| Wylie | e-texts produced with BDRC’s OCR application |
བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་རྣམ་པ་འདྲ་བར་བསྟན་པའི་ཐམས་ཅད་ལ། ང་བ་ཉིད་ཅེས་བྱ་བ ་ལ་སོགས་པ་སྡོམ་གྱི་ཚིགསུ་བཅད་པ་གཅིག་ཁོ་ནས་བསྟན་ཏེ། རྣམ་པ་དགུ་ཁོ་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བཞག་པར་རིག་པར་བྱའོ།། རྣམ་པ་དགུ་རྣམ་པར་གཞག་པ་ནི་སྔར་བསྟན་པ་ཁོ་ན་བཞིན་ཏེ། ངོ་བོ་ཉིད ་བསྟན་པ་ནས་རྣམ་པར་དག་པ་བསྟན་པའི་བར་རྣམ་སོ།། ཡོན་ཏན་རྣམ་པ་བཞི་དང་ལྡན་པ་ཞེས་བྱ་བ་ནི་རྣམ་པ་བཞིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་རྣམ་པར་བཞག་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ཡོན ་ཏཱཏུན་རྣམ་པ་བཞི་ནི་མདོར་བསྡུ་ན་རྣམ་པ་གཉིས་ཀྱིས་རྣམ་པར་བཞག་སྟེ། སྦྱིན་པ་ནི་འདི་ལྟར་ཕ་རོལ་ལས་ཞེས་བྱ་བ་སྨོས་པའོ།། འཛིན་པ་ནི་ཚིག་ལྷག་མ་རྣམ་སོ།། ཡང་རྣམ་པ་གཉིས་ཏེ། བསམ་པ་དང་སྦྱོར་བས་ཚིག་གཅིག་དང་། ་ཚིག་གསུམ་གྱིས་ཅི་རིགས་པར་སྦྱ་རོ།། ཡང་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་དང་། ཚུལ་ཁྲིམས་རྣམ་པར་དག་པའི་འབྲས་བུའི་དབང་དུ་བྱས་ནས་བཞག་པ་ཡིནོ།། རྣམ་པར་དག་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། ཁྲེལ་ཡོད་པ་ནི ་གཞན་ལ་བལྟོས་ནས་ལེགས་པར་ཡོངསུ་སྲུང་བའི་ཕྱིར་འདི་ལྟར་ཕ་རོལ་ལས་ལེགས་པར་ཡང་དག་པར་བླང་བ་ཞེས་བྱ་བ་སྨོསོ།། ངོ་ཚ་ཤེས་པ་ནི་བདག་ཉིད་ལ་བལྟོས་ནས་ལེགས་པར་ཡོངསུ་སྲུང་བའི་ཕྱིར་འདི་ལྟར ་བསམ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་སྨོས་སོ།། ཚུལ་ཁྲིམས་རྣམ་པར་དྲག་པའི་འབྲས་བུ་ནི་འགྱོད་པ་མེད་པ་སྟེ། ཡོན་ཏན་ཕྱི་མ་གཉིས་ཀྱིས་བསྟན་ཏོ།། ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། བསམ་པ ་རྣམ་པར་དག་པའི་ཚུལ་ཁྲིམས་རྣམ་པ་གསུམ་གྱིས་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་རྣམ་པར་བཞག་སྟེ། རྣམ་པ་གསུམ་གང་ཞེ་ན། བསམ་པ་དྲག་པའི་སྒོ་ནས་བྱང་ཆུབ་སེམས་དཔའ ་ཆོས་སྨྲ་བ་ནི་གནས་སྐབས་བདག་ཉིད་ཀྱི་ཚིག་བཙུན་པར་བྱ་བ་འི་ཕྱིར་ཚུལ་ཁྲིམས་ཡང་དག་པར་ལེན་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་བདག་ཉིད་བསོད་ནམས་ཀྱི་ཞིང་དུ་འགྱུར་བར་བྱ་བའི་ཕྱིར་ཚུལ ་ཁྲིམས་ཡང་དག་པར་ལེན་པའི་ཕྱིར་དང་། དབང་ཕྱུག་གིས་བདག་པོ་ཐོབ་པ་ན་སེམས་ཅན་ལ་གནོད་པ་མི་བྱ་བའི་ཕྱིར་ཚུལ་ཁྲིམས་ཡང་དག་པར་ལེན་པའི་ཕྱིར་ཏེ། དེའི་ཕྱིར་བསྟོད་པ་བྱེད་པས་ཀྱང་། ཇི་ལྟར་ཚིག་ནི་བཙུན ་པ་དང་།། ལུས་ཅན་རྣམས་ཀྱི་བསོད་ནམས་ཞིང་།། གཞན་ལ་གནོད་བྱེད་མི་འགྱུར་ཞེས།། སྙིང་བརྩེའི་བདག་ཉིད་ཁྱོད་ལྔ་བརྟེན་ཞེས་སྨྲསོ།། ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། ཡང་དག་པར་བླང་བར་བྱ་བའི་ཚུལ་ཁྲིམས་ནཱི། ་གང་གི་ཕྱིར་ལེགས་པར་ཡང་དག་པར་བླང་བ་ཞེས་བྱ་བ་སྨོས་པའོ།། ཕྱིར་གསོ་བར་བྱ་བའི་ཚུལ་ཁྲིམས་ནི་གོང་གི་ཕྱིར། ཉམས་པར་གྱུར་ན་སོར་ཆུད་པར་བྱེད་པ་ཞེས་སྨོས་པའོ།། རྗེསུ་བསྲུང་བར་བྱ་བའི་ཚུལ་ཁྲིམས ་ནི། མི་ཉམས་པར་བྱ་བའི་ཕྱིར་དྲན་པ་ཉེ་བུརུ་གནས་པ་ཞེས་སྨོས་པའོ།། དེའི་ཕྱིར་ངོ་བོ་ཉིད་དུ་བསྟན་པར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ནི་བསླབ་པ་ཡིན་ལ། བསླབ་པ་ཡང་ཇི་སྐད་བསྟན་པའི་བྱ་བ་རྣམ་པ་གསུམ་གྱིས ་རབ་ཏུ་ཕྱེ་བུའི་ཕྱིར།། ཡོན་ཏན་རྣམ་པ་བཞིའི་ཕན་ཡོན་བསྟན་པའི་ཕྱིར།། དེ་ལ་ཕ་རོལ་ལས་ཚུལ་ཁྲིམས་ཡང་དག་པར་བླངས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བསླབ་པ་ལས་ཉམས་པར་བྱེད་པ་ན་ཞེས་བྱ་བ་ནི་ཉམས་པར ་བྱེད་པའི་ཚེ་ཉམས་པར་བྱེད་པའི་རྐྱེན་རྣམས་ཡོད་ན་ཡང་། ཕ་རོལ་ལས་བལྟོས་ཏེ་ཉམས་པར་མི་བྱེད་པའོ།། བྱང་ཆུབ་སེམས་དཔའི་བསམ་པ་ཤིན་ཏུ་རྣམ་པར་དག་པ་ནི་ཉམས་པར་བྱེད་པའི་རྐྱེན་ཡོད་དུ་ཟིན་ཡང་། བདག་ཉིད་ལ ་བལྟོས་ནས་ཉམས་པར་མི་བྱེདདོ།། བརྒྱ་ལ་བྲག་མེད་པ་འམ། བརྗེད་ངས་པ་འམ། མ་ཤེས་པའི་ཕྱིར་ཉམས་པར་བྱས་ན་ཡང་སོར་ཆུད་པར་བྱེད་པ་དང་། གུས་པ་སྐྱེད་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་ཉམས་པར་མི་བྱེད་པའི་ཕྱིར ་ཚུལ་ཁྲིམས་ཡོངསུ་དག་པོ་ཡི་ནོ།། ཚུལ་ཁྲིམས་ཡོངསུ་དག་པ་ཉམས་པ་མེད་པ་ཉིད་ཀྱིས་འགྱོད་པ་མེད་ཅིང་། ཡིད་ལ་གཅགས་པ་མེད། དེ་ལྟ་ནཱ་ཡོན་ཏན་སྔ་མ་གཉིས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྐྱེད་པ་ཡིནོ།། ངོ་ཚ་ཤེས ་པ་དང་ཁྲེལ་ཡོད་པ་གཉིས་ཀྱིས་ནི་ཚུལ་ཁྲིམས་རྗེསུ་སྲུང་བ་ལྷུར་ལེན་པས་འགྱོད་པ་མེད་པར་འགྱུར་བར་བསྟན་ཏོ།། ཡོན་ཏན་སྔ་མ་གཉིས་ནི་ཕྱི་མ་འདྲེན་པ་ཡིན་ཏེ། ཉེ་བའི་རྒྱུའི་དངོས་པོ་ཡིན་པར་བསྟན་པའི་ཕྱིར། དེ་ལ་ཕ ་རོལ་ལས་ཡང་དག་པར་བླངས་པ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གཞན་ཡང་ཡོན་ཏན་རྣམ་པ་གསུམ་གྱིས་ནི་མ་ཞིག་མ་ཉམས་པར་བྱེད་པས་ཚུལ་ཁྲིམས་བླངས་པ་མི་ཉམས་པར་སྟོན་ཏོ།། ་གཅིག་གིས་ནི་ཉམས་ན་ཡང་ཕྱིར་གསོ་བར་བྱེད་པར་སྟོན་ཏོ།། དེ་ལྟར་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ཀྱི་ཆེ་བ་ཉིད་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡོན་ཏན་བཞི་དང་ལྡན་པ་ཞེས་བྱ་བྲུ་ནུས། དགེ་བ ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་བར་དག་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ལ་ནི་དགེ་བ་ཞེས་བྱ་སྟེ། དགེ་བ་ཉིད་ནི་མི་བསླུ་བའི་ཕྱིར་རོ།། མི་སླུ་བ་ཉིད་ནི་བདག་དང་གཞན་གྱི་དོན་བསྒྲུབ་པའི་ཕྱིརརོ།། དེ་བས ་ན་བདག་ལ་ཕན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་དེ་རྣམས་ཀྱི་དྲོན་དབྱེ་བ་ནི་སྔར་ཇི་སྐད་བཤད་པ་ལྟ་བུ་ཡིན་ཏེ། དེ་ནི་འདི་ཡིན་ཏེ། ཉན་ཐོས་ལ་སོགས་པ་དག་གིས་བདག་ལ་ཕན་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས ་ཅད་སྤངས་ཤིང་བསྟན་དུ་སྤངས་པ་དང་། དེ་འདྲེན་པར་བྱེད་པ་བདེན་པ་བཞི་པོ་དག་གི་ནང་ནས་ལམ་ཤེས་པའོ།། དེ་ལྟར་ན་དེ་དག་ནི་གཏན་དུ་སྡུག་བསྔལ་མེད་པའི་གནས་སྐབས་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར ་ཞུགས་པ་ཡིན་ཏེ། དེ་དག་ནི་ཐེག་པ་དེ་དང་དེ་ལ་འཇུག་པའི་དུས་ན་བྱ་བ་ཉུང་བའི་ཕྱིར་དང་། དོན་ཉུང་བའི་ཕྱིར་དང་། བདག་གསོ་བར་བྱེད་པའི་ཕྱིར་བདག་དུལ་བར་བྱེད་པ་དང་། བདག་ཞི་བར་བྱེད་པ་དང་། བདག་ཡོངསུ་མྱ་ངན་ལས ་འདའ་བར་བྱེད་པར་ཞུགས་པ་ཡིནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་ལ་ཕན་པ་ནི་སྤངས་པ་རྣམ་པ་གཉིས་དང་། ཡེ་ཤེས་རྣམ་པ་གཉིས་ཏེ། ནང་གི་སེམས་ཀྱི་རྒྱུད་ལྔ་ཡོད་པའི་འབྲས་བུ་ཡིན་པའི་ཕྱིར་རོ།། ་གཞན་དག་ཅེས་བྱ་བ་ནི་གང་ཟག་རིགས་མེད་པ་ལ་གནས་པ་དག་དང་། རིགས་ལ་གནས་པ་དག་སྟེ། དེ་དག་ལྔ་ཕུན་པའི་ཕྱིར་ཞུགས་པ་ནི་གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡི་ནོ།། དེ་ལྟར་ཞུགས་པའི་གཉི་ག་ལ་ཕན ་པ་སྒྲུབ་པ་ནི་སེམས་སྐྱེད་པའི་དུས་ནུ་ཡིན་པར་རིག་བྱར་བྱའོ།། གཞན་ལ་ཕན་པར་བསྒྲུབ་པ་བསྟན་པ་དེ་ཉིད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་རྣམ་པར་ཕྱེ་སྟེ་འཚེ་།། དེ་ལ་གང་ཟག་རིགས་མེད ་པ་ལ་གནས་པ་དག་ནི་སྐྱེ་བོ་མེང་པོ་ཞེས་བྱ་བར་འདོད་དོ།། དེ་དག་ལ་ཕུན་པར་ནི་རེ་ཞིག་དྲན་འགྲོ་ལས་ཡོངསུ་བསྐྱབ་པའི་ཕྱིར་ཡང་དག་པོའི་སྤོང་པོ་གོང་མ་གཉིས་ཀྱིས་རེ་ཞིག་པའི་ཚུལ་དུ་མི་དགེ་བའི་ཆོས་སྤོང་བའོ།། ་བདེ་བ་ནི་བདེ་འགྲོ་ལ་དགོད་པའི་ཕྱིར་ཡང་དག་པའི་སྦྱོང་བ་འོག་མ་གཉིས་ཀྱིས་དགེ་བའི་ཆོས་ཡང་དག་པར་སྒྲུབ་པའོ།། དེ་དག་ཉིད་ཀྱི་ནང་ནས་ཞེ་འགྲས་པ་དང་། སྐུལ་བ་མེད་པ་དང་། སྣོད་དུ་གྱུར་ཀྱང་ལོག་པར་ལྟུང་བར་སོང ་བ་འགྲོན་པོ་ལྟ་བུ་དག་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པ་ཡོངསུ་མི་གཏོང་བའི་ཕྱིར་དུས་ལ་བབ་པ་ལ་སྡོད་པས་སྙིང་བརྩེ་བའི་ཕྱིར་ཞུགས་པ་ཡི་ནོ།། ཡོངསུ་མྱ་ངན་ལས་འདས་པའི་ཆོས་ཅན་རྟོགས་པའི་སྐལ ་པ་ཡོང་པའི་ལྷ་དང་མི་གང་དག་ཡིན་པ་དེ་དག་གི་དོན་གྱི་ཕྱིར་ཞུགས་པ་ཞེས་བྱ་བ་ལ། དོན་ནི་འདི་དགེ་སྦྱོང་གི་ཚུལ་གྱི་དོན་ལ་བྱ་བར་འདོད་དོ།། པན་པ་ནི་དེ་འདྲེན་པར་བྱེད་པའི་ལ་མོ།། བདེ་བ་ནི་ཚེ་འདི་ལ་བདེ་བརྱ ་གནས་བྱ་སྟེ། ཤིན་ཏུ་སྦྱངས་པའི་བྱེ་བྲག་དང་ལྡན་པས་ལུས་དྲུང་སྙེམས་ལ་སིམ་པའི་ཕྱིར་རམ། རྣམ་པར་གྲོལ་བའི་བདེ་བ་ཀུན་དུ་མྱོང་བའི་ཕྱིརོ།། དེ་ཉིད་ཀྱི་ཕྱིར་ལྷ་དང་མི་སྨོས་ཏེ། དེ་དག་ལ་རྟོགས་པའི་སྐལ་བྱ་ཡོད་པའི་ཕྱིར།། ཉན་ཐོས ་རྣམས་ནི་སྨོན་ལམ་བཏབ་པའི་འོག་ཏུ་འཕགས་པའི་བདེན་པ་བཞི་པོ་དག་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཤེས་པ་འཐོབ་པར་བྱ་བའི་ཕྱིར་གནས་ལྔ་པོ་དག་གམ་དངོས་པོ་ལ་མཁས་པ་ནའོ།། ། ་བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་ཐམས་ཅད་ཀྱི་མཐར་ཐུག་པ་ལ་ཤེས་པ་ཆགས་པ་མེད་པ་ཐོབ་པར་བྱ་བའི་ཕྱིར་དེ་དག་དང་རིག་པའི་གནས་ལ་པོ་དག་ལ་ཡང་མཁས་པ་ཡིནོ།། དེ་ལྟར་ན་ཉན་ཐོས་ལ་སོགས་པ ་དག་གི་མཁས་པ་ནི་གཅིག་ཁོ་ན་སྟེ། དངོས་པོ་ལ་མཁས་པའོ།། ཡང་ན་རྣམ་པ་ལྔ་སྟེ། ཕུང་པོ་ལ་སོགས་པ་ལྔ་མཁས་པའོ།། བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པ་གཉིས་སམ་རྣམ་པ་བཅུར་འགྱུར་རོ།། དེ་ལྟར་མཁས་པ་མང ་བ་ཉིད་ཀྱི་ཕྱིར་མཁས་པས་ཁྱད་པར་དུ་འཕགས་པ་ཡི་ནོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། བྱང་ཆུབ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་འབྲས་བུ་ཁྱད་པར་དུ་གྱུར་པ་ཡིན་པར་རིག་པར་བྱའོ།། ་ཞེས་བཤད།། དུ་ནི་རྣམ་པ་གཞན་དུ་བཤདེ། གཞན་ལ་ཕན་པའི་དབྱེ་བ་བསྟན་པའི་ཕྱིར། སྐྱེ་བོ་མང་པོ་ལ་ཕན་པ་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། ཕནྡྷ་པཱ་ཞེས་བྱ་བ་ནི་དགེ་བ་སྤྱོད་པའོ།། བདེ་བ་ཞེས་བྱ་བ་ནི་གནོད་པ་མེད་པའོ།། ་སྙིང་བརྩེ་བ་ནི་ཇི་ལྟར་འདི་ན་ལ་ལ་དགེ་བ་དང་གནོད་པ་མེད་པའི་སྤྱོད་པས་གཞན་དག་ལ་སྙིང་བརྩེ་བར་བྱེད་པ་ལྟ་བུའོ།། དོན་ནི་དོན་དུ་གཉེར་བར་བྱ་བའི་ཕྱིར་དང་། དོན་དང་ལྡན་པའི་ཕྱིར་ཏེ་འདོད་པར་བྱ་བ་དང་། ཁ་ན་མ་ཐོ་བ ་མེད་པ་གང་ཡིན་པའོ།། ཕན་པ་དང་བདེ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི། མི་རྣམས་ནི་དགེ་བ་དང་གནོད་པ་མེད་པའི་སྤྱོད་པ་ལ་གནས་པའི་རྒྱལ་རིགས་ལ་སོགས་པ་གང་དག་ཡིན་པ་སྟེ། གང་དག་ལ་སངས་རྒྱས་འབྱུང་བ ་དང་། ཆོས་ལེགས་པར་གསུང་བ་དང་། དགེ་འདུན་ལེགས་པར་སྒྲུབ་པ་རྣམས་ཀྱིས་ཤིན་ཏུ་མང་པོ་དག་ལ་ཤས་ཆེར་ཕན་པ་དང་བདེ་བར་འགྱུར་རོ།། མི་དེ་དག་ནི་བདག་ཉིད་ལ་ཕན་པ་དང་། བདེ་བ་བྱས་ནས་འཇིག་རྟེན་ལ་སྙིང ་བརྩེ་ཞིང་དེ་དག་འདི་སྙམ་དུ་སེམས་ཏེ། དེ་ལྟར་བྱས་ནས་གཞན་རྣམས་ཕན་པ་དང་བདེ་བ་ལ་ཡང་དག་པར་སྦྱོར་བར་འགྱུར་ཞིག་ཏུ་སྙམོ།། གཞན་དག་ཀྱང་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བྱས་ན་བདག་ཀྱང་ཕན་པ་དང་བདེ་བ ་ལ་ཡང་དག་པར་སྦྱོར་བར་འགྱུར་ཞིག་ཏུ་སྙ་མོ།། དེའི་ཕྱིར་དོན་དང་ཞེས་བྱ་བ་ལ་སོགས་པ་སྨོས།། ལྷ་དང་མི་སྨོས་པ་ནི་དེ་དག་དོན་ཁོང་དུ་ཆུད་པ་དང་། ནན་ཏན་དུ་སྒྲུབ་པ་ལ་སྐལ་བ་ཅན་ཡིན་པའི་ཕྱིརརོ།། གཞི་དང་བསླབ་པའི ་གནས་ཀྱི་སྒོ་ནས་དཔག་པར་མི་ནུས་པའི་ཕྱིར་དཔག་ཏུ་མེད་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་དཔག་ཏུ་མེད་པ་ཡོངསུ་བསྡུས་པས་ཞེས་བྱ་བ་སྨོསོ།། འཇུག་པ་དང་འབྲས་བུའི ་དུས་ན་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་ཉེ་བར་གནས་པོས་སེམས་ཅན་ལ་ཕན་འདོགས་པ་ཡིན་ཏེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཉེ་བར་གནས་པས་ཞེས་བྱ་བ་སྨོསོ།། བྱང་ཆུབ ་སེམས་དཔའི་གནས་སྐབས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཡོངསུ་འཛིན་པའི་འབྲས་བུ་ཆེ་བ་ཡིནོ།། སངས་རྒྱས་ཀྱི་གནས་སྐབས་ན་འབྲས་བུ་ནི་སྦྱིན་པར་བྱེད་པས་ན་ཕན་ཡོན་ཆེ་བ་ཡིན་ནོ།། ། ་འདི་བསྟན་པས་ནི་ཉན་ཐོས་ལ་སོགས་པའི་ཚུལ་ཁྲིམས་པས་དགེ་བ་ཡོངསུ་རྫོགས་ཤིང་མཆོག་ཏུ་དགེ་བ་ཡིན་པར་བསྟན་ཏོ།། ཉན་ཐོས་རྣམས་ཀྱི་ཚུལ་ཁྲིམས་དང་ཏིངངེ་འཛིན་དང་ཤེས་རབ་ནི་གོ་རིམ་བཞིན་དུ་ཐོག་མ་དང ་བར་དང་ཐ་མར་དགེ་བུ་བསྟན་ཏེ། འོད་སྲུང་བའི་སྡེའི་མདོ་ལས་ཀྱང་དེ་སྐད་དུ་དགེ་སློང་དག་ངསྣ་ཁྱེད་ལ་ཆོས་བསྟན་པ་ཞེས་རྒྱས་པར་འབྱུངངོ་།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཚུལ་ཁྲིམས་ཁོ་ན་ལ་ཡང་ཐོག་མ ་དང་བར་དང་ཐ་མར་དགེ་བ་ཡོད། ཐོག་མར་དགེ་བ་ནི་བདག་དང་གཞན་ལ་ཕན་པ་ནས་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བར་འགྱུར་བའི་བར་གྱི་ཕྱིརརོ།། བར་དུ་དགེ་བ་ནི་སེམས་ཅན་ལ་ཕན་འདོགས་པའི་ཕྱིར ་ཐ་མར་དགེ་བ་ནི་འབྲས་བུ་དང་ཕན་ཡོན་ཆེ་བའི་ཕྱིརོ།། བྱང་ཆུབ་སེམས་དཔའི་གཅེས་པར་བྱ་བའི་ཚུལ་ཁྲིམས་ཡིན་ཏེ། ཕྱོགས་གཉིས་ཀྱི་སྒོ་ནས་སྟོན་ཏེ། འགྲོ་བྱ་གསུམ་ན་གནས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི ་འདི་ལས་གོང་ན་ཡང་མེདདོ།། འདི་ལས་ལྷག་པ་ཡང་མེད་དོ།། དྲན་སོང་གི་འགྲོ་བ་དང་ལྷའི་འགྲོ་བ་ན་གནས་པའི་ཆོས་ཉིད་ཀྱིས་ཐོབ་པ་ནི་ཁྱིམ་པའི་ཕྱོགསུ་གཏོགས་པའི་ཚུལ་ཁྲིམ་སོ།། མིའི་འགྲོ་བ་ན་གནས་པའི་ནི་གནས ་སྐབས་དང་མཐུན་མཐུན་དུ་གཉི་གའི་ཕྱོགསུ་གཏོགས་པ་ཡིནོ།། ཡང་ཚུལ་ཁྲིམས་ཀྱི་དབྱེ་བ་རྣམ་པ་གསུམ་གྱིས་གཉི་གའི་ཕྱོགསུ་གཏོགས་པའི་ཚུལ་ཁྲིམས་ཐམས་ཅད་རྣམ་པར་བཞག་པ་བསྟན་པའི་ཕྱིར། སྡོམ ་པའི་ཚུལ་ཁྲིམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དཔེར་ན་ཉན་ཐོས་རྣམས་ཀྱི་སྡོམ་པ་ཉེས་པར་སྤྱོད་པ་ཀུན་ནུས་སློང་བའི་ཉོན་མོངས་པ་རྣམ་པ་གསུམ་སྤོང་བ་རྣམ་པར་བཞག་པའི་ཕྱིར་འདོད་པ་ན་སྤྱོད་པ་དང་། ་གཟུགས་ནར་སྤྱོད་པ་དང་། ཟག་པ་མེད་བྱ་སྟེ། སོ་སོར་ཐར་པ་དང་། བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པར་གཏོགས་པ་རྣམ་པ་གསུམ་སྟེ། འདོད་པ་ན་སྤྱོད་པའི་སྡོམ་པས་ནི་རྩེ་འཇིལ་བྱས་སྤོང་ངོ་།། གཟུགས་ན ་སྤྱོད་པས་ནི་རྣམ་པར་གནོན་པས་སྤོང་སྟེ། རྐྱེན་རྣམས་ཡོད་དུ་ཟིན་ཀྱང་རེ་ཞིག་ཀུན་ཏུ་མི་སྤྱོད་པའི་ཕྱིརརོ།། ཟག་པ་མེད་པས་ནི་རྒྱུན་གཅོད་པས་སྤངས་ཏེ། དེ་ཐོ་བ་ནི་གཏན་དུ་ཀུན་ཏུ་མི་སྤྱོད་པའི་ཕྱིརརོ།། དེ་ལྟ་བས་ན་དེ ་ངག་གི་ཚུལ་ཁྲིམས་རྣམ་པ་གསུམ་ཁས་བླང་བྷུར་བྱ་བ་དེ་ཁོ་ན་དང་འདྲ་བར་གྲངས་མཐུན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་རྣམ་པ་གསུམ་དུ་ཡང་རིག་པར་བྱའོ།། བསྟན་པ་ལ་ཞུགས་པའི་བྱང་ཆུབ ་སེམས་དཔའི་ཚུལ་ཁྲིམས་ནི་གང་དུ་གང་ལ་གནས་ཀྱང་རུང་སྟེ། དེ་བཞིན་གཤེགས་པས་བཅས་པའི་ཚུལ་ཁྲིམས་ཡིན་པར་བསྟན་པའི་ཕྱིར། རིས་བདུན་པོ་ཞེས་བྱ་བ་སྨོས་ཏེ། རིས་བདུན་པོ་ལ་བརྟེན་པས་རིས་བདུན་གྱིས་ཕྱེ་བའི ་ཕྱི་རོ།། རྣམ་པས་རྣམ་པ་ཐ་དད་པས་ནི་བསྙེན་ཏེ། གནས་པའི་སྡོམ་པ་ལོགས་ཤིག་ཏུ་ཕྱེ་བའི་ཕྱིར་རྣམ་པ་བརྒྱད་དུ་འགྱུར་བའི་ཕྱིརརོ།། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པར་ཞེས་བྱ་བ་ལ། དགེ་བསྙེན་གྱི་ཚུལ་ཁྲིམས ་དང་། དགེ་བསྙེན་མའི་ཚུལ་ཁྲིམས་ནི་ཁྱིམ་པའི་ཕྱོགསུ་གཏོགས་པའི་ཚུལ་ཁྲིམས་ཡིན་ཏེ། ཉེས་པར་སྤྱོད་པ་ལས་དབེན་པས་རབ་ཏུ་ཕྱེ་བའི་ཕྱིརརོ།། གཞན་ནི་རབ་ཏུ་བྱུང་བ་ཕྱོགསུ་གཏོགས་པ་ཡིན་ཏེ། འདོད་པ་ལས་དབེན་པས ་རབ་ཏུ་ཕྱེ་བུའི་ཕྱིརརོ།། དགེ་བའི་ཆོས་གང་དག་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚུལ་ཁྲིམས་ལ་གནསོ་ནས་ཞེས་མདོ་ལས་གསུངས་པས་ཚུལ་ཁྲིམས་ལ་གནས་པའི་ཁོ་ན་དགེ་བའི་ཆོས་སྐྱེ་བ་དང་གནས་པ་དང་འཕེལ་བར ་བསྟན་པོའི་ཕྱིར། ཡང་དག་པར་བླངས་པའི་འོག་ཏུ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཆེན་པོའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་ཡང་དག་པར་སྒྲུབ་པའི་ཕྱིརརོ།། འདིས་ནི་རང་གི་སེམས་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན ་པར་བྱ་བའི་དབང་དུ་བྱས་ཏེ། དགེ་བ་སྡུད་པ་ཡིན་པར་རིག་པར་བྱའོ།། གཞན་གྱི་སེམས་ཀྱི་རྒྱུད་ལ་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་དབང་དུ་བྱས་ཏེ། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམ་སོ།། དེ་ལྟར་འདི་གཉིས་ཀྱི་ཁྱད་པར་ཤིན་ཏུ་གསལ་བ་ཡི་ནོ།། ཁྱུད ་པར་གཞན་ནི་བསམ་པ་དང་བྱེད་པ་ཐ་དད་པའི་བྱེ་བྲག་ལས་རིག་པར་བྱའོ།། ཡིད་སྨོས་པ་ནི་ཡིད་ཀྱི་སྒོ་ནས་འཇུག་པའི་དགེ་བ་ཡང་ཡོད་མོད་ཀྱི་ཚུལ་ཁྲིམས་ཀྱི་སྐབསུ་བབ་པའི་ཕྱིར་དེ་རྣམ་པར་མི་བཞག་སྟེ། ཚུལ་ཁྲིམས་ནི་ལུས་དང་ངག་ཁོ ་ནའི་ཡིན་པའི་ཕྱིརོ།། དེ་ཡང་འདུས་པ་དང་སོ་སོར་བྱེད་པར་རིག་པར་བྱ་སྟེ། དགེ་བའི་ཆོས་ལ་ལ་ནི་ལུས་ཀྱིས་སྩོགས་པར་བྱེད།། ལ་ལ་ནི་ངག་གིས་སོ།། ལ་ལ་ནི་གཉི་གས་བྱེད།། དེ་ཡང་གཞིའི་སྒོ་ནས་བསྟན་པ་ནི་ཐོས་པ་ལས་སྦྱོར་བ་ལས ་སྐྱེས་པའི་དབང་དུ་བྱས་ནས་རྣམ་པ་གསུམ་དུ་སྟོན་ཏེ། ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བའོ།། ཆོས་ཉིད་བསྒོམ་པར་བྱ་ཞེས་གསུངས་པའི་ཕྱིར་ཞི་གནས་དང་ལྷག་མཐོང་གིས་བསྒོམ་པ་ལས་བྱུང་བ་ཡིན་པར་སྟོན་ཏོ།། བསྒོམ ་པ་དེ་ཡང་ལུས་དང་སེམས་དབེན་པ་སྐྱོན་དུ་འགྲོ་བའི་ཕྱིར་གཅིག་པུར་དགའ་བ་ཡིནོ།། བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཡིད་ཀྱིས་བྱས་པ་ཡིན་ཡང་ཐོས་པ་ཉིད་ལ་གདགས་ཏེ། ཇི་ལྟར་ཐོས་པའི་ཆོས་ལྔ་སེམས་པ་དང་སྒྲུབ ་པར་སྦྱོར་བའི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་རྩོམ་པར་བྱེདདོ་ཞེས་བྱ་བ་སྨོས་ཏེ། སྦྱོར་བ་རྩོམ་པར་བྱ་བའི་ཐ་ཚིག་གོ།། བླ་མ་ལ་མཆོད་པའི་ལས་ནི་ལུས་ཀྱིས་བྱས་པས་སྟོན་ཏོ།། བདག་གི་བསོད་ནམས་འཕེལ་བར་བྱ་བའི་ཕྱིར་བྱས་པའི་དགེ་སྡུད་པ ་ནི། གཞན་དག་ལ་ཕན་གདགས་པ་སྒྲུབ་པའི་བསམ་པས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམསུ་ཡང་འགྱུ་རོ།། རྣམ་པ་གཉིས་ཀྱིས་ནི་ཕན་འདོགས་པའི་ཞིང་ལ་གནས་པ་དང་། བླ་མའི་ཞིང་ལ་གནས་པ་བསྟན་ཏོ།། སྡུག ་བསྔལ་བའི་ཞིང་ལ་གནས་པའི་དབང་དུ་བྱས་ཏེ། ནད་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ལེགས་པར་སྨྲ་བ་ལེགསོ་ཞེས་བྱ་བ་སྦྱིན་པར་བྱེད་པ་ཡིནོ་ཞེས་བྱ་བ་ལ་སོགས་པས་ནི་ངག་གི་དགེ་བའི་ཆོས་བསགས་པ་བསྟན་ཏེ། ་མདོར་བསྡུ་ན་ལེགས་པར་སྨྲས་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོ་དང་། རྣམ་པར་བྱང་བ་དང་མཐུན་པའི་ཚི་གོ།། དེ་ཡང་རྣམ་པ་གཉིས་ཏེ། སངས་རྒྱས་ཀྱི་དཀའ་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་བརྟེན་པའི་ཚིག་ལ ་བྱ་བ་སྟེ། དེ་ཉིད་ཀྱི་སྨྲ་ན་འདི་ཉིད་སྨྲ་བར་བྱ་ཞེས་བརྗོད་དོ།། རྗོད་པར་བྱེད་པ་ནི་ཡིད་ལ་འཛིན་པའོ།། ཚིག་ཏུ་འབྱིན་པ་ཡང་དེ་དང་འདྲའོ།། དགའ་བའི་སེམས་བསྐྱེད་ནས་ཞེས་བྱ་བ་ནི། གཡོ་མེད་པའི་ལྷག་པའི་བསམ་པ་དང་། མཆོག་ཏུ་དགའ ་བ་དང་ལྡན་པའི་སེམས་ཀྱིས་ཞེས་བྱ་བའི་ཐ་ཚིག། བདག་གི་བྱས་པ་ལ་ཇི་ལྟར་དགའ་བ་དེ་བཞིན་དུ་གཞོན་གྱི་བྱས་པ་ལ་ཡང་དགའ་བར་བྱེད།། བཟོད་པར་བྱེད་ཅེས་བྱ་བ་ནི་ལུས་དང་ངག་གིས་ཕྱིར་གནོད་པ་མི་བྱེད་པའི་ཕྱིརརོ།། དགེ་བ ་བྱས་པ་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་སྔོ་བར་བྱེད་པས་བསོད་ནམས་ཐ་དད་པ་སྐྱེ་བར་འགྱུར་བར་བསྟན་པའི་ཕྱིར། ཡོངསུ་བསྔོ་བར་བྱེད་པ་ཡིན་ཞེས་སྨོསོ།། སྨོན་ལམ་ཆེན་པོ་བཅུ་སྔོན་དུ་འགྲོ་བའི་ཡང་དག་པའི་སྨོན་ལོམ་རྣམས ་འདེབས་པ་ཡི་ནོ།། དཀོན་མཆོག་མཆོད་པ་ནི་མདོར་བསྡུ་ན་ཟང་ཟིང་གི་མཆོད་པ་དང་། སྒྲུབ་པའི་མཆོད་པ་སྟེ། དེའི་ཕྱིར་རྣམ་པ་ཐམས་ཅད་ཅེས་སྨོསོ།། མཆོད་པ་ངན་པ་དགག་པའི་ཕྱིར་རྒྱ་ཆེན་པོ་ཞེས་སྨོས་ཏེ། བྱང་ཆུབ་སེམས་དཔའ ་རྣམས་ཀྱིས་མཆོད་པ་ངན་པ་བསྟན་མི་བྱའོ།། བརྩོན་ཞིང་ཞེས་བྱ་བ་ལ་སོགས་པས་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བས་བསྡུས་པའི་དགེ་བ་སྟོན་ཏོ།། བགོ་ཡོད་པར་གནས་པ་ཡིན་ཞེས་བྱ་བས་ནི་བརྩོན་པ་ཁོ ་ན་སྟོན་ཏོ།། ཚོགས་ཀྱི་ལམ་གྱི་གནས་དགེ་བ་བསྟན་པའི་ཕྱིར། བསླབ་པའི་གཞི་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོསོ།། དྲན་པས་སྤྱོད་པར་མི་བྱེད་པའི་ཚུལ་གྱིས་སྲུང་བར་བྱེད། ཤེས་བཞིན་གྱིས་ནི་སྤྱད་པར་གྱུར་ཀྱང ་ཕྱིར་གསོ་བའི་ཚུལ་གྱིས་ཀུན་ནས་སྲུང་བར་བྱེད།། འདི་གཉིས་ནི་ཉོན་མོངས་པ་མཱ་བྱུང་བུ་དང་བྱུང་བའི་གཉེན་པོ་ཡིན་པའི་ཕྱིརརོ།། བདགྲོ་ཉིད་ལ་བདག་བྱམས་པ་མེད་པས་ན། བདོག་གི་རྒྱུད་ཀྱི་འཁྲུལ་པ་དང་།། ཉེས་པཱར་སྤྱོད་པ ་ལ་ཉེས་བྱ་ཁོ་ནར་རབ་ཏུ་ཤེས་པའི་ཕྱིར་ཡོངསུ་ཤེས་པའོ།། དེ་ཡང་ཚེ་འདི་དང་ཕྱི་མའི་ཉེས་དམིགས་མཐོང་བས་ན་ཉེས་པོས་ལྟ་བ་ཡིན།། ཡོངསུ་ཤེས་ཤིང་ཉེས་དམིགས་མཐོང་ནས་ཚུལ་བཞིན་དུ་ཡོངསུ་སྤོང་བའི་ཕྱིར་གཏོང ་པར་བྱེད་དོ།། འཁྲུལ་པ་བྱུང་ན་ཡང་ཉེས་པ་ལ་ཉེས་པ་ཡིན་པར་འཆགས་པར་བྱེད་པའི་ཕྱིར་འཁྲུལ་པ་ཞེས་བྱ་བ་ལ་སོགས་པས་ཉེས་པ་འཆགས་པའི་གནས་ཏེ། སྒྲུབ་པ་ནི་མ་སྐྱེས་པ་སྐྱེད་པའོ།། སྲུང་བ་ནི་སྐྱེས་ཟིན ་པ་བརྗེད་མི་ངས་པའི་ཚུལ་གྱིས་གནས་པར་བྱེད་པའོ།། རྣམ་པར་འཕེལ་བར་བྱེད་པ་ནི་གནས་པ་ལས་ཁྱད་པར་དུ་འགྲོ་བའི་ཚུལ་གྱིས་རྒྱ་ཆེ་བ་དང་། འཕེལ་བ་དང་ཡངས་པར་འགྱུར་བའོ།། སེམས་ཅན་རྣམ་པ་གསུམ ་གྱིས་དབང་དུ་བྱས་ནས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་བཅུ་གཅིག་ཏུ་རྣམ་པར་བཞོག་སྟེ། སེམས་ཅན་རྣམ་པ་གསུམ་གྱི་ཕོངས་པ་རྣམས་དང་། ཞུགས་པ་རྣམས་དང་། ཞེ་འགྲས་པ་རྣམསོ།། ཕོངས་པ་རྣམ་པ་གཉིས་ཏེ། ་ཕན་འདོགས་པ་མ་ཡིན་པ་དང་། ཕན་འདོགས་འདོགས་པའོ།། དེ་ལ་ཕན་འདོགས་པ་མ་ཡིན་པ་ནི་སྡུག་བསྔལ་རྣམ་པ་གསུམ་གྱིས་གཡེན་སྤྱོ་བ་རྣམས་ཏེ། སེམས་ཅན་གྱི་བྱ་བ་དེ་དང་དེ་དག་ཏུ་གྲོགས་མེད་པའི་སྡུག་བསྔལ་གྱིས་གཡེན་སྐྱེ ་བ་དེ་དག་ལ་གྲོགས་བྱེད་པ་དང་། ནད་ཀྱི་སྡུག་བསྔལ་གྱིས་གཡེན་སྤྱོ་བ་རྣམས་ལ་ནད་གཡོག་གི་སྒོ་ནས་གྲོགས་བྱེད་པ་དང་། འཇིག་རྟེན་པ་དང་འོ་ཇིག་རྟེན་ལས་འདས་པའི་དོན་རྣམས་ལ་ཐབས་མི་ཤེས་པས་རྨོངས་པའི་སྡུག་བསྔལ་གྱིས ་གཡེན་སྤྱོ་བ་རྣམས་ལོ་ཆོས་བསྟན་པ་སྔོན་དུ་གཏོང་བའི་རིགས་པ་སྟོན་པ་དང་། སེམས་ཅན་སོ་སོ་ལ་བྱེ་བྲག་ཏུ་ཐབས་བསྟན་པ་སྔོན་དུ་གཏོང་བར་རིགས་པ་སྟོན་པའོ།། ཕན་འདོགས་འདོགས་པའི་སེམས་ཅན་ནི་རྣམ་པ་བཞི་སྟེ། ལན་དུ་ཕན ་འདོགསུ་ར་བ་དེ་དག་ལ་ནི། བྱ་བ་བཟོ་བ་རྗེསུ་སྲུང་བའི་སྒོ་ནས་མཉམ་པ་འམ་ལྷག་པར་ལན་དུ་ཕན་འདོགས་པས་ཉེ་བར་གནས་པ་དང་། འཇིགས་པ་རྣམ་པ་སྣ་ཚོགས་ཀྱིས་སྐྲག་པ་དེ་དག་འཇིགས་པ་རྣམ་པ་སྣ་ཚོགས་ལས་སྐྱོབ་པ་དང ་སྡུག་བསྔལ་བར་གྱུར་པ་དེ་དག་གི་མྱ་ངན་གྱི་མཚན་ཉིད་ཀྱི་སྡུག་བསྔལ་སེལ་བ་དང་ཡོ་བྱད་ཀྱིས་ཕོངས་པ་དེ་དག་ལ་ཡང་རིགས་པས་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་པའོ།། ཞུགས་པ་ནི་རྣམ་པ་གཉིས་ཏེ། རྟེན་ལ་རག་ལས་པ་དེ་དག་ལ ་ཟ་ཟིང་མེད་པའི་སེམས་ཀྱིས་རྟེན་སྦྱིན་པས་ཚོགས་ཡོངསུ་སྡུད་པ་དང་། ཆོས་མཐུན་པ་པ་གཞན་མི་རྟེན་པ་དེ་དག་ལ་ནི། སོ་སོ་ཡང་དག་པར་དགའ་བར་བྱ་བས་དུས་དུསུ་ཐང་དུ་འགྲོ་བ་དང་། ཟང་ཟིང་ལེན་པ་དང་འཇིག་རྟེན་པའི་དོན་དང་མཐུན ་པར་སྤྱད་པ་དང་། འོང་ཞིང་འགྲོ་བ་ལ་དབང་དུ་བྱེད་དུ་གཞུག་པ་དང་། དོན་དང་ལྡན་པ་མ་ཡིན་པ་མ་གཏོགས་པར་སེམས་དང་མཐུན་པར་བྱེད་པ་དང་། རྟེན་ཡོད་པ་དག་ཀྱང་རྣམ་པ་གཉིས་ཏེ། ཡང་དག་པར་ཞུགས་པ་དེ་དག་གི་ཡང་དག་པའི་ཡོན ་ཏན་རྣམ་པ་སྣ་ཚོགས་ཀྱིས་ཡང་དག་པར་དགའ་བར་བྱ་བའི་ཕྱིར་ལྐོག་གམ་མངོན་སུམ་དུ་གླེང་བའོ།། ལོག་པར་ཞུགས་པ་དེ་དག་ལ་ནི་ལྷག་པའི་བསམ་པ་དག་པས་ཚར་བཅད་པར་བྱ་བ་སྟེ། ཉེས་པ་ཆུང་ངུ་ལ་ནི་སྨ་དབབ་པའི་མཚན་ཉིད་དང་། ་འབྲིང་ལ་ནི་ཆད་པའི་ལས་བྱེད་དུ་གཞུག་པའི་མཚན་ཉིད་དང་། ཆེན་པོ་ལ་ནི་སྐུད་པའི་མཚན་ཉིད་ཀྱིས་བྱེད།། ཚར་བཅད་པར་བྱེད་པའི་དོན་དང་ལྡན་པ་བསྟན་པའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིནོ།། ཞེ་འགྲས་པ་ཡང་རྣམ་པ་གཉིས ་ཏེ།། ཉེས་པར་སྤྱད་པ་སྐྱེད་པ་དེ་དག་ནི་གནོད་པ་རྣམ་པ་སྣ་ཚོགས་ཀྱི་སྡུག་བསྔལ་དང་འབྲེལ་པའི་འགྲོ་བ་མངོན་སུམ་དུ་བསྟན་པས་མི་དགེ་བ་ལས་སྐྱོབ་པར་བྱེད་པ་དང་། ལེགས་པར་སྤྱད་པ་སྤྱོད་པ་དེ་དག་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུན་པར ་བྱེད་པ་ལ་སོགས་པས་དགའ་བ་ཆུང་ངུ་དང་། འབྲིང་དང་ཆེན་པོ་བསྐྱེད་པའོ།། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་ལ་གནས་པའི་ཚུལ་ཁྲིམས་ཡོངསུ་རྫོགས་པར་འགྱུར་བའི་རྒྱུ་བསྟན་པར་འདོད་པའི ་ཕྱིར། བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་དང་། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་བཅུས་ན་ལགས་པར་བསྡམས་པའི་ཚུལ་ཁྲིམས་ཅན་དུ་འགྱུར་ཏེ། ཚུལ་ཁྲིམས་ཡོངསུ་དག་ཅིང་ཡོང་སུ་རྫོགས་ཞེས་བྱ་བའི ་ཐོ་ཚིག་སྟེ། འདོད་པ་སྤངས་པ་རྣམས་ལ་ལྟ་བའི་སྲེད་པ་ཀུན་ཏུ་མི་སྤྱོད་པས་ཇི་ལྟ་བ་དང་། མ་འོངས་པ་རྣམས་ལ་མངོན་པར་དགའ་བའི་སྲེད་པ་ཀུན་ཏུ་མི་སྤྱོད་པས་མི་ལྟ་བ་དང་། ད་ལྟར་བྱུང་བའི་རྙེད་པ་དང་བཀུར་སྟི་དང་ལྡན་པ་རྣམས་ལ ་ལྷག་པར་ཞེན་པ་མེད་པ་དང་། ལུས་དང་སེམས་དབེན་པ་དང་། ངག་དང་རྟོག་པ་ཡོངསུ་དག་པ་དང་། བདག་ལ་ཁྱད་དུ་གསེད་པ་དང་ཤས་ཆེར་ངེས་པ་དང་། ཤས་ཆེར་བཟོད་པ་དང་བག་ཡོད་པར་གནས་པ་དང་། ཆོ་ག་དང་འཚེ་བ་རྣམ་པར་དག ་པའོ།། ཕྱག་དར་གྱི་འདུ་ཤེས་ཀྱིས་ཡོངསུ་སྤངས་པའི་རྩཝ་དང་མི་གཙང་བའི་འདུ་ཤེས་ཀྱིས་ཡོངསུ་སྤངས་པའི་ཕྱི་ས་ལ་ཇི་ལྟར་ཐམས་ཅད་མི་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་རྩ་དང་འདྲ་བའི་འདོད་པ་རྣམས་ལ། སྙིང་པོ་མེད ་པའི་ཕྱིར་མི་ལྟ་བ་དང་། ཕྱི་ས་དང་འདྲ་བའི་འདོད་པ་རྣམས་ལ་ཉོན་མོངས་པ་ཕྱི་ས་རུལ་པ་ལྟ་བུ་དང་འབྲེལ་པའི་ཕྱིར་མི་ལྟ་བའོ།། འཚོ་བའི་བསམ་པས་རབ་ཏུ་བྱུང་བས་ཇི་ལྟར་འདོད་པ་ཐ་ཆད་སྤངས་པ་རྣམས་ལ་མི་ལྟ་བ་དེ་བས་ནི། ་བྱང་ཆུབ་སེམས་དཔའ་མིའི་འདོད་པའི་མཆོག་རྣམས་ལ་མི་ལྔ་བ་ཁྱད་པར་དུ་འཕགས་པའི་དབང་དུ་བྱས་ནས་འཁོར་ལོས་སྒྱུར་བའི་འདོད་པ་རྣམས་ལ་མི་ལྔ་པ་ཞེས་བྱ་བ་སྨོས་སོ།། ལྷ་རྫས་མཆོག་གི་དབང་དུ་བྱས་ནས ་བདུད་ཀྱི་གནསུ་གཏོགས་པའི་འདོད་པ་རྣམས་ལ་ཞེས་བྱ་བ་སྨོས་ཏེ། དཔེར་ན་འཇིགས་པ་ཆེན་པོ་སྣ་ཚོགས་ཀྱིས་གང་ཞིང་། གཟིང་གཟིང་བར་འཇུག་པ་ནི་གདོན་པའི་རྩ་བ་ཡིན་ཏེ། ཐར་པར་བྱ་མི་ནུས་པ་དེ་བཞིན་དུ་འདོད་པ ་རྣམས་ཡང་དག་པར་མཐོང་ན་མངོན་པར་དགའ་བར་མི་འགྱུར་རོ།། རྙེད་པ་དང་བཀུར་སྟི་རྣམས་ལ་འདུན་པའི་འདོད་ཆགས་དང་བྲལ་བའི་ཕྱིར་ཁ་ཟས་ཀྱི་སྐྱུགས་པ་དང་འདྲ་བར་ཤེས་རབ་ཀྱི་ཡང་དག་པར་མཐོང་ན་ལྷག་པར ་ཞེན་པ་མེད་ཅིང་རོ་མྱང་བར་མི་བྱེད་དོ།། རབ་ཏུ་དབེན་པར་མངོན་པར་དགའ་བ་ཡིན་ཞེས་བྱ་བ་ནི་ལུས་དབེན་པར་འགྱུར་བྱ་སྟེ། དེ་བས་ན་གཅིག་པུ་ཞེས་བྱ་བ་སྨོས།། ཚོགས་ཀྱི་ནང་ན་འདུས་ཀྱང་སེམས་དབེན་པར་འགྱུར་ཏེ་ཚུལ ་ཁྲིམས་ཙམ་གྱིས་ཆོག་པར་མི་འཛིན་གྱི་དེ་ཉིད་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་མངོན་པར་སྒྲུབ་པ་དང་། དབང་ཐོབ་པར་བྱ་བའི་ཕྱིར་འབད་པར་བྱེད།། ངན་པའི་གཏམ་ཞེས་བྱ་བ་ནི་ཀུན་ནས ་ཉོན་མོངས་པ་ཅན་གྱི་གཏམོ།། ངན་པའི་ཚིག་ཅེས་བྱ་བ་ནི་དེ་ཉིད་རྣམ་གྲངས་ཀྱི་སྒོ་ནས་བསྟན་པའོ།། དང་དུ་ལེན་པར་མི་བྱེད་ཅེས་བྱ་བ་ནི་མི་སྨྲ་བ་སྟེ། མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། བརྒྱ་ལ་བརྒྱ་ལམ་ན་ཡང་བརྗིད་ངས ་པས་འདོད་པ་ལ་སོགས་པའི་རྟོགས་པ་ཅུང་ཟད་ཀྱང་མི་སྐྱེད་དོ།། སྐྱེད་པར་གྱུར་ན་འགྱོད་པ་ཉེས་དམིག་སུ་ལྟ་སྟེ། དེ་གཉི་ག་ཀུན་ཏུ་མི་དཔྱད་པར་དྲན་པ་ཉེ་བར་གྲན་སོ།། མི་བྱ་བའི་སེམས་ཞེས་བྱ་བ་ནི་མི་བྱ ་བློ་ཉིད་ཅེས་བྱ་བའི་ཐ་ཚིགོ།། སེམས་གང་གིས་སྐྱེས་པ་དེ་འདོད་པར་འགྱུར་ཏེ། འདོད་པ་ལ་གོམས་ན་ཀུན་ཏུ་མི་སྤྱོད་པ་དགའ་བ་དང་། ཀུན་ཏུ་སྤྱོད་པ་དང་མི་མཐུན་པར་གནསོ།། དགེ་བ་སྡུད་པ་རྣམས་དང་། སེམས་ཅན་གྱི་དོན ་བྱ་བའི་ཚུལ་ཁྲིམས་རྣམས་ནི་ཡངས་ཤིང་རྒྱས་པའི་ཕྱིར་རྒྱས་པའོ།། གཞིའི་སྒོ་ནས་ཚད་གཟུང་མི་ནུས་པའི་ཕྱིར་དཔག་ཏུ་མེད་པའོ།། རྟོག་པའི་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ།། ཡུན་མི་ཐུང་བར ་ཞུགས་པའི་ཕྱིར་ཡུན་རིང་དུ་ལོན་པའོ།། གཞོན་དག་གིས་བྱ་མི་ནུས་པའི་མཆོག་ཏུ་དཀའ་བའོ།། སྐྲགས་པ་ནི་འཇིགས་པའོ།། ཞུམ་པ་ནི་བག་ཚ་བའོ།། འགོང་བ་ནི་བདག་གིས་མི་ནུས་ཀྱང་སྲིད་སྙམ་པའི་ཕྱིརརོ།། སྤྲོ་བ་ཁོ་ན་བསྐྱེད་པའི ་ཕྱིར་དེ་དག་ཀྱང་མིར་གྱུར་པ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་སྨོས།། བདག་གིས་ཉེས་པ་གཞན་དང་འཁྲུལ་པ་ལ་རྟོག་པར་བྱེད་ཀྱི་གཞན་དག་ལ་སྡུག་བསྔལ་སྐྱེད་པརུ་མི་བྱེད་པས་ནི་ངེས་པ་བསྟན་པའོ།། གཞན་གནོད་པ་བྱེད་པ་ལ ་སེམས་མི་འཁྲུག་པ་དང་། གཞན་གྱིས་གནོད་པ་བྱས་པ་ལ་ཕྱིར་གནོད་པ་མི་བྱེད་པ་དང་། རྣམ་པར་འཚེ་བ་མེད་པས་ནི་བཟོད་པ་བསྟན་ཏོ།། ཕྱིར་རྡེག་པ་ནི་ལུས་ཀྱི་སྟེ། གནོད་པ་བྱ་བ་དག་གིས་སེམས་ཀྱིས་སྡང་བར་མི་བྱེད་ན ་ཞེས་བྱ་བ་དང་སྦྱར་རོ།། འདས་པའི་ཉེས་པ་སོ་སོར་འཆགས་པའི་ཕྱིར་ནི་སྔོན་གྱི་མཐའ་དང་ལྡན་པའོ།། མ་འོངས་པའི་དུས་ཀྱི་མ་འོངས་པའི་ཉེས་པ་ལ་དེ་ལྟར་ནན་ཏན་བྱེད་པས་ནི་ཕྱི་མའི་མཐའ་དང་ལྡན་པའོ།། ད་ལྟར་བྱུང་བའི་ཉེས་པ་མི ་བརྗེད་པའི་ཕྱིར་ན་དབུས་ཀྱི་མཐའ་དང་ལྡན་པའོ།། སོ་སོར་བརྟགས་ནས་ཁ་ནཱ་མ་ཐོ་བ་མེད་པའི་ལུས་དང་ངག་གིས་ལས་འཇུག་པའི་ཕྱིར་ནི་སྔ་ནས་བྱ་བའོ།། དེ་ལྟར་སོ་སོར་རྟོག་པ་ན་དེ་ཁོ་ན་བཞིན་དུ་རྟོག་པ་ལ་འཇུག་པའི་ཕྱིར་ན ་རྗེ་སུ་སྤྱོད་པོའོ།། ཆོ་ག་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། དགེ་བ་མི་སྤྱོམས་ཞེས་བྱ་བ་ལ་སོགས་པ་སྨོསོ།། གྲང་བ་ལ་སོགས་པའི་སྡུག་བསྔལ་དཔྱད་བཟོད་པའི་ཕྱིར་སྡུག་བསྔལ་ལ་ཇི་མི་སྙམ་པའོ།། མ་རྙེད་པས་ཡིད་མི་བདེ་བ ་མེད་པའི་ཕྱིར་ཡོངསུ་གདུང་བ་མེད་པའི་རང་བཞིནོ།། དབང་པོ་དུལ་ཞིང་ཞི་བོའི་ཕྱིར་རྒོད་མེད་པ་དང་། ཡང་ཡིང་པོ་མ་ཡིན་པའོ།། འཚོ་བ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་ཚུལ་འཆོས་པ་ཞེས་བྱ་བ་ལ་སོགས་པ་སྨོ་སོ།། ཕ་རོལ ་ཏཱ་ཕྱིན་པ་དྲུག་མངོན་པར་སྒྲུབ་པཱ་ལ་ནི། མི་མཐུན་པའི་ཕྱོགས་སྡོང་བུས་མི་མཐུན་པའི་ཕྱོགས་དང་དུ་མི་ལེན་པའི་ཕྱིར་དགེ་བ་སྡུད་པའི་ཚུལ་ཁྲིམས་རྣམ་པར་བཞག་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔའི་ནི་མི་མཐུན་པའི་ཕྱོགས་ཀྱི་དཔྱད་གཉེན ་པོ་ལྔ་ཁོ་ནར་ངེསོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནི་རྣམ་པ་ལྔ་སྟེ། དེ་ལྟར་ན་དེ་དག་གོ་གཉེན་པོར་གྱུར་པ་རྣམ་པ་བཅུས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བ་དཔག་ཏུ་མེད་པ་མྱུར་དུ་སྡུད་པར་འགྱུར་རོ།། ལུས་དང ་ལྗོངས་སྤྱོད་ལ་ལྷག་པར་ཞེན་ན་ལུས་དང་ལོངས་སྤྱོད་ལ་ལྟ་བར་འགྱུར་རོ།། ལྟ་བ་ཡོད་ན་ཡོངས་མི་སྟོང་ངོ་།། དེ་ལྟ་བས་ན་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེ་དང་དུ ་ལེན་པར་མི་བྱེད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འགྲུབ་པར་འགྱུ་རོ་ཞེས་བྱ་བའི་ཐ་ཚི་གོ།། འཆལ་པའི་ཚུལ་ཁྲིམས་ཀྱི་གཞི་དང་དུ་མ་བླངས་པས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། སེམས་ཅན་རྣམས་ལ ་ཀུན་ནས་མནར་སེམས་ཀྱི་སེམས་མི་སྐྱེད་པས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། གཉིད་ལ་སོགས་པའི་བདེ་བའི་དབང་དུ་བྱས་ཏེ་ལེ་ལོ་མི་བརྟེན་པས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བསམ་གཏན་གྱི་ས་ལ ་ཉོན་མོངས་པ་མི་སྐྱེད་པས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་འཆལ་པའི་ཤེས་རབ་རྣམ་པ་ལྔ་སྟེ། བསོད་ནམས་ཀྱི་འབྲས་བུའི་ཕན་ཡོན་རབ་ཏུ་མི་ཤེས ་པ་དང་། དགེ་བའི་རྒྱུ་རབ་ཏུ་མི་ཤེས་པ་དང་། འབྲས་བུ་ལ་ཕྱིན་ཅི་ལོག་ཏུ་ཀུན་ཏུ་སྤྱོད་པ་དང་། ཕྱིན་ཅི་ལོག་གི་གཉེན་པོ་རབ་ཏུ་མི་ཤེས་པ་དང་། དགེ་བའི་ཆོས་ལ་བར་དུ་གཅོད་པ་རབ་ཏུ་མི་ཤེས་པའོ།། དེ་དག་གི་གཉེན ་པོར་གྱུར་པའི་གནས་ལྔ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པའི་སྒོ་ནས་དགེ་བ་སྡུད་པར་བསྟན་ཏོ།། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་བཅུ ་གཅིག་ནི་སེམས་ཅན་རྣམ་པ་བཅུ་གཅིག་ཡོད་པའི་དབང་དུ་བྱས་ནས་རྣམ་པར་བཞག་སྟེ། སེམས་ཅན་ཐམས་ཅད་ནི་སྡུད་ན་ཡོངསུ་བཅད་པ་རྣམ་པ་བཅུ་གཅིག་གིས་རྣམ་པར་བཞག་ནས་དེ་དང་འཚམ་པའི་དོན་བྱ་བའི ་རྗེསུ་འབྲངས་པས་སེམས་ཅན་གྱི་དྲོན་བྱ་བའི་ཚུལ་ཁྲིམ་སུ་འགྱུར་བ་དང་། རྣམ་པ་རེ་རེ་ལཾ་ནི་དཔག་ཏུ་མེད་པར་རིག་པར་བྱའོ།། སེམས་ཅན་རྣམ་པ་བཅུ་གཅིག་པོ་དག་གང་ཞེ་ན། བྱ་བ་དེ་དང་དེ་དག་ལ་གྲོགས་བྱེད་དེ་འདོད ་པ་རྣམས་དང་། སྡུག་བསྔལ་ཞིང་རིགས་པ་ལ་རྨོངས་ཏེ་དེ་འདོད་པ་རྣམས་དང་ཕན་འདོགས་པ་འདོགས་ཕྱིར་ལན་དུ་ཕྱིན་འདོགས་པ་རྣམས་དང་། འཇིགས་ཏེ་སྐྱབས་འདོད་པ་རྣམས་དང་། ཕོངས་པར་གྱུར་པ་དང་། ་མྱ་ངན་གྱིས་གཟིར་བ་དང་། ཡོ་བྱད་མེད་དེ་འདོད་པ་རྣམས་དང་། མཁན་པོ་དང་སློབ་དཔོན་དང་བླ་མ་ལ་རྟེན་འཆའ་བར་འདོད་པ་རྣམས་དང་། ཡོངསུ་འཛིན་པར་གནས་པ་རྣམས་དང་། མཐུན་པར་བྱེད་པ་སེམས་དང ་མཐུན་པར་བྱ་བས་འདུལ་བ་རྣམས་དང་། ཡང་དག་པ་དང་ལོག་པར་ཞུགས་པ་རྣམས་བསྡུ་བ་དང་། ཚར་བཅད་པར་འོས་པ་རྣམས་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ཞེ་འགྲས་པ་རྣམ་སོ།། གྲོགས་བྱེད་པ་ནི་སོ་སོ། ་ཕྱེ་ན་བྱ་བ་དང་མི་བྱ་བ་རྣམས་ལ་གྲོགས་བྱ་བ་རྣམ་པ་བརྒྱད་ཡོད་པར་རིག་པར་བྱ་སྟེ། བྱ་བ་དང་མི་བྱ་བ་བརྟག་པ་ནི་གང་གི་ཕྱིར། བྱ་བ་སེམས་པ་ཞེས་སྨོས་པ་སྟེ། གང་དུ་བྱས་པ་དང་མ་བྱས་པ་ལས་འབྱོར་པ་དང་རྒུད་པར ་འགྱུར་བར་མཐོང་ནས་དེ་ལ་སེམས་པའོ།། ད་ལྟར་བྱུང་བའི་དུས་ནས་བཟུང་སྟེ། བྱ་བ་གདོན་མི་ཟླ་བར་ངེས་པར་འཛིན་པ་ནི་བྱ་བ་གཏན་ལ་འབེབས་པའོ།། དེ་དག་གཉི་ག་བསྟན་པའི་ཕྱིར་དེར་གྲོགསུ་འགྲོའོ།། ལམ ་དུ་འགྲོ་བ་འགྲོན་པ་མེད་པ་འམ། ཕྱི་བཞིན་དུ་འབྲང་བ་མེད་པ་རྣམས་ལ་གྲོག་སུ་འགྲོ་བ་དང་། རིགས་པས་བརྩམས་པའི་བྱ་བ་ལ་སོགས་པ་ལས་ཀྱི་མཐའ་བྱ་བ་ལ་སྦྱོར་བ་དག་དང་། ལོངས་སྤྱོད་སྒྲུབ་པ་སྲུང་བ་དང་། སེམས་ཅན་ཕན་ཚུན ་བྱེ་བ་སྡུམ་པ་དང་། ཉི་མ་ངེས་པར་བསོད་ནམས་ཀྱི་ཁྱད་པར་མྱོང་བར་བྱེད་པའི་དུས་དང་། བསོད་ནམས་བརྩོན་པའི་དུས་ནའོ།། སེམས་ཅན་རྣམས་ཀྱི་ལུས་དང་སེམས་ཀྱི་སྡུག་བསྔལ་རྣམ་པ་གཉིས་ཀྱིས་སྡུག་བསྔལ་ཏེ། ལུས་ཀྱི་རྣམ ་པ་བཞི་སྟེ། ནད་ཀྱི་སྡུག་བསྔལ་དང་། དབང་པོ་ཉམས་པའི་སྡུག་བསྔལ་དང་། ཡན་ལག་མེད་པའི་སྡུག་བསྔལ་དང་། ངལ་བ་དང་དུབ་པའི་སྡུག་བསྔལ་དང་། སེམས་ལས་བྱུང་བའི་སྡུག་བསྔལ་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སྡུག ་བསྔལ་དུ་རྣམ་པར་བཞག་གོ། དེ་ནི་རྣམ་པ་གསུམ་སྟེ། སྒྲིབ་པའི་ཀུན་ནས་དཀྲིས་པའི་ཕྱིར་སྒྲིབ་པའི་སྡུག་བསྔལ་དང་། རྟོག་པ་ཀུན་ཏུ་སྤྱོད་པའི་ཕྱིར་བར་ཆུད་མེད་པའི་སྡུག་བསྔལ་དང་། གཞན་གྱི་སྨ་ཕབ་པའི་ཕམ་པའི་སྡུག་བསྔལོ།། ། ་ནད་ཀྱིས་ཐེབས་པ་ལ་ནི་གཡོག་བྱ་བ་དང་སྨན་སྦྱིན་པས་རིམ་གྲོ་བྱེད་དོ།། འོང་བ་རྣམས་ལ་ནི་འདོད་པའི་གནསུ་ཕྱིན་པར་བྱེད་པ་འམ། ལམ་སྟོན་པར་བྱེད།། འོན་པ་རྣམས་ལ་ནི་ཡོངསུ་སྤང་བར་བྱི་བ་དང་བསྟེན་པར་བྱ་བའི་དངོས་པོ ་བརྡ་སྤྲོད་པ་དང་། ཡན་ལག་གི་མཚན་མ་སྟོན་པར་བྱེད།། ཡན་ལག་མེད་པ་རྐང་པ་མེད་པ་རྣམས་ལ་ནི་བདག་ཉིད་ཀྱི་ལུས་སམ་བཞོན་པས་འདོད་པའི་གནས་ཕྱིན་པར་བྱེདདོ།། གདམས་པ་དང་རྗེས་བསྟན་པས་ནི། ཀུནྡ་ནས་དཀྲིས་པ་སེལ ་བར་བྱེད་དོ།། རྟོག་པུ་ཀུན་ཏུ་སྤྱོད་པ་ཡང་དེ་དང་འདྲའོ།། གཞན་དག་གིས་སྨ་ཕབ་པ་ལ་ནི་དེ་དང་དཔྲལ་བའི་ཐབས་ལ་རྗེ་སུ་རྟོག་པ་སེལ་བར་བྱེའོ།། ཁྱད་དུ་གསོད་པ་དང་ལྡན་པ་ནི་གསོས་སྦྱིན་པའི་ཁྱིམ་མམ་ཉེ་དུའི་ཁྱིམ་ལས་འགྱུར ་བའོ། འབྱོར་པའི་རྗེ་སུ་རྟོག་པ་ནི་ཁྱིམ་གྱི་འབྱོར་པ་དང་ལྡན་པའོ།། ཆོས་ཉིད་བསྟན་པ་འམ། འཇིག་རྟེན་ཐམས་ཅད་ཀྱི་ཆོས་དང་འབྲེལ་པ་བསྟན་པས་ནི་ཕན་པར་བྱས་པའི་སྡུག་བསྔལ་སེལ་བར་བྱེད།། ཉེས་པར་སྤྱད་པ་སྤྱོད་པ་མི ་དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིནྡ་བསྲོ་ཀུན་ནས་ཉོན་མོངས་པ་རྣམས་ལ་ནི་ཆོས་བསྟན་པའི་སྒོ་ནས་དེ་སྤང་བའི་ཕྱིར་ཉེས་པར་སྤྱོད་པ་ལས་ལྡོག་པ་ཡང་དག་པར་ལེན་དུ་གཞུག་པའི་ཚུལ་གྱིས་བྱེད་དོ།། ཚིག་འབྲུ་འབྱོར་པས ་ཞེས་བྱ་བ་ལ་སོགས་པའི་ཚིག་བརྒྱད་ཀྱིས་ནི། དྲི་བ་རྣམ་པ་གསུམ་ལ། ཡོན་ཏན་བཞི་དང་ལྡན་པའི་ལན་བཏབ་པར་བསྟན་ཏེ། མི་ཤེས་པའི་དྲི་བ་ལ་ནི་དོན་དང་། མཚམས་སྦྱོར་བའི་དབང་དུ་བྱས་ནས། ཕྱིན་ཅི་མ་ལོག་པའི་དོན་དང་། མཚམས ་སྦྱར་བས་ལན་འདེབསོ།། འགལ་བའི་དྲི་བ་ལ་ནི་ཆོས་ཉིད་དང་སྔ་ཕྱིའི་དབང་དུ་བྱས་ནས། ཆོས་ཉིད་དང་མཐུན་པ་དང་། དགོངས་པ་བསྟན་པས་ལན་འདེབསོ།། གཉི་ག་འདྲི་བ་ལ་ནི་གོ་བར་བྱེད་པ་དང་། གདུལ་བ་ཇི་ལྟ་བ་བཞིན་དུ་སྟོན་པས ་ལན་འདེབ་སོ།། ཐོབ་པའི་དབང་དུ་བྱས་ནས་འཇིག་རྟེན་པའི་ཡོན་ཏན་མངོན་པར་སྒྲུབ་པ་དང་མཐུན་པ་དང་། འགྲུས་སྐྱོང་གི་འཕགས་པའི་ལམ་གྱི་ཚོགས་ཀྱི་ཕྱིར་ལན་འདེབ་སོ།། རྟག་ཏུ་བྱེད་པ་དང་བྱང་བར ་བྱེད་པའི་ཕྱིར་ན་འགྲུས་སྐྱོང་ཞེས་བྱ་བ་སྟེ། རྟག་ཏུ་གུས་པར་བྱེད་པས་ཟག་པ་རྣམས་ལས་སེམས་སྲུང་བར་བྱེད་པའི་ཕྱིར།། གཞན་ཡུད་ཚིག་འབྲུ་འབྱོར་པ་ནི་འབྲེལ་པས་བསྟན་ཏེ། སྔ་ཕྱི་མི་མཐུན་པ་མེད་པ་དང་རྗེས་སུ། ་མཐུན་པ་ནི་རྗེ་སུ་འཕྲོང་པོས་བསྟན་ཏེ། ཆོས་ཉིད་དང་མི་མཐུན་པ་མེད་པ་དང་ཐབས་དང་ལྡན་པ་ནི་མཚམ་པས་བསྟན་ཏེ། འདུལ་བའི་དུས་ལ་བབ་པ་དང་། མཐུན་པ་ནི་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཀྱིས་བསྟན་ཏེ། ་ས་པར་སྤྱོད་པ་དང་མཐུན་པས་གསལ་བར་བྱེད། དཔེར་ན་ཡན་ལག་ལྔ་དང་ལྡན་པའི་བསྟན་པ་ནི་སྔ་མ་ཕྱི་མས་གསལ་བར་བྱེད། ཟབ་པ་ནི་འབྲུག་སྒྲ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་བཞིན་དུ་ཚིག་བཞི་པོ་འདི་དག ་གིས་ཕྱི་མ་དྲང་བཅས་པར་སྟོན་པར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་ལེན་བཏབ་པར་བསྟན་ཏེ། དྲི་བ་ཐམས་ཅད་ལྔ་ཡང་སྔ་ཕྱི་མི་འགལ་བ་དང་། ཆོས་ཉིད་དང་མི་འགྲལ་བ་དང་། འདུལ་བ་དང་མི་འགལ་བ ་དང་། དམ་པ་འབྲེལ་པ་ཡི་ནོ།། ཐབས་མཁས་པས་སྟོན་པ་ནི་བསྟན་པའི་སྒོ་ནས་སྟོན་ཏེ། ཇི་ལྟར་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་འཆལ་པའི་ཚུལ་ཁྲིམས་སྤང་བའི་ཕྱིར་རིགས་པས་སྟོན་པ་བཞིན་དུ་སྦྱིན་པ་ཡང ་སྐྱེར་སྣ་སྤང་བའི་ཕྱིར་བསྟན་ཏོ།། ལོངས་སྤྱོད་གྲུབ་པ་ལ་བཟོ་དང་ལས་ཀྱི་གནས་རྣམ་པ་སྣ་ཚོགས་བསྟན་ཏེ། སྲུང་བའི་ཕྱིར་ནི་ཚོགས་ཆུང་ངུས་ནོར་དང་འབྲུ་བསྡུ་བའི་བྱ་བ་བསྟན་ཏོ།། བསྟན་པ་ལ་མ་ཞུགས་པ་རྣམས་ནི་དད་པ ་ཐོབ་པར་བྱ་བའི་སྒོ་ནས་འཇུག་པར་བྱེད་དོ།། ཞུགས་པ་རྣམས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་སྒོ་ནས་ངན་སོང་ལས་ཡང་དག་པར་འདིའ་བར་བྱ་བའི་ཕྱིར་ཡང་དག་ཕུལ་གྱི་ཆོས་སྟོན་ཏོ།། ལམ ་ཐོབ་པ་རྣམས་ལ་ནི་ཀུན་ཏུ་སྦྱོར་བ་ལྷག་མྱ་སྤང་བའི་སྒོ་ནུས་ཡང་སྲིད་པའི་སྡུག་བསྔལ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཐབས་མཁས་པས་སྟོན་ཏོ།། ཕན་འདོགས་པ་ལོ་ལན་དུ་ཕན་གདགས་པར་འདོད་པ་རྣམས ་ལ་ནི་ཡང་དག་པར་དགའ་བར་བྱེད་པ་སྔོན་དུ་བཏང་བའི་རྙེད་པ་དང་བཀུར་སྟིའི་ལན་དུ་ཕན་འདོགས་པ་མཉམ་པ་འམ། ལྷག་པས་ཉེ་བར་གནས་པས་དོན་བྱེད།། དེ་དག་ཉིད་ཀྱི་བྱ་བ་ལ་གྲོགས་མེད་པ་དེ་དག་ཉིད་ལ་ནི་གྲོགས ་བྱེད་དུ་འགྲོ་བར་བྱེད་དོ།། སྡུག་བསྔལ་བ་རྣམ་ལ་ནི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་དོ།། འཇིགས་པ་རྣམས་ལ་ནི་འཇིགས་པ་ལས་སྐྱོབ་པར་བྱེད་དོ།། སྡུག་བསྔལ་བར་གནས་པ་རྣམས་ལ་ནི་མྱ་ངན་བསང་བར་བྱེ།། ཡོ་བྱད་མེད ་པ་རྣམས་ལ་ནི་ཉེ་བར་སྒྲུབ་པར་བྱེད།། གནས་འདོད་པ་རྣམས་ལ་ནི་གནས་སྦྱིན་པར་བྱེད།། མཐུན་པར་བྱེད་པ་རྣམས་ལ་ནི་སེམས་དང་མཐུན་པར་བྱེདའོ།། ཡང་དག་པར་བསྐྱང་བ་རྣམས་ལ་ནི་ཡང་དག་པར་དགའ་བར་བྱེད་དོ།། ་ལོག་པར་ཞུགས་པ་རྣམས་ལ་ནི་ཚུར་གཅད་པར་བྱེད།། ཞེ་འགྲས་པ་རྣམས་ལྔ་ནི་བསྟན་པ་ལ་འདུན་པར་བྱེད་པས་གྲོགས་བྱེད་དེ། དེ་ལྟར་ན་ཡང་དག་པར་སྒྲུབ་པ་རྣམས་བཅུ་གཅིག་གིས་དེ་རྣམས་ཀྱི་དོན་བྱེད་དོ། ་འཇིགས་པའི་སྐྱབས་བྱ་བ་ནི་མདོར་བསྡུ་ན་རྣམ་པ་བཅུ་སྟེ། དུད་འགྲོར་གྱུར་པའི་སེམས་ཅན་གྱི་འཇིགས་པ་ལས་སྐྱོབ་པར་བྱེད་པ་དེ་ཡང་རྣམ་པ་གཉིས་ཏེ། ཐང་ལ་གནས་པ་དང་ཆུ་ན་གནས་པའོ།། མི་འཇིགས་པ་ལས་སྐྱོབ་པར ་བྱེད་དེ། མི་རྣམས་ཀྱི་འཇིགས་པ་ཉེ་བར་སྒྲུབ་ནུས་པ་ལ་ཡང་རྣམ་པ་བཞི་ཡོད་དེ། བདག་གིས་ཡུལ་ན་ཆད་པས་བཅད་པ་དང་། ནན་ཐུར་དུ་བྱ་བའི་མཐུ་ཡོད་པའི་ཡུལ་གྱི་བདག་པོ་དང་། མཐུ་འམ་འཇབ་བུས་ནོར་འཕྲོག་པའི་རྐུན ་འཇོམས་རྣམས་དང་། ལོངས་སྤྱོད་ལྔ་སོགས་པའི་བར་ཆད་བྱེད་པའི་ངགྲ་རྣམས་དང་། དངོས་པོ་ཚད་ངེས་པའི་བདག་པོ་ཐོབ་པའི་རྗེ་དཔོན་རྣམ་སོ།། ཅེས་པ་དང་མི་ལྡན་པ་ནི་རྣམ་པ་གསུམ་སྟེ། ཡོ་བྱད་དང་མི་ལྡན་པའི་ཕྱིར ་འཚོ་བ་མེད་པའི་འཇིགས་པ་དང་། ལེགས་པར་སྤྱོད་པ་དང་མི་ལྡན་པའི་ཕྱིར་མི་སྙན་པའི་འཇིགས་པ་དང་སྨྲ་བའི་བྱ་བ་དང་མི་ལྡན་པའི་ཕྱིར་འཁོར་དུ་བག་ཚ་བའི་འཇིགས་པའོ།། མི་མ་ཡིན་པ་ལས་གྱུར་པ་ནི་རྣམ་པ ་གཉིས་ཏེ། སྐྱེ་བའི་ཁྱད་པར་གྱིས་བསྐྱེད་པ་དང་། རིག་སྔགས་ཀྱི་ཁྱད་པར་གྱིས་བསྐྱེད་པའོ།། སྡུག་བསྔལ་བ་ཡང་རྣམ་པ་གཉིས་ཏེ། གཉེན་བཤེས་ཀྱི་སྡུག་བསྔལ་བ་དང་། ལོངས་སྤྱོད་ཀྱི་སྡུག་བསྔལ་བའོ།། དེ་ལ་གནས ་སྐབས་ཀྱི་ལོག་པར་བརྗོད་པའི་རྒྱུའི་རྟོག་པ་ནི་མྱ་ངན་ནོ།། སྐྱེས་གནས་དང་དགོས་པ་དང་འབྲེལ་པ་དང་ལྡན་པའི་ཕྱིར་གཉེན་བཤེས་རྣམ་པ་ལྔ་ཡོད། དེ་དག་ཤི་བ་ལས་གྱུར་པའི་མྱ་ངན་ལ་ནི། སེམས་ཅན་ཐམས་ཅད་ཀྱི་རིས ་མཐུན་པའི་མི་རྟག་པར་བསྟན་པས་དེ་སེལ་བར་བྱེའོ།། རབ་ཏུ་བྱུང་བའི་ཕྱོགས་ཀྱི་བླ་མ་ཤི་བ་ལས་གྱུར་པ་དེ་དག་ལ་ཡང་རྣམ་པ་གསུམ་སྟེ། སློབ་དཔོན་དང་མཁན་པོ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམ་སོ།། ལོངས་སྤྱོད ་ཞིག་པ་ནི་ལོངས་སྤྱོད་ཀྱི་སྡུག་བསྔལ་བའོ།། ཞིག་པ་ཡང་མི་རྟག་པ་རྣམ་པ་གསུམ་གྱིས་འགྱུར་ཏེ། དབང་གིས་འཇིག་པའི་མི་རྟག་པས་གྱུར་པ་ནི་གང་གི་ཕྱིར། རྒྱལ་པོས་ཕྱོགས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་དང། ་མི་མཐུན་པའི་རྐྱེན་བྱུང་བས་འཇིག་པའི་མི་རྟག་པས་གྱུར་པ་ནི། གང་གྲི་ཕྱིར་མེས་ཚིག་ཅེས་བྱ་བ་ལ་སོགས་པ་དང་། གནས་མི་མཐུན་པ་ལས་ནི་བྲལ་བའི་མི་རྟག་པས་འཇིག་པའོ།། སྦྱོར་བ་མི་མཐུན་པ་ལས་ནི་མ་གྲུབ་པ ་ལས་གྱུར་པ་དང་། སྐལ་བས་ཉེས་པ་ལས་གྱུར་པ་ནི་རང་གི་ངང་གིས་འཇིག་པཱ་སྟེ། དེའི་མྱ་ངནྡ་ནཽ་འདུ་བྱེད་རྣམས་མི་རྟག་པར་བསྟན་པས་སེལ་བར་བྱེ།། དེ་ལས་སྐྱེས་པའི་མྱ་ངན་ལ་ཡོད་ཕ་མ་ཤི་བ་ལས་གྱུར་པ་དང་། བུ་དང་། ་ཆུང་མ་ཤི་བ་ལས་གྱུར་པ་རྣམས་ནི་ཆེ་བའོ།། བྲན་ལ་སོགས་པ་ལ་ནི། དགོས་ཤིང་ཅེས་པའི་སྒོ་ནས་ཅི་རིགས་པར་རྣམ་པ་གསུམ་དུ་འགྱུར་རོ།། རྫས་རྣམས་ལ་ཡང་ཡོ་བྱད་བསྒྲུབ་པར་བྱ་བའི་ཚུལ་ཁྲིམས་སྔོན་དུ་བཏང་སྟེ། སྡུག ་བསྔལ་རྣམ་པ་བཞིའི་གཉེན་པོར་བསྟན་པ་ཡང་དེ་དང་འདྲའོ།། ཡོངསུ་སྡུད་པའི་ཚུལ་ཁྲིམས་ནི་བསམ་པ་ཕུན་སུམ་ཚོགས་པ་དང་ཟང་ཟིང་སྒྲུབ་པས་བསྟན་ཏོ།། བསམ་པ་ཕུན་སུམ་ཚོགས་པ་ནི་ཟང་ཟིང་མེད ་པའི་གཏོང་བས་བསྟེན་ཏོ།། ཟང་ཟིང་གི་ལོངས་སྤྱོད་ནི་རྣམ་པ་གཉིས་ཏེ། གཞན་ལས་བསླངས་པ་དང་། ཐུན་མོང་དུ་ལོངས་སྤྱོད་པའོ།། སེམས་དང་མཐུན་པའི་ཚུལ་ཁྲིམས་ནི། བསྟན་པ་དང་རྒྱུས་པའི་སྒོ་ནས་རིག་པར་བྱ་སྟེ། ་བསྟན་པ་ནི་སེམས་ཅན་རྣམས་ཀྱི་མོས་པ་དང་། ཁམས་ཀྱི་དབང་གིས་དེ་ལྟ་དེ་ལྟ་བུར་སྒྲུབ་པར་བསྟན་པ་སྟེ། གཞུང་ལས་བྱུང་བ་བཞིནོ།། དེ་ལ་བསམ་པ་ནི་སེམས་པའོ།། རང་བཞིན་ནི་མོས་པའོ།། ཁམས་ནི་བག་ལ་ཉལ་བའོ།། ་ལུས་དང་ངག་གི་སྦྱོར་བ་གང་གིས་གཞན་དག་གིས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་སྐྱེ་བར་འགྱུར་ལ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དེ་ཡང་གལ་ཏེ་དེ་དག་ལ་ཕན་པ་དང་བདེ་བར་མི་འགྱུར་ན་ནི་བྱང་ཆུབ་སེམས ་དཔཱ་སཱ་སྱོ་སོཪྵ་རྟགས་ཏེ། བདག་ཉིད་གཞན་དག་ལཱ་ཡང་ཕན་པཱ་མེད་པའི་ཕྱིར་འཇུག་པར་མི་བྱེད།། གལཱ་ཏེ་ཕན་པ་དང་བདེ་བར་འགྱུར་བ་ཞིག་ཡིན་ན་ནི་མཐུན་པར་འཇུག་པར་མི་བྱེད། ཡོངསུ་འགྱུར་བའི་ཚེ་དེ་དག་ཉིད་ལ་བདེ ་བའི་ཕྱིརརོ།། སྙིང་བརྩེ་བའི་སེམས་ཀྱིས་ནི་བྱེད་པ་ཉིད་དོ།། དེ་བཞིན་དུ་གཞན་གྱི་སྦྱོར་བ་ལ་ཡང་། གཞན་གྱི་སེམས་དང་མཐུན་པར་བྱ་བའི་ཇི་སྐད་བསྟན་པའི་མཚན་ཉིད་ལ་མཐུན་པར་འཇུག་པར་ཡང་མི་བྱེད་ལ། མིཐུན ་འཇུག་པར་ཡང་བྱུད་དེ། མདོར་བསྡུ་ན་བདུག་ཉིད་དང་གཞན་ལས་བལྟོས་ཏྭེ་རྗེསུ་འཇུགོ། བདག་ཉིད་ཀྱི་ལུས་དང་དྲགྣ་གི་ཀུན་ཏུ་སྤྱོད་པ་དེ་ཡང་དེ་བཞིན་གཤེགས་པས་བཅས་པའི་བཅས་པའི་བསླབ་པའི་གཞི་གཏོག ་པཱ་ཡང་མ་ཡིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ན་ནི་གཞན་གྱི་སེམས་བསྲུང་བའི་ཕྱིར་ཏེ་གཏོང་བར་བྱེའོ།། དེ་ལས་ཟློག་པ་ནི་གཏོང་བར་མི་བྱེ་།། བདག་ལ་བལྟོས་པ་ཡང་དེ་དང་འདྲའོ།། ། ་ཇི་ལྟར་དེ་ཕ་རོལ་གྱི་བསམ་པ་ལས་བལྟོས་ནས་ལུས་ངག་གི་ཀུན་ཏུ་སྤྱོད་པ་གཏོང་ཞིང་གཞན་དག་གིས་བདེ་བ་དང་སྡུག་བསྔལ་སྐྱེ་བའི་སྒོ་ནས་ཕུན་པ་དང་བདེ་བའི་ཕྱིར་འཇུག་ཅིང་མི་གཏོང་ལ། དེ་ལས་བཟློག་པ་ལ་ནི་གཏོང ་བར་བྱེད་ཅེ་ན། གཅིག་ལ་རྣམ་པར་འཁྲུགས་ན་ཐམས་ཅད་ལ་གནོད་པར་གྱུར་པའི་ཕྱིར་དགའ་བར་བྱ་བ་ཡང་མི་བརྗོད་།། ཤད་ཀྱིས་སྦྱངས་པ་ནི་བཟོད་པར་གསོལ་བའོ།། མི་སྨྲ་བ་ལ་ཞེས་བྱ་བ་ནི་ངོམ་ཟུང་ཅན་འཇིག་རྟེན་གྱི་ཚུལ་མི ་ཤེས་པ་ལྔ་ཡང་བདག་ཉིད་གསོང་པོར་སྨྲ་བ་ཡིན་པའི་ཕྱིར། ཡང་དག་པར་དགའ་བོར་བྱེད་ན་དེ་ལས་བཟློག་པུ་ལྱཱ་ལ་ལོས་ཀྱང་བྱེད་མོད། འཁྲུག་པར་བྱེད་ཅེས་བྱ་བ་ནི། ཕ་རོལ་གྱི་སྡུག་བསྔལ་སྐྱེ་བ་སྤང་བས་དེ་དག་ཉིད ་ལ་ཕན་པའི་ཕྱིར་ཚར་གཅོད་པར་བྱེད་པ་ནི་ཟད་ཞེས་བྱ་བ་འདིས་བསྟན་ཏོ།། འཕྱ་བར་ཡང་མོ་བྱེད་ཅེས་བྱ་བ་ནི། སྐྱེ་བོ་མང་པོའི་ནང་དུ་སྨེ་དབབ་པའི་རྒྱུ་ཡིན་པའི་ཕྱིར།། གནས་མ་ཡིན་པར་བགྱོད་པ་སྐྱེད་པར་ཡང་མི་བྱེད། ཡང་མི ་བདེ་བའི་གནས་ཡིན་པའི་ཕྱིརརོ།། འཆད་པའི་གནས་ཀྱིས་ཀྱང་གླེང་བར་མི་བྱེད་ངོ་ཚ་བར་བྱ་བ་ཡིན་པའི་ཕྱིརོ།། དགའ་བའི་ཤས་ཆུང་བ་རྣམས་ལ་ཡང་བདག་ལ་སྟོད་པར་མི་བྱེད་དེ། ཞུམ་པའི་རྣམ་པ་རྒྱུའི་ཡིན་པའི་བྱ། ་རྣམ་པ་གསུམ་གྱི་སྒོ་ནས་བསྟེན་པའི་ཉེས་པ་སྤངས་པ་ནི་འབྲེལ་བུ་གཅོད་པའི་ཕྱིརརོ།། མཛའ་བོ་ལ་སྨོད་པར་ཡང་མི་བྱེད་མི་མཛའ་བའི་བསྔགས་པ་ཡང་མི་བརྗོད་ཅེས་བྱ་བཱ་ནཱི། དེ་དག་མི་དགའ་བར་འགྱུར་བའི་ཕྱིརརོ།། ལྷན་ཅིག ་གནས་པ་བཞིན་དུ་ཡང་རྟོན་པར་ཡང་མི་བྱེད། དེ་དག་གི་སེམས་ཀྱི་མཚན་མ་གཞན་དག་ཏུ་འགྱུར་བའི་ཕྱིརརོ།། རྒྱུན་དུ་སློང་བར་བྱེད་པ་ཡང་མི་བྱེད། སྐྱོ་བའི་གནས་ཡིན་པའི་ཕྱིརརོ།། རང་གི་བྱིན་ན་ཡང་ཚོད་ཤེས་པ་ཡིན་ཏེ། འབྱིན ་པའི་འོག་ཏུ་ཡང་ཁྱད་དུ་གསོད་པའི་སེམས་སྐྱེ་བར་འགྱུར་བའི་ཕྱིརརོ།། འགྲོན་དུ་བོས་ནས་ཡང་སྤོང་བར་མི་བྱེད་འདོད་པས་ཕོངས་པར་གྱུར་པ་སྤང་བའི་ཕྱིརརོ།། དེ་དག་ཅི་ནས་འདོད་པས་ཕོངས་པར་མི་འགྱུར་བ་དེ་ལྟ་བུར་ཡང་ཤད ་ཀྱིས་སྦྱང་བར་བྱེདདོ།། ཡང་དག་པར་དགའ་བར་བྱ་བའི་ཚུལ་ཁྲིམས་ནི་འཇུག་པ་དང་བཅས་པའི་མངོན་པར་མཐོ་བའི་རྒྱུ་དང་། ཡང་དག་པར་བླངས་པ་དང་ངེས་པར་ལེགས་པའི་རྒྱུ་སྟེ། ཡང་དག་པར་བླང་བའི་དབང་དུ་བྱས་ནས་དེ་ལ ་དད་པས་འཇུག་པའོ།། མངོན་པར་མཐོ་བའི་རྒྱུ་ནི་ཚུལ་ཁྲིམས་དང་གཏོང་སྟེ། བདེ་འགྲོའི་ལུས་དང་ལོངས་སྤྱོད་ཀྱི་རྒྱུ་ཡིན་པའི་ཕྱི་རོ།། ཐོས་པ་ནི་ཤེས་རབ་འདྲེན་པ་ཡིན་པར་རིག་པར་བྱའོ།། ཤེས་རབ་ཀྱང་ངེས་པར་ལེགས་པའི་རྒྱུ་ཡིན།། ་ཚར་བཅད་པའི་ཚུལ་ཁྲིམས་ནི་དགའ་བ་རྣམ་པ་གསུམ་ལས་ཚར་བཅད་པ་རྣམ་པ་གསུམ་དུ་སོ་སོ་སྦྱར་བར་རིག་པར་བྱའོ།། བསོད་ནམས་མ་ཡིན་པ་ཡོངསུ་འཛིན་པར་འགྱུར་ཞེས་བྱ་བ་ནི་མི་རིགས་པར་དད་པས་བྱིན་པ་ལོངས་སྤྱོད ་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་ལས་ཕྱག་བྱ་བ་ལ་སོགས་པ་བདག་གིར་བྱེད་པའི་ཕྱིརརོ་ཞེ་འགྲོས་པ་རྣམས་ལ་ནི་མདོར་བསྡུ་ན་སྒྲུབ་པ་རྣམ་པ་གཉིས་ཡོད། ཉེས་པར་སྤྱད་པ་སྤྱོད་པ་རྣམས་ལ་ནི་དེ་དག་ལ་སྐྱོ་བ་བསྐྱེད ་པའི་ཕྱིར་ཉེས་པར་སྦྱོར་བའི་འབྲས་བུ་ཡང་དག་པར་སྟོན་ཏོ།། འཁོར་ཆེན་པོའི་ནང་དུ་བྱང་ཆུབ་སེམས་དཔའ་ལ་གནོད་པར་བྱ་བའི་བསམ་པས་མི་སྨྲ་བ་ལ་ཕྱིར་དྲིས་པའི་ལན་ལྡོན་དུ་གཞུག་པའི་ཕྱིར། རྫུ་འཕྲུལ་གྱི་སྟོབས ་ཀྱིས་སྤྲུལ་པའི་གཟུགས་འཇིགས་པ་བསྟན་པས་སྐྲག་པར་བྱས་ནས། དྲི་བ་ལན་འདེབ་སུ་གཞུག་པ་དང་། དེའི་སྒོ་ནས་སྐྱེ་བོ་ཕལ་པོ་ཆེ་འདུ་བའི་ཕྱིརརོ།། རྫུ་འཕྲུལ་བྱ་བས་ཀྱང་འདུན་པར་བྱེད། ཐུན་མོང་བ་དང་ཐུན་མོང་མ ་ཡིན་པས་འདུན་པར་བྱས་ནས་སྒྲུབ་པ་ལ་དགོད་པའི་ཕྱིར་ཡང་དག་པས་དགའ་བར་བྱས་ནས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བསླབ་པའི་དངོས་པོའི་ཚོགས་མཐའ་ཡས་པ་བསྡུས་པས་ན་ཚུལ་ཁྲིམས་ཀྱི་ཕུང ་པོའོ།། བསོད་ནམས་དཔག་ཏུ་མེད་པའི་ཚོགས་བསྡུས་པས་ན་བསོད་ནམས་ཀྱི་ཕུང་པོའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཐམས་ཅད་རྒྱས་པར་བསྟན་ནས། ད་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ ་པ་ཡང་དག་པར་བླང་བའི་ཆོ་ག་བསྟན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་ཕྱོགས་གཉིསུ་གཏོགས་པ་སྟེ། དེ་བས་དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་འམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་དཔེར་ན་སྐྱབསུ་སོང་བ་ཉི་ཚེ་ལ་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླང་བ་ཡོད་པ་དེ་བཞིན་དུ་སེམས་བསྐྱེད་པ་ལ་ཡང་དག་པར་བླང་བ་ཡོད་པར་འགྱུར་བའི་ཕྱིར། སྨོན་ལམ་བཏབ་པས་ཞེས་སྨོསོ།། དཔེར་ན་ཉན ་ཐོས་ཀྱི་ཚུལ་ཁྲིམས་གང་སྨད་དུ་མེད་པ་ལ་ཡང་དགེ་པར་བླང་བ་དེ་བཞིན་དུ་འདི་ལ་ཡང་དེ་དང་འདྲ་བར་བསྟན་པའི་ཕྱིར་ཆོས་མཐུན་པ་པ་ཞེས་སྨོས་སོ།། དེ་ཡང་ཤེས་པ་ལས་གནོད་པར་བསྟན་པའི་ཕྱིར། མཁས་པ་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། ངག་གི་རྣམ་པར་རིག་བྱེད་ཀྱི་དོན་ནི་ཚིག་འབྲུའི་སྒོ་ནས་འཛིན་ནུས་པའོ།། དོན་གྱི་སྒོ་ནས་ནི་གོ་པར་ནུས་པའོ།། གུས་པ་ཡོད་པ་ལ་སྡོམ་པ་སྐྱེ་བར་འགྱུར་གྱི། གུས་པ་མེད་པ་ལ་ནི་མི་སྐྱེ་བས་ན། གུས་པའི ་བསྙེན་བཀུར་གྱི་རིམ་པ་བྱསྟེན་པའི་ཕྱིར་རྐང་པ་གཉིས་ལ་ཐོག་མ་རུ་ཕྱག་བྱས་ནས་ཞེས་སྨོས་སོ།། འདོད་པ་ལ་སྡོམ་པ་སྐྱེའི་མི་འདོད་པ་ལ་མ་ཡིན་པས་ན་གསོལ་བ་གདབ་པར་བྱ་སྟེ་ཞེས་སྨོསོ།། གསན་ཅིང་སྩལ་པའི་རིགསོ ་ཞེས་བྱ་བ་ནི་བདག་གི་གསོལ་བ་གསོན་ལ་སྩོལ་ཞིག་ཅེས་བྱ་བའི་ཐ་ཚིག་གོ།། ཉན་ཐོས་རྣམས་ཀྱི་སྡོམ་པ་ནི་ཚོགས་རྣམས་འདུས་པ་ཙམ་ལ་གུས་པར་བྱ་བས་ཐོབ་པར་འགྱུར་གྱི། སྡོམ་པ་འདི་ནི་དེ་ལས་ཆེས་ཁྱད་པར་དུ ་འཕགས་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་བྱ་བ་སྔོན་དུ་བཏང་བས་ཐོབ་པར་འགྱུར་བས་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། ཡེ ་ཤེས་ཆེན་པོ་དང་མཐུ་ཆེན་པོ་ཐོབ་པ་རྣམས་ཞེས་བྱ་བ་ནཱི་ས་ཆེན་པོ་ལ་ཞུགས་པ་ཤོ་སྟག་ཡིན་པར་བསྟན་ཏོ།། མཆོད་པ་ཞེས་བྱ་བ་ནི་ཙཱི་ནུས་ཀྱིས་མེ་ཏོག་དང་སྤོས་ལ་སོགས་པའི་མཆོད་པ་དང་། ལུས་ཀྱིས་ཀྱང་ཕྱག་བྱས་ནས ་བྱ་བའི་ཐ་ཚིག་གོ། ཡོན་ཏན་རྣམས་ཀྱང་ཞེས་བྱ་བ་ནི། སྡོམ་པ་འདི་ལྟ་བུ་དང་ལྡན་པ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ནི་དེ་ལྟ་བུ་ཡིན་ཞེས་ཐུན་མོང་མ་ཡིན་པའི་ཡོན་ཏན་རྗེསུ་དྲན་པར་བྱས་ནས། དེ་ལྟར་ལུས་དང་ངག་དྲང ་ཡིད་ཀྱིས་མཆོད་པ་བྱ་བར་བསྟན་ཏོ།། སྡོམ་པ་དེ་མཆོག་ཏུ་དགེ་བའི་བསམ་པས་བསྐྱེད་པ་ཡིན་པའི་ཕྱིར་སྙིང་ནས་ཞེས་སྨོས་སོ།། ཆུང་ངུ་ཡང་ཞེས་བྱ་བ་ནི་ངེས་པ་མེད་པར་བསྟན་པ་སྟེ། གལ་ཏེ་ནུས་པ་དང་རྒྱུའི་སྟོབས་ཡོད་ན་ནི ་སྒྱིང་ནས་བྱ་བ་འམ། དེ་ལྟ་མ་ཡིན་ན་ནི་ཆུང་ངུས་བྱ་བའོ།། གལ་ཏེ་ཁྱིམ་པ་ཡིན་ན་ནི་རིགས་ཀྱི་བུ་ཞེས་བྱ་བ་དང་། གལ་ཏེ་གཞོན་པ་ཞིག་ཡིན་ན་ནི་ཚེ་དང་ལྡན་པ་ཞེས་བྱ་བ་དང་། གལ་ཏེ་རྒན་པ་ཞིག་ཡིན་ན་ནི་བཙུན་པ་ཞེས ་ཚིག་གི་རིམ་པ་ཡི་ནོ།། སྡོམ་པ་ཡང་དག་པར་བླང་བ་དེ་རྙེད་པ་ཆེ་བ་ཡིན་པར་རྗེསུ་དྲན་པ་དང་། བདག་ཉིད་ཀྱིས་དེ་ཐོབ་པར་འགྱུར་བར་སེམས་བཞིན་དུ་ཅང་མི་སྨྲ་བར་བྱའོ།། དཔེར་ན་ཉན་ཐོས་ཀྱི་སྡོམ་པ་ལ་སྐྱབསུ་སྔོན་དུ་འགྲོ་བ་དེ ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡང་སྨོན་ལམ་སྔོན་དུ་འགྲོ་བར་བྷསྟན་པའི་ཕྱིར། བསྟན་པར་བྱ་བའི་དོན་དུ་སྨོན་ལུམྦུ་འདྲི་བར་བྱེད་དོ།། ནོད་དམ་ཞེས་ཀྱང་འདྲིའོ།། བསླབ་པའི་གནསུ་གྱུར་པས་ན་བསླབ་པའི ་གཞི་རྣམས་ཏེ། དེ་ལྟར་གནས་ཀྱི་སྒོ་ནས་བསྟན་ནས། བྱང་ཆུབ་སེམས་དཔེའི་ཚུལ་ཁྲིམས་ཐམས་ཅད་ཞེས་བྱ་བ་ལ་སྩོགས་པས་ངོ་བོ་ཉིད་བསྟན་ཏོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངེས་པ་ཡིན ་པའི་ཕྱིར། དུས་གསུམ་དུ་ཡང་དག་བླངས་པ་ལ་བདག་དབང་དུ་གྱུར་པར་མཁྱེན་པས་གསོལ་ལོ།། ཆོས་ཉིད་ཅེས་བྱ་བ་ནི་སྡོམ་པ་ཡང་དག་པར་བླང་བའི་ཆེ་བ་ཉིད་ཀྱི་ཁྱད་པར་གདོན་མི་ཟ་བར་ཡོད་པའི་ཕྱིར་དང་། སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་ལ་དགོངས་པོ་འི་ཁྱད་པར་གྱི་ཕྱིརརོ།། དེ་ལྟ་བུའི་ལྟས་ཞེས་བྱ་བ་ནི་གྲངན་ཀུན་ཏུ་གཡོ་བའི་ལྟ་སོ།། ལྟས་ངེས་བསྐུལ་ན་ངེས་པར་འདི་སྙམ་དུ་དགོངས་པར་འགྱུར་ཏེ། སྐད་ཅིག ་འདི་ལ་གཅིག་ཅིག་གིས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་ན་འཇིག་རྟེན་གྱི་ཁམས་གང་དུ་སུ་ཞིག་གིས་བླངས་སྙམ་དུ་དགོངས་པར་འགྱུར་ཏེ། དེ་སྔོན་དུ་བཏང་བའི་ཡེ་ཤེས་ཀྱིས་གཟིགས་པ་ནི་ཡེ་ཤེས ་གཟིགས་པ་ཡི་ནོ།། གཅིག་ཏུ་ན་ཡེ་ཤེས་ཉིད་གཟིགས་པ་ཡིན་ཏེ། མངོན་སུམ་དུ་འཇུག་པའི་ཕྱི་རོ།། བུ་དང་འདྲ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱིའོ།། སྤུན་དང་འདྲ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། བར་ཆད་མེད ་པར་དོན་གྲུབ་པར་འགྱུར་བའི་ཕྱིར་དགོངས་པ་བཟུང་པོས་སོ་སོ་ནས་ཐུགས་བརྩེ་བར་མཛད་དོ།། དེ་དག་གིས་བཏང་སྙོམསུ་མ་མཛད་པས་ན་འཕེལ་བ་ཉིད་དོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་ཐུགས་སུ ་ཆུད་པ་ཞེས་བྱ་བ་ནི་མཁྱེན་ཅེས་བྱ་བའི་ཐ་ཚིག་གོ།། སྡོམ་པ་ཡང་དག་པར་བླང་བ་ཐམས་ཅད་ལས་ཆེས་བླ་མར་གྱུར་པ་དང་། ཆེས་གྱ་ནོམ་པར་གྱུར་པའི་ཕྱིར་ཁྱད་པར་དུ་འཕགས་པ་ཡི་ནོ།། ཁྱད་པར་དུ་འཕྲུགས་པ་ཉིད ་ཀྱང་རྣམ་པ་བཞིས་བསྟོན་ཏེ། དེ་ལྟོས་ཆེས་གྲོང་མར་གྱུར་པ་མེད་པས་ན་བླ་ན་མེད་པའོ།། བསོད་ནམས་ཀྱི་འབྲས་བུ་དཔག་ཏུ་མེད་པས་བསྡུས་པ་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པའོ།། སེམས་ཅན ་ཐམས་ཅད་ལྔ་ཕན་པ་དང་། བདེ་བའི་ལྷག་པའི་བསམ་པས་བསྐྱེད་པས་ན། སེམས་ཀྱི་བསམ་པ་མཆོག་ཏུ་དགེ་བས་བསྐྱེད་པའོ།། སེམས་ཅན་ཐམས་ཅད་ཀྱི་གནས་ལ་ནི་ཉེས་པ་སྤྱོད་པ་རྣམ་པ་ཐམས་ཅད་ཀྱི་གཉེན ་པོར་གྱུར་པའི་སྡོམ་པ་དང་ལྡན་ན་སེམས་ཅན་ཐམས་ཅད་ཀྱི་གནས་ལ་རྣམ་པ་ཐམས་ཅད་དུ་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་མི་སྤྱོད་དེ་འཇུག་པར་མི་བྱེདདོ།། དེའི་གཉེན་པོར་གྱུར་པ་ཁྱད་པར་དུ་འཕགས་པ ་ཉིད་དོ།། སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་དབྱེ་བས་སྟོན་ཏོ།། ཡང་དག་པར་བླང་བའི་ཚུལ་ཁྲིམས་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྗེསུ་བསྲུང་བའི་ཐབས་ནི་བདག་ཉིད་ཀྱང་ཞེས ་བྱ་བ་ལ་སོགས་པས་སྟོན་ཏོ།། བདག་གི་བློའི་སྟོབས་ཀྱིས་བྱ་བ་དང་མི་བྱ་བ་ཉེས་པར་བརྟག་ཅིང་ལུས་ལ་སོགས་པས་བསྒྲུབ་པར་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཆ་ཡི་ནོ།། དེ་བཞིན་དུ་བསྒྲུབ་པ ་ཉིད་ནི་བསླབ་པའོ།། རྒྱས་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དམ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་བསྟན་པ་ལས་མཉན་པ་དེ་ལྟ་བུར་རྗེསུ་སྲུང་བ་དང་ཚུལ་ཁྲིམསུ་བསྟན་པ་ཡི་ནོ།། ཁྱད་པར་དུ་འཕགས་པའི་འབོག ་པར་བྱེད་པ་ལུས་གནོད་པར་བྱ་བར་བསྟན་པའི་ཕྱིར། འབོགས་པར་བྱེད་པའི་ཁྱད་པར་ཉེས་པ་ཡོངསུ་སྤངས་པའི་སྒོ་ནས་དད་པ་ལ་སོགས་པས་བསྟན་ཏོ།། དད་པ་ཉིད་ནི་སྡོམ་པ་འདི་ལ་མོས་པའི་སྟོབས་བསྐྱེད་པ་དང་ལྡན ་པའི་ཕྱི་རོ།། དེའི་མི་མཐུན་པའི་ཕྱོགས་ཀྱིས་ནི་དད་པ་མེད་པ་ཉིད་སྟོན་ཏོ།། མ་མོས་པ་ནི་ངང་པ་ཆེན་པོ་ས།། མི་འཇུག་པ་ནི་འབྲིང་གིས་སོ།། མི་རྟོགས་པ་ནི་ཆུང་ངུསོ།། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཀྱིས་གནས ་པས་ཉེས་པ་རྣམ་པ་དྲུག་དང་ལྡན་པ་ལས་ཀྱང་གནོད་པར་མི་བྱ་བར་བསྟན་པ་ལ་ལུས་དང་ལོངས་སྤྱོད་ལ་ལྟ་བ་ཀུན་ཏུ་སྤྱོད་པས་ན་བརྐམ་ཆགས་ཅནོ།། དེའི་དབང་དུ་གྱུར་པས་ན་ཚུགས་པས་ཟིལ་གྱིས་ནོན་པ་སྟེ། དེ་ལྟ་བུ་ནི ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་དང་དུ་ལེན་པའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པོའི་མི་མཐུན་པའི་ཕྱོགས་ཀྱི་དབང་དུ་བྱས་ནས། ཚུལ་ཁྲིམས་ཉམས་པ་ཞེས་སྨོས་ཏེ། འཆལ་པའི་ཚུལ་ཁྲིམས་ནི་རྣམ ་པ་གཉིས་ཀྱིས་བསྟན་ཏེ། རྩུ་བའི་ཉེས་པ་བྱེད་དེ་མ་ལྷས་པར་ཆད་པའི་ཕྱིར་ནི་ཚུལ་ཁྲིམས་ཉམས་པ་ཞེས་སྨོ་སོ།། ལྷག་མ་དང་བཅས་པའི་ཉེས་པ་སྤྱོད་དེ་ཉམས་པར་བྱས་པའི་ཕྱིར་ནི། བསླབ་པ་དག་ལ་གུས་པར་མི་བྱེད ་ཅེས་སྨོསོ།། གུས་པར་མི་བྱེད་པ་ཉིད་ནི་ལྷོད་པའོ།། མཱི་བཟོད་པ་ནི་བསམ་པ་དང་སྦྱོར་བའི་སྒོ་ནས་བསྟན་ཏེ། གནོད་པ་བྱེད་པ་ལ་ཞུགས་པའི་ཚེ་སེམ་ས་འཁྲུགས་པ་ནི་ཁྲོ་བའོ།། དེ་ཕྱིན་ཆད་གནོད་པ་དྲན་པའི་ཚུལ་གྱིས ་ཡང་དང་ཡང་དུ་སེམས་འཁྲུག་པས་ན་ཁོན་དུ་འཛིན་པའོ།། དགེ་སྦྱོང་གི་ཆོས་རྣམ་པ་བཞིའི་མི་མཐུན་པའི་ཕྱོགས་ཚུལ་གྱིས་ནི་ཉེས་པ་མི་བཟོད་པའོ།། དགེ་བའི་ཕྱོགས་ལ་སེམས་སྤྲོ་བ་མེད་པས་ན་སྙོམ་ལས ་ཅན་ནོ།། མི་མཐུན་པའི་ཕྱོགས་ལ་དགའ་བས་ན་ལེ་ལོ་ཙ་ནོ།། མི་མཐུན་པའི་ཕྱོགས་ལ་དགའ་བ་ཉིད་ནི་ཤས་ཆེར་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། སེམས་རྣམ་པར་གཱ་ཡེངས་པ་ནི་ཞི་གནས་ལ་སོགས་པ་སྒོམ་པ ་ལ་སེམས་གན་སུ་མི་བཏབ་པའི་ཕྱི་རོ།། འཆལ་པའི་ཤེསྣ་རབ་ནི་རྣམ་པ་གཉིས་ཀྱིས་བསྟནཱ་ཏེ། ཀུནྡ་ཏུ་སྤྱད་པ་ལས་ནི་བརྟུལ་བ་དང་རྨོངས་པའི་རང་བཞིན་ཅན་ཞེས་སྨོས་ཏེ། ལེགས་པར་བཤད་པ་ལ་སོགས་པའི་དེ ་ཁོ་ན་བདག་ཉིད་ཀྱིས་ཡོངསུ་ཤེས་པར་མི་ནུས་པས་ན་ཡིད་རྟུལ་བའོ།། གཞན་ལས་ཐོ་སུ་ཟིན་ཀྱང་ཡོངས་ཤེས་པར་བྱེད་མི་ནུས་པས་ན་རྨོངས་པའི་རང་བཞིན་ཅན་ཏེ། དེ་ལྟ་ན་ཀུན་ཏུ་སྤྱོད་པ་ལས་བསྟན་ཏོ།། རང་བཞིན ་གྱིས་རྨོངས་པར་འདུག་པ་ཉིད་ནི་ཞུམ་པ་ཞེས་བྱ་བྱས་བསྟན་ཏོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ལ་སོགས་པས་ནི་རྒྱུ་ཡོངསུ་འཛིན་པ་ལས་འཆལ་པའི་ཤེས་རབ་སྟོན་ཏེ། དམ་པའི་ཆོས་ལ་སྐུར ་པ་བཏབ་པས་ནི་ཚེ་རབས་གཞན་རྣམསུ་ཡང་ཤེས་རབ་འཆལ་པར་འགྱུར་རོ།། ཀུན་ཆུབ་པར་བྱས་པ་ནི་ཚིག་གིས་བརྗོད་པ་སྟེ། དེ་དག་གི་ཚུལ་ཁྲིམས་དེ་ལ་ཡང་སྐུར་པ་འདེབས་པར་འགྱུར་ལ། གང་ཟག་ལ་ཡང་སྨོད་པར་འགྱུར་ཏེ། དེའི ་རྒྱུས་བསོད་ནམས་མ་ཡིན་པ་ཆེན་ཡོངསུ་སྡུད་པར་འགྱུར་བའི་ཕྱིར་བསྙད་པའི་ཉེས་དམིགས་བསྟན་ཏོ།། དེ་ལ་ཡིད་ཀྱིས་མངོན་པར་ཞེན་པས་ན་ལྟ་བའོ།། དེའི་འདུ་ཤེས་ཡིད་ལ་བྱེད་པ་ཀུན་ཏུ་སྤྱོད་པས་ན་ཀུན་ཏུ་རྟོག་པའོ།། སྔོན་ནས ་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་བསྒྲགས་པ་ནི་བསྟན་པར་བྱ་བའི་ཕྱི་རོ།། བསླབ་པའི་གཞི་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ས་ལ་མདོར་བསྡུས་ཏེ་བསྟན་པས་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལས་ཞེས་སྨོས་། ་སྙིང་ནས་ཞེས་བྱ་བ་ནི་མོས་པའི་སྟོབས་བསྐྱེད་པའི་ཕྱིརརོ།། སོ་སོར་བརྟགས་ནས་ཞེས་བྱ་བ་ནི་ནུས་སམ་མི་ནུས་པ་དེ་ཉེ་བར་བརྟགས་ནས་ཞེས་བྱ་བའི་ཐ་ཚི་གོ།། དེ་ལས་བཟློག་པ་ནི་ཕ་རོལ་གྱིས་ཡང་དྲག་པར་འཛིན་དུ་བཅུག་པའི ་ཕྱིར་མ་ཡིན་ཞེས་བྱ་བས་བསྟན་ཏེ། ལ་ལྀ་སྙིང་ན་སོ་མོས་པ་མེད་དུ་ཟིན་ཀྱང་གཞན་གྱི་དྲིང་འཇོག་པ་འམ། གཞན་དང་འགྲན་པའི་ཕྱིར་ལེན་པ་ཡང་ཡོད་པས་དེ་གཉི་ག་འགོག་པར་བྱེའོ།། ཉན་ཐོས་ཀྱི་བསླབ་པ་ལས་རྩ་བའི་ཉེས ་པའི་ཁྱད་པར་བསྟན་པ་དང་། བསླབ་པའི་ཁྱད་པར་བསྟན་པའི་ཕྱིར། ཕམ་པའི་གནས་ལྟ་བུའི་ཆོས་གཞི་ཡོད་ཞེས་སྨོས་ཏེ། ཉན་ཐོས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ལ་གནས་ནས་འཁྲིག་པའི་འདོད་ཆགས་ཀྱིས་གཉིས ་ཀྱིས་གཉིས་སྤྱོད་པའི་སྦྱོར་བྱ་དང་། ཡོ་བྱད་ཀྱི་འདོད་ཆགས་ཀྱིས་གཞན་གྱི་ནོར་རྐུ་བ་དང་། སེམས་ཅན་ལ་ཀུན་ནས་མནར་སེམས་ཀྱི་ཀུན་ནས་དཀྲིས་པས་མི་བསད་པ་དང་། གཏི་མུག་གི་ཀུན་ནས་དཀྲིས་པས་བདག་ལ་མེད་བཞིན་དུ ་འཇིག་རྟེན་ལས་འདས་པོའི་ཆོས་སྒྲོགས་པའི་ཆོས་བཞི་བྱས་ན་སྐལ་བ་མེད་པར་འགྱུར་བ་དེ་དང་འདྲ་བར་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་གནས་ལྟ་བུའི་ཆོས་གཞན་བཞི་ཡོད་པར་རིག་པར་བྱ་སྟེ། རྙེད་པ་དང ་བཀུར་སྟི་བྱུང་བ་ཀུན་དུ་མྱོང་བས་བྱང་ཆུབ་སེམས་དཔའ་སྐལ་བ་མེད་པར་འགྱུར་རོ།། བདག་ལ་བསྟོད་པ་ཞེས་བྱ་བ་ལ་སོགས་པས་བཀུར་སྟི་སྟོན་ཏོ།། ཉན་ཐོས་ཇི་ལྟར་འཁྲིག་པའི་འདོད་ཆགས་ཀྱིས་བདུག་དང་གཞན་སུན་ཕྱུང་བས ་སྐུལ་བ་མེད་པར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རྙེད་པ་དང་བཀུར་སྟི་ལ་བརྐམ་པས་བདག་དང་གཞན་སུན་ཕྱུང་ན་ཕམ་པར་འགྱུར་རོ།། དེ་བས་ན་ཚུལ་ཁྲིམས་དེ་བས་ཚུལ་ཁྲིམས་འདི་ཆེས་ཟབ་པ་དང་རྒྱ་ཆེ་བ ་ཡིན་ཏེ། དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ།། ཉན་ཐོས་ནི་བསྐམ་ཆགས་ཀྱིས་གཞན་གྱིས་ནོར་བརྐུས་ན་ཕམ་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་ནི་བདག་ལ་ནོར་ཡོང་བཞིན་དུ་ཟང་ཟིང་ལ་སེར་སྣ་བྱེད་པས་སློང་བ་པོ་ཉམ ་ཐུག་པ་ལ་མ་བྱིན་ནམ་ཆོས་ཀྱི་བགོ་བཤའ་མ་བྱས་ན་ཕམ་པར་འགྱུར་རོ།། ཉན་ཐོས་ནི་མ་བསད་པས་ཕམ་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་ཀུན་ནས་མནར་སེམས་ཀྱི་སེམས་བསྐྱེད ་ནས་ལག་པ་འམ་བོང་བ་ལ་སོགས་པས་གནོད་པ་བསྐྱེད་ནས་གནོད་པ་བྱེད་པས་གནོད་པའི་ཉེས་པ་ཤད་ཀྱི་སྦྱངས་ཤིང་ཉེས་བཤགས་པ་ལས་ཀྱང་མི་ཉན་ནས་ཕམ་པར་འགྱུར་རོ།། ཉན་ཐོས་ནི་མེད་བཞིན་དུ་ཐོབ་པའི་ཆོས་བསྒྲག་པ་ཕམ་པ་འགྱུར་ལ ་ཆུབ་སེམས་དཔའ་ནི་ཡོད་པ་མི་སྟོན་པ་དང་། དམ་པའི་ཆོས་ལ་སྐུར་པ་མི་འདེབས་པ་དང་། དམ་པའི་ཆོས་མ་ཡིན་པ་སྟོན་པས་ཕམ་པར་འགྱུར་རོ།། དེ་ལ་དགའ་བ་ནི་བདག་ཉིད་འདོད་པའི་ཕྱི་རོ།། དེ་ཁོ་ན་བཞིན་དུ་གཞན་དུ་གི་ལ་འཆད་པས ་ན་སྟོན་པའོ།། འཇོག་པ་ནི་སྒྲུབ་པའི་སྒོ་ནས་འཇུག་པའི་ཕྱི་རོ།། དམ་པའི་ཆོས་ལྟར་བཅོས་པཱ་ཞེས་བྱ་བ་ལ་སྲོགས་པུས་ནི་བདག་དང་གཞན་གྱི་སྟོབས་གཉིས་ལུས་འགྱུར་བར་སྟོན་ཏོ།། གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པས་ནི་ཚང ་བཱ་ཡང་རུང་། མ་ཚང་བ་ཡང་རུང་བས་སྐུལ་བ་མེང་པར་འགྱུར་བ་སྟོན་ཏོ།། ཕམ་པ་བྱུང་བའི་དགེ་སློང་ལ་ཚེ་འདི་ཞིང་ལ་འཕགས་པའི་ལམ་འཐོབ་པ་དང་། དེའི་སྦྱོར་བ་ལས་བྱུང་བའི་དགེ་བྱའི་ཆོས་ཐོབ་པོའི་སྐལ་བ་མེད་པ་དེ ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རྟོགས་པ་དང་ཉེ་བའི་ཚོགས་བསགས་པ་དང་ས་རྟོགས་པར་འགྱུར་བའི་སྐལ་བ་མེད་དེ། དེའི་ཕྱིར་བསམ་པ་རྣམ་པར་དག་པར་འགྱུར་བ་ཞེས་བྱ་བ་སྨོསོ།། དཔེར་ན་ཉན་ཐོས་ནི་རྩ་བའི་ཉེས་པ ་བྱས་པས་དགེ་སློང་མ་ཡིན། དགེ་སྦྱོང་མ་ཡིན། ཤཱཀྱའི་སྲས་མ་ཡིན་པར་འགྱུར་ཏེ། ཆ་ལུགས་ཙམ་གྱི་སྒོ་ནས་དགེ་སློང་ཞེས་བྱ་བར་ཟད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དེ་བྱས་པས་ཁས་འཆེ་བ་ཙམ་གྱི ་བྱང་ཆུབ་སེམས་དཔར་ཟད་དོ།། ཉོན་མོངས་པའི་ཀུན་ནུས་དཀྲིས་པ་ཆུང་ངུ་དང་འབྲིང་གིས་ནི་ཕམ་པའི་གནས་ལྟ་བུའི་འགལ་བ་བྱས་ན་ཡང་སྡོམ་པ་བཏང་བ་མུ་ཡིན་ཏེ། ཚུལ་འདི་ནི་ཉན་ཐོས་དང་མི་འདྲའོ།། ཆེན་པོས་ནི ་བཏང་བར་འགྱུར་ཏེ་དེ་ནི་གུངྒ་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། ཕྱམ་པའི་གནས་ལྟ་བུའི་ཆོས་རྣམས་རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་པས་ནི་དེ་ལྟར་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་རྣམ་པ་ཐམས་ཅད་དུ་ཉམས ་པར་བྱས་པར་འགྱུར་ཏེ། དེའི་ཕྱིརརོ་ཆུང་ངུ་ཙམ་ཡང་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། ངོ་ཚ་མེད་པ་དེས་ཀྱང་མགུ་བར་བྱེདདོ།། དེས་ཀུན་ཏུ་སྤྱོད་པ་མི་སྤོང་བ་ན་དགའོ།། དེ་ལྔ་ཡང་ཉེས་དམིགསུ་མི་ལྟ་བསྣུ་ན། ཡོན་ཏན་དུ་ལྟ་བ ་ཅན་ཏེ། རྣམ་པ་འདི་རྣམས་ཀྱིས་ན་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ།། ཉན་ཐོས་རྣམས་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་གནསུ་འགྱུར་བའི་ཕྱིར་རྩ་བའི་སྡོམ་པ་ཞེས་བྱ་སྟེ། ་དེ་ཆད་པར་གྱུར་ན་ངོ་ཚ་ཚད་མེད་པ་དང་ཁྲེལ་མེད་པ་དྲག་པོ་ཀུན་ཏུ་སྤྱོད་པས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཉམས་པར་བྱས་པས། ཚེ་འདི་ཉིད་ལ་སྡོམ་པ་ཡང་དག་པར་བླང་བའི་སྐལ་བ་མེད་པར་འགྱུརརོ།། བྱང་ཆུབ་སེམས ་དཔའ་ནི་དེ་ལྟ་མ་ཡིན་ཏེ། ཚེ་འདི་ཉིད་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོངསུ་བཏུང་དུ་ཟིན་ཀྱང་ཚེ་འདི་ཉིད་ལ་ཕྱིར་མནོད་པའི་སྐལ་བ་ཡོད་དེ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཉམས་པ་མེད་པའི་ཕྱིརརོ།། གཏན་དུ ་གཏོང་བའི་རྒྱུ་བསྟན་པའི་ཕྱིར། སྨོན་པ་ཡོངསུ་བཏང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ཏུ་སྤྱོད་པས་ཕམ་པའི་གནས་ལྟ་བུའི་ཆོས་ཀུན་ཏུ་སྤྱོད་པས་གཏོང་བར་འགྱུ་རོ།། ཉན་ཐོས་རྣམས་ཀྱི་སྡོམ་པ་ནི ་ཚེའི་མཐར་དང་ཉིན་ཞག་གཅིག་གི་མཐའི་བྱར་དུ་གནས་པར་ཟུང། ཤི་བའི་འོག་ཏུ་དེ་དག་གི་དྲན་པ་མེད་པ་དང་། ཤིན་ཏུ་མི་མཐུན་པའི་ལུས་ཐོབ་པའི་ཕྱིར་ཚེ་རབས་ཕྱི་མོ་ལ་རྗེསུ་མི་འབྲང་བས་ན་དེ་ཁོ་ན་བཞིན་དུ་བཅས་སོ།། ། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་དང་བློ་གོས་དང་བྱེ་བྲག་ཕྱེད་པའི་སྟོབས་བསྐྱེད་པ་ཐོབ་པ་དང་། རྟེན་གྱི་ཁྱད་པར་ཐོབ་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་པའི་བར་གྱི་སྡོམ་པར་འགྱུར་ཏེ། དེ་བས་ན་ཚེ་རྗེསུ་ཟིན་ཀྱང ་ཞེས་བྱ་བ་ལྔ་སྩོགས་པ་སྨོས་སོ།། འོག་ཅེས་བྱ་བ་ནི་ངན་སོང་རྣམས་ཏེ། སྨོན་ལཱམ་གྱི་སྟོབས་དང་། དབང་གི་སྦྱོར་བས་སེམས་ཅན་ཡོངས་སྨིན་པར་བྱ་བའི་དོན་དུ་ངན་སོང་དུ་སྐྱེས་ན་ཡང་སྡོམ་པ་ཡོངསུ་བཏང་བ་མེམིད། གཏོང་བའི ་རྒྱུ་མེད་པའི་ཕྱིརརོ།། བྱང་ཆུབ་སེམས་དཔའི་སྡོམ་པ་གཏོང་བའི་རྒྱུ་རྣམ་པ་གཉིས་ནི་བསྟན་ཟིན་ཏོ།། སོ་སོར་ཐར་པའི་སྡོམ་པ་གཏོང་བའི་རྒྱུ་ནི་རྣམ་པ་ལྔར་བསྟན་ཏེ། བྱེ་བྲག་མེད་པར་བསླབ་པ་ཕུལ་བ་དང་། ཤི་འཕོས་པ་དང་། ་མཚན་གཉིས་ཅིག་ཅར་སྐྱེས་པ་དང་། དགེ་བའི་རྩ་བ་ཆད་པ་དང་། ཉིན་ཞིག་འདས་པའོ།། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་དུས་ངེས་པ་དང་། གཏོང་བའི་རྒྱུ་མེད་པའི་ཕྱིར་ཚེ་བརྗེས་སུ་ཟིན་ཀྱང་སྡོམ་པ་གཏོང་བ་མེད་པ ་ཁོ་ན་ཡི་ནོ།། སྟེང་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་ནང་དུའོ།། ཐད་ཀ་ཞེས་བྱ་བ་ནི་མི་རྣམས་ཀྱི་ནང་དུའོ།། གཏོང་བའི་རྒྱུ་མེད་པ་ནི་བྱང་ཆུབ་སེམས་དཔའ་ནི་གང་གིས་ཞེས་བྱ་བ་ལ་སྩོགས་པས་སྟོན་ཏེ། མེ་དྲན་དུ་ཟིན་ན་ཡང་རང་བཞིན་གྱིས་བྱང་ཆུ ་སེམས་དཔའི་ཆོས་ཉིད་ལ་གནས་པ་དང་། བྱང་ཆུབ་སེཾད་རྣམས་ཀྱི་འཇམ་པ་མ་ཡིན་པ་བྱེད་པས་ན་དེ་རྗེསུ་འབྲང་བ་ཁོ་ནར་འགྱུར་ཏེ། དྲན་པ་གསོ་བའི་ཕྱིར་ཡང་མནོས་ན་ཡང་ཉེས་པ་མེད་པ་ནི། དགེ་པའི་བཤེས་གཉེན་ཞེས་བྱ་བ་ལ་སོགས། ་པས་སྟོན་ཏོ།། དཔེར་ན་ཉན་ཐོས་ལ་ལ་ཞིག་ལ་རེས་འགའ་ཙམ་དངོས་པོའི་འགུལ་བ་བྱུང་ན་ཡང་དངོས་པོ་དེ་ཉིད་ཀྱི་ཉེས་པར་འགྱུར་བ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དེ་འདྲ་བར་བསྟན་པའི་ཕྱིར། ཉེས་པ ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དཔེ་ན་ཉན་ཐོས་རྣམས་ཀྱིས་ཉེས་པ་ནི་རྣམ་པ་གཉིས་ཡོད་དོ།། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་དྲི་བྱས་ན་ནི་ཉོན་མོངས་པ་ཅན་དུ་འགྱུར་ལ། ཉོན་མོངས་པ་ཅན་མ་ཡིན་པའི ་སེམས་ཀྱིས་བྱས་ན་ནི་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར།། དཔེར་ན་ཉན་ཐོས་རྣམས་ཀྱི་ཉེས་པ་རྣམས ་ནི་རྣམ་པ་ལྔསྣ་ཆུང་ངུ་དུང་འབྲིང་དང་ཆེན་པོར་འགྱུར་ཏེ། ངོ་བོ་ཉིད་དང་། ཉེས་པ་བྱེད་པ་དང་། བསམ་པ་དང་། དངོས་པོ་དང་། བསགས་པའོ།། དེ་ལ་ཕན་པ་རྣམས་ནི་ངོ་བོ་ཉིད་ཀྱིས་ཉེས་པ་ཆེན་པོ་ཡི་ནོ།། དགེ་འདུན་གྱི་ལྷག ་མ་ནི་འབྲིང་།། དེ་མ་ཡིན་པ་རྣམས་ནི་ཆུང་ངུའོ།། ཡང་ནཱ་ཕམ་པ་རྣམས་དང་། དགེ་འདུན་ལྷག་མ་རྣམས་ནི་ཆེན་པོ་སྟེ། ཉེས་པ་ལྕི་བས་ཕྱེ་བ་ཡིན་པའི་ཕྱིརོ།། ལྟུང་བ་ནི་འབྲིང་ངོ་།། ཉེས་བྱས་ནི་ཡང་བ་སྟེ། དེ་ལྟར་ན་ངོ་བོ་ཉིད་ཀྱི་སྒོ་ནས ་ཆུང་ངུ་དང་འབྲིང་དང་ཆེན་པོར་འགྱུར་རོ།། ཉེས་པ་བྱེད་པའི་སྒོ་ནས་ཇི་ལྟ་བུ་ཞེ་ན། མི་ཤེས་པ་འམ། བག་མེད་པས་བྱས་པ་གང་ཡིན་པ་འདི་ནི་ཆུང་ངུའོ།། ཉོན་མོངས་པ་ཤས་ཆེ་བས་བྱས་པ་གང་ཡིན་པ་འདི་ནི་འབྲིང་ངོ་།། མ་གུས་པས ་བྱས་པ་གང་ཡིན་པ་འདི་ནི་ཆེན་པོའོ།། བསམ་པའི་སྒོ་ནས་ཇི་ལྟ་བུ་ཞེ་ན། འདོད་ཆགས་ལ་སོགས་པའི་ཀུན་ནས་དཀྲིས་པ་ཆུང་ངུས་བྱས་པ་གང་ཡིན་པ་འདི་ནི་ཆུང་ངོ་།། འབྲིང་དང་ཆེན་པོས་བྱས་པ་ནི་འབྲིང་དང་ཆེན་པོར་འགྱུ་རོ།། དངོས ་བོཔོའི་སྒོ་ནས་ཇི་ལྟ་བུ་ཞེ་ན། བསམ་པའི་སྒོ་ནས་མཚུངསུ་ཟིན་ཀྱང་དངོས་པོའི་ཁྱད་པར་གྱིས་ཆུང་ངུ་དང་འབྲིང་དང་ཆེན་པོར་འགྱུར་བར་རིག་པར་བྱ་སྟེ། འདི་ལྟ་སྟེ་ཀུན་ནས་དཀྲིས་པ་མཚུངས་པས་དུད་འགྲོའི་སྐྱེ་གནསུ་གྱུར ་པའི་སྲོག་ཆགས་བསང་ངམ་གསོད་དུ་བཅུག་ན་ལྟུང་བར་འགྱུར་གྱི་མི་ནི་དེ་ལྟ་མ་ཡི་ནོ།། མིར་གྱུར་པ་ལས་ཀྱང་ཕ་མ་བསད་དམ་གསོད་དུ་བཅུག་ན་ནི་ཕམ་པར་ཡང་འགྱུར་ལ། མཚམས་མེད་པར་ཡང་འགྱུར་ལ། དེ་ལྟར་ན་དངོས་པོའི ་སྒོ་ནས་ཀྱང་འགྱུ་རོ།། བསགས་པའི་སྒོ་ནས་ཇི་ལྟ་བུ་ཞེ་ན། ཇི་ལྟར་འདིན་ཁ་ཅིག་ཉེས་པ་གཅིག་གམ་གཉིས་སམ། གསུམ་མམྱ་ལྔའི་བར་དུ་བྱས་ན་ཡང་ཆོས་བཞིན་དུ་ཕྱིར་འཆོས་པར་མི་བྱེད་པ་འདི་ནི་བསགས་པའི་སྒོ་ནས་ཆུང་ངུ་ཡིན ་དེ་ཡན་ཆད་ཉེས་པ་བཅུ་འམ་ཉི་ཤུ་ནས་རྟོགས་པར་ནུས་པ་བརྒྱའི་བར་དུ་བྱས་ཀྱང་ཕྱིར་འཆོས་པར་མི་བྱེད་པ་འདི་ནི་འབྲིང་ངོ་།། ཉིས་པ་ཚད་མེད་པ་བྱུང་ཡང་ཕྱིར་འཆོས་པར་མི་བྱེད་པ་འདི་ནི་ཆེན་པོ་ཡིན་ཏེ། དེ་བཞིན་དུ་འདིར་ཡང་ཆུང་ངུ ་ལ་སོགས་པའི་ཚུལ་གྱིས་སྦྱར་བར་བྱའོ།། གསུམ་ལ་སྐྱབསུ་སོང་བ་དང་། ལྷག་པར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི་ཉིན་གཅིག་བཞིན་དུ་དཀོན་མཆོག་གསུམ་ལ་མཆོད་པ་ལ་སོགས་པ ་ད་རིམ་གྲོ་མི་བྱར་མི་རླུང་བསྟུ་ནཱ། དཀོན་མཆོག་གསུམ་ལྷོ་མཆོད་པ་མི་བྱེད་པའི་ཉེས་པ་དེ་བཞིན་གཤེགས་པ་ཞེས་བྱ་བྱས་བསྟུན་ཏོ།། དེ་བཞིན་གཤེགས་པོ་ཕྱོགས་གང་ནཱ་བཞུགས་པའི་ཕྱོགས་དེ་ལོགས་བལྟས་ནས་རྗེ་སུ་དྲན ་པའི་རྣམ་པས་ཕྱག་བྱའོ།། དེའི་ཡོན་ཏན་རྗེསུ་དྲན་པོའི་སྒྲོ་ནས་མཆོད་རྟེན་ལ་ཡང་དེ་བཞིན་དུ་བྱའོ།། ཆོས་དང་དམ་པའི་ཆོས་ཀྱི་གླེགས་བམ་ལ་ཡང་དེ་བཞིན་དུ་བྱ་སྟེ། འདིར་ནི་བླ་ན་མེད་པར་གཏོགས་པ་ཁོ་ནའི་བསྟེན་པའི་ཆོས་ལ་བྱ ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། འདིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་ཕྱག་བྱ་བའི་ཕྱིར། ངགེ་འདུན་ལ་ཡང་རུང་ཞེས་བྱ་བ་ནས། གང་ཡིན་པ་ཞེས་བྱ་བ་ལ་སོགས ་པའི་བར་གྱིས་སྟོན་ཏོ།། མཆོད་པ་ནི་ལུས་དང་ངག་དང་ཡིད་ཀྱིས་བྱ་བ་སྟེ། ལུས་ཀྱི་ཐ་ན་ཕྱག་བྱ་བ་ཡན་ཆད་དེ། གཅིག་ཙམཱ་ཞེས་བྱ་བས་བསྟོན་ཏོ།། ངག་གི་ནི་ཐ་ན་ཞེས་བྱ་བ་ནས། ཚིག་བཞི་པའི་ཚིགསུ་བཅད་པ་གཅིག ་ཙམ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་སྟོན་ཏོ།། ཡིད་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེ་སུ་དྲན་པས་སྟོན་ཏོ།། དེ་ལ་ཡང་མཐའ་ནི་དང་བཾ་གཅིག་ཙམ་ཞེས་བྱ་བ་ཡི་ནོ།། དེ་ལ་ཉེས་པ་དང་བཅས་པ་ནི་ཁ་ནུ་མ་ཐོ་བ་སྐྱེ་བའི་ཕྱིར་རོ།། ། ་འགལ་བ་དང་བཅས་པ་ནི་བྱང་ཆུབ་སེམས་དཔའི་ཆོས་ཉིད་དང་འགལ་བའི་ཕྱི་རོ།། བསམ་པ་དག་པའི་སར་ཆུད་པའི་བྱང་ཆུབ་སེམས་དཔའ་ནི་བསམ་པ་དག་པའི་ཁྱད་པར་ཐོབ་པའི་ཕྱིར་ཆོས་ཉིད་ཀྱིས་དཀོན་མཆོག་གསུམ་གྱི ་མཆོད་པ་ལ་རྟག་ཏུ་ཞུགས་པ་ཉིད་ཡིན་པས་དེ་ནི་སྒྲུབ་པའི་མཆོད་པ་དང་བྲལོ་བའི་དུས་མེད། དཔེར་ན་བདེན་པ་མཐོང་བའི་འཕགས་པའི་གང་ཟག་བཞི་ནོ།། གལ་ཏེ་ལུས་དང་ལོངས་སྤྱོད་ལ་ལྟ་བས་འདོད་པ་ཆེ་བ་ལ་སོགས་པ་གསུམ་དང ་དུ་ལེན་པར་བྱེད་ན་ཉེས་པ་དང་བཅས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཆོས་ཉིད་དང་འགལ་བའི་ཕྱིར།། འདོད་པ་ཆེ་བ་ལ་སོགས་པ་ནི་གཅིག་ཏུ་ངེས་པར་ཉོན་མོངས་པ་ཅན་ཁོ་ན་ཡིན་པས་ན་དེ་ལ་ནི་ཉོན་མོངས་པ་ཅན་མ་ཡིན་པ ་མེད་དོ།། སྤང་བའི་འདུན་པ་བསྐྱེད་ན་ནི་ཉེས་པ་མེད་དེ་དེའི་གཉེན་པོ་ལ་ལེགས་པར་བརྟེན་པས་འབད་པ་རོ་རྩོལ་ལོ།། དེའི་གགས་ལ་གནས་ཤིང་ཟློག་པར་བྱེད་བཞིན་པས་ན་རྒྱུའི་སྟོབས་ཀྱིས་ཟིལ་གྱིས་མནན་ནས་ཀུན་ཏུ་སྤྱོད་ན་ཡང་ཉེས ་པ་མེད་དོ།། བཀུར་སྟི་བྱ་བར་འོས་པ་རྣམས་ལ་བཀུར་སྟི་བྱ་བའི་དབང་དུ་བྱས་ནས། ཆེས་རྒན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་དང་ལྡན་པ་ནི་ཡིད་ཆེས་པར་བྱ་བའོ།། བཀུར་སྟི་བྱ་བར་འོས་པ་ནི་རྣམ་པ་དེ་གཉིས་ཀྱི་སྒོ་ནས ་གསོང་པོར་སྨྲ་བ་ལ་སོགས་པའི་འོས་ཡིན་པའི་ཕྱིརརོ།། མ་བྱས་ན་ཉེས་པ་དང་བཅས་པའི་རྒྱུ་ནི་ང་རྒྱལ་གྱིས་ནོན་ཅེས་བྱ་བས་སྟོན་ཏེ། ང་རྒྱལ་གྱིས་ཁེངས་ན་ཉོན་མོངས་པ་ཅན་དུ་འགྱུར་བའི་ཕྱིརརོ།། སྙོམས་ལས་དང་ལེ་ལོས་མ་བྱས་པ་ཉོན ་མོངས་པ་ཙན་མ་ཡིན་ཏེ། སེམས་ཀྱི་ཉེས་པ་ཤས་ཆེ་བ་མེད་པའི་ཕྱིརརོ།། སྨྲ་བ་ནི་བློ་ཐོར་གྱི་ཚིགོ། ཀུན་ཏུ་སྨྲ་བ་ནི་ཐུགས་བདེ་འམ། ཞེས་དྲིས་པ་ལ་སོགས་པའི་ཚིག་གོ།། ཡང་དག་པར་དགོའ་བར་བྱེད་པ་ནི་དོན་གཞན་འདྲི་བའོ།། རིགས ་པའི་ཚུལ་གྱིས་ཤེས་བྱ་བ་ནི་ལན་གྱི་རྙེད་པའི་བསམ་པ་སྤང་བའོ།། གཉིད་ལོག་པ་ན་ཡང་ཐད་དུ་འོང་བ་ལ་སོགས་པའི་བྱ་བ་འབྱུང་བ་ནི་སང་པའི་འདུ་ཤེས་ཞེས་བྱ་བས་སྟོན་ཏོ།། འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ནི་ཆོས ་མངོན་པ་དང་འདུལ་བའི་དབང་དུ་བྱས་ནས་ཕན་ཚུན་རྟོག་པར་བྱེད་པའོ།། འདྲི་བའི་ཚུལ་གྱིས་གཞན་ཡང་དག་པར་དགའ་བར་བྱེད་པ་ནི་ངག་ཅིག་ཅར་འབྱུང་དུ་མི་རུང་བས་ན་ཉེས་པ་མེད་དོ།། ཆོས་ཉན་པའི་བར་ཆད་དུ་འགྱུར་སྙམ་པའི ་བསམ་པ་ཅན་ལ་ཡང་ཉེས་པ་མེད་དོ།། རྣམ་པར་གཏན་ལ་འབེབས་པ་ལ་ཡང་དེ་དང་འདྲའོ།། དེ་བཞིན་དུ་གཞན་ཆོས་ཉན་པ་རྣམས་ཀྱི་གཡེང་བ་བསམ་པ་ཅན་དང་། ཆོས་སྨྲ་བའི་སེམས་སྲུང་ན་ཡང་ཉེས་པ་མེདདོ།། དེ་ལྟར་བྱས་ན་དེ་དག་ལ ་ཕན་པར་འགྱུར་བ་ཞིག་ན་ཡང་ཉེས་པ་མེད་དོ།། གལ་ཏེ་དགེ་འདུན་གྱི་དེར་ཕྱག་བྱ་བའི་ལས་དེ་མི་བྱ་བ་འམ། དེ་དང་ལྷན་ཅིག་དུ་གཏམ་མི་བྱ་བ་དེ་ལྟ་བུའི་ནང་ཁྲིམས་བཅས་པ་འམ། དེ་དང་ལྷན་ཅིག་ཏུ་དེ་ལྟར་བྱས་ན ་གཞན་ཆེས་མང་བ་རྣམས་བྱང་ཆུབ་སེམས་དཔའ་ལ་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེ་བར་འགྱུར་བ་དེ་བསྲུང་བའི་ཕྱིར་ཡང་ཉེས་པ་མེད།། ཟང་ཟིང་ཡོངསུ་འཛིན་པའི་དབང་དུ་བྱས་ནས་བོས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་བ་བསྲུང་བའི་ཕྱིར་ཞེས་བྱ་བ་ནི་རྒྱུན་ཏུ་བྱ་བ་ལས་ཉམས་པར་འགྱུར་བ་བསྲུང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ།། མ་ཐོས་པའི་ཆོས་ཉན་པ་ལས་ཉམས་པར་འགྱུར་དུ་དོགས་པ་ལ་ཡང་ཉེས་པ་མེད་དོ།། ་འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པཽ་ཡང་དེ་དང་འདྲའོ།། ཀུན་ནས་མནར་སེམས་ཀྱི་སེམྦ་ཞེས་བྱ་བ་ནི་དེ་དག་ལ་དགའ་བ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ།། ཆགས་པ་ཞེས་བྱ་བ་ནི་ཡོངསུ་བཟུང་བ་དེ་ལ་བདག་ཉིད་ཀུན་ཏུ་འཛིན ་པར་འགྱུར་བར་མཐོང་བའོ།། སྦྱིན་པ་པོ་འགྱོད་པར་འགྱུར་པ་འམ། གཏི་མུག་གི་དབང་གིས་སྦྱིན་པ་འཁྲུལ་པ་འམ། ཀུན་ཏུ་འཛིན་པ་བཏང་སྟེ། ནོར་ཐམས་ཅད་བཏང་བས་དབུལ་པོར་གྱུར་དུ་དོགས་པ་ཡང་ཉེས་པ་མེདོ།། ཆོས་མ ་ཡིན་པའི་སྦྱིན་པར་བྱ་བའི་ཆོས་མ་བླངས་ན་ཡང་ཉེས་པ་མེདོ།། མི་རིགས་པ་ལས་འོངས་པ་ཡང་དེ་དང་འདྲ་སྟེ། མི་རིགས་པ་ལས་འོངས་པ་བླངས་པའི་ཉེས་དམིགས་བསྟན་པའི་ཕྱིར། རྒྱུ་དེས་ཞེས་བྱ་བ་སྨོསོ།། ཆོས་ཀྱི་བགོ་བཤའི ་དབང་དུ་བྱས་ནས། གཞན་ཆོས་འདོད་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་རྣམ་པ་གཉིས་ཀྱི་ཉན་པ་པོ་སྣོད་དུ་མི་འགྱུར་ཏེ། ཞེ་འགྲས་པའི་སེམས་ཀྱི་ཕྱིར་མུ་སྟེགས་ཅན་ཞེས་བྱ་བ་སྨོསོ།། ཞེས་མེད་པའི་ཕྱིར་ནི་མ་གུས ་ཞེས་བྱ་བ་སྨོསོ།། དབང་པོ་ཡོངསུ་མ་སྨིན་པ་ལ་ཟབ་མོ་བསྟན་པ་བསྲུང་བའི་བསམ་པ་ཅན་ལ་ཉེས་པ་མེད་དེ། དེའི་ཉེས་དམིགས་ནི་སྐྲག་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། སྐྲག་པ་ནི་དཀའ་བར་འཛིན་པའི་ཕྱིརརོ།། ལོག་པར་ལྟ་བ ་ནི་ཡིད་མི་ཆེས་པའི་ཕྱིརརོ།། ལྡོག་པར་མངོན་པར་ཞེན་པ་ནི་གཞན་དག་གིས་ལེགས་པར་བརྡ་སྤྲད་ཀྱང་མི་ཉན་པའི་ཕྱིརརོ།། དེའི་རྒྱུ་ལས་ཀྱང་བསོད་ནམས་མ་ཡིན་པ་འཕེལ་བ་དང་། ངན་སོང་དུ་འགྲོ་བར་འགྲོ་བའི་ཕྱིར་གནོད་པ་དང་ཉམས ་པར་འགྱུ་རོ།། གཅིག་ནོས་གཅིག་ཏུ་སྣོད་དུ་མ་གྱུར་པ་ལ་སྟོན་པར་འགྱུར་བར་མཐོང་ན་ཡང་ཉེས་པ་མེདོ།། ཚུལ་ཁྲིམས་ཁོ་ནའི་དབང་དུ་བྱས་ནས་ཚུལ་ཁྲིམས་འཆལ་པ་རྣམས་ལ་སེམས་འཁྲུག་པས་ཡལ་བར་འདོར་བུ་དང་བརྙས ་པའི་སེམས་ཀྱིས་ཁྱད་དུ་གསོད་ན་ཉེས་པ་དང་བཅས་པར་འགྱུརརོ།། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་འཆལ་པ་རྣམས་ལ་སྙིང་རྗེ་ཆེན་པོ་ཉེ་བར་འཇོག་པས་ཡང་དག་པར་སྒྲུབ་པ་ལྟར་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ནི་དེ་ལྟ་མ་ཡིན། ་ཞེས་བྱ་བ་སྟོན་ཏེ། དེ་དག་ནི་བདག་ཉིད་ལེགས་པར་ཞུགས་པ་ཡིན་པའི་ཕྱིར་དེ་དག་ལ་ཕན་པ་དང་བདེ་བ་བྱར་མེད་པས་ན་དེའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོསོ།། འདི་ནི་ཚུལ་ཁྲིམས་འཆལ་བ་དང་འདྲེ་བ་ཡིན་ནོ།། ་ཞེས་སྐུར་པ་འདེབས་པ་བསྲུང་བ་དང་། དགེ་འདུན་གྱི་ནང་ཁྲིམས་སྲུང་བ་ན་ཉེས་པ་མེད་དོ།། སོ་སོར་ཐར་པའི་སྡོམ་པ་ལ་ཉན་ཐོས་རྣམས་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་བསླབ་པ་རྣམ་པར་བཞུག་པ་བསྟན་པའི་ཕྱིར། ་སོ་སོར་ཐར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོ་ཐར་པའི་མ་མོའི་མདོ་ཡིནོ།། འདུལ་བ་ནི་དེའི་རྣམ་པར་དབྱེ་བའོ།། བཅས་པའི་ཁེ་ན་མ་ཐོ་བ་དང་བཅས་པ་ནི་བཅས་པའི་ཁ་ན་མ་ཐོ་པ་དང་བཅས་པ་སྟེ། རང་བཞིན་གྱིས་མི་དགེ་བ་མ་ཡིན་པ་ལ་མཽ ་བྱ་བ་ལ་བཅོམ་ལྡན་འདས་ཀྱིས་བཅས་པའི་ཕྱིར་ཁ་ན་མ་ཐོ་བ་སྟེ། དེ་བྱས་ན་ཁ་ན་མ་ཐོ་བ་འཕེལ་བའི་ཕྱིར་ཏེ། དཔེར་ན་ཆང་འཐུང་བ་ལ་སོགས་པ་ལྟ་བུའོ།། ཆང་འཐུང་བ་ཇི་ལྟར་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་མངོན། འོ་ན་མ་ཡིན་པ ་ཡང་ཇི་ལྟར་མངོན། སྨྲས་པ། སྲོག་གཅོད་པ་ལ་སོགས་པ་བཞིན་དུ་ཉེས་པར་སྤྱོད་པ་ཞེས་གསུངས་པའི་ཕྱིར་དང་། ངན་སོང་གི་འགྲོ་བའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་དང་། བག་མེད་པའི་གནས་ཀྱི་གཞི་ཡིན་པར་གསུངས་པའི་ཕྱིར་དང་། གཅིག་ཏུ་ངེས་པར་མ་གནང་བའི་ཕྱིརརོ།། ཇི ་ཙམ་གྱི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་དང་། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་བ་འདི་དཔྱད་ན་ཉོན་མོངས་པ་ཅན་གྱི་སེམས་ཅན་གྱི་སེམས་ཁོ་ནས་བྱས་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང ་བཅས་པ་ཡིན།། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཀྱང་སྤྱད་པར་ནུས་ལ། ཉེས་པ་གཞན་བསྲུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཅས་པ་གང་ཡིན་པ་དེ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིནོ།། འདི་ཡང་དཔྱད་པར་བྱ། ་སྟེ། ཅི་མི་འདོད་པ་བཞིན་དུ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་སྨིན་པའི་མན་དག་ལས་སོ་སོར་བརྟགས་ཏེ་ཆུང་འཐུང་བར་འགྱུར་བ་ལྟ་ཡོད་དམ་འོན་ཏེ་མེད། འདི་ལས་ཅིར་འགྱུར། གལ་ཏེ་ཡོད་ན་ནི་ཉོན་མོངས ་པ་ཅན་མ་ཡིན་པའི་སེམས་ཀྱི་ཇི་ལྟར་ཉེས་པར་སྤྱོད་པར་རུང་། འོན་ཏེ་མེད་ན་ནི་དེ་བཞིན་དུ་འཐུང་བ་ཉོན་མོངས་པ་ཅན་མ་ཡིན་པའི་སེམསུ་ཇི་ལྟར་འགྱུར་ཏེ། གང་གིས་ཕྱིར་དེས་ཆང་གི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་པར ་ཤེས་བཞིན་དུ་ངོ་ཚ་མི་ཤེས་པས་འཐུང་བའི་ཕྱིརརོ།། ཁ་ནུ་མ་ཐོ་བ་དང་བཅས་པའི་ཆང་ལ་ཁ་ན་མ་ཐོ་བ་མ་ཡིན་པར་འཛིན་པ་དེ་ཁ་ནཱ་མ་ཐོ་བ་མེད་པར་ཇི་ལྟར་འགྱུར། རན་པར་འཐུངས་པས་ར་རོ་བཱར་མི་ནུས་ལ། དེ་ལྟར་ཡང ་ཤེས་བཞིན་དུ་འཐུང་བ་གང་ཡིན་པ་དེ་ཅིའི་ཕྱིར་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་ཏེ། དཔེར་ན་དུག་ཚོད་ཟིན་པར་སྦྱར་ཏེ་ཟོས་ན་དུག་གི་ཉེས་པ་སྐྱེད་པའི་མཐུ་མེད་དོ།། ཉེས་པར་མི་འགྱུར་བ་བཞིན་ནོ།། དེ་བས་ན་ཆང་འཐུངསོ་ཅོག། ་ཀྱང་ཉེས་པར་སྤྱོད་པ་མ་ཡི་ནོ།། ཆང་ཐུང་བླ་རྣམས་ནི་ཕལ་ཆེ་བར་ར་རོ་བར་བྱ་བའི་ཕྱིར་ཆང་འཐུང་བར་བྱེད་དེ། ཅི་ནས་དགའ་བར་བྱའོ་སྙམ་པ་དང་། ཡང་ན་ར་རོ་བར་འགྱུར་བར་བདག་ཉིད་ཀྱིས་ཤེས་བཞིན་པ་དེ་དག་གི་ནི་ཉོན་མོངས ་བ་ཅན་གྱི་སེམས་ཡིན་པའི་ཕྱིར་དེ་ལུས་ཀྱི་ཉེས་པར་སྤྱོད་པར་འགྱུར་བར་འདིར་དགོངས་པར་རིག་པར་བྱ་སྟེ། དེ་དག་ཉིད་ཀྱི་ངན་འགྲོར་འགྲོ་བའི་རྒྱུ་ཡིནོ།། ཉེས་དམིགས་མང་བས་ན་བག་མེད་པའི་གནས་ཀྱི་གཞི་ཡིནོ།། འཐུང་བ་ན ་ཚོད་རིག་པར་མི་ནུས་པ་ནས་གཅིག་ཏུ་ངེས་པར་མ་གན་།། འདོད་ཆགས་དང་བྲལ་བ་རྣམས་ཀྱིས་ཀྱང་སྤྱད་པའི་ཕྱིར་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱིས་སྤྱད་པ་གང་ཡིན་པ་དེ་ནི་མི་དགེ་བ་མ་ཡིནོ།། ཆང་ནི ་འདོད་ཆགས་དང་བྲལ་བས་ཀྱང་འཐུང་སྟེ། དེ་བས་ན་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིནོ།། སོགས་པའི་སྒྲས་ནི་དུས་མ་ཡིན་པའི་ཁ་ཟས་ལ་སོགས་པ་བསྟན་ཏོ།། གཞན་དག་གིས་སེམས་བསྲུང་བ་ཞེས་བྱ་བ ་ནི། གཞན་དག་གི་སེམས་བསྲུང་བས་ཞེས་བྱ་བའི་ཐ་ཚིག་གོ།། མ་དད་པ་རྣམས་ཞེས་བྱ་བ་ལ་སོགས་པར་ནི་དེ་ཉིད་རྣམ་པར་འགྲེལ་ཏེ། གང་ཟག་མ་དག་པ་རྣམས་སློབ་མ་སྒྲུབ་པ་རྣམས་ཉིད་ལ་དད་པ་བསྐྱེད་པའི་ཕྱིར་དང་། སྒྲ ་ནས་དད་པ་རྣམས་ཀྱི་དད་པ་འཕེལ་བར་བྱ་བའི་ཕྱིརརོ།། དེ་ལྟ་བུས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་མ་གནང་བའི་དངོས་པོ་ཅི་ཡང་རུང་བའོ།། མཚུངས་པར་སློབ་ཅེས་བྱ་བ་ནི་ཉན་ཐོས་རྣམས་ཀྱིས་ཀྱང་མི་བྱ་ལ། བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་མི་བྱའོ།། དེ་བས་ན་མཚུངས་པར་འགྱུར་ཏེ། མཚུངས་པར་འགྱུར་བའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། བདག་གི་དོན་ལྷུར་བྱེད་པ་ཞེས་བྱ་བ་ནི་བདག་ཉིད ་འདུལ་བ་ལ་ཞུགས་པའི་ཕྱིརརོ།། གཞན་གྱི་དོན་ལ་མི་ལྟ་བ་ཞེས་བྱ་བ་དེ་དག་ནི་གཞན་ལ་ཕན་པའི་ཕྱིར་ཞུགས་པ་མ་ཡིན་མོད་ཀྱི། དེ་དག་ཀྱང་གལ་ཏེ་ན་གཞན་དད་པར་བྱ་བའི་ཕྱིར་འཇུག་པར་བྱེད་ན་བྱང་ཆུབ་སེམས་དཔའ ་གཞན་ལ་ཕན་པའི་ཕྱིར་ཞུགས་པ་རྣམས་ལྟ་ལོས་ཀྱང་བྱེད་དོ་ཞེས་སྟོན་ཏོ།། དོན་ཉུང་བ་ལས་བརྩམས་ཏེ་ཞེས་བྱ་བ་ནི་འདོད་པ་ཆུང་བའི་སྒོ་ནས་སོ།། བྱ་བ་ཉུང་བ་ཞེས་བྱ་བ་ནི་ཡོ་བྱད་ཡོང་སུ་འཛིན་པ་མང་ན་བྱ་བ་མང ་བར་འགྱུར་ཏེ་དེ་སྤང་བའི་ཕྱིརརོ།། སྙིང་ལས་ཆུང་ངུར་གནས་པ་ཞེས་བྱ་བ་ནི་འཕགས་པའི་རིགས་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར ་ཞུགས་པ་གཞན་གྱི་དོན་ལ་བྱ་བ་ཉུང་བ་སྙིང་ལས་ཆུང་ངུར་གནས་པ་ནི་མཛེས་པ་མ་ཡིན་ཏེ། དེ་བས་ན་གཞན་གྱི་དོན་ཉིད་བདག་གི་དོན་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཅི་ནས་ཀྱང་གཞན་གྱི་དོན་རྣམས ་ལ་བསླབ་པར་བྱ་བར་ཉེ་དུར་མི་འོང་བའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལས་མི་བསླང་བར་མི་བྱ་ཞེས་བྱ་བས་སྟོན་ཏོ།། ཉན་ཐོས་རྣམས་ལ་ནི་མི་གནས་པར་བཅས་ཏེ། གོས་མང་པོ་དག་ལས་སྐབས་ཕྱེ་བ་རྣམས་ལ ་ཡང་གོས་ཡ་གཉིས་ཙམ་བླང་བར་བྱ་བའི་ཕྱིར་བཅསོ།། ལྷུང་བཟེད་རྣམས་ལ་ཡང་དེ་དང་འདྲའོ།། བདག་ཉིད་ཀྱི་རྒྱུ་སྐུད་པ་བླངས་པ་ཐེག་པ་ལ་འཐག་ཏུ་མི་གཞུགས་པ་ཡང་དེ་དང་འདྲའོ།། མལ་སྟན་སྲིན་བལ་ཅན་དང་གདིང ་བ་དང་སྟན་ནང་ཚངས་ཅན་བཅང་བར་མི་བྱ་བ་ཡང་དེ་དང་འདྲའོ།། གསེར་དངུལ་བླང་བར་མི་བྱ་ཞེས་བྱ་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ནི་བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས་དང་བསླབ་པ་མཚུངས་པ ་ཡིན་ཏེ། གལ་ཏེ་ཉན་ཐོས་ལྟར་སློབ་ན་ནི་ཉེས་པ་དང་བཅས་པར་འགྱུར་རོ།། གནས་འདི་དག་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་གནང་བའི་ཕྱི་རོ།། དེ་ལྟར་ན་བཅས་པའི ་ཁ་ན་མ་ཐོ་བ་དང་བཅས་པའི་དབང་དུ་བྱས་ནུས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཉན་ཐོས་རྣམས་དང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་རྣམ་པར་བཞག་པ་ནི་བཤད་ཟིན་ཏོ།། ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བ་བསླབ་པའི་ཁྱད་པར་བསྟན་པར་འདོད་པའི་ཕྱིར། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་ལས་བལྟོས་ནས་གྲགས་པའི ་སྒོ་ནས་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་དེ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་མ་ཡིན་ཏེ། ཉོན་མོངས་པ་ཅན་མི་ཡིན་པའི་སེམས་ཀྱིས་བྱེད་པའི་ཕྱིརརོ།། ཐབས ་མཁས་པ་ཞེས་བྱ་བ་ནི་གཞན་མཚམས་མེད་པ་ལྔ་སོགས་པའི་ལས་བྱ་བར་མངོན་དུ་ཕྱོགས་པ་མཐོང་ན་ལས་དྲིའི་རྣམ་པར་སྨིན་པ་ཡུན་རིང་པོར་མི་ཟད་པར་འགྱུར་བར་རིག་ནས་སྙིང་རྗེ་སྟེ། དེ་བསང་པོས་སེམས་ཅན་དམྱལ ་བར་སྐྱེ་བར་ཁས་བླངས་ནས་དེ་ཡོངསུ་བསླབ་པའི་ཕྱིར། དགེ་བ་དང་ལུང་མ་བསྟན་པའི་སེམས་ལ་གནས་ནས་བདག་སེམས་ཅན་དམྱལ་བ་རྣམསུ་སྐྱེ་བར་འགྱུར་བ་ནི་བླའི། འདི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དང་ཕྲད་པ་ནི་མི་རུང་སྙམ ་ནས་སྲོག་དང་བྲལ་བར་བྱེད་དོ།། དེ་ལྟ་ཡིནོ་མཆོད་སྦྱིན་བྱེད་པ་རྣམས་དང་འཁོར་བ་ལས་ཐར་པར་འདོད་པ་རྣམས་ཀྱི་ཕན་པར་འདོད་པ་དང་། དེ་དག་ལ་མཐོ་རིས་ཐོབ་པར་བྱ་བའི་ཕྱིར་ཕྱུགས་རྣམས་དང་དུད་འགྲོ་སྣ་ཚོགས་གསོད་པ་གང་ཡིན ་པ་དག་ཅིའི་ཕྱིར་ཁ་ན་མ་ཐོ་བ་མེད་པར་མི་འགྱུར། ཅི་འོ་ཐུག་དང་ཚྭ་མཚུངས་སུམ་དེ་དག་གི་སྲོག་གཅོད་པ་དེ་ནི་གཏི་མུག་ལས་འབྱུང་བ་དང་། ཆགས་པ་ལས་འབྱུང་བ་ཡིན་ཏེ། ཕྱོགས་སམ་སྲོག་ཆགས་གཞན་མིཆོད་སྦྱིན་དུ་སྡུག་བསྔལ ་བའི་བསྐྱེད་པས་བསད་ན་མཐོ་རིས་སམ་ཐར་བླ་ཐོབ་པར་འགྱུརརོ་སྙམ་པ་ནི་གཏི་མུག་ཡིན་ཏེ། ལས་ཀྱི་འབྲས་བུ་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པའི་ཕྱིརརོ།། ལས་འདིས་བདག་མཐོ་རིསུ་འགྲོ་བར་འགྱུརརོ་སྙམ་དུ་འཛིན་ན་ནི་གཏི་མུག་དང་ཆགས ་པ་ཡི་ནོ།། མི་དགེ་བའི་ལས་ཀྱི་ལམ་རྣམས་སྤྱིའི་མཚན་ཉིད་བཅོམ་ལྡན་འདས་ཀྱིས་རྣམ་པར་གཞུག་པ་ནི་དགེ་སློང་དག་སྲོག་གཅོད་པ་ལ་རྣམ་པ་གསུམ་སྟེ། ཆགས་བྱ་ལས་བྱུང་བ་དང་། གཏི་མུག་ལས་འབྱུང་བ་དང་། ཞེ་སྡང་ལས་འབྱུང ་བའོ།། དེ་བཞིན་དུ་ལོག་པར་ལྟ་བའི་བར་དུ་ཡང་དེ་དང་འདྲའོ་ཞེས་གསུང་སོ།། དེ་བུས་ན་དེ་ཁ་ན་མ་ཐོ་བཱ་མེད་པར་ཇི་ལྟར་འགྲུབ་པར་འགྱུ་རོ།། ཐབས་མཁས་པའི་མདོ་ལས་ཀྱང་ཆགས་པ་མེད་པ་ལ་སོགས་པའི་སྲོག་གཅོད་པ་ཁ་ན ་མ་ཐོ་བ་མེད་པར་བསྟན་ན་དེ་དང་དེ་དག་ཇི་ལྟར་མཚུངས། དེ་བས་ན་དགེ་བའི་སེམས་ལས་བྱུང་བའི་ཕྱིར་དགེ་བ་ཡིན་ཏེ། སེམས་དེ་ནི་ཆགས་པ་མེད་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིརོ།། ལུས་སུ་བྱ་བ་ཐམས་ཅད ་ནི་སེམས་ཀྱི་དབང་གིས་རྣམ་པར་བཞག་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཡིད་ནི་ཆོས་རྣམས་སྔོན་དུ་འགྲོ།། གཙོ་བོ་ཡིད་ཡིན་ཡིད་ལས་བྱུང་།། དགའ་བའི་ཡིད་དུ་གྱུར་ན་ནི།། སྨྲ་འམ་ཡང་ན་བྱེད ་པར་འགྱུར།། སྡང་བའི་ཡིད་དུ་འགྱུར་ན་ནི།། སྨྲ་འམ་ཡང་ན་བྱེད་པར་འགྱུར།། ཡང་གསུངས་པ། འཇིག་རྟེན་དག་ནི་སེམས་ཀྱིས་སྲིད།། སེམས་ཀྱིས་ཡོངསུ་འདྲེན་པར་བྱེད།། ཐམས་ཅད་ཀྱང་ནི་སེམས་གཅིག་གིས།། ཆོས་ཀྱི ་ཕྱི་བཞིན་འབྲང་བར་འགྱུར་ཞེའོ།། དེ་ལྟར་ན་བསམ་པའི་རྗེ་སུ་ཞུགས་པས་སྦྱོར་བ་ལ་འཇུག་པའི་ཕྱིར་བསམ་ལ་དག་པས་སྲོག་གཅོད་པ་ནི་ཁ་ན་མ་ཐོ་བ་མེད་པ་ཁོ་ན་ཡིན་ནོ།། ཇི་སྟེ་ཆགས་པ་མེད་པ་ལ་སོགས་པ་ལས་འབྱུང་བའི ་སྲོག་གཅོད་པ་ཡང་སྐྱོན་ཆགས་པར་འགྱུར་ན་ནི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་ལ་ཕན་པའི་ཕྱིར་ཚིག་རྩུབ་པོ་གསུང་བ་དང་། བརྫུན་དུ་གསུང་བ་དང་། མཛའ་བོ་འབྱེད་པ་ཡང་སྐྱོན་ཆགས་པར་འགྱུར་ཏེ། མ་ལ་གནས ་ཁྱོད་ནི་བྲན་མོའི་བུ་ཡིན་ནོ་ཞེས་གསུངས་པ་དང་། འཆུ་རུ་ཀའི་མདོ་ལས་ཀྱང་མི་བླུན་པོ་ལོང་བ་ཁོ་ན་དང་མཚུངས་པ་ཁྱོད་ལྟ་བུ་ཡང་མིག་དང་ལྡན་པའི་དགེ་སློང་ཤཱ་རིའི་བུ་དང་ལྷན་ཅིག་ཏུ་ཆོས་མངོན་པ་དང་། འདུལ་བ་མངོན་པ་ལས ་ཀུན་བརྗོད་པར་སེམས་སམ་ཞེས་གསུངས་པ་ལྟ་བུ་ནི་ཚིག་རྩུབ་པོ་ཡིནོ།། ཅི་གསུང་གི་མདོ་ལས་ཀྱང་མཛའ་བོ་འབྱོད་པའི་ཚིག་ཕལ་ཆེར་གསུངས་ཏེ། འདི་ལྟར་མདོ་དེ་ཉིད་ལས་སྔོན་གཅེར་བུ་པའི་དགེ་བསྙེན་དུ་གྱུར་པ་གྲོང ་དཔོན་རལ་གྲི་ཐོགས་ཀྱིས་འདི་སྐད་དུ་བཙུན་པ་དཔེར་ན་མི་ཞིག་འབྱོར་པ་འཚལ་ཞིང་འབྱོར་པ་ཚོལ་ལ། རྟ་དམུ་རྒོད་བསོས་ན་དེས་འབྱོར་པ་དེ་ཡང་མ་ཐོབ་ཀྱི་སྟེང་དུ་གནོད་པ་ཆེན་པོ་ཡང་ཐོབ་པར་གྱུར་པ་དེ་བཞིན་དུ་བཙུན ་པ་བདུག་གིས་ནི་འབྱོར་པར་འཚལ་ཞིང་འབྱོར་པ་ཚོལ་བ་ལས་གཅེར་བུ་པ་བྱིས་པ་ལྟ་བུ་རྨོངས་ཤིང་མི་གསལ་ལ་མི་མཁས་པ་དོན་མ་མཆིས་པར་བརྟེན་ཏོ།། དོན་མ་མཆིས་པར་བསྐོར་ཏོ།། དོན་མ་མཆིས་པར་བསྙེན་བཀུར ་བགྱིསོ།། བདག་གི་ནརྀ་དེ་དག་ལས་འབྱོར་པ་དེ་ཡང་མ་ཐོབ་ཀྱི་སྟེང་དུ་གནོད་པ་ཆེན་པོ་ཡང་ཐོབ་པར་གྱུར་ཏོ་ཞེས་སྨྲསོ།། མདོ་གཞན་ལས་ཀྱང་གསུངས་ཏེ། རྒྱས་པར་བསྟན་ནས་ཤཱ་རིའི་བུ་དང་། མཽདྒལ་གྱི་བུ་ལྕ་བུ་རུང་བ་གཉིས་ལ ་ཡང་ངས་དགེ་སློང་གི་དགེ་འདུན་མ་གྲྀཏདྷ་ནཱ་དང་འདྲ་བ་དར་སྣརུབས་ཟླ་བ་ཁྱོད་ལྟ་ལ་ཅི་སྨོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནཱ་ཕྲུ་མུ་དང་། ཚིག་རྩུབ་པོ་ཡང་བསྟན་ཏོ།། རྫུན་དུ་སྨྲ་བ་ཡང་དོན་ཇི་ལྟ་བ་བཞིན་དུ་མ ་བསྟན་པའི་ཕྱིར་གསུངས་ཏེ། འདི་ལྟ་སྟེ་དགེ་སློང་དག་ཚུར་གཤེགས་ཁྱོད་ཀྱི་མའི་ན་ཚོད་ཙམ་ཐོང་ན་ནཱི་མའི་འདུ་ཤེས་ཉེ་བར་ཞོག་ཅིག། སྲིང་མོའི་ན་ཚོད་ཙམ་མཐོ་ན་ནི་ཞེས་བྱ་བ་ནས་རྒྱས་པར་སྦྱ་རོ།། འོ་ན་དེ་ཡོངསུ་གཏོང་བའི ་སེམས་དེ་ཉིད་འདིར་ཞེ་སྡང་མ་ཡིན་ནམ། སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་ཡོངསུ་བསྐྱབ་པར་འདོད་དེ་བདག་ལ་བྱམས་པ་བས་ཀྱང་ལྷག་པའི་བྱམས་པས་ངེས་པར་མྱོང་བར་འགྱུར་བའི་ལས་བྱས་ལ་དགེ་བ་ལ་མངོན་དུ་ཕྱོགས ་པའི་གནས་ལས་ཡང་དག་པའི་རྟེན་བཟང་པོ་མཐོང་བར་བྱས་ན་དེ་ཇི་ལྟར་ཡོངསུ་བཏང་བར་འགྱུར། གཞན་ཡང་སྦྱོར་བ་གང་གིས་གཞན་གྱི་འཆི་བ་ཕྱིན་པར་མཐོང་། དེ་ནི་སྙིང་བརྩེའི་བདག་ཉིད་ལྡན་པ ་རྣམས་ཀྱི་ཡིན། གང་ཕྱིར་དགེ་སློང་དྲུག་ཅུ་ལ་སོགས་ཤི་བར་གྱུར། མདོ་སྡེ་གཉིས་ལས་དེ་ནི་ཐུབ་པས་གསུངས་སམ། མདོ་སྡེ་གཉིས་ལོ་ཤིང་གི་ཕུང་པོ་ལྟ་བུའི་མདོ་ལས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་དྲུག་ཅུ ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། དགེ་སློང་དྲུག་ཅུ་ནི་ཁ་ནས་ཁྲག་དྲོན་པོ་སྐྱུག་སོ།། དགེ་སློང་དྲུག་ཅུ་ནི་བསླབ་པ་ཕུལ་ནས་ཉམས་པར་འགྱུར་ཏེ། འདི་སྐད་དུ་སྟོན་པའི་བསྟན་པ་ལ་བརྩོན་པར ་བགྱི་བ་ནི་བཅོམ་ལྡན་འདས་བཀའ་ལགསོ།། བདེ་བར་གཤེགས་པ་དཀའ་ལགསོ་ཞེས་ཀྱང་འཛིར་ཏོ་ཞེས་འབྱུང་སྟེ། མདོ་དེ་ལས་དེ་སྐད་ཅེས་བཤད་པའི་རྒྱུས་འབྲས་བུ་རྣམ་པ་གསུམ་བསྟན་ཏེ། བསྟན་པའི་འཇུག ་ཐོགསུ་དྲུགྲ་བཅོམ་པའི་འབྲས་བུ་འཐོབ་པ་དང་། ཁ་ཅིག་ནི་མངོན་པར་མཐོ་བ་འཐོབ་པ་དང་། ཁ་ཅིག་ནི་དགེ་བའི་ཆོས་མང་པོ་ལས་ཉམས་ཏེ། གནས་ཡོངས་སུ་བཏང་བ་ནི་སེམས་ཐ་དད་པ་རྣམསོ།། དབྱུག་པས་རི་དྭགས ་འཆོར་གྱི་མདོ་ལས་ཀྱང་དེ་ལ་བཅོམ་ལྡན་འདས་ཀྱི་དགེ་སློང་ལ་མི་སྡུག་པ་བཤད་ཅིང་མི་སྡུག་པ་བསྒོམ་པའི་བསྔགས་པ་ཡང་བརྗོད་དེ། དགེ་སློང་དག་མི་སྡུག་པ་སྒོམ་ཞེས་བྱ་བ་ནས་ཕན་ཡོན་ཆའོ་ཞེས་བྱ་བའི་བར་དང་། ་དེའི་ཚེ་དགེ་སློང་རྣམས་མི་སྡུག་པ་སྒོམ་པར་བྱེད་དེ། མི་སྡུག་པ་བསྒོམས་ནས་ལུས་རུལ་པ་འདིས་ངོ་ཚ་ཞིང་འཕྱ་སྨོད་དེ། དེས་སྨོད་པའི་བར་དུ་བྱེད་ཅིང་མཚོན་གྱིས་ཀྱང་ལེབ་པར་བྱེད། དུག་ཀྱང་ཟ་བར་བྱེད།། གཡང་སྔར ་མཆོད་བར་བྱེད། ཐག་པས་ཀྱང་འགེགས་ཏེ་འཆི་བར་བྱེད་པ་ནས། དགེ་སློང་གི་དགེ་སློང་གུསོད་པར་བྱེད་པའི་བར་བྱེད། སྲོག་གཅོད་པ་དེ་དང་སྔ་མའི་ཚིག་རྩུབ་པོ་ལ་སོགས་པ་ལ་དགོངས་པ་ཡོངསུ་དག་པའི་དེ་བཞིན ་གཤེགས་པ་རྣམས་ཇི་ལྟར་ཞུགས་པ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཚུལ་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ།། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ནི་བྱ་བ་བྱས་བྱེད་པ་བྱས་པ་ཡིན་མོད་ཀྱི། སེམས ་ཅན་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་འདུལ་བའི་ཐབས་ལ་མཁས་པའི་ཕྱིར་ཐ་ན་དབུགས་ཕྱི་ནང་དུ་རྒྱུ་བས་ཀྱང་སེམས་ཅན་རྣམས་ཀྱི་དོན་དང་། ཕནྡ་པ་དང་བྱེདེ་བ་ལ་ཞུགས་པ་ཡིན་ཏེ། བྱིས་པ་ནི་ཚེ་འདི་ཆེད་ཆེར་འཛིན་ཏོ།། ། ་མཁས་པ་ནཱི་ཚེ་མ་ཆེད་ཆེར་འཛིན་ཏོ་ཞེས་མདོ་ལས་འབྱུང་བའི་ཕྱིརོ།། མིག་རྒྱུད་རིང་བར་ཚྭ་བྱི་མོ་ཆེད་ཎྜི་འཛིན་པའི་ཕྱིར་ཡང་སེམས་ཅནྡ་རྣམས་ཀྱི་ཚེ་འདིའི་ཁྱཱ་ནཱ་མཱ་ཐོ་བ་དང་བྱཱཿསོ་བྱའི་བ་བ་ཆུང་ངུ་ཕྲན་ཚེགས ་ཙམ་ལ་ནི་མི་ལྟའི། ཡུན་རིང་པོ་ཆེ་ཕྱི་མའི་ཕན་པ་དང་བདེ་བ་མང་པོ་ཁ་ན་མ་ཐོ་བ་མེད་པ་ཁོ་ན་ལ་ལྟ་སྟེ། འདི་ལྟར་ཁ་ཙོག་ལ་ནི་དགེ་བ་གཞིག་ཕྱིར་ཆོས་སྟོན་ཏོ།། ཁ་ཅིག་ལ་ནི་ལོངས་སྤྱོད་གཞིག་པའི་ཕྱིར། ཁ་ཅིག་ལ ་ནི་བདེ་བ་གཞིག་པའི་ཕྱིར། ཁ་ཅིག་ལ་ནི་གཡོག་འཁོར་གཞིག་པའི་ཕྱིར་ཆོས་སྟོན་ཏོ།། ཁ་ཅིག་ལ་ནི་བདེ་བ་དང་། ཡིད་བདེ་བས་སྦྱོར་བར་མཛདདོ།། ཁ་ཅིག་ལ་ནི་སྡུག་བསྔལ་བ་དང་། ཡིད་མི་བདེ་བས་སྦྱོར་བར་མཛད།། ། ་ཁ་ཅིག་ལ་ནི་ལག་ན་རྡོ་རྗེ་ལ་སྒྲོགས་པ་གནོད་སྦྱིན་དྲག་པོ་ཡང་དག་པར་བསྟན་པས་འཆི་བའི་འཇིགས་པ་སྐྱེད་ནས་འདུལ་བར་བྱེད།། དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་དགོངས་པ་ཡོངསུ་དག་པ་རྣམས་ཀྱིས་ནི། སེམས་ཅན་ལ་ཕན ་པ་དང་བདེ་བར་བྱ་བའི་ཕྱིར་མི་མཛད་པའི་བག་མེད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་དང་འདྲའོ།། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ལ་ནི་དགེ་བའི་ལས་ཀྱི་ལམ་རྣམ་པར་བཞུག་པ་ཡེ་མེད་དེ། འདི་ལྟར་འདུལ་བ་ལས་ཀྱང ་ཆོམ་རྐུན་གྱིས་ཁྱེར་བའི་རྫས་དགྲ་བཅོམ་པས་ཕྱིར་བཀུ་གོ་ཞེས་འབྱུང་བ་ལ་མ་བྱིན་པར་ལེན་པའི་ཉེས་པ་ཡང་མེ་དེ། བསམ་པ་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱི་རོ།། དགྲ་བཅོམ་པའི་ཏིལ་གྱི་འབྲུ་ཙམ་ནང་དུ་བཅུག་དུ་ཟིན་ཀྱང་ཉོན ་མོངས་པ་ཅན་གྱི་བསམ་པ་མྱེད་ཉིམས་སུ་མྱོང་བ་མོད་ཅིང་ཚོར་བ་མེད་པའི་ཕྱིར་འཁྲིག་པའི་ཡོངསུ་སྤྱོད་པ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་པ་ཅན་དབང་ཐོབ་ཅིང་བསམ་པ་ཡོངས་སུ ་དག་པ་རྣམས་ནི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཐབས་ལ་ཞུགས་པ་ཡིན་པས་ནི་ངག་གི་ཀུན་ཏུ་སྤྱོད་པས་མི་དགེ་བ་ལས་ཀྱི་ལམ་དང་འབྲེལ་པ་མེད་པ་ཁོ་ནར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི ་མཆོག་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ཀྱི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་ལ་ནི་དགེ་བའི་རྩ་བ་ཆུང་བ་དང་། ཤེས་རབ་རྟུལ་བ་དང་། བདག་གི་ཕྱོགས་ལ་མངོན་པར་ཞེན་པ་དང་། སྒྲ་ཇི་བཞིན་དུ་དོན་འཛིན་པ་རྣམས་ཀྱི་བློ ་ཡང་འཇུག་པར་མི་འགྱུ་རོ།། དེ་ལ་ནི་སངས་རྒྱསྡེ་ཉིད་ཀྱི་མངོན་སུམ་ཡིན་ཏེ། དེ་དགུ་གི་ཁ་ན་མ་ཐོ་བ་དང་བཅས་པ་སྤྱོད་པ་ནི་དེ་དག་ཉིད་ཀྱི་མཁྱེན་པར་ཟད། དེ་བས་ན་གཞན་དག་གིས་བསོད་ནམས་མ་ཡིན་པ་མང་པོས་ཡོངས་སུ ་འཛིན་པའི་ཐུབསྭཱ་ཡེ་སྤང་བར་བྱའོ།། དགེ་བའི་སེམས་སམ་ལུང་མ་བསྟན་པའི་སེམསུ་རིག་ནས་ཞེས་བྱ་བ་ནི་བདག་ནི་ཉིད་ཀྱི་བསམ་པ་དྲག་པ་རྟོགས་ནས་བྱེད་པའོ།། འཇམ་བཞིན་དུ་ཞེས་བྱ་བ་ནི་ཐབས་གཞན་མེད་ཕོངས་ཆོས་སུ ་བྱེད་པའི་ཕྱི་རོ།། ཕྱི་མ་ལ་སྙིང་བརྩི་བྱའི་སེམས་ཁོ་ནས་ཞེས་བྱ་བ་ནི་དེ་དག་ལ་ཕྱི་མ་ལྔ་ཕན་པའི་བསམ་པ་ཁོ་ན་བསྐྱེད་ན་ལས་དེ་ལྟ་བུ་བྱེད་དུ་ཟིན་ཀྱང་ཉེས་པ་མེད། ཡང་དག་པའི་དོན་གྱི་བྱང་ཆུབ་སེམས་དཔའ་ནི་བྱ་བ་ལ་ནཱན ་ཏོན་བྱེད་པོ་ཡིན་པོའི་ཕྱིར་ཞེས་སྟོན་ཏོ།། རང་བཞིན་གྱི་ཁ་ནཱ་མ་ཐོ་བ་དང་བཅས་པ་ལ་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམ་ཁོ་ན་འཇུག་པར་རིག་པར་བྱ་སྟེ། མདོ་ལས་དེ་དག་ཁོ་ནའི་ཡིན་པར་མཐོང་བའི་ཕྱིརརོ།། མ་བྱིན་པར་ལེན་པའི ་སྐབསུ་རྒྱལ་སྲིད་ཀྱང་དབྲོག་པ་ནི་སེམས་ཅན་མང་པོ་ལ་ནོར་མང་པོ་སྦྱིན་པའི་བསམ་པ་ཡོད་པ་ཡིན་པར་བསྟན་པའི་ཕྱིར་སྨོ་སོ།། གཅིག་ཏུ་ངེས་པར་ཕ་རོལ་ལ་གནོད་པ་བྱེད་པ་ལ་ཞུགས་པ་ཞེས་བྱ་བ་ནི་སྲོག་ལ་སོགས་པ ་ལ་གནོད་པར་བྱེད་པའོ།། ནོར་དེ་ལོངས་སྤྱོད་པས་ཡུན་རིང་པོར་གནོད་པ་དྲང་རྗེ་སུ་འབྲེལ་པའི་ཕྱིར་ནོར་དེ་སླར་ཕྲོགས་ཏེ། གནས་ཇི་ལྟ་བ་བཞིན་དུ་འབུལ་བར་བྱེད་ན་ཉེས་པ་མེདདོ།། མི་ཚངས་པར་སྤྱོད་པས་གཟིར་བ ་ཞེས་བྱ་བ་ནི་མ་ཕྲད་ན་འཆི་བར་འགྱུར་ལ་བྱང་ཆུབ་སེམས་དཔའ་ཡང་ཁོན་གྱི་བསམ་པ་འཛིན་ཏེ་སེམས་ཅན་དམྱལ་བ་རྣམསུ་སྐྱེ་བར་འགྱུརོ།། སྙམ་དུ་དེ་ལྟར་རིག་ནས་བྱེདའོ།། མགྲོ་གཙང་ཞེས་བྱ་བ་ནི་འདོད་པ་ལ་ལོག་པར་གཡེམ་པའི ་ཉེས་པ་སྤངས་པའི་ཕྱིར་ཏེ། དེ་ལྟར་བུད་མེད་དབང་དུ་གྱུར་ན་ནི་དགའ་དགུར་དགེ་བའི་རྩ་བ་ལ་ཡང་སྦྱར་དུ་ཡོད་ལ། མི་དགེ་བ་ལོ་ཡང་ཡོངསུ་གཞུག་དུ་རུང་བའི་ཕྱིརརོ།། དེ་ལྟ་བུའི་ལས་མང་པོ་སེམས་ཅན་ལ་ཕན་པ་དྲག་མཐོང་ན ་བདག་ལ་མི་ལྟ་ཞིང་སེམས་ཅན་གྱི་དོན་ལ་ལྟ་སྟེ་བྱེད་ན་ཉེས་པ་མེད་དོ།། མི་དགེ་བའི་བཤེས་གཉེན་གྱིས་ཡོངསུ་ཟིན་པ་རྣམ་ཡོངསུ་སྨིན་པར་བྱ་བའི་གན་སྐབས་ལ་བབ་པའི་ཚེ་ཐབས་གཞན་མེད་པའི་ཕྱིར་ཕྲ་མས་མཛའ་བོའི་དབྱེན་བྱས་ནས ་བསྟན་པ་ལ་འཛུད་པར་བྱེད་ན་ཡང་ཉེས་པ་མེདོ།། ཚིག་རྩུབ་པོ་དྲག་པོའི་སྦྱོར་བས་དྲག་པོས་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བྱའི་གནས་དགོད་པའི་ཕྱིར་སྨ་འབེབས་པར་བྱེད་ན། ཚིག་རྩུབ་པོ་སྨྲས་ཀྱང་ཉེས་པ་མེད་དོ།། ་ཚིག་བཀྱིལ་པས་འདུལ་བའི་སེམས་ཅན་རྣམས་དེའི་སྒོ་ནས་འདུལ་བ་ལོ་ཡང་ཉེས་པ་མེད་པར་སྟོན་ཏོ།། ཉན་ཐོས་ཀྱང་ལོག་པར་འཚོ་བའི་སྦྱོར་བས་ཉེས་པ་དང་བཅས་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ལོག ་པཱུར་འཚོ་བའི་སེམས་བསྐྱེད་མ་ཐག་ཏུ་ཉེས་པར་ཡོངསུ་མ་ཤེས་ན་ཉེས་པར་འགྱུར་བར་སྟོན་ཏོ།། རྒོད་པས་ཡོངསུ་ཟིན་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་བསྐྱེད་པའི་རྣམ་པརྱ་མ་ཞི་བ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་སྟེ། རྣམ་པར་མ ་ཞི་བླ་ཞེས་སྨོས་པ་མ་ཡིན་ནོ།། རྟ་གང་དུ་རྒོད་པ་ཞེས་བྱ་བ་ནི་སྐད་ཆེར་རྒོད་པའོ།། ཀུན་ཏུ་རྩེ་ཞེས་བྱ་བ་ནི་ལུས་ཀྱི་སྦྱོར་བའོ།། ཀུན་ཏུ་ཅ་ཅོ་འདོན་ཅེས་བྱ་བ་ནི་ལུས་དང་ངག་གི་སྒྲོན་སོ།། དགའ་བཞིན་གྱིས་ནི་གང་གི་བསམ་པ་དག་པར་བསྟན ་པའི་ཕྱིརརོ།། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་དེས་རྟོགས་ཏེ། བྱང་ཆུབ་སེམས་དཔའ་ནི་འཁོར་བ་ཉིད་དུ་གནས་པར་བྱ་བ་ཡིནོ་ཞེས་མདོ་ལས་བྱུང་བ་ཁོ་ན་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ལ་མངོན་པར ་དགའ་བར་གནས་ནི་ཡང་ཉེས་པར་འགྱུར་བར་བསྟན་ཏེ། ཉན་ཐོས་ཤེས་རབ་རྟུལ་བས་ཀྱང་འཁོར་བའི་ཉེས་དམིགས་ཅན་གྱི་ཉོན་མོངས་པ་ཡོངསུ་ཤེས་པ་ཡང་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་ཞིང་འཁོར་ག་ལ་སྐྱོ ་བར་བྱ་དགོས་ན་བྱང་ཆུབྱ་སེམས་དཔའ་ལྟ་ཧ་ཅང་ཡང་བྱ་དགོས་པར་སྟོན་ཏོ།། དེ་ལས་ཁྱད་པར་དུ་འཕགས་པར་ཀུནྡ་ནས་ཉོན་མོངས་པ་མེད་པ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཡེ་ཤེས་ཆེན་པོ་དང་། མཐུ ་ཆེན་པོ་དང་ལྡན་པའི་ཕྱིར་རོ།། དགེ་སློང་དགྲ་བཅོམ་པ་ནི་དེ་ལྟ་མ་ཡིན་སྙན་པ་དང་མི་སྙན་པ་ཤིན་ཏུ་རྟོགས་པ་དེ་ཉིད་ནི། དྲི་ངས་ཞེས་བྱ་བ་ལ་སོགས་པས་བཤད།། མི་སྲུང་ཞེས་བྱ་བ་ནི་ཡོངསུ་མི་སྤོང་བ་སྟེ། མི་བདེན ་པས་མི་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། བདེན་པའི་དངོས་པོ་དང་བདེན་པའི་དངོས་པོ་མ་ཡིན་པ་དང་གོ་རིམ་དུ་སྦྱ་རོ།། མུ་སྟེགས་ཅན་ནི་ཤིན་དུ་མངོན་པར་ཞེན་ཏེ། དགའ་བར་བྱར་མི་ནུས་པའི་ཕྱི་རོ།། བྱིས་པ་རྣམས་ཀྱི ་ཁ་ན་མཱ་ཐོ་བ་མ་ཡིན་པའི་སྒོ་ནས་བཞག་པའི་དྲི་ང་ལ་དྲི་ངས་མ་ཡིན་པའི་འདུ་ཤེས་ཀྱིས་ཡོངསུ་སྦྱོང་བར་མི་བྱེད་ན་ཉེས་པ་མྱེདོ།། ཐབས་དྲག་པོ་ཞེས་བྱ་བ་ནི་ལུས་དང་ངག་གི་སྤྱོད་པ་མྱི་སྡུག་པས་ཆད་པས་གདུལ་བ་རྣམས་ལ་བྱ ་བའོ། ཡིད་མི་དགའ་བར་འགྱུར་བ་བསྲུང་བའི་ཕྱིར་ཞེས་བྱ་བ་ནི་བདག་གི་སེམས་ཀྱི་སྡུག་བསྔལ་བ་ཡོངསུ་སྤང་བའི་ཐ་ཚིག་གོ།། གཞན་དག་གི་དོན་ཆུང་ལ་བདག་ཉིད་ཀྱི་ཚེགས་ཆེན་པོར་གྱུར་ནཱ་མ་བྱས་ཀྱང་ཉེས་པ་མེད་དོ།། དགེ ་སྦྱོང་གི་ཆོས་བཞི་དང་བྲལ་བའི་ཉེས་པ་བསྟན་ཏེ། གཤེ་བ་ནི་ཁྲོས་ན་སྤྲོ་བའི་ཐ་ཚིག་གོ།། ཁྲོ་བ་ནི་ཁྲོར་གཞུག་པའི་བསམ་པ་ཅན་གྱི་ངག་གི་སྤྱོད་པ་མི་སྡུག་པའོ།། བརྡེག་པ་ནི་སྡུག་བསྔལ་བསྐྱེད་པའི་བསམ་པས་སྣུན་པར་བྱེད་པའོ།། ་མཚང་འདྲུ་བ་ནི་གཅིག་ལ་གཅིག་ཉེས་པ་གླེང་བའོ།། ཉེས་པ་བྱས་པ་ཤད་ཀྱིས་བྱང་བར་མི་བྱེད་པའི་ཉེས་པ་བསྟན་ཏེ། ཉེས་པ་བྱས་སམ་མོ་བྱས་པར་ཡང་བརྒྱ་ལ་བྱས་སུ་དོགས་པ་ནི་དེ་ལྟ་དེ་ལྟར་འཛིན་པའི་ཕྱིརརོ།། ཀུན་ནས ་མནར་སེམས་ཞེས་བྱ་བ་ནི་ཕྲག་དོག་ཤས་ཆེ་བའི་ཕྱི་རོ།། ང་རྒྱལ་གྱིས་ནོན་པ་ཞེས་བྱ་བ་ནི་དམན་པའི་ཚུལ་གྱིས་ངོ་ཚ་བའི་ཕྱི་རོ།། ཉེས་པ་བྱས་ན་ཡང་ཤད་ཀྱིས་བྱང་བར་མི་བྱེད་པ་དང་དོགས་པ་ཡལ་བར་འདོར་བའོ།། འཐབ་ཀྲོལ་ཅན ་ཞེས་བྱ་བ་ནི་ཤད་ཀྱིས་བྱུང་བར་བྱས་ན་ཡང་འཁྲུག་པར་འགྱུར་བའོ།། རྩོད་པར་བྱེད་པ་ནི་དེའི་སྒོ་ནས་རྩོད་པར་བྱེད་པའི་ཕྱིརརོ།། བཟོད་པའི་ངང་ཚུལ་ཅན་ཞེས་བྱ་བ་ནི་འགྱུར་བ་མེད་པར་ཤེས་པ་སྟེ། ཤད་ཀྱིས་བྱང་བར་བྱས་ཀྱང་རུང་དེའི་སེམས ་འགྱུར་བ་མེད་པར་རིག་པ་འམ། ཤད་ཀྱིས་བྱང་བར་བྱེད་མི་འདོད་པ་འམ། ངོ་ཚ་བར་བྱེད་མི་མཐུན་པར་འཇུགས་པར་རིག་ན་ཤད་ཀྱིས་མ་སྦྱངས་ཀྱང་ཉེས་པ་མེད་དོ།། རྩོད་པ་ལ་ཉེས་པ་བྱུང་བ་དག་ཅེས་བྱ་བ་ནི་རྩོད་པ་བྱུང་བ་རྣམས་དང་། ་རྩོད་པ་ལ་ཞུགས་པ་རྣམས་ལ། ཤད་ཀྱིས་བྱང་བར་བྱེད་པའོ།། མི་ཉན་ཅེས་བྱ་བ་ནི་སེམས་མི་དགའ་བ་འམ། མི་བཟོད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིརརོ།། ཆོས་བཞིན་མ་ཡིན་པ་ཞེས་བྱ་བ་ནི་མི་རིགས་པའོ།། ཁྲོ་བྷའི་བསམ་པ་ཞེས་བྱ ་བ་ནི་ཁྲོ་བའི་སེམས་ཏེ་རྒྱུན་མི་འཆད་པར་འབྱུང་བའོ།། འཛིན་པ་ནི་རྣམ་གྲང་སོ།། ཚུགས་སྡུད་པའི་དཔུང་དུ་བྱས་ཏེ་སྨྲས་པ་ནི། རིམ་གྲོ་བྱ་བ་དང་བསྐྱོན་བཀུར་བྱ་བ་ཁོ་ནའི་དབང་དུ་བྱསྣ་ནས་དེ་ཁོ་ནའི་ཕྱིར་ཟང་ཟིང་མེད་པའི་སེམས ་དང་ལྡན་བྱས་རིམ་གྲོ་བྱེ་བ་དང་། བསྙེན་བཀུར་བྱ་བ་བདག་གིར་བྱེད་ན་ཉེས་པ་མེད་དེ། སྦྱོར་བ་ཡོངསུ་ཟིན་ཀྱང་བསམ་པ་དག་པའི་ཕྱིརརོ།། བྲེ་མོ་གཏམྱ་ལ་ཀུན་ཏུ་ཆགས་པའི་སེམས་ཀྱིས་ནྱ་བྲེ་མོ་གཏམ་ལ་འདུས་པའི་ནང ་དུ་རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་གཏམ་ངན་པ་ལ་འཇུག་པའོ།། བརྗེད་པ་ཞེས་བྱ་བ་ནི་སེམས་རྣམ་པར་གཡེངས་པའོ།། དྲན་པ་ལོ་གནས་ཀྱང་ཕ་རོལ་གྱི་ངོར་ཉན་པ་དང་ཡ་མཚན་དུ་འཛིན་པ་དང་དྲིས་པའི་ལན་འདེབས ་པ་ཙམ་ལ་ནི་ཉེས་པ་མེད་དོ།། སློབ་པ་ལ་བརྩོན་པ་དང་། འོག་ནས་འབྱུང་བ་ལ་ནི་དེ་ཡང་ཉེས་པའི་གནས་ཡི་ནོ།། སེམས་གནས་པ་ཉིད་ནི་སེམས་མཉམ་པར་འཇོག་པར་འདོད་ལ་ཞེས་བྱ་བས་སྟོན་ཏོ།། བསམ ་གཏན་ལ་བརྩོན་པ་ཁོ་ནའི་སྒྲུབ་པའི་དབང་དུ་བྱས་ནས། བྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོསོ།། ཏིང་འཛིན་ཐོབ་པ་ན་ཡང་བསམ་གཏན་ཙམ་གྱིས་ཆོག་པར་འཛིན་པ་ཉེས་པར་འགྱུར་བ་ནི། ཡོན་ཏན་དུ་ལྟ་ཞེས་བྱ་བས་སྟོན་ཏོ།། ་ཤེས་རབ་མངོན་པར་སྒྲུབ་པའི་སྦྱོར་བ་ལ་ཉེས་པར་འགྱུར་བའི་དབཔུང་དུ་བྱས་ནས། བྱང་ཆུབ་སེམས་དཔའ་གངངྒཱ་ཞེས་བྱ་བ་ལ་སོགས་པ་སྨོསོ།། དེ་ལ་བསླབ་པར་ཡང་མི་བྱའོ་ཞེས་བྱ་བ་ན་ནན་ཏན་དུ་བསྒྲུབ་པར་མི་བྱ་བའི་ཐ ་ཚིག་གོ། དོན་མེད་པ་ནི་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ།། དེ་ཉིད་ལ་བྱེ་བྲག་ཏུ་བརྩོན་པར་བྱ་བ་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། གཅིག་ཏུ་ངེས་པར་དེ་ལ་བརྩོན་པའི་འདུན་པ་བཟློག་པའི་ཕྱིར་ན་ཉེས ་པ་མེད་དོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕལ་པོ་ཆེའི་ལམ་སྟོན་པར་བྱེད་པ་ཡིན་པས་ན་དེ་ཉིད་ལ་བྱེ་བྲག་ཏུ་བསླབ་པར་བྱ་དགོས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ལ ་སོགས་པ་སྨོསོ།། ཡུན་ཐུང་ངུས་ཀྱང་དྲན་པར་ནུས་པ་དང་། སེམས་རྣོ་ཞིང་ཤེས་རབ་གསལ་བས་དོན་སེམས་པ་དང་རྟོགས་པར་བྱེད་ནུས་པ་དང་། ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱིས་སངས་རྒྱས་ཀྱི་གསུང་བར་རྟོགས་པར་ནུས་ཏེ། ་རྟོག་པའི་ཤས་ཆེ་བ་ལྔ་ནི་ཉེས་པ་མེད་དོ།། དེ་ལས་ཉིས་འགྱུར་དུ་ཞེས་བྱ་བ་ནི་མྱུར་བ་ཁོ་ནར་རྒྱུན་དུ་ཆུད་པ་དང་། གུས་པར་བརྩོན་ཞིང་གོམས་པར་བྱེད་རང་གི་གཞུང་ལ་བརྩོན་དུ་ཟིན་ཀྱང་ཉེས་པར་འགྱུར་རོ།། དེ་ལྟ་བུའི་ཚུལ་དང ་ཡང་མ་འགལ་བར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་བྱས་སུ་ཟིན་ཀྱ་ང་དེ་ལ་གནས་པའི་ལྟ་བ་ཅན་མུ་སྟེགས་ཅན་གྱི་བསྟན་བཅོས་ལ་སྦྱོར་བ་མ་གནང་སྟེ། དཔེར་ན་དགོས་པའི་དབང་གིས་སྨན་ཚ་བ ་བསྟེན་པ་དེ་བཞིན་དུ་མུ་སྟེགས་ཅན་གྱི་བསྟན་བཅོས་ལ་ཡང་དེ་དང་འདྲ་བར་བྱའོ།། མཆོག་ཏུ་ཟབ་པ་ནི་ཉན་ཐོས་ལ་སོགས་པའི་བློ་ལས་འདས་པའི་ཕྱིར་ཏེ། དེའི་ཕྱིར། དེ་ཁོ་ནའི་དོན་ཞེས་བྱ་བ་ལ་སོགས་པ་སྨོསོ།། དོན་དང་ལྡན་པ ་མ་ཡིན་ཞེས་བྱ་བ་ནི་དོན་དང་འབྲེལ་པ་མ་ཡིན་ཞིང་ཤེས་རབ་ཀྱི་ཁྱད་པར་གྱི་རྟེན་མ་ཡིན་པའི་ཕྱིར།། ཆོས་དང་ལྡན་པ་མ་ཡིན་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཁྱད་པར་གྱི་རྟོན་མ་ཡིན་པའི་ཕྱིརོ།། གཅིག་ཏུ་ན་དོན་བཟང་པོ་ཡང་མ་ཡིན ་ལྷ་ཚིག་འབྲུ་བཟང་པོ་ཡང་མ་ཡིན་པ་སྟེ། གྲོ་རིམ་བཞིན་དུ་སྦྱ་རོ།། དེའི་ཕྱིར་ཕན་པ་དང་བདེ་བར་འགྱུར་བ་མེ་ཡིན་ཞེས་སྨོསོ།། སྐུར་པ་འདེབས་པ་དང་ལྡན་པ་ནི་བདག་ཉིད་ཀྱི་ཚུལ་བཞིན་མྱ་ཡིན་པར་བྱེད་པ་འམ་ཞེས་བྱ་བ་ལ ་སོགས་པ་སྟོན་ཏེ། རང་གི་སྟོབས་དང་རྒྱུའི་སྟོབས་སམ་ཞེས་བྱ་བའི་ཐ་ཚིག་གོ།། གཞན་གྱི་རྗེ་སུ་ཞུགས་པ་ཞེས་བྱ་བ་ནི་གཞན་གྱི་སྟོབས་དང་། སྦྱོར་བའི་སྟོབ་སོ།། གལ་ཏེ་ཟབ་མོ་ལས་སེམས་མི་འཇུག་པར་འགྱུར་ན། ་དེ་ལས་སྒྲུབ་པ་ནི་དེ་ལ་བྱང་ཆུབ་སེམས་དཔས་དད་པ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། ལྡོང་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་མིག་མེད་པའི་ཕྱིརརོ།། དེ་བཞིན་གཤེགས་པའི་སྤྱན་གྱིས་ཞེས་བྱ་བ་ནི་ཡིད་ཆེས་པའི ་ལུང་གི་ཚད་མས་ཞེས་བྱ་བའི་ཐ་ཚིག་གོ།། དགོངས་ཏེ་གསུངས་ཞེས་བྱ་བ་ནི་དོན་གཞན་ལ་ལྡེམ་པོར་དགོངས་པའི་ཚིག་ཡིན་པའི་ཕྱིརརོ།། མོས་པའི་དབང་ཁོ་ནས་སྤོང་བར་མི་བྱེད་ན་ནི་ཉེས་པ་མེད་དོ།། ལ་ལ་ནི་མོས་པ་མེད་དུ་ཟིན་ཀྱང ་ཞེས་བརྗོད་དེ་དེ་དང་སྦྱར་ན་ནི་མ་མོས་སུ་ཟིན་ཀྱང་སྤོང་བར་མི་བྱེད་ན་ཉེས་པ་མེད་ཅེས་བྱའོ།། སྔར་ནི་རྙེད་པ་དང་། བཀུར་སྟི་ལ་བརྐམ་པའི་དབང་དུ་བྱས་ནས་བདག་བསྟོད་པའི་ཕམ་པ་ལྟ་བུའི་གནས་བསྟན་ཏོ།། ད་ནི་བདག་ལ ་གཅེས་པར་འཛིན་པའི་སེམས་ཀྱིས་བདག་ལ་བསྟོད་པར་བྱེད་པའི་ཉེས་པའི་གནས་གཞན་བསྟན་ཏེ། དེའི་ཕྱིར་ཟང་ཟིང་བཅས་པའི་སེམས་ཞེས་སྨོསོ།། བསྟན་པའི་དགྲ་ཡིན་པའི་ཕྱིར་མུ་སྟེགས་ཅན་ལ་སྨོད་པར་བྱེད་པ་ནི ་ཉེས་པ་མེད་དོ།། མུ་སྟེགས་ཅན་རྣམས་ཟིལ་གྱིས་གནོན་པའི་དགོས་པ་ནི་བསྟན་པ་གནས་པར་བྱ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། བདག་ཉིད་གཅེས་པར་བྱ་བ་བསྐྱེད་པའི་སྒོ་ནས་གཞན་དག་གི་དང་པོ་བསྐྱེད ་པའི་ཕྱིར་བདག་བསྟོད་པ་ལ་ཉེས་པ་མེདདོ།། མཚོར་ན་ཞེས་བྱ་བ་ནི་ཆོས་སྒྲོགས་པ་ཡོད་པར་མི་ཤེས་པའོ།། གལ་ཏེ་དེར་འགྲོ་ན་ཆོས་སྨྲ་བ་མི་དགའ་བར་འགྱུར་བ་དང་། ལན་དུ་མ་ཐོས་པ་དང་སྔོན་ཤེས་ཟིན་པའི་དོན་གྱི ་གཏམ་ཡིན་པར་ཤེས་ན། ཉེས་པ་མེད་དོ།། ཐོས་པ་མཐར་ཕྱིན་པ་ནི་མྱང་དུ་ཐོས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། རྒྱུན་ནི་ཆད་པར་བསམ་གཏན་ལ་བརྩོན་པ་ནི་རྟག་ཏུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། ཤེས་རབ་རྟུལ་བ་དང་། ་ལུང་ནོད་པ་ལ་སོགས་པ་སློབ་པ་ལ་བརྩོན་པ་ལ་ཡང་ཉེས་པ་མེདདོ།། ཁྱད་དུ་གསོད་ཅེས་བྱ་བ་ནི་སྙིང་ནས་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་མྱི་བསྐྱེད་ཅེས་བྱ་བའི་ཐ་ཚིག་གོ།། བཀུར་སྟི་མི་བྱེད་ཅེས་བྱ་བ་ནི་ལུས་ཀྱི་སྤྱོད་པའོ།། འཕྱ་ཞེས ་བྱ་བ་ནི་སྨ་འབེབས་པ་དང་ལྡན་པའི་ཐུ་ཚིག་གོ།། བསྟིང་ཞེས་བྱ་བ་ནི་ཚིག་བརླང་པོ་སྟེ། དེ་ལྟ་བུ་ནི་ཆོས་སྨྲ་བ་ལཱ་མུ་གུས་པ་དང་ལྡན་པ་ཡི་ནོ།། ཆོས་ལོ་མ་གུས་པའི་དབང་དུ་བྱས་ནས་ཚིག་འབྲུ་ལ་རྟོན་གྱི་ཞེས་བྱ་བ་སྨོས།། སེམས་ཅན་གྱི ་དོན་བྱ་བ་ལ་མི་བརྩོན་པའི་ཉེས་པ་ནི་སེམས་ཅན་གྱི་བྱ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་བསྟན་པ་ལས་འབྱུང་བའི་སེམས་ཅན་གྱི་བྱ་བ་རྣམ་པར་བྱེ་བ་ལས་བརྩམས་ཏེ་གྲོགས་བྱ་བ ་ཡིན་པར་བྱའོ།། རྟེན་ཡོད་པ་ནི་བྱེད་པ་གཞན་ཡོད་པའོ།། ཆོས་མ་ཡིན་པའི་བྱ་བ་དག་ལ་ཉེས་པ་མེད་པ་ནི་གནོད་པ་དང་ལྡན་པ་ཞེས་བྱ་བས་བསྟན་ཏོ།། གཞན་ལ་བཅོལ་ཅེས་བྱ་བ་ནི་གཞན་དུ་གཞུག་པའོ།། དེ་བས་ན་ཆེས་ཁྱད ་པར་དུ་འཕགས་པའི་དགེ་བའི་ཕྱོགས་ལ་བརྩོན་པ་དང་། རང་བཞིན་གྱིས་ཤེས་རབ་མེད་པ་དང་། སློབ་པ་ལ་བརྩོན་པ་དང་། སེམས་ཅན་ཆེས་མང་བ་དག་གི་སེམས་སྲུང་བ་དང་། དགེ་འདུན་གྱི་བཅས་པ་སྲུང་བ་ལ་ཡང་ཉེས་པ ་མེད་དོ།། མགོན་ཡོད་པ་ཉིད་ཀྱི་ཕྱིར་ནཱ་ནུས་པའོ།། དེའི་ཕྱིར་ཡང་རྟེན་ཡོད་པ་སྟེ། རྣམ་པ་གཞན་དུ་ན་ཡང་ཚོལ་ནུས་པའི་ཕྱིར།། ཡང་ན་བདག་ཉིད་ཀྱིས་ནུས་པའི་ཕྱིརརོ།། ནང་རྒྱུན་རྙིང་ནི་ཡུན་རིང་དུ་ན་བ་ལ་ཡང་ཞེས ་བྱ་བའི་ཐ་ཚིག་གོ།། བསམ་གཏན་དང་ཁ་ཏོན་ལ་བརྩོན་པ་ནི་སྔ་མ་ཁོ་ན་བཞིན་ནོ།། རིགས་པའི་གདམས་ངག་མི་སྟོན་པའི་ཉེས་པ་བསྟན་ཏེ། རིག་པ་ཞེས་བྱ་བ་ནི་སྐྱོན་མེད་པའོ།། མི་ཤོས་ཞེས་བྱ་བ་ནི་ཚུལ་སྟོན་མི་ཤེས་པའོ།། དེ་ཉིད ་མཁས་སམ་སྟོན་པ་གཞན་ཡོད་པ་དང་། གལ་ཏེ་མཱི་དགའ་བས་ཉན་པར་མི་འགྱུར་བ་འམ། བཀའ་བློ་མི་བདེ་བས་ལོག་པར་འཛིན་པ་དང་། དགའ་ཞིང་གུས་པ་མེད་པས་གདུལ་དཀའ་བའི་ཕྱིར་དམུ་རྒོད་ཀྱི་རང་བཞིན་ཅན་དང་། ལན ་དུ་ཕན་འདོགས་པ་ལ་བརྩོན་པར་བྱས་ཀྱང་མི་འདོད་ན་མྱ་བྱས་ཀྱང་ཉེས་མེད་དོ།། ཡང་དག་པར་སློང་བ་ཞེས་བྱ་བ་ནི་རིག་པ་དང་ལྡན་པའི་སློང་བ་པོ་སྟེ། སྡུག་བསྔལ་བར་གྱུར་པ་ལ་སོགས་པ་བསྡུསོ།། རུང་བ་མ་ཡིན་པའི ་བསྣམ་པས་མ་བྱིན་པ་དང་། མཱི་འཕྲོད་པ་སློང་བ་དང་། རྒྱལ་པོ་ལོ་གནོད་པར་སེམས་ཤིང་རྒྱལ་པོ་ལཱ་གྲཱི་པཱ་རིང་བྱ་ལ་རྒྱལ་པོའི་སེམས་བསྲུང་ན་ཉེས་པ་མེད་དོ།། འཁོར་བསྡུས་པ་ཞེས་བྱ་བ་ནི་ཡོངསུ་བཟུང་ལ་བདག་ཉིད་གྲགས ་ཤིང་བསོད་ན་མོས་ཆེ་བའི་ཕྱིར་གོས་ལ་སོགས་པ་རྙེད་པ་འམ། ཡང་བདག་ཉིད་ཚེལ་ནུས་ཀྱང་རུང་སྟེ་མི་བྱིན་པའོ།། མི་རིགས་པ་ལ་ཞུགས་པའི་ཕྱིར་འདུལ་བའི་སྐལ་བ་མེད་པ་སྟེ། དེ་ལ་མ་བྱིན་ན་ཡང་ཉེས་པ་མེདོ།། མུ་སྟེགས ་རྒྱན་ནི་བསྟན་པའི་དགྲ་ཡིན་པའི་ཕྱིར་ཚུར་བཅང་བར་བྱ་བས་ནོ།། ཡོན་ཏན་བརྗོད་པ་ཉིད་ནི་བསྔགས་པ་ཡིན་པར་ཤེས་པར་བྱའོ།། འདོད་པ་ཆུང་བ་ནི་བདག་ཉིད་ཀྱི་ཡོན་ཏན་རྣམས་གཞན་ཡང་བརྗོད་དུ་མི་འཇུག་པའི་ཕྱིར་རོ།། ་ཡོན་ཏན་གླེང་བའི་རྒྱུས་གང་ཟག་དེ་ཉིད་ཀྱི་རྒྱགས་པ་ལ་སོགས་པ་ཀུན་ནས་ཉོན་མོངས་པར་འགྱུར་བར་མཐོང་ན་ཉེས་པ་མེད་དོ།། བསྐྲད་པ་དང་བསྟན་དུ་མ་ཡིན་པའི་ཕྱིར།། བཅོ་སུ་མི་རུང་བའི་སྐབས་ཉིད་ནི་བཀའ་བློ་མི ་བདེ་བ་ཞེས་བྱ་བ་ལ་སོགས་པས་བཤད།། དུས་ལ་སྟོད་ཅེས་བྱ་བ་ནི་དུས་གཞན་ལ་སྡོད་པ་དང་། འཐབ་པ་ལ་སོགས་པའི་འཇིགས་པ་ལ་ལྟ་བའོ།། དགེ་འདུན་འཁྲུག་ཅིང་དབྱེ་བ་ཅེས་བྱ་བ་ནི་དགེ་འདུན་ཁྲག་ཁྲུག་ཏུ་འགྱུར ་པ་འམ། ཐཱ་དགུར་བྱེད་པར་འགྱུར་བ་དང་། དེ་ཉིད་གཡེ་མེད་པ་དང་། ཤས་ཆེར་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པས་སྒྲུབ་སྟེ་ཉེས་པ་འཆགས་པར་བྱེད་པ་ལ་ནི་ཉེས་པ་མེད་དོ།། བསྟན་པ་ལ་ཞེ་འགྲས་པ་རྣམས་ཀྱི་ངང ་བཱ་བསྲ་བྱིན་པའི་ལོངས་སྤྱོད་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་བས་ན། སྤོང་དུ་གཞུག་པའི་ཕྱིར་ཞེས་བྱ་བ་སྨོསོ།། མངོན་པར་ཞེན་པ་ཞེས་བྱ་བ་ནི་སྔགས་སམ་སྨན་ནམ་ཆོ་འཕྲུལ་བྱེད་པ་ཡིན་གྱི། རྫུ་འཕྲུལ་གྱིས་སྟོབས ་ཀྱིས་ནི་མ་ཡིནོ་ཞེས་སྒྲོགས་པའོ།། གནས་ཐམས་ཅད་ལ་ཡང་ཉེས་པ་མེད་པ་ནི་སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་ལ་ལྷག་པར་ཡང་ཉེས་པ་མེད། ཚོར་བས་ཉེས་པ་ནི་ཚོར་བ་དྲག་པོས་བརྒྱལ་བར་འགྱུར་བའོ།། སྡོམ་པ ་མ་མནོས་པ་ནི་སྡོམ་པ་མ་བཟུང་བའོ།། དངོས་བྱུང་བ་ཤ་སྟག་སྟེ། ཞེས་བྱ་བ་ནི་ཚུལ་ཁྲིམས་རྣམ་པ་གསུམ་གྱི་དབང་དུ་བྱས་པ་སྟེ། དེ་དང་དེར་དངོས་སུ་བསྟན་པ་རྣམ་སོ།། ཐོར་བུ་ཞེས་བྱ་བ་ནི་འཐོར་བ་རྣམ་སོ།། ཚང་བ ་ཞེས་བྱ་བ་ནི་ལྷན་ཅིག་ཏུ་བསྡུས་ཏེ་བསྟེན་པའོ།། སློབ་པར་འདོད་པའི་བསམ་པས་ཞེས་བྱ་བ་ནི་སྡོམ་པའི་ཚུལ་ཁྲིམས་ལའོ།། བྱང་ཆུབ་འདོད་པའི་བསམ་པས་ཞེས་བྱ་བ་ནི་དགེ་བ་སྲུང་བའི་ཚུལ་ཁྲིམས་ལའོ།། སེམས་ཅན་གྱི་དོན་བྱ་བའི ་བསམ་པས་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལའོ།། ཉེས་བྱས་སུ་བསྡུ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེས་པ་ནི་ཐ་དད་པ་མེད། བྱང་ཆུབ་སེམས་དཔའི་བྱ་བ་ལྔས་འགལྔ་བའི་བའི་ཕྱིར་ཉེས་བྱས་ཁོ་ནར ་ཟད།། གང་སུ་ཡང་རུང་སྟེ། ཁོང་དུ་ཆུད་པ་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེས་པ་ནི་སྐལ་བ་མེད་པ་མ་ཡིན་པར་སྟོན་ཏེ། ཉན་ཐོས་ལ་སོགས་པ་ཐམས་ཅད་ལས་འདས་པའི་སྡོམ་པའི་ཁྱད་པར་ལྔ་གནས་པ་ནི་དགེ ་བའི་ཕྱོགས་ཀྱི་སྦྱོར་བ་ལ་སྐལ་བུ་མེད་པར་འགྱུར་བ་མེད་པའི་ཕྱིརརོ།། ཕམ་པའི་གནས་ལྟ་བུའི་ཉེས་པ་འབྲིང་ནི་ཚོགས་སྔམ་ཡང་ན་དགེ་འདུན་ལ་བཤགས་པར་བྱའོ་ཞེས་སྟོན་ཏེ། དེ་ཡང་གནས་ཀྱིས་ལྕི་བ་ཡིན་པའི་ཕྱིར་རོ།། ། ་ཐོག་མར་བརྗོད།། ཞེས་བྱ་བ་ནི་ཚེ་དང་ལྡན་པ་བདག་ཅག་ནི་དངོས་པོ་ཆེ་གྲེ་མོ་ཞིག་ལས་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ། ཞེས་བཤགས་པའི་རིམ་པ་སྟོན་ཏོ།། ལྷག་མ་ཞེས་བྱ་བ་ནི་ཉེས་བྱས་ཀྱི་ནོངས་པ་ཐུང་བ་དེ་དག་བཤགསོ ་ཞེས་བྱ་བའོ།། ལེན་པ་པོས་ཀྱང་ཉེས་པ་དེ་དག་མཐོང་ངམ་ཞེས་བརྗོད་པར་བྱའོ།། དེས་ཀྱང་མཐོང་ངོ་ཞེས་བརྗོད་པར་བྱའོ།། ཕྱིན་ཆད་སྡོམ་པར་བྱེད་དམ། ལེགས་པར་སྡོམ་པར་བགྱི་ངོ་ཞེས་དེ་ལྟར་གསུམ་གྱི་བྱར་དུ་བྱའོ།། ལེནྡྲ་པ་བློས ་མེད་ན་བྱིན་གྱིས་བརླབས་སྒོ་ནས་ཀྱང་ཉེས་པ་བཤགས་པར་བསྟེན་ཏོ།། སྡོམ་པ་བླང་བའི་ཆོ་ག་གཞན་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ་དེ་ཡང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། འདོད་ཆགས་ནི་འདིར ་སེམས་ཅན་ལ་རྗེསུ་ཆགས་པ་ཡིན་པར་བསྟན་ཏེ། སེམས་ཅན་ལ་བྱམས་པ་དེའི་སྒོ་ནས་བྱང་ཆུབ་སེམས་དཔའ་གང་ཅི་སྤྱོད་ཀྱང་རུང་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་བྱ་བ་ཉིད་ཡིན་ཏེ། སེམས་ཅན་གྱི་དོན་གྱི་དོན ་དུ་གཏོགས་པའི་ཕྱིར་བྱས་ན་ཡང་ཉེས་བྱས་སུ་ནི་མི་འགྱུར་གྱི། ཅིར་འགྱུར་ཞེ་ན། ལེགས་པར་བྱས་པ་ཉིད་དུ་འགྱུར་རོ།། དེ་བས་ན་འདོད་ཆགས་ལས་འབྱུང་བ་ནི་ཉེས་པ་མ་ཡིནོ།། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་སྡང་བུ ་ནི་བདག་དང་གཞན་ལ་ཕན་པར་སྤྱོད་པ་མ་ཡིན་ཏེ། བདག་གི་སངས་རྒྱས་ཀྱི་ཆོས་ཡོང་སུ་སྨིན་པར་མི་འགྱུར་ལ་སེམས་ཅན་ཡོངསུ་སྨིན་པར་ཡང་མི་འགྱུར་བས་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་མ་ཡིན་པ་བྱེད་པ་ནི ་ཉེས་བྱས་ཀྱི་ཉེས་པར་འགྱུརརོ།། དེ་བས་ཞེ་སྡང་ལས་བྱུང་བའི་ཉེས་པའི་གནས་ལ་ཕལ་ཆེར་ཀུན་ནས་མནར་སེམས་ཀྱི་སེམས་ཞེས་འབྱུང་།། འདི་ལྟ་སྟེ་གཞི་བསྡུ་བ་ལས་འབྱུང་བ་བཞིན་ཞེས་བྱ་བ་ནི་རྒྱུ་རྣམ་པ་ལྔ་སྟེ་ཆུང་ངུ ་དང་ཆེན་པོ་ལ་སོགས་སྔར་བསྟན་པ་བཞིན་ནོ།། ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་ཉན་ཐོས་རྣམས་ཀྱི་ཕུན་སུམ་ཚོགས་པ་དང་། ཉམས་པ་བཞི་བཞིར་རྣམ་པར་གཞག་སྟེ། ཚུལ་ཁྲིམས་ཕུན་སུམ ་ཚོགས་པ་དང་། ལྟ་བ་ཕུན་སུམ་ཚོགས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། འཚོ་བ་ཕུན་སུམ་ཚོགས་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏན་གྱི་སྡོམ་པ་ཡིན་པའི་ཕྱིར་ཚུལ་ཁྲིམས་ཉམས་པ་མེདོ ་དེ་བས་ན་རྣམ་པ་གཞན་དུ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་བསྟན་པའི་ཕྱིར། རང་གི་འདུལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་དང་དག་དང་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངསུ་དག་པཱ་ལི་བརྟེན་པ་ནི་ཕུན་སུམ་ཚོགས ་པ་དང་པོའོ།། ཡང་དག་པར་རབ་ཏུ་བྱུང་བའི་བསྒྲུབས་པའི་བསམ་པས་ལེགས་པར་བརྗོད་པའི་གནས་པ་ལ་བརྟེན་པ་ནི་གཉིས་པའོ།། འཚོ་བའི་ཡོ་བྱད་རྣམས་ཀྱིས་ཕོངས་པ་མེད་པའི་མཆོག་ལ་བརྟེན་པ་ནི་གསུམ་པའོ།། ་འདྲ་བར་མི་བྱེད་པ་ནི་བསླབ་པའི་གཞི་ལས་འགལ་བར་མི་བྱེད་པའི་ཕྱིརརོ།། བསླབ་པར་གཏོགས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀུན་དུ་སྤྱོད་པའི་ཕྱིར་ལུས་ལ། སོགས་པའི་ཀུན་ཏུ་སྤྱོད་པ་ཡོངསུ་དག་གོ།། བསླབ་པ ་དག་ལ་གུས་པ་དང་། བག་ཡོད་པར་ཤས་ཆེར་གནས་པས་ན་ཉེས་པ་རྒྱུན་དུ་མི་བྱེདདོ།། བརྒྱ་ལ་ཉེས་པ་ཞིག་བྱས་ན་ཡང་མཐོལ་བས་སྡིག་པ་འཆགས་པར་བྱེད་དེ། རྣམ་པ་གསུམ་པོ་འདི་དག་གིས་ཐོག་མ་དང་བར ་དང་ཐ་མ་རྣམསུ་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ།། ཡང་དག་པར་རབ་ཏུ་སྦྱོར་བ་ནི་ཆོས་ཀྱི་བསམ་པས་རབ་ཏུ་འབྱུང་བ་ཡིན་ནོ།། ཉན་ཐོས་རྣམས་ནི་བདག་འདུལ་བར་བྱ་བ་ལྔ་སོགས་པའི་དོན་དུ་རབ་ཏུ་བྱུང་བའི་ཕྱིར་ལེགས ་པར་རབ་ཏུ་བྱུང་བ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་ནི་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱ་བའི་དོན་དུ་རབ་ཏུ་བྱུང་བའི་ཕྱིར་ལེགས་པར་རབ་ཏུ་བྱུང་བ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་ཞེས ་སྨོས་སོ།། དོན་དུ་མི་གཉེར་པོ་མ་ཡིན་ཞེས་བྱ་བ་ནི་དྲི་གཅིག་པུར་ངེས་པར་བསྟན་པ་སྟེ། དེའི་དོན་ཁོ་ནར་རབ་ཏུ་བྱུང་ཞེས་བྱ་བའི་ཐ་ཚིགོ། དགེ་སྦྱོང་གི་ཚུལ་དོན་དུ་གཉེད་པ་ཞེས་བྱ་བོ་ནི་སྒྲུབ་པའི་སྦྱོར་བའི་འབྲས་བུ་བསྟན ་བི་སྟེ། བྱང་ཆུབ་སེམས་དཔའི་དགེ་སྦྱོང་གི་ཚུལ་ནི་སྲ་བཅུ་པོ་དག་ལ་བསླབ་པ་གསུམ་གྱི་སྦྱོར་བར་གཏོགས་པའི་ལམ་མོ།། མྱ་ངན་ལས་འདས་པ་ནི་ཐེག་པ་ཆེན་པོའི་ཡོངསུ་མྱ་ངན་ལས་འདས་པ་སྟེ། མི་གནས་པའི་མྱ་ངན་ལས ་འདས་པ་ཡིན་པར་རིག་པར་བྱའོ།། དེ་ལྟར་འཇུག་པའི་དབང་གིས་བསམ་པཱ་ཕུན་སུམ་ཚོགས་པ་ཀུན་ནས་ཉོན་མོངས་པ་མེད་པར་བསྟན་ཏོ།། ཀུན་ནས་ཉོན་མོངས་པ་མེད་པར་གནས་པའི་ཕྱིར་བསམ་པ་ཕུན་སུམ་ཚོགས་པ་ནི ་ལེ་ལོ་མེད་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ལེ་ལོ་མེད་པ་ཞེས་བྱ་བ་ནི་དགེ་བ་རྣམས་ལ་བརྩོན་འགྲུས་བརྩམས་པའི་ཕྱིརརོ།། མ་འདྲེས་པ་ནི་སྡིག་པ་མི་དགེ་བའི་ཆོས་རྣམ་པར་ཆད་པ་ཡོད་པ་དང་། བར་ཆད་མེད་པ ་ཀུན་དུ་མི་སྤྱོད་པ་སྟེ། དེ་ལ་སྡིག་པ་ནི་སྨད་པ་ཡིན་པའི་ཕྱིར།། མི་དགེ་བ་རྣམས་ནི་དགེ་བླ་དང་མི་མཐུན་པའི་ཕྱིརརོ།། ཀུན་ནས་ཉོན་མོངས་པ་ནི་ཚེ་འདི་ཉིད་ལ་ཀུན་ནས་ཉོན་མོངས་པའི་ཕྱིར་ཞིང་འགྲུབ ་པར་འགྱུར་བའི་ཕྱིརརོ།། ཡང་འབྱུང་བས་ནི་ཚེ་ཕྱི་མ་ལ་ཡང་འབྱུང་བའི་སྡུག་བསྔལ་འགྲུབ་པའི་ཕྱིརརོ།། རིམས་ནང་ནི་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིརརོ།། རྣམ་པར་སྨིན་པ་སྡུག་བསྔལ་བ་ནི་ཡང་འབྱུང་བར ་འགྱུར་བའི་ཕྱིར་ཏེ། དེའི་ཉེས་དམིགས་ནི་ཚེ་འདི་ལ་ཉོན་མོངས་པ་ཀུན་ཏུ་སྤྱོད་པས་ལུས་དང་སེམས་ཡོངསུ་གདུང་བར་འགྱུར་བ་དང་། ཚེ་ཕྱི་མ་ལ་ངན་འགྲོ་འགྲུབ་པར་འགྱུར་བའི་ཕྱིར་ཡང་འབྱུང་བ་རྣམ་སོ།། དེ་བས་ན ་ཕྱི་མ་ལ་སྐྱེ་བ་དང་རྒ་ཤིར་འགྱུར་བ་དེ་ནི་ཉེས་དམིགས་ཡིན་ཏེ། ཡུན་རིང་པོར་སྐྱེ་བ་དང་རྒ་ཤི་འདྲེན་པའི་ཕྱི་རོ།། བསོད་ནུམས་བྱས་པ་ནི་སྦྱིན་པ་ལ་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཀུན་དུ་བསྟེན་པའི་ཕྱིར་རོ།། ། ་དགེ་བ་བྱས་པ་ནི་ལོངས་སྤྱོད་ཆེན་པོའི་བར་དུ་གཅོད་པ་ཡོངསུ་སྤོང་བའི་ཕྱིརརོ།། གཞན་ཡང་བསོད་ནམས་ཀྱི་དྲོན་གྱི་ཕྱི་རོ།། དགེ་བ་ནཱི་ཁ་ན་མ་ཐོ་བ་མེད་པའི་དོན་གྱི་ཕྱིར་རོ།། ཕོ་ངས་པར་མི་འགྱུར་ཞེས་བྱ་བ་ནི་མི་ལྡན ་པ་མ་ཡིན་པ་སྟེ། དེ་དག་ཐོབ་ཅེས་བྱ་བའི་ཐ་ཚིག་གོ།། ཕུན་སུམ་ཚོགས་པ་དང་པོ་ཉིན་མཚན་དུ་དགའ་བའི་ཞིང་མཆོག་དུ་དགའ་བའི་ཤས་ཆེ་བའི་ཕྱིར་བདེ་བ་ལ་རིག་པར་གན་སོ།། གཉིས་པ་སྟེ་ཀུན་ནས་ཉོན་མོངས་པ ་ཅན་མ་ཡིན་པར་གནས་པའི་ཕྱིར་ཡང་བདེ་བ་ལ་རེག་པར་གནས།། གསུམ་པ་སྟེ་ཕོངས་པ་རྣམ་པར་སྤང་བའི་ཕྱིར་ཡང་བདེ་བ་ལ་རེག་པར་གནས།། བསྡུས་པ་དང་རྒྱས་པ་ཞེས་བྱ་བ་ལ་མདོ་ནི་རྣམ་པ་གཉིས་ཏེ། ཁྱིམ་པའི ་ཕྱོགསུ་གཏོགས་པ་དང་རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པའོ།། ཡང་ནུམ་པ་གསུམ་སྟེ། སྡོམ་པ་ཡང་དག་པར་ལེན་པ་དང་དགེ་བ་བསྡུད་པ་དང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམ་སོ།། རྒྱས་པར་ནི་ཇི་སྐད་དུ ་བསྟུན་པའི་རབ་ཏུ་དབྱེ་བ་བཞི་ནོ།། ། དེ་ལས་གཞན་པ་འདིའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཐམས་ཅད་པ་ཉིད་ཀྱི་ཕྱོགས་གཅིག་སྟེ། དཀའ་བའི་ཚུལ་ཁྲིམས་ནས་རྣམ་པར་དག་པའི་ཚུལ ་ཁྲིམས་ཀྱི་བདྨ་རོ།། དེ་ལྟར་ན་བསྟན་པས་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་བསྟན་ཏོ།། བཤུད་པས་ནི་ཚུལ་ཁྲིམས་ཐམས་ཅད་བསྟན་ཏོ།། བཤདང་པོའི་རབ་ཏུ་དབྱེ་བས་ནི་དཀའ་བའི་ཚུལ་ཁྲིམས་ལ་སོགས་པ་བསྟན་ཏོ།། དཀའ་བ ་ཚུལ་ཁྲིམས་ནི་རྣམ་པ་གསུམ་གྱིས་རྣམ་པར་བཞག་སྟེ། བཏང་དཀའ་བའི་དངོས་པོ་ཡོངསུ་གཏོང་བས་ཚུལ་ཁྲིམས་ལེན་པས་ན་ཡང་དག་པར་ལེན་པ་དཀའ་བ་ལ་བསྟེན་ཏོ།། བླངས་ནས་ཉམ་ཐག་པར་གྱུར་ཀྱང་ཡོངསུ་མི ་གཏོང་བས་ན་རྗེས་སུ་བསྲུང་བ་དཀའ་བ་ལ་བརྟེན་ཏོ།། རྒྱུ་བ་དང་གནས་པ་དག་ལ་ཤིན་ཏུ་དྲན་པ་ཉེ་བར་གནས་པས་ན་ཡོངསུ་དག་པ་དཀའ་བ་ལ་བརྟེན་ཏོ།། གཞན་དག་ནི་གཞན་དུ་ཡང་འཆདེ། ལེན་པ་དང་སྲུང་བའི་སྒོ་ནས ་དཀའ་བར་སྟོན་ཏོ།། དེ་ལ་སྲུང་བ་ནི་ཉམ་ལ་བབ་པར་གྱུར་ཀྱང་ཤིན་ཏུ་ཡོངསུ་སྐྱོང་བ་དང་ཤིན་ཏུ་རྣམ་པར་དག་པའི་ཕྱིརརོ།། ལོངས་སྤྱོད་ཆེན་པོ་ནི་རྣམ་པ་བཞི་དང་ལྔས་རིག་པར་བྱ་སྟེ། བཞི་ཞེས་བྱ་བ་ནི་གང་གིས ་ལོངས་སྤྱོད་པར་བྱ་བའི་ལུས་ཀྱིས་ཏེ། ལུས་ཀྱི་འབྱོར་པར་འགྱུར་བྱས་ན་ལོངས་སྤྱོད་ཆེ་བའོ།། གང་དག་དང་ལྷན་ཅིག་པ་སྟེ། གཉེན་འདབ་དང་རྩཝ་ལོག་སྡུག་ཅིང་བྱམས་པ་ནས་ཡིད་དུ་འོང་བའི་བར་དག་དང་ངོ་།། དེ་དག་ཀྱང་མང་བ ་དང་ཆེ་བའི་ཕྱིར་ན་ཆེ་བའོ།། གང་དག་གིས་བསྒྲུབས་པ་ནི་བྲན་ལ་སོགས་པ་རྣམས་ཀྱིས་ཏེ། དེ་དག་ཀྱང་མང་བ་དང་ཆེ་བའི་ཕྱིར་ཆེ་བའོ།། གང་ལྗོངས་སྤྱོད་ནི་ཟས་དང་སྒྲོམ་ལ་སོགས་པ་སྟེ། དེ་ལྟར་ལུས་ཕུན་སུམ་ཚོགས་པ་དང ་ཕྱོགས་ཆེན་པོ་དང་འཁོར་ཆེན་པོ་དང་། ནོར་དང་ཡོ་བྱད་ཕལ་ཆེར་གྱུར་པའི་ལོངས་སྤྱོད་ཆེ་བར་བསྟན་ཏོ།། རྣམ་པ་ལྔས་ཇི་ལྟ་ཞེ་ན་ལུས་གང་གིས་ཅིའི་ཕྱིར་ལོངས་སྤྱོད་པ་སྟེ། འཚེ་བའི་ཕྱིར་ཡིན་ལ་དེ་གཉིས་ཀྱང་ཆེ་བའི ་ཕྱིར་ཆེ་བའོ།། ལྷག་མ་ནཱི་སྔ་མ་དང་འདྲའོ།། ནོར་དང་འབྲུ་དང་མཛོད་དང་བང་བའི་ཚོགས་ཕལ་པོ་ཆེ་སྤང་བའི་ཕྱིར་དཀའ་བའོ།། ནོར་དང་འབྲུ་མང་བས་ན་དབང་ཕྱུག་ཆེན་པོའོ།། དཀའ་བ་ཅན་པས་དེ་དག་ལ་ཅི་དགའ་དགུར་དབང ་བྱེད་པའི་ཚུལ་ཁྲིམས་ཀྱིས་ན་དབང་ཕྱུག་ཆེན་པོ་ལ་དབང་བྱེད་པ་སྟེ། གསུམ་པོ་འདི་དག་ནི་བཏང་བར་མི་ནུས་པ་ཡིན་ལ། དེ་བཏང་བས་ན་ཚུལ་ཁྲིམས་ཡང་དག་པར་ལེན་པ་དཀའ་བ་ཡིན་ཏེ། མདོ་གཞན་ལས་ཀྱང་འདི་སྐད ་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞིའི་དབང་ཕྱུག་ལ་དབྱུང་བྱེད་པར་འགྱུར་བ་དེ་ལྟ་བུ་ཡང་འདོད་ན། སྐད་ཅིག་གི་གཅིག་ཁོ་ནས་བཙུན་མོ་དང་ལོངས་སྤྱོད་ཐམས་ཅད་སྤངས་ནས་དེ་བཞིན་གཤེགས་པའི ་བསྟན་པ་ལ་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་རྒྱས་པར་གསུ་སོ།། ཉོམ་ལ་བབ་པར་གྱུར་པ་ནི་སྲོག་ལ་ཐུག་ཀྱང་ཞེས་བྱ་བས་བསྟན་ཏེ། འཆི་བ་ལ་ཐུག་པའི་སྡུག་བསྔལ་གྱིས་ཐེབས་ན་ཡང་སྲོག་གི་ཕྱིར་ཡང ་ཞེས་བྱ་བའི་ཐ་ཚིག་གོ།། རྒྱུ་བ་དང་གནས་པ་དང་ཡིད་ལ་བྱེད་པ་ཐམས་ཅད་ལ་ཞེས་བྱ་བ་ནི་འགྲོ་བ་ལ་སོགས་པ་ལ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པའི་ཕྱིར་དང་། ཡན་ལག་ལྔ་དང་ལྡན་པའི་བག་ཡོད ་པར་གནས་པའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་ནི་བསམ་པ་དང་སྦྱོར་བ་དག་པས་ནི་བརྒྱ་ལམ་ན་གནས་སྐབས་འགའ་ཙམ་ལ་ཡང་དག་པར་བླངས་པའི་སྐད་ཅིག་ཕྱིན་ཆད་ནས་མ་ཤྲཱི་བའི་བར་དུ་ཡང་ཉེས ་པ་མི་བྱེད་དེ། དེ་ལྟར་ན་རྗེསུ་བསྲུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་དཀའ་བ་ཡིན་ནོ།། རྣམ་པ་བཞིའི་སྒོ་ནས་ཞུགས་པའི་ཚུལ་ཁྲིམས་ནི་ཐམས་ཅད་ཀྱི་སྒྲོའོ།། སྦྱོར་བའི་ཁྱད་པར་གྱི་བསྒྲུབས་པས་ན ་ཡང་དག་པར་བླངས་པ་བྱས་པའོ།། སེམས་དང་མངོན་པར་འདུ་བྱེད་པ་དང་། སྨྱོན་པ་ལ་མི་ལྟ་བས་ན་རང་བཞིན་གྱི་ཚུལ་ཁྲིམ་སོ།། ཡུན་རིང་པོ་དང་རྒྱུན་མི་འཆད་པའི་དུས་ནས་ཞུགས་པས་ན་གོམས་པའོ།། བསྡུ ་བའི་དངོས་པོ་ཡོངསུ་ཟིན་པས་ན་ཐབས་དང་ལྡན་པའོ།། རིགས་ལ་གནས་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཕུལ་དུ་ཕྱིན་པའི་རྟགས་ཀུན་དུ་སྤྱོད་པའི་གནས་སྐབས་ཀྱིའོ།། ཁ་ན་མ་ཐོ་བ་མེད་པ ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཏེ། དེ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འཐོབ་པའོ།། གོམས་པའི་ཁྱད་པར་གྱི་སྦྱོར་བས་གློང་མ་བས་ཀྱང་ཆེས་གོང་མ་དང་། ་གྱ་ནོམ་པ་བས་ཀྱང་གྱ་ནོམ་པར་ཚུལ་ཁྲིམས་ལ་གོམས་པར་འགྱུར་ཏེ། དྲི་བསྡུ་ན་སྔོན་གྱི་ཚེ་རབས་གཞན་དག་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་དཔེར་ན་རང་བཞིན་གྱིས་གཙང་ཞིང་ཁྲུས་བྱས་ལ་ལུས ་བྱུགས་པ་མི་གཙང་བ་དང་མི་མཐུན་ཞིང་མི་འདོད་པ་དེ་བཞིན་དུ་རང་བཞིན་གྱིས་སྡིག་པ་རྣམས་ལ་ཞེ་སྡང་ལ་དེའི་གཉེན་པོ་དགེ་བ་རྣམས་ལ་དགའ་ཞིང་དགེ་བ་འདོད་དོ།། བསླབ་པ་ལ་བརྩོན་པའི་བྱང་ཆུབ་སེམས ་དཔའ་སྦྱིན་པ་ལ་སོགས་པའི་སྒོ་ནས་ཞུགས་པའི་ལུས་ལ་སོགས་པའི་ལས་ནི་ཐེབས་དང་ལྡན་པའི་ཚུལ་ཁྲིམས་ཏེ། བསྡུ་བའི་དངོས་པོ་བཞིའི་ཐབས་ཀྱིས་ཡོངསུ་ཟིན་པའི་ཕྱིརརོ།། བདག་དང་གཞན་ལ་མི་གནོད་པར ་སྒྲུབ་པའི་ཕྱིར་སྐྱེས་བུ་དམ་པ་ཡིན་ཏེ། སྒྲུབ་པ་དེ་ཡང་བདག་ཉིད་དང་གཞན་དག་ཕན་འདོགས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀུན་དུ་སྤྱོད་པའི་ཕྱིརརོ།། སྐྱེས་བུ་དམ་པའི་ཚུལ་ཁྲིམས་རྣམ་པར་བཞག་པ་ནི་བདག ་ཉིད་ཀྱང་ཡང་དག་པར་ལེན་པ་དང་། ཡོངསུ་བསྲུང་བའི་ཡན་ལག་ཕུན་སུམ་ཚོགས་པས་ཐོག་མ་དང་ཐ་མས་སྐྱེས་བུ་དམ་པའི་ཚུལ་ཁྲིམས་སུ་འགྱུར་བ་དང་། གཞན་ནི་ཐ་མ་པ་དང་། ཞེ་འགྲུས་པ་དང་། ཡང་དག་པར ་ཞུགས་པའི་བྱེ་བྲག་གིས་ཚུལ་ཁྲིམས་རྣམ་པ་གསུམ་གྱི་དབང་དུ་བྱས་པའོ།། དེ་ལ་སྔ་མ་རྣམས་ནི་ཡང་དག་པར་ལེན་དུ་འཇུག། ཞེ་འགྲས་པ་རྣམས་ལ་ནི་བསྔགས་པ་བརྗོད་དོ།། དེ་དག་གི་བསྔགས་པ་དེང་ཕན་ཡོན ་ཐོས་ན་ཀུན་ནས་མནར་སེམས་ཀྱི་སེམས་རྩེ་ཞིལ་བར་འགྱུར་དུ་རེ་བའི་ཕྱིརརོ།། ཡང་དགེ་བར་ཞུགས་པ་རྣམས་མཐོང་ན་ནི། ཡིད་དགའ་བར་འགྱུར་ལ་འགྲན་པར་ཡང་མི་བྱེད་དེ། དེ་ལྟ་ན་ཚུལ་ཁྲིམས་ཀྱི་དབང་དུ་བྱས ་ནས་གཞན་དག་ལ་ལུས་དང་ངག་དང་ཡིད་ཀྱིས་ལས་ཀྱི་ཁྱད་པ་དང་ལྡན་པའི་སྐྱེས་བུ་དམ་པའི་ཚུལ་ཁྲིམས་ཉིད་དུ་བསྟན་ཏོ།། རྣམ་གྲངས་ཀཅིག་གིས་རྣམ་པ་དྲུག་ཡོངསུ་རྫོགས་པར་འགྱུར་བས་ན་རྣམ་པ་དྲུག་གོ།། ་རྣམ་གྲངས་ཅིག་ཤོས་ཀྱི་རྣམ་པ་བདུན་ཡོངསུ་རྫོགས་པར་འགྱུར་བསེ་ན་རྣམ་པ་བདུན་ནོ།། གཉི་ག་བསྡོམས་པས་རྣམ་པ་བཅུ་གསུམ་ཡོངསུ་རྫོགས་པར་འགྱུར་བྱས་ན་རྣམ་པ་བཅུ་གསུམ་མོ།། བྱང་ཆུབ་ཆེན་པོར་ཡོངས ་བསྔོས་པ་ནི་འབྲས་བུ་དང་ཕན་ཡོན་ཆེ་བ་སྟེ་དེ་བས་ན་འབྲས་བུ་ཡོངསུ་རྫོགས་པའོ།། རྒྱ་ཆེན་པོ་ལ་བསླབས་པའི་གཞི་རྒྱས་པར་བླངས་པའི་ཕྱིར་གནས་ཡོསུ་རྫོགས་པར་ཡོངསུ་རྫོགས་པའོ།། རྒྱ་ཆེ་བ་ནི་རྒྱ་ཆེན་དུ ་བརྗོད་པར་བྱའོ།། འདོད་པའི་བསོད་ནམས་ཀྱི་མཐའ་རྣམ་པར་སྤངས་པའི་ཕྱིར་ཉོན་མོངས་པ་ཅན་གྱི་བདེ་བ་དང་བྲལ་བ་ཡིན་ཏེ། དེ་བས་ན་ཁ་ན་མ་ཐོ་བ་མེད་པའོ།། བདག་ཉིད་དུབ་པར་བྱེད་པའི ་མཐའ་རྣམ་པར་སྤངས་པའི་ཕྱིར་དོན་མེད་པའི་སྡུག་བསྔལ་རྣམ་པར་སྤངས་ཏེ། དེ་བས་ན་རབ་དུ་དགའ་བའི་གནས་དང་མཐུན་པའོ།། བར་དུ་གཅོད་པ་ཡོངསུ་བཏང་བས་དེ་ཇི་སྲིད་འཚོའི་བར་གྱི་བསླབ་པ་དང་ལྡན ་པས་ན་རྒྱུན་དུ་ཆུད་པའོ།། རྙེད་པ་དང་བཀུར་སྟི་ལཱ་མི་བརྟེན་ཏེ། དེའི་སྒོ་ནས་ཉམས་པར་མི་བྱེད་པས་དེའི་ཕྱིར་ཟིལ་གྱིས་མི་ནོན་པའོ།། དེ་བཞིན་གཤེགས་པས་བཅས་པའི་ཚུལ་ཁྲིམས་ཕུལ་ནས་མུ་སྟེགས་ཅན ་གྱི་གནས་རྣམསུ་སྡོམ་པ་ཡང་དག་པར་ལེན་པའི་ཕྱིར་ཕས་ཀྱི་རྒོལ་བ་ལ་སོགས་པས་ཟིལ་གྱིས་ནོན་པར་འགྱུར་ཏེ། དེ་མེད་པས་ན་དེ་དག་གིས་ཟིལ་གྱིས་ནོན་པར་འགྱུར་བ་མ་ཡི་ནོ།། དགེ་སློང་སར་པ་སར་པ་རྣམས ་ནི་དགེ་སློང་གི་གནོད་པ་རྣམས་ཀྱིས་གཅེས་སོ།། ཞེས་མདོ་ལས་གསུངས་པའི་ཕྱིར་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དེ་ལྟ་བུས་བསླབ་པ་ཕུལ་ནས་ཉམས་ཤིང་ལྡོག་པའི་ཕྱིར་དང་། བསླབ་པ་འདྲལ་བས་ཉེ་བའི ་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ལ། རྣམ་པ་དེ་རྣམས་ཀྱིས་མི་འཕྲོགས་པའི་ཕྱིར་བསྟན་པའོ།། རྒྱན་དང་ལྡན་པ་ཡིན་པས་ན། རྒྱན་དང་བཅས་པའོ།། འདི་ལྟ་སྟེ་ཉན་ཐོས་ཀྱིས་ས་ལས་ཞེས་བྱ་བ་ནི ་དད་པ་དང་ལྡན་པ་དང་། གཡོ་མེད་པ་དང་ནད་ཉུང་བ་དང་། བརྩོན་འགྲུས་བརྩམས་པ་ཉིད་དང་། ཤེས་རབ་ཅན་དང་འདོད་པ་ཆུང་བ་ལ་སོགས་པ་ནས་སྦྱང་བའི་ཡོན་ཏན་ལ་ཐུག་པ་རྣམས་ནི་ཚུལ་ཁྲིམས་ཀྱི་རྒྱུན་ཡིན ་ཞེས་དེ་ལས་བསྟན་ཏོ།། ཚུལ་ཁྲིམས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། གཏན་མི་བྱ་བ་ཁོ་ནས་ཉེས་པར་སྤྱོད་པས་སྤོང་བ་ཡང་དྲག་པར་ལེན་པའི་ཕྱིར་ལྡོག་པའི་ཚུལ་ཁྲིམས་དང་གཅིག་ཏུ་ངེས་པར་བྱ་བ་ཁོ ་ནས་བསླབ་པ་སྟེ། འཇུག་པའི་ཚུལ་ཁྲིམས་དང་། དེ་གཉིས་རྟག་ཏུ་བག་ཡོད་པར་བསྐྱང་བའི་ཕྱིར་ཀུན་ནས་བསྐྱོང་བའི་ཚུལ་ཁྲིམས་ཏེ། དེ་ལྟར་རྣམ་པ་གསུམ་དང་རྣམ་པར་སྨིན་པའི་འབྲས་བུ་རབ་ཏུ་ཕྱེ་བས་ན། རྣམ་པར ་སྨིན་པར་བྱེད་པ་སྟེ། དེ་ཡང་ས་རེ་རཱྀ་ལཱ་ཇི་ལྟར་འཚམ་པའི་མཚན་འགྲུབ་པར་བྱེད་པའི་ཕྱིར་དང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འགྲུབ་པར་བྱེད་པའི་ཕྱིར་དང་། ལྷ་དང་མིའི་འགྲོ་པོ་འགྲུབ་པར་བྱེད་པའི ་ཕྱིར་དང་། སེམས་ཅན་གྱི་དོན་མང་པོའི་འབྲས་བུ་འགྲུབ་པར་བྱེད་པའི་ཕྱིར་རྣམ་པ་བཞིར་རིག་པར་བྱ་སྟེ། དེ་ལྟར་ན་རྣམ་པ་བདུན་དུ་འགྱུ་རོ།། བདག་དང་གཞན་མཉམ་པ་ཉིད་ཐོབ་པའི་ཕྱིར་འདོད་པ་ཉིད་དང་། ཕོངས་པ་ཉིད་ལ ་ལྟོ་ཞིང་སོ་སོར་བརྟགས་ནས་བླངས་པ་ནི་ཕོངས་ཤིང་འདོད་པའི་ཚུལ་ཁྲིམ་སོ།། དེ་ཡང་སྡུག་བསྔལ་རྣམ་པ་བརྒྱད་ཀྱི་གཉེན་པོའི་ཕྱིར་རྣམ་པ་བརྒྱད་དེ། སེམས་ཅན་ཐམས་ཅད་ནི་འཚོ་བ་འདོད་ཀྱི་འཆི་བ་མི་འདོད་པའི་ཕྱིར ་འཚོ་སྲོག་འདོད་པ་རྣམས་དང་། ལོངས་སྤྱོད་འདོད་པ་རྣམས་དང་ཁྭ་མི་ཕྱིན་པའི་ཆུང་མ་འདོད་པ་རྣམས་དང་། མི་བསླུ་བ་འདོད་པ་རྣམས་དྲང་། མྱི་ཕྱེད་པའི་གཡོག་འཁོར་འདོད་པ་རྣམས་དང་། སྒྲ་སྙན་པར་འདོད་པ་རྣམས ་དང་དུདོན་དང་ལྡན་པའི་འབྲེལ་པའི་གཏམ་འདོད་པ་རྣམས་དང་། སྡུག་པའི་འདུས་ཏེ་རེག་པ་འདོད་པ་རྣམ་སོ།། དེ་ལས་བཟློག་པ་ནི་སྡུག་བསྔལ་རྣམ་པ་བརྒྱད། ཕོངས་པར་བྱེད་པ་དང་། མི་སྡུག་པ་དང་ཡིད་དུ་མི་འདྲ་བ་དེ་ལས་ལྡོག་པའི་སྒྲོ ་ནས་ཕོངས་ཤིང་འདོད་པའི་ཚུལ་ཁྲིམས་རྣམ་པར་གཞག་གོ།། སྡུག་བསྔལ་གྱི་རྒྱུ་ལ་འཇུག་པའི་དགའ་བའི་སྒོ་ནས་འདི་དང་ཕྱི་མ་ལ་བདག་དང་གཞན་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་པས་ན། འགོག་པའི་ཚུལ་ཁྲིམ་སོ།། འདི་དང་ཕྱི ་མ་ལ་བདྲེ་བ་སྟེ། བདེ་བའི་རྒྱུ་ལ་འཇུག་པ་གནང་བས་ན་གནང་བའི་ཚུལ་ཁྲིམ་སོ།། དེ་བཞིན་དུ་གཉི་གར་ཕན་འདྲོགས་པར་བྱེད་པའི་ཕྱིར་དེ་གཉིས་ལ་ཡང་དག་པར་ཞུགས་པའི་སེམས་ཅན་སྡུད་པས་ན་སྡུད་པའི་ཚུལ་ཁྲིམ་སོ།། གཞོན ་ངག་གི་འདི་དང་ཕྱི་མའི་བདེ་བ་ལ་ལོག་པར་ཞུགས་པའི་སེམས་ཅན་ཚྭར་གཅོད་པར་བྱེད་པས་ན་ཚྭར་གཅོད་པའི་ཚུལ་ཁྲིམསོ།། སྦྱིན་པ་དང་ལྡན་པ་ཁོ་ནས་ཕྱི་མ་ལ་ལོངས་སྤྱོད་ཆེན་པོའི་འབྲས་བུར་འགྱུར་བའི་ཕྱིར་དང་། བཟོད་པ་དང་ལྡན ་པ་ནི་འདི་དང་ཕྱི་མ་ལ་བདག་དང་གཞན་དག་གི་བདེ་བའི་རྒྱུར་འགྱུར་བའི་ཕྱིར་དང་། ཕྱི་མ་ལ་བདག་ཉིད་ལ་གཡོག་འཁོར་དང་ལྡན་པའི་རྒྱུར་འགྱུར་བའི་ཕྱིར་འདི་དང་ཕྱི་མ་ལ་བདེ་བ་དང་། བརྩོན་འགྲུས་དང་ལྡན་པ་ནི་ཚེ་འདི་ལ་བརྩོན ་འགྲུས་བརྩམས་པས་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མི་འདྲེ་བའི་རྒྱུར་འགྱུར་བའི་ཕྱིར་དང་། ཕྱི་མ་ལ་སྤྲོ་བ་ཆེན་པོའི་རྒྱུར་འགྱུར་བའི་ཕྱིར་འདི་དང་ཕྱི་མ་ལ་བདེ་བ་དང་བསམ་གཏན་དང་ལྡན་པ་འདི་ཉིད་ལ་བདེ་བ་ལྷ་རེག ་པའི་རྒྱུར་འགྱུར་བའི་ཕྱིར་དང་། ཕྱི་མ་ལ་རྣམ་པར་དག་པའི་ལྟར་སྐྱེ་བའི་རྒྱུར་འགྱུར་བའི་ཕྱིར་གཉི་ག་བདེ་བ་དང་། ཤེས་རབ་དང་ལྡན་པ་ནི་ཚེ་འདི་ལ་དེ་དང་དེ་དག་ལ་མཁས་པ་སྐྱེད་པའི་ཕྱིར་དང་། ཕྱི་མཱ་ལ་ཤེས་རབ་ཀྱི་ཁྱད་པར ་གྱི་རྒྱུར་འགྱུར་བའི་ཕྱིར་གཉི་གོར་བདེ་བ་སྟེ། དེ་ལྟར་ན་ཚུལ་ཁྲིམས་རྣམ་པ་བཞི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་ཏེ། ཅི་རིགས་པར་སྦྱ་རོ།། བདག་དང་ཕ་རོལ་རྣམས་ལྷ་གཉི་གར་ཕྲན་འདོགས་པས་ན་འདི་དང་ཕྱི་མ ་ལ་བདེ་བའོ།། ཉེས་པ་རྣམ་པ་བཅུའི་གཉེན་པོར་གྱུར་པས་ན་རྣམ་པར་དག་པ་སྟེ། རྣམ་པ་བཅུ་ནི་ཉེས་པ་རྣམ་པ་བཅུའོ།། བསམ་པ་ཉམས་པས་ནཱ་ཡོང་དག་པར་ལེན་པས་ཉམས་པའི་ཉེས་པའོ།། དེའི་གཉེན་པོར་དགེ་སྦྱོང་གི་ཚུལ་འདོད ་པ་ནས་ཐ་མ་རྫོགས་པའི་བྱང་ཆུབ་འདོད་པ་ལ་ཐུག་པ་རྣམས་སྨོསོ།། བསླབ་པ་ལ་སྦྱོར་བའི་ཉེས་པ་ནི་དེ་བཞིན་གཤེགས་པས་བསླབ་པའི་གཞི་བཅས་པ་རྣམས་ལ་གུས་པར་མི་བྱེད་པས་ན་དེའི་ཕྱིར་ཧ་ཅང་ཞུམ་པ་མ་ཡིན་པ་ཞེས ་སྨོས་ཏེ། དེ་ཉིད་ནི་འགལ་བར་བྱས་པ་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་ཏོ།། བསླབ་པ་ནི་བཞི་མ་བཅས་པའི་རྗེ་སུ་འཇུག་པའི་ཉེས་པ་ཡིན་པར་ན་ཧ་ཅང་ཐལ་བ་ཉིད་དོ།། ཉེས་པོ་དེ་གཉི་གའི་གཉེན་པོར་ཇི་ལྟར་བཅས་པ་རྣམས་ལ ་ཡང་དག་པར་སློབ་པས་ན་རྣམ་པར་དག་པའོ།། ལེ་ལོའི་ཉེས་པས་ཉམས་པར་གྱུར་པ་དེའི་གཉེན་པོ་ལེ་ལོ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེ་ལོ་དང་བྲལ་བ་ནི་ཉིན་མཚན་དུ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན ་པ་ཞེས་བྱ་བས་བསྟན་ཏོ།། བག་མེད་པའི་ཉེས་པའི་གཉེན་པོར་ནི། བག་ཡོད་པས་ཡོངསུ་ཟིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བརྟེན་པའི་ཉེས་པ་ནི་རྙེད་པ་དང་བཀུར་སྟི་དང་སྐྱེ་བའི་ཁྱད་པར་ལ་བརྟེན་པའི་ཕྱིར་ཏེ། དེའི་གཉེན་པོར་སྨོན ་ལམ་ལེགས་པར་བཏབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གཞན་དག་འདུན་པར་མི་བྱེད་པའི་ཉེས་པ་དེའི་གཉེན་པོར་ནི། ཆོ་ག་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ལོག་པར་འཚོ་བའི་ཉེས་པ་དེའི་གཉེན་པོར་ནཱི་འཚོ་བ ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། མཐའ་གཉིས་སུ་ལྟུང་བའི་ཉེས་པ་དེའི་གཉེན་པོར་ནི་དེའི་མཐའ་གཉིས་རྣམ་པར་སྤངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། མཆོག་ཏུ་འཛིན་པའི་ཉེས་པ་དེའི་གཉེན་པོར་ནི་ངེས ་པར་འབྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཉམས་པར་བྱེད་པ་དེའི་ཉེས་པ་ནི་བསླབ་པ་ལས་འགལ་བར་བྱེད་པ་སྟེ། དེའི་གཉེན་པོར་ནི་མ་ཉམས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་ནི་ཡངས་ཤིང ་རྒྱ་ཆེ་ལོ་བསོད་ནམས་ཆེ་བའི་ཕྱིར་རོ།། བྱང་ཆུབ་ཆེན་པོའི་འབྲས་བུ་ཆེ་བའི་ཕྱིར་ཏེ། དེ་གཉིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་ཏོ།། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས ་ལ་སློབ་པའི་ཕན་ཡོན་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་བསྟན་ཏེ། དེ་སློབ་པས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དགོངས་པར་འགྱུར་གྱི་ཉན་ཐོས་ཀྱི་སྡོམ་པ་ལ་སློབ་པ་མ་ཡིནོ།། འཆི་བའི་ཚེ ་འདི་ན་ས་ཤི་འཕོས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། བླད་པ་ཡིད་ལ་བྱེད་པས་འཆི་བའི་འཇིགས་པ་ལུས་འདས་པའི་ཕྱིར་མཆོག་ཏུ་དགའ་བ་ཆེན་པོ་འཐོབ་པོ།། ཕྱི་མ་ལ་སངས་རྒྱས་དང་བྱུང ་ཆུབ་སེམས་དཔ་དགེ་བའི་བཤོས་གཉེན་དང་། ཕྲད་པ་ནི་བཱན་ཡིན་གསུམ་པའོ།། ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་བསྐྱོད་ནམས་ཡོངསུ་འཛིན་པའི་ཕྱིར་བཞི་པའོ།། གཏན་དུ་བའི་ཕྱིར་ཚུལ་ཁྲིམས་ཡིན་པས་ཆོས་ཀྱི་ཚུལ ་ཁྲིམས་འཐོབ་པའི་ཕྱིར་ལྔ་པའོ།། རྣམ་པ་ར་རཱི་ཡང་ཚུལ་ཁྲིམས་རྣམ་པ་གླུསུམ་དུ་བསྡུ་བཱ་ནི།། དེ་ཐམས་ཅད་སྡོམ་པའི་ཚུལ་ཁྲིམྦྷས་དང་ཞེས་བྱ་བ་ལ་སོགས་པསྡུ་བསྟན་ཏོ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་ལས་མི་ཉུང་མི་མང་ཞེས་རྒོལ་བའི་ལན་གྱི་སྒོ་ནས་ཚུལ་ཁྲིམས་རྣམ་གསུམ་དུ་བཞུག་པར་བསྟན་པའི་ཕྱིར། གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡོམ་པའི་ཚུལ ་ཁྲིམས་ཀྱིས་ནི་སེམས་གནས་པ་བསྟན་ཏེ། ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་ཀྱི་བདེ་བ་ལ་གནས་པའི་ཕྱིར་རོ།། ལུས་དང་སེམས་ཀྱི་མངོན་པར་འདུས་བྱས་པ་ཡང་དེ་དང་འདྲའོ།། དགེ་བ་སྡུད་པའི ་ཚུལ་ཁྲིམས་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་སྒོ་ནས་བདག་ལ་ཕན་པ་སྒྲུབ་པོ།། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་སྒོ་སྟེ་སེམས་ཅན་ཡོངས་སུ་སྨིན ་པར་བྱེད་པའི་སྒོ་ནས་ནི་གཞན་ལ་ཕན་པ་སྒྲུབ་པོ།། བྱང་ཆུབ་སེམས་དཔའི་བྱ་བ་ནི་འདི་དྲག་དུ་ཟད་དེ་འདི་ལྟ་སྟེ། བདག་ཉིད་སྣོད་དུ་གྱུར་པར་བྱ་བ་དང་། གཉི་ག་ལ་ཕན་པར་བསྒྲུབ་པའོ།། བྱང ་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་རྒྱ་ཆེར་འགྲོལ་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི ་མཁན་པོ་འཛིན་མི་ཏྲ་དང་། པྲཛྙཱ་ཝཪྻ་དང་། ཞུ་ཆེན་གྱི་ལོ་ཙཱ་བཾ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ་བཀྲ་ཤིས།། ། དགེའོ།། སརྦ་མངྒ་ལཾ།། ། ཞུས་དག། ་