དུ་འབྱུང་བའི་ཕྱིརརོ།། འགྱོད་པ་ཡང་རྟོག་པའི་རྣམ་པར་ཡིད་ལ་བཅགས་པ་འདྲེན་པའི་ཕྱིར་ཤེས་རབ་ཁོ་ན་ལ་གང་གིསོ།། རྟོག་པ་དང་དཔྱོད་པ་དག་ཀྱང་རྟོག་པའི་རྣམ་པར་ཞུགས་པ་ཡིན་པས་དེ་དག ་ཀྱང་ཤེས་རབ་ཁོ་ན་ལ་གདགསོ།། ཤེས་རབ་དང་མ་རིག་པ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྗོན་པ་མ་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དང་ཀུན་ཏུ་འགྲོ་བ་མ་ཡིན་པའི་ཕྱིར།། རྟོག་པ་དང་དཔྱོད་པ་དག ་སེམས་པ་ལ་གདགས་པ་དེ་དག་ཀྱང་ཐམས་ཅད་ལ་མ་ཡིན་གྱི། ཚོལ་ཞིང་སོ་སོར་རྟོག་པའི་རྣམ་པ་ཅན་ལ་ཡིན་ན་སེམས་པ་དེ་ལྟ་བུ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། མི་གསལ་བའི་ཕྱིརརོ།། སྤྲོས་པ ་བཏང་ལ་དཀྱུས་མ་ཁོ་ན་བརྗོད་པར་བྱ་སྟེ། ཡང་ན་ཆོས་རྣམས་ཀྱི་ཀུན་གཞི་ནི་ཞེས་བྱ་བ་འདི་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཏེ། འབྲས་བུའི་གནས་སྐབས་རྣམ་པར་སྨིན་པ་གང་ཡིན་པ་དང་། རྒྱུའི་གནས་སྐབས་རྣམ་པར་སྨིན་པ་གང ་ཡིན་པ་སྟེ། རྣམ་པར་སྨིན་པའི་དབང་དུ་མ་ནས་ཆོས་རྣམས་ཀུན་གྱི་ཀུན་གཞི་ནི་ཞེས་བྱ་བ་གསུང་སོ།། རྣམ་པར་མ་སྨིན་པའི་དབང་དུ་མཛད་ནས། ས་བོན་ཀུན་པའི་ཞེས་བྱ་བ་གསུངསོ།། གཉི་གའི་དབང་དུ་མཛད་ནས། དེ་བས་ཀུན་གཞི་རྣམ ་བུར་ཤེས་ཏེ་ཞེས་བྱ་བ་གསུང་སོ།། དེ་ལ་དམིགས་པར་གྱུར་པ་མིག་ལ་སོགས་པ་དང་།། གཟུགས་ལ་སོགས་པ་གང་དག་ཡིན་པ་དེ་དགྲ་ནི་དེའི་སོ་སོར་སྣང་བའི་ངོ་བོ་ཡིན་པོ་ཉིད་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་དེ་རྟེན་ཉིད་ཀྱིས་ཀུན་གཞི ་ཡིན།། རང་དང་མཚུངས་པར་ལྡན་པའི་ཚེར་བ་ལ་སོགས་པ་དང་། རྣམ་པར་ཤེས་པ་བདུན་གྱི་ཚོགས་རྣམས་ཀྱི་ནི་དེ་ལ་རག་ལས་ཏེ་སྐྱེ་བ་ཉིད་ཀྱི་ཕྱིར་ཀུན་གཞི་ཡིནོ།། སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲས་བུའི་དངོས་པོར ་དེར་སྦྱོར་བའམ་ཞེས་བྱ་བ་ནི། ཕལ་ཆེ་དེའི་ཕྱིར་དེ་སྐད་བརྗོད། སེམས་ཅན་གྱི་ཕྱི་མས་ནི་ཕལ་ཆེར་ཀུན་ནས་ཉོན་མོངས་པར་འགྱུར།། ཁ་ཅིག་ཀུནྡ་ནས་ཉོན་མོངས་པར་མི་འགྱུར་བ་ནི་མི་སློབ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ས་བརྒྱད ་པ་ལ་གནས་པ་ལ་སོགས་པ་རྣམས་ཏེ། དེ་དག་གིས་ཀུན་གཞི་རྣམ་པར་ཤེས་པ་གྱུར་པ་དེ་རྣམ་པར་བྱང་བའི་ཆོས་ཀྱི་རྟེན་དུ་མི་འགྱུར་བ་ནི་མ་ཡིན།། གང་ཡང་ཀུན་ནས་ཉོན་མོངས་པའི་གནས་སྐབས་ན་རང་བཞིན་དུ་གནས་པའི་རིག་དང་ཡོད ་དག་པར་བསྒྲུབས་པ་དེ་ཡང་རྣམ་པར་བྱང་བའི་ཚེས་ཀྱི་རྒྱུ་ཉིད་ཡིན་ཡང་ཀུན་གཞི་ཉིད་དུ་ནི་མི་འདོད་དེ། གནས་སྐབས་དེ་ན་གཙོ་བོ་མ་ཡིན་པའི་ཕྱིར་དང་རྫ་སུ་མེད་པའི་ཕྱིར།། གང་གི་ཕྱིར་ཀུན་གཞི་ཞེས ་བྱ་བའི་ཐ་སྙད་བྱེ་བྲག་མེད་པའི་རྒྱུའི་དངོས་པོ་ཙོམ་ལ་གཏགས་པར་སྣང་བ་དེའི་ཚེ་ནི་ཡོང་སུ་གྱུར་པ་ལ་ཡང་བྱ་བ་ཉིད་དེ། ཡེངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཇི་སྐད་དུ། ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣ ་པོར་ཤེས་པ་དག་གིས་ལོངས་སྤྱོད་རྫོགས་པའི་སྐུ་བསྡུསོ་ཞེས་བྱུང་བ་ལྟ་བུའོ།། འདིར་ཡང་གལ་ཏེ་གཞན་དག་དེར་སྦྱོརོ་ཞེའམ། དེ་གཞན་དུ་སྦྱོ་རོ་ཞེས་བྱས་ཀྱང་རུང་། གཉི་ག་ལྟར་ན་ཡང་ཀུན་གཞི་ནི་རྒྱུའི་ངོ་གོ་ཁོ་ན་ཡིན་ཏེ། སྒྲ ་འཇུག་པའི་རྒྱུ་མཚན་ངེས་པའི་ཚིག་གིས་བྱས་པ་ཐ་སྙད་པར་ཟད་དོ།། འཇུག་པའི་རྣམ་པར་ངེས་པ་དག་དང་། ལྷན་ཅིག་ཕན་ཚུན་རྒྱུ་དང་འབྲས་བུའི་ངོ་བོ་ཡིན་པ་ནི་རྐྱེན་རྣམ་པར་བཞག་པར་དཔྱོད་པར་འགྱུར་རོ།། སེམས་ཅན་རྣམས་དེའི ་བདག་ཉིད་དུ་སྦྱོར་བས་ཞེས་བྱ་བ་ནི་གནས་པ་སྟེ། སེམས་ཅན་རྣམས་ནི་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོར་གནས།། ཇི་ལྟར་ཞེ་ན། བདག་ཉིད་དུ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ཡིན་པའི་ཕྱིར།། དེ་ནི་སེམས་ཅན་རྣམས་ཀྱི་བདག ་ཉིད་ཡིན་ཏེ། བདག་ཉིད་ཤིན་ཏུ་དུལ་བ་ཡིས་ཞེས་འབྱུང་བའི་ཕྱིར།། གཞན་འཇུག་པའི་རྣམ་པར་ཤེས་པ་ལ་ནི་བདག་ཅེས་ཉེ་བར་མི་འདོགས་ཏེ། སྐབས་སྐབས་རྒྱུན་འཆད་པས་བདག་དང་ཆོས་མི་མཐུན་པའི་ཕྱིརརོ།། རྣམ་པར་གཅིག་ཏུ ་ན་སེམས་ཅན་རྣམས་དྲིའི་བདག་ཉིད་དུ་སྦྱོར་བས་ཞེས་བྱ་བ་ནི། ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་འཇིག་ཚོགས་ལ་ལྟ་བས་དམིགས་པ་ཡིན།། རྣམ་པ་གང་དུ་ཞེ་ན། བདག་ཉིད་དུ་སྟེ། བདག་གི་རྣམ་པ་ཞེས་བྱ་བའི ་ཚིག་གོ།། འཇུག་པའི་རྣམ་པར་ཤེས་པོ་གཞན་དང་གཞན་དག་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཁང་སུ་མ་གཏོགས་པ་མ་ཡིན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འཇིག་ཚོགས་ལྔ་ལྟ་བ་རྣམ་པ་ཉི་ཤུས་བདག ་ཏུ་དམིགས་པ་མ་ཡིན་ནམ། དེ་དག་ཀྱང་ཀུན་གཞི་ཡིན་པར་འགྱུརརོ་ཞེ་ན། ཕལ་ཆེར་དམིགས་པ་ལ་ཀུན་གཞིར་དགོངས་པ་ཡིན་ན་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འཇིག་ཚེགས་ལ་ལྟ་བ་ནི་ཕལ་ཆེར་དམིགས་པ་མ ་ཡིན་ཏེ། དུས་དཔག་ཏུ་ཡོད་པ་ཞིག་ཏུ་ཀུན་ཏུ་འབྱུང་བའི་ཕྱིར།། ཡང་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ལ་ཇི་ལྟར་དམིགས་ཤེ་ན། དེའི་དབང་གིས་བདག་གི་རྣམ་པར་སྐྱེ་བའི་སྒོ་ནས་ཡིན་གྱི། རང་གི་ངོ་བོ་འཛེག་པའི ་སྒོ་ནས་ནི་མ་ཡིན།། ཡང་འདིར་གང་དག་འདི་སྐད་དུ་མིག་ལ་སོགས་པ་ནི་ཀུན་གཞིའི་ངོ་བོ་ཉིད་མ་ཡིན་ཏེ། དབང་པོ་ཡིན་པའི་ཕྱིར་ཡིད་ཀྱི་དབང་པོ་བཞིནོ།། ཞེས་ཟེར་བ་དེ་ནི་ཀུན་གཞིའི་ངོ་བོ་ཉིད་མ་ཡིན་པ་ཡིད་ཀྱི་དབང་པོ་དང་དེའི་ངོ་བོ་ཉིད ་ཡིན་པ་སྲོག་གི་དབང་པོས་མ་ངེས་པ་ཡིནོ།། མིག་ལ་སོགས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པར་ཤེས་པ་གྲགས་པའི་རྟེན་ཡིན་པའི་ཕྱིར་ཡིད་ཀྱི་དབང་པོ་བཞི་ནོ་ཞེས་ཀྱང་བརྗོད་པར་ནི་ནུས།། དགོངས་པ་ངེས་པར་འགྲེལ ་པའི་མདོ་ལས་ཞེས་བྱ་བ་ལ་དགོངས་པ་ནི་ལྡེམ་པོར་དགོངས་པའོ།། དེ་ལ་ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་བསྟན་པ་གང་ཡིན་པ་དེ་ནི་དེ་ལས་གཟུགས་ལ་སོགས་པ་བརྟགས་པ་ཡིན་པར་ལྡེམ་པོར ་དགོངས་པ་མ་བཀྲོལ།། གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བརྒྱད་བསྟན་པ་དེ་ཡང་། འདི་ནི་ཀུན་བརྟགས་པ་དགག་པ་ལྷུར་མཛད་པ་ཡིནོ།། ཞེས་བྱ་བར་ལྡེམ་པོར་དགོངས་པ་མ་བཀྲོལ།། འདི་ལས་ནི་ལྡེམ་པོར ་དགོངས་པ་བཀྲོལ་བས་ན་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱའོ།། དེ་ལ་ཟབ་པ་ནི་རྣམ་པར་སྨིན་པ་གང་ཡིན་པ་སྟེ། འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་གཏོང་དཔག་པར་མི་ནུས་པའི་ཕྱིར།། ཕྲ་བ་ནི་ས་བོན་གྱི་གནས་སྐབས ་གང་ཡིན་པ་སྟེ། རྫསུ་མེད་པས་དེ་ཉིད་དང་གཞན་ཉིད་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་བརྟག་པར་དཀའ་བའི་ཕྱིར།། རྣམ་པ་གཅིག་ཏུ་ན་ཐོས་པ་ལས་བྱུང་བ་དང་བསམ་པ་ལས་བྱུང་བ་དང་། སྐྱེས་ནས་ཐོབ་པའི་ཤེས ་པ་དག་གིས་མངོན་སུམ་དུ་མ་བྱས་པའི་ཕྱིར་ཟབ་པའོ།། འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བའི་མངོན་སུམ་མ་ཡིན་པའི་ཕྱིར་ཕྲུ་བའོ།། རྣམ་པ་གཅིག་ཏུ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། སོའི་སྐྱེ་བོ་ཐམས་ཅད་ཀྱི ་ཤེས་པས་ཡོངསུ་མ་ཤེས་པའི་ཕྱིར་ཟབ་པའོ།། བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ཤེས་པས་ཤེས་པར་དཀའ་བའི་ཕྱིར་ཕྲོ་བའོ།། ས་བོན་ཐམས་ཅད་ཅེས་བྱ་བ་འདིས་ནི། གྲངས་ཅན་གྱི་སྨྲ་བ་སེལ་ཏེ། ས་བོན་རྣམས ་དང་ལྷན་ཅིག་སྐྱེ་བ་དང་འགག་པའི་ཚུལ་གྱིས་ས་བོན་བཟུང་བ་བྱས་པ་རྣམ་པར་ཤེས་པ་དེ་ས་དོན་གྱི་དངོས་པོར་འགྱུར་གྱི། གཙོ་བོ་བཞིན་དུ་གཞན་ལ་མི་བལྟོས་པ་ས་བོན་ཁོངསུ་འཛིན་པར་ནི་མ་ཡིན།། རླུང་གི་རྒྱུན་ཤུགས་དྲུག་པོ་ཆུ ་རླུཆུབས་འབྱུང་བ་དོང་མཐུན་པ་ནི་ཆུ་དེའོ།། དེ་བཞིན་དུ་ཀུན་པཞི་རྣམ་པར་ཤེས་པ་སྐད་ཅིག་མ་བརྒྱད་པ་བྲེང་ཆགས་པའི་རྒྱུན་ཡང་རཱིམྦྷ་དང་ནིག་ཅར་དག་ཏུ་འཇུག་པའི་རྣམ་པར་ཤེས་པ་བདུན་གྱི་བརྙས་འབྱུང་བ་དང་མཐུན་པའི་ཕྱིར་རྒྱུ ་འོ།། རྣམ་པ་གཅིག་ཏུ་ན་རང་གཱི་སྣེ་ག་ཁ་ཅིག་རྒྱུ་དང་འབྲས་བུ་དག་དེ་ཉིད་དང་གཞན་ཉིད་དུ་སེམས་པ་དེའི་གཉེན་པོའི་ཆུ་བོ་བཞིན་དུ་ཞེས་གསུངས་ཏེ། ཇི་ལྟར་ཀླུང་གི་ཆུ་བོ་ལ་སྟེ་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མོ་ཡིན ་རླབས་འབྱུང་བ་དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུན་གྱི་རྒྱུན་ལས་ཀྱང་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་སེམས་དང་སེམས་ལས་བྱུང་བའི་རླབས་རྣམས་འབྱུང་།། འདི་ལྟར་རྒྱུ་ལས་འབྲས་བུ་གཞན་ཉིད་དུ་ནི ་བརྗོད་པར་མི་ནུས་ཏེ། ཐམས་ཅད་ལས་ཐམས་ཅད་འབྱུང་བར་ཐལ་བར་འགྱུར་དུ་འོང་བསོ།། གཞན་མི་ཡིན་པ་ཉིད་ཀྱང་མ་ཡིན་ཏེ། གྲངས་ཅན་གྷི་སྨྲ་བར་ཐལ་བར་འགྱུར་དུ་འོང་བསོ།། བྱིས་པ་རྣམས་ལ་ཞེས་བྱ་བ་ལ། བྱིས་པ ་ནི་འདིར་ཉན་ཐོས་ཀྱི་རིགས་ཅན་གང་དག་དེའི་དུས་ཀྱི་སྐལ་པ་མེད་པ་ཀུན་གནི་རྣམ་པར་ཤེས་པའི་ལྡེམ་པོར་དགོངས་པ་ངེས་པར་འགྲེལ་པ་བསྟན་པའི་དོན་ལ་ལོག་པར་བརྟགས་པས་མ་ཐོབ་པར་ཡོངསུ་ཉམས་པའི་སྒོ་ནས་རང་གི་འདྲས ་བུ་ལས་ཡོངསུ་ཉམས་པར་འགྱུར་བ་དེ་དག་ཡིནོ།། དབང་པོ་གཟུགས་ཅན་ཐམས་ཅད་ཉེ་བར་ལེན་པར་བྱེད་པ་ཉིད་ཅེས་བྱ་བ་འདིས་ནི། ཉིང་མཚམས་སྦྱོར་བ་སྦྲེལ་བའི་འོག་རོལ་གྱི་དབང་པོ་གཟུགས ་ཅན་ཚེ་ཇི་སྲིད་པ་གང་དག་ཡིན་པ་དེ་དག་ཉེ་བར་ལེན་པ་སྟོན་ཏེ། ཉིང་མཚམ་སྦྱོར་བ་སྦྲེལ་བའི་སྐད་ཅིག་མ་ཉེ་བར་ལེན་པ་ནི་མཇུག་ཐོགས་ཀྱི་ཚིགས་སྟོན་པའི་ཕྱིརརོ།། དབང་པོ་གཟུགས་ཅན་ཐམས་ཅད་ནི་འདིར་རྟེན་དུ་གྱུར་པའི ་འབྱུང་བ་ཆེན་པོ་དག་དང་། དེ་དག་དང་ཐ་མི་དད་པར་འདུག་པ་ཡུལ་གཟུགས་ལ་སོགས་པ་དང་བཅས་པ་ལ་དགོངས་པ་ཡིན།། ལུས་ཐམས་ཅད་ཉེ་བར་ལེན་པའི་གནསུ་གྱུར་པ་ཉིད་ཅེས་བྱ་བ་འདིས་ནི་ཉིང་མཚམས་སྦྱོར་བ་སྦྲེལ ་པའི་སྐད་ཅིག་མ་ལ་ལུས་སྐྱེ་བ་རིལ་དང་འབྲེལ་པ་མིག་ལ་སོགས་པས་བསྡུས་པ་ས་བོན་གྱི་སྒོ་ནས་དང་། ལུས་ཀྱི་དབང་པོ་རང་གི་ངོ་དྲོའི་སྒོ་ནས་ཉེ་བར་ལེན་པ་སྟོན་ཏོ།། འདི་ལྟར་ཚེ་ཇི་སྲིད་པར་རྗེསུ་འཇུག་པའི་བར་དུ་དེས་དབང་པོ་གཙུ ་ཅན་དག་ཅེས་བྱ་བ་ལ་སོགས་པས་ནི་ཚིག་དང་པོའི་ཉེ་བར་ལེན་པའི་དོན་རྣམ་པར་འགྲེལ་ཏེ། འཇིག་པའི་གགསུ་བདག་གིར་བྱསོ་ཞེས་བྱ་བའི་ཐ་ཚི་གོ། ཡང་ཇི་ལྟར་མིག་ལ་སོགས་པ་བདག་གིར་བྱས་ཤ་ན། ཕན་པ་དང་གནོད ་པ་དག་གིས་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྟེན་ཉིད་དུ་སྣང་བའི་ཕྱིརརོ།། བདག་གིར་མ་བྱས་པར་སྣང་བ་གང་ཡིན་པ་དེ་ནི་མ་ཟིན་པ་ཡཱི་ཏི་དཔེར་ན་སྣོད་ཀྱི་འཇིག་རྟེན་དང་། ཤི་བའི་རོ་ལ་སོགས་པ་ལྟ་བུའོ།། དཔེར་ན་རྨི་ལམ་ན ་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ལས་ཐ་དད་པ་མ་ཡིན་ཡང་ལུས་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྟེན་དུ་སྣང་བ་གང་ཡིན་པ་དེ་ནི་ཟིན་པའོ་ཞེས་འཁྲུལ་པའི་རྐར་གྲགས་ལ། ཁང་བཟངས་ལ་སོགས་པར་སྣང་བ་གང་ཡིན་པ་དན ་མ་ཟིན་པའོ་ཞེས་གྲགས་པ་ལྟར་འདི་ལ་ཡང་ཚུལ་ནི་དེ་དང་འདྲའོ།། ཉིང་མཚམས་སྦྱོར་བ་སྤེལ་བ་ན་ཡང་ཞེས་བྱ་བ་ལ་སོགས་པས་ནི། ཚིག་གཉིས་པའི་ཉེ་བར་ལེན་པའི་དོན་རྣམ་པར་འགྲེལ་ཏེ། ཉིང་མཚམས་སྦྱོར་བ་སྦྲེལ་བ་སྒྲི་བ ་རིལ་དང་འབྲེལ་བའི་ལུས་ཀྱི་ས་བོན་དུ་གཏོགས་པ་སྟེ་མངོན་པར་བསྒྲུབས་པའི་སྒོ་ནས་ལུས་བཟུང་བ་ཡིན་ཞེས་བྱ་བའི་དོན་ཏོ།། ཡང་ཅིའི་ཕྱིར་བྱེ་བྲག་ཏུ་ཉེ་བར་ཡིན་པ་གཉིས་སྟོན་ཅེ་ན། རྩོད་པའི་ཕྱིར་ཏེ། རང་གི་སྡེ་པ་རྣམས་ཀྱི་ལྟར་ན། ་ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ།། ཉམས་དང་འཆི་འཕོ་སྐྱེ་བ་དག། ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད་ཅེས་འབྱུང་བས་ཉིད་མཚ་མོས་སྦྱོར་བའི་འོག་རོལ་ཏུ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཁོ་ན་ཉེ་བར་ལེན་པ་པོ་ཡིན་པར ་གྲག་ལ། ཉིང་མཚམས་སྦྱོར་བ་སྦྲེལ་བ་ན་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉེ་བར་ལེན་པ་པོ་ཡིན་པར་གྲགས།། དེ་གཉི་ག་ཡང་ཇི་ལྟར་མི་སྲིད་པ་དེ་བཞིན་དུ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྤྱོད་པ་ནས་སྟོན་པར་འགྱུརརོ།། དེ་ཉིད་ཀྱི་ཕྱིར་དེའོ། ་གཉེན་པོར་བྱེ་བྲག་ཏུ་ཉེ་བར་ལེན་པ་གཉིས་བསྟན་ཏོ།། དེ་ལ་དབང་པོ་གཟུགས་ཅན་ཐམས་ཅད་ཉེ་བར་ལེན་པར་བྱེད་པ་ཉིད་ནི་འདོད་པ་དང་གཟུགས་ཀྱི་ཁམས་དག་ཏུ་ཡིན་པར་རིག་པར་བྱའོ།། གཟུགས་མེད་པའི་སེམས་ཅན་རྣམས་ལ ་ཡང་དབང་པོ་གཟུགས་ཅན་ནི་སྲིད་ན། ཅིའི་ཕྱིར་འདོད་པ་དང་གཟུགས་ཀྱི་ཁམས་དག་ཏུ་ཞེས་བྱ་སྟེ། འདི་ལྟར་གཟུགས་མེད་པའི་སེམས་ཅན་རྣམས་ཀྱི་གཞལ་མེད་ཁང་དག་དང་། བཅོམ་ལྡན་འདས་ལ ་ཡང་ཆོས་མཉན་པ་དང་ལྟ་བ་དང་། རིམ་གྲོ་བྱ་བའི་ཕྱིར་འོང་བར་མདོ་གཞན་དག་ལས་འབྱུང་ཞེ་ན། ལས་ལས་སྐྱེས་པའི་དབང་པོ་གཟུགས་ཅན་ཉེ་བར་ལེན་པར་བྱེད་པ་ཉིད་ལས་བསམས་ཏེ་སྨྲས་པའི་ཕྱིར་ཉེས་པ་མེདོ།། གཟུགས་མེད་པ་ན་སྤྱོད ་པ་རྣམས་ཀྱི་མིག་ལ་སོགས་པ་ནི་ཏིང་འཛིན་ལས་སྐྱེས་པ་ཡིནོ།། འོན་ཏེ་དེ་ལྟ་ན་གོ་གཟུགས་ཅན་གྱི་ཁམས་ན་ཡང་ལྷའི་མིག་དང་རྣ་བ་ཡང་ཏིང་འཛིན་ལས་སྐྱེས་པའི་ཕྱིར་མ་ཟིན་པར་འགྱུརརོ།། དེ་ལྟ་ན་འོ་ན་ནི། འདོད་པ་དང་གཟུགས་ན་སྤྱོད་པའི ་ང་པོ་གཟུགས་ཅན་ལས་བསམས་ཏེ་སྨྲས་པས་ཉེས་པ་མེད། དེ་ན་ནི་དབང་པོ་གཟུགས་ཅན་ཡོད་པ་ཉིད་དུ་རང་གི་སྡེ་པ་རྣམས་ལ་གྲགསོ།། ཉིང་མཚམས་སྦྱོར་བ་སྦྲེལ་བ་ན་ལུས་ཐམས་ཅད་ཉེ་བར་ལེན་པའི་གན་སུ་གྱུར་པ་ཉིད་ནི་ཁམས ་གསུམ་ཆར་ན་ཡིན་པར་རིག་པར་བྱ་སྟེ། རང་གི་སྡེ་པ་ནི་ཁམས་གསུམ་ཆར་ན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནས་ཉིང་མཚམས་སྦྱོར་ཞེས་བྱ་བར་ལྡོག་པར་རྟོགས་པའི་ཕྱིརརོ།། ཐུན་མོངས་མ་ཡིན་པའི་རྣམ་གྲངས་བརྗོད་པ་རྫོག་སོ།། ། ་ཐུན་མོང་གི་དབང་དུ་མཛད་ནས། དེ་ནི་སེམས་ཞེས་ཀྱང་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་ཁྱད་པར་ནི་འདི་ཡོད་དེ་ཐེག་པ་ཆེན་པོ་ལས་ནི་རེས་འགའ་ནི་རྣམ་པོར་ཤེས་པ་བརྒྱད་ཀྱི་ཚོགས་སེམས་དང་ཡིད་དང་རྣམ་པར ་ཤེས་པ་ཞེས་བྱ་བའི་སྒྲ་སྦྱོར་ལ། རེས་འགའ་དི་སེམས་ཞེས་བྱ་བའི་སྒྲ་ནི་གཙོར་ཀུན་གཞི་རྣམ་པར་ཤེས་པ་ཁོ་ན་ལ། ཡིད་ཅེས་བྱ་བའི་སྒྲ་ནི་ཉོན་མོངས་པ་ཅན་གྱི་ཡིད་ལ་རྣམ་པར་ཤེས་པ་ཞེས་བྱ་བའི་སྒྲ་ནི་རྣམ་པར་ཤེས་པ་དྲུག་ལའོ།། ཉན ་ཐོས་ཀྱི་ཐེག་པ་ལས་ནི་སྒྲ་འདི་གསུམ་ཆར་ཡང་གཙེར་རྣམ་པར་ཤེས་པ་དྲུག་ཁོ་ན་ལ་སྦྱོར།། ཞེས་བརྗོད་ཅིང་འདི་རྣམས་ཀྱི་ངེས་པོའོ་ཚིག་དབྱེ་བ་ཡང་འདི་སྐད་དུ་བརྗོད་དེ། སོགས་པས་ན་སེམས།། རྟོགས་པས་ན་ཡིད།། རྣམ་པར་ཤེས་པས ་ནཱ་རྣམ་པར་ཤེས་པའོ།། ཡང་ན་དུས་ཀྱི་བྱེ་བྲག་ཡིན་ཏེ་མ་འོངས་པ་ནི་སེམསོ།། འདས་པ་ནི་ཡིད་དོ།། ད་ལྟར་བྱུང་བ་ནི་རྣམ་པར་ཤེས་པའོ།། ཡང་ན་བྱེད་པའི་བྱེ་བྲག་ཡིན་ཏེ། རིང་དུ་འགྲོ་བ་ནི་སེམསོ།། སྔོན་དུ་འགྲོ་བ་ནི་ཡིད་དེ་ཆོས་ཐཾད ་ནི་ཡིད་སྔོན་དུ་འགྲོ་བ་ཅནོ་ཞེས་འབྱུང་བའི་ཕྱིརརོ།། ཉིང་མཚམས་སྦྱོར་བའི་བྱེད་པའི་བྱེ་བྲག་གིས་རྣམ་པར་ཤེས་པ་སྟེ། འདུ་བྱེད་ཀྱིས་རྐྱེན་གྱིས་རྣམ་པར་ཤེས་པའོ་ཞེས་འབྱུང་བའི་ཕྱིརརོ།། ཡང་ན་བསྙེན་པའི་བྱེ་བྲག་ཡིན་ཏེ། ཁམས ་བསྟན་པར་ནི་སེམས་ཏེ། སེམས་ཀྱི་ཁམས་བདུན་ཞེས་འབྱུང་བའི་ཕྱིར།། སྐྱེ་མཆེ་དེ་བསྟན་པར་ནི་ཡིད་དེ་ཡིད་ཀྱི་སྐྱེ་མཆེད་ཙོས་འབྱུང་བའི་ཕྱི་རོ།། ཕུང་པོ་བསྟན་པར་ནི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཕུང་པོ་ཞེས་བསྟན་པའི ་ཕྱིར་རོ།། ཡང་ན་ལྡན་པ་མ་ཡིན་པའི་མཱི་གི་བྱེ་བྲག་ཡི་ནོ།། ཡང་ན་སྒྲ་ཙོམ་ཞིག་ཐ་དད་པར་ཟདོ་ཞེས་ཟེར་ཏེ། དེ་ཐམས་ཅད་ནི་རུང་བ་མ་ཡིན།། དེ་ལ་རེ་ཞིག་སོགས་པས་ན་སེམསོ་ཞེས་སྨྲས་པ་གང་ཡིན་པ། གལ་ཏེ་རང་གི་ནུས་པ་སོ། ་པ་ཡིན་ན་ནི་སེམས་ལས་བྱུང་བ་རྣམས་དང་གཟུགས་ལ་ཡང་ཐལ་བར་འགྱུརརོ།། འོན་ཏེ་འབྲས་བུ་སོགས་པསོ་ཞེ་ན། ལས་ཁོ་ན་ཡིན་པར་འགྱུར་ཏེ། ལས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་མེད་པར་མིག་སོག ་ཞེས་འཆད་པར་འགྱུར་རོ།། དེ་བཞིན་དུ་གལ་ཏེ་རྣམ་པར་ཤེས་པ་གང་ཡིན་པ་དེ་ཉིད་རྟོགས་པ་ཡིན་ཞེས་བྱ་ན་ནི་སྒྲ་ཙམ་ཞིག་ཐ་དད་པར་འགྱུར་བ་འབའ་ཞིག་ཏུ་ཟད་ཀྱི་རྒྱུ་མཚན་ནི་མ་ཡིན།། འོན་ཏེ་གཞན་ཞིག་ལ་བྱའོ་ཞེ་ན་དེ་ཡང་མ་བཤདདོ།། ། ་རྣམ་པར་ཤེས་པས་ན་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཁས་ལེན་པ་ཉིད་།། བཅོམ་ལྡན་འདས་ཀྱིས་གྲེ་སྐྱེས་ཀྱི་མདོ་ལས་གསུངས་པའི་ཕྱིར།། དེ་བཞིན་དུ་མ་འོངས་པ་ནི་སེམསོ་ཞེས་བྱ་བ་ཇི་ལྟར་ན་སེམས་ཞེས་བྱ། གལ་ཏེ་སེམས་ལས་བྱུང ་བའི་ཚོགས་བསྔགས་ནས་ད་ལྟར་གྱི་དུ་སུ་འོང་བསོ་ཞེ་ན། དེ་ན་རྣར་མི་འོང་སྟེ་མ་འོངས་པ་མེད་པའི་ཕྱིར་དང་བྱེད་པ་མེད་པའི་ཕྱིརརོ།། དེ་བཞིན་དུ་འདས་པ་ཡང་ཇི་ལྟར་ཡིད་ཡིན། གལ་ཏེ་མཚུངས་པ་དེ་མ་ཐག་པོའི་རྐྱེན་གྱི་དངོས་པོས་འབྲས་བུ ་འབྱིན་པ་དང་འཛིན་པར་ནུས་པའི་ཕྱིར་ཡིན་ལ་དེ་ཡང་ཡང་དག་པ་ཉིད་ཁོ་ནར་ཁས་ལེན་ན་ཁྱིམ་བྱ་ཤི་བ་ཡང་སྐད་འབྱིན་པར་འགྱུར་བས་དེ་ནི་རྣར་མི་འོང་སྟེ། རྣམ་པར་ཤེས་པ་ནི་ད་ལྟར་བྱུང་བ་ཡིན་པར་ཁས་ལེན་པ་ཉིད།། དེ་བཞིན་དུ་བྱེད ་པོའི་བྱེ་བྲག་ལ་ཡང་ཐག་རིང་པོ་འཛིན་པའི་ཕྱིར་སེམས་ཡིན་ན་སེམས་ལས་བྱུང་བ་དག་ལ་ཡང་ཐལ་བར་འགྱུརརོ།། ཡིད་སྔོན་དུ་འགྲོ་བ་ཞེས་བྱ་བ་འདི་ལ་ཡང་གནས་སྐབས་གང་ན་ལས་བྱེད་པ་དེའི་སྔོན་རོལ་ན་དངོསུ་ཡིད་མ་ཡིན་ཏོ།། ་འདས་པ་མེད་པའི་ཕྱིརརོ།། ཉིང་མཚམས་སྦྱོར་བ་ཡང་འཇུག་པའི་རྣམ་པར་ཤེས་པས་མི་སྲིད་ཀྱི་ཀུན་གཞི་རྣམ་པར་ཤེས་པས་ནི་སྲིད་ཞེས་སྟོན་པར་འགྱུརརོ།། དེ་བཞིན་དུ་སེམས་ཀྱི་ཁམས་བདུན་ཞེས་བྱ་བ་ཡང་སེམས་ཀྱི་སྒྲ་སྔ་མ་བཞིན་དུ ་བརྟག་མི་བཟོད།། སྐྱེ་མཆེད་བསྟན་པར་ཡང་ཡིད་ཀྱི་སྒྲ་སྐྱེ་མཆེད་དུ་མི་སྲིད་པའི་ཕྱིར་དང་འདས་པ་ཡང་མེད་པའི་ཕྱིར་དེ་བཞིན་དུ་ཕུང་པོ་བསྟན་པར་རྣམ་པར་ཤེས་པ་ཞེས་བྱ་བའི་སྒྲ་འབྱུང་བར་བརྗོད། ཕུང་པོ་ལ་སོགས་པ་ནི་གང་ཟག་གདགས ་པའི་རྒྱུ་ཡིན་ལ། གདགས་པའི་རྒྱུར་ཡང་ད་ལྟར་གྱི་རྣམ་པར་ཤེས་པ་རུ་ངོ་ཞེས་འདོན་ཏོ།། དེ་ཡང་འཐད་པ་མ་ཡིན་ཏེ། འདས་པ་ལ་སོགས་པས་ཐ་དད་པ་ལ་རྣམ་པར་ཤེས་པའི་ཕུང་པོར་འབྱུང་བའི་ཕྱིར།། གདུལ་བ་འགའ་ཞིག་ལ ་རྣམ་གྲངས་འགའ་ཞིག་གིས་ཡིད་ཆེས་པར་བྱ་བའི་ཕྱིར་དང་། སོ་སོ་ཡང་དག་པར་རིག་པ་བསྐྱེད་པའི་ཕྱིར་མིང་གི་སྒྲ་ཙམ་ཞིག་ཐ་དད་པར་ཁས་ལེན་པ་ཉིད་ཡིན་ན་རྣམ་གྲངས་ཐ་དད་པ་དེ་ཉིད་རྒྱུ་མཚོན་གང་གིས་ཡིན་པ་ནི་མ་སྨྲས་པ ་དེ་ཡང་རུང་བ་མ་ཡིན།། དེ་ལྟ་བས་ན་ཐེག་པ་ཆེན་པོ་པོ་རྣམས་ཀྱི་ཅི་ལྟ་བ་དེ་ལྟར་ན་བཟང་སྟེ། གང་གི་ཚེ་རྣམ་པར་ཤེས་པ་བརྒྱད་ཅར་གྱི་ཚོགས་ལ་བྱ་བ་དེའི་ཚེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ནི་སོགས་པས་ན་སེམས།། ཉོན་མོངས་པ་ཅན ་གྱི་ཡིད་ནི་དོན་སེམས་པས་ན་སེམསོ།། རྣམ་པར་ཤེས་པ་དྲུག་གི་ཚོགས་ནི་སྣ་ཚོགས་ལ་དམིགས་པའི་ཕྱིར་སེམས།། རྣམ་པར་ཤེས་པའི་ཚོགས་བརྒྱད་ཅར་ཡང་མཚུངས་པ་དེ་མ་ཐག་པའི་དོན་ཏམ། རྟོགས་པའི་དོན་གྱིས་གདགས་པའི ་སྒོ་ནས་ཡིད་ཡིན།། རྣམ་པར་ཤེས་པའི་ཚོགས་བརྒྱད་ཅར་ཡང་ཡུལ་སོ་སོར་རྣམ་པར་རིག་པའི་དོན་གྱིས་རྣམ་པར་ཤེས་པ་ཡིན།། གང་གི་ཚེ་གཙོར་བྱ་བ་དེའི་ཚེ་ནི་སོགས་པའི་ཕྱིར་དང་སྣ་ཚོགས་པའི་ཕྱིར་དང ་དོན་སེམས་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་སེམས་ཡིན་གྱི་གཞན་ནི་མ་ཡིན་ཏེ། རྒྱུ་གསུམ་མི་སྲིད་པའི་ཕྱིརརོ།། དུས་རྟག་ཏུ་གསལ་བའི་རྣམ་པར་རློམ་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཁོ་ན་ཡིད་ཡིན་གྱི་གསལ་བའི་ཕྱིར ་ཀུན་གཞིའི་རྣམ་པོར་ཤེས་པ་ཡང་མ་ཡིན་ལ། རྒྱུན་འཆད་པའི་ཕྱིར་རྣམ་པར་ཤེས་པ་གཞན་དག་ཀྱང་མ་ཡིན།། སྣ་ཚོགསུ་གསལ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ཁོ་ན་རྣམ་པར་ཤེས་པ་ཡིན་གྱི། མི་གསོལ་བའི། ་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཡང་མ་ཡིན་ལ། སྣ་ཚོགས་ཙོན་མ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་མ་ཡིན།། དེ་ལ་གཙུར་སེམས་ལ་བརྟེན་ན་སེམས་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་སྨོས།། ཁྱད་པར་ཉིད་དུ་ན་ཡང་ཁུངས་བཅོམ་ལྡན ་འདས་ཀྱིས་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨོ་སྟེ།། དེ་ལ་གཙོར་ནི་སེམས་ཀུན་གཞིའི་རྣམ་པར་ཤེས་བུ་ཁོ་ན་ཡིན་པར་སྟོན་པར་འགྱུར་རོ།། ཡིད་ནི་ཁྱད་པར་དུ་བསྟན་པའི་ཕྱིར། དེ་ལ་ཡིད་ནི།། ་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས།། དེ་མ་ཐག་པའི་རྐྱེན་བྱེད་པས་གནསུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་ཞར་ལ་སྤྱིར་ཡིད་ཀུན་རྫོབ་པ་དེ་སྟོན་པར་མཛད་པ་ཡིན།། འདིར་ཡང་དྲག་པོ་ཁོ་ན་ལས་འདས་མ་ཐོག་པ་གང་ཡིན་པ་དེ་གཟུང་གི་ཕན་ཚུན ་དག་ཏུ་ནི་མ་ཡིན་ཏེ། ལྷན་ཅིག་ཀྱང་འབྱུང་བའི་ཕྱིར།། དངོས་བསྟན་པའི་ཕྱིར། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་བ་སྨོསོ།། ཉོན་མོངས་བྱ་བཞི་པོ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བདག་ཉིད་དུ་འཛིན་པའི་ཕྱིར་འཇིག་ཆོས ་ལ་ལྟ་བའོ།། བདག་ཉིད་དུ་བཟུང་བ་གང་ཡིན་པ་དེས་ཁེངས་པར་འགྱུར་བའི་ཕྱིར་བའོ་སྙམ་པའི་ང་རྒྱལ།། གང་གིས་ཁེངས་པར་འགྱུར་བ་དེ་ལ་མངོན་པར་ཞེན་པོའི་ཕྱིར་བདག་ལ་ཆགས་པའོ།། དེ་དག་ཐམས་ཅད་ཀྱང་མ་རིག་པ་ལས་འགྱུར ་བས་མ་རིག་པའོ།། དེ་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་གནསོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དྲུག་ཅར་གྱི་ཡང་ཟག་པ་དང་བཅས་པ་ཉིད་ཀྱི་གནས་ཡོན་ཞེས་བྱ་བའི་ཐ་ཚིག་སྟེ། ཀུན་ནས་ཉོན་མོངས་པ་ཞེས་བྱ་བའི་སྒྲ་ནི་ཟག་པ་དང་། ་བཅས་པའི་རྣམ་གྲངས་ཡིན་པའི་ཕྱིར་སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཞི་ནོ།། དེ་ལྟར་མ་ཡིན་ནུམ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྐྱེ་བ་ཇི་ལྟར་ཀུན་ནས་ཉོན་མོངས་པ་ཡིན་པར་འགྱུར། ཡིད་ཀྱི་རྣམ་པར་ཤེས་པ་ལས་ལྟོས་ན་ནི་འཆད་པར ་འགྱུར་བ་སྐྱེད་པའི་རྐྱེན་ཉིད་ཀྱང་ཡོད་དོ།། མཚུངས་པ་དེ་མ་ཐག་པ་དང་། ཐུན་མེང་མ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་གནས་ཉིད་དང་པོར་བསྟན་ཏོ།། ཡང་ཉོན་མོངས་པ་ཅན་གྱི་ཡིད་ཇི་ལྟར་ན་ཟག་པ་དང་བཅས་པ་ཉིད་ཀྱི་རྒྱུ་ཡིན་ཞེ་ན། ་དེ་ལ་རེ་ཤིག་གང་གི་ཚེ་རྣམ་པར་ཤེས་པ་དྲུག་གི་ཚོགས་ཉོན་མོངས་ཅན་ཡིན་པ་དེའི་ཚེ་ནི་རང་མཚུངས་པར་ལྡན་པའི་ཟག་པ་དག་ཁོ་ན་དང་ལྷན་ཅིག་འབྱུང་བའི་ཕྱིར་དེ་དག་ཟག་པ་དང་བཅས་པ་ཉིད་དུ་གྲུབ་ན། གང་གི་ཚེ་ཉོན་མོངས་པ ་ཅན་མ་ཡིན་པ་དེའི་ཚེ་གོ་ཇི་ལྟར་ཡིན། ཟག་པའི་ས་བོན་དང་འབྲེལ་བའི་གནས་ལས་སྐྱེ་བའི་ཕྱིར།། ཞེས་བརྗོད་པར་ཡང་མི་ནུས་ཏེ་ལམ་གྱི་བདེན་པ་ལ་ཡང་ཐལ་བར་འགྱུར་དུ་འོངས་པསོ།། ཉོན ་མོངས་པ་ཅན་གྱི་ཡིད་ཁས་ལེན་ན་ནི་དེ་དང་མཚུངས་པར་ལྡན་པའི་ཟག་པ་དག་ཁོ་ན་དང་ལྷན་ཅིག་འབྱུང་བའི་ཕྱིར་ཟག་པ་དང་བཅས་པ་ཉིད་ཡིན།། དེ་ལྟ་ན་འོ་ན་ནི་འཇོག་པ་དང་འཇིག་རྟེན་ལས་འདས་པའི་ལམ་ལ་སྙོམས་པར་འཇུག་པའི ་གནས་སྐབས་ན་ཀུན་གཞིའི་རྣམ་པར་ཤེས་པ་ཟག་པ་དང་བཅས་པ་ཉིད་དུ་མི་འགྱུར་ཏེ། དེ་ནི་དེའི་ཚེ་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་འཇུག། ཞེ་ན། དེ་ནི་མ་ཡིན་ཏེ། དེ་ནི་ཟག་པའི་རྒྱུ་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་ཉིད་ཡིན། ་དེ་ལ་ཉོན་མོངས་པ་བཞི་དང་སྔར་བསྟན་པའི་ཀུན་ཏུ་འགྲོ་བ་ལྔ་དང་མཚུངས་པར་ལྡན་པའི་ཕྱིར་འདིའི་སེམས་ལས་བྱུང་བ་ནི་དགུ་ཁོ་ན་ཡིནོ།། ཡུལ་སོ་སོར་ངེས་པ་རྣམས་ཀྱི་ནང་ནས་རེ་ཤིག་འདུན་པ་ནི་མི་འབྱུང་།། དེ་ནི་རྣམ་གསུམ་སྟེ། ་དོན་དུ་གཉེར་བའི་འདུན་པ་དང་། འཕྲད་པའི་འདུན་པ་དང་། མི་འབྲལ་བའི་འདུན་པའོ།། རེ་ཤིག་དོན་དུ་གཉེར་བའི་འདུན་པ་ནི་མ་ཡིན་ཏེ། ཡིད་ཀྱི་ཡུལ་ནི་ཉེ་བའི་ཕྱིར།། མ་བྲལ་བར་རྣམ་པར་སྣང་བའི་ཕྱིར་འཕྲད་པའི་འདུན་པ་ཡང་མ ་ཡིན་ཏེ་འཕྲད་པའི་འདུན་པ་ནི་དངོས་པོ་ཐག་རིང་བའི་ཡུལ་ཅན་ཡིན་པསོ།། མི་འབྲལ་བའི་འདུན་པ་ཡང་མ་ཡིན་ཏེ་དེ་ནི་བྲལ་གྱིས་དོགས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ལ་ཉོན་མོངས་པ་ཅན་གྱི་ཡིད་ལ་ནི་དེ་མེད་པའི་ཕྱིར།། མོས ་པ་ཡང་མི་འབྱུང་སྟེ། ངེས་པའི་བདག་ཉིད་ཀྱི་མོས་པ་ནི་ཐེ་ཚོམ་རྣམ་པར་ཆད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དང་ཡུལ་ཉམ་སུ་མྱོང་བ་ཅན་ཡིན་པའི་ཕྱིར་ལ། ཡིད་ནི་ངོ་བོ་གཅིག་པ་ཉིད་དུ་འཇུག་པའི་ཕྱིར་ཐེ་ཚོམ་ཡང་མི་སྲིད་ལ ་ད་ལྟར་བྱུང་བའི་ཡུལ་ཅན་ཡིན་པའི་ཡང་ཕྱིར་རོ།། དྲན་པ་ཡང་ཡུལ་ཉམ་སུ་མྱོང་བ་ཅན་ཡིན་པའི་ཕྱིར་མ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ནི་སྐད་ཅིག་རེ་རེ་ལ་སྔོན་མེད་པའི་རྫས་ལ་དམིགས་པའི་ཕྱིར།། ཏི་འཛིན་ཡང་མ་ཡིན་ནོ།། ། ་ཅིའི་ཕྱིར་ཏེ་འདི་ལྟར་བརྟག་པར་བྱ་བའི་དངོས་པ་ལ་སེམས་རྩེ་གཅིག་པ་ཉིད་ཞེས་བཤད་པ། འདི་ལོ་ཡང་བརྟག་པར་བྱ་བའི་དངོས་པོ་ཡང་ཡོད་ལ་རྩེ་གཅིག་པ་ཉིད་ཀྱང་ཡང་ཡོད་དེ་ཀུན་གཞིའི་རྣམ་པར་ཤེས་པ་ལ་དམིགས་པའི་ཕྱིར ་ཞེ་ན། དེ་ནི་མ་ཡིན་ཏེ་གང་ལ་རྣམ་པར་གཡེང་བ་ཡོད་པ་ལས་སེམས་ཀྱིས་མཉམ་པར་འཇོག་པ་དེ་ལ་ཏིང་འཛིན་ཡོད་ནོ། ཉོན་མོངས་པ་ཅན་གྱི་ཡིད་ནི་དེ་ལྟ་བུར་མཉམ་པར་འཇོག་པ་མ་ཡིན་ཏེ། འཁོར་བ་ཇི་སྲིད་པར་དེ་བོ་གཅིག་པོ་ཉིད ་དུ་འཇུག་པའི་ཕྱིར།། ཡང་ན་དམིགས་པའི་སྐད་ཅིག་མ་སྔ་མ་ཉམསུ་མྱོང་བ་གང་ཡིན་པ་དེ་ཉིད་ལ་ཡང་དང་ཡང་དུ་འབྱུང་བ་ནི་ཏི་ངེ་འཛིན་དང་མཚུངས་པར་ལྡན་པ་ཡིན་ན་ཉོན་མོངས་པ་ཅན་གྱི་ཡིད་ནི་དེ་ལྟ་བུ་མ་ཡིན་ཏེ། སྐད་ཅིག་རེ ་ཞིང་སྔོན་མེད་པའི་རྫས་ལ་དམིགས་པའི་ཕྱིརརོ།། ཡང་ན་དབང་པོ་གཟུགས་ཅན་གྱི་རྣམ་པར་ཤེས་པ་རྣམས་མ་གཏོགས་པ་མཉམ་པར་མ་བཞག་པའི་སེམས་དང་མཚུངས་པར་ལྡན་པའི་ཤེས་རབ་གང་ཡང་རུང་བ་དེ་ཐམས་ཅད་ནི་མངོན་པ ་རྟོག་པའི་རྟོག་པ་ཡིན་ན། དེ་ཡང་ཉོན་མོངས་པ་ཅན་གྱི་ཡིད་ལ་ཡོད་དེ། བདག་ཏུ་ལྟ་བ་དང་མཚུངས་པར་ལྡན་པའི་ཕྱིརརོ།། མངོན་པར་རྟོགས་པའི་རྣམ་པར་རྟོག་པས་རྣམ་པར་རྟོག་པ་དང་བཅས་པའི་སེམས་གང་ཡིན། ་པ་དེ་ནི། ཏིངེ་འཛིན་དང་མཚུངས་པར་ལྡན་པར་རུང་སྟེ། དེའི་བྱེད་པ་སྣང་བའི་ཕྱིརརོ།། ཤེས་རབ་ཀྱང་ཁས་བླང་དགོས་པ་ཉིད་དེ་བདག་ཏུ་ལྟ་བ་དང་མཚུངས་པར་ལྡན་པའི་ཕྱིར།། རྩ་བའི་ཉོན་མོངས་པ་བཅུ་པོའི་ནང་ནས་དེ་ལས་གཞན་པའི་ལྟ་བ ་རྣམས་དང་ནི་མཚུངས་པར་མི་ལྡན་ཏེ། ཤེས་རབ་གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར།། རྣམ་གྲངས་ཀྱིས་མཚུངས་པར་ལྡན་པར་ཡང་མ་ཡིན་ཏེ། དེ་ལས་རྣམ་པར་བརྟགས་པ་ཉིད་ཀྱི་ལྟ་བ་གསུམ་པོ་གང་དག་ཡིན་པ་དེ་དག་དང་ནི ་མཚུངས་པར་མི་ལྡན་ཏེ་ཡིད་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིརརོ།། བསྒོམ་པ་སྒོ་སྤང་བར་བྱ་བ་མཐར་འཛིན་པ་དང་ཡང་མཚུངས་པར་མི་ལྡན་ཏེ། བདག་ཏུ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིརརོ།། ཉོན་མོངས་པ་ཅན་གྱི་ཡིད་ནི་ངོ ་པོ་གཅིག་པ་ཡིན་པའི་ཕྱིར་བདག་ཉིད་དུ་བཟུང་ནས་རྟག་པ་ཉིད་དུ་འཛིན་པར་ནུས་པ་མ་ཡིན།། བདག་ཏུ་ལྟ་བ་རྣམ་པ་གཉིས་ལཾས་ཀྱང་བདག་གིའི་རྣམ་པ་ཅན་དེ་མི་སྲིད་དེ། བདག་ཏུ་ལྟ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིརརོ།། ཞེ་སྡང་ནི་མི ་དགའ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་ལ། ཡིད་ནི་དགའ་བའི་རྣམ་པ་ཅན་དུ་འཇུག་པའི་ཕྱིརརོ།། དགའ་བའི་རྣམ་པ་ཅན་ཉིད་ཡིན་ཡང་སིམ་པའི་ཚོར་བ་ཅན་ནི་མ་ཡིན་ཏེ། གང་དུ་སྐྱེས་པ་དེའི་འོ་གཞན་ཞེས་འབྱུང་བའི་ཕྱིར་རེག་པ་ལ་སོགས་པཇི ་ལྟར་སྐབས་འབབ་པ་དག་ཁོ་ན་བསྒྲེས་པའི་ཕྱིར།། འོན་ཏེ་ཚོར་བ་གཞན་ཡང་ཡོད་ན་ནི་ཁྱད་པར་དུ་བྱས་པར་འགྱུརརོ།། མི་རུང་བའི་ཡང་ཕྱིར་ཏེ། ཡིད་བདེ་བ་དང་མི་ལྡན་ཏེ་ཀུན་བརྟགས་པའི་དབང་གིས་འབྱུང་བའི་ཕྱིརརོ།། ཡིད་ནི་མངོན་པར ་རྟོགས་པའི་རྣམ་པར་རྟོགས་པ་ཡོད་ཀྱང་གཽཏི་མུག་པའི་རྣམ་པར་ཅན་གྱི་ཡོངསུ་རྟོག་པ་ནི་མདོ།། བདེ་བ་ཡང་མ་ཡིན་ཏེ། རྟག་ཏུ་ཡོད་པའི་ཉེས་པར་ཐལ་བར་འགྱུར་ཕྱིརརོ།། འོ་ན་བཏང་སྙོམས་པ་ཡིན་ན་ཇི་ལྟར་དགའ་བའི་རྣམ་པ་ཅན ་ཡིན་ཞེ་ན། བདག་ལ་ཆགས་པ་དང་མཚུངས་པར་ལྡན་པའི་ཕྱིར།། ཐེ་ཚོམ་ཡང་དངོས་པོ་གཉིསུ་བྱེད་པའི་ཡུལ་ཅན་ཉིད་ཀྱིས་ཤེས་རབ་ཁོ་ན་ལ་བརྟགས་པ་ཡིན་ནོ། དེ་དང་ཡང་མི་ལྡན་ཏེ། ཡིད་ནི་རིགས་གཅིག་པའི་རྣམ་པ་ཅན ་ཡིན་པའི་ཕྱིརརོ།། རིགས་གཅིག་པའི་རྣམ་པ་ཅན་ཉིད་ཀྱིས་རེ་ཤིག་མ་རིག་པ་དང་མཚུངས་པར་ལྡན་པ་ནི་རུང་ན། འདོད་ཆགས་ལ་སོགས་པ་ཕན་ཚུན་དུ་གོ་ཇི་ལྟར་ཞེ་ན་འདིར་སྡེ་པའི་གསུང་རབ་ཀྱི་ལུགས་ལྟ་བུར་དགོངས་པ་ནི་མ་ཧཱི ་གྱི་འདིར་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་ཡང་འདོད་ཆགས་ལ་སྩོགས་པ་མི་འགལ་བ་རྣམས་ཕན་ཚུན་མཚུངས་པར་ལྡན་པར་ཞལ་གྱིས་བཞིས།། རྩ་བའི་ཉོན་མོངས་པ་འདི་དག་ནི་མ་རིག་པ་མེད་པར་ཉོན་མོངས་པ་གཞན་དང ་མཚུངས་པར་ལྡན་པ་ཡང་མ་ཡིན་ཏེ། མ་རིག་པ་ཡང་རྩ་བའི་ཉོན་མོངས་པ་ཡིན་པའི་ཕྱིར་རྩ་བའི་ཉོན་མོངས་པ་མ་རིག་པ་དང་འདྲའོ།། ཉེ་བའི་ཉོན་མོངས་པ་རྣམས་ལས་ཀྱང་ཁྲོ་བ་དང་རྣམ་པར་འཆེ་བ་དང་། ཁོན་དུ་འཛིན་པ་དང་། ཕྲག་དོག་དང ་འཇིག་པ་གང་དག་ཡིན་པ་དེ་དག་ནི་མི་དགའ་བའི་རྣམ་པར་འཇུག་པའི་ཕྱིར་དང་། ཁ་ཕྱིར་བལྟས་པའི་ཕྱིར་མཚུངས་པར་མི་ལྡནོ།། རྒྱགས་པ་དང་རྒྱུ་དང་གཡོ་དང་འཆབ་པ་དང་སེར་སྣ་དག་ནི། འདོད་ཆགས་དང ་གཏི་མུག་གི་ཆར་གཏོགས་པ་ཉིད་ཡིན་ཡང་ཁ་ཕྱིར་བལྟས་པའི་ཕྱིརརོ།། ངོ་ཚ་མེད་པ་དང་ཁྲེལ་མེད་པ་དགོན་གཅིག་ཏུ་མི་དགེ་བ་ཡིན་པའི་ཕྱིརརོ།། ཤེས་བཞིན་མ་ཡིན་པ་ནི་ཁ་ཕྱིར་བལྟས་པའི་ཕྱིརརོ།། རྣམ་པར་གཡང་བ་ནི་ངར་འཛིན་ཅིང་ངརོ་སྙམ ་པའི་ང་རྒྱལ་གྱི་གནས་ངན་ལེན་གྱི་གཡེང་བ་ཡིན་པའི་ཕྱིར་མཚུངས་པར་ལྡནོ།། བག་མེད་པ་ནི་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པའི་ཕྱིརརོ།། རྒོད་པ་ནི་འདོད་ཆགས་ཀྱི་ཚར་གཏོགས་པའི་ཕྱིརརོ།། མ་དད་པ་དང་ལེ་ལོ་དང་རྨུགས་པ་རྣམས ་གཏི་མུག་གི་ཆར་གཏོགས་པའི་ཕྱིརརོ།། ཡང་ན་མཚུངས་པར་མི་ལྡན་པ་ཉིད་དེ་འདོད་ཆགས་ལ་སོགས་པ་ནི་སྔར་གསལ་བའི་རྣམ་པར་ཞུགས་པ་ཡིན་ལ། དེའི་རྗེས་ལ་ཤས་ཀྱིས་བྲི་བར་ཞུགས་པ་ན་ཉེ་བའི་ཉོན་མོངས་པ་རྣམས་ཤེས་གདགས་ན། ་ཡིད་ལ་ནི་དེ་ལྟ་བུ་མི་སྲིད། ངོ་བོ་གཅིག་པ་ཉིད་དུ་ཞུགས་པའི་ཕྱིར།། བརྗེད་ངས་པ་ཡང་མ་ཡིན་ཏེ། འདྲེས་པའི་དངོས་པོ་ལ་དམིགས་པའི་ཕྱིརརོ།། གཉིས་ཀྱང་མ་ཡིན་ཏེ་གཟུགས་དང་གཟུགས་མེད་པའི་ཁམས་དང་འགལ་བའི་ཕྱིར།། ་འགྱོད་པ་ཡང་མ་ཡིན་ཏེ། མི་དགའ་བའི་རྣམ་པ་ཅན་ཡིན་པའི་ཕྱིར།། རྟོག་པ་དང་དཔྱོད་པ་དག་ཀྱང་མ་ཡིན་ཏེ་ཚོལ་བ་དང་། སོ་སོར་རྟོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར།། ཡིད་འདི་ནི་ལུང་སོལ་བུའི་མདོ་ལས། དེ་ནི་ཉོན་མོངས་པ་རྣམས་ལས།། ་ངེས་པར་གྲོལ་བར་མ་གྱུར་མི་འགྱུརརོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དང་། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོ་ལས་ཀྱང་གྲུབ་པོ།། རིགས་པས་ཀྱང་བསྒྲུབ་པར་མ་རིག་པ་མ་འདྲེས་པ་ཞེས་བྱ་བ་ལ་སོགས་པ་སྨོསོ།། མ་འདྲེས་པ ་ནི་མ་རིག་པ་རང་དབང་ཅན་ཡིན་གྱི། རྩ་བོའི་ཉོན་མོངས་པ་གཞན་དང་མཚུངས་པར་མི་ལྡན་པས་ནི་མ་ཡིན་ཏེ། ཁྲོ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡང་དེར་ཐལ་བར་འགྱུར་དུ་འོང་བསོ།། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས ་ཅད་དང་མཚུངས་པར་མི་ལྡན་པས་དེར་ཐལ་བར་འགྱུར་བ་མ་ཡིན་ཏེ། དེ་མེད་པར་ཐལ་བ་ཉིད་དུ་འགྱུར་བསོ།། དེ་ལྟ་བས་ན་རྩ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དང་། དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བའི་ཚེ ་ལ་ཡང་རྫས་གཞན་དང་མ་འདྲེས་པའི་ཕྱིར་རང་དབང་ཅན་ནི་མ་འདྲེས་པ་ཡིན་གྱི། ཐུན་མོང་མ་ཡིན་པའི་དོན་གྱིས་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་གཞན་དང་མཚུངསྨྲ་པར་ལྡན་པས།། དེར་ཐལ་བར་འགྱུར་དུ་འོང་བསོ།། འདི་ནི་སྡེ་པ་དག་གི། ་ལྟར་ན་རྣམ་པ་གཅིག་ཁྱེན་ཏེ། འཇུག་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་བདེན་པ་མཐོང་བའི་གླགས་བྱེད་པ་ཡིན་ཏེ། དེ་ནི་མཐོང་བས་སྦྱང་བར་བྱ་བ་ཡིན་པའི་ཕྱིརརོ།། ཐེག་པ་ཆེན་པོའི་ལྟར་ན་ནི་རྣམ་པ་གཉིས་ཏེ་དུས་ངེས ་པར་ཀུན་ཏུ་འབྱུང་བའི་ཕྱིར།། འཇུག་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་གཅིག། གཉིས་པ་ནི་དུས་ཐམས་ཅད་དུ་ཀུན་ཏུ་འབྱུང་བའི་ཕྱིར་འཆོད་པར་འགྱུར་བའི་སྒྲུབ་པས་རབ་ཏུ་གྲུབ་པ་ཡིན།། དེ་ནི་འཇུག་པའི་རྣམ་པ་ར། ་ཤེས་པ་རྣམས་ལ་མ་ཡིན་ཏེ། དེ་རྣམས་ནི་རྒྱུན་འཆད་པའི་ཕྱིར། ཡང་ཁྱད་པར་དུ་དཔྱད་པར་བྱ་སྟེ། རེ་ཤིག་རྣམ་པར་ཤེས་པའི་ཚོགས་ལྔ་ལ་ནི་མ་ཡིན་ཏེ། གང་ན་མི་མཐུན་པ་ཡོད་པ་དེ་ན་གཉེན་པོ ་ཡོད་པའི་ཕྱིར།། ཉོན་མོངས་པ་ཅན་གྱིས་ཡིད་ལ་ཡང་གཉེན་པོ་མེད་པའི་ཕྱིར་དེ་མེད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་མེ་ཡིན་ཏེ་འོདི་ནི་སྒྲུབ་པ་མ་ཡིན་གྱི་འོན་ཀྱང་འདི་ནི་མ་བསླབས་པ་སྡེ་པ་དག་གིས་ཁས་བླངས་པ་སུན་འབྱིན་པ་ཡིན ་གལ་ཏེ་ཕ་རོལ་པོ་རྣམ་པར་ཤེས་པའི་ཚོགས་ལྔ་ལ་ཡང་མ་འདྲེས་པ་ཡོད་ཞེས་སྨྲ་བར་བྱེད་ན། དེ་ལ་བརྗོད་པར་བྱ་སྟེ། རྣམ་པར་ཤེས་པ་གང་ལ་མཐོང་བའི་ལམ་ཡོད་པ་དེ་ལ་མི་མཐུན་པའི་ཕྱོགས་ཡོད་པ་ཁྱོད་ཀྱིས་ཁས་བླངས་ན་རྣམ་པ ་ཤེས་པའི་ཚོགས་ལྔ་ལ་ནི་ལམ་མེད་དེ་དེ་ཁ་ཕྱིར་བལྟས་པའི་ཕྱིར།། ཡང་ན་གང་ལོ་ཞེས་བྱ་བ་ནི་ཡུལ་དང་སྦྱོར།། ཡུལ་བདེན་པ་བཞིའི་ངོ་བོ་ཉིད་གང་ལ་གཉེན་པོ་ཡོད་པ་དེ་ཁོ་ན་ལོ་དེའི་དམིགས་པ་ཉིད་དུ་དེའི་མི་མཐུན་པའི་ཕྱོགས།། ་མཐོང་བས་སྤང་བར་བྱ་བ་ཡོད་ན། རྣམ་པར་ཤོས་པའི་ཚིགས་ལྔ་ནི་མ་ཡིན་དེ་ཁ་ཕྱིར་བལྟས་པའི་ཕྱིར་རོ།། རང་གིས་ལྟ་བས་ཀྱང་ཚིག་འདི་འདི་ལྟར་དྲང་སྟེ། གང་ལ་ཞེས་བྱ་བ་འདི་ནི་ཡུལ་དུ་གྱུར་པ་དེ་བཞིན་ཉིད་དང་སྦྱ་རེ།། དེ་ཡང ་བརྟན་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ལ་དེ་དང་འབྲེལ་པར་སྟོན་ཏོ།། དེ་ཉིད་ལ་ཉོན་མོངས་པ་ཅན་གྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡང་ཡོད་དེ། ཀུན་གཞིའི་རྣམ་པར་ཤེས་པ་ལ་བདག་མེད་པར ་མཐོང་བའི་གགསུ་གྱུར་པའི་ཕྱིརརོ།། གནས་སྐབས་དང་ཡང་སྦྱར་ཏེ། གནས་སྐབས་གང་ན་མཐོང་བའི་ལམ་གྱི་སྐད་ཅིག་མ་དང་པོ་ཡོད་པའི་གནས་སྐབས་དེ་ན་སྲང་མདའི་མཐོན་དམན་བཞིན་དུ་མི་མཐུན་པའི་ཕྱོགས་ཆོས་ཀྱི་མཆོག ་རྣམས་དང་ལྷན་ཅིག་འགག་པོ་ཡིན་ན། འདི་ཐམས་ཅད་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ལ་མ་སྲིད་དེ། གཅིག་ཏུ་མཉམ་པར་མ་བཞག་པ་ཡིན་པའི་ཕྱིརརོ།། དུས་ཐམས་ཅད་དུ་ཀུན་ཏུ་འབྱུང་བ་དེ་ཉིད་ཀྱི་རྣམ་པར་ཤེས་པ་ལ་ཡང ་རུང་བ་མ་ཡིན་ཏེ། གཅིག་ལ་ཆོས་གཉིས་རང་དབང་ཅན་མི་སྲིད་པའི་ཕྱིར་རེ་ཞིག་འདོད་ཆགས་ལ་སོགས་པ་སེམས་ལས་བྱུང་བ་རང་དབང་ཅན་ལ་ནི་མ་ཡིན།། ཉོན་མོངས་པ་ཅན་མ་ཡིན་པ་ལ་ཡང་མ་ཡིན་ཏེ། དེ་དང་འགལ་བའི ་ཕྱིར་ན། ཆ་ཆུང་གི་རིམ་པས་སྦྱོར་བའི་ལམ་བསྒོམ་པ་ཉམས་པར་འགྱུར་པོའི་ཡང་ཕྱིརརོ།། དེས་ན་ཤུགས་ཀྱིས་གང་ལ་དུས་ཐམས་ཅད་ཀུན་ཏུ་འབྱུང་བ་དེ་ཡོད་པར་འགྱུར་བ་རྣམ་པར་ཤེས་པ་གཞན་བདུན་པ་ཁས་བླང་དགོས་ཏེ། དེ་ནི ་ཉོན་མོངས་པ་ཅན་གྱི་ཡིད་ཡིན།། དེ་ལ་ནི་མ་རིག་པ་དང་རང་དབང་ཅན་ཡོད་དེ་དེའི་སྟོབས་ཀྱིས་དེ་དང་མཚུངས་པར་ལྡན་པ་འདོད་ཆགས་ལ་སོགས་པ་དྲངས་པའི་ཕྱིར་རོ།། འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་ནི། སྔར་ཀུན་ཏུ ་རྨོངས་པ་ལ་དེ་ལས་གཞན་པའི་ཉོན་མོངས་པ་འབྱུང་བའི་ཕྱིར་སྔར་སྤྱད་པ་གཙོ་བོ་ཡིན་པའི་ཕྱིར་དེའི་འོག་ཏུ་འདོད་ཆགས་པ་སོགས་པ་དང་མཚུངས་པར་ལྡན་ན་རེས་འགའ་རང་དབང་ཅན་མ་ཡིན་པར་ཡང་འགྱུར་རོ།། ལྔ་པ་དག་དབང་འདྲ་བ། ་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ་ཞེས་བྱ་བ་ནི་རེ་ཞིག་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་རྣམ་པར་ཤེས་པའི་ཚོགས་ལྷའི་རྟེན་ནི་མིག་ལ་སོགས་པ་ལྷན་ཅིག་སྐྱེ་བ་ཡིན།། དམིགས་པ་ནི་གཟུགས་ལ་སོག་སྷོ།། ་པའོ།། མཚུངས་པ་དེ་མ་ཐག་པའི་རྟེན་ནི་ཡིད་འདས་པ་ཁོ་ན་ཡིན།། ཡིད་ཀྱི་རྣམ་པརརོ་ཤེས་པའི་རྟེན་ནི་ཡིད་འདས་པ་ཁོ་ན་ཡིན།། དམིགས་པ་ནི་དུས་གསུམ་དང་དུས་ཀྱིས་མ་བསྡུས་པོ་ཡིནོ།། གནས་བརྟན་པ་རྣམས་ཀྱི་ལྟར་ན ་རྣམ་པར་ཤེས་པའི་ཚོགས་ལྔའི་ཐམས་ཅད་བྱེ་བྲག་ཏུ་སྨྲ་བས་བཤད་པ་བཞིན་ནོ།། ཡིད་ཀྱི་རྣམ་པར་ཤེས་པའི་ལྷན་ཅིག་སྐྱེ་བའི་རྟེན་ནི་སྙིང་གི་ཕྱོགས་ཀྱི་བུ་ག་གཅིག་དང་གཉིས་དང་གསུམ་དང་བཞི་ནས་བུ་གྲཝ་དགུའི ་པར་ཡིན།། དམིགས་པ་ནི་སྡེ་མ་བཞིནོ།། དགེ་འདུན་ཕལ་ཆེན་སྡེ་རྣམས་ཀྱི་ལྟར་ན་ཡང་རྣམ་པར་ཤེས་པའི་ཚོགས་ལྔའི་རྟེན་ནོ་ཚུལ་དེ་དང་འདྲའོ།། ལྷན་ཅིག་སྐྱེ་བའི་རྟེན་གཞན་ནི་རྩ་བའི་རྣམ་པར་ཤེས་པ་ཡིནོ།། ཡིད་ཀྱི་རྣམ ་པར་ཤེས་པའི་ལྷན་ཅིག་སྐྱེ་བའི་རྟེན་ནི་དེ་ཁོ་ན་ཡིན་ནོ།། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྔ་མ་བཞི་ནོ།། ས་སྟོན་སྡེ་རྣམས་ཀྱི་ལྟར་ན་རྩ་བའི་རྣམ་པར་ཤེས་པ་ཞེས་བྱ་བའི་སྒྲ་བཏང་སྟེ་འཁོར་བ་ཇི་སྲིད་པའི་ཕུང་པོ་ཞེས ་བྱ་བའི་སྒྲ་སྦྱར་བར་བྱའོ།། གཞན་ཐམས་ཅད་ནི་དེ་ཁོ་ན་དང་འདྲའོ་མདོ་སྡེ་པ་རྣམས་ཀྱི་ལྟར་ན་རྣམ་པར་ཤེས་པའི་ཚོགས་ལྔ་ལ་དབང་པོ་དང་དོན་དག་ནི་ལྔ་ལ། རྣམ་པར་ཤེས་པ་ནི་འཆི་སྟེ་མི་གསལ་བས་དེ་དག་གི། ་དབང་གི་སྐྱེ་བའི་ཕྱིར།། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྔ་མ་བཞིནནོ།། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་ཡིད་འདས་མ་ཐག་པ་ཁོ་ན་ཡིནོ།། འདི་ནི་གསལ་བའི་ཕྱིར་སྐྱེ་བ་ཡུལ་གྱིས་བྱས་པའི་ངེས་པ་ནི་མེ་།། དམིགས་པ་ནི་སྣུམ ་བཞིནོ།། རྣམ་པར་ཤེས་པའི་ཆ་གུས་དྲུག་ཅར་གྱི་ཡང་རྒྱུའི་རྐྱེན་ནི་དབང་པོ་གཟུགས་ཅན་ལ་ཡོད་པ་དང་། སེམས་ལ་ཡོད་པའི་ས་བོན་ཡིན་ནོ།། བདག་པའི་རྐྱེན་ནི་མ་ཡིན་ཏོ། བྱེ་བྲག་ཏུ་སྨྲ་བོའི་སྲོག་གི་དབང་པོ་ལ་སོགས་པ་ལྟ་བུར་དེ ་འགྱུར་བའི་རྗེས་བྱེད་པ་མེད་པའི་ཕྱིརརོ།། འདིར་ནི་རྣམ་པར་ཤེས་པའི་ཚོགས་ལྔའི་རྟེན་དང་དམྱིགས་པ་དག་ནི་བྱེ་བྲག་ཏུ་སྨྲ་བ་དང་འདྲའོ།། ས་བོན་གྱི་རྟེན་གྱི་དངོས་པོ་ནི་ལྷན་ཅིག་སྐྱེ་བ་ཡིན།། ཡིད་ཀྱི་རྣམ་པར་ཤེས་པའི་ཡང་དམིགས་པ ་ནི་དེ་དང་འདྲའོ།། ཡང་འདས་མ་ཐོག་པ་ཡང་སྔ་མ་བཞིནོ།། བདག་པོའི་རྐྱེན་ལྷན་ཅིག་སྐྱེ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡིན།། དེ་ལ་འདིར་བྱེ་བྲག་ཏུ་སྨྲ་བ་རྣམས་ལ་བརྗོད་པར་བྱ་སྟེ། འཇུག་པའི་རྣམ་པར་ཤེས་པ་ཉིད་དུ་མཚུངས ་པ་ལས་ཅིའི་ཕྱིར་རྣམ་པར་ཤེས་པ་དྲུག་པའི་རྐྱེན་འདས་མ་ཐག་པ་ཁོ་ན་ཡིན་གྱིས། རྟེན་ལྷོན་ཅིག་སྐྱེ་བ་ནི་མ་ཡིན། རྣམ་པར་ཤེས་པ་དྲུག་ནི་རྟོན་འདས་པ་ཅན་ཁོ་ན་མ་ཡིན་ཏེ་འཇུག་པའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་མིག་ལ ་སོགས་པའི་རྣམ་པར་ཤེས་པ་ཡིན།། ཞེས་བྱ་བའི་རྗེསུ་དཔག་པས་གནོད་དོ།། དགེ་འདུན་ཕལ་ཆེན་སྔོ་རྣམས་དང་ས་སྟོན་སྡེ་རྣམས་ཀྱི་ལྟར་ན་རྩ་བའི་རྣམ་པར་ཤེས་པ་དང་འཁོར་བ་ཇི་སྲིད་པའི་ཕུང་པོ་ཞེས་བྱ་བ་རྣམ་པར་ཤེས་པ་དྲུག ་ཅར་གྱི་ཐ་མི་དད་པའི་རྒྱུ་ཡིན་པ་དེ་དག་ལ་ཡང་བརྗོད་པར་བྱ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་རྟེན་ཐུན་མོང་པ་ཅན་ཁོ་ན་མ་ཡིན་ཏེ། འཇུག་པའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་དེ་དགྲ་བཞི་ནོ།། གང་ད ་གི་སྙིང་གི་ཕྱོགས་ཐུན་མོང་མ་ཡིན་པའི་རྟེན་ཡིན་པར་རྟོག་པ་དེ་དག་གི་ལྟར་ན་ཡང་སེམས་ལྟོས་བྱུང་བའི་ཚོར་བ་ཉིད་ཉམས་པར་འགྱུར་ཏེ། རྡུལ་ཕྲ་རབ་བསོགས་པ་ལ་རྟེན་པའི་ཕྱིར་ཐམས་ཅད་ལུས་ཀྱི་ཁྱེ་ན་ཡིན་པར་འགྱུརརོ།། ་རྗེས་དཔག་པས་ཀྱང་གལ་ཏེ་འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་གཟུགས་ཅན་མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་གཟུགས་མེད་པའི་ཁམས་ན་སྤྱོད་པའི་ཡིད་ཀྱི་རྣམ་པར་ཤེས ་པ་བཞི་ནོ།། མདོ་སྡེ་པ་ལ་ཡང་བརྗོད་པར་བྱ་སྟེ། ལྷན་ཅིག་ཅེས་བྱ་བའི་སྒྲ་དེ་མ་ཐག་པ་བརྗོད་པར་བྱེད་པ་ལ་བརྟེན་ནས། ལྷན་ཅིག་ཅེས་བྱ་བའི་སྒྲ་དེ་མ་ཐག་པ་ལ་ཡང་མཐོང་སྟེ། དཔེར་ན་བྱམས་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། ་དེ་ལ་ཡང་དམིགས་ཀྱིས་བསལ་བ་ནི་བློ་དགོ་སོ།། ཅིའི་ཕྱིར་རྟེན་ལྷན་ཅིག་སྐྱེ་བ་ཁོ་ན་མ་ཡིན་ཞེ་ན། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལྡང་བའི་ཚེ་མཚུངས་པ་དེ་མ་ཐག་པོའི་རྐྱེན་ལྷན་ཅིག་སྐྱེ་བ་མ་ཡིན་པའི་ཕྱིརརོ།། རང ་གི་གཞུང་ལུགས་ཀྱིས་ཀྱང་བརྗོད་པར་བྱ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་སྐྱེ་བའི་རྟེན་རང་གི་མིང་གིས་ཉེ་བར་མཚོན་པའི་སྐྱེ་མཆེད་ཐུན་མོང་མ་ཡིན་པ་ཅན་ཡིན་ཏེ། རྒོལ་བ་ལ་རབ་ཏུ་གྲགས་པའི་འཇུག་པའི་རྣམ་པོར་ཤེས་པའི་ཁོང་སུ་གཏོགས ་པའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་བཞི་ནོ།། དེ་ལ་སྐྱེ་བའི་རྟེན་ཅེས་བྱ་བའི་སྒྲ་ནི། ཀུན་ནས་ཉོན་མོངས་པའི་རྟེན་རྣམ་པར་གཅད་བའི་ཕྱིར་ཏེ། དེ་ནི་དྲུག་ཅར་ལ་ཡང་ཁྱད་པར་མེད་པའི་ཕྱིརརོ།། མདོ་སྡེ་པ་ལ་དཔེ་གྲུབ ་པར་བྱ་བའི་ཡང་ཕྱིར་ཏེ། ལྷན་ཅིག་སྐྱེ་བའི་རྟེན་སྨོས་ན་ནི། དེར་སྣང་བ་ཉིད་ཡིན་པར་འགྱུརརོ།། ཐུན་མོང་མ་ཡིན་པ་སྨོས་པ་ནི། མཚུངས་པ་དེ་མ་ཐག་པའི་རྟེན་རྣམ་པར་དཔྱད་པའི་ཕྱིར་དང་། རྩ་བའི་རྣམ་པར་ཤེས་པ་ལ་སྩོགས་པ ་རྣམ་པར་དཔྱད་པའི་ཡང་ཕྱིར་ཏེ། དེ་ནི་དེ་དག་གིས་ས་བོན་གྱི་ཁྱད་པར་མེད་པར་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་ཅར་གྱི་ཡང་ཐུན་མོང་གི་རྟེན་ཉིད་དུ་བརྟགསོ།། རང་གི་མིང་གིས་ཉེ་བར་མཚོན་པ་ཞེས་སྨོས་པ་ནི། གནས ་བརྟན་པས་རབ་ཏུ་བརྟགས་པ་སྙིང་གི་ཕྱོགས་རྣམ་པར་དཔྱད་པའི་ཕྱིརརོ།། དེ་ནི་མིང་གིས་ཉེ་བར་མཚོན་པ་མེད། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཅེས་བྱ་བའི་སྒྲར་བརྗོད་པ་མེད་པའི་ཕྱིརརོ།། འོན་ཏེ་དེ་ཉིད་ཡིད་ཡིན་ཞེས་ཟེར་ན་སྐྱེ་མཆེད ་ཅེས་སྨོས་པས་དེ་རྣམ་པར་དཔྱད་དེ།། དེ་ཉིད་སྐྱེ་མཆེད་ཡིན་ཞེས་བརྗོད་པར་ཡང་མི་ནུས་ཏེ། དགེ་སློང་ཡིད་ནི་ནང་གི་སྐྱེ་མཆེད་དེ་གཟུག་ཅན་མ་ཡིན་པ་བསྟོན་དུ་མེད་པ་ཐོགས་པ་མེད་པའོ་ཞེས་བྱ་བ་ལ་སོགས་པའི་ལུང་གིས་གནོད་པའི་ཕྱིར། ་འཇུག་པའི་རྣམ་པར་ཤེས་པའི་ཁོང་སུ་གཏོགས་པ་ཞེས་བརྗོད་ནས། ཡང་རྣམ་པར་ཤེས་པ་ཞེས་བརྗོད་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན་པར་བསྟན་པས་ལྡན་པ་མ་ཡིན་པ་རྣམ་པར་དཔྱོད་པའི་ཕྱིརརོ།། ཕྱིར་རྒོལ་བ་ལ་གྲགས་པ ་དམྱལ་བའི་སྲུང་མ་ལ་སོགས་པའི་ཡིད་ཀྱི་རྣམ་པར་ཤེས་པས་མ་ངེས་པ་ཡང་མ་ཡིན་ཏེ། གཏན་ཚིགས་རྒོལ་བ་ལ་གྲགས་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར་དེ་དང་འདྲ་བ་མ་ཡིན།། ལྷན་ཅིག་སྐྱེ་བའི ་རྟེན་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ངོ་བོ་ཉིད་ལ་སོགས་པ་མཐའ་ཡས་པ་བསྒྲུབ་པར་བྱ་བ་དང་འགལ་བའི་ཆོས་འགྲུབ་པ་དང་འགལ་བ་ཁམས་གཞན་ན་གནས་པའི་སེམས་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་སེམས་ཅན་གྱི་ཚིགས་གསུམ ་པཔས་བསྡུས་པ་རྣམས་ཀྱིས་ཀྱང་མ་ངེས་པའི་ཕྱིརརོ།། དེ་ནི་ཁམས་གཞན་དུ་གཏོགས་པས་ཁྱད་པར་དུ་བྱས་པ་སྒོ་འགྲུབ་པ་ཡང་མ་ཡིན་ཏེ། སེམས་ཅན་གྱི་ཚོགས་གསུམ་པས་བསྡུས་པ་དག་ཁོ་ནས་མ་ངེས་པའི་ཕྱིརརོ།། ཡང་དག་པར་རྫོགས ་པའི་སངས་རྒྱས་འདས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་ཕྱོགསུ་བྱས་པའི་ཕྱིར་འགལ་བ་རོང་ལ་རྟེན་མ་གྲུབ་པའི་ཕྱིར།། ཟག་པ་དང་བཅས་པ་ཉིད་ཁྱད་པར་དུ་བྱེད་ན་ནི། ཆོས་ཐམས་ཅད་ལ་རེག་པའི་ཕྱིར་སྒྲུབ་པ་སྒྲུབ་པའི་ཉེས་པ་དང་ལྡན། ་འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་སློབ་པའི་གནས་སྐབས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པས་མ་ངེས་པ་ཡང་མ་ཡིན་ཏེ། དེའི་ཚེ་ཡང་ཡིད་གྱུར་པ་གནས་པའི་ཕྱིར།། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་ནི། རེས་འགའ་ནི ་གཅིག་དང་སྟེ་གང་གི་ཚེ་ཡིད་དང་ཞེས་འབྱུང་བའོ།། རེས་འགའ་ནི་གཉིས་དང་སྟེ་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ཞེས་འབྱུང་བའི་ཕྱིར།། གལ་ཏེ་ཡང་དེའི་ཚེ་གྱུར་པོ་ཡང་ཡིད་མ་ཡིན་པ་ཞིག་ཏུ་གྱུར་ན་ནི་འདི་ཡང་ཡིང་མ་ཡིན་པར ་འགྱུར་ལ། འདི་སྐད་དུ་རེག་འགའ་ནི་གཅིག་དང་སྟེ་གང་གི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་དང་ཞེས་ཀྱང་བཤད་པར་འགྱུར།། གཞན་ཡང་བརྒྱལ་བ་ལ་སོགས་པ་ལ་འཇུག་པའི་རྣམ་པར་ཤེས་པའི་ཚོགས་ཡུལ་ལ་རག་ལས་ཏེ་སྐྱེ་བ་རྣམས ་དེ་མི་ཉེ་བའི་ཕྱིར་རྒྱུན་འཚའོ་ཞེས་བྱ་བ་ནི་རིགས་ནི། ཡིད་འཁོར་བ་ཇི་སྲིད་པར་རིགས་གཅིག་པ་དང་དམིགས་པ་ཉེ་བ་ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་བ་གོ་ཇི་ལྟར་རྒྱུན་འཆད། ཡིད་དེ་ཡང་ཁ་ཅིག་ན་རེ་གནས་སྐབས་དེ་ན་ཐོག་པ་མེད ་པ་ཡིན་ཏེ། འདི་ལྟར་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་འཕགས་པའི་ལམ་ལ་སྙོམས་པར་འཇུག་པས་རྒྱུན་ཀུན་ཏུ་མི་འབྱུང་བས་ས་བོན་གྱི་གནས་སྐབས་པར་འཇོག་གོ་ཞེས་ཟེརོ།། ཟག་པ་མེད་པ་ནི་ཐོག་མ་མེད་པའི་རང་གི་རིགས་ལས ་བདག་མེད་པ་མངོན་སུམ་དུ་བྱས་པའི་འཕགས་པཱི་ལཾ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་དང་འབྱུང་།། ཡང་ཟག་པ་མེད་པ་ལས་ལངས་པ་ལ་ཟག་པ་དང་བཅས་པའི་སེམས་པ་མངོན་དུ་གྱུར་པའི་ཚེ་ཉོན་མོངས་པ་ཅན་ཁྱད་པར་མེད་པ་གང ་ཡིན་པ་སྐྱེ་བར་འགྱུརརོ།། འོན་ཏེ་སློབ་པའི་གནས་སྐབས་ན་ས་བོན་བཅོམ་པའི་ཕྱིར་ནམ་ཡང་ཉོན་མོངས་པ་ཅན་གྱི་ཡིད་མེད་ན་ནི་ཟག་པ་མེད་པ་ཁོ་ན་འབྱུང་སྟེ། དེ་ཉིད་ཀྱི་ཕྱིར་དགྲ་བཅོམ་མ་པ་ནི་བྱ་བ་ཐམས་ཅད་ལ་སྤྱོད་པ་རབ་ཏུ་ཞི་བའོ།། ་ཞེས་འབྱུང་།། ཁ་ཅིག་ན་རེ་ཟག་པ་དང་བཅས་པ་སྟེ། འདི་ལྟར་ནུས་པ་གཉིས་དང་ལྡན་པའི་ཕྱི་རོ་ཞེས་ཟེརོ།། ཅིག་ཅར་བདག་མེད་ལ་གཉི་ག་མཐོང་བའི་གག་སུ་གྱུར་པའི་མ་རིག་པ་གང་ཡིན་པོ་དེ་ལ་བརྟེན་ནས་ཐོག་པའི་སྲིད་ཀྱི་དབྱིངས ་ལ་རྟོག་པ་མངོན་དུ་འགྲོ་བ་ཅན་གྱི་སྦྲུལ་དུ་རབ་ཏུ་རྟོག་པ་བཞིན་དུ་ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་ལྟ་བ་ཅིག་ཅར་ཆོས་དང་གང་ཟག་ཏུ་རབ་ཏུ་རྟོག་པར་བྱེད་པ་འབྱུང་།། འཇིག ་རྟེན་ལས་འདས་པའི་ལམ་སྐྱེས་ན་ནི། འཕགས་པ་ཉན་ཐོས་གང་ཟག་ལ་བདག་མེད་པ་མཐོང་བའི་ཕྱིར་གང་ཟག་ཏུ་སྒྲོ་འདོགས་པ་མེད་པར་ཡང་དེ་ཆོས་རྣམས་ལ་མི་གསལ་བ་དང་སྒྲོ་འདོགས་པའི་ངོ་བོ་ཉིད་གཏི་མུག་དང་ལྟ་བ་དང ་མཚུངས་པར་ལྡན་པར་འབྱུང་།། ཉོན་མོངས་པ་ཅན་མ་ཡིན་པ་དེ་ཡང་ཉན་ཐོས་ཀྱི་འབྲས་བུ་ལ་གོགས་མི་བྱེད་པའི་ཕྱིར་དང་། འདོད་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཏེ། དེ ་དམ་པ་མ་ཡིན་པའི་ཕྱིར་དགེ་བ་ནི་མ་ཡིན།། གཞན་ཡང་ལས་ལས་སྐྱེས་པ་ཡིན་ཡང་སྤྱོད་ལམ་པ་དང་སྤྲུལ་པོ་པ་ཉིད་དུ་མི་རུང་བ་ཉིད་ཀྱིས་མ་བསྒྲིབས་ལ་ལུང་མ་བསྟན་པའི་ཕྱིར་རྣམ་པར་སྨིན་པ་ལས་སྨྱོས་པ་ཉིད་དུ་བཤད་དོ།། ་ཟླཟློག་པ་རྣམས་དང་ལྷན་ཅིག་སྐྱེ་བ་དང་འགག་པས་རང་གི་ས་བོན་ཡོངསུ་རྒྱས་པའི་སྒོ་ནས་འབྱུང་བའི་ཕྱིར་ཟག་པ་དང་བཅས་པ་ཡིན།། ཆོས་ཉོན་མོངས་པ་ཅན་མ་ཡིན་པ་ལ་ཆགས་པ་དང་ང་རྒྱལ་དག་དང་ཡང་མཚུངས་པར་ལྷ་ནོ།། དེ ་ཉིད་ཀྱི་ཕྱིར་འཕགས་པ་ཉན་ཐོས་ཁ་ཅིག་ལ་ཉོན་མོངས་པ་ལས་བྱུང་བ་ལྟ་བུའི་སྤྱོད་པ་སྣང་སྟེ། དེ་ནི་བག་ཆགས་ཞེས་བྱའོ།། འོན་ཏེ་གལ་ཏེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཡོངསུ་བསྔོ་བ་པའམ་ངེས་པའི་རིགས་ཅན་ཞིག ་ཡིན་པར་གྱུར་ན་ནི། གནས་སྐབས་དེ་ན་བདག་མེད་པ་གཉིས་མངོན་སུམ་པའི་ཟག་པ་མེད་པ་ཁོ་ན་འབྱུང་།། ལྷན་ཅིག་འབྱུང་བའི་རྟེན་ཅེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ལྟར་ན་ལྷན་ཅིག་ཅེས་བྱ་བའི་སྒྲ་ཅིག་ཅར་ཡིན་པར་བཤད ་པར་བྱའོ།། མདྨོ་སྡེ་པའི་ཕྱོགས་ལྟར་ན་ནི། དེ་མ་ཐག་པ་ཡིན་ཏེ་བྱམས་པ་དང་ལྷན་ཅིག་པར་གྱུར་པ་ཞེས་བྱ་བ་བཞིན།། ཇི་ལྟར་ཅིག་ཅར་རམ་དེ་མོ་ཐག་ཏུ་ཡང་རུང་མིག་ལ་སོགས་པའི་སྐྱེ་བོའི་རྟེན་ལྷན་ཅིག་སྐྱེ་བ་ཕུང་མོང་མ ་ཡིན་པོ་ལྟར། ཡིད་ཀྱི་རྣམ་པར་ཤེས་པའི་ཡང་དེ་དང་འདྲའོ།། ཞེས་བྱ་བའི་ཐ་ཚིག་གོ།། ངེས་པའི་ཚིག་མེད་པའི་སྐྱོན་དུ་ཡང་འགྱུརརོ།། ཞེས་བྱ་བ་འདི་ནི་སུན་འབྱིན་པ་ཡིནོ།། གཞན་གྱིས་ངེས་པའི་ཚིག་ཡང་དག་པ་ཉིད་དུ་ཁས ་བླངས་པ་གང་ཡིན་པ་དེ་ནི། འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་མི་རུང་གི་ཉོན་མོངས་པ་ཅན་གྱི་ཡིད་ལ་ནི་རུང་སྟེ་དེ་ནི་གོང་དུ་བསྟན་ཟིན་ཏོ།། འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནི། འགོག ་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དག་གོ།། ཁ་ཅིག་ནི་སོ་སོར་བརྟགས་པས་འགོག་པའི་ཁྱད་པར་གྱི་རང་གི་ངོ་བོ་སེམས་དང་སེམས་ལས་བྱུང་བ་མི་སྐྱེ་བ་ཙམ་ཁོ་ན་ཡིན་པར་འདོད་དོ།། ཁ་ཅིག་ནི་སེམས་དང ་ལྡན་པ་མ་ཡིན་པའོ།། ཁ་ཅིག་ནི་རྟེན་གྱི་སེམས་དང་སེམས་ལས་བྱུང་བ་འགོག་པའི་གནས་སྐབས་དང་། འགག་པ་ན་སེམས་དང་སེམས་ལས་བྱུང་བ་འཇུག་པས་དྲངས་པའི་བག་ཆགས་ཏེ། ལངས་པ་ཡང་དེ་དང་ལྡན་པའི ་ཕྱིར། རྣམ་པར་ཐར་པ་བརྒྱད་དང་ལྡན་པ་ཞེས་བྱ་བ་སྣང་བའི་ཕྱིར།། དེ་ལ་འདུ་བྱེད་ཀྱི་ཕུང་པོའི་ཞེས་སྨོས་པའི་ཕྱིར་དང་། ལྡན་པ་མ་ཡིན་པ་རྣམས་ཀྱང་བསལ་བའི་ཕྱིར་ཡོངསསུ་རྟོག་པ་དང་པོ་དང་གཉིས་པ ་སྤངསོ།། རྟོག་པ་གཞན་གཉིས་ལས་ཀྱང་འགོག་པའི་སྙོམས་པར་འཇུག་པ་ལོས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྦྱོར་བ་ལ་སོགས་པའི་ཁྱད་པར་ཡོད་ཀྱང་འདུ་ཤེས་མེད་པའི་སྙོམས་པོར་འཇུག་པ་ནི་ངར་འཛིན་པའི་ངའོ་སྙམ ་པའི་ང་རྒྱལ་དང་། བདག་ལ་ཆགས་པ་ཀུན་ཏུ་འབྱུང་བའི་ཕྱིར་མ་ཞི་བ་ཉིད་ཡིན།། དེ་གཉིས་འཕགས་པ་དང་འཕགས་པ་མ་ཡིན་པའི་རྒྱུད་ཀྱི་ཁྱད་པར་གཞན་ཡང་འདོད་དེ། འཕགས་པ་རྣམས་ཀྱི་གཡང་ས་བཞིན་དུ་ཡོངསུ་སྤངས་པའི ་ཕྱིར།། སྙོམས་པར་འཇུག་པ་གཉི་ག་ལ་སེམས་དང་སེམསཽ་ལས་བྱུང་བ་ཉེ་བར་ཞི་བ་ཁྱད་པར་མེད་པའི་ཕྱིར་ཇི་ལྟར་འདིར་འགྱུར། དེ་ལྟ་བས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཁས་བླང་དགོས་ཏེ། དེ་འགག་པའི་ཕྱིར་འགོག་པའི་སྙོམས ་པོར་འཇུག་པ་ཞི་བ་ཉིད་ཡིན་ལ། དྲི་མ་འགགས་པའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ངར་འཛིན་པ་དང་ངའོ་སྙམ་པའི་ང་རྒྱལ་དང་། བདག་ལ་ཆགས་པ་ཀུན་ཏུ་འབྱུང་བའི་ཕྱིར་མ་ཞི་བ་ཉིད་ཡིན།། དེ་ལྟ་མ་ཡིན་ན་འདི་གཉིས། ་ལ་འཕགས་པ་དང་འཕགས་པ་མ་ཡིན་པའི་རྒྱུད་ཀྱིས་བྱིས་པའི་ཁྱད་པར་ཡོད་པར་མི་འགྱུར་རོ།། འདུ་ཤེས་མེད་པ་པར་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་མེད་ན་ཅིའི་ཕྱིར་འཕགས་པ་རྣམས་འདུ་ཤེས་མེད་པ ་པ་ཉོན་མོངས་པ་ཅན་མ་ཡིན་པ་མི་ཁོམ་པར་སྐྱེ་བའི་གནས་ཉིད་ཀྱིས་སྤོང་བར་མཛད། འཇུག་པའི་རྣམ་པར་ཤེས་པ་ཉེ་བར་ཞི་བ་ཙམ་ནི་མི་ཁོམ་པའི་གནས་མ་ཡིན་ཏེ་འགོག་པའི་སྙོམས་པར་འཇུག་པ་བཞི་ནོ།། ཉོན་མོངས་པ་ཅན་གྱི ་ཡིད་ཡོད་ན་ནི་ངར་འཛིན་པ་ལ་སོགས་པ་ཀུན་ཏུ་འབྱུང་བས་ཕྱིན་ཅི་ལོག་གིས་ཡུན་རིང་མོ་ཞིག་ཏུ་གནས་དགོས་པས་མི་ཁོམ་པའི་གནས་ཉིད་དུ་འགྱུ་རོ།། དུས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ནི་ང་སྦྱིན་པ་བྱི་ནོ།། ང་སྲོག་ཆགས་གསོད།། ། ་དུརི་མོ་འདྲིའོ།། ཞེས་ངར་འཛིན་པ་དགེ་བ་ལ་སོགས་པའི་སེམས་མངོན་དུ་གྱུར་པའི་དུས་ན་ཀུན་ཏུ་འབྱུང་བར་གྲགསོ།། ངར་འཛིན་པ་ཀུན་ཏུ་འབྱུང་བ་དང་། སྐད་ཅིག་མ་ཐ་དད་པ་ལས་དུས་ཐ་དད་པ་ཉིད་ཆ་ཕྲ་བའི་ཕྱིར་འཁྲུལ་བས་དགེ་བ་ལ ་སོགས་པའི་སེམས་དང་དུས་མཉམ་པ་ཉིད་དུ་ཡོངསུ་བཟུང་བར་ཟད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ངར་འཛིན་པ་ནི་གདོན་མི་ཟ་བར་དུས་ཐམས་ཅད་དུ་ཀུན་ཏུ་འབྱུང་ཞེས་བྱ་བར་ཁས་བླང་དགོས།། དེ་ལྟ་མ་ཡིན་ན་ཇི་ལྟར་དགེ་བའི་དང་ལུང་དུ་མ ་བསྟན་པ་དྲུག་ཟག་པ་དང་བཅས་པ་ཉིད་ཡིན། རེ་ཞིག་རང་གི་རྒྱུད་ལ་ཡོད་པའི་ཟག་པ་ལ་དམིགས་པ་ཉིད་ཀྱིས་ནི་མ་ཡིན་ཏེ། དེའི་གནས་སྐབས་ན་དེ་དག་འདས་པ་ཉིད་དང་། མ་འོངས་པ་ཉིད་ཀྱིས་མེད་པའི་ཕྱིརརོ།། མེད་པ་ནི་ཟག་པ་རྣམས་རྒྱས ་པར་ཡང་མི་འགྱུ་འོ་གཞན་གྱི་རྒྱུད་ལ་ཡོད་པའི་ཟག་པ་ལ་དམིགས་པ་ཉིད་ཀྱིས་ཀྱང་མ་ཡིན་ཏེ་ཕྱིའི་དམིགས་པ་བསལ་བའི་ཕྱིརརོ།། བདག་པོ་ཙམ་གྱིས་ཡིན་ན་ནི་ཟག་པ་མེད་པ་ལ་ཐལ་བར་འགྱུརརོ།། ཡང་ན་ཟག་པ་མེད་པ་ལ་མི་དམིགས ་པའི་ཕྱིར་རྟག་ཏུ་འགྱུར།། དེ་དང་རིགས་མཐུན་པ་ཉིད་ཀྱིས་ཡིན་ན་ནི་ཉེ་བར་གཏགས་པའི་སྐྱོན་དུ་འགྱུརརོ།། ཟག་པ་དང་བཅས་པའི་ས་བོན་དང་འབྲེལ་པ་ཉིད་ཀྱིས་ཀྱང་མ་ཡིན་ཏེ། ལམ ་བདེན་པ་ལ་ཡང་ཐུལ་བའི་ཉེས་པར་འགྱུར་བའི་ཕྱིར།། ཉོན་མོངས་པ་ཅན་གྱི་ཡིད་ཡོད་ན་ནི་ཟག་པ་དང་ལྷན་ཅིག་འབྱུང་བའི་ཕྱིར་ཟག་པ་དང་བཅས་པ་ཉིད་དུ་འགྲུའོ།། གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་ལ་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ལྟར ་ན་ངར་འཛིན་པ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་དེ་ཇི་ལྟར་མི་དག་པའི་སེམས་ལ་ཀུན་ཏུ་འབྱུང་། མདོ་སྡེ་པའི་ཕྱོགས་དང་རང་གི་ཕྱོགས་ལྟར་ན་ངར་འཛིན་པ་དང་ངའོ་སྙམ་པའི་ང་རྒྱལ་ལྷན་ཅིག་སྐྱེ་བ་དག་བསྒྲིབས་པ། ་ན་ལ་ཀུན་ཏུ་འབྱུང་བའི་ཕྱིར་དེ་དག་ཇི་ལྟར་མི་དགེ་བའི་སེམས་ལ་ཀུན་ཏུ་འབྱུང་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། མི་དགོ་བ་ནི་འདིར་དགེ་བའི་མི་མཐུན་པ་ཡིན།། བསྒྲིངས་པ་ཡང་ཡིན་ཏེ་རྣམ་པར་སྨིན་པ་མི་འདོད་པ་ཅན་ཡིན་པར་དགོད ་པ་ནི་ཡིནོ།། བྱེ་བྲག་ཏུ་སྨྲ་བའི་ལྟ་བུར་ངར་འཛིན་པ་དང་ངའོ་སྙམ་པ་ང་རྒྱལ་དུ་གྲགས་པ་གང་ཡིན་པ་དེ་ནི་རང་གི་ཕྱོགས་ལྟར་ན་ཀུན་བཏགས་པ་ཁོ་ན་ལ་ཡིན་ཏེ། མི་དགེ་བའི་སེམས་དོན་ལ་འབྱུང་བས་མི་དགེ་བའི་སེམས་ཞེས་སྨོས ་ལྷན་ཅིག་འབྱུང་བར་ཀུན་ཏུ་འབྱུང་བ་དང་ཞེས་བྱ་བ་ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་བར་འཛིན་པ་དང་། མཚུངས་པར་ལྡན་པར་ཀུན་ཏུ་འབྱུང་བ་ལ་ཞེས་བྱ་བ་འཇུག་པའི་རྣམ་ལ་ཤེས་པ་དགེ་བ་དང་མཚུངས་པར ་ལྡན་པ་ཡིན་ན་ཉེས་པ་འདི་དག་ཏུ་མི་འགྱུར་ཏེ། དུས་ཐམས་ཅད་དུ་དྲར་འཛིན་པ་ཀུན་ཏུ་འབྱུང་བ་མེད་པའི་ཉེས་པའོ།། གཞན་དག་ནི་མཚུངས་པར་ལྡན་པར་ཀུན་ཏུ་མི་འབྱུང་བ་ལ་ཞེས་བྱ་བར་འདོན་ཏེ། ཚིག་དེ་གཉིས་ནི་དོན་རྣམ་པ ་དྲུག་ཅར་གྱི་མཇུག་སྡུད་པ་ཡིན།། ཉོན་མོངས་པ་ཅན་གྱི་ཡིད་ཡོད་ན་ནི་ངར་འཛིན་པ་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་ལྷན་ཅིག་ཀུན་ཏུ་འབྱུང་བར་འགྱུར་གྱི་དེ་དག་དོང་མཚུངས་པར་ལྡན་པ་ནི་མ་ཡིནོ།། ལྷན་ཅིག ་འབྱུང་བར་ཀུན་ཏུ་འབྱུང་བ་ཞེས་བཤད་ན་མཚུངས་པར་ལྡན་པར་ཡང་འགྱུར་བས་མཚུངས་པར་ལྡན་པར་ཀུན་ཏུ་མི་འབྱུང་བ་ལ་ཞེས་བྱ་བ་སྨོསོ།། ཀུན་ཏུ་འབྱུང་བ་ནི་སྐད་ཅིག་མ་ཐ་དད་པར་ཡང་ཡིན་པས་ལྷན་ཅིག་འབྱུང་བར ་ཀུན་ཏུ་འབྱུང་བ་ཞེས་བྱ་བ་སྨོསོ།། ཉོན་མོངས་ཅན་གྱི་ཡིད་མེད་ན་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པས་ནི་ཚིག་སུ་བཅད་པ་གཉིས་བཤད་བའི་དོན་ཉིད་སྡུད་པ་ཡིནོ།། གཉིས་མེད་ཅེས་བྱ་བ་ནི་མ་རིག་པ་མ་འདྲེས་པ་དང་། ་ལྔ་པོ་དང་འདྲ་བའོ།། གསུམ་པོ་འགལ་བར་འགྱུར་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་ཁྱད་པར་དག་དང་། ངེས་པའི་ཚིག་དང་། ངར་འཛིན་པའི་སྐྱེ་བ་དང་གསུམ།། མ་རིག་པ་མ་འདྲེས་པ་ནི་མི་བརྟན་པ་དང་བརྟན་པ་སྟེ། མི ་བརྟན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ཡིན་ཏེ། ཁ་ནང་དུ་བལྟས་པས་རང་དབང་ཅན་ཡིན་པའི་ཕྱིརརོ།། དེ་ཡང་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིནོ།། གང་ཞིག་ཉོན་མོངས་པ་ཅན་གྱི་ཡིད་སྒྲུབ་པའི ་ཕྱིར་གོང་དུ་ཉེ་བར་བཀོད་པ་གང་ཡིན་པ་དེ་ནི་བསྟན་པ་དང་བསྒོམ་པས་སྤང་བར་བྱ་པ་ཡང་ཡིནོ།། ང་ནི་དེ་ཆེས་མངོན་པའི་མདོ་ལས་གསུངས་པའི་ཚིགསུ་བཅད་པས་སྟོན་པར་བྱེད་དེ།། ཐེག་པ་ཆེན་པོ ་སངས་རྒྱས་ཀྱི་གསུང་ཡིན་པ་ཉིད་དུ་གོང་དུ་རབ་ཏུ་བསྙུངས་པའི་ཕྱིར་སིལ་བུའི་མདོའི་ཚིགསུ་བཅད་པ། ལྷན་ཅིག་ཏུ་ནི་སྐྱེ་ཞིང་འགག་ཅེས་བྱ་བ་ལ་སོགས་པ་ཅིའི་ཕྱིར་ཉེ་བར་མ་བཀོད་ཅེ་ན། འདི་ལཱས་རིགོས་པ་དངོསུ་མ་བསྡུ ་པའི་ཕྱིར།། དེ་ལ་ཡང་དག་པ་ཉིད་དོན་ཡིན་ཏེ། འཕགས་པའི་བདེན་པ་བཞིའི་ངོ་བོ་ཉིད་ཡིནོ།། དེ་ལ་དམིགས་པར་བྱེད་པ་ཉིད་དུ་སེམས་འཇུག་པའོ།། བགེག་སུ་རྟག་གྱུར་པ་ནི་ཇི་སྲིད་ཟག་པ་དང་བཅས་པའི་སེམས་ཀུམ་ཏུ་འབྱུང ་བའི་བར་དུའོ།། དེ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་དང་མདོ་སྡེ་པ་རྣམས་ཀྱི་ལྟར་ན་རུས་འགའ་མངོན་དུ་མི་འགྱུར་ཡང་ཐོབ་པ་དང་ས་བོན་གྱི་སྒོ་ནས་ཡང་དག་པ་མཐོང་བའི་བགེགསུ་གྱུར་པས་དུས་ཐམས་ཅད་དུ་ཀུན་ཏུ་འབྱུང་བ་ཡིན་རྣ ་ཞེས་བྱ་སྟེ། གང་གི་ཕྱིར་མངོན་དུ་གྱུར་པ་བཞིན་དུ་བགེགསུ་གྱུར་པ་དེའི་ཚེ་དུས་ཐམས་ཅད་དུ་འབྱུང་བ་ཡིན་པར་ཁས་བླང་བར་བྱའོ་ཞེའོ།། ཐོབ་པ་ནི་རེ་ཞིག་དེ་གསལ་བའི་ཕྱིར་དང་སྔ་མ་དང་ཕྱི་མར་ཡང་ཁྱད་པར་མེད་པ ་ཕྱིར་བགེགསུ་གྱུར་པ་མ་ཡིན་པར་ཡང་རིགས་ན། ས་བོན་གི་ཇི་ལྟར་དེ་འདི་ལྟར་དེ་མ་ཉམས་པ་ནི་ཡང་དག་པར་མཐོང་བའི་བགེ་གསུ་གྱུར་པ་ཡིན་ལ་སྡུག་བསྔལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་ལ་ཉམས་པ་ནི་དེའི ་བགེགསུ་གྱུར་པ་མ་ཡིནོ།། དེ་ཉིད་ཀྱི་ཕྱིར་སློབ་པ་ལ་ས་བོན་ཉམས་པ་ཡོད་པའི་ཕྱིར་སྤྲིན་དང་བཅས་པའི་ཉིན་མོ་གཟུགས་མཐོང་བ་བཞིན་དུ་ཆོས་མཐོང་བ་ཡིན་ག་མི་སློབ་པའི་ནི་སྤངས་པའི་ཕྱིར་སྤྲིན་མེད་པའི་ཉིན་མོ་གཟུ ་མཐོང་བ་བཞིན་དུ་ཆོས་མཐོང་བ་ཡིནོ།། ཡང་ན་མཐོང་བས་སྤང་བར་བྱ་བའི་མི་ཤེས་པ་ཉིད་ཉོན་མོངས་པ་ཅན་གྱི་གནས་སྐབས་དང་དགེ་བ་ཟག་པ་དང་བཅས་པ་དང་ལུང་དུ་མ་བསྟན་པའི་གནས་སྐབས་ནི་མངོན་དུ་གྱུར་པ་དང་། ས་བོན ་གྷི་སྒོ་ནས་ཡང་དག་པར་མཐོང་བའི་གགསུ་གྱུར་པ་ཡིནོ།། དེ་འགུག་སྔོན་ནི་མུནུ་པ་འགགས་ན་སྣང་བ་འབྱུང་བ་བཞིན་དུ་ཡང་དག་པར་མཐོང་བ་འབྱུང་སྟེ། དེའི་ཕྱིར་མ་རིག་པཱའི་ཁྱད་པར་གཞན་བརྟག་པ་མི་བྱའོ་ཞེ་ན། དེ་ནི་རིགས་པ་མ ་ཡིན་ཏེ་གང་ཞིག་མི་གསལ་བའི་ངོ་བོ་ཉིད་ཀྱི་སྒྲིབ་པའི་བདག་ཉིད་ཡིན་པ་དེ་ནི་ཡང་དག་པ་མཐོང་བའི་གྲགསུ་གྱུར་པ་ཡིན་ན། མུན་པ་མངོན་དུ་གྱུར་པ་ནི་སྒྲིབ་པའི་བདག་ཉིད་ཡིན་གྱི་ས་བོན་གྱི་གནས་སྐབས་ནི་མ་ཡིན་ཏེ་ཕྱིའི་མུན ་པ་དང་ཆོས་མཐུན་པསོ།། ཕྱིའི་མུན་པའི་ས་བོན་ནི་མཐོང་བའི་བགེགས་བྱེད་པར་གྲགས་པ་ཡིན།། ས་བོན་ནི་མོ་ཉམ་པ་དང་ཉམས་པཱ་རང་གྲི་འབྲས་བུ་སྐྱེ་བ་དང་མཱི་སྐྱེ་བ་ལ་བྱ་བ་བྱེད་ཀྱི། རིགས་གཞན་གྱི་བགེགས་བྱེད་པོ་ལ་ནི་མ ་ཡིན་ནོ།། སྐལ་བ་མ་ཉམས་པའི་རྒྱུ་མ་བསགས་པ་ཉིད་དང་། བསགས་པོ་ཉིད་ཀྱིས་ཡོངསུ་མ་རྒྱས་པའི་ཕྱིར་དང་། ཡོངསུ་སྨིན་པའི་ཕྱིར་སྤྲིན་དང་བཅས་པ་དང་སྤྲིན་མེད་པར་ཉིན་མོ་གཟུགས་མཐོང་བ་བཞིན་དུ་སློབ་པ་དང་མི་སློབ་པ ་ལྟ་བ་དག་གིས་ཆོས་མཐོང་བ་ཡིན་གྱི་ས་བོན་བགེག་སུ་གྱུར་པའི་ཕྱིར་ནི་མ་ཡིན།། འོ་ན་ནི་དགེ་བའི་ས་བོན་ཡོངསུ་མ་རྒྱས་པ་དང་ཡོངསུ་རྒྱས་པ་དེ་ཉིད་ལས་ཡང་དག་པ་མ་མཐོང་བ་དང ་སོ་པར་འགྱུརརོ་ཞེ་ན། དེ་ནི་མ་ཡིན་ཏེ་མི་ཤེས་པ་ཀུན་ཏུ་འབྱུང་བའི་གནས་སྐབས་པ་མཐོང་བའི་བགེགས་བྱེད་པ་ཡིན།། ཞེས་དེ་ནི་བཤད་ཟིན་ཏོ།། བགེགས་བྱེད་པ་མེད་ན་ནི། དགེ་བ་ཟག་པ་དང་བཅས་པའི་སེམས་པ་ཆུང་ངུསུ ་ཡང་དག་པར་མཐོང་བའི་ཕྱིར་ཉོན་མོངས་པ་ཟད་པར་འགྱུར་རོ།། དེ་ལྔ་བས་ན་རྟག་ཏུ་ཀུན་ཏུ་འབྱུང་བའི་མི་ཤེས་པས་ཁས་བླང་བར་བྱའོ།། དེ་ཡང་རྣམ་པར་ཤེས་པ་གཞན་མེད་པ་མ་ཡིན་ཏེ། དགེ་བ་དང་ལུང་དུ་མ་བསྟེན་པའི ་གནས་སྐབས་ན་དེ་མི་སྲིད་པརརོ་ཐལ་བར་འགྱུར་བའི་ཕྱིརརོ།། དེའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ནི་གྲུབ་པ་ཡིནོ།། ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཉོན་མོངས་པ་ཅན་ཉིད་ཀྱིས་ཡང་དག་པ་མཐོང་བ་ལ ་སྒྲིབ་པའི་ཕྱིར་བསྒྲིབས་པ་སྟེ། གཟུགས་དང་གཟུགས་མེད་པ་ནི་སྤྱོད་པའི་ཉོན་མོངས་པ་བཞིན་དུ་དུས་ཐམས་ཅད་དུ་ལྡན་པའི་ཕྱིརརོ།། དུས་ཐམས་ཅད་དུ་ལྡན་པ་ཉིད་ནི་ཁ་ནང་དུ་བལྟས་པ་ཉིད་ཀྱིས་ཕྲ་བའི་མི་འགལ་བསོ ་དགེ་པ་དང་མི་འགལ་བའི་ཕྱིར་ལུང་དུ་མ་བསྟན་པ་ཡིན་ཏེ། དཔེར་ན་གཟུགས་དང་གཟུགས་མེད་པ་ནི་སྤྱོད་པའི་ཉོན་མོངས་པ་ཞིག་ནས་དང་མཐུན་པ་ལུང་དུ་མ་བསྟན་པ་དེ་དང་འདྲའོ།། ཞར་ལ་འོངས་པ་རྫོགསོ།། ། ་དཀྱུས་མ་ཉིད་ཀྱི་དབང་དུ་མཛད་ནས་སེམས་ཀྱི་ལུས་གསུམ་པ་ཞེས་བྱ་བ་སྨོས་ཏེ། བསྟན་པའི་སྒོ་ནས་གསུམ་པ་ཉིད་མ་ཡིན་གྱི་འོན་ཀྱང་བཤད་པའི་སྒོ་ནས་ཡི་ནོ།། ཀུན་གཞིའི་རྣམ་པར་ཤེས་པ་མ་གཏོགས་པར་ཞེས་བྱ་བ་ནི། ་འཇུག་པའི་རྒྱུ་མཚན་ཐུན་མོ་མ་ཡིན་པའི་དབང་དུ་མཛད་ནས། གསུངས་པ་ཡིནོ།། སེམས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལས་གཞན་པའི་དོན་བརྗོད་པར་བྱེད་པ་ཡིན་ཏེ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བའི ་ཚིག་འདིའི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་བསྒྲུབས་པའི་ཡིད་ཅེས་བྱ་བ་དང་འདྲའོ།། གཏན་ཚིགས་དེ་ཉིད་ཀྱི་ཕྱིར་ཡིད་ཀྱང་དོན་གཞན་བརྗོད་པར་བྱེད་པ་ཡིན་ཏོ།། རྣམ་པར་ཤེས་པ་ཞེས་བྱ་བ་བཞི་ནོ།། ཀུན་གཞིའི ་རྣམ་པར་ཤེས་པ་གྲུབ་པ་དེ་ཅིར་དགོས་ཤེ་ན། དེའི་ཕྱིར་ས་བོན་ཐམས་ཅད་པ་དེ་ལས་ཡིད་དང་རྣམ་པར་ཤེས་པ་འབྱུང་ཞེས་བྱ་བ་སྨོ་སོ།། ད་ནི་ཆོས་ཀྱི་བགོ་ཆགས་ཀྱི་ས་བོན་བསགས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས ་པས་རྒྱུ་མཚན་ཐུན་མོང་མ་ཡིན་པ་དེ་སྟོན་ཏོ།། སྣ་ཚོགས་ཉིད་དང་སེམས་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་ཉེ་བར་མ་བཀོད་དེ། གང་ཚེ་སེམས་ཞེས་བྱ་བའི་སྒྲ་སེམས་དང་སེམས་ལས་བྱུང་བ་དང་སེམས་དང་ལྡནྡ་པ་མ་སྟི ་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལ་སྦྱོར་བ་དེའི་རྒྱུ་མཚན་ཐུན་མོང་ལ་བརྟེན་ཏོ།། ཡང་ཅིའི་ཕྱིར་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་རྣམ་གྲོངས་སྟོན་པ་ཡིན།། ཤེས་བྱ་ཕྲ་མོ་བསྡུ་བའི་ཕྱིར་ཞེས་བྱ་བ་ནི་ཤེས་བྱ ་ནི་རྣམ་པ་གཉིས་ཏེ། ཕྲ་མོ་དང་རགས་པའོ།། ཕྲ་མོ་ནི་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཆོས་ལ་བདག་མེད་པ་དང་། རང་གི་མཚན་ཉིད་ཀྱི་སྒོ་ནས་ཤེས་པར་དཀའ་བ་ཉིད་ཀྱིས་ཀུན་གཞིའི ་རྣམ་པར་ཤེས་པའོ།། རགས་པ་ནི་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་གང་ཟག་ལ་བདག་མེད་པ་དང་། རཛྲྀ་གི་མཚན་ཉིད་ཀྱི་སྒོ་ནས་གཟུགས་ལ་སོགས་པའོ།། དེ་ལ་ཉན་ཐོས་རྣམས་ནི་སྤྱིའི་མཚན་ཉིད་དང་རང་གི་མཚན་ཉིད ་རགས་པ་ཐོས་པ་དང་བསམས་པ་དག་གིས་གོམས་པར་བྱས་ནས་གོ་རིམ་བཞིན་དུ་འཕགས་པའི་ལམ་དང་དེའི་རྗེས་ལ་ཐོབ་པའི་ཤེས་པས་མངོན་སུམ་དུ་བྱ་བར་ནུས་ཏེ། དེའི་ཕྱིར་དེ་རྣམས་ལ་དེ་ཁོ་ན་བསྟན་ཏོ།། ཅིའི ་ཕྱིར་ཞེ་ན། ཤེས་པ་ནི་ཞར་ཡིན་པའི་ཕྱིར་ལ་མྱ་ངན་ལས་འདས་པ་ནཱི་གཙོ་པོ་ཡིན་པའི་ཕྱིརརོ།། དེ་ཉིད་ཤེས་བྱ་ཐམས་ཅད་ཤེས་པ་ལ་རྟོགས་པ་མ་ཡིནོ་ཞེས་བྱ་བས་སྟོན་ཏེ། དེ་བས་ན་དེ་དག་ནི་བློ་མི་གསལ་བའི་ཕྱིར ་བྱ་ཐམས་ཅད་ཤེས་པས་རྟོགས་པོར་བྱ་བའི་ཕྱིར་ཞུགས་པ་མ་ཡིན་གྱི་རགས་པ་ཁོ་ནི་ཤེས་པར་ནུས་ལ་དེ་ཙམ་གྱིས་དེ་དག་གི་རྣམ་པར་གྲོལ་བ་འགྲུབ་པའོ།། དེའི་ཕྱིར་དེ་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་དོན་དེ་ཉིད ་སྟོན་ཏོ།། བྱང་ཆུབ་སེམས་དཔའ་རྣམས་ནི་ཞེས་བྱ་བ་ནི་སྤངས་པ་ནི་མེ་ན་མེད་པ་ཡིན་པའི་ཕྱིར་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་གཙོ་བོ་ཡིན་པའི་ཕྱིརརོ།། ནུས་པ་ཡང་ཡོད་ལ་དོན་དུ་ཡང་གཉེར་བའི་ཕྱིར་ཤེས ་བྱ་ཐམས་ཅད་ཤེས་པ་ལ་གཏོགས་པ་ཡིན་ནོ།། དེའི་ཕྱིར་འཕགས་པའི་ལམ་གྱིས་སྤྱིའི་མཚན་ཉིད་རགས་པ་དང་ཕྲ་མོ་དང་། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་རང་གི་མཚན་ཉིད་རགས་པ་དང་ཕྲ་མོ་མངོན་སུམ་དུ་བྱས ་ནོས་དགོས་པའི་གཙོ་བོ་མ་ཐོབ་པར་འཁོར་བ་ཉིད་ནི་ཡོང་སུ་རྒྱུའོ།། དེ་བས་ན་དེའི་ཕྱིར་དེ་དག་ལ་དེ་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གང་ཁོ་ན་ཐོས་པ་དང་བསམ་པ་དག་གིས་ཡུལ་དུ་བྱས་པོ་དེ ་ཁོ་ན་ཕྱིས་མངོན་སུམ་དུ་བྱེད།། ཉན་ཐོས་ཀྱི་ཐེག་པ་དང་ཐུན་མོང་མ་ཡིན་པའི་དབང་དུ་མཛད་ནས།། ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་ཡིན་ནོ།། ཀུན་གཞིའི་ལ་ཀུན་ཏུ་དགའ་བ་ནིས་བྱ་བ ་ལ་སོགས་པ་ཚིག་བཞི་ནི་རྣམ་གྲངས་ཙམ་དུ་ཟད་དེ། དབང་པོ་རྟུལ་པོ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་རམྦ། གདུལ་བ་འགའ་ཞིག་རྣམ་གྲངས་འགའ་ཞིག་གིས་དོན་གྲགས་པ་རྟོགས་པར་བྱ་བའི་ཕྱིར་རམ་གདུལ་བ་རྣམས་ལ་སོ་ས ་དག་པར་རིག་པའི་ས་བོན་བསྐྱེད་པའི་ཕྱིརརོ།། ཡང་ན་ཀུན་གཞི་ལ་ཀུན་ཏུ་དགའ་བ་ཞེས་པ་པོ་ནི་བསྟན་པ་ཡིནོ།། ལྷག་མ་ནི་དུས་ཀྱི་ཁྱད་པར་གྱིས་དེའི་བཤད་པ་ཡིནོ།། འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་ཡུལ་གྱི། ཁྱད་པར ་གྱི་གོ་རིམ་བཞིན་ནོ།། ཡང་ན་འདོད་པ་དང་གཟུགས་དང་། གཟུགས་མེད་པའི་བྱེ་བྲག་གིས་ཚིག་གསུམ་གོ་རིམས་བཞིན་དུ་དེའི་དཤད་པ་ཡིན།། ཡང་ན་ངན་སོང་གི་འགྲོ་བ་དང་ལྷ་མ་ཡིན་གྱི་འགྲོ་བ་དང་། ལྷའི་འགྲོ་བ་ལས་བརྩམ ་ནས་ཚིག་གསུམ་གོ་རིམ་བཞིན་དུ་བཤད་པ་ཡིན་ནོ།། གོ་རིམ་བཞིན་དུ་འཕེན་པར་བྱེད་པ་དང་། རྟོགས་པར་བྱེད་པ། ཡི་དྭགས་དང་ལྷའི་འགྲོ་བས་བསྡུས་པ་དག་གིས་མངོན་པར་གྲུབ་པའི་ཕྱིར ་ལྷ་མ་ཡིན་གྱི་འགྲོ་བ་གཞན་དུ་རྣམ་པར་བཞགོ། ཡང་ན་མངལ་ནས་སྐྱེ་བ་དང་སྒོ་བ་ལས་སྐྱེ་བ་དང་དྲོད་གཤེར་ལས་སྐྱེ་བ་དང་། རྫས་ཏེ་སྐྱེ་བའི་སྤྱི་གནསོ་ཀྱི་དབང་དུ་མཛད་ནས་ཚིག་བཞི་གོ་རིམ་བཞིནོ།། ཡང་ན་འདོད་པ་ན་སྤྱོད་པ་དང་། ་གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲེད་པ་དང་། འཇིགས་པའི་སྲེད་པ་ལས་བརྩམས་ནས།། ཡང་ན་ཕྱིན་ཅི་ལོགས་བཞི་ལས་བརྩམོས་ནས།། ཉན་འདོད་ལ་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་ནི། སྐྱེས་བུ་དམ་པ་ལ་བརྟེན་པོ་དང་། ཐོས ་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་དུ་མཛད་ནས་གོ་རིམ་བཞི་ནོ།། དེ་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་ནི་གསུམ་གྱི་སྦྱོར་བ་ཡིནོ།། ཡོངན་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཁྱད་པར་ཡིན་ནོ།། ཡང་ན ་བསྙེན་བཀུར་བྱེད་པའི་གནས་སྐབས་ན་སྐྱེས་ནས་ཐོབ་པའི་ཤེས་རབ་ཡིན།། ཆོས་ཀྱི་ཅེས་མཐུན་པའི་ཆོས་ཤེས་བྱ་བ་ལ་ཆོ་ནི་བདེན་པ་མཐོང་ངོའོ།། རྗེས་མཐུན་པའི་ཆོས་མི་རོལ་མོ།། པ་གཅིག་ཏུ་ན་ཆོས་ནི་མི་སློབ་པའི་ལམ ་སུ་མཐུན་པའི་ཆོས་ནི་སློབ་པའི་ལམ་མོ།། རྣམ་པ་གཅིག་ཏུ་ན་ཆོས་ནི་དོན་དམ་པ་མྱ་ངན་ལས་འདས་པའོ།། རྗེསུ་མཐུན་པའི་ཆོས་ནི་ཟག་པ་མེད་པའི་ལམ་ཐམས་ཅདའོ།། པའི་ཚིག་སྨོས་པ་ནི། ལུངས་ས ་ལས་འཐུང་བའི་ཕྱིར།། རྩ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པ་ཤེས་པ་གཞན་བསྟན་པ་ཞིག་ཡིན་ཞེས་བྱ་བ་དེ་ལྟར་རྟོག་སོ།། དེ་ནི་ཀུན་ཏུ་རྟོག་པ་ཙམ་དུ་ཟད་དེ་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུད་གཞན་ཉིད་མི་རུང་བའི་ཕྱིར་རིག ་གི་རྣམ་པར་ཤེས་པའི་རྒྱུད་གཞན་བཞིན་ནོ།། རྩ་བ་ལ་བརྟེན་པའི་ཤིང་ལྗོན་པ་བཞིནོ་ཞེས་བྱ་བ་ནི། དེ་ལས་གཞན་པའི་རྣམ་པར་ཤེས་པ་རྣམས་ཀྱི་རྩ་བར་གྱུར་པའི་ཕྱིརརོ།། འཁོར་བ་ཇི་སྲིད་པའི་ཞེས་བྱ་བ་ནི་ལ་ལ་ནི་ཇི་སྲིད་འཚོའི་བར་དུ་འཇུག་སྟེ་དཔེར ་ན་སྲོག་ལྟ་བུའོ།། ལ་ལ་ནི་སྐད་ཅིག་ཙམ་སྟེ་དཔེར་ན་འཇུག་པའི་རྣམ་པར་ཤེས་པ་ལྟ་བུའོ།། ཀུན་གཞིའི་རྣམ་པར་ཤེས་པ་ནི་མྱ་ངན་ལུས་འདས་པའི་བར་དུ་འཇུག་གོ།། ལ་ལར་རེས་འགའ་ཞེས་བྱ་བ་ནི་གཟུགས་མེད་པཱའི་ཁམས་དང་། འགོད ་པ་ལ་སོགས་པའི་སྙོམས་པར་འཇུག་པའི་གནས་སྐབས་ནུ་གོ་རིམ་བཞིན་དུ་གཟུགས་དང་སེམས་ངག་གི་རྒྱུ་འཆད་པ་མཐོང་བའི་ཕྱིར།། འདི་ལ་དེ་དག་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཁྱད་པར་ཞིག་འཁོར་བ་ཇི་སྲིད་པ་ཡིན་པ་ཉིད་དུ ་རྟོགས་ཏེ། ལྡན་པ་མ་ཡིན་པ་རྣམས་བསལ་བའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ།། གང་ཤེས་བྱའི་གནས་ཞེས་བྱ་བ་ངོ་བོ་ཉིད་བསྟན་པ་དང་། ལེན་པའི་རྣམ་པར་ཤེས་པ་ལ་སོགས་པ་ཞར་ལོ་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་རྣམ ་གྲངས་བརྗོད་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་ཐུན་མོང་གི་ཚིག་གསུམ་དང་། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ་ཞེས་བྱ་བ་ཐུན་མོང་མ་ཡིན་པར་བཤད་པར་བྱ་བའི་རྣམ་གྲངས་བསྟན་པས་ནི་དེ་འཇུག་སྡུང་པོ་ཡིནོ།། དང་འཁོར་བ་ཇི་སྲིད ་པའི་ཕུང་པོ་ཉིད་ཅེས་བྱ་བ་ལ་དང་ཞེས་བྱ་བའི་སྒྲ་ནི་གོང་མ་རྣམས་བསྡུ་བའི་དོན་ཏོ།། ཡང་ན་སྡེ་པ་བཞན་དག་འདོན་པ་བསྡུ་བའི་ཕྱིར་ཏེ། དཔེར་ན་མང་པོས་བཀུར་བའི་སྡེ་རྣམས་མིག་ལ་སོགས་པའི་རྣམ་པར ་པ་དྲུག་བསྟན་ནས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་སྟོན་པ་ལྟ་བུ་དང་། གོནས་བསྟན་པ་རྣམས་དེ་ཁོ་ན་བཞིན་དུ་བསྟན་ནས་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་སྐྱོན་པ་ལྟ་བུ་སྟེ། དེ་དག་ཀྱང་རྣམ་པར་ཤེས་པ་དྲུག་ལས་རིགས་གཞན་དུ ་གྱུར་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཡིནོ།། ལམ་པོ་ཆེ་བསྟོད་པ་ཁོ་ན་ཡིན་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་ཆེན་པོའི་གཤེགས་ཤུལ་ལོང་བ་རྣམས་ཀྱིས་མི་མཐོང་ཞིང་མི་ངན་པས་བགྲོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་ཀུན་གཞིའི ་རྣམ་པར་ཤེས་པ་སྐལ་པ་མེད་པ་རྣམས་ཀྱི་ཡུལ་མ་ཡིན་པའམ། དཔེར་ན་འཁོར་ལོས་སྦྱོར་བའི་རྒྱལ་པོ་ཆེན་པོ་གཤེགས་ཤུལ་གསེར་གྱི་བྱེ་མས་གཡོགས་པ་དེ་དབང་ཐང་མེད་པ་རྣམས་ལྔ་མི་སྨང་པོ་ལྟར་འདི་ཡང་དེ་དང་འདྲའོ།། རྩོད་པའི ་དབང་དུ་མཛད་ནས་འདིར་ཚིག་འབྲུ་ཐ་དད་དྭེ་ཞེས་བྱ་བ་སྨོས།། སྔར་བཤད་པ་རྣམ་པ་དྲུག་གླི་ནཱི་མིང་ཁྱད་པར་ཡོད་པ་ཉིད་འབའ་ཞིག་ཏུ་བྱེད་དོ་ཞེས་སྟོན་པར་བྱེད་དེ་ཚིག་འབྲུ་ནི་མིང་གི་རྟེན་ཡིན་པའི་ཕྱི་རོ།། ཡིད་དང་རྣམ་པར་ཤེས་པ་གཉིས ་ངན་ཐ་དད་པར་དམིགས་པའི་ཕྱིར་ཞེས་བྱ་བ་ནི་དེ་དག་གི་གཞུང་ལུགས་ཉིད་ཀྱིས་འདས་པ་ཡིད་དེ་རྒྱུར་གྱུར་པ་ཡིན་པ་ལ་ད་ལྟར་བྱུང་བ་ནི་རྣམ་པར་ཤེས་པོ་སྟེ་འབྲས་བུར་གྱུར་པ་ཡིན།། དེ་ལྟ་བས་ནོ་སེམས་ཞེས་བྱ་བའི་སྒྲ་ནི་རྣམ་པར་ཤེས་པ ་ལས་དུན་གའནྡྷ་རྨྱང་བར་བྱེད་ཡིནཿ། ཚིག་དེ་དག་གི་ཕྱོགས་གཅིག་སྦྱིན་པ་ར་ཡིད་བྱུང་བམྦྷ་བྱཱནྡྷ་ནྟུ།། མ་འདུས་པསམ་མན་པར་རླུན་པ་རླ་བས་བུ་དྨ་སང་མ་ནུས་ཏེ། ངས་པའི་ཚིག་སྣང་བ་འགྱུརརོ།། ཡང་ན་དོ་བྷྱ་། ་པར་དམིགས་པའི་ཕྱིརརོ་ཞེས་བྱ་བ་ནི་སྔར་བསྒྲུབས་པའི་ཚད་མའི་ལུགས་ཀྱི་དེ་སྐད་དུ་བརྗོད་པ་ཡི་ནོ།། ཡང་ཁ་ཅིག་ནི་ཞེས་བྱ་བ་ནི་བཙུན་པ་དབྱིག་པ་ཤེས།། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ཅེས་བྱ་བ་ནི། དེའི་ལྟ་བ་ལོ་གྲག་སྨྲ་ཀུན་གཞིའི ་རྣམ་པར་ཤེས་པ་ལོ་མ་གཏོགས་པ་གང་དག་ཡིན་པའོ།། གཞན་དག་ཅེས་བྱ་བ་ནི་བཙུན་པ་མེའུ་ཐུང་སྟེ། འདོད་ཆགས་དང་བཅས་པ་ཞེས་བྱ་བ་ནི་འདོད་ཆགས་དང་མཚུངས་པར་ལྡན་པའོ།། ཡང་ན་འདོད་ཆགས་དང་དུས་མཉམ་པ་སྟེ། ཕྱོག ་འདི་ལ་ནི་འདོད་ཆགས་ལ་དམིགས་པར་བྱེད་པ་ཡང་བསྡུའོ།། གཞན་དགྲ་ཅེས་བྱ་བ་ནི་བཙུན་པ་དབྱིངས་སྒྲོགས་ཏེ། དེ་ན་དེ་དག་གསུམ་ཆརོ་ཡང་འདོད་ཆགས་ཀྱི་རང་གིར་བྱེད་པའི་ཕྱིར་ཀུན་གཞི་ཞེས་བྱའོ།། ལུང་དང་ཞེས་བྱ་བ་ནི། དེ་ལོས ་རྣམ་པར་ཕྱེ་སྟེ་བསྟན་པའི་ཕྱིརརོ།། རྟོགས་པས་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་དགྲོས་པ་རྟོགས་པའི་ཕྱིར་དང་། དེའི་རྗེས་ལ་ཐོད་པའི་ཤེས་པས་རང་གི་མཚན་ཉིད་གཟུགས་ལ་སྤོགས་པ་རགས་པ་ཁོ་ན་རྟོགས་ཀྱི་ཕྲ་མོ་ནི་མ་ཡིན་པསོ།། ན ་ཐོས་ཀྱི་ཐེག་པ་རྣམ་པར་བཞག་པ་ནི་ཤེས་པ་རགསོ་པའི་དབང་དུ་མཛད་པ་ཡིན་པས་དེ་དག་གི་ཡོངསུ་རྟོགས་པ་དེ་ཡང་ཤེས་བྱ་རགས་པ་ལ་ཞུགས་པ་རྣམས་ལ་རུང་བ་ཉིད་དོ།། ཆེས་བཟང་ཞེས་བྱ་བ་ནི། ཉིང་མཚམས་སྦྱོར་བར་བྱེད ་པ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིརརོ།། དེ་ཡང་གཞན་གྱི་ལྟ་བ་ལ་མི་སྲིད་པ་དང་། རང་གི་ལྟ་བ་ལ་སྲིད་པས་སྒྲུབ་པར་མཛད་དེ། འདི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ལྟ་བ ་ལ་མི་སྲིད་པར་སྟེན་པ་ཡིན་ནོ།། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་འཕྱོན་པར་བྱེད་པ་དང་རྫོགས་པར་བྱེད་པའི་ལུས་མི་དགེ་བ་ཁྲོ་ན་དམྱལ་བ་རྣམསུ་ལུས་འགྲུབ་པའི་ཕྱིར།། རྣམ་པར་སྨིན་པ་ལས་སྐྱེས་པོའི་ཚོར་བ་སྙིམ་པ་དང་བདེ་བ་ཡང ་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མེདོ།། མནར་མེད་པ་མ་གཏོགས་པ་ཚོ་བ་དང་གྲང་བ་དག་ན་ནི་རླུང་བསིལ་བ་དང་དྲོ་བའི་རེག་པོས་རྒྱུ་མཐུན་པ་ལས་བྱུང་བའི་བདེ་བ་ཡོད་དེ།། ཡཾ་དྭགས་དང་དུད་འགྲོ་དག་ན་ནི། མི་དགེ་བ་ཁོ་ནས ་འཕངས་མོད་ཀྱི་རེས་འགའ་ཞིག་ལ་ལར་རྫོགས་པར་བྱེད་པ་དགེ་བ་ཡིན་པས་རྣམ་པར་སྨིན་པ་ལས་སྐྱེས་པ་བདེ་བ་དང་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་ཡོད།། དེ་ལྟ་བས་ན་མནར་མེད་པ་ནི་ཤིན་ཏུ་སྡུག་བསྔལ་བའི ་ངན་འགྲོ་ཡིནོ།། མདོ་སྡེ་པ་རྣམས་ཀྱི་ལྟར་ནཱ། མཱནར་མཽང་པཱ་མ་གཏོགས་པཱ་དམྱལཱ་པཱ་དགུན་ཡང་རྒྱུ་མཐུན་པ་ལས་བྱུང་བའི་བདེ་བ་མེ་དེ། རླུང་གི་རིག་པས་ནི་སྡུག་བསྔལ་ཉེ་བར་ཞི་བ་ཙམ་འབའ་ཞིག་ཏུ་ཟད།། བདེ་བ་ཡང་མ་ཡིན ་སྡུག་བསྔལ་ཡང་མ་ཡིན་པ་ནི་ཡོད་མེད་ཀྱི། མི་དགའ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་དེ་ནི་འདོད་ཚོགས་དང་མཐུན་པ་མ་ཡིནོ།། ཡི་དྭགས་དང་ངད་འགྲོ་ཁ་ཅིག་ན་ཡང་དེ་དང་འདྲའོ།། དེ་ལྟ་བས་ན་གཉི་ག་ལ་གྲགས་པའི་ཉེ་བར ་ལེན་པའི་ཕུང་པོ་དེ་དག་ལ་འདོད་ཆགས་ཀྱི་སྦྱོར་བ་མེད་དེ། དེ་དགུ་དང་འབྲལ་བར་འདོད་པའི་ཕྱིརརོ།། བསམ་གཏན་བཞི་པ་ཡན་ཆད་ཅེས་བྱ་བ་ལ་སོགས་པ་ནི་མདོ་སྡེ་པ་ཁ་ཅིག་ནི་བསམ་གཏན་བཞི་པའི་བར་ལ་མིག་ལ་སོགས་པའི་རྣམ ་པར་ཤེས་པ་སྲིད་པའི་ཕྱིར་བདེ་བ་དང་སྡུག་བསྔལ་ཡོད་ལ། སྲིད་པའི་རྩེ་མོའི་བར་ལ་ཡིད་ཀྱི་རྣམ་པར་ཤེས་པ་སྲིད་པའི་ཕྱིར་ཡིད་བདེ་བ་ཡོད་པར་འདོད་དོ།། དེ་དག་གི་ལྟ་བ་དེ་ནི་མཐར་གྱིས་སྐེམས་པར་འཇུག་པ་བསྟན་པའི་མདོ་ལ་སོགས ་པ་དང་འགལ་བའི་ཕྱི་རོ་གོང་མ་ལ་མེད་དེ་ཞེས་བྱ་བའོ།། དེ་དང་ལྡན་པ་ཞེས་བྱ་བ་ནི། བསམ་གཏན་བཞི་པ་ལ་སོགས་པ་དང་ལྡན་པའོ།། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ལ་འཇིག་ཚོགས་ལ་ལྟ་བ་ནི་རྣམ་པ་གཉིས་ཏེ། ཀུན ་བརྟགས་པ་གང་ཡིན་པ་དེ་ནི་སློབ་པ་རྣམས་ཀྱི་ནི་སྦྱངས་པའི་ཕྱིར་ལ། སྦྱོར་པོའི་ལམ་ལ་གནས་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་ཀུན་ཏུ་མི་འབྱུང་བའི་ཕྱིར་མི་མཐུན་པ་ཡིན།། ལྷན་ཅིག་སྐྱེས་པ་ནི་གཉི་ག་ལ་ཀུན་ཏུ་འབྱུང་མོད་ཀྱི་བདག ་མེད་པ་ལ་མོས་པའི་ཕྱིར་དེ་ལ་ཚིགས་པ་ནི་མ་ཡི་ནོ།། རང་གི་ལྟོ་བ་ལ་སྲིང་པའི་དབང་དུ་མཛད་ནས། ཀུན་གཞིའི་རྣམ་པར་ཤེས་པ་ལ་ཞེས་བྱ་བྷཱ་ལ་སེགོས་པ་སྨོས་སོ།། ནང་གི་ཞེས་བྱ་བ་ལ་ནཱི་ནང་བུའོ།། རྣམ་པར་གཞུག་པར་འདོད ་པར་ནི་ནམ་ཡང་མི་འགྱུརརོ་ཞེས་བྱ་བ་ནི་བཏང་སྙོམས་ཀྱི་ཚོར་བ་དང་མཚུངས་པར་ལྡན་པས་མི་མཐུན་པ་མེད་པའི་ཕྱིརརོ།། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་འདི་དག་རྣམ་གྲངས་མེད་པར་མིད་ཀྱང་ཅི་མ་རུང་སྙམ་དུ་སེམས་ཀྱིས། བདག་ཉིད ་མེད་ཀྱང་ཅི་མ་རུང་སྙམ་དུ་ནི་མ་ཡིན་ཏེ། བདག་ཏུ་ལྟ་བའི་གཉེན་པོ་མེད་པའི་ཕྱིར་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་འདོད་ཆགས་ཀྱང་འདི་ལ་སྦྱོར་བསོ།། ཡང་ཇི་ལྟར་མི་དགེ་བའི ་ལས་ཀྱི་འབྲས་བུ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡང་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། འདིར་སྡེ་པའི་ལྟ་བ་ལྟ་བུ་ནི་མ་ཡིནོ།། འདིར་ནི་བདེ་བ་དང་ཡིད་བདེ་བ་ནི་དགེ་བའི་ལུས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན། ་ལ། སྡུག་བསྔལ་དང་ཡིད་མི་བདེ་བ་ནི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན།། བདེ་བ་ཡང་མ་ཡིནི་སྡུག་བསྔལ་ཡང་མ་ཡིན་པ་ནི།། གཉི་གའི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན།། མི་དགེ་བའི་རྣམ་པར་སྨིན་པ་ལས ་སྐྱེས་པ་གང་ཡིན་པ་དྲི་ནི། མི་དགེ་བའི་རྣམ་པ་ཅན་ཉིད་མ་ཡིན་ཏེ། མི་གསལ་བས་དྲི་ལ་ཉོན་མོངས་པ་ཅན་གྱི་ཡིད་སྦྱོར་བར་སྲིད།། རྣམ་གྲངས་བསྟན་པ་རྫོགསོ།། །། ད་ནི་མཚན་ཉིད ་རྣམ་པར་བཞག་པའི་སྐབས་ལ་བབ་བོ།། འདིར་ཡང་དངོས་པོ་བདུན་ཉེ་བར་བཀོད་དེ། མཚན་ཉིད་དང་། བག་ཆགས་དང་། དེའི་དེ་ཉིད་དང་། གཞན་ཉིད་དང་། ཕན་ཚུན་དུ་རྐྱེན་ཉིད་དང་། སྣ་ཚོགས་དང་སྣ་ཚོགས་མཱ་ལྕི་བ་ཉིད ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྐྱེན་རྣམ་པར་བཞག་པའོ།། འདི་ཐམས་ཅད་ནི་མཚན་ཉིད་ཀྱི་ཞར་ལ་ཡིན་པའི་ཕྱིར་མཚན་ཉིད་དུ་རྣམ་པར་བཞག་གོ།། དངོས་པོ་དང་པོའི་དབང་དུ་མཛད་ནས། དེ་ནས་འདིའི་མཚན་ཉིད་རྣམ་པ ་བཞག་པ་ཇི་ལྟར་ཞེས་བྱ་བ་སྨོས་སོ།། མདོར་བསྡུ་ན་ཞེས་བྱ་བ་ནི་རྒྱས་པར་ནི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཇི་སྐད་འབྱུང་བ་བཞིན་ནོ།། དེ་ལ་རང་གི་མཚན་ཉིད་ནི་ཁ་ཅིག་ནར་གང་ལ་རྒྱུ་ས་བོན་ཡོངསུ་མ་སྨིན་པ་དང་། ས་བོན ་ཡོང་སུ་སྨིན་པ་ཡོང་པོ་དེ་ནི་གཞན་གྱི་དབང་རྟེན་ཅིང་འབྲེལ་པར་འབྱུང་བའི་ས་བོན་ཡིན་ཏེ། གཞན་གྱི་དབང་དེ་ནི་འབྲས་བུ་ཡིན་ནོ་ཞེས་ཟེར་རོ།། དེ་སྐྱེ་བའི་རྒྱུ་མཚན་ཉིད་དོ་ཞེས་འབྱུང་བའི་ཕྱིར་དེ་ནི་རུང་བ་མ་ཡིན་ཏེ། མ་སྨིན་པ ་ནི་སྐྱེ་བའི་རྒྱུ་མཚན་མ་ཡིན་ནོ།། ཁ་ཅིག་ན་རོ་གཞན་གྱི་དབང་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་གི་མཚན་ཉིད་ནི་འབྲས་བུ་ལ་བལྟོས་ན་ས་བོན་དེ་རྒྱུ་ཡིན་ལ། དེ་ཉིད་བསྒོ་བར་བྱེད་པའི་ཆོས་ལས་བལྟོས་ན་ནི་འབྲས་བུ་ཡིན ་ཞེས་ཟེར་རོ།། དེ་ཡང་རིགས་པ་མ་ཡིན་ཏེ། དེ་སྐྱེ་བའི་རྒྱུ་མཚན་ཉིད་དེ་ཞེས་འབྱུང་བའི་ཕྱིར་དང་། བག་ཆགས་ལ་བརྟེན་ནས་འབྱུང་བ་ཞེས་འབྱུང་བའི་ཕྱིརརོ།། དེ་ལྟ་བོས་ན་ཡོངསུ་སྨིན་པ་དང་ཡོངསུ་མུ་སྨིན་པ་དབྱེ་བ ་མ་བྱས་པར་ས་བོན་གྱི་ཆ་དང་རྣམ་པར་སྨིན་པའི་ཆོ་བསྡུས་ནས་རང་གི་མཚན་ཉིད་ཅེས་བྱ་བ་སྟེ། རྣམ་སྨིན་ས་བོན་ཐམས་ཅད་པ་ཞེས་འབྱུང་བའི་ཕྱིར་དང་། འོགྲོ་ནས་མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་འབྱུང ་བའི་ཕྱིརརོ།། དེ་ཉིད་དེ་ལ་ཀུན་གཞིའི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། བག་ཆགས་ལ་བརྟེན་ནས་ཤེས་བྱ་བ་ནི་འདིར་འབྱུང་བ་ཞེས་བྱ་བ་ཁོང་ནས་དབྱུང་སྟེ། འདིས་ནི་རྣམ་པར་སྨིན་པའི་ཆ་རྟེན་ཅིང ་འབྲེལ་བར་འབྱུང་བ་བཤད་དོ།། དེ་སྐྱེ་བའི་རྒྱུ་མཚན་ཉིད་དོ་ཞེས་བྱ་བ་ནི། དེ་ཉིད་ཀུན་ནས་ཉོན་མོངས་པའི་ཆོས་དེ་རྣམས་སྐྱེ་བའི་རྒྱུ་མཚན་ཉིད་ཡིན་པའོ།། ཡང་ཇི་ལྟར་རྒྱུ་མཚན་ཉིད་ཡིན་ཞེ་ན། ས་བོན ་ཡོངསུ་འཛིན་པ་དང་ལྡན་པས་ཞེས་བྱ་བ་སྨོས་སོ།། འདི་ནི་གཙོ་བོ་ལ་སོགས་པ་རྣམ་པར་དཔྱོད་པའི་ཕྱིརོ་ཏེ། འདི་ལྟར་ས་བོན་ཡོངསུ་འཛིན་པ་དང་ལྡན་པ་ནི་སྐྱེ་བ་དང་ལྡན་པ་རྣམས་དང་ལྷན་ཅིག་སྐྱེ་བ་དང་འགག་པ་དག་གིས་བག་ཆགས ་ཡོངསུ་འཛིན་པ་ཡིན་ནོ།། འདིས་ནི་སོ་བོན་གྱི་ཆ་བསྟན་ཏོ།། དེ་ལ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ནི་འདི་ཡིན་ཏེ། མངོན་པར་བརྗོད་པའི་བག་ཆགས་དང་། སྲིད་པའི་ཡན་ལག་གི་བག་ཆགས་པ་དང་། འཇིག་ཚོགས ་ལ་ལྟ་བའི་བག་ཆགས་སོ།། མངོན་པར་བརྗེད་པའི་བག་ཆགས་ནི་རྒྱུའི་རྐྱེན་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པའི་རང་གི་ངོ་བོ་མངོན་པར་འགྲུབ་པའི་རྒྱུ་ཡིན་པའི་ཕྱིརརོ།། སྲིད་པའི་ཡན་ལག་གི་བག་ཆགས་ནི་བདག་པོའི་རྐྱེན ་ཡིན་ཏེ། བདེ་འགྲོ་དང་ངན་འགྲོར་འགྱུར་བའི་རྒྱུ་ཡིན་པའི་ཕྱིརརོ།། འཇིག་ཚོགས་ལ་ལྟ་བའི་བག་ཆགས་ཀྱང་བདག་པོའི་རྐྱེན་ཡིན་ཏེ། བདག་དང་གཞན་དུ་འབྱེད་པའི་རྒྱུ་ཡིན་པའི་ཕྱིརརོ།། དེ་ལྟ་མ་ཡིན་ན་སེམས་ཅན་ཐམས་ཅད་གཅིག ་ཉིད་དུ་འགྱུརརོ།། ས་བོན་གྱི་ཆ་དེ་ཉིད་རྣམ་པར་ཕྱེ་ནས། ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་རྒྱུའི་མཚན་ཉིད་དུ་བསྟན་ཏོ།། རྣམ་པར་སྨིན་པའི་ཆ་ཡང་གང་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ ་ལ་སོགས་པས་འབྲས་བུ་ཉིད་དུ་བསྟན་ཏོ།། བྲག་ཆགས་ཀྱི་དབང་དུ་མཛད་ནས། བག་ཆགས་ཞེས་བྱ་བ་འདི་ཅི་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་མཐུན་པ་གང་གི་ན་བྲག་ཆགས་ཞེས་བྱ། བག་ཆགས་དེ་ནི་ཅི་ཡིན་ཞེས་དྲི་བ ་གཉིས་ཀྱི་དོན་ཡིན།། བསྒོ་བར་བྱ་བ་ཀུན་གཞིའི་རྣམ་པར་ཤེས་པ་དེ་སྒོ་བར་བྱེད་པའི་ཆོས་རྣམས་དང་ལྷན་ཅིག་སྐྱེ་བ་དང་འགག་པར་གྱུར་ནས་སྒོ་བར་བྱེད་པའི་ཆོས་དེ་རྣམས་ཀྱི་མ་འོངས་པ་སྐྱེ་བའི་རྒྱུ་མཚན་དུ་འགྱུར་པ་ནི་བག་ཆགས ་ཏེ། དཔེར་ན་འཇིག་རྟེན་ན་ཏིལ་རྣམས་མེ་ཏོག་དང་ཕྲད་ནས་ལྷན་ཅིག་སྐྱེ་བ་དང་འགག་པ་ལ་བརྟེན་ནས་དེ་དང་འདྲ་བའི་དྲི་འབྱུང་བའི་རྒྱུ་མཚན་དུ་འགྱུར་བ་ལྟ་བུའམ། དཔེར་ན་བསྟན་བཅོས་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་དང ་མཐུན་པ་འདོད་ཆགས་ལ་སོགས་པ་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པ་མང་དུ་ཐོས་པས་ཡོངསུ་བསྡུས་པ་དྲན་པ་དང་ཤེས་རབ་ལ་སོགས་པ་དང་ལྷན་ཅིག་སྐྱེ་བ་དང་འགག་པར་འགྱུར་བའི་སེམས་དེ་དག་དང་འདྲ་བ་སྐྱེ་བའི ་རྒྱུ་མཚན་དུ་འགྱུར་བ་བག་ཆགས་ཡིན་པ་ལྟ་བུའོ།། འདིརན་ཡང་སྐད་ཅིག་མའི་བྱེ་བྲག་ལ་བསྒོ་བར་བྱ་བ་དང་སྒོ་བར་བྱེད་པ་ཉིད་དགག་པ་འཆད་པར་འགྱུར་བའི་ཕྱིར་རྒྱུན་གྱི་ཚུལ་དུ་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་རྣམ་པར ་བཞག་ལ། རང་གི་ཚོགས་དང་མཚུངས་པར་ལྡན་པས་སེམས་ལ་ཕ་རོལ་བག་ཆགས་ཁས་ལེན་དུ་བཅུག་ལ།། ལྷན་ཅིག་འབྱུང་ཞིང་འགགས་ན་ཞེས་བརྗོད།། དེ་འབྱུང་བའི་རྒྱུ་མཚན་ཉིད་ཅེས་བྱ་བ་ནི། དྲི་བ་གཉིས་པའི ་ལན་ཡིན་ནོ།། སྒོ་བར་བྱེད་པར་མཐུན་པ་ཉིད་ཀྱིས་བག་ཆགས་ཞེས་བྱ་བས་ཤུགས་ཀྱིས་ནི་དྲི་བ་དང་པོའི་ལན་ཡང་ཡི་ནོ།། འདི་ལ་རྣམ་པར་རྟོག་པ་གསུམ་སྟེ། ཁ་ཅིག་ན་རེ་བག་ཆགས་ནི་སྒོ་བར་བྱེད་པ་ལ་མ ་བལྟོས་པར་ཆོས་ཉིད་ཀྱིས་གནས་ལ་འདོད་ཆགསཽ་ལ་སོགས་པ་ལྷན་ཅིག་སྐྱེ་བ་དང་འགག་པས་ནི་ཡོངསུ་གསོ་བ་འབའ་ཞིག་ཏུ་ཟད་ཀྱི་སྐྱེད་པ་ནི་མ་ཡིན།། ཞེས་ཟེར།། དེ་ནི་དེ་ལྟར་ཡིན་ཏེ། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་དང ་འཕགས་པའི་ལམ་སྐྱེ་བའི་རྒྱུ་མཚན་ཉིད་ནི་རང་བཞིན་གྱི་རིགས་ཏེ། རྒྱུའི་རྐྱེན་ཉིད་དུ་བག་ཆགས་ཡིན་པར་ཁས་ལེན་ན། དེ་དག་ནི་ལྷན་ཅིག་སྐྱེ་བ་དང་འགག་པས་རང་གི་བག་ཆགས་སྐྱེད་པར་མི་སྲིད་དེ། ཀུན་གཞིའི་རྣམ་པར་ཤེས ་པ་གཉིས་འཕྲད་པ་མེད་པའི་ཕྱིར་དང་། འཕགས་པའི་ལམ་ཡང་འདྲིས་པ་མ་ཡིན་པའི་ཕྱིརརོ།། ཡེངསུ་གསོ་བར་བྱེད་པ་ནི་མི་འདྲ་བ་ཡང་འགྱུར་བས་དེ་ནི་མི་འགལོ།། གཞན་དག་ནི་ཏིལ་ལ་སོགས་པ་ལ་བག་ཆགས་སྒོ་བར་བྱེད ་པ་ལ་བལྟོས་པ་མཐོང་ནས་སྒོ་བར་བྱེད་པས་སྔོན་མེད་པ་སྐྱེད་པ་དང་། སྒོ་བར་བྱེད་པས་སྔོན་བསྐྱེད་པ་ཡོངསུ་གསོ་བོར་ཡང་འདོད་དེ་ནང་གི་སྐྱེ་མཆོད་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེའི་ཁོངསུ་གཏོགས་པ་ཀུན་གཞིའི་རྣམ་པར ་ཤེས་པ་ལ་ཡང་དམིགས་པར་འདྲ་བས་ཀུན་གཞིའི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་ལ་བག་ཆགས་རྒྱུའི་རྐྱེན་དུ་གྱུར་པ་སྐྱེད་པར་ཡང་སེམས་སོ།། འཕགས་པའི་ལམ་གྱི་རིགས་ཀྱང་ཟག་པ་མེད་པའི་ལམ་གྱི་བདག་ཉིད་མ་ཡིན་གྱི ་འོན་ཀྱང་རྒྱུད་གང་ལ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་ས་བོན་སྒྲུབ་པའི་ཕྱིར་སྤད་དུ་རུང་བ་དེ་ནི་བྱང་ཆུབ་སེམས་དཔའི་རིགས་ཡིན་ལ། གང་ལ་ཉོན་མོངས་པའི་སྒྲིབ་པའི་ས་བོན་ཡོད་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས ་ཡིན། གང་ལ་གཉི་གའི་ས་བོན་ཆེ་བའི་ཕྱིར་སྤང་དུ་མི་རུང་བ་ཡོད་པ་དེ་ནི་རིགས་མེད་པ་ཡིན་ནོ།། འཕགས་པའི་ལམ་གྱི་སྐད་ཅིག་མ་དང་པོ་ལ་ནི་རྒྱུའི་རྐྱེན་མ་དེ།། རྐྱེན་གཞི་ཞེས་བྱ་བ་ནི་ཇི་ལྟར་སྲིད་པར་གསུངས་པའི་ཕྱིར་རོ་ཞེས་ཟེར ་གཞན་དག་ན་རེ་བག་ཆགས་ནི་ཆོས་ཉིད་ཀྱི་གནས་པ་ཡོངསུ་གསོ་བར་བྱ་བ་དང་། སྔོན་མེད་པ་བསྐྱེད་པར་བྱ་བ་ཡང་ཡིན་ཏེ། བསྐྱེད་པའི་བག་ཆགས་དུ་མ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཉིད་ཀྱིས་ཆོས་ཉིད་བག་ཆགས་ཀྱི་བདག་པོའི ་རྐྱེན་ཡིན་ལ། ཆོས་ཉིད་ཀྱི་བག་ཆགས་གང་ཡིན་པ་དང་། སྔོན་མེད་པ་བསྐྱོད་པའི་བག་ཆགས་དུ་མ་ཡོང་བྱེ་བྲག་ཏུ་སྨྲ་བ་བརྟགས་པ་སྒྲོལ་བ་མཉམ་པའི་རྒྱུ་བཞིན་དུ་སྐད་ཅིག་མ་གཅིག་པའི་འབྲས་བུ་སྐྱེ་བའི་ཡང་རྒྱུའི་རྐྱེན་ཉིད་དུ་སེམས ་སོ།། དེ་ལ་རྣམ་པར་རྟོག་པ་དང་པོ་ལ་གླེང་བར་བྱ་སྟེ། འདོད་ཆགས་ལ་སོགས་པ་ནི་ཡོངསུ་གསོ་བ་ཙམ་དུ་ཉེ་བར་གནས་པའི་ཕྱིར་རྒྱུའི་རྐྱེན་དུ་མི་འགྲུབ་སྟེ། དཔེར་ན་ཐདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ལ་འདུ་བྱེད ་རྣམ་པར་ཤེས་པའི་ས་བོན་ཡོངསུ་གསོ་བར་བྱེད་པ་ཡིན་པའི་ཕྱིར་བདག་པོའི་བརྐྱེན་ཉིད་ཡིན་པ་ལྟ་བུའོ།། འོ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་པ་ལ་གང་གི་རྐྱེན་ཅེས་བྱ་ཞེ་ན། བདག་པོའི་རྐྱེན་ཏོ་ཞེས་འབྱུང་བའི་ཡང་ཕྱིར ་ཏེ། དེས་ན་ཀུན་གཞིའི་རྣམ་པར་ཤེས་པ་ཇི་ལྟ་བ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་རྒྱུའི་རྐྱེན་ཡིནོ་ཞེས་བྱ་བ་འདི་འགལ་ལོ།། དེ་ནི་མ་ཡིན་ཏེ། རིགས་པ་མཐུན་པའི་ས་བོན ་ཡོངསུ་གསོས་པས་རྒྱུའི་རྐྱེན་ཉིད་ཡིན་ཏེ། དཔེར་ན་བྱེ་བྲག་ཏུ་སྨྲ་བའི་སྐལ་བ་མཉམ་པའི་རྒྱུ་རྫས་གཞན་ཉིད་སྐལ་བ་མཉམ་པའི་ཕྱིར་རྫུས་གཞན་གྱི་ཡིན་པ་ལྟ་བུའོ།། བདག་པོའི་རྐྱེན་ནི་མི་འདྲ་བའི་བག་ཆགས་ཡོངསུ་གསོས ་པའི་ཕྱིར་ཡིན།། འོན་ཏེ་ཏི་ལི་ལ་སོགས་པ་ལ་དེ་ལྟ་བུ་མ་མཐོང་བའི་ཕྱིར་ཇི་ལྟར་ཆོས་ཉིད་ཀྱིས་གནས་པའི་བག་ཆུགསུ་འགྱུར་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། སྡིག་སྒྱུ་དང་རྡོ་ལ་སོགས་པ་ལ་མེ་ཏོག་དང་ཕྲད་ཀྱང་ངོའི་ངོ་མ ་འཛིན་པ་སྣང་བའི་ཕྱིར་ཏོལ་ལ་སོགས་པ་ལ་ཆོས་ཉིད་ཁོ་ནས་དྲི་འཛིན་པའི་ནུས་པ་ཡོད་དོ་ཞེས་བྱ་བར་ཤེས་སོ།། གཞན་ཡང་སེམས་དང་སེམས་ལས་བྱུང་བ་ལ་མ་གཏོགས་པའི་དངོས་པོ་མེད་པའི་ཕྱིར་ཏི་ལ་ལ་སོགས་པ ་ནི་མེད་པ་ཁོ་ནའི།། འཇིག་རྟེན་གྱི་གྲགས་པར་བག་ཆགས་ཀྱི་རྟེན་ཉིད་དུ་གྲགས་པསྣ་བག་ཆ་གོས་འབྱུང་བ་ལ་སོགས་པའི་དཔེ་ཙམ་དུ་བྱས་པ་འབའོ་ཞིག་ཏུ་ཟད་ན་ཇི་ལྟར་དེ་དང་འདྲ་བར་ཐལ་པོར་འགྱུར། རྣམ་པར་རྟོག ་པ་གཉིས་པ་ལ་ཡང་ཁྭ་ཅིག་གླེང་བ།། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་གཞན་དང་ལྷན་ཅིག་སྐྱེ་བ་དངོ་འགག་པ་མེད་པའི་ཕྱིར་དེ་སྐྱེ་བའི་རྒྱུ་མཚན་གྱི་བག་ཆགསུ་མི་འགྱུར་རོ་ཞེའོ།། ་དམིགས་པ་འདྲ་བའི་ཡིད་ཀྱི་རྣམ་པར་ཤེས་པས་བག་ཆགས་བསྐྱེད་དོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། དམིགས་པ་ནི་རྣམ་པ་གཉིས་ཏེ། སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་རྫས་དང་། ་གཟུགས་ཀྱི་བདག་ཉིད་རྫ་སུ་མེད་པའོ།། དེ་ལ་སེམས་དང་སེམས་ལས་བྱུང་བ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེས་ནི། དེ་དག་ཁོ་ན་བསྐྱེད་པར་བྱ་བའི་ཕྱིར་བག་ཆགས་སྐྱེད་ལ། གཟུགས་ལ ་དམིགས་པ་གང་ཡིན་པ་དེས་དེ་ཁོ་ན་བསྐྱེད་པར་བྱ་བའི་ཕྱིརོ།། སེམས་ཙམ་ཉིད་ཀྱི་ལུགས་ཀྱིས་ནི་གཉི་ག་ལྟར་ཡང་དམིགས་པ་དང་། རྣམ་པ་མ་གྲུབ་པའི་ཕྱིར་ཇི་ལྟར་ན་དམིགས་པའི་སྒོ་ནས་འདྲ་བར་འགྱུར། འོན་ཏེ་མངོན ་སུམ་དུ་དམིགས་པ་དང་བརྒྱུད་པའི་སྒོ་ནས་གཞོན་དུ་རྣམ་པ་གཉིས་ཏེ། དེ་ལ་མངོན་སུམ་གྱི་དམིགས་པ་ནི་གཟུང་བའི་རྣམ་པ་གང་ཡིན་པའོ།། བརྒྱུད་པའི་དམིགས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། དེའི་དབང་གིས ་བཟུང་པོའི་རྣམ་པར་སྣང་བའི་ཕྱིར།། ང་བས་ན་བསྒྱིང་བའི་དམིགས་པའི་སྒོ་ནས་རྫུ་སུ་ཡོད་པ་ལ་དམིགས་པ་ནི་ཇི་ལྟར་ན་དམིགས་པའི་སྒོ་ནས་མི་འདྲི་སྙམ་དུ་སེམས་ན། རྟོག་པ་འདི་ལ་ཡང་གཞན་གྱི་སེམས་དང་སེམས ་ལས་བྱུང་བའི་དབང་གིས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་དམིགས་པ་དང་རྣམ་པ་ཡོངསུ་འཛིན་པར་སྐྱེ་བའི་ཕྱིར། དེས་བསྐྱེད་པའི་བག་ཆགས་གཞན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རྩཝའི་རྐྱེན་དུ་འགྱུར་བས་ས ་ཐམས་ཅད་རྒྱུད་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ།། རྒྱུ་དེ་དམིགས་པ་ཉིད་ཡིན་ན་ཡང་དམིགས་པ་དང་རྣམ་པར་ཡོངསུ་མ་གྲུབ་པའི་ཕྱིར་དམིགས་པ་དང་རྣམ་པ་མི་འདྲ་བ ་དེའི་སོན་འདུག་གོ། གང་ཡང་རང་བཞིན་གྱི་རིགས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྲབ་པ་ཡིནོ།། འཕགས་པའི་ལམ་ལ་རྒྱུའི་རྐྱེན་མེད་དེ།། ཞེས་སྨྲས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། རང་བཞིན་དུ་གན ་པའི་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་རོ་ཞེས་འབྱུང་བའི་ཕྱིར་དང་། སྡེ་པ་ཐམས་ཅད་ལས་ཀྱང་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྐྱེན་བཞིས་སྐྱེ་བར་འབྱུང་བའི་ཕྱིརརོ།། རྣམ་པར་གཏན་ལ་དབབ་པ་བསྡུ་བ ་ལས་འབྱུང་བ་ནི་སྒྲིབ་པོའི་ས་བོན་སྲབ་པ་ཉིད་ཀྱིས་ཆོས་ཉིད་ཀྱི་ས་བོན་ཟག་པ་མེད་པ་ཡོད་པ་ཉིད་དུ་བསྟན་པ་ཡིནོ་ཞེས་བྱ་བར་དགོངས་པ་ཡོངསུ་བརྟག་པར་ནུསོ།། དེ་ཉིད་དང་གཞན་ཉིད་ཀྱི་ལེའུ་ཡི་གེ་དབང་དུ་མཛད་ནས ་ཀུན་བཞི་རྣམ་པར་ཤེས་པ་དང་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་དེ་དག་ཅི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཆོས་ཀྱི་ས་བོན་དག་ཅེས་བྱའི་བའི་ཐ་ཚིགོ། ་ཟག་པ་མེད་པའི་ས་བོན་དག་ཀྱང་ཡོད་པ་མ་ཡིན་ནམ་ཞེ་ན། འདི་ལ་རྣམ་པར་རྟོག་པ་གཉིས་པ་སྨྲ་བ་རྣམས་ན་རེ། སོ་སོའི་སྐྱེ་བོའི་རྒྱུད་ཀྱི་ཆོས་ཀྱི་ས་བོན་དག་གི་དབང་དུ་མཛད་ནས་བཤད་པ་ཡིན་ནོ།། དེ་དག་ལ ་ནི་ཟག་པ་མེད་པའི་ས་བོན་ཡང་མེད་དོ་ཞེས་ཟེར་རོ།། དེ་ནི་རིགས་པ་མ་ཡིན་ཏེ། རྣམ་པར་རྟོག་པ་དེ་སྤངས་པའི་ཕྱིར་རོ།། དེ་ལྟ་བས་ནཱ་སོ་སོའི་སྐྱེ་བོའི་རྒྱུད་ལ་ས་བོན་གང་དགྲ་སྟེ་པ་དག་ལས་གྲགས་པ་དེ་དག ་གིས་དབང་དུ་མཛད་ནས་བཤད་པ་ཡིན་ལྔ། སྡེ་པ་དག་ལས་ནི་ཟག་པ་དང་བཅས་པའི་ས་བོན་གྲགས་སོ།། ཡང་ན་ཟག་པ་མེད་པའི་ས་བོན་འཆད་པར་འགྱུར་བ་ཀུན་གཞི་མ་ཡིན་པ་ཞིག་བྱ་བ་ལས་ཀུན ་གཞིའི་རྣམ་པར་ཤེས་པར་བསྡུས་པ་གང་ཡིན་པ་དེའི་དབང་དུ་མཛད་པ་དེ་བཤད་པ་ཡིན་པས་ཉེས་པ་མེད་དོ།། སོ་སོ་ཐ་དད་པ་དམ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལས་རྫསུ་གཞན་པ་ཉིད་དུ ་གནས་པ་ཞིག་གམ། གལ་ཏེ་དེ་ལྟར་གཞན་ཉིད་གཅིག་ཡིན་ན་ནི།། གཟུགས་ནི་བསལ་བའི་ཕྱིར་ས་བོན་དེ་དག་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཡིན་པར་འགྱུར་རོ།། དེས་ན་རྟེན་གཅིག་ལ་སོན ་གྱི་རྒྱུད་མང་པོ་ཞིག་ཏུ་ཐལ་བར་འགྱུར་རོ།། ཇི་ལྟར་སྐད་ཅིག་མ་གཅིག་ལ་སེམས་དང་སེམས་ལས་བྱུང་བ་མང་པོ་ཞིག་འབྱུད་ལ། རྒྱུད་དུ་མ་ཉིད་ཀྱང་མ་ཡིན་པ་ལྔ་བུ་མ་ཡིན་ཞེ་ན། འདི་ལ་ཉེས་པ་མེད་དེ། ་སེམས་ལས་བྱུང་བ་རྣམས་ལ་རག་ལས་ཏེ། འབྱུང་བའི་ཕྱིརརོ།། འོ་ན་ཇི་ལྟར་སྐད་ཅིག་མ་གཅིག་ལ་འཇུག་པའི་རྣམ་པར་ཤེས་པ་བདུན་འབྱུང་ལ། རྒྱུང་དུ་མ་ཉིད་ཀྱང་མ་ཡིན་པ་ལྟ་བུ་ཡིན་ནོ་ཞེ་ན ་འདི་ལ་ཉེས་པ་མེད་དེ། དེ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་གཅིག་ལ་རག་ལས་ཏེ་འབྱུང་བའི་ཕྱིརརོ།། ས་བོན་རྣམས་ནི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་གཅིག་ཡིན་ན། ་ཀུན་གཞིའི་རྣམ་པར་ཤེས་པ་ལྔས་རང་དབང་དུ་གནས་པའི་ཕྱིར་རྒྱུད་དུ་མར་ཐལ་བ་སོ་ན་འདུག་གོ།། འོན་ཏེ་ཀུན་གཞི་རྣམ་པར་ཤེས་པ་ལས་ས་བོན་རྣམས་ཐ་མི་དད་པ་ཞག་ཏུ་གྱུར་ན་ནི། དྲི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི ་ཕྱིར། ས་བོན་རྣམས་ཀྱང་མ་བསྒྲིབས་ལ་ལུང་དུ་མྱ་བསྟན་པོས་ན་མཽ་བསྒྲུབས་ལ་ལུང་དུ་མ་བསྟེན་པའི་ཚེས་འབྱུང་བ་ཁོ་ན་འགྱུར་གྱི། མ་བསྒྲིབས་ལ་ལུང་དུ་མཱ་བསྟན་པ་ལས་དགེ་བ་དང་མཱི་དགེ་བའི་ཆོས་འབྱུང་བ་ནི་རིགས་པ་མ ་ཡིནྡ་ནེ།། དེ་ལྟར་ཕྱོགས་གཉི་ག་ལ་ཡང་ཉེས་པ་གཉིས་སྣང་བས། དེ་ལ་གནས་པོ་དེ་དོག་དང་རྫྫ་སུ་ཐ་དད་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ ་མ་ཡིན་པ་རྣམསོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ལྟ་བུར་གྲགས་པ་གཞན་ཡང་ཆུང་ཟད་ལྟ་ཡོད་དམ་ཞེ་ན། སྨྲས་པ་ཡོད་པ་དྲྀ་པེར་ན་བྱེ་བྲག་ཏུ་སྨྲ་བའི་ད་ལྟངྒེ་རྫིས་ལ་འབྲས་བུ་འཛིན་པའི་མཚན་ཉིད་ལྟ་བུའོ།། དྲི་ནི་རྗེས་ལས ་གཞན་པ་ཡང་མ་ཡིན་ཏེ། རྫས་བྱེད་པས་སྟོང་པའི་ཕྱིར་ང་ལྟར་མ་ཡིན་པར་ཐལ་བར་འགྱུར་དུ་འོང་བས་སོ།། གཞན་མ་ཡིན་པ་ཡོད་མ་ཡིན་ཏེ། རྫས་ཀྱི་རང་གི་མཚན་ཉིད་ལས་ཐ་མི་དད་པའི་ཕྱིར་ངེས་པའི་དུས་ན་ཡང ་བྱེད་པ་ཡོད་པས་ད་ལྟར་ཉིད་ཐལ་བར་འགྱུར་དུ་འོང་བས་སོ།། ཡང་དཔེར་ན་མདོ་སྡེ་པའི་གཟུགས་མེད་པའི་ཁམ་སུ་འཕགས་པ་ཟག་མེད་པའི་སེམས་མངོན་དུ་གྱུར་ན། སེམས་དེ་ལས་ཀུན་ནས་ཉོན་མོངས་པའི་ས་བོན་རྣམས་དེ་ཉིད ་དུ་བརྗེད་པར་བྱ་བ་ཡང་མ་ཡིན་ཏེ། དེ་བ་འདྲ་བར་ཐེག་པ་མེད་པ་ཉིད་དུ་ཐལ་བར་འགྱུར་དུ་འོང་བས།། གཞན་ཉིད་དུ་ཡང་བརྗོད་པར་བྷཱ་བ་མྦྷ་ཡིན་ཏེ། སྣུམ་བཞིན་དུ་སྤྱང་དུ་མར་ཐལ་བར་འགྱུར་དུ་འོང་བ་ལྟ་བུ་ཡིན་ནོ།། དེ་བཞིན ་དུ་གྲུབ་པའི་མཐའ་གཞན་དག་ལ་ཡང་སྦྱར་བར་བྱའོ།། མོད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི། དོན་དེ་ཉིད་ཀྱི་མཇུག་སྡུད་ཅིང་ས་བཱན་གྱི་རང་བཞིན་ངོ་བོ་སྟོན་ཏོ།། འབྱུང་བའི་མཐུའི་ཁྱད་པར་ཅན་ཞེས་བྱ་བ་འདིས་ནི་མཐུའི་ཁྱུད ་པར་ཡིན་པའི་ཕྱིལ་ཀུན་གཞིའི་རྣམ་པར་ཤེས་པའི་བདག་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་བཞིན་དུ་འབྱུང་བ་ཞེས་བྱ་བ་འདིས་ནི། ཀུན་གཞིའི་རྣམ་པར་ཤེས་པ་ལས་གཞན་ཡང་མཱ་ཡིན་ཏེ། ཀུན་གཞིའི་རྣམ་པར ་པ་ཁོ་ན་རྒྱུར་བྱོས་ནས་ཡིན་ཞེས་བྱ་བའི་དོན་ཏོ།། ས་བོན་ཐམས་ཅད་པ་ཞེས་བྱ་བ་འདིས་ནི། དེ་ལྟ་བུའི་ས་བོན་གྱི་ས་བོན་ཐམས་ཅད་པ་ཞེས་བྱའོ་ཞེས་བྱ་བར་སྟོན་ཏེ།། ཕན་ཚུན་རྐྱེན་གྱི་ལེའུའི་དབང་དུ་མཛད་ནས། ཀུན་གཞིའི ་རྣམ་པར་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་ཀུན་ནས་ཉོན་མོངས་པ་ཞེས་སྨོས་པ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ།། མདོ་སྡེ་པོ་ཡང་འདི་ལ་དེ་བཞིན་དུ་རྒོལ་ཞིང་རྟོག་སྟེ། དེའི་ལྟར་ན་རྐྱེན་སྐད་ཅིག་མ ་ཐ་དད་པར་རྣམ་པར་འཇོག་གོ། དེ་གལ་ཏེ་དུས་མི་མཉམ་པ་དགྲ་ཁོ་ན་རྒྱུ་དང་འབྲས་བུ་ཉིད་ཡིན་ནོ་ཞེས་སྒྲུབ་ཀྱང་རུང་། འོན་ཏེ་དུས་མཉམ་པ་དྲག་འགོག་ཀྱང་རུང་སྟེ། གཉི་ག་ལྟར་ན་ཡང་མ་ངེས་པ་ཉིད ་དུ་རབ་ཏུ་བསྟན་པའི་ཕྱིར། མེ་ལྕེ་དང་ཚིག་པ་དང་མདུང་ཁྱིམ་དག་བཤད་པར་བྱའོ།། དེ་ལ་རེ་ཞིག་ཚིག་པ་ལྔ་ལ་མེ་ལྕེ་འཕྱི་བ་ནི་མ་ཡིན་ཏེ། འདི་ལྟར་ཚིག་པ་ཞེས་བྱ་བ་ནི། བུད་ཤིང་མེས་བྱས་པའི་འགྱུར་བ་ཡིན་ནོ།། དེ་ལྟ་བས ་ན་མེ་ལྕེ་མེད་པར་སྔ་རོ་ཚིག་པ་མེད་དོ།། དེ་ཉིད་ཀྱི་ཕྱིར་མེ་ལྕི་འཕྱི་བ་ཡང་མ་ཡིན།། དེ་བཞིན་དུ་མེ་ལྕེ་སྔ་ལ་ཚིག་པ་འཕྱི་བ་ཡང་མ་ཡིན་ཏེ། འབར་བ་བཞིན་དུ་བུད་ཤིང་འགྱུར་བ་མེད་པར་ཐལ་བར་འགྱུར་དུ་འོང་བས་སོ།། ཇི་ལྟར་ན ་བུད་ཤིང་མཆོག་པ་ཁོ་ནར་མེ་ལྕེའི་རྟེན་དུ་འགྱུར་ཏེ། དེ་ལྟ་བོས་ན་ཚིག་པ་དང་མེ་ལྕེ་དག་ནི་དུས་མཉམ་པ་ཉིད།། ཀུན་གཞིའི་རྣམ་པར་ཤེས་པ་ནི། སཾ་དྷེན་གྱི་ཆར་བསྡུས་པ་དང་། རྣམ་པར་སྨིན་པའི་ཆར་བསྡུས་པ་དང་། རྣམ་པ ་གཉིས་ཞེས་བཤད་དོ།། ས་བོན་ཡང་རྣམ་པར་རྟོག་པ་གསུམ་པ་ལྟར་ན་རྙིང་དང་སྐྱེད་པ་དང་རྣམ་པ་གཉིས་སོ།། དེ་ལ་སྐད་ཅིག་མ་གླང་ཁོ་ན་ལས་ས་བོན་སྙིང་ལས་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བ་སྐད་ཅིག་མི་དེ་ཁོ་ན་ལ་ཀུན ་གཞིའི་རྣམ་པར་ཤེས་པ་ལ་ས་བོན་གསར་སྐྱེ།། གསར་དང་རྙིང་ཉིད་དབྱེ་བ་མ་བྱས་པར་སྤྱིར་འཇུག་པའི་རྣམ་པར་ཤེས་པའི་ས་བོན་ལྔ་འཇུག་པའི་རྣམ་པར་ཤེས་པ་ཡང་ས་བོན་གྱི་རྒྱུ་ཡིན་ཞེས་བྱ་བའི་དོན་འདི་དག་རབ་ཏུ་གྲུབ་པར ་བྱ་བའི་ཕྱིར་དཔེ་དང་བྲིའོ།། རྣམ་པར་ཤེས་པ་དང་པོ་ལྟར་ན་ས་བློན་གང་ཁོ་ན་ལས་འབྱུང་བ་དེ་ཉིད་ཡོངསུ་གསའ་ཞེས་བྱ་བའི་དོན་འདི་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་དངོས་ཁོ་ནར་ད་པེ་དད་པའོ།། རྣམ་པར་སྨིན་པར་བསྡུས་པ་དང ་ཡིན་པ་དེ་ནི་འཇུག་པའི་རྣམ་པར་ཤེས་པའི་ཡིན་ལ། འཇུག་པའི་རྣམ་པར་ཤེས་པ་ཡང་རྣམ་པར་སྨིན་པར་བསྡུས་པའི་དེ་དྲག་པོའི་རྐྱེན་ཡིན་ཏེ། ཕན་ཚུན་རག་ལོས་ཏེ་འབྱུང་བའི་ཕྱིར་བྱེ་བྲག་ཏུ་སྨྲ་བའི་ཚེ་ལ་སོགས་པ་ཕན་ཚུན ་ལྟ་བུའོ་ཞེས་བྱ་བའི་དོན་འདི་རབ་ཏུ་འགྲུབ་པར་བྱའི་ཕྱིར་མདུང་ཁྱིམ་གྱི་དཔེའོ།། ཇི་ལྟར་མདུད་ཁྱིམ་ཕན་ཚུན་བརྟེན་པས་མི་འགྱེལ་བ་དེ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པོ་དང་འཇུག་པའི་རྣམ་པར་ཤེས་པ་དག་ཕན་ཚུན ་གྱི་དབང་གིས་མི་འཇིག་གོ། འདི་ཡང་འགེགོ་བའི་སྙོམས་པར་འཇུག་པ་ལ་སོགས་པ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀུན་ཏུ་འཆང་བའི་ཕྱོགས་ལ་ནཱི། ཟག་པ་དང་བཅས་པའི་གནས་སྐབས་ན་ཞེས་བཤད་པར་བྱའོ།། ་གཞན་དུ་གྱུར་པའི་ཕྱོགས་ལ་ནི་སྤྱིར་ཞེས་བཤད་པར་བྱའོ།། དེ་ལྟར་རྒྱུའི་རྐྱེན་དུ་རྣམ་པར་བཞག་སྟེ་ཞེས་བྱ་བའི་གཞུང་གང་ཡིན་པ་དེ་ནི་ས་བོན་གྱི་ཆ་དང་། འཇུག་པའི་རྣམ་པར་ཤེས་པའི་དབང་དུ་མཛད་པ་ཡིན་ཞེས་དྲུང ་བར་བྱ་སྟེ། རྣམ་པར་སྨིན་པའི་ཆ་གང་ཡིན་པ་དེ་ནི་ས་བོན་གྱི་ཆའི་རྟེན་ཙམ་གྱི་བདག་པོའི་རྐྱེན་ཡིན་ལ་ས་བོན་གང་ཡིན་པ་དེ་ནི་ས་བོན་གྱི་ཆ་མངོན་པར་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རྒྱུའི་རྐྱེན་ཡིན།། ས་བོན་རྣམ་པ་གསུམ་ཞེས ་བཤད་པ་དེ་ལ་འཇིག་ཚེགས་ལ་ལྟ་བའི་བག་ཆགས་ཀྱི་སྔ་བོན་གང་ཡིན་པ་དེ་ནི་དུས་མཉམ་པ་དང་དུས་མི་མཉམ་པའི་བདག་པོའི་རྐྱེན་ཡིན་ནོ།། སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་ས་བོན ་གང་ཡིན་པ་དེ་ནི་དུས་མཉམ་པ་ཁོ་ནའི་བདག་པོའི་རྐྱེན་ཡིན་ནོ།། སྤྲོས་པའི་བག་ཆགས་ཀྱི་ས་བོན་རྒྱུའི་རྐྱེན་ཅེས་བྱ་བ་བཤད་པ་གང་ཡིན་པ་དེ་ནི། ཁ་ཅིག་ན་རེ་དུས་མཉམ་པ་ཉིད་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་ཞེས་འབྱུང་བའི་ཕྱིར། ་ས་མཉམ་པ་ཁོ་ནའི་རྐྱེན་ཡིན་ཏེ། འབྲས་བུ་ད་ལྟར་འབྱུང་བ་ཡིན་ན། འདས་པ་ནི་མེད་པས་ནམ་པོའི་མེ་ཏོག་བཞིན་རྒྱུ་ཉིད་དུ་མི་འཐད་པའི་ཕྱིར་དང་། རྒྱུ་ལྟར་བྱུང་བའི་ཡིན་ན་འབྱུང་བར་འགྱུར་བ་ནི་མེད་པས་འབྲས་བུ་ཉིད་དུ་མི ་འཐད་པའི་ཕྱིར་ཞེས་ཟེར།། གཞན་དག་ན་རེ་རྣམ་པར་གཏན་ལ་དཔབ་པ་བསྡུ་བ་ལས། དུས་མི་མཉམ་པ་ཁོ་ནའི་རྐྱེན་དུ་འབྱུང་བས་རྒྱུའི་རྐྱེན་ནི་སྲིད་པའི་ཡན་ལག་གི་ས་བོན་བཞིན་དུ་དུས་མི་མཉམ་པ་ཁོ་ན་ཡིན་ནོ།། དུས་མཉམ་དུ ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་ཞེས་བྱ་བ་གང་ཡིན་པ་དེ་ནི་འདི་ལྟར་དྲང་སྟེ། རྒྱུ་ས་བོན་ནི་ད་ལྟར་བྱུང་བ་ཡིན་ལ། འབྲས་བུ་འབྱུང་བར་འགྱུར་པ་ནི་མ་འོངས་པ་ཡིན་མེད་ཀྱི། འོན་ཀྱང་རྒྱུ་ད་ལྟར་བྱུང་བ་གང་ཡིན་པ་དེ་ཉིད་འབྲས ་བུ་མ་འོངས་པ་ཡིན་ནོ།། དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་སྐྱེས་པ་ནི་ས་བོན་མ་འོངས་པ་འབྲས་བུ་འབྱུང་བར་འགྱུར་བའི་རྒྱུ་ཡིན་ལ། རྒྱུ་དེ་ལྟར་བྱུང་བ་གང་ཡིན་པ་དེ་ཉིད་འབྲས་བུ་མ་འོངས་པ་ཡིན་པས་དུས་མཉམ་པ ་ཉིད་ཡིན་ཏེ། རིམ་པ་འདིས་ན་ས་བེན་ནི་རྒྱུ་ན་འཇུག་པའི་རྣམ་པར་ཤེས་པའི་རྒྱུ་ཡིན་ལ། འཇུག་པའི་རྣམ་པར་ཤེས་པ་ཡང་རྒྱུན་འཇུག་པས་ས་བོན་གྱི་ཡིན་པས་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་བར་ཡང་རིག་པར་བྱ་སྟེ། དཔེ་གཉིས ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་ཟེར་རེ།། ཁ་ཅིག་ན་རེ་དུས་མཉམ་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་ཞེས་འབྱུང་བའི་ཕྱིར་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་དུས་མི་མཉམ་པའི་རྒྱུའི་རྐྱེན་ཉིད་དུ་འབྱུང་བའི ་ཕྱིར། རྒྱུའི་རྐྱེན་ནི་དུས་མཉམ་པ་དང་དུས་མི་མཉམ་པ་ཡང་ཡིན་ནོ་ཞེས་ཟེར་རོ།། ཡང་རེ་ཞིག་རྣམ་པར་རྟོག་པ་དང་པོ་ལ་གླེང་བར་བྱ་སྟེ། ས་བོན་དང་འཇུག་པའི་རྣམ་པར་ཤེས་པ་དག་ནི་དུས་མཉམ་དུ་རྒྱུའི་རྐྱེན་ཉིད་དུ་རུང་ངོ་།། ་སོ་བོན་སྡི་ལ་ནི་སྙུན་འཇུག་པས་ས་བོན་ཕྱི་མའི་དུས་ཐ་དད་པ་ཁོ་ནའི་རྒྱུའི་རྐྱེན་ཡིན་ནོ།། བདག་པོའི་རྐྱེན་ནི་མ་ཡིན་ཏེ། སྐལ་བ་མཉམ་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་པའི་ཕྱི་རོ།། མཚུངས་པ་དེ་མ་ཐག་པའི་རྐྱེན་ཡང་མ་ཡིན་ཏེ། ་སེམས་དང་སེས་ལས་བྱུང་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིརརོ།། དམིགས་པའི་རྐྱེན་ཡང་མ་ཡིན་ཏེ། ས་བོན་ལ་དམིགས་པ་མེད་པའི་ཕྱིར།། ས་བོན་རྒྱུན་འཇུག་པས་མི་འབྱུང་ཞེས་བརྗོད་པར་ཡང་མི་ནུས་ཏེ། བྱས་པ་ཆུད་ཟ་བར ་ཐལ་བར་འགའ་བའི་ཕྱིརརོ།། རྣམ་པར་རྟོག་པ་གཉིས་པོ་ཡང་གཞུང་ཡི་གེ་དང་མི་མཐུན་པར་བཤད་པ་ཡིན་ཏེ། གཞུང་ནི་ས་བོན་དོང་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ད་ལྟར་བྱུང་བའི་དུས་ཁེ་ནར་དུས་མཉམ་པ་ཉིད་ཡིན ་ལ། དེ་ཉིད་ལ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་བར་བཤད་པ་ཡིན་ནོ།། དེ་ལྟ་བས་ན་རྣམ་པར་རྟོག་པ་གསུམ་པ་ཁོ་ན་བཟང་སྟེ། དེ་ལ་རྒྱུའི་རྐྱེན་ཉིད་དུས་མཉམ་པ་ནི་ས་བོན་དང་འཇུག་པའི་རྣམ ་པར་ཤེས་པ་དག་གོ།། དུས་མི་མཉམ་པ་ནི་ས་བོན་རྒྱུན་འཇུག་པས་ས་བོན་གྱིའོ།། དུས་མཉམ་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་ཞེས་བྱ་བ་གང་ཡིན་པ་འདི་ནི། ས་བོན་དང་འཇུག་པའི་རྣམ་པར་ཤེས་པ་ཕན་ཚུན་གྱི་དབང ་དུ་མཛད་ནས་གསུངས་པ་ཡིན་ནོ།། གང་ཡང་རྒྱུ་ད་ལྟར་བྱུང་བའི་ཡིན་ན་འབྱུང་བར་འགྱུར་པ་ནི་མེད་པས་འབྲས་བུ་ཉིད་དུ་མི་འཐད་པའི་ཕྱི་རེ་ཞེས་སྨྲས་པ་ནི། དོན་དམ་པ་བསམ་པ་ལ་ནི་དེ་དེ་ལྟར་ཡང་ཡིནོ།། ཀུན་རྫོབ་ཏུ ་ནི་ནི་རྒྱུའི་རྐྱེན་དུ་རྣམ་པར་བཞག་པ་དུས་མཉམ་པ་དོང་མ་མཉམ་པ་ཡང་ཡིན་ཏེ། ས་བོན་དང་མྱུ་གུ་ལྟ་བུ་དང་། མར་མེ་དང་འོད་ལྟ་བུའོ།། དངོས་པོ་དང་དངོས་པོ་མེད་པ་དག་ཀྱང་དེ་དང་ལྡན་པའི་ཕྱིར་དང་། དེ་ལ་རག་ལས་པས ་ཏེ་འཇུག་པའི་ཕྱིར་དེ་ལྟ་བུར་གྲགས་སོ།། དོན་འདི་ཉིད་མཇུག་བསྡུ་བར་ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདྲི་ལ་ཁ་ཅིག་ན་རེ་ཀུན་ནས་ཉོན་མོངས་པའི་ཆོས་ནི་ཀུན་གཞིའི་རྣམ་པར ་པ་དང་མཚུངས་པར་ལྡན་པའི་རེག་པ་ལ་སོགས་པ་ཡང་གཟུང་སྟེ། འདི་ལྟར་དེ་དག་ནི་རང་གི་བག་ཆགས་འཇོག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུ་ཡིན་ལ། ཀུན་གཞིའི་རྣམ་པར་ཤེས་པ་ཡང་དེ་དོག་གིས་བསྐྱེད་པའི་ས ་བོབྱོན་ཡོངསུ་སྨིན་པའི་སྒོ་ནས་དེ་དགྲ་བསྐྱེད་པར་བྱ་བ་དེ་དག་གིས་ཡང་རྒྱུ་ཡིན་ནོ་ཞེས་ཟེའོ།། གཞན་དག་ན་རེ་དེ་དང་མཚུངས་པར་ལྡན་པ་རྣམས་ནི་གཟུང་སྟེ། འདི་ལྟར་རྣམ་པར་སྨིན་པ་ཉིད་ཀྱིས་ལུང་དུ་མ་བསྟན་པས་མི་གསལ ་བའི་ཕྱིར་བགོག་ཆགས་སྐྱེད་མི་ནུས་ཀྱི། ལས་ཀྱི་འཕེན་པའི་དབང་ཁོ་ནས་འབྱུང་ངོ་།། བྱུང་བ་རྣམས་ཀྱང་རྒྱུ་མཐུན་པའི་འབྲས་བུ་བསྐྱེད་པའི་ཕྱིར་བག་ཆགས་མི་འཇོག་སྟེ། འདི་ལྟར་ལས་ཀྱི་འཕེན་པ་ཁཱ་ནས་མཱ་ཤིའི་བཱཪྴ་དུ ་འབྱུང་ངོ་ཞེས་ཟེའོ།། ཚེའི་རྐྱེན་གཞན་མི་དམིགས་པའི་ཕྱིར།། ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་ལ་མ་གཏོགས་པ་གཟུགས་ཅན་དང་ལྡན་པ་མ་ཡིན་པ་སྟེ། འདི་ལྟར་འདི་གཉི་ག་ཡང་རྫས་ཉིད་དུ་མི་རུང་བྱའི་ཕྱིར ་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་དག་ལོ་གདགསོ།། དེའི་ཕྱིར་གཙོར་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་ཕན་ཚུན་རྒྱུའི་རྐྱེན་ཡིན་ལ། དེའི་སྒོ་ནས་ནི་ཁ་ཅིག་གཟུགས་ཅན་རྣམས་ཀྱང་ས་བོན་སྐྱོང ་པའི་རིམ་གྱིས་རྒྱུའི་རྐྱེན་ཉིད་དུ་ཁས་ལེན་ཏོ།། གཞན་དྲག་ནི་བཏགས་པ་ནི་མེད་པ་དང་འདྲའོ་སྙམ་དུ་ཁས་མི་ལེན་ཏོ།། ཡང་ན་རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ།། ཞེས་པ་པ་ནི། སྡེ་བ་གཞན་དག་གིས་ཀུན་བཏག། ་པ་རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཉིད་ཅེས་བྱ་བ་འདིའོ།། ཇི་ལྟར་མི་དམིགས་ཤེ་ན། རེ་ཞིག་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ནི་ཕན་ཚུན་རིགས་མི་མཐུན་པའི་ཕྱིརརོ།། གལ་ཏེ་དུས་ཐ་མི་དད་པ་ཉིད་ལ་རིགས་མི ་མཐུན་པ་རྣམས་མེད་ན་མི་འབྱུང་བའི་ཕྱིར་རྒྱུའི་རྐྱེན་ཉིད་ཡིན་ན་ནི། བདག་པོའི་རྐྱེན་ཐ་དད་པ་མེད་པར་འགྱུར་ཏེ། དེས་ན་མིག་ལ་སོགས་པ་ཡང་དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུའི ་རྐྱེན་ཉིད་དུ་འགྱུར་རོ།། དེ་ལྟ་བས་ན་རྒྱུའི་རྐྱེནྡ་ནི་རིགས་མཐུན་པའི་འབྲས་བུ་མངོན་པར་འགྲུབ་པ་ལ་བལྟོས་པ་ཡིན་ནོ།། དེ་ཡང་ས་བོན་དང་རྫས་ཀྱི་སྒོ་ནས་རྣམ་པ་གཉིས་ལ་རེ་ཞིག་ས་བོན་གྱི་སྒོ་ནས་ནི་མ་ཡིན་ནོ།། ལྷན་ཅིག་འབྱུང་བ་དང ་མཚུངས་པར་ལྡན་པ་རྣམས་རང་སྐྱེ་བར་བྱ་བའི་ཕྱིར་ཕན་ཚུན་ས་བོན་འཇོག་པ་ནི་མེད་དེ། གཟུགས་ཅན་རྣམས་དང་ལྡན་པ་མ་ཡིན་པ་རྣམས་གསུམ་ཕྱིར་དང་། འཇུག་པའི་རྣམ་པར་ཤེས་པ་ལ་ས་བོན་འཇོག་པ་འགོག་པའི་ཕྱིར་དང་། ་གཞན་ཡང་ཁས་མི་ལེན་པའི་ཕྱིར།། གཞན་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་རྣམས་རང་གི་ས་བོན་ལས་འབྱུང་ཞིང་རང་གི་ས་བོན་འཇོག་པས་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་ཞེའོ།། ཞེས་ཁས་མི་ལེན་ཏོ། ་རྫས་ཀྱི་སྒོ་ནས་ཀྱང་མ་ཡིན་ཏེ། ལྷོན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་རྣམས་ནི་ཕན་ཚུན་རིགས་ཐ་དད་པའི་ཕྱིར་སྔ་མ་བཞིན་ནོ།། སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དག་རྒྱུའི་རྐྱེན་ཉིད་དུ་འགྱུར་ན། རྫས་འདྲ་བ་དང་ས་བོན་འདྲ ་བའི་སྒོ་ནས་རྣམ་པ་གཉིས་ཤིག་ཏུ་གྱུར་གྲངས་ན། རེ་ཞིག་རྫས་འདྲེ་བ་ནི་མ་ཡིན་ཏེ། འདས་ནས་རིང་ཞིག་ལོན་པ་རྣམས་ལ་སྐྱེས་བུའི་བྱེ་བ་མེད་པའི་ཕྱིར་དང་། སྐལ་བ་མཉམ་པ་དང་། ཀུན་ཏུ་འགྲོ་བ་འགགས་མ་ཐག་པ་ཡང་རྒྱུ་རྐྱེན ་ཏུ་རུང་བ་མཱ་ཡིན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་འཕངས་པའི་ཕྱི་རོ།། ས་བོན་མེད་པར་ནི་དངོས་པོ་རྣམས་ཀྱི་རང་གི་མངོན་པར་འགྲུབ་པར་ཡང་རུང་བ་མ་ཡིནོ།། འགག་མ་ཐག་པའི་སྐད་ཅིག་མ་ཉིད་ས་བོན་གྱི་རྐྱེན་ཀྱང་མ་ཡིན་ཏེ། ་འཇུག་པའི་རྣམ་པར་ཤེས་པ་དག་ལ་ས་བོན་འཇོག་པ་འགོག་པའི་ཕྱིར།། ས་བོན་ནི་འབྲས་བུ་མངོན་པར་འགྲུབ་པར་བྱ་བ་ལ་ཉེ་བ་ཡིན་ནི། དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་ལ་སྲིད་པས་དེ། དོ་ནི་རྒྱུའི་རྐྱེན་ཉིད་ཡིན་ནོ།། དེ་ལྟར ་ན་གཞན་གྱི་ལྟ་བ་ལ་སྦྲུལ་པ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དགཱ་སྔོ་བོན་གྱི་སྒོནས་ཀྱང་རྐྱེན་ཉིད་དུ་མི་རུང་ངོ་།། རྣམ་པར་སྨིན་པའི་རྒྱུ་སང་རང་གི་ངོ་བོའི་སྒྲ་ནས་ནི། འདས་ནས་རིང་ཞིག་ལོན་པ་ཉིད་ཀྱིས་མང་པོའི་ཕྱིར་རོ།། ས་བོནྡ་བྷི་སྒྲོནས ་ཀྱང་རིགས་མི་མཐུན་པ་ཉིད་ཀྱིས་བདགྲ་པོའི་རྐྱེན་གྱིས་འཕངས་པའི་ཕྱིར་རྒྱུའི་རྐྱེན་ཉིད་དུ་མི་རུང་ངོ་།། ཡང་ན་རྒྱུའི་རྐྱེན་གཞན་ཞེས་བྱ་བ་ནི། དུས་ཐ་དད་པ་སྟེ། རེ་ཞིག་སེམས་དང་སེམས་ལས་བྱུང་བ་འགག་མོ་ཐག་པ་དག་ནི་རྒྱུའི་རྐྱེན ་མ་ཡིན་ཏེ། མཚུངས་པ་དེ་མུ་ཐག་པའི་རྐྱེན་གྱི་འཕངས་པའི་ཕྱིར་དང་། སྔ་བོན་གྱི་རྟེན་མ་ཡིན་པའི་ཕྱིརརོ།། གང་གི་ཚེ་ཀུན་གཞིའི་རྣམ་པ་ཤེས་པ་དེའི་ཚེ་ཡང་སྐད་ཅིག་མ་སྔ་མས་བསྡུས་པའི་ས་བོན་ནི་རྣམ་པར་ཤེས་པ་ཕྱི་མའི་རྐྱེན་མ་ཡིན་ཏེ།། ། ་ནས་ཀྱི་ས་བོན་དང་མྱུ་གུ་ལ་སོགས་པ་བཞིན་ནོ།། འདི་ལྟར་གོང་ན་རྒྱུ་ཞིག་ནས་འབྲས་བུ་ཡིན་པ་དེ་ནི། རྒྱུ་དང་འབྲས་བུ་དག་སྔ་ཕྱི་ཉིད་དུ་འགྱུར་ལ། གང་ལ་ས་རྒྱུའི་བྱེད་རྒྱུ་མ་ཞིག་པར་འབྲས་བུ་ཡིན་པ་དེར་ནི་རྒྱུ་དང་འབྲོས་བུ་དག ་དུས་ཐ་མི་དད་པ་ཁོ་ན་སྟེ། དཔེར་ན་ཨུཏྤ་ལའི་རྩ་བ་ལ་སོགས་པ་ལྟ་བུའོ།། ས་བོན་ཀུན་གཞི་རྣམ་པར་ཤེས་པ་མ་འགགས་པརྭ་ཡང་འབྲས་བུ་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ནོ།། དེ་ལྟ་བས་ན ་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ནི་འབྲས་བུ་དང་དུས་མཉམ་པ་ཁོ་ནར་རྒྱུའི་རྐྱེན་ཡིན་ཏེ། འབྲས་བུ་དང་མི་འགལ་བའི་ཕྱིར་ཨུཏྤ་ལའི་རྩ་བ་ལ་སོགས་པ་བཞིན་ནོ།། ཇི་ལྟར་མི་འགལ་ཞེ་ན། དེའི་གྲོགས་བྱེད་པ་མ་ཡིན་པ ་ཕྱིར་རོ།། ཀུན་གཞིའི་རྣམ་ས་བོན་གྱི་རྒྱུན་ཉིད་ནི་འཇུག་པའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་རྒྱུན་ཡིན་པའི་ཕྱིར་སྐད་ཅིག་མས་བསྡུས་པའི་ས་བོན་ནི་ས་བོན་ཕྱི་མའི་རྒྱུའི་རྐྱེན་དུ་འགྱུར་རོ།། འོ་ན་དེ་ལྟར་ན་རྒྱུའི་རྐྱེན་གཞན་མི་དམིགས ་པོའི་ཕྱིརརོ།། ཞེས་བྱ་བ་འདི་འགལ་བར་འགྱུར་ཞེ་ན། འདི་ནི་འཇུག་པའི་རྣམ་པར་ཤེས་པའི་དབང་དུ་མཛད་ནས་གསུངས་པ་ཡིན་པས་མི་འགལོ།། སྣ་ཚོགས་དང་སྣ་ཚོགས་མ་ཡིན་པའི་ལེའུའི་དབང་དུ་མཛད་ནུས། བག་ཆགས་ཐ་དད་པ ་མ་ཡིན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས།། ཇི་ལྟར་ན་བག་ཆགས་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྒྱུར་བྱས་ནས་འཇུག་པའི་ཕྱིར་ཐ་དད་པ་མ་ཡིན་ཞིང་། དགེ་བ་དང་མི་དགེ་བ་ཉིད་དུ་མི་དམིགས་པའི་ཕྱིར་སྣ་ཚོགས་མ་ཡིན་ལ། དེ་ལས ་བྱུང་བའི་ཆོས་རྣམས་ཕན་ཚུན་རང་གི་མཚན་ཉིད་ཐ་དད་པའི་ཕྱིར་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་ངོ་བོར་མངོན་པའི་ཕྱིར་ཐ་དད་པ་དང་། སྣ་ཚོགས་པ་ཡིན། འདི་སྐད་དུ་ནས་ཀྱི་ས་བོན་སྣ་ཚོགས་མ་ཡིན་པ་ལས་སཱ་ལུ་དང ་ནས་དང་གྲོ་ལ་སོགས་པ་ཐ་དད་ཅིང་སྣ་ཚོགས་པ་དག་སྐྱེ་བ་ནི་མ་མཐོང་ངོ་ཞེས་སྟོན་ཏོ།། དཔེར་ན་ཚིག་གུཎྜཱི་སྣ་ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་ཚིག་གུ་རྩི་ནི་ཆེན་གྱི་ཁྱད་པར་བྱེ་བྲག་མི་མངོན་པ་ཞིག་གོ། ཡང་ན་ཚིག་གུ་རྩི་ནི་ཐ ་གུས་བཅིང་པའི་ཁྱད་པར་བྱེ་བྲག་མི་མངོན་པ་ཡིན་ནོ།། དེ་བཞིན་དུ་སྒོ་བར་བྱེད་པ་སྣ་ཚོགས་ཀྱིས་བསྐྱེད་པའི་བགྲ་ཆགས་སྣ་ཚེགས་ཀྱང་བག་ཆགས་ཀྱི་དུས་ན་སྣ་ཚོགས་སུ་མི་མངོན་ནོ།། འབྲས་བུ་འགྲུབ་པ་ཉིད་ཆེན་གྱི་སྙེད་དེ་དེར་བཅུག ་པའོ།། རྐྱེན་ཉིད་དུ་རྣམ་པོར་བཞག་པའི་ཕྱིར་གོས་ལྟ་བུ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ཏེ། ཚེན་ལྟ་བུའི་ཆོས་སྣ་ཚོགས་སྟེན་པའི་ཕྱིརརོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ལེའུའི་དབང་དུ་མཛད་ནས། འདི་ནི་ཐེག་པ་ཆེན་པོ་ལ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། ཕྲ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་བཀའ་བའི་ཕྱིརརོ།། མཆོག་ཏུ་ཟབ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཏིང་དཔོགས་པར་དཀའ་བའི་ཕྱིརརོ།། ཡང་ན་ཕྲ་བ་ནི་ཉན་ཐོས་ལ་སོགས་པས་ཤེས་པར ་དཀའ་བའི་ཕྱིརརོ།། མཆོག་ཏུ་ཟབ་པ་ནི་མོས་པས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམྦས་དཔའ་གཏིང་དཔོགས་པར་དཀའ་ངའི་ཕྱིར་རོ།། ཡང་ན་ཕྲ་བ་ནི་མཉམ་པར་མ་བཞག་པསོ་ཤེས་པར་དཀའ་བའི་ཕྱིར་རོ།། མཆོག་ཏུ་ཟབ་པའི་མཉམ ་པར་བཞག་པའི་ཤེས་པས་ཀྱང་གཏིང་དཔོགས་པར་དཀའ་བའི་ཕྱིར་རོ།། གང་གི་ཕྱིར་དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ནས་ཆོས་སྣ་ཚོགས་འབྱུང་བ་ཤེས་པར་དཀའ་ཞིང་གཏིང་དཔགས་པར་དཀའ་དེའི་ཕྱིར་འདི་ནི ་ཐེག་པ་ཆེན་པོ་ཁོ་ན་ལས་བསྟན་ཏོ།། ཉེ་བར་སྤྱོད་པ་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་ནང་དུ་བསྡུས་ནས་མདོར་བསྡུ་ན་ཞེས་བྱ་བ་སྨོས་སོ།། དེ་ལ་ངོ་བོ་ཉིད་རྣམས ་རྣམ་པར་འབྱེད་པར་ནུས་པའམ་དེར་དགོས་པ་ནི། ངོ་བོ་ཉིད་རྣམ་པར་འབྱེད་པོ་ཅན་ནོ།། དེ་བཞིན་དུ་སྡུག་པ་དང་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད་པར་ནུས་པའམ་དོར་དགོས་པ་ནི་སྡུག་པ་ད་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད ་པ་ཅན་ནོ།། ངོ་བོ་ཉིད་སྣ་ཚོགས་རྣམ་པར་དབྱེ་བའི་ཕྱིར་རྐྱེན་གྱི་དངོས་པོར་གྱུར་པའི་ཕྱིརོ་ཞེས་བྱ་བ་ནི་འདི་ལས་འབྱུང་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བྱ་བའི་ཕྱིར་ཏེ། དེ་ཡང་སྤྲོས་པའི་བག་ཆགས་ཀྱི་ངོ་བོ་ཉིད་དོ།། བདེ ་འགྲོ་དང་ངན་འགྲོ་དག་ཏུ་ཞེས་བྱ་བ་ལ། བདེ་འགྲོ་ད་ངན་འགྲོ་ནི་མིང་དང་གཟུགས་ལ་སོགས་པོ་ཚེར་བ་ལ་ཐུག་པ་རྣམས་དང་། སྐྱེ་བ་ལ་སོགས་པ་སྟེ། དེ་ལ་ལས་དང་ཉོན་མོངས་པའི་ངོ་བོ་ཉིད་ཀྱི་ཡན་ལག་རྣམས་རྐྱེན་དུ་གྱུར་པས་ན་སྡུག་པ ་དང་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད་པ་ཅན་ཉིད་ཡིན།། ཡང་ན་བདེ་འགྲོ་དང་ངན་འགྲོ་ནི་ཡན་ལག་བཅུ་གཉིས་ཉིད་ཡིན་ཏེ། ཡོན་ལག་སྔ་མ་སྔ་མ་ལ་བརྟེན་ནས། ཡན་ལག་ཕྱི་མ་ཕྱི་མ་འབྱུང་བའི་ཕྱིརརོ།། རིམ་པ་འདིས་ནི་ཡིན ་ལག་བཅུ་གཉིས་པོ་ཉིད་བདེ་འགྲོ་དོང་ངན་འགྲོ་དག་ཏུ་རྒྱུ་ཉིད་དུ་འགྱུརརོ།། དེ་ལ་བརྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་ནི་ཕྲ་བའི་ཕྱིར་དང་། ཟབ་པའི་ཕྱིར་ཐེག་པ་ཆེན་པོ་ཁོ་ན་ལས་བསྟན་ཏེ། ཀུན་གཞི་རྣམ་པར་ཤེས་པ ་ལས་བསྟན་པའི་ཕྱིརརོ།། གཉིས་པ་ནི་ཀུན་གཞིའི་རྣམ་པ་རྣམ་པར་མ་ཕྱེ་བའི་ཕྱིར་དེ་ལྟར་ཐུབ་ཡིད་པས་ཉན་ཐོས་ཀྱི་ཐས་པ་ལས་སྣུ་གྱུར་ཏེ།། དེ་དག་ལ་ལ་ལ་ཞིག་གིས་གླང་པོ་ཆེ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར ་ཤེས་པ་ཇི་ལྟར་སྔོན་སྣངས་རྒྱུས་ཀྱིས་བསྟན་པ་དེ་བཞིན་དུ། དེ་བཞིན་གློ་ཤེགས་པ་རྣམས་ཀྱིས་མུ་སྟེགས་ཅན་ག་ལྔ་བསྟན་པ་ནའོ།། ཁ་ཅིག་གི་ནྡྷེ་གླང་པོ་ཆེའི་སྐུ་ལ་ཞེས་བྱ་བ་ནི་དབརྙན་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད ་ལ་སུ་སྟེགས་ཅན་དེ་ཉིད་ཀྱིས་སོ་བོན་ཐམས་ཅད་པ་ལ་སོགས་པའི་དངོས་པོར་བོས་པ་ལྟ་བུའོ།། ཁ་ཅིག་ནར་ཞེས་བྱ་བ་ནི་དཔེར་ན་མུ་སྟེགས་ཅན་དེ་དག་ཉིད་ཀྱི་ནུས་པ་བསགས་པོ་ཙམ་དུ་དམིགས་ནས་ལེག་པར་རང་བཞིན་ལ་སོག ་བ་རྒྱུ་ཉིད་དུ་རྟོག་པར་བྱེད་པ་ལྟ་བུའོ།། ས་བེནྡྷ་ཐམས་ཅད་པ་ཞེས་བྱ་བ་འདིར་ས་བོན་ཞེས་བཤད་པས་དེའི་ཞར་ལ་སོ་བོན་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཕྱིར་ཕྱི་དང་ནད་དང་ཞེས་བྱ་བ་ལ་སོགས་པ་སྐྱེས་ཏེ། ཕྱིའི་ས་བོན་སཱ་ལུ་དང་ཨུཿ ་ལའི་རྩ་བ་ལོ་སོགས་པོའིའོ།། ནང་གི་ཀུན་གཱཞིའི་རྣམ་པ་ཤེས་པོས་བསྡུས་པའོ།། མི་བྱས་ལ་བ་གཉིས་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་གཉིས་མགྲིན་ནོས་ཉོན་མོངས་པ་དོང་རྣམ་པར་བྱ་བ་གཉིས་མི་གོས་ལ་ཞིང་ཡོངསུ་སུ ་གསལ་བ་སྟེ། ལུང་དུ་མ་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ།། ཁ་ཅིག་ནི་གཉི་སུ་ཞེས་འདོན་ཏེ་ས་བོན་ནི་དགེ་བོ་དང་མི་དགེ་བ་གཉིསུ་དཔྱད་ན་འམ། ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བ་གཉིསུ་དཔྱད་ན་མི་གསལ་ཏེ་ལུང ་དུ་མ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཕྱིའི་ས་བོན་ནི་ལུང་དུ་མ་བསྟན་པ་སྟེ་ལུང་དུ་མ་བསྟན་པ་ཉིད་ཀྱིས་མི་གསལ་བ་ཡིན།། ནང་གི་ཡང་དགེ་བ་ལ་སོགས་པའི་ངོ་བོར་མི་དམིགས་པའི་ཕྱིར་མི ་གསལ་བའི་ཡིན།། ཡང་ན་ཕྱིའི་ས་བོན་ནི་ལུང་དུ་མོ་བསྟན་པའི་ཕྱིརརོ།། ནོང་གི་ཡང་ཅུང་ཟད་ཅིག་མི་གསལ་ཏེ་ནང་གི་དགེ་བ་དང་མི་དགེ་བའི་ཆོས་ཀྱིས་བསྐྱེད་པ་གང་ཡིན་པ་དེ་ནི་དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིརརོ།། གཉིས ་གཉིས་དང་ཀུན་རྫོབ་ཅེས་བྱ་བ་ནི་ཕྱིའི་སྟེ་ཐ་སྙད་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་ཡང་སུ་མ་གྲུབ་པ་ཡིནོ།། དམ་པའི་དོན་ནི་ནང་གི་སྟེ། བརྟག་བཟོད་པ་ཉིད་ཀྱིས་ཡོངསུ་གྲུབ་པའི་ཕྱིརརོ།། སྐད་ཅིག་པ་དང་ཞེས་བྱ་བ་ལ་སོགས ་པས་ནི་ས་བོན་རྣམ་པ་དྲུག་སྟོན་ཏོ།། དེ་ལ་རྟག་པ་ལཱས་འབྲས་བུ་མི་དམིགས་པའི་ཕྱིར་ཕྱི་དང་ནང་གི་ས་བོན་གཉི་ག་སྐད་ཅིག་མ་ཡིན།། ནང་གི་འབྲས་བུ་དང་ལྷན་ཅིག་འབྱུང་ངེ་ཞེས་སྔར་བསྒྲུབས་ཟིན་ཏེ།། ཕྱིའི་ཡོང་ཅུང་ཟད ་ཅིག་ལྷན་ཅིག་འབྱུང་བར་གྲགས་ཏེ་དཔེར་ན་ཨུཏྤ་ལའི་རྩཝ་བ་དང་ཆུ་ཤེལ་དང་སྒྲོན་མ་དང་གྲིབ་མ་དང་མྱུ་གུ་ལ་སོགས་པ་ལྟ་བུའོ།། ཡང་ན་ཕྱིའི་ས་བེན་ཐམས་ཅད་ཀྱང་འབྲས་བུ་དང་ལྷན་ཅིག་འབྱུང་བ་ཡིན།། ས་བོན་དང་མྱུ་གུ་འ ་སོགས་པ་གང་ལ་རྒྱུ་དང་འབྲས་བུའི་དངོས་པོར་དུས་མི་མཉམ་པའི་དངོ་བོར་གྲགས་པ་དེ་ཡང་མྱུ་གུའི་གནས་སྐབས་ན་ས་བོན་སཱ་ལུའི་འབྲའི་རྒྱུན་འཇུག་པས་འབྱུང་ངོ་།། དེ་ནི་དེ་ལྟར་ཡིན་ཏེ་འདི་ལྟར་མྱུ་ག་ལ་སོགས་པའི་རྒྱུན ་གྱི་མཐར་ཐུག་པའི་དུསུ་ཡང་འབྲས་བུ་མངོན་པར་འགྲུབ་པའོ།། རྒྱུན་གྱིས་འཇུག་པས་འབྱུང་བ་དེ་ཡང་མྱུ་གུ་ལ་སོགས་པ་མེད་ན་མི་འབྱུང་བའི་ཕྱིར་མཚུངས་པར་ལྡན་པའི་རྒྱུ་བཞིན་དུ་རྒྱུ་ཡང་ཡིན་ལ། ལྷན་ཅིག་འབྱུང་བ་ཡང ་ཡིན་ཏེ་མི་འགལ་ལོ།། ཕྱིའི་ས་བོན་ནི་འགལ་བའི་རྒྱུ་དང་མ་ཕྲད་ཀྱི་བར་དུ་རྗེསུ་འཇུག་པ་ཙམ་གྱིས་རྒྱུན་ཚོགསུ་འབྱུང་བ་ཡིནོ།། ནང་གི་ཡང་སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་ས་བོན་ནི་རྣམ་པར་སྨིན་པའི་འབྲས་བུ་མ་བྱུང ་གི་བར་དུའོ།། འཇིག་ཚོགས་ལ་ལྟ་བའི་ས་བོན་དང་ཉོན་མོངས་པ་ཅན་གྱི་སྤྲོས་པའི་བག་ཆགས་ཀྱི་ས་བོན་ནི་གཉེན་པོ་མ་བྱུང་གི་བར་དུའོ།། དགེ་བ་དང་ལུང་དུ་མ་བསྟན་པའི་སྤྲོས་པའི་བག་ཆགས་ཀྱི་ས་བེན་ཡང་ཉན་ཐོས་དང་རང ་སངས་རྒྱས་དག་གི་ཡོངསུ་མྱ་ངན་ལས་མ་འདས་ཀྱི་བར་དུའོ།། དེ་བཞིན་གཤེགས་པའི་རྡོ་རྗེ་ལྟ་བུའི་བར་དུ་རྒྱུན་འཇུག་པ་ཙམ་གྱིས་རྒྱུན་ཆགསུ་འབྱུང་།། དེ་ལྟ་བས་ན་འདིས་ནི་ས་བོན་ལྷན་ཅིག་འབྱུང་བ་ཡིན་ཡང་གློག་བཞིན་དུ ་སྐད་ཅིག་མ་གཅིག་མ་གཉིས་སམ་གསུམ་དུ་གནས་པ་ནི་མ་ཡིན་ཞེས་སྟོན་པར་བྱེདདེ།། གལ་ཏེ་རྒྱུན་ཆགསུ་འབྱུང་ན་ཐམས་ཅད་ལས་ཐམས་ཅད་ཅི་སྐྱེ་མི་འབྱུང་ཞེ་ན། ངས་དང་ཞེས་བྱ་བས་ལན་འདེབས་ཏེ་འབྲས་བུ་འགའ་ཁ་ན ་ལ་རྒྱུ་ལ་ལ་ངེས་ཞེས་བྱ་བའི་དོན་ཏོ།། དེས་ཀྱང་ཅིའི་ཕྱིར་དུས་ཐམས་ཅད་དུ་འབྲས་བུ་མི་འབྱུང་ཞེ་ན། རྐྱེན་ལ་བལྟོས་པ་དང་ཞེས་བྱ་བས་ལན་འདེབས་ཏེ། རྐྱེན་རྟག་ཏུ་ཉེ་བར་མ་ཡིན་པོས་ཉེས་པ་མ་ཡིནོ།། འི་ན་ས་བོན་དེའི་ས་བོན ་གླང་ཡིན་ཞེ་ན། དེའི་ཕྱིར་རང་གི་འབྲས་བུས་བསྒྲུབས་པའོ་ཞེས་བྱ་བ་སྨོས་ཏེ། ས་བོན་དང་ས་བོན་ཅན་དག་ཐོག་མ་མེད་པའི་ཕྱིར་འདིའི་འབྲས་བུ་གང་ཡིན་པ་དེ་ཉིད་ས་བོན།། འདིས་ནི་གཙོ་བོ་ལ ་སོགས་པས་དོན་ཉིད་ཡིན་པ་སེལ་ཏེ། ཇི་སྐད་བཤད་པའི་ས་བོན་གྱི་ཆོས་དང་མཱི་ལྡན་པའི་ཕྱིརརོ།། སྔ་བོན་དང་ས་བོན་ཅན་གྱི་དངོས་པོ་ནི་འདིར་བསྒོ་བར་བྱ་བ་དང་སྒོ་བར་བྱེད་པ་ལ་བལྟས་པ་ཡིན་པར་ཞེན་པས་བརྟན་ཞེས་བྱ་བ་ལ ་སོགས་པས་བསྒྲེ་བར་བྱ་བ་དབྱེད་པར་བྱེད།། དེ་ལྟ་བརྟན་པ་ནི་མི་འགྱུར་བ་སྟེ། ཏིལ་ལ་སོགས་པ་བཞིན་དུ་རྒྱུང་རྒྱུན་ཆགསུ་འབྱུང་བ་ཡིན་གྱི་རླུང་བཞིན་དུ་གཡོ་བ་ནི་མོ་ཡིན།། རླུང་ནི་འབྲེལ་པས་དྲི་འཛིན་པ་ཁོ་ནར་ཟད་ཀྱི་རང་གི ་ངོ་བོས་དྲི་འབྱུང་བར་བྱ་བའི་ཕྱིར་བག་ཚོགས་འཛིན་པ་ནི་མ་ཡིན།། སྒྲ་བཞིན་དུ་ཆད་པ་ཡང་མ་ཡིན་ནོ།། བརྟན་པ་ཡང་གང་ཞིག་ལུང་དུ་མ་བསྟན་པ་དྲི་མཉམ་པ་ཡིན་གྱི་སྒེག་སྐྱེ་དང་ཙན་དན་ལ་སོགས་པ་ལྟ་བུ་དྲི་མི་ཞིམ་པ་དང་། ་ཞིམ་པ་ནི་མ་ཡིན་ནོ།། བསྒོ་བྱ་བ་ཞེས་བྱ་བ་ནི་ཡན་ལག་མཉན་པའི་ཕྱིར་བསྒོ་བར་འོས་པའམ་བསྒོ་བར་ནུས་པ་གང་ཡིན་པ་དེ་བསྒོ་བར་བྱ་བ་ཡིན། ཡན་ལག་སྲ་བའི་ཕྱིར་རྡོ་ལ་སོགས་པ་ནི་མ་ཡིན་ནོ།། བསྒོ་བར་བྱ་བ་ཡང་བསྒོ་བར ་བྱེད་པ་དང་འབྲེལ་གང་ཡིན་པོ་དེ་ལ་བསྒོ་བར་བྱེད་ཀྱི་མ་འབྲེལ་པ་སོ་སོ་ན་གནས་པ་ལ་ནི་མ་ཡིན་ནོ།། དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་བརྟན་པའི་ཕྱིར་བསྒོ་བར་བྱ་བ་ཡིན་གྱི་གཟུགས་ནི་མ་ཡིན་ཏེ། གཟུགས་མེད ་པའི་གནས་སྐབས་ན་འཆད་པའི་ཕྱིར།། འོ་ན་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡང་ཕུང་པོ་མེད་པའི་མྱ་ངན་ལས་འདས་པར་འཆད་པའི་ཕྱིར་བསྒོ་བར་བྱ་བ་མ་ཡིན་པར་འགྱུརརོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ནི་དུས་ཇི་སྲིད་དུ་སྒོ་བར་བྱེད་པ ་ཡིད་པའི་དུས་དེ་སྲིད་དུ་བསྒོ་བར་བཱི་དྨ་རྒྱུན་ཆག་སུ་འབྱུང་བའི་བསྟན་པ་ལ་དགོངས་པ་ཡིན་ནོ།། གཟུགས་མེད་པའི་ཁམས་ན་ནི་སྐྱེ་བར་བྱེད་པ་ཡིད་ཀྱང་བསྒོ་བར་བྱ་བ་གཟུགས་མེད་དེ།། དེ་བཞིན་དུ་ལུང་དུ་མ་བསྟན་པའི་ཕྱིར་ཀུན ་གཞིའི་རྣམ་པར་ཤེས་པ་ཁོ་ན་ཡིན་གྱི་འཇུག་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། དེའི་རྒྱུ་ནི་བར་ཆད་དང་བཅས་པ་དང་བར་ཆད་མེད་པར་དགེ་བ་དང་མི་དགེ་བ་ཀུན་དུ་སྐྱེད་པ་ཉིད་དུ་ཤེས་ཆེ་བས་གཅིག་ཏུ་མི་བསྟན་པ་མ་ཡིན་པའི ་ཕྱིར།། ཡང་མ་ལྡོང་ཝཱ་བུའི་ཡེ་ཤེས་ལ་བསྐོ་བར་བྱེད་དང་འོན་ཏེ་སྒོ་བར་མི་བྱེད། གལ་ཏེ་སྒོ་བར་བྱེད་ན་ནི་སྔོན་གྱི་དེ་བཞིན་གཤེགས་པ་དུས་མི་ཐུང་པར་ངག་ཆགས་ཅན་དག་པས་ད་ལྟར་གྱི་དེ་བཞིན་གཤེགས་པ་རྣམས་བྲག ་ཚོགས་ཉུང་བ་ཉིད་ཀྱིས་མཐུ་དམན་པར་ཡང་ཐལ་བར་འགྱུར་ལ། དགེ་བ་བསྐྱོ་བར་བྱ་བར་ཐལ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ནི་གཅིག་ཏུ་དགེ་བའི་ཕྱིར་རོ།། འོན་ཏེ་བསྒྲེ་བར་མི་བྱེད་ན་ནི་ཇི་ལྟར་སྐད་ཅིག་མའི ་རྒྱུན་གྱི་སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པ་འབྱུང་བར་འགྱུར་ཞེ་ན། བསྒོ་བར་མི་བྱེདད་ཞེས་བྱ་བ་འང་ཁོ་ན་བཟང་།། སོ་སེར་རྟོག་པའི་ཡེ་ཤེས་ལ་སོགས་པ་འབྱུང་བ་ནི་སྔོན་གྱི་ས་བོན་གྱི་རྒྱུན་རྡོ་རྗེ་ལྟ་བུའི་དུས་ཉིད་ན་ཅིག ་ཅར་ཡོངསུ་རྒྱས་པ་ལས་ཡིན་གྱི་སྔོན་མེད་པ་ལས་ནི་མ་ཡིནོ།། དེ་བཞིན་གཤེགས་པ་ལས་གཞན་པ་རྣམས་ཀྱི་ནི་བག་ཆགས་མེད་པར་ཉེན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི ་ཆོས་རྣམས་ཁྱད་པར་ཅན་དུ་འབྱུང་བར་མི་འགྱུར་བས་གདོན་མི་ཟ་བར་བསྐོ་བར་བྱ་བ་ཡིན་པར་ཁས་བླང་དགས་སོ།། དེ་བཞིན་དུ་མི་རྟག་པའོ་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་ལ་བསྒོ་བར་འོས་པའམ་བསྒོ་བར་ནུས ་ཀྱི། བརྟན་པའི་ཕྱིར་ན་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དག་ལ་ནི་མུ་ཡིན།། རང་གི་རྒྱུད་དུ་གཏོགས་པའི་ཀུན་གཞིའི་རྣམ་པར་ཤེས་པ་སྤྲོ་བར་བྱེད་པ་རྣམས་དང་ལྷན་ཅིག་སྐྱེ་བ་དང་འབྲེལ་པ་ཡིན་གྱི་འདས ་པ་དང་མ་འོངས་པོ་དང་། རྒྱུད་གཞན་དུ་གཏོགས་པ་ཡང་མ་ཡིན་པ་འདི་ཡང་འདིར་བསྐོ་པར་བྱ་པའི་མཚན་ཉིད་དུ་བརྗོད་པར་བྱ་ལ། རྟེན་བསྒོ་བར་བྱ་བ་ཡིན་གྱི་རྟེན་པ་རེག་པ་ལ་སོགས་པ་ནི་མ་ཡིན་ནོ།། སྡེ་པ་ལ་མ་གྲགས ་པའི་ཕྱིར་དེ་སྐད་དུ་མ་བསྟན་ཏེ། སྡེ་པ་ལ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་ལྡན་པའི་རེག་པ་ལ་སྩོགས་པ་མ་གྲོགསོ།། བསྒྲེ་བར་བྱ་བའི་མཚན་ཉིད་འདི་ནི་གཞན་ལ་གྲགས་པའི་སྒོ་བར་བྱ་བ་དགག་པས་རྣམ ་པར་བཞག་པ་ཡིན་ཏེ། དགག་པ་རྒྱས་པར་ནི་འཆད་པར་འགྱུརརོ།། དེ་ནི་བག་ཆགས་མཚན་ཉིད་དེ།། ཞེས་བྱ་བ་ནི་བག་ཆགས་ནི་བསྒོ་བར་བྱ་བའི་ཆོས་ཡིན་པས་སྒོ་བར་བྱ་བའི་མཚན་ཉིད་གང་ཡིན་པ་དེ་ཡང་བག་ཆགས་ཀྱི ་ཡིན་པའི་ཕྱིརརོ།། མདོ་སྡེ་པ་གང་དག་རྣམ་པར་ཤེས་པའི་ཚེགས་ལྔ་དང་དབང་པོ་རྟེན་དང་བཅས་པའི་གཟུགས་བསྒོ་བར་བྱ་བ་ཡིན་པར་སེམས་དཔའ་དེ་དག་གི་དགྲག་པ་འཆད་པར་འགྱུར་རོ།། གང་དག་རྣམ་པར་ཤེས་པའི ་ཚེགས་དྲུག་ཁོ་ན་བསྒོ་བར་བྱ་བ་ཡིན་གྱི་གཟུགས་ནི་མ་ཡིན་ཞེས་བྱ་བར་སེམས་པ་དེ་དག་གི་དགག་པ་ནི་ལུང་དུ་མ་བསྟན་པོ་མ་ཡིན་པའི་ཕྱིར་ཞེས་བྱ་བར་བཤད་ཟིན་མེད་ཀྱི། དེའི་ཞར་ལ་དྲུག་པོ་དག་ལ་ཞེས་བྱ་བ་ལ་སེ ་པས་དགག་པ་གཞན་བརྩ་མོ་མེ།། དེ་ལ་ཁ་ཅིག་ན་རེ་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ནི་ཕན་ཚུན་བག་ཆགས་འཇོག་པ་མ་ཡིན་ཏེ། གཞན་ཁས་ལེན་པ་ཉིད་ཀྱིས་ལྷན་ཅིག་སྐྱེ་བ་དང་འགག་པའི་མཚན་ཉིད་ཀྱི ་འབྲེལ་པ་མེད་པའི་ཕྱིར།། ཡང་གཞན་གྱི་ཇི་ལྟར་དེ་ལྟར་ཁས་བླངས་ཤེ་ན། ཐ་དད་གསུམ་དང་འགལ་བའི་ཕྱིར། འདི་ལྟར་གསུམ་པོ་བརྟེན་དང་དམིགས་པ་དང་ཡིད་ལ་བྱེད་པ་དག་ནི་རྣམ་པར་ཤེས་པའི་ཚོགས་དྲུག་ལ ་སོ་སོ་ཐ་དད་པར་མཐོང་ཏེ། གལ་ཏེ་ཅིག་ཅར་སྐྱེ་བར་གྱུར་ན་དེ་དང་འགལ་བར་འགྱུར་ཞེས་ཟེར།། དེ་ནི་རིགས་པ་མོ་ཡིན་ཏེ། དབང་པོ་ལ་སོགས་པ་ཐ་དད་པ་ཉིད་མ་ཡིན་ཡང་ཅིག་ཅར་སྐྱེ་བར་མ་མཐོང་བའི་ཕྱིར་དང་། གར་དང་ཟླ ་བ་ལ་ལྟ་བ་ལ་སོགས་པ་ལ་སྲོག་ཆགས་རྣམས་ཀྱི་དབང་པོ་ལ་སོགས་པ་ཐ་དད་ཀྱང་ཅིག་ཅར་སྐྱེ་བ་མཐོང་བའི་ཕྱིརརོ།། དེ་ལྟ་བས་ན་གཞན་དུ་རྣམ་པར་བྱ་སྟེ། འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ནི་འབྲེལ་པ་མེད་པའི ་ཕྱིར་ཕུན་ཚུན་བསྒོ་བར་བྱ་བ་མ་ཡིན་ནོ།། རེ་ཞིག་གཟུགས་ཅན་མ་ཡིན་པའི་ཕྱིར་ཕྲད་པའི་འབྲེལ་པ་ནི་མེད།། དུས་མཉམ་དུ་སྐྱེ་བ་ཙམ་གྱིས་འབྲེལ་པ་མ་ཡིན་ཏེ། རྒྱུད་གཞན་ལ ་ཡང་བག་ཆགས་འཇོག་པར་ཐལ་བར་འགྱུར་བའི་ཕྱིརརོ།། མཚུངས་པོ་དེ་མ་ཐག་པའི་རྐྱེན་གཅིག་གོས་བྱས་པའི་འབྲེལ་པ་ཡང་མ་ཡིན་ཏེ། དེ་ནི་གོ་འབྱེད་པ་ཙམ་ལ་ཉེ་བར་སྦྱོར་གྱི། འབྲས་བུ་རྣམས་ཕན་ཚུན་སྦྱོར་བ་ལ ་ནི་མ་ཡིནོ།། གང་གི་ཚེ་འཇུག་པའི་རྣམ་པར་ཤེས་པོ་དྲུག་ཅར་གྱི་མཇུག་ཐོག་སུ་འཇུག་པའི་རྣམ་པར་ཤེས་པ་དྲུག་ཅར་ཅིག་ཅར་རིམ་གྱིས་སྐྱེ་བ་དེའི་ཚེ་མཚུངས་པ་དེ་མ་ཐག་པའི་རྐྱེན་གཅིག་མེད་པའི་ཡང་ཕྱིར་རོ།། རྟེན་དང ་དམིགས་པ་དང་ཡིད་ལ་བྱེད་པ་གཅིག་སྐྱེ་བས་འབྲེལ་པ་ཡང་མ་ཡིན་ཏེ། ཐ་དད་གསུམ་འགལ་བའི་ཕྱིར། འཇུག་པའི་རྣམ་པར་ཤེས་པ་དྲུག་གི་རྟེན་དང་དམིགས་པ་དང་། ཡིད་ལ་བྱེད་པ་ནི་སོ་སོར་ཐ་དད་པར་མཐོང་སྟེ། ་དེ་ལྟ་ཡིན་ན་འགུལ་བ་རོ་འགྱུརརོ།། འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་འདི་ནི་རྟེན་ལ་སོགས་པ་ཐོ་དད་པའི་ཕྱིར་ཕན་ཚུན་འབྲེལ་པ་མེད་པ་ཡིན་ཏེ། རྒྱུད་གཞན་བཞི་ནོ་ཞེས་གཞན་ལ་རྗེ་སུ་དཔག་པས་གནོད་པ་ཡིན།། ་སེམས་ཅན་གཅིག་གི་རྒྱུད་དུ་གཏོགས་པ་ཉིད་ཀྱིས་འབྲེལ་པ་ཡང་མ་ཡིན་ཏེ། རྟེན་ལ་སོགས་པ་ཐ་དད་པ་ཉིད་ཀྱིས་སེམས་ཅན་གཅིག་གི་རྒྱུད་དུ་གཏོགས་པ་ཉིད་བསྒྲུབ་པར་དཀའ་བའི་ཕྱི་རོ།། འཇུག་པའི་རྣམ་པར ་ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་དག་ནི་མདུང་ཁྱིམ་བཞིན་གཅིག་ལ་གཅིག་བརྟེན་པའི་ཕྱིར་འབྲེལ་པ་ཡིན་ནོ།། གལ་ཏེ་རྟེན་གཅིག་པ་ཉིད་ཀྱིས་འབྲེལ་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་སྔ་མ་ནི་མིག་གི ་རྣམ་པར་ཤེས་པ་ཕྱི་མའི་སྐྱེ་བར་བྱེད་པ་ཡིནོ་ཞེ་ན། དེའི་ཕྱིར་སྐད་ཅིག་ལྷན་ཅིག་མེད་པའི་ཕྱིར་ཞེས་བྱ་བ་སྨོསོ།། འདི་དག་ནི་བསྒོ་བར་བྱ་བ་དང་སྐོ་བར་བྱེད་པ་མ་ཡིན་ཏོ།། དུས་ཐ་དད་པའི་ཕྱིར་དུས་ཐ་དད་པའི་ཏིལཱ་དང་། ་མེ་ཏོག་བཞིན་ནོ།། གལ་ཏེ་ཡང་སྔ་མ་དང་ཕྱི་མ་དག་རྒྱུ་ནོ་གཅིག་པ་ཉིད་ཀྱིས་རིགས་གཅིག་པའི་ཕྱིར་བསྐོ་བར་བྱ་བ་སྒོ་བ་རུ་བྱེད་པ་སྨིན་ཞེན་ཏེ་ཕྱི་གསོ་ལ་བྱ་ན་གཞན་དུ་ཐལ་ཞེས་བྱ་བ་སྨོམ་ཏེ། གཟུགས་ཅན་གྱི ་དབང་པོ་ཡང་རིགས་གཅིག་པའི་ཕྱིར་གཟུགས་ཅནྡ་བྱ་དབང་པོ་སྐད་ཅིག་མ་སྔ་མ་བསྒོ་བར་བྱ་བ་ཉིད་དུ་འགྱུརརོ།། དེས་ན་སྙོམས་ཀྱི་རྒྱུད་ཁོ་ན་བསྒོ་བར་བྱ་བ་ཡིན།། ཞེས་བརྗོད་པར་མྱི་བྱའོ།། གང་གི་ཕྱིར་དེ་ལྟར ་དཔྱང་ན་ཀུན་གཞིའི་རྣམ་པར་ཤེས་པ་ལས་གཞན་ནི་བསྒོ་བར་བྱ་བར་རུང་བ་མ་ཡིན་པས། དེ་ལས་གཞན་པ་ལ་བསྒོ་བར་མི་བྱེད་པ་དེའི་ཕྱིར་ཕྱི་དང་ནང་གི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཕྱི་དང་ནོང་གི་ས་བོན ་དེ་གཉི་ག་ཡང་སྐྱེད་པར་བྱེད་པ་དང་འཕེན་པར་བྱེད་པ་ཡིན་ཏེ། ཕྱིའི་ས་བོན་ནི་མྱུ་གུའི་མངོན་སུམ་དུ་སྐྱེད་པར་བྱེད་པ་ཡིན།། སྡོང་བུ་ལ་སོགས་པ་རྒྱུད་པ་རྫང་ན་འདུག་པའི་བར་གྱི་ནི་འཕེན་པར་བྱེད་པ་ཡིན་ནོ།། ་ནང་གི་ས་བོན་ཀུན་གཞིའི་རྣམ་པརྭ་ཤེས་པ་མིང་དང་གཟུགས་ཀྱི་ནི་མངོན་སུམ་དུ་སྐྱེད་པར་བྱེད་པ་ཡིན་ནོ།། རྒྱུད་པ་རྒ་ཤིབཱི་བར་གྱི་ནི་འཕེན་པར་བྱེད་པ་ཡིནོ།། རེ་ཤིག་སྐྱེད་པར་བྱེད་པ་ནི་ཡིན ་ལ་རག་ན་ཡང་འཕེན་པར་བྱེད་གོ་ཇི་ལྟར་ཡིན་ཞེ་ན། མ་བཏ་བཱ་ཤི་པ་འཕེན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྐྱེད་པར་བྱེད་པ། ཁོ་ན་ཡིན་གྱི་འཕེན་པར་བྱེད་པ་མ་ཡིན་པར་གྱུར་ན། ན་སོ་ལ་སོགས་པའི་ས་དོན་རྗོད་ལ་སོགས་པ་ན ་འདུག་པ་མ་བཏབ་པ་རྣམས་ཀྱི་རྒྱུན་དུས་རིང་པོར་འབྲེལ་བར་མི་འགྱུརརོ།། མ་བཏོང་པ་ཞེས་སྨོས་པ་ནི་བཏབ་པ་ནི་ཆུ་ལ་སོགས་པས་བསྒྱུར་བའི་ཕྱིར་དེ་འཕོངས་པ་མ་ཡིན་པས་སོ།། ཤི་བའི་ལུང་རྣམས་ཀྱི་རྒྱུན་ཡང་རྗེ་སུ་འཇུག་པར་མི ་འགྱུརརོ།། འོ་ན་ཅི་ཞེན་ཤི་མཱ་ཐུག་ཏུ་འཇིག་པར་འགྱུར་རོ།། ཀལ་ཏེ་ཡང་ས་བོན་མ་བཏ་པ་ད་དཱ་ཤི་བའི་རོ་རང་གི་རྒྱུན་ཁོ་ནས་འཇུག་གི་འཕེན་པར་བྱེད་པའི་དབང་གིས་ནི་མ་ཡིན་ཞེ་ན། རཱང་གི་ངང་གིས་མཐར་འཇིག་བཞིན་ཞེས ་བྱ་བ་སྨོས་ཏེ། འདི་ལྟར་ཕྱིའི་རྐྱེན་ལས་བལྟོས་པར་སྙིང་པོ་དང་སྣུམ་ཟད་པའི་མར་མེ་འཇིག་པའི་ཚུལ་དུ་རཏྣ་གི་དང་གིས་མཐར་ཡོངསུ་འགྱུར་བས་འཇིག་པ་མཐོང་ངོ་།། དེས་ན་གདོན་མི་ཟ་བར་འཕེན་པར་བྱེད་པ་ཟད་དེ་དེའི ་ཕྱིར་དེ་འདུ་བྱེད་ཀྱི་རྒྱུན་གཞན་རྒྱུན་ཆགས་པར་མི་འགྱུརརོ་ཞེས་བྱ་བར་རྗེ་སུ་དཔག་གོ། དེ་ལྟར་ཕྱི་དང་ནང་གི་ས་བོན་དག་འདྲ་བ་ཉིད་དུ་བསྟན་ནས།། ཕྱི་རོལ་ས་བོན་མ་བསྒོས་པའམ་ཞེས་བྱ་བ་ལ་སོགས་པས་མི་འདྲ་བ་ཉིད་བརྗོད ་འམ་ཞེས་བྱ་བའི་སྒྲས་ནི་བསྒོས་པ་ཡང་ཡིན་པས་ཏེ། བསྒོས་པའི་སཱ་བེན་ཉིད་ནི་མ་ཏུ་ལུང་གའི་ས་བོན་རྒྱ་སྐྱེགས་ཀྱི་ཁུ་བས་བསྐུས་པ་རྣམས།། མ་བསྒོས་པའི་ས་བོན་ཉིད་ནི་ནས་ཀྱི་ས་བོན་ལ་སོགས་པའོ།། ནང་ནི་འདོད་པ་མ་ཡིན ་ཏུ། གལ་ཏེ་སྔོན་མེད་པ་བསྐྱེད་པ་སྟེ། ཇི་སྐད་དུ་རྣམ་པར་རྟོག་པ་གཉིས་པ་ལས་བརྗེད་པ་ལྟ་བུ་ཡང་རུང་གལ་ཏེ་ཆོས་ཉིད་ཀྱིས་གནས་པའི་ས་བོན་ཡོངསུ་གསོས་པ་ཡང་རུང་སྟེ། རྣམ་པ་ཐམས་ཅད་དུ་བསྒོས་པ་ས་བེནྡ་ཉིད ་ཡིན་ན། ཕྱི་རོལ་གྱི་ནི་དེ་ལྟ་ཡང་མ་ཡིན་ནོ།། ནས་ལ་སོགས་པ་རང་དང་མཐུན་པའི་འབྲས་བུ་བསྐྱེད་པའི་ཕྱིར་ཆུ་ལ་སོགས་པས་ཡོངསུ་གསོས་ཤིང་ནུས་པ་བཞག་པ་ཡང་ས་བོན་གྱི་ཁྱད་པར་ཡོངསུ་གསས་པ་ཞེས་ནི་བྱ ་གཞན་དག་ནི་ཕྱི་རོལ་ས་བོན་མ་བཏུབ་པའམ་ཞེས་བྱ་བར་འདོན་ཏེ། མ་བཏབཱ་པའི་ས་བོན་ཉིད་ནི་ད་ར་ན་ཏི་ལོ་དང་ཨུཏྤ་ལྱའི་རྫ་བ་དང་དུ་རྦ་ལ་སོགས་པ་ལ་སོགས་པ་ལ་གོ་རཱམ་བཞིན་དུ་སོལ་བ་དང་། བ་ལང་གི་ལྗི་པ་དང་། ་ལུག་ལ་སོགས་པའི་ལྟ་བུ་སྟེ། སོལ་བ་ལ་སོགས་པ་ལ་ཏི་ལ་ལ་སྔགས་པའི་ས་བོན་བཏབ་པ་ནི་མ་ཡིན།། བཏབ་པའི་ས་བོན་ཉིད་ནི་ནས་ལ་སོགས་པའི་འོ།། ཕྱིའི་ས་བོན་འདྲི་ནི་རྣམ་པར་བརྟགས་པའི་ཡིན་ཏེ། ནང་གི་ཆོ་སྡེ་ཉིད ་ཀྱིས་གནས་པའི་ཕྱིརརོ།། སྔོན་མེད་པ་བཞག་པས་ས་བོན་བཏབ་པ་ཉིད་ཡིན་ན། སོལ་བ་ལ་སོགས་པ་ལ་ནི་དེ་ལྟར་བཏབ་པ་ཡང་མ་ཡིན་ཏེ། གྲགས་པ་མེད་པའི་ཕྱིརོ།། ནང་གི་ནི་བསྒོས་པ་ཁོ་ན་འམ་བཏབ་པ་ཁོ་ན་ས་བོན་ཉིད ་ཞེ་ན་བཤད་པ། ཐོས་སོགས་བག་ཆགས་མེད་ན་ནི། དེ་འབྲས་ཏེ། འབྲས་བུ་མང་དུ་ཐོས་པ་དང་། མངོན་པར་ཤེས་པ་ལ་སོགས་པ་མ་མཐོང་བའི་ཕྱིར།། གཞན་ཡང་གལ་ཏེ་མ་བསྒོས་པར ་ཏིལ་དང་ཨུཏྤ་ལའི་རྩ་བ་ལ་སོགས་པ་བཞིན་དུ། གློ་བུར་དུ་འབྲས་བུ་འབྱུང་བར་འགྱུར་ན་ནཱི་གཏེད་པ་ཅན་དབུལ་པོར་འགྱུར་ལ། སེར་སྣ་ཅན་ཡང་དབང་ཕྱུག་ཉིད་དུ་འགྱུར་ཏེ། དེས་ན། བྱསོ+ོ་དང་མ་བྱས་འཇིག་དང་ཕྲད། ཉེས་ར། ་འགྱུར་ཕྱིར་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ།། བྱས་པ་སྦྱིན་པའི་ས་བོན་འཇིག་པའི་ཕྱིར་དང་། མ་བྱས་པ་དབུལ་པོ་ཉིད་དང་ཕྲད་ཅིང་འབྱུང་བར་འགྱུར་བའི་ཕྱིར་རོ།། གལ་ཏོ་ཕྱིའི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ ་ལས་ཐ་དོད་པ་ཡིན་ན། སྔར་ཀུན་གཞིའི་རྣམ་པར་ཤེས་པ་ནི་ས་བོན་ཐམས་ཅད་པ་ཉིད་དུ་ཞེས་བཤད་པ་ལ་ཇི་ལྟར་གནོད་པར་མི་འགྱུར་ཞེ་ན། ནང་ནི་ཕྱི་རོལ་རྐྱེན་ཡོན་ཏེ། ཞེས་བྱ་བ་ལོ་སོགས་པས་ལན་འདེབས་ཏེ། འདི་ལྟར ་སཱ་ལུ་ལ་སོགས་པའི་ས་བོན་དེ་དག་ལ་ཉེ་བར་སྤྱོད་པར་བྱེད་པའི་སྲོག་ཆགས་རྣམས་ཀྱི་ལས་ཀྱི་བག་ཆགས་ཀྱི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡོད་པ་དག་གིས་དེ་དག་ཏུ་སྣང་བ་ཉིད་དུ་བསྒྲུབས་པ་ཡིན།། དེ་བས་ན་དེ ་ལས་ཐ་དད་པ་མ་ཡིན་ནོ།། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཞར་ལ་འོངས་པ་ས་བོན་རྫོགས།། །། ཐུན་མོང་མ་ཡིན་པའི་རྟེན་ཅང་འབྲེལ་བར་འབྱུང་བའི་ཁོངས ་གཏོགས་པ་ཉེ་བར་སྤྱོད་པ་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་བསྟན་པར་ཡང་ཞེས་བྱ་བ་སྨོས་སོ།། འཇུག་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ཡིན་ཏེ། ཡང་རྣམ་པར་ཤེས་པ ་དྲུག་པོ་དག་ཅེས་འབྱུང་བའི་ཕྱིར་རོ།། ཅིའི་ཕྱིར་དྲུག་པོ་ཁོ་ན་ཡིན་ཞེ་ན་འདི་ལྟར་ལུས་དང་འགྲོ་བ་ཐམས་ཅད་དུ་ཡུལ་འདོད་པ་དང་མི་འདོད་པ་དང་ཕྲད་ན་ཉོ་བར་སྤྱོད་པ་གཙོར་བདེ་བ་དང་སྡུག་བསྔལ་བ་དང་བཏང་སྙོམས་གསལ་བ་ཡིན ་པས་སོ།། ཀུན་གཞིའི་རྣམ་པར་ཤེས་པ་ནི་མི་སྲིད་དེ་མི་གསལ་བའི་ཕྱིར།། ཉོན་མོངས་པ་ཅན་གྱི་ཡིད་ཀྱང་གསལ་བ་ཡིན་མོད་ཀྱིས། དེ་ནི་གཅེར་ལྟ་བ་གཙོ་བོར་གྱུར་པ་ཡིན་གྱི་ཚེར་བ་ནི་མ་ཡིན།། དེ་ལྟ་བས་ན་ཉེ་བར་སྤྱོད་པ ་ནི་གཙོར་ཚོར་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་དྲུག་ཁོ་ན་ཉེ་བར་སྐྱེད་པ་ཅན་ཡིན།། ཇི་སྐད་གསུངས་པ་ལྟ་བུའོ།། ཞེས་བྱ་བ་ནི་ཉེ་བར་སྤྱོད་བརྙན་ཉིད་ཀྱི་ཁུངསོ།། གཅིག་ནི་རྐྱེན་གྱི་རྣམ་པར་ཤེས་པ ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པོ་འབྲས་བུ་ཉིད་ཀྱང་ཡིད་མོད་ཀྱི་ས་བོན་གྱི་རྟེན་ཉིད་ཀྱིས་ནི་ཆོས་རྣམས་ཀྱི་རང་གི་ངོ་བོའི་རྒྱུ་ཡིན་པའི་ཕྱིར་རྐྱེན་གྱིས་རབ་ཏུ་ཕྱེ་བ་ཡིན་པས་རྐྱེན་གྱི་རྣམ་པར་ཤེས་པ་ཞེས་བྱའོ།། འཇུག ་པའི་རྣམ་པར་ཤེས་པ་ནི་ཉེ་བར་སྤྱོད་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ཉེ་བར་སྤྱོད་པ་ཅན་ཞེས་བྱའོ།། ཉེ་བར་སྤྱོད་པ་ནི་གཙོར་འཇུག་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ནའི་ཚོར་བ་ཡིན།། དེ་ལ་མཚན་མར ་འཛིན་པ་ནི་ལོངས་སྤྱོད་དོ།། ཉེ་བར་སྤྱོད་པ་དེ་ལ་འཇུག་པར་བྱེད་པ་ནི་དེ་དག་ལས་གཞན་པའི་འདུ་བྱེད་རྣམས་ཏེ་གཙོར་འཇུག་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་སེམས་ལྔས་བྱུང་བ ་རྣམས་ཡིན།། དེ་ལྟ་བས་ན་འདིས་ནི་ཕྱིའི་དངོས་པོ་མེད་ཀྱང་སྲོག་ཆགས་རྣམས་ཀྱི་ཉེ་བར་སྤྱོད་པ་འབྱུང་བ་སྲིད་པར་སྟོན་ཏོ།། སྔར་ཅིག་གི་རྐྱེན་གཅིག་ཡིན་པར་བཤད་པ་དེ་ལུང་གིས་བསྟན་པར་ཆོས་མངོན་པའི་མདོ་ལས་ཚིགས་སུ ་བཅད་པ་ཞེས་བྱ་བ་སྨོསོ།། རྐྱེན་གྱི་རྣམ་པར་ཤེས་པ་ཞེས་བཤད་པས་གཞན་རྣམས་ནི་རྐྱེན་མ་ཡིན་པ་ཉིད་དུ་དོགས་པ་དེ་བསལ་བའི་ཕྱིར་དང་། ཞར་ལ་འོག་ནས་འབྱུང་བའི་རྐྱེན་བསྟན་པའི་ཕྱིར་ཡང་འདིར་བཀོད་།། ཆོས་ཀུན ་རྣམ་པར་ཤེས་པོ་ལ་སྦྱོར་ཞེས་བྱ་བ་ནི། རྣམ་པར་བསྟན་ལ་དབང་པ་བསྡུ་བ་ལས་ཇི་སྐད་དུ་ཀུན་གཞིའི་རྣམ་པར་ཤེས་པ་ནི་འཇུག་པའི་རྣམས་ལ་རྣམ་པར་གཉིས་ཀྱིས་རྐྱེན་བྱེད་དེ། ས་བོན་གྱི་ངོ་བོ་དང་། རྟེན་སྦྱིན་པའི་སྒོ་ནས་སོ།། ་དེ་ལ་ས་བོན་གྱི་སྒོ་ནོས་ནི་འཇུག་པའི་རྣམ་པར་ཤེས་པ་དང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་གང་ཆུང་ཟད་འབྱུང་བ་དེ་ཐམས་ཅད་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ས་བོན་ཅན་ཡིན་པའོ།། དེ་ལ་རྟེན་སྦྱིན་པའི་སྒོ ་ནས་ནི་ཀུན་གཞིའི་རྣམ་པར་ཤེས་པས་ཟིན་པའི་གཟུགས་ཅན་གྱི་དབང་པོ་རྣམས་ལ་བརྟེན་ནས་རྣམ་པར་ཤེས་པའི་ཚོགས་ལྔ་འབྱུང་བར་འགྱུར་གྱི་མ་ཟིན་པ་དག་ལ་མ་ཡིན་པ་དང་། མིག་ལ་སོགས་པའི་རྟེན་བཞིན་དུ་ཀུན ་གཞིའི་རྣམ་པར་ཤེས་པ་ཡོད་ན་རྣམ་པར་ཤེས་པའི་ཚོགས་ལྔ་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་འགྱུར་གྱི།། མེད་ན་མ་ཡིན་པའོ།། དེ་ལ་འཇུག་པའི་རྣམ་པར་ཤེས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་རྣམ ་པ་གཉིས་ཀྱིས་རྐྱེན་བྱེད་དེ་མཐོང་བའི་ཆོས་ལ་ས་བོན་ཡོངསུ་གསོ་བ་དང་ཚེ་ཕྱི་མ་ལ་དེ་མངོན་པར་གྲུབ་པར་བྱ་བའི་ཕྱིར་ས་བོན་ཡོངསུ་འཛིན་པ་འཇོག་པའི་སྒོ་ནས།། དེའི་ཕྱིར་མཐོང་བའི་ཆོས་ལ་ས་བོན་ཡོངསུ་རྒྱས་ནས་ཇི་ལྟར ་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་པའི་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་ལུང་མ་བསྟོན་པ་འབྱུང་བ་དེ་ལྟ་དེ་ལྟར་རང་གི་རྟེན་ལ་ལྷན་ཅིག་འབྱུང་བ་དང་འགག་པས་བསྒོ་བར་བྱེད་དེ།། རྒྱུ་དང་རྐྱེན་དེས་ན ་འཇུག་པའི་རྣམ་པར་ཤེས་པ་ཕྱི་མ་རྣམས་དགེ་བ་ལ་སོགས་པའི་ངོ་བོར་ཆེས་རྒྱས་པ་དང་ཆེས་སྦྱངས་པ་དང་ཆས་གསལ་བར་འབྱུང་བར་འགྱུརརོ།། ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུའོ།། རྐྱེན་གྱི་ལེའུའི་དབང་དུ་མཛད ་ན་གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ལ་རྣམ་པར་ཤེས་པ་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་ངོ་བོ་ཉིད་རྣམ་པར་འབྱེད་པར་ཉེ་བར་གནས་པ་དེའི་ཚེ་ནི་ས་བོན་དེ་ལ ་བརྟེན་ནས་ནི་འཇུག་པའི་རྣམ་པར་ཤེས་པ་ཡིན་ལ། དེ་ལ་ཡང་བརྟེན་ནས་ནི་མངོན་པར་འདུ་བྱ་བ་ལས་བྱུང་བའི་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་པས་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ངོ་བོ་ཉིད་རྣམ་པར་འབྱེད་པ ་ཅནྡ་རྣམ་པར་ཤེས་པ་དེ་དག་དང་ཕན་ཚུན་རྒྱུའི་རྐྱེན་ཉིད་ཡིན་ནོ།། དེས་ན། ཤུགས་ཀྱིས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་ནི་ཆེས་ཐམས་ཅད་ལ་རྒྱུའི་རྐྱེན་སྦྱིན་ནོ།། ་ཞེས་བཤད་པར་འགྱུརརོ།། ཀུན་གཞིའི་རྣམ་པར་ཤེས་པ་ནི་དེ་རྣམས་ལ་མཚུངས་པ་དེ་མ་ཐག་པ་དང་། དམིགས་པ་དང་། བདག་པོའི་རྐྱེན་གྱི་ངོ་བོར་ཡང་གནས་པའི་ཕྱིར་དེ་མཚུངས་པ་དེ་མ་ཐག་པ་ལ་སོགས་པའི་རྐྱེན་ཉིད་དུ ་བརྗོད་པར་བྱ་བ་མ་ཡིན་ནམ་ཞེ་ན་རེ་ཞིག་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་ནི་བརྗོད་པར་མི་བྱ་སྟེ། རྣམ་པར་བཤེས་པ་གང་ཞིག་མངོན་དུ་གྱུར་ན་རྣམ་པར་ཤེས་པ་གཞན་སྐྱེ་བའི་གགས་བྱེད་པ་ལ་འགགས་ན་སྐབས ་འབྱེད་པས་སྐྱེ་བ་དང་མཐུན་པར་འགྱུར་བ་དེ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནི་ཀུན་གཞིའི་རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་དེ་ལྟར་ཡང་མ་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་མངོན་དུ ་གྱུར་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིརརོ།། དམིགས་པའི་རྐྱེན་ཉིད་དུ་ཡང་བརྗོད་པར་མི་བྱ་སྟེ། མིག་ལ་སོགས་པའི་རྣམ་པར་ཤེས་པས་མངོན་སུམ་དུ་མི་དམིགས་པ་ཉིད་ཀྱིས་དམིགས་པའི་རྐྱེན་དངས ་མ་ཡིན་པའི་ཕྱིརརོ།། བདག་པོའི་རྐྱེན་ཉིད་དུ་ཡང་བརྗོད་པར་མི་བྱ་སྟེ། མི་སྒྲིབ་པའི་ངོ་བོ་ཙམ་གྱིས་གཙོ་བོ་མ་ཡིན་པའི་ཕྱིརརོ།། འདི་ནི་ངོ་བོ་ཉིད་རྣམ་པར་འབྱེད་པར་ནུས་པ་ཡང་མ་ཡིན་ཏེ་རྟེན་ཙམ་གྱིས་ཕན་འདོགས་པའི ་ཕྱིར་རོ།། སྔར་ཕན་ཚུན་རྐྱེན་ཡིན་པར་བསྒྲུབས་པའི་ཕྱིར་དང་ཆོས་མངོན་པ་ལས་ཀྱང་ཚིག་སུ་བཅད་དེ་བསྟན་པའི་ཕྱིར་གྲུབ་པར་བྱས་ནས། གལ་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་ལ་རྣམ་པར་ཤེས་པ་དེ་དག་ཕན་ཚུན ་དུ་རྒྱུའི་རྐྱེན་ཡིན་ནཱ་ཞེས་བྱ་བ་སྨོས་སོ།། རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་པ་ལ་ཞེས་བྱ་བ་ནི་སྡུག་པ་དང་མི་སྡུག་པའི་གྲོ་བ་ཅན་ལྔའོ།། ཡང་ཇི་ལྟར་སྡུག་པ་དང་མི་སྡུག་པའི་འགྲོ་བ་འགྲུབ་ཅེ་ན། སྡུག་བསྔལ་ལ་ཀུན་ཏུ ་རྨོངས་པ་བདག་ཉིད་བདེ་བར་བྱ་བའི་ཕྱིར་འདུ་བྱེད་རྣམ་པ་གསུམ་ལ་འཇུག་སྟེ། དེ་དག་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཡིན་ནོ།། དེ་དག་ཀུན་ཏུ་སྤྱོད་པ་སྔ་མ་འོངས་པའི་འབྲས་བུ་རྣམ་པར་ཤེས་པའི་ས་བོན་མ ་བོངས་པའི་རྣམ་པར་ཤེས་པ་སྐྱེ་བ་དངོ་མཐུན་པོར་རྣམ་པར་བཞག་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ།། དེ་དེ་ལྟར་རྣམ་པར་འཇོག་པ་ན་མིང་དང་གཟུགས་ཀྱི་ས་བོན་ཡང་མ་འོངས་པའི་མིང་དང ་གཟུགས་སྐྱེ་བར་བྱ་བའི་ཕྱིར་རྣམ་པར་འཇོག་པ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ།། དེ་ཡང་དེ་ལྟར་རྣམ་པར་འཇོག་པ་ནི་སྐྱེ་མཆེད་དྲུག་གི་ས་བོན་ཡང་མ་འོངས་པའི་སྐྱེ་མཆེད་དྲུག་སྐྱེ་བར་བྱ ་བའི་ཕྱིར་རྣམ་པར་འཇོག་པར་བྱེད་པ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ།། དེ་ཡང་དེ་ལྟར་རྣམ་པར་འཇོག་པ་ན་རེག་པའི་ས་བོན་ཡང་མ་འོངས་པའི་རེག་པའི་སྐྱེ་བར་བྱ་བའི་ཕྱིར་རྣམ་པར་འཇོག ་པར་བྱེད་པ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ།། དེ་ཡང་དེ་ལྟར་རྣམ་པར་འཇོག་པ་ན་ཚོར་བའི་ས་བོན་མ་འོངས་པའི་ཚོར་བ་སྐྱེ་བར་བྱ་བའི་ཕྱིར། རྣམ་པར་འཇོག་པར་བྱེད་པ་ན་རེག ་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་སྟེ། ས་བོན་དེ་ཅིག་ཅར་ཡོངསུ་གསོས་ཀྱང་འབྲས་བུར་གྱུར་པ་རྣམ་པར་ཤེས་པ་ལ་སོགས་པ་སྔ་མ་ལ་ཕྱི་མ་བརྟེན་པ་ཉིད་དུ་དམིགས་པའི་ཕྱིར་གང་ཇི་སྐད་སྨོས་པའི་གོ་རིམ་བཞིན་རྐྱེན་དུ་རྣམ་པར ་བཞུག་པར་བརྗོད།། ཚེ་རབོས་གཞན་གྱི་ལས་ཀྱི་མངོན་པར་གྲུབ་པའི་ཚོར་བ་ཀུན་ཏུ་གཅོད་པའི་གནས་སྐབས་ལ་བརྟེན་ནས་དེ་ལ་དམིགས་པའམ་དེ་དང་མཐུན་པའི་དངོས་པོ་ལ་དམིགས་པའི་སྦེད་པའི་ཆུང་ངུ་སྐྱོ་བ་ནི་ཚོར ་པའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ།། དེ་ལ་ཡང་བརྟེན་ནས་འདུན་པའི་འདོད་ཆགས་འདོད་པ་ལ་སོགས་པ་ལ་དམིགས་པ་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ།། འདུན་པའི་འདོད་ཆགས་ཀྱི་ཡོངསུ་གསོས་པ་བསློང ་ནཱམ་ས་ལ་སོགས་པའི་ས་བོན་གྲང་ཡིན་པ་དེ་ནི་སྲིད་པའོ།། འབྲས་བུར་གྱུར་པ་རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པའི་ས་བོན་ཡིན་ཏེ། དཱ་ནི་སྤྲོས་པའི་བག་ཆགས་ཀྱི་ངོ་བོ་ཉིད་རྣམ་པར་འབྱེད་པའི་རྒྱུ་ཡིན་པ ་ཉིད་ཀྱིས་ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཁོང་སུ་བསྡུས་པའི་ཕྱིར་དང་། སྡུག་པ་དང་མི་སྡུག་པའི་འགྲོ་བའི་རྒྱུ་ཡིན་པའི་ཕྱིར།། རིས་མཐུན་པ་གཞན་དུ་འབྲས་བུ་གྱུར་པར་རྣམ་པོར་ཤེས་པ་ལ ་སོགས་པ་ཚོར་བ་ལ་ཐུག་པ་སྲིད་པ་སྔོན་དུ་འགྲོ་བ་ཅན་རིམ་གྱིས་མངོན་པར་འགྲུབ་པ་ནི་སྐྱེ་བའོ།། དེ་ཡོད་ན་སྐྲ་ཉམས་པ་དང་མདོག་མི་སྡུག་པ་དང་པགས་པ་འཁྱུདས་པ་ལ་སོགས་པའི་ངོ་བོར་ཡོངསུ་གྱུར་པའི་གནས་སྐབས་དང ་སྲོག་འཆད་པའི་གནས་སྐབས་ནི་རྒ་ཤི་ཞེས་བྱ་སྟེ། བདེན་པ་མཐོང་བ་ལ་འཕེན་པ་མེདོ་དེ་སྲེད་པ་དང་བྲལ་བ་ལ་སྲིད་པ་མེ་།། ཞེས་འབྱུང་བའི་ཕྱིར་རྨོངས་པ་ནི་འདིར་མཐོང་བས་སྤང་བར་བྱ་བའི་མ་རིགས་པ་ཡིན་ནོ།། དེ་ལ་ཇི ་ལྟར་ཕྱིར་མི་གཡོ་བའི་ལས་བསམ་གཏན་སྤེལ་མ་དང་མཚུངས་པར་ལྡན་པ་ཚེ་རབས་གཞན་མ་འདྲིས་པས་གནས་གཙང་མ་ལྔ་པ་འཕེན་ཅེ་ན། དེ་ནི་མ་ཡིན་ཏེ་བསམ་གཏན་བཞི་པའི་སྙོམས་པོར་འཇུག་པའི་སྔ་བོན་ཟག་པ་དང་བཅས ་པཱ་ཆེན་པོ་འཁོར་བཱ་ཐོག་མ་མེད་པ་ནས་འདྲིས་པ་འབྲས་བུ་ཆེ་བར་སྐྱེ་བ་འཕེན་པར་བྱེད་པ་གནས་པ་བསྡམ་གཏན་སྤེལ་མའི་མཐུས་མི་ཆེ་བ་ལ་སོགས་པར་སྐྱེ་བ་སྦྱང་བར་བྱེད་དེ་ཡན་ལག་དེ་ནཱི་ས་འོག་མའི་མི་མཐུན་པའི་ཕྱོགས་ཀྱི ་མི་གཡོས་པའི་ཕྱིར་མི་གཡོ་བ་ཉིད་ཡིན་གྱི་མྱ་ངན་ལས་འོངས་པ་བཞིན་རྣམ་པར་སྨིན་པ་ལ་མི་གཡོ་བའི་ཕྱིར་ནི་མ་ཡིན་ནོ།། ཕྱིར་མི་འོངས་པ་རྣམས་ནི་ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་གནས་ཀྱི་ཁྱད་པར་གཅིག་ཏུ་སྐྱེ ་བ་གཅིག་ཁོ་ན་མོ་ཡིན་ནམ་སྐྱེ་བ་གཉིས་པ་ལ་སོགས་པ་ནི་སོ་སོར་མ་བརྟག་པའི་འགོག་པས་འགགས་པའི་ཕྱིར་འབྲས་བུ་ཆེ་བ་དག་ཏུ་སྐྱེ་བ་ལྔ་མེད་ན་ཇི་ལྟར་མི་ཆེ་བ་ལ་སོགས་པར་རྣམ་པ་ལྷ་སྒྱུར་བར་བྱེད་ཅེ་ན། ད་ནི་མ་ཡིན ་ཏེ་འབྲས་བུ་ཆེ་བ་དག་ཁོ་ནར་མ་སོང་མ་བརྟགས་པའི་འགེག་པས་འགུགས་པའི་ཕྱིར་རོ།། དེ་ལ་འདིར་མ་རིགས་པ་ལ་སོགས་པ་ནི་ཡན་ལག་ཕྱི་མ་རྣམས་ཀྱི་དམིགས་པ་དང་མཚུངས་པ་དེ་སྒྲ ་ཐག་པའི་རྐྱེན་ཉིད་དུ་ཁྲུལ་བའི་ཕྱིར་དང་ངོ་བོ་ཉིད་དང་རྣམ་པའི་ཁྱད་པར་དག་གིས་ཀྱང་རིགས་ཐ་དད་པའི་ཕྱིར་རྒྱུ་དང་དམིགས་པ་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་ཁས་མི་ལེན་གྱི་ཁྱབ་པའི་ཕྱིར་དང་རིག་ཐ་དད་པའི་ཕྱིར ་བདག་པོའི་རྐྱེན་ཉིད་ཁ་ནར་རྣམ་པར་བཞག་གོ། ཡང་རྣམ་པར་ཤེས་པ་དྲུག་པོ་དག་ཅེས་བྱ་བ་ནི་ཉེ་བར་སྤྱོད་པོ་ཅན་གྱི་རྟེན་ཅིང་འདྲེས་པར་འབྱུང་བ་སྟེ། བདག་པོའི་རྐྱེན་ནི་མིག་སོགས་པ་དབང་པོ་དྲུག་གོ།། དམིགས་པའི་རྐྱེན་ནི་ཡུལ ་གཟུགས་ལ་སོགས་པའོ།། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་དྲུག་པོ་འགགས་མ་ཐག་པོའོ།། འདི་དྲག་ལ་རྒྱུའི་རྐྱེན་བདག་ཉིད་ཇི་ལྟ་བ་བཞིན་དགེ་བུ་ལ་སོགས་པའི་ས་བོན་ཡང་ཡོད་པ་ཡིན་ནམ། དེ་ཅིའི་ཕྱིར་མི་བརྗོད་ཅེ་ན། ་ཁ་ཅིག་ནཱ་རེ་དེ་ནི་མ་ཁྱབ་པའི་ཕྱིར་མ་བརྗོད་དེ་འདི་ལྟར་འཕགས་པའི་ལམ་ནི་འདྲིས་པ་མ་ཡིན་པའི་ཕྱིར་སྐད་ཅིག་མ་དང་པོ་སྐྱེ་བ་སྣ་བོན་མེད་པ་ཅན་ཡིནོ་ཞེས་ཟེར་རོ།། དེ་ནི་རིགས་པ་མ་ཡིན་ཏེ། རང་བཞིན་གྱི་རིགས་སྔར་བསྒྲུབས ་ཟིན་པའི་ཕྱིརརོ།། འོན་ཏེ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་བསྐལ་པ་མཉམ་པའི་རྒྱུ་ཁས་མི་ལེན་པའི་ཕྱིར་འཕགས་པའི་ལམ་གྱི་སྐད་ཅིག་མ་དང་པོའི་རྒྱུའི་རྐྱེན་མེད་པ་ཅན་དུ་འདོད་དེ། དེ་དང་མཐུན་པ་དེ་མ་བརྗོད་དོ་ཞེ་ན་དེ་ལྟ་ན་ཡང ་རིགས་པ་མ་ཡིན་ཏེ་དེའི་ལུགས་ཀྱིས་དེ་ལ་ལྟུང་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་མཚན་ཉིད་ཀྱི་རྒྱུའི་རྐྱེན་ཡོད་པའི་ཕྱིར།། འོན་ཏེ་ཉེ་བར་སྤྱོད་པ་ཅན་ནི་ཉེ་བར་སྦྱང་བར་བྱ་བ་ལ་བལྟོས་པ་ཡིན་ལ། ཉེ་བར་སྤྱོད་པར་བྱ ་བ་ཡང་སེམས་དང་སེམས་ལས་བྱུང་བ་དང་མི་ལ་སོགས་པ་ལུས་སུ་བསྡུས་པ་དང་འགྲོ་བ་དེ་དང་དེ་དག་ན་ཡུལ་གཟུགས་ལ་སོགས་པ་ཡིན་ཏེ། དེ་ལྟ་རཱི་ན་ཉེ་བར་སྤྱད་པརརོ་བྱ་བ་ནི་གསུམ་པོའི་བདག་ཉིད་དེ་ཁོ་ན་བསྔོ་དེ་ཉིད་ཀྱི ་རྐྱེན་གསུམ་གྱིས་རྣམ་པར་ཕྱེ་སྟེ་བསྟན་ཏོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ཁོངསུ་གཏོགས་པ་ས་བོན་ཡོངསུ་སྨིན་པ་ལུས་བསྡུས་པ་ཉིད་ཀྱིས་ཉེ་བར་སྤྱད་པར་བྱ་བ་ཉིད་ཡིན་པས་དེའི ་རྒྱུ་རྐྱེན་ཡང་བརྗོད་པར་ཐལོ་བར་འགྱུརརོ།། དེ་ལྟ་བས་ན་ངོ་བོ་ཉིད་རྣམ་པར་བྱེད་པའི་སྐབས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ལ་རྒྱུའི་རྐྱེན་བསྟན་ཟིན་པའི་ཕྱིར་དང་། ཉེ་བར་སྤྱོད་པ་ཡང་སྐད་ཅིག་མོ་སྔ་མ་དང་ཕྱི་མ་འགག ་པྲེ་དང་སྐྱེ་བའི་རིམ་གྱིས་རྒྱུན་གྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་དང་། མིག་ལོ་སོགས་པའི་རྟེན་ཉིད་དུ་གཟུགས་ལ་སོགས་པ་ནི་དམིགས་པ་ཉིད་དུ་གྲགས་པའི་ཕྱིར་མཚུངས་པོ་དེ་མ་ཐག་པའི་རྐྱེན་ལ་སོགས་པ་ཁོ་ན་བསྟན ་གྱི་རྒྱུའི་རྐྱེན་ནི་མ་ཡིན་ནོ་ཞེས་བྱས་ན་ལེགས་སོ།། འདི་དག་ཡིན།། ཞེས་བྱ་བ་ནི་ཁ་ཅིག་ན་རེ་གོ་རིམ་བཞིན་དུ་ཇི་སྐད་བསྟན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་གསུམ་གྱི་རྐྱེན་རྣམས་མདོར་བསྡུས་ནས་མཇུག་བསྡུད་པ ་ཞེས་ཟེརོ།། གཞན་དག་ན་རེ་སྔར་ནི་གཙོར་རྐྱེན་རྣམ་པར་བཞག་པ་མཛད་པ་ཡིན་ནོ།། ད་ནི་ཡོན་ཏན་གཙོ་བོའི་ངོ་བོ་ལ་མ་བརྟེན་པར་རྟེན་ཅིང་འབྲེལ་པར་འབྱུང་བ་རེ་རེའི་རྐྱེན་བཞིའི་ངོ་བོ ་ཉིད་རྐྱེན་བཞི་ལས་སྐྱེ་བར་སྟོན་ཏོ་ཞེས་ཟེའོ།། དེ་ལ་སྤྲོས་པའི་བྲག་ཆགས་དབྱེ་བ་མ་བྱས་པར་སྤྱིར་འཁོར་བ་ཇི་སྲིད་པར་གནས་པའི་སྒོ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་ཀུན་གཞིའི་རྣམ་པར་ཤེས་པོ་ནི་དེ་ལས་གཞན་པ་རྣམས ་ཀྱེ་རྐྱེན་བཞིར་འགྱུར་ཏེ་ས་བོན་གྱི་བརྟེན་དང་མི་བསྒྲིབ་པ་དང་དམིགས་པ་དང་རིང་གཱི་རིགས་ཀྱི་སྐད་ཅིག་མ་ལ་སྐད་ཅིག་མ་སྔ་མ་འགགས་པས་མཚུངས་པ་དེ་མ་ཐག་པའི་རྟེན་སྦྱིན་པའི་སྒོ་ནསོ།། དེ་ཡང་རྐྱེན་བཞི་ཁྲོན་ལྔས་སྐྱེ་སྟེ་རུང ་གི་རྒྱུད་དང་འབྲེལ་ཅིང་ལྷན་ཅིག་འབྱུང་བའི་ས་བོན་གྱི་སྒོ་ནས་རྣམ་པར་ཤེས་པའི་ཚོགས་བདུན་ལས་དེ་དང་འདྲ་བའི་བག་ཆགས་དང་འབྲེལ་པ་སྐྱེ་བ་ན་རྒྱུའི་རྐྱེན་དང་རྟེན་དང་བཅས་པའི་དབང་པོ་ལ་དམིགས་པའི་ཕྱིར་དམིགས་པ་རྐྱེན ་དང་། རང་ལས་གཞན་པ་མི་སླེབ་པཱར་གྱུར་པ་དག་ལས་ཏེ་བདྲག་པོའི་རྐྱེན་དང་། རང་གི་རིགས་ཀྱི་སྐད་ཅིག་མ་འགགས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་སོ།། ཉིང་མཚམས་སྦྱོར་བ་སྦྲེལ་བ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག ་ཀུན་ཏུ་འབྱུང་བ་དང་འགལ་བའི་ཕྱིར་དང་། དེ་འགག་པ་ཉིང་མཚམས་སྦྱོར་བ་སྤེལ་བ་དང་མཐུན་པའི་ཕྱིར་དེ་བས་ན་སྲིད་པ་བར་མའི་ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅོན་ཐ་མ་ཡང་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན ་ཡིན་ནོ།། དེ་བཞིན་དུ་མ་རིག་པ་ལ་སོགས་པ་ཡང་སོ་སོར་རིགས་མི་མཐུན་པའི་འབྲས་བུ་སྐྱེ་བ་ལ་བལྟོས་ནས་རྐྱེན་བཞིའི་ངོ་བོ་ཉིད་ཀྱི་རྐྱེན་བཞི་ལས་སྐྱེ་བར་ཅི་རིགས་པར་བཤད་པར་བྱའོ།། ས་བོན་དུ་གྱུར་པ་རྣམས་དང་གཟུག ་ཅན་གྱི་ཡན་ལག་རྣམས་ལ་རྐྱེན་བཞི་པོ་རིལ་མི་སྲིད་པས་འཇུག་པའི་རྣམ་པར་ཤེས་པའི་ཚོགས། དྲུག་པོ་དྲག་རྐྱེན་བཞིའི་ངོ་བོ་ཉིད་ཀྱིས་རྐྱེན་བཞི་ལས་སྐྱེ་བར་བཤད་པར་བྱའོ།། རྣམ་གྲངས་ཞེས་བྱ་བ་ནི་ཐུན་མོང་མ་ཡིན ་པ་ཞེས་བྱ་བ་ལ་སོགས་པའི་མིང་ངོ་།། མཚན་ཉིད་ཀྱིས་ཞེས་བྱ་བ་ནི་ལེའུ་བདུན་གྱིས།། ཇི་ལྟར་ཞེས་བྱ་བ་ནི་ཇི་སྐད་སྨོས་པའི་རྣམ་པར་འགོད་པ་ཡིན་ཏེ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཁོ་ན་ལྀ་བསམས་ནས་གཞན ་རྒོལ་ཞིདུ་རྟོག་པར་བྱེད་དོ།། དེ་ལ་འཇིག་རྟེན་པ་རྣམས་ལ་རྣམ་པའི་རབ་ཏུ་དབྱེ་བ་མཐའ་ཡས་པ་སྐྱོང་མོད་ཀྱི་འངས་མ་ཐག་པ་དང་མ་སྡུག་པ་དང་མི་སྡུག་པ་དང་མི་སྡུག་པའི་འགྲོ་བ་ཀུན་ནས་ཉོན་མོངས་པ་གསུམ་གྱི་གནས ་སྐབས་ཀྱི་རྟེན་ཅིང་འབྱོལ་པར་འབྱུང་བ་ཉེ་བར་བསྟན་པར་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལ་སོགས་པ་གསུམ་གྱི་བྱེ་བྲག་ཁོ་ན་ཉེ་བར་འགོད་དོ།། འཇིག་རྟེན་པོའི་རྣམ་པར་བྱང་བ་ནི་དྲག་པཱ་པའི་བསམ་གཏན་དང་གཟུག ་མེད་པའི་མཚན་ཉིད་དོ།། འཇིག་རྟེན་ལས་འདས་པ་ནི་འཕགས་པའི་ལམ་གྱི་མཚན་ཉིད་དང་འགོག་སྙོམས་པར་འཇུག་པའི་མཚན་ཉིད་དང་། གནས་གྱུར་པའི་མཚན་ཉིད་དོ།། འདི་དག་ནི་འཇིག་རྟེན་ལས་འདས་པ་ཉིད ་ཡིན་པ་ནི་འཕགས་པའི་ལམ་གྱི་སྟོབས་ཀྱིས་སྙོམས་པར་འཇུག་པའི་ཕྱིར་དང་། འཕགས་པའི་ལམ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱི་ཕྱིརརོ།། དེ་ལྟར་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང ་པབསྦྱར་ན་རྣམ་པ་བདུན་ཡིན་ནོ།། ཉོན་མོངས་པ་རྣམས་ཡང་དང་ཡང་དུ་བྱུང་བ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་སྟེ། དེ་ཡང་ཉོན་མོངས་པ་མང་བའི་ཕྱིར་འདོད་པའི་ཁམས་ཡིནོ།། དེ་ན་ཡོད་པ་ཉིད་རྣམ་པ་གསུམ་དུ་དབྱེ ་xxx ་དེ་ནི་རང་གིས་བསྐྱེད་པའི་བག་ཆགས་དང་འབྲེལ་པ་ཡིན་ན་དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་མི་རུང་ངོ་།། དེ་ལ་ཀུན་ནས་ཉོན་མོངས་པ་དང་པོ་ལ་ནི་འདོད་ཆགས་ལ་སོགས་པས་མིག་གིས་རྣམ་པར་ཤེས་པ་འདོད ་ཆགས་ལ་སྲོགས་པའམ། འདོད་ཆགས་ལ་སོགས་པའི་བག་ཆགས་ཡོངསུ་བཟུང་བའི་མིག་གི་རྣམ་པར་ཤེས་པས་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པའམ། འདོད་ཆགས་ལ་སོགས་པའི་བག་ཆགས་ཡོངསུ ་བཟུང་བའི་མིག་གི་རྣམ་པར་ཤེས་པས་མིག་གི་རྣམ་པར་ཤེས་པ་ཕྱི་མ་གཞན་ལ་བསྒོ་བར་གྱུར་གྲང་ན། དེ་ལ་འདོད་ཆགས་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་ལ་བསྒོ་བ་ཉིད་དགག་པའི་དབང་དུ་མཛད་ན། ་འདི་ལྟར་མིག་གི་རྣམ་པར་ཤེས་པ་གང་ཞེས་བྱ་བ་ལ་སོགས་པ་དེ་ཉིད་དེ་དག་གི་ས་བོན་གྱིས་དངོས་པོར་བག་ཆགསུ་བསྒོས་པར་འགྱུར་གྱི་ཞེས་བྱ་བའི་བར་སྨོས་སོ།། འདི་ཇི་ལྟར་མི་རུང་ཞེ་ན། དགོས་པ་མེད་པའི་ཕྱིར།། ་ཏཱི་བག་ཆགས་འཇོག་པར་བྱེད་པ་ནི་རང་དང་མཐུན་པའི་འབྲས་བུ་སྐྱེད་པའི་ཆེད་ཡིན་ན་དེ་ནི་ལྟ་བ་འདི་ལ་རུང་བ་མ་ཡིནོ་ཞེས་མིག་གི་རྣམ་པར་ཤེས་པ་འགགས་པ་རྣམ་པར་ཤེས་པ་གཞན་གྱིས་བར་དུ་ཆོད་པ་དེ་ལ ་ནི་ཞེས་བྱ་བ་ལ་སོགས་པ་སོ་བསྟན་ཏོ།། རྣམ་པར་ཤེས་པ་གཞན་གྱིས་བར་དུ་ཆོད་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པས་པར་དུ་ཆོད་པའོ།། བག་ཆགས་མེད་ཅིང་བག་ཆགས་ཀྱི་གནས་ཀྱང་མི ་དམིགསོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་བག་ཆགས་རྟེན་དང་བཅས་ཏེ་འགགས་པོའི་ཕྱིར་ས་བོན་མེད་པས་དེ་ལས་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་མིག་གི་རྣམ་པར་ཤེས་བྱ་སྐྱེ ་བར་མི་འགྱུར་བའོ།། རྒྱུད་གཅིག་ཏུ་གཏོགས་པའི་ཕྱིར་རྣ་པའི་རྣམ་པར་ཤེས་པ་མཇུག་ཐོགསུ་སྐྱེ་བ་ཉིད་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུན་བཞིན་དུ་མིག་གི་རྣམ་པར་ཤེས་པས་ཟིན་པའི་བག་ཆགས་ཡོངསུ ་འཛིན་ཅིང་སྐྱེ་བ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། བརྟེན་ཐ་དད་པའི་ཕྱིར་རྒྱུད་གཅིག་ཏུ་གཏོགས་པ་ཉིད་བསྒྲུབ་པར་དཀའོ་ཞེས་དེ་ནི། ཐ་དང་གསུམ་དང་འགལ་བའི་ཕྱིར་ཞེས་བྱ་བ་དེར་རྣམ་པར་ཕྱེ་ཡིན་ཏོ།། ཇི་སྟེ ་ཡང་འདི་ནི་རྒྱུད་གཅིག་ཏུ་གཏོགས་པ་ཁོ་ན་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པ་གཅིག་པོ་ཉིད་མིག་ལ་སོགས་པའི་རྟེན་དེ་དང་དེ་ནས་སྐྱེ་བ་ན་དེ་དང་དེའི་མིང་འཐོབ་པར་ཟད་དོ་སྙམ་ན། དེ་ལྟར་ན་ཡང ་རིགས་པ་མ་ཡིན་ཏེ་ལྷན་ཅིག་སྐྱེ་བ་དང་འགག་པའི་ངོ་བོས་སྐད་ཅིག་མ་སྔ་མས་སྐད་ཅིག་མ་ཕྱི་མ་ལ་བག་ཆགས་འཇོག་པར་མི་སྲིད་པའི་ཕྱིར་དང་། བག་ཆགས་ཆོས་ཉིད་ཀྱིས་གནས་ན་ཡང་ཡོངསུ་གསོ་བ་མེད་པར་སྐྱེ་བར་མི་རུང ་བའི་ཕྱིར་དང་། སེམས་མེད་པའི་གནས་སྐབས་ན་སེམས་ཀྱི་རྒྱུད་ཆད་པ་ཉིད་ཀྱིས་ཇི་སྐད་བཤད་པའི་རྐྱེན་དུ་ཐལ་བར་འགྱུར་བའི་ཕྱིར་དང་རྟེན་ཐ་དད་པ་ཉིད་ཀྱིས་རྒྱུད་ཀྱི་རྫས་གཅིག་པ་ཉིད་བསྒྲུབ་དཀའ་བའི་ཡང་ཕྱིརརོ།། ཡང ་འདིར་བརྒྱ་ལ་བྱེ་བྲག་ཏུ་སྨྲ་བ་ཉོན་མོངས་པ་འདས་པ་ལས་ཉོན་མོངས་པ་ཡིན་ལ་དེ་ཡང་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཡིནོ་ཞེས་ཟེར་ན། དེའི་ཕྱིར་མེད་པ་འདས་པ་དེ་ལས་འདོད་ཆགས་དང་བཅས་པ་འབྱུང་དུ་མི་རུང་ཞེས ་བྱ་སོ།། འདིས་བྱའྀ་ལྔས་ལས་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་རྒྱུ་འབྲས་བུ་ཕྱུང་ཟིན་གང་ཡིན་པ་དེ་ན་དཔེར་དགོད་པར་བྱའོ།། སྐུལ་པ་མཉམ་པའི་རྒྱུ་སྐད་ཅིག་མ་སྨ་བར་དུ་ཆེད་པ་ནི་རང་གི་འབྲས་བུ་མི་འབྱིན་ཏེ། ་ཡུན་རིང་དུ་ལོན་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་འབྲས་བུ་ཕྱུང་ཟིན་པ་ལྟ་བུའོ།། ཡང་འདས་པའི་ལས་ལས་ཞེས་བྱ་བོ་འདི་ནི་འོད་སྲུངས་པའི་ལྟ་བ་བཤད་པ་ཡིན་ཏེ་དེ་དག་གི་ལྟར་ན་འདས་པ་ཅུང་ཟད་ཅིག ་ནི་ཡོད་དེ་སྐལ་བ་མཉམ་པའི་རྒྱུ་ཐམས་ཅད་དང་རྣམ་པར་སྨིན་པའི་རྒྱུ་འབྲས་བུ་མ་ཕྱུང་བའོ།། ཅུང་ཟད་ཅིག་ནི་མེད་དེ་རྣམ་པར་སྨིན་པའི་རྒྱུར་འབྲས་བུ་ཕྱུང་ཟིན་པའོ།། ད་ནི་དེ་དག་གི་ཕྱིར་དེ་སྐད་བཤད་པ་ཡིན་ཏེ། དེ་ནི་མདོ་སྡེ་པའི ་སྐབས་དགག་པའི་ཕྱིར་ཡང་དྲི་སྐད་དུ་བརྗོད་པར་བྱའོ།། མིག་གི་རྣམ་པར་ཤེས་པས་འདོད་ཆག་ལ་སོགས་པ་ལ་སྒོ་བར་བྱེད་པ་དགག་པར་མིག་གི་རྣམ་པར་ཤེས་པ་འདོད་ཚོགས་ལ་སོགས་པ་དང་ལྷན་ཅིག་འབྱུང་དེ་ཞེས ་པ་ལ་སོགས་པ་སྨོས་སོ།། མིག་གི་རྣམ་པར་ཤེས་པ་ནི་མཚུངས་པར་ལྡན་པའི་སྒོ་ནས་ཉོན་མོངས་པ་ཅན་ཡིན་པས་དེ་ལྟ་བུའི་འབྲས་བུའི་སྐྱེ་བར་བྱ་བའི་ཕྱིར་རང་ལ་བརྟེན་པའི་འདོད་ཆགས་ལ་སོགས་པ་ལ་བག་ཆགས་འཇོག་གོ།། ་ཞེ་ན། དེ་ནི་རིགས་པ་མ་ཡིན་ནོ།། དེ་ལ་བརྟེན་པའི་ཕྱིར་ཞེས་བྱ་བ་ནི་འདིར་སེམས་ལས་བྱུང་བ་རྣམས་གང་ལ་བརྟེན་པའི་རྟེན་ཉིད་ཀྱིས་སྒོ་བར་མི་བྱེད་ཞེས་བྱ་བ་དེ་ལྟར་ནི་གཟུང་བར་མི་བྱ་སྟེ། འཇུག་པའི་རྣམ་པར་ཤེས་པ་བདུན་གྱི ་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྗོན་པའི་རིག་པ་ལ་སོགས་པ་ལྔ་སྒོ་བར་བྱེད་པ་ཉིད་དུ་ཐལ་བར་གྱུར་ནཱ་མི་རུང་བས་སོ།། དེ་ལྟ་བོས་ནཱ་འདི་སྐད་དུ་འདོད་ཆགས་ལ་སོགས་པ་ལྔ་སྒོ་བར་བྱེད་པ་ནི་མ་ཡིན་ཏེ་སྐད་ཅིག ་རེ་ལ་གཞན་ལ་རག་ལས་ཏེ། སྐྱེ་བའི་རྒྱུ་ཅན་ཡིན་པའི་ཕྱིར་སྒྲ་ལ་སོགས་པ་བཞིན་ནོ་ཞེས་རྣམ་པར་དབྱེ་བར་བྱའོ།། མི་བརྟན་པའི་ཕྱིརརོ་ཞེས་བྱ་བ་ནི་འདོད་ཆགས་པ་ལ་སྒོ་བར་མི་བྱེད་དེ་རྒྱུ་མི་བརྟན་པོའི་ཕྱིར་སྒྲ་དང་གློག་ལ་སོ ་པ་བཞིན་ནོ།། འདོད་ཆགས་ལ་སོགས་པའི་བག་ཆགས་ཡོངསུ་བཟུང་བའི་མིག་གི་རྣམ་པར་ཤེས་པས་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལ་སྒོ་བར་བྱེད་པ་ཉིད་དགག་པའི་དབང་དུ་མཛད་ནས ་རྣམ་པར་ཤེས་པ་གཞན་དག་ལ་ཡང་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་སྨོསོ།། འདི་ལ་ཁ་ཅིག་ན་རེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་གནས་ཐ་དད་པའི་རྒྱས་གཞན་གྱི་ལྟ་བས་ལྷན་ཅིག་འབྱུང་བ་དང་འགག ་མེད་དོ།། གང་དག་རྟེན་གཅིག་པ་ཅན་དུ་འཇུག་པ་ཅན་དེ་དགྲ་ནི་ཅིག་ཅར་སྐྱེ་སྟེ། དཔེར་སེམས་དང་སེམས་ལས་བྱུང་བ་རྣམས་ལྟ་བུའོ་སྙམ་དུ་བསམས་པའི་ཕྱིར་རོ།། དེའི་ཕྱིར་མིག་གི་རྣམ་པར་ཤེས་པས་རྣ་བའི་རྣམ་པར ་ཤེས་པ་ལ་སོགས་པ་ལ་སྒོ་བར་བྱེད་པ་མ་ཡིན་ཏེ། ལྷན་ཅིག་སྐྱེ་བ་དང་འགག་པ་དང་བྲལ་བའི་ཕྱིར་འདས་ནས་རོང་ཞིག་ལོན་པས་ང་ལྟར་ལྟ་བ་དང་མ་འོངས་པ་ལྟ་བུ་དང་རྒྱུད་གཞན་དུ་གཏོགས་པ་རྣམ་པར་ཤེས་པ་ངས ་ཐ་དད་པ་ལྟ་བུའོ་ཞེས་ཟེའོ།། གཞན་དག་ནི་དེ་དང་ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱི་རོ་ཞེས་དང་ཞེས་བྱ་བའི་སྒྲའི་དོན་ཏོ།། དེས་ན་མིག་གི་རྣམ་པར་ཤེས་པས་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལ་སྒོ་བར་བྱེད་པ་ན ་མ་ཡིན་ཏེ། གནས་ཐ་དད་པའི་ཕྱིར་རྒྱུད་གཞན་གྱིས་རྣམ་པར་ཤེས་པ་བཞི་ནོ།། ལྷན་ཅིག་འབྱུང་བ་དང་འགག་པོ་མེད་པའི་ཕྱིརརོ་ཞེས་བྱ་བ་འདིས་ནི་གཞན་གྱི་བལྟ་བ་ཁོ་ནས་གཞན་ལ་རྗེ་སུ་དཔག་པས་གནོད་པར་བརྗོད་པོར་བ ་རྣམ་པར་རྟོག་པ་བཞི་པ་དགག་པའི་དབང་དུ་མཛད་ནས་རང་གི་དངོས་པོ་ལ་ཡང་མ་ཡིན་ཏེ་ཞེས་བྱ་བཱ་ལ་སོགས་པ་སྨོས་སོ།། དེ་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པའི་ཕྱི་མའི་རླུང་གི་རིགས་ཡིན་པའི་ཕྱིར་རང་གི་དངོས ་པོ་ཡིན་ལ་འདོད་ཆགས་ལ་སོགས་པ་ཕྱི་མའི་ཡིན་ནོ།། དེ་དག་ལ་སྒོ་བར་བྱེད་པ་ཡིན་ཏེ་ལྷན་ཅིག་འབྱུང་བ་དང་འགག་པ་དང་བྲལ་བའི་ཕྱིར་སྔ་མ་བཞིན་ནོ།། རྫས་གཅིག་གི་རྒྱུད་ཡིན་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་བཞིན ་དུ་རང་གི་ནུས་པ་རྗེ་སུ་འཇུག་པར་འགྱུར་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ནུས་པ་ཡོད་ཀྱང་འབྲས་བུ་མངོན་པར་འགྲུབ་པ་ནི་ཡོང་སུ་གསོ་བ་ལ་རེག་ལས་པ་ཡིན་ནོ།། དེ་ལྟ་མ་ཡིན་ན་འདོད་ཚོགས་ལ་སོགས་པ་རྟག་ཏུ་འབྱུང་བ ་འམ་ཅིག་ཙར་འབྱུང་བ་ཁོ་ནར་འགྱུར་རོ།། ཡོངསུ་གསོ་བ་ཡང་ལྷན་ཅིག་འབྱུང་བ་དང་འགག་པ་ལ་རག་ལས་པ་ཡིན་ཏེ། དཔེར་ན་ཏིལ་ལ་སོགས་པའི་མེ་ཏོག་གི་དྲིའི་བག་ཆགས་ཡོངསུ་བཟུང་བ་མེ་ཏོག་དང་ལྷན་ཅིག་འབྱུང་བ ་དང་འགག་པར་བྱས་པ་བཞི་ནོ།། དེ་ལྟ་བས་ན་མིག་གི་རྣམ་པར་ཤེས་པ་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་པོ་འགག་པའི་འཇུག་བསྡུད་པ་ཡིན་ནོ།། རྣམ་པར་ཤེས་པ་དེ་ལས་རྣམ་པར་ཤེས་པས་བསྒོས་པར་ཡང་མི་རུང་དེ ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བཞི་པ་དགག་པའི་འོ།། དགག་པར་མ་དག་པ་ནི་གཙོ་བོ་མ་ཡིན་པའི་ཕྱིར་མཇུག་བསྡུ་བ་མ་བྱསོ།། དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་ལྷག་མ་རྣམས་ལ་ཡང་ཞེས་བྱ་བ་ན་དཔྱད་པ་མཐུན་པ ་ཕྱིར་མཐུན་པར་བསྒྲེ་བ་ཡིན་ནོ།། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་གཉིས་པ་དགག་པའི་དབང་དུ་མཛད་ནས་གང་ཡང་ས་གོང་མ་འདུ་ཤེས་མེད་པ་ནས་ཤི་འཕོས་ཏཱཾ་ཞེས་བྱ་བ་ལ་སོགས་པ་སྨོསཏེ ་གོང་མ་ཞེས་བྱ་བ་ནི་སྒྲ་ནི་འདུ་ཤེས་མེད་པའོ་ཞེས་བྱ་བའི་སྒྲ་དང་གོ་བར་བྱེད་པ་ཡིན་པའི་ཕྱིར་ཁྱད་པར་དང་ནུས་པ་མེད་པའི་ཚིག་བསྡུ་བ་ཡིན་པར་རིག་པར་བྱའོ།། འདིར་སྐྱེས་པ་རྣམས་ཀྱི་ཞེས་བྱ་བ་ནི་འདོད་པོའི་ཁམས་ཡིན་པར ་སྟོན་ཏེ།། ཉོན་མོངས་པར་གྱུར་པ་ཐོག་མ་ཉིད་དུ་སྐྱོ་བ་དེ་ཡང་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་སྲིད་པ་བར་མེར་ཉིང་མཚམས་སྦྱོར་བའི་སེམས་གདོན་མི་ཟ་བར་ཉོན་མོངས་པ་ཅན་ཡིན་པས་དེ་དང་པོར་ཉེན་མོངས་པ་ཅན ་ཡིན་ནོ།། མདོ་སྡེ་པ་རྣམས་ཀྱི་ལྟར་ན་སྲིད་པ་བར་མོའི་སེམས་ཐ་མ་གོདོན་མོ་ཟེ་བར་འདོད་ཆགས་ལ་སོགས་པ་གང་ཡང་རུང་བ་ཞིག་དང་མཚུངས་པར་ལྡན་པའི་ཕྱིར་དེ་དང་པོར་ཉོན་མོངས་པ་ཅན་ཡིན་ནོ།། དེ་ལ་ས་བོན་མེད་པའི ་ཕྱིར་སྐྱེ་བར་ཡང་མི་རུང་སྟེ་འདོད་པ་སྤྱོད་པའི་ཉོན་མོངས་པའི་སྔ་བོན་རྟེན་དང་བཅས་ཏེ་འགགས་པའི་ཕྱིརརོ།། ཉོན་མོངས་པའི་ས་བོན་དེ་གཟུགས་ཀྱི་རྒྱུད་ལ་ཡང་མོ་ཡིན་ཏེ། གཟུགས་ལ་སྒོ་བར་བྱེད་པ་ཉིད་དུ་གཞན་ཁས་མི ་ལེན་པའི་ཕྱིར་དང་། རྣལ་འབྱོར་སྤྱོང་པོ་ལ་གཟུགས་མ་གྲུབ་པའི་ཡང་ཕྱིར་རོ།། གནས་གཞན་ནས་འདིར་སྐྱེས་པ་རྣམས་ལ་ཡང་ཇི་སྐད་བསྟན་པའི་ཚུལ་གྱི་ས་བོན་མེད་པའི་ཕྱིར་ཉོན་མོངས་པ་ཅན་གྱི་སེམས་དང་པོར་སྐྱེ་བ་དེ་མི་རུང ་མེད་ཀྱི་སེམས་ཀྱི་རྒྱུན་ཆད་པ་ཉིད་ཀྱིས་ནི་གླགས་མེད་པའི་ཕྱིར་འདུ་ཤེས་མེད་པ་པ་ཁོ་ན་ནས་འཆི་འཕྱ་བ་ཉེ་བར་བཀོད་དེ།། ཀུན་ནས་ཉིན་མོངས་པ་གསུམ་པ་དགག་པའི་དབང་དུ་མཛད་ནས། ཉོན་མོངས་པའི་གཉེན་པའི་རྣམ ་པར་ཤེས་པ་བྱུང་ནི་ཞེས་བྱ་བ་ལྔ་སོགས་པ་སྨོས་ཏེ། ཉེན་མོངས་པོའི་གཉེན་པོ་རྣམ་པར་ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་མཚུངས་པར་ལྡན་པའོ།། འགགས་ན་ཞེས་བྱ་བ་ནི་ཟག་པ ་བཅས་པ་ཉིད་དུ་མཚུངས་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ལ་ཉོན་མོངས་པའི་ས་བོན་ཡོད་པར་འགྱུ་རོ་ཞེ་ན། དེ་དགག་པའི་ཕྱིར་འགག་ན་ཞེས་སྨྲས་པ་ཡིན།། དེ་ལ་ཡང་གཏན་ལུང་མ་བསྟན་ཅེས་བྱ་བ ་ལ་སོགས་པས་རུང་བ་མ་ཡིན་མོད་ཀྱི་གཞན་ད་མཐུན་པར་དེ་སྐད་དུ་བཤད་དོ།། གལ་ཏེ་ཡང་འཇིག་རྟེན་པའི་ཆོས་ཀྱིས་མཆོག་འགགས་པོ་ཁོ་ན་འཕགས་པའི་ལམ་གྱི་སྐད་ཅིག་མ་དང་པོ་ལྔ་སྔ་བོན་འཛག་གོ་སྙམ་དུ ་སེམས་ན། དེའི་ཕྱིར་ངོ་བོ་ཉིད་ཀྱིསྐུ་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་སྨོས།། ལ་ལ་ནི་ངོ་བོ་ཉིད་ཀྱིསྐུ་རྣམ་པར་གྲོལ་བ་ཁོ་ན་ཡིན་ཏེ་ཟག་པ་མེད་པ་སློབ་པའི་སེམས་གང་ཡིན་པའོ།། ལ་ལ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བ ་དང་རྒྱུད་རྣམ་པར་གྲོལ་བ་ཡང་ཡིན་ཏེ་ཟག་པ་མེད་པ་མི་སློབ་པོའི་སེམས་གང་ཡིན་པའོ།། འདི་གཉི་ག་ཡང་ཉོན་མོངས་པའི་ས་བོན་གྱི་རྟེན་མ་ཡིན་པའི་ཕྱིར་དང་དམིགས་པ་དང་མཚུངས་པར་ལྡན་པ་དག་གིས ་ཉོན་མོངས་པ་རྣམས་རྒྱས་པར་མི་འགྱུར་བའི་ཕྱིར་རྣམ་པར་གྲོལ་བ་ཡིན།། དེ་བས་ན་སློང་པའི་གང་ཟག་པ་མེད་པའི་སེམས་ནི་ཉོན་མོངས་པའི་ས་བོན་དང་ལྡན་པ་མ་ཡིན་ཏེ་ངོ་བོ་ཉིད་ཀྱིས་རྣམ ་པར་གྲོལ་པ་ཉིད་དུ་འདོད་པའི་ཕྱིར་དག་བཅོམ་པའི་སེམས་བཞིན་ནོ།། ལྷན་ཙོག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ་ཟག་པ་མེད་པའི་སེམས་ནི་ཉོན་མོངས་པའི་ས་བོན་གྱི་རྟེན་མ ་ཡིན་ཏེ་དེ་དང་འགལ་བའི་ཕྱིརརོ།། གང་ཞིག་གང་དང་འགལ་བ་དེ་ནི་དེའི་ས་བོན་གྱི་རྟེན་མ་ཡིན་ཏེ་དཔེར་ན་མུན་པའི་སྦྱོང་བ་ལྟ་བུའོ།། འགལ་བ་ཉིད་ཇི་ལྟར་ཞེ་ན། མི་མཐུན་པ་དང་གཉེན་པོར་གྱུར་པའི་ཕྱིར་ཏེ་དེ་ཡང་ལྷན ་ཅིག་འབྱུང་བ་དང་འགག་པ་མེད་པར་གྲགསོ།། གང་དག་རེས་འགའ་ལྷན་ཅིག་འབྱུང་བ་དང་འགག་པར་གྲགས་པ་དེ་དག་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་དྲི་བོར་ཡང་མ་གྲགས་སོ།། དེ་ལྟར་ནི་རིམ་པ་འདྲིས ་ནི་དགེ་བ་ཟག་པ་དང་བཅས་པའི་སེམས་ཀྱང་ཉོན་མོངས་པའི་ས་བོན་གྱི་རྟེན་མ་ཡིན་ན་ཟག་པ་མེད་པ་ལྟ་སྨོས་ཀྱང་ཅི་དགོས། དེའི་འོག་ཏུ་ཡང་ཞེས་བྱ་བ་ནི་མཐོང་བའི་ལམ་ལས་ལངས་པའོ།། འདས་ནས་ཡུན་རིང ་སྟེ་ཞེས་བྱ་ང་ལ་སོགས་པ་ནི་དོན་གོ་བར་ཟད་དོ།། བྱེ་བྲག་ཏུ་སྨྲ་བའི་ཐེག་པའི་ཕྱོགས་ནི་མདོ་སྡེ་པ་རྣམས་ཉིད་ཀྱིས་བསལ་ཟིན་པས་དེ་ནི་སྐབས་མ་ཡིན།། མདོ་སྡེ་པའི་ཡང་བག་ཆགས་ཀྱི་རྟེན་མེད་པའི་ཉེས་པ་དང ་ལྡན་པ་ཉིད་ཡིན་ནོ།། དེ་ལྟ་བས་ན་ཀུན་གཞིའི་རྣམ་པར་ཤེས་པ་མང་ན་ཉོན་མོངས་པའི་དང་ཉེ་བའི་ཉོན་མོངས་པའི་ས་བོན་མི་རུང་ངོ་ཞེས་རིགས་པས་གཏན་ལ་ཕབ་ནས་འཇུག་སྡུད་པ་ཡིནོ།། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ ་པར་ཤེས་པ་ཞེས་བྱ་བ་ལ་ཁ་ཅིག་གི་ལྟ་བ་ནི་ཚེ་རབས་གསུམ་པའི་གནས་སྐབས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་བླང་བ་ལ་ཉིང་མཚམས་སྦྱོར་བ་རྣམ་པར་ཤེས་པ་ཁོ་ན་འདུ་བྱེད་ཀྱི་རྐྱེན་ཅོན་ཡིན་ནོ་ཞེས་བྱ་བ ་ཡིན་ནོ།། དེ་ནི་མདོ་སྡེ་པ་རྣམས་པ་ཁོ་ནས་བཀག་སྟེ། དེ་ཇི་ལྟར་བཀག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་ནས་ངེས་པར་གཟུང་བར་བྱའོ།། དེ་ལྟ་བས་ན་མདོ་སྡེ་པའི་ལྟ་བས་ཀྱང་བསོད་ནམས་ལ་སོགས་པའི ་འདུ་བྱེད་ཀྱིས་ཡོངསུ་བསྒོས་པའི་རྣམ་པར་ཤེས་པ་འབྱུང་བ་ཁོ་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ།། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ལས་ཀྱི་ཀུན་ནས་ཉོན་མོངས་པའི་སྐབསུ་རྣམ་པར་ཤེ ་པ་ཡོན་ལག་བསྟན་ཏེ།། འདུ་བྱེད་ཀྱི་བག་ཆགས་འཇོག་པ་དེ་ཡང་དགག་པ་ཇི་སྐད་སྨོས་པ་དང་རྐྱེན་ཅིང་འབྲེལ་བའི་སྐབསུ་རྣམ་པར་ཤེས་པའི་ཡན་ལག་བསྟན་པོ་ལས་ན་འཇུག་པའི་རྣམ་པརོ་ཤེས་པ་རྣམ ་ལ་མི་སྲིད་དོ་ཞེས་བྱ་བར་ངེས་པོར་གཟུང་བར་བྱའོ།། དེ་ལྟ་བས་ན་འདུ་བྱེད་ཀྱིས་ཡོངསུ་བསྒོས་པའི་ཀུན་གཞིའི་རྣམ་པར་ཤེས་པ་འབྱུང་བ་ཁོ་ན་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ།། སྔར་ནི་ངོ ་ཉིད་རྣམ་པར་ཤེས་པ་ཕུན་མོང་མ་ཡིན་པའི་བདག་པའི་རྐྱེན་གྱིས་སྐབས་ཀྱིས་རྣམ་པར་ཤེས་པ་ཞེས་བཤད་དེ།། ད་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའི་སྐབས་ཡིན་པའི་ཕྱིར ་སྐད་དུ་མ་བཤད་དེ། འདུ་བྱེད་ཀྱི་ས་བོན་དང་རྣམ་པར་ཤེས་པ་མ་འོངས་པའི་ས་བློན་འདི་གཉི་ག་ཡང་སྤྱིར་རྣམ་པར་ཤེས་པའི་ཡན་ལག་ཡིན་ནོ།། གལ་ཏེ་རྣམ་པར་ཤེས་པའི་ཡན་ལག་ཀུན་གཞིའི་རྣམ་པར་ཤེས་པ་ཡིན། ་ན་མདོ་ལས་རྣམ་པར་ཤེས་པོའི་ཡན་ལག་འཇུག་པའི་རྣམ་པར་ཤེས་པ་དྲུག་ཡིན་པར་རྣམ་པར་ཕྱེ་བོ་དང་འགྲལ་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། དེར་ནི་རྗེ་སུ་འཇུག་པའི་ཚུལ་གྱིས་འབྲས་བུས་རྒྱུ་སྟོན་ཏེ། དཔེར ་བཀྲེས་པ་དང་སྐོམ་པ་དག་གིས་རེག་བྱའི་ཁྱད་པར་ལྟ་བུའོ།། སྙམ་དུ་དགོངས་པ་ཡིན་ནོ།། དེ་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འཕེན་པར་བྱེད་པའི་ལས་ཀྱིས་ཀུན་ནུས་ཉོན་མོངས་པ་མི་རུང་ངོ་།། དེ་མེད ་ནཱ་ཞེས་བྱ་བ་ཀུན་གཞིའི་རྣམ་པར་ཤེས་པ་མཽད་ནའམ། བག་ཆགས་ཀྱི་མཚན་ཉིད་ཀྱི་ས་དོན་མེད་ན་ལས་ཀྱི་ས་བོན་དེ་གང་ན་གནས་ཤིང་མ་འོངས་པ་མངོན་པར་གྲུབ་པར་བྱ་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་ན་ལེན་པ ་ཡིན་པར་འགྱུར་ཏེ། འདིས་ནི་མངོན་པར་གྲུབ་པར་བྱེད་པའི་ལས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པར་སྟོན་ཏོ།། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་རྣམ་པར་སྨིན་པོའི་མཚན་ཉིད།། དེ་ཡང་འཚོ་འཕོ་བའི་གནས ་སྦུབསྣ་དང་། འཆི་འཕྱོ་བའི་གནས་སྐབས་མ་ཡིན་པའོ།། འཆི་འཕོ་རིགནས་སྐབས་མ་ཡིན་པ་ཡང་རྣམྦྷ་པ་གཉིས་ཏེ་ཉིང་མཚམས་སྤྱོད་བ་སྦྲེལ་བའི་སྐབས་དང་ཉིང་མཚམས་སྦྱོར་བ་སྦྲེལ་བའི་འོག་གནས་པའི་གནས་སྒྲུབ། ་སོ།། ཉིང་མཚམས་སྦྱོར་བ་སྦྲེལ་དྲིའི་གནས་སྐབས་ཀྱང་ཁམས་གསུམ་པའི་བྱེ་བྲག་གི་རྣམ་པ་གསུམ་མོ།། དེ་ཐམས་ཅད་ནི་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་མི་རུང་དེ།། དེ་ལ་འདོད་པའི་ཁམས་ཀྱི་ཉིང་མཚམས་སྦྱོར ་བཱ་སྦྲེལ་བ་མི་རུང་བར་བསྟན་པའི་ཕྱིར་མཉམ་པར་མ་བཞག་པའི་ས་ནས་ཞེས་བྱ་བ་སྨོ་སོ།། འདི་ལ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་བལྟ་བ་ནི་ཉིང་མཚམས་སྦྱོར་བའི་སེམས་ནི་ཉོན་མོངས་པ་ཅན་ཡིན་ནོ་ཞེས་བྱ་བ ་ཡིན་ནོ།། དེ་ནི་མདོ་སྡེ་པ་རྣམས་ཁོ་ནས་ཉིང་མཚམས་སྦྱོར་བའི་སེམས་ནི། ཉིང་མཚམས་སྦྱོར་བ་སྦྲེལ་བའི་སྐད་ཅིག་མས་བསྡུས་པ་ཡིན་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན་ཏེ་རྣམ་པར་སྨིན་བཱ་ལས་སྐྱེས་པ་ཡིན་ནོ།། ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམ་པས་བསལ་ཏེ།། དེ་ལྟ་བས་ནཱ་མདོ་སྡེ་པ་རྣམས་ཁོ་ནས་ཁས་བླངས་པ་སྲིད་པ་བར་མའི་སེམས་ཐ་མ་ནི་རྗེསུཾ་ཆགས་པ་ལ་སོགས་པ་གང་ཡང་རུང་བ་ཞིག་དང་མཚུངས་པར ་ལྡན་པོའི་ཕྱིར་ཉོན་མོངས་པ་ཅན་ཡིན་ལ་དེ་སྔོན་དུ་འགྲོ་བ་ཅན་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སེམས་རྣམ་པར་སྨིན་པའི་བདག་ཉིད་ཀྱང་ཁུ་ཆུ་དང་ཁྲག་དང་ལྷན་ཅིག་གྲུབ་པ་དང་བདེ་བ་གཅིག་པའི་ནུར་ནུར ་པོ་ཉིད་དུ་རྣམ་པར་ཆགསོ།། དེ་ནི་ལུས་ཀྱི་རྣམ་པར་ཤེས་པ་ཡང་མ་ཡིན་ཏེ་ལུས་ཀྱི་དབང་པོ་ཞན་པའི་ཕྱིརརོ།། དེ་ལྔས་གཞན་པའི་དབང་པོ་གཟུགས་ཅན་མེད་པའི་ཕྱིར་དབང་པོ་གཟུགས ་ཅན་གྱི་རྣམ་པར་ཤེས་པ་གཞན་ཡང་མ་ཡིན་པས་ཤུགས་ཀྱིས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེ་ནའོ།། དེ་ལ་ཡང་བཙུན་པ་དཔལ་ལེན་ན་རོ་རྣམ་པར་སྨིན་པ་རྣམ་པར་ཤེས་པ་དེ་ནི་ཕྱིས་དགེ་བ་ལ་སོགས་པའི་སེམས ་ཀུན་ཏུ་འབྱུང་བ་ན་འགག་ལ། དགེ་བ་ལ་སོགས་པའི་སེམས་འགགས་ནས་ཡང་མཚམས་སྦྱོར་རོ་ཞེས་ཟེརོ།། དེ་ནི་རིགས་པའི་རྗེ་སུ་འབྲེལ་པ་ཉིད་ལས་བར་སྐབསུ་གཞན་དུ་རྗེ་ཞིང་རྣམ་པར་སྨིན་རྒྱུད་འཆད་པའི་ཉིང་མཚམས ་སྦྱོ་བ་ནི་མེད་དེ་ལུས་ཀྱི་དབང་པོ་བཞིན་ནོ་ཞེས་བཀགས་ལ། དགེ་བ་ལ་སོགས་པའི་སེམས་འགག་ནས་རྣམ་པར་སྨིན་པའི་སེམསུ་ཡང་འདོད་དེ། དེ་ལྟ་བས་ན་ཉིང་མཚམས་སྦྱར་བ་ནས་བཟུང་སྟེ་མ་ཤིའི་བར་དུ་རྣམ་པར་སྨིན ་པོའི་རྒྱུན་འཇུག་གོ་ཞེས་དེ་ལྟར་གཞན་གྱི་ལྟ་བ་ངེས་པར་བྱས་ནས་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཅེས་བྱ་བར་སྨོས་སོ།། འོ་ན་མངལ་ནཱ་འདུག་པ་ལ་དགེ་བ་དང་མི་དགེ་བའི་ཡུལ་ལ་རྣམ་པར་རྟོག་པའི་སེམས་ན་ངོན་དུ་གྱུར ་ན་ཡིད་ཀྱི་རྣམ་པར་ཤེས་པའི་ཁྱད་པར་གཞན་དུ་གྱུར་ཞེ་ན། དེ་སྤང་བར་གཞན་གྱི་ལྟ་བ་ཉིད་ཀྱིས་དེ་ལྟ་བརྟེན་ནས་ཞེས་བྱ་བ་སྨོས་སོ།། ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་དང་ཉོན་མོངས་པ་ཅན་ནི་རྣམ་པར་སྨིན་པའི་ཡིད་ཀྱི་རྣམ ་ཤེས་པས་ཐ་དད་མ་ཡིན་གྱི་འན་ཀྱང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཉིད་ཀྱི་གནས་སྐབས་ཀྱི་ཁྱད་པར་འགའ་ཞིག་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་ཡོངསུ་འཛིན་པ་དང་ཀུན་ཏུ་ཆགས་པ་ལ་སོགས་པའི་བདག་ཉིད་ཀྱིས་རྣམ ་པར་ཤེས་པ་དགེ་བ་དང་ཉོན་མོངས་པ་ཅན་ཞེས་བྱ་སྟེ། དེ་ཡང་རིགས་པའི་རྗེསུ་འབྲང་བ་ཁོ་ན་ལས་རྣམ་པར་ཕྱེའོ།། གནས་སྐབས་ཀྱི་ཁྱད་པར་ཡང་གནས་སྐབས་གཞན་ལ་བརྟན་པ་ཡིན་པས་དེ་སྐད་ཅེས་བཤད།། འདི་ཡང ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའི་འོག་མ་ལ་བྱ་སྟེ། ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནི་གཅིག་ཏུ་མ་པོ་སྒྲིབས་ལ་ལུང་དུ་མ་བསྟོན་པ་ཡིན་པའི་ཕྱིར་རོ།། འདྲིར་བཤད་པ་མངོན་པར་ཡིད་ཆེས་པ་ལ་སོགས་པའི་རྣམ་པ ་ཅན་གང་ཡིན་པ་དེ་ཅི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་འཛིན་པའི་རྣམ་པ་ཅན་ལས་གཞན་ཞིག་གམ་འོན་ཏེ་གཞན་མ་ཡིན་པ་ཞིག་ཡིན། གལ་ཏེ་གཞན་མ་ཡིན་ནཱ་ནི་དགེ་བ་དང་ཉོན་མོངས་པ་ཅན་ཉིད་ཡིན་པ་ཉམས་ཏེ་རྣམ ་པཱར་ཤེས་པ་འཛིན་པའི་རྣམ་པ་ཅན་བཞིན་ནོ།། ལས་ཀྱི་མངོན་པར་གྲུབ་པའི་ལུང་དུ་མ་བསྟན་པ་ནི་མི་གསལ་བའི་ཕྱིར་ཕྱིན་ཅི་མ་ལྡོག་པར་ཡོངསུ་གཅོད་པ་འམ་ཕྱིན་ཅི་ལོག་ཏུ་རྟག་པར་ནུས་པ་མ་ཡིན་ནོ།། འོན་ཏེ་གཞན ་ཡིན་ན་ནི་དད་པ་ལ་སོགས་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལས་ཐ་དད་པར་འགྱུར་ཏེ་འཛིན་པར་བྱེད་པའི་རྣམ་པརོ་ཐ་དད་པའི་ཕྱིར་ཚོར་བ་དང་འདུ་ཤེས་དང་སེམས་པ་བཞིན་ནོ་ཞེས་བྱ་བར་གྱུར་ཏོ།། འདི་ལྟར་མདོ་སྡེ་པ ་རྣམས་ཀྱི་ལྟར་ན་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་གསུམ་རྫས་ཉིད་དུ་མངོན་པར་འདོང་ངོ་།། འོན་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ས་བོན་བཞིན་དུ་མངོན་པར་ཡིད་ཆེས་པའི ་རྣམ་པ་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ་འཛིན་པར་བྱེད་པ་ཉིད་དུ་འདོད་པའི་ཕྱི་རོ།། དམིགས་པ་འཛིན་པར་བྱེད་པ་ནི་བརྗོད་པར་བྱ་བ་མ་ཡིན་པར་གྲགས་པ་མེད་ལ་ཀུན་གཞི ་ས་བོན་ཡང་དམིགས་པ་འཛིན་པར་བྱེད་པ་ཡིན་པར་མི་འདོད་དོ།། དེ་ལྟར་ན་ཕྱོགས་འདིས་རེག་པ་ལ་སོགས་པའི་དབང་ཤེས་པས་ཉམ་སུ་མྱོང་བའི་ཡུལ་ལ་རྣམ་རྟོག་པར་བྱེད་པ་མངོན་བརྗོད་པ་ལ་སོགས་པ་དང་མཚུང ་པར་ལྡན་པའི་རྣམ་པར་ཤེས་པ་གཞན་ཡང་གཞན་ཉིད་ཡིན་པར་སྒྲུབ་པར་བྱའོ།། དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་གཞན་གཉིས་པར་གྱུར་ཏོ་ཞེས་བྱ་བར་ངེས་པར་བྱས་ནས། དེས་ན་ཡིད་རྣམ་པར་ཤེས་པ་གཉིས ་ཞེས་བྱེ་བ་ལ་སོགས་པ་སྨོས་ཐལ་བར་འདི་ནི་མངལ་ནས་བྱུང་བ་ལ་ཡང་སྲིང་མོད་ཀྱི་མའི་མངལ་དུ་ཞེས་བྱ་བ་འདིས་ནི་ཉིད་མཚམས་སྦྱོར་བའི་སྐབས་ཡིན་པའི་ཕྱིར་དེ་དང་ཉེ་བའི་གནས་སྐབས་ཐལ་བ་སྟོན་པར་བྱེད་དོ།། ་དེ་ན་གོནས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་རིང་དུ་འགྲོ་ཞེས་བྱ་བ་ལ་སོགས་པ་མདོ་དང་འགལ་ལོ།། ཇི་སྟེ་ཡང་མདོ་དེ་ནི་དགེ་བའི་འམ་མི་དགེ་བའི་རིགས་མཐུན་པ་གཉིས་ཅིག་ཅར་སྐྱེས་པ་མེད་པ་ལ་བྱའོ་ཞེས་དེ ་ལྟར་དྲང་ངོ་སྙམ་དུ་སེམ་སྣ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཆགས་པ་དོན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཉོན་མྱངས་པ་ཅན་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདིར་དཔྱད་བར་བྱ་སྟེ། གནྡྷ་ཏེ་རེ་ཞིག་ཉོན་མོངས་བཞི་དང ་མཚུངས་པར་ལྡན་པའི་ཡིད་ཉོན་མོངས་པ་ཅན་གནས་ཡིན་པའི་ཕྱིར་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཏེ་འདོད་ཆགས་ལ་སོགས་པ་བཞིན་ནོ་ཞེ་ན། གཏན་ཚིག་སོ་མ་གྲུབོ་པའི་དོན་ཉིད་ཡིན་ཏེ། ཉན་མོངས་པ་ཅན་གྱི ་ཡིད་མ་གྲུབ་པའི་ཕྱིརརོ།། འོན་ཏེ་བསྒྲུབས་ཟིན་ཏོ་སྙམ་དུ་སེམས་ནི། དེ་ལྟར་ཡང་ཕྱོགས་གཞན་དུ་འགྲོ་བར་འགྱུར་བས་རྣམ་པ་ཐམས་ཅད་དུ་གཏན་ཚིགས་ཀྱི་མ་ངེས་པ་ཉིད་ལྡོག་པ་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པ ་ཡང་སྲིད་པའི་ཕྱིར་རོ།། འོན་ཏེ་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་མཚུངེས་པར་དྲི་མ་ཐག་པའི་རྐྱེན་ཡིན་པའི་ཕྱིར་ཞེས་གཏན་ཚིགས་ཀྱི་དོན་དེ་ལྟ་བུར་བརྟེན་ཏེ་ཉིང་མཚམས་སྦྱོར་བའི་སེམས་འདི་ལ་ཡང་མཚངས་པ་དེ ་མ་ཐུག་པའི་རྐྱེན་སྲིད་པ་བླར་མའི་སེམས་ཐ་མ་ཉོན་མོང་སླ་པ་ཅན་ཡོད་དེ་ཞེ་ན། དེ་ལྟ་ཡང་མཱ་ངེས་པ་ཉིད་ཡིན་ཏོ་ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་རྣམ་པོར་ཤེས་པ་ཉོན་མོངས་པ་ཅན་ཡང་ཡོད ་པའི་ཕྱིརརོ།། འོན་ཏོ་གཏན་ཚིགས་འདི་ངེས་པར་བཟུང་བ་ཡིན་ཞེ་ན། དེ་ལྟ་ན་མ་གྲུབ་པ་ཉིད་ཡིན་ཏེ་ཉིང་མཚམས་སྦྱོར་བའི་སེམས་འདི་ནི་མཚུངས་པ་དེ་མ་ཐག་པའི་རྟེན་ཅན་ཁོ་ན་མ་ཡིན་ཏེ་ས་བོན་གྱི་རྟེན་ཡང་ཁས་བླངས ་པའི་ཕྱིར་རོ།། མུ་ངེས་པ་ཉིད་ཀྱང་ཡིན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བའི་རྩ་བ་ཀུན་ཏུ་གཅོད་པར་བྱེད་པ་མེད་པར་ལྟ་བ་དགུ་པ་མཚུངས་པར་ལྡན་པ་མཚུངས་པ་དེ་མ་ཐག་པའི་རྐྱེན ་ཉོན་མོངས་པ་ཅན་གྱི་རྟེན་ཅན་དུ་ངེས་པ་ལ་ཡང་རྒྱུ་ཡོད་པའི་ཕྱིརརོ།། དེ་ལྟ་ན་འོ་ན་སྲིད་པ་བར་མའི་སེམས་ཐ་མ་ཁོ་ན་འདིར་ཉོན་མོངས་པོ་ཅན་དུ་གཟུང་སྟེ་དེ་ཡང་ཉིད་མཚམས་སྦྱོར་བའི་སེམས་འཕེན་པར་བྱེད་པ་ཡིན་པའི ་ཕྱིར་བདག་པོའི་རྐྱེན་ཉིད་ཀྱི་རྟེན་ཡིན་ཏེ། འདི་ལྟར་སྐྱེ་བའི་ཉིང་མཚམས་སྦྱོར་བ་ཐམས་ཅད་ནི་ཉོན་མོངས་པ་ཅན་གྱི་སེམས་སྔོན་དུ་འགྲོ་བ་ཅན་ཁོ་ན་ཡིན་པར་དམིགསོ།། དུས་རྟག་ཏུ་ཞེས་བྱ་བ་སྨོས་པ་དྲོན་འདི་ཉིད་ཉེ ་བསྟན་པའི་ཕྱིར་ཏེ། གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་སྐབས་འབྱེད་པ་ཙམ་ཉིད་ཀྱིས་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ངོ་བོར་ཉེ་བར་སྦྱོར་ན་ཅིའི་ཕྱིར་ཉིང་མཚམས་སྦྱོར་བའི་སེམས་ཐམས་ཅད་ལ་ངེས་པར་ཉེ་བར ་གནས་པར་འགྱུར། སྐབས་འབྱེད་པ་ཙམ་ལ་ནི་ཉོན་མོངས་པ་ཅན་དང་ཉིན་མོངས་པ་ཅན་མ་ཡིན་པ་དག་ཁྱད་བར་འགའ་ཡང་མེདོ།། དེ་ལྟ་བས་ན་ཉིང་མཚམས་སྦྱོར་བའི་སེམས་ཀྱི་འཕེན་པར་བྱེད་པ་ཉོན་མོངས་པ་ཅན་གྱི ་སེམས་ཡིན་ཞེས་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པ་ལ་ནི་ཆུང་ཟད་མི་ཕན་ཏེ་དེ་ལྟར་ཉོན་མོངས་པ་ཅན་གྱི་སེམས་ངེས་པར་འཕང་བར་བྱ་བ་ནི་སེམས་ཅན་གྱི་རྒྱུད་དུ་མ་ལ་གྲགསོ།། དེའི་ཕྱིར་ཉིང་མཚམས་སྐྱེ ་སེམས་ཅི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ཏེ་སུརྟག་ཏུ་སྲིད་པ་བར་མའི་སེམས་ཐ་མ་ཉོན་མོངས་པ་ཅན་གྱིས་འཕངས་པའི་ཕྱིར་ལུས་ཀྱིས་དབང་པོ་བཞི་ནོ།། གཞན་དག་ནི་ལུས་རྟག་ཏུ་ཞེས་བྱ་བ་སྨོས་པ་ལོགས་ཤིག་ཏུ་གཏནུ ་ཚིགས་ཀྱི་ཁྱད་པ་ཉིད་དུ་ཉེ་བར་འགོད་དེ། ཉིང་མཚམས་སྦྱོར་བའི་སེམས་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཏེ་དུས་རྟག་ཏུ་མཱ་ཤི་བར་དུ་རྣམ་པར་སྨིན་པའི་ངོ་བོར་རྗེ་སུ་འཇུག་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན། ་ཞེའོ།། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པའི་རྣམ་པ་མི་དམྱིགས་པའི་ཕྱིར་རོ་ཞེས་བྱ་བ་ཡིད་ཀྱི་རྣམས་པར་ཤེས་པའི་དམིགས་པའི་རྣམ་པ་གང་ཡིན་ཞེ་ན། གསལ་བའི་རྣམ་པར་ཡོངས་སུ་གཅོང་པ་ཉིད་དོ།། དེ་མེད་པའི ་ཕྱིར་དམིགས་པའི་རྣམ་པ་ཡོངསུ་མ་ཆད་པ་ཉིད་ཡིན།། དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་དེ་དམིགས་པའི་རྣམ་པ་ཡོངསུ་མ་ཆད་དེའི་ཕྱིར་ལུས་ཀྱི་དབང་པོ་བཞིན་ནོ་ཞེས་བྱ་བར་གྲགས།། འདི་གཞན་ལ་མ་གྲུབ་པ ་མཽ་ཡིནྡ་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་མདོ་སྡེ་པས་བརྒྱལ་བ་དང་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པའི་རྣམ་པ་ཡོངསུ་མ་ཆད་པ་ཉིད་དུ་ཁས་བླང ་པའི་ཕྱིར་རོ།། མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ་འདུ་ཤེས་མེད་པ་ལ་སོགས་པའི་སེམས་ཀྱང་ཕྱོགས་ཁོ་ན་ཡོངསསུ་འདུས་པའི་ཕྱིར་རོ།། བྱེ་བྲག་ཏུ་སྐྱེ་བ་གང་ཞིག་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དམིགས་པའི ་རྣམ་པ་དམིགས་པ་ཅན་དུ་སེམས་པ་དེ་ལ་ཡང་དེ་བཞིན་དུ་ལྡན་གདབ་པར་བྱ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པ་བཞི་སྟེ། འདས་པ་དང་མ་འོངས་པ་དང་འདུས་མ་བྱས་པ ་དང་ད་ལྟར་བྱུང་བའོ།། རེ་ཞིག་ཉིང་མཚམས་སྦྱོར་བའི་སེམས་དེ་འདས་པ་ལ་དམིགས་པ་ནི་མ་ཡིན་ཏེ། མངོན་པར་ཤེས་པ་མེད་པར་ཉིང་མཚམས་སྦྱོར་བའི་སྔོན་རོལ་གྱི་ལུས་རྗེ་སུ་དྲན་པ་ནི་མེད་དོ།། མ་འོངས་པ་དང་འདུས ་མ་བྱས་ལ་དམིགས་པ་ཡང་མ་ཡིན་ཏེ། མཐོང་བ་དང་ཐོས་པ་མེད་པའི་ཕྱིརརོ།། མཐོང་བ་དང་ཐོས་པ་དག་གིས་བརྟ་ག་སྟ་ནས་མ་འོངས་པ་དང་འདུས་མོ་བྱས་ལ་དམིགས་ན་དེ་ནི་ཉིང་མཚམས་སྦྱོར་བའི་གནས་སྐབས་ན་མོ་སྙིང།། ་ད་ལྷོར་བྱུང་བ་ནི་རྣམ་པ་གཉིས་ཏེ་རང་གི་རྒྱུང་དུ་གཏོགས་པ་དང་གཞན་གྱི་རྒྱུད་དུ་གཏོགས་པའོ།། ང་ལ་གཞན་གྱི་རྒྱུད་ལ་ནི་མི་དམིགས་ཏེ་རྟོགས་པའི་རྒྱུ་མདོ་པའི་ཕྱིར་སྔ་མ་བཞིན་ནོ།། རང་གི་རྒྱུད་དུ་གཏོགས་པ་ཡང་དབང་པོ ་གཟུགས་ལ་ནི་མི་དམིགས་ཏེ་དེ་ཁོ་ན་བཞིན་དུ་རྟོག་པར་མི་རུང་བའི་ཕྱིརརོ།། ཡུལ་གྱི་གཟུགས་ལ་ཡང་དམིགས་པར་རུང་བ་མ་ཡིན་གཟུགས་ལ་སོགས་པ་ལ་མིག་ལ་སྩོགས་པའི་དབང་པོ་རྣམ་པཱར་ཤེས་པས་དྲངས་པའི ་ཡིད་ཀྱི་རྣམ་པར་ཤེས་པ་ཁས་ལན་གྱི་མངོན་སུམ་དུ་བྱེད་པ་ནི་མ་ཡིན་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་ཡང་ཉིང་མཚམས་སྦྱོར་བའི་གནས་སྐབས་ན་མེདོ་ཞེས་སྔར་བསྟན་ཟིན་ཏོ།། ཡིད་ཀྱི་རྣམ་པར་ཤེས་པ་དེ ་བརྒྱལ་བ་ཡིན་དུ་ཆུག་ན་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཉི་སུ་འགྱུ་རོ་ཞེས་བཤད་པཱ་ལ་རེ་ཞིག་གཅིག་ནི་ཁས་ལེན་པ་ཉིད་དེ་དགེ་བ་ལ་སོགས་པར་ཞུགས་པ་གླང་ཡིན་པའོ།། ཅིག་ཤོས་ཀྱང་རྣམ ་པར་སྨིན་པར་གྱུར་པ་བརྒྱལ་བ་གང་ཡིན་པའོ།། དེ་ལ་མིང་ཙམ་ལ་བཅད་པས་ཁོ་བོ་ཅག་ལ་ཅི་བྱ། དངོས་པོའི་དེ་ཁོ་ན་ཉིད་བརྟགས་པར་བྱ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དེ་བརྒྱལ་བ་ཡིན་དུ་ཆུག་ན་སྣང་ཞེས་བྱ་བ་ལ་ས ་པ་ནི་ཁྱོད་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་རྣམས་ས་བོན་ལྔ་རག་ལས་ཏེ་སྐྱེ་བར་ཁས་ལེན་པ་ས་བོན་དེ་གལ་ཏེ་རྣམ་པར་ཤེས་པ་བརྒྱལ་བའི་རྟེན་ཅན་ཉིད་ཡིན་ལྔ་རྒྱུའི་རྐྱེན་གྱི་བདགོ་བྲོ་ཉིད་ཀྱི ་ས་བོན་དེ་ལས་ཀྱང་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་བདག་ཉིད་དེ་སྐྱེ་བ་ན་དེ་ལོ་བརྟེན་ནས་སྐྱེ་བོ་ཞེས་ཁས་ལེན་ན་རྣམ་པར་ཤེས་པ་བརྒྱལ་བ་དེ་ས་དོན་ཐམས་ཅད་པ་ཡིན་པའི་ཕྱིར་ཀུན་གཞིའི་རྣམ ་པར་ཤེས་པ་ཉིད་ཡིན་པར་ཤུགས་ཀྱིས་སྨྲས་པར་འགྱུར་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་དངོས་པོ་རྣམ་གྲངས་གཞན་གྱིས་བསྒྲུབས་པའི་ཕྱིརོ་ཞེས་བྱ་བ་དེ་སྟོན་ཏོ།། འོན་ཏེ་གང་དེ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས ་པས་ནི་རྣམ་པར་ཤེས་པ་བརྒྱལ་བ་དེ་ནི་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པར་ཤེས་པའི་བདག་པོ་ཙམ་གྱིས་བརྟེན་ཅེས་བྱ་བ་འབའ་ཞིག་ཏུ་ཟད་ཀྱི། དེ་ལ་རྟེན ་པ་ཉོན་མོངས་པ་ཅན་དྲང་ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཁོ་ན་ས་བོན་ཐམས་ཅད་པའོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡི་ནོ།། ཅིའི་ཕྱིར་ཞེ་ན། དེ་ལ་རྟེན ་པའི་རྣམ་པར་ཤེས་པ་མི་བརྟན་པའི་ཕྱིར་དང་། རྟེན་པ་ཡིན་པའི་ཕྱིར་དང་ལུང་དུ་བསྟན་པའི་ཕྱིར་དང་། སྒོ་བར་བྱེད་པ་རྣམས་ལྷན་ཅིག་སྐྱེ་བ་དང་འགག་པ་མེད་པ་ལ་སོགས་པའི་ཕྱིརོ་ཞེས་དེ་སྟོན་པར་བྱེད་དོ།། སྐྱེ་བའི་ཀུན ་ནས་ཉོན་མོངས་པ་ཉིད་མཚམས་སྦྱོར་བ་སྦྲེལ་བའི་འོག་གནས་པའི་གནས་སྐབས་པ་ཡང་རྣམ་པ་གསུམ་སྟོ་དབང་པོ་གཟུགས་ཅན་ལེན་པར་བྱེད་པ་དང་། མིང་དང་གཟུ་གོས་ལྔ་བལྟོས་ནས་རྐྱེན་དང་འབྲས་བུ་དང ་སེམས་ཅན་རྣམས་ཀྱི་ཟསོ།། དེ་ལ་རྣམ་པ་དང་པོའི་དབང་དུ་མཛད་ནས་ཉིང་མཚམས་སྦྱོར་བ་སྦྲེལ་ཟིན་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོསོ།། འདི་ཡང་འདོད་པ་དང་གཟུགས་ཀྱི་ཁམས་དག་ན་སྲིང་མོད་ཀྱི་མཉམ་པར་མེ་བཞག་པའི ་སྐབས་ཡིན་པའི་ཕྱིར་འདོད་པ་ན་སྤྱོད་པ་ཁོ་ན་གཟུང་ངོ་།། དེ་ལས་གཞན་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པོའོ།། དབང་པོ་གཟུགས་ཅན་འཛིན་པར་བྱེད་པ་ཞེས་བྱ་བ་ནི་འདྲིར་དབང་པོ་ཞེས་སྨོས་པས་དབང་པོ་དང་ཐ་མི་དད་པ ་འདུག་པའི་གཟུགས་ལ་སོགས་པ་ཡང་བཟུང་སྟེ། འདི་ལྟར་ཟིན་པ་གང་ཡིན་པ་དེ་འཛིན་པར་བྱེད་པ་ཡིན་ན་ཟིན་པ་ཡང་གཞན་མ་ཡིན་ཏེ། དགུ་རྣམ་གཉིས་ཞེས་འབྱུང་བའི་ཕྱིར་རོ།། འདི་ལ་ཟག་པ་མེད་པའི་རྣམ་པར་ཤེས་པ་གང་ཡིན ་པ་དེ་ནི་དབང་པོ་འཛིན་པར་བྱེད་པ་མ་ཡིན་ཏེ་འགྲལ་བའི་ཕྱིར་མྱ་ངན་ལས་འདས་པ་འ་བཞིན་ནོ།། དགེ་བ་ཟག་པ་དང་བཅས་པ་གང་ཡིན་པ་དེ་ཡང་འཛིན་པར་བྱེད་པ་མ་ཡིན་ཏེ་དགེ་བའི་ཕྱིར་ལམ་བཞི་ནོ།། མི་དགེ་བླ་ཡང ་འཛིན་པར་བྱེད་པ་མ་ཡཱིན་ཏཱཾ། ལུང་དུ་བསྟན་པའི་དགེ་བ་བཞིན་ནོ།། ལུང་དུ་མ་བསྟན་པ་གཞན་སྤྱོང་ལམཱ་དང་བཟོ་བའི་གནས་བླ་དང་སྤྲུལ་པ་པས་བསྡུས་པ་གང་ཡིན་པ་ཡང་འཛིན་པར་བྱེད་པ་མ་ཡིན་ཏེ། རྣམ་པར་སྨིན་པ་མ ་ཡིན་པའི་ཕྱིར་དགེ་བ་བཞིན་ནོ།། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དབང་པོ་དང་ལྷན་ཅིག། ལས་གཅིག་གིས་འཕངས་པའི་ཕྱིར་གྲུབ་པ་དང་བདེ་བ་ཉིད་དང་འདྲ་བར་གྱུར་པ་ནི་གཅིག་ལ་གཅིག་བརྟེན་པས་དབང་པོ་འཛིན ་པར་བྱེད་པ་ཡིན་པར་འགྱུར་རོ།། རང་གི་ལྟ་བས་འཇུག་པའི་རྣམ་པར་ཤེས་པ་རྣམ་པར་སྨིན་པའི་བདག་མ་ཡིན་མོད་ཀྱི་གཞན་གྱི་ལྟ་བ་ནི་ཁསྣ་བླངས་ནས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བརྗོད་དེ་འཇུག་པའི་རྣམ ་པཱ་ཤེས་པ་ཞེས་བརྗོད་དེ་འཇུག་པའི་རྣམ་པར་ཤེས་པ་དེ་ཇི་ལྟར་འཛིན་པར་བྱེད་པ་ཡིན། གྲལ་ཏེ་དམིགས་པའི་དངོས་པོར་རང་གིར་བྱེད་པའི་ཕྱིརརོ།། ཞེ་ན། ཕྱི་རོལ་སྲིད་ཟིན་པར་འགྱུརརོ།། འོན་ཏེ་རྟེན་གྱི་དངོས་པོར་ཡོངསུ་བཟུང ་ངའི་ཕྱིརརོ་ཞེ་ན། དབང་པོ་ནི་ཟིན་པར་འགྱུར་གྱི་དབང་པོ་དང་ཐ་མི་དད་པར་འདུག་པའི་གཟུགས་ནི་མ་ཡིན་ནོ།། རྟེན་གྱི་དངོས་པོ་ཁོ་ནར་ཡོངསུ་གཟུང་བའི་ཕྱིར་འཛིན་པར་བྱེད་པ་ཡིན་ལ་དབང་པོ་དང་ཐ་མི་དད་པར་འདུག་པའི ་གཟུགས་ནི་དབང་པོ་དང་ཐ་མི་དད་པར་འདུག་པ་ཁོ་ནས་ཟིན་པ་ཡིནོ་ཞེ་ན། འཇུག་པའི་རྣམ་པར་ཤེས་པ་དེ་ནི་རིམ་པ་འདིས་ཀྱང་འཛིན་པར་བྱེད་པར་མི་ཐད་དོ་ཞེས་བསྟན་པའི་ཕྱིར་གནས་སོར་ངེས ་པའི་ཕྱིར་ཞེས་བྱ་བ་སྨོས་སོ།། འཇུག་པའི་རྣམ་པར་ཤེས་པ་ནི་གནས་སོ་སོར་ངེས་པའི་ཕྱིར་རྣམ་པར་ཤེས་པ་གཞན་གྱི་གནས་རྣམ་པར་བཅད་དེ་རང་གི་གནས་འཛིན་པར་བྱེད་པ་ཡིན་པས་རྣམ་པར་ཤེས་པ་གཅིག་གཅིག ་མངོན་དུ་གྱུར་ན་རྣམ་པར་ཤེས་པ་གཞན་གྱི་རྟེན་མ་ཟིན་པའི་ཕྱིར་ཤི་བའི་ལུས་ཀྱི་བཞིན་དུ་དབང་པོ་གཞན་རྣམ་པར་འཆད་པས་ཡང་རྒྱུད་མེད་པར་ཐལ་བར་འགྱུརརོ།། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཕྱིའི་གཟུགས་བཞིན་དུ་དབང་པོ ་གཟུགས་ཅན་ལ་མི་བརྟེན་པའི་ཕྱིར།། གཟུགས་ཅན་གང་གི་ཡང་འཛིན་པར་བྱེད་པ་མ་ཡིན་པས་གཞན་ལ་རྗེ་སུ་དཔགས་པས་གནོད་པ་ཡིནོ།། དབང་པོ་གཞན་གྱི་རྣམ་པར་ཤེས་པས་དབང་པོ་གཞན་གྱིས་རྟེན་འཛིན་པར ་བྱེད་པར་ཁས་བླངས་ཀྱང་འཇུག་པའི་རྣམ་པར་ཤེས་པ་ནི་འཛིན་པར་བྱེད་པ་ཉིད་དུ་མི་སྲིད་པར་བསྟན་པའི་ཕྱིར་མི་བརྟན་པའི་ཕྱིརརོ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་སེམས་མེད་པའི་གཉིད་དང་བརྒྱལ་བ་དང་སྙོམས་པར་འཇུག ་པོའི་གནས་སྐབས་ན། འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་འགགས་པས་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་དང་བྲལ་བ་ཉིད་ཀྱིས་དབང་པོ་རྣམས་མ་ཟིན་པའི་ཕྱིར་དེའི་ཕྱིར་རྣམ་པར་ཆད་པའི་ཐལ་བ་སོ་ན་འདུག་པས ་འཇུག་པའི་རྣམ་པར་ཤེས་པ་ནི་འཛིན་པར་བྱེད་པར་རུང་བ་མ་ཡིན་ནོ།། གལ་ཏེ་ཡང་དེའི་ཚེ་ལུས་ཀྱི་དབང་པོ་ལུས་ཐམས་ཅད་ལ་བྱབ་པའི་ཕྱིར་དབང་པོ་གཞན་འཛིན་པར་བྱེད་པ་ཡིན།། སྙམ་ན། དེ་ནི་ཡིན་ཏེ་ལུས་དབང་པོ ་དེ་འཛིན་པར་བྱེད་པ་གཞན་དང་བྲལ་བ་ཉིད་ཀྱིས་མ་ཟིན་པ་ཉིད་དུ་ཐལ་བར་འགྱུར་རོ།། འོན་ཏེ་ལས་ཀྱི་འཕེན་པའི་དབང་ཁོ་ནས་ད་བ་ངོ་བོ་གཟུགས་ཅན་ཐམས་ཅད་འཇུག་པའི་རྣམ་པར་ཤེས་པ་འགོགས་ཀྱང་རྗེ་སུ ་འཇུག་པར་འགྱུར་སྙམ་ན། རྣམ་པར་ཤེས་པ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་ཀྱི་འཕེན་པ་ཡོད་ཀྱང་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་མ་ཟིན་པ་སོ་ནི་འདུག་སྟེ་བུམ་པ་ལ་སོགས་པ་བཞིནོ་ཞེས་བྱ ་བཱའི་ཐ་ཚིགོ། ཡང་ན་རྣམ་པར་ཤེས་པ་མེད་པའི་དབང་པོ་གཟུགས་ཅན་ནི་མི་རུ་ངོ་ཞེས་བྱ་བ་ནི་རང་གི་ལྦུ་བས་བཤད་པ་ཡིན་ཏེ། སེམས་དང་སེམས་ལསོ་བྱུང་བ་ལ་མ་གཏོགས་པའི་ངོ་བོས་པོ་བསལ་ན་ཕྱི་དང་ནང་གི་གོ་ཊ། ་འདི་ཐམས་ཅད་སེམས་དྲང་སེམས་ལས་བྱུང་བའི་གནས་སྐབས་ཀྱི་ཁྱད་པརླ་དགྲ་ལ་གདགས་པ་ཡིནོ།། གནས་སྐབས་དེ་ནཱ་ཡང་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་འགགས་པས་གལ་ཏེ་ཀུན་གཞིའི་རྣམ་དཱར། ་ཤེས་པ་ཁས་མི་ལེན་ན་མིག་ལ་སོགས་པ་གནས་སྐབས་ཀྱི་ཁྱད་པར་གང་ཞིག་གིས་རབ་ཏུ་ཕྱེ་བར་འགྱུར། ཡང་ན་དེའི་ཚེ་གཉིད་ལོག་པ་དང་བརྒྱལ་བ་དང་སྙོམས་པར་འཇུག་པ་པོ་ཡོངསུ་དག་གཅིག་ཡིན། འོ་ན་ནི ་ཀུན་གཞིའི་རྣམ་པར་ཤེས་པ་ཡང་དབང་པོ་གཟུགས་ཅན་ལ་བརྟེན་པ་ཡིན་པས་ཇི་ལྟར་འཛིན་པར་བྱེད་པ་ཡིན་ཞེ་ན་དེ་ནཱི་མ་ཡིན་ཏེ། འདིར་ནི་བརྟེན་པའི་ཕྱིར་འཛིན་པར་བྱེད་པ་ཡིན ་གྱི་འོན་ཀྱང་རྟེན་གྱི་ཕྱིར་ཡིན་ལ་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཆོས་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་དབང་པོ་གཟུགས་ཅན་གྱི་རྟེན་ཡང་ཡིན།། གཞན་ཡང་འདི་ལྟ་སྟེ། དབང་པོ་གཟུགས་ཅན་འཛིན་པར་བྱེད་པ་ཉིད་འདི ་ཡང་འདིའི་འབྲས་བུ་ཡིན།། གཞན་ཡང་ཇི་ལྟར་རང་གྲི་ལྟ་བ་ལྟར་གཟུགས་ཅན་རྣམས་ཟིན་པ་ཉིད་ཡིན་པ་དེ་བཞིན་དུ་དབང་པོ་གཟུགས་ཅན་ཐམས་ཅད་འཛིན་པར་བྱེད་པ་ཉིད་ཡིན་པར་ཉེ་བར་ལེན་པའི་ཕྱིར་ཞེས་བྱ་བ་དེར ་རྣམ་པར་ཕྱེ་ཟིན་ཏེ།། སྐྱེ་དྭའི་ཀུན་ནས་ཉོན་མོངས་པའི་གནས་སྐབས་ཀྱི་རྣམ་པ་གཉིས་པ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་མི་འཐད་པར་བསྟན་པའི་ཕྱིར་རྣམ་པོར་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོ་སྟེ།། མདོ ་འདིར་ནི་མཽང་ཕུང་པོ་བཞིའི་ངོ་བོ་ཉིད་ཏུ་ཡིན་པར་བཟུང་སྟེ་མིང་དྲང་གཟུགས་རྣམ་པར་དབྱེ་བ་ལས་དེ་ལྟར་བསྟན་པའི་ཕྱིརརོ།། དེའི་ཕྱིར་གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་རྣམ་པར་ཤེས་པ་གཞན་གང་ཞིག་མིང་གི ་ཁོངསུ་གཏོགས་པའི་རྣམ་པར་ཤེས་པའི་རྐྱེན་དུ་འགྱུར། མིང་དང་གཟུགས་ཀྱི་ཁོངསུ་གཏོགས་པའི་འཇུག་པའི་རྣམ་པར་ཤིས་པ་དེ་ཡང་རྣམ་པར་ཤེས་པ་གང་གི་རྐྱེན་དུ་འགྱུར། རྒྱུན་འཇུག་པས་མིང་སྔ་མ་ཡང་འཇུག ་པའི་རྣམ་པར་ཤེས་པ་ཕྱི་མའི་འཇུག་པའི་རྣམ་པར་ཤེས་པ་སྒྱུ་མ་ཡང་མིང་ཕྱི་མའི་རྐྱེན་ཡིན་ནོ་ཞེས་ཁས་བླངས་པར་ཡང་མི་ནུས་ཏེ། མདུང་ཁྱིམ་གྱི་དཔེས་མིང་དང་གཟུགས་དང་རྣམ་པར་ཤེས་པ་དུས་མཉམ་པ་དག་ཁོ་ན་གཅིག་གི ་རྐྱེན་གཅིག་ཡིན་པར་བསྒྲུབས་པའི་ཕྱིརརོ།། རང་གི་ལྟ་བས་ཉོན་མོངས་པ་ཙོན་གྱི་ཡིད་གང་ཡིན་པ་དེ་ཡང་ཆོས་ཐམས་ཅད་ཀྱི་གནས་མ་ཡིན་པའི་ཕྱིར་དང་། ཆོས་ཐམས་ཅད་ཀྱིས་ཡོངསུ་གསོ་བར་བྱ་བ་མ་ཡིན་པའི་ཕྱིར། ་འཇུག་པའི་རྣམ་པར་ཤེས་པ་རྣམས་དང་གཟུགས་ཀྱི་རྒྱུ་ཡང་མ་ཡིན་པས་ཁོངསུ་གཏོགས་པ་རུང་བ་མེད་པ་ཉིད་དོ།། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གནས་པའི་གནས་སྐབས་པ་གསུམ་པ་ཡང་ཐ་མི་དད་པར་ཡང ་བསྟན་པའི་ཕྱིར། རྣམ་པར་ཤེས་པ་གཞན་ནི་སེམས་ཅན་འབྱུང་པོ་རྣམས་ཀྱི་ཟས་སུ་ཡང་ཞེས་བྱ་བ་ལ་སོགས་པ་སྨོསོ་སོ།། ཟས་ནི་བཞི་སྟེ་ཞེས་བྱ་བའི་མདོ་དེ་ལ་ཁམ་གྱི་ཟས་ནི་འདོད་པའི་ཁམས་ཁྱེ་ན་ནའོ།། རེག་པ ་ལ་སོགས་པོ་ནི་ཁམས་གསུམ་ཆར་པ་ཡིན་ནོ།། དྲི་ལ་འཇུག་པའི་རྣམ་པར་ཤེས་པ་ནཱི་ཁམས་གསུམ་མཐའ་དག་ཁྱབ་པ་མི་སྲིད་པས། རྣམ་པར་ཤེས་པ་དྲུག་པོ་རྣམས་ལུས་གང་ཡང་རུང་བས་ཞེས་བྱ་བ་ནི་ཟས་བྱེད་པ ་ཞེས་བྱ་བ་ན་སྟོན་པ་ཡིནོ།། གནས་སྐབས་གང་ན་མི་སྲིད་ཅེ་ན། སེམས་མེད་པའི་གཉིད་དང་བརྒྱལ་བ་དང་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་པའི་གནས་སྐབས་ནའོ།། རེག་པ་དང་སེམས་པ་དག་ཀྱང་དེ་ན་མོང་པའི ་ཕྱིར་དེ་དག་ཀྱང་ཟས་ཉིད་དུ་མི་རུང་བར་བརྗོད་པར་བྱ་བ་ཡིན་ནམ་ཞེ་ན། བརྗོད་པར་བྱ་བ་མ་ཡིན་ཏེ་འཇུག་པའི་རྣམ་པར་ཤེས་པ་མི་སྲིད་པར་བསྟན་པ་བྱས་ནཱ་དེ་མཚུངས་པར་ལྡན་པ་རྣམས ་ཀྱང་དེན་གྱིས་བྱས་པ་ཁོ་ན་ཡིན་པས་ལོག་ཤིག་ཏུ་མི་བརྗོད་དོ།། དེའི་ཕྱིར་གནས་སྐབས་དྲི་ན་ཟས་མེད་པར་གནས་པ་མི་འཐད་དོ།། འདི་ལ་མདོ་སྡེ་པ་ན་རཱི་ཡིད་ལ་སེམས་པའི་ཟས་ནི་རྣམ་གཉིས་ཏེ་མངོན་དུ་གྱུར་པའི་སེམས ་པ་དང་ལྡན་པོའི་སེམས་པ་རྣམ་པར་སྨིན་པའི་རྒྱུས་བསྐྱེད་པའི་བག་ཆགས་རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པས་བཟུང་བའོ།། སེམས་མེད་པའི་གནས་སྐབས་ན་སེམས་པ་དང་པོ་མི་སྲིད་དུ་ཆུག། གཉིས་པོ་གོ་ཅིའི ་ཕྱིར་མི་སྲིད་ཅེས་ཟེར་ཏེ། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་མ་གཏོགས་པའི་བསྒོ་བར་བྱེ་བ་དགག་པ་སྒྲུབ་པས་ལན་གདབ་པར་བྱའོ།། གཞན་ཡང་ཤེས་བྱ་ནད་གི་ཡིན་པའི་ལྟོ་བ་ལེ་གལ་ཏེ་སེམས་དང་སེམས ་ལོས་བྱུང་བ་རོལ་མེད་ན་དེའི་གནས་སྐབས་ཀྱི་ཁྱད་པར་ལུས་ཀྱང་མེད་པའི་ཕྱིར་ལས་ཀྱིས་འཕངས་པའི་ནུས་པ་དེ་ཅི་ལ་རྟེན་པར་འགྱུར། གནས་སྐབས་དེ་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་ནི་ཕན་འདོགས་པར་བྱེད་པ་ཉིད ་དུ་ཡོད་དོ་ཞེས་བྱ་བར་ཅིའི་ཕྱིར་ཁས་མི་བླང་། ཡང་ན་སེམས་དང་བཅས་པའི་གན་སུ་བསམ་པར་བྱ་སྟེ། ཁམ་གྱི་ཟས་ནི་རྒྱས་པའི་རྒྱུ་ཡིན་པའི་ཕྱིར་ལ། འཇུག་པོའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་རེག ་པ་བདེ་བ་མྱོང་བར་འགྱུར་བ་དང་། མངོན་པར་འདོད་པའི་ཡུལ་དོན་དུ་གཉེར་བའི་མཚན་ཉིད་ཡིད་ལ་སེམས་པཱ་ནི་ལུས་ལ་ཕཊ་འདོག་པའི་སྐུ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཡོངསུ་གསྔོ་བར་བྱེད་པ་ཉིད་ཀྱི་ཟས ་ཉིད་དུ་ཡང་རིགས་ན། འཇུག་པའི་རྣམ་པར་ཤེས་པ་གྲོ་ཇི་ལྟར། གལ་ཏེ་ཕན་འདོགས་པར་བྱེད་པའི་ཕྱིར་རོ།། ཞེ་ན། དེ་ནི་མ་ཡིན་པ་དེ་བ་ལ་སོགས་པ་མྱོང་བར་གྱུར་པའི་རེག་པ་དང་རེ་བའི་སེམས་པ་མ་གཏོགས་པ ་དེ་ལེགས་ཤིག་ཏུ་ཕྲན་འདོགས་པ་ཉིད་དུ་མི་རུང་བའི་ཕྱིར།། འོན་ཏེ་གགས་མི་བྱེད་པ་ཙམ་གྱིསོ་ཞེ་ན། དི་ནི་མ་ཡིན་ཏེ་དེ་ལྟ་ན་མིག་ལ་སོགས་པ་ཡང་ཟོས་ཉིད་དུ་ཐིལ་བར་འགྱུརརོ།། འོན་ཏེ་ཡུལ་ཡོངསུ་གཅོད་པ་ཙམ ་གྱིསོ་ཞེ་ན། དེ་ནི་མ་ཡིན་ཏེ་འཕགས་པའི་ལམ་ལ་ཡང་ཐལ་བར་འགྱུར་བའི་ཕྱིརརོ།། འོན་ཏེ་མཐུན་པའི་ཕྱིརརོ་ཞེ་ན་ཇི་ལྟར་མཐུན་པ་ཉིད་ཡིན་ཞེས་དེ་ཉིད་དཔྱད་པར་བྱའོ།། དེ་ལྟ་བས་ན་མཱིག་ལ་སོགས་པ་ནི་རྣམ་པར་སྨིན ་པའི་རྣམ་པར་ཤེས་པ་དང་ལྷན་ཅིག། ལས་གཅིག་གིས་འཕངས་པ་སྟེ་དེ་དང་ལྷན་ཅིག་གྲུབ་པ་དང་བདེ་བྱ་ཉིད་གཙུག་པར་གྱུར་ཅིང་དེ་ལ་རག་ལས་ཏེ་གནས་པ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པ་ཟས་ཉིད་ཡིན། ་པར་རིགསོ་ཞེས་དེ་ལྟར་ངེས་པར་བྱས་ནས། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན་ཞེས་བྱ་བ་ལ་སོགས་པ་སློམོ།། ཀུན་གཞིའི་རྣམ་པར་ཤེས་པ་ནི་གཟུགས་ཅན་འཛིན་པར་བྱེད་པ་ཡིནོ་ཞེས་བྱ་བ་འདི་ཁོ་ནས། ་དོན་གོ་བའི་ཕྱིར་ཟློས་བུར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཟས་ནི་བཞི་སྟེ། ཞེས་བྱ་བ་འདིར་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་རྣམ་པར་ཤེས་པའི་ཟས་ཉིད་དུ་དགེངསོ་ཞེས་བསྟན་པར ་རྩིས་ཆེ་བའི་ཕྱིར་རོ།། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གཟུགས་ཀྱི་ཁམསུ་ཉིང་མཚམས་སྦྱོར་བའི་དབང་དུ་མཛད་ནས། འདི་ནས་ཤི་འཕྲོས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་དེ་ཉིད ་མཚམས་སྦྱོར་བ་དང་མཐུན་པའི་ཕྱིརརོ།། ཉོན་མོངས་པ་ཅན་ཞེས་བྱ་བ་ནི་སྲིད་པ་བར་མའི་སེམས་ཐ་མའོ།། མཉམ་པར་མ་བཞག་པ་ཞེས་བྱ་བ་ནི་རོ་མྱོང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་ཡང་ཉོན་མོངས་པ་ཅན་ཡིན།། ། ་དེ་ནི་མཉམ་པར་བཞག་པ་དང་འདྲོ་བས་དེ་རྣམ་པར་བཅད་པའི་ཕྱིར་རོ།། ཉིང་མཚམས་སྦྱོར་བ་སྦྲེལ་བ་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པའོ།། དེ་ལ་མཉམ་པར་མ་བཞག་པ་ཞེས་བྱ་བ་ལ་སོགས་པས་ནི་སྲིད་པ་བར་མའི་སེམས ་ཐ་མ་ཉོན་མོངས་པ་ཅན་ནི་ཉོན་མོངས་པ་དཔྱད་པ་ཇི་སྐད་སྨོས་པ་ལྟར་ན་འཇུག་པའི་རྣམ་པར་ཤེས་པའི་ས་བོན་ཐམས་ཅད་པར་མི་འཐད་དོ་ཞེས་བྱ་བར་སྟོན་པར་བྱེདདོ།། འདི་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་དབང་དུ་བྱས ་པ་ཁོ་ནར་སྐབསུ་བབ་པར་བྱས་ཟིན་མོད་ཀྱིས་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་མཐུན་པའི་ཕྱིར་འདིར་ཡང་ཉ་དར་བཀོད་དེ་ལྟར་སྲིད་པར་ཉིང་མཚམས་སྦྱོར་བ་ཐམས་ཅད་ནི་ཉོན་མོངས་པ་ཅན་གྱི་སེམས་སྔོན་དུ་འགྲོ་བ་ཅན། ་ཡིན་པས་སོ།། གལ་ཏེ་དེ་ལྟ་སྨིན་དང་འདི་ཐམས་ཅད་འདོད་པའི་ཁམས་ན་སྤྱོད་པར་ཉིང་མཚམས་སྦྱོར་བ་ལ་ཡང་བརྗོད་པར་བྱ་སྟེ། སྒོ་གཉི་སུ་བསྟན་པ་ཁོ་ནས་དོན་གོ་བའི་ཕྱིརརོ།། ཇི་ལྟར་འདྲིར་ས་བོན་མེད་པའི་ཕྱིར་ཉོན་མོངས་པ་ཅན་གྱི ་སེམས་མི་འཐད་པས་སྲིད་པར་ཉིང་མཚམས་སྦྱོར་བ་མེད་པར་འགྱུར་བ་དེ་བཞིན་དུ་དེར་ཡང་དེར་ཐོལ་བར་བྱ་ལ། ཇི་ལྟར་དོར་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བར་འགྱུརརོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་ཐལ་བར་བྱའོ ་ཡང་དེའི་ས་པ་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཞེ་ན། སྐྱེ་བའི་ས་པ་ས་གང་ཡིན་པ་དེ་མངོན་པར་འགྲུབ་པར་བྱེད་པོའི་ཉོན་མོངས་པ་ཡང་དྲིས་པར་དེའི་སྲ་པ་ཁོ་ན་ཡིན་ནོ་ཞེས་ཉེ་བར་བསྟན་པའི་ཕྱིར་རོ།། མངོན་པར་འགྲུབ་པར་བྱེད་པའི་ཉོན ་མོངས་པ་དེ་ཡང་རྣམ་པ་གཉིས་ཏེ་དུས་སྔ་མའི་སྲིད་པའི་སྲེད་པ་དང་། ལེན་པའི་མཚན་ཉིད་དང་གཟུགས་ཅན་གྱི་ཁམས་སྐྱེ་བའི་སྲིད་པ་བར་མའི་སེམས་ཐ་མ་དང་མཚུངས་པར་ལྡན་པའོ།། འཕེན་པར་བྱེད་པའི་ཉོན་མོངས་པོ་ནི་ངེས་ཏེ ་རེས་འགྲའ་ནི་ས་མཚུངས་པ་ཡིན་ཏེ། གང་གི་ཚེ་འདོད་པ་ན་སྤྱོད་པའི་མ་རིག་པས་འདོད་པ་ན་སྤྱོད་པ་ཁོ་ནའི་འདུ་བྱེད་ངག་ཀུན་ནས་སློང་བར་བྱེད་ནའོ།། རེས་འགའ་ནི་ས་མི་མཚུངས་པ་ཡིན་ཏེ་གང་གི་ཚེ་འཇིག་རྟེན་པའི་བསམ་གཏན ་དང་པོའི་ཉེ་བར་བསྔགས་པར་ཆད་མེད་པའི་ལམ་དང་མཚུངས་པར་ལྡན་པའི་ལས་ཀུན་ནས་སློང་བར་བྱེད་ནི་མཐོང་བས་སྤང་བར་བྱ་བའི་གཏི་མུག་འདོད་པ་ན་སྐྱོང་སྟེ། འདོད་ཆགས་པ་དང་མ་བྲལ་བ་རྣམས་ས་གོང་མ་གང་ཡིན ་པའི་ཉོན་མོངས་པ་ཀུན་ཏུ་མི་སྤྱོད་པའི་ཕྱིར་དང་། འདོད་ཆགས་དང་བྲལ་བའི་གནས་སྐབས་ན་ཡང་མ་ཆད་པའི་ལམ་མངོན་དུ་མི་བྱེད་པའི་ཕྱིར་དང་། བར་ཆད་མེད་པའི་ལམ་ཁོ་ནས་གོང་དུ་ཡང་སྐྱེ ་བའི་ཕྱིར་རོ།། གལ་ཏེ་ཉིང་མཚམས་སྦྱོར་བ་སྦྲེལ་བས་ས་མཚུངས་པའོ་ཉོན་མོངས་པས་བྱས་པ་ཁོ་ན་ཡིན་ན། འོ་ན་གང་གི་ཚེ་གཟུགས་ཅན་གྱི་ཁམས་ནས་ཤི་འཕོས་ནས་གཟུགས་མེད་པའི་ཁམས་དག་ཏུ་སྐྱེ་བ་དེའི་ཚེ་གཟུགས ་མེད་པོ་ན་སྤྱོད་པའི་སྐྱེ་བའི་སྲིད་པ་མངོན་པར་གྲུབ་པར་བྱེད་པ་སེམས་ཉོན་མོངས་པ་ཅན་དོ་དག་ཞིག་ཡིན་ཞེ་ན། འདི་ལ་མདོ་སྡེ་པ་རྣམས་ཀྱི་ལྟ་བ་ནི་གཟུགས་ཀྱི་འདོད་པ་དང་བྲལ་བ་གཟུགས་ཅན་གྱི་ཁམསུ་འཆི་བ་ལ་གང་གི ་ན་གཟུགས་མེད་པོའོ་ཁམས་ན་སྤྱོད་པའི་སྲིད་པར་ཉིད་མཚམས་སྦྱོར་བར་འགྱུར་བ་འཆི་བའི་སེམས་ཐ་མ་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་འབྱུང་སྟེ། དེ་བཞིན་དུ་ན་མཁའ་མཐའ་ཡས་སྐྱེ་མཆེད་དུ་འཆི་བའི་ས་གོང་མཱ་པ ་ཡང་བརྗོད་པར་ཞེས་བྱ་བ་ཡིན།། ཐེག་པ་ཆེན་པོ་ལས་ནི་འཆི་བོའི་སེམས་ཐམས་ཅད་མ་བསྒྲིབས་ལ་ལུང་དུ་མ་བསྟོན་པ་ཡིན་པར་བརྗོད་ན་དེར་ཇི་ལྟ་བུ་ཞེ་ན། དེ་ཡང་འདོད་ཆགས་དང་བྲལ་བ་འཆི་བ་ལ་ཇི་སྲིད་དུ་འཆི ་བའི་སེམས་ཐ་མ་འབྱུང་བ་དེ་སྲིད་དུ་གང་ཞིག་འཆི་བའི་སེམས་ཐམས་བར་དུ་ཆོད་ཀྱང་རྒྱུད་པས་གཟུགས་མེད་པར་སྐྱེ་བའི་སྲིད་པ་མངོན་པར་གྲུབ་པར་བྱེད་པ་ས་གོང་མ་པའི་ལུས་ལ་མངོན་པར་དགའ་བ་དང་མཚུངས ་པར་ལྡན་པའི་སེམས་ཉོན་མོངས་པ་ཅན་འབྱུང་ངོ་།། གང་ཡང་འདི་སྐད་དུ་དེའི་ཚེ་ཕྱིར་མི་འོངས་པ་ལ་དེ་མེདོ་ཞེས་བཤད་པ་ནི་ས་གང་ལས་འདོད་ཆགས་དང་བྲལ་བྱ་ས་དེ་པའི་དོན་གཉེར་བ་མི་འབྱུང་བ་ལ་དགོངས་ཏེ་གསུངས ་པ་ཡིན་ནོ།། དེ་ལྟར་ནི་གཟུགས་མེད་པའི་ཉིང་མཚམས་སྦྱོར་བ་ནི་བར་དུ་ཆོད་པའི་རྒྱུ་ཅན་ལས་དགོངས་ནས་ཉོན་མོངས་པ་ཅན་གནས་ཡིན་པའི་ཕྱིར་ཞེས་བརྗོད་དོ།། འོ་ན་གང་གི་ཚེ་སྲིད་པའི་རྩེ་མོ་ནས་ཤི་འཕོས་ནས་རྣམ་ཤེས ་མཐའ་ཡས་སྐྱེ་མཆེད་ཀྱི་བར་ནས་ཤི་འཕོས་ནས་ཅི་ཡོང་མེད་པའི་སྐྱེ་མཆེད་ལ་སོགས་པས་གསུམ་དུ་ཉིང་མཚམས་སྦྱོར་བ་དེ་ན་འཆི་བ་ལ་ཉོན་མོངས་པ་ཅན་བྱེ་སེམས་གང་གིས་དབང་གི་ན་འོག་མར་ཉིང་མཚམས་སྦྱོར ་བར་འགྱུར་བ་དང་། ཉོན་མོངས་པ་ཅན་གནས་ཡིན་པའི་ཕྱིར་ཞེས་ཀྱང་བརྗོད་པར་འགྱུར་བ་ས་གྲང་པ་ཞིག་ཡིན། སྲིད་པའི་རྩེ་མོ་ལ་སོགས་པའི་ས་པའི་ཉོན་མོངས་པ་ས་འོག་མར་ཉིང་མཚམས་སྦྱོར་བར་བྱེད་པ་ནི་མ་ཡིན ་ལ། ས་གླིང་མུ་པའི་རྐྱེན་གྱིས་ས་འོག་མ་པའི་ཉོན་མོངས་པ་མངོན་དུ་བྱེད་པར་ཡང་རུང་བ་མ་ཡིནོ་ཞེ་ན། དེ་ནི་མ་ཡིན་ཏེ་ད་ན་ཡང་འཆི་བ་ལ་ཉོན་སྟོངས་པའི་ས་བོན། གང་གི་དཔུང་གིས་ནཱ་འོག་མོར་ཉིང་མཚམས་སྦྱོར་བར ་འགྱུར་ཞིང་ཉོན་མོངས་པ་གནས་ཡིན་པའི་ཕྱིར་ཞེས་ཀྱང་བརྗོད་པར་འགྱུར་པ་ས་འོག་མ་པ་རྒྱས་པར་འགྱུརརོ།། དེ་ལྟར་ན་རྣམ་པ་འདིས་གཟུགས་མེད་པའི་ཉིང་མཚམས་སྦྱོར་བ་ནི་དོན་གོ་བའི་ཕྱིར་ལོགས་ཤིན་ཏུ་ཉེ་བར་དགོད ་པར་མི་བྱའོ།། ཉིང་མཚམས་སྦྱོར་བ་སྦྲེལ་བ་ཟིན་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི། འདོད་པ་ན་སྤྱོད་པའི་ཉིད་མཚམས་སྦྱོར་བའི་དབང་དུ་མཛད་ནས་འདོད་པའི་ཁམས་ཁོ་ནར་སྐྱེ་བའི ་ཀུན་ནས་ཉོན་མོངས་པ་གནས་སྐབས་རྣམ་པ་གསུམ་སོ་སོར་བསྟན་ཏེ་ཁམས་གསུམ་པའི་སེམས་ཅན་འབྱུང་པོ་རྣམས་ཀྱི་ཞེས་བྱ་བའི་ཞར་ལ་སྨོས་པ་ཡིནོ།། དེའི་འོག་ཏུ་ནི་གཟུགས་ན་སྤྱོད་པའི་ཉིང་མཚམས་སྦྱོར་བ་བསྟན་ཏེ།། ་ང་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གནས་སྐབས་པ་འདོད་པ་དང་། གཟུགས་ན་སྤྱོད་པ་དང་ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར།། ཡང་གཟུགས་མེད་པའི་ཁམས་སྐྱེས་པ་ཞེས་བྱ་བོ་ལ་སོགས་པ་སྨོསོ།། འདས་ནི་འདི་སྟོན ་པར་བྱེད་དེ་གཟུགས་མེད་པར་སྐྱེད་པ་རྣམས་ལ་གློ་བུར་དུ་འདོད་ཆགས་ལ་སོགས་པོ་དང་དད་པ་སོགས་པ་སྐྱེ་བ་དེ་དག་ས་བོན་གཟུགས་ན་སྤྱོད་པའི་སེམས་ཉོན་མོངས་པ་ཅན་ཐོག་མ་མེད་པའི་འཁོར་བ་ནས་ཉེ་བར་བསགས ་པ་སྔོན་དུ་འགྲོ་བ་ཅན་ཡིན་པར་ནི་མོ་འཐད་དེ་འདས་པ་ནི་མེད་པའི་ཕྱིར་རོ།། ས་བོན་རང་མཚུངས་པར་ལྡན་པའི་སེམས་སྔོན་དུ་འགྲོ་བ་ཅན་ཡང་མོ་ཡིན་ཏེ། རྒྱུ་དང་འབྲས་བུ་དུས་མཉམ་བས་མི་ལེན་པའི་ཕྱིར་དང་དགྲ་བཅོམ ་པའི་སེམས་ཀྱང་ཉོན་མོངས་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིརརོ།། མིག་ལ་སོགས་པ་རྣམ་པར་ཤེས་པ་དེའི་ས་བོན་ཡང་མ་ཡིན་ཏེ་དེ་དག་ནི་གཟུགས་མེད་པའི་ཁམས་ནི་མེད་པའི་ཕྱི་རོ།། ས་བོན་ཡིད་ཀྱི་རྣམ་པར་ཤེས་པ་ལུང ་དུ་མ་བསྟན་པ་འགགས་མ་ཐ་ག་པ་ཅན་ཡང་མ་ཡིན་ཏེ། ལུང་དུ་མ་བསྟན་པ་དེ་ནི་གང་གིས་ན་འདོད་ཆགས་ལ་སོགས་པའམ་དད་པ་ལ་སོགས་པ་དེའི་ས་བོན་ཅན་དུ་འགྱུར་པ་ཉོན་མོངས་པ་ཅན་དང་དགེ་བ་དག་གིས་ལྷན་ཅིག ་སྐྱེ་བ་དང་འགག་པས་བསྒོས་པ་ཡིནོ།། ལུང་དུ་མ་བསྟན་པ་དེ། ཆོས་ཉིད་ཀྱི་ས་བོན་དང་བཅས་པ་མ་ཡིན་ཏེ། རིགས་གཅིག་པའི་རྒྱུན་ཆགས་པ་མདྲ་བའི་ཕྱིར།། ཡིད་ཀྱི་རྣམ་པར་ཤེས་པ་ལུང་དུ་མ་བསྟན་པ་དེ་ནི་འཁོར་བ་ཐོག ་མེད་པ་ནས་རྒྱན་ཆགས་པ་མ་ཡིན་ཏེ། འདོད་པ་དང་གཟུགས་ན་སྤྱོད་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དགེ་བ་ལ་སོ་གས་པ་དུ་མ་དང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྟེན་གྱི་ཁྱད་པར་ཐ་དད་པ་ཅན་དག ་གྲིས་བར་དུ་ཆོད་པའི་ཕྱིརརོ།། དེས་ན་ས་བོན་དེ་རྣམ་པར་འཆད་པའི་ཕྱིར་ས་བོན་དེ་སྔོན་དུ་འགྲོ་བ་ཅན་མ་ཡིནོ།། ས་བོན་མེད་པར་སྐྱེ་བར་ཁས་བླང་བར་མི་ནུས་ཏེ། དགྲ་བཅོམ་པའི་སེམས་ཀྱང་ཉོན་མོངས་པོ་ཅན་དུ་ཐལ་བར་འགྱུར་པའི ་ཕྱིར་རོ།། དེ་ལྟ་བས་ནོ་འདིའི་རྒྱུའི་རྐྱེན་མེད་པར་རབ་ཏུ་བསྟན་ཏོ།། འོད་གཟུགས་ཅན་གྱི་ཁམསུ་ཡང་བརྗོད་པར་བྱ་བ་མ་ཡིན་ནམོ་ཞེ་ན། དེ་ནི་མ་ཡིན་ཏེ་དེར་ནི་གལ་ཏེ་ནི་དབང་པོ་གཟུགས་ཅན་བརྟེན་དང་བཅས་པ་ལ་ས་བོན་ཉིད་དུ ་རྟོན་པར་སེམས་པས་ཉེ་བར་བཀོད་དོ།། གཞན་ཡང་དགེ་བ་དང་ཉོན་མོངས་པ་ཅན་བྱུང་བ་དེ་དག་རྟོན་མེད་པར་ཡང་འགྱུར་ཏེ། ཁམས་གང་ན་ཡང་རྣམ་པར་སྨིན་པའི་འབྲས་བུའི་རྒྱུན་ལ་མ་བརྟེན་པར་ཉོན་མོངས་པ་ཅན་དང་དགེ་བའི ་སེམས་དུས་མཉམ་དུ་འབྱུང་བ་ནི་མཐོང་ངོ་།། སྐྱེ་བའི་ཀུན་ནས་ཉོན་མོངས་པའི་སྐབས་ཡིན་པའི་ཕྱིར་འདི་སྐབས་མ་བབ་པར་བརྗོད་པ་མ་ཡིན་ནམ་ཞེ་ན། འདི་ནི་སྐྱབསུ་མ་བབ་པ་མ་ཡིན་ཏེ། དེ་ལྟ་བས་ན་ཉོན ་རྨོངས་པ་ཅན་དང་དགེ་བའི་སེམས་ཀྱིང་གནས་དང་རྟེན་ཏུ་གྱུར་པ་སྐྱེ་བར་བསྡུས་པ་རྣམ་པར་སྨིན་པ་ཞེས་བྱ་བ་ཀུན་གཞིའི་རྣམ་པར་ཤེས་པ་ཁས་བླང་བར་བྱའོ་སྙམ་དུ་དགོངས་པ་ཡིན།། དེ་ཉིད་ན་ཞེས་བྱ་བ་ལ་སོགས་པ་འདིས་ཀྱང ་འདི་སྟོན་ཏེ་འཇིག་རྟེན་པའི་འཇུག་པའི་རྣམ་པར་ཤེས་པ་དང་འགལོ་པར་ལམ་གྱི་བདེན་པ་མངོན་དུ་བྱེད་པ། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་རྒྱུན་ཚོགས་པར་འབྱུང་བ་ཁས་མི་ལེན་ན། དེས་ན་གཟུགས་མེད་པ་ན་སྤྱོད་པའི་འཕགས ་པ་འཇིག་རྟེན་ལས་འདས་པ་ལམ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་འགྲོ་བ་མ་བསྒྲིབས་ལ་ལུང་དུ་མ་བསྙོན་པའི་མཚན་ཉིད་ལྡོག་པ་ཁོ་ནར་འགྱུར་བ་ཞིག་ན། དག་ལ་ཉལ་གྱི་ལྷག་མ་དང་བཅས་པའམ་ཕུང་པོ་མེད་པའི་མྱ་ངན་ལས་འདས ་པས་ཡོངསུ་མྱ་ངན་ལས་མ་འདས་པའི་འགྲོ་བ་ནི་ལྡོག་པར་ཡང་ཁས་མི་ལན?་ཏེ།། མདོ་སྡེ་པ་ལུ་འགྲོ་བར་ཡོང་སུ་རྟག་པའི་རྒྱུ་ལྡན་པ་མ་ཡིན་པའི་སྲོག་དང་རཱི་སུ་མཐུན་པ་ལ་སོགས་པྲ་ལ་ཡང་ཡོད་པ་མ་ཡཱིན།། ནམཁའ་མཐའ་ཡས ་པའི་སྐྱེ་མཆེ་ལ་སོགས་པ་ས་གསུམ་ན་ནི། རང་གི་ས་པའི་འཕགས་པའི་ལམ་ཡོད་པ་སྲིད།། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ན་ནི་འདུ་ཤེས་ཞན་པའི་ཕྱིར་རང་གི་ས་པའི་འཕགས་པའི་ལམ་མེད་དེ། དེའི་ཕྱིར ་ས་གསུམ་དྲད་མི་མཐུན་པས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལོགས་ཤིག་ཏུ་དཔྱད་པར། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་ལྔ་སོགས་པ་སྨོ་སོ།། འདིས་ནི་འདི་སྟོན་ཏེ་སྲིད་པའི་རྩེ་མོརརུ་སྐྱེས་པ་ཅི ་ཡང་མེད་པའི་སྐྱེ་མཆེད་ཀྱི་ལམ་མངོན་དུ་བྱེད་པ་ན། རེ་ཞིག་ཅི་ཡང་མེད་པའི་སྐྱེ་མཆེད་ནི་འགྲོ་བའི་རྟེན་མ་ཡིན་ཏེ། དེ་ལས་འདོད་ཆགས་དངོ་བྲལ་བའི་ཕྱིརརོ།། སྲིད་པའི་རྩེ་མོ་ཡང་འགྲོ་བའི་རྟེན་མ་ཡིན་ཏེ་དེའི་ས་པའི་སེམས་དང ་སེམས་ལས་བྱུང་བ་མེད་པའི་ཕྱིར།། འགྲོ་བའི་རྟེན་མེད་པར་ནི་སེམས་ཅན་འགའ་ཡང་གནས་པར་མ་གྲགསོ།། འཕགས་པའི་ལམ་དེ་ཉིད་ཀྱང་འགྲོ་པོ་མ་ཡིན་ཏེ་འགྲོ་བའི་གཉེན་པོ་ཡིན་པའི་ཕྱིརོ།། འོན་ཏེ་གལ་ཏེ་མྱ་ངན་ལས ་འདས་པའི་རྟེན་ཡིན་སྙམ་ན། དེའི་ཕྱིར་མྱ་ངན་ལས་འདས་པའི་འགྲོ་བ་ཡང་ཞེས་བྱ་བ་སྨོས་ཏེ། འགྲོ་བ་ཞེས་བྱ་བའི་སྒྲ་ནི་འདིར་ངོ་བོ་ཉིད་ཡིནོ།། ཡང་ཅིའི་ཕྱིར་མྱ་ངན་ལས་འདས་པ་རྟེན་མ་ཡིན་ཞེ་ན་མྱ་ངན་ལས་འདས་པ་ནི་རྣམ ་པ་གཉིས་ཏེ། ཕུང་པོའི་ལྷག་མ་དང་བཙོས་པ་དང་ཕུང་པོའི་ལྷག་མུ་མེད་པའོ།། འདི་གཉི་ག་ཡང་མི་སྲིད་པའི་ཕྱིར་རྟེན་དུ་རུང་བ་མ་ཡི་ནོ།། འཕགས་པའི་ལམ་གྱི་སྐད་ཅིགྲ་མ་དྲང་པོ་ཁོ་ན་ལ་ཕུང་པོ་ལྷག་མཾ་དང་བཅས་པའི་མྱ་ངན ་ལས་འདས་པ་ནི་མེ་ཡིན་ཏེ། ཕྲ་རྒྱས་ལྷག་མ་དང་བཅས་པའི་ཕྱིརརོ།། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ་གསོན་པོའི་གནས་སྐབས་ཡིན་པའི་ཕྱིའོ།། ཡང་ན་མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་དང་། ་སྐྱེ་བ་མི་སྐྱེ་བ་ཙམ་ཡིན་ན་མི་སྐྱེ་བ་ཡང་མེད་པ་ཡིན་པས་མེད་པ་ནི་གང་གི་ཡང་རྟེན་ཡིན་པར་མ་མཐོང་།། དེ་ལྟ་བས་ན་འགྲོ་བར་བསྡུས་པ་འཕགས་པའི་ལམ་གྱི་རྟེན་དུ་འགྱུར་བ་གང་ཡིན་པ་ཀུན་གཞིའི ་རྣམ་པར་ཤེས་པ་ཁས་བླང་བར་བྱའོ།། སྐྱོ་བའི་ཀུན་ནས་ཉོན་མོངས་པ་འཆི་འཕོའི་གནས་སྐབས་པའི་དབང་དུ་མཛད་ནས། ལེགས་པར་བྱ་བ་བྱེད་པའམ་ཉེས་པར་བྱ་བ་བྱེད་པ་འཆི་འཕོ་བ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་སྨད་དམ་སྟེད་ན་སྡེ་ཞེས་བྱ་བ་འདིས་ནི་འཚོ་བྱ་ན་ལེགས་པར་བྱ་བ་བྱེད་པའི་ལུས་ནི་རྐང་མཐིལ་ནས་བཟུང་སྟེ། རིམས་ཀྱི་དྲོང་ཡལ་བར་འགྱུར་ལ། ཉེས་པར་བྱ་བཽ་བྱེད་པའི་ནི་སྤྱི་བོ་ནས་བཟུང་སྟེ། རིམས་གྱིས་དྲོད་ཡལ ་བིར་འགྱུར།། ཞེས་བྱ་བ་དེ་སྟོན་པར་བྱེད།། དེ་ལྟར་རྣམ་པར་ཤེས་པས་རིམ་གྱིས་ལུས་ཡོངསུ་འདོར་བར་ཁཱས་བླངས་པ་དེ་ལ་རྣམ་པར་ཤེས་པ་གང་གཽ་ཤེས་བྱ་བ་དཔྱད་པར་བྱ་བའོ།། དེ་ལྟ་རེ་ཞིག་ལུས་ཀྱི་རྣམ་པར ་ཤེས་པས་ནི་མ་ཡིན་ཏོ་མ་ཤིའི་བར་གནས་སྐབས་ཀྱི་ཡན་ལག་གང་དང་གང་གིས་ལུས་ཀྱིས་རྣམ་པར་ཤེས་པ་མི་སྐྱེ་བའི་ཡན་ལག་དེ་དང་དེ་ལུས་ཀྱི་རྣམ་པར་ཤེས་པོས་ཡོང་སུ་བོར་པོའི་ཕྱིར་དབང་པོ་བགྲག་ན་དྲེད་ཡལ་བ་ཉིད་། ་ཐལ་བར་འགྱུར་དུ་འོངས་པསོ།། དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་བརྗོད་པར་བྱའོ།། ཡིད་ཀྱི་རྣམ་པོར་ཤེས་པས་ཀྱང་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལུས་ལ་བརྟེན་པོ་མ་ཡིན་ཏེ་ཡིད་ལ་བརྟེན་པའི་ཕྱིར།། ་ལུས་ཀྱང་དེ་ལ་བརྟེན་པ་མ་ཡིན་ཏེ་དེའི་འབྲས་བུ་མཱ་ཡིན་པའི་ཕྱིར།། རང་གི་རྟེན་ལ་མི་སྐྱེ་བའམཱ་རང་གི་འབྲས་བུ་མ་བྱེད་ན་ཡོངསུ་འདོར་བ་ཞེས་བྱ་ན་དེ་གཉི་ག་ཡང་ཡིད་ཀྱི་རྣམ་པ་ཤེས་པ་དང་ལུསུ་ལྷན་ཅིག་མི་སྲིད།། འོན་ཏེ་ཡོད་པ ་ཙམ་གྱིས་ཡང་སུ་མི་འདོར་བ་ཡིན་ལ། མེད་པས་ནི་ཡོངསུ་འདོར་རོ་སྙམ་དུ་སེམས་ན། དེ་ཡང་རིགས་པ་མ་ཡིན་ཏེ་སྲོག་ཐ་མ་ཆད་པ་ཚུན་ཆུད་རྟག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པས་རིམ་གྱིས་ལུས་ཡོངསུ་འདོར་བ་མེད་པར ་ཐལ་བར་འགྱུར་བའི་ཕྱིརརོ།། དེ་ནི་གང་གིས་ན་ལུས་ཐམས་ཅད་ལ་ཁྱབ་པར་གནས་ལ་ཕྱིས་རིམ་གྱིས་ཞུམ་པའམ་ཆ་ཤས་ཀྱི་འགག་པ་ན་རིམ་ཁོ་ནས་རང་གི་ཡན་ལག་རྣམས་མེད་པའི་ལུས་ཀྱི་ཕྱོགས་དེ་ཡོངསུ་འདོར་བར་འགྱུར་པ ་ཡན་ལག་དང་བཅས་པོ་ཡང་མ་ཡིན་ནོ།། གཞན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྟག་ཏུ་ཡོད་པའི་ཕྱིར་དེའི་ཕྱིར་དེའི་དབང་གིས་ལུས་ཡོངསུ་མི་འདོར་བའམ་ཡོངསུ་འདོར་བར་རུང་བ་མ་ཡིན།། དེ་ལྟོ་མ་ཡིན་ནཱ་སེམས་མེད་པའི་གཉིད ་ལ་སོགས་པའི་གནས་སྐབས་དྲང་དབང་པོ་གཞན་གྱི་དེ་རྣམ་པར་ཤེས་པ་ཀུན་ཏུ་འབྱུང་བའི་གནས་སྐབས་ན་འཆི་བར་ཐལ་བར་འགྱུར་ཏེ་དེ་མེད་པའི་ཕྱིརརོ།། འོན་ཏེ་ལས་ཀྱི་འཕེན་པ་རིམ་གྱིས་ཟད་པའི་ཕྱིར་རིམ་གྱིས་དབང་པོ་རྣམས ་འགགེ་སྙམ་དུ་སེམས་ན། དེ་ཉིད་དཔྱད་པར་པ་སྟེ་ཅི་རྣམ་པར་ཤེས་པས་རང་གིར་མ་བྱས་པའི་དབང་པོ་ཁོ་ན་དུས་རེ་ཞིག་ཅིག་གནས་ནས་རང་ཉིད་ལས་ཀྱི་མཐུ་ཟད་ནས་འགག་པར་འགྱུར་བ་ཞིག་གམ། འོན་ཏེ་རྣམ་པར་ཤེས་པས ་རང་གིར་བྱས་པ་དུས་རེ་ཞིག་ཅིག་གནས་ནས་ལུས་ཀྱི་མཐུ་ཟད་ནས་རྣམ་པར་ཤེས་པས་ཡོང་སུ་འདོར་བ་ན་འགག་པར་འགྱུར་པ་ཞིག་ཡིན། གལ་ཏེ་རྟོག་པ་དང་པོ་ཡིན་ན་དེ་ནི་གྲགས་པ་མ་ཡིན་ཏེ། བརྒྱལ ་པ་ལ་སོགས་པའི་གནས་སྐབས་ན་ཡོང་སེམས་ཁས་ལེན་པའི་ཕྱིར་རྣམ་པར་ཤེས་པ་མེད་པའི་དབང་པོ་ནི་གླང་དུ་ཡང་མྱ་གྲགསོ།། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པའི་མདོ་དྲང་ཡང་འགལ་བར་འགྱུར་ཏེ་དེ ་ལས་ནི་རྣམ་པར་ཤེས་པས་ཡོངསུ་བོར་བས་དང་པོ་རྣམས་མི་གནས་པར་གསུངསོ།། འོན་ཏེ་རྟོག་པ་གཉིས་པ་ཡིནོ་ཞེ་ན། དེ་ཉིད་རྣམ་པར་ཤེས་པ་གང་གིས་ཡོངསུ་བར་ན་འགག་པར་འགྱུར་ཞེས་དུ་པྱད་ན་རྣམ་པ་ཐམས་ཅད་དུ ་འཇུག་པའི་རྣམ་པར་ཤེས་པ་དག་གིས་དེ་རུང་བ་མ་ཡིན།། ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན་ཇི་ལྟར་རུང་ཞེ་ན། དེ་ལ་ནི་དབང་པོ་ཐམས་ཅད་རྟེན་ཏོ།། དེའི་ཕྱིར་དབང་པོའི་ཕྱོགས་ཡང་དེང་གངྒཱ་ཞིག་ལས་ཀྱི་འཕེན་པ་ཡོངས ་དའོས་ནར་སྦྱིན་པའི་ཚུར་གྷ་སྐྱེ་བ་དང་མི་རྒྱུ་ཐུན་པར་གྱུར་པའི་སྐུ་ཕྱོགས་དེ་དང་དེའི་དབང་པོ་འགགས་པས་དྲོད་ཡུལ་བཱ་ཉྀད་ཡིན་ནོ།། ཁྱིམ་པ་འདིས་ན་དབང་པོ་མ་ལུས་པར་ཡོངས་པར་བས་ལྷ་སྒྱུ་རིལ་དྲོད་ཡལ་བདྷི་བར་དུ་ལཱཥྚ ་པས་དེ་ལྟར་ནི་རུང་སྟེ་འདི་ནི་རེ་ཞིག་ཕྱི་རོལ་གྱི་ངེམ་ཁས་བླང་བའི་ཚུལ་ཡིན།། ཤེས་བྱ་ནང་གི་ཡིན་པར་ལྟ་བ་ལ་ནི་གང་གི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་ལུས་མཐའ་དག་ཏུ་སྣང་བར་སྐྱེ་བ་དེའི་ཚེ་ལུས་ཐམས་ཅད་ཟིན་པའི་ཡིན ་ལ། གང་གི་ཚེ་ལུས་ཀྱི་ཕྱོགས་ལ་ལ་ནི་བདག་ཏུ། ལ་ལ་ནི་ཕྱི་རོལ་གྱི་རྣམ་པར་སྣང་བ་དེའི་ཚེ་གང་ཞིག་བདག་ཏུ་སྣང་བའི་རྣམ་པ་ཅན་དེ་ནི་ཟིན་པ་ཡིན་ལ། ཕྱི་རོལ་གྱི་རྣམ་པ་ཅན་ནི་མུ་ཟིན་པའི་ཕྱིར་དྲོད་ཡལ་བ་ཡིན་ཏེ། དེ ་ཡང་གནས་པའི་སྐབ་སུ་འཛིན་པར་བྱེད་པའི་སྐབས་ཁྱོ་ན་རོ་བསྟན་ཟིན་ཏེ།། ཉོན་མོངས་པ་ཀུན་ནས་ཉོན་མོངས་པ་ལ་སོགས་པ་དཔྱད་པ་ཁོ་ནས་ས་བོན་མེད་པའི་ཕྱིར་གཟུགས་ན་སྤྱོད་པའི་ཉོནྡོ་མོངས་པ་དང་དགེ་བའི ་སེམས་མི་འཐད་པར་ཤུགས་ཀྱིས་བཤད་ཟིན་པ་ཉིད་།། ཡང་རྣམ་པར་བྱང་པའི་སྐབས་ཀྱིས་བསྟན་པར་བྱ་བ་ཡིན་པས། ཇི་ལྟར་ན་འཇིག་རྟེན་པའི་ཞེས་བྱ་བ་ལོ་སོགས་པས་འཇིག་རྟེན་པའི་རྣམ་པར་བྱང་བ་སྟེན་ཏོ།། ། ་འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་གལ་ཏེ་ན་ཉེར་བསྡོགས་ཐོབ་པོ་ཡིན་སྙམ་པ་ལ་གཟུགས་ན་སྤྱོད་པའི་སེམས་མ་ཐོབ་པ་ཞེས་བྱ་བ་སྨོསསོ།། འདོད་པ་ན་སྤྱོད་པའི་དགེ་བའི་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་དང ་བསམ་པ་ལས་བྱུང་བ་དག་གིསོ།། སྦྱོར་བ་ལས་བྱུང་བའི་སེམས་ཞེས་བྱ་བ་ནཱི་བསམས་པ་ལས་བྱུང་བ་རབ་ཀྱི་མཐའ་མཱ་ལྔ་གནས་པ་དོག་གིས་འཇུག་ཐོགསུ་གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་སྐྱེ་བའོ།། དེ་ནི ་གཟུགས་ན་སྤྱོད་པའི་སེམས་ཀྱི་ས་བོན་དུ་མི་རུང་སྟེ། ཇི་ལྟར་བསྟན་པའི་ཚུལ་གྱིས་ན་ས་བོན་ཡོངསུ་འཛིན་པར་མི་རུང་བའི་ཕྱིརརོ།། འོན་ཏེ་གཟུགས་ན་སྤྱོད་པའི་སེམས་འཁོར་བ་ཐོག་མ་མེད་པ་ནས་འདྲིས་པ་གང་ཡིན། ་པ་དེ་ས་བོན་ཡིན་སྙམ་དུ་སེམས་ན། གཟུགས་ན་སྤྱོད་པའི་སེམས་ཚེ་རབས་དུ་མར་འདོད་པ་ན་སྤྱོད་པའི་སེམས་ཚེ་རབས་དུ་མས་བར་དུ་ཆོད་པ་དེ་ནི་འདས་པ་ཉིད་ཀྱིས་མེད་པའི་ཕྱིར་ས་བོན་དུ ་རུང་བ་མ་ཡིནོ།། ཀུན་གཞིའི་རྣམ་པར་ཤེས་པའི་ཕྱོགས་ལ་ནི་གཟུགས་ན་སྤྱོད་པའི་སེམས་ཀྱི་ས་བོན་འཁོར་བ་ཐོག་མ་མེད་པ་ནས་ཆོས་ཉིད་ཀྱིས་གནས་པའམ་བསྐྱེད་པའང་རུང་རྣམ་པར་མ་ཆད་པར་རྒྱུ་དེ་འོངས་པ་རྣམ་པར ་སྨིན་པར་གྱུར་པ་གཟུགས་ན་སྤྱོད་པའི་སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར། རྒྱུའི་རྐྱེན་ཡིན་པ་འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་ས་བློན་དེ་ཡོངསུ་གསོ་བར་བྱེད་པ་ཡིན་པའི་ཕྱིར་དང་། མ་བསྒྲིབས་པའི་ངོ་བོ་ཡིན་པ ་ཕྱིར་བདག་པོའི་རྐྱེན་ཡིནོ།། ཡོང་ཅིའི་ཕྱིར་འདོད་པ་ན་སྤྱོད་པ་མཚུངས་པོ་དེ་མ་ཐག་པའི་རྐྱེན་ཉིད་དུ་ཡང་བརྗོད་པར་མི་བྱ་སྟེ། འདི་ལྟར་དེ་ནི་འགག་མ་ཐག་པ་ཡིན་ནོ།། ཞེ་ན་ཨ་ཁྱོ་པའི་ཕྱིར་བརྗོད་པར་མི་བྱ་སྟེ། འདི་ལྟར ་བློཕྱོགགས་མ་ཐག་པ་གང་ཡིན་པ་དེ་ཁོ་ན་མཚུངས་པ་ངོ་མ་ཐག་པའི་རྐྱེན་ཡིན་གྱི་གཞན་ནི་མ་ཡིན་ནོ།། བདག་པོའི་རྐྱེན་ནི་རྩོལ་བ་ནས་གཟུང་སྟེ། ཐོས་པ་ལས་བྱུང་བ་ལ་སོགས་པའི་སེམས་ཐམས་ཅད་ཡིན་ཏེ། འདི་ལྟར་དེ་དག ་གིས་རིམ་གྱིསས་བོན་ཡོངསུ་གསོ་པར་བྱེད་པ་ན་མཇུག་ཏུ་གཟུགས་ལ་སྤྱོད་པའི་སེམས་པར་ཆད་མེད་པར་འབྱུང་ངོ་།། དེ་བཞིན་དུ་འདོད་ཚིགས་དང་བྲལ་བར་བྱ་བའི་ཕྱིར་སྙོམས་པར་འཇུག་པའི་ས་བསམ་གཏན་གའི ་ལ་སོགས་པ་ཐམས་ཅད་ལ་ཡང་ཅི་རིགསུ་སྦྱར་བར་བྱའོ།། འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་དང་པོའི་དབང་དུ་མཛད་ནས། ཅི་ལྟར་འཇིག་རྟེན་ལས་འདས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་སྒྲ་ཞེས་བྱ ་བུ་ནི་སངས་རྒྱས་དེང་དེའི་ཉན་ཐོས་ལ་སོགས་པ་ཆོས་བསྟན་པའོ།། སོ་སོ་རང་གི་ཞེས་བྱ་བ་ནི་རྣ་བོའི་རྣམ་པར་ཤེས་པས་ཚིག་ངེས་པར་བཟུང་ནས་དེའི་རྗེས་ལ་ཐོབ་པ་བརྗོདོ་པ་དང་བརྗོད་པར་བྱ་བའི་རྣམ་པ་ཕྱིན་ཅི་མོ ་ལོགས་པའི་བདག་ཉིད་དུ་ཡོངསུ་གཅོད་པར་བྱེད་པ་ཉེ་བར་རྟོག་པའི་རྣམ་པར་ཞུགས་པའི་རྣམ་པར་ཤེས་པ་ནི་རིགས་པ་དང་ལྡན་པའི་ཡིད་ལ་བྱེད་པ་གཙོར་གྱུར་པའི་ཕྱིར་སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ ་ཞེས་བྱའོ།། དེའི་རྒྱུ་ལས་ཡང་དག་པའི་ལྟ་བ་འབྱུངངོ་།། ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པ་ཐམས་ཅད་ཀྱི་དང་པོའོ།། གཞན་གྱི་སྒྲ་ལས་ཡིད་ལོ་བྱེད་པ་དེས་ཞེས་བྱ་བ་ལ་སོགས་པས་ནི་དེ་ཡང་ཇི་ལྟར་གཞོན་གྱི ་ལྟ་བ་ལ་རྒྱུ་དང་བདེག་པོའི་རྐྱེན་མེད་པས་མི་སྐྱེ་བ་དེ་སྟོན་པར་བྱེད་དེ། དེ་ལ་ཇི་རེ་ཞིག་བདག་པོའི་རྐྱེན་ཆོས་ཀྱི་མཆོག་ཅེས་བྱ་བ་སེམས་ཀྱི་རབ་ཏུ་གྱུར་པ་དེ་མེད་པར་སྟོན་པ་ཏེ་དེ།། དེ་ལ་སོ་སོ་རང་གི་ཚུལ་བཞིན ་ཡིད་ལ་བྱེད་པ་དེས་རྣ་བའི་རྣམ་པར་ཤེས་པ་འབའ་ཞིག་མ་ཡིད་ཀྱི་རྣམ་པར་ཤེས་པའམ་གཉི་ག་འདུས་པ་ལ་བག་ཆགས་བསྒོ་བར་འགྱུར་གྲང་། སྔ་མ་གཉིས་ལ་མི་འཐད་ན་གཉི་ག་ཡང་བསྒོ་བར་བྱ་བ་ཉིད་དུ་མི་འཐད་པ ་བསྟན་པར་འགྱུར་བས་སྔ་མ་གཉིས་ཁོ་ན་བསྟན་པར་དེ་ལ་ཆོས་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོསོ།། རེ་ཞིག་རྣ་བའི་རྣམ་པར་ཤེས་པས་ནི་མེད་པའི་ཕྱིར་སྒོ་བར་མི་བྱེད།། ཡིད་ཀྱི་རྣམ་པར ་ཤེས་པ་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་དྲང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ཚུལ་བཞིན་ཡིད་ལ་བྱེད་པ་དེ་དང་ལྷན་ཅིག་སྐྱེ་བ་དང་འགག་པས་སྒོ་བར་བྱེད་མེད་ཀྱི་འོན་ཀྱང་རང་གི་རིགས་དང་མཐུན་པའི་འབྲས་བུ་སྐྱེད ་པར་ནུས་པ་ནི་མ་ཡིན།། ཅིའི་ཕྱིར་ཞེ་ན། དེའི་མཇུག་ཐོག་སུ་ཆོས་ཀྱི་མཆོག་སྐྱེ་བ་ནི་མ་ཡིན་ཏེ། ཆོ་སཱ་ཀྱི་མཆོག་རྣམས་ནི་དུས་རིང་མོ་ཞིག་ཏུ་མངོན་དུ་བྱ་བ་ཡིན་པའི་ཕྱིརརོ།། གང་ཞིག་མྱུར་དུ་ཐཱཪྴ་པ་དེ་ཡང་ཚེ་གཅིག་ཏུ་ཐོར ་པའི་ཚེ་དང་མཐུན་པ་ཐོས་པ་ལས་བྱུང་བ་གོམས་པར་བྱོས་པས་ཡིནོ།། དེ་ལྟ་བས་ན་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤོས་པ་སྒྲ་ལ་དམིགས་པ་དེ་ནི། དེ་ལས་གཞན་པའི་རྣམ་པར ་ཤེས་པ་རྣམ་པར་གཡེང་བ་ཉེན་མོང་སྡེ་པཅན་དང་ལུང་དུ་མ་བསྟན་པ་དག་གིས་ཡུན་རིང་མེ་ཞིག་བར་དུ་ཆོ་།། ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཅེས་བྱ་བའི ་གང་ཡིན་པ་དེ་ཞེས་བྱ་བའི་དོན་ཏོ།། འདིས་ནི་སྟོན་ཏེ་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བའི་བདག་པོའི་རྐྱེན་གྱི་ཆོས་ཀྱི་མཆོག་ཅེས་བྱ་བའི་སེམས་ཡིན་ལ། དེའི་ཡང་སོ་བོན་ནི་གཞན་གྱིས་ལྟ་བའོ།། སྒྲ་ཡིད ་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་ཡིན།། གལ་ཏེ་ས་བློན་ཉིད་དུ་རྟོག་ནཱ་དེ་ནི་རུང་བ་མ་ཡིན་ཏེ་འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིརརོ།། དེའི་ཕྱིར་བ་དག་པོའི་རྐྱེན་ས་བོནྡ་མ་དཱ་པ་ཅི་ལྟར་རུང་བར་འགྱུར། བདག་པོའི ་རྐྱེན་མེད་པའི་ཕྱིར་ཡང་དག་པོའི་ལྟ་བ་ཡང་མེད་དེ་དེ་ལྟར་རེ་ཞིག་བདག་པོའི་རྐྱེན་མེད་པར་བཤད་པ་ཡིན།། རྒྱུའི་རྐྱེན་ཡང་མེད་པར་བསྟན་པའི་ཕྱིར། གང་ཡང་ཚུལྔ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན ་པཱའི་འཇིག་རྟེནྡོ་པའི་སེམས་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས།། དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་ལྡན་པའི་འཇིག་རྟེན་པའི་སེམས་ཆོས་ཀྱི་མཆོག་ཅེས་བྱ་བ་དེ་ནི་ས་བོན་ཡོང་སུ་འཛིན་པར ་མི་རུང་བས་འཇིག་རྟེན་ལས་འདས་པའི་སེམས་ཀྱིས་བག་ཚོགས་མ་བསྒོས་པའི་ཕྱིར་དེའི་ས་བོན་མཱ་ཡིན་པས་འཇིག་རྟེན་ལས་འདས་པའི་སེམས་ཀྱིས་བྱིན་མེད་པའི་ཕྱིར་རྒྱུའི་རྒྱུན་མེ་།། གྲལ་ཏེ་ཡང་ཐོས་པའི ་བག་ཆགས་སྒྲ་ཡང་ལ་བྱེད་པས་བསྐྱེད་པ་བརྒྱུད་ནས་ཆོས་ཀྱི་མཆོག་རྣམས་ལོ་འོངས་པ་གང་ཡིན་པ་དེ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་པོན་དུ་འགྱུར་སྙམ་ན། དེ་ལ་ཐེས་པའི་བག་ཆགས་ཀྱི་ཞེས ་བྱ་བ་ལ་སོགས་སྨོས་པ་ཐོས་པའི་བག་ཆགས་ནི་ཆོས་ཀྱི་མཆོག་དེ་ལ་འཇིག་རྟེན་ལས་འདས་པ་དེའི་ཆེད་དུ་ས་བོན་ཉིད་དུ་ཡོངསུ་འཛིན་པ་རུང་བ་མ་ཡིན་ཏེ་ཇི་སྐད་སྔར་བསྟན་པ་བཞིན།། དེ་ལྟ་བས་འདི་ཀུན ་གཞིའི་རྣམ་པར་ཤེས་པའི་ཕྱོགས་ལ་རྒྱུ་དང་བདག་པོའི་རྐྱེན་དག་མ་ཚང་བ་མེད་པར་གཞན་ལ་བསྟན་པར་བྱ་དགོས་པར་བྱ་གནས་པ་དེ་བརྗོད་པར་བྱ་བ་ཉུང་བའི་ཕྱིར་དང་རྒྱུའི་རྐྱེན ་དཔྱད་པའི་སྐབས་འདས་མ་ཐག་པ་ཡིན་པའི་ཕྱིར་དང་གཞན་འདི་སྔོ་པའི་ཀླན་ཀ་སྤང་བའི་སྒོ་ནས་ཀྱང་རེ་ཞིག་ཇེ་རྒྱུའི་རྒྱན་ཁོ་ན་བསྟན་པར་བྱའོ།། དེ་ལ་རེ་ཞིག་གཞན་གྱི་ཀླན་ཀ་ནི་ཚུལ་བཞིན་ཡིད་ལོ་བྱེད་པ་དང་མཆུང ་པོར་ལྡན་པ་འཇིག་རྟེན་པའི་སེམས་ནི་འཇིག་རྟེན་ལས་འདས་པའི་ས་བོན་དུ་མི་རུངངོ་ཞེས་བསྟན་པས། དོན་གྱིས་ན་དེའི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ཡིནོ་ཞེས། ཁས་བླངས་པར་འགྱུར་རོ།། དྲིའི་ཕྱིར་ཇི་ལྟར་ཀུན ་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པ་རང་གི་གཉེན་པོའི་ས་བོན་དུ་རུང་སྟེ། དུག་ནི་བདུད་རྩིའི་ས་བོན་དུ་རུང་བཱ་མཱ་ཡི་ན་ནོ་ཞེས་བྱ་པཱ་ཡིནོ།། ཀླན་ཀ་གཞན་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་དང ་མཚུངས་པར་ལྡན་པ་འཇིག་རྟེན་པའི་སེམས་ནི་འཇིག་རྟེན་ལས་འདས་པའི་སེམས་དང་ལྷན་ཅིག་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་དེའི་སུ་བློན་དུ་མི་རུང་ངོ་ཞེས་བསྟན་པས་དོན་གྱིས་ན་ཀུན་གཞིའི་རྣམ་པར་ཤེས ་པ་ནི་འཇིག་རྟེན་ལས་འདས་པའི་སེམས་དང་ལྷན་ཅིག་སྐྱོ་བ་དང་འགག་པར་རུང་བས་དེའི་ས་བོན་ཡིན་ནོ་ཞེས་ཁས་བླངས་པར་འགྱུར་རོ།། དེའི་ཕྱིར་ཇི་ལྟར་འཇིག་རྟེན་ལས་འདས་པའི་སེམས་འདྲིས་པ་མ་ཡིན་པ།། ་ཀུན་གཞིའི་རྣམ་པར་ཤེས་པ་དང་། ལྷན་ཅིག་སྐྱེ་བ་དང་འགགས་པའི་རྒྱུ་གྱིས།། རླུང་གི་བདག་ཉིད་བསྐྱེད་པའི་ཕྱིར་བག་ཆགས་འཇོག་པར་འགྱུར་ཞེས་བྱ་བ་ཡིན་ཏེ། ཀླན་ཀ་གཉིས་སྤང་བའི་ཕྱིར་ཆོས་ཀྱི་དབྱུ་ཤིན་ཏུ་རྣམ་པ ་དག་ཞེས་བྱ་བ་ལ་སོགས་པ་སྨོསོ།། དེ་ལ་ཆོས་ཀྱི་དབྱངས་ནི་དེ་བཞིན་ཉིད།། དེ་ནི་རང་བཞིན་གྱིས་ཡོང་སུ་དག་པོ་ཡང་ཡིན་པས་གནས་སྐབས་རྣམ་པར་དག་པ་ཉིད་ཀྱི་དབང་དུ་མཛད་ནས་ཤིན་ཏུ་རྣམ་པར་དགྲ་པ་ཞེས་བྱ་བ་སྨོས ་སོ།། །། དེ་ལ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་དག་པ་ཡིནོ།། དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲིབ་པ་གཉི་ག་དང་བྲལ་བའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཡིན།། དེའི་ཕྱིར་དེ་བཞིན་ཉིད་ཤིན་ཏུ་རྣམ ་པར་དག་པ་ལ་དམིགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས། ཁ་ཅིག་གི་གཞུང་ལུགས་ཀྱིས་ནི་དམིགས་པའི་རྣམ་པ་དང་བྲལ་ལ་བྱེད་རྒྱུ་ཙམ་གྱི་དབང་གིས། ཁ་ཅིག ་གི་གཞུང་ལུགས་ཀྱིས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་སྣང་བ་དང་ལྡན་ལ་རྣམ་པ་འདྲ་བའི་རྒྱུ་ཉིད་ཀྱི་དབང་གིས་གདུལ་བའི་རྒྱུད་དག་པ་རྣ་བའི་རྣམ་པར་ཤེས་པ་དང་ངོའི་རྗེས་ལ་ཐོབ་པ་ཡིད་ཀྱི་རྣམ་པར ་ཤེས་པ་ལ་གསུང་རབ་ཀྱི་རྣམ་པ་ཡོངསུ་གྲུབ་པའི་ངོ་བོ་ཉིད་སྣང་བ་ནི་འདྲ་བས་བརྒྱུད་པས་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཞེས་ཀྱང་བྱ་ཐོས་པ་ཞེས་ཀྱང་བྱའོ།། དེས་ཀུན་གཞིའི་རྣམ་པར་ཤེས་པ་ལ་བག་ཆགས ་བཞག་པ་གང་ཡིན་པ་དེ་ནི་བསམས་པ་ལས་བྱུང་བའི་ས་བོན་ཡིན་ལ་དེ་ཡང་རིམ་གྱིས་དྲོ་བར་གྱུར་པའི་ས་བོན་ཡིན་པ་ནས་དེ་ཡང་ཆོས་ཀྱི་མཆོག་གི་བར་གྱི་ས་བོན་ཡིན་ཞིང་ཆོས་ཀྱི་མཆོག་གིས ་བཞག་པའི་ས་བོན་ནི་འཇིག་རྟེན་ལས་འདས་པ་ཡིནོ།། ཟག་པ་དང་བཅས་པ་ཇི་ལྟར་ཟག་པ་མེད་པའི་ས་བོན་དུ་འགྱུར་པ་མ་ཡིན་ནམ་ཞེ་ན། འདི་ལ་ཁཱ་ཅི་ག་ན་རེ་སྔར་གཞན་གྱིས་ལྟ་བ་ལ་བདག་པོའི་རྐྱེན་མེད་པར་བསྟན་པ་དེའི ་གཉེན་པོར་རང་གི་ལྦུ་བ་ལ་པདྨག་པོའི་རྐྱེནྡ་རིམ་པ་འདི་སྣ་བསྟན་ཏེ། དེ་ལ་ཆོས་ཀྱི་མཆོག་ནི་བྱེད་པ་པོ་ཡིན་པའི་ཕྱིར་དང་གོ་སྐབས་འབྱེད་པའི་རྒྱུ་ཡིན་པའི་ཕྱིར་བདག་པོའི་རྐྱེན་དང་མཚུངས་པ་དེ་མ་ཐུག་པའི་རྐྱེན་ཡིན།། དེས་བསྐྱེད་པའི ་ས་བོན་ནི་བདག་པོའི་རྐྱེན་ཁོ་ན་ཡིནོ།། དེ་བཞིན་ཉིད་ནི་དམིགས་པའི་རྐྱེན་ཏེ་དེ་ལྟར་ན་ཟག་པོ་མེད་པའི་དང་པོ་ནི་རྐྱེན་གསུམ་གྱིས་སྐྱོའོ།། དེ་ལྟར་བྱས་ན་དྲི་བཞིན་ཉིད་དམིགས་པའི་རྐྱེན་གྱིས་སུ་བོན་ཅནོ་ཞེས་བྱ་བ་དང་མཐུན་པར ་བྱས་པ་ཡིནོ་ཞེས་ཟེར་ཏེ། རྒྱུའི་རྐྱེན་མེདོ་སྙམ་དུ་བསམས་པའི་ཕྱིརརོ།། གཞན་དག་ན་རེ་ཟག་པ་མེད་པའི་སྣ་བོན་ཆོས་ཉིད་ཀྱི་གནས་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ཀྱི་རིམ་པས་ཡོངསུ་གསོ་བར་བྱ་བ ་ཡིན་པར་བསྟན་ཏེ།། ཕྲ་བའི་ཕྱིར་དངོསུ་ལྷུང་པོར་ནི་མ་བསྟན་ཏོ།། འདུ་བྱེད་ཀྱི་རྐྱེན་བསྟན་པ་ལ་ཀུན་གཞིའི་རྣམ་པར་ཤེས་པ་བཞི་ནོ།། དེ་ལྟ་བས་ནི་རྐྱེན་བཞི་ཁོ་ནས་སྐྱེའོ།། དེ་བཞིན་ཉིད་དམིགས་པའི་རྐྱེན་གྱི་ས་བོན་ཅན་ཞེས་འབྱུང་བ། ་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པའི་བྲག་ཆགས་ཀྱི་ས་བེན་པ་ཞེས་བྱ་བའི་རིམ་པ་འདི་ཁོ་ན་ལས་དགོངས་ནས་བསྟན་པ་ཡིནོ་ཞེས་ཟེའོ།། གཞན་དག་ན་རེ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པའི་ས ་བེནྡ་ཟག་པ་མེད་པ་ཆོས་ཉིད་ཀྱིས་གནས་པ་ལ་བརྟེན་ནས་ཇི་སྐད་སྨོས་པའི་ཚུལ་གྱིས་བཤད་པར་སྣང་བའི་རྣ་བའི་རྣམ་པར་ཤེས་པ་སྐྱེའོ།། དེ་ནས་དེའི་མཇུག་ཐོགསུ་རང་གི་ས་བོནི་ཟག་པ་མེད་པ་ཁོ་ན་ལས་དེ་ལ ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཟག་པ་མེད་པ་བསམས་པ་ལས་བྱུང་བས་བསྡུས་པའོ།། དྲི་ནས་རིམ་པ་འདིས་ཟག་པ་མེད་པའི་སེམས་གཟུགས་ན་སྤྱོད་པ་ཆོས་ཀྱི་མཆོག་གིས་བསྡུས་པའི་བར་སྐྱེའོ།། དེ་ནས ་དེས་བསྐྱེད་པའི་ས་བོན་ལས་འདས་པ་སྦྲུལ་ལ་ཆོས་ཤེས་པའི་བཟོད་པ་དང་མཚུངས་པར་ལྡན་པའི་སེམསོ།། ཐོས་པ་ལས་བྱུང་བ་ལ་སོགས་པ་ཆོས་ཀྱི་མཆོ་གཽ་ལ་ཐུག་པ་ཐར་པའི་ཆ་དང་མཐུན་པ་དང་། ངེས་པར ་འབྱེད་པ་དང་མཐུན་པ་འདི་རྣམས་ཀྱང་། ལྡན་པ་མ་ཡིན་མོད་ཀྱི་བསོད་ནམས་ཀྱི་ཆ་དང་མཐུན་པར་འདྲ་བའི་ཕྱིར་ཉེ་བར་གདགས་པའི་སྒོ་ནས་འདོད་པ་དང་། གཟུགས་ན་སྤྱོད་པ་ཉིད་ཡིན་ལ་ཉོན་མོངས་པ་ཅན་གྱི ་ཡིད་དང་ལྷན་ཅིག་འདུག་པའི་ཕྱིར་ཟག་པ་དང་བཅས་པ་ཉིད་ཀྱང་ཡིན་ཏེ། འདི་ལྟར་འདི་ནི་ཀུ་གཞི་མ་ཡིན་པའི་རྣམ་པར་ཤེས་པས་བསྡུས་པར་འཆད་པར་འགྱུརརོ།། མོ་གསལ་པོའི་ཕྱིར་དེ་ཁོ་ན་ཉིད་མ་མཐོང་བ་ཡིན་ཏེ་དེ ་ལྟ་བས་ན་རམ་པ་འང་ན་ངན་དངས་ཁ་ན་ལ་བརྟན་ནས་བསྟན་པ་ཡན་ཞེས་ཟླ་རོ།། དེ་ལ་ཕྱོགས་དང་པོ་ལྟར་ན་ནི་གཟུང་དང་འགལ་ཏེ་འདི་ལྟར་འདིར་ནི་རྒྱུ་རྐྱེན་སྒྲུབ་པ་ཁོ་ནར་སྣ་ངོ་།། གལ་ཏེ་ཡང་རྒྱུའི་རྟེན ་མེད་པར་ཡང་སྐྱེ་བར་འགྱུར་ན་ནི་དགྲ་བཅོམ་པ་ཡང་ཉོན་མོངས་པ་ཅན་གྱི་སེམ་སུ་འགྱུརརོ།། ཕྱོགས་གཉིས་པ་ལྟར་ནོ་ཡང་ཟག་པ་དང་བཅས་པ་ཇི་ལྟར་ཟག་པ་མེད་པའི་རྒྱུ་ཡིན་ཞེས་བྱ་བའི་ལན་ཐེབས་པར་དཀའོ།། ཕྱོགས་པར ་མ་དེ་ནི་ཉེས་པ་མེད་པར་སྣ་ངོ་།། དེ་ལྟ་བས་ན་རིམ་པ་འདྲིས་ནི་ཟག་པ་དདྨ་བཅས་པའི་ས་བོན་རྒྱུའི་རྐྱེན་ཉིད་དུ་ཁས་མ་བླང་བའི་ཕྱིར་དང་། རང་བཞིན་གྱི་ས་བོན་ཟག་པ་མེད་པའི་ཐོས་པ་ལས་བྱུང་བ་ལ་སོགས་པའི་རི་མོ་གྱིས་ཡོང ་སུ་གསོས་པ་ཡང་རྒྱུའི་རྐྱེན་ཉིད་དུ་ཁས་བླངས་པའི་ཕྱིར་ལོ་རིམ་བཞིན་དུ་ཀླན་ཀ་དང་པོ་དང་གཉིས་པ་སྤངས་པར་རིག་པར་བྱ་སྟེ། དེ་ལྟར་ན་རེ་ཞིག་རྒྱུའི་རྐྱེན་བསྒྲུབས་པ་ཡིན།། ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང ་ཞེས་བྱ་བ་ལ་སོགས་པའི་གཞུང་ནི་ཁ་ཅིག་ན་རེ་བདོག་པོའི་རྐྱེན་ནི་དྲོ་བར་གྱུར་པ་ལ་སོགས་པའི་རིམ་གྱིས་ཆོས་ཀྱི་མཆོག་ཡིནྡོ་པར་དོན་གྱིས་ངེས་པར་གཟུང་བ་ཉིད། དེ་ཡང་བསྒྲུབ་པར་བྱ་མཱི་དགོས་པས་ཐོས་པ་ལ་སོགས ་པའི་པོག་ཆགས་དེ་ཉིད་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་ཞེས་ཟེར།། ཁ་ཅིག་ན་རེ་གཞུང་འདི་ནི་བདག་པོའི་རྐྱེན་སྒྲུབ་པའི་ཕྱིར།། ཞེས་ཟེརོ།། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ན་ནི་ཟག་པ་དང་བཅས་པའི ་ཕྱིར་བདག་ཟན། ཀྱི་རྒྱུའི་རྒྱུན་དུ་མི་འགྲུབ་པས་ཇི་ལྟར་བློར་གཉེན་པོ་ས་བོན་དུ་རུང་ཞེས་བྱ་བ་སྨྲས།། དྷཱི་སྒྱུ་དེའི་ངོ་བོ་ཉིད་མ་ཡིན་ན་དྷཱའི་རྐྱེན་ཉིད་དུ་ནི་གྲུབ་ན། གང་ཞིག་དཱི་རྐྱེན་ཉིད་དུ་ཉེ་བར་གནས་ཤིང་འཇིག ་རྟེན་ལས་འདས་ཡང་བྱ་བ་བྱེད་པར་འགྱུར་བ་བདག་པོའི་རྒྱུན་ནི་བརྒྱུད་དགེ་སློ་ཞེ་ན། སངས་རྒྱས་རྣམས་ཀྱི་ཞེས་བྱ་བྱ་ལ་སོགས་པས་ཀུནི་གནོ་རྣམ་པར་ཤེས་པ་ཁོ་ན་རྟེན་ཡིནོ་ཞེས་སྟོན་པར་བྱེད།། བྱང་ཆུབ་ལ ་ནས་ཞེས་བྱ་བ་མ་ཚིག་ནྡྷ་རི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པའི་རིམ་པ་དྷཱི་སྐད་བསྟན་པ་ཉིད་སྦྱིན་ཏ་ཞེས་ཟེར་རོ།། ཁ་ཅིག་ན་རེ་བྱང་ཆུབ་ཐོབ་ཀྱི་བར་དུ་བྱང་ཆུབ་ལ་བརྟེན་ནས་ཏེ་ཆུད་དུ་ཐོས་བྱ་བ་ཡིན་ནོ།། ་ཟེར་རོ།། གོནས་པ། ནས་ཧཱ་པ་ནི་སེམས་ཅན་གྱི་རྒྱུད་གང་ལའོ།། ལྷན་ཅིག་འདུག་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པཱ་ལ་འཇོག་སྷོ་ཞེས་བྱ་བཱ་ལ་ཀུན་གཞིའི་རྣམ་པར་ཤེས་པ་སྨོས་པ་ནི་མོ་ཁྱབ་པའི་ཕྱིར་ཏེ། ་འདི་ལྟར་དེ་ནིས་བྱསྒྱུར། སོགས་པ་ལ་གནས་པོའི་བྱང་ཆུབ་སེམས་དབུའི་རྒྱུད་དང་། དགེ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཀྱི་རྒྱུད་ལི་མེད་ཀྱི་རྣམ་པོར་སྦྱིན་པོའི་རྣམ་པར་ཤེས་པ་ནི་སོ་།། ས་པའི་བག་ཆག་སྟོ ་ནི་རྟེན་ཅིག་ཏུ་གཏོགས་པའི་ཕྱིར་ཀུན་ནས་ཉེན་མོངས་པོའི་ས་བེན་དང་གཅིག་པ་ཉིད་དུ་འགྱུར་བ་ཡང་མེད། འོ་མ་དང་ཆུ་བཞིན་དུ་རང་གི་མཚན་ཉིད་ཐ་དད་པའི་ཕྱིར་རོ།། འདི་ལྟར་བསོད་ནམས་ཀྱི་ཆ་དང་མཐུན་པའི ་ས་བོན་འདོད་ཆགས་ལ་སོགས་པའི་ས་བོན་དྲང་མཚན་ཉིད་ཐ་དདཱ་པའི་ཕྱིར་འོ་མ་དང་ཆུ་བཞིན་དུ་འདུག་ན་འདི་ལ་ཁྱད་ཞུགས་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་དེ་ནི་ཀུན་གཞི་རྣམ ་པར་ཤེས་པ་ཡང་མཱ་ཡིན་ཞེས་བྱ་བ་སྨོས་ཏེ། གཉེན་པོའི་ངོ་བོས་དེ་མཚན་ཉིད་ཐ་དད་པ་ཉིད་དུ་དགོབས་པ་ཡིན་གྱི་འབྲས་བུ་ཐ་དད་པ་ཙམ་གྱི་ནི་མ་ཡིནོ་ཞེས་བྱ་བའི་དོན་ཏོ།། བསོད་ནམས་ཀྱི་ཆུ་དང་མཐུན་པ་ནི་ཀུན་གཞིའི ་རྣམ་པར་ཤེས་པའི་གཉེན་པོ་ཡང་ཡིནོ།། ཇི་ལྟར་རྟེན་གཅིག་ན་དུག་དང་སྨན་དུག་སེལ་དགེ་འདུག་པ་ལྟར་འདི་ཡང་དེ་དང་འདྲ་བར་རིག་པར་བྱའོ།། ཀུན་གཞིའི་རྣམ་པར་ཤེས་པ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད ་པར་བྱ་བ་མ་ཡིན་པའི་ཕྱིར་བག་ཆགས་ཀུན་ནས་ཉོན་མོངས་པའི་གཉེན་པར་ཡང་མི་རུངོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ་དེ་བཞིན་ཉིད་ཀྱིས་མ་ངེས་པའི་ཕྱིརརོ།། ཡང་རིམ་པས་གང་གིས་གཉེན་པོ་དེ་འཕེལ་བར་འགྱུར་ཞེ་ན། ་དེ་ལ་བྲག་ཆགས་ཆུང་ངུ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པས་འཕེལ་བའི་རིམ་པ་སྟོན་ཏོ།། སོ་སྦྱོར་ཐོས་པ་དང་བཅས་པ་དང་། བསྒོམས་པ་ལོན་མང་དུ་བྱ་བ་དང་ལྡན་པའི་ཕྱིར་ཏེ་ཚུང་ངུ་གང་ཡིན་པ་དེ་ཉིད་ཆུང ་དུའི་འབྲིང་པོ་ནས་ཆེན་པོར་འགྱུར་གྱི་བར་དུ་དགེ་བའི་ཆོས་རྣམས་བསྒོམ་པར་བྱ་བ་ཡིན་པའི་ཕྱིརརོ།། དེ་ལྷ་མ་ཡིན་གྱི་གལ་ཏེ་ཆུང་ངུ་ལ་སོགས་པ་རྒྱུད་སོ་སོ་ཐ་དད་པ་ཞིག་ཏུ་གྱུར་ན་མངོན་པར་འཕེལ་བར་བྱ་བའི་ཕྱི ་བསྒོམ་པ་དགོས་པ་མེད་པར་འགྱུརརོ།། འདོད་ཆགས་ལ་སོགས་པའི་བག་ཆགས་ཀྱི་རྒྱུ་ནི་ཆུང་ངུའི་རྒྱུན་ནས་བག་ཆགས་ཆེན་པོའི་ཆེན་པོའི་རྒྱུན་གྱི་བར་དུ་ཡང་གཞན་ཁོ་ན་ཡིན་ཏེ་དེ་ལྟར་བྱས་ན་རིམ་གྱིས་སྤོངངོ་།། དེ་ལྟ་མ་ཡིན་གྱི ་ཆུང་ངུ་གང་ཡིན་པ་དེ་ཉིད་གནས་སྐབས་དེ་བོར་ན་སྣ་ཆེན་པོའི་ཆེན་པོའི་བར་དུ་གྱུར་ན་ཅིག་ཅ་སྦེང་བར་འགྱུར་གྱིས་རིམྦ་གྱིས་ནི་མ་ཡིནོ།། ཐོས་པའི་བག་ཆགས་གྱི་ས་བོན་ཆུང་ངུ་དང་འབྲིང་པོ་དང་ཆེན་པ་དེ་ཡང་ཞེས་བྱ་བ་མི ་གཞན་གྱི་ལྟ་བུ་ལྟར་ན་ཆོས་ཀྱི་སྐུ་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལཱ་སྔོགས་པའི་མཚན་ཉིད་ཡིན་ཏེ། དེ་ནི་དེའི་སྐྱེད་པར་བྱེད་པ་ཉིད་ཀྱིས་ས་བོན་ཡིན།། རང་གི་ལྕེ་བུ་ལྷར་ན་ནི་ཆོས་ཀྱི་སྐུ་དེ་བཞིན་ཉིད་ཀྱི་མཚོན་ཉིད ་ཡིན་ཏེ། དེ་ནི་དེའི་ཐོབ་པར་བྱེད་པ་ཉིད་ཀྱི་ས་བོན་ཡིན་པར་རིག་པར་བྱའོ།། ཅིའི་ཕྱིར་དེ་ལྟར་རིག་པར་བྱ་ཞེ་ན། ཀུན་གཞིའི་རྣམ་པོར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པར ་བསྡུས་པ་ཞེས་བྱ་བས་ཇི་སྐད་སྨོས་པའི་རྒྱུ་ཉིད་སྟེན་པར་བྱེད།། ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པར་བསྡུས་པ་ཉིད་འདི་ནི་དེའི་གཉེན་པོ་ས་བོན་ཡིན་པའི་ཕྱིར་ཞེས་བཤད་ན།། དེའི་གཉེན་པོའི་ས་དོན་ཇི ་ལྟར་ཡིན་ཞེ་ན། དེའི་ཕྱིར་འཇིག་རྟེན་པ་ཡིན་ཡང་འཇིག་རྟེན་ལས་འདས་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་ལ་འཇིག་རྟེན་པ་ཉིད་ཡིན་པ་ནི་དེ ་ཁོ་ན་མཐོང་བའི་གནས་སྐབས་ན་ཀུན་ཏུ་སྤྱོད་པའི་ཕྱིར།། ས་བོན་དེ་ནི་ཡོན་ཏན་གྱི་ཁྱད་པར་བྱེད་ན་གཉེན་པོ་འདྲེན་པར་བྱེད་པས་དེའི་ཕྱིར་དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང ་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་ཉོན་མོངས་པ་དང་སྐྱེ་བོ་དང་ལས་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཉིད་གྲོགས་ཉིད་ཡིན་པར་བསྟན་ཏེ།། དེ་ལ་ཉོན་མོངས་པའི་ཀུན་ནས་དཀྲིས་པའི་གཉེན་པོ ་ཞེས་བྱ་བ་འདིས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཉིད་བསྟན་ཏེ། ཇི་ལྟ་ཇི་ལྟར་ཐོས་པ་ལ་སོགས་པ་ལྷ་མང་དུ་བྱེད་པ་དེ་ལྟ་དེ་ལྟར་འདོད་ཆགས་ལ་སྙེགས་པ་ཉེ་བར་བཅོམ་པའི་ཕྱིར་ཉོན ་མྱོངསོ་པ་ཀུན་ཏུ་མི་འབྱུང་ངོ་།། བགོ་མེད་པས་ཀུན་ཏུ་བྱུང་ན་ཡང་མྱུར་བར་རྣམ་པར་གནོན་ཏེ། རེ་ཞིག་ཉེ་བརླ་གཞོམ་པ་ལི་ནུས་པོ་ཡོད་པས་དེ་སྐད་ཅེས་བསྟན་ཏོ།། དེ་བཞིན་དུ་འོག་མ་དག་ལ་ཡང་གོཉེན་པོ ་སྲིད་པའི་དབང་དུ་བྱས་ནས་རྣམ་པར་བཤད་པར་བྱའོ།། དེ་ལ་ངན་སོང་གི་འགྲོ་བའི་གཉེན་པོ་ཞེས་བྱ་བ་འདིས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་སྟེ། ཇི་ལྟ་ཇི་ལྟར་ཐོས་པ་ལ་སོགས་པ་ལན་གསུམ་དུ ་བྱེད་པ་དེ་ལྟ་དེ་ལྟར་ངན་སོང་བའི་སྤྲོས་པའི་བག་ཆགས་ཀྱི་ས་བོན་ཉེ་བར་བཅོམ་པའི་རིང་མེ་ཞིག་ཏུ་ངན་སོང་དུ་མི་འགྲོའོ།། འོན་ཏེ་ཇི་ཞིག་ལྟར་སོང་ན་ཡང་མྱུར་དུ་ཐར་པ་དང་། དེ་ན་ཡང་སྐྱོ་བ་དང་བཅས་ཤིང་སེམས ་ཅན་སྨིན་པར་བྱེད།། དེ་ཉིད་ཀྱི་ཕྱིར། འཇིག་རྟེན་པ་ཡི་ཡང་དག་ལྟ།། ཆེན་པོ་གྲང་ལ་ཡང་གྱུར་པ།། དེ་ནི་བསྐལ་པ་སྟོང་ཕྲག་དུའང་།། ངན་འགྲོར་འགྲོ་བར་མི་འགྱུརརོ།། ཞེས་གསུང་སོ།། དེ་ལ་ཉེས་པར་བྱས་པ་ཐམས་ཅད་དེངས ་པར་བྱེད་པའི་གཉེན་པོ་ཞེས་བྱ་བ་འདིས་ནི་ལས་ཀུན་ནས་ཉོན་མོངས་པའི་གཉེན་པོ་སྟེ། དེ་བཞིན་དུ་ཐོས་པ་ལ་སོགས་པ་ལན་མང་དུ་བྱས་པས་ངན་སོང་བར་འགྱུར་བའི་ལས་སྔོན་བྱས་པ་རྣམས་གང་གིས་ན་རང་གི་རྣམ ་པར་སྨོན་པ་མི་འབྱིན་པར་ཉེ་བར་འཇོམ་སོ།། ཇི་སྟེ་བག་མེད་པས་སྡིག་པའི་ལས་ཀུན་ཏུ་སྤྱོད་ན་ཡང་མྱུར་དུ་ཉེ་བར་འཇོམ་སོ།། འོནྡ་ཏེ་ལས་དྲིས་ངན་སོང་དུ་འགྲོ་ན་ཡང་རིང་མོ་ཞིག་ན་དྲན་སོང་དུ་འགྲོའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས། ་པ་སྦྱར་བར་བྱའོ།། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པའི་རྗེ་སུ་མཐུན་པའོ་ཞེས་བྱ་བ་འདིས་ནི་གྲོགས་ཉིད་བསྟན་ཏེ། ཐོས་པ་ལ་སོགས་པའི་བག་ཆགས་ཀྱི་གྲོགས་ཡོངསུ་བཟུང་བས་བདེ་འགྲོར ་སྐྱེ་བོར་འགྱུར་བའི་ལས་དགེ་བ་ཟག་པ་བཅས་པ་གང་གིས་ན་དེ་དག་དང་ཕྲང་པར་འགྱུར་བླ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་མ་བྲལ་བའི་གནས་ཀྱི་ཁྱད་པར་དག་ཏུ་རྣམ་པར་སྨིན་པར་འགྱུར་རོ།། སྔ ་ཆོས་ཀྱི་སྐུའི་ས་བོན་ཞེས་བཤད་པ་དེ་ལ་དེ་གང་དག་ཆོས་ཀྱི་སྐུའི་ས་བོན་ཡིན་ཞེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་འཇིག་རྟེན་པ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཆོས་ཀྱི་སྐུའི ་རྒྱུ་ཡིན་པའི་ཕྱིར་ཆོས་ཀྱི་སྐུར་བསྡུས་པ་ཞེས་བཤད་དེ།། དེ་ལ་དེ་བཞིན་ཉིད་ཉེན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་བ་ནི་སྟོབས ་དང་མི་འཇིགས་པ་ལ་སོགས་པའི་ཆོས་ཀྱི་རྟེན་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་ཞེས་བྱའོ།། ཉན་ཐོས་དང་རང་སྤངས་རྒྱས་ཀྱི་རིགས་ཅན་གྱི་ལས་དོང་པོ་པ་རྣམས་ཀྱི་ཡང་གང་གི་ལུསུ་བསྡུས་པ་ཡིན་ཞེ་ན། རྣམ་པར ་གྲོལ་བའི་ལུསུ་བསྡུས་པ་ཞེས་བྱ་བཱ་ལ་སོགས་པ་སྨོས་ཏེ། དེ་ལ་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་དེ་དེ་ཉིད་ཡིན་པའི་ཕྱིར་རྣམ་པར་གྲོལ་བའི་ལུས་ཞེས་བྱའོ།། རྣམ་པར་སྨོན་པའི་ཤེས་པ་ཡང་འབྲི་ཞེས ་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་སྐབས་ནའོ།། གནས་ཀྱང་འགྱུར་རོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་སྐུ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ཡང་དེ་བཞིན་གཤེགས་པ་རྣམས་ལས ་བརྩམས་ནས་བཤད་པ་ཡིན་ནོ།། གནས་རྣམ་པ་ཐམས་ཅད་དུ་གྱུར་ན་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་གནས་རྣམ་པར་གྲོལ་བའི་སྐུ་ཉིད་དུ་གྱུར་ན་ཞེས་བྱ་བའི་དོན་ཏོ།། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས ་ཅད་པ་ཡང་ས་བོན་མེད་པར་གྱུར་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ས་བོན་ཐམས་ཅད་སྤང་བ་ཞེས་བྱ་བའི་ཐ་ཚིག་གོ།། འདི་ཡང་ཉན་ཐོས་དོང་རང་སངས་རྒྱས་མི་སློབ་པ་རྣམས་ཀྱི་ཕུང་པོའི་ལྷག་མ་དང ་བཅས་པའི་མྱ་ངན་ལྔས་འདས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། དེ་ན་རྣམ་པདྨ་སྨིན་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྲིད་པའི་ཕྱིར་རོ།། ལྷན་ཅིག་འདུག་པའི་ཚུལ་གྱིས་འཇུག་ཅེས་ཀྱང་བཤད་། མཇུག ་རྫོགས་སུ་རྣམ་པར་སྨིན་པའི་རྣམ་པར་ཤེས་པོ་ཡང་འབྲི་ཞེས་ཀྱང་བཤུད་པས། དེའི་ཕྱིར་ཡང་ཇི་ལྟར་ནེ་ཞེས་བྱ་བ་ལ་སོགས་པ་གླེང་སློང་བར་བྱེད་དོ།། དང་བས་ཆུ་ལས་འོ་མ་འཐུངས་པ་ལྟ་བུའོ་ཞེས་བྱ་བ ་དེ་ནི་གྲགས་པ་ཡིན་ཏེ་ལྷན་ཅིག་པའི་ངོ་བོར་འཇུག་ཀྱང་ལ་ལ་ནི་རིལ་གྱིས་ཟད་ལ། ལ་ལ་ནི་མ་ཉམྱོས་པར་བསྡུས་སོ་ཞེས་བྱ་བའི་ཐ་ཚིག་གོ།། འཇིག་རྟེན་པའི་འདོད་ཆགས་བྲལ་བ་ནི ་ཞེས་བྱ་བ་ལ་སྲོག་སྔོ་བས་ནི་ཇི་ལྟར་ཀུན་གཞི་རྣམ་པར་ཤཱས་མྱ་བཞག་པ་ལྔ་བརྟེན་གཅིག་ལ་འདོད་པ་ན་སྤྱོང་པའི་ཀུན་ནོས་ཉེན་མོངས་པའི་བག་ཆགས་མཉམ་པར ་མཱ་བཟློག་པའི་སའི་བག་ཆགས་དངལྷན་ཅིག་པའི་ངོ་བོར་འཇུག་པའི་འཇིག་རྟེན་པའི་ལམ་གྱིས་ཉོ་བར་བཅོམ་པས་ཉམས་པར་འགྱུར་བཱ་དང་། མཉམ་པར་གཞག ་པའི་སའི་བག་ཆགས་འཕེལ་བར་བྱས་ནས་གནས་འགྱུར་བ་དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་བཞག་པ་ལ་ཡང་འཇིག་རྟེན་ལས་འདས་པ་དང་། ཀུན ་ནནས་ཉོན་མོངས་པའི་ས་བོན་དག་རྣམ་པ་ཐམས་ཅང་འཕེལ་བ་དང་། མ་ལུས་པར་སྤོང་བར་རིག་པདྨ་བྱའོ།། ཞེས་སྟོན་པར་བྱེད་དེ། ་གླནས་གྱུར་པ་བཞིན་སྦྱིན་ནོ་ཞེས་བྱ་བ་ནི། དེ་བཞིན་ཉིད་གནས་གྱུར་པ་ཡིན་པར་སེམས་ཏེ། ཇི་ལྟ་ཇི་ལྟར་འཇིག་རྟེན་པའི་ལམ་གོམས་པས་ཀུན་ནས་ཉོན་མོངས་པའི་བག་ཆགས་བཅོམ་པའི ་ཕྱིར་འདིར་ཆགས་ལ་སོགས་པ་སྒོ་འབྱུང་བ་དེ་ལ་དྲི་ལྟར་དེ་བཞིན་མངོན་སུམ་དུ་མ་བྱས་ཀྱང་ཆ་ཡོང་དུ་འགྱུརརོ་ཞི།། ཁ་ཅིག་ན་ར ་གོནམྱ་ངན་ལེན་གྱི་གནས་གྱུར་ཡིན་པར་སེམས་སོ།། །། ཅི་འགྱུར་བ་རྫོགསསོ།། །། དགེའོ།། ་ས་མམ།། སེས་དུམ་མགས་པར་ཐ~ཾག་ལ་ལ།། རྣཾ་མམ་ནན།། ཏུ་ཆུ་ནང་ཟགའི་ཟུ་བ་ནས། མ ་ལྷ་ངས་སྒོ་གསུམ་ཚིག་དྲིལ་གྱི་སྨོན་ལམ་བཏང་བའི།། སརྦམངྒཱ་།་