CLOSE WINDOW

GT3542: rnal 'byor spyod pa'i sa rnam par gtan la dbab pa bsdu pa
Wyliee-texts produced with BDRC’s OCR application

text in 2 volumes

volume 1 - volume 2 -

བམ་པོ་སུམ་ཅུ་གསུམ་པ། རྒྱུ་མཚན་ལས ་མིང་གཞན་དུ་བརྗོད་པར་བྱ་བའམ། གཞན་མ་ཡིན་པར ་#། བརྗོད་པར་བྱ་ཞེ་ན། སྨྲས་པ། གཉི་གར་ཡང་བརྗོད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གཉི་གར་ཡང་སྐྱོན་དུ་ཐལ ་བར་འགྱུར་བའི་ཕྱིར་རོ།། གཞན་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། མིང་རྫས་སུ་ཡོད་པར་འགྱུར་བའོ།། གཞན་མ་ཡིན་པ་ཉིད ་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། རྒྱུ་མཚན་གཟུང་བ་ན་མིང་ཡང་ཟིན་པར་འགྱུར་བའོ།། རྒྱུ་མཚན་ལས་རྣམ་པར་རྟོག་པ་གཞན ་དུ་བརྗོད་པར་བྱ་བ་འམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཉི་གར་ཡང་བརྗོད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གཉི་གར་ཡང་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིརརོ།། གཞན་ཉིད ་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། རྣམ་པར་རྟོག་པ་རྣམས་རྒྱུ་མཚོན་ཉིད་མ་ཡིན་པར་འགྱུར་བའོ།། གཞན་མ་ཡིན་པ་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ནོ། རྣམ་པར་རྟོག་པ་དང་བྲལ་པོའི་རྒྱུ་མཚན་རྣམ ་ཀྱང་རྣམ་པར་རྟོག་པའི་བདག་ཉིད་ཁོ་ནར་འགྱུར་པའོ།། རྒྱུ་མཚན་ལས་དེ་བཞིན་ཉིད་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཉི་གར་ཡང་བརྗོད ་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གཉི་ག་ཡང་སྐྱོན་དུ་འགྱུར་བར་ཐལ་བར་འགྱུར་བའི་ཕྱིརརོ།། གཞན་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། རྒྱུ་མཚན་གྱི་དོན་དམ་པ་ཉིད་བཞིན་ཉི་དུ་མི་འགྱུར་བ་བྱ ་འབྱོར་པ་རྒྱུ་མཚན་ལ་མི་ལྟོས་པར་དེ་བཞིན་ཉིད་ཡོངསུ་ཚོལ་བར་འགྱུར་བ་དང་། དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ན་ཡང་རྒྱུ་མཚན་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་བའོ།། གཞན་མ་ཡིན་པ་ཉིད ་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། དེ་བཞིན་ཉིད་ལ་བྱེ་བྲག་མེད་པ་བཞིན་དུ་རྒྱུ་མཚན་ཐམས་ཅད་ལ་ཡང་བྱེ་བྲག་མེད་པར་འགྱུར་བ་དང་། རྒྱུ་མཚན་དམིགས་པ་ན་དེ་བཞིན་ཉིད་ཀྱང་དམིགས་པར་འགྱུར་བ་དང་། དེ་བཞིན་ཉིད་དམིགས་ཀྱང་རྒྱུ་མཚན་བཞིན་དུ ་ནུནོར་དག་པར་མི་འགྱུར་བ་སྟེ། འདི་ལྟ་སྟེ་དཔེར་ན་འདུ་བྱེད་རྣམས་ལ་སྤྱིའི་མཚན་ཉིད་མི་རྟག་པ་དང་སྡུག་བསྔལ་པ་དྲང་བདག་མེད་པ་ཡོད་ཀྱང་དེ་དག་ལས་གཞན་པ་འམ། གཞན་མ་ཡིན་པར་བརྗོད་པར་མི་བྱ་བ་དང་། ལུས་དང་སེམས་ལ་གནས་ངན ་ལེན་དང་ཤིན་ཏུ་སྦྱངས་པ་དག་ཡོད་ཀྱང་། ལུས་དང་སེམས་ལས་དེ་དག་གཞན་པ་འམ། གཞན་མ་ཡིན་པར་བརྗོད་པར་མི་བྱ་བ་དང་། དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་པའི་ཆོས་རྣམས་ལ་ས་བོན་ཡོད་ཀྱང་།། དེ་དག་ལས་གཞན་པའམ། གཞན་མ་ཡིན ་པར་བརྗོད་པར་མི་བྱ་སྟེ། གཉི་ག་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་དང་། འདི་ལྟ་སྟེ་དཔེར་ན་ན་མཁའ་ནི་ཐད་དུ་སོང་བ་ཡིན་པས་གཟུགས་ཀྱི་ཕྱོགས་ན་ན་མཁའ་ཡོད་ཀྱང་། དེ་ལས་དེ་གཞན་པའམ། གཞན་མ་ཡིན་པར་བརྗོད་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ་གཉི་གར་ཡང་སྐྱེན་དུ་ཐལ་བར་འགྱུར་བའི་ཕྱིརརོ།། གཞན་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། ནམ་མཁའ་ཐད་དུ་སོང་བ་མ་ཡིན་པའི་ཕྱིར་མི་རྟག་པར་འགྱུར་བའོ།། གཞན་མ་ཡིན་པ་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། གཟུགས་ཀྱི་ཕྱོགས་ལས་ནམ་མཁའ་གཞན་དུ་མི ་འགྱུར་བ་སྟེ། དེ་བཞིན་དུ་འདིར་ཡང་ཚུལ་ཅི་རིགས་པར་ལྟ་བར་བྱའོ།། བཅྡོཾལྡས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལས་བརྩམས་ནས་ཀྱང་། ལ་ལར་འདུ་བྱེད་རྣམས་ལས་གཞན་པ་ཡང་མ་ཡིན། གཞན་མ་ཡིན་པ་ཡང་མ་ཡིན་པར་ལན་གདབ་པའི་ཚུལ་འདི་ཡོང་སུ་བསྟན ་ཏེ་ཇི་སྐད་དུ་དགེ་སློང་དག་ཕུང་པོ་རྣམས་ཉིད་ཀྱང་ཉེ་བར་ལེན་པ་མ་ཡིན་ལ། ཕུང་པོ་རྣམས་ལས་ལོགས་ཤིག་ན་ཡང་ཉེ་བར་ལེན་པ་མེད་མོད་ཀྱི། འོན་ཀྱང་འདི་ལ་འདུན་པའི་འདོད་ཆགས་གང་ཡིན་པ་དེ་འདིར་ཉེ་བར་ལེན་པ་ཡིན་ཞེས་གསུངས་པ་ལྟ་བུའོ།། ། ་དེ་ལ་གཞན་པ་ཉིད་མ་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། སྨྲས་པ། ཕུང་པོ་རྣམས་ཀྱི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་སྐུར་པ་དང་། རྣམ་པར་མི་འདག་པའི་སྐྱོ་ནོ།། གཞན་ཉིད་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། སྨྲས་པ། ཉེ་བར་ལེན་པ་རྟག་པ་ཉིད་སྒྲོ་བཏགས་པ་དང་། ནར་མི་འདག་པ ་ཉིད་ཀྱི་སྐྱོན།། རྒྱུ་མཚན་དང་དེ་བཞིན་ཉིད་ཇི་ལྟ་བུ་བཞིན་དུ་མིང་དང་རྣར་རྟོག་པ་དང་ཡང་དག་པའི་ཤེས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ།། རྒྱུ་མཚན་ལས་ཡང་དག་པའི་ཤེས་པ་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྣམ་པར ་རྟོག་པ་བཞིན་དུ་གཉི་གར་བརྗོད་པར་མི་བྱའོ།། མིང་ལས་རྣར་རྟོག་པ་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ནི། སྨྲས་པ། གཞན་དུ་བརྗོད་པར་བྱའོ།། མྱིང་ལས་ཡང་དག་པའི་ཤེས་པ་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད ་པར་བྱ་ཞེ་ན། སྨྲས་པ། གཞན་དུ་བརྗོད་པར་བྱའོ།། རྣོར་རྟོག་པ་ལས་ཡང་དག་པའི་ཤེས་པ་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཞོན་དུ་བརྗོད་པར་བྱའོ།། རྒྱ་མཚན་གྱི་མཚན་ཉིད་གང་ཞེ་ན། སྨྲས་པ། རྣར་རྟོག་པའི་སྤྱོད་ཡུལ་གྱི ་མཚན་ཉིད་དོ།། མོང་གི་མཚན་ཉིད་གང་ཞེ་ན། སྨྲས་པ། ཐ་སྤྱད་ཀྱི་གནས་ཀྱི་མཚན་ཉིད་དོ།། རྣམ་པར་རྟོག་པའི་མཚན་ཉིད་གང་ནཱ་ན། སྨྲས་པ། རྒྱུ་མཚན་སྤྱོད་ཡུལ་བའི་མཚན་ཉིད་དོ།། དེ་བཞིན་ཉིད་ཀྱི་མཚན་ཉིད་གང་ཞེ་ན། སྨྲས ་པ། ཡང་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་མཚན་ཉིད་དོ།། ཡང་དག་པའི་ཤེས་པའི་མཚན་ཉིད་གང་ཞེ་ན། སྨྲས་པ། དེ་བཞིན་ཉིད་སྤྱོད་ཡུལ་བའི་མཚན་ཉིད་དོ།། རྒྱུ་མཚན་གྱི་རྣམ་པ་གང་ཞེ་ན། སྨྲས་པ། རྣམ་པར་རྟོག་པ་རྣམས་ཀྱི་རྣམ་པ་སྣ ་ཚོགས་དཔག་ཏུ་མེད་པའི་ཕྱིར། དེའི་རྣམ་པ་ཡང་སྣ་ཚོགས་དཔག་ཏུ་མེད་པར་རིག་པར་སྟེ། འདི་ལྟ་སྟེ་གཟུགས་རྒྱུ་མཚན་དང་། སེམས་རྒྱུ་མཚན་དང་། སེམས་དང་ལྡན་པ་མ་ཡིན་པ་རྒྱུ་མཚན་དང་། འདུས་མ་བྱས་རྒྱུ་མཚན་དང་། འདུས་བྱས ་མཚན་དང་། ཕུང་པོ་རྒྱུ་མཚོན་དང་། སྐྱེ་མཆེད་རྒྱུ་མཚན་དང་། ཁམས་རྒྱུ་མཚན་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་མཚན་དང་། གནས་དང་གནས་མ་ཡིན་པ་རྒྱུ་མཚན་དང་། དབང་པོ་རྒྱུ་མཚན་དང་། བདེན་པ་རྒྱུ་མཚན་དང་། དྲན་པ་ཉེ་བར ་གཞག་པ་རྒྱུ་མཚན་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་རྒྱུ་མཚན་དང་། ལམ་རྒྱུ་མཚན་དང་། ཆོས་ཀྱི་གཞི་རྒྱུ་མཚན་དང་། ཞི་གནས་རྒྱུ་མཚན ་དང་། ལྷག་མཐོང་རྒྱུ་མཚན་དང་། རབ་ཏུ་འཛིན་པ་རྒྱུ་མཚོན་དང་། བཏང་སྙོམས་རྒྱུ་མཚན་དང་། རྐྱེན་རྒྱུ་མཚན་དང་། སྟོན་པ་རྒྱུ་མཚན་དང་། ས་རྒྱུ་མཚན་དང་། ཆུ་རྒྱུ་མཚན་དང་། མི་རྒྱུ་མཚན་དང་། རླུང་རྒྱུ་མཚན་དང་། ནམ་མཁའ་རྒྱུ་མཚན ་དང་། རྣམ་པར་ཤེས་པ་རྒྱུ་མཚན་དང་། འཇིག་རྟེན་འདི་རྒྱུ་མཚན་དང་། འཇིག་རྟེན་ཕ་རོལ་རྒྱུ་མཚན་དང་། ཉི་མ་རྒྱུ་མཚན་དང་། ཟླ་བ་རྒྱུ་མཚན་དང་། སེམས་ཅན་དམྱལ་བ་རྒྱུ་མཚན་དང་། དུད་འགྲོ་དང་། ཡི་དྭགས་དང་། ལྷ་དང་། མི་རྒྱུ་མཚན་དང་། ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་རྒྱུ་མཚན་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱུ་མཚོན་དང་། བསམ་གཏན་དང་པོ་རྒྱུ་མཚན་དང་། བསམ་གཏན་གཉིས་པ་དང་། ་གསུམ་པ་དང་། བཞི་པ་རྒྱུ་མཚན་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྒྱུ་མཚན་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྒྱུ་མཚན་དང་། འབྱུང་བ་རྒྱུ་མཚན་དང་། ་འཇིག་པ་རྒྱུ་མཚན་དང་། དངོས་པོ་རྒྱུ་མཚན་དང་། དངོས་པོ་མེད་པ་རྒྱུ་མཚན་དང་། ཀུན་ནས་ཉོན་མོངས་པ་རྒྱུ་མཚན་དང་། རྣམ་པར་བྱང་བ་རྒྱུ་མཚན་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། ཐོབ་པ་དང་། ་ཡོང་སུ་བཅིལ་བ་རྒྱུ་མཚན་དང་། ཡིད་ཀྱིས་རྗེས་སུ་བརྟགས་པ་དང་། རྗེས་སུ་དཔྱད་པ་རྒྱུ་མཚན་དང་། དེ་ལྟར་དེ་ལྟ་བུ་དང་། འཐུན་པ་རྒྱུ་མཚན་གཞན་གང་ཡིན་པ་དང་། གཞན་ཡང་རྒྱུ་མཚན་དྲུག་སྟེ། མཚན་མ་དང་བཅས་པ་རྒྱུ་མཚན་དང་། མཚན ་མ་མེད་པ་རྒྱུ་མཚན་དང་། ཆུང་ངུ་རྒྱུ་མཚན་དང་། ཆེན་པོར་གྱུར་པ་རྒྱུ་མཚན་དང་། ཚད་མེད་པ་རྒྱུ་མཚན་དང་། ཅི་ཡང་མེད་པ་རྒྱུ་མཚན་ནོ།། མཚན་མ་དང་བཅས་པ་རྒྱུ་མཚན་གང་ཞེ་ན། དངོས་པོ་རྟོགས་པའི་མིང་ལ་རྣམ་པར་རྟོག་པའི ་མཚན་མ་གང་ཡིན་པའོ།། མཚན་མ་མེད་པ་རྒྱུ་མཚན་གང་ཞེ་ན། དངོས་པོ་མ་རྟོགས་པའི་མིང་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ།། ཆུང་ངུ་རྒྱུ་མཚན་གང་ཞེ་ན། འདོད་པའི་ཁམས་ཀྱི་དངོས་པོ་ལ་རྣམ་པར་རྟོག་པའི ་མཚན་མ་གང་ཡིན་པའོ།། ཆེན་པོར་གྱུར་པ་རྒྱུ་མཚན་གང་ཞེ་ན། གཟུགས་ཀྱི་ཁམས་ཀྱི་དངོས་པོ་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ།། ཚད་མེད་པ་རྒྱུ་མཚན་གང་ཞེ་ན། གཟུགས་མེད་པའི་ཁམས་ཀྱི་དངོས་པོ་ན་མཁའ་མཐའ ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ།། ཅི་ཡང་མེད་པ་རྒྱུ་མཚན་གང་ཞེ་ན། གཟུགས་མེད་པའི་ཁམས་ཀྱི་དངོས་པོ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་རྣམ་པར་རྟོག་པའི ་མཚན་མ་གང་ཡིན་པའོ།། གཞན་ཡང་རྒྱུ་མཚན་ལྔ་སྟེ། རྒྱུ་མཚན་རྒྱུ་མཚན་དང་། མིང་རྒྱུ་མཚན་དང་། རྣམ་པར་རྟོག་པ་རྒྱུ་མཚན་དང་། དེ་བཞིན་ཉིད་རྒྱུ་མཚན་དང་། ཡང་དག་པའི་ཤེས་པ་རྒྱུ་མཚན།། ཡང་རྒྱུ་མཚན་གཉིས་ཏེ། རང ་བཞིན་གྱི་རྒྱུ་མཚན་དང་། གཟུགས་བརྙན་རྒྱུ་མཚན་ནོ།། རང་བཞིན་རྒྱུ་མཚན་གྲང་ཞེ་ན། སྔོན་གྱི་རྣམ་པར་རྟོག་པས་སྐྱེད་པའི་མཚན་མ་དང་། མཚན་མས་སྐྱེད་པ་གྲགས་པའི་མཚན་མའོ།། གཟུགས་བརྙན་རྒྱུ་མཚན་གང་ཞེ་ན། ཀུན་བརྟག ་བ་གང་ཡིན་པ་དེ་ནི་མོས་པས་སྣང་བ་ཡིན་གྱི། རང་བཞིན་དུ་གནས་པ་ནི་མ་ཡིན་ནོ།། མིང་གི་རྣམ་པ་གང་ཞེ་ན། དེ་ཡང་རྒྱུ་མཚན་གྱི་དབང་གིས་རྣམ་པ་སྣ་ཚོགས་དཔག་ཏུ་མེད་དོ།། དེ་ཡང་མདོར་བསྡུ་རྣམ་པ་བཅུ་གཉིས་ཏེ། ཐ་སྐྱེད་ལས། ་བྱུང་བ་དང་། ཡང་དག་པའི་དངོས་པོ་དང་། རིགས་དང་འབྲེལ་པ་དང་། སོ་སོ་དང་འབྲེལ་པ་དང་། ཡོན་ཏན་ལས་བྱུང་བ་དང་། ཉེ་བར་བཏགས་པ་དང་། གྲགས་པ་དང་། མ་གྲགས་པ་དང་། གསལ་བ་དང་། མི་གསལ་བ་དང་། བསྡུས་པ་དང་། ཐ་དད ་པའོ།། རྣམ་པར་རྟོག་པའི་རྣམ་པ་གང་ཞེ་ན། དེ་ཡང་རྒྱུ་མཚན་དང་མིང་གི་དབང་གིས་རྣམ་པ་སྣ་ཚོགས་དཔག་ཏུ་མེད་དོ།། དེ་ཡང་མདོར་བསྡུ་ན་རྣམ་པ་བདུན་དུ་རིག་པར་བྱ་སྟེ། མཚན་མ་ལས་བྱུང་བ་དང་། མཚན་མ་མེད་པ་ལས་བྱུང་བ་དང་། ཡུལ ་ལ་རང་གི་ངང་གིས་འཇུག་པ་དང་། ཚོལ་བ་དང་། སོ་སོར་རྟོག་པ་དང་། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ།། དེ་བཞིན་ཉིད་ཀྱི་རྣམ་པ་གང་ཞེ་ན། སྨྲས་པ། བརྗོད་དུ་མེད་པའི་རྣམ་པ་ཡིན་ནོ།། ཡང་དག་པའི་ཤེས་པའི་རྣམ་པ ་གང་ཞེ་ན། སྨྲས་པ། འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པའི་རྣམ་པ་ཡིན་ནོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་རྣམ་པར་གཞག་པའི་བདེན་པ་འཛིན་པའི་རྣམ་པ་ཡིན་ནོ།། དེ་ལ་མཚན་མ་དང ་གཟུགས་བརྙན་དང་། མིག་ཡོར་དང་། སྲིད་པ་དང་། སྤྲོས་པ་དང་། འཇིག་ཚོགས་དང་། འདུས་བྱས་དང་། བསམས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དེ་ལྟ་བུ་ལ་སོགས་པ་ནི་རྒྱུ་མཚན་གྱི་རྣམ་གྲངས་ཡིན་ནོ།། དེ་ལ་མིང་དང་། བརྡའ་དང་། ་གདགས་པ་དང་། ཐ་སྙད་དང་། ཀུན་རྫོབ་དང་། ཉེ་བར་འདོགས་པ་དང་། བརྗོད་པ་དང་། དེ་ལྟ་བུ་ལ་སོགས་པ་ནི་མིང་གི་རྣམ་གྲངས་ཡིན་ནོ།། དེ་ལ་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། ལོག་པའི་ལམ་དང་། ལོག་པའི་སྒྲུབ་པ་དང་། རྒྱུན ་གོལ་བ་དང་། ཡང་དག་པར་འཛིན་པ་མ་ཡིན་པ་དང་། དེ་ལྟ་བུ་ལ་སོགས་པ་ནི་རྣམ་པར་རྟོག་པའི་རྣམ་གྲངས་ཡིན་ནོ།། དེ་ལ་དེ་བཞིན་ཉིད་དང་། ཡང་དག་པ་ཉིད་དང་། བདེན་པ་ཉིད་དང་། མ་ནོར་བ་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་དང ་སྤྲོས་པ་མེད་པའི་དབྱིངས་དང་། མཚན་མ་མེད་པའི་དབྱིངས་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་ལྟ་བུ་ལ་སོགས་པ་ནི་དེ་བཞིན་ཉིད་ཀྱི་རྣམ་གྲངས་ཡིན་ནོ།། དེ་ལ་ཡང་དག་པའི་ཤེས་པ་དང་། ཡང་དག་པའི་ཤེས་རབ་དང་། ་ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་ལམ་དང་། ཡང་དག་པའི་སྒྲུབ་པ་དང་། ཡང་དག་པའི་རྒྱུན་དང་། ཡང་དག་པར་འཛིན་པ་དང་། དེ་ལྟ་བུ་ལ་སོགས་པ་ནི་ཡང་དག་པའི་ཤེས་པའི་རྣམ་གྲངས་ཡིན་ནོ།། དངོས་པོ་ལྔ་པོ་གང་དག་ཡིན་པ་དེ ་དྲག་ལས་དུ་ཞིག་གཟུགས་ཡིན། དུ་ཞིག་སེམས་ཡིན། དུ་ཞིག་སེམས་ལས་བྱུང་བ་དག་ཡིན། དུ་ཞིག་སེམས་དང་མི་ལྡན་པ་དག་ཡིན། དུ་ཞིག་འདུས་མ་བྱས་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་རྣམ་པ་ལྔ་ཆར་ཡིན་ནོ།། མིང་ནི་སེམས་དང ་མི་ལྡན་པ་ཡིན་ནོ།། རྣམ་པར་རྟོག་པ་དང་ཡང་དག་པའི་ཤེས་པ་ནི་སེམས་དང་སེམས་ལས་བྱུང་བ་དག་ཡིན་ནོ།། དེ་བཞིན་ཉིད་ནི་འདུས་མ་བྱས་ཡིན་ནོ།། དུ་ཞིག་ཕུང་པོས་བསྡུས་པ་དག་ཡིན། དུ་ཞིག་མ་བསྡུས་པ་དག་ཡིན་ཞེ་ན། སྨྲས ་ག་གསུམ་ནི་ཕུང་པོས་བསྡུས་པ་དག་ཡིན་ནོ།། རྒྱུ་མཚན་ནི་བསྡུས་པ་དང་མ་བསྡུས་པ་ཡིན་ནོ།། དེ་བཞིན་ཉིད་ནི་མ་བསྡུས་པ་ཡིན་ནོ།། ངུ་ཞིག་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་དག་ཡིན། དུ་ཞིག་མ་བསྡུས་པ་དག་ཡིན་ཞེ་ན། སྨྲས་པ། ་ཐམས་ཅད་ཀྱང་བསྡུས་པ་དག་ཡིན་ནོ།། དུ་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བས་བསྡུས་པ་དག་ཡིན། དུ་ཞིག་མ་བསྡུས་པ་དག་ཡིན་ཞེ་ན། སྨྲས་པ། གསུམ་ནི་བསྡུས་པ་ཡིན་ནོ།། རྒྱུ་མཚན་ནི་བསྡུས་པ་དང་མ་བསྡུས་པ་ཡིན་ནོ།། དེ་བཞིན ་ཉིད་ནི་མ་བསྡུས་པ་ཡིན་ནོ།། རྟེན་ཅིང་འབྲེལ་པར་འབྱུང་བས་བསྡུས་པ་དང་མ་བསྡུས་པ་དག་ཇི་ལྟ་བ་བཞིན་དུ་གནས་དང་གནས་མ་ཡིན་པ་དང་། དབྱུང་པོས་བསྡུས་པ་དང་མ་བསྡུས་པ་དག་ཀྱང་དེ་བཞིན་དུ་ལྟ་བར་བྱའོ།། དུ་ཞིག་བདེན ་བཔས་བསྡུས་པ་དག་ཡིན། དུ་ཞིག་མ་བསྡུས་པ་དག་ཡིན་ཞེ་ན། སྨྲས་པ། བདེན་པ་རྣམ་པ་གཉིས་ཏེ། རྣམ་པར་བཞག་པ་དང་། རྣམ་པར་མ་བཞག་པའོ།། དེ་ལ་འཕགས་པའི་བདེན་པ་བཞི་ནི་རྣམ་པར་བཞག་པའི་བདེན་པ་ཡིན་ནོ།། དེ ་བཞིན་ཉིད་ནི་རྣམ་པར་མ་བཞག་པའི་བདེན་པ་ཡིན་ནོ།། དེ་ལ་གསུམ་ནི་རྣམ་པར་བཞག་པའི་བདེན་པས་བསྡུས་པ་ཡིན་ནོ།། རྒྱུ་མཚན་ནི་བསྡུས་པ་དང་མ་བསྡུས་པ་ཡིན་ནོ།། དེ་བཞིན་ཉིད་ནི་རྣམ་པར་མ་བཞག་པའི་བདེན་པས་བསྡུས ་པ་ཁོ་ན་ཡིན་ནོ།། དུ་ཞིག་རྒྱུའི་རྐྱེན་གྱིས་བསྡུས་པ་དག་ཡིན། དུ་ཞིག་མཚུངས་པ་དེ་མ་ཐག་པ་དང་། དམིགས་པ་དང་། བདག་པོའི་རྐྱེན་གྱིས་བསྡུས་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་ཐམས་ཅད་ཀྱིས་བསྡུས་པ་དག་ཡིན་ནོ།། ་མིང་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་མ་བསྡུས་པ་ཡིན་ནོ།། རྣམ་པར་རྟོག་པ་དང་ཡང་དག་པའི་ཤེས་པ་ནི་བཞི་ཆར་གྱིས་བསྡུས་པ་ཡིན་ནོ།། དེ་བཞིན་ཉིད་ནི་དམིགས་པའི་རྐྱེན་གྱིས་བསྡུས་པ་ཁོ་ན་ཡིན་ནོ།། དུ་ཞིག་ཆོས་ལ ་རྟོན་པས་བསྡུས་པ་དག་ཡིན། དུ་ཞིག་དོན་དང་ངེས་པའི་དོན་གྱི་མདོ་སྡེ་དང་། ཡེ་ཤེས་ལ་རྟོན་པས་བསྡུས་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་རྟོན་པས་གསུམ་གྱིས་བསྡུས་པ་ཡིན་ནོ།། མིང་གི་ཆོས་ལ་རྟོན་པས་བསྡུས ་བ་ཡིན་ནོ།། རྒྱུ་མཚན་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པ་ཡང་དེ་བཞིན་ནོ།། དེ་བཞིན་ཉིད་ནི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་དོན་ལ་རྟོན་པས་བསྡུས་པ་ཡིན་ནོ།། ཡང་དག་པའི་ཤེས་པ་ནི་ཡེ་ཤེས་ལ་རྟོན་པ་ཁོ་ནས་བསྡུས་པ་ཡིན་ནོ།། དུ་ཞིག། ་གཟུགས་ཅན་དག་ཡིན། དུ་ཞིག་གཟུགས་ཅན་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་རྣམ་པ་གཉི་ག་ཡིན་ནོ།། རྣམ་པར་རྟོག་པ་དང་ཡང་དག་པའི་ཤེས་པ་ནི་གཟུགས་ཅན་མ་ཡིན་པ་ཡིན་ནོ།། མིང་དང་དེ་བཞིན་ཉིད་ནི་གཉི་ག ་མ་ཡིན་ཏེ། བརྟག་པའི་ཡོད་པ་མ་ཡིན་པའི་ཕྱིར་དང་། བརྗོད་དུ་མེད་པ་ཡིན་པའི་ཕྱིར་རོ།། གཟུགས་ཅན་མ་ཡིན་པ་དག་ཇི་ལྟ་བ་བཞིན་དུ་བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་དག ་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། དུ་ཞིག་ཟག་པ་དང་བཅས་པ་དག་ཡིན། དུ་ཞིག་ཟག་པ་མེད་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ།། གཉིས་ནི་ཟག་པ་མེད་པ་ཡིན་ཏེ། དེ་བཞིན་ཉིད་ནི་ཟག་པ་མེད་པའི་དམིགས་པའི་དོན་གྱིས ་ཟག་པ་མེད་པ་ཡིན་གྱི། ཐོག་པ་ཟད་པའི་མཚན་ཉིད་ཀྱི་དོན་གྱིས་ནི་མ་ཡིན་ནོ།། ཡང་དག་པའི་ཤེས་པ་ནི་ཟག་པ་ཟད་པར་བྱ་བའི་ཕྱིར་གཉེན་པོའི་དོན་གྱིས་ཟག་པ་མེད་པ་ཡིན་ནོ།། དུ་ཞིག་འདུས་བྱས་དག་ཡིན། དུ་ཞིག་འདུས་མ་བྱས་དག ་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ།། གསུམ་ནི་འདུས་བྱས་ཡིན་ནོ།། དེ་བཞིན་ཉིད་ནི་འདུས་མ་བྱས་ཡིན་ཏེ། འདུས་བྱས་ཉེ་བར་ཞི་བའི་དམིགས་པའི་དོན་གྱིས་ཡིན་གྱི། འདུས་བྱས་ཉེ་བར་ཞི་བའི་མཚན་ཉིད་ཀྱི་དོན་གྱིས ་ནི་མ་ཡིན་ནོ།། དུ་ཞིག་ཉོན་མོངས་པ་དང་བཅས་པ་དག་ཡིན། དུ་ཞིག་ཉོན་མོངས་པ་མེད་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ།། གཉིས་ནི་ཉོན་མོངས་པ་དང་བཅས་པ་ཡིན་ནོ།། གཉིས་ནི་ཉོན་མོངས་པ་མེད་པ་ཡིན་ཏེ། འདིར ་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཚུལ་བཞིན་དུ་བལྟ་བར་བྱའོ།། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོང་པ་མེད་པ་དག་ཇི་ལྟ་བ་བཞིན་དུ། ཟང་ཟིང་དང་བཅས་པ་དང་། ཟང་ཟིང་མེད་པ་དག་དང་། ཞེན་པ་ལ་བརྟེན་པ་དང་། ་མངོན་པར་འབྱུང་བ་ལ་བརྟེན་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། དུ་ཞིག་འཇིག་རྟེན་པ་དག་ཡིན། དུ་ཞིག་འཇིག་རྟེན་ལས་འདས་པ་དག་ཡིན་ཞེ་ན། སྨྲས་པ། གསུམ་ནི་འཇིག་རྟེན་པ་ཡིན་ནོ།། དེ་བཞིན་ཉིད་ནི་འཇིག་རྟེན་ལས་འདས་པ་ཡིན ་ནོ།། ཡང་དག་པའི་ཤེས་པའི་ཕྱོགས་གཅིག་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ།། ཕྱོགས་གཅིག་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡིན་ནོ།། དེ་བཞིན་ཉིད་ཀྱང་ཐ་སྙད་དང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དམིགས་པའི ་དོན་གྱིས་འཇིག་རྟེན་ལས་འོངས་པ་ཡིན་གྱི། ཐ་སྙད་དང་སྤྲོས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཀྱི་དོན་གྱིས་ནི་མ་ཡིན་ནོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་ཇི་ལྟ་བ་བཞིན་དུ་གཏོགས་པ་དང ་།། མཱ་དཱ། ན་ཀྱང་གྱུ།། སུང་གཱ་དཱ་མྦྷ་ཡིན། བུ་ཞིག་ཕྱི་རོལ་གྱི་དག་ཡིན་ཞེ་ན། སྨྲས་པ། སྒྱུ་མཚན་ནི་གཉི་ས་མིན་ནོ།། མིང་ནི་ཕྱི་རོལ་ཡིན་ནོ།། རྣམ་པར་རྟོག་པ་ནི་སྨྱོ་བར་གཏོགས་པ་ལས་ནོ་གཏན ་པོ། དེ་བཞིན་ཉིད་ནི་གཉིས་བརྟོག་པ་ཇི་ས་བཞིན་དུ་ཡང་དག་བཱི་ཤེས་པ་ཡང་དེ་བཞིན་ནོ།། ངུ་ཞིག་རགས་པ་དག་ཡིན། དུ་ཞིག་ཕྲ་བ་དག་ཡིན་ཞེ་ན། སྨྲས་པ།། གསུམ་ནི་རྣམ་པ་གཉི་གར་ཡིན་ནོ།། དེ་བཞིན་ཉིད་ནི་ཕྲ་བ་ཡིན་ཏེ། རྣམ་པར་ཤེས་པར་དཀའ ་བའི་དོན་གྱི། མཚན་ཏེ་ཞི་ཞིང་སྒྲུང་པའི་དོན་གྱིས་ནི་མ་ཡིན་ནོ།། ཡང་དག་པའི་ཤེས་པ་ཡང་ཕྲ་བ་ཉིད་ཡིན་ཏེ། དོན་ཆ་ཕྲ་བ་རྟོགས་པར་བྱེད་པའི་ཕྱིར་རོ།། དུ་ཞིག་དམན་པ་དག་ཡིན། དུ་ཞིག་གྱ་ནོམ་པ་དག་ཡིན་ཞེ་ན། སྨྲས་པ། གསུམ་ནི་གཉི་ག་ཡིན ་ནོ།། དེ་བཞིན་ཉིད་ནི་གྱ་ནོམ་པ་ཡིན་ཏེ། རྣམ་པར་དག་པའི་དམིགས་པའི་དོན་གྱིས་ཡིན་གྱི། ཉམས་པ་དང་ཁྱད་པར་དུ་འགྲོ་བའི་བདག་ཉིད་ཀྱི་དོན་གྱིས་ནི་མ་ཡིན་ནོ།། ཡང་དག་པའི་ཤེས་པ་ཡང་གྱ་ནོམ་པ་ཡིན་ཏེ། དེ་བཞིན་ཉིད་སྤྱོད་ཡུལ་བའི་དོན ་གྱིས་སོ།། དུ་ཞིག་ཐག་རིང་བ་དག་ཡིན། དུ་ཞིག་ཐག་ཉེ་བ་དག་ཡིན་ཞེ་ན། སྨྲས་པ། གཅིག་ནི་ཡུལ་ཐག་རིང་བ་ཡིན། དུས་ཐག་རིང་བས་གཉི་ག་ཡིན་ནོ།། མིང་དང་རྣམ་པར་རྟོག་པ་དང་། ཡང་དག་པའི་ཤེས་པ་ནི་དུས་ཐག་རིང་བས་གཉི་ག་ཡིན་ནོ།། ་དེ་བཞིན་ཉིད་ནི་གཉི་གས་གཉི་ག་མ་ཡིན་ཏེ། འདུས་མ་བྱས་པའི་ཕྱིར་རོ།། དུ་ཞིག་ཟིན་པ་དག་ཡིན། དུ་ཞིག་མ་ཟིན་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ།། མིང་དང་རྣམ་པར་རྟོག་པ་དང་ཡང་དག་པའི་ཤེས་པ་ནི་མ་ཟིན་པ་ཡིན་ནོ།། ། ་དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ནོ།། དུ་ཞིག་མཚུངས་པ་དག་ཡིན། དུ་ཞིག་དེ་དག་དང་མཚུངས་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ།། ལྷག་མ་རྣམས་ནི་གཉི་ག་མ་ཡིན་ཏེ། མཚུངས་པ་དང་དེ་དག་མཚུངས་པ་ནི་དབང་པོ་གཟུགས་ཅན་རྣམས ་ལ་རྣམ་པར་བཞག་པ་ཡིན་པའི་ཕྱིར་རོ།། དུ་ཞིག་རྒྱུ་ཡིན། དུ་ཞིག་རྒྱུ་མ་ཡིན་ཞེ་ན། སྨྲས་པ། བཞི་ནི་རྒྱུ་ཡིན་ནོ།། དེ་བཞིན་ཉིད་ནི་རྒྱུ་མ་ཡིན་ནོ།། རྒྱུ་དང་རྒྱུ་མ་ཡིན་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་དང་འབྲས་བུ་མ་ཡིན་པ་དང་། རྒྱུ་དང་བཅས་པ་རྒྱུ་དང་བཅས་པ་མ ་ཡིན་པ་དང་། འབྲས་བུ་དང་བཅྡོཾས་པ་དང་འབྲས་བུ་དང་བཅས་པ་མ་ཡིན་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། ངུ་ཞིག་རྣམ་པར་སྨིན་པ་ཡིན། དུ་ཞིག་རྣམ་པར་སྨིན་པ་མ་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ།། མིང་ནི་རྣམ་པར་སྨིན་པ་མ་ཡིན་ནོ།། ་རྣམ་པར་རྟོག་པ་ཡང་གཉི་ག་ཡིན་ནོ།། དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ནོ།། ཡང་དག་པའི་ཤེས་པ་ཡང་རྣམ་པར་སྨིན་པ་མ་ཡིན་ནོ།། དུ་ཞིག་རྣམ་པར་སྨིན་པ་དང་བཅས་པ་དགྲ་ཡིན། དུ་ཞིག་རྣམ་པར་སྨིན་པ་མེད་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན ་ནི་གཉི་ག་ཡིན་ནོ།། མིང་ནི་རྣམ་པ་སྨིན་པ་མེད་པ་ཡིན་ནོ།། རྣམ་པར་རྟོག་པ་ཡང་གཉི་ག་ཡིན་ནོ།། དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ནོ།། ཡང་དག་པའི་ཤེས་པ་ནི་རྣམ་པར་སྨིན་པ་མེད་པ་ཁོ་ན་ཡིན་ནོ།། དུ་ཞིག་དམིགས་པ་དང་བཅས་པ་དག་ཡིན།། ་དྲུ་ཞིག་དམིགས་པ་མེད་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ།། མིང་ནི་དམིགས་པ་མེད་པ་ཡིན་ནོ།། རྣམ་པར་རྟོག་པ་དང་ཡང་དག་པའི་ཤེས་པ་ནི་དམིགས་པ་དང་བཅས་པ་ཡིན་ནོ།། དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ནོ།། དམིགས་པ ་དང་བཅས་པ་དང་དམིགས་པ་མེད་པ་དག་ཇི་ལྟ་བ་བཞིན་དུ་མཚུངས་པར་ལྡན་པ་དང་མཚུངས་པར་ལྡན་པ་མ་ཡིན་པ་དག་དང་། རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་དག་དང་། གནས་དང་བཅས་པ་དང་གནས་མེད་པ་དག་ཀྱང ་བཞིན་དུ་བལྟ་བར་བྱའོ།། དུ་ཞིག་བླ་ན་ཡོད་པ་དག་ཡིན། དུ་ཞིག་བླ་ན་མེད་པ་དག་ཡིན་ཞེ་ན། སྨྲས་པ། བཞི་ནི་བླ་ན་ཡོད་པ་ཡིན་ནོ།། དེ་བཞིན་ཉིད་ནི་བླ་ན་མེད་པ་ཡིན་ཏེ། འདུས་མ་བྱས་དང་རྣམ་པར་དག་པའི་དམིགས་པའི་དོན་གྱིས་སོ།། དུ་ཞིག་འདས་པ ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དག་ཡིན། དུ་ཞིག་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། བཞི་ནི་རྣམ་པ་གསུམ་ཅ་རུ་ཡིན་ནོ།། དེ་བཞིན་ཉིད་ནི་རྣམ་པ་གསུམ་ཅར་མ་ཡིན་ནོ།། དུ་ཞིག ་འདོད་པ་དང་ལྡན་པ་ཡིན་ཞེ་ན། སྨྲས་པ། གསུམ་མོ།། དུ་ཞིག་གཟུགས་དང་ལྡན་པ་དག་ཡིན་ཞེ་ན། སྨྲས་པ། གསུམ་ཁོ་ནའོ།། གཟུགས་མེད་པ་དང་ལྡན་པ་དག་ཀྱང་དེ་ཁོ་ན་བཞིན་ནོ།། དུ་ཞིག་ལྡན་པ་མ་ཡིན་པ། ཡིན་ཞེ་ན། སྨྲས་པ། གཅིག་སྟེ། ཡང ་དག་པའི་ཤེས་པ་འཇིག་རྟེན་ལས་འདས་པ་གང་ཡིན་པའོ།། ཡང་དག་པའི་ཤེས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་ལྡན་པ་དང་མི་ལྡན་པ་ཡིན་ནོ།། དེ་བཞིན་ཉིད་ནི་གཉི་ག་མ་ཡིན་ནོ།། ངུ་ཞིག་དགེ་བ་དག་ཡིན། དུ་ཞིག་མི ་དགེ་བ་དག་ཡིན། དུ་ཞིག་ལུང་དུ་མ་བསྟན་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་དང་རྣམ་པར་རྟོག་པ་ནི་གསུམ་ཅར་ཡིན་ནོ།། མིང་ནི་ལུང་དུ་མ་བསྟན་པ་ཡིན་ནོ།། དེ་བཞིན་ཉིད་ནི་དགེ་པ་ཡིན་ཏེ། རྣམ་པར་དག་པ་དགེ་བའི་དམིགས་པའི་དོན་གྱིས་ཡིན་གྱི། ་དོད་པའི་འབྲས་བུ་ཡོངས་སུ་འཛིན་པ་འབྱུང་བའི་མཚན་ཉིད་ཀྱི་དོན་གྱིས་ནི་མུ་ཡིན་ནོ།། ཡང་དག་པའི་ཤེས་པ་ནི་དགེ་བ་ཁོ་ན་ཡིན་ནོ།། དུ་ཞིག་ཐོས་པ་ལས་བྱུང་བ་དང་། བུ་ཞིག་ཐོས་པ་ལས་བྱུང་བའི་སྤྱོད་ཡུལ་དག་ཡིན། དུ་ཞིག་བསམ་པ་ལས ་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་བསྒོམས་པ་ལས་བྱུང་བའི་སྤྱོད་ཡུལ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་དང་རྣམ་པར་རྟོག་པ་ནི་གསུམ་མ་ཡིན་ལ། རྣམ་པ་གསུམ་ཅར་གྱི་སྤྱོད་ཡུལ་ཡང་ཡིན་ནོ།། མིང ་ནི་ཐོས་པ་དང་བསམ་པ་ལས་བྱུང་བ་ཡིན་ལ། རྣམ་པ་གསུམ་ཆར་གྱི་སྤྱོད་ཡུལ་ཡང་ཡིན་ནོ།། དེ་བཞིན་ཉིད་ནི་རྣམ་པ་གསུམ་ཅར་མ་ཡིན་ལ། བསྒོམས་པ་ལས་བྱུང་བའི་སྤྱོད་ཡུལ་ཁོ་ན་ཡིན་ནོ།། ཡང་དག་པའི་ཤེས་པ་ནི་བསྒོམ་པ་ལས ་བྱུང་བ་ཡིན་ལ། རྣམ་པ་གསུམ་ཆར་གྱི་སྤྱོད་ཡུལ་ཡིན་ནོ།། དུ་ཞིག་སྟོང་པ་ཉིད་དང་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་དག་ཡིན། དུ་ཞིག་སྨོན་པ་མེད་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མཚན་མ་མེད་པའི་སྤྱོད་ཡུལ་དག་ཡིན་ཞེ་ན། སྨྲས་པ ་རྒྱུ་མཚན་ནི་རྣམ་པ་གསུམ་ཆར་ཡིན་ལ། རྣམ་པ་གསུམ་ཆར་གྱི་སྤྱོད་ཡུལ་ཡང་ཡིན་ལ། མིང་ནི་རྣམ་པ་གསུམ་ཆར་མ་ཡིན་ལ། རྣམ་པ་གཉིས་ཀྱི་སྤྱོད་ཡུལ་ཡིན་ནོ།། རྣམ་པར་རྟོག་པ་ནི་རྣམ་པ་གསུམ་ཆར་ཡིན་ལ། རྣམ་པ་གཉིས་ཀྱི་སྤྱོད་ཡུལ ་ཡིན་ནོ།། དེ་བཞིན་ཉིད་ནི་རྣམ་པ་གསུམ་ཆར་ཡང་མ་ཡིན་ལ། སྟོང་པོ་ཉིད་ཀྱི་སྤྱོད་ཡུལ་དང་མཚན་མ་མེད་པའི་སྤྱོད་ཡུལ་ཡིན་ན། ཡང་དག་པའི་ཤེས་པོ་ནི་གསུམ་ཆར་ཡིན་ལ། སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ཡིན་ནོ།། གང་དུ་སྟོང་པ་ཉིད་དང་། སྨོན་པོ ་མེད་པ་དང་། མཚན་མ་མེད་པ་བྱེ་བྲག་མེད་པར་གསུངས་པ་དེར་ནི་དེ་དག་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བ་ཉིད་ཡིན་པར་བལྟ་བར་བྱའོ།། གང་དུ་དེ་དག་ཏིང་ངེ་འཛིན་གྱི་སྒྲ་ཁོ་ནར་གསུངས་པ་དེར ་ནི་དེ་དག་བསྒོམས་པ་ལས་བྱུང་བ་འཇིག་རྟེན་པོ་དང་འཇིག་རྟེན་ལས་འདས་པ་ཡིན་པར་བལྟ་བར་བྱའོ།། གང་དུ་དེ་དག་རྣམ་པར་ཐར་པའི་སྒོའི་སྒྲ་ཁོ་ནར་གསུངས་པ་དེར་ནི་དེ་དག་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ།། དུ ་ཞིག་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་ཚུལ་ཁྲིམས་ཀྱི་འཁོར་དག་ཡིན། དུ་ཞིག་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི ་ལྷག་པའི་ཚུལ་ཁྲིམས་ཀྱང་ཡིན། ལྷག་པའི་ཚུལ་ཁྲིམས་ཀྱི་འཁོར་ཀྱང་ཡིན། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱང་ཡིན། དེ་དག་གི་སྤྱོད་ཡུལ་ཡང་ཡིན་ནོ།། མིང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་འཁོར་དང་། ལྷག་པའི་སེམས ་དང་། ལྷག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ཡིན་ནོ།། རྣམ་པར་རྟོག་པ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཡིན་ལ། དེ་དག་གི་སྤྱོད་ཡུལ་དང་ལྷག་པའི་ཚུལ་ཁྲིམས་ཀྱི་འཁོར་ཀྱང་ཡིན་ནོ།། དེ་བཞིན་ཉིད་ནི་རྣམ་པ་གསུམ་ཆར་མ་ཡིན ་ལ། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ཡིན་ནོ།། ཡང་དག་པའི་ཤེས་པ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཡིན་ལ་དེ་གཉིས་ཀྱི་སྤྱོད་ཡུལ་དང་། ལྷག་པའི་ཚུལ་ཁྲིམས་ཀྱི་འཁོར་ཀྱང་ཡིན་ནོ།། དུ་ཞིག ་སློབ་པ་དག་ཡིན། དུ་ཞིག་མི་སློབ་པ་དག་ཡིན། དུ་ཞིག་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་དང་རྣམ་པར་རྟོག་པ་ནི་རྣམ་པ་གསུམ་ཆར་ཡིན་ནོ།། མིང་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ ་ཡིན་ནོ།། དེ་བཞིན་ཉིད་ཀྱང་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡིན་ཏེ། འདུས་མ་བྱས་པའི་ཕྱིར་རོ།། ཡང་དག་པའི་ཤེས་པ་ནི་སློབ་པ་དང་མི་སློབ་པ་ཡིན་ནོ།། དུ་ཞིག་མཐོང་བས་སྤང་བར་བྱ་བ་དག་ཡིན། དུ་ཞིག་སྒོམ་པས ་སྤང་བར་བྱ་བ་དག་ཡིན། དུ་ཞིག་སྤང་བར་བྱ་བ་མ་ཡིན་པ་ངག་ཡིན་ཞེ་ན། སྨྲས་པ། རྒྱུ་མཚན་ནི་རྣམ་པ་ཐམས་ཅད་ཡིན་ནོ།། མིང་ནི་བསྒོམས་པས་སྤང་བར་བྱ་བ་ཡིན་ནོ།། རྣམ་པར་རྟོག་པ་ནི་མཐོང་བས་སྤང་བར་བྱ་བ་དང་། བསྒོམས ་པས་སྤང་བར་བྱ་བ་ཡིན་ནོ།། དེ་བཞིན་ཉིད་ནི་སྤང་བར་བྱ་བ་མ་ཡིན་ནོ།། ཡང་དག་པའི་ཤེས་པ་ནི་སྦྱང་བར་བྱ་བ་མ་ཡིན་པ་ཁོ་ན་ཡིན་ནོ།། རྒྱུ་མཚན་ལ་དམིགས་ནས་དྲན་པ་ཉེ་བར་གཞག་པ་དུ་ཞིག་སྒོམ་པར་བྱེད་ཅེ་ན། སྨྲས་པ། ་བཞི་ཅར་རོ།། མིང་ལ་དམིགས་ནས་དུ་ཞིག་ཅེ་ན། སྨྲས་པ། གཅིག་སྟེ། ཆོས་དྲན་པ་ཉེ་བར་གཞག་པའོ།། རྣམ་པར་རྟོག་པ་ལ་དམིགསཱ་ནས་དུ་ཞིག་ཅེ་ན། སྨྲས་པ། གསུམ་སྟེ། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག ་པའོ།། དེ་བཞིན་ཉིད་ལ་དམིགས་ནས་དུ་ཞིག་ཅེ་ན། སྨྲས་པ། གཅིག་སྟེ། ཆོས་དྲན་པ་ཉེ་བར་གཞག་པའོ།། ལུས་ཀྱི་མཚན་མའི་དེ་བཞིན་ཉིད་ཡིད་ལ་བྱེད་པ་ན་ཡང་འདྲེས་པ་ལ་དམིགས་པའི་ཆོས་དྲན་པ་ཉེ་བར་གཞག་པ་སྒོམ་པར་བྱེད ་དོ།། ཚོར་བ་དང་སེམས་དང་ཆོས་ཀྱི་མཚན་མ་དག་ལ་ཡང་དེ་བཞིན་ནོ།། ཡང་དག་པའི་ཤེས་པ་ལ་དམིགས་ནས་ངུ་ཞིག་ཅེ་ན། སྨྲས་པ། གསུམ་ཁོ་ན་སྟེ་རྣམ་པར་རྟོག་པ་བཞིན་ནོ།། རྒྱུ་མཚན་ལ་དམིགས་ནས་སྡིག ་པ་མི་དགེ་བའི་ཆོས་སྐྱེས་སོ་ཅོག་སྤོང་བར་བརྗོད་པར་བྱ་བ་འམ། མི་སྤོང་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྣམ་པར་གནོན་པའི་སྤོང་བར་བརྗོད་པར་བྱའི། བག་ལ་ཉལ་ཡང་དག་པར་འཇོམས་པའི་སྤོང་བས་ནི་མ་ཡིན་ནོ།། རྒྱུ་མཚན ་ལ་ཇི་ལྟ་བ་བཞིན་དུ་མིང་དང་རྣམ་པར་རྟོག་པ་ཡང་དེ་བཞིན་ནོ།། དེ་བཞིན་ཉིད་ལ་དམིགས་པ་དང་། ཡང་དག་པའི་ཤེས་པ་ལ་དམིགས་པ་དང་། བག་ལ་ཡང་དག་པར་འཇོམས་པའི་སྤྱོང་བས་ཀྱང་སྤོང་བར་བརྗོད་པར་བྱའོ།། ་དངོས་པོ་ལྔ་པོ་དེ་དག་ལས་དངོས་པོ་དུ་ཞིག་ཡིད་ལ་བྱེད་པ་ན་འཇིག་རྟེན་པའི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅེ་ན། སྨྲས་པ། འདོད་པ་དང་ལྡན་པ་དང་། བསམ་གཏན་དང་པོའི་ས་པ་དང་ལྡན་པའི་རྒྱུ་མཚན་དང་། མིང ་དང་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་ནའོ།། དེ་བཞིན་དུ་སོ་འོག་མ་པ་དང་བསམ་གཏན་གཉིས་པའི་ས་པ་དང་ལྡན་པའི་རྒྱུ་མཚན་དང་མིང་དང་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་ན་འཇིག་རྟེན་པའི་བསམ་གཏན་གཉིས་པ་ལ་སྙོམས ་པར་འཇུག་གོ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ།། དངོས་པོ་དུ་ཞིག་ཡིད་ལ་བྱེད་པ་ན་འཇིག་རྟེན་ལས་འདས་པའི་བསམ་གཏན་དང་པོ་ལ ་སྙོམས་པར་འཇུག་ཅེ་ན། སྨྲས་པ། འདོད་པ་དང་ལྡན་པ་དང་། བསམ་གཏན་དང་པོའི་ས་པ་དང་ལྡན་པའི་རྒྱུ་མཚན་དང་མིང་དང་རྣམ་པར་རྟོག་པ་དེ་དག་ཉིད་ཀྱི་དེ་བཞིན་ཉིད་ཡིད་ལ་བྱེད་པ་ནའོ།། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུ་ལ ་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ནི་ངེས་པར་འཇིག་རྟེན་པ་ཁོ་ནས་སོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་ལྡན་པའི་རྒྱུ་མཚན་ཅི་རྒྱུ་མཚན་དུ་བརྗོད་པར་བྱ ་འམ་ཞེ་ན། སྨྲས་པ།། མཚན་མ་མེད་པ་རྒྱུ་མཚན་དང་ཆ་ཕྲ་བ་རྒྱུ་མཚན་དུ་བརྗོད་པར་བྱའོ།། དངོས་པོ་ལྔ་པོ་དེ་དག་ལ་དད་པ་ལ་སོགས་པའི་ཆོས་གང་དག་ཡིན་པ་དེ་དག་ངོ་བོ་ཉིད་གང་དག་དང་། དམིགས་པ་གང་དག་དང་། བདག་པོ ་གང་དག་གི་དབང་པོའི་མིང་འཐོབ་ཅེ་ན། སྨྲས་པ། རྣམ་པར་རྟོག་པའི་ངོ་བོ་ཉིད་དང་མིང་དང་རྒྱུ་མཚན་ལ་དམིགས་པ་དང་། དེ་བཞིན་ཉིད་དང་ཡང་དག་པའོ་ཤེས་པའི་བདག་པོས་སོ།། དབང་པོའི་མིང་ཇི་ལྟ་བ་བཞིན་དུ་སྟོབས་རྣམས ་ཀྱི་མིང་ཡང་དེ་བཞིན་ནོ།། གནས་སྐབས་གང་ལ་སྟོབས་ཀྱི་མིང་འཐོབ་ཅེ་ན། སྨྲས་པ། གང་གི་ཚེ་དད་པ་ལ་སོགས་པའི་དབང་པོ་དེ་དག་ཉིད་མ་དད་པ་ལ་སོགས་པ་དང་མ་འདྲེས་ཤིང་མ་འདྲེས་པའི་ཆོས་ཉིད་དུ་གྱུར་པ་ནིའོ།། དབང ་པོ་དང་སྟོབས་དག་ཇི་ལྟ་བ་བཞིན་དུ་འཇིག་རྟེན་པའི་བྱང་ཆུབ་ཀྱི་ཡན་ལག་དྲན་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་ཀྱི་ཕྱིར་ཡན་ལག་ཡིན་པས་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་པར་བལྟ་བར་བྱའོ།། འཇིག ་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་ཡན་ལག་དྲན་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་བྱང་ཆུབ་ཀྱི་ཡན་ལག་ཡིན་པས་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་དང་དེ་བཞིན་ཉིད་ལ་དམིགས་པ་དང་རྣམ་པར ་བཞག་པའི་བདེན་པ་རྟོགས་པའི་བདག་པོ་ཡིན་པར་བལྟ་བར་བྱའོ།། ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་གྱི་ཡན་ལག་རྣམས་ཀྱང་གང་དག་འཇིག་རྟེན་པ་ཡིན་པ་དེ་དག་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ།། གང་དག་འཇིག་རྟེན ་ལས་འདས་པ་དེ་དག་ནི་ཡང་དག་པའི་ཤེས་པ་ལས་ཚུལ་ཁྲིམས་ཀྱི་ཡན་ལག་མ་རྟོགས་པའི་ངོ་བོ་ཉིད་དང་། རྣམ་པར་མ་བཞག་པའི་བདེན་པ་དང་རྣམ་པར་བཞག་པའི་དེ་བཞིན་ཉིད་ལ་དམིགས་པ་དང་། ཟག་པ་ཐམས་ཅད ་ཟད་པ་མངོན་དུ་བྱ་བ་དང་། ཚེ་འདི་ལ་བདེ་བར་གནས་པའི་བདག་པོ་ཡིན་ནོ།། ལམ་གྱི་ཡན་ལག་རྣམས་ཇི་ལྟ་བ་བཞིན་དུ་ལམ་དང་། ཆོས་ཀྱི་གཞི་དང་ཞི་གནས་དང་ལྷག་མཐོང་ཡང་དེ་བཞིན་དུ་བལྟ་བར་བྱའོ།། དེ་ལ་ལམ་ནི ་དབང་པོ་རྟུལ་པོ་དང་རྣོན་པོ་རྣམ་པར་བཞགས་པ་དང་། ཚེ་འདི་ལ་བདེ་བར་གནས་པ་ཐོབ་པ་དང་མ་ཐོབ་པ་རྣམ་པར་བཞག་གོ། ཆོས་ཀྱི་གཞི་རྣམས་ནི་བརྡར་བཏགས་པ་དང་དོན་དམ་པ་པའི་དམ་པའི་ཆོས་འཛིན་པ་ལས་རྣམ ་བར་བཞག་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བརྡར་བཏགས་པའི་དམ་པའི་ཆོས་འཛིན་པ་ལས་ནི་དང་པོ་གཉིས་རྣམ་པར་བཞག་གོ། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་དོན་དམ་པ་པའི་ཆོས་འཛིན་པ་ལས་ནི་ཐ ་མ་གཉིས་རྣམ་པར་བཞག་གོ། ཞི་གནས་དང་ལྷག་མཐོང་ནི་དམིགས་པ་ལས་མི་གཡོ་བ་དང་དེ་ལ་ཡོངས་སུ་རྟོག་པའི་དོན་གྱིས་རྣམ་པར་བཞག་གོ།། མཚན་མ་དང་གནས་ངན་ལེན་གྱི་འཆིང་བ་གཉིས་ལས་རྣམ་པར་གྲོལ་བའི། ་དབང་གིས་རྣམ་པར་ཐར་པ་བརྒྱད་དེ། དངོས་པོ་ལྔ་པོ་དེ་དག་ལ་རྣམས་པར་ཐར་པ་བརྒྱད་ཀྱི་ངོ་བོ་ཉིད་ནི་གང་དག་ཡིན། དམིགས་པ་ནི་གྲང་དག་ཡིན། བདག་པོ་ནི་གང་དག་ཡིན་ཞེ་ན། སྨྲས་པ། འཇིག་རྟེན་པ་དང་འཇིག་རྟེན་ལྔས ་འདས་པའི་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་དོ།། དང་པོ་དང་གཉིས་པ་ནི་གཟུགས་ཀྱི་ཁ་དོག་གི་མཚན་མ་དང་དེ་བཞིན་ཉིད་ལ་དམིགས་པ་ཡིན་ནོ།། གསུམ་པ་ནི་གཟུགས་ཉིད་ཀྱི་ཕན་འདོགས་པའི་མཚན་མ་དང་དེའི་དེ ་བཞིན་ཉིད་ཀྱི་མཚན་མ་ལ་དམིགས་པ་ཡིན་ནོ།། བཞི་ནི་རང་གི་མཚན་མ་དམིགས་པ་དང་། དེ་དག་གི་དེ་བཞིན་ཉིད་ཀྱི་མཚན་མ་ལ་དམིགས་པ་ཡིན་ནོ།། བླ་མ་ནི་དམིགས་པ་མེད་པ་ཡིན་ནོ།། ཐམས་ཅད་ཀྱང་འཕགས་པའི ་རྫུ་འཕྲུལ་གྱི་ཡོན་ཏན་མངོན་པར་སྒྲུབ་པ་ལ་བདག་པོ་ཡིན་ནོ།། དེ་དག་ཀྱང་གཟུགས་ཀྱི་མཚན་མ་དང་གཟུགས་མེད་པའི་མཚན་མ་ལ་དབང་བའི་སྒྲིབ་པས་སྒྲིབས་པའི་རྣལ་འབྱོར་པས་སྒྲིབ་པ་དེ་དག་སྤང་བའི་ཕྱིར་རྩོམ་པར ་བྱིབྱེད་དོ།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི་དང་པོ་བཞི་ནི་འདི་ལྟ་སྟེ་དཔེར་ན་རྣམ་པར་ཐར་པ་དང་པོ་གཉིས་དང་འདྲའོ།། ཐ་མ་བཞི་ནི་འདི་ལྟ་སྟེ་དཔེར་ན་རྣམ་པར་ཐར་པ་གསུམ་པ་དང་འདྲའོ།། གཟུགས་ཟིལ་གྱིས་མནན། ་པར་དཀའ་བའི་ཕྱིར་གཟུགས་དེ་ཟིལ་གྱིས་ནོན་ན། གཟུགས་མེད་པ་ཟིལ་གྱིས་གནོན་པའི་དབང་ཡང་འཐོབ་པའི་ཕྱིར་རོ།། ཟིལ་གྱིས་མནན་ནས་མཐོང་བར་བྱེད་དོ་ཅེས་གང་གསུངས་པ་དེ་ལ་འཕགས་པས་ནི་གཟུགས།། ་ཀྱི་མཚན་མ་དང་། དེ་བཞིན་ཉིད་ལ་བྱེད་པས་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་ངོ་།། སོ་སོའི་སྐྱེ་བོས་ནི་དེ་ལྟ་མ་ཡིན་ནོ།། སོ་སོ་སྐྱེ་བོས་ཇི་ལྟར་ཟིལ་གྱིས་གནོན་ཞེ་ན། སྨྲས་པ། འདུ་ཤེས་གསུམ་གྱིས་ཏེ། གཟུགས ་སྡུག་པ་དང་། མི་སྡུག་པ་ལ་གཅིག་ལ་གཅིག་བལྟོས་པའི་འདུ་ཤེས་དང་། གཅིག་ལ་གཅིག་པལྟོས་པའི་ཕྱིར་གཅིག་ལ་གཅིག་འབྲེལ་པའི་འདུ་ཤེས་དང་། གཅིག་ལ་གཅིག་འབྲེལ་པོའི་ཕྱིར་གཟུགས་སྡུག་པ་དང་མི་སྡུག་པ ་ལ་སྡུག་པར་རོ་གཅིག་པའི་འདུ་ཤེས་ཀྱིས་སོ།། དེ་ཇི་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཟིལ་གྱིས་གནོན་པ་ཐ་མ་དེ་ནི་འཕགས་པ་རྣམས་དང་ཐུན་མོང་བ་ཡང་ཡིན་ནོ།། ཟད་པར་གྱི་སྐྱེ་མཆེད་བཅུ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི ་སྟོབས་ཀྱིས་བལྟ་བར་བྱའོ།། དེ་ལ་བྱེ་བྲག་ནི་འདི་ཡོད་དེ། འབྱུང་པོའི་མཚན་མ་ལ་དམིགས་པ་དང་། དེ་དག་གི་དེ་བཞིན་ཉིད་ཀྱི་མཚན་མཱ་ལ་དམིགས་པ་གང་དག་ཡིན་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་མཚན་མ ་ལ་དམིགས་པ་དང་། དེ་དག་གི་དེ་བཞིན་ཉིད་ཀྱི་མཚན་མ་ལ་དམིགས་པ་ཡིན་ནོ།། གཞན་དུ་ན་གནས་མ་ཁྱབ་པར་གནས་པ་ཁྱབ་པར་མི་འགྱུར་ཏེ། དམིགས་པ་དེ་ནི་དེ་བཞིན་ཉིད་ཀྱི་མཚན་མ་ཡིད་ལ་བྱེད་པས་ཟད་པར་ལས ་ཁྱབ་པར་བརྗོད་པར་བྱའོ།། ཟིལ་གྱིས་གནོན་པ་དང་ཟད་པར་ཁྱབ་པར་བྱེད་པ་འདི་གཉིས་ཀྱིས་ནི་རྣམ་པར་ཐར་པར་རྣམ་པར་དག་པ་དག་དང་འཕགས་པའི་རྫུ་འཕྲུལ་གྱི་ཡོན་ཏན་མངོན་པར་སྒྲུབ་པར་བྱེད་དོ།། །། བམ་པོ་སུམ་ཅུ ་བཞི་པ། སྡོམ་ནི། བསྡུ་དང་ངོ་བོ་ཉིད་དང་ནི།། གཟུང་དང་འཇིག་ཚོགས་སྲིད་པ་དང་།། འཇིག་རྟེན་དེ་ཉིད་ཡོངས་ཚོལ་དང་།། ཡང་དག་དགོངས་དང་གོ་རིམས་སོ།། རྒྱུ་མཚན་བདེན་པ་དུ་དག་གིས་བསྡུས་ཤེས་ན། སྨྲས་པ། རྣམ་པར་བཞག་པའི ་བདེན་པ་བཞིས་སོ།། མིང་ནི་གཅིག་གིས་ཏེ། སྡུག་བསྔལ་གྱི་བདེན་པས་སོ།། རྣམ་པར་རྟོག་པ་ནི་འགོག་པའི་བདེན་པ་མ་གཏོགས་པ་གསུམ་གྱིས་སོ།། དེ་བཞིན་ཉིད་ནི་རྣམ་པར་མ་བཞག་པའི་བདེན་པས་སོ།། ཡང་དག་པའི་ཤེས ་པ་ནི་རྣམ་པར་བཞག་པ་དང་། རྣམ་པར་བཞག་པའི་བདེན་པ་ལ་དམིགས་པའི་ལམ་གྱི་བདེན་པས་བསྡུས་སོ།། རྒྱུ་མཚན་གང་ཡིན་པ་དེ་མིང་ཡང་ཡིན་ལ། མིང་གང་ཡིན་པ་དེ་ཡང་རྒྱུ་མཚན་ཡིན་ནམ་ཞེ་ན། རེ་ཞིག་མིང་གང་ཡིན་པ། ་དེ་ནི་རྒྱུ་མཚན་ཡིན་ནོ།། རྒྱུ་མཚན་ཡིན་ལ་མིང་མ་ཡིན་པ་ཡང་ཡོད་དེ། མིང་རྒྱུ་མཚན་མ་གཏོགས་པ་དེ་ལས་གཞན་པའི་རྒྱུ་མཚན་བཞི་པོ་དག་གོ།། ལྷག་མ་རྣམས་ཀྱང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ།། རྒྱུ་མཚན་གང་ཡིན་པ ་དེ་ཐམས་ཅད་རྒྱུ་མཚན་རྒྱུ་མཚན་ཡང་ཡིན་ལ། རྒྱུ་མཚན་རྒྱུ་མཚན་གང་ཡིན་པ་དེ་ཐམས་ཅད་ཀྱང་རྒྱུ་མཚན་ཡིན་ནམ་ཞེ་ནི། རེ་ཞིག་རྒྱུ་མཚན་རྒྱུ་མཚན་གང་ཡིན་པ་དེ་ནི་རྒྱུ་མཚན་ཡིན་ནོ།། རྒྱུ་མཚན་ཡོན་ལ་རྒྱུ་མཚན་རྒྱུ་མཚན་མ ་ཡོན་པ་ཡང་ཡད་དོ།། མད་རྒྱུ་མཚན་ལ་སོགས་པ་བཞི་པོ་དག་གོ།། རྒྱུ་མཚན་རྒྱུ་མཚན་ལྔ་རྣམ་པར་རྟོག་པར་བྱེང་བ་གང་ཡིན་པ་དེ་ཐམས་ཅད་མྱོང་རྒྱུ་མཚན་དང་ལྡན་པའི་འབྲེལ་བ་ལ་རྣམ་པར་རྟོག་པར་བྱེད་པ་ཡིན ་ནམ། མིང་རྒྱུ་མཚན་ལ་རྣམ་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ཐམས་ཅད་རྒྱུ་མཚན་རྒྱུ་མཚན་དང་ལྡན་པའི་འབྲེལ་པ་ལ་རྣམ་པར་རྟོག་པ་ཡིན་ནམྦ་ཞེ་ན། མུ་བཞི་སྟེ། རྒྱུ་མཚན་རྒྱུ་མཚན་ལ་རྣམ་པར་རྟོག་པར་བྱེད་ལ། མིང་རྒྱུ་མཚན ་དང་ལྡན་པའི་འབྲེལ་པ་ལ་རྣམ་པར་རྟོག་པར་བྱེད་པ་མ་ཡིན་པ་ཡང་ཡོད་དེ། མིང་མ་རྟོགས་པའི་རྒྱུ་མཚན་ལ་རྣམ་པར་རྟོག་པའི་རྒྱུ་མཚན་དང་། མིང་གི་བག་ལ་ཉལ་བསལ་བ་གང་ཡིན་པའོ།། མིང་རྒྱུ་མཚན་ལ་རྣམ་པར་རྟོག་པར ་བྱེད་ལ་རྒྱུ་མཚན་དང་ལྡན་པའི་འབྲེལ་པཱ་ལ་རྣམ་པར་རྟོག་པར་མི་བྱེད་པ་ཡང་ཡོད་དེ། དངོས་པོ་མ་གཏོགས་པའི་མིང་ལ་རྣམ་པར་རྟོག་པའི་རྒྱུ་མཚན་གང་ཡིན་པའོ།། དེ་ལས་ཟློག་པ་ནི་གཉི་ག་ཡིན་ནོ།། རྣམ་པ་དེ་དག་མ་གཏོགས ་པ་ནི་གཉི་ག་མ་ཡིན་ནོ།། དེ་བཞིན་ཉིད་ཡིད་ལ་བྱེད་པ་གང་ཡིན་པ་དེས་དེ་བཞིན་ཉིད་ཁོ་ན་མཐོང་བར་འགྱུར་རམ། དེ་བཞིན་ཉིད་མཐོང་བར་འགྱུར་བ་གང་ཡིན་པ་དེ་དེ་བཞིན་ཉིད་ཁ་ན་ཡིད་ལ་བྱེད་པ་ཡིན་ཞེ་ན་མུ་བཞི་སྟེ། དེ་བཞིན ་ཉིད་ཡིད་ལ་བྱེད་ལ་དེ་བཞིན་ཉིད་མཐོང་བར་མི་འགྱུར་བའང་ཡོད་དེ། རྣམ་པར་རྟོག་པས་བསྡུས་པའི་ཡིད་ལ་བྱེད་པས་དེ་བཞིན་ཉིད་ཡིད་པ་བྱེད་པ་ན་ཇི་སྲིད་དུ་མ་རྟོགས་ཀྱི་བར་དུ་དེ་བཞིན་ཉིད་ཀྱི་མཚན་མ་ནི་མཐོང་བར་འགྱུར་ལ། དེ ་བཞིན་ཉིད་ནི་མཐོང་བར་མི་འགྱུར་ཞིང་རྟོགས་པར་མི་འགྱུར་བའི་བར་དང་། རྟོགས་པར་གྱུར་ནའང་དེའི་གོང་དུ་རྣམ་པར་བཞག་པའི་དེ་བཞིན་ཉིད་ཡིད་ལ་བྱེད་པའོ།། དེ་བཞིན་ཉིད་མཐོད་པར་འགྱུར་ལ་དེ་བཞིན་ཉིད་ཡིད་ལ་མི་བྱེད་པའང ་ཡོད་དེ། དེ་བཞིན་ཉིད་རྟོགས་པར་བྱེད་པའི་ཚེ་ན་དོན་དམ་པར་མཚན་མ་མེད་པ་ཡིད་ལ་བྱེད་པའོ།། དེ་བཞིན་ཉིད་ཀྱང་མཐོང་ལ་དེ་བཞིན་ཉིད་ཁོ་ན་ཡིད་ལ་བྱེད་པར་འགྱུར་བ་ཡང་ཡོད་དེ། རྟོགས་པའི་འོག་ཏུ་རྣམ་པར་མ་བཞིག་པའི ་དེ་བཞིན་ཉིད་རྒྱུན་ཏུ་ཡིད་ལ་བྱེད་པའོ།། དེ་བཞིན་ཉིད་ཀྱང་མི་མཐོང་ལ་དེ་བཞིན་ཉིད་ཡིད་ལ་བྱེད་པར་མི་འགྱུར་བ་ཡང་ཡོད་དེ། རིགས་པས་བསྐྱེད་པ་མེད་པའི་ཡིད་ལ་བྱེད་པས་མཚན་མ་ཡིད་ལ་བྱེད་པའོ།། མཚན་མ་ཡིད་ལ་བྱེད ་པ་གང་ཡིན་པ་དེས་མཚན་མོ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་རམ། མཚན་མ་ཡང་དག་པར་རྗེས་སུ་མཐོང་བ་དེས་མཚན་མ་ཉིད་ཡིང་ལ་བྱེད་ཅེ་ན་མུ་བཞི་སྟེ། མཚན་མ་ཡིད་ལ་བྱེད་ལ་མཚན་མ་མཐོང་བར་མི་འགྱུར་བ ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན་མུ་གཉིས་པ་ལྟ་བུའོ།། མཚན་མ་མཐོང་ལ་མཚན་མ་ཡིད་ལ་བྱེད་པར་མི་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན་མུ་དང་པོ་ལྟ་བུའོ།། མཚན་མ་ཡང་ཡིད་ལ་བྱེད་ལ་མཚན་མ་ཉིད་མཐོང་བར་འགྱུར་བ། ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན་མུ་བཞི་པ་ལྟ་བུའོ།། མཚན་མ་ཡང་ཡིད་ལ་མི་བྱེད་མཚན་མ་མཐོང་བར་མི་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན་མུ་གསུམ་པ་ལྟ་བུའོ།། ཅི་དངོས་པོ་ལྔ་པོ་དེ་དག་གིས་ཆོས་ཐམས་ཅད་བསྡུས་པ ་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། སྨྲས་པ་ཡིན་ནོ།། ཆོས་དེ་དག་གི་ངོ་བོ་ཉིད་གང་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། བརྗོད་དུ་མེད་པའི་ངོ་བོ་ཉིད་ཡོན་ནོ།། དེ་དག་གོ་མཚན་ཉིད་ཇི་ལྟ་བུ་ཡིན་པར་བྱལྟ་བར་བྱ་ཞོ་ན། སྨྲས་པ། ་སྒྱུ་མ་ལྟ་བུའི་མཚན་ཉིད་ཡིན་གྱི། མེད་པ་ཉིད་ནི་མ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་སྒྱུ་མའི་ལས་ཉིད་ཀྱིས་ནི་ཡོད་ལ། རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་དཔུང་བུ་ཆུང་དང་ནོར་བུ་དང་མུ་ཏིག་དང་གསེར་དང་དངུལ་ལ་སོགས་པའི་ངོ་བོ་ཉིད་དུ་ནི ་ཡིཡོད་པ་མ་ཡིན་པ་དེ་བཞིན་དུ། ངོ་བོ་ཉིད་ཀྱང་མིང་དང་མཚན་མཱ་ཙམ་ཉིད་དུ་ནི་ཡོད་ལ། ངོ་བོ་ཉིད་དང་ཁྱད་པར་གདགས་པར་སྣང་བའི་དངོས་པོར་ནི་ཡོད་པ་མ་ཡིན་ནོ།། རྒྱུ་མཚན་རྒྱུ་མཚན་ཞེས་བྱ་བའི་མིང་དེས་རྒྱུ་མཚན་གྱི་ངོ་བོ་ཉིད ་དམིགས་སུ་མེད་དོ།། རྒྱུ་མཚན་ཇི་ལྟ་བ་བཞིན་དུ་མིང་གིས་མིང་གི་ངོ་བོ་ཉིད་དང་། རྣམ་པར་རྟོག་པས་རྣམ་པར་རྟོག་པའི་ངོ་བོ་ཉིད་དང་། དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དང་། ཡང་དག་པའི་ཤེས་པ་ཡང་དག་པའི་ཤེས་པ ་ཞེས་བྱ་བའི་མིང་དེས་ཡང་དག་པའི་ཤེས་པའི་ངོ་བོ་ཉིད་དམིགས་སུ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེའི་ངོ་བོ་ཉིད་རྣམ་པ་ཐམས་ཅད་དུ་མི་འཐད་པའི་ཕྱིར་རོ།། གལ་ཏེ་ངོ་བོ་ཉིད་གང་གིས་རྒྱུ་མཚན་རྣམ་པར་བཞག་པ་དེ་ལ་དེ་དང་འཐུན་པ ་ཉིད་ཀྱི་མིང་ཉེ་བར་འདོགས་པར་བྱེད་པའི་ཕྱིར་ཉེ་བར་འདོགས་པ་ནི་རྒྱུ་མཚན་ལ་རག་ལས་པ་ཡིན་ནོ་ཞེ་ན། དེས་ན་ཉེ་བར་འདོགས་པའི་སྔོན་རོལ་ནོ།། ཇི་ལྟར་མིང་རྣམ་པར་བཞག་པ་བཞིན་དུ་རྒྱུ་མཚན་ལ་དེའི་བློ་འབྱུང་བར་འགྱུར ་བབ་དང་། རྒྱུ་མཚན་གཅིག་ལ་ཉེ་བར་འདོགས་པ་མང་བའི་ཕྱིར་དང་། སྣ་ཚོགས་པའི་ཕྱིར་བདག་ཉིད་མང་པོ་འཐོབ་པར་འགྱུར་བས། དེའི་ཕྱིར་ཉེ་བར་འདོགས་པ་རྒྱུ་མཚན་ལ་རག་ལས་པར་མི་རུང་ངོ་།། གལ་ཏེ་ཇི་ལྟར་རྒྱུ་མཚན་ལ ་རག་ལས་པར་མི་རུང་ངོ་།། གལ་ཏེ་ཇི་ལྟར་རྒྱུ་མཚན་ལ་མིང་རྣམ་པར་འཇོག་པ་དེ་བཞིན་དུ་མིང་གི་དབང་གིས་རྒྱུ་མཚན་གྱི་ངོ་བོ་ཉིད་དེ་འབྱུང་བར་འགྱུར་རོ་ཞེ་ན། དེས་ན་ཉེ་བར་འདོགས་པའི་སྔོན་རོལ་ན་རྒྱུ་མཚན་གྱི་ངོ་བོ་ཉིད་མེད ་པར་འགྱུར་ཏེ། དེ་མེད་ན་ཉེ་བར་འདོགས་པ་ཡང་མེད་པར་འགྱུར་བས་དེའི་ཕྱིར་དེ་གཉི་ག་ཡང་མེད་པར་ཐལ་བར་འགྱུར་བ་དང་ཉེ་བར་འདོགས་པ་མྱང་བའི་ཕྱིར་དང་། སྣ་ཚོགས་པའི་ཕྱིར་བདག་ཉིད་མང་པོ་ཉིད་དང་། གཞན ་གྱི་དབང་དུ་འགྱུར་བའི་སྐྱོན་དུ་ཡང་འགྱུར་རོ།། གཞན་གྱི་དབང་དུ་འགྱུར་བ་ནི་རྒྱུ་མཚན་ལ་ཉེ་བར་འདོགས་པས་ཐམས་ཅད་ཀྱིས་དེའི་བདག་ཉིད་ཀྱི་ངོ་བོ་ཉིད་ཡིན་པར་མི་རུང་སྟེ། སྒྱུ་མའི་སྐྱེས་བུའི་ལུས་སྣ་ཚོགས་གྲུབ་པ་དང ་འདྲ་སྟེ། འདི་ལྟ་སྟེ་དཔེར་ནི། སྒྱུ་མ་མཁན་གྱི་སྐྱེས་པ་དང་བུད་མེད་དང་། གླང་པོ་ཆེ་དང་རྩཝ་དང་དོམ་དང་དྲེད་ཀྱི་ལུས་ལ་སྩོགས་པའི་ལུས་སྣ་ཚོགས་ཀྱིས་སྒྱུ་མའི་སྐྱེས་བུ་མངོན་པར་འདུ་བྱེད་པ་དེ་ནི་ལུས་གང་གི་བདག་ཉིད་ཀྱང་མ ་ཡིན་པ་དེ་བཞིན་དུ། རྒྱུ་མཚན་ཡང་ཉེ་བར་འདོགས་པ་ཐམས་ཅད་ཀྱིས་དེའི་བདག་ཉིད་མ་ཡིན་པར་བལྟ་བར་བྱའོ།། གལ་ཏེ་རྒྱུ་མཚན་དང་ཉེ་བར་འདོགས་པ་གཉི་ག་འདུས་པས་དེ་དང་བྲལ་བའི་ངོ་བོ་ཉིད་སྐྱེད་པར་བྱེད་ན་ནི་ངེས ་ནཱ་དེ་རྒྱུ་མཚན་ནམ་མིང་ངམ་དེ་གཉི་ག་འམ་བར་མ་དོ་ཞིག་ཡིན་པར་དམིགས་པའི་རིགས་ནི་མི་དམིགས་ཏེ་དེའི་ཕྱིར་དེའང་མི་རུང་ངོ་།། དེ་ལྟ་བས་ན་ངོ་བོ་ཉིད་ནི་ཐ་སྙད་ལས་བྱུང་བ་ཡིན་ནོ།། གལ་ཏེ་ཉེ་བར་འདོགས་པ་ནི་ངོ ་པོ་ཉིད་རྣམས་ཀྱི་མངོན་པར་གསལ་བར་བྱེད་པ་ཡིན་པར་འདོད་ན་དེ་ལྟར་ཡང་མི་རུང་སྟེ། གཟུང་ནས་སམ་མ་གཟུང་བར་ཉེ་བར་འདོགས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ།། གལ་ཏེ་རྒྱུ་མཚན་གཟུང་ནས་ཉེ་བར་འདོགས་པར་བྱེད་ན་ནི་མངོན ་པར་གསལ་བར་བྱེད་པ་ཡིན་པར་མི་རུང་ངོ་།། ཇི་སྟེ་རྒྱུ་ས་གཟུང་བར་ཉེ་བར་འདོགས་པར་བྱེད་ན་ནི་གཞི་མེད་པར་ཉེ་བར་འདོགས་པ་མི་རུང་ངོ་།། སྔ་མ་བཞིན་དུ་བདག་ཉིད་དུ་མ་ཡིན་པའི་སྐྱོན་དུ་ཡང་འགྱུར་ཏེ། ཉེ་བར་འདོགས་པ་རྣམས ་ནི་མང་པོ་སྣ་ཚོགས་སྦྱིན་པའི་ཕྱིར་རོ།། གསལ་བར་བྱེད་པའི་དཔེ་ནི་མི་མཐུན་པ་ཡིན་པས་མི་རུང་སྟེ། དེ་ལ་མི་མཐུན་པ་ནི་འདི་ཡིན་ཏེ། སྣང་ཞིང་གསལ་བར་བྱེད་པའི་རྒྱུ་ནི་ཐམས་ཅད་ལ་བྱེ་བྲག་མེད་པ་རུང་སྣ་ཚོགས་པ་ཡང་ཡིན་ལ་ཉེ ་བར་འདོགས་པའི་འཛིན་པའི་རྒྱུ་ནི་དེ་ལྟ་མ་ཡིན་པའོ།། གང་གི་ཕྱིར་བརྗོད་དུ་མེད་པར་བརྗོད་པ་ཡང་བརྗོད་དུ་མེད་པ་ཞེས་བྱ་བར་བརྗོད་པར་སྣང་བ་དེའི་ཕྱིར་བརྗོད་དུ་མེད་པ་ཞེས་བྱ་བར་མི་རུང་ལ། སྒྱུ་མའི་སྐྱེས་བུ་ལུས་སྣ་ཚོགས་སུ་གྲུབ ་པ་དེ་དག་གིས་དེའི་བདག་ཉིད་མ་ཡིན་ཡང་སྒྱུ་མའི་སྐྱེས་བུའི་ལུས་སྣ་ཚོགས་སུ་གྲུབ་པ་དེའི་བདག་ཉིད་ཡིན་པས། དེའི་ཕྱིར་ཡང་དཔེ་མི་མཐུན་པ་ཡིན་ནོ་ཞེ་ན། སྨྲས་པ། བརྗོད་དུ་མེད་པ་དེ་བརྗོད་དུ་མེད་དོ་ཙོས་དམ་བཅས་པའི་ཚེ་ཁོ་ན་ལ ་དགག་པ་བྱས་ཟོན་པས་ངོ་ལ་ཉོས་པ་མོང་ངོ་།། དོན་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་སྦྱོར་བར་བྱེད་པ་ཡིན་ནོ།། དེ་འདྲ་བའི་ཕྱིར་དཔོ་མི་མཐུན་པ་ཡང་མ་ཡིན་ལ། ཉེ་བར་འདོགས་པ་དག་གིས་དེའི་བདག་ཉིད་ཀྱང་མ་ཡིན་ཞིང་། བརྗོད་དུ ་མེད་པའི་དོན་མེད་པ་ཡང་མ་ཡིན་ནོ།། གལ་ཏེ་མིང་གིས་ཉེ་བར་འདོགས་པར་བྱེད་ན་ནི་རྒྱུ་མཚན་གྱི་དངོས་པོ་སྲིད་པར་འགྱུར་ལ། མི་བྱེད་ན་ནི་མི་སྲིད་པར་འགྱུར་ན་ནི་དེ་ལྟ་ན་ཆོས་མཐུན་པའི་དཔེ་ཡང་རུང་བར་འགྱུར་ལ། བརྗོད་དུ་མེད ་པར་རྟོག་པ་ཡང་རིག་པར་འགྱུར་རོ།། གལ་ཏེ་དེ་ལྟ་མ་ཡིན་ན། དེའི་ཕྱིར་བརྗོད་དུ་མེད་པར་རྟོག་པ་ནི་དོན་མེད་པ་ཡིན་ནོ་ཞེ་ན། སྨྲས་པ། སའི་དངོས་གཞིར་རྣམ་པར་རྟོག་པ་སྔ་མ་རྣམ་པ་བརྒྱད་ལས་ད་ལྟར་བྱུང་བའི་དངོས་པོ་རྣམ་པ ་གསུམ་འབྱུང་བར་འགྱུར་རོ་ཞེས་ཇི་སྐད་བསྟན་པ་ཡིན་ཏེ། འབྱུང་བའི་དངོས་པོ་རྣམ་པ་གསུམ་པོ་དེ་ཡང་རྣམ་པར་རྟོག་པ་རྣམས་ཀུན་ཏུ་བསྐྱེད་པའི་ཕྱིར་འབྱུང་བ་ཡིན་ཏེ། དེ་ལྟར་འབྲེལ་པའི་ཚུལ་གྱིས་ཀུན་ནས་ཉོན་མོངས་པ ་རྒྱུན་མི་འཆད་པར་འགྱུར་བས་དེའི་ཕྱིར་དཔེ་ནི་ཆོས་མཐུན་པ་ཡིན་ནོ།། རྣམ་པར་རྟོག་པའི་ཉེ་བར་འདོགས་པ་སྤངས་ན་ཀུན་ནས་ཉོན་མོངས་པ་ལྡོག་པ་ཡང་རུང་སྟེ། དེ་ནི་འཕགས་པའི་ཡེ་ཤེས་ཀྱིས་དམིགས་པ་ཡིན་པས། དེ་ཡང ་ཚད་མ་ཡིན་ཏེ། དེའི་ཕྱིར་བརྗོད་དུ་མེད་པ་རྣམ་པར་རྟོག་པ་དོན་མེད་པ་མ་ཡིན་ནོ།། གལ་ཏེ་རྒྱུ་མཚན་གྱི་དངོས་པོ་རྣམ་པར་གཞིག་པའི་ཕྱིར་རྣམ་པར་རྟོག་པའི་ཉེ་བར་འདོགས་པ་སྤོང་བ་ཡིན་ན། དེ་ལྟ་ན་འཕགས་པའི་ཡེ་ཤེས ་གང་ཡང་རུང་བ་གཅིག་གིས་རྒྱུ་མཚན་དང་རྣམ་པར་རྟོག་པས་བསྡུས་པའི་སེམས་ཅན་དང་སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་ཐམས་ཅད་འགོག་པར་ཐལ་བར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་སྒྱུ་མ་མཁན་དང་སྒྱུ་མའི ་ལས་བཞིན་ནོ་ཞེ་ན། སྨྲས་པ། དངོས་པོ་ནི་རྣམ་པར་རྟོག་པ་ཐུན་མོང་མ་ཡིན་པའི་རྒྱུ་ལས་བྱུང་བ་དང་། རྣམ་པར་རྟོག་པ་ཐུན་མོང་བའི་རྒྱུ་ལས་བྱུང་བ་ཡིན་པས། རྣམ་པར་རྟོག་པ་ཐུན་མོང་མ་ཡིན་པའི་རྒྱུ་ལས་བྱུང་བ་རྣམ་པར་མ་བརྟགས་པ་གང ་ཡིན་པ་དེ་ནི་འགོག་པར་འགྱུར་ལ། རྣམ་པར་རྟོག་པ་ཐུན་མོང་བའི་རྒྱུ་ལས་བྱུང་བ་རྣམ་པར་མ་བརྟགས་པ་གང་ཡིན་པ་དེ་ནི་གཞན་གྱི་རྣམ་པར་རྟོག་པས་ཟིན་པ་ཡིན་པས་མི་འགོག་སྟེ། གཞན་དུ་ན་གཞན་གྱི་རྣམ་པར་རྟོག་པ་དོན་མེད་པར ་འགྱུར་རོ།། དེ་མ་འགགས་ན་ཡང་རྣམ་པར་དག་པའི་བདག་ཉིད་ཅན་གྱི་མཐོང་བ་རྣམ་པར་དག་པར་འགྱུར་བར་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ་དཔེར་ན་རྣལ་འབྱོར་པ་རབ་ཏུ་མང་པོས་དངོས་པོ་ཅིག་ལ་མཉམ་པར་བཞག་པའི་ཤེས་པ ་སྣ་ཚོགས་སུ་མོས་པར་བྱེད་པ་དག་ལ་མཐོང་བ་སྣ་ཚོགས་དམིགས་པར་འགྱུར་བ་དེ་དང་འདྲའོ།། དངོས་པོ་ལྔ་པོ་དེ་དག་ལས་དུ་ཞིག་གཟུང་བ་དག་ཡིན། དུ་ཞིག་འཛིན་པ་དག་ཡིན་ཞེ་ན། སྨྲས་པ། གསུམ་ནི་གཟུང་བ་དག་ཡིན་ནོ།། རྣམ ་པར་རྟོག་པ་དང་ཡང་དགུ་པའི་ཤེས་པ་ནི་འཛིན་པ་ཡང་ཡིན། གཟུང་བའང་ཡིན་ནོ།། དངོས་པོ་ལྔ་པོ་དག་ལ་མདོར་བསྡུ་ན་རྣམ་པ་དུ་ཞིག་འཛིན་པའི་སྤྱོད་ཡུལ་གྱི་དོན་ཡིན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། རྣམ་པ་གསུམ་སྟེ། བརྗོད་པ ་དང་བཅས་ཤིང་མཚན་མ་དང་བཅས་པའི་འཛིན་པའི་སྤྱོད་ཡུལ་དང་། བརྗོད་དུ་མེད་ལ་མཚན་མ་དང་བཅས་པའི་འཛིན་པའི་སྤྱོད་ཡུལ་དང་། མཚན་མ་མེད་པ་འཛིན་པའི་སྤྱོད་ཡུལ་ལོ།། དེ་ལ་དང་པོ་ནི་ཐ་སྙད་རྗེས་སུ་སད་པའི་འཛིན་པའི་སྤྱོད ་ཡུལ་ལོ།། གཉིས་པ་ནི་ཐ་སྙད་བག་ལ་ཉལ་བའི་འཛིན་པའི་སྤྱོད་ཡུལ་ལོ།། གསུམ་པ་ནི་ཐ་སྙད་བག་ལ་ཉལ་བ་མ་ཡིན་པའི་འཛིན་པའི་སྤྱོད་ཡུལ་ལོ།། དང་པོ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ་འཛིན་པ་ཡིན་ནོ།། ཐ་མ་ནི་དོན་དམ་པའི་བདེན ་པ་འཛིན་པ་ཡིན་ནོ།། གཞན་ཡང་བག་ལ་ཉལ་མེད་པ་དེའི་རྗེས་ལས་ཐོབ་པའི་འཛིན་པ་ཡང་ཡོད་དེ། དེའི་སྤྱོད་ཡུལ་ནི་བདེན་པ་གཉིས་ཀརརོ་གཏོགས་པའི་གཟུང་བ་ཡིན་ཏེ། འདི་ལྟ་སྟེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཤེས ་པའོ།། དེའི་སྤྱོད་ཡུལ་ནི་རྣམ་པར་བཞག་པའི་བདེན་པ་གཉིས་ཀར་གཏོགས་པ་ཡིན་པར་རྣམ་པར་བཞག་གོ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འཛིན་པ་དེ་གཉིས་ཀྱང་རྒྱུ་གཉིས་ཀྱིས་རྣམ་པར་ཤེས་པར་བྱ་སྟེ། འདྲིས་པ་དང་མ ་འདྲིས་པའི་ཕྱིར་དང་ཐ་སྙད་མ་ཡིན་པ་ལ་བརྟེན་པའི་ཕྱིར་རོ།། འཇིག་རྟེན་ན་མཚན་མ་དང་བཅས་པ་ལ་འཛིན་པར་ནི་གྲགས་ཀྱི། མཚན་མ་མེད་པ་ལ་འཛིན་པར་ནི་མ་གྲགས་པས། རྒྱུ་མེད་པར་དང་རྐྱེན་མེད་པར་ནི་མི་རུང་སྟེ། དེའི་རྒྱུ་ནི་གང ་རྐྱེན་ནི་གང་ཞེ་ན། སྨྲས་པ། ཐ་སྙད་ཀྱིས་ཡོངས་སུ་བསྒོས་པའི་འཛིན་པའི་འབྲས་བུ་ནི་མཚན་མ་དང་བཅས་པ་ལ་འཛིན་པར་གྲགས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པར་འགྱུར་བའོ།། དོན་དམ་པའི་ཤེས་པས་ཡོངས་སུ་བསྒོས་པའི ་འཛིན་པའི་འབྲས་བུ་ནི་མཚན་མ་མེད་པ་ལ་འཛིན་པ་ཡིན་ཏེ། རྣམ་པར་བྱང་བར་འགྱུར་བའོ།། དེའི་ཕྱིར་དེ་གཉི་ག་ཡང་རྒྱུ་དང་བཅས་པ་དང་རྐྱེན་དང་བཅས་པ་ཡིན་ཏེ། མིག་ལ་རབ་རིབ་ཀྱི་སྐྱོན་ཡོད་པ་ལ་སྐྲ་ཤད་འཛིངས་པ ་ལ་སོགས་པ་རབ་རིབ་ཀྱི་མཚན་མ་དམིགས་པ་ལྟ་བུ་དང་། སྐྱོན་མེད་པ་ལ་དེ་མི་དམིགས་ཤིང་ཐ་མལ་པར་སྣང་བ་ལྟ་བུའོ།། གལ་ཏེ་མཚན་མ་མེད་པའི་དབྱིངས་ལ་མཚན་མར་འཛིན་ན་ནི་མཚན་མ་མེད་པོ་འཛིན་པར་མི་འགྱུར་རོ།། གལ་ཏེ ་མི་འཛིན་ན་ནི་དེ་ལྟ་ན་ཡང་མཚན་མ་མེད་པ་འཛིན་པར་མི་འགྱུར་རོ་ཞེ་ན། སྨྲས་པ། འཛིན་པ་ནི་ཐ་སྙད་བག་ལ་ཉལ་མེད་པའི་དབྱིངས་ལ་འཛིན་པ་ན་ཡང་དེ་ལ་མཚན་མར་མི་འཛིན་པས་མཚན་མ་མེད་པ་འཛིན་པར་འཐད་།། མཚན ་མར་མི་འཛིན་པས་དེ་ཇི་ལྟར་འཛིན་ཞེ་ན། དེའི་མཚན་མ་བཤོག་པའི་ཕྱིར་དང་། མངོན་རྟགས་སུ་འཛིན་པར་སྒྲོ་འདོགས་པ་མེད་པས་སོ།། ཇི་སྟེ་མཚན་མར་འཛིན་ན་ཡང་མངོན་རྟགས་སུ་འཛིན་པར་སྒྲོ་འདོགས་པ་མེད་ན། མཚན་མ་མྱེད་ཅི ་འདྲ་བར་རིག་པར་བྱ་ཞེ་ན། སྨྲས་པ། དོན་དམ་པ་འཛིན་པའི་ཕྱིར་དང་། དངོས་པོ་ལྔ་པོ་ལ་མཚན་མ་ཐམས་ཅད་མཱི་སྣང་བའི་མཚན་ཉིད་ཡིན་ནོ།། གལ་ཏེ་མི་གསལ་བར་འཛིན་པར་རྣམ་པར་བཞག་ན། འཛིན་པ་དེ་འགོག་པ་ཁོ་ན་ཡིན་པར་ནཱིའི ་ཕྱིར་མི་རྟག་ཅེ་ན། སྨྲས་པ། འགོག་པར་ནི་མངོན་པར་འདུ་བྱ་བ་མ་ཡིན་པའི་ཕྱིར་རྣལ་འབྱོར་པ་དེ་འགོག་པའི་ཕྱིར་མངོན་པར་འདུ་མི་བྱེད་དོ།། དེའི་མཚན་ཉིད་ཇི་ལྟར་སོ་སོར་རིག་པར་བྱ་ཞེ་ན། སྨྲས་པ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་སྤྱོད་ཡུས ་དེ་ཇི་ལྟར་སོ་སོར་རིག་པར་བྱེད་པ་དེ་ལྟར་ཅིའི་ཕྱིར་ལན་འདེབས་པར་མི་བྱེད་ཅེ་ན། སྨྲས་པ། སོ་སོར་རིག་པ་དེ་ནི་བརྗོད་པའི་གཞིའི་གནས་མ་ཡིན་པའི་ཕྱིར་རོ།། གལ་ཏེ་ཤེས་པ་དང་པོ་མཚན་མ་མེད་པ་མ་ཡིན་ན་ནི་དེ་མེད་པའི་ཕྱིར་མཚན་མ་མེད་པའི་ཤེས ་པ་གོམས་པ་ཡང་མེད་པར་འགྱུར་ལ། དེ་ལ་གོམས་པ་མེད་ན་ནི་མཚན་མ་མེད་པ་རྒྱུ་མེད་པ་ལས་སྐྱེ་བར་མི་རུང་ངོ་ཞེ་ན། སྨྲས་པ། མཚན་མ་དང་བཅས་པ་ཡང་མཚན་མ་མེད་པའི་རྒྱུར་རུང་སྟེ་དེ་དང་མཐུན་པའི་ཕྱིར་རོ།། འདི་ལྟ་སྟེ་དཔེར་ན་འཇིག་རྟེན ་པ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པ་སྐྱེ་བ་དང་། ཟག་པ་དང་བཅས་པ་ལ་བརྟེན་ནས་ཟག་པ་མེད་པ་དང་། སེམས་ཡོད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས་སེམས་མེད་པ་སྐྱེ་བ་དང་འདྲའོ།། བཅོམ་ལྡན་འདས་ཀྱིས་རྣམ་པར་དག་པའི་རྒྱུར་སྡུག ་བསྔལ་ལ་སོགས་པ་ཤེས་པ་གསུངས་པ་ལོ། གལ་ཏེ་སྡུག་བསྔལ་སོགས་པ་ཤེས་པས་སྡུག་བསྔལ་ལ་སོགས་པའི་བདེན་པ་དག་སྡུག་བསྔལ་སོགས་པར་ཡོངས་སུ་རྟོག་པར་བྱེད་ན་ནི་དེས་ན་མཚན་མེ་དང་བཅས་པར་འགྱུར་རོ།། ཇི་སྟེ་ཡོངས ་སུ་རྟོག་པར་མི་བྱེད་ན་ནི་སྡུག་བསྔལ་ལ་སོགས་པ་ཤེས་པར་མི་འགྱུར་བས། དེ་མེད་ན་ཇི་ལྟར་རྣམ་པར་དག་པར་འགྱུར་ཞེ་ན། སྨྲས་པ། བདེན་པ་རྣམས་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཤེས་པ་རྣམ་པར་དག་པ་ནི་མཚན་མ་མེད་པའི ་ཤེས་པའི་དབང་གིས་བྱུང་བ་ཡིན་པའི་ཕྱིར། དེ་ཉིད་ཀྱིས་ཉོན་མོངས་པ་རྣམ་པར་སྤངས་པས་ན་མཚན་མ་མེད་པའི་ཤེས་པ་སྡུག་བསྔལ་ལ་སོགས་པའི་ཤེས་པའི་རྒྱུར་གྱུར་པ་ཉོན་མོངས་པ་སྤོང་བར་བྱེད་པ་གང་ཡིན་པ་དེ་ཉིད་ལ་རྒྱུ་ལ་འབྲས་བུ ་གདགས་པ་བྱས་ནས་སྡུག་བསྔལ་ལ་སོགས་པ་ཤེས་པར་ཉེ་བར་གདགས་པས་ཉེས་པ་མེད་དོ།། སྔར་གཟུང་བ་ནི་འཛིན་པའི་འབྲས་བུ་ཅན་ཡིན་ནོ་ཞེས་བསྟན་ན་འཛིན་པ་དེའི་འབྲས་བུ་གང་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས ་པ། གཉི་ག་གཅིག་གི་འབྲས་བུ་གཅིག་ཡིན་ནོ།། གང་གི་ཚེ་ཤེས་བྱ་མི་རྟག་པ་འདྲིས་པ་བརྟན་པ་དང་དཔག་ཏུ་མེད་པ་ཕལ་ཆེར་ལྐོག་ཏུ་གྱུར་པ་ཡིན་པའི་ཚེ། རྣལ་འབྱོར་པ་དེས་ཇི་ལྟར་དེ་ལ་དམིགས་པར་བྱེད་ཅིང་རྣམ་པར་བཟློག་པར ་ཡང་བྱེད་ཅེ་ན། སྨྲས་པ། ཐོས་པ་དང་བསམ་པའི་དབང་གིས་ཏིང་ངེ་འཛིན་ཐོབ་པར་འགྱུར་ལ། དེས་ཤེས་བྱ་རྣམ་པ་ལྔའི་ཏིང་ངེ་འཛིན་གྱི་གཟུགས་བརྙན་མངོན་དུ་བྱས་ནས་ཤེས་བྱ་དེ་ལ་དམིགས་པར་བྱེད་དོ།། ཟིལ་གྱིས་གནོན་པས། ་ནི་རྣམ་པར་བཟློག་པར་བྱེད་དོ།། ཤེས་བྱ་རྣམ་པ་ལྔ་ཟིལ་གྱིས་གནོན་པའི་མཚན་ཉིད་ཇི་ལྟ་བུ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གནས་གྱུར་པ། འདུས་མ་བྱས་པ། མྱ་ངན་ལས་འདས་པའི་མཚན་ཉིད་བླ་ན་མེད་པ་ཡིན་ནོ།། མྱ་ངན ་ལས་འདས་པ་གང་ཞེ་ན།། ཆོས་ཀྱི་དབྱིངས་རྣམ་པར་དག་པ་གང་ཡིན་པ་སྟེ། ཉོན་མོངས་པ་དང་སྡུག་བསྔལ་ཉེ་བར་ཞི་བའི་དོན་གྱིས་ཡིན་གྱི། མེད་པའི་དོན་གྱིས་ནི་མ་ཡིན་ནོ།། གང་གི་ཚེ་ཉོན་མོངས་པ་དང་སྡུག་བསྔལ་ཉེ་བར་ཞི་བ་ཙམ་ལ ་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཚེ། ཅིའི་ཕྱིར་དེ་མེད་པའི་དོན་གྱིས་མ་ཡིན་ཞེ་ན། སྨྲས་པ། འདི་ལྟ་སྟེ་དཔེར་ན་ཆུའི་ཁམས་ལ་རྙོག་པ་དང་བཙམ་གསལ་བ་ཡིན་ཡང་རྙོག་པ་དང་བར་གྱུར་པས་གསལ་བ་ཉིད་མེད་པ་མ་ཡིན་པ་དང་། ་གསེར་སྐྱོན་དང་བྲལ་བ་ཙམ་བཟང་བ་ཉིད་ཡིན་ཡང་དེ་དང་བྲལ་བས་བཟང་པ་ཉིད་མེད་པ་མ་ཡིན་པ་དང་། ན་མཁའ་སྤྲིན་དང་ཁུག་རྣ་ལ་སོགས་པ་དང་བྲལ་བ་ཙམ་རྣམ་པར་དག་པ་ཉིད་ཡིན་ཡང་དེ་དང་བྲལ་བས་རྣམ་པར་དག་པ་ཉིད་མེད་པ་མ ་ཡིན་པ་བཞིན་དུ། འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པ་གང་ཞེ་ན། ཡང་དག་པའི་ཤེས་པ་བསྒོམ་པ་ལ་བརྟེན་ནས་མཚན་མ་ཐམས་ཅད་གསལ་བས་དེ་བཞིན་ཉིད་གང་ཡིན་པ་སྟེ། འདི་ལྟ་སྟེ་དཔེ ་ན་མི་ལ་ལ་ཞིག་གཉིད་ལོག་པའི་ཚེ་བདག་ཉིད་ཆུ་བའི་ཆུས་ཁྱེར་བར་རྨིས་ནས་དེ་ཆུ་བོ་དེ་ལས་རྒལ་བར་བྱ་བའི་ཕྱིར་བརྩོན་འགྲུས་ཆེན་པོ་རྩོམ་པར་གྱུར་པ་ལས། བརྩོན་འགྲུས་རྩོམ་པ་དེ་ཉིད་ཀྱིས་སད་པར་གྱུར་ཅིང་སད་ནས་ཀྱང་ཆུ་བོའི ་ཆུ་དེ་ཉིད་མི་སྣང་བར་གྱུར་པ་དེ་བཞིན་དུ་མཚན་མ་སེལ་བ་འདི་ལ་ཡང་ཚུལ་དེ་བཞིན་དུ་ལྟ་བར་བྱའོ།། ཙོ་གང་གི་ཚེ་ཐ་སྙད་ཀྱི་བྲག་ལ་ཉལ་སྤོང་བར་བྱེད་པ་དེ་ཉིད་ཀྱི་ཚེ་ན་མཚོན་མ་རྣམ་པར་འཇིག་པར་བྱེད་དྲམ། འོན་ཏེ་སྦྱངས་པའི་འོག ་ཏུ་དུས་གཞན་གྱི་ཚེ་ན་རྣམ་པར་འཇིག་པར་བྱེད་ཅེ་ན། སྨྲས་པ། དེ་སྤོང་བར་བྱེད་པ་དང་དེ་རྣམ་པར་འཇིག་པར་བྱེད་པ་ནི་སྲང་མདའི་མཐོ་དམན་གྱི་ཚུལ་བཞིན་དུ་མགོ་མཉམ་ཞིང་དུས་གཅིག་ཏུ་སྟེ། འདི་ལྟ་སྟེ་དཔེར་ན་རི་མོའི་དབྱིབས་ལ ་ཆེན་རྩི་བྱེད་པ་ན་དབྱིབས་ཀྱང་བྱེད་པར་འགྱུར་བ་དང་། རབ་རིབ་ཀྱི་སྤྱན་བསལ་བ་ན་སྨྲེ་ཤིང་འཛིངས་པ་ལ་སོགས་པ་རབ་རིབ་ཀྱང་བསལ་བར་མགོ་མཉམ་པ་བཞིན་དུ། འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། རྣལ་འབྱོར་པས ་ཇི་ལྟར་དམིགས་པ་ཟིལ་གྱིས་གནོན་ཅེ་ན། སྨྲས་པ། སེམས་མཉམ་པར་བཞག་པ་ལ་ཤེས་བྱའི་གཟུགས་བརྙན་བྱུང་བ་ན། སྔར་དོན་དམ་པ་ལེགས་པར་རྟོགས་པས་ཡིད་ལ་བྱེད་པས་མཚན་མ་དང་བཅས་པ་ཉིད་ནི་རྣམ་པར་ལྡོག། ་མཚན་མ་མེད་པ་ཉིད་དུ་འགྱུར་རོ།། མཚན་མ་མེད་པ་ཉིད་དུ་འགྱུར་བ་དེའང་གནས་སྐབས་ལྔ་སྟེ། ཉི་ཚེ་བ་དང་། ཐམས་ཅད་དུ་འགྲོ་བ་དང་། གཡོ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དང་། གྲུབ་པའོ།། གྲུབ་པ་དེའང་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཉོན ་མོངས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་ཀྱིས་མི་རྫི་བའི་ཕྱིར་གཏན་དུ་གནོད་པ་བྱར་མེད་པ་ཡིན་པས་ན་གནས་གྲུབ་པ་ཞེས་བྱ་སྟེ། དེའང་དེ་ཁོ་ནའི་དོན་ཤིན་ཏུ་རྣམ་པར་དག་པ་སྤྱོད་ཡུལ་པ་དང་། ཐམས་ཅད་མངོན་སུམ་གྱི་སྤྱོད་ཡུལ་བ་དང་། ཐམས ་ཅད་ལ་དབང་སྒྱུར་བའི་སྤྱོད་ཡུལ་བའོ།། གྲུབ་པ་དེ་ཡང་ཐེག་པ་དུས་རྣམ་པར་འཛེག་པར་བྱེད་ཅིང་། དུས་ཇི་ཙམ་གྱིས་འཐོབ་ཅེ་ན། སྨྲས་པ། དབང་པོ་རྣམ་པ་གསུམ་ཡོད་པའི་ཕྱིར་ཐེག་པ་གསུམ་གྱིས་རྣམ་པར་འཇོག་སྟེ། ཐེག་པ་གཉིས་ཀྱང་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པའི་རྩ་བ་ཅན་ཡིན་པའི་ཕྱིར་རོ།། གཉིས་ཀྱིས་ནི་དུས་ངེས་པ་མེད་པར་འཐོབ་སྟེ། རྐྱེན་ཇི་ལྟ་བ་དང་། ཇི་ལྟར་ཡོངས་སུ་སྨིན་པས་སོ།། ཐ་མས་ནི་གནས་ངན་ལེན་གསུམ་གྱི་དབང་དུ་བྱས་ནས་བསྐ ་བ་གྲངས་མེད་པ་གསུམ་གྱི་དུས་ཀྱིས་འཐོབ་པར་འགྱུར་རོ།། གནས་ངན་ལོན་རྣམ་པ་གསུམ་གང་ཞེ་ན། ངན་སོང་ལ་མི་དགའ་བའི་ཕྱོགས་དང་མཐུན་པ་པགས་ཤུན་ལ་ཡོད་པ་ལྟ་བུ་གང་སྤངས་པས་ངན་སོང་དུ་འགྲོ་བར་མི་འགྱུར་ཞིང་། སྦྱོར་བ ་བྱེད་པ་ན་ཡང་མི་དགའ་བ་དང་འགྲོ་བར་མི་འགྱུར་བ་དང་། ཉོན་མོངས་པའི་སྒྲིབ་པའི་ཕྱོགས་དང་མཐུན་པ་ཕྲ་མོ་ཡོད་པ་ལྟ་བུ་གང་ཡང་སྤངས་པས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་ཤིན་ཏུ་ཕྲ་མོ་ཡང་ཀུན་ཏུ་མི་འབྱུང་སྟེ། བག་ལ་ཉལ་ཡང ་དག་པར་འཇོམ་པར་ནི་མི་འགྱུར་བ་དང་། ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པ་རྐང་ལ་ཡོད་པ་ལྟ་བུ་གང་ཡང་སྤངས་པས་མི་ཤེས་པའི་བག་ལ་ཉལ་ཡང་དག་པར་འཇོམས་ཤིང་། ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་འཇུག ་པར་འགྱུར་རོ།། ཇི་ལྟར་ཉན་ཐོས་རྣམ་པར་བཞག་ཅེ་ན། སྨྲས་པ། རྒྱུ་གསུམ་གྱིས་ཏེ། སྤྲུལ་པ་དང་། སྨོན་ལམ་དང་། ཆོས་ཉིད་ཀྱིས་སོ།། དེ་ལ་སྤྲུལ་པ་ནི་འདུལ་བའི་དབང་གིས་དེ་བཞིན་གཤེགས་པས་དེ་དང་དེར་ཉན་ཐོས་སྤྲུལ་པ་སྤྲུལ་པར ་མཛད་པ་གང་ཡིན་པའོ།། དེ་ལ་སྨོན་ལམ་ནི་གང་ཟག་ཉན་ཐོས་ཀྱི་ཐེག་པ་པར་སྨོན་ལམི་བཏབ་པ་ཉན་ཐོས་ཞེས་བྱ་བར་རྣམ་པར་འཇོག་པར་མཛད་པ་གང་ཡིན་པའོ།། དེ་ལ་ཆོས་ཉིད་ནི་གང་ཟག་གང་རང་བཞིན་གྱིས་སྙིང་རྗེ་ཆུང་བ་དང་སྡུག ་བསྔལ་གྱིས་འཇིགས་པ་དེ་རྒྱུ་གཉིས་ཀྱིས་གཞན་གྱི་དོན་ཀྱང་མི་འདོད་ལ། གཞན་དག་གི་དོན་དུ་འཁོར་བ་ཡང་མི་འདོད་པས་དེ་ལ་ཆོས་ཉིད་དེས་ཉན་ཐོས་སུ་འདོགས་པར་མཛད་པ་སྟེ། དེ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཆོས་ཅན་ཡིན་ཡང ་རྣམ་པར་བཞག་པའི་བདེན་པ་དག་ལ་སྐྲག་པའི་རྣམ་པས་ཤས་ཆེར་འཇུག་པས་དེས་ན་དེ་ཡང་དག་པར་འགྲུབ་པར་བྱེད་དོ།། ཉན་ཐོས་ཇི་ལྟ་བ་བཞིན་དུ་རང་སངས་རྒྱས་ཀྱང་དེ་བཞིན་ཏེ། དེ་ནི་སངས་རྒྱས་རྣམས་འབྱུང་བ་མེད་ཀྱང་མངོན་པར ་རྫོགས་པར་བྱང་ཆུབ་པར་འགྱུར་བས་ཁྱད་པར་དུ་འཕགས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པའི་རྒྱུ་གསུམ་ཁོ་ནས་བལྟ་བར་བྱའོ།། ཇི་ལྟར་ཉན་ཐོས་ཆོས་འདུལ་བ་ལས་རབ་ཏུ་ཉམས་པ་ཡིན་པར་ལྟ་བར་བྱ ་ཞེ་ན། གལ་ཏེ་ཉོན་མོངས་པའི་རིམས་ནད་མེད་པ་ཙམ་འགོག་པ་ཡིན་པར་ཡོངས་སུ་རྟོག་པ་ན། བདག་ཆད་པར་འགྱུར་རོ།། ཆུད་ཟོས་པར་འགྱུར་རོ།། མི་འབྱུང་བར་འགྱུར་རོ་སྙམ་དུ་སྐྲག་པ་སྐྱེ་བར་འགྱུར་བ་སྟེ། འདི་ལྟ་སྟེ་དཔེར་ན་མི་ལ་ལ ་ཞིག་རིམས་ཀྱིས་བཏབ་པར་གྱུར་པ་ན། དེ་རིམས་ནད་བྱང་ན་རྣམ་པ་ཐམས་ཅད་དུ་ནང་མེད་པར་འགྱུར་བ་མི་ཤེས་པས་ལུས་ཐམས་ཅད་འགག་པར་འགྱུར་བར་ཡོངས་སུ་རྟོག་ཅིང་སྐྲག་པར་གྱུར་པ་ན། རིམས་ཀྱི་ནང་ལས་ཡོངས་སུ་ཐར་པར ་མི་འགྱུར་བས་དེ་རབ་ཏུ་ཉམས་པར་འགྱུར་བ་དང་འདྲ་བར་ཉན་ཐོས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལས་རབ་ཏུ་ཉམས་པ་ཡིན་ཞེ་ན། གལ་ཏེ་ཆོས་རྣམས་ཀྱི་ཟབ་པ་དང་ངོ་བོ་ཉིད་མེད་པ་ཐོས ་ནས་རང་བཞིན་གྱིས་ཉོན་མོངས་པའི་རིམས་ནད་མེད་པར་ཡོངས་སུ་རྟོག་ཅིང་བདག་ཉིད་ནད་མེད་པར་རློམ་པར་བྱེད་པ་སྟེ། འདི་ལྟ་སྟེ་དཔེར་ན་མི་རིམས་ཀྱིས་བཏབ་པར་གྱུར་པ་དེ་ཉིད་བདག་ཉིད་ནད་མེད་པར་རློམ་པར་བྱེད་པ་ན། རིམས་ཀྱི་ནང ་ལས་ཡོངས་སུ་ཐར་པར་མི་འགྱུར་ཞིང་། རབ་ཏུ་ཉམས་པར་འགྱུར་བ་དང་འདྲ་བར་བྱང་ཆུབ་སེམས་དཔའ་དེ་ཡང་དེ་བཞིན་དུ་བལྟ་བར་བྱའོ།། དངོས་པོ་ལྔ་པོ་དེ་དག་ལས་དུ་ཞིག་འཇིག་ཚོགས་ཡིན། དུ་ཞིག་འཇིག་ཚོགས་མ་ཡིན་ཞོན ་སྨྲས་པ། རྒྱུ་མཚན་ནི་གཉི་ག་ཡིན་ནོ།། གཉིས་ནི་འཇིག་ཚོགས་ཡིན་ནོ།། གཅིག་ནི་འཇིག་ཚོགས་མ་ཡིན་ནོ།། དེ་བཞིན་ཉིད་ནི་གཉིས་ཀ་ཡང་མ་ཡིན་པར་བརྗོད་པར་བྱའོ།། འཇིག་ཚོགས་ཇི་ལྟ་བ་བཞིན་དུ་སྲིད་པ་དང་འཇིག་རྟེན་ཡང་དེ་བཞིན་དུ་བལྟ ་བར་བྱའོ།། དེ་ཁོ་ན་བཞི་དང་དངོས་པོ་ལྔ་པོ་དག་ལས་དངོས་པོ་ལྔས་དེ་ཁོ་ན་དུ་དག་བསྡུས་ཤེས་ན། སྨྲས་པ། འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་དང་། རིགས་པས་གྲགས་པའི་དེ་ཁོ་ན་ནི་དངོས་པོ་གསུམ་གྱིས་བསྡུས་པའོ།། ཉོན་མོངས་པའི ་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་ནི་དངོས་པོ་གཉིས་ཀྱིས་བསྡུས་སོ།། ཡོངས་སུ་ཚོལ་བ་བཞི་དང་དངོས་པོ་ལྔ་པོ་དག་ལས། དངོས་པོ ་ལྔས་ཡོངས་སུ་ཚོལ་བ་དུ་དག་བསྡུས་ཤེ་ན། སྨྲས་པ། རྣམ་པར་རྟོག་པ་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པས་ཡོངས་སུ་ཚུལ་བ་བཞི་པོ་ཐམས་ཅད་བསྡུས་སོ།། ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་བཞི་དང་དངོས་པོ་ལྔ། ་པོ་དག་ལས་དངོས་པོ་དུ་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་དུ་དག་བསྡུས་ཤེ་ན། སྨྲས་པ། ཡང་དག་པའི་ཤེས་པས་བཞི་པོ་ཐམས་ཅད་བསྡུས་སོ།། བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས་ཆོས་ཐམས ་ཅད་གཉིས་སུ་མེད་པ་ཞེས་གསུངས་ཤེ་ན། སྨྲས་པ། དངོས་པོ་ལྔ་པོ་དག་ཉིད་ལ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་དང་། རང་རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་དང་བཅས་པ་ཉིད་ལས་དགོངས་ཏེ་གསུངས་སོ།། བཅོམ ་ལྡན་འདས་ཀྱི་ཇི་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་ཤེ་ན། སྨྲས་པ། འདུལ་བའི་དབང་གིས་དེ་དང་དེར་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་ལས་དགོངས་ནས་གསུངས་ཏེ། མཚན་ཉིད་ངོ་བོ ་ཉིད་མེད་པ་ཉིད་དང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དོ།། མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ཀྱི་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དོ།། སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། འདི་ལྟ་སྟེ། ་འདུ་བྱེད་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རྐྱེན་གྱིས་སྟོབས་ཀྱིས་སྐྱེ་བ་ཡིན་གྱི། རང་མི་སྐྱེ་བ་ནི་སྐྱེ་བ་ངོ་བོ་ཉིད་མེད་ཅེས་བྱའོ།། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། དེ་ཁོ་ནའི་དོན་གྱི་མཚན་ཉིད་དང་བྲལ་བའི ་ཆོས་གང་ཡིན་པ་དེ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། དཔེར་ན་དགེ་སློང་རྣལ་འབྱོར་སྤྱོད་པས་རུས་པའི་ཀེང་རུས་མང་པོ་ལ་མོས་པར་བྱས་ནས། རྣམ་པར་འཇིག་པར་མ་ནུས་པ་ན། རུས་པའི་ཀེང་རུས་དེ་ལ་རྟག་ཏུ་རྒྱུན་མི་འཆད ་པར་དོན་དམ་པར་ངོ་བོ་ཉིད་མེད་པའི་འདུ་ཤེས་འབྱུང་བ་དང་འདྲ་བར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱང་དེ་བཞིན་ཉིད་དུ་བལྟ་བར་བྱའོ།། དེ་ལ་དངོས་པོ་ལྔ་པོ་དག་ནི་མཚན་ཉིད་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པ་མ་ཡིན་པ་ཡང་སྐྱེ་བ་ངོ ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ཏེ། དེ་ཡང་ཅི་རིགས་པར་རོ།། དེ་ལ་རྒྱུ་མཚན་དང་མིང་དང་རྣམ་པར་རྟོག་པ་དེང་ཡང་དག་པའི་ཤེས་པ་ནི་གཉིས་ཀྱིས་སོ།། དེ་བཞིན་ཉིད་ནི་ངོ་བོ་ཉིད་མོང་བ ་ཉིད་གང་གིས་ཀྱང་ངོ་བོ་ཉིད་མེད་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལས་དགོངས་ནས་བདེན་པ་གཅིག་སྟེ། གཉིས་པ་མེད་པར་སྨྲ་ཞེས་ཚིགས་སུ་བཅད་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ།། བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས ་ནས་ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་ཤེ་ན། སྨྲས་པ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཁོ་ན་ལས་དགོངས་ཏེ་གསུངས་སོ།། བཅོམ ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་ཞེས་གསུངས་ཤེ་ན། སྨྲས་པ། མཚན་ཉིད་མཚན་ཉིད་མེད་པ་ཉིད་དེ་ཁོ་ནས་ལས་དགོངས་ཏེ་གསུངས་སོ།། བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས་ཆོས ་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་གསུངས་ཤེ་ན། སྨྲས་པ། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ཏེ་གསུངས་སོ།། བཅོམ་ལྡན་འདས་ཀྱིས་ཇི་ལྟས་དགོངས་ནས། གཟུགས་ནི་ཡོད་དོ་རྣམ་པར་ཤེས ་པའི་བར་ཡང་ཡོད་དེ་མཱི་རྟག་པར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་གསུངས་ཞེ་ན། སྨྲས་པ། མཚན་ཉིད་ངོ་བོ་ཉིད་མྱེད་པ་ཉིད་ལས་དགོངས་ཏེ་གསུངས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྟག་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། ་ཞེས་གསུངས་པ་དེ་ནི་མི་རྟག་པར་ཡོད་པར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་གསུངས་པ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས་གཟུགས་ནི་ཡོད་དོ།། རྣམ་པར་ཤེས་པའི་བར་ཡང་ཡོད་དེ། སྡུག་བསྔལ ་བར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་གསུངས་ཤེ་ན། སྨྲས་པ། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ཏེ་གསུངས་སོ།། བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས་གཟུགས་ནི་ཡོད་དོ།། རྣམ་པར ་ཤེས་པའི་བར་ཡང་ཡོད་དེ། སྟོང་པར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་གསུངས་ཤེ་ན། སྨྲས་པ། ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་དང་བྲལ་བ་ཉིད་དང་། དེ་དག་ཉིད་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ཏེ ་གསུངས་སོ།། བྲལ་བ་ཉིད་ཇི་ལྟ་བ་བཞིན་དུ་མཚན་ཉིད་མི་འདྲ་བ་ཉིད་ལས་དགོངས་ནས་བདག་མེད་པར་གསུངས་པར་བལྟ་བར་བྱའོ།། བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས་གཟུགས་དང་རྣམ་པར་ཤེས་པའི་བར་ལ་ཚུལ་བཞིན་དུ་ལྟ་བ་དང་། ་ངེས་པར་རྟོག་པ་དང་ཉེ་བར་རྟོག་པའི་བར་དུ་བྱེད་པ་དེ་ལ་ནི་ཚུལ་བཞིན་དུ་སྣང་ཞིང་། དེ་ལ་མེད་པར་ཡང་སྣང་ངོ་ཞེས་གསུངས་ཤེ་ན། སྨྲས་པ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ཏེ་གསུངས་སོ།། བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས ་ནས་དེ་ལ་གསོག་དང་གསོ་བ་དང་སྙིང་པོ་མེང་བར་ཡང་སྣང་ངོ་ཞེས་གསུངས་ཤེ་ན། སྨྲས་པ། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ཏེ་གསུངས་སོ།། བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། དེ་ལྟ ་བས་ན་གང་ལ་མིག་ཀྱང་འགག་ཅིང་ཁ་དོག་གི་འདུ་ཤེས་དང་བྲལ་བར་འགྱུར་བ་དང་། ཡིད་ཀྱི་བར་ཡང་དགག་ཅིང་ཆོས་ཀྱི་འདུ་ཤེས་དང་བྲལ་བར་འགྱུར་བའི་གནས་དེ་རིག་པར་བྱའོ་ཞེས་གསུངས་ཤེ་ན། སྨྲས་པ། ངོ་བོ་ཉིད་མེད་པ་གང་ལ ་ཀྱང་མ་དགོངས་པར་གསུངས་སོ།། བཅོམ་ལྡན་འདས་ཇི་ལས་དགོངས་ནས་གང་གི་ཕྱིར་ཐམས་ཅད་དུ་སེམས་ཀྱི་འདུ་ཤེས་ཐམས་ཅད་རྣམ་པར་བཤིག་པར་གྱུར་པ་དེ་ཅི་ལ་བརྟེན་ཅིང་། བསམ་གཏན་བྱེད་པ་ནི་དབང་པོ་དང་བཅས་པའི ་ལྷ་རྣམས་ཀྱིས་ཀྱང་མི་ཤེས་སོ་ཞེས་གསུངས་ཤེ་ན། སྨྲས་པ། ངོ་བོ་ཉིད་མེད་པ་ཉིད་གང་ལས་ཀྱང་དགོངས་པར་གསུངས་སོ།། བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་དང་། ཡིད་ཀྱིས་རྣམ ་པར་ཤེས་པར་བྱ་བའི་བར་གྱི་ཆོས་ཡིད་བདེ་བ་དང་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ས་ལོག་པ་ཉིད་མེད་དོ་ཅེས་ཀྱང་གསུངས་ལ། འཕགས་པ་འཇིག་རྟེན་ལས་འདས་པ ་ནི་བདེན་པ་ཡིན་པར་བཀའ་སྩལ་ཏོ་ཞེས་གསུངས་ཤེ་ན། སྨྲས་པ། ངོ་བོ་ཉིད་མེད་པ་ཉིད་ཐམས་ཅད་ལས་དགོངས་ཏེ་གསུངས་པ་དང་། ངོ་བོ་ཉིད་མེད་པ་གང་ལས་ཀྱང་མ་དགོངས་པར་གསུངས་སོ།། བཅོམ་ལྡན་འདས་ཀྱིས་ཇི་ལས་དགོངས་ནས། ་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང་། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པོ་ཅེས་གསུངས་ཤེ་ན། སྨྲས་པ། ངོ་བོ་ཉིད་མེད་པ་ཉིད་ཐམས་ཅད་ལས་དགོངས་ཏེ་གསུངས་པའམ། ཡང་ན་ངོ་བོ་ཉིད ་མེད་པ་ཉིད་གང་ལས་ཀྱང་མ་དགོངས་པར་གསུངས་སོ།། དངོས་པོ་ལྔ་པོ་དེ་དག་ལས་ཅིའི་ཕྱིར་དང་པོ་ཁོ་ནར་རྒྱུ་མཚན་གདགས་པ་ལ་སོགས་པ་གོ་རིམས་དེ་ལྟར་གདགས་པ་མཛད་ཅེ་ན། སྨྲས་པ། གཞི་མེད་པ་ལ་མིང་གདགས་སུ་མི་རུང་བས ་དེའི་ཕྱིར་དང་པོར་རྒྱུ་མཚན་གདགས་པ་མཛད་དོ།། དེའི་འོག་ཏུ་གང་གིས་ངོ་བོ་ཉིད་དུ་འདོགས་པ་འམ་བྱེ་བྲག་ཏུ་འདོགས་པ་ལས་དེ་འདོགས་པར་བྱེད་པས་དེའི་ཕྱིར་མིང་གདགས་པ་མཛད་དོ།། དེའི་འོག་ཏུ་གང་གིས་རྒྱུ་མཚན་ནམ་མེད་དམ། ་དེ་གཉི་ག་ལ་རྣམ་པར་རྟོག་པར་བྱེད་པའི་རྣམ་པར་རྟག་པར་བྱང་བའི་རྣམ་པར་རྟོག་པ་གདགས་པ་མཛད་དེ། དེ་ལྟར་ཆོས་གསུམ་པོ་དེ་དག་གིས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡོངས་སུ་རྫོགས་པའི་གོ་རིམ་ཡོངས་སུ་བསྟན་པ་ཡིན་ནོ།། དེའི་འོག་ཏུ ་རྣམ་པར་བྱང་བའི་ཕྱོགས་སྐབས་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་གི་དེ་བཞིན་ཉིད་མཐོང་བ་དང་ཡང་དག་པའི་ཤེས་པ་མཐོང་ན་རྣམ་པར་དག་པར་འགྱུར་བས། དེའི་ཕྱིར་དེ་གཉིས་ཀྱིས་ནི་རྣམ་པར་བྱང་བའི་ཕྱོགས་ཡོངསུ་རྫོགས ་པའི་གོ་རིམས་ཡོངས་སུ་བསྟན་པ་ཡིན་ཏེ། དེ་ལྟར་དེ་ནི་དེ་དག་གི་གོ་རིམས་ཡིན་ནོ།། དེ་ཁོ་ནའི་དོན་གྱི་ལེའུའི་དངོས་པོའི་རྣམ་པར་ག་ཏན་ལ་དབབ་པ་རྫོགས་སོ།། །། དེ་ཁོ་ནའི་དོན་རྣམ་པར་ཤེས་པར་འདོད་པས། ངོ་བོ་ཉིད་གསུམ་ལ ་བརྩོན་པར་བྱ་བའི་སྡོམ་ནི། བསྟན་དང་རྣམ་པར་དབྱེ་བ་དང་།། རྟེན་དང་རབ་དབྱེ་བརྟེན་པ་དང་།། ཕྲ་ལ་མངོན་པར་ཞེན་པ་དང་།། མིང་བརྗོད་ཇི་བཞིན་མངོན་པར་ཞེ་ན།། ངོ་བོ་ཉིད་གསུམ་གང་ཞེ་ན། ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་དང་། ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ།། ཀུན་བཏགས་པའི་ངོ་བོ་ཉིད་གང་ཞེ་ན། ཇི་ཙམ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་མིང་དང་བརྡ་ལས་བྱུང་བའི་ངོ་བོ་ཉིད་གང་ཡིན་པའོ།། གཞོན་གྱི་དབང་གི་ངོ་བོ་ཉིད་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད ་གང་ཡིན་པའོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་དག་པར་བྱ་བའི་ཕྱིར་དང་། མཚན་མ་དང་གནས་ངན་ལེན་གྱི་འཆིང་བ་ཐམས་ཅད་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་དང་། ཡོན་ཏན་ཐམས་ཅད་མངོན་པར་བསྒྲུབ་པར་བྱ་བའི ་ཕྱིར་ཆོས་རྣམས་ཀྱི་དེ་བཞིན་ཉིད་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། འཕགས་པའི་ཡེ་ཤེས་ཀྱི་ཡུལ། འཕགས་པའི་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་པའོ།། ཀུན་བཏགས་པའི་ངོ་བོ་ཉིད་གང་ལ་བརྟེན་ནས་རབ་ཏུ་ཤེས་ཞེ་ན། སྨྲས་པ། རྒྱུ ་མཚན་དང་མིང་འབྲེལ་པ་ལ་བརྟེན་ནས་རབ་ཏུ་ཤེས་སོ།། གཞོན་གྱི་དབང་གི་ངོ་བོ་ཉིད་གང་ལ་བརྟེན་ནས་རབ་ཏུ་ཤེས་ཤེ་ན། སྨྲས་པ། ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ལ་བརྟེན་ནས་རབ་ཏུ་ཤེས་སོ།། ཡོངས་སུ་གྲུབ་པའི་ངོ་བོ ་ཉིད་གང་ལ་བརྟེན་ནས་རབ་ཏུ་ཤེས་ན། སྨྲས་པ། གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བཏགས་པའི་ངོ་བོ་ཉིད་དེ་གཏན་ཡོངས་སུ་མ་གྲུབ་པ་ལས་བརྟེན་ནས་རབ་ཏུ་ཤེས་སོ།། དེ་ལ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ཀུན་བཏགས་པའི་ངོ་བོ་ཉིད ་ལ་མངོན་པར་ཞེན་པ་ལ་བརྟེན་ནས་ཤེས་པར་འགྱུར་རོ་ཞེས་གང་གསུངས་པ་དེར་ནི་དེའི་རྣམ་པར་དག་པར་ཐོབ་པ་ལས་དགོངས་ཏེ་གསུངས་པ་ཡིན་གྱི། དེའི་མཚན་ཉིད་ལས་ནི་མ་ཡིན་ནོ།། དོན་འདིར་ནི་དེའི་མཚན་ཉིད་ཡིན་པར་བལྟ་བར་བྱའོ།། ་དེ་ལ་ཀུན་བཏགས་པའི་ངོ་བོ་ཉིད་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། མདོར་བསྡུ་ན་རྣམ་པ་ལྔ་སྟེ། དོན་གྱི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་དང་མིང་གི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་དང་། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་དང་། ་རྣམ་པར་བྱང་བའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་དང་། ཀུན་ནས་ཉོན་མོངས་པ་ཡིན་ལ་རྣམ་པར་བྱང་བ་མ་ཡིན་པའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པའོ།། དེ་ལ་དོན་གྱི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི་རྣམ་པ་བཞི་སྟེ། རང་གི་མཚན་ཉིད ་དུ་ཡོངས་སུ་རྟོག་པ་དང་། བྱེ་བྲག་གི་མཚན་ཉིད་དུ་ཡོངས་སུ་རྟོག་པ་དང་། གཟུང་བའི་མཚན་ཉིད་དུ་ཡོངས་སུ་རྟོག་པ་དང་། འཛིན་པའི་མཚན་ཉིད་དུ་ཡོངས་སུ་རྟོག་པའོ།། དེ་ལ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། དངོས་པོ ་དེ་ནི་གཟུགས་ཀྱི་ངོ་བོ་ཉིད་དོ།། དངོས་པོ་འདི་ནི་རྣམ་པར་ཤེས་པའི་བར་གྱི་ངོ་བོ་ཉིད་དོ།། དངོས་པོ་འདི་ནི་མིག་གི་ངོ་བོ་ཉིད་དོ།། དངོས་པོ་འདི་ནི་ཆོས་ཀྱི་བར་གྱི་ངོ་བོ་ཉིད་དོ་ཅེས་བྱ་བ་ལ་སོགས་པར་ཡོངས་སུ་རྟོག་པའོ།། དེ་ལ་བྱེ་བྲག་གི་མཚན ་ཉིད་དུ་ཡོངས་སུ་རྟོག་པ་ནི། འདི་ལྟ་སྟེ། གཟུགས་འདི་ནི་ཡིད་དུ་འོང་བའོ།། འདི་ནི་ཡིད་དུ་མི་འོང་བའོ།། འདི་ནི་ཡིད་དུ་འོང་བ་ཡང་མ་ཡིན་ཡིད་དུ་མི་འོང་བ་ཡང་མ་ཡིན་པའོ།། འདི་ནི་བསྟན་དུ་ཡོད་པའོ།། འདི་ནི་བསྟན་དུ་མེད་པའོ།། འདི་ནི་ཐོགས་པ ་དང་བཅས་པའོ།། འདི་ནི་ཟག་པ་དང་བཅས་པའོ།། འདི་ནི་ཟག་པ་མེད་པའོ།། འདི་ནི་འདུས་བྱས་སོ།། འདི་ནི་འདུས་མ་བྱས་སོ་ཞེས་བྱ་བ་ལ་སོགས་པ་རབ་ཏུ་དབྱེ་བའི་ཚུལ་གྱིས་གཟུགས་དེ་གཅིག་པུའི་བྱེ་བྲག་ལ་ཡོངས་སུ་རྟོག་པ་གང་ཡིན་པ ་སྟེ། གཟུགས་ལ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ཀྱང་སྐྱེ་མཆེད་ཐམས་ཅད་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ།། དེ་ལ་གཟུང་བའི་མཚན་ཉིད་དུ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་འདི་ནི་མིག་གིས་གཟུང་བའོ།། འདི་ནི་རྣ་བ་དང་། ་སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་གཟུང་བའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་འདི་དག་དང་རྣམ་པར་ཤེས་པ་འདི་ནི་འདོད་པ་ན་སྤྱོད་པའི་ཡིད་ཀྱི་གཟུང་བའོ།། འདི་ནི་གཟུགས་ན་སྤྱོད་པའི་ཡིད་ཀྱི་གཟུང ་བའོ།། འདི་ནི་གཟུགས་མེད་པ་ན་སྤྱོད་པའི་ཡིད་ཀྱི་གཟུང་བའོ།། འདི་ནི་ལྡན་པ་མ་ཡིན་པའི་ཡིད་ཀྱི་གཟུང་བའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ།། དེ་ལ་འཛིན་པའི་མཚན་ཉིད་དུ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་འདི་ནི་སྒྲ་དང་དྲི་དང་རོ་དང ་རེག་བྱ་དང་ཆོས་འཛིན་པའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པ་དང་། ཚེར་བ་དང་འདུ་ཤེས་དང་འདུ་བྱེད་འདི་དག་དང་རྣམ་པར་ཤེས་པ་འདི་ནི་གཟུགས་འཛིན་པའོ།། འདི་ནི་སྒྲ་དང་དྲི་དང་རོ་དང་རོག་བྱ་དང་ཆོས་འཛིན་པའོ་ཞེས་བྱ་བར་ཡོངས་སུ ་རྟོག་པ་གང་ཡིན་པའོ།། དེ་ལ་མིག་གི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི་རྣམ་པ་གཉིས་ཏེ། བྱེ་བྲག་མེད་པ་དང་། བྱེ་བྲག་ཅན་ནོ།། དེ་ལ་བྱེ་བྲག་མེད་པ་ནི་ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱ་བའི་མིང་གང་ཡིན་པའོ།། དེ་ལ་བྱེ་བྲག་ཅན་ནི་འདི་ལྟ་སྟེ། ་གཟུགས་ཞེས་བྱ་བ་དང་། ཚེར་བ་ཞེས་བྱ་བ་དང་། འདུ་ཤེས་ཞེས་བྱ་བ་དང་། འདུ་བྱེད་རྣམས་ཞེས་བྱ་བ་དང་། ནོམ་པར་ཤེས་པ་ཞེས་བྱ་བ་དང་། དེ་ལྟ་བུ་དང་མཐུན་པ་མིང་རབ་ཏུ་དབྱེ་བའི་ཆོས་སོ་སོ་བ་དེ་དག་ལ་མིང་ཚད་མེད་པ་གྲངས་མེད་པར་ཡོངས ་སུ་རྟོག་པ་གང་ཡིན་པའོ།། དེ་ལ་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་འདི་ནི་འདོད་ཆགས་དོང་བཅས་པ་རང་ནི་སྡང་དང་བཅས་པ་དང་། གཽཏི་མུག་དང་བཅས་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང ་མ་བྲལ་བ་དང་། དད་པ་ལ་སོགས་པ་དགེ་བའི་ཆོས་རྣམས་དང་བྲལ་བའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་འདི་དག་དང་། རྣམ་པར་ཤེས་པ་འདི་ནི་འདོད་ཆགས་དང་བཅས་པ་དང་ཞེ་སྡང་དང ་བཅས་པ་དང་། གཏི་མུག་དང་བཅས་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་མ་བྲལ་བ་དང་། དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་དང་བྲལ་བའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ།། དེ་ལ་རྣམ་པར་བྱང་བའི་ངོ་བོ་ཉིད་དུ་ཡོངས ་སུ་རྟོག་པ་ནི་དེ་ལ་བཟློག་པ་ལས་རིག་པར་བྱའོ།། དེ་ལ་ཀུན་ནས་ཉོན་མོངས་པ་ཅན་ཡང་མ་ཡིན་རྣམ་པར་བྱང་བ་ཡང་མ་ཡིན་པའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་འདི་ནི་གཟུང་བའོ།། འདི་ནི་འཛིན་པའོ།། ཚོར་བ་དང་འདུ་ཤེས་དང ་འདུ་བྱེད་འདི་དག་དང་། རྣམ་པར་ཤེས་པ་འདི་ནི་གཟུང་བའོ།། འདི་ནི་འཛིན་པའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་དང་། གཞན་ཡང་ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་ལུང་དུ་མ་བསྟན་པའི་ཆོས་རྣམས་སོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ།། ། ་ཡང་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། མིང་ལ་བརྟེན་པའི་དོན་གྱི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་དང་། དོན་ལ་བརྟེན་པའི་མིང་གི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་དང་། མིང་ལ་བརྟེན་པའི་མིང་གི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་དང་། ་དོན་ལ་བརྟེན་པའི་དོན་གྱི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་དང་། དེ་གཉི་ག་ལ་བརྟེན་པའི་དེ་གཉི་གའི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པའོ།། དེ་ལ་མིང་ལ་བརྟེན་པའི་དོན་གྱི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་ཀྱི་དངོས་པོ་འདི་ནི་གཟུགས་ཀྱི་བདག་ཉིད ་ཀྱིས་ཡོངས་སུ་གྲུབ་པ་ཡིན་ནོ་ཞེས་ཡོངས་སུ་རྟོག་པ་གང་ཡིན་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ཀྱི་དངོས་པོ་འདི་དང་། རྣམ་པར་ཤེས་པའི་དངོས་པོ་འདི་ནི་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་ཡོངས་སུ་གྲུབ་པ་ཡིན་ནོ་ཞེས་བྱ་བར་ཡོངས ་ག་པ་གང་ཡིན་པའོ།། དེ་ལ་དོན་ལ་བརྟེན་པའི་མིང་གི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། དངོས་པོ་འདིའི་མིང་ནི་གཟུགས་ཞེས་བྱའི། དངོས་པོ་འདི་ནི་གཟུགས་མ་ཡིན་ནོ་ཞེས་ཡོངས་སུ་རྟོག་པ་གང་ཡིན་པ་དང་། དངོས་པོ་འདིའི་མིང་ནི་ཚོར་བ་དང ་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཞེས་བྱའི། དངོས་པོ་འདི་ནི་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ།། དེ་ལ་ཡིང་ལ་བརྟེན་པའི་མིང་གི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། དངོས་པོ་མ་རྟོགས ་པའི་མིང་གཟུགས་ཤེས་རྣམ་པར་རྟོག་པར་བྱེད་པའི་ཡོངས་སུ་རྟོག་པ་གང་ཡིན་པ་དང་། དངོས་པོ་མ་རྟོགས་པའི་མིང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཞེས་རྣམ་པར་རྟོག་པར་བྱེད་པའི་ཡོངས་སུ་རྟོག་པ་གང་ཡིན་པའོ།། དེ ་ལ་དོན་ལ་བརྟེན་པའི་དོན་གྱི་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། མིང་མ་གཏོགས་པའི་གཟུགས་ཀྱི་དངོས་པོ་ལ་མིང་དམིགས་ཀྱིས་མ་གསལ་བར་རྣམ་པར་རྟོག་པར་བྱེད་པའི་ཡོངས་སུ་རྟོག་པ་གང་ཡིན་པ་དང་། སྙིང་མ་གཏོགས་པའི་ཚོར་བ་དང་། ་འདུ་ཤེས་དང་འདུ་བྱེད་རྣམས་ཀྱིས་དངོས་པོ་དང་། མིང་མ་གཏོགས་པའི་རྣམ་པར་ཤེས་པའི་དངོས་པོ་ལ་མིང་དམིགས་ཀྱིས་མ་གསལ་བར་རྣམ་པར་རྟོག་པར་བྱེད་པའི་ཡོངས་སུ་རྟོག་པ་གང་ཡིན་པའོ།། དེ་ལ་དེ་གཉི་ག་ལ་བརྟེན་པའི་དེ་གཉི་གའི ་ངོ་བོ་ཉིད་ལ་ཡོངས་སུ་རྟོག་པ་ནི་འདི་ལྟ་སྟེ། གཟུགས་ཀྱི་བདག་ཉིད་ཀྱི་དངོས་པོ་འདིའི་མིང་ནི་གཟུགས་ཞེས་བྱའོ་ཞེས་ཡོངས་སུ་རྟོག་པ་གང་ཡིན་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་བདག ་ཉིད་ཀྱི་དངོས་པོ་འདིའི་མིང་ནི་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་ཡོངས་སུ་རྟོག་པ་གང་ཡིན་པའོ།། ཀུན་བཏགས་པའི་ངོ་བོ་ཉིད་དུ་འཛིན་པ་ནི་མདོར་བསྡུ་ན། རྣམ་པ་གཉིས་སུ་རིག་པར་བྱ་སྟེ། མངོན་པར་འདུ་བྱེད་པས་འཛིན་པ་དང་། མིང་གི་བརྡས ་འཛིན་པའོ།། དེ་ལ་མངོན་པར་འདུ་བྱེད་པས་འཛིན་པ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། རྗེས་སུ་ཆགས་པའི་མངོན་པར་འདུ་བྱེད་པ་དང་། ཁོང་ཁྲོ་བའི་མངོན་པར་འདུ་བྱེད་པ་དང་། ཕྲད་པོའི་མངོན་པར་འདུ་བྱེད་པ་དང་། འབྲལ་བའི་མངོན་པར་འདུ ་བྱེད་པ་དང་། བཏང་སྙོམས་སུ་འཇོག་པའི་མངོན་པར་འདུ་བྱེད་པའོ།། དེ་ལ་སྙིང་གི་བརྡའ་འཛིན་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཡི་གེ་མེད་པ་ལས་གྱུར་པ་དང་། ཡི་གེ་ལས་གྱུར་པའོ།། དེ་ལ་ཡི་གེ་མེད་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འདི་ཅི ་ཡིན། འདི་ཅི་ལྟ་བུ་ཡིན། འདི་ཡང་ཅི་ཡིན། འདི་ཡང་ཇི་ལྟ་བུ་ཡིན་ཞེས་བྱ་བ་འཛིན་པ་གང་ཡིན་པའོ།། དེ་ལ་ཡི་གེ་ལས་གྱུར་པ་ནི་འདི་ལྟ་སྟེ། འདི་ནི་འདི་དང་འདི་ལྟ་བུ་ཡིན་ཏེ། གཟུགས་ཞེས་བྱ་བ་འམ། རྣམ་པར་ཤེས་པའི་བར་ཞེས་བྱ་བ་འམ། འདུས ་བྱས་ཞེས་བྱ་བ་འམ། འདུས་མ་བྱས་ཞེས་བྱ་བ་འམ། རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བ་འམ། དགེ་ཞེས་བྱ་བ་འམ། མི་དགེ་ཞེས་བྱ་བ་འམ། ལུང་དུ་མ་བསྟན་པ་ཞེས་བྱ་བའམ། དེ་ལྟ་དེ་ལྟ་བུ་ལ་སོགས་པར་འཛིན་པ་གང་ཡིན་པའོ།། ཕྲ་བ ་ལ་མངོན་པར་ཞེན་པ་ཕྲ་བ་ནི་ལྔ་པོ་འདི་དག་ཡིན་པར་རིག་པར་བྱ་སྟེ། མི་རྟག་པ་ལ་རྟག་པར་མངོན་པར་ཞེན་པ་དང་། སྡུག་བསྔལ་བ་ལ་བདེ་བར་མངོན་པར་ཞེན་པ་དང་། མི་གཙང་བ་ལ་གཙང་བར་མངོན་པར་ཞེན་པ་དང་། བདག་མེད་པ་ལ་བདག་ཏུ ་མངོན་པར་ཞེན་པ་དང་། མཚན་མ་ལ་ཀུན་བཏགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པའོ།། །། བམ་པོ་སུམ་ཅུ་ལྔ་པ།། དེ་ལ་བྱིས་པ་རྣམས་ནི་བརྗོད་པར་བྱ་བའི་དངོས་པོ་ལ་རྒྱུ་ལྔས་མིང་ཇི་ལྟ་བ་དང་བརྗོད་པ་ཇི་ལྟ་བ་བཞིན་དུ་ངོ་བོ་ཉིད་དུ་མངོན ་པར་ཞེན་པར་རིག་པར་བྱ་སྟེ། འདི་ལྟར་འདིའི་དངོས་པོ་དེའི་ངོ་བོ་ཉིད་གང་ཡིན་ཞེས་དྲིས་ན། ངོ་བོ་ཉིད་གཟུགས་ཡིན་ནོ་ཞེས་ལན་འདེབས་པར་བྱེད་ཀྱི། མིང་གཟུགས་ཡིན་ནོ་ཞེས་ལན་འདེབས་པར་མི་བྱེད་པ་དང་། ངོ་བོ་ཉིད་ཚོར་བ་དང་འདུ་ཤེས ་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་ཀྱི། མིང་རྣམ་པར་ཤེས་པ་ཡིན་ནོ་ཞེས་ལན་འདེབས་པར་མི་བྱེད་པ་དང་། གཞན་ཡང་གཅིག་པུ་དབེན་པར་སོང་སྟེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང་། སྤྱིའི ་མཚན་ཉིད་ཡོངས་སུ་བརྟག་པ་ལ་ཞུགས་པ་ན། དངོས་པོ་འདིའི་མཚན་ཉིད་ནི་གཟུགས་ཡིན་གྱི། མིང་ནི་གཟུགས་མ་ཡིན་ནོ་ཞེས་ཡོངས་སུ་ཚོལ་བར་བྱེད་པ་དང་། དངོས་པོ་འདིའི་མཚན་ཉིད་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ ་ཤེས་པ་ཡིན་གྱི། མིང་ནི་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་ཡོངས་སུ་ཚོལ་བར་བྱེད་པ་དང་། གཞན་ཡང་གཟུགས་ཀྱི་དངོས་པོ་དེའི་མཚན་ཉིད་གཟུགས་ཡིན་པར་ཡོངས་སུ་ཚོལ་བར་བྱེད་པའི་ཚེ། མ་རྙེད་པ་ན་མི་དགའ་ལ། མིང་གཟུགས་ཡིན ་བར་ཡོངས་སུ་ཚོལ་བར་བྱེད་པ་ནི་ཚེ། མ་རྙེད་པ་ན་མི་དགའ་བ་མེད་པ་དང་། ཚེར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དངོས་པོ་དེའི་མཚན་ཉིད་རྣམ་པར་ཤེས་པ་ཡིན་པར་ཡོངས་སུ་ཚོལ་བར་བྱེད་པའི་ཚེ། ་མ་རྙེད་པ་ལ་མི་དགའ་ལ། མིང་རྣམ་པར་ཤེས་པར་ཡིན་པར་ཡོངས་སུ་ཚོལ་བར་བྱེད་པའི་ཚེ། མ་རྙེད་ན་ནི་མི་དགའ་བ་མེད་པ་དང་། གཞན་ཡང་ཚིག་ནི་མིང་ལ་འཇུག་ལ་མིང་ནི་དོན་ལ་འཇུག་སྟེ། དེ་ལ་མིང་གང་རང་གི་མཚན་ཉིད་ཀྱི་དོན་གསལ་བར ་བྱེད་པ་དེ་ནི་བྱེ་བྲག་མཚན་ཉིད་ཀྱི་དོན་གསལ་བར་བྱེད་པ་ཡང་མ་ཡིན། གཟུགས་ཀྱི་མཚན་ཉིད་ཀྱི་དོན་གསལ་བར་བྱེད་པ་ཡང་མ་ཡིན། འཛིན་པའི་མཚན་ཉིད་ཀྱི་དོན་གསལ་བར་བྱེད་པ་ཡང་མ་ཡིན་ལ། མིང་གང་འཛིན་པའི་མཚན་ཉིད་ཀྱི་དོན ་གསལ་བར་བྱེད་པ་དེ་ནི་རང་གི་མཚན་ཉིད་ཀྱི་དོན་གསལ་བར་བྱེད་པ་མ་ཡིན་ནོ།། གལ་ཏེ་མིང་གང་རང་གི་མཚན་ཉིད་ཀྱི་དོན་ལ་འཇུག་པར་འགྱུར་བ་དེ་འཛིན་པའི་མཚན་ཉིད་ཀྱི་བཱར་གྱི་དོན་ལ་ཡང་འཇུག་པར་འགྱུར་ནཱ་ནི་དེས་ན་དེ་ལས་གཞན ་པའི་མིང་རྣམས་ཀྱི་དོན་སོ་སོ་ཐ་དད་པའི་རྗེས་སུ་འཇུག་པར་འགྱུར་བ་མི་དམིགས་པས་མི་རུང་ངོ་།། དེ་ལྟར་སོ་སོའི་དོན་ཐ་དད་པ་ལ་འཇུག་པའི་མིང་དེ་དག་ལས་མིང་གང་རང་གི་མཚན་ཉིད་ཀྱི་དོན་ལ་འཇུག་པ་དང་མིང་གང་འཛིན་པའི་མཚན ་ཉིད་ཀྱི་དོན་ལ་ཡང་འཇུག་པར་འགྱུར་བ་དེ་དེ་ལྟར་ཡོད་པའི་དོན་ལ་འཇུག་པར་འགྱུར་རམ། འོན་ཏེ་མེད་པའི་དོན་ལ་འཇུག་པར་འགྱུར། རེ་ཞིག་ཡོད་པའི་དོན་ལ་འཇུག་པར་ནི་མི་རུང་སྟེ། ཇི་ལྟར་མི་རུང་བ་དེ་ལྟར་ནི་སྔར་དངོས་པོ་བརྟགས་པའི་སྐབ ་སུ་བསྟན་ཟིན་ཏོ།། གལ་ཏེ་དེ་ལྟར་ཡོད་པ་མ་ཡིན་པའི་དོན་ལ་འཇུག་པར་འགྱུར་ན་ནི་དེས་ན་མཚན་ཉིད་མེད་པའི་དོན་ལ་འཇུག་པར་འགྱུར་བ་དེ་ལྟ་བུར་འགྱུར་ཏེ། གང་མཚན་ཉིད་མེད་པའི་དོན་ལ་འཇུག་པར་འགྱུར་བ་དེའི་དོན་ནི་དེ་ལྟར་ཡོད་པ་མ་ཡིན་ལ། ་དེ་ལྟར་གསལ་བར་བྱེད་པ་དེ་ཡང་སྒྲོ་འདོགས་པར་བྱེད་པ་ཡིན་ནོ།། གང་སྒྲོ་འདོགས་ཤིང་འཛིན་པར་བྱེད་པ་དེ་ནི་མངོན་པར་ཞེན་པ་ཡིན་པས། དེའི་ཕྱིར་མིང་ཇི་ལྟ་བ་དང་བརྗོད་པ་ཇི་ལྟ་བ་བཞིན་དུ་དངོས་པོ་ལ་ངོ་བོ་ཉིད་དུ་མངོན་པར་ཞེན་པར་རབ་ཏུ ་གྲུབ་པ་ཡིན་པ་དང་། གཞན་ཡང་བྱིས་པ་ཐམས་ཅད་ནི་མཚན་མ་ལ་བརྗོད་པས་བཅིངས་པ་ཡིན་པའི་ཕྱིར་མིང་ཇི་ལྟ་བ་དང་བརྗོད་པ་ཇི་ལྟ་བ་བཞིན་ང་དངོས་པོ་ལ་ངོ་བོ་ཉིད་དུ་མངོན་པར་ཞེན་པ་ཡིན་པར་བལྟ་བར་བྱ་སྟེ། ཅིའི་ཕྱིར་མཚན་མ་ལ་བརྗོད ་པས་བཅིངས་པ་ཉིད་དུ་རིག་པར་བྱ་ཞེ་ན། སྨྲས་པ། རིགས་པ་དང་ལུང་གིས་རིག་པར་བྱ་སྟེ། རིགས་པ་གང་ཞེ་ན། སྨྲས་པ། བརྗོད་པ་མེད་ན་དངོས་པོ་ལ་མངོན་པར་དགའ་བ་མི་དམིགས་པ་དང་། བརྗོད་པ་དང་བཅས་པ་ན་དེ་ལ་མངོན་པར་དགའ་བ་མི ་དམིགས་པའི་ཕྱིར་ཏེ། དེ་ནི་རྒྱུ་གཅིག་ཡིན་ནོ།། གཞན་ཡང་གཅིག་གི་སྐྱེ་བའི་གནས་གཅིག་ཡིན་པའི་ཕྱིར་ཏེ། འདི་ལྟར་དངོས་པོ་ལ་བརྟེན་ནས་བརྗོད་པ་སྐྱེ་བ་ཡང་དམིགས་ལ། བརྗོད་པ་ལ་བརྟེན་ནས་ཀྱང་དངོས་པོ་སྐྱེ་བ་དམིགས་པའི་ཕྱིར་ཏེ། འདི་ལྟ ་སྟེ་དཔེར་ན་འཇིག་རྟེན་པ་དག་དངོས་ཡོད་ན། མིང་དང་བརྗོད་པས་རབ་ཏུ་རྟོག་པར་བྱེད་ཀྱི། དངོས་པོ་མེད་པོ་ལ་ནི་ཡོངས་སུ་རྟོག་པར་མི་ནུས་པས། དེ་ལྟར་ནི་དངོས་པོ་ལ་བརྟེན་ནས་མིང་དང་བརྗོད་པ་སྐྱེ་བར་དམིགས་པ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན་བས ་གཏན་པ་སོ་སོའི་བདག་ཉིད་ལ་བསམ་གཏན་བྱེད་པ་ན། ཇི་ལྟ་ཇི་ལྟར་ཡིད་ལ་བརྗོད་པའི་ཡིད་ལ་བྱེད་པ་དག་ཡིད་ལ་བྱེད་པ་དེ་ལྟ་དེ་ལྟར་སེམས་ཀྱི་རྒྱུད་དུ་གཏོགས་པའི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་དག་སྣང ་བར་འགྱུར་བའི་ཚུལ་གྱིས་འབྱུང་བར་འགྱུར་བས། དེ་ལྟར་ན་བརྗོད་པ་ལ་བརྟེན་ནས་དངོས་པོ་སྐྱེ་བ་ཡང་དམིགས་པ་ཡིན་ནོ།། གཞན་ཡང་བརྗོད་པའི་གཉེན་པོ་མཚན་མ་མེད་པའི་དབྱིངས་ལ་ཉེ་བར་གཏོད་པའི་མཚན་མ་ཐམས་ཅད་ནི་མི་སྣང ་བར་འགྱུར་ལ། ཉེ་བར་མི་གཏོད་པའི་སེམས་ནི་མི་འདོད་པ་བཞིན་དུ་མཚན་མ་རྣམས་ཀྱིས་ཁྲིད་པར་འགྱུར་བས། རྣམ་གྲངས་དེས་ཀྱང་མཚན་མ་བརྗོད་པས་བཅིངས་པ་ཉིད་ཡིན་པར་རིག་པར་བྱའོ།། ལུང་གང་ཞེ་ན། བཅོམ་ལྡན་འདས་ཀྱིས། བྱིས ་པ་རྨོངས་པའི་སེམས་ལྡན་པ།། མཚན་མ་དག་ལ་བརྗོད་པས་བཅིངས།། བརྗོད་པའི་འཆིང་ལས་རྣམ་གྲོལ་བ།། མཚན་མའི་དབང་ལྡན་ཐུབ་པ་ཡིན།། ཡང་དག་མཐོང་བའི་རྣལ་འབྱོར་པ།། ཡང་དག་ཤེས་ལ་རབ་ཏུ་གནས།། ངོ་བོ་ཉིད་ཀྱང་མི ་དམིགས་ཤིང་།། དེ་ཡི་གེནས་ཀྱང་མཐོང་མི་འགྱུར།། ཡང་དག་ཤེས་པ་རྣམ་དག་སྟེ།། དེས་ན་ཡང་དག་རིག་ཅེས་བྱ།། འཛིན་པ་གཉིས་དང་རྣམ་བྲལ་བ།། དེས་ན་གཉིས་སུ་མེད་ཅེས་བྱ།། ཅེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། འདི་ལྟ་སྟེ་དཔེར་ན་སོ ་སོའི་སྐྱེ་བོ་ཕུང་པོ་རྣམས་ལ་བདག་མེད་པ་ལ་མཁས་པ་ནི་ཕུང་པོ་ཙམ་ལ་བདག་ཏུ་ཉེ་བར་འདོགས་པ་ཙམ་ཉིད་དུ་ལྟ་ཡང་། དེའི་བག་ལ་ཉལ་མ་སྤངས་པའི་ཕྱིར། དེ་ལ་བདག་ཏུ་མངོན་པར་ཞེན་པ་མི་འབྱུང་བ་ཡང་མ་ཡིན་པ་བཞིན་དུ་འདིར ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། སྡོམ་ནི། བསྡུ་དང་ངོ་བོ་ཉིད་དང་ནི།། ཡོངས་སུ་ཤེས་དང་དགོངས་པ་དང་།། སྤྱོད་ཡུལ་རྟོག་དང་རྗེས་འཇུག་དང་།། རྣམ་པ་རྟེན་ནི་ཐ་མ་ཡིན།། ངོ་བོ་ཉིད་གསུམ་དང་རྒྱུ་མཚན་དང་མིང་དང་རྣམ་པར་རྟོགས་པ་ལ།། ་སོགས་པ་ཆེས་ལྔ་པོ་དག་ལས་ངོ་བོ་ཉིད་དང་པོ་ཆོས་ལྔ་པོ་དེ་དག་ལས་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། གང་གིས་ཀྱང་མ་བསྡུས་སོ།། ངོ་བོ་ཉིད་གཉིས་པ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། བཞིས་སོ།། ངོ་བོ་ཉིད་གསུམ་པ་དུ་དག་གིས ་བསྡུས་ཤེ་ན། སྨྲས་པ། གཅིག་གིས་སོ།། གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་ཡང་དག་པའི་ཤོས་པས་བསྡུས་པ་ཡང་ཡིན་ན། དེས་ན་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ལ་བརྟེན་ནས་ཤེ ་པར་འགྱུར་རོ་ཞེས་སྨྲས་པ་དེ་ཇི་ལྟ་བུ་ཞེ་ན། སྨྲས་པ། དེར་ནི་ཀུན་ནས་ཉོན་མོངས་པར་འགྱུར་བའི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བསམས་པ་ཡིན་གྱི། རྣམ་པར་བྱང་བར་འགྱུར་བ་ལས་ནི་མ་ཡིན་ཏེ། རྣམ་པར་བྱུང་བར་འགྱུར་བ་ནི་དེ ་ལ་མངོན་པར་མ་ཞེན་པ་ལ་བརྟེན་ནས་ཤེས་པར་འགྱུར་བ་ཡིན་པར་རིག་པར་བྱའོ།། ངོ་བོ་ཉིད་གསུམ་དབང་ཉིད་མེ་ཉིད་གདུས་མཚན་ཉིད་ང་པ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དེ་ལ།། མཚན་ཉིད་ངོ་བོ ་ཉིད་མེད་པ་ཉིད་ཀྱིས་ནི་ཀུན་བཏགས་པའི་ངོ་བོ་ཉིད་མེད་པ་ཡིན་ནོ།། དེ་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ནི་གཞོན་གྱི་དབང་གི་ངོ་བོ་ཉིད་ངོ་བོ་ཉིད་མེད་པ་ཡིན་ཏེ། རང་མི་སྐྱེ་བ་ཉིད་ཀྱི་ཕྱིར་དང་། རྣམ་པར ་དག་པའི་དམིགས་པ་ཉིད་མ་ཡིན་པའི་ཕྱིར་རོ།། དོན་དམ་པ་ངོ་བོ་ཉིད་མོད་པ་ཉིད་ཁོ་ནས་ནི་ཡོངས་སུ་གྲུབ་པའོ་ངོ་བོ་ཉིད་ངོ་བོ་ཉིད་མེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་དོན་དམ་པ་ཡིན་པ་དང་། ངོ་བོ་ཉིད ་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ།། ངོ་བོ་ཉིད་གསུམ་པོ་དེ་དག་ལས་དུ་ཞིག་ཡོངས་སུ་ཤེས་པར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། ཐམས་ཅད་དོ།། དུ་ཞིག་སྤང་བར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ།། ངོ་བོ་ཉིད་གསུམ ་པོ་དེ་དག་གིས་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ཀྱི་དོན་ཀྱང་དྲང་བར་བྱའོ།། ངོ་བོ་ཉིད་གསུམ་དེ་དག་གིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཚད་མེད་པ་བསྟན་པ་དང་ལྡན་པ་དག་དང་བྱང་ཆུབ་སེམས་དཔས་དགོངས ་ཏེ་བཤད་པ་དག་གི་དོན་ཀྱང་རྗེས་སུ་རྟོགས་པར་བྱའོ།། མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་ཇི་སྐད་གསུངས་པ་དེའི་རྣམ་པར་བཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། ངོ་བོ་ཉིད་གསུམ་གྱིས་ཏེ་ཀུན་བཏགས་པའི་ངོ་བོ་ཉིད་ལ་བརྟེན་ནས། ་ནི་གཟོད་མ་ནས་མི་སྐྱེ་བ་ལ་བཟོད་པ་རྣམ་པར་བཞུག་གོ།། གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་ནི་རང་མི་སྐྱེ་བ་ལ་བཟོད་པ་རྣམ་པར་བཞག་གོ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་བརྟེན་ནས་ནི་ཉོན་མོངས་པ་དང་སྡུག་བསྔལ་གྱི ་དྲི་མ་མི་སྐྱེ་བ་ལ་བཟོད་པ་རྣམ་པར་བཞག་སྟེ། དེ་ནི་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ།། རྣམ་པར་ཐར་པའི་སྒོ་གསུམ་པོ་དག་ནི་ངོ་བོ་ཉིད་གསུམ་ལ་བརྟེན་ནས་རྣམ་པར་བཞག་སྟེ། ཀུན་བཏགས་པའི་ངོ་བོ་ཉིད་ལ་བརྟེན་ན ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་རྣམ་པར་བཞག་གོ།། གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་རྣམ་པར་བཞག་གོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་པའི་སྒོ་མཚན ་མ་མེད་པ་རྣམ་པར་བཞག་གོ། ཀུན་བཏགས་པའི་ངོ་བོ་ཉིད་བྱིས་པའི་ཤེས་པ་འམ། འཕགས་པའི་ཡེ་ཤེས་སམ། ཤེས་པ་གང་གི་སྤྱོད་ཡུལ་ཡིན་ཞེ་ན། སྨྲས་པ། གང་གི་སྤྱོད་ཡུལ་ཡང་མ་ཡིན་ཏེ། མཚན་ཉིད་མེད་པ་ཉིད་ཡིན་པའི ་ཕྱིར་རོ།། གཞན་གྱི་དབང་གི་ངོ་བོ་ཉིད་ཤེས་པ་གང་གི་སྤྱོད་ཡུལ་ཡིན་ཞེ་ན། སྨྲས་པ། དེ་གཉི་གའི་ཡིན་མོད་ཀྱི། འཕགས་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་སྤྱོད་ཡུལ་ནི་མ་ཡིན་ནོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཤེས་པ ་གང་གི་སྤྱོད་ཡུལ་ཡིན་ཞེ་ན། སྨྲས་པ། འཕགས་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན་ནོ།། ཀུན་བཏགས་པའི་ངོ་བོ་ཉིད་རྟོགས་པའི་རྣལ་འབྱོར་པ་མཚན་མ་ལ་སྤྱོད་པར་བརྗོད་པར་བྱ་བ་འམ། མཚན་མ་མེད་པ་ལ་སྤྱོད་པར་བརྗོད་པར་བྱ ་ཞེ་ན། སྨྲས་པ། འཇིག་རྟེན་པའི་ཤེས་པས་རྟོགས་པ་ནི་མཚན་མ་ལ་སྤྱོད་པར་བརྗོད་པར་བྱའོ།། འཇིག་རྟེན་ལས་འདས་པའི་ཤེས་པས་རྟོགས་པ་ནི་མཚན་མ་མེད་པ་ལ་བརྗོད་པར་བྱའོ།། ཀུན་བཏགས་པའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ ་ཞན་གྱི་དབང་གི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། ཀུན་བཏགས་པའི་ངོ་བོ་ཉིད་ལ་ཡང་དག་པར་ཞུགས་པའི་རྣལ་འབྱོར་པ་ངོ་བོ་ཉིད་གང་གི་རྗེས་སུ་འཇུག་ཅེ་ན། སྨྲས་པ། ཡོངས་སུ་གྲུབ་པའི ་ངོ་བོ་ཉིད་ཀྱི་རྗེས་སུ་འཇུག་གོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་རྗེས་སུ་འཞུགས་པའི་རྣལ་འབྱོར་པ་ངོ་བོ་ཉིད་གང་རྣམ་པར་འཇིག་པར་བྱེད་ཅེ་ན། སྨྲས་པ། གཞན་གྱི་དབང་གི་ངོ་བོ་ཉིད་རྣམ་པར་འཇིག་པར་བྱེད་དོ།། ཀུན་བཏགས ་བའི་ངོ་བོ་ཉིད་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། ཇི་ཙམ་དུ་གཞན་གྱི་དབང་གི་ངོ་བོ་ཉིད་ལ་རྗེ་འི་ཉིད་དང་བྱེ་བྲག་དུ་འདོགས་པ་རྣམ་པར་འཇོག་པ་དེ་ཙམ་དུ་ཀུན་བཏགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཀུན་བཏགས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ ་བ་ནི་དཔག་ཏུ་མེད་པར་རིག་པར་བྱའོ།། གཞན་ཡང་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བཏགས་པའི་ངོ་བོ་ཉིད་དུ་མངོན་པ་བཞེན་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། སད་པ་དང་། དེ་ལ་གོམས་པའི་བག་ཆགས་བག་ལ་ཉལ་བའོ།། ། ་གཞན་གྱི་དབང་གི་ངོ་བོ་ཉིད་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། འདིའི་རྣམ་པ་རབ་ཏུ་དབྱེ་བ་ནི་རྒྱུ་མཚན་བཞིན་དུ་བལྟ་བར་བྱའོ།། གཞན་ཡང་གཞན་གྱི་དབང་གི་ངོ་བོ་ཉིད་རྣམ་པ་གཉིས་ཏེ། ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ ་ཀུན་ནས་བླང་བ་དང་། དེ་ལ་མངོན་པར་ཞེན་པ་མེད་པས་ཀུན་ནས་བླང་བའོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཐམས་ཅད་དུ་རོ་གཅིག་པ་ཡིན་པའི་ཕྱིར་དང་། དེ་ལ་རྣམ་པ་རབ་ཏུ ་དབྱེ་བ་རྣམ་པར་བཞག་པ་མེད་དོ།། ཀུན་བཏགས་པའི་ངོ་བོ་ཉིད་གང་ལ་བརྟེན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དངོས་པོ་གསུམ་ལས་ཏེ། རྒྱུ་མཚན་དང་མིང་དང་རྣམ་པར་རྟོག་པ་ལའོ།། གཞན་གྱི་དབང་གི་ངོ་བོ་ཉིད་གང་ལ་བརྟེན་པར་བརྗོད ་པར་བྱ་ཞེ་ན། སྨྲས་པ། ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་དེ་ཉིད་དང་། བདག་གི་རྒྱུ་མཐུན་པ་ལའོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ལ་བརྟེན་པར་བརྗོད་པར་བྱ་ཞེ་ན། མི་གནས་པ་དང་མི་རྟེན་པར་བརྗོད་པར་བྱའོ།། སྡོམ་ནི། མེད་དང ་ལས་དང་ཕྲ་སོགས་དང་།། ལུས་མེད་སྐྱེ་དང་མངོན་ཞེན་དང་།། ཡོངས་སུ་ཤེས་དང་ཀུན་ཉོན་མོངས།། སྡུག་བསྔལ་འདྲ་དང་རྟེན་པ་ཡིན།། གལ་ཏེ་ཀུན་བཏགས་པའི་ངོ་བོ་ཉིད་མེད་ན་ཉེས་པ་ཅིར་འགྱུར་ཞེ་ན། སྨྲས་པ། གཞན་གྱི་དབང་གི་ངོ་བོ་ཉིད་ལ ་ཐ་སྙད་མེད་པ་དང་། ཐ་སྙད་ལ་མངོན་པར་ཞེན་པ་མེད་པར་འགྱུར་ཏེ། དེ་མེད་ན་ཀུན་ནས་ཉོན་མོངས་པ་ཡང་མེད་ལ་རྣམ་པར་བྱང་བ་ཡང་མེད་པར་འགྱུར་རོ།། གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་མེད་ན་ཉེས་པ་ཅིར་འགྱུར་ཞེ་ན། སྨྲས་པ། ཐམས ་ཅད་ཀྱི་ཐམས་ཅད་དུ་བཙལ་མི་དགོས་པར་ཀུན་ནས་ཉོན་མོངས་པ་མེད་པ་ཁོ་ནར་འགྱུར་ཏེ། དེ་མེད་ན་རྣམ་པར་བྱང་བ་ཡང་མེད་པ་ཁོ་ནར་འགྱུར་རོ།། གལ་ཏེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མེད་ན་ཉེས་པ་ཅིར་འགྱུར་ཞེ་ན། སྨྲས་པ། ཐམས་ཅད་ཀྱི ་ཐམས་ཅད་དུ་རྣམ་པར་བྱང་བ་མེད་པར་འགྱུར་རོ།། ཀུན་བཏགས་པའི་ངོ་བོ་ཉིད་ལས་དུ་དག་བྱེད་ཅེ་ན། སྨྲས་པ། ལྔ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེད་པར་བྱེད་པ་དང་། དེ་ཉིད་ལ་ཐ་སྙད་འཇུག་པར་བྱེད་པ་དང་། གང་ཟག་ལ་མངོན་པར་ཞེན་པ ་སྐྱེད་པར་བྱེད་པ་དང་། ཆོས་ལ་མངོན་པར་ཞེན་པ་སྐྱེད་པར་བྱེད་པ་དང་། དེ་གཉི་ག་མངོན་པར་ཞེན་པའི་བག་ཆགས་གནས་ངན་ལེན་ཡོངས་སུ་འཛིན་པར་བྱེད་པའོ།། གཞན་གྱི་དབང་གི་ངོ་བོ་ཉིད་ལས་དུ་དག་བྱེད་ཅེ་ན། སྨྲས་པ། ལྔ་ཁོ་ན་སྟེ། ཀུན་ནས ་ཉོན་མོངས་པའི་བདག་ཉིད་དུ་སྐྱེ་བར་བྱེད་པ་དང་། ཀུན་བཏགས་པའི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་རྟེན་བྱེད་པ་དང་། གང་ཟག་ལ་མངོན་པར་ཞེན་པའི་རྟེན་བྱེད་པ་དང་། ཆོས་ལ་མངོན་པར་ཞེན་པའི་རྟོན་བྱེད་པ ་དང་། དེ་གཉི་གཱ་ལ་མངོན་པར་ཞེན་པའི་བག་ཚོགས་གནས་ངན་ལེན་གྱི་རྟེན་བྱེད་པའོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལས་དུ་དག་བྱེད་ཅེ་ན། སྨྲས་པ། ལྔ་སྟེ། དེ་གཉི་གའི་ལས་རྣམ་པ་ལྔ་པོ་དག་གི་གཉེན་པོ་སྐྱེ་བའི་དམིགས་པའི་དངོས ་པོ་ཡིན་པའི་ཕྱིར་རོ།། ཀུན་བཏགས་པའི་ངོ་བོ་ཉིད་ཕྲ་བར་བརྗོད་པར་བྱ་འམ། རགས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཕྲ་བར་བརྗོད་པར་བྱའོ།། ཕྲ་བ་ཇི་ལྟ་བ་བཞིན་དུ་མཐོང་བར་དཀའ་བ་དང་ཉེ་བར་མཚོན་དཀའ་བ་ཡང་དེ་བཞིན་ནོ།། ། ་གཞན་གྱི་དབང་གི་ངོ་བོ་ཉིད་ཕྲ་བར་བརྗོད་པར་བྱ་འམ། རགས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རིགས་པར་བརྗོད་པར་བྱ་སྟེ། འོན་ཀྱང་མཐོང་བར་དཀའ་བ་དང་། ཉེ་བར་མཚོན་དཀའ་བ་ཡིན་ནོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཕྲ་བར་བརྗོད ་པཔར་བྱ་འམ། རགས་པར་བརྗོད་པར་བྱ་ཞི་ན། སྤྲས་པ། མཆོག་ཏུ་ཕྲ་བར་བརྗོད་པར་བྱའོ།། མཆོག་ཏུ་ཕྲ་བྱ་ཇི་ལྟ་བ་བཞིན་དུ་མཆོག་ཏུ་མཐོང་བར་དཀའ་བ་དང་མཆོག་ཏུ་ཉེ་བར་མཚོན་དཀའ་བ་ཡང་དེ་བཞིན་ནོ།། ངོ་བོ་ཉིད་གསུམ་པོ་དེ་དག ་ལས་ངུ་ཞིག་ལུས་མེད་པ་ཡིན་ལ། ལུས་དང་བཅས་པ་འཇུག་པར་བྱེད་པ་ཡིན་ཞེ་ནོ།། སྨྲས་པ། གཅིག་གོ།། དུ་ཞིག་ལུས་དང་བཅས་པ་ཡིན་ལ་ལུས་དང་བཅས་པ་དང་ལུས་མེད་པ་འཇུག་པར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ། ་ཞིག་ལུས་དང་བཅས་པ་ཡིན་ལ། འཇུག་པར་བྱེད་པ་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ།། དུ་ཞིག་མ་སྐྱེས་པ་ཡིན་ལ། སྐྱེས་པ་སྐྱེས་པར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ།། དུ་ཞིག་སྐྱེས་པ་ཡིན་ལ། སྐྱེས་པ་དང་མ་སྐྱེད་པ་སྐྱེད ་པར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ།། རེ་ཞིག་སྐྱེས་པ་མ་ཡིན་ལ། སྐྱེས་པ་དང་མ་སྐྱེས་པ་དག་སྐྱེད་པར་མི་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ་ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་དང་། དེ་ལ་མངོན་པར་ཞེན་པ ་མེད་པའི་མཚན་ཉིད་ཇི་ལྟ་བུར་བལྟ་བར་བྱ་ཞེ་ན། སྨྲས་པ། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། དེ་སད་པ་ལ་མངོན་པར་ཞེན་པ་འམ། དེ་ལ་མངོན་པར་ཞེན་པ་མེད་པ་དང་། དེ་བྲག་ལ་ཉལ་བ་ལ་མངོན་པར་ཞེན་པ་འམ་དེ་ལ་མངོན་པར ་ཞེན་པ་མེད་པའོ།། དེ་ལ་ཐ་སྙད་ཀྱི་བརྡ་ལས་བྱུང་བའི་མིང་ལ་ཆོས་ཀྱི་ངོ་བོ་ཉིད་ཡོངས་སུ་རྟོག་པར་བྱེད་པ་ཡི་ནི་དེ་སད་པ་ཡིན་པར་རིག་པར་བྱའོ།། དེ་ལ་མིང་ཙམ་ལ་མཁས་པ་འདི་ནི་མིང་ཙམ་ཡིན་གྱི། འདི་ནི་ཆོས་ཀྱི་ངོ་བོ་ཉིད་མ་ཡིན་ནོ་སྙམ ་བ་ནི་དེ་ལ་མངོན་པར་ཞེན་པ་མེད་པ་ཡིན་པར་རིག་པར་བྱའོ།། བག་ཆགས་བག་ལ་ཉལ་བ་དེ་མ་སྤངས་པའི་ཕྱིར་ཇི་སྲིད་དུ་བག་ཆགས་གནས་ངན་ལེན་དེ་སྤོང་བར་མི་བྱེད་པ་དེ་སྲིད་དུ་ནི་དེ་བག་ལ་ཉལ་བ་ལ་མངོན་པར་ཞེན་པ་ཡིན་ནོ།། སྤངས ་པ་ནི་དེ་ལ་མངོན་པར་ཞེན་པ་མེད་པ་ཡིན་པར་རིག་པར་བྱའོ།། གཞན་གྱི་དབང་གི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་དང་། དེ་ལ་མངོན་པར་ཞེན་པ་མེད་པའི་མཚན་ཉིད་ཇི་ལྟ་བུར་བལྟ་བར་བྱ་ཞེ་ན། སྨྲས་པ། ཀུན་བཏགས་པའི་ངོ་བོ་ཉིད་སད་པས ་དེའི་རང་བཞིན་དང་དེའི་ངོ་བོ་ཉིད་ཡོངས་སུ་རྟོག་པར་བྱེད་པ་ནི་དྲང་པོའི་དེ་ལ་མངོན་པར་ཞེན་པ་ཡིན་ནོ།། མཚན་མ་ཙམ་སྟེ་དེའི་རང་བཞིན་དང་དེའི་ངོ་བོ་ཉིད་མ་ཡིན་པར་ཡོངས་སུ་རྟོག་པར་བྱེད་པའི་ནི་དེ་ལ་མངོན་པར་ཞེན་པ ་མེད་པ་ཡིན་ནོ།། མཚན་མའི་འཆིང་བ་མ་སྤངས་པ་མཚན་མ་ལ་དམིགས་པ་ནི་གཉིས་པའི་དེ་ལ་མངོན་པར་ཞེན་པ་ཡིན་ནོ།། མཚན་མའི་འཆིང་བ་སྤངས་པ་མཚན་མ་མེད་པའི་དབྱིངས་རབ་ཏུ་ཤེས་པ་མཚན་མར་མི་དམིགས་པ་དང་། ་དེའི་འོག་ཏུ་ཇི་ལྟ་བ་བཞིན་དུ་དམིགས་པ་ནི་དེ་ལ་མངོན་པར་ཞེན་པ་མེད་པ་ཡིན་པར་རིག་པར་བྱའོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་དང་། དེ་ལ་མངོན་པར་ཞེན་མེད་པའི་མཚན་ཉིད་ཇི་ལྟ་བུར་བལྟ་བར་བྱ་ཞེ་ན། སྨྲས ་པ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་མེད་པ་ཁོ་ན་ཡིན་ཏེ། དབྱིངས་དེ་ནི་མངོན་པར་ཞེན་པའི་གཞི་གནས་སུ་གྱུར་པ་མ་ཡིན་པའི་ཕྱིར་རོ།། དེ་མ་ཐོབ་པ་དང་མ་རེག་པ་དང་མངོན་དུ་མ་བྱས་པ་ལ་མངོན་དུ་བྱས་པར་མངོན ་བའི་ང་རྒྱལ་དང་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་ཀུན་བཏགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ཁོ་ན་ཡིན་པར་བལྟ་བར་བྱའོ།། ཀུན་བཏགས་པའི་ངོ་བོ་ཉིད་ཇི་ལྟར་ཡོངས་སུ་ཤེས་པར་བྱ། ་ན། སྨྲས་པ། ཀུན་བཏགས་པའི་ངོ་བོ་ཉིད་ནི་མིང་ཙམ་དུ་ཡོངས་སུ་ཤེས་པར་བྱ་སྟེ། ཀུན་བཏགས་པ་ཙམ་དང་མཚན་ཉིད་མེད་པ་དང་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་དང་མ་འགགས་པ་དང་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང་རྣམ ་ང་བ་མ་ཡིན་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་འདས་པ་མ་ཡིན་པ་དང་མ་འོངས་པ་མ་ཡིན་པ་དང་ད་ལྟར་བྱུང་བ་མ་ཡིན་པ་དང་། ལྡན་པ་མ་ཡིན་པ་དང་། མི་ལྡན་པ་མ་ཡིན་པ་དང ་མ་བཅིངས་པ་དང་མ་གྲོལ་བ་དང་། བདེ་བ་མ་ཡིན་པ་དང་སྡུག་བསྔལ་མ་ཡིན་པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མ་ཡིན་པ་དང་། ཐམས་ཅད་དུ་ན་མཁའ་ལྟར་རོ་གཅིག་པ་དང་། དེ་ལྟ་བུ་ལ་སོགས་པའི་རྣམ་པ ་དག་གིས་ཡོངས་སུ་ཤེས་པར་བྱའོ།། གཞན་གྱི་དབང་གི་ངོ་བོ་ཉིད་ཇི་ལྟར་ཡོངས་སུ་ཤེས་པར་བྱ་ཞེ་ན། སྨྲས་པ། བརྗོད་པར་བྱ་བ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་བསྡུས་པ་ལས་ཡོངས་སུ་ཤེས་པར་བྱ་སྟེ། བརྗོད་པར་བྱ་བའི ་དངོས་པོ་ཐམས་ཅད་གང་ཞེ་ན། འདི་ལྟ་སྟེ་ཕྱུང་པོའི་དངོས་པོ་དང་ཁམས་ཀྱི་དངོས་པོ་དང་སྐྱེ་མཆོད་ཀྱི་དངོས་པོ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་དང་། གནས་དང་གནས་མ་ཡིན་པའི་དངོས་པོ་དང་། དབང་པོའི་དངོས་པོ ་དང་། ལས་ཀྱི་དངོས་པོ་དང་། ཉོན་མོངས་པའི་དངོས་པོ་དང་། ཉེ་བའི་ཉོན་མོངས་པའི་དངོས་པོ་དང་། སྐྱེ་བའི་དངོས་པོ་དང་། ངན་འགྲོའི་དངོས་པོ་དང་། བདེ་འགྲོའི་དངོས་པོ་དང་། སྐྱེ་གནས་ཀྱི་དངོས་པོ་དང་། རིགས་ཀྱི་དངོས་པོ་དང་། ་སེམས་ཅན་དམྱལ་བའི་དངོས་པོ་དང་། དུད་འགྲོའི་དངོས་པོ་དང་། ཡི་དགས་ཀྱི་དངོས་པོ་དང་། གླིང་གི་དངོས་པོ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་དངོས་པོ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་དངོས་པོ་དང་། ཚངས་རིས་ཀྱི་དངོས་པོ་དང་། ་འོག་མིན་གྱི་བར་གྱི་དངོས་པོ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་པོ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་དངོས་པོ་དང་། དད་པས་རྗེས་སུ་འབྲང་བའི་དངོས་པོ་དང་། ཆོས་ཀྱི་རྗེས་སུ་འབྲང ་བའི་དངོས་པོ་དང་། ངེས་པར་འབྱེད་པའི་ཆ་མཐུན་པའི་དགེ་བའི་རྩ་བའི་དངོས་པོ་དང་། མཐོང་བའི་ལམ་གྱི་དངོས་པོ་དང་། བསྒོམ་པའི་ལམ་གྱི་དངོས་པོ་དང་། རྒྱུན་དུ་ཞུགས་པའི་འབྲས་བུའི་དངོས་པོ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་གྱི་དངོས་པོར ་རང་བྱང་ཆུབ་ཀྱི་དངོས་པོ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དངོས་པོ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་དངོས་པོ་དང་། ཕ་རོལ་ཏུ་ཕྱིན་པའི་དངོས་པོ་དང་། དྲན་པ་ཉེ་བར་བཞག་པའི་དངོས་པོ་དང་། ལམ་གྱི་ཡན་ལག་གི་བར་གྱི། ་དངོས་པོ་དང་། བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པའི་དངོས་པོ་དང་། འདུ་ཤེས་བསྒོམ་པའི་དངོས་པོ་དང་། རྗེས་སུ་དྲན་པ་བསྒོམ་པའི་དངོས་པོ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད ་དང་། ཟད་པར་གྱི་སྐྱེ་མཆེད་བསྒོམ་པའི་དངོས་པོ་དང་། སྟོབས་དང་མི་འཇིག་པ་དང་སྨོན་གནས་ཤེས་པ་དང་བསྲུང་བ་མེད་པ་དང་། དྲན་པ་ཉེ་བར་གཞག་པ་དང་ཐུགས་རྗེ་ཆེན་པོ་དང་བག་ཆགས་ཡང་དག་པར་བཅོམ་པ་དང་མཚན་དང་དཔེ ་བྱད་དང་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཀྱི་དངོས་པོ་སྟེ། དེ་དག་ཀྱང་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་དང་བྲག་ཅ་དང་མུ་ཟླ་དང་གཟུགས་བརྙན་དང་སྤྲུལ་པ་ལྟ་བུར་ཤེས་པར་བྱ ་དབུ་བ་རྡོས་པ་ལྟ་བུ་དང་། ཆུའི་ཆུ་བུར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། ཆུ་ཤིང་གི་སྡོང་པོ་ལྟ་བུ་དང་། སྨྱོན་པ་ལྟ་བུ་དང་། མྱོས་པ་ལྟ་བུ་དང་གཤེད་མ་ལྟ་བུ་དང་། གཅིག་སྡུད་པའི་དགྲ་བོ་ལྟ་བུ་དང་། གཞན་གྱི་བུ་ལྟ་བུ་དང་། སྦྲུལ་གྱི་ཕྱོག་མ་ལྟ་བུ་དང་། ་སྟོང་པ་དང་། སྨོན་པ་མེད་པ་དང་། དབེན་པ་དང་། གཟུང་བ་མེད་པ་དང་། གསོག་དང་། གསོབ་དང་། སྙིང་པོ་མེད་པ་དང་། དེ་ལྟ་བུ་ལ་སོགས་པའི་རྣམ་གྲངས་དག་གིས་ཡོངས་སུ་ཤེས་པར་བྱའོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཇི་ལྟར་ཡོངས་སུས ་པར་བྱ་ཞེ་ན། སྨྲས་པ། སྔར་བསྟན་པའི་རྣམ་གྲངས་འདི་ལྟ་སྟེ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཤེས་པར་བྱ་བ་ལ་སོགས་པ་དང་། གཞན་ཡང་འདི་ལྟ་སྟེ་གཟུགས་མེད་པ་དང་། བསྟན་དུ་མེད་པ་དང་། གནས་མེད་པ་དང་། ་གཞི་མེད་པ་དང་། སྣང་བ་མེད་པ་དང་། རྣམ་པར་རིག་པ་མེད་པ་དང་། རྟེན་མེད་པ་དང་། བརྗོད་དུ་མེད་པ་དང་། སྤྲོས་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། དེ་ལྟ་བུ་ལ་སོགས་པའི་རྣམ་གྲངས་དག་གིས་ཡོངས་སུ་ཤེས་པར་བྱའོ།། ངོ ་པོ་ཉིད་གསུམ་པོ་དེ་དག་ལས་དུ་ཞིག་བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ། གཞན་ཀུན་ནས་ཉོན་མོངས་པར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ།། དུ་ཞིག་བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་ཁོ་ན་ཡིན་ཞེ་ན། སྨྲས་པ། གཅིག་གོ།། ་དུ་ཞིག་བདག་ཉིད་རྣམ་པར་དག་པ་ཡིན་ལ་རྣམ་པར་བྱང་བའི་ཕྱིར་འཇུག་པ་ཡིན་ཞེ་ན། སྨྲས་པ། གཅིག་གོ།། ཀུན་ནས་ཉོན་མོངས་པ་ཅན་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བ་ཡང་དེ་བཞིན་དུ་རིག་པར་བྱའོ།། ཀུན་བཏགས་པའི་ངོ་བོ་ཉིད་ཇི་འདྲ་བ་ཡིན་ཞེ ་ན། སྨྲས་པ། ནམ་མཁའ་དང་འདྲའོ།། གཞན་གྱི་དབང་གི་ངོ་བོ་ཉིད་ཇི་འདྲ་བ་ཡིན་ཞེ་ན། སྨྲས་པ། གཤེད་མ་དང་ཕྱིར་རྒོལ་པ་དང་འདྲའོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཇི་འདྲ་བ་ཡིན་ཞེ་ན། སྨྲས་པ། མི་ཟད་པའི་གཏེར ་ཆེན་པོ་དང་འདྲའོ།། ཀུན་བཏགས་པའི་ངོ་བོ་ཉིད་ཇི་ལ་བརྟེན་ནས་ཡོངས་སུ་བཏག་པར་བྱ་བ་ཡིན་ཞེ་ན། གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་སོ།། གཞན་གྱི་དབང་གི་ངོ་བོ་ཉིད་ཇི་ལ་བརྟན་ནས་གཞན་གྱི་དབང་ཡིན་ཞེ་ན། སྨྲས་པ། ་རྒྱུ་དང་རྐྱེན་ལ་བརྟེན་ནས་སོ།། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཇི་ལ་བརྟེན་ནས་ཡོངས་སུ་གྲུབ་པ་ཡིན་ཞེ་ན། སྨྲས་པ། ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་དང་རྟག་པ་ཉིད་ལ་བརྟེན་ནས་སོ།། དེ་ཁོ ་ནིའི་དོན་འཛིན་པའི་ཤེས་རབ་ནི་རྣམ་པར་མི་རྟོག་པ་ཡིན་ནོ་ཞེས་གང་གསུངས་པ་དེ་ཇི་ལྟར་རྣམ་པར་མི་རྟོག་པ་ཡིན་པར་རིག་པར་བྱ། ཅི་ཡིད་ལ་མི་བྱེད་པ་ལས་སམ། ཡང་དག་པར་འདས་པ་ལས་སམ། དངོས་པོ་མེད་པ་ལས་སམ ་རང་བཞིན་ལས་སམ། དམིགས་པ་ལ་མངོན་པར་འདུ་བྱེད་པ་ལས་རྣམ་པར་མི་རྟོག་པ་ཡིན། གྲལ་ཏེ་ཡིད་ལ་མི་བྱེད་པ་ལས་ཡིན་ན་ནི་དེས་ན་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་ཅེས་བྱར་མི་རུང་སྟེ། གཉིད་ལོག་པ་དང་མྱོས་པ་དང ་རབ་ཏུ་མྱོས་པ་ལ་ཡང་དེ་ཐལ་བར་འགྱུར་རོ།། གལ་ཏེ་ཡང་དག་པར་འདས་པ་ལས་ཡིན་ན་དེས་ན་ཁམས་གསུམ་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་རྣམ་པར་རྟོག་པ་ཡིན་ནོ་ཞེས་གང་གསུངས་པའི་གཞུང་དང་ཇི ་ལྟར་འགལ་བར་མི་འགྱུར། གལ་ཏེ་དངོས་པོ་མེད་པ་ལས་ཡིན་ན་ནི་དེས་ན་ཤེས་རབ་སེམས་ལས་བྱུང་བའི་ཆོས་སུ་མི་འགྱུར་རོ།། གལ་ཏེ་རང་བཞིན་ལས་ཡིན་ན་ནི་དེས་ན་ཤེས་རབ་ངོ་བོ་མེད་པར་འགྱུར་ཏེ། ཡང་དག་པར་རྟོག་པ་མེད།། ་པའི་མཚན་ཉིད་དུ་ཇི་ལྟར་མི་འགྱུར། གལ་ཏེ་དམིགས་པ་མངོན་པར་འདུ་བྱེད་པ་ལ་ཡིན་ན་ནི་དེས་ན་རྣམ་པར་མི་རྟོག་པའི་ཤེས་རབ་མངོན་པར་འདུ་བྱེད་པ་མེད་པ་ཉིད་ལ་ཇི་ལྟར་སྐུར་པ་བཏབ་པར་མི་འགྱུར། དེ་ལྟར་རྣམ་པ་དེ་དག་མི ་རིགས་པ་ཡིན་ན། ཇི་ལྟར་ཤེས་རབ་དེ་རྣམ་པར་མི་རྟོག་པ་ཡིན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། དེ་ནི་དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་ཏེ། དེའི་དམིགས་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང་མི་མཐུན་པའི་ཆོས་དེ ་བཞིན་ཉིད་ལ། དེ་ཡང་རྣམ་པར་མི་རྟོག་པ་ཡིན་ནོ།། དེ་ནི་མངོན་པར་འདུ་བྱེད་པ་མེད་ཀྱང་སྔོན་གྱི་ཤུགས་ཀྱིས་གང་གི་ཚེ་དེ་བཞིན་ཉིད་ཏིང་ངེ་འཛིན་དང་ལྡན་པའི་ཤེས་རབ་སྐྱེ་བར་འགྱུར་བའི་ཚེ། དམིགས་པའི་མཚན་མ་དེས་མངོན་སུམ ་དུ་འཛིན་པར་བྱེད་དེ་དེ་ནི་རྣམ་པར་མི་རྟོག་པ་ཞེས་བྱའོ།། དེ་ཁོ་ནའི་དོན་གྱི་ལེའུའི་རྣམ་པར་གཏན་ལ་དབབ་པ་རྫོགས་སོ།། །། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་ནི་རྒྱུ་ལྔས་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་དང་། འཇིག་རྟེན་ན་དཔེ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་དང་། མཐུ་དེ་སེམས་ཤིན་ཏུ་སྦྱང་བ་བྱས་པ་ཁོ་ན་དང་འབྲེལ་པ་ཉིད་ཀྱི་ཕྱིར་དང་། མཉམ་པར་མ་བཞག་པའི་ས་པའི་སེམས ་དང་གཅིག་ཏུ་ཆ་མི་མཐུན་པ་ཉིད་ཡིན་པའི་ཕྱིར་དང་། དེ་མཉམ་པར་བཞག་པའི་ས་པའི་སེམས་དང་འབྲེལ་པ་ཉིད་ཡིན་པའི་ཕྱིར་རོ།། ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་སྤྱོད་པ་བཅུ་པོ་འདི་དག་ནི་སེམས ་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ལ་སོགས་པའི་ཆོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་ངག་ཡི་གེར་འདྲིར་བཅུག་ཏེ་འཛིན་པ་དང་། དེ་བཞིན། ་དུ་མཆོད་པ་དང་། གཞན་དག་ལ་སྦྱིན་པ་དང་། སྟོན་པ་ན་གུས་པར་བྱས་ཏེ་ཉན་པ་དང་། བདག་ཉིད་ཀློག་པ་དང་། དེ་བཞིན་དུ་ཀུན་ཆུབ་པར་ལུང་ནོད་པ་དང་ལུང་ཕོག་པ་རྣམས་རྒྱ་ཆེར་དབྱངས་ཀྱིས་ཁ་ཏོན་བྱེད་པ་དང་། གཞན་ངག་ལེ་རྒྱ ་ཆེར་ཡང་དག་པར་སྟོན་པ་དང་། གཅིག་པུ་དབེན་པར་སོང་སྟེ་སེམས་པ་དང་འཇལ་བ་དང་ཉེ་བར་རྟོག་པར་བྱེད་པ་དང་། བསྒོམ་པའི་རྣམ་པར་རྗེས་སུ་འཇུག་པར་བྱེད་པའོ།། ཆོས་སྤྱོད་པ་བཅུ་པོ་དེ་དག་ལས་དུ་ཞིག་བསོད་ནམས་རྒྱ་ཆེན ་པོ་སྐྱེ་བའི་ལམ་ཡིན་ཞེ་ན། སྨྲས་པ། ཐམས་ཅད་དོ།། དུ་ཞིག་སྦྱོར་བའི་ལམ་ཡིན་ཞེ་ན། སྨྲས་པ། གཅིག་སྟེ་དགུ་པའོ།། དུ་ཞིག་སྒྲིབ་པ་རྣམ་པར་དག་པའི་ལམ་ཡིན་ཞེ་ན། སྨྲས་པ། གཅིག་སྟེ་བཅུ་པའོ།། དེ་ལྟ་བུ་དང་མཐུན་པའི་རྣམ་པར ་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། ཐོས་པ་ལས་བྱུང་བའི་སར་ཐེག་པ་ཆེན་པོ་བསྡུས་པའི་སྐབས་སུ་བྱང་ཆུབ་ནི་རྣམ་པ་ལྔ་པོ་ངོ་བོ་ཉིད་དང་། མཐུ་དང་། ཐབས་དང་། འཇུག་པ་དང་། ལྡོག་པ་ལས་རིག་པར་བྱའོ་ཞེས། ་ཇི་སྐད་བསྟན་པ་དེའི་རབ་ཏུ་དབྱེ་བ་གང་ཡིན། བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་དུ་འཕགས་པའི་གནས་གྱུར་པ་གང་ཡིན་པའོ།། དེ་ཡང་རྣམ་པ་བཞིས་རིག་པར་བྱ་སྟེ། འཇུག་པའི ་གནས་དང་། མི་འཇུག་པའི་གནས་དང་། ཤེས་བྱ་ལེགས་པར་ཡོསུ་བརྟགས་པའི་འབྲས་བུ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཀྱིས་སོ།། དེ་ལ་འཇུག་པའི་གནས་ནི་སངས་རྒྱས་ཀྱི་རྒྱུད་ལ་མངའ་བོ་འཇིག་རྟེན་ལས ་འདས་པའི་ལམ་གྱི་འཇུག་པའི་གནས་ཡིན་པའི་ཕྱིར་ཏེ། དེ་དེ་ལྟ་མ་ཡིན་དུ་ཟིན་ཏེ་གནས་གྱུར་པ་དེ་ལ་མ་བརྟེན་པར་ལམ་སྐྱེ་བར་མི་འགྱུར་ཞིང་འཇུག་པར་མི་འགྱུར་རོ།། གལ་ཏེ་གནས་གྱུར་པ་མེད་ཀྱང་འཇུག་པར་འགྱུར་ན་ནི ་དང་པོ་ཉིད་ནས་འཇུག་པར་འགྱུར་རོ།། དེ་ལ་མི་འཇུག་པའི་གནས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་མི་འཇུག་པའི་གནས་ཡིན་པའི་ཕྱིར་ཏེ། དེ་དེ་ལྟ་མ་ཡིན་དུ་ཟིན་ན་གནས་གྱུར་པ་དེ་ལ་མ་བརྟེན་པར་རྐྱེན་ཚོགས ་ཀྱང་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་མི་འཇུག་པ་མི་དམིགས་པར་མི་འགྱུར་རོ།། དེ་ལ་ཤེས་བྱ་ལེགས་པར་ཡོངས་སུ་བརྟག་པའི་འབྲས་བུ་ནི་ཤེས་བྱའི་དེ་ཁོ་ན་ཤེས་བྱའི་དེ་བཞིན་ཉིད་ལེགས་པར་རྟོག་པའི ་འབྲས་བུ་ནི་གནས་གྱུར་པ་དེ་ཡིན་པའི་ཕྱིར་ཏེ། དེ་དེ་ལྟ་མ་ཡིན་དུ་ཟིན་ན་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་ངོ་བོ་ཉིད་ཡང་ཡོངས་སུ་ཤེས་པར་བྱ་བ་དང་དགག་པར་བྱ་དགོས་པར་འགྱུར་རོ།། དེ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི ་མཚན་ཉིད་ནི་མཚན་མ་ཐམས་ཅད་ཟིལ་གྱིས་མནན་པའི་ཕྱིར་གནས་གྱུར་པ་དེ་ནི་ཆོས་ཀྱི་དབྱིས་ཤིན་ཏུ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཡིན་ནོ།། དེ་དེ་ལྟ་བུ་མ་ཡིན་དུ་ཟིན་ན་མི་རྟག་པ་དང་བསམ་དུ་རུང་བར་འགྱུར ་བ་ཞིག་ན། དེ་ནི་རྟག་པའི་མཚན་ཉིད་དང་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ཀྱིས་གཉིས་སུ་མེད་པར་བསྟན་པོ་ཡིན་ནོ།། བསམ་གྱིས་མི་ཁྱབ་པ་དེ་ཡང་རྣམ་པ་ལྔས་རིག་པར་བྱ་སྟེ། ངོ་བོ་ཉིད་དང་ཡུལ་དང་གནས་པ་དང་གཅིག་པ ་ཉིད་དང་ཐ་དད་པ་ཉིད་དང་། བྱ་བ་བསྒྲུབ་པས་སོ།། དེ་ལ་ཇི་ལྟར་ངོ་བོ་ཉིད་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། གཟུགས་སམ། གཟུགས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། ཚོར་བ་དང་འདུ་ཤེས་དང ་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་འམ། རྣམ་པར་ཤེས་པ་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། སའི་ཁམས་སམ། སའི་ཁམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། ་ཆུའི་ཁམས་དང་། མེའི་ཁམས་དང་རླུང་གི་ཁམས་སམ། རླུང་གི་ཁམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། མིག་གི་སྐྱེ་མཆེད་དམ། མིག་གི་སྐྱེ་མཆེད་ལས་གཞན་ཞེས་བྱ་བ་དེ་ལྟ་བུར་བསམ་གྱིས་མི ་ཁྱབ་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་མཆེད་དམ། ཡིད་ཀྱི་སྐྱེ་མཆེད་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། དངོས་པོ་འམ། དངོས་པོ་མེད་པ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ ་པ་ཡིན་ནོ།། དེ་ལ་ཇི་ལྟར་ཡུལ་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། འདོད་པའི་ཁམས་སམ། འདོད་པའི་ཁམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། གཟུགས་ཀྱི་ཁམས་སམ། གཟུགས་ཀྱི་ཁམས ་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། གཟུགས་མེད་པའི་ཁམས་སམ། གཟུགས་མེད་པའི་ཁམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། མི་རྣམས་སམ། མི་རྣམས་ལས་གཞན ་ནམ། ལྷ་རྣམས་སམ། ལྷ་རྣམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། ཤར་ཕྱོགས་སམ། ཤར་ཕྱོགས་ལས་གཞན་ནམ། ལྕེ་དང་ནུབ་དང་བྱང་དང་འོག་དང་སྟེང་དང་ཕྱོགས་མཚམས་རྣམས་སམ། ཕྱོགས ་མཚམས་ལས་གཞན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ།། དེ་ལ་ཇི་ལྟར་གནས་པ་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། བདེ་བར་གནས་པ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི ་ཁྱབ་པ་དང་། ཞི་བར་གནས་པོ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། སེམས་དང་བཅས་པའི་གནས་པ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་ཁྱབ་པ་དང་། སེམས ་མེད་པའི་གནས་པ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། ལྷ་དང་ཚངས་པའི་གནས་པ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། འཕགས་པའི ་གནས་པ་འདི་དང་འདི་ལྟ་བུས་གནས་སོ་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ།། དེ་ལ་ཇི་ལྟར་གཙུག་པ་ཉིད་དང་ཐ་དད་པ་ཉིད་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། འདི་ལྟ་སྟེ་ཟག་པ་མེད་པའི་དབྱིངས་གཅིག། ་ལ་གནས་པའི་སངས་རྒྱས་རྣམས་ཅི་གཅིག་པ་ཉིད་ཡིན་ནམ། ཐ་དད་པ་ཉིད་ཡིན་ཞེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ།། དེ་ལ་ཇི་ལྟར་བྱ་བ་བསྒྲུབ་པ་ལས་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཁམས ་མཉམ་པ་དང་། ཡེ་ཤེས་དང་། མགྱོགས་པ་དང་། སྟོབས་དང་། ཕ་རོལ་གནོན་པ་མཉམ་པ་ཟག་པ་མེད་པའི་དབྱིངས་ལ་གནས་པ་རྣམས་གནས་གྱུར་པ་དེ་ཉིད་ལ་བརྟེན་ནས། འདི་ལྟར་སེམས་ཅན་གྱི་དོན་དང་སེམས་ཅན་གྱི་བྱ་བ་མཛད། ་དོ་ཅེས་བྱ་བ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ཡིན་ནོ།། དེ་ཡང་རྒྱུ་གཉིས་བསམ་གྱིས་མི་ཁྱབ་པ་ཉིད་དུ་བལྟ་བར་བྱ་བ་སྟེ། བརྗོད་དུ་མེད་པའི་དོན་གྱིས་ཚིག་གི་སྤྱོད་ཡུལ་ལས་འདས་པས་དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་དང་། འཇིག་རྟེན ་ལས་འདས་པ་ཉིད་ཀྱིས་འཇིག་རྟེན་ན་དེའི་དཔེ་མེད་པས་དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡིན་ནོ།། མཐུ་གང་ཞེ་ན། མདོར་བསྡུ་ན་དབང་བཅུ་ལ་མཐུ་ཞེས་བྱ་སྟེ། ཚེ་ལ་དབང་བ་ལ་སོགས་པ་འདི་ལྟ་སྟེ། སའི་དངོས་གཞིར་བསྟན་པ་ཡིན་ནོ།། ་ཐབས་གང་ཞེ་ན། མདོར་བསྡུ་ན་སྤྲུལ་པ་རྣམ་པ་བཞི་ནི་ཐབས་ཞེས་བྱ་སྟེ། སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྲུལ་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་རྣམས་རྣམ ་པར་གྲོལ་བར་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་ཅིག་ཅར་དུ་དེ་བཞིན་གཤེགས་པའི་སྐུ་སྤྲུལ་པའི་ཐབས་ཡོངས་སུ་འཛིན་པ་དང་། ཉན་ཐོས་ཀྱིས་འདུལ་བ ་རྣམས་ལ་དེ་སྤྲུལ་པ་དང་། རང་སངས་རྒྱས་ཀྱིས་འདུལ་བ་རྣམས་ལ་དེ་སྤྲུལ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱོགས་བཅུར་སྤྲུལ་པ་རྣམ་པ་བཞི་པ་དེ་དག་ལ་ཐོགས་པ་མེད་པའི་མཐུ་དང་ལྡན་པ་ཡིན་པར་བལྟ་བར ་བྱའོ།། དེ་ལ་འཇུག་པ་གང་ཞེ་ན། དེ་ཡང་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། དེའི་མོད་ལ་འཇུག་པ་དང་། དེ་གཏན་དུ་འཇུག་པའོ།། དེ་ལ་དེའི་མོང་ལ་འཇུག་པ་ནི་ཇི་སྲིད་དུ་སེམས་ཅན་རྣམས་ཡོངས་སུ་མ་སྨིན་ཞིང་རྣམ་པར་མ་གྲོལ་བ ་དེ་སྲིད་དུ་སངས་རྒྱས་རྣམས་ཀྱི་སྤྲུལ་པ་འཇུག་པའོ།། དེ་ལ་དེ་གཏན་དུ་འཇུག་པ་ནི་ཇི་ལྟར་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་མི་ཟད་ཅིང་བསམ་གྱིས་མི་ཁྱབ་པ་འཇིག་རྟེན་ཇི་སྲིད་ཡོད་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་བྱ་བ་བསྒྲུབ ་པ་ལ་རྗེས་སུ་འཇུག་པའི་ཕྱིར་འཇུག་པར་མཛད་པའོ།། དེ་ལ་ལྡོག་པ་གང་ཞེ་ན། དེའང་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། དེའི་མོད་ལ་ལྡོག་པ་དང་། དེ་གཏན་ལྡོག་པའོ།། དེ་ལ་དེའི་མོད་ལ་ལྡོག་པ་ནི་སེམས་ཅན་རྣམས ་ཡོངས་སུ་སྨིན་ཅིང་རྣམ་པར་གྲོལ་བར་གྱུར་པ་ནི་དེའི་མོད་ལ་སངས་རྒྱས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བས་བཟློག་པར་མཛད་དོ།། དེ་ལ་དེ་གཏན་ལྡོག་པ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་དང་སྡུག ་བསྔལ་གནས་དང་བཅས་པ་གཏན་ཟད་པ་ལས་རིག་པར་བྱའོ།། ཇི་ལྟར་ན་བསྟོད་པ་བྱེད་པ་དེ་བཞིན་གཤེགས་པ་ལ་ཕན་འདོགས་པ་ཡིན་ཞེ་ན། ཇི་ལྟར་བསྟོད་ན་བདག་ཉིད་ལ་ཕན་པར་སྤྱོད་པས་ཡིན་གྱི། བསྟོད་པ་དག ་གིས་ནི་མ་ཡིན་ནོ།། གཞན་དུ་ན་དེ་བཞིན་གཤེགས་པ་ནི་བསྟོད་པ་དག་གིས་གཡོ་བར་མི་མཛད་དེ། འདི་ལྟར་དེ་བཞིན་གཤེགས་པ་ནི་དགེ་བ་མི་སྤྱོམས་པ་དང་མཆོག་ཏུ་འདོད་ཆེན་ཆུང་བའི་ཕྱིར་རོ།། དེ་བཞིན་གཤེགས་པ་ལ་བསྟོད་པ ་མངོན་པར་བརྗོད་པ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ནི་གཉིས་པོ་འདི་དག་ཡིན་ཏེ། བསྟོད་པ་བྱེད་པ། བདག་ཉིད་ཁོ་ན་འབའ་ཞིག་ལ་ཕན་པར་ཀུན་ཏུ་སྤྱོད་པ་ན་བསོད་ནམས་དཔག་ཏུ་མེད་པ་སྐྱེ་བར་འགྱུར་པ་གང་ཡིན་པ་དང་། དེ་བཞིན ་གཤེགས་པ་བཞེད་པ་ཐམས་ཅད་དང་བྲལ་བ་ལ་ཕན་གདགས་པར་འགྱུར་བ་གང་ཡིན་པར་འགྱུར་བ་སྟེ། ཇི་ལྟ་ཇི་ལྟར་དེ་བཞིན་གཤེགས་པ་ལ་བསྟོད་པ་བྱེད་པ་དེ་ལྟ་དེ་ལྟར་བདག་ཉིད་ལ་ཕོན་པ་བསྒྲུབ་པར་བྱེད་པ་ཡིན་ལ། ཇི་ལྟ ་ལྟར་བདག་ཉིད་ལ་ཕན་པ་བསྒྲུབ་པ་དེ་ལྟ་དེ་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པས་ཕན་འདོགས་པར་བྱེད་པ་ཡིན་པས། དེའི་ཕྱིར་དངོས་པོ་གཉིས་དང་ལྡན་པའི་བསོད་ནམས་ཤིན་ཏུ་རྒྱ་ཆེ་ཞིང་མི་ཟད་པ་སྐྱོ་བར་འགྱུར་ཏེ། དྲི ་བཞིན་གཤེགས་པ་བཞེད་པའི་དངོས་པོ་དང་ལྡན་པ་དང་། མི་བཞེད་པའི་དངོས་པོ་དང་ལྡན་པའོ།། དེ་བཞིན་གཤེགས་པའི་ཡོན་ཏན་ནི་རྣམ་པ་དྲུག་གིས་བསྡུས་པར་རིག་པར་བྱ་སྟེ། མཐའ་དག་དང་། དྲི་མ་མེད་པ་དག་དང་། མི ་གཡོ་བ་དང་། མི་མཉམ་པ་དང་། སེམས་ཅན་གྱི་དོན་གྱི་ལས་ཅན་དང་། མཐུས་སོ།། དེ་ལ་ཇི་ལྟར་མཐའ་དག་གིས་ཤེ་ན། འདི་ལ་དེ་བཞིན་གཤེགས་པ་ནི་ཁམས་གསུམ་ན་སྤྱོད་པ་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡོན་ཏན་དེ་དག་ཀྱང་ངག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཡིན་པས། གང་གི་ཕྱིར་དེ་བཞིན་གཤེགས་པ་བསྟོད་པ་ཐམས་ཅད་ལས་ཡང་དག་པར་འདས་པ་དེའི་ཕྱིར་བསྟོད་པར་འོས་པ་ཁོ ་ན་ཡིན་ནོ།། ཇི་ལྟར་དྲི་མ་མེད་པ་ཡིན་ཞེ་ན། ཡོན་ཏན་གྱི་དྲི་མཱ་ནི་བདུན་པོ་འདི་དག་ཡིན་ཏེ། འདོད་པ་དང་། ལྟ་བ་དང་། ཡིད་གཉིས་དང་། ང་རྒྱལ་དང་། རྒྱགས་པ་དང་། བག་ལ་ཉལ་དང་། སེར་སྣའོ།། དེ་བཞིན་གཤེགས་པ་ལ་ནི་དེ་དྲུག་རྣམ ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་ནི་བདག་ལ་གཞན་དག་གིས་འདི་ནི་ཡོན་ཏན་དང་ལྡན་པ་ཡིན་ནོ།། ཞེས་ཤེས་པར་གྱུར་ན་ཅི་མ་རུང་སྙམ་དུ་ཡོན་ཏན་དག་གིས་གཞན་ལས་ཤེས་ཀྱི་ཁེ་ཚོལ ་བར་མི་མཛད་པ་དང་། ཡོན་ཏན་དེ་དག་ལ་བལྟ་བས་མངོན་པར་ཞེན་པར་མི་མཛད་པ་དང་། ཡོན་ཏན་དེ་དག་ལ་འདི་དག་ཡོན་ཏན་ཡིན་ནམ་སྐྱོན་ཡིན་སྙམ་དུ་ཡིད་གཉིས་མི་མངའ་བ་དང་ཡོན་ཏན་དེ་དག་གིས་བདག་ཉིད་གཞན་དག་དང་བསྐྲུན ་ཅིང་ཡོངས་སུ་འཇལ་བར་མི་མཛད་པ་དང་། བདག་ཉིད་ཀྱི་ཡོན་ཏན་གཟིགས་པ་ན་རྒྱགས་པ་དང་རྒོད་པ་དང་དགའ་བ་སྐྱེ་བ་དང་ཡིད་བདེ་བ་སྐྱེ་བར་མི་འགྱུར་བ་དང་། ཡོན་ཏན་དེ་དག་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས ་ཅད་ཡང་དག་པར་བཅོམ་པའི་ཉོན་མོངས་པའི་བག་ལ་ཉལ་དང་མི་ལྡན་པ་དང་། ཡོན་ཏན་དེ་དག་ལ་གཞན་གྱིས་རྟོགས་པར་གྱུར་ན་མི་རུང་ངོ་སྙམ་དུ་སེམས་ཤིན་ཏུ་འཛིན་པའི་སེམས་མི་མངའ་བའི་ཕྱིར་རོ།། ཇི་ལྟར་མི་གཡོ ་བས་ཤེ་ན། དེ་བཞིན་གཤེགས་པའི་ཡོན་ཏན་མི་ཟད་པ་རྣམས་ནི་མུ་སྟེགས་ཅན་རྣམས་ཀྱིས་མི་བསྐྱོད་པའི་ཕྱིར་དང་། བདུད་རྣམས་ཀྱིས་མི་བསྐྱོད་པའི་ཕྱིར་དང་། ཆོམ་རྐུན་པ་དག་གིས་མི་འཕྲོགས་པའི་ཕྱིར་དང་། ཉེ་དུ་རྣམས་ཀྱིས ་མི་བསྐྱོད་པའི་ཕྱིར་དང་། རྒྱལ་པོ་རྣམས་ཀྱིས་མི་བསྐྱོད་པའི་ཕྱིར་དང་། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་གིས་མི་བསྐྱོད་པའི་ཕྱིར་དང་། ཚེ་ཟོད་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བའི་ཕྱིར་དེ་བཞིན་གཤེགས་པའི་ཡོན ་ཏན་དེ་དག་མི་ཟད་པ་སྟེ། དེས་ན་དེ་དག་མི་གཡོ་བའོ།། ཇི་ལྟར་མི་མཉམ་པས་ཤེ་ན། མཐུ་རྒྱ་ཆེན་པོ་ཕུལ་དུ་ཕྱིན་པ་སྣ་ཚོགས་དག་གིས་སེམས་ཅན་དག་པ་དང་མ་དག་པ་རྣམས་དང་མི་མཉམ་པའི་ཕྱིར་ཏེ། ངེས་ན་དེ་དག་མི་མཉམ ་པ་ཡིན་ནོ།། ཇི་ལྟར་སེམས་ཅན་གྱི་དོན་གྱི་ལས་ཅན་གྱིས་ཤེ་ན། ཁ་ན་མ་ཐོ་བ་མེད་པའི་བདེ་པོ་རྒྱ་ཆེན་པོ་བརྙེས་པ་སྤངས་ནས། གཞན་གྱི་དོན་ལ་སྦྱོར་བ་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་ཏེ། ངེས་ན་དེ་དག་སེམས་ཅན་གྱི་དོན་། ་གྱི་ལས་ཅན་ཡིན་ནོ།། ཇི་ལྟར་མཐུས་ཤེ་ན། སེམས་ཅན་གྱི་དོན་བྱ་བའི་སྨོན་ལམ་ཡང་དག་པར་གྲུབ་པའི་ཕྱིར་དང་། དེའི་ཐབས་ཤེས་པས་ཡོངས་སུ་བསྐོར་བའི་ཕྱིར་དང་། དེ་དང་འབྲེལ་པ་ལ་ཡང་དག་པར་གཏོད་པའི་ཕྱིར་རོ།། དེ་བཞི། ་གཤེགས་པ་ནི་སྐྱབས་ཀྱི་འོས་ཡིན་ལ། ལྷ་རྣམས་སྐྱབས་ཀྱི་འོས་མ་ཡིན་པ་ནི་རྒྱུ་ལྔས་རླིག་པར་བྱ་སྟེ། ལྔ་གང་ཞེ་ན། རྟགས་དང་། ངོ་བོ་ཉིད་དང་། ལས་དང་། ཆོས་དང་། རྒྱུ་དང་འབྲས་བུས་སོ།། དེ་ལ་ཇི་ལྟར་རྟགས་ལས་ཤེ་ན། ལྷ ་རྣམས་ནི་བལྟར་མི་སྣང་བའི་ཕྱིར་ཀུན་ཏུ་ཐ་སྙད་བྱར་མེད་པ་དང་། དྲག་པོའི་ཆ་བྱེད་ཅེ་ན་ཡིན་པའི་ཕྱིར་འཇིགས་པ་དང་བཅས་པ་དང་། བག་མེད་པ་ལ་བརྟེན་པའི་ཕྱིར་སྲེད་པ་དང་བཅས་པ་དང་། གཞན་གྱི་དོན་ལ་མི་བལྟ་བའི ་ཕྱིར་སྙིང་རྗེ་མེད་པ་དང་། བྱས་པ་དང་མ་བྱས་པ་མི་ཤེས་པའི་ཕྱིར་དེ་ཁོ་ནའི་དོན་མ་རྟོགས་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ཇི་ལྟར་བརྟགས་ལས་སྐྱབས་ཀྱི་འོས་ཡིན་པར་རིག་པར་བྱ་ཞེ་ན། ལྟར་སྣང་བའི་ཕྱིར་ཀུན་ཏུ་ཐ ་སྙད་བྱར་ཡོད་པ་དང་། རབ་ཏུ་ཞི་བའི་ཆ་བྱད་མངའ་བའི་ཕྱིར་འཇིགས་པ་དང་བྲལ་བ་དང་། བག་ཡོད་པའི་ཕྱིར་སྲེད་པ་མི་མངའ་བ་དང་། གཞན་གྱི་དོན་ལ་གཟིགས་པའི་ཕྱིར་ཐུགས་རྗེ་དང་བཅས་པ་དང་། བྱས་པ་དང་མ་བྱས་པ ་མཁྱེན་པའི་ཕྱིར་དེ་ཁོ་ནའི་དོན་རྟོགས་པའི་ཕྱིར་རོ།། གཞན་ཡང་དེ་བཞིན་གཤེགས་པ་ནི་རྟགས་ལྔས་སྐྱབས་ཀྱི་འོས་ཁོ་ན་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་གྱི་དོན་གྱི་ཕྱིར་བྱང་ཆུབ་ཡང་དག་པར་བསྒྲུབས་པ ་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་ཞིང་བསྙེངས་པ་མི་མངའ་བའི་ཕྱིར་ཆོས་ཀྱི་ཚུལ་ཡང་དག་པར་རྗེས་སུ་འཇུག་པར་མཛད་པ་དང་། ཕན་འདོགས་པ་དང་གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་མཉམ་པར ་ཕན་པའི་ཐུགས་མངའ་པ་དང་། ཕོ་བྲང་དང་བཙུན་མོ་དང་སྲས་དང་ཡོངས་སུ་གཟུང་བ་ལྔ་ཆགས་པ་ཡོངས་སུ་བཏང་བས་དབང་པོ་ཞི་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ངེས་པར་འགྲོལ་བར་མཛད་པས ་སོ།། ཇི་ལྟར་ངོ་བོ་ཉིད་ལས་ཤེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཟག་པ་ཐམས་ཅད་དང་བྲལ་བའི་ཕྱིར་བདག་ཉིད་ཀྱང་དུལ་བ་ཡིན་ལ། འདུལ་བར་མཛད་པ་ཡིན་པར་ཡང་འོས་ཀྱི། ལྷ་རྣམས་ནི་ཟག་པ་དང་ལྡན་པ་ཡིན་པས ་གདུལ་བར་བྱ་བ་ཡིན་ཏེ་འདུལ་བར་བྱེད་པའི་འོས་མ་ཡིན་ནོ།། ཇི་ལྟར་ལས་ལྔས་ཤྲེ་ན། དེ་བཞིན་གཤེགས་པ་རྣམས་ནི་བསམ་གཏན་ཡངས་ཤིང་རྒྱ་ཆེ་བ་ལ་གནས་པར་མཛད་པའི་ཕྲིན་ལས་ཅན་དང་སེམས་ཅན་གྱི་དོན་མཛད་པའི ་ཕྲིན་ལས་ཅན་ཡིན་གྱི། ལྷ་རྣམས་ནི་འདོད་པའི་ལོངས་སྤྱོད་ལ་གནས་པར་བྱེད་པའི་ལས་ཅན་དང་། སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་ལས་ཅན་ཡིན་པར་སྣང་ངོ་།། ཇི་ལྟར་ཆོས་ལས་ཤྭེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས ་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ནི་རང་གི་སྐྱེས་བུའི་བྱེད་པ་ལ་རག་ལོས་པ་ཡིན་པའི་ཕྱིར་སྐྱེས་བུའི་བྱེད་པ་མེད་ན་ལྷ་རྣམས་ལ་གུས་པ་དམ་པོས་ཞེན་པ་རྣམས་ཀྱིས་ཀྱང་འཐོབ་པར་མི་འགྱུར་ལ། སྐྱེས་བུའི་བྱེད་པ་དང་ལྡན་ན ་དེ་ལ་གུས་པ་མེད་པ་རྣམས་ཀྱིས་ཀྱང་དེ་འཐོབ་པར་འགྱུར་བའི་ཕྱིར་རོ།། ཇི་ལྟར་རྒྱུ་དང་འབྲས་བུ་ལས་ཤེ་ན། འདི་ལ་ལྷ་ཉིད་ནི་ལྷ་ཉིད་དུ་འགྱུར་བའི་ལས་ཀྱིས་སམ། དེ་ཉིད་ལ་མཆོད་པས་སམ། རྒྱུ་མེད་པས་འཐོབ་པོར་འགྱུར་ཕྲེང་ན། ཀེ་ལེ་ཏེ་ལྷ ་ཉིད་དུ་འགྱུར་བའི་ལས་ཀྱིས་ཡིན་ན་ནི་དེས་ན་རང་གི་ལུས་ཉིད་སྦུབས་ཀྱི་འོས་ཡིན་གྱི་ལྷ་རྣམས་ནི་མ་ཡིན་ནོ།། གལ་ཏེ་རྒྱུ་མེད་པས་ཡིན་ན་ནི་དེས་ན་སྒྱུ་མེད་པ་ཉིད་སྐྱབས་ཀྱི་འོས་ཡིན་གྱི། ལྷ་རྣམས་ནི་མ་ཡིན་ནོ།། གལ་ཏེ་ལྷ་མཆོད་པ་ས ་ཡིན་ན་ནི་ངས་ན་ལྷ་ཉིད་ཀྱི་རྒྱུ་མཆོད་པ་ཉིད་དམ་ལྷ་ཉིད་དམ་དེ་གཉི་ག་ཡིན་པར་འགྱུར་གྲང་ན། གལ་ཏེ་མཆོད་པ་ཉིད་ཡིན་ན་ནི་དེས་ན་མཆོད་པ་གང་ཡང་རུང་བས་ལྷ་ཉིད་དུ་འགྱུར་བས་ལྷ་ཉིད་དོན་མེད་པར་འགྱུར་རོ།། གལ་ཏེ་ལྷ་ཉིད ་ཀྱིས་ཡིན་ན་ནི་དེས་ན་ལྷ་མཆོད་པ་མེད་པར་ཡང་ལྷ་ཉིད་ཀྱིས་ལྷ་ཉིད་དུ་འགྱུར་བར་བྱེད་པའི་ཕྱིར་ལྷ་མཆོད་པ་དོན་མེད་པར་འགྱུར་རོ།། གལ་ཏེ་དེ་གཉི་གས་ཡིན་ན་ནི་དེས་ན་མཆོད་པས་ཕན་བཏགས་པའི་ལྷ་ཉིད་གང་སེམས་པར་བྱེད ་པ་དེ་ནི་ཡང་དག་པར་འགྲུབ་པར་འགྱུར་བའི་ཕྱིར་དེས་ན་ངེས་བསམ་པ་རྣམ་པ་བདུན་ཡང་དག་པར་འགྲུབ་པར་འཁྲུལ་པ་ཁོ་ནར་འགྱུར་བས་དེ་མི་འཐད་དེ། མཆོད་པའི་རྐྱེན་གྱིས་ཕན་བཏགས་པ་དང་མོས་པའི་རྐྱེན་གྱིས་ཕན་བཏགས ་པ་དང་། དེ་ལ་མོས་པ་རྣམས་མོས་པར་བྱེད་པ་དང་། ཁྱད་པར་དུ་འཕགས་པའི་ལྷ་ཉིད་ཁས་བླངས་པ་དང་། ལོངས་སྤྱོད་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡང་དག་པར་འགྲུབ་པ་དང་། ལྷ་མ་ཡིན་པ་ལ་སོགས་པ་མི་མཐུན་པའི་ཕྱོགས ་འཇིག་པ་དང་འཆི་འཕོ་ལ་བསམས་པ་ཡང་དག་པར་འགྲུབ་པར་འཁྲུལ་པར་འགྱུར་བའོ།། རྣམ་པར་དག་པ་ནི་བཞི་སྟེ། མིང་རྣམ་པར་དག་པ་དང་། ངག་རྣམ་པར་དག་པ་དང་། ངོ་བོ་ཉིད་རྣམ་པར་དག་པ་དང་། རྟགས་རྣམ་པར་དག་པའོ།། ་དེ་ལ་རྟགས་ནི་མཐུ་དང་ཐེ་ཚོམ་གཅོད་པ་དང་ལུང་སྟོན་པ་དང་གདུལ་དཀའ་བ་འདུལ་བ་དང་ལྷ་དང་མི་རྣམས་མངོན་པར་འདུ་བྱ་བ་དང་ངེས་པར་འབྱིན་པའི་གདམས་ངག་སྟོན་པ་དང་མུ་སྟེགས་ཅན་ཕམ་པར་བྱེད་པའོ།། ་ཇི་ལྟར་གཟུགས་ལ་སོགས་པ་མིང་ཅན་གྱི་དངོས་པོ་ལ་གཟུགས་ལ་སོགས་པར་འདོགས་པ་བཏགས་པ་ལས་ཡོད་པ་ཡིན་གྱི། རྫས་ལས་མ་ཡིན་པར་ཁོང་དུ་ཆུད་པར་བྱ་ཞེ་ན། མངོན་པར་བརྗོད་པ་ལ་ཡོངས་སུ་གོམས་པའི་མིང་ལ ་གནས་པའི་རྣམ་པར་ཤེས་པའི་དམིགས་པ་གཟུགས་ལ་སོགས་པའི་མིང་ཅན་གྱི་དངོས་པོ་གཟུགས་ལ་སོགས་པའི་བདག་ཉིད་གང་གིས་ཡོད་པ་དེ་ནི་བདག་ཉིད་ངེས་རྫས་དང་དོན་དམ་པ་གཉི་གར་ཡང་མེད་དོ།། དེ་ལྟ་བས་ན ་གཟུགས་ལ་སོགས་པའི་མིང་ཅན་གྱི་ཆོས་དེ་དག་གི་ངོ་བོ་ཉིད་ཡོད་པ་མ་ཡིན་པ་ལས་ངེས་ཀུན་བཏགས་པ་གང་ཡིན་པ་དེ་ནི་བཏགས་པ་ལས་ཡོད་པ་ཡིན་པར་རིག་པར་བྱའོ།། མངོན་པར་བརྗོད་པ་ལ་ཡོངས་སུ་གོམས་པ་རྣམ་པར ་བསལ་བའི་མིང་ཅན་གྱི་རྣམ་པར་ཤེས་པའི་དམིགས་པ་གཟུགས་ལ་སོགས་པའི་མིང་ཅན་གྱི་དངོས་པོ་བརྗོད་དུ་མེད་པའི་བདག་ཉིད་གང་གིས་ཡོད་པ་དེ་ནི་རྫས་དང་དོན་ངོམ་པ་གཉི་གར་ཡང་དེ་བཞིན་དུ་ཡོད་པར་རིག་པར་བྱའོ།། དེ ་ལ་དེ་རབ་ཏུ་གྲུབ་པར་བྱ་བའི་རིགས་པར་བརྗོད་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སར་བསྟན་པ་ནི་དེ་བཞིན་དུ་རིག་པར་བྱའོ།། དེ་ལ་མངོན་པར་བརྗོད་པ་ལ་ཡོངསུ་གོམས་པའི་མིང་ལ་བརྟེན་པའི་རྣམ་པར་ཤེས་པའི་དམིགས ་པ་ཀུན་བཏགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ནང་ན་ཡང་མི་དམིགས། ཕྱི་རོལ་ན་ཡང་མི་དམིགས་ཏེ། གཉི་ག་མེད་པར་ཡང་མི་དམིགས་ཏེ། མ་སྐྱེས་པ་དང་མི་སྐྱེ་བ་དང་སྐྱེ་བར་མི་འགྱུར་བ་དང་། མ་འགགས་པ། མི་འགག་པ། ་འགག་པར་མི་འགྱུར་བ། གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། འདི་ལྟར་འདི་ནི་བཏགས་པའི་ཡོད་པ་ཡིན་གྱི། དོན་དམ་པ་ཡོད་པ་མ་ཡིན་པའི་ཕྱིར་རོ།། བརྗོད་དུ་མེད་པའི་བདག་ཉིད་ཀྱི་ངོ་བོ ་ཉིད་གང་ཡིན་པ་དེ་ནི་བྱིས་པས་བསྐྱེད་པའི་ལོག་པར་ཡོངས་སུ་རྟོག་པ་ལ་བརྟེན་ནས་ནི་སྐྱེས་པ་དང་། སྐྱེ་བ་དང་། སྐྱེ་བར་འགྱུར་བ་དང་། འགགས་པ་དང་། འགག་པ་དང་། འགག་པར་འགྱུར་བ་ཡིན་ཏེ། དེ་མ་སྤངས་ཤིང་ཡོངས ་མ་ཤེས་པས་ནི་ཀུན་ནས་ཉོན་མོངས་པ་རབ་ཏུ་ཕྱེ་བ་ཡིན་ལ། དེ་སྤངས་ཤིང་ཡོངས་སུ་ཤེས་པས་ནི་རྣམ་པར་བྱང་བ་རབ་ཏུ་ཕྱེ་བ་ཡིན་ནོ།། །། བམ་པོ་སུམ་ཅུ་དྲུག་པ།། བྱང་ཆུབ་སེམས་དཔའི་མང་དུ་ཐོས་པ་ཡང་དགེ ་པར་འཛིན་པར་འགྱུར་བའི་ཆོས་ནི་བཞི་སྟེ། འདི་ལྟ་སྟེ། མང་དུ་ཐོས་པའི་གཞི་དང་། མང་དུ་ཐོས་པ་ཡང་དག་པར་འགྲུབ་པ་དང་། མང་དུ་ཐོས་པའི་འབྲས་བུ་དང་། མང་དུ་ཐོས་པ་རྣམ་པར་དག་པའོ།། དེ་དག་ཀྱང་བྱང་ཆུབ་ཀྱི་སྨོན ་ལམ་དང་། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། སོ་སོར་རྟོག་པའི་སྟོབས་དང་། རབ་ཏུ་དབེན་པར་གནས་པ་དང་། གོ་རིམས་བཞིན་ནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་ཁམས་གང་ཞེ་ན། སྨྲས་པ། སངས་རྒྱས་ཀྱི་ཆོས ་རྣམས་ལ་ཡོད་པ་ཉིད་དུ་ཡིད་ཆེས་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསྡམ་པའི་ཁམས་གང་ཞེ་ན། སྨྲས་པ། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡོན་ཏན་དང་ལྡན་པ་ཉིད ་དུ་ཡིད་ཆེས་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་གང་ཞེ་ན། སྨྲས་པ། སངས་རྒྱས་ཀྱི་ཆོས་རྣམས་ལ་ཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ།། བྱང་ཆུབ ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བ་གང་ཞེ་ན། སྨྲས་པ། སྡུག་བསྔལ་བར་གནས་པའི་སེམས་ཅན་རྣམས་ལ་རྗེས་སུ་སྙིང་བརྩེ་བ་གང་ཡིན་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་གང་ཞེ་ན། སྨྲས་པ། སྡུག་བསྔལ ་གྱི་རྒྱུ་ལ་གནས་པའི་སེམས་ཅན་རྣམས་ལ་རྗེས་སུ་སྙིང་བརྩེ་བ་གང་ཡིན་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་གང་ཞེ་ན། སྨྲས་པ། ཤེས་བྱ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་རྟོགས་པ་གང་ཡིན་པའོ།། ་སེམས་དཔའི་སྐྱོན་ནི་གསུམ་སྟེ། སེམས་པ་ལྷུར་ལེན་པ་དང་། གནས་མ་ཡིན་པ་ལ་སེམས་པ་དང་། ལོག་པར་སེམས་པའོ།། བྱང་ཆུབ་སེམས་དཔའ་ཇི་ལྟར་སྦྱིན་པ་བྱིན་པ་དེ་ལ་བརྟེན་ནས་སྦྱིན་པ་ཡོངས་སུ་དག་པ་རྣམ་པ་བདུན ་དུ་རིག་པར་བྱ་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ལྟ་བ་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། ཤེས་པ་ཡོངས་སུ་དག་པ་དང་། ་དྲི་མ་ཡོངས་སུ་དག་པ་སྟེ། ཡོངས་སུ་དག་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་བཅུ་བཅུར་རིག་པར་བྱའོ།། དེ་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། མང་པོ་དང་སྣ་ཚོགས་པ་ཉིད་ཀྱིས་འདི་ལྟར ་རྒྱ་ཆེན་པོ་སྦྱིན་པར་བྱེད་པ་དང་། མི་མང་མི་ཉུང་བ་ཉིད་ཀྱིས་མཚུངས་པར་སྦྱིན་པར་བྱེད་པ་དང་། འདོད་པའི་དུས་ཉིད་ཀྱིས་དུས་སུ་སྦྱིན་པར་བྱེད་པ་དང་། ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཉིད་ཀྱིས་གྱ་ནོམ་པ་སྦྱིན་པར ་བྱེད་པ་དང་། མི་གཙང་བའི་དངོས་པོས་མ་གོས་པ་ཉིད་ཀྱིས་གཙང་བ་སྦྱིན་པར་བྱེད་པ་དང་། ཁ་ནཱ་མ་ཐོ་བ་མེད་པ་དང་ལྡན་པ་ཉིད་ཀྱིས་རུང་བ་སྦྱིན་པར་བྱེད་པ་དང་། སློངས་མོ་པའི་བསམ་པ་ཉིད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་པ ་དང་། འཕྲོད་པ་ཉིད་ཀྱིས་ཕན་པ་སྦྱིན་པར་བྱེད་པ་དང་། སྐྱོང་བ་ལ་བལྟོས་པ་ཉིད་ཅིག་ཙར་རམ་རིམ་གྱིས་སྦྱིན་པར་བྱེད་པ་དང་། རྒྱུན་མི་འཆད་པ་ཉིད་ཀྱིས་རྟག་ཏུ་སྦྱིན་པར་བྱེད་པའོ།། དེ་ལ་ཚུལ་ཁྲིམས་རྣམ་པར་དག་པ་བཅུ་ནི་འདི ་ལྟ་སྟེ། སྒྲུབ་པའི་བརྩོན་འགྲུས་ཀྱིས་ཐོབ་པའི་ལོངས་སྤྱོད་རྣམས་སྦྱིན་པར་བྱེད་པ་དང་། རང་གི་ཞོ་ཤས་བསྒྲུབས་པ་དག་སྦྱིན་པར་བྱེད་པ་དང་། རྡུལ་ཞིང་དྲི་མ་ཆགས་ཆགས་སུ་བསྒྲུབས་པ་དག་སྦྱིན་པར་བྱེད་པ་དང་། ཆོས་རྣམ ་ཀྱིས་ཆོས་བཞིན་དུ་ཐོབ་པ་དག་སྦྱིན་པར་བྱེད་པ་དང་། སྡིག་པ་ལས་ལོག་པ་དག་སྦྱིན་པར་བྱེད་པ་དང་། དབང་པོ་ཐུལ་བས་སྦྱིན་པར་བྱེད་པ་དང་། གུས་པར་བྱས་ཏེ་སྦྱིན་པར་བྱེད་པ་དང་། རབ་ཏུ་བཏུད་དེ་སྦྱིན་པར་བྱེད་པ་དང་། རང་གི ་ལྷག་ནས་སྦྱིན་པར་བྱེད་པ་དང་། དང་པོར་རང་རང་གི་ཚལ་ཟའི་འཁོར་རྣམས་ལ་ལེགས་པར་རི་མོ་བྱས་ལེགས་པར་མཆོད་པ་བྱས་ནས་དེའི་འོག་ཏུ་སློངས་མོ་པ་གཞན་དག་ལ་སྦྱིན་པར་བྱེད་པའོ།། དེ་ལ་ལྟ་བ་རྣམ་པར ་དག་པ་བཅུ་ནི། འདི་ལྟ་སྟེ། བདག་ནི་སྦྱིན་པར་བྱེད་པའོ་བདག་གི་སྦྱིན་པའོ་སྙམ་དུ་རློམ་སེམས་མེད་པར་སྦྱིན་པར་བྱེད་པ་དང་། བདག་ཉིད་གཞན་དག་དང་མི་སྐྲུན་པར་སྦྱིན་པར་བྱེད་པ་དང་། བདག་ཉིད་གཞན་དག་པས་ཆེ་བ་འམ། མཉམ ་པའམ་ཆུང་ངོ་སྙམ་དུ་མི་སེམས་པར་སྦྱིན་པར་བྱེད་པ་དང་། གཞན་དག་ལ་ལེན་དུ་ཕན་འདོགས་པ་ལ་མི་ལྟོ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། ཕྱི་མ་ལ་སྲིད་པ་ཁྱད་པར་ཅན་ནམ། ལོངས་སྤྱོད་ཁྱད་པར་ཅན་པ་མི་ལྟ་བར་སྦྱིན་པ་སྦྱིན ་པར་བྱེད་པ་དང་། སྦྱིན་པའི་འབྲས་བུ་མེད་དོ་སྙམ་དུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། འབྲས་བུ་ཚུལ་དང་མི་མཐུན་པ་དང་འབྲས་བུ་ཕྱིན་ཅི་ལོག་ཡིན་ནོ་སྙམ་དུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། འཚེ་བ་དང་བཅས་པའི་དགེ་བའི ་སྙམ་དུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། ངོ་མཚར་དང་བཀྲ་ཤིས་སུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ལཱ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པའོ།། དེ་ལ་སེམས་རྣམ་པར་དག་པ་རྣམ་པ ་བཅུ་ནི་འདི་ལྟ་སྟེ། རང་བཞིན་གྱིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པོར་བྱེད་པ་དང་། འདི་ལྟ་སྟེ་སྦྱིན་པ་ལ་རིན་པོ་ཆེའི་སེམས་ཀྱིས་སྦྱིན་པ་སྐྱོན་པར་བྱེད་པ་དང་། འདི་ལྟ་སྟེ་མཛའ་བཤེས་དང་དགྲ་བོ་དང ་ཐ་མལ་པ་དག་ལ་སྙོམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། སེར་སྣའི་དྲི་མ་དང་། བསོག་འཇོག་གི་དྲི་མ་གཞན་ལ་མི་གཏོང་བསུ་སེར་སྣའི་དྲི་མ་དང་། བདག་ཉིད་ཡོངས་སུ་ལོངས་སྤྱོད་པར་མི་བྱེད་པ་ལས ་སོགས་འཇོག་གི་དྲི་མར་རིག་པར་བྱ་བའི་དྲི་མ་བས་ལྔ་པོའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ་མངོན་པར་དགའ་བ་རྣམ་པ་བདུན་པོ་སློངས་མོ་པཱ་མ་འོངས་པ་ནས་སེམས་ཅན་མངོན་པར་དགའ་བོ་དང་། སློངས་མོ་པ་འོངས ་པ་ན་མཐོང་མ་ཐག་ཏུ་སེམས་རབ་ཏུ་དགའ་བ་དང་། སྦྱིན་པ་སྦྱིན་པར་བྱེད་པ་ན་ཡིད་བདེ་བའི་སེམས་དང་མཉམ་པར་བཞག་པའི་སེམས་དང་ངོམས་མི་ཤེས་པའི་སེམས་དང་རྣམ་པར་འཚེ་བའི་བསམ་པ་མེད་པའི་སེམས་དང་བྱིན་ནས ་འགྱོད་པ་མེད་པའི་སེམས་ཀྱིས་སེམས་མངོན་པར་དགའ་བོས་སྦྱིན་པ་སྦྱིན་པར་བྱེད་པ་དང་། སློངས་མོ་པའི་དང་ནཱ་དུས་ལྔ་བཟོད་པ་དང་སྐྱོ་བ་མེད་པའི་ཕྱིར་བཟོད་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་རྣམ་པར་འཚེ་བ་རྣམས ་ལ་བྱམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། སྟག་བསྔལ་བྱ་རྣམས་ལ་སྙིང་རྗེ་བའི་སེམས་ཀྱིས་སྦྱིན་པཱ་སྦྱིན་པར་བྱེད་པ་དང་། ཡོནྱ་ཏན་དང་ལྡན་པ་རྣམས་ལ་དགའ་བོའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། མཛའ ་བཤོས་རྣམས་ལ་བཏང་སྙོམས་ཀྱི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པའོ།། དེ་ལ་ངག་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། སྦྱིན་པའི་སྔ་རོལ་ནས་སྦྱིན་པའི་སྐབས་འབྱེད་པ་དང་། འོངས་པ་ན་ཚུར་ལོགས་པར་འོངས་སོ་ཞེས ་སྨྲ་བ་དང་། ཁྲོ་གཉེར་མེད་ཅིང་བཞིན་གྱི་མདོག་གསལ་ལ་འཛུམ་པ་སྔར་གཏོང་ཞིང་ཚིག་གི་ལམ་འཇམ་པོ་དག་གིས་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དགའ་བར་བྱེད་པ་དང་། སློངས་མོ་པ་རྣམས་ཀྱི་མཇུག ་ཐོགས་སུ་སྦྱིན་པར་བྱའོ་སྙམ་དུ་སེམས་ཤིང་སྦྱིན་པར་བྱ་བའི་དངོས་པོས་ཀུན་ཏུ་དགའ་བར་བྱེད་པ་དང་དྲ་ནི་ཁྱོད་ལ་སྦྱིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཚིག་ཀུན་ཏུ་བརྗོད་པར་བྱེད་པ་དང་། དྲངན་དུས་བྱེད་པ་ན་ཁྲོ་བས་ཀུན་ནས་སྤང་བའི་ཚིག ་རྩུབ་པོ་བརྗོད་པར་མི་བྱེད་པ་དང་། སློངས་མོ་པ་ལ་མངོན་སུམ་དང་ལྐོག་ནས་མི་སྨོང་མི་སྒྲོགས་པ་དང་། སྦྱིན་པར་བྱ་བའི་ཆོས་མི་བདོག་ན་ཡང་ལོགས་པར་ཤད་ཀྱིས་སྦྱངས་ཏེ་གཏོང་བར་བྱེད་པ་དང་། སློངས་མོ་པ་ལ་མངོན་སུམ་དུ་སྨོད་པར ་མི་བྱེད། ཁྱད་དུ་གསོད་པར་མི་བྱེད། བསྟིང་བར་མི་བྱེད། ཅོ་འདྲི་བར་མི་བྱེད་པ་དང་། སྨེ་འབེབས་པ་ཉེ་བར་སྒྲུབ་པར་མི་བྱེད་པའོ།། དེ་ལ་ཤེས་པ་རྣམ་པར་དག་པ་བཙུ་ནི་འདི་ལྟ་སྟེ། སྦྱིན་པ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སློངས ་མོ་པོ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སྦྱིན་པའི་སྦྱོར་བ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སྦྱིན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། ཐབས་ལ་མཁས་པ་ལ་བརྟེན ་པའི་ཤེས་པ་རྣམ་པར་དག་པ་དང་། འདོད་པ་རྣམས་ཀྱི་ཉེས་དམིགས་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། དྲི་མ་བསལ་བ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བ་དང་དགེ་བའི་བ ་གཉེན་ཡོངས་སུ་གཟུང་བ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། ཕྱོགས་དྲུག་གིས་བཀབ་པ་ཉིད་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པའོ།། དེ་ལ་ཤེས་པ་རྣམ་པར་དག་པ་དང་པོས་ནི་སྦྱིན་པའི་རྣམ་གྲངས་ཀྱང་ཡང་དག་པ་ཇི་ལྟ ་བཞིན་དུ་རབ་ཏུ་ཤེས་ལ། སྦྱིན་པའི་མཚན་ཉིད་དང་ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། དེ་ལ་གཉིས་ལས་ནི་སེམས་ཅན་དམན་པ་དང་གྱ་ནོམ་པ་དང་སྐྱོན་དང་ཡོན་ཏན་དང་ལྡན་པ་དང་གནོད་པ ་བྱེད་པ་དང་ཕན་འདོགས་པ་ཐམས་ཅད་ལ་སྦྱིན་གནས་ཀྱི་བློ་ཉེ་བར་འཇོག་པར་བྱེད་པ་དང་། སློངས་མོ་པའི་འདོད་པ་ཉིད་ཀྱང་ཟུར་ཙམ་གྱིས་ཤེས་པ་དང་། སྦྱིན་པའི་སྔ་རོལ་ཉིད་ནས་སྦྱིན་པར་བྱའི་ཆེས་ཐམས་ཅད་སེམས་ཅན་ཐམས ་ཅད་ལ་བསམ་པ་ཐག་པ་ནས་ལེགས་པར་གཏོང་བར་བྱེད་པ་དང་། སློངས་མོ་པ་རིང་གིས་ཐུགས་ཐུབ་ཏུ་བླངས་པ་ཐམས་ཅད་ལ་ཡང་རྗེས་སུ་གནང་བར་བྱེད་དོ།། དེ་ལ་གསུམ་པས་ནི་བཟོ་དང་ལས་ཀྱི་གནས་ཤེས་པ་གང་ཡིན་པ་དེ ་ཐམས་ཅད་ལ་མཁས་པས་མྱུར་བ་མྱུར་བར་ལོངས་སྤྱོད་རྣམས་ཡང་དག་པར་བསྒྲུབ་ནས་སྦྱིན་པར་བྱེད་པ་དང་། དགེ་བའི་རྩ་བ་ཡོངས་སུ་གཟུང་བ་ལས་ཀྱང་འདི་ལྟ་སྟེ། ཚེ་སྔ་མ་འམ། འདི་ལ་མྱོང་བར་འགྱུར་བ་འམ། རྫུ་འཕྲུལ་མངོན ་པར་འགྲུབ་པར་འགྱུར་བ་འམ། ཆོས་ཡང་དག་པར་བླང་བ་ལས་ཀྱང་སྦྱིན་པ་སྦྱིན་པར་བྱེད་དོ།། གཞན་དག་གིས་བསྒྲུབས་པའི་ལོངས་སྤྱོད་རྣམས་ཀྱིས་ཀྱང་སྦྱིན་པ་སྦྱིན་པར་བྱེད་པ་སྟེ། འདི་ལྟ་སྟེ་གཞན་དག་དེ་ཡང་དག་པར་འཛིན་དུ ་བཅུག་ནས་དེ་དག་ལོ་བྱ་བའི་གྲོགས་སུ་འགྲོའོ།། དེ་ལ་བཞི་པས་ནི་ཇི་ནས་ཀྱང་སློངས་མེ་པ་ལ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། བདག་ཉིད་ཀྱང་ཀུན་ནས་ཉོན་མོངས་པོ་ཅན་མ་ཡིན་པའི་སེམས་ཀྱིས།། ་སྦྱིན་པ་སྦྱིན་པར་བྱེད་པ་དང་། རབ་ཏུ་ཕྱི་ཞིང་དོན་གཉེར་བ་རྣམས་དང་ཕོངས་པ་རྣམས་དང་། སྟོན་པ་མེད་པ་རྣམས་དང་། ཉེས་པར་སྤྱད་པ་སྤྱོད་པ་རྣམས་དང་། རང་གི་ཚལ་ཟ་བ་རྣམས་ལ་འདི་ལྟ་སྟེ། དབུལ་པོ་འམ། ལོངས་སྤྱོད ་འབྲིང་ངམ། ལོངས་སྤྱོད་ཆེ་བས་སྦྱིན་པར་བྱེད་པ་དང་། ཆོ་ག་ཅི་རིགས་པས་སྦྱིན་པར་བྱེད་ཅིང་། ཆོ་ག་མ་ཡིན་པས་མ་ཡིན་པ་དེ་ལྷོར་སྦྱིན་པོར་བྱ་བ་ཤེས་པར་བྱེད་དོ།། དེ་ལ་ལྔ་པས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི ་ཕྱིར་སྦྱིན་པ་ཤེས་པར་བྱས་ཞིང་སྦྱིན་པར་བྱེད་པ་དང་། སྦྱིན་པ་སྦྱིན་པ་ན་སྐྱེ་བོ་ཕལ་པོ་ཆེ་དང་ལྷན་ཅིག་ཏུ་སྦྱིན་པ་སྦྱིན་པར་བྱེད་ཅིང་། ཇི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེ་དག་བསོད་ནམས་ཆེན་པོ་བསྐྱེད་པར་འགྱུར་བ་དེ་ལྟར་བྱེད་པ ་དང་དབུལ་པོ་སྦྱིན་པར་བྱེད་འདོད་པ་དག་ལ་ལོངས་སྤྱོད་ཀྱི་བགོ་བོ་ཤའ་བྱེད་པ་དང་། དབུལ་པོ་མ་ཡིན་པ་སོར་སྣ་ཅན་རྣམས་དང་། སེར་སྣ་མེད་པ་བྱེད་འདོད་པ་རྣམས་ལ་ནི་རང་གི་ལོངས་སྤྱོད་ཀྱི་བགོ་བཤའ་མི་བྱེད་པར་དེ་ལ་གྲོག ་བྱེད་དུ་འགྲོ་བ་དང་། སངས་རྒྱས་དང་། ཆོས་དང་དགེ་འདུན་གྱི་བྱ་བ་བྱེད་འདོད་པ་གཞན་དག་ལ་སྦྱིན་པར་བྱའི་ཆོས་དག་བྱིན་ནས། ཇི་ནས་ཀྱང་སྒོ་གཉི་ག་ནས་བསོད་ནམས་སྐྱེ་བར་འགྱུར་བ་དེ་ལྟར་གཞན་དག་ཀྱང་བྱེད་དུ་འཇུག ་པར་བྱེད་དོ།། དེ་ལ་དྲུག་པས་ནི་བཤད་པས་ཀྱང་སྦྱིན་པ་སྦྱིན་པར་བྱེད་ལ་མཐུས་ཀྱང་སྦྱིན་པ་སྦྱིན་པར་བྱེད། ལན་མནོད་པ་ལས་ཀྱང་སྦྱིན་པ་སྦྱིན་པར་བྱེད། སྐྱེ་བ་དང་མཐུས་ཀྱང་སྦྱིན་པ་སྦྱིན་པར་བྱེད་དོ།། དེ་ལ་བདུན་པས་ནི ་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་སྦྱིན་པ་སྦྱིན་པར་བྱེད་དོ།། དེ་ལ་ཉེས་དམིགས་རྣམ་པ་གཉིས་ཀྱང་ཤེས་ཏེ། འདི་ལྟ་སྟེ་ཚེ་འདྲི་པ་དང་། ཚེ་ཕྱི་མ་པ་སྟེ། འདི་ལྟ་སྟེ། སྡུག་བསྔལ ་གྱི་ཕུང་པོའི་མདོ་ལས་བྱུང་བ་བཞིན་ནོ།། རྣམ་པ་ལྔས་ཡང་ཤེས་ཏེ། འདི་ལྟ་སྟེ་ཉེས་དམིགས་ལྔ་པའི་མདོ་ལས་བྱུང་བ་བཞིན་ནོ།། རྣམ་པ་དྲུག་ཀྱང་ཤེས་ཏེ། འདི་ལྟ་སྟེ། འཇིགས་པ་ཞེས་བྱ་བ་དེ་ནི་འདོད་པ་རྣམས་ཀྱི་ཚིགེ་བླ་། ་དྲདྭགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བསྟན་པའི་མདོ་ལས་བྱུང་བ་བཞིན་ནོ།། རྣམ་པ་བདུན་ཡང་ཤེས་ཏེ། འདི་ལྟ་སྟེ་འདོད་པ་རྣམས་ནི་མི་རྟག་པ་དང་། གསོག་དང་། གསོབ་དང་། བརྫུན་པ་དང་། བསླུ་བའི་ཆོས་ཅན་དང་། སྒྱུ་མ ་ལྟ་བུ་དང་བྱིས་པ་འདྲིད་པའོ་ཞེས་གསུངས་པ་བཞིན་ནོ།། རྣམ་པ་བརྒྱད་ཀྱང་ཤེས་ཏེ། འདི་ལྟ་སྟེ་རུས་པའི་ཀེང་རུས་ལྟ་བུའོ་ཞེས་བྱ་བ་ནས། རྒྱས་པར་ཤིང་ལྗོན་པའི་འབྲས་བུ་ལྟ་བུའོ་ཞེས་བྱ་བའི་བར་དུ་མདོ་ལས་ཇི ་སྐད་གསུངས་པ་བཞིན་ནོ།། དེ་ལ་བརྒྱད་པས་ནི་ལས་ཀྱི་མཐའ་དྲི་མ་ཅན་རྣམ་པ་བཅུ་བཞི་དང་བྲལ་བ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ནས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་དག་ཀྱང་འདི་ལྟ་སྟེ་གཙུག་ཕུད་ལེན་གྱི་མདོ་ལས ་གསུངས་པ་བཞིན་ནོ།། དེ་ལ་དགུ་པས་ནི་སྡིག་པའི་གྲོགས་བཞི་ཡོངས་སུ་སྤངས་ཤིང་དགེ་བའི་བཤེས་གཉེན་བཞི་ཡོངས་སུ་གཟུང་ནས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་དག་ཀྱང་འདི་ལྟ་སྟེ། གཙུག་ཕུད་ལེན་གྱི ་མདོ་དེ་ཉིད་ལས་གསུངས་པ་བཞིན་ནོ།། དེ་ལ་ཤེས་པ་རྣམ་པར་དག་པ་བཅུ་པས་ནི་ཕྱོགས་དྲུག་གིས་བཀབ་ནས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་དག་ཀྱང་འདི་ལྟ་སྟེ་གཙུག་ཕུད་ལེན་གྱི་མདོ་དེ་ཉིད་ལས་གསུངས་པ་བཞིན ་ནོ།། དེ་ལ་དྲི་མ་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ་ནང་ཡང་རུང་ཕྱི་རོལ་ཡང་རུང་། རྒྱུད་རིང་པ་ཡང་རུང་། ཐག་ཉེ་བ་ཡང་རུང་། ལུས་ངལ་ཀྱང་རུང་། ལུས་ངལ་བ་མེད་ཀྱང་རུང་། ལུས་ཉམ་ཆུང་ཡང་རུང་། ལུས་ཉམ་ཆུང ་པབ་མ་ཡིན་ཡང་རུང་སྟེ། ལེ་ལོའི་དྲི་ས་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ་ལྗོངས་སྤྱོད་རྣམས་ལ་ཆགས་པའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ་སློངས་མོ་བ་རྣམས་ལ་ཞེ་སྡང་གི་དྲི ་མཱ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ་རྒྱུ་དང་འབྲས་བུ་ལ་གཏི་མུག་གི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། གྲོགས་བཞི་པོ་དེ་དག་གིས་གགས་ཀྱི་དྲི་མ་དང་བྲལ་བའི་སྦྱིན་པ ་སྦྱིན་པར་བྱེད་པ་སྟེ། དེ་ལ་གགས་བཞིའི་དྲི་མ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། མ་གོམས་པ་དང་། རྒུད་པ་དང་། ཆགས་པ་དང་། འབྲས་བུ་མ་མཐོང་བའོ།། འདི་ལྟ་སྟེ། དབུལ་པོས་རང་གི་ཚལ་ཟ་བ་དང་། ལོངས་སྤྱོད་འབྲིང་པོས་དེ ་དག་དང་སྡུག་བསྔལ་བ་རྣམས་དང་། ལོངས་སྤྱོད་ཆེན་པོས་དེ་དག་དང་དེ་ལས་གཞན་པའི་སློངས་མོ་པ་རྣམས་ལ་ཤིན་ཏུ་རྣམ་པར་ཕྱེ་ཞིང་མི་རིགས་པའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། དངོས་པོ ་ཡོངས་སུ་རྫོགས་པ་དང་། བསམ་པ་ཡོངསུ་རྫོགས་ཤིང་ཉུང་བའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ལ་དངོས་པོ་ཡོངས་སུ་རྫོགས་པ་ནི་རྣམ་པ་བདུན་ཏེ། ཡོ་བྱད་ཀྱི་དངོས་པོ་ཡང་སྦྱིན་པར་བྱེད་པ་དང་། ཡུལ་གྱི ་དངོས་པོ་དང་། སེམས་ཅན་གྱི་དངོས་པོ་དང་། རྒྱན་གྱི་དངོས་པོ་དང་། གནས་ཀྱི་དངོས་པོ་དང་། དེ་ལ་གནས་པའི་དངོས་པོ་དང་། ནང་གི་དངོས་པོ་ཡང་སྦྱིན་པ་སྦྱིན་པར་བྱེད་པའོ།། དེ་ལ་བསམ་པ་ཡོངས་སུ་རྫོགས་པ་ནི་རླུང་གི ་ལུས་དང་ལོངས་སྤྱོད་དག་ལ་རང་བཞིན་གྱིས་ཆགས་པ་མེད་པའི་བསྡམ་པ་ཉིད་ཐོབ་པ་གང་ཡིན་པའོ།། འདི་ལྟ་སྟེ་ཡོངས་སུ་དག་པ་རྣམ་པ་བཅུ་པོ་འདི་ལྟ་སྟེ། ཆགས་པ་མེད་པ་དང་། ནག་ནོག་མེད་པ་ལ་སོགས་པ་སའི་དངོས ་གཞིར་བསྟན་པ་དོག་གིས་ཡོངས་སུ་དག་ཅིང་། རྣམ་པར་མ་དག་པའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་བརྟགས་པ་དང་། བསམ་པ་ཡོངས་སུ་བརྟག་པ་དང་། ཞིང ་ཡོངས་སུ་བརྟག་པས་ཡོངས་སུ་བརྟགས་ཤིང་འཆལ་བའི་ཤེས་རབ་ཀྱི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་སྟེ། དེ་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་བརྟག་པ་ནི་བསོགས་འཇོག་པས་ཡོངས་སུ་ལོངས་སྤྱོད་པ ་ཆེས་ཁྱད་པར་དུ་འཕགས་པ་དང་། ཡོངས་སུ་ལོངས་སྤྱོད་པ་ལས་སྦྱིན་པ་ཆེས་ཁྱད་པར་དུ་འཕགས་པ་གང་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བསོགས་འཇོག་འབའ་ཞིག་ནི་བདག་ལ་ཡང་ཕན་པར་མི ་འགྱུར། གཞན་ལ་ཡང་ཕན་པར་ཡང་མི་འགྱུར། ཚེ་འདི་ལ་ཡུང་ཕན་པོར་ཡང་མི་འགྱུར། ཚེ་ཕྱི་མ་ལ་ཕན་པར་ཡང་མི་འགྱུར་བ་ཡིན་ལ། བྱང་ཆུབ་སེམས་དཔའི་ཡོངས་སུ་ལྗོངས་སྤྱོད་པ་ནི་བདག་ལ་ཕན་པ་དང་། ཚེ་འདི་ལ ་ཕན་པར་འགྱུར་བ་ཡིན་ཡང་གཞན་ལ་ཕན་པ་ཡང་མ་ཡིན། ཚེ་ཕྱི་མ་ལ་ཡང་ཕན་པ་ཡང་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའི་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་སྐྱེས་ཤིང་སྦྱིན་པར་བྱེད་པའི་སྦྱིན་པ་ནི་བདག་ལ ་ཕན་པ་དང་། གཞན་ལ་ཕན་པ་དང་། ཚེ་འདི་ལ་ཕན་པ་དང་། ཚེ་ཕྱི་མ་ལ་ཕན་པར་འགྱུར་བ་ཡིན་པའི་ཕྱིར་རོ།། དྲི་ལ་བསྡམ་པ་ཡོངས་སུ་བརྟག་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། རྒྱུ་ལ་ཕྱིན་ཏོ་མ་ལོག་པའི་བསམ་པ་དང་། ་འབྲས་བུ་ལ་ཆགས་པ་མེད་པའི་བསམ་པ་དང་སེམས་ཅན་རྣམས་ལ་སྙིང་རྗེ་བའི་བསམ་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་བསམ་ལས་སྦྱིན་པ་སྦྱིན་པར་བྱེད་པའོ།། དེ་ལ་ཞིང་ཡོངས་སུ ་བརྟག་པ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། གང་ལ་དོན་དུ་གཉེར་བ་ཉིད་དམིགས་པ་དང་། གང་ལ་དོན་དུ་གཉེར་བ་ཡོང་ཡིན་ལ་ཕོངས་པ་ཡང་ཡིན་པ་དང་ཕོངས་པ་ཡང་ཡིན་ལ་རྟོན་པ་མེད་པ་གང་ཡིན་པ་དང་། རྟོན་པ་མེད་པ ་ཡང་ཡིན་ལ་ཉེས་པར་སྤྱོད་པ་ལས་ལྡོག་པར་ནུས་པ་ཉིད་ཀྱང་དམིགས་པ་དེ་ནི་ཞིང་ཡིན་ནོ།། དེ་དག་མེད་ན་ཡང་གང་ལ་ལེགས་པར་སྤྱོད་པ་དང་། ཡོན་ཏན་ཁྱད་པར་དུ་འཕགས་པ་དམིགས་པ་དེ་ནི་ཞིང་ལྔ་པ་ཡིན་པར་རིག་པར ་བྱའོ།། ཞིང་མ་ཡིན་པ་ནི་རྣམ་པ་བདུན་གྱིས་རིག་པར་བྱ་སྟེ། སློངས་མོ་པ་གཏུམ་པ་དང་ཕྱིར་རྒོལ་བ་ལ་སྐྱབས་སུ་སོང་བ་ཕྱིར་རྒོལ་པོར་གྱུར་ནས་སློང་བར་བྱེད་པ་དང་། དགེ་བའི་རྩ་བ་ཡང་དག་པར་འཛིན་དུ་གཞུགས་པ་ན་དབང ་དུ་མི་འགྱུར་བ་དང་ཉོན་མོངས་པ་ཅན་སེམས་སྙམ་ཀུན་ནས་ཉོན་མོངས་པའི་བསམ་པས་སློང་བར་བྱེད་པ་དང་། བདུད་དམ་བདུད་ཀྱིས་བརླམས་པར་གྱུར་ནས་མཐོ་བཙམ་པའི་ཕྱིར་སློང་བར་བྱེད་པ་དང་། གནས་མ་ཡིན་པ་སློང ་བར་བྱེད་དེ་ཕ་མ་འམ་གཞན་གང་ཡང་རུང་བ་སྦྱིན་པར་བྱ་བ་མ་ཡིན་པའི་དངོས་པོ་སློང་བར་བྱེད་པོ་དང་། དོན་དུ་གཉེར་བུ་མྦྷ་ཡིན་པ་སྟེ། དེ་ལྟར་རྣམ་པ་དེ་དག་གིས་ནི་ཞིང་མ་ཡིན་པ་ཡོངས་སུ་བརྟགས་ཡིན་པར་རིག་པར་བྱའོ།། ་ཐབས་མ་ཡིན་པའི་ཉེས་པ་དང་བྲལ་ཞིང་ཐབས་ཀྱི་ཡོན་ཏན་དང་ལྡན་པའི་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ལ་ཐབས་ནི་འདི་ཡིན་ཏེ། འདི་ལྟ་སྟེ་སྦྱིན་པ་ལ་གོམས་པ་དང་། ལུས་དང་སྲོག་ལ་མི་ལྟ་བ་དང་། སེམས་ཅན་ལ་སྙིང་བརྩི་བ ་དང་། དེ་ཁ་ནའི་དྲན་ཤེས་པ་དང་། བླ་ན་མེད་པའི་བྱང་ཆུབ་ལ་མོས་པ་དང་། བ་ཤོད་པ་དང་རྣོན་གྱིས་གནོན་པ་དང་། ཕན་བཏགས་པའི་ལམ་དུ་ཕནི་འདོགས་པར་སྦྱོར་བ་དང་སྐྱེ་བ་དང་མཐུའོ།། འདུལ་བ་ནི་བསྤུ་ན་རྣམ་པ་གསུམ་དུ་རིག ་པར་བྱ་སྟེ། རོ་ཞིག་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་དང་པོར་སྡོམ་པའི་ཚུལ་ཁྲིམས་ཀྱིས་འདུལ་བ་ཇི་ལྟར་བསྡུས་པ་དེ་ནི་འདུལ་བ་བསྡུས་པ་ཡིན་པར་རིག་པར་བལྟ་བར་བྱའོ།། དགེ ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་འདུལ་པ་བསྡུས་པ་གང་ཞེ་ན། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་མདོར་བསྡུ་ན་སེམས་དྲུག་ལ་སོ་སོར་བརྟག་པར་བྱ་སྟེ། དྲུག་གང་ཞེ་ན། ཁྱད་དུ ་གསོད་པའི་སེམས་དང་། ལེ་ལོ་དང་ལྡན་པའི་སེམས་དང་། བསྒྲིབས་པའི་སེམས་དང་། བཙལ་བ་ལས་ཡོངས་སུ་སྐྱོ་བའི་སེམས་དང་། གནོད་པ་དང་ལྡན་པའི་སེམས་དང་། བར་ཆད་དང་ལྡན་པའི་སེམས་སོ།། དེ་ལ་བྱང་ཆུབ ་སེམས་དཔའི་དགེ་བའི་ཆོས་རྣམས་ལ་ཡང་བར་སེམས་པ་ཉིད་དང་། མི་མོས་པའི་སེམས་ཉིད་དང་། བརྙས་པའི་སེམས་ཉིད་གང་ཡིན་པའི་དེ་ནི་ཁྱད་དུ་གསོད་པའི་སེམས་ཞེས་བྱའོ།། ལེ་ལོ་དང་གླག་དལ་དང་བག་མེད་པས ་ཀུན་ནས་དཀྲིས་པའི་སེམས་ནི་ལྡེ་ལོ་དང་ལྡན་པ་ཞེས་བྱའོ།། འདོད་པ་ལ་འདུན་པ་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པོ་གང་ཡང་རུང་བས་ཀུན་ནས་དཀྲིས་པའི་སེམས་ནི་བསྒྲིབས་པའི་སེམས་ཞེས ་བྱའོ།། བརྩོན་འགྲུས་བརྩམས་ཤིང་གནས་པའི་ལུས་ཀྱིས་ངལ་བ་དང་སེམས་ཀྱིས་འཁྲུལ་པས་ཟིལ་གྱིས་གནོན་པའི་སེམས་ནི་བཙལ་བས་ཡོངས་སུ་ངལ་བའི་སེམས་ཞེས་བྱའོ།། གནོད་པ་གང་ཡང་རུང་བས་ཟིལ་གྱིས ་ནོན་པའི་སེམས་སྦྱོར་བཟོད་པའི་མཐུ་མེད་པ་དེ་ནི་གནོད་པ་དང་ལྡན་པའི་སེམས་ཞེས་བྱའོ།། སྨྲ་བ་ལ་དགའ་བ་ལ་སོགས་པ་བར་ཆད་དང་ལྡན་པའི་སེམས་ནི་བར་ཆད་དང་ལྡན་པའི་སེམས་ཞེས་བྱའོ།། བྱང་ཆུབ་སེམས་དཔའ ་སེམས་དྲུག་པོ་དེ་དོག་ལ་འདི་ལྟར་སོ་སོར་བརྟག་པར་བྱ་སྟེ། ཅི་བདག་གི་སེམས་ལ་སེམས་དྲུག་པོ་དེ་དག་ལས་གང་ཡང་རུང་བ་རབ་ཏུ་སྤྱོད་པ་ཡོད་དམ། འོན་ཏེ་མེད་སྙམ་དུ་སོ་སོར་རྟོག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་སེམས ་དང་པོ་གསུམ་པོ་དེ་དག་ནི་སྐྱེས་སོ་ཅོག་གཅིག་ཏུ་དང་དུ་མི་བླང་བར་བྱ་སྟེ། གང་ལ་ཏེ་དང་དུ་ལེན་པར་བྱེད་ཅིང་སྤོང་བར་མི་བྱེད་ན། ཐམས་ཅད་དུ་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ།། བཽ་ཙལ་བས་ཡོངས་སུ་སྐྱོ་བའི་སེམས ་ནི་སྐྱེས་པ་ན་གལ་ཏེ་འདི་ལྟ་བུའི་སེམས་ཀྱིས་དགེ་བའི་ཆོས་རྣམས་ལ་སྦྱོར་བ་གཏོང་བར་བྱེད་དེ། ཇི་ནས་ཀྱང་ལུས་དང་སེམས་ངལ་ཞིང་འཁྲུག་པར་བྱེད་པ་འདི་སོ་སོར་བསལ་ནས། ཡང་དགེ་བའི་ཆོས་རྣམས་ལོ་སྦྱར་བར་བྱས། ་སྙམ་དུ་སེམས་ན་ནི་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ།། གལ་ཏེ་བདག་ལ་དོག་པ་ལ་སྦྱོར་བ་གང་གིས་བདག་ཚེ་འདི་ལ་སྡུག་བསྔལ་བར་འགྱུར་བ་འདི་ལྟ་བུས་ཇི་ཞིག་བྱ་སྙམ་དུ་སེམས་ཤིང་ཐམས་ཅད་ཀྱི་ཐམས་ཅད་དུ་གཏན ་སྤོང་བར་བྱེད་ན་ནི་དེ་ལ་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ།། གནོད་པ་དང་ལྡན་པའི་སེམས་ནི་ཉེ་བར་གནས་པར་གྱུར་པ་ནི། བྱང་ཆུབ་སེམས་དཔའི་དགེ་བའི་སྦྱོར་བ་ལ་འདོད་དགུར་བྱར་མེད་པ་ཡིན་པས་དེ་དང་དུ་བླངས་ནས ་ཡང་ཁ་ན་མ་ཐོ་བ་མེད་དོ།། བར་ཆད་དང་ལྡན་པའི་སེམས་ནི་ཉེ་བར་གནས་པར་གྱུར་པ་ན། གལ་ཏེ་འདོད་དགུར་བྱར་མེད་ངམ་དོན་ཆོས་ཆེན་པོ་ཞིག་ཡང་དག་པར་རྗེས་སུ་མཐོང་ནས་དང་དུ་ལེན་ན་ནི་ཁ་ན་མ་ཐོ ་བ་མེད་དོ།། གལ་ཏེ་དེ་ལ་འདོད་དགུར་བྱར་ཡོད་དམ། དོན་མེད་པ་འམ་དོན་ཆོས་ཆུང་བ་ཞིག་ཡང་དག་པར་རྗེས་སུ་མཐོང་ནས་དང་དུ་ལེན་པར་བྱེད་ན་ནི་ཁ་ན་མཱ་ཐོ་བ་དང་བཅས་པར་འགྱུར་རོ།། སེམས་དྲུག་པོ་དེ་དག་ལས ་སེམས་སྔ་མ་གསུམ་པོ་དག་གི་བྱུང་བ་དང་དུ་བླངས་སོ་ཅོག་ནི་གཅིག་ཏུ་ཁ་ན་མེ་ཐོ་བ་དང་བཅས་པར་འགྱུར་རོ།། གནོད་པ་དང་ལྡན་པའི་སེམས་གཅིག་པུ་ནི་དང་དུ་བླངས་ཀྱང་ཁ་ན་མ་ཐོ་བ་མེད་དོ།། སེམས་ལྷག་མ་གཉིས ་ཀྱི་བྱུང་བ་དང་དུ་བླངས་སོ་ཅོག་ནི་རྣམ་གྲངས་ཀྱི་ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ།། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལྔ་བརྩོན་པའི་བྱང་ཆུབ་སེམས་དཔས་ནི་རྣམ་པར་གཏོགས་པའི ་གནས་དྲུག་ལ་སོ་སོར་བརྟག་པར་བྱ་སྟེ། བདག་དང་། གཞན་དང་། ཟང་ཟིང་གིས་ཕོངས་པ་དང་། ཟང་ཟིང་གིས་འབྱོར་པ་དང་། ཆོས་ཀྱིས་ཕོངས་པ་དང་། ཆོས་ཀྱིས་འབྱོར་པ་ནི་གནས་དྲུག་པ་ཡིན་ནོ།། དེ་ལ་ཟང་ཟིང་གིས ་ཕོངས་པ་ཞེས་བྱ་བ་ནི། ཆོས་གོས་དང་བསོད་སྙོམས་ལ་སོགས་པ་མ་རྙེད་པ་རྣམས་མི་རྙེད་པ་དང་། རྙེད་ཅིང་འཇུག་པ་རྣམས་རྒྱུན་འཆད་ཅིང་འགྱུར་བའོ།། ཟང་ཟིང་འབྱོར་པ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ།། ཆོས ་ཀྱིས་ཕོངས་པ་ཞེས་བྱ་བ་ནི་བསླབ་པ་ཉམས་པ་དང་དེ་བཞིན་གཤེགས་པས་གསུངས་པ་དོན་དམ་པའི་ཆོས་ཀྱི་ཚིག་སྔོན་མ་ཐོས་མཉན་དུ་མེད་པ་དང་། སྔོན་མ་ཐོས་པ་ཇི་ལྟ་བ་བཞིན་དུ་སྔོན་མ་བསམས་པ་བསམ་དུ་མེད ་པ་དང་། ཐོས་པའི་བར་ཆད་དང་། བསམ་པའི་བར་ཆད་དང་། ཐོས་པ་དང་བསམ་པ་བརྗེད་པ་དང་། བསྒོམ་པ་ལས་བྱུང་བའི་དགེ་བ་མ་ཐོབ་པ་མི་ཐོབ་པ་དང་། ཐོབ་པ་ཡོངས་སུ་ཉམས་པར་འགྱུར་བའོ།། ཆོས་འབྱོར་པ་ནི་དེ ་ལས་བཟློག་པ་ལས་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔས་བདག་ཉིད་ཀྱི་ཆོས་ཀྱིས་ཕོངས་པས་གཞན་དག་གི་ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་སྦྱོར་བར་མི་བྱའོ།། ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ ་ཆོས་འབྱོར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ།། དོན་གྱི་སྐབས་འདིར་ཆོས་ཀྱིས་ཕོངས་པ་ཞེས་བྱ་བ་ནི་བསླབ་པ་ཉམས་པས་བསྡུས་པ་དང་། བསླབ་པ་ཉམས་པ་དང་རྗེས་སུ་མཐུན་པས་བསྡུས་པ་དང་། ཐོབ་པའི་ཆོས་ཡོངས་སུ ་ཉམས་པས་བསྡུས་པ་ཡིན་པར་རིག་པར་བྱའོ།། བདག་ཉིད་ཀྱི་ཟང་ཟིང་གིས་ཕྱོངས་པས་གཞན་ངག་གི་ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ནི་བརྩོན་པར་བྱ་སྟེ། ཟང་ཟིང་འབྱོར་པ་དེའང་གལ་ཏེ་ཆོས་ཀྱིས་ཕོངས་པ་བསྐྱེད་པར་མི ་བྱེད་ནའོ།། གལ་ཏེ་ཆོས་ཀྱིས་ཕོངས་པ་བསྐྱེད་པར་བྱེད་ན་ནི་བརྩོན་པར་མི་བྱའོ།། ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ་ཆོས་འབྱོར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ།། བདག་ཉིད་ཀྱི་ཟང་ཟིང་འབྱོར་པས་གཞན་དག ་གི་ཟུང་ཟིང་འབྱོར་པར་བྱ་བའི་ཕྱིར་ཡང་བརྩོན་པར་བྱའོ།། ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ། ཆོས་འབྱོར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ།། བདག་ཉིད་ཀྱི་ཆོས་འབྱོར་པས་གཞན་དག་གི་ཟང་ཟི ་འབྱོར་པར་བྱ་བའི་ཕྱིར་ཡང་བརྩོན་པར་བྱའོ།། ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ་ཆོས་འབྱོར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ།། དེ་ལྟར་སྦྱོར་བར་མི་བྱེད་ན་ནི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་ལ། སྦྱོར་བར ་བྱེད་ན་ནི་ཁ་ནི་མ་ཐོ་བོ་མེད་པར་འགྱུར་རོ།། དེ་ལྟར་ན་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའ་སྡོམ་པ་ཡང་དག་པར་བླངས་པའི་འདུལ་བའི་སྡུས་པ་ཡིན་ནོ།། དེ་ལ་བྱང་ཆུབ་སེམས་དཔའ་དུས་རྟག་ཏུ་ཡིད་ལ་བྱ་ཞིང་བསླབ་པར ་བྱའོ།། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་པོ་གང་ཡིན་པ་དེ་ལས་གང་ཡང་རུང་བ་ཞིག་མ་ཚང་ན། བྱང་ཆུབ་སེམས་དཔའི་སྡོམ་པས་བསྡམས་པ་ཡིན་པར་བརྗོད་པར་བྱ་འམ། བསྡམས་པ་མ་ཡིན ་པར་བརྗོད་པར་བྱ་ཞེ་ན། བསྡམས་པ་མ་ཡིན་པར་བརྗོད་པར་བྱའོ།། ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ལས་འདི་ལྟ་སྟེ། སྡོམ་པའི་ཚུལ་ཁྲིམས་འདི་ནི་སྡུད་པར་བྱེད་པ་དང་འབྱོར་པར་བྱེད་པ་ཡིན་ཏེ། དེ་བསྡམས་ཤིང ་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་བསྡམས་ཤིང་བསྲུངས་པར་འགྱུར་ལ། དེ་མ་བསྡམས་ཤིང་མ་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་མ་བསྡམས་ཤིང་མི་བསྲུངས་པར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ ་སྡོམ་པའི་ཚུལ་ཁྲིམས་ཉམས་ན་སྡོམ་པ་ཐམས་ཅད་ཉམས་པ་ཡིན་པར་བརྗོད་པར་བྱའོ།། གང་གཞན་ལ་གྲགས་པར་བྱ་བའི་ཕྱིར་དང་། གཞན་གྱིས་ཡང་དག་པར་ལེན་དུ་བཅུག་ན། དེ་ལེན་པར་བྱེད་པར་ཟད་ཀྱི། རང་གི་ངང ་པས་བསམ་པ་ཐེག་པ་ནས་རྗེས་སུ་བརྟགས་ཤིང་སེམས་ཅན་རྣམས་ལ་སྙིང་རྗེ་བའི་སེམས་ཉེ་བར་བཞག་སྟེ་དགེ་བ་འདོད་པས་ལེན་པར་མི་བྱེད་པ་དེ་ཡང་བསྡམ་པ་མ་ཡིན་པར་བརྗོད་པར་བྱ་སྟེ། དེ་ནི་དེས་དགེ་བ་ཡོངས ་སུ་རྫོགས་པ་དང་སྦྱོར་བར་ཡང་མི་འགྱུར་ལ། དེའི་འབྲས་བུའི་ཕན་ཡོན་ཡང་འཐོབ་པར་མི་འགྱུར་རོ།། དེ་ལས་བཟློག་པས་ནི་སྡོམ་པས་བསྡམས་པ་དང་དགེ་བ་ཡོངས་སུ་རྫོགས་པ་དང་སྦྱོར་བར་འགྱུར་པ་དང་། དེའི་འབྲས ་བུ་ཕན་ཡོན་ཡང་འཐོབ་པར་འགྱུར་བར་རིག་པར་བྱའོ།། སྡོམ་པ་དེ་མ་གཏང་ན་ནི་ཚེ་རབས་གཞན་དུ་ཡང་རྗེས་སུ་འཇུག་པར་རིག་པུར་བྱའོ།། གལ་ཏེ་བཏང་ན་ནི་མ་ཡིན་ནོ།། དེ་གཏོང་བ་ནི་མདོར་བསྔོ་ན་རྒྱུ་བཞིས་འགྱུར་ཏེ། ཡང་དགེ ་པར་ལེན་པའི་སེམས་ཀྱིས་མི་འདྲ་བར་ངེས་པའི་སེམས་བསྐྱེད་པར་བྱེད་པ་དང་། མི་བརྡ་ཕྲད་པའི་དྲུང་དུ་འབུལ་བ་དང་ལྡན་པའི་ཚིག་བརྗོད་པར་བྱེད་པ་དང་། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པ་ཐམས་ཅད་དམ་རེ་རེ་ལ ་ཀུན་ནས་དཀྲིས་པ་ཆེན་པོས་ཉེས་པ་འབྱིན་པར་བྱེད་ན་བྱང་ཆུབ་སེམས་དཔའ་སྡོམ་པ་བཏང་བར་བརྗོད་པར་བྱའོ།། གལ་ཏེ་ཕྱིར་བླང་བའི་སེམས་ཡོངས་སུ་དག་པ་ཐོབ་པར་གྱུར་ན་ཡང་ཕྱིར་བླང་བར་ཡང་བྱའོ།། བྱང་ཆུབ་སེམས ་དཔའ་རབ་ཏུ་བྱུང་བས་ཆོས་གོས་གསུམ་མ་གཏོགས་པ་ཡོ་བྱད་ལྷག་པར་སངས་རྒྱས་ཀྱི་རྗེས་སུ་གནང་བ། ལུས་ཀྱི་ལོངས་སྤྱོད་དང་བདེ་བ་ལ་རེག་པར་གནས་པའི་རྗེས་སུ་མཐུན་པར་འགྱུར་བ་དག། གལ་ཏེ་སློངས་མོ ་པ་འདོད་པ་རྣམས་ལ་སོ་སོར་བརྟགས་ཏེ་སྦྱིན་པར་བྱེད་ན་ཁ་ན་མ་ཐོ་བ་མེད་དོ།། གལ་ཏེ་དགེ་བའི་ཕྱོགས་ལ་ལྟོས་པའི་ཕྱིར་ཡིན་གྱི། འདོད་པའི་ཁམས་སུ་གཏོགས་པ་མ་ཡིན་པས་སྦྱིན་པར་མི་བྱེད་ན་ཡང་ཁ་ན་མ་ཐོ་བ་མེད་པ་ཁོ ་ན་ཡིན་ནོ།། གལ་ཏེ་ཆོས་ཀྱི་གླེགས་བམ་བྲོས་ཟིན་པ་སློངས་མོ་པ་བྱིས་པའི་ཤེས་རབ་ཅན་རྣམས་ལ་སྦྱིན་པར་བྱེད་ན་ཁོ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ།། དེ་དག་ལ་སྦྱིན་པའི་ཕྱིར་གཞན་དག་ལ་སློང་བར་བྱེད་ན་ཡང་ཁ་ན་མ ་ཐོ་བ་དང་བཅས་པར་འགྱུར་རོ།། གལ་ཏེ་བདག་གིས་འདི་ཆོས་ཟབ་མོ་རྣམས་འཛིན་དུ་གཞུག་པ་དང་མོས་པར་བྱ་ནུས་སོ་སྙམ་པ་དེ་ལྟ་བུ་ཁོ་ན་སེམས་ཀྱིས་སྦྱིན་པར་བྱེད་ན་ནི་ཁ་ནཽ་མ་ཐོ་བ་མེད་དོ།། གལ་ཏེ་དམ་པའི་ཆོས་ལྟར ་བཅོས་པའི་གླེགས་བམ་མམ་མུ་སྟེགས་ཅན་གྱི་བསྟན་བཅོས་ཀྱི་གླེགས་བམ་ལ་དད་པའི་སེམས་ཅན་རྣམས་ལཾ་དེ་ཡི་གེར་འདྲིར་བཅུག་ནས་སམ་བྲིས་ཟིན་པ་ལོག་ན་བདོག་པ་སྦྱིན་པར་བྱེད་དམ། གཞན་ལས་བླངས་ཏེ ་སྦྱིན་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ།། བྱང་ཆུབ་སེམས་དཔས་གླེགས་བམ་བྲིས་ཟིན་པ་ལག་ན་བདོག་པ་དེའང་ཕྱིས་ཏེ། སངས་རྒྱས་ཀྱི་གསུང་རབ་ཡི་གེར་འདྲིར་གཞུག་པ་འམ། བདག་ཉིད་ཀྱིས་ཀྱང་སྙིང་པོ ་མེད་པ་ཁོ་ནར་ཡོངས་སུ་ཤེས་པར་བྱ་ཞིང་། གཞན་དག་ལ་ཡང་ལེགས་པ་ཁོ་ནར་བསྒྲག་པར་བྱའོ།། གལ་ཏེ་གླེགས་བམ་ལ་བྲིས་པ་སློང་བ་ཞིག་འོངས་པ་ན་དེ་ལ་འདིས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཡོངས་སུ་དྲི་བར་བྱ་སྟེ། ་གལ་ཏེ་བཙོངས་ལ་ཡོངས་སུ་ལོངས་སྤྱོད་པར་བྱའོ་ཞེས་ཟེར་ན། བྱང་ཆུབ་སེམས་དཔས་གལ་ཏེ་གླེགས་བམ་དེ་ཆོས་ཀྱི་དོན་དུ་སྟུ་གོན་བྱས་པ་ཞིག་ཡིན་ན་ནི་དེ་ལ་སྦྱིན་པར་མི་བྱ་བར། རཱིན་པ་དོག་ན་རིན་སྦྱིན་པར་བྱའོ།། གལ་ཏེ ་རིན་མི་བདོག་ན་གཉི་ག་མ་བྱིན་ན་ཡང་མོ་ཐོ་བོ་མེད་དོ།། གལ་ཏེ་ཆོས་ཀྱི་དོན་དུ་སྟ་གོན་བྱས་པ་མ་ཡིན་ན་ནི་ཅི་ནས་ཀྱང་བདེ་བར་ཡོངས་སུ་ལོངས་སྤྱོད་པར་བྱ་བའི་ཕྱིར་གླེགས་བམ་དེ་ཉིད་སྦྱིན་པར་བྱའོ།། དེ་བཞིན་དུ་གལ་ཏེ་གཞུང ་ཤིན་ཏུ་ངན་པ་འདྲི་བར་འདོད་པའི་ཕྱིར་སློངས་མོ་པ་ལ་མ་བྱིན་ན་ཡང་ཁ་ན་མ་ཐོ་བ་མེད་དོ།། གཞུང་ཤིན་ཏུ་ངན་པ་འདྲི་བར་འདོད་པ་ཇི་ལྟ་བ་བཞིན་དུ་གཞུང་འབྲིང་འདྲིར་འདོད་པ་ལ་ཡང་དེ་བཞིན་ནོ།། གཞུང་ཁྱད་པར་དུ་འཕགས ་པ་འདྲེ་བར་འདོད་པའི་ཕྱིར་སློང་བ་ལ་མ་བྱིན་ན་ནི་ཁ་ན་མ་ཐོ་བ་དང་བཅས་པར་རིག་པར་བྱའོ།། འདི་ན་བྱང་ཆུབ་སེམས་དཔའ་ཕན་འདོགས་པའི་སེམས་ཅན་རྣམས་ལ་ཕན་འདོགས་པའི་མཚན་མའི་རྗེས་སུ་འབྲང་ཞིང་ཟད ་ཟིང་དང་བཅས་པའི་སེམས་དང་ཕྱོགས་ཡོངས་སུ་གཟུང་བའི་ཚུལ་གྱིས་མཛའ་བཤེས་ཀྱི་བསམ་པ་སྐྱེད་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ།། གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་གནོད་པ་བྱེད་པའི ་མཚན་མའི་རྗེས་སུ་འབྲང་ཞིང་རྙོག་པའི་སེམས་དང་དགྲ་བོར་ཡོངས་སུ་གཟུང་བའི་སེམས་ཀྱིས་དགྲ་བོའི་བསམ་པ་སྐྱེད་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ།། གནོད་པ་བྱེད་པ་ཡང་མ་ཡིན ་པ་ཕན་པ་བྱེད་པ་ཡང་མ་ཡིན་པའི་སེམས་ཅན་རྣམས་ལ་ཐ་མལ་པའི་བསམ་པ་དང་བཏང་སྙོམས་ཀྱི་བསམ་པ་སྐྱེད་པར་བྱེད་ན་ཁ་ན་མི་ཐོ་བ་དང་བཅས་པར་འགྱུར་རོ།། གལ་ཏེ་རབ་ཏུ་འབྱུང་བའི་ཕྱིར་གསོལ་བ་འདེབས ་པ་ཞིག་འོངས་ན། དུས་ཀྱི་སྐྱོན་དང་དུས་ཐ་མའི་སྐྱོན་གྱི་རྗེས་སུ་འབྲང་ཞིང་རབ་ཏུ་འབྱིན་པར་མི་བྱེད་ན་ནི་ཁ་ན་མ་ཐོ་བ་མེད་དོ།། གལ་ཏེ་སྙིང་བརྩེ་བའི་སེམས་ཉེ་བར་བཞག་སྟེ་རབ་ཏུ་འབྱིན་པར་བྱེད་ན་ཡང་ཁ་ན་མ་ཐོ་བ་མེད་དེ། ་རབ་ཏུ་འབྱིན་པ་ཇི་ལྟ་བ་བཞིན་དུ་བསྙེན་པར་རྫོགས་པར་བྱེད་པ་དང་། གནས་སྦྱིན་པར་བྱེད་པ་དང་འཁོར་སྡུད་པར་བྱེད་པའང་དེ་བཞིན་དུ་རིག་པར་བྱ་སྟེ། རྣམ་པ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ ་གསུམ་ཡོངས་སུ་རྫོགས་པར་རིག་པར་བྱའོ།། དེ་ལ་སྦྱིན་པོ་ལ་སོགས་པ་རྒྱ་ཚོན་བསྟན་པ་རྣམས་ཀྱི་མདོར་བསྡུ་བོ་བསྟན་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི་མདོར་བསྡུ་ན་ཡོན་ཏན་ལྔ་དང་ལྡན་ན ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ་ཆགས་པ་མེད་པ་ཉིད་དང་མི་ལྟ་བ་ཉིད་དང་། ཁ་ན་མ་ཐོ་བ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་ཉིད་དང་། ཡོངས་སུ་བསྔོ་བ་ཉིད་ཀྱིས་སོ། ་སྦྱིན་པ་ལ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ།། དེ་ལ་ཆགས་པ་མེད་པ་ཉིད་ནི་སྦྱིན་པ་ལ་སོགས་པའི་གགས་སུ་གྱུར་པའི་ཆོས་རྣམ་པ་ཐམས་ཅད་ལ་ཚོགས་པ་མེད་པ་གང ་ཡིན་པའོ།། དེ་ལ་མི་ལྟ་བ་ཉིད་ནི་ཟང་ཟིང་དང་དེའི་འབྲས་བུ་ལ་སེམས་འབྲེལ་པ་མེད་པ་གང་ཡིན་པའོ།། དེ་ལ་ཁ་ན་མ་ཐོ་བོ་མེད་པ་ཉིད་ནི་སྦྱིན་པ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམ་པ་ཐམས་ཅད་རྣམ་པར་སྤངས ་པ་ཉིད་གང་ཡིན་པའོ།། དེ་ལྟ་རྣམ་པར་རྟོག་པ་མེད་པ་ཉིད་ནི་སྦྱིན་པ་ལ་སོགས་པ་ལ་ཀུན་བཏགས་པའི་ངོ་བོ་ཉིད་དུ་མི་ལྟ་བ་ཡིན་ནོ།། དེ་ལ་ཡོངས་སུ་བསྔོ་བ་ཉིད་ནི་སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་འབྲས་བུ་བླ་ན་མང ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་སྨོན་ལམ་འདེབས་པ་གང་ཡིན་པའོ།། དེ་ལ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རྣམ་པ་ལྔས་ཡོངས་སུ་ཟིན་པ་དེ་དག་ནི་བྱང་ཆུབ་སེམས ་དཔའི་སྦྱིན་པ་ཅེས་ཀྱང་བྱ། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་བར་ཞེས་ཀྱང་བྱའོ།། ཐམས་ཅད་ཀྱི་སྦྱིན་པ་ཞེས་ཀྱང་བྱ། ཤེས་རབ་ཐམས་ཅད་ཀྱི་བར་ཞེས་ཀྱང་བྱའོ།། དཀྱེའ་བ་སྦྱིན་པ་ཞེས་ཀྱང་བྱ། དཀའ་བའི་ཤེས ་ཀྱི་བར་ཞེས་ཀྱང་བྱ་སྟེ། རྒྱས་པར་སའི་དངོས་གཞིར་བསྟན་པའི་སྡོམ་གྱི་ཚིགས་སུ་བཅད་བ་ཐམས་ཅད་རྗེས་སུ་རྟོགས་པར་བྱའོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཉེ་བའི་ཉོན་མོངས་པོ་ནང་དང་ཕྱི་རོལ་ལས་བརྟེན་པ་རྣམ་པ ་བཅུ་ཡོད་དེ། དེ་དག་གི་གཉེན་པོར་བྱང་ཆུབ་སེམས་དཔའི་སྐུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་བསྟན་པ་རྣམས་གཅིག་ལས་འཕྲོས་པའི་གོ་རིམ་བཞིན་དུ་རིག་པར་བྱའོ།། དེ་ལ་ཕྱི་རོལ་ལས་བརྟེན ་པའི་ཉེ་བའི་ཉོན་མོངས་པ་ནི་རྣམ་པ་ལྔ་སྟེ། ཡོངས་སུ་ཉོན་མོངས་པ་དང་། སྤོང་བ་དང་། བྱམས་པས་ཞོན་པ་མེད་པ་དང་། ཡིད་ལ་བསམ་པ་ཡོངས་སུ་མ་རྫོགས་པ་དང་། ཡོངས་སུ་མ་སྨིན་པའོ།། ནང་ལས་བརྟེན་པའི་ཉེ ་བྱའི་ཉོན་མོངས་པ་ཡང་རྣམ་པ་ལྔ་སྟེ། ངེས་པར་འབྱིན་པ་མ་ཡིན་པ་ཉིད་དང་། ཀུན་ནས་ཉོན་མོངས་པ་ཅན་ཉིད་དང་། སྟོབས་དང་མི་ལྡན་པ་ཉིད་དང་། ཕྱོགས་སུ་ལྷུང་བ་དང་བཅས་པ་ཉིད་དང་། ཟད་པའི་ཆོས་ཅན་ཉིད་དོ།། ཚུལ ་ཁྲིམས་ཀྱི་ལེའུར་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པ་བཅུ་བསྟན་པ་ལ་རྣམ་པ་གཅིག་གིས་ནི་བསམ་པ་རྣམ་པར་དག་པ་བསྟན་ཏེ།། ལྷག་མ་རྣམས་ཀྱིས་ནི་སྦྱོར་བ་རྣམ་པར་དག་པ་བསྟན་པར་རིག་པར་བྱའོ།། དེ་ལ་སྐྱོ ་བ་ནི་རྣམ་པ་ལྔ་སྟེ། རྒྱུན་མི་འཆད་པའི་སྦྱོར་བ་དང་། ཡོངས་སུ་སྦྱོང་བའི་སྦྱོར་བ་དང་། ཡོངས་སུ་བསྔོ་བའི་སྦྱོར་བ་དང་། གྲོགས་ཀྱི་སྦྱོར་བ་དང་། སྲུང་བྱའི་སྦྱོར་བ་སྟེ། དྲི་ཡང་རྣམ་པ་གཉིས་པ་དང་གསུམ་པ་གཉིས་ཀྱིས་ནི ་སྦྱོར་བ་དང་པོ་བསྟན་ཏོ།། བཞི་པས་ནི་གཉིས་པའོ།། ལྔ་པས་ནི་གསུམ་པའོ།། དྲུག་པ་དང་བདུན་པ་དང་བརྒྱད་པ་དང་དགུ་པ་རྣམས་ཀྱིས་ནི་བཞི་པའོ།། བཅུ་པས་ནི་སྦྱོར་བ་ལྔ་པ་བསྟན་པར་རིག་པར་བྱའོ།། བཟོད་པ་རྣམ་པར ་བསྟན་པ་བཅུ་ལ་རྣམ་པར་དག་པ་གཉིས་སུ་རིག་པར་བྱ་སྟེ། སོ་སོར་རྟོག་པའི་སྟོབས་ཀྱིས་རྣམ་པ་ནི་རྣམ་པ་དགུས་བསྟན་ཏོ།། བསྒོམ་པའི་སྟོབས་ཀྱིས་རྣམ་པར་དག་པ་ནི་བཅུ་པས་བསྟན་ཏོ།། སོ་སོར་རྟོག་པའི་སྟོབས་ཀྱིས ་རྣམ་པར་དག་དེའང་རྣམ་པ་བཞིར་རིག་པར་བྱ་སྟེ། ཁ་ནི་མ་ཐོ་བ་སྐྱེ་བ་ཡོངས་སུ་སྤོང་བས་རྣམ་པར་དག་པ་དང་། དྲི་ཀུན་མི་སྤྱོད་པས་རྣམ་པར་དག་པ་དང་། ཁ་ན་མ་ཐོ་བ་མེད་པ་སྐྱེ་བས་རྣམ་པར་དག་པ་དང་། དེའི་རྒྱུ་ཡོངས་སུ ་མི་སྤོང་བས་རྣམ་པར་དག་པ་སྟེ། རྣམ་པ་གཅིག་དང་གཉིས་དང་གསུམ་དྲང་གོ་རིམ་བཞིན་ནོ།། མི་བཟོད་པའི་རྒྱུ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། སྙིང་རྗེ་མེད་པའོ།། བརྩོན་འགྲུས་ཀྱི ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བཅུས་རྣམ་པར་དག་པར་རིག་པར་བྱ་སྟེ། རྣམ་པར་སྦྱོར་བས་རྣམ་པར་དག་པ་དང་། ཡོངས་སུ་འདྲིས་པས་རྣམ་པར་དག་པ་དང་། རྩོམ་པས་རྣམ་པར་དག་པ་དང་། ཐབས་ཀྱིས་རྣམ་པར་དག ་པ་དང་། དུས་འབྲས་བུ་ཡོད་པར་གནས་པས་རྣམ་པར་དག་པ་དང་། ཚོགས་མེད་པར་གནས་པས་རྣམ་པར་དག་པ་དང་། ངེས་པར་འབྱུང་བས་རྣམ་པར་དག་པ་དང་། གྲོགས་ཀྱིས་ཡོངས་སུ་ཟིན་པས་རྣམ་པར་དག་པ་དང ་མངོན་པར་ཤེས་པས་མྱུར་བ་ཉིད་ཀྱིས་རྣམ་པར་དག་པ་དང་། མི་ཟད་པ་ཉིད་ཀྱིས་རྣམ་པར་དག་པའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པ་བཅུས་རྣམ་པར་དག་པ་ཡིན་ཏེ། དག་པ་ཉིད་ཀྱིས་རྣམ་པར་དག་པ་དང་། ་ཟག་པ་མེད་པ་རྣམ་པར་དག་པ་དང་། དངོས་གཞིའི་ཐབས་ཀྱིས་རྣམ་པར་དག་པ་དང་། དངོས་གཞི་ཐོབ་པས་རྣམ་པར་དག་པ་དང་། དབང་གི་ཐབས་ཀྱིས་རྣམ་པར་དག་པ་དང་། གནས་པ་ལ་དབང་བས ་རྣམ་པར་དག་པ་དང་། མངོན་པར་ཤེས་པ་བསྒྲུབ་པ་ལ་དབང་བས་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་དབང་བས་རྣམ་པར་དག་པ་དང་། མུ་སྟེགས་ཅན་ཚྭར་བཅད་པ་ལ་དབང་བས་རྣམ་པར ་དག་པ་དང་། འབྲལ་བ་བླ་ན་མེད་པས་རྣམ་པར་དག་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་རྣམ་པ་ལྔ་སྟེ། མཚན་ཉིད་རྟོགས་པས་རྣམ་པར་དག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པས ་རྣམ་པར་དག་པ་དང་། ལུང་དབོག་པ་རྟོགས་པས་རྣམ་པར་དག་པ་དང་། སྐྱེས་བུའི་བྱེད་པ་རྟོགས་པས་རྣམ་པར་དག་པ་དང་། འཐོབ་པ་རྟོགས་པས་རྣམ་པར་དག་པའོ།། བྱང་ཆུབ་སེམས་དཔའ་ཇི་ལྟར་ལུས་ལ་ལུས ་ཀྱི་རྗེས་སུ་ལྟ་ཞིང་གནས་ཤེ་ན། སྨྲས་པ། མཚན་མའི་ལུས་ལ་དེ་བཞིན་ཉིད་ཀྱི་རྗེས་སུ་ལྟ་ཞིང་གནས་སོ།། ལུས་ལ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་དང་སེམས་དང་ཆོས་རྣམས་ལཱ་ཡང་ཅི་རིགས་པར་རིག་པར་བྱའོ།། བྱང ་ཆུབ་སེམས་དཔའ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད་དོ་ཞེས་རྒྱས་པར་བྱ་བ་དེ་དག་གང་ཞེ་ན། སྨྲས་པ། དེ་དེ་ལྟར་དེ་བཞིན་ཉིད་ཀྱི་དམིགས་པ་ལ་ཉེ་བར་གནས ་བའི་སེམས་ལ་མཚན་མ་དང་གནས་ངན་ལེན་མི་སྣང་བར་གྱུར་པ་ཐམས་ཅད་དང་ནང་དུ་ཡང་དག་པར་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ་ཅེས་རྒྱས་པར་བྱའོ།། མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་ཇི་ལྟ ་བཔ་བཞིན་དུ་སྐྱེས་པ་སྣང་བར་གྱུར་པ་རྣམས་དང་། ནང་དུ་ཡང་དག་པར་སྐྱེས་པ་རྣམ་སྤང་བར་བྱ་བའི་ཕྱིར་དོང་། དེའི་གཉེན་པོ་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་དང་། སྐྱེས་པ་རྣམས་གནས་པར་བྱ་བའི་ཕྱིར ་འདུན་པ་སྐྱེད་པར་བྱེད་དོ་ཞེས་རྒྱས་པར་བྱ་བ་ཡང་དེ་བཞིན་དུ་རིག་པར་བྱའོ།། དེ་ལ་དང་པོར་དྲན་པ་ཉེ་བོར་བཞག་པ་དག་ལ་ནི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་རིག་པར་བྱའོ།། དེའི་འོག་ཏུ་དམིགས་པ་དེ་ཉིད ་ལ་སེམས་གནས་པར་བྱ་བའི་ཕྱིར་ཡང་དག་པའི་སྤོང་བ་རྣམས་ཀྱིས་རྩོལ་བར་རིག་པར་བྱའོ།། དེའི་འོག་ཏུ་ཏིང་ངེ་འཛིན་ཐོབ་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ལ་སྦྱོར་བར ་རིག་པར་བྱའོ།། དེའི་འོག་ཏུ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་མཚན་མ་དང་གནས་ངན་ལེན་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་དབང་པོ་རྣམས་དང་སྟོབས་རྣམས་ཀྱི་ལམ་ཡང་དག་པར་རྩོམ་པར་རིག་པོར་བྱ་སྟེ། ་དེ་ལ་དབང་པོ་རྣམས་ཀྱིས་ནི་སྦྱོར་བའི་ལམ་ཆུང་ངུ་ཡང་དག་པར་རྩོམ་པར་རིག་པར་བྱེད་དོ།། སྟོབས་རྣམས་ཀྱིས་ནི་ཆེན་པོའོ།། དེའི་འོག་ཏུ་སྦྱོར་བ་ཡང་དག་པར་བརྩམས་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡང ་དག་པའི་མཐའ་རྟོགས་པར་བྱེད་པར་རིག་པར་བྱའོ།། དེའི་འོག་ཏུ་ཡང་དག་པའི་མཐའ་རྟོགས་པ་འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་ལམ་གྱི་ཡན་ལག་རྣམས་ཀྱིས་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྗེས་སུ་འཐོབ་པར་རིག་པར་བྱའོ།། མཚན་མ་དང་གནས་ངན་ལེན་གྱི་འཆིང་པ་ནི་རྣམ་པ་བཅུ་བཞིར་རིག་པར་བྱ་སྟེ། དབང་པོའི་འཆིང་བ་དང་། ཡུལ་གྱི་འཆིང་བ་དང་། ་སེམས་ཅན་གཅིག་ལ་གཅིག་ཚོགས་པའི་འཆིང་བ་དང་། གནས་ཀྱི་འཆིང་པ་དང་། ཤེས་པ་མི་ཤེས་པའི་འཆིང་བ་དང་། ཤེས་བྱ་མི་ཤེས་པའི་འཆིང་པ་དང་། ཡང་འབྱུང་བ་ལ་སྲེད་པའི་འཆིང་བ་དང་། འཇིག་པ་ལ ་སྲེད་པའི་འཆིང་བ་དང་། རྒྱུ་མི་མཐུན་པ་དང་རྒྱུ་མེད་པ་ལ་མངོན་པར་ཞེན་པའི་འཆིང་བ་དང་། ཐོབ་པར་མངོན་པའི་ང་རྒྱལ་ཀྱི་འཆིང་པ་དང་། ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་འཆིང་བ་དང་། གང་ཟག ་གི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་འཆིང་བ་དང་། གང་ཟག་ཡོངས་སུ་ཤེས་པར་མངོན་པའི་ང་རྒྱལ་གྱི་འཆིང་བ་དང་། ཆོས་ཡོངས་སུ་ཤེས་པར་མངོན་པའི་ང་རྒྱལ་གྱི་འཆིང་བའོ།། དེ་ལ་གནས་ནི་འདི་ཡིན་ཏེ་སྟོང ་ཀྱི་འཇིག་རྟེན་གང་ཡིན་པ་སྟེ། དེ་ལ་བརྟེན་ནས་དབང་པོ་རྣམས་འབྱུང་བའི་ཕྱིར་རོ།། སྟོང་པ་ཉིད་ལོ་བརྟེན་ནས་དྲན་པ་ཉེ་བར་བཞག་པ་བསྒོམ་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་ནི་མདོར་ན་འདུ་ཤེས་ཀྱི་འཆིང་བ ་རྣམ་པ་དྲུག་ལས་སེམས་རྣམ་པར་གྲོལ་བར་བྱ་སྟེ། འདུ་ཤེས་ཀྱི་འཆིང་བ་རྣམ་པ་དྲུག་གང་ཞེ་ན། ལུས་དང་ཆོས་རྣམས་ཀྱི་བར་ལ་ནང་དུ་འདུ་ཤེས་པ་གང་ཡིན་པ་དེ་ནི་འདུ་ཤེས་ཀྱི་འཆིང་བ་དང་པོའོ།། དེ་དག་ཉིད་ལ་ཕྱི་རོལ་ཏུ་འདུ་ཤེས ་པ་གང་ཡིན་པ་དེ་ནི་གཉིས་པའོ།། དེ་དག་ཉིད་ལ་ནད་དང་ཕྱི་རོལ་དུ་འདུ་ཤེས་པ་གང་ཡིན་པ་དེ་ནི་གསུམ་པའོ།། ཕྱོགས་བཅུའི་སེམས་ཅན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དེ་དག་རྣམ་པར་ཐར་པར་བྱ་བའི་ཕྱིར་སྨོན་ལམ ་བཏབ་ནས་དྲན་པ་ཉེ་བར་བཞག་པ་དག་སྒོམ་པར་བྱེད་པ་དེ་ལ་འདུ་ཤེས་པ་གང་ཡིན་པ་དེ་ནི་བཞི་པའོ།། གང་གི་ལུས་ལ་སོགས་པ་ལ་རྗེས་སུ་ལྟ་ཞིང་གནས་པ་དེ་ལ་འདུ་ཤེས་པ་གང་ཡིན་པ་དེ་ནི་ལྔ་པའོ།། ལུས་ལ་སོགས། ་པ་དེ་དག་ཉིད་ལ་རྣམ་པར་ལྟ་ཞིང་གནས་པ་དེ་ལ་འདུ་ཤེས་པ་གང་ཡིན་པ་དེ་ནི་འདུ་ཤེས་ཀྱི་འཆིང་བ་དྲུག་པ་ཡིན་ནོ།། དེ་ལ་ལྟ་བའི་གོང་ནས་གོང་དུ་འདུ་ཤེས་ཀྱི་འཆིང་བ་རྣམ་པ་བཅུ་གཅིག་ཡོད་པར་རིག་པར་བྱ་སྟེ། ་གོང་ནས་གོང་དུ་འདུ་ཤེས་ཀྱི་འཆིང་བ་རྣམ་པ་བཅུ་གཅིག་གང་ཞེ་ན། ལུས་ལ་སོགས་པ་ལ་ལུས་ལ་སོགས་པར་རྗེས་སུ་ལྟ་ཞིང་གནས་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདེན་པ་ལ་དོན་གྱི་མཆོག་ཏུ ་འདུ་ཤེས་པ་གང་ཡིན་པ་དེ་ནི་དང་པོའོ།། ཀུན་ནས་ཉོན་མོངས་པའི་དོན་གྱི་མཆོག་དེ་ཉིད་ལ་བྱས་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་གཉིས་པའོ།། རྣམ་པར་བྱང་བ་པའི་དོན་གྱི་མཆོག་དེ་ཉིད་ལ་མ་བྱས་པར་འདུ་ཤེས་པ ་གང་ཡིན་པ་དེ་ནི་གསུམ་པའོ།། མ་བྱས་པའི་དོན་གྱི་མཆོག་དེ་ཉིད་ལ་རྟག་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་བཞི་པའོ།། ཀུན་ནས་ཉོན་མོངས་པ་པ་བྱས་པ་ལ་རྒྱུད་དུ་འཇུག་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་ལྔ་པའོ།། ་རྟག་པ་ཉིད་ལ་འགྱུར་བ་མེད་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་དྲུག་པའོ།། རྒྱུད་དུ་འཇུག་པ་དེ་ཉིད་ལ་སྡུག་བསྔལ་དང་བཅས་པས་སྡུག་བསྔལ་གྱི་རང་བཞིན་ཅན་དུ་འདུ་ཤེས་པ་གང་ཡིན་པ་དེ་ནི་བདུན་པའོ།། དེ་ཉིད་ལ་སྐྱེ་བ ་དང་འཇིག་པ་དང་གནས་པ་དང་གཞན་དུ་འགྱུར་བ་ཉིད་ཀྱི་རང་གི་མཚན་ཉིད་ཀྱིས་འགྱུར་བ་དང་བཅས་པ་ཉིད་ཀྱིས་དེའི་རང་གི་མཚན་ཉིད་དུ་འདུ་ཤེས་པ་གང་ཡིན་པ་དེ་ནི་བརྒྱད་པའོ།། འགྱུར་པ་མེད་པ་དང་འགྱུར་པ་དང་བཅས ་པའི་དོན་གྱི་མཆོག་དེ་ཉིད་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་འདུས་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་དགུ་པའོ།། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དེ་དག་ཐམས་ཅད་ལས་ཀུན ་ནས་ཉོན་མོངས་པ་དང་རྣམ་པར་བྱུང་བའི་བདག་ཉིད་མེད་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་བཅུ་པའོ།། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དེ་དག་ཉིད་ལ་ངོ་བོ་ཉིད་མེད་པའི་རང་གི་མཚན་ཉིད་དུ་འདུ་ཤེས་པ་གང ་ཡིན་པ་དེ་ནི་བཅུ་གཅིག་པ་སྟེ། དེ་ལྟར་གོང་ནས་གོང་དུ་འདུ་ཤེས་ཀྱི་འཆིང་བའི་རྣམ་པ་དེ་དག་ཤེས་ཤིང་མཐོང་བས། དེའི་ཕྱིར་བྱང་ཆུབ་སེམས་དཔས་སྟོང་པ་ཉིད་ལ་བརྟེན་ནས་དྲན་པ་ཉེ་བར་བཞག་པ་དག་སྒོམ་པར་བྱེད་ཅིང་སེམས ་ཀྱང་རྣམ་པར་གྲོལ་བར་བྱེད་དེ། འདུ་ཤེས་ཀྱི་འཆིང་བ་དེ་ལས་རྣམ་པར་གྲོལ་ན། འདུ་ཤེས་ཀྱི་འཆིང་བ་ཐམས་ཅད་ལས་ཀྱང་ནམྦྷ་པར་གྲོལ་བར་འགྱུར་རོ།། ཐེག་པ་ཆེན་པོ་པ་ལྟ་ལ་རང་གི་ཉེས་པ་གཟུང་ནས་འདི་སྐད་ཅེས་ཀུན ་རྫོབ་ཏུ་ནི་ཐམས་ཅད་ཡོད་ལ། དོན་ད་མཱ་པར་ནི་ཐམས་ཅད་མེད་དོ་ཞེས་ཟེར་རོ།། དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དོན་དམ་པ་ནི་གང་ཡིན། ཀུན་རྫོབ་ནི་གང་ཡིན་ཞེས་བརྗོད་པར་བྱའོ།། དེ་སྐད་དྲིས་པ་ན། གལ་ཏེ་དེ་འདི་སྐད་ཅེས་ཆོས ་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་ལ། ངོ་བོ་ཉིད་མེད་པའི་ཆོས་དེ་དག་ལེ་ངོ་བོ་ཉིད་དུ་དམིགས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཡོད་པ་མ་ཡིན་པ་དྲུག་ལ་ཀུན ་རྫོབ་ཏུ་བྱེད་པ་དང་། འདོགས་པ་དང་མངོན་པར་བརྗོད་པ་དང་ཐ་སྙད་དུ་བྱེད་པའི་ཕྱིར་རོ།། ཞེས་ལན་འདེབས་པར་གྱུར་ན་དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། ངོ་བོ་ཉིད་དུ་དམིགས་པ་དེ་མངོན་པར་བརྗོད་པ་དང་ཀུན་རྫོབ་ཀྱི་རྒྱུ་ལས ་བྱུང་བ་ཡིན་པར་འདོད་དམ། འོན་ཏེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཙམ་ཞིག་ཡིན་པར་འདོད། གལ་ཏེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་ནི་དེ་ནས་མངོན་པར་བརྗོད་པ་དང་ཀུན་རྫོབ་ཀྱི་རྒྱུ་ལས་བྱུང་བ་ཡིན། ་བས་ཡོད་པ་མ་ཡིན་པ་ཞེས་བྱར་མི་རུང་ངོ་།། གལ་ཏེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཙམ་ཞིག་ཡིན་ན་ནི་དེས་ན་གཞི་མེད་པར་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཅེས་བྱར་མི་རུང་ངོ་།། དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཅིའི་ཕྱིར་ན ་གང་དམིགས་པ་དེ་མེད་པ་ཡིན་ཞེས་ཀྱང་བརྗོད་པར་བྱའོ།། དེ་སྐད་དྲིས་པ་ན། གལ་ཏེ་འདི་སྐད་ཅེས་ཕྱིན་ཅི་ལོག་གི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་ལན་འདེབས་པར་གྱུར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ ་སྟེ། ཅི་ཕྱིན་ཅི་ལོག་དེ་ཡོད་པར་འདོད་དམ་འོན་ཏེ་མེད་པར་འདོད། གལ་ཏེ་ཡོད་ན་ནི་དེས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ནི་དོན་དམ་པའོ་ཞེས་བྱར་མི་རུང་ངོ་།། གལ་ཏེ་མེད་ན་ནི་དེས་ན་ཕྱིན་ཅི་ལོག་གི་དངོས་པོ་ཡིན ་པའི་ཕྱིར་གང་དམིགས་པ་དེ་ངོ་བོ་ཉིད་མེད་དོ་ཞེས་བྱར་མི་རུང་ངོ་།། ཐེག་པ་ཆེན་པོའི་མདོ་སྡེའི་དོན་རབ་ཏུ་དབྱེ་བའི་རྒྱུ་བསྟན་པ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། སྟོན་པ་ལ་གུས་པ་བསྐྱེད་པ་ཉིད་ཀྱི་ཕྱིར་བཤད་པ་ནི་དང་པོའོ།། ། ་འཁོར་ཡང་དག་པར་བསྡུ་བ་ཉིད་ཀྱི་ཕྱིར་བཤད་པོ་ནི་གཉིས་པའོ།། ཆོས་ལ་རིམ་གྲོ་ཆེར་བསྐྱེད་པ་ཉིད་ཀྱི་ཕྱིར་བཤད་པ་ནི་གསུམ་པའོ།། དངོས་པོ་ཉེ་བར་དགོད་པ་ཉིད་ཀྱི་ཕྱིར་བཤོད་པ་ནི་བཞི་པོའོ།། དེ་ཁོ་ནའི་དོན་མང་དུ ་བསྟན་པ་ཉིད་ཀྱི་ཕྱིར་བཤད་པ་ནི་ལྔ་པའོ།། རང་གི་མཚན་ཉིད་ཡོངས་སུ་བརྟག་པ་དང་། སྤྱིའི་མཚན་ཉིད་ཡོངས་སུ་བརྟག་པ་ལས་བརྩམས་ནས། སྐྱེ་མཆེད་བཅུ་གཉིས་པོ་དྲག་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐོབ་པར ་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་ལམ་རྣམ་པ་བཅུ་ཡོད་པར་རིག་པར་བྱ་སྟེ། དེ་ལ་རྣམ་པ་དྲུག་གིས་ནི་རང་གི་མཚན་ཉིད་ཡོངས་སུ་བརྟག་པ་ཡིན་ལ། རྣམ་པ་བཞིས་ནི་སྤྱིའི་མཚན་ཉིད་ཡོངས་སུ་བརྟག་པ་ཡིན་པར་རིག ་པར་བྱ་སྟེ། སྐྱེ་མཆེད་བཅུ་གཉིས་པོ་དག་ལ་མིག་ལ་སོགས་པའི་མིང་དང་བརྡ་རྣམ་པར་བཞག་པའི་མཚན་ཉིད་ལ་སྒྲ་ཙམ་གྱི་མཚན་ཉིད་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐོབ ་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་ལམ་དང་པོའོ།། གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་ལོག་པར་ཡོངས་སུ་རྟོག་པས་སྐྱེ་བ་སྣ་ཚོགས་ཡོངས་སུ་འཛིན་པའི་མཚན་ཉིད་ཡོངས་སུ་ཤེས་པ་གང་ཡིན་པ་དེ ་ནི་གཉིས་པའོ།། གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དག་ལྔ་རྒྱུ་ལས་བརྟེན་ཏེ་འཇུག་པའི་མཚན་ཉིད་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་གསུམ་པའོ།། གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་སྐད་ཅིག་ལ ་འཇིག་ཅིང་འཇུག་པའི་མཚན་ཉིད་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་བཞི་པའོ།། གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་རྣམ་པར་དག་པར་འཇུག་པའི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་ལྔ་པའོ།། ། ་དེ་ལ་ལས་རྣམ་པ་གཉིས་ལ་བརྟེན་ནས་རྣམ་པར་དག་པ་གཉིས་སུ་རིག་པར་བྱ་སྟེ། མངོན་པར་གྲུབ་པའི་རྣམ་པར་དག་པ་དང་། ཉེ་བར་ཞི་བའི་རྣམ་པར་དག་པའོ།། གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་མངོན ་པར་བརྗོད་པའི་གཞིའི་གནས་ཀྱི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པོ་དེ་ནི་དྲུག་པ་སྟེ། རྣམ་པ་དྲུག་པོ་དེ་དག་གིས་ནི་རང་གི་མཚན་ཉིད་ཡོངས་སུ་ཤེས་པར་རིག་པར་བྱའོ།། སྐྱེ་མཆེད་བཅུ་གཉིས་པོ་དེ་དག ་ལ་སྤྱིའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་བདུན་པའོ།། གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དེ་དག་ཉིད་ལ་སྤྱིའི་མཚན་ཉིད་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་གྱི་མཚན་ཉིད་དུ་ཡོངས་སུ ་ཤེས་པ་གང་ཡིན་པ་དེ་ནི་བརྒྱད་པའོ།། གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དེ་དག་ཉིད་ལ་སྤྱིའི་མཚན་ཉིད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྤྱོད་ཡུལ་གྱི་མཚན་ཉིད་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་དགུ་པའོ།། ་གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དེ་དག་ཉིད་ལ་སྤྱིའི་མཚན་ཉིད་རྣམ་པར་དག་པའི་རྒྱུའི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐོབ་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི ་ལམ་བཅུ་པ་ཡིན་ཏེ། རྣམ་པ་བཞི་པོ་དེ་དག་གིས་ནི་སྤྱིའི་མཚན་ཉིད་ཡོངས་སུ་བརྟག་པར་རིག་པར་བྱའོ།། གནས་པ་དང་ས་རྣམས་ཀྱི་གོང་ནས་གོང་མའི་ཁྱད་པར་ནི་ཁྱད་པར་རྣམ་པ་བརྒྱད་ཀྱིས་རིག་པར་བྱ་སྟེ། བསམ ་པའི་ཁྱད་པར་དང་། སེམས་རྣམ་པར་དག་པའི་ཁྱད་པར་དོང་། སྙིང་རྗེའི་ཁྱད་པར་དང་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་དང་། སེམསྣ་ཅན་ཡོངས་སུ་སྨིན་པའི་ཁྱད་པར་དང་། སངས་རྒྱསྟེ་སྣང་བར་འགྱུར་བ་དང་མཆོད་པ་དང་བསྙེན་བཀུར ་བྱེད་པའི་ཁྱད་པར་དང་། སྐྱེ་བའི་ཁྱད་པར་དང་། མཐུའི་ཁྱད་པར་གྱིས་སོ།། །། བམ་པོ་སུམ་ཅུ་བདུན་པ།། དོན་དམ་པ་ནི་མཚན་ཉིད་ལྔ་དང་ལྡན་པ་ཡིན་ཏེ། བརྗོད་དུ་མེད་པའི་མཚན་ཉིད་དང་། གཉིས་སུ་མེད་པའི་མཚན ་ཉིད་དང་། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་། ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོ།། དེ་ལ་བརྗོད་དུ ་མེད་པའི་མཚན་ཉིད་དང་། གཉིས་སུ་མེད་པའི་མཚན་ཉིད་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་བྱང་ཆུབ་སེམས་དཔའ་དོན ་ཟླཟབ་མོ་དགོངས་པ་ངེས་པར་འགྲེལ་ལ་དྲི་བ་དྲིས་པ། ཀྱེ་རྒྱལ་བའི་སྲས་ཆོས་ཐམས་ཅད་གཉིས་སུ་མེད་པ། ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་ན། ཆོས་ཐམས་ཅད་ནི་གང་། ཇི་ལྟར་ན་གཉིས་སུ་མེད་པ་ཡིན། རིགས ་ཀྱི་བུ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱ་བ་ནི་གཉིས་ཇི་ཙམ་པ་སྟེ། འདུས་བྱས་དང་འདུས་མ་བྱས་སོ།། དེ་ལ་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ནོ།། འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས ་ཀྱང་མ་ཡིན་ནོ།། སྨྲས་པ། ཀྱེ་རྒྱལ་བུའི་སྲས་ཇི་ལྟར་ན་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན། རིགས་ཀྱི་བུ་འདུས་བྱས་ཞེས ་བྱ་བ་དེ་ནི་སྟོན་པས་བཏགས་པའི་ཚིག་ཡིན་ཏེ། སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི ་ཀུན་ཏུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་བྱ་སྒྱུ་མ་ཡིན་ནོ།། རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། འདུས་བྱས་དང ་འདུས་མ་བྱས་སུ་མ་གཏོགས་པ་གང་ཅི་བརྗོད་ཀྱང་དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར། བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ། དངོས་པོ་དེ་ཡང་གང་ཞེ་ན། འཕགས་པ་རྣམས་ཀྱི་འཕགས་པའི་ཡེ་ཤེས་དང་། འཕགས ་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པར་གང་ཡིན་པ་སྟེ། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་འདུས་བྱས་ཞེས་མིང་དུ་བཏགས་སོ།། རིགས་ཀྱི ་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་སྣ་ཚོགས ་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་མ་བྱས་པ་ཡིན་ནོ།། རིགས་ཀྱི་བུ་འདུས་བྱས་ཞེས་བྱ་བཱ་དེ་ཡང་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། འདུས་བྱས་དང་འདུས་མ་བྱས་སུ་མ་གཏོགས་པ་གླང་ཅི་བརྗོད ་ཀྱང་དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར། དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ།། བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ། དངོས་པོ་དེ་ཡང་གང་ཞེ་ན། འཕགས་པ་རྣམས་ཀྱིས་འཕགས་པའི་ཡེ་ཤེས་དང་འཕགས་པའི་མཐོང ་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ། བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་རྟོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ཞེས་མིང་དུ་བཏགས་སོ།། ཀྱེ་རྒྱལ་བའི་སྲས་ཇི་ལྟར་ན་འཕགས་པ ་རྣམས་ཀྱི་དངོས་པོ་དེ་འཕགས་པའི་ཡེ་ཤེས་དང་འཕགས་པའི་མཐོང་བས་བརྗོད་དུ་མེད་པའི་མངོན་པར་རྫོགས་པར་སངས་རྒྱས་ཤིང་བརྗོད་དུ་མེད་པར་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱི་བའི་ཕྱིར་འདུས་བྱས ་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁྱས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། རྩ་དག་གམ། ལོ་མ་དག་གམ། ཤིང་དག་གྲམ། ་གསེག་མ་དག་གམ། གྱོ་དུམ་དག་གཅིག་ཏུ་བསྡུས་ནས་སྒྱུ་མའི་ལས་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་། ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱ ་དང་དུང་དང་མུན་ཤེལ་དང་བྱུ་རུའི་ཚོགས་དང་ནོར་དང་འབྲུ་དང་མཛོད་དང་བང་བུའི་ཚོགས་དག་རྣམ་པར་བསྟན་ན། དེ་ལ་སེམས་ཅན་གང་དྲུག་བྱིས་པའི་རང་བཞིན་ཅན་རྨོངས་པའི་རང་བཞིན་ཅན་ཤེས་རབ་འཆལ་པའི་རང་བཞིན ་ཅན་རྩཝ་དང་ལོ་མ་དང་ཤིང་དང་གསེག་མ་དང་གྱོ་དུམ་དེ་དག་མི་ཤེས་པ་དེ་དག་ནི་དེ་མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་ཡོད་དོ།། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས ་དང་། དཔུང་བུ་ཆུང་གི་ཚོགས་དང་། ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱཱ་དང་དུང་དང་མནཱ་ཤེལ་དང་བྷུ་རུའི་ཚོགས་དང་ནོར་དང་འབྲུ་དང་མཛོད་དང་བང་བའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་། ་དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་བཞིན་དུ་དེ་དག་ལ་ནན་གྱིས་མཆོག་ཏུ་གཟུང་ཞིང་། མངོན་པར་ཞེན་ནས་འདི་ནི་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་ཡང་བྱེད་དེ། དེ་ནི་དེ་དག་གིས་ཕྱིས ་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ནོ།། དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ། རྨོངས་པའི་རང་བཞིན་ཅན་མ་ཡིན་པ། ཤེས་རབ་དང་ལྡན་པའི་རང་བཞིན་ཅན། རྩཝ་དང་ལོ་མ་དང་ཤིང་དང་གསེག ་མ་དང་གྱོ་དུས་དེ་དག་ནི་དེ་དག་མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་གང་ཡིན་པ་འདི་ནི་མེད་དོ།། རྟ་པཱའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་། ནོར་བུ་དང་མུ་ཏིག ་དང་བཻ་ཌཱུརྱ་དང་དུང་དང་མུན་ཤེལ་དང་བྱུ་རུའི་ཚོགས་དང་ནཱར་དང་འབྲུ་དང་མཛོད་དང་བང་བའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་མེད་ཀྱི། གང་ལ་གླང་པོ་ཆེའི་ཚིགས་ཀྱི་འདུ་ཤེས་དང་། གླང་པོ་ཆེའི་ཚོགས་ཀྱི་རྣམ་གྲངས་ཀྱི་འདུ ་ཤེས་འབྱུང་བ་དང་། ནོར་དང་འབྲུ་དང་མཛོད་དང་བང་བའི་ཚོགས་ཀྱི་བར་གྱི་འདུ་ཤེས་དང་། དེ་དག་གི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་བའི་རྒྱུ་མ་བྱས་པ་འདི་ནི་ཡོད། མིག་སླུ་བར་བྱེད་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང ་དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་བཞིན་དུ་དེ་དག་ལ་ནན་གྱིས་མཆོག་ཏུ་གཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་ནོ་ཞེས་རྗེས་སུ་ཐ་སྙད་མི་འདོགས་ཀྱི། འདི་ལྟར་དོན་རྣམ་པར་རིག་པར་བྱ་བ ་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་མི་དགོས་པ་ཡིན་ནོ།། དེ་བཞིན་དུ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་སོ་སོའི་སྐྱེ་བོར་གྱུར་པ། ཤེས་རབ་འཕགས་པ་འཇིག་རྟེན་ལས ་འོངས་པ་མ་ཐོབ་པ། ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་མི་ཤེས་པ་དེ་དག་ནི་འདུས་བྱས་དང་འདུས་མ་བྱས་དེ་དག་མཐོང་དམ་ཐོས་ན་འདི་སྙམ་དུ་སེམས་ཏེ། འདུས་བྱས་དང་འདུས་མ་བྱས་སྣང་བ་གང ་ཡིན་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་དེ་དག་ལ་ནན་གྱིས་མཆོག་ཏུ་གཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་ཡང ་བྱེད་དོ།། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ནོ།། དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་མ་ཡིན་པ། བདེན་པ་མཐོང་བ། ཤེས་རབ་འཕགས་པ་འཇིག་རྟེན་ལྔས་འདས་པ་ཐོབ་པ། ཆོས་ཐམས ་ཅོད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་ཤེས་པ་དེ་དག་ནི་འདུས་བྱས་དང་འདུས་མ་བྱས་དེ་དག་མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། འདུས་བྱས་དང་འདུས་མ་བྱས་སྣང་བ་གང་ཡིན་པ་དེ་ནི་མེད་ཀྱི། གང་ལ་འདུས ་བྱས་དང་འདུས་མ་བྱས་ཀྱི་འདུ་ཤེས་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་བ་རྣམ་པར་རྟོག་པ་ལས་བྱུང་བ་འདུ་བྱེད་ཀྱི་མཚན་མ་སྒྱུ་མ་ལྟ་བུ་འདི་ནི་ཡོད། བློ་རྣམ་པར་རྨོངས ་པར་བྱེད་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་། དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་བཞིན་དུ། དེ་ལ་ནན་གྱིས་མཆོག་ཏུ་གཟུང་ཞིང་མངོན་པར་ཞེན་པ་འདི་ནི་བདེན་གྱི་གཞོན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྐད་མི ་འདོགས་ཀྱི། འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་མི་དགོས་པ་ཡིན་ནོ།། རིགས་ཀྱི་བུ་དེ་ལྟར་ན་འཕགས་པ་རྣམས་ཀྱི་དངོས་པོ ་དེ་འཕགས་པའི་ཡེ་ཤེས་དང་འཕགས་པའི་མཐོང་བས་རྗེས་སུ་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་། བརྗོད་དུ་མེད་པའི་ཆོས་ཉིད་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་། ་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའི་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་དེའི་ཚེ་ཚིགས་སུ་བཅུད་པ་འདི་སྨྲས་སོ།། ཟབ་མོ་བྱིས་པའི་སྤྱོད་ཡུལ་མོ་ཡིན་པོ།། བརྗོད་མེད་གཉིས ་མིན་རྒྱལ་བས་བསྟན་མཛད་ཀྱང་།། བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི་སྨྲ་བའི་སྤྲོས་ལ་དགའ་ཞིང་གཉིས་ལ་གནས།། མ་རྟོགས་པ་འམ་ལོག་པར་རྟོག་པ་དག། ལུག་དང་བ་ཡང་དག་ཏུ་ཡང་སྐྱེ་ཞིང་།། དེ་དགེ་ཤེས་པའི ་སྨྲ་བ་དེ་བོར་ནུས།། ཤིན་ཏུ་ཡུན་རིང་འཁོར་བ་འདྲིར་འཁོར་འགྱུར་ཞེས་གསུངས་སོ།། དེ་ལ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་གསུངས་པ་བཞིན ་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྔོན་གྱི་གདུགས་རྣམས་ཀྱི་ཤིན་ཏུ་སྔ་བ་ཞིག་ན། འདི་ནས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང ་བདུན་ཅུ་རྩ་བདུན་གྱི་བྱེ་མ་སྙེད་འདས་པ་ནི། དེ་བཞིན་གཤེགས་པ་གྲགས་པ་རྒྱ་ཆེན་གྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་གྲགས་པ་ཅན་ཞེས་བགྱི་བ་དེར་བདག་མཆིས་པའི་ཚེ། དེ་ན་བདག་གིས་མུ་སྟེགས་ཅན་རང་རང་གི ་སྟོན་པ་ལ་སོགས་པ་འབུམ་ཕྲག་བདུན་ཅུ་རྩ་བདུན་འདི་ལྟ་སྟེ། ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད་བསམ་པ་ལས་བརྩམས་ནས། ས་ཕྱོགས་ཞིག་ན་མཆིས་ཤིང་འདུས་ནས་དེ་དག་ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད ་སྙོམས་པར་བགྱིད། འཇལ་བར་བགྱིད། ཉེ་བར་རྟོག་པར་བགྱིད། ཡོངས་སུ་ཚོལ་བར་བགྱིད་ཀྱང་མ་རྟོགས་ནས། བློ་གྲོས་ཐ་དད་པཱ། ཡིད་གཉི་སྡེ་ཅན། བློ་གྲོས་ངན་པ། རྩོད་པ་དང་། འགྱེད་པར་གྱུར་པ་དག་གཅིག་ལ་གཅིག་ཁ ་སྟོབས་ཀྱིས་གནོད་པ་བགྱིས། གཞིར་འདེབས་པར་བགྱིས། གབ་གབ་ཀྱིས་གནོན་པ་བགྱིས། ཚར་བཅད་པ་བགྱིས་ཏེ། སོ་སོར་མཆིས་པ་དག་ཅིག་མཐོང་ནས། བཅོམ་ལྡན་འདས་བདག་འདི་སྙམ་བགྱིད་དེ། ཀྱེ་མ་དེ་བཞིན་གཤེ ་པ་རྣམས་འཇིག་རྟེན་དུ་འབྱུང་ཞིང་། དེ་དག་བྱུང་བས་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་འདི་ལྟ་བུ་རྟོག་པ་དང་མངོན་སུམ་དུ་བགྱི་བ་མཆིས་པ་ནི་ངོ་མཚར་རྨད་དུ་བྱུང་བ ་ལགས་སོ་སྙམ་བགྱིད་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཆོས་འཕགས་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ངས་ནི་དོན ་དམ་པ་རྟོག་གི་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བསྙད་ཅིང་གསལ་བར་བྱས། རྣམ་པར་ཕྱེ། གདུགས་པ་བྱས། ་རབ་ཏུ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ནི་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པ་ཡིན་པར་ངས་བཤད་ལ། སོ་སིའི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་རིག་པར་བྱ་བ་ནི་རྟོག་གེའི་སྤྱོད་ཡུལ་ཡིན་པོའི་ཕྱིར་ཏེ། ཆོས ་འཕགས་དྲིའི་ཕྱིར་རྣམ་གླེངས་དེས་ན་ཁྱེད་ཀྱི་འདི་ལྟར་རྟོག་གེ་ཐམས་ཅད་ལུས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ།། ཆོས་འཕགས་གཞན་ཡང་དོན་དམ་པ་ནི་མཚན ་མ་མེད་པའི་སྤྱོད་ཡུལ་ཡིན་པར་ངེས་བཤང་ལ། རྟོག་གེ་ནི་མཚན་མའི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ཡང་དག་པར་འདས་པའི་མཚན ་ཉིད་གང་ཡིན་པ་དེ་ནི་དོན་དམ་བྱ་ཡིན་པར་རིག་པར་བྱའོ།། ཆོས་འཕགས་གཞན་ཡང་དོན་དམ་པ་ནི་བརྗོད་དུ་མེད་པ་ཡིན་པརླ་ངས་བཤད་ལ། རྟོག་གོ་ནི་བརྗོད་པའི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲ ་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལྟོས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ།། ཆོས་འཕགས་གཞན་ཡང་དོན་དམ་པ་ནི་ཐ་སྙད་ཐམས་ཅད་ཡང ་དྲག་པར་ཆད་པ་ཡིན་པ་ངས་བཤད་ལ། རྟོག་གེ་ནི་ཐ་སྙད་ཀྱི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འོདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང ་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ།། ཆོས་འཕགས་གཞན་ཡང་དོན་དམ་པ་ནི་རྩོད་པ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པར་ངས་བཤད་ལ། རྟོག་གི་ནི་རྩོད་པའི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས ་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ།། ཆོས་འཕགས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་གང ་ཟག་ཇི་སྲིད་འཆིའི་བར་དུ་ཚ་བ་དང་ཁ་བའི་རོ་སྟན་བསྟེན་པས་སྦྲང་རྩིའི་རོ་འམ། ཤ་ཁ་རའི་རོ་བརྟག་པ་འམ། རྗེས་སུ་དཔག་པ་འམ། མོས་པར་མི་ནུས་སོ།། ཡུན་རིང་པོ་ནས་འདོད་པའི་འདོད་ཆགས་ལ་མོས་པའི ་འདོད་པ་ཡོངས་སུ་གདུང་བ་དག་གིས་ཡོངས་སུ་གདུངས་པས་ནི་ནང་གི་རབ་ཏུ་དབེན་པའི་བདེ་བ་གཟུགས་དང་སྐྲ་དང་དྲི་དང་རོ་དང་རེག་བྱའི་མཚན་མ་ཐམས་ཅད་དང་བྲལ་བ་ལ་བརྟག་པ་འམ། རྗེས་སུ་དཔག་པ་འམ། ་མོས་པར་མི་ནུས་སོ།། ཡུན་རིང་པོ་ནས་ཀུན་ཏུ་སྨྲ་བ་ལ་མོས་པ་ཀུན་ཏུ་སྨྲ་བ་ལ་མངོན་པར་དགའ་བས་ནི་ནང་གི་མི་སྨྲ་བ་འཕགས་པའི་བདེན་པ་ལ་བརྟག་པ་འམ། རྗེས་སུ་དབྱུག་པ་འམ། མོས་པར་མི་ནུས་སོ།། ཡུན་རིང་པོ་ནས ་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་ལ་མོས་པ། ཐ་སྙད་ལ་མངོན་པར་དགའ་བས་ནི་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ལ ་བརྟག་པ་འམ། རྗེས་སུ་དཔོག་པའམ། མོས་པར་མི་ནུས་སོ།། ཆོས་འཕགས་འདི་ལྟ་སྟེ་དཔེར་ན་ཡུན་རིང་པོ་ནས་བདག་གིར་ཡོངས་སུ་འཛིན་པ་ཉིད་ཀྱིས་རྩོད་པ་ལ་བརྩོན་པ། རྩོད་པ་ལ་མངོན་པར་དགའ་བས་ནི་བྱང་གི་སྒྲ ་མི་སྙན་དག་གིས་བདག་གིར་ཡོངས་སུ་འཛིན་པ་མེད་པ་ཉིད་དང་། རྩོད་པ་མེད་པ་ཉིད་ལ་བརྟག་པ་འམ། རྗེས་སུ་དཔག་པ་འམ། མོས་པར་མི་ནུས་སོ།། ཆོས་འཕགས་དེ་བཞིན་དུ་རྟོག་གེ་པཱ་ཐམས་ཅད་ཀྱིས་ཀྱང་དོན་དམ་པ ་རྟོག་གི་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་ལ་བརྟག་པ་འམ་རྗེས་སུ་དཔག་པ་འམ། མོས་པར་མི་ནུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ།། སོ་སོ་རང་རིག་མཚན ་མེད་སྤྱོད་ཡུལ་ཏེ།། བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ།། རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ།། དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད་ཅེས་གསུངས་པའོ།། དེ་ལ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལུས་ཡང་དག་པར་འདས་པའི ་མཚན་ཉིད་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལྔས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་ངག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན ་འདས་ཀྱིས་གང་གི་སླད་དུ་འདི་སྐད་ཅེས་དོན་དམ་པ་ནི་ཕྲ་བ་ཟབ་པ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལུས་ཡང་དག་པར་འདས་པའི་མཚན་ཉིད་རྟོགས་པར་དཀའ་བ་ཡིན་ནོ་ཞེས་བཀའ་སྩལ་ཏེ། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས ་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ལགས་སོ།། བཅོམ་ལྡན་འདས་འདི་ན་བདག་གིས་ས་ཕྱོགས་ཤིག་ན་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་བཞུགས་པ་རབ་ཏུ་མང་པོ་དག་ཅིག་འདི་ལྟ་སྟེ། འདུ་བྱེད་རྣམས་དང་། ་དོན་དམ་པ་ཐ་དད་པ་དང་ཐ་དད་པ་མ་ལགས་པ་ཉིད་བསམ་པ་ལས་བརྩམས་ཏེ། ཕན་ཚུན་ནས་མཆིས་ཤིང་མཆིས་ནས་འདུས་ཏེ་མཆིས་ནས། དེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྐད་ཅེས་འདུ་བྱེད་ཀྱི་མཚོན་ཉིད་དང ་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ལགས་སོ་ཞེས་མཆི། ཁ་ཅིག་ནི་འདི་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ལོགས་པ་མ་ལགས་ཀྱི། འདུ་བྱེད་ཀྱི་མཚན་ཉིད་དོང་དོན་དམ་པའི་མཚན ་ཉིད་ཐ་དད་པ་ལགས་སོ་ཞེས་མཆི། ཐེ་ཙོམ་དུ་གྱུར་པའི་བློ་གྲོས་ཅན་ཡིད་གཉིས་སུ་གྱུར་པ་ཁ་ཅིག་ནི་འདི་སྐད་དུ། གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ ་ལགས་སོ་ཞེས་མཆི་བ་དང་། གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ལགས་སོ་ཞེས་མཆི་བའི་བྱང་ཆུབ་སེམས་དཔའ་དེ་དག་ལས་གང་ནི་མེད་པར་མཆི་བ་ལགས། གང་ནི་ཤོ ་བེ་མཆི་བ་ལགས། གང་ནི་ཚུལ་བཞིན་དུ་ཞུགས་པ་ལགས། གང་ནི་ཚུལ་བཞིན་མ་ལགས་པར་ཞུགས་པ་ལགས་ཞེས་མཆི་བ་དག་ཅིག་མཐོང་ལོགས་སོ།། བཅོམ་ལྡན་འདས་མཐོང་ནས་ཀྱང་བདག་འདི་སྙམ་བགྱིད་དེ། རིགས ་ཀྱི་བུ་འདི་དག་ཐམས་ཅད་ནི་འདི་ལྟར་དོན་དམ་པ་འདུ་བྱེད་རྣམས་དང་ཐ་དད་པ་དང་ཐ་དད་པ་མ་ལགས་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཕྲ་བ་མ་འཚལ་བ། བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ ་ཚུལ་བཞིན་མ་ལགས་པར་ཞུགས་པ་ཤ་སྟག་ལགས་སོ་སྙམ་བགྱིད་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ ་གྲོས་ཤིན་ཏུ་རྣམ་དག་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། རིགས་ཀྱི་བུ་དེ་དག་ཐམས་ཅད་ནི་འདི་ལྟར་དོན་དམ་པ་འདུ་བྱེད་རྣམས་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཕྲ་བ་མི་ཤེས་པ། བྱིས ་པ། རྨོངས་པ། མི་གསལ་བ། མི་མཁས་པ། ཚུལ་བཞིན་མ་ཡིན་པར་ཞུགས་པཱ་ཤ་སྟག་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བློ་གློས་ཤིན་ཏུ་རྣམ་དྲུག་འདུ་ཤེས་རྣམས་ལ་དེ་ལྟར་སོ་སོར་རྟོག་པ་དག་ནི་དོན་དམ་པ་རྟོགས་པ་འམ་དོན ་དམ་པ་མངོན་སུམ་དུ་བྱེད་པ་མ་ཡིན་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་ཏུ་རྣམ་དག་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི་ངེས་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད ་བདེན་པ་མཐོང་པ་ཡིན་པར་ཡང་འགྱུར། སོ་སོའི་སྐྱེ་བོ་ཁོ་ནར་འགྱུར་བ་བཞིན་དུ་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལྔས་འདས་པ་འཐོབ་པར་ཡང་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབོ་མངོན་པར་རྫོགས ་པར་འཚང་རྒྱ་བར་ཡང་འགྱུར་རོ།། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་ལས་དོན་དམ་པའི་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི་དེས་ན་བདེན་པ་མཐོང་བ་རྣམས་ཀྱང་འདུ་བྱེད་ཀྱི་མཚན་མ་དང་བྲལ་བར་འགྱུར། འདུ་བྱེད་ཀྱི་མཚན་མ ་དང་མ་བྲལ་བའི་ཕྱིར་བདེན་པ་མཐོང་བ་ཡང་མཚན་མའི་འཆིང་བ་ལས་རྣམ་པར་གྲོལ་བར་ཡང་མི་འགྱུར། མཚན་མའི་འཆིང་བ་ལྔས་རྣམ་པར་མ་གྲོལ་ན་གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་རྣམ་པར་མི་གྲོལ་བར་འགྱུར། ་འཆིང་བ་དེ་གཉིས་ལས་མ་གྲོལ་ན་བདེན་པ་མཐོང་བས་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་ཡང་མི་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ ་བར་ཡང་མི་འགྱུར་རོ།། བློ་གྲོས་ཤིན་ཏུ་རྣམ་ངག་གང་གི་ཕྱིར་སོ་སོའི་སྐྱེ་བོའི་བདེན་པ་མཐོང་བ་མ་ཡིན། སོ་སོའི་སྐྱེ་བོ་ཁོ་ནར་འགྱུར་པ་བཞིན་དུ་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར ་ཡང་མི་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པོར་རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར་བ་དེའི་ཕྱིར། འདུ་བྱེད་ཀྱི་མཚན་ཉིད་དང་དོན་དྲིམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་བྱར་མི་རུང་སྟེ། དེ་ལ ་གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་ཟེར་བ་དེ་དག་ནི་རྣམ་གྲངས་དེ་སྔ་ན་ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་ཞུགས་པ་མ ་ཡིན་པར་རིག་པར་བྱའོ།། བློ་གྲོས་ཤིན་ཏུ་རྣམ་དག་གང་གི་ཕྱིར་བདེན་པ་མཐོང་བ་རྣམས་འདུ་བྱེད་ཀྱི་མཚན་མ་དང་བྲལ་བ་མ་ཡིན་གྱི། བྲལ་བ་ཁོ་ན་ཡིན་པ་དང་བདེན་པ་མཐོང་བ་མཚན་མའི་འཆིང་བ་ལས་རྣམ་པར་མ་གྲོལ ་བ་མ་ཡིན་གྱི། རྣམ་པར་གྲོལ་བ་ཡིན་པ་དང་། བདེན་པ་མཐོང་བ་གནས་ངན་ལེན་གྱི་འཆིང་བ་ལས་རྣམ་པར་མ་གྲོལ་བ་མ་ཡིན་གྱི། རྣམ་པར་མྱ་གྲོལ་བ་མ་ཡིན་གྱི་རྣམ་པར་གྲོལ་བ་ཡིན་པ་དང་འཆིང་བ་དེ་གཉི་ག་ལ་རྣམ་པར ་གྲོལ་ན་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་བ་དེའི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་དང ་དོན་དམ་པའོ་མཚན་ཉིད་ཐ་དད་པ་ཞེས་བྱར་མི་རུང་སྟེ། དེ་ལ་གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་ཟེར་བ་དེ་དག་ནི་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར ་ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ།། བློ་གྲོས་ཤིན་ཏུ་རྣམ་ངག་གཞན་ཡང་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི་དེས་ན་ཇི་ལྟར་འདུ ་བྱེད་ཀྱི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པ་དེ་བཞིན་དོན་དམ་པའི་མཚན་ཉིད་ཀྱང་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པར་འགྱུར་རོ།། བློ་གྲོས་ཤིན་ཏུ་རྣམ་དག་གལ་ཏེ་འདུ་བྱེད་ཀྱི་མཚན ་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ནའང་དེས་ན་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ལ་དོན་དམ་པའི་མཚན་ཉིད་སྤྱིའི་མཚན་ཉིད་དུ་གྱུར་པ་མ་ཡིན་པར་འགྱུར་རོ།། བློ་གྲོས་ཤིན་ཏུ་རྣམ་དག་གང་གི་ཕྱིར ་དོན་དམ་པའི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པ་མ་ཡིན་པ་དང་། འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ལ་དོན་དམ་པའི་མཚན་ཉིད་སྤྱིའི་མཚན་ཉིད་དུ་གྱུར་པ་དེའི་ཕྱིར། འདུ་བྱེད་ཀྱི་མཚན་ཉིད་དང་དོན ་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་བྱར་ཡང་མི་རུང་ལ། དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་བྱར་ཡང་མི་རུང་སྟེ། དེ་ལ་གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་ཟེར ་བ་དང་། དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་ཟེར་བ་དེ་དག་ནི་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་ཞུགས་པ་ནི་མ་ཡིན་པར་རིག་པར་བྱའོ།། བློ་གྲོས ་ཤིན་ཏུ་རྣམ་དག་གཞན་ཡང་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི། དེས་ན་ཇི་ལྟར་དོན་དམ་པའི་མཚན་ཉིད་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ལ་བྱེ་བྲག་མེད་པ་དེ་བཞིན ་དུ་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ཀྱང་བྱེ་བྲག་མེད་པར་འགྱུར་བ་དང་རྣལ་འབྱོར་པ་དག་འདུ་བྱེད་རྣམས་ལ་ཇི་ལྟར་མཐོང་བ་དང་ཐོས་པ་དང་། ཇི་ལྟར་བྱེ་བྲག་ཕྱེད་པ་དང་། ཇི་ལྟར་རྣམ་པར་ཤེས་པ་ལས་གོང་དུ་དོན་དམ ་པ་ཡོངས་སུ་ཚོལ་བར་ཡང་མི་འགྱུར་རོ།། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚོན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི་དེས་ན་འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང་། ངོ་བོ་ཉིད་མེད་པ་ཙམ་ཉིད་དོན་དམ་པའི ་མཚན་ཉིད་ཡིན་པར་ཡང་མི་འགྱུར། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་རྣམ་པར་བྱང་བའི་མཚན་ཉིད་ཀྱང་དུས་ཅིག་ཏུ་མཚན་ཉིད་ཐ་དད་དུ་གྲུབ་པར་འགྱུར་རོ།། བློ་གྲོས་ཤིན་ཏུ་རྣམ་དག་གང་གི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད ་རྣམས་ནི་བྱེ་བྲག་ཡོད་པ་ཡིན་ཏེ། བྱེ་བྲག་མེད་པ་མ་ཡིན་པ་དང་རྣལ་འབྱོར་པ་དག་འདུ་བྱེད་རྣམས་ལ་ཇི་ལྟར་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ལས་གོང་དུ་དོན་དམ་པ་ཡོངས་སུ་ཚོལ་བར་བྱེད་པ ་དང་། དོན་དམ་པ་ནི་འདུ་བྱེད་རྣམས་ཀྱི་བདག་མེད་པས་རབ་ཏུ་ཕྱེ་བ་ཡིན་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་ཀྱང་དུས་གཅིག་ཏུ་མཚན་ཉིད་ཐ་དད་དུ་གྲུབ་པ་མེད་པ་དེའི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་དང ་དོན་དམ་པའི་མཚན་ཉིད་ཐ་དད་པའང་ཐ་དད་པ་མ་ཡིན་པ་ཞེས་བྱར་མི་རུང་ངོ་།། དེ་ལ་གང་དག་གིས་འདི་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པ་འམ་ཐ་དད་པ་ཞེས་ཟེར་བ་དེ་དག་ནི་རྣམ་གྲང ་དེས་ན་ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ།། བློ་གྲོས་ཤིན་ཏུ་རྣམ་དག་འདི་ལྟ་སྟེ་དཔེར་ན་དུང་གི་དཀར་པོ་ཉིད་ནི་དུང་དང་མཚན་ཉིད་ཐ་དད་པ་མ་ཡིན་པ ་འམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ།། དུང་གི་དཀར་པོ་ཉིད་ཇི་ལྟ་བ་བཞིན་དུ་གསེར་གྱི་སེར་པོ་ཉིད་ཀྱང་དེ་བཞིན་ནོ།། པི་ཝང་གི་སྒྲའི་སྙན་པ་ཉིད་ཀྱང་པཾ་ཝང་གི་སྒྲ་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ་མཚན ་ཉིད་ཐ་དད་པར་གདགས་པར་སླ་བ་མ་ཡིན་ནོ།། ཨ་ཀ་རུ་ནག་པོའི་དྲི་ཞིམ་པོ་ཉིད་ཀྱང་ཨ་ཀ་རུ་ནག་པོ་དང་མཚན་ཉིད་ཐ་དད་དུ་གདགས་པར་སྲ་བ་མ་ཡིན་ནོ།། ན་ལེ་ཤམ་གྱི་ཚ་བ་ཉིད་ཀྱང་ན་ལྡེ་ཤམ་དང་མཚན་ཉིད་ཐ་དད་པ་མ ་ཡིན་པ་འམ་མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ།། ན་ལེ་ཤམ་གྱི་ཚ་བ་ཉིད་ཇི་ལྟ་བ་བཞིན་དུ་ཨ་རུ་རའི་བསྐ་བ་ཉིད་ཀྱང་དེ་བཞིན་ནོ།། འདི་ལྟ་སྟེ་དཔེར་ན་ཤིང་བལ་གྱི་འདའ་བའི་འཇམ་པ་ཉིད་ཀྱང་ཤིང་བལ་གྱི ་འདའ་བ་དང་མཚན་ཉིད་ཐ་དད་པ་མ་ཡིན་པ་འམ་མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན་མར་ལ་མར་གྱི་སྙིང་ཁུ་ཡང་མར་དང་མཚན་ཉིད་ཐ་དད་པ་མ་ཡིན་པ་འམ་མཚན་ཉིད་ཐ་དད་པར ་གདགས་པར་སླ་བ་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན་འདུ་བྱེད་ཐམས་ཅད་ལ་མི་རྟག་པ་ཉིད་དང་། ཟག་པ་དང་བཅས་པ་ཐམས་ཅད་ལ་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་ལ་གང་ཟག་གི་བདག་མེད་པ་ཉིད་ཀྱང་དེ་དག་དང་མཚན ་ཉིད་ཐ་དད་པ་མ་ཡིན་པ་འམ་མཚན་ཉིད་ཐ་དད་དུ་གདོགས་པར་སླ་བ་མ་ཡིན་ནོ།། བློ་གྲོས་ཤིན་ཏུ་རྣམ་དག་འདི་ལྟ་སྟེ་དཔེར་ན་འདོད་ཆགས་ཀྱི་མ་ཞི་བའི་མཚན་ཉིད་དང་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་འདོད་ཆགས་དང ་མཚན་ཉིད་ཐ་དད་པ་མ་ཡིན་པ་འམ་མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་པ་དང་། འདོད་ཆགས་ཀྱི་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་གཏི་མུག་གི་ཡང་དེ་བཞིན་དུ་རིག་པར་བྱའོ།། བློ་གྲོས་ཤིན་ཏུ་རྣམ་དག་དེ་བཞིན་དུ་འདུ ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཀྱང་མཚན་ཉིད་ཐ་དད་པ་མ་ཡིན་པ་འམ་མཚན་ཉིད་ཐ་དད་དུ་གདགས་པར་མི་བཟོད་ངོ་དོ།། བློ་གྲོས་ཤིན་ཏུ་རྣམ་དག་ངས་ནི་དེ་ལྟར་དོན་དམ་པོ། ཕྲ་བ། མཆོག་ཏུ་ཕྲ་བ། ཟབ་པ། མཆོག ་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལྔ་ཡང་དག་པར་འདས་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་བསྙད ་ཅིང་གསལ་བར་བྱས། རྣམ་པར་ཕྱེ། གདགས་པ་བྱས། རབ་ཏུ་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི།། གཅིག་དང་ཐ་དད་བྲལ་བའི ་མཚན་ཉིད་དེ།། གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ།། དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན།། སྐྱེ་བ་པོ་ཡིས་ལྷག་མཐོང་དང་།། ཞི་གནས་གོམས་པར་བྱས་ནས་ནི།། གནས་ངན་ལེན་གྱི་འཆིང་བ་དང་།། མཚན་མའི་འཆིང་ལས་རྣམ ་གྲོལ་འགྱུར་ཞེས་གསུངས་སོ།། དེ་ལ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། ་རབ་འབྱོར་ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་ཤེས་པ་བརྡ་སྤྲོད་པའི་སེམས་ཅན་ནི་ཇི་ཙམ་ཞིག་ཡོད་པར་ཤེས། ཁྱེད་ཀྱིས་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ ་མེད་པར་ཤེས་པ་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་ཇི་ཙམ་ཞིག་ཡོད་པར་ཤེས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་མ་མཆིས་པར་ཤེས་པ་བརྡ ་སྤྱོད་པར་བགྱིད་པའི་སེམས་ཅན་ནི་ཉུང་ཤས་ཅིག་མཆིས་པར་འཚལ་བ་ལགས་ཀྱི། བཅོམ་ལྡན་འདས་བདག་གིས་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་ཅན། མངོན་པའི་ང་རྒྱལ་གྱིས་ཟིན་ཅིང་ཤེས་པ་བརྡ་སྤྲོ ་པའི་སེམས་ཅན་ནི་ཚད་མ་མཆིས། གྲངས་མ་མཆིས་བརྗོད་དུ་མ་མཆིས་པ་སྐྱེད་ཅིག་མཆིས་པར་འཚལ་ལགས་ཏེ། བཅོམ་ལྡན་འདས་བདག་དུས་གཅིག་ཅིག་ན་དགོན་པ་ནགས་ཁྱོད་ཆེན་པོ་ཞིཀ་ན་མཆིས ་པའི་ཚེ། དེ་ན་བདག་གི་ཉེ་འཁོར་ན་དགེ་སློང་རབ་ཏུ་མང་པོ་དག་ཅིག་ཀྱང་དགོན་པ་ནགས་ཁྲོད་ཆེན་པོ་ནི་བརྟེན་ཅིང་གནས་ལྤགས་ཏེ། བདག་གིས་སླད་དྲོའི་དུས་ཀྱི་ཚེ། དགེ་སློང་དེ་དག་ཕན་ཚུན་ནས་མཆིས་ཤིང་མཇལ་ནས་ཆོས ་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་ཤེས་པ་བརྡ་སྤྲོད་པར་བགྱིད་དེ། དེ་ན་ཁ་ཅིག་ནི་ཕུང་པོ་དམིགས་པ་དང་། ཕུང་པོའི་མཚན་མ་དམིགས་པ་དང་། ཕུང་པོའི་སྐྱེ་བ་དམིགས་པ་དང་། ཕུང་པོའི་འཇིག ་པ་དམིགས་པ་དང་། ཕུང་པོ་འགོག་པ་དམིགས་པ་དང་། ཕུང་པོ་འགོག་པ་མངོན་དུ་བགྱི་བ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ཕུང་པོའི་དམིགས་པ་ཇི་ལྟ་བ་བཞིན་དུ། ཁ་ཅིག་ནི་སྐྱེ་མཆེད་དམིགས་པས། ་ཁ་ཅིག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ནི་ཟས་དམིགས་པ་དང་། ཟོས་ཀྱི་མཚན་མ་དམིགས་པ་དང་། ཟས་ཀྱི་སྐྱེ་བ་དམིགས་པ་དང་། ཟས་ཀྱི་འཇོག་པ་དམིགས་པ་དང ་ཟས་འགོག་པ་དམིགས་པ་དང་། ཟས་འགོག་པ་མངོན་དུ་བགྱི་བ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ནི་བདེན་པ་དམིགས་པ་དང་། བདེན་པའི་དམིགས་པ་དང་། བདན་པ་ཡོངས་སུ་ཤེས་པ་དམིགས་པ ་དང་། བདེན་པ་སྤང་བ་དམིགས་པ་དང་། བདེན་པ་མངོན་དུ་བགྱི་བ་དམིགས་པ་དང་། བདེན་པ་སྒོམ་པ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ནི་ཁམས་དམིགས་པ་དང་། ཁམས་ཀྱི་མཚན་མ་དམིགས་པ་དང་། ཁམས ་སྣ་ཚོགས་པ་ཉིད་དམིགས་པ་དང་། ཁམས་དུ་མ་དམིགས་པ་དང་། ཁམས་འགོག་པ་དམིགས་པ་དང་། ཁམས་འགོག་པ་མངོན་དུ་བགྱིད་པ་དམིགས་པ་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ནི་དྲན་པ་ཉེ་བར་གཞག་པ་དམིགས ་པ་དང་། དྲན་པ་ཉེ་བར་གཞག་པའི་མཚན་མ་དམིགས་པ་དང་། དྲན་པ་ཉེ་བར་གཞག་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོ་དམིགས་པ་དང་། དྲན་པ་ཉེ་བར་གཞག་པའི་སྒོམ་པ་དམིགས་པ་དང་། དྲན་པ་ཉེ་བར་གཞག་པ་མ་སྐྱེས་པ ་སྐྱེ་བ་དམིགས་པ་དང་། དྲན་པ་ཉེ་བར་གཞག་པ་སྐྱེས་པ་གནས་པ་དང་། མ་བསྐྱེད་པ་དང་། སླར་ཞིང་འབྱུང་བ་དང་འཕེལ་ཞིང་རྒྱས་པ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་དྲན་པ་ཉེ་བར་གཞག་པ་རྣམས་ཇི་ལྟ་བ་བཞིན ་དུ། ཁ་ཅིག་ནི་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ཁ་ཅིག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དམིགས་པ་དང་། ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་མི་དམིགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དམིགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ ་པ་དམིགས་པ་དང་། འཕགས་པའི་ལྡུམ་ཡན་ལག་བརྒྱུད་པ་མུ་སྐྱེས་པ་སྐྱེ་བ་དམིགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྐྱེས་པ་གནས་པ་དང་། མ་བསྒྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ ་ཞིང་རྒྱས་པ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད་པ་དགུ་མཐོང་ལགས་སོ།། མཐོང་ནས་ཀྱང་བདག་འདི་སྙམ་བགྱིད་དེ། ཚེ་དང་ལྡན་པ་འདི་དག་ནི་ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་ཤེས ་པ་བརྡ་སྤྲོད་པར་བགྱིད་ཅིང་། འདི་ལྟར་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་མ་འཚལ་བས་ཚེ་དང་ལྡན་པ་འདི་དག་ཐམས་ཅད་ནི་མངོན་པའི་ང་རྒྱལ་ཅན། མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་ཤེས་པ་བརྡ་སྤྲོད ་པར་བགྱོད་པ་ཤྭ་སྟག་ལགས་སོ་སྙམ་བགྱིད་ལགས་སོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་འདི་སྐད་ཅེས། དོན་དམ་པ་ནི་ཕྲ་བ། ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ། ཐམས་ཅད ་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ་ཞེས་བཀའ་སྩལ་པ། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ནི་བཅོམ ་ལྡན་འདས་ཀྱི་བསྟན་པ་འདི་ཉིད་ལ་ཞུགས་པ་དང་། དགེ་སློང་དུ་གྱུར་པའི་སེམས་ཅན་རྣམས་ཀྱིས་ཀྱང་དེ་ལྟར་རྟོགས་པར་དཀའ་བ་ལགས་ན། འདི་ལས་སླང་རོལ་པའི་མུ་སྟེགས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་འཚལ། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ངས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཕྲ་བ་ཟབ་པ་མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ་མངོན ་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བསྙད་ཅིང་གསལ་བར་བྱས་རྣམ་པར་ཕྱེ། གདགས་པ་བྱས། རབ་ཏུ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས ་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ཅིང་། རབ་འབྱོར་སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཟས་རྣམས་དང་། བདེན་པ་རྣམས་དང་། ཁམས་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས ་དང་། ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རྣམ་པར་དག་པའི ་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་པའི་ཕྱིར་རོ།། ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་དེ་ཡང་ཐམས་ཅང་ངུ་རོ་གཅིག་པ་སྟེ། མཚན་ཉིད་ཐ་དད་པ་མ་ཡིན་ནོ།། ཕུང་པོ་རྣམས་ལ ་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་རྣམས་དང་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་རྣམ་པར་དང་བའི་དམིགས་པ་དེ་ཡང་ཐམས་ཅད་དུ་རོ་གཅིག་པ་སྟེ། མཚན་ཉིད་ཐ་དད་པ་མ་ཡིན་ནོ།། རབ་འབྱོར་རྣམ་གྲངས་དེས ་ན་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ།། རབ་འབྱོར་གཞན་ཡང་དགེ་སློང་རྣལ་འབྱོར་སྤྱོད་པ་ནི་ཕུང་པོ་གཅིག་གི་དེ་བཞིན་ཉིད་དོ།། ་དམ་པ་ཆོས་བདག་མོད་པ་རབ་ཏུ་རྟོགས་ནས་ཡང་དེ་ལས་གཞན་པའི་ཕུང་པོ་རྣམས་དང་ཁམས་རྣམས་དང་སྐྱེ་མཆེད་རྣམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་ཟས་རྣམས་དང་བདེན་པ་རྣམས་དང་དྲན་པ་ཉེ་བར་གཞག ་པ་རྣམས་དང་ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་དབང་པོ་རྣམས་དྲང་སྟོབས་རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་སོ་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་སོ་སོ་ལ་དེ་བཞིན་ཉིད་དོན། ་དམྱ་པ་ཆོས་བདག་མེད་པ་ཡོངས་སུ་ཚོལ་བར་མི་བྱེད་ཀྱི། དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བ་གཉིས་སུ་མེད་པའི་ཤེས་པ་ལ་བརྟེན་པ་དེ་ཉིད་ཀྱིས། དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ངེས་པར་འཛིན་པ་དང ་མངོན་པར་རྟོགས་པ་ཁོ་ནར་བྱེད་དེ། རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ།། རབ་འབྱོར་གཞན་ཡང་ཇི་ལྟར་ཕུང་པོ ་དང་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ཟས་དང་བདེན་པ་དང་ཁམས་དང་དྲན་པ་ཉེ་བར་གཞག་པ་དང་ཡང་དག་པའི་སྤོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡིན ་ལག་འདི་དག་ཕྲན་ཚུན་མཚན་ཉིད་ཐ་དད་པ་དང་ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ་གལ་ཏེ་ཆོས་དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་མཚན ་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི་དེསྔ་ན་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་རྒྱུ་དང་བཅས་པ་ཡིན་ཞིང་རྒྱུ་ལས་བྱུང་བ་ཡིན་པར་འགྱུར་རོ།། རྒྱུ་ལས་བྱུང་བ་ཉིད་ཡིན་ན་ནི་འདུས་བྱས་ཡིན་པར་འགྱུར་རོ།། འདུས ་བྱས་ཉིད་ཡིན་ན་ནི་དོན་དམ་པ་ཉིད་ཡིན་པར་མི་འགྱུར་རོ།། དོན་དམ་པ་མ་ཡིན་ན་ནི་དོན་དམ་གཞན་ཞིག་ཡོངས་སུ་བཙལ་དགོས་པར་འགྱུར་རོ།། རབ་འབྱོར་གང་གི་ཕྱིར་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་རྒྱུ་ལས ་བྱུང་བ་མ་ཡིན་པ་དང་འདུས་བྱས་མ་ཡིན་པ་དང་། དོན་དམ་པ་མ་ཡིན་པ་མ་ཡིན་པ་དང་། དོན་དམ་པ་དེའི་དོན་དམ་པ་གཞན་ཡོངས་སུ་བཙལ་བར་བྱ་མི་དགོས་ཀྱི། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང ་རུང་སྟེ། རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་གནས་པར་བྱ་བའི་ཕྱིར་ཆོས་རྣམས་ཀྱི་ཆོས་ཉིད་དབྱིངས་དེ་ནི་རྣམ་པར་གནས་པ་ཁོ་ན་ཡིན་པ་དེའི་ཕྱིར། རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས ་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ།། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་གཟུགས་ཀྱི་རྣམ་པ་སྣ་ཚོགས་དུ་མ་མཚན་ཉིད་ཐ་དད་པ་ལ་མཚོན་མ་མེད ་པ་རྣམ་པར་རྟོག་པ་མེད་པ་འགྱུར་བ་མེད་པ་སྟེ། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ།། རབ་འབྱོར་དེ་བཞིན་དུ་དོན་དམ་པ་ཡང་མཚན་ཉིད་ཐ་དད་པའི་ཆོས་རྣམས་ལ་ཐམས་ཅད་དུ་རོ་གཅིག ་པའི་མཚན་ཉིད་ཡིན་པར་བལྟ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ།། དོན་དམ་དྭེ་ནི་ཐ་དད་མཱ་ཡིན་ཏེ།། ཀུན་ཏུ་རོ་གཅིག་མཚན་ཉིད་སངས་རྒྱས་གསུང་།། དེ་ལ་གང་དག ་ཐ་དད་ཀུན་རྟོག་པ།། དེ་དག་ང་རྒྱལ་གནས་པ་རྨོངས་པ་ཡིན་ཞེས་གསུངས་པའོ།། །། བམ་པོ་སུམ་ཅུ་བརྒྱད་པ།། དེ་ལ་སེམས་ཀྱི་མཚན་ཉིད་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་བྱུང་བ་བཞིན་བལྟ ་བར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པ་ཞུ་བ་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ། བྱང་ཆུབ་སེམས ་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བགྱི་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ལགས། དེ་བཞིན ་གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསདེ་བ་ལ་མཁས་པར་ཡང་དག་པར་འདོགས་ནའང་ཇི་ཙམ་གྱིས་འདོགས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས ་ཀྱིས་བློ་གྲོས་ཡངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་ཡངས་པ་ཁྱོད་དེ་ལྟར་སྐྱེ་པོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མིར་བཅས་པའི་སྐྱེ་དགུའི་དོན ་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ།། བློ་གྲོས་ཡངས་པ་དེའི་ཕྱིར་ཉོན་ཅིག་དང་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ ་ལ་མཁས་པ་ཁྱོད་ལ་བཤད་པར་བྱའོ།། བློ་གྲོས་ཡངས་པ་འགྲོ་བ་དྲུག་གི་འཁོར་བ་འདི་ན་སེམས་ཅན་གང་དང་གང་དག་སེམས་ཅན་གྱི་རིགས་གླང་དང་གང་དུ་ཡང་ན་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་སམ། ཡང་ན་མངལ་ནས ་སྐྱེ་བ་འམ། ཡང་ན་དྲོད་གཤར་ལས་སྐྱེ་བའིམི། ཡང་ན་རྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ་ལུས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་དར་དང་པོར་འདི་ལྟར་ལེན་པ་རྣམ་པ་གཉིས་པོ་གནས་དང་བཅས་པའི་དབང་པོ་གཟུགས ་ཙན་ལེན་པ་དང་མཚན་མ་དང་མིང་དང་རྣམ་པར་རྟོག་པ་ཐ་སྙད་འདོགས་པའི་སྤྲོས་པའི་བག་ཆགསཱ་ལེན་པ་ལ་བརྟེན་ནས་ས་བོན་ཐམས་ཅད་པའི་སེམས་རྣམ་པར་སྨིན་ཅིང་འཇུག་ལ་རྒྱུས་ཤིང་འཕེལ་བ་དང་ཡངས་པར ་འགྱུར་རོ།། དེ་ལ་གཟུགས་ཅན་གྱི་ཁམས་ན་ནི་ལེན་པ་གཉི་ག་ཡོད་ལ། གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་ལེན་པ་གཉིས་སུ་མེད་དོ།། བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས ་ཀྱང་བྱ་སྟེ། འདི་ལྟར་དེས་ལུས་འདི་བཟུང་ཞིང་བླངས་པའི་ཕྱིར་རོ།། ཀུན་གཞི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱིས་ཀུན་ཏུ་སྦྱོར་བ་དང་རབ་ཏུ་སྦྱོར ་བར་བྱེད་པའི་ཕྱིར་རོ།། སེམས་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ཀྱིས་ཀྱང་ཀུན་ཏུ་བསགས་པ་དང་ཉེ་བར་བསགས་པ་ཡིན་པའི་ཕྱིར་རོ།། བློ་གྲོས་ཡངས་པ་ལེན་པོའི ་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས། རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེ་ས་པ་དང་། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་དག་འབྱུང་ངོ་།། དེ་ལ་རྣམ་པར ་ཤེས་པ་དང་བཅས་པའི་མིག་དང་གཟུགས་རྣམས་ལ་བརྟན་ན་ས་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ། དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ། རྣམ ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་།། བློ་གྲོས་ཡངས་པ་དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་རྣ་བ་དང་སྣ་དང་ལྕེ་དང་། རྣམ་པར་ཤེས་པ་དང་བཅས་པའི་ལུས་དང་རེག་བྱ་རྣམས་ལས་བརྟེན་ནས ་ལུས་ཀྱི་རྣམ་པར་ཤེས་པ་འབྱུང་སྟེ། ལུས་ཀྱི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ། དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པའང་འབྱུང་ངོ་།། གལ་ཏེ་མིག་གི། ་རྣམ་པར་ཤེས་པ་ཅིག་ལན་ཅིག་འབྱུང་ན་ནི་མིག་གི་རྣམ་པར་ཤེས་པ་དང་སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཅིག་ཁོ་ན་ལྷན་ཅིག་འབྱུང་ངོ་།། གལ་ཏེ་རྣམ་པར་ཤེས་པའི་ཚོགས ་གཉིས་སམ་གསུམ་མམ་བཞི་ལན་གཅིག་གམ། ལྔ་ཅར་ལན་ཅིག་འབྱུང་ནའང་དེར་རྣམ་པར་ཤེས་པ་ལྔ་པོ་དག་དང་སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཅིག་ཁོ་ན་ལན་ཅིག་འབྱུང ་ངོ།། བློ་གྲོས་ཡངས་པ་འདི་ལྟ་སྟེ་དཔེར་ན་ཆུའི་ཆུ་ཀླུང་ཆེན་པོ་འབབ་པ་ལ། གལ་ཏེ་རླབས་ཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་རླབས་ཀྱང་གཅིག་ཁོ་ནར་འབྱུང་ངོ་།། གལ་ཏེ་རབས་གཉིས་སམ། གལ་ཏེ་རབ་ཏུ་མང ་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། རླབས་ཀྱང་ག་ཉིས་སམ་མང་པོ་དག་འབྱུང་ཞིང་། ཆུའི་ཀླུང་དེ་རང་གི་རྒྱུན་འཆད་པར་ཡང་མི་འགྱུར་ལ། ཡོངས་སུ་གསུངས་པར་ཡང་མི་འགྱུར་རོ།། མེ་ལོང་གི་དཀྱིལ་འཁོར། ་ཤིན་ཏུ་ཡོངས་སུ་དག་པ་ལ་ཡང་གལ་ཏེ་གཟུགས་བརྙན་ཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་གཟུགས་བརྙན་ཡང་གཅིག་ཁོ་ན་འབྱུང་ངོ་།། གལ་ཏེ་གཟུགས་བརྙན་གཉིས་སམ། གལ་ཏེ་གཟུགས་བརྙན་རབ་ཏུ ་མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། གཟུགས་བརྙན་ཡང་གཉིས་སམ་རབ་ཏུ་མང་པོ་དག་འབྱུང་ཞིང་། མེ་ལོང་གི་དཀྱིལ་འཁོར་དེ་གཟུགས་བརྙན་གྱི་དངོས་པོར་ཡོངས་སུ་འགྱུར་བ་ཡང་མ་ཡིན་ན། ཡོངསུ ་སྦྱོར་བར་ཡང་མི་མངོན་ནོ།། བློ་གྲོས་ཡངས་པ་དེ་བཞིན་དུ་ཆུ་ཀླུང་ལྟ་བུ་དང་། མ་ལོང་ལྟ་བུའི་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས། གལ་ཏེ་མིག་གི་རྣམ་པར་ཤེས་པ་གཅིག་ལན་ཅིག་འབྱུང ་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་མིག་གི་རྣམ་པར་ཤེས་པ་གཅིག་ཁོ་ན་ལན་ཅིག་འབྱུང་ངོ་།། གལ་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་ཅར་གྱི་བར་ངག་ལན་ཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་རྣམ ་པར་ཤེས་པའི་ཚོགས་ལྔ་ཅར་ལན་ཅིག་འབྱུང་ངོ་།། བློ་གྲོས་ཡངས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུགས་ཤེས་པ་ལ་བརྟེན་ཅིང་། ཆོས་ཀྱི་ལུགས་ཤེས་པ་ལ་གནས་ནས་སེམས་དང་ཡིད་དང་རྣམ་པར་ཤེས ་པའི་གསུང་བ་ལ་མཁས་པ་ཡིན་ཡང་། དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་རེ་ཙམ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འདོགས ་སོ།། བློ་གྲོས་ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་རང་གི་ལེན་པ་མི་མཐོང་། ལེན་པའི་རྣམ་པར་ཤེས་པ་ཡང་མི་མཐོང་ལ། དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིན་པ་དང་། ཀུན་གཞི་ཡང་མི་མཐོང་། ཀུན་གཞི ་རྣམ་པར་ཤེས་པ་ཡང་མི་མཐོང་། བསགས་པ་ཡང་མི་མཐོང་། སེམས་ཀྱང་མི་མཐོང་། མིག་ཀྱང་མི་མཐོང་། གཟུགས་ཀྱང་མི་མཐོང་། མིག་གི་རྣམ་པར་ཤེས་པ་ཡང་མི་མཐོང་། རྣ་བ་ཡང་མི་མཐོང་། སྒྲ་ཡང་མི་མཐོང་། རྣ་བའི ་རྣམ་པར་ཤེས་པ་ཡང་མི་མཐོང་། སྨྲ་ཡང་མི་མཐོང་། དྲི་ཡང་མི་མཐོང་། སྣའི་རྣམ་པར་ཤེས་པ་ཡང་མི་མཐོང་། ལྕེ་ཡང་མི་མཐོང་། རོ་ཡང་མི་མཐོང་། ལྕེའི་རྣམ་པར་ཤེས་པ་ཡང་མི་མཐོང་། ལུས་ཀྱང་མི་མཐོང་། རེག་བྱ ་ཡང་མི་མཐོང་། ལུས་ཀྱི་རྣམ་པར་ཤེས་པ་ཡང་མི་མཐོང་ཞིང་། བློ་གྲོས་ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་རང་གི་ཡིད་ཀྱང་མི་མཐོང་། ཆོས་རྣམས་ཀྱང་མི་མཐོང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང ་མི་མཐོང་ལ། དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིན་ན་དེ་ནི་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཡང་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ནི་སེམས་དང་ཡིད ་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་པར་འདོགས་སོ།། བློ་གྲོས་ཡངས་པ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསུང་བ་ལ་མཁས་པ་ཡིན་ལ། དེ་བཞིན་གཤེགས ་པ་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་ཡང་དེ་ཙམ་གྱིས་འདོགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ།། ། ་ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།། ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ།། བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས།། བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན།། ཅེས་གསུངས་སོ།། དེ་ལ་ཆོས་རྣམས་ཀྱི་མཚན་ཉིད ་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ཀྱིས་ཞུ་བ་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ། བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཞེས་བགྱི་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆིས་རྣམས་ཀྱི་མཚན ་ཉིད་ལ་མཁས་པ་ལགས། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པར་འདོགས་ནའང་ཇི་ཙམ་གྱིས་འདོགས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས ་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡོན་ཏན་འབྱུང་གནས་ཁྱོད་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལྔ་སྙིང་བརྩེ་བ་དང་ལྕེ་དང་མིར་བཅས ་པོའི་སྐྱེ་དགུའི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲ་བར་སེམས་པ་ནི་ལེགས་སོ་ལེགས་སོ།། ཡོན་ཏན་འབྱུང་གནས་དེའི་ཕྱིར་ཉོན་ཅིག་དང་། ཆོས་རྣམས་ཀྱི་མཚན་ཉིད ་ལ་མཁས་པ་བཤད་པར་བྱའོ།། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་མཚན་ཉིད་ནི་གསུམ་པོ་འདི་དག་ཡིན་ཏེ། གསུམ་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ ་པའི་མཚན་ཉིད་དོ།། ཡོན་ཏན་འབྱུང་གནས་དེ་ལ་ཆོས་རྣམས་ཀྱི་ཀུན་བཏགས་པའི་མཚན་ཉིད་གང་ཞེ་ན། ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་མིང་དང་བརྡས་ཆོས་རྣམས་ཀྱི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་རྣམ ་པར་བཞག་པ་གང་ཡིན་པའོ།། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར། ་འདི་སྐྱེ་བ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བརླ་གང་ཡིན་པའོ།། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི ་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྟུན་པའི་རྒྱུ་དང་། ལེགས་པར་ཚུལ་བཞིན་ཡིད་ལ་བྱས་པའི་རྒྱུས་དེ་རྟོགས་ཤིང་། དེ་རྟོགས་པ་གོས ་པར་བྱས་པ་ཡང་དག་པར་གྲུབ་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་འགྲུབ་པ་གང་ཡིན་པའོ།། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དབོར་ན་སྐྱེས་བུ་གང་ཟག་རབ་རིབ་ཀྱི་སྐྱོན་ཆགས ་པ་དེ་ལྟ་བུར་ནི་ཀུན་བཏགས་པའི་མཚན་ཉིད་བལྟ་བར་བྱའོ།། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན་དེ་ཉིད་ལ་རབ་རབ་ཀྱི་མཚན་མ་སྐ་ཤད་འཛིངས་པ་འམ། སྤང་མ་འམ། ཏིལ་གྱི་འབྲུ་འམ། སྔོན་པོའི་མཚན་མ་འམ། སེར ་པོའི་མཚན་མྦྷ་འམ། དམར་པོའི་མཚན་མ་འམ། དཀར་པོའི་མཚན་མ་སྣང་བར་གྱུར་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་བལྟ་བར་བྱའོ།། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་གང་ཟག་དེ ་ཉིད་ཀྱི་མིག་ཡོངས་སུ་དག་ཅིང་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དང་བྲལ་བར་གྱུར་པ་ན། མིག་དེ་ཉིད་ཀྱི་རང་བཞིན་གྱི་སྤྱོད་ཡུལ་མ་ནོར་བའི་སྤྱོད་ཡུལ་དེ་ལྟ་བུར་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བལྟ་བར་བྱའོ།། ཡོན་ཏན་འབྱུང ་གནས་འདི་ལྟ་སྟེ་དཔེ་རཱི་ན་ཤེལ་ཤིན་ཏུ་གསལ་བ་ནི་གང་གི་ཚེ་ཚོན་སྔོན་པོ་དང་ཕྲད་པར་གྱུར་པ་དེའི་ཚེ། ནོར་བུ་རིན་པོ་ཆེ་ཨཎྜ་རྙིལ་དང་། མཐོན་ཀྲ་ཆེན་པོ་ལྟ་བུར་སྣང་བར་འགྱུར་ཞིང་ནོར་བུ་རིན་པོ་ཆེ་ཨཎྜ་རྙིལ་དང་མཐོན་ཀ ་ཆེན་པོར་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ།། གང་གི་ཚེ་ཚོན་དམར་པོ་དང་ཕྲད་པར་གྱུར་པ་དེའི་ཚེ་ནཱི་ནོར་བུ་རིན་པོ་ཆེ་པདྨ་རཱ་ག་ལྟ་བུར་སྣང་བར་འགྱུར་ཞིང་། ནོར་བུ་རིན་པོ་ཆེ་པདྨ་རཱ་གར་ལོག ་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ།། གང་གི་ཚེ་ཚོན་ལྗང་ཁུ་དང་ཕྲད་པར་གྱུར་པ་དེའི་ཚེ་ནི་ནོར་བུ་རིན་པོ་ཆེ་མརྐ་ཏ་ལྷ་བུར་སྙིང་བར་འགྱུར་ཞིང་། ནོར་བུ་རིན་པོ་ཆེ་མརྐ་ཏ་རུ་ལོག་པར་འཛིན་པས ་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ།། གང་གི་ཚེ་ཚོན་སེར་པོ་དང་ཕྲད་པར་གྱུར་པ་དེའི་ཚེ་ནི་གསེར་ལྟ་བུར་སྣང་བར་འགྱུར་ཞིང་། གསེར་དུ་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར ་བྱེད་དོ།། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན་ཤེལ་ཤིན་ཏུ་གསལ་བ་ཚོན་དང་ཕྲད་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བཏགས་པའི་མཚན་ཉིད་ཀྱི་ཐ་སྙད་ཀྱི་བག་ཆགས་བལྟ་བར་བྱའོ།། འདི་ལྟ་སྟེ ་དཔེར་ན་ཤེལ་ཤིན་ཏུ་གསལ་བ་ལ་ནོར་བུ་རིན་པོ་ཆེ་ཨཎྜ་རྙིལ་དང་མཐོན་ཀ་ཆེན་པོ་དང་། པདྨ་རཱཾ་ག་དང་། མརྐ་ཏ་དང་། གསེསྡེར་དུ་ལོག་པར་འཛིན་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བཏགས་པའི་མཚན་ཉིད ་དུ་འཛིན་པར་བལྟ་བར་བྱའོ།། ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན་ཤེལ་ཤིན་ཏུ་གསལ་བ་དེ་ཉིད་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་བལྟ་བར་བྱའོ།། འདི་ལྟ་སྟེ་དཔེར་ན་ཤེལ་ཤིན་ཏུ་གསལ་བ་དེ་ཉིད་ནོར་བུ་རིན ་པོ་ཆེ་ཨཎྜ་རྙིལ་དང་མཐོན་ཀཱ་ཆེན་པོ་དང་པདྨ་རཱ་ག་དང་། མརྐ་ཏཱ་དང་། གསེར་གྱི་མཚན་ཉིད་དེར་རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་དེ ་ཀུན་བཏགས་པའི་མཚན་ཉིད་དེར་རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་མཚན་ཉིད་བལྟ་བར་བྱའོ།། ཡོན་ཏན་འབྱུང་གནས་དེ་ལ་མིང་དང ་འབྲེལ་པའི་མཚན་མ་ལ་བརྟེན་ནས་ནི་ཀུན་བཏགས་པའི་མཚན་ཉིད་རབ་ཏུ་ཤེས་སོ།། གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བཏགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་ལ་བརྟེན་ནས་ནི་གཞན་གྱི་དབང་གི་མཚན་ཉིད་རབ ་ཏུ་ཤེས་སོ།། གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བཏགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པ་ལ་བརྟེན་ནས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ།། ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ ་སེམས་དཔའ་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བཏགས་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རག་ཏུ་ཤེས་སོ།། ཡོན་ཏན ་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ཡོན་ཏན ་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ཡོན་ཏན་འབྱུང ་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ལ་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ངོ་།། ཀུན་ནས་ཉོན་མོངས ་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་འཐོབ་པར་འགྱུར་ཏེ། ཡོན་ཏན་འབྱུང་གནས་གང་གི་ཕྱིར་བྱང་ཆུབ་སེམས་དཔས་དེ་ལྟར་ཆོས་རྣམས་ཀྱི་ཀུན་བཏགས་པའི་མཚན་ཉིད་ཡང ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དང་། མཚན་ཉིད་མེད་པ་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་རྣམ་པར་བྱང་བའི ་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ཞིང་། ཀུན་ནས་ཉོན་མོངས་པའི ་ཆོས་རབ་ཏུ་སྤངས་ནས། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་འཐོབ་པར་འགྱུར་བ་དེ་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཡིན་ལ། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ། ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པར་འདོགས་པ་མཛད་པ་ན་ཡང་དེ་ཙམ་གྱིས་འདོགས་པར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། མཚན་ཉིད་མེད་པའི་ཆོས ་ནི་རབ་ཤེས་ན།། ཀུན་ནས་ཉོན་མོངས་མཚན་ཉིད་ཆོས་སྤོང་འགྱུར།། ཀུན་ནས་ཉོན་མོངས་པ་ནི་རབ་སྤངས་ན།། ཤིན་ཏུ་རྣམ་དགེ་མཚན་ཉིད་ཆོས་འཐོབ་འགྱུར།། སྐྱེ་བོ་བག་མྱེད་ཉེས་བཙོམཱ་ལེ་ལོ་ཅན།། འདུ་བྱེད་སྐྱོན་ལ ་རྟོག་པར་མི་བྱེད་པ།། བརྟན་མེད་གཡོ་བ་ཡོད་པའི་ཆོས་རྣམས་ལ།། རབ་ཏུ་ཉམས་པས་སྙིང་བརྩེར་བྱས་པ་ཡིན་ཞེས་གསུངས་པའོ།། དེ་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ནི་དགོངས་པ་ངེས་པོར་འགྲོལ ་པའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ན་བདག་ཅག ་གཅིག་ཏུ་དབེན་པ་ཞིག་ན་མཆིས་པའི་ཚེ། སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ལགས་ཏེ། བཅོམ་ལྡན་འདས་ཀྱུས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། སྐྱེ་བའི་མཚན ་ཉིད་དང་། འཇིག་པའི་མཚན་ཉིད་དང་། སྤང་བ་དང་ཡོངས་སུ་ཤེས་པ་ཡང་བཀའ་སྩོལ། ཕུང་པོ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཟས་རྣམས་ཀྱི་ཡང་བཀའ ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཡོངས་སུ་ཤེས་པ་དང་སྤང་བ་དང་མངོན་དུ་བགྱི་བ་དང་བསྒོམ་པ་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས ་རྣམ་གྲངས་དུ་མར་ཁམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཁམས་སྣ་ཚོགས་པ་ཉིད་དང་ཁམས་དུམ་པ་ཉིད་དང་། སྤང་བ་དང་ཡོངས་སུ་ཤེལ་པ་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གླེངས་དུ་མར ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་། མ་སྐྱེས་པ་རྣམས་སྐྱེ་བ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བསྐྱེད་པ་དང་། སླར་ཞིང་འབྱུང་བ ་དང་འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་སྩལ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཇི་ལྟ་བ་ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན ་ལག་རྣམས་ཀྱི་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་བསྒོམ་པ་དང་། ་མ་སྐྱེས་པ་རྣམས་སྐྱེ་བ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ་ཆོས་ཐམས་ཅད་མོ་སྐྱེས་པ། མོ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་སྩལ་ལེགས་ན། བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས་ཆོས་ཐམས་ཅད ་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད ་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་པའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས ་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དུམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དོན་དམ་ཡང་དག་འཕགས་ཁྱོད་ཀྱིས་སེམས་ཀྱི་ཡོངས་སུ ་རྟོག་པ་དགེ་བ་ཚུལ་བཞིན་སྐྱེས་པ་ལེགས་སོ་ལེགས་སོ།། དོན་དམ་ཡང་དག་འཕྱགས་ཁྱོད་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མྱུང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དྲང་ལྷ་དང་མིར་བཅས་པའི་སྐྱེ ་དགུའི་དོན་དང་ཕན་པ་དང་བདྲི་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་པོར་སེམས་པ་ནི་ཡང་ཁྱོད་ལེགས་སོ།། དོན་དམ་ཡང་དག་འཕགས་དེའི་ཕྱིར་ཁྱོད་ཉོན་ཅིག་དང་། ངས་ཅི་ལས་དགོངས ་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ། གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ཁྱོད་ལ་བཤད་པར་བྱའོ།། དོན་དམ་ཡང་དག ་འཕགས་ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ།། ། ་དོན་དམ་ཡང་དག་འཕགས་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན ་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས། དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ།། དོན་དམ་ཡང་དག་འཕགས་ཆོསྣ་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་གཞན ་གྱི་དབང་གི་མཚན་ཉིད་གང་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱིས། བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར་དེ་ནི་སྐྱེ་བོ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ།། དོན་དམ་ཡང་དག་འཕགས ་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པོ་དེ་དག་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མྱེད་པ་ཡང ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་ཆོས་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་བསྟན་ལ། གཞན་གྱི་དབང་གི་མཚན་ཉིད་དེ་ནི་རྣམ་པར་དག་པའི་དམིགས ་པ་མ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མྱེད་པ་ཉིད་ཅེས་བྱའོ།། དོན་དུམ་ཡང་དག་འཕགས་གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ།། ་དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ། དེ་ནི་དོན་དམ་པ་ཡིན་ལ། དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད ་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ།། དོན་དུས་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ་དཔེར་ན་ན་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་བལྟ་བར ་བྱའོ།། དོན་དམ་ཡང་དག་འཕོགས་དེ་ལ་འདི་ལྟ་སྟེ་དཔེར་ན་སྒྱུ་མ་བྱས་པ་ཇི་ལྟ་བ་དེ་ལྟ་བུར་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱང་བལྟ་བར་བྱའོ།། དོན་དམ་ངོ་བོ་ཉིད་མེད་པ་ཉིད་དེ་ལས་ཀྱང་གཅིག་བལྟ་བར་བྱའོ།། དོན་དས་ཡང ་དག་འཕགས་དེ་ལ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཙམ་གྱིས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུར་ན་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ ་དང་ཐམས་ཅད་དུ་སོང་བ་གཅིག་བལྟ་བར་བྱ་སྟེ། དོན་ངམ་ཡང་དག་འཕགས་ངས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དེ་དག་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ།། དོན་དམ་ཡང་དག་འཕ ་དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནུས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང ་ངག་འཕགས་འདི་ལྟར་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན། མ་སྐྱེས་པ་གང་ཡིན་པ་དེ་ནི་མ་འགགས་པ་ཡིན། མ་སྐྱེས་པ་དང་མ་འགགས་པ་གང་ཡིན་པ་དེ་ནི་གཟོད་མ་ནས་ཞི་བ་ཡིན། གཟོད་མ ་ནས་ཞི་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ཅུང་ཟད་ཀྱང་མེང་དེ་དེའི་ཕྱིར་མཚན ་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ།། དོན་དམ་ཡང་དག་འཕགས་ཡང་དོན་དམ་པ་ངོ། ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ།། དེ་ཅིའི་ཕྱིར ་ཞེ་ན། འདི་ལྟར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ནི་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་རྣམ་པར་གནས་པ་ཁོ་ན་ཡིན་ལོ། དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་པ ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། རྟག་པ་རྟག་པའི་དུས་དང་། ཐོར་ཟུག་པར་ཟུག་གི་དུས་སུ་ཆོས་ཉིད་དེ་ཉིད་ཀྱིས་རྣམ་པར་གནས་པ། འདུས་མ་བྱས་པ་གང་ཡིན་པ་དེ་ནི་འདུས་མ་བྱས་པའི་ཕྱིར་མ་སྐྱེས་པོ་དང་མ ་འགགས་པ་ཡིན་ལ། དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཟོད་མ་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མོད་པས་རབ་ཏུ་ཕྱེ་བ ་ལས་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བསྟན་ཏོ།། དོན་དམ་ཡང་དག་འཕགས་དུ་ནི་སེམས་ཅན་གྱི ་ཁམས་ན་སེམས་ཅནྡ་རྣམས་ཀུན་བཏགས་པའི་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་ཞིང་། གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་ཐ་དད་པར་མཐོང་བ་དེའི་ཕྱིར་ངོ་བོ་ཉིད་མེད་པ ་ཉིད་རྣམ་པ་གསུམ་མི་འདོགས་ཀྱི། སེམས་ཅན་རྣམས་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བཏགས་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བཏགས ་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་རྗེས་སུ་ཐ་སྙད་འདོགས་ཏེ། ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་ཐ་སྙད་བཏགས་པས་ཡོངས་སུ་བསྒོས་པའི་སེམས་ཐ་སྙད་བཏགས་པ་དང་རྗེས་སུ་འབྲེལ་པ་འམ། ་ཐཱ་སྙད་བཏུགས་པ་བག་ལ་ཉེ་ལཱ་གྱི་སྨཻ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བཏགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་ཞེན་ཏོ།། ཇི་ལྟ་ཇི་ལྟར་མངོན་པར་ཞེན་པ་དེ་ལྟ་དེ་ལྟར་གཞན་གྱི་དབང ་གི་ངོ་བོ་ཉིད་ལ་ཀུན་བཏགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པའི་རྒྱུ་དེ་དང་རྐྱེན་དེས་ཕྱི་མ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ཏུ་སྐྱེད་དེ།། གཞི་དེས་ན་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་ཀྱང་ཀུན་ནས་ཉོན་མོངས ་པར་འགྱུར། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པས་ཀྱང་ཀུན་ནས་ཉོན་མོངས་པར་འགྱུར་ཞིང་། ཡུན་རིང་པོར་ཡང་ན་སེམས་ཅན་དམྱལ་བ་རྣམས་སམ། ཡང་ན་དུད་འགྲོ་རྣམས་སམ། ཡང་ན ་ཡི་དྭགས་རྣམས་སམ། ཡང་ན་ལྷ་རྣམས་སམ། ཡོད་ན་ལྷ་མ་ཡིན་རྣམས་སམ། ཡང་ན་མི་རྣམས་ཀྱི་ནང་དུ་ཀུན་ཏུ་རྒྱུ་གཅིང་འཁོར་བར་འགྱུར་ཏེ། འཁོར་བ་ལས་མི་འདྲའུ་བའི་ཕྱིར་རོ།། དོན་དམ་ཡང་དག་འཕགས་དེ་ལ ་སེམས་ཅན་གང་དག་དང་པོ་ཉིད་ནས་དགེ་བའི་རྩ་བྱ་མ་སྐྱེད་པ། སྒྲིབ་པ་ཡོངས་སྒྱུ་མ་དག་པ། རྒྱུད་ཡོངས་སུ་མི་སྨིན་པ། མོས་པ་མི་མང་བ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་གྲུབ་པ་དེ་དག་ལ་ནི་ང་སྐྱེ ་བ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ། དེ་དག་གིས་ཆོས་དེ་ཐོས་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་རྣམས་ལ་མི་རྟག་པ་ཉིད་དུ་ཤེས་ཤིང་མི་བརྟན་པ་ཉིད་དང་ཡིད་བརྟན་དུ་མི་རུང་བ་ཉིད་དང ་འགྱུར་བའི་ཆོས་ཅན་ཉིད་དུ་ཤེས་ནས། འདུ་བྱེད་ཐམས་ཅད་ལ་ཡིད་དངང་བར་བྱེད་དོ།། སྐྱོ་བར་བྱེད་དོ།། ཡིད་དངང་བར་བྱས་སྐྱོ་བར་བྱས་ནས་སྡིག་པ་ལས་ཕྱིར་བཟློག་སྟེ། དེ་དག་སྡིག་པ་གང་ཡིན་པ་ངོ་མི་བྱེད་ཅིང་དགེ་བ་ལ ་བརྟེན་པར་བྱེད་དོ།། དགེ་བ་ལ་བརྟེན་པའི་རྒྱུས་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་ནི་སྤྱད་དོ།། སྒྲིབ་པ་ཡོངས་སུ་མ་བྱང་བ་རྣམས་ཀྱང་ཡོངས་སུ་སྦྱོང་ངོ་།། རྒྱུད་ཡོངས་སུ་མ་སྨིན་པ་ཡང་ཡོངས་སུ་སྨིན་པར་བྱེད་དོ།། གཞི་ངེས ་མོས་པ་མང་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་འགྲུབ་པར་འགྱུར་རོ།། དེ་དག་དེ་ལྟར་དགེ་བའི་རྩ་བ་སྐྱེད་པ་ནས་བསྟོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བར་དུ་ཡང་དག་པར་འགྲུ ་མོད་ཀྱི། འོན་ཀྱང་སྐྱེ་བ་ངོ་བོ་ཉིད་མེད་པ་དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས། འདུ་བྱེད་ཐམས་ཅད་ལ་ཡང་དག་པར་མི ་སྐྱོ་བར་འགྱུར། ཡང་དག་པར་འདོད་ཆགས་དང་བྲལ་བར་མི་འགྱུར། ཡང་དག་པར་རྣམ་པར་གྲོལ་བར་མི་འགྱུར་ཞིང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར། ལས་ཀྱི་ཀུན ་ནོས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར་བས། དེ་བཞིན་གཤེགས་པ་ཡང་དེ་དག་ལ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ ་ཉིད་དང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས། འདི་ལྟར་འདུ་བྱེད་ཐམས་ཅད་ལས་ཡང་དག་པར་སྐྱོ་བར་བྱ་བ་དང་། འདོད་ཆགས་དང་བྲལ་བར་བྱ་བ་དང་། རྣམ་པར་གྲོལ་བར་བྱ་བ་དང་། ཉོན་མོངས་པའི་ཀུན ་ནས་ཉོན་མོངས་པ་ལས་ཡང་དག་པར་བཟླ་བ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་ཡང་དག་པར་བཟླ་བོ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་ཡང་དག་པར་བཟླ་བའི་ཕྱིར་ཆོས་སྟོན་ཏོ།། དེ་དག་གིས་ཆོས ་དེ་ཐོས་ནས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བཏགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པས། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད ་མེད་པ་ཉིད་དུ་མོས་པར་བྱེད། རབ་ཏུ་རྣམ་པར་འབྱེད་པར་བྱེད། ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་ཅིང་། འདི་ལྟ་སྟེ་ཐ་སྙད་བཏོགས་པས་ཡོངས་སུ་མ་བསྒོས་པའི་ཤེས་པ་ཐ་སྙད་བཏགས་པ་དང་རྗེས་སུ་འབྲེལ་པ་མེད ་ཅིང་། ཐ་སྙད་བཏགས་པ་བག་ལ་ཉལ་བ་མེད་པའི་ཤེས་པས་གཞན་གྱི་དབང་གི་མཚན་ཉིད་དེ་ཚེ་འདི་ལ་ཤེས་པའི་སྟོབས་བསྐྱེད་པ་དང་། ཕྱི་མ་ལ་རྒྱུ་ཡང་དག་པར་ཆད་པས་འགོག་པར་བྱེད་དེ། གཞི་ངེས་འདུ་བྱེད་ཐམས ་ཅད་ལ་ཡང་དག་པར་སྐྱེ་བ་དང་། ཡང་དག་པར་འདོད་ཆགས་ཐམས་ཅད་དང་བྲལ་བ་དང་། ཡང་དག་པར་རྣམ་པར་གྲོལ་བར་འགྱུར་ཞིང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། ་སྐྱེ་བའི་ཀུན་ནུས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བྱར་འགྱུར་རོ།། དོན་དུམ་ཡང་དག་འཕགས་དེ་ལ་སེམས་ཅན་ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་རྣམས་ཀྱིས་ཀྱང་ལཱམ་འདི་ཉིད་དང་། བསྒྲུབ་པ་འདི་ཉིད་ཀྱིས ་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ལ། སེམས་ཅན་རང་སངས་རྒྱས་ཀྱི་ཐེག་པའི་རིགས་ཅན་རྣམས་དང་། དེ་བཞིན་གཤེགས་པའི་རིགས་ཅན་རྣམས་ཀྱིས་ཀྱང་ལམ་འདི་ཉིད ་དང་བསྒྲུབ་པ་འདི་ཉིད་ཀྱིས་གྲུབ་པ་དང་བདེ་བ་བླ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས། འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་ལམ་གཅིག ་པ་ཡིན་ལ། རྣམ་པར་དག་པ་ཡང་གཅིག་སྟེ། གཉིས་པ་ཡང་མེད་པས་ངས་དེ་ལས་དགོངས་ནས་ཐེག་པ་གཅིག་ཏུ་བསྟན་ཏེ། སེམས་ཅན་གྱི་ཁམས་ན་སེམས་ཅན་རང་བཞིན་གྱིས་དབང་པོ་རྟུལ་བ་རྣམས་དང་དབང་པོ་འབྲིང ་རྣམས་དང་དབང་པོ་རྣོན་པོ་རྣམས་ཀྱི་རིགས་སྣ་ཚོགས་དག་ཀྱང་མེད་པ་ནི་མ་ཡིན་ནོ།། དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཀྱི་གང་ཟག་ཞི་བའི་བགྲོད་པ་གཅིག་པུ་པ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར ་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྙིང་རྗེ་ཤིན་ཏུ་ཆུང་བ་དང་སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པའི་ཕྱིར་རང ་བཞིན་གྱིས་རིགས་དམེད་པ་ཁོ་ན་ཡིན་པའི་ཕྱིར་རོ།། དེ་ཇི་ལྟ་ཇི་ལྟར་སྙིང་རྗེ་ཤིན་ཏུ་ཆུང་བ་དེ་བཞིན་དུ་སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་རོ།། ཇི་ལྟར་སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པ་དེ་བཞིན་དུ ་འདུ་བྱེད་མངོན་པར་འདུ་བྱེད་པ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པར་འགྱུར་རོ།། སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་དང་། འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པ་ནི་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དུས་མ་བཱསྟན་ཏེ། དེའི་ཕྱིར་ཞི་བའི་བགྲོད་པ་གཅིག་པུ་པ་ཞེས་བྱའོ།། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དེ་གང་ཡིན་པ་དེ་ནི་དུས་རྣམ་གྲངས་ཀྱིསྐུ་བྱང་ཆུབ་སེམས་དཔའ ་ཡིན་པར་བསྟན་ཏེ། འདི་ལྟར་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུལ་ནི་ཤེས་བྱའི་སྒྲིབ་པ་ལས་སེམས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རོ།། དེ་ནི་དང་པོར ་བདག་གི་དོན་ལ་སྦྱོར་བའི་རྣམ་པས་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྟེ་ཉན་ཐོས་ཀྱི་རིགས་སུ་འདོགས་སོ།། དོན་དམ་ཡང་དག་འཕགས་འདི་ལྟར་ངའི་ཆོས་འདུལ་བ ་ལེགས་པར་གསུངས་པ། ཤིན་ཏུ་གྱ་ནོམ་པ། བསམ་པ་ཤིན་ཏུ་རྣམ་པར་དག་པ་སྟོན་པ། ཆོས་ལེགས་པར་བསྟན་པ་ལྔ་ནི་སེམས་ཅན་རྣམས་ཀྱི་མོས་པའི་རིམ་པའང་སྣང་སྟེ། དོན་དམ་ཡང་དག་འཕགས་འདི་ལ་དེ ་བཞིན་གཤེགས་པ་ནི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དེ་དག་ཉིད་ལས་དགོངས་ནས་དྲང་བའི་དོན་གྱི་མདོ་བརྗོད་པའི་རྣམ་པ་འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས ་པ། གཟོང་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་ཆོས་སྟོན་ཏོ།། དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་ཆེན་པོ་སྐྱེད་པ། སྒྲིབ་པ་ཡོངས་སུ་དག་པ། རྒྱུད་ཡོངས་སུ་སྨིན་པ། མོས་པ་མང ་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་གྲུབ་པ་དེ་དག་གིས་ནི་ཆོས་དེ་ཐོས་ན། དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་། ཆོས་དེ་ལ་མོས་པར་འགྱུར་ལ། དོན་དེ་ཡང་ཤེས ་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་ཞིང་དེ་རྟོགས་པ་གོམས་པས་ཀྱང་མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་མཐར་ཐུག་པ་ཉིད་དུ་རྗེས་སུ་འཐོབ་པར་འགྱུར་ཏེ། ང་ལ་ཡང་ཨ་ལ་ལ་བཅོམ་ལྡན་འདས་དེ་ནི་ཡང་དག ་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། དེས་ནི་ཆོས་ཐམས་ཅད་ལེགས་པར་མངོན་པར་རྫོགས་པར་སངས་རྒྱུས་སོ་ཞེས་དང་པ་འཐོབ་པར་འགྱུར་རོ།། དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་བསྐྱེད་པ་དང་། སྒྲིབ་པ་ཡོངས་སུ ་དག་པ་དང་། རྒྱུད་ཡོངས་སུ་སྨིན་པ་དང་། མོས་པ་ཆེན་པོ་མ་ཡིན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་མ་གྲུབ་པ། དྲང་པོ་དྲང་པོའི་རང་བཞིན་ཅན་རྟོག་པ་སེལ་མི་ནུས་པ། རང་གི་ལྟ་བ་མཆོག་ཏུ ་འཛིན་པར་མི་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས་ནཱ་ངའི་དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་མོད་ཀྱི། འོན་ཀྱང་ཆོས་དེ་ལ་མོས་པར་བྱེད་ཅིང་དད་པ་ཡང་འཐོབ་སྟེ། མདོ་སྡེ་འདི་དག་ནི་དེ་བཞིན ་གཤེགས་པས་གསུངས་པ། ཟབ་པ། ཟབ་པར་སྣང་བ་སྟོང་པ་ཉིད་དང་ལྡན་པ། མཐོང་བར་དཀའ་བ། རྟོགས་པར་དཀའ་བོ། བརྟག་མི་ནུས་པ། རྟོག་གེའི་སྤྱོད་པ་མ་ཡིན་པ། ཞིབ་མོ་བརྟགས་པ་མཁས་པ། མཛངས་པས་རིག་པ་ཡིན ་ནོ་ཞེས་མོས་པར་བྱེད་དོ།། མདོ་སྟེ་དེ་དག་གི་དོན་བསྟན་པ་ལ་བདག་མི་ཤེས་སོ་སྙམ་ནས་འདུག་སྟེ། འདི་སྐད་ཅེས་སངས་རྒྱས་ཀྱི་བྱང་ཆུབ་ནི་ཟག། ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་ཟབ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན ་གྱི། བདག་ཅག་གིས་ནི་ཇི་མི་ཤེས་སོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་ནི་སེམས་ཅན་རྣམས་ལ་མོས་པ་སྣ་ཚོགས་ཀྱིས་འཇུག་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་མཁྱེན་པ་དང་གཟིགས་པ་མཐའ ་ཡས་པ་ཡིན། བདག་ཅག་གི་ཤེས་པ་དང་མཐོང་བ་ནི་བ་ལང་གི་རྗེས་ཙམ་མོ་སྙམ་ནས། དེ་དག་མདོ་སྡེ་རྣམས་ལྔ་གུས་པར་བྱས་ཏེ་ཡི་གེར་འདྲི་བར་ཡང་བྱེད། ཡི་གེར་བྲིས་ནས་འཆང་བར་ཡང་བྱེད། ཀློག་པར་ཡང་བྱེད། ཡང་དག ་པར་འགྱེད་པར་ཡང་བྱེད། མཆོད་པར་ཡང་བྱེད། ལུང་ནོད་པར་ཡང་བྱེད། ཁ་ཏོན་དུ་ཡང་བྱེད་མོད་ཀྱི། འདི་ལྟར་ངའི་དགོངས་ཏེ་བཤད་པ་ཟབ་མོ་འདི་མ་རྟོགས་པའི་རྣམ་པར་སྦྱོར་བར་མི་ནུས་སོ།། དེ་དག་གཞི་དེས་ན་བསོད་ནམས ་ཀྱི་ཚོགས་ཀྱིས་ཀྱང་འཕེལ་བར་འགྱུར། ཡེ་ཤེས་ཀྱི་ཚོགས་ཀྱིས་ཀྱང་འཕེལ་བྱར་འགྱུར་ལ། གོང་དུ་ཡང་རྒྱུད་ཡོངས་སུ་མུ་སྨིན་པ་དག་ཀྱང་སྨིན་པར་བྱེད་དོ།། ཇི་སྟེ་སེམས་ཅན་དེ་དག་ལས་སེམས་ཅན་གང་དག་བསོད་ནམས ་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་ཡང་དག་པར་གྲུབ་པ་མ་ཡིན་ལ། དྲང་པོ་དྲང་པོའི་རང་བཞིན་ཅན་ནི་མི་ཡིན་མོད་ཀྱི། འོན་ཀྱང་རྟོག་པ་སེལ་ནུས་ལོ།། རང་གི་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས ་ནས། དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ། ཆོས་དེ་ལ་མོས་ཀྱང་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ།། ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ནའོ།། མ ་འགགས་པ་ཁོ་ནའོ་ཞེས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་དེ། དེ་དག་གཞི་དེས་ན་ཆོས་ཐམས་ཅད་ལ་མེད་པར་ལྟོ་བ་དང་མཚན་ཉིད ་མེད་པར་ལྟ་བ་འཐོབ་པར་འགྱུར་ཏེ། མེད་པར་ལྟ་བ་དང་མཚན་ཉིད་མེད་པར་ལྟ་བ་ཐོབ་ནས་ཀྱང་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ཀྱིས་སྐུར་པ་འདེབས་ཏེ། ཆོས་རྣམས་ཀྱི་ཀུན་བཏགས་པའི་མཚན་ཉིད་ལ་ཡང་སྐུར ་པ་འདེབས། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཡང་སྐུར་པ་འདེབས་སོ།། དེ་ཅིའི་ཕྱིར་ཤྲཱི་ན། དོན་དམ་ཡང་དག་འཕགས་འདི་ལྟར་གཞན་གྱི་དབང་གི་མཚན་ཉིད་དང་། ་ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་ན་ནི་ཀུན་བཏགས་པའི་མཚན་ཉིད་ཀྱང་རིག་ཏུ་ཤེས་པར་འགྱུར་ན། དེ་ལ་གང་དག་གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མཚན་ཉིད་མེད་པར་མཐོང ་ག་གོས་ནི་ཀུན་བཏགས་པ་རི་མཚན་ཉིད་ལ་ཡང་སྦྱར་པ་བཏབ་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་དག་ནི་རྣམ་པ་གསུམ་ཆར་ལ་ཡང་སྐུར་བ་འདེབས་པ་ཞེས་བྱའོ།། དེ་དག་པའི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང་། དོན ་མ་ཡིན་པ་ལ་དོན་དུ་འདུ་ཤེས་པ་མ་ཡིན་ཏེ། དེའི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང་། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པ་དེ་དག་ཆོས་ལ་ཡང་ཆོས་སུ་འཛིན། དོན་མ་ཡིན་པ་ལ་དོན་དུ་འཛིན་ཏོ།། དེ་དག་ཆོས་ལ་རྨ། ་པས་དགེ་བའི་ཆོས་རྣམས་ཀྱིས་འཕེལ་མོད་ཀྱི། འོན་ཀྱང་དོན་དམ་པ་ཡིན་པ་ལ་མངོན་པར་ཞེན་པས་ཤེས་རབ་ལས་ཡོངས་སུ་ཉམས་པ་ཡིན་ཏེ། ཤེས་རབ་ལས་ཡོངས་སུ་ཉམས་ན་དགེ་བའི་ཆོས་ཤིན་ཏུ་རྒྱུ ་ཆེ་བ་དང་ཤིན་ཏུ་དཔག་ཏུ་མེད་པ་རྣམས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ།། གཞན་དག་དེ་དག་ལ་ཆོས་ལ་ཆོས་སུ་དང་། དོན་མ་ཡིན་པ་ལ་དྲོན་དུ་ཐོས་ནས། གང་དག་ལྟ་བ་ལ་དགའ་བར་བྱེད་པ་དེ་དག ་ནི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང་། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པས། ཆོས་ལྔ་ཆོས་སུ་ཤེས་པ་དང་། དོན་མུ་ཡིན་པ་ལ་དོན་དུ་མངོན་པར་ཞེན་པར་འགྱུར་ཏེ། དེ་དག་ཀྱང་གཞི་དེས་ན་དེ་བཞིན་དུ་དགེ་བའི ་ཆོས་ལས་ཡོངས་སུ་ཉམ་སྨྲ་པར་རིག་པར་བྱའོ།། གང་དག་ལྟེ་བའི་རྗེས་སུ་དགའ་བར་མི་བྱེད་པ་དེ་དག་ནི་དེ་དག་ལས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཐོས་ཤིང་། ཆོས་རྣམས་ཀྱི་སྐྱེ་བ་མེད་པ་དང་འགག་པ ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཐོས་ནས་སྐྲག་ཅིང་དངང་ལ། ཀུན་ཏུ་དངང་བར་འགྱུར་ཞིང་། འདི་སྐད་ཅེས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་མ ་ཡིན་གྱི། འདི་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་ཀྱང་ཟེར་ཞིང་། དེ་ལྟར་རིག་ནས་མདོ་སྡེ་དེ་དག་ལ་སྐུར་པ་འདེབས་པར་བྱེད། སྤོང་བར་བྱེད། མི་བསྔགས་པ་བརྗོད་པར་བྱེད། ངན་དུ་རྗོད་པར་བྱེད་དེ། གཞི ་དེས་ན་ཕོངས་པ་ཆེན་པོ་ཐོབ་པར་འགྱུར་ཞིང་། ལས་ཀྱི་སྒྲིབ་པ་ཆེན་པོས་ཀྱང་རེག་པར་འགྱུར་རོ།། གཞི་དེས་ཀྱང་གང་དག་སྐྱེ་བོ་ཕལ་པོ་ཆེ་ལས་ཀྱི་སྒྲིབ་པ་ཆེན་པོ་འཐོབ་པས་སླུ་བར་བྱེད་པ། མཚན་ཉིད་ཐམས་ཅད ་མེད་པར་ལྟ་ཞིང་དོན་མ་ཡིན་པ་དོན་དུ་སྟོན་པར་བྱེད་པ་དེ་དག་ནི་ལས་ཀྱི་སྒྲིབ་པ་རྒྱ་ཆེན་པོ་དང་ལྡན་པར་ང་སྨྲའོ།། དོན་དམ་ཡོང་དག་འཕགས་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་མི་སྐྱེས། སྒྲིབ་པ་ཡོངས་སུ་མ ་དག། རྒྱུད་ཡོངས་སུ་མ་སྨིན། མོས་པ་མི་མྱང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚེགས་ཡང་དག་པར་མ་གྲུབ། དྲང་པོ་མ་ཡིན་ལྔ་དྲང་པོའི་རང་བཞིན་ཅན་མ་ཡིན་ཡང་རྟོག་པ་སེལ་ནུས་ལ། རང་གི་ལྟ་བ་མཆོག་ཏུ་འཛིན ་པར་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས་ན། ངའི་དགོངས་ཏེ་བཤད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཤིང་ཆོས་ལ་མོས་པར་ཡང་མི་འགྱུར་ལ། དེ་དག་ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས ་ཤིག། དོན་ལ་དོན་མ་ཡིན་པར་འདུ་ཤེས་ལ། ཆོས་ལ་ཡང་ཆོས་མ་ཡིན་པ་དང་། དོན་ལའང་དོན་མ་ཡིན་པར་མངོན་པར་ཞེན་ནས། འདི་སྐད་ཅེས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གྱི། འདི་ནི་བདུད་ཀྱིས་སྨྲས་པ ་ཡིན་ནོ་ཞེས་ཀྱང་ཟེར་ཞིང་། དེ་ལྟར་རིག་ནས་མདོ་སྡེ་དེ་དག་ལུ་སྐུར་པ་འདེབས་པར་བྱེད། སྤོང་བར་བྱེད། མི་བསྔགས་པ་བརྗོད་པར་བྱེད། དོན་དུ་རྗོད་པར་བྱེད་ཅིང་ལྟང་ཀྱང་འཇུག་པར་བྱེད་དེ། རྣམ་གྲངས་དུ་མར་མདོ་སྡེ་དེ ་ངག་སྤང་བ་དང་། ཆུད་གསན་པ་དང་། རྣམ་པར་གཞིག་པའི་ཕྱིར་ཞུགས་ཤིང་། དེ་ལ་མྱོས་པའི་གང་ཟག་རྣམས་ཡང་དགྲར་འདུ་ཤེས་པར་འགྱུར་རོ།། དེ་དག་ནི་དང་པོ་ཉིད་ནས་ཀྱང་ལོས་ཀྱི་སྒྲིབ་པས་བསྒྲིབས་པ་ཡིན་ལ། ་གཞི་ངེས་ཀྱང་ལས་ཀྱི་སྒྲིབ་པ་དེ་ལྟ་བུས་སྒྲིབ་པར་བྱེད་དེ། ལས་ཀྱི་སྒྲིབ་པ་དེའི་དང་པོ་ནི་གདགས་པར་སླའི་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་འདི་སྙེད་ཀྱི་བར་གྱིས་འབྱུང་བར་འགྱུར་རོ་ཞེས་གདགས་པར་དཀའོ།། ་དོན་དམ་ཡང་དག་འཕགས་དེ་ལྟར་ན་ངའི་ཆོས་འདུལ་བ་ལེགས་པར་གསུངས་པ། ཤིན་ཏུ་གྱ་ནོམ་པ། བསམ་པ་ཤིན་ཏུ་རྣམ་པར་དག་པ་སྟོན་པ། ཆོས་ལེགས་པར་བསྟན་པ་ལ་སེམས་ཅན་རྣམས་ཀྱི་མོས་པའི་རིམ ་པ་དེ་ལྟ་བུ་དག་ཀྱང་སྣང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཆོས་རྣམས་ངོ་བོ་ཉིད་མྱེད་ཆོས་རྣམས་མུ་སྐྱེས་དང་།། ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ ་དང་།། ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི།། དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད།། མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད།། དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ།། འདི་ལ་མཁས ་པ་གང་ཞིག་དགོངས་པ་ཤེས་པ་ནི།། རབ་ཏུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ།། ཀུན་གྱི་རྣམ་དག་ལམྲ་ནི་གཅིག་པུ་འདི་ཡིན་ཏེ།། རྣམ་པར་དག་པའང་གཅིག་སྟེ་གཉིས་པ་གང་ཡང་མེད།། དེ་ཕྱིར་ཐེག ་པ་གཅིག་པ་འདི་ནི་འདོགས་བྱེད་ཀྱང་།། སེམས་ཅན་རིགས་ནི་རྣམ་པ་སྣ་ཚོགས་མེད་མ་ཡིན།། སེམས་ཅན་ཁམས་འདི་ནི་ནི་གང་དག་བདག་གཅིག་པུ།། མྱ་ངན་འདའ་བར་བྱེད་པའི་སེམས་ཅན་དཔག་ཏུ་མེད།། གང་དག་མྱ་ངན ་འདས་ཀྱང་སེམས་ཅན་མི་གཏོང་བའི།། བརྟན་པ་སྙིང་རྗེ་ལྡན་པ་དེ་དག་ཤིན་ཏུ་དཀོན།། གང་གྲོལ་དེ་དག་རྣམས་ཀྱི་ཟག་པ་མེད་པའི་དབྱིངས།། ཕྲ་ཞིང་བསམ་གྱིས་མི་ཁྱབ་མཉམ་ཞིང་བྱེ་བྲག་མེད།། ཐམས་ཅད་དོན་གྲུབ ་སྡུག་བསྔལ་ཉོན་མོངས་སྤངས་པ་སྟེ།། གཉིས་སུ་བརྗོད་པ་མ་ཡིན་བདེ་ཞིང་བརྟན་པ་ཡིན།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་ཅི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་ཏེ་གསུངས་པ། མཆོག་ཏུ་ཕྲ་བ། ཟབ་པ་མཆོག་ཏུ་ཐུབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ་ནི་ངོ་མཚར་རྨད་དུ་བྱུང་བ་ལཊ ་སོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས། འདུ་བྱེད་ཀྱི་མཚན་མ་ལ་གཟུགས ་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་བརྡར་མིང་རྣམ་པར་བཞག་པ་དང་གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེ་འམ། འགག་གོ་ཞེ་འམ། གཟུགས་ཀྱི་ཕུང་པོ་སྤྱང་བ་དང་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི ་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་ཀུན་བཏགས་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ།། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་སོ།། དེ་ལ་བརྟེན ་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། དེ་ལས་ཅིག་ཤོས་དོན་དམ་པར་ངོ་བོ་ཉིད་མ་མཆིས་པ་ཉིད་ཀྱང་འདོགས་པར་མཛད་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི ་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བཏགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ། དེ་བཞིན་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་དེ་ལས་ཅིག་ཤོས ་དོན་དམ་པར་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་གཅིག་འདོགས་པར་མཛད་ལུགས་སོ།། གཟུགས་ཀྱི་ཕུང་པོ་ལ་ཇི་ལྟ་བ་བཞིན་དུ་ཕུང་པོའི་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ།། ཕུང་པོ་རྣམས།། ་ལ་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་པོ་དག་གི་སྐྱེ་མཆེད་རེ་རེ་ལ་ཡང་དེ་བཞིན་ལགས་སོ།། སྲིད་པའི་ཡན་ལག་བཅུ་གཉིས་པོ་དག་གི་སྲིད་པོའི་ཡན་ལག་རེ་རེ་ལ་ཡང་དེ་བཞིན་ལྗགས་སོ།། ཟས་བཞི་པོ་དག་གི་ཟས་རེ་རེ། ་ལའང་དེ་བཞིན་ལགས་སོ།། ཁམས་དྲུག་དང་བཅོ་བརྒྱད་པོ་དག་གི་ཁམས་རེ་རེ་ལ་ཡང་དེ་བཞིན་ལེགས་སོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི ་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་སྡུག་བསྔལ་གྱི་བདེན་པ་དང་། སྡུག་བསྔལ་གྱི་བདེན་པ་དང་། སྡུག་བསྔལ་གྱི་བདྲེན་པ་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་དམ། བྱེ་བྲག་གི་མཚན ་ཉིད་དུ་བརྡས་མིང་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བཏགས་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛོད་ལགས་སོ།། རྣམ ་བར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ ་ཉིད་དང་། དེ་ལ་ཅིག་ཤོས་དོན་དམ་པར་ངོ་བོ་ཉིད་མ་མཆིས་པ་ཉིད་ཀྱང་འདོགས་པར་མཛད་ལགས་སོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འདི་ལྟར་བདག་གིས་འཚལ་ཏེ། རྣམ་པར་རྟོག་པའི ་སྤྱོད་ཡུལ་ཀུ་ན་བཏགས་པའི་མཚན་ཉིད་ཀྱི་གནས། འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བཏགས་པའི་མཚན་ཉིད་དེ་རེ་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆེས་ལ་བདག་མ་མཆིས་པ་དེ་བཞིན ་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་དྲི་ལས་ཅིག་ཤོས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་མ་མཆིས་པ་ཉིད ་འདོགས་པར་མཛད་ལགས་སོ།། སྡུག་བསྔལ་འཕགས་པའི་བདེན་པ་ལ་ཇི་ལྟ་བ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ།། བདེན་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་དྲན་པ་ཉེ་བར་གཞག ་བྷ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་གྱི་ཡན་ལག་རྣམས་ཀྱི་ཡནྡ་ལག་རེ་རེ་ལའང་དེ་བཞིན་དུ ་སྦྱསྦྱོར་བར་བགྱི་ལགས་སོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་ཇིདི་ལྟར་འཚལ་ལགས་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད ་མཚན་མ་ལ་ཡང་དག་པའི་ཏིང་ངེ་འཛིན་ཅེ་འམ། ཏཱིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཞེ་འམ། ཏིང་ངེ་འཛིན་བསྒོམ་པ་ཞོ་འམ། མ་སྐྱེས་པ་སྐྱེ་བ་ཞེ་འམ། སྐྱེས་པ་གནས་པ་དང་། མི་བསྐྱང ་པ་དང་། སླར་ཞིང་འབྱུང་བ་དང་འཕེལ་ཞིང་རྒྱས་པ་ཉིད་ཅེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་བརྡས་མིང་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བཏགས་པོའི་མཚན་ཉིད་ལགས་ཏེ། ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ།། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ག ་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང་དེ་ལས་ཅིག་ཤོས་དོན་དམ་པར་ངོ་བོ་ཉིད་མ་མཆིས་པ་ཉིད་ཀྱང ་འདོགས་པར་མཛད་ལགས་སོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིསྡེ་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས། འདུ་བྱེད་ཀྱི ་མཚན་མ་དེ་ཉིད་ཀུན་བཏགས་པའི་མཚན་ཉིད་དེར་ཡོངས་སུ་མེ་གྲུབ་ཅིང་། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ། དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལོགས ་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་དེ་ལས་ཅིག་ཤོས་རྣམས་ཀྱི་དོན་དམ་པ་ངོ་ཉིད་མ་མཆིས་པ་ཞིང་འདོགས་པར་མཛད་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། ་དཔེར་བགྱི་ན། བཅའ་ལྷ་ནི་ཕྱེའི་སྨན་སྦྱར་བ་དང་བཅུད་གྱིས་ལེན་སྦྱར་བ་ཐམས་ཅད་དུ་སྩལ་བར་བགྱི་ལགས་སོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ་སྐྱེ་བ་མ ་མཆིས་པ་དང་འགག་པ་མ་མཆིས་པ་དང་། གཟོད་མ་ནུས་ཞི་བ་དངོ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱིས་མདོ་སྟེ་ཐམས་ཅད་དུ་སུ ་བ.རཱ་བགྱི་བ་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་རི་མོ་བྲི་བའི་གཞི་ནི་སྔོན་པོ་འམ་སེར་པོ་འམ་དཀར་པོ་འམ་དམར་པོ་འམ་རི་མོར་བགྱི་བ་ཐམས་ཅད་རོ་གཅིག་པ་ལགས་ཤིང་། རི་མོར་བྲིས་པ་དེའང ་ཤིན་ཏུ་གསལ་བར་བགྱིད་པ་ལེགས་སོ།། དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བརླ་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱིས་ངེས ་པའི་དོན་བསྟན་པ་འདི་ནི་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་རོ་གཅིག་པ་དང་། དྲང་བའི་དོན་དེ་དག་ཤིན་ཏུ་གསལ་བར་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་ཆབ་མར་ནི་སྣོད་དུ་བསྒྲལ ་བ་དང་། ཤ་གཡོས་དང་བག་ཆོས་ཀྱི་རྣམ་པ་སྣ་ཚོགས་ལ་ཆབ་མཱར་སྩལ་ན་ཤིན་ཏུ་བདའ་བར་འགྱུར་ལགས་སོ།། དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན ་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འདི་ནི་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་སྩལ་ན་དགའ་བ་དང་མཆོག་ཏུ་དགའ་བ་ཆེན་པོར་འགྱུར་ལགས་སོ།། ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་ནམ་མཁའ་ནི་ཐམས་ཅད་ལ་རོ་གཅིག་པ་དང་། བརྟུལ་བ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་ལྤགས་སོ།། དེ་བཞིན་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། རང་བཞིན་གྱི ་ཡོངས་སུ་མྱ་དྲན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འདི་ནི་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལྔ་རོ་གཅིག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་རང ་སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་ལས་བརྩལ་བ་ཐམས་ཅད་ལ་སྒྲིབ་པར་མི་འགྱུར་ལགས་སོ།། དེ་སྐད་ཅེས་གསོལ་པཱ་དང་། བཅོ་མེ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དྲུག་འཕ ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། དོན་དམ་ཡང་དག་འཕགས་ལེགས་སོ་ལེགས་སོ།། དོན་དམ་ཡང་དག་འཕགས་ཁྱོད་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་བོ་ཤད་པ་ཤེས་ཏེ། དོན་དེ་ལ་འདི་ལྟ་སྟེ་བ ་ལྷ་དང་། རི་མོ་བྲི་བའི་གཞི་དང་། མར་གྱིས་གདབ་པ་དང་། ནམ་མཁའི་དཔེ་ལེགས་པར་བྱས་པ་དེ་ནི་དོན་དམ་ཡང་དག་འཕགས་དེ་དེ་བཞིན་ཏེ། གཞན་དུ་མ་ཡིན་གྱིས་དེ་ནི་དེ་བཞིན་དུ་ཟུང་ཤིག། དེ་ནས་བཅོམ་ལྡན་འད ་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་བཱ་རཱ་ཎ་སི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས ་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པ་འམ་མིར་གྱུར་པ་སུས་ཀྱང་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཅིག་རབ་ཏུ་བསྐོར་ཏེ། ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱིས་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། དྲང་བའི་དོན་རྩོང་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ ་མཆིས་པ་ཉིད་ལས་བརྩམས་ཏེ་སྐྱེ་བ་མ་མཆིས་པ་དང་འགགས་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལྔས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལྔ་ཡང་དག་པར ་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱིས་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མ་མཆིས་པ། སྐབས ་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་འགགས ་པ་མ་མཆིས་པ་དང་གཟོད་མེ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལུས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་བྱ་བ ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམུ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ།། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས། ་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འདི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཐོས་ན་སྣ་མོས་པར་བགྱིད་པ་དང་། ཡི་གེར་འདྲིར་སྩོལྔ་བ་དང་། ཡི་གེར་བྲིས་ནས་ཀྱང་འཆང་བ་དང་། ཀློག་པ ་དང་མཆོད་པ་དང་ཡང་དག་པར་འགེད་པ་དང་ལུང་ནོད་པ་དང་ཁ་ཏོན་བགྱིད་པ་དང་སེམས་པ་དང་སྒོམ་པའི་རྣམ་པར་སྦྱོར་བར་བགྱིད་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར་ལོགས། དེ་སྐད་ཅེས་གསོལ ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདྲ་སྐད་ཅེས་བཀའ་སྩལ་ཏོ།། དོན་དམ་ཡང་དག་འཕགས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ ་མེད། གྲངས་མེད་པ་སྐྱེད་དེ། དེའི་དཔེ་བྱ་བར་སླ་བ་མ་ཡིན་མོད་ཀྱི། འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤང་བར་བྱའོ།། དོན་དམ་ཡང་དག་འཕགས་འདི་ལྟ་སྟེ་དཔེར་ན་སེན་མོའི་རྩེ་མོ་ལ་གནས་པའི་ས་རྡུལ་གང་དགུ ་ཡིན་པ་དེ་དག་ནི་ས་ལྀ་གནས་པའི་རྡུལ་རྣམས་དང་བསྐྲུན་ན། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང་སྟོང་གི་ཆ་དང་འབུམ་གྱི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ།། བ་ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མ ་ཆེན་པོ་བཞིའི་ཆུ་དང་བསྐྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ།། དེ་བཞིན་དུ་དོན་དམ་ཡང་དག་འཕགས་ངས་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་བསྒོམ་པའི་རྣམ་པས ་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གླང་བཤད་པ་དེ་ནི་ངེས་པའི་དོན་བསྟན་པ་ལ་མྱོས་པ་ལས་ཡང་དག་པར་གྲུབ་པ་ནས། བསྒོམ་པའི་རྣམ་པར་སྦྱོར་བ་ལས་ཡང་དག་པར་འགྲུབ་པའི་བར་གྱི་བསོད་ནམས ་འདི་དང་པོསྐྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི ་སྐད་ཅེས་གསྩོལ་ཏོ།། བཅོམ་ལྡན་འདས་དགོངས་པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་གྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན ་དམ་ཡང་དགུ་འཕགས་འདི་ནི་དོན་དམ་པ་ངེས་པའི་དོན་བསྟན་པ་ཡིན་ཏེ། དོན་དམ་པ་ངེས་པའི་དོན་བསྟེན་པ་ཞེས་བྱ་བར་ཟུང་ཤིག། དོན་དམ་པ་ངེས་པའི་དོན་བསྟན་པ་འདི་བཤད་པ་ན། སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། ཉན་ཐོས་སུམ་འབུམ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།། ཉན་ཐོས་འབུམ་ཕྲག་ལྔ་ཁྲི་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས ་རྣམ་པར་གྲོལ་ལོ།། བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ་ཞེས་གསུངས་སོ།། ། བམ་པོ་སུམ་ཅུ་དགུ་པ།། ཆོས་གདགས་པ་རྣམ་པར་དགོད་པ་ལས་བརྩམས་ནས། རྣལ ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་བྱུང་བ་བཞིན་རིག་པར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུ ་བཞུས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ལ་གནས། ཅི་ལ་བརྟེན་ཏེ་ཐེག་པ་ཆེན་པོ་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཆོས་གདགས ་པ་རྣམ་པར་བཞག་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ལ་གནས་ཤིང་བརྟེན་ནས་སོ།། བཅོམ་ལྡན་འདས་ཀྱིས་ཞི་གནས་དང་ལྷག་མཐོང་གི་དམིགས་པ་བཞི་པོ་འདི་ལྟ་སྟེ། ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང་། དངོས་པོའི་མཐའ་དང་། དགོངས་པ་ཡོངས་སུ་གྲུབ་པ་ཞེས་གང་དག་བསྟན་པ་དེ་ལ། བཅོམ་ལྡན་འདས་དུ་ཞིག་ཞི་གནས ་ཀྱི་དམིགས་པ་ལགས། བཀའ་སྩལ་པ། གཅིག་སྟེ་རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ།། དུ་ཞིག་ལྷག་མཐོང་གི་དམིགས་པ་ལགས། བཀའ་སྩལ་པ། གཅིག་ཁོ་ན་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན ་ནོ།། དུ་ཞིག་དེ་གཉི་གའི་དམིགས་པཾ་ལགས། བཀའ་སྤེལ་པ། གཉིས་ཏེ་འདི་ལྟ་སྟེ། དངོས་པོའི་མཐའ་དང་དགོངས་པ་ཡོངས་སུ་གྲུབ་པའོ།། བཅོམ་ལྡན་འདས་ཞི་གནས་དང་ལྕུག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་དེ་དག ་ལྷ་བརྟེན་ཅིང་གནས་ནས། ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང་། ལྷག་མཐོང་ལ་མཁས་པ་ལགས། བཀའ་སྩོལ་པ། བྱམས་པ་ངས་ཆོས་གདགས་པ་རྣམ་པར་བཞག་པ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས ་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེང་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན ་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་བྱང་ཆུབ་སེམས་དཔས་ལེགས་པར་ཐོས། ལེགས ་པཱར་གཟུང་། ཁ་ཏོ་ན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱསྟེ་ནས་དེ་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད ་ཡིད་ལ་བྱེད་ཅིང་། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ།། དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས ་པ་འབྱུང་བ་དེ་ནི་ཞི་གནས་ཞེས་བྱ་སྟེ། དེ་ལྟར་ནི་བྱང་ཆུབ་སེམས་དཔའི་ཞི་གནས་ཡོངས་སུ་ཚིལ་བར་བྱེང་བ་ཡིན་ནོ།། དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ་བསམ་པའི ་རྣམ་པ་སྤངས་ནས། ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་མོས་པར་བྱེད་དོ།། དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས ་བྱའི་དོན་དེ་རྣམ་པར་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་ཡོངས་སུ་དཔྱོད་པ་རང་བཟོད་པ་དང་འདོད་པོ་དང་བྱེ་བྲག་འབྱེད་པ་དང་ལྟ་བ་དང་རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལྔ་མཁས་པ་ཡིན་ནོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་སེམས་ལ་དམིགས་པའི་སེམས་ནང་དུ་ཡིད་ལ་བགྱིད་པ་ན་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན ་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ་ཞི་གནས་ནི་མ་ཡིན་ཏེ། ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ།། བཅོམ་ལྡན་འདས་བྱང ་ཆུབོ་སེམས་དཔའ་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པས་མ་ཐོབ་ཀྱི་བར་དུ་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་ཡིད་ལ་བྱེད་པའི་ཡིད་ལ་བགྱིད་པ་དེ་ལ་ཅི ་ཞེས་བགྱི། བྱམས་པ་ལྷག་མཐོང་ནི་མ་ཡིན་ཏེ། ལྷག་མཐོང་དང་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ།། བཅོམ་ལྡན་འདསྟེ་ཞེ་གནས་ཀྱི་ལམྦྷ་དང་། ལྷག་མཐོང་གི་ལམ་ཐ་དད་ཅེས ་བགྱི་འམ། ཐ~ཾ་དད་པ་མ་ལེགས་ཞེས་བགྱི། བཀའ་སྩལ་པ། བྱམས་པ་ཐ་དད་པ་ཡང་མ་ཡིན། ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱའོ།། ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན། ལྷག་མཐོང་གི་དམིགས་པའི་སེམས་ལ་དམིགས ་པའི་ཕྱིར་རོ།། ཅིའི་ཕྱིར་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེ་ན། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་རྟོག་པའི་ཕྱིར་རོ།། བཅོམ་ལྡན་འདས་རྣམ་པར་ལྟ་བར་བགྱིད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས ་བཱརྙན་གང་ལགས་པ་དེ་ཅི་ལྕགས། དེ་སེམས་དེ་དང་ཐ་དད་པ་ཞེས་བགྱི་འམ། ཐ་དད་པ་མཱ་ལགས་ཞེས་བགྱི། བྱམས་པ་ཐ་དྲད་པ་མ་ཡིན་ཞེས་བྱའོ།། ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན། གཟུགས ་བརྙན་དེ་རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་ཏེ། བྱམས་པ་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་ངས་བཤད་།། བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ ་གཟུགས་བརྙན་དེ། གྲལ་ཏེ་སེམས་དེ་ལས་ཐ་དད་པ་མ་ལགས་ན། སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་ཇི་ལྟར་རྟོག་པར་བགྱིད་ལགས། བཀའ་སྩལ་པ། བྱམས་པ་དེ་ལ་ཆེས་གང་ལ་ཡང་ཆོས་གང་ལ་ཡང ་རྟོག་པར་མི་བྱེད་མེད་ཀྱི། འོན་ཀྱང་དེ་ལྟར་སྐྱེས་པའི་སེམས་གང་ཡིན་པ་དེ་དེ་ལྟར་སྣང་ངོ་།། བྱམས་པ་འདི་ལྟ་སྟེ་དཔེར་ན་གཟུགས་ལྔ་བརྟེན་ནས་མི་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ་གཟུག ་ཉིད་མཐོང་ཡང་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཏེ། དེ་ལ་གཟུགས་དེ་ལ་གཟུགས་བརྩོན་སྣང་བ་དེ་དོན་ཐ་དད་པཱར་སྣང་ངོ་།། དེ་བཞིན་དུ་ད་ལྟར་སྐྱེས་པའི་སེམས་དང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས ་བརྙན་ཞེས་བྱ་བ་གང་ཡིན་པ་དེའང་དེ་ལས་དོན་གཞན་ཡིན་པ་ལྟ་བུར་སྣང་ངོ་།། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་གཟུགས་ལ་སོགས་པར་སྤོང་བའི་སེམས་ཀྱི། གཟུགས་བརྙན་རང་བཞིན་དུ་གནས་པ ་གང་ལགས་པ་དེ་ཡང་སེམས་དེ་དང་ཐ་དད་པ་མ་ལགས་པ་ཞེས་བགྱི་འམ། བཀའ་སྩལ་པ། བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱ་སྟེ། བྱིས་པ་ཕྱིན་ལོག་གི་བློ་ཅན་རྣམས་ལ་ནི་གཟུགས་བརྙན་དེ་དག་ལ་རྣམ་པར ་རིག་པ་ཙམ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པས་ཕྱིན་ཅི་ལོག་ཏུ་སེམས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཇི་ཙམ་གྱིས་ན་གཅིག་ཏུ་ལྷག་མཐོང་སྒོམ་པ་ལགས། བཀའ་སྩལ་པ། གང་གི ་ཚེ་རྒྱུན་ཆུ་གསྟྲ་སུ་ཡིད་ལ་བྱེད་པས་སེམས་ཀྱི་མཚན་མ་ཡང་ལོ་བྱེད་པའོ།། ཅི་ཙམ་གྱིས་ན་གཅིག་ཏུ་ཞི་གནས་སྒོམ་པ་ལགས། བཀའ་སྩལ་པ། གང་གི་ཚེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་བར་ཆད་མེད་པའི ་སེམས་ཉིད་ཡིད་ལ་བྱེད་པའོ།། ཇི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཏེ་མཉམ་པར་ཟུང་དུ་འཇུག་པ་ལགས། བཀའི་སྩལ་པ། གང་གི་ཚེ་སེམས་རྩེ་གཅིག་པོ་ཡིད་ལ་བྱེད་པའོ།། བཅོམ ་ལྡན་འདས་སེམས་ཀྱི་མཚན་མ་གང་ལགས། བྱམས་པ་ལྷག་མཐོང་གི་དམིགས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང་ཡིན་པའོ།། བར་ཆད་མ་མཆིས་པའི་སེམས ་གང་ལགས། བྱམས་པ་ཞི་གནས་ཀྱི་དམིགས་པ་གཟུགས་བརྙན་ལ་དམིགས་པའི་སེམས་གང་ཡིན་པོའོ།། སེམས་རྩེ་གཅིག་པ་ཉིད་གང་ལགས། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་ལ་འདི་ནི་རྣམ ་པར་རིག་པ་ཙམ་ཡིན་ནོ་ཞེས་བྱ་བར་རྟོགས་ཏེ། དེ་རྟོགས་ནས་ཀྱང་དེ་བཞིན་ཉིད་དུ་ཡིད་ལ་བྱེད་པ་གང་ཡིན་པའོ།། བཅོམ་ལྡན་འདས་ལྷག་མཐོང་ལ་རྣམ་པ་དུ་མཆིས། བྱམས་པ་རྣམ་པ་གསུམ་སྟེ། ་མཚན་མ་ལས་བྱུང་བ་དང་། ཡོངས་སུ་ཚུལ་པོ་ལས་བྱུང་བ་དང་། སོ་སོར་རྟོག་པ་ལས་བྱུང་བའོ།། མཚན་མོ་ལྔས་བྱུང་བ་གང་ཞེ་ན། ཏིང་ངེ་འཛིན་གྱི་སྤྱོད་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་འབའ་ཤིག ་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ།། ཡོངས་སུ་ཚོལ་བ་ལས་བྱུང་བ་གང་ཞེ་ན། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་མ་རྟོགས་པའི་ཆོས་དེ་དག་ཉིད་ཤིན་ཏུ་ལེགས་པར་རྟོགས་པར་བྱ་བའི་ཕྱིར་ཡིད ་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ།། སོ་སོར་རྟོག་པ་ལྔས་བྱུང་བ་གང་ཞེ་ན། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་རྟོགས་པའི་ཆོས་རྣམས་ལ་རྣམ་པར་གྲོལ་བས་ཤིན་ཏུ་ལེགས་པར་བདེ་བ་ལ་རེག་པར ་བྱཱབྱ་བོའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ།། ཞི་གནས་ལ་རྣམ་པ་དུ་མཆིས། བཀའ་སྩལ་པ། བར་ཆུད་མེད་པའི་སེམས་དེའི་རྗེས་སུ་འབྲང་བས་དེ་ཡང་རྣམ་པ་གསུམ་དུ་བརྗོད་པར་བྱའོ།། བྱམས་པ ་ཡོང་ཞི་གོ་ནས་ནི་རྣམ་པ་བརྒྱད་དེ། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང ་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པའོ།། ཡང་རྣམྦྷ་པ་བཞི་སྟེ། བྱམས་པ་ཚད་མེད་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚད་མེད་པའོ།། བཅོམ་ལྡན་འདས་ནི་གནས་པང ་ལྷག་མཐོང་ནི་ཆོས་ལ་གནས་པ་ཞེས་ཀྱང་བིགྷྣཱཾ། ཆོས་ལ་མྱི་གནས་པ་ཞེས་ཀྱང་བགྱི་ན། ཆོས་ལ་གནས་པ་ནི་གང་ལགས། ཆོས་ལྔ་མྱི་གནས་པ་ནི་གང་ལགས། བྱམས་པ་ཇི་ལྟར་གཟུང་བ་དང་བསམས་པའི་ཆོས་ཀྱི ་མཚན་མའི་རྗེས་སུ་འབྲང་བས་དོན་ལ་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་ཆོས་ལ་གནས་པ་ཡིན་ནོ།། གཟུང་བ་དང་བསམས་པའི་ཆོས་ལ་མི་བལྟོས་པར་གཞན་གྱིས་གདམས་ངག་དང་རྗེས་སུ་བསྟན་པ་ལ་བརྟེན་ནས ་དོན་ལ་ཞི་གནས་དང་ལྷག་མཐོང་གང་ཡིན་པ་སྟེ། རྣམ་པར་བསྔོས་པ་འམ། རྣམ་པར་བརྣགས་པ་འམ། དེ་ལྟ་བུ་དང་མཐུན་པ་རྣམས་སམ། འདུ་བྱེད་ཐམས་ཅད་མི་རྟག་པ་ཞེས་བྱ་བ་འམ། སྡུག་བསྔལ་བ་ཞེས་བྱ་བ་འམ། མྱ་ངན ་ལས་འདས་པ་ཞི་བ་ཞེས་བྱ་བ་འམ། དེ་ལྟ་བུ་དང་མཐུན་པའི་ཞི་གནས་དང་ལྷག་མཐོང་དེ་ནི་ཆོས་ལ་མི་གནས་པ་ཡིན་པར་རིག་པར་བྱའོ།། བྱམས་པ་དེ་ལ་ང་ནི་ཆོས་ལ་གནས་པའི་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས།། ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྗེས་སུ་འབྲང་བ་དབང་པོ་རྣོན་པོར་འདོགས་སོ།། ཆོས་ལ་མི་གནས་པ་ལ་བརྟེན་ནས། རང་པས་རྗེས་སུ་འབྲང་བ་དབང་པོ་རྟུལ་པོར་འདོགས་སོ།། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང ་ནི་མ་འདྲེས་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི། འདྲེས་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི་ན། མ་འདྲེས་པའི་ཆོས་ལ་དམིགས་པ་ནི་གང་ལགས། འདྲེས་པའི་ཆོས་ལ་དམིགས་པ་ནི་གང ་ལགས། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཇི་ལྟར་གཟུང་བ་དང་བསམས་པའི་ཆོས་རྣམས་ལས་མདོའི་སྡེ་ལ་སོགས་པའི་ཆོས་སོ་སོ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་དེ་ནི་མ ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཡིན་ནོ།། གལ་ཏེ་མདོའི་སྡེ་ལ་སོགས་པའི་ཆོས་དེ་དགེ་ཉིད་གཅིག་ཏུ་བཟླུམ་པ་དང་། གཅིག་ཏུ་བསྡུ་བ་དང་། གཅིག་ཏུ་བཏུལ་བ་དང་། ཕུང་པོ་གཅིག་ཏུ ་བྱས་ཏེ་ཆོས་འདི་དག་ཐམས་ཅད་ནི་དེ་བཞིན་ཉིད་ལ་གཞོལ་བ། དེ་བཞིན་ཉིད་ལ་འབབ་པ། དེ་བཞིན་ཉིད་ལ་བབ་པ། བྱང་ཆུབ་ལ་གཞོལ་བ། བྱང་ཆུབ་ལ་འབབ་པ། བྱང་ཆུབ་ལ་བབ་པ། མྱ་ངན་ལས་འདས་པ་ལ ་གཽགཞོལ་བ། མྱ་ངན་ལས་འདས་པ་ལ་འབབ་པ། མྱ་ངན་ལས་འདས་པ་ལྟ་བབ་པཱ། གནས་པར་གྱུར་པ་ལ་གཞོལ་བ། གནས་པར་གྱུར་པཱ་ལ་འབབྷཱ་པཱ། གནས་པར་གྱུར་པ་ལྱ་བྷཱབ་པ་དོག་སྟེ། ཆོས་འདི་དྲུག་ཐམས ་ཅད་ནི་དགེ་བོའི་ཆོས་དཔག་ཏུ་མེད་པ། གྲངས་མོད་པ་དག་མངོན་པར་བརྗོད་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པ་དེ་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཡིན་ནོ།། བཅོམ་ལྡན་འདས་ཞི་གནས ་དང་ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི། འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི། འདྲེས་པ་ཚད་མ་མཆིས་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི་ན། ་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ནི་གང་ལགས། འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པ་ནི་གང་ལགས། འདྲེས་པ་ཚད་མ་མཆིས་པའི་ཆོས་ལ་དམིགས་པ་ནི་གང་ལགས། བྱམས་པ་མདོའི་སྡེ་ནས་ཤིན། ་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏཱན་ལ་བབ་པར་བསྟན་པའི་སྡེའི་བར་དག་སོ་སོར་གཅིག་ཏུ་བཟླུམས་ཏེ། ཡིད་ལ་བྱེད་པའི་ཞི་གནས་དང་ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཡིན། ་པར་རིག་པར་བྱའོ།། མདོའི་སྡེ་ལ་སོགས་པ་དེ་དག་ཉིད་ཇི་སྙེད་གཟུང་བ་དང་བསམས་པ་སོ་སོརརྭ་གཅིག་ཏུ་བཟླུམས་ཏེ། ཡིད་ལ་བྱེད་པ་ནི་འདྲེས་པ་རྒྱ་ཆེན་པོར་གྱུར་པའི་ཆོས་ལྔ་དམིགས་པ་ཡིན་པར་རིག་པར་བྱའོ།། ། ་དེ་བཞིན་གྲཝཤུགས་པ་རྣམས་ཀྱིས་ཆོས་བསྟན་པ་ཚད་མེད་པ་རྣམས་དང་། ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་རྣམས་དང་། གྲོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ཚད་མེད་པ་རྣམས་གཅིག་ཏུ་བཟླུམས་ཏེ་ཡིད ་ལ་བྱེད་པ་ནི་འདྲེས་པ་ཚད་མེད་པའི་ཆོས་ལ་དམིགས་པ་ཡིན་པར་རིག་པར་བྱའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཇི་ཙམ་གྱིས་ན་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མ་ཐོང་ཐོབ ་པར་འགྱུར་ལགས། བྱམས་པ་དེ་ནི་རྒྱུ་ལྔས་ཐོབ་པར་འགྱུར་བར་རིག་པར་བྱ་སྟེ། འདི་ལྟ་སྟེ་ཡིད་ལ་བྱེད་པའི་ཚེ་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པར་བྱེད་པ་དང ་འདུ་ཤེས་སྣ་ཚོགས་རྣམ་པར་སྤངས་ཏེ་ཆོས་ཀྱི་ཀུན་དགའི་ལི་དགའ་བ་འཐོབ་པ་དང་། ཆོས་སྣང་བ་ཕྱོགས་བཅུར་ཚད་མེད་ཅིང་རྣམ་པ་ཡོངས་སུ་མ་ཆད་པ་ཡང་དག་པར་ཤེས་པ་དང་། དགོས་པ་ཡོངས་སུ་གྲུབ་པ་དང་། ་ལྡན་པ་རྣམ་པར་དག་པའི་ཆ་དང་འཐུན་པའི་མཚན་མ་རྣམ་པར་མ་བརྟགས་པ་རྣམས་དེ་ལ་ཀུན་ཏུ་འབྱུང་བ་དང་ཆོས་ཀྱི་སྐུ་འཐོབ་པ་དང་ཡོངས་སུ་རྫོགས་པ་དང་ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར་རྒྱུ་གོང་མ་བས ་ཆེཆོས་གོང་མ་བཟང་པོ་བས་ཆེས་བཟང་པོ་ཡང་དག་པར་ཡོངས་སུ་འཛིན་པར་བྱེད་པའོ།། བཅོམ་ལྡན་འདས་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་ལྷག་མཐོང་དེ་གང་ལ་རྟོགས་ཤིང་ལ་འཐོབ་པར་འཚལ་བར ་བགྱི་ལགས། བཀའ་སྩལ་པ། བྱམས་པ་ས་དང་པོ་རབ་ཏུ་དགའ་བ་ལ་ནི་རྟོགས་པ་ཡིན་ལ། ས་གསུམ་པ་འོད་བྱེད་པ་ལ་ནི་ཐོབ་པར་རིག་པར་བྱ་སྟེ། བྱམས་པ་དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་ལས་དྲང་པོ་པས་ཀྱང ་དེ་ལ་རྗེས་སུ་བསླབ་ཅིང་ཡིད་ལོ་བྱ་བ་མི་བཏང་བར་བྱའོ།། བཅོམ་ལྡན་འདས་ཇི་ལྟར་ན་ཞི་གནས་དང་ལྷག་མཐོང་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དུ་འགྱུར་བ་ལགས། ཇི་ལྟར་ན་རྟོག་པ ་མ་མཆིས་ཤིང་དཔྱོད་པ་ཙམ་དུ་འགྱུར་བ་ལགས། ཇི་ལྟར་རྟོག་པ་མ་མཆིས་པ་དྲང་དཔྱོད་པ་མ་མཆིས་པར་འགྱུར་བ་ལགས། བྱམས་པ་ཇི་ལྟར་གཟུང་ཞིང་བརྟགས་པ་དང་དཔྱད་པའི་ཆོས་རྣམས་ལ་དེ་དག་གི་མཚན་མ ་གསལ་ཞིང་རགས་པ་མྱོང་བའི་རྗེས་སུ་དཔྱོད་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པོ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ།། དེ་དག་ཉིད་ཀྱི་མཚན་མ་གསལ་ཞིང་རླུགས་པ་མྱོང ་བའི་རྗེས་སུ་སྤྱོད་པ་མ་ཡིན་མོད་ཀྱི། འོན་ཀྱང་དེ་སྣང་བ་འོལ་སྤྱིའི་དྲན་པ་ཙམ་ཕྲ་མོ་མྱོང་བའི་རྗེས་སུ་དཔྱོད་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ།། ་དེ་དག་གི་མཚན་མ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ལྷུན་གྱིས་གྲུབ་པར་ཆོས་མྱོང་བ་ཡིད་ལྔ་བྱེད་པས་རྣམ་པར་སྤྱོད་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན ་ཏོ།། བྱམས་པ་ཡང་ཆོས་ཡོངས་སུ་ཚོལ་བ་ལས་བྱུང་བའོ་ནཱི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ།། སོ་སོར་རྟོག་པ་ལས་བྱུང་བའི་གང ་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ།། འདྲེས་པའི་ཆོས་ལ་དམིགས་པ་གང་ཡིན་པ་དེ་ནི་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་ནོ།། བཅོམ་ལྡན་འདས་ཞི་གནས་ཀྱི་རྒྱ ་མཚན་ནི་གང་ལགས། རབ་ཏུ་འཛིན་པའི་རྒྱུ་མཚན་ནི་གང་ལགས། བཏུང་སྙོམས་ཀྱི་རྒྱུ་མཚན་ནི་གང་ལགས། བྱམས་པ་སེམས་རྐྱོད་པ་འམ་རྒོད་དུ་དོགས་པ་ན་ཀུན་ཏུ་སྐྱེ་བར་འགྱུར་བ་དང་མཐུན་པའི ་ཆོས་རྣམས་དང་། བར་ཆད་པའི་སེམས་དེ་ཡིད་ལ་བྱེད་པ་གླིང་ཡིན་པ་དེ་ནི་ཞི་གནས་ཀྱི་རྒྱུ་མཚན་ཞེས་བྱའོ།། བྱམས་པ་སེམས་བྱིང་ངམ་བྱིང་དུ་དོགས་པ་ན་མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས ་དང་། སེམས་ཀྱི་མཚན་མ་དེ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་ཞེས་བྱའོ།། བྱམས་པ་ཞི་གནས་ལྔ་གཅིག་ཏུ་ངེས་པ་འམ། ལྷག་མཐོང་ལ་གཅིག་ཏུ་ངེས་པ་འམ། ཟུང་དུ་འབྲེལ་པའི་ལམ ་ཡང་རུང་སྟེ། དེ་གཉི་གའི་ཉེ་བའི་ཉོན་མོངས་པས་ཉེ་བར་ཉོན་མོངས་པར་བྱེད་པ་ལ་སེམས་རང་གི་ངང་གིས་འཇུག་པ་ན། ཡིད་ལ་བྱེད་པ་ལྷུན་གྱིས་གྲུབ་པ་གང་ཡིན་པ་དེ་ནི་བཏང་སྙེམས་ཀྱི་རྒྱུ་མཚན་ཞེས་བྱའོ།། ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་གནས་དང་ལྷག་མཐོང་སྒོམ་པ་ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པོར་རིག་པ་ལགས་ན། ཇི་ལྟར་ཆེས་སོ་སོ་ཡང་དྲུག་པར་རིག་པ་ལུགས། བྱས ་པ་རྣམ་པ་ལྔས་ཆོསོ་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ། མིང་དང་། ཚིག་དང་། ཡི་གེ་དང་། སོ་སོ་བ་དང་། བསྡུས་པས་སོ།། མིང་གང་ཞེ་ན། ཀུན་ནས་ཉོན་མོངས་པ་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ལ་ངོ་བོ་ཉི ་དང་བྱེ་བྲག་གི་སྙིང་དུ་བྷུ་བར་བཏགས་པ་གང་ཡིན་པའོ།། ཚིག་གྲང་ཞེ་ན། ཀུན་ནས་ཉན་མོངས་པ་དང་རྣམ་པར་བྱུང་བྱ་བའི་དོན་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་གནས་དང་རྟེན་མིང་དེ་དག་ཉིད་ཀྱི་ཚོགསསུ་ལ ་བརྟེན་པ་གང་ཡིན་པའོ།། ཡི་གེ་གང་ཞེ་ན། དེ་གཉི་གུའི་གནས་ཀྱི་ཡི་གེ་འབྲུ་གང་ཡིན་པའོ།། དེ་དག་སོ་སོ་ལས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། མ་འདྲེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་སོ་སོ་ཡང ་དག་པར་རིག་པ་གང་ཡིན་པའོ།། བསྡུས་པ་ལས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། འདྲེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་སོ་སོ་ཡང་དག་པར་རིག་པ་གང་ཡིན་པའོ།། དེ་དག་ཐམས་ཅད་གཅིག ་ཏུ་བསྡུས་ནས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། དེ་ལྟར་ན་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་ནོ།། བྱང་ཆུབ་སེམས་དཔས་རྣམ་པ་བཅུས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ། ཇི་སྙེད་ཡོད་པ་ཉིད ་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང་། འཛིན་པའི་དོན་དང་། གཟུང་བའི་དོན་དང་། གནས་ཀྱི་དོན་དང་། ལོངས་སྤྱོད་ཀྱི་དོན་དང་། ཕྱིན་ཅི་མ་ལོག་པའི་དོན་དང་། ཀུན་ནས་ཉོན་མོངས་པའི་དོན་དང་། རྣམ་པར་བྱང་བའི ་དོན་གྱིས་སོ།། བྱམས་པ་དེ་ལ་ཀུན་ནས་ཉོན་མོངས་པ་པ་དང་རྣམ་པར་བྱང་བ་པའི་ཆོས་རྣམས་ལ་རྣམ་པར་རབ་ཏུ་དབྱེ་བ་ཐམས་ཅད་ཀྱི་མཐར་ཐུག་པ་གང་ཡིན་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཡིན་ཏེ། འདི་ལྟ་སྟེ་ཕུང་པོ ་རྣམས་ཀྱི་གྲངས་ནི་ལྔས་སོ།། ནང་གི་སྐྱེ་མཆེད་རྣམས་ཀྱི་གྲངས་ནི་དྲུག་གིས་སོ།། ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་ཡང་གྲངས་དྲུག་ཁོ་ནས་སོ་ཞེས་བྱ་བ་ལ་སོགས་པའོ།། བྱམས་པ་དེ་ལ་ཀུན་ནས ་ཉོན་མོངས་པ་དང་རྣམ་པར་བྱུང་བ་པའི་ཆོས་དེ་དག་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཡིན་ཏེ། དེ་ཡང་རྣམ་པ་བདུན་ཏེ། འབྱུང་བའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམས་ཀྱི་ཐོག་མ་དང ་ཐ་མ་མེད་པ་ཉིད་གང་ཡིན་པའོ།། མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་གང་ཟག་བདག་མེད་པ་དང་ཆོས་བདག་མེད་པའོ།། རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམས་རྣམ་པར་རིག་པ་ཙམ་ཉིད ་གང་ཡིན་པའོ།། གནས་པའི་དེ་བཞིན་ཉིད་ནི་ངས་སྡུག་བསྔལ་གྱི་བདེན་པ་བསྟན་པ་གང་ཡིན་པའོ།། ལོག་པར་བསྒྲུབ་པའི་དེ་བཞིན་ཉིད་ནི་ངས་ཀུན་འབྱུང་བའི་བདེན་པ་བསྟན་པོ་གང་ཡིན་པའོ།། རྣམ་པར་དག་པའི ་དེ་བཞིན་ཉིད་ནི་ངས་འགོག་པའི་བདྲེན་པ་བསྟན་པ་གང་ཡིན་པའོ།། ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ནི་ངས་ལམ་གྱི་བདེན་པ་བསྟན་པ་གང་ཡིན་པའོ།། བྱམས་པ་དེ་ལ་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ ་དང་། གནས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། ལོག་པར་སྒྲུབ་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་སེམས་ཅན་ཐམས་ཅད་མཚུངས་ཤིང་མཉམ་མོ།། བྱམས་པ་དེ་ལ་མཚན་ཉིད་གང་ཡིན་པ་དེ་དང་། རྣམ་པར ་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་ཆོས་ཐམས་ཅད་མཚུངས་ཤིང་མཉམ་མོ།། བྱམས་པ་དེ་ལ་རྣམ་པར་དག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་བྱང་ཆུབ་གླང་ཡིན་པ་དང་རང་སངས་རྒྱས་ཀྱི་བྱུང ་ཆུབ་གང་ཡིན་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པའི་བྱང་ཆུབ་ཐམས་ཅད་མཚུངས་ཤིང་མཉམ་མོ།། བྱམས་པ་དེ་ལྷ་ཡང་དག་པཱར་སྒྲུབ་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་ཐོས ་པ་ཐམས་ཅད་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་ཤེས་རབ་མཚུངས་ཤིང་མཉམ་མོ།། བྱམས་པ་དེ་ལ་འཛིན་པའི་དོན་ནི་སྐྱེ་མཆེད་གཟུགས་ཅན་ལྔ་དང་། སེམས་དང ་ཡིད་དང་རྣམ་པར་ཤེས་པ་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ།། བྱམས་པ་དེ་ག་ཟུང་བའི་དོན་ནི་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་ཡིན་ནོ།། བྱམ་སྟ་པ་ཡང་འཛིན་པའི་དོན་གང་ཡིན་པ་དེ་ནི་གཟུང་བའི་དོན་ཀྱང་ཡིན། ་ནོ།། བྱམས་པ་དེ་ལ་གནས་ཀྱི་དོན་ནི་འཇིག་རྟེན་གྱི་ཁམས་གང་ཡིན་པ་སྟེ། གང་ལ་གནས་ན་སེམས་ཅན་གྱི་ཁམས་སྣང་བའོ།། འདི་ལྟ་སྟེ། གྲོང་ཚིགས་དང་། གྲོང་ཚིགས་བརྒྱ་དང་། དེ་སྟོང་དང་། དེ་འབུམ་དང་། ་མཚོ་ལ་ཐུག་པའི་ས་དང་། དེ་བརྒྱ་དང་། དེ་སྟོང་དང་། དེ་འབུམ་དང་། ཛམྦུ་གླིང་དང་། དེ་བརྒྱ་དང་། དེ་སྟོང་དང་། དེ་འབུམ་དང་། གླིང་བཞི་དང་། དེ་བརྒྱ་དང་། དེ་སྟོང་དང་། དེ་འབུམ་དང་། སྟོང་གི་འཇིག་རྟེན་གྱི་ཁམས་དང་། ་དེ་བརྒྱ་དང་། དེ་སྟོང་དང་། དེ་འབུམ་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང་། དེ་བརྒྱ་དང་། དེ་སྟོང་དང་། དེ་འབུམ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། དེ་བརྒྱ་དང་། དེ ་སྟོང་དང་། དེ་འབུམ་དང་། བྱེ་བ་དང་། བྱེ་བ་དེ་ཕྲག་བརྒྱ་དང་། བྱེ་བ་དེ་ཕྲག་སྟོང་དང་། བྱ་བ་དེ་ཕྲག་འབུམ་དང་། དེ་གྲངས་མེང་པ་དང་། གྲངས་མེད་པ་དེ་བརྒྱ་དང་། གྲངས་མེད་པ་དེ་སྟོང་དང་། གྲངས་མེད་པ་དེ་འབུམ་དང་། ཕྱོགས ་བཅུ་དག་གི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དང་གྲངས་མེད་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཕྲག་འབུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙིང་དག་གོ།། བྱམས་པ་དེ་ལ་ལོངས་སྤྱོད ་ཀྱི་དོན་ནི་ཡོངས་སུ་སྤྱད་པའི་ཕྱིར་དུས་སེམས་ཅན་རྣམས་ཀྱི་ཡོངས་སུ་གཟུང་བ་དྲང་ཡོ་བྱད་བསྟན་པ་གང་དག་ཡིན་པ་རྣམས་སོ།། བྱམས་པ་དེ་ལ་ཕྱིན་ཅི་ལོག་གི་དོན་ནི་འཛིན་པ་ལ་སོགས་པའི་དེ་དག་ཉིད་ལ་མི་རྟག། ་པཱ་ལ་རྟག་པར་འདུ་ཤེསྔ་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དང་། སྡུག་བསྔལ་ལ་བདེ་བ་དང་། མི་གཙང་བ་ལ་གཙང་པོ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས ་ཕྱིན་ཅི་ལོག་དང་། ལྟེ་བ་ཕྱིན་ཅི་ལོག་གང་ཡིན་པའོ།། བྱམས་པ་དེ་ལ་ཕྱིན་ཅི་མི་ལོག་པའི་དོན་ནི་དེ་ལས་བཟློག་པ་སྟེ། དེའི་གཉེན་པོ་ཡིན་པར་རིག་པར་བྱའོ།། བྱམས་པ་དེ་ལ་ཀུན་ནས་ཉོན་མོངས་པའི་དོན་ནི་རྣམ་པ་གསུཾ ་སྟེ། ཁམས་གསུམ་པའི་ཉོན་མོངས་པའི་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ།། བྱམས་པ་དེ་ལ་རྣམ་པར་བྱུང་བུའི་དོན་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པ ་དེ་དག་ཉིད་དང་བྲལ་བར་བྱ་བའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གང་དག་ཡིན་པ་རྣམས་སོ།། བྱམས་པ་རྣམ་པ་བཅུ་པོ་དག་གིས་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ།། བྱམས་པ་ཡང་བྱང་ཆུབ་སེམས་དཔས ་རྣམ་པ་ལྔས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ། དོན་དམ་པ་རྣམ་པ་ལྔ་གང་ཞེ་ན། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། ཡོངས་སུ་ཤེས་པར་བྱ་བའི་དོན་དང་། ཡོངས་སུ་ཤེས་པ་དང་། ཡོངས་སུ་ཤེས་པའི་འབྲས ་བུ་ཐོབ་པ་དང་། དེ་རབ་ཏུ་རིག་པར་བྱའོ།། བྱམས་པ་དེ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་ཤེས་བྱ་ཐམས་ཅད་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ་ཕུང་པོ་རྣམས་ཞེས་བྱ་བ་འམ་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་འམ ་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཞེས་བྱ་བ་འམ། དེ་ལྟ་བུ་ལ་སོགས་པ་དག་གོ།། བྱམས་པ་དེ་ལྔ་ཡོངས་སུ་ཤེས་པར་བྱ་བའི་དོན་ནི་རྣམ་པ་ཇི་སྙེད་ཀྱིས་ཤེས་བྱ་དེ་ཇི་ལྟ་བུ་བཞིན་དུ་ཤེས་པར་བྱ་བ་སྟེ། འདི་ལྟ་སྟེ་ཀུན་རྫོབ ་དོདང་དོན་དམ་པ་དང་སྐྱོན་དང་ཡོན་ཏན་དང་རྐྱེན་དང་དུས་དང་སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་དང་། ནད་ལྀ་སོགས་པ་དང་སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ ་དང་ཆོས་ཀྱི་དབྱིངས་དང་བསྡུ་བ་དང་དབྱེ་བ་དང་མགོ་གཅིག་ཏུ་ལན་གདབ་པ་དྲུང་རྣམ་པར་དབྱེ་བ་དང་དྲིས་ཏེ་ལན་གང་བ་པཱ་དང་བཞག་པ་དང་གསང་བ་དང་བསྒྲགས་པ་དང་དེ་ལྟ་བུ་དང་མཐུན་པ ་ནི་ཡོངས་སུ་ཤེས་པར་བྱ་བའི་དོན་ཡིན་པར་རིག་པར་བྱའོ།། བྱམས་པ་དེ་ལ་ཡོངས་སུ་ཤེས་པ་དེ་ནི་དེ་གཉི་ག་འཛིན་པར་བྱེད་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གང་ཡིན་པ་དག་སྟེ། འདི་ལྟ་སྟེ། དྲན་པ་ཉེ ་བར་གཞག་པ་རྣམས་དང་། ཡང་དག་པའི་སྤོང་བ་རྣམས་དང་། དེ་ལ་སོགས་པའོ།། བྱམས་པ་དེ་ལ་ཡོངས་སུ་ཤེས་པའི་འབྲས་བུ་འཐོབ་པ་ནི་འདི་ལྟ་སྟེ། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་འདུལ་བ་དང་། འདོད ་ཚུཆགས་དང་ཞེ་སྡང་གཏི་མུག་མ་ལུས་པར་སྤོང་བ་དང་། དགེ་སྦྱོང་ཉིད་ཀྱི་འབྲས་བུ་རྣམས་དང་། ངསྡེ་ཉན་ཐོས་དང་དེ་བཞིན་གཤེགས་པའི་ཡོན་ཏན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཐུན་མོང་དང་ཐུན ་མོང་མ་ཡིན་པ་གང་དག་བསྟན་པ་དེ་དག་མངོན་དུ་བྱ་བ་གང་ཡིན་པའོ།། བྱམས་པ་དེ་ལྟ་རབ་ཏུ་རིག་པར་བྱེད་པ་ནི་མངོན་སུམ་དུ་བྱ་བའི་ཆོས་དེ་དག་ཉིད་ལ་རྣམ་པར་གྲོལ་བར་ཤེས་པ་དང་། གཞན་དག་ལ་ཡང ་རྒྱ་ཆེར་སྟོན་པ་དང་། ཡང་དག་པར་སྟོན་པ་གང་ཡིན་པ་སྟེ། བྱམས་པ་དོན་ལྔ་པོ་དེ་དག་གིས་ཀྱང་དོན་ཐམས་ཅིང་བསྡུས་པ་རོ་རིག་པར་བྱའོ།། བྱམས་པ་ཡང་བྱང་ཆུབ་སེམས་དཔས་རྣམ་པ་བཞིས་དོན་སོ་སོ་ཡང ་དག་པར་རིག་པ་ཡིན་ཏེ། དོན་རྣམ་པ་བཞི་གང་ཞེ་ན། སེམས་ཀྱི་ལེན་པའི་དོན་དང་། མྱོང་བའི་དོན་དང་། རྣམ་པར་རིག་པའི་དོན་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱུང་བའི་དོན་གྱིས་ཏེ། བྱམས་པ་དོན་རྣམ་པ་བཞི ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ།། བྱམས་པ་ཡང་བྱང་ཆུབ་སེམས་དཔྱས་རྣམ་པ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ། དོན་རྣམ་པ་གསུམ་གང་ཞེ་ན། ཚིག་འབྲུའི་དོན་དང་། ་དོན་གྱི་དོན་དང་། ཁམས་ཀྱི་དོན་གྱིས་སོ།། བྱམས་པ་དེ་ལ་ཚིག་འབྲུའི་དོན་ནི་མིང་གི་ཚིགས་ལ་སོགས་པ་ཡིན་པར་བལྟ་བར་བྱའོ།། བྱམས་པ་དེ་ལ་དོན་གྱི་དོན་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། དེ་ཁོ་ནའི་མཚན་ཉིད ་དང་ཡོངས་སུ་ཤེས་པའི་མཚན་ཉིད་དང་། སྨྱུང་བའི་མཚན་ཉིད་དང་། མངོན་དུ་བྱ་བའི་མཚན་ཉིད་དང་། བསྒོམ་པའི་མཚན་ཉིད་དང་། དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་དེ་དག་ཉིད་ཀྱི་རྣམ་པ་རློབ་ཏུ་དབྱེ་བའི་མཚན་ཉིད་དང་། ་གནས་དང་གནས་པར་འབྲེལ་པའི་མཚན་ཉིད་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་དང་། རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་དང་། ཡོངས་སུ་མི་ཤེས་པ་ལ་སོགས་པ་དང ་ཡོངས་སུ་ཤེས་པ་ལ་སོགས་པའི་ཉེས་དམིགས་དང་ཕན་ཡོན་གྱི་མཚན་ཉིད་དོ།། བྱམས་པ་དེ་ལ་ཁམས་ཀྱི་དོན་ནི་ཁམས་ལྔ་སྟེ། འཇིག་རྟེན་གྱི་ཁམས་དང་། སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་ཁམས་དང་། གདུལ ་བའི་ཁམས་དང་། གདུལ་བའི་ཐབས་ཀྱི་ཁམས་ཏེ། བྱམས་པ་དོན་རྣམ་པ་གསུམ་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས ་ནི་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དང་། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དང་། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་བསྒོམས་པ་ལས་བྱུང ་བའི་ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དེ་དག་ཐ་དད་དུ་བགྱི་བ་ཅི་མཆིས་ལགས། བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་ཚིག་འབྲུ་ལ་གནས ་པ་དང་སྒྲ་ཇི་བཞིན་པ་དང་། དགོངས་པ་མེད་པ། མངོན་དུ་མ་གྱུར་པ། རྣམ་པར་ཐར་པའི་རྗེས་སུ་མཐུན་པ། རྣམ་པར་ཐར་པར་བྱེད་པ་མ་ཡིན་པའི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་དོ།། བྱམས་པ་བསམས་པ་ལས ་བྱུང་བའི་ཤེས་རབ་ཀྱིས་ནི་ཚིག་འབྲུ་ལ་གནས་པ་ཁོ་ན་ཡིན་ལ། སྒྲ་ཇི་བཞིན་མ་ཡིན་པ། དགོངས་པ་ཅན་མངོན་དུ་མུ་གྱུར་པ། རྣམ་པར་ཐར་པ་དང་ཆོས་རྗེས་སུ་མཐུན་པ། རྣམ་པར་ཐར་པར་བྱེད་པ་མ་ཡིན་པའི་དོན་སོ་སོ། ་ཡང་དག་པར་རིག་པར་བྱེད་དོ།། བྱམས་པ་བྱང་ཆུབ་སེམས་དཔས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་ཚིག་འབྲུ་ལ་གནས་པ་དང་། ཚིག་འབྲུ་ལ་གནས་པ་མ་ཡིན་པ་དང་། སྒྲ་ཇི་བཞིན་པ་དང་། དགོངས ་པ་ཅན་དང་། ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གྱི་མངོན་དུ་གྱུར་པ་རྣམ་པར་ཐར་པ་དང་ཆོས་ཤིན་ཏུ་རྗེས་སུ་མཐུན་པ་དང་རྣམ་པར་ཐར་པར་བྱེད་པའི་དོན་ཀྱང་སོ་སོ ་ཡང་དག་པར་རིག་པར་བྱེད་དོ།། བྱམས་པ་དེ་དག་གི་ཐ་དད་དུ་བྱ་བ་ནི་དེ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ཆོས་སོ་སོ ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པའི་ཤེས་པ་ནི་གང་ལགས། མཐོང་བ་ནི་གང་ལགས། བྱམས་པ་དེ་ནི་ཤེས་པ་དང་མཐོང་བ་རྣམ་གྲངས་དུ་མས་སྟོན་པར་བྱེད་མོད་ཀྱི། འོན་ཀྱང་མདོར་བསྡུས་ཏེ ་བཤད་པར་བྱའོ།། འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཡིན་ནོ།། མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་རབ་གང་ཡིན ་པ་དེ་ནི་མཐོང་བ་ཡིན་ནོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པས་ཡིད་ལ་བགྱིད་པ་གླང་གིས་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བགྱིད་ལགས། བྱམས་པ་དེ་བཞིན ་ཉིད་ཡིད་ལ་བྱེད་པས་ཆོས་ཀྱི་མཚན་མ་དང་དོན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་ལ། མིང་ལ་མིང་གི་ངོ་བོ་ཉིད་ཀྱང་མི་དམིགས་ཤིང་། དེའི་གནས་ཀྱི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བ་རྣམ་པར་སེལལོ།། ་མིང་ལ་ཇི་ལྟ་བ་བཞིན་དུ་ཚིག་དང་ཡི་གེ་དང་དོན་ཐམས་ཅད་ལ་ཡང་དེ་བཞིན་དུ་རིག་པར་བྱའོ།། བྱམས་པ་ཁམས་ཀྱི་བར་ལ་ཁམས་ཀྱི་ངོ་བོ་ཉིད་མི་དམིགས་ཤིང་དེའི་གནས་མཚན་མ་ཡང་དག ་པར་རྗེས་སུ་མི་མཐོང་བས་རྣམ་པར་སེལ་ཏོ།། བཅོམ་ལྡན་འདས་ཅི་ལགས། དེ་བཞིན་ཉིད་ཀྱི་དེན་སོ་སོ་ཡང་དག་པར་རིག་པའི་མཚན་མ་གང་ལགས་པ་དེ་ཡང་རྣམ་པར་སེལ་བར་བགྱིད་ལགས་སམ། བྱམས་པ ་དེ་བཞིན་ཉིད་ཀྱི་དོན་སོ་སོར་ཡང་དག་པར་རིག་པ་ལ་ནི་མཚན་མ་མེད་དེ། མི་དམིགས་ན་དེ་ལ་ཅི་ཞིག་རྣམ་པར་སེལ་བར་འགྱུར་ཏེ། བྱམས་པ་དེ་བཞིན་ཉིད་ཀྱི་དོན་སོ་སོར་ཡང་དག་པར་རིག་པ་ནི་ཆོས་དང་དོན་གྱི ་མཚན་མ་ཐམས་ཅད་ཟིལ་གྱིས་ནོན་གྱི། དེ་ནི་གླང་གིས་ཀྱང་ཟིལ་གྱིས་མནན་པར་བྱ་བ་ཡིན་པར་ང་མཱི་སྨྲའོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཆབ་རྙོག་མ་ཅན་མཆིས་པའི་སྣོད་ཀྱི་དཔེ་དང་མེ་ལོང་ཡོད ་སུ་མ་དག་པའི་དཔེ་དང་། འཚོའུ་འཁྲུགས་པའི་དཔེས་ཇི་ལྟར་རང་གི་བཞིན་གྱི་མཚན་མ་བརྟག་པར་མི་ནུས་ལ། དེ་ལས་བཟློག་པས་ནི་ནུས་པ་དེ་བཞིན་དུ་མ་བསྒོམས་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན ་ཤེས་པར་མི་ནུས་ཀྱི། བསྒོམས་པས་ནི་ནུས་སོ་ཞེས་བཀའ་སྩལ་པ་དེ་ལ་སེམས་ཀྱིས་སོ་སོར་བརྟག་པ་ནི་གང་ལགས། དེ་བཞིན་ཉིད་ནི་གང་ལ་དགོངས་ཏེ་བཀའ་སྩལ་ལགས། བཀའ་སྩལ་པ། བྱམས་པ ་སེམས་ཀྱིས་སོ་སོར་བརྟག་པ་རྣམ་པ་གསུམ་གྱི་ཕྱིར་ཏེ། ཐོས་པ་ལས་བྱུང་བའི་སེམས་ཀྱིས་སྔ་སོར་བརྟག་པ་དང་། བསམས་པ་ལས་བྱུང་བའི་སེམས་ཀྱིས་སོ་སོར་བརྟག་པ་དང་། བསྒོམས་པ་ལས་བྱུང་བའི་སེམ ་ཀྱིས་སོ་སོར་བརྟག་པའོ།། རྣམ་པར་རིག་པའི་དེ་བཞིན་ཉིད་ལས་དགོངས་ཏེ་ཡོངས་སུ་བསྟན་པ་ཡིན་ནོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་དང་དྲནུས་སོ་ཡང་དག་པར་རིག་པ་དང་མི་ཆེན་མ་རྣ ་པར་སེལ་བྷ་ལ་ཞུགས་པའི་མཚན་མ་དུ་ཞིག་ནི་རྣམ་པར་བྱས་ལ་དཀའ་བ་དག་ལགས་ལ། གང་གིས་ནི་དེ་དག་ནམྦུ་པར་སོལ་ལགས། བྱམས་པ་བཅུ་སྟེ། དེ་དག་ནི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ།། བཅུ་གང ་ཞེ་ན། ཆོས་ཀྱི་དོན་སོ་སོ་ཡང་དག་པར་རིག་པར་བྱེད་པ་ན། ཚིག་དང་ཡི་གེའི་མཚན་མ་སྣ་ཚོགས་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏེ།། གནས་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོར ་ཡང་དག་པར་རིག་པར་བྱེད་པ་ན་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་གཞན་དུ་འགྱུར་བ་ཉིད་ཀྱི་རྒྱུན་གྱི་རྗེས་སུ་འཇུག་པའི་མཚན་མ་གང་ཡིན་པ་དེ་ནི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཀྱང་རྣམ་པར་སེལ་ལ། དེ་ནི ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱིས་ཀྱང་རྣམ་པར་སེལ་ཏོ།། འཛིན་པའི་དོན་སོ་སོར་ཡང་དག་པར་རིག་པར་བྱེད་པའི་འཇིག་ཚོགས་ལྟ་བའི་མཚན་མ་དང་། ངའོ་སྙམ་པའི་མཚན་མ་གང་ཡིན་པ་དེ་ནི་ནང་སྟོང ་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ།། གཟུང་བའི་དོན་སོ་སོར་ཡང་དག་པར་རིག་པ་ན་ལོངས་སྤྱོད་ལ་ལྟ་བའི་མཚན་མ་གང་ཡིན་པ་དེ་ནི་ཕྱི་སྟོང་པ་ཉིད་ཀྱིས་རྣམ་པར་སྩལ་ཏོ།། ་ཡོངས་སུ་ལོངས་སྤྱོད་པའི་དོ་ན་དུ་སྐྱེས་པ་དྲང་བུད་མེད་ཀྱིས་བསྙེན་བཀུར་དང་ཡོ་བྱད་དང་ལྡན་པ་སོ་སོ་ཡང་དག་པར་རིག་པར་བྱེད་པ་ནི་ནང་གྲི་བདེ་བའི་མཚན་མ་དང་། ཕྱི་རོལ་གྱི་སྡུག་པའི་མཚན་མ་གང་ཡིན་པ་དེ་ནི ་ཕྱི་ནང་སྟོང་པ་ཉིད་དང་རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ།། གནས་ཀྱི་དོན་སོ་སོར་ཡང་དག་པར་རིག་པར་བྱེད་པ་ན། ཚད་མེད་པའི་མཚན་མ་གང་ཡིན་པ་དེ་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ།། ་གཟུགས་མེད་པ་ལ་བརྟེན་ཏེ་ནང་གི་ཞི་བ་རྣམ་པར་ཐར་པའི་མཚན་མ་གང་ཡིན་པ་དེ་ནི་འདུས་བྱས་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ།། མཚན་ཉིད་དེ་བཞིན་ཉིད་ཀྱི་དོན་སོ་སོར་ཡང་དག་པར་རིག་པར་བྱེད་པ་ན་གང་ཟག ་བདག་མྱེད་པའི་མཚན་མ་དང་ཆོས་བདག་མེད་པའི་མཚན་མ་དང་རྣམ་པར་རིག་པ་ཙམ་གྱི་མཚན་མ་དང་དོན་དམ་པའི་མཚན་མ་གང་ཡིན་པ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང་དངོས་པོ་མེད་པ་སྟོང་པ་ཉིད་དང ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་དོན་དམ་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ།། རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོར་ཡང་དག་པར་རིག་པར་བྱེད་པ་ན་འདུས་མ་བྱས་ཀྱི་མཚན་མ་དང་འགྱུར་བ་མེད་པའི ་མཚན་མཱ་གང་ཡིན་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་དང་དོར་བ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ།། མཚན་མ་དེའི་གཉེན་པོ་སྟོང་པ་ཉིད་དེ་ཡིད་ལ་བྱེད་པའི་སྟོང་པ་ཉིད་ཀྱི་མཚན་མ་གང་ཡིན་པ་དེ་ནི་སྟོང་པ་ཉིད ་སྟོང་པ་ཉིད་ཀྱིས་སེལ་ཏོ།། བཅོམ་ལྡན་འདས་མཚན་མ་རྣམ་པ་བཅུ་རྣམ་པར་སེལ་བར་བགྱིད་པ་ན། མཚན་མ་གང་རྣམ་པར་སེལ་བར་བགྱིད་ཅིང་མཚན་མའི་འཆིང་བ་གང་ལས་རྣམ་པར་གྲོལ་བར་འགྱུར་ལགས། བྱམས ་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་ཅིང་། ཀུན་ནས་ཉོན་མོངས་པའི་འཆིང་བའི་མཚན་མ་ལས་ཡོངས་སུ་གྲོལ་བར་འགྱུར་ལ་དེ་ཡང་རྣམ་པར་སེལ་ཏོ།། བྱམས་པ་སྟོང་པ ་ཉིད་དེ་དག་ནི་དངོས་སུ་ནཱ་མཚན་མ་དེ་དག་གི་གཉེན་པོར་གྱུར་པ་ཡིན་པར་རིག་པར་བྱའོ།། རཱི་རེ་ཡང་མཚན་མ་ཐམས་ཅད་ཀྱི་གཉེན་པོར་མི་འགྱུར་བ་ནི་མ་ཡིན་ནོ།། བྱམས་པ་འདི་ལྟ་སྟེ་དཔེར་ན་མ་རིག་པ་ནི་རྒ་ཤིའི ་བར་གྱི་ཀུན་ནས་ཉོན་མོངས་པ་འགྲུབ་པར་མི་བྱེད་པ་མ་ཡིན་མོད་ཀྱི། ཉེ་བ་དང་ཤིན་ཏུ་ཉེ་བའི་རྐྱེན་ཉིད་ཡིན་པའི་ཕྱིར་དངོས་སུ་ན་འདུ་བྱེད་འགྲུབ་པར་བྱེད་པ་ཡིན་པར་བསྟན་པ་བཞིན་དུ་འདི་ལ་ཡང་ཚུལ་དེ་བཞིན་དུ ་བལྟ་བར་བྱའོ།། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་རྟོགས་ན་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་མངོན་པའི་ང་རྒྱལ་མ་མཆིས་པས་རབ་ཏུ་ཉམས་པར་མི་འགྱུར་བའི་སྟོང ་ཉིད་ཀྱི་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱམས་པ་ཁྱོད་དེ་ལྟར་བྱང ་ཆུབ་སེམས་དཔའ་རྣམས་སྟོང་པ་ཉིད་ལས་རབ་ཏུ་ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བ་ལེགས་སོ་ལེགས་སོ།། དེ་ཅིའི་ཕྱིར་ཞེ་ནི། བྱམས་པ་བྱང་ཆུབ་སེམས་དཔལ ་སྟོང་པ་ཉིད་ལས་རབ་ཏུ་ཉམས་པ་ནི་ཐེག་པ་ཆེན་པོ་མཐའ་དག་ལས་ཀྱང་རབ་ཏུ་ཉམས་པར་འགྱུར་བའི་ཕྱིར་རོ།། བྱམས་པ་དེའི་ཕྱིར་ཉོན་ཅིག་དང་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཁྱོད་ལ་བཤད་པར་བྱའོ།། ་བྱམས་པ་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་པ་དང་རྣམ་པར་བྱང་བ་པའི་ཀུན་བཏགས་པའི་མཚན་ཉིད་དང་ཤིན་ཏུ་རྣམ་པར་བྲལ་བ ་ཉིད་དང་། དེ་དེ་ལ་མི་དམིགས་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཞེས་བྱའོ།། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དག་གིས་ཏིང་ངེ་འཛིན་དུ་ཞིག་བསྡུས་ལགས། བཀའ ་སྩལ་པ། བྱམས་པ་ངས་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་བསྡུས་པར་རིག་པར་བྱའོ།། ་བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་རྒྱུ་གང་ལས་བྱུང་བ་ལགས། བྱམས་པ་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་དང་ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ ་ཡིན་ནོ།། བཅོམ་ལྡན་འདས་དེ་དག་གི་འབྲས་ཇི་གང་ལགས་པར་བརྗོད་པར་བགྱི། བྱམས་པ་སེམས་རྣམ་པར་དག་པ་ནི་འབྲས་བུ་ཡིན། ཤེས་རབ་རྣམ་པར་དག་ནི་འབྲས་བུ་ཡིན་ནོ།། བྱམས་པ་ཡང་ཉན་ཐོས་རྣམས ་ཀྱི་འམ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར ་རིག་པར་བྱའོ།། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་གི་ལས་ཅི་ལགས། བྱམས་པ་འཆིང་བ་རྣམ་པ་གཉིས་པོ་མཚན་མའི་འཆིང་བ་དང་གནས་ངན་ལེན་གྱི་འཆིང་བ་ལས་རྣམ་པར་ཐར་པར་བྱེད་པ་ཡིན ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གྲགས་རྣམ་པ་ལྔ་གསུངས་པ་གླང་དག་ལགས་པ་དེ་དག་ལས་དུ་ཞིག་གནས་ཀྱི་གགས་དག་ལགས། དུ་ནི་ལྷག་མཐོང་གི་གགས་དགེ་ལགས། དུ་ནི་གཉི་གའི ་གགས་དག་ལགས། བྱམས་པ་ལུས་དང་ལོངས་སྤྱོད་ལ་ལྟ་བ་ནི་ཞི་གནས་ཀྱི་གགས་ཡིན་ནོ།། འཕགས་པའི་གཏམ་འདོད་པ་བཞིན་མ་ཐོབ་པ་ནི་ལྷག་མཐོང་གི་གགས་ཡིན་ནོ།། འདྲེས་པར་གནས་པ་དང ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་དེ་གཉིས་ཀའི་གགས་ཡིན་ཏེ། དེ་ལའང་གཅིག་གིས་ནི་སྦྱོར་བར་མི་བྱེད་དོ།། ཅིག་ཤོས་ཀྱིས་ནི་སྦྱོར་བ་མཐར་ཐུག་པར་མི་འགྱུར་རོ།། བཅོམ་ལྡན་འདས་སྒྲིབ ་པ་ལྔ་པོ་གང་དག་ལེགས་པ་དེ་དག་ལས་དུ་ནི་ཞི་གནས་ཀྱི་སྒྲིབ་པ་ལགས། དུ་ནི་ལྷག་མཐོང་གི་སྒྲིབ་པ་དག་ལགས། དུ་ནི་གཉི་གའི་སྒྲིབ་པ་དག་ལགས། བྱམས་པ་རྒོད་པ་དང་འགྱོད་པ་ནི་ཞི་གནས་ཀྱི་སྒྲིབ་པ་ཡིན་ནོ།། ་རྨུགས་པ་དང་གཉིད་དང་ཐེ་ཚེམ་ནི་ལྷག་མཐོང་གི་སྒྲིབ་པ་ཡིན་ནོ།། འདོད་པ་ལ་འདུན་པ་དང་གནོད་སེམས་ནི་དེ་གཉི་གའི་སྒྲིབ་པ་ཡིན་ནོ།། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཞི་གནས་ཀྱི་ལམ་ཡོངས་སུ་དག་པ་ལགས ་བྱམས་པ་གང་གི་ཚེ་རྨུགས་པ་དང་གཉིད་ལེགས་པར་རབ་ཏུ་ཚེམས་པར་གྱུར་པའོ།། བཅོམ་ལྡན་འདས་ཇི་ཙམ་གྱིས་ནི། ལྷག་མཐོང་གི་ལམ་ཡོངས་སུ་དག་པ་ལགས། བྱམས་པ་གང་གི་ཚེ་རྒོད་པ་དང་འགྱོད ་པོ་ལེགས་པར་རབ་ཏུ་ཚེམས་པར་གྱུར་པའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ལ་ཞུགས་པ་རྣལ་པས་དུ་དག་གིས་སེམས་རྣམ་པར་གོཡེང་བ་ཡོངས་སུ་འཚལ་བར་བགྱི ་ལགས། བཀའ་སྩལ་པ། བྱམས་པ་རྣམ་པ་ལྔ་སྟེ་ཡིད་ལ་བྱེད་པོའི་རྣམ་པར་གཡེང་བ་དང་ཕྱི་རོལ་ཏུ་སེམས་རྣམ་པར་གཡེང་བ་དང་ནང་དུ་སེམས་རྣམ་པར་གཡེང་བ་དང་མཚན་མའི་རྣམ་པར་གཡེང་བ་དང ་གནས་ངན་ལེན་གྱི་རྣམ་པར་གཡེང་བས་སོ།། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལྟ་བྱེད་པ་བཏང་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པར ་རབ་ཏུ་ལྷུང་ན་དེ་ནི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཡིན་ནོ།། གྲོལ་ཏེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་དང་། འདུ་འཛི་དང་། མཚན་མ་དང་། རྣམ་པར་རྟོག་པ་དང་ཉོ་བའི་ཉོན་མོངས་པ་དང་། ཕྱི་རོལ་གྱི ་དམིགས་པ་རྣམས་ལ་སེམས་རྣམ་པར་འཕྲོ་བར་གཏོང་ན་དེ་ནི་ཕྱི་རོལ་ཏུ་སེམས་རྣམ་པར་གཡེང་བ་ཡིན་ནོ།། གལ་ཏེ་རྨུགས་པ་དང་གཉིད་ཀྱིས་བྱིང་བ་འམ་སྙོམས་པར་འཇུག་པའི་རོ་མྱང་བ་འམ། སྙོམས་པར ་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པར་གྱུར་ན་དེ་ནི་ནང་དུ་སེམས་རྣམ་པར་གཡེང་བ་ཡིན་ནོ།། གལ་ཏེ་ཕྱི་རོལ་གྱི་མཚ་ནུ་མ་ལ་བརྟན་ནུས་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན ་མ་ཡིད་ལ་བྱེད་ན་དེ་ནི་མཚན་མའི་རྣམ་པར་གཡེང་བ་ཡིན་ནོ།། གལ་ཏེ་ནང་གི་ཡིད་ལ་བྱེད་པ་ལ་བརྟེན་ནས་བྱུང་བའི་ཚོར་བ་ལ་གནས་ངན་ལེན་གྱི་ཚོགས་ཀྱིས་ངའོ་སྙམ་དུ་རློམ་སེམས་སུ་བྱེད་ན་དེ་ནི་གནས ་ངན་ལེན་གྱི་རྣམ་པར་གཡེང་བ་ཡིན་ནོ།། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དག་བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཟུང་སྟེ། དེ་བཞིན་གཤེགས་པའི་སའི་བར་ལ་གང་གི་གཉེན་པོ་ལགས།། ་བྱམས་པ་ཞི་གནས་དང་ལྷག་མཐོང་ས་དང་པོ་ལ་ངན་སོང་བའི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིན་ནོ།། གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་འབྱུང་བ ་རྣམས་ཀྱིའོ།། གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱིའོ།། བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་དང་ཆོས་ལ་སྲེད་པའིའོ།། ལྔ་པ་ལ་ནི་འཁོར་བཱ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་མི་ཕྱོགས་པ་ཉིད ་དང་མངོན་དུ་ཕྱོགས་པ་ཉིད་ཀྱིའོ།། དྲུག་པ་ལ་ནི་མཚན་མ་མང་པོ་ཀུན་ཏུ་འབྱུང་བའིའོ།། བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའིའོ།། བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་སྩོལ་བ་དང་མཚན་མ་ལ་དབང་དུ་མ་གྱུར ་པའིའོ།། དགུ་པ་ལ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་དུ་མ་གྱུར་པའིའོ།། བཅུ་པ་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་མི་འཐོབ་པའིའོ།། བྱམས་པ་ཞི་གནས་དང་ལྷག་མཐོང་དེ ་བཞིན་གཤེགས་པའི་ས་ལཱ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་མཆོག་ཏུ་ཆེས་ཤིན་ཏུ་ཕྲ་བའི་གཉེན་པོ་ཡིན་ཏེ། དེ་ལེགས་པར་བཅོམ་པས་ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ལ་གནས་པ་ན ་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ལ་ཐམས་ཅད་དུ་ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ཤེས་པ་དང་མཐོང་བ་ཐོབ་བོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་ལ་ཇི་ལྟར ་བསྒྲུབ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྕུག་མཐོང་ཐོབ ་ནས། དེ་བཞིན་ཉིད་རྣམ་པ་བདུན་ལས་བརྩམས་ཏེ། ཇི་ལྟར་ཐོས་པ་དང་བསམས་པའི་ཆོས་རྣམས་ལ་མཉམ་པར་གཞག་པའི་སེམས་ཀྱིས་ལེགས་པར་གཟུང་བ་དང་། ལེགས་པར་བསམས་པ་དང་། ལེགས་པར་རྣམ ་པར་བཞག་པའི་དེ་བཞིན་ཉིད་དེ་ཉིད་ནང་དུ་ཡིད་ལ་བྱེད་དེ། དེ་ལྟར་ན་དེ་དེ་བཞིན་ཉིད་ཡིད་ལ་བྱེད་པ་ན་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཐམས་ཅད་ལ་ཡང་རེ་ཞིག་སེམས་ལྷག་པར་བཏང་སྙོམས་སུ་འཇོག་ན། རགས་པ་དག ་ལལཱ་ལྟ་སྨོས་ཀྱང་ཅི་དགོས། བྱམས་པ་དེ་ལ་མཚན་མ་ཕྲ་མོ་ནི་འདི་དག་ཡིན་ཏེ། སེམས་ཀྱི་ལེན་པའི་མཚན་མ་འམ། མྱོང་བའི་མཚན་མ་འམ། རྣམ་པར་རིག་པའི་མཚན་མ་འམ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང ་བའི་མཚན་མ་འམ། ནང་གི་མཚན་མ་འམ། ཕྱི་རོལ་གྱི་མཚན་མ་འམ། དེ་གཉི་གའི་མཚན་མ་འམ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྦྱར་བར་བྱའོ།། སྙམ་པའི་མཚན་མ་འམ། ཤེས་པའི་མཚན་མ་འམ། དེ་བཞིན་ཉིད ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་གྱི་མཚན་མ་འམ། འདུས་བྱས་ཀྱི་མཚན་མ་འམ་འདུས་མ་བྱས་ཀྱི་མཚན་མ་འམ། རྟག་པའི་མཚན་མ་འམ། མི་རྟག་པའི་མཚན་མ་འམ། སྡུག་བསྔལ་འགྱུར། ་བ་དང་བཅས་པའི་རང་བཞིན་གྱི་མཚན་མ་འམ། དེ་མི་འགྱུར་བའི་རང་བཞིན་གྱི་མཚན་མ་འམ། འདུས་བྱས་ཀྱི་མཚན་ཉིད་མི་འདྲེ་བའི་མཚན་མ་འམ། དེའི་རང་གི་མཚན་ཉིད་ཀྱི་མཚན་མ་འམ། ཐམས་ཅད་ཐམས ་ཅད་ཅེས་བྱ་བར་རིག་ནས་ཐམས་ཅད་ཀྱི་མཚན་མ་འམ། གང་ཟག་ལ་བདག་མེད་པའི་མཚན་མ་འམ། ཆོས་ལ་བདག་མེད་པའི་མཚན་མ་གང་དག་ཡིན་པ་སྟེ། དེ་དག་ཀུན་ཏུ་འབྱུང་བ་ལ་སེམས་ལྷག་པར་བཏང་སྙོམ་སུ་འཇོག ་དེ་ལྟར་ཞུགས་ཤིང་དེ་ལ་མང་དུ་གནས་པ་དུས་དུས་སུ་གགས་དང་སྒྲིབ་པ་དང་རྣམ་པར་གཡེང་བ་དག་ལས་སེམས་རྣམ་པར་སྦྱོང་བར་བྱེད་པ་དེ་ལ་རླུང་གི་སོ་སོའི་བདག་ཉིད་ལ་སོ་སོ་རང་གིས་རིག་པ་དེ་བཞིན་ཉིད་རྣམ་པ ་བདུན་སོ་སོར་རྟོགས་པའི་ཤེས་པ་རྣམ་པ་བདུན་སྐྱེ་བར་འགྱུར་ཏེ། དེ་ནི་དེའི་མཐོང་བྱའི་ལམ་ཡིན་ནོ།། དེ་ཐོབ་པས་བྱང་ཆུབ་སེམས་དཔའ་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་སུ ་སྐྱེས་པ་ཡིན། ས་དང་པོ་ཐོབ་པ་དང་ས་དེའི་ཕན་ཡོན་ཡང་ཉམས་སྐུ་མྱོང་བ་ཡིན་ནོ།། དེས་སཱ་རཱ་ཞི་གནས་དང་ལྷག་མོ་ཐོང་ཐོབ་པས་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བཱརྙན་དང་། རྣམ་པར་མི་རྟོག་པའི་གཟུགས ་གྱི་དམིགས་པ་རྣམ་པ་གཉིས་ཐོབ་པ་ཡིན་ནོ།། ལྟར་མཐོང་བའི་ལམ་ཐོབ་པས་དངོས་ཐོའི་མཚོའི་དམིགས་པ་ཐོབ་པ་མོན་ཏེ། ངོས་ས་གང་མ་གང་མ་རྣམས་སུ་བསྒོས་པའི་ལས་ལ་ཞུགས་ཤིང་དམིགས་པ་རྣམ ་གསུམ་པོ་དེ་དག་ཉིད་ཡིད་ལ་བྱེད་པ་ན། འདི་ལྟ་སྟེ་དཔེར་ན་ལ་ལ་ཞིག་ཁྱེའུ་ཆེས་ཕྲ་མོས་ཁྱེའུ་ཆེས་སྦོམ་པོ་འབྱིན་པར་བྱེད་པ་དེ་བཞིན་དུ། དེ་ཡང་ཁྱེའུས་ཁྱེའུ་འབྱུང་བའི་ཚུལ་དུ་ནང་གི་མཚན་མ་རྣམ་པར་སེལ་བ་ཉིད་ཀྱིས ་ཀུན་ནས་ཉོན་མོངས་པའི་ཆ་དང་མཐུན་པའི་མཚན་མ་ཐམས་ཅད་རྣམ་པར་སེལ་བར་བྱེད་དེ། མཚན་མ་རྣམས་རྣམ་པར་སེལ་བ་ན་གནས་ངན་ལྡན་རྣམས་ཀྱང་རྣམ་པར་སེལ་བྱར་བྱེད་དོ།། མཚན་མ་དང་གནས་ངན་ལེན་ཐམ ་ཅད་ལེགས་པརླ་བཅོམ་པས་རིམ་གྱིས་གོང་མ་གོང་མ་རྣམས་སུ་གསེར་ལྟ་བུར་སེམས་རྣམ་པར་སྤྱོང་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། དགོས་པ་ཡོངས ་སུ་གྲུབ་པའི་དམིགས་པ་ཡང་འཐོབ་སྟེ། བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྐོག་མཐོང་ལ་དེ་ལྟར་སྒྲུབ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར ་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཛི་ལྟར་སྒྲུབ་པར་དསྐྱེ་ན་བྱེང་ཆུབ་སེམས་དཔའ་མཐུ་ཆེན་པོ་མེན་པར་སྒྲུབ་པ་ལགས། བྱམས་པ་བྱང་ཆུབ་སེམས་དཔའ་གྱེནས་དྲུག་ལ་མཁས་པ་ནི་བྱང་ཆུབ་སེམས་དབུའི་མཐུ ་མངོན་པར་སྒྲུབ་པ་ཡིན་ཏོ།། སེམས་ཀྱི་སྒྲི་བ་ལ་མཁས་པ་སྷོ།། གངས་པ་ལ་མཁས་པ་དང་། བསླང་ས་ཚོ་མཁམ་པ་དང་། ཐོབས་ཐོལ་མོཁས་པ་དང། འགྲིབ་པ་ལ་མཁས་པ་དང་། བརྗོ་ཁས་པའོ།། ་སེམས་ཀྱི་སྐྱེ་བ་ལ་མཁས་པ་ཡིན་ཞེ་ན། སེམས་ཀྱི་སྐྱེ་བ་རྣམ་པ་བཅུ་དྲུག་ཤེས་ན་སེམས་ཀྱི་སྐྱེ་བ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁས་པ་ཡིན་ཏེ། དེ་ལ་སེམས་ཀྱི་སྐྱེ་བ་རྣམ་པ་བཅུ་དྲུག་ནི་བརྟན་པ་དང་། ་སྣོད་ཀྱི་རྣམ་པར་རིག་པ་མི་རིག་པའི་ནི་འདི་ལྟ་སྟེ་ལེན་པའི་རྣམ་པར་ཤེས་པའིའོ།། དམིགས་པ་རྣམ་པ་སྣ་ཚོགས་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཟུགས་ལ་སོགས་པ་ཡུལ ་ཅིག་ཅར་འཛིན་པ། ཕྱི་རོལ་དང་ནང་གི་ཡུལ་ཙོག་ཅིར་འཛིན་པ། སྐད་ཅིག་དང་ཐད་ཅིག་དང་ཡུད་ཙམ་ཅིག་ལི་ཅིག་ཅར་ཏིང་ངེ་འཛིན་མང་པོ་ལ་སྙོམས་པར་འཇུག་པ། སངས་རྒྱས་ཀྱི་ཞིང་མང་པོ་མཐོང་བ། དེ་བཞིན་གཤེགས ་པ་མང་པོ་མཐོང་བ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནའིའོ།། དམིགས་པའི་མཚན་མ་ཆུང་ངུ་རྣམ་པར་རིག་པའི་ནོ་འདི་ལྟ་སྟེ། འདོད་པ་དང་ལྡན་པའིའོ།། དམིགས་པའི་མཚན་མ་རྒྱ་ཆེན་པོར་གྱུར་པ་རྣམ་པར་རིག ་པའི་ནི་འདི་ལྟ་སྟེ། གཟུགས་དང་ལྡན་པའིའོ།། དམིགས་པའི་མཚན་མ་ཚད་མེད་པ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ལྡན་པའིའོ།། དམིགས་པའི་མཚན་མ་ཕྲ་མོ་རྣམ་པར ་རིག་པའི་ནི་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དང་ལྡན་པའིའོ།། དམིགས་པའི་མཚན་མ་མཐར་ཐུག་པ་རྣམ་པར་རིག་པའི་ནི་འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་ལྡན་པའིའོ།། མཚན་མ་མེད་པ་རྣམ ་ཪྵ་རླིག་པའི་ནི་འདི་ལྟ་སྟེ། འཇིག་རྟེན་ལས་ལུས་པ་དང་གོག་པ་ལ་དམིགས་པའོ།། སྡུག་བསྔལ་དང་ལྡན་པ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བུའོའོ།། ཆར་ག་རྐྱེན་མ་དང་ལྡན་པའི་ན་འདི་ལྟ་སྟེ། འདང་པན་རྒྱུ། ་པའིའོ།། དཀའ་བ་དང་ལྡན་པའི་ནི་འདི་ལྟ་སྟེ། བཱསམ་གཏན་དང་པོ་དང་གཉིས་པའིའོ།། བདེ་བ་དང་ལྡན་པ་ཡྀ་ནི་འདི་ལྟ་སྟེ། བསམ་གཏན་གསུམོ་པའིའོ།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྷན་པ ་ནི་འདི་ལྟ་སྟེ། བྲས་མ་གཉེན་བནི་པ་བྱཱ་འི་འདུ་ཤེས་མེད་འདྲི་ཤེས་མེད་མིན་སྐྱེ་མཆོད་པའི་བར་གྱི་མྀ། རྟེན་མོངས་པ་ཅན་དེ་ལྡན་པའི་ནི་འདི་ལྟ་སྟེ། ཉོན་མོངས་པ་དང་ཞི་བའི་ཉོན་མོངས་པ་དང་ལྡན་པའིའོ།། དགེ་བ་ང ་ལྡན་པའི་ནི་འདི་ལྟ་སྟེ། དྲུད་པ་ལ་སོགས་པ་དང་ལྡན་པའི་།། ལྷུང་དུ་མེ་བསྟོན་པ་དང་ལྡན་པ་ཡིནི་འདི་ལྟ་སྟེ། གཉི་ག་དང་མི་ལྡན་པའིའོ།། ཇི་ལྟར་ན་གནས་པཱ་ལ་མཁས་པ་ཡིན་ཞེ་ན། གུལཱ་ཏེ་རྣམ་པར་རིག་པའི ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ།། ཇི་ལྟར་མི་སྐྱང་བ་ལ་མཁས་པ་ཡིན་ནི། གལ་ཏེ་འཆང་བ་རྣམ་པ་གཉིས་པ་ཚན་མའི་འཆིང་བ་དང་གནས་ངན་ལེན་གྱི་འཆིང་བ་ཡང་དག་པ་བཞིན ་རབ་ཏུ་ཤེས་ཏེ། དེ་རབ་ཏུ་ཤེས་ནས་དེ་ལས་སེམས་འདི་བསླང་བར་བྱའོ་ཞེས་བྱ་བ་ལ་མཁས་པ་ཡིན་ནོ།། ཇི་ལྟར་ན་འཕེལ་བ་ལ་མཁས་པ་ཡིན་ཞེ་ན། གལ་ཏེ་མཚན་མ་དང་གནས་ངན་ལེན་གྱི་གཉེན་པོའི་སེམས ་གླང་ཡིན་པ་དེ་སྐྱེ་བ་དང་འཕེལ་བའི་ཚེ་སྐྱེའོ་འཕེལ་ལོ་ཞེས་འཕེལ་བ་ལ་མཁས་པ་ཡིན་ནོ།། ཇི་ལྟར་ན་འགྲིབ་པ་ལ་མཁས་པ་ཡིན་ཞེ་ན། གལ་ཏེ་ང་དང་མི་མཐུན་པའི་ཕྱོགས་སུ་གྱུར་པ་མཚན་མ་དང ་གནས་ངན་ལེན་གྱིས་ཀུན་ནས་ཉོན་མོངས་པར་གྱུར་པའི་སེམས་དེ་འགྲིབ་ཅིང་འབྲིའོ་ཞེས་འགྲིབ་པ་ལ་མཁས་པ་ཡིན་ནོ།། ཇི་ལྟར་ན་ཐབས་ལ་མཁས་པ་ཡིན་ཞེ་ན། གལ་ཏེ་རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན ་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དག་སྒོམ་པར་བྱེད་པ་སྟེ། བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མངོན་པར་བསྒྲུབས་པ་དང་། མངོན་པར་སྒྲུབ་པར་འགྱུར་བ་དང་། ་མངོན་པར་སྒྲུབ་པར་བྱེད་པ་ཡིན།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འོངས་པའི་དབྱིངས་སུ་ཚོར་བ་ཐམས་ཅད་མ་ལུས་པར་འགག་གོ་ཞེས་གསུངས་པ་ལ། བཅོམ ་ལྡན་འདས་གང་དྲག་འགག་པའི་ཚེར་བ་དེ་དག་གང་ལགས། བྱམས་པ་མདོར་བསྡུ་ན་ཚོར་བ་རྣམ་པ་གཉིས་འགག་སྟེ་གནས་ཀྱི་གནས་ངན་ལེན་འགག་པ་དང་། དེའི་འབྲས་བུ་ཡུལ་རིག་པའོ།། དེ་ལ་གནས་ཀྱི་གནས ་དེན་ལེན་རིག་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། གརྒྱ་བྱེ་གང་རིག་པ་དདོ་བུ་མེད་པའི་གས་རིག་པ་དང་། འབྲས་བུ་གྲུབ་པའི་གནས་ངན་ལེན་རིག་པ་དང་། འབྲས་བུ་མ་གྲུབ་པའི་གནས་ངན་ལེན་རེག་པའོ།། དེ་ལ་འབྲས་བུ་གྲུབ་པ ་ནི་དེ་ལྟར་གྱི་གང་ཡིན་པའོ།། འབྲས་བུ་མ་གྲུབ་པ་ནི་མ་འོངས་པའི་རྒྱུར་གྱུར་པ་གང་ཡིན་པའོ།། ཡུལ་རིག་པ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། གནས་རིག་པ་དང་། ཡོ་བྱད་རིག་པ་དང་། ལོངས་སྤྱོད་རིག་པ་དང་། བལྟོས་པ་རིག་པ ་པའོ།། དེ་ཡང་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ནའོ།། འབྲས་བུ་མ་གྲུབ་པའི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚེར་བ་མྱོང་བའི་ནི་དེའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱི་ཐམས་ཅད་དུ ་འགག་པ་མ་ཡིན་ཏེ། འདྲེན་མར་མྱོང་ངོ་།། འབྲས་བུ་གྲུབ་པའི་མྱོང་བ་ཡི་ནི་ཚེར་བ་རྣམ་པ་དེ་གཉིས་ཐམས་ཅད་ཀྱིས་ཐམས་ཅད་དུ་འགགས། རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབའ་ཞིག་མྱོང་ངོ་།། ཕུང་པོའི་ལྷག ་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བ་ན་དེ་ཡང་འགག་པར་འགྱུར་ཏེ། དེའི་ཕྱིར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཚོར་བ་ཐམས་ཅད་འགག་ཅེས་བྱའོ།། དེ་སྐད་ཅེས་བཀའ ་སྩལ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སྙོམས་དཔའ་བྱམས་པཱ་ལ་བཀའ་སྩལ་པ། བྱམས་པ་ཁྱོད་ཀྱིས་རྣལ་འབྱོར་གྱི་ལམ་ཡོངས་སུ་རྫོགས་པ་དང་ཤིན་ཏུ་ཡོངས་སུ་དག་པ་ལ་བརྩམས་ནས་འདི་ལྟ་སྟེ་རྣལ་འབྱོར་ལ ་ཤིན་ཏུ་རྣམ་པར་ངེས་ཤིང་མཁས་པས་དེ་བཞིན་གཤེགས་པ་ལ་དྲི་བ་དྲིས་པ་ལེགས་སོ་ལེགས་སོ།། ངས་ཀྱང་རྣལ་འབྱོར་གྱི་ལམ་དེ་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་བསྟན་ཏེ། འདྲེས་པ་དང་མ་འོངས་པའི་ཡང་དག ་པར་རྫོགས་པའི་སངས་རྒྱས་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་ལྟར་བསྟན་ཅིང་སྟོན་པར་འགྱུར་རོ།། རིགས་ཀྱི་བུ་རྣམས་དང་རིགས་ཀྱི་བུ་མོ་དྲུག་གིས་འདི་ལ་ཤིན་ཏུ་བརྩོན་པར་བྱ་བར་རིགསོ། ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་ཕ་འདི་དག་བཀའ་སྩལ་ཏོ།། ཆོས་རྣམས་གདགས་པ་རྣམ་གཞག་གང་ཡིན་པ།། དེ་ནི་རྣལ་འབྱོར་བག་ཡོད་དོན་ཚུན་ཡིན།། གང་དག་ཆོས་དེར་བརྟེན་ནས་རྣལ་འབྱོར ་འདིར།། ཡང་དགེ་བརྩོན་པ་དེ་དག་བྱང་ཆུབ་འཐོབ།། གང་དག་གླགས་ལྟ་དེ་སྐད་རྒོལ་པ་ལས།། ཐར་པར་ལྟ་བས་ཆོས་ཀུན་ཆུབ་བྱེད་པ།། བྱམས་པ་དྲི་དག་རྣལ་འབྱོར་འདི་ལས་ནི།། ཐག་རིང་གནམ་ས་རིང་བ་དེ་བཞིན་ནོ།། བློ ་ལྡན་སེམས་ཅན་དོན་གཅེས་དེ་དག་ལགས།། ལྡན་བྱེད་རིག་ནས་སེམས་ཅན་དོན་བརྩོན་མིན།། ལན་དེར་རྟོག་ན་ཀུན་གྱི་དམ་པ་དང་།། ཟང་ཟིང་མེད་པའི་དགའ་བ་འཐོབ་མི་འགྱུར།། གང་དག་འདོད་ཕྱིར་ཆོས་ཀྱི་ལུང་འབོག་པ།། ་དེ་དག་འདོད་པ་སྤངས་པ་ཕྱིར་ལེན་ཏེ།། རྨོངས་པ་དེ་དག་ཆོས་ཀྱི་རིན་པོ་ཆེ།། རིན་ཐུང་མེད་པ་རྙེད་ཀྱང་སྤོང་ཞིང་རྒྱུ།། དེ་ཕྱིར་རྩོད་དང་འདུ་འདི་སྤྲོས་ལྡན་པ།། རྣམ་པར་སྤོངས་ལ་བརྩོན་འགྲུས་མཆོག་བྱོས་ཏེ།། ལྷར་བཅས་འཇིག་རྟེན ་བསྒྲལ་བར་བྱ་བའི་ཕྱིར།། རྣལ་འབྱོར་འདི་ལ་རབ་ཏུ་བརྩོན་པར་གྱིས།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགོངས་པ་ངེས་པར་འགྲེལ་པའི་ཆོས ་ཀྱི་རྣམ་གྲུངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། བྱམས་པ་འདི་ནི་རྣལ་འབྱོར་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུང་ཤིག། རྣལ་འབྱོར ་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། ཉན་ཐོས་སུམ་འབུམ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ ་བ་རྣམ་པར་དག་གོ། ཉན་ཐོས་འབུམ་ལྷ་ཁྲི་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ནི་རྣལ་འབྱོར་ཆེན་པོ་ཡིད་ལ་བྱེད་པ་ཐོབ་པར་གྱུར་ཏོ། ་ཞེས་གསུངས་པའོ།། །། བམ་པོ་བཞི་བཅུ་པ།། ཐེག་པ་རྣམ་པར་བཞག་པ་ལས་བརྩམས་ནས་ཐེག་པའི་རྣམ་པར་དབྱེ་བ་ཇི་ལྟ་བ་བཞིན་བསྟན་པ་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་འབྱུང ་པ་བཞིན་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུ་བ་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བཅུ་གང་ལགས་པ་དེ་དག་ནི་འདི་ལྟ ་སྟེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཞེས་བགྱི་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། ཤིན་ཏུ་སྐྱེང་དཀའ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི ་བློ་གྲོས་དང་། ཆོས་ཀྱི་སྤྲིན་ལགས། སངས་རྒྱས་ཀྱི་ས་ནི་བཅུ་གཅིག་པ་ལགས་ན། སཱ་དེ་དག་རྣམ་པར་དག་པ་དུ་དག་དང་ཡན་ལག་དུ་དག་གིས་བསྡུས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱན ་རས་གཟིགས་དབང་ཕྱུགས་དེ་དག་ནི་རྣམ་པར་དག་པ་བཞི་དང་ཡན་ལག་བཅུ་གཅིག་གིས་བསྡུས་པར་རིག་པར་བྱའོ།། སྤྱན་རས་གཟིགས་དབང་ཕྱུག་དེ་ལས་དང་པོ་ནི་བསམ་པ་རྣམ་པར་དག་པས་བསྡུས་སོ།། ས་གཉིས ་པ་ནི་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པས་སོ།། ས་གསུམ་པ་ནི་ལྷག་པའི་སེམས་རྣམ་པར་དག་པས་སོ།། ས་བཞི་པ་ནས་གཟུང་སྟེ་སངས་རྒྱས་ཀྱི་སའི་བར་ནི་ལྷག་པའི་ཤེས་རབ་རྣམ་པར་དག་པ་གོང་ནས་གོང་དུ ་གྱ་ནོམ་པས་ཀྱང་ཆོས་གྱ་ནོམ་པས་བསྡུས་པར་རིག་པར་བྱ་སྟེ། ས་དེ་དག་ནི་རྣམ་པར་དག་པ་བཞི་པོ་དག་གིས་བསྡུས་པ་ཡིན་ནོ།། ཡན་ལག་བཅུ་གཅིག་གང་ཞེ་ན། སྤྱན་རས་གཟིགས་དབང་ཕྱུག་མོས་པས་སྤྱོད་པའི་ས་ལ ་བྱང་ཆུབ་སེམས་དཔའ་ཆོས་རྣམ་པ་བཅུ་པོ་དག་ལ་མོས་པ་ཤིན་ཏུ་བསྒོམས་པའི་ཕྱིར་བཟོད་པས་ས་དེ་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་ཡང་དག་པར་ཉིད་སྐྱོན་མེད་པ་ལ་འཇུག་གོ།། དེ་ཡན་ལག་དེས་ཡོངས ་སུ་རྫོགས་པ་ཡིན་ཡང་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་འབྱུང་བ་དག་ལ་ཤེས་བཞིན་དུ་སྤྱོད་པར་མི་ནུས་པས། དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡོན་ལག་དེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ་འབད་པས་དེའང་འཐོབ་བོ།། དེ་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཡང་འཇིག་རྟེན་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ལ་སྙོམས་པར་འཇུག་པ་དང་ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ཐོབ་པར་མི་ནུས་པས། དེ་ཡན ་ལག་ངེས་ཡོངསུ་མ་རྫོགས་པ་ཡིན་ཏེ། ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་འཐོབ་བོ།། ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ཡང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཇི་ལྟར་ཐོབ་པ་དེ་དག་གིས་དེ ་ལྡན་མང་དུ་གནས་པར་བྱ་བ་དང་། སྙོམས་པར་འཇུག་པ་ལ་སྲེད་པ་དང་ཆོས་ལོ་སྲེད་པ་ལས་སེམས་ལྷག་པར་བཏང་སྙོམས་སུ་འཇོག་མི་ནུས་པས་དེ་ཡན་ལག་ངོས་མི་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི ་ཕྱིར་འབད་པས་དེ་ཡང་འཐོབ་བོ།། དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་བདེན་པ་རྣམས་རྣམ་པར་དཔྱད་པ་དང་འཁོར་བ་དང་མྱ་ངན་ལས་འདས་པ་དུག་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པའི་ཡིད་ལ ་བྱེད་པ་ལྷག་པར་བཏང་སྙོམས་སུ་གཞག་པ་དང་། ཐབས་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་སྒོམ་པར་མི་ནུས་པས། དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་ངེས ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་འཐོབ་བོ།། དེ་ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་འདུ་བྱེད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་བྱས་ནས་དེ་ལ་སྐྱེ་བ་མང་བ་དང་། མཚན་མ་མེད་པ་ཡིད་ལ ་བྱེད་པས་མང་དུ་གནས་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་འཐོབ་བོ།། ཡན་ལག་དེས་ཡོངས་སུ་རྫོགས་པ་ཡིན ་ཡང་བར་ཆད་མེད་པ་དང་རྒྱུན་མི་འཆད་པར་མཚན་མ་མེད་པའི་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པས་དེ་ཡན་ལག་དེས་ཡོངས་སུ་རྫོགས་པར་ཡིན་ཏོ། དེས་ཡན་ལག་ངོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབང་པས་དེ ་ཡང་འཐོབ་པོ།། དེ་ཡན་ལ་ག་དེས་ཡོངས་སུ་རྫོགས་པ་ཡིན་ཡང་མཚན་མ་མེད་པར་གནས་པར་དེ་ལ་རྩོལ་བ་ལྷག་པར་བཏང་སྙོམས་སུ་གཞིག་པ་དང་། མཚན་མ་ལ་དབང་ཐོབ་པར་མི་ནུས་པས་དེ་ཡན་ལག་ངེས་ཡོངསུ་མ་རྫོགས ་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་འཐོབ་བོ།། དེ་ཡན་ལག་ངེས་ཡོངས་སུ་རྫོགས་པ་ཡིན་ཡང་རྣམ་གྲངས་དང་མཚན་ཉིད་ངེས་པའི་ཚིག་དང་རབ་ཏུ་དབྱེ་བ་རྣམ་པ་ཐམས་ཅད་དུ་ཆོས་སྟོན ་པ་ལ་དབང་འཐོབ་པར་མི་ནུས་པས། དེ་ཡན་ལག་དེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་འཐོབ་བོ།། དེ་ཡན་ལག་དེས་ཡོངསུ་རྫོགས་པ་ཡིན་ཡང་ཆོས་ཀྱི་སྐུ་ཡོངས ་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་འཐོབ་པར་མི་ནུས་པས། དེ་ཡན་ལག་དེ་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་འཐོབ་བོ།། དེ་ཡན་ལག་དེས་ཡོངས་སུ་རྫོགས ་པ་ཡིན་ཡང་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ཤེས་པ་དང་མཐོང་བུ་ཐོབ་པར་མི་ནུས་པས། དེ་ཡན་ལག་ངེས་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ། ་ཡང་འཐོབ་སྟེ། དེ་ཡན་ལག་དེ་ཡོངས་སུ་རྫོགས་པ་ཡིན་ནོ།། དེ་ཡན་ལག་དེ་ཡོངས་སུ་རྫོགས་པའི་ཕྱིར་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ། སྤྱན་རས་གཟིགས་དབང་ཕྱུགས་དེ་དག་ནི་ཡན་ལག་བཅུ་གཅིག་པོ་དེ་དག ་གིས་བསྡུས་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཅིའི་སླད་དུ་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བགྱི། ཅིའི་སླད་དུ་སངས་རྒྱས་ཀྱི་སའི་བ་རེ་ལ་སངས་རྒྱས་ཀྱི་ས་ཞེས་བགྱི་ལགས། ས་དང་པོ་ནི་དོན་ཆེ་བ་འདྲིས་པ་མ་ཡིན་པ་འཇིག་རྟེན ་ལས་འདས་པའི་སེམས་ཐོབ་པས་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱའོ།། ས་གཉིས་པ་ནི་ལྟུང་བ་ཕྲ་མོ་དང་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅུད་དང་བྲལ་བ་ཉིད་ཀྱི་ཕྱིར་དྲི་མ་མེད་པ་ཞེས་བྱའོ།། ་ས་གསུམ་པ་ནི་ཏིང་ངེ་འཛིན་དེ་དང་ཐོས་པའི་གཟུངས་དེ་ཤེས་པའི་སྣང་བ་ཚད་མེད་པའི་གནས་ཉིད་ཡིན་པའི་ཕྱིར་འོང་བྱེད་པ་ཞེས་བྱའོ།། ས་བཞི་པ་ནི་ཉོན་མོངས་པའི་ཤིང་བསྲེག་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོས ་པ་དེ་ཡེ་ཤེས་ཀྱི་མེའི་འོད་འགྲོ་བར་གྱུར་པའི་ཕྱིར་འོད་འཕྲོ་བ་ཅན་ཞེས་བྱའོ།། ས་ལྔ་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེ་དག་ཉིད་ཐབས་ཀྱིས་བསྒོམ་པ་དེ་ལ་དབང་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་ཤིན་ཏུ་སྦྱང་དཀའ་ཞེས་བྱའོ།། ་ས་དྲུག་པ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་གྱུར་པ་ཉིད་དང་། མཚན་མ་མེད་པ་ལ་ལན་མང་དུ་ཡིད་ལ་བྱེད་པ་མངོན་དུ་གྱུར་པའི་ཕྱིར་མངོན་དུ་གྱུར་པ་ཞེས་བྱའོ།། ས་བདུན་པ་ནི་མཚན་མ་མེད་པ་ཡིད་ལ་བྱེད་པ་ལ ་བར་ཆད་མེད་ཅིང་ནཱན་མི་འཆད་པ་རིང་དུ་རྗེས་སུ་ཞུགས་པ་དང་རྣམ་པར་དག་པའི་ས་དང་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་རིང་དུ་སོང་བ་ཞེས་བྱའོ།། ས་བརྒྱད་པ་ནི་མཚན་མ་མེད་པོ་ལ་ལྷུན་གྱིས་གྲུབ་པ་ཉིད་དང་། མཚན་མའི་ཉོན་མོངས ་པ་ཀུན་འབྱུང་བས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་མི་གཡོ་བ་ཞེས་བྱའོ།། ས་དགུ་པ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་ལ་ཁ་ན་མྲ་ཐོ་བ་མེད་པའི་བློ་གྲེས་ཤིན་ཏུ་ཡངས་པ་ཐོབ་པ་ཉིད་ཀྱིས་ཕྱིར་ལེགས་པའི་བློ་གྲོས་ཞེས ་བྱའོ།། ས་བཅུ་པ་ནི་གནས་ངན་ལེན་གྱི་ལུས་ན་མཁའ་ལྟ་བུ་ལ་ཆོས་ཀྱི་སྐུ་སྤྲིན་ཆེན་པོ་ལྟ་བུས་ཁྱབ་ཅིང་ཁེབས་པའི་ཕྱིར་ཆོས་ཀྱི་སྤྲིན་ཅེས་བྱའོ།། ས་བཅུ་གཅིག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་མོ་སྤངས་པས ་ཚོགས་པ་མེད་ཅིང་ཐོགས་པ་མེད་པར་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱིས་ཞེས་བྱའོ།། བཅོམ་ལྡན་འདས་ས་དེ་དག་ལ་ཀུན་ཏུ་རྨོངས་པ་ནི་དུ་མཆིས། གནས་ངན་ལེན ་གྱི་མི་མཐུན་པའི་ཕྱོགས་ནི་དུ་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱན་རོས་གཟིགས་དབང་ཕྱུག་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་ལེན་གྱི་ཕྱོགས་བཅུ་གཅིག་སྟེ། ས་དང་པོ་ལ་ནི་ག ་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཀུན་ཏུ་རྨོངས་པ་དང་ངན་སོང་བའི་ཉོན་མོངས་པ་ཀུན་ཏུ་རྨོངས་པ་དང་དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། ས་གཉིས་པ་ལ་ནི་ལྟུང་བ་ཕྱེ་མོའི་འཁྲུལ་པ་ཀུན་ཏུ་རྨོངས་པ་དང་། ཆོས ་ལ་སྲིད་པ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱིས་ཀུན་ཏུ་རྨོངས་པ་དང་ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལ་ཀུན་ཏུ་རྨོངས་པ་དང་དེའི་གནས ་དྲན་ལེན་མི་མཐུན་པའི་ཕྱོགས་སོ།། བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་ཀུན་ཏུ་རྨོངས་པ་དང་ཆོས་ལ་སྲེད་པ་ཀུན་ཏུ་རྨོངསྡེ་པ་དང་དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སྷོ།། ལྔ་པ་ལ་ནི་འཁོར་བ་ལ་གཅིག་ཏུ ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་ཏུ་རྨོངས་པ་དང་མྱ་ངན་ལས་འདས་པ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི ་མཐུན་པའི་ཕྱོགས་སོ།། དྲུག་པོ་ལ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་བྱས་པ་ཉིད་ལ་ཀུན་ཏུ་རྨོངས་པ་དང་། མཚན་མོ་མང་པོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་དང་དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། བདུན་པ་ལ། ་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་དང་མཚན་མ་མེད་པོ་གཅིག་ཏུ་ཡིད་ལ་བྱེད་པའི་ཐབས་ཀུན་ཏུ་རྨོངས་པ་དང་དེའི་གནས་ངན་ལེན་མོ་མཐུན་པའི་ཕྱོགས་སོ།། བརྒྱད་པ་ལ་ནི་མཚན་མོ་མེད་པ་ལ་རྩོད་པ ་ཀུན་ཏུ་རྨོངས་པ་དུང་མནན་མ་རྣམས་ལ་མི་དཔུང་བ་ཀྵན་དྷ་རྨོངས་པ་དང་དེའི་གནས་ངན་ལྡན་མ་མཐུན་པའི་ཕྱོགས་སྷོ།། དག་པ་ལ་ནཱ་ཆས་བསྟན་པ་དཔག་ཏུ་མེད་པ་དང་། ཆོས་ཀྱི་ཚིག་དང་ཡི་གེ་དཔག ་ཏུ་མེད་པ་དང་། གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ལྔ་གཟུངས་ཀྱི་དབང་ལ་ཀུན་ཏུ་རྨོངས་པ་དང་། སྤོབས་པའི་དབང་ལ་ཀུན་ཏུ་རྨོངས་པ་དང་དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། བཅུ་པ་ལ་ནི་མངོན་པར ་ཤེས་པ་ཆེན་པོ་ལ་ཀུན་ཏུ་རྨོངས་པ་དང་། གསང་བ་ཕྲ་བའི་རྗེས་སུ་འཇུག་པ་ལ་ཀུན་ཏུ་རྨོངས་པ་དང་དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། སངས་རྒྱས་ཀྱི་ས་ལི་ནི་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན ་ཏུ་ཕྲ་མོ་ཀུན་ཏུ་རྨོངས་པ་དང་ཐོགས་པ་ཀུན་ཏུ་རྨོངས་པ་དང་དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། སྤྱན་རས་གཟིགས་དབང་ཕྱུག་ས་དེ་དག་ནི་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་གནས་ངན་ལེན་བཅུ་གཅིག་པོ ་དྲི་དག་གི་རྣམ་པར་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མི་ལྡན་པ་ཡིན་ནོ།། བཅོམ་ལྡན་འདས་གང་ལ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཀུན་ཏུ་རྨོངས་པའི་དྲ་བ་ཆེན་པོ་རབ་ཏུ་དྲལ ་ཅིང་དེའི་གནས་ངན་ལེན་ཐིབས་པོ་ཆེན་པོ་ལས་ཡང་དག་པར་འདས་ཏོ།། བླ་ནི་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅི་ཙམ་དུ ་ཕན་ཡོན་ཆེ་ཞིང་འབྲས་བུ་ཆེ་བ་ནི་ངོ་མཚར་ལགས་སོ།། བཅོམ་ལྡན་འདས་དེ་དག་རྣམ་པར་དག་པ་དུ་དག་གིས་རྣམ་པར་བཞག་ལགས། སྤྱན་རས་གཟིགས་དབང་ཕྱུག་བརྒྱད་ཀྱིས་ཏེ། ལྷག་པའི་བསམ་པ་རྣམ་པར་དག་པ ་དང་། སེམས་རྣམ་པར་དག་པ་དང་། སྙིང་རྗེ་རྣམ་པར་དག་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར ་དག་པ་དང་། སྐྱེ་བ་རྣམ་པར་དག་པ་དང་། མཐུ་རྣམ་པར་དག་པས་སོ།། སྤྱན་རས་གཟིགས་དབང་ཕྱུག་ས་དང་པོ་ལ་ལྷག་པའི་བསམ་པའི་རྣམ་པར་དག་པ་ནས་མཐུ་རྣམ་པར་དག་པའི་བར་གང་ཡིན་པ་དང་།། གོང་མ་གོང་མ ་རྣམས་དང་། སངས་རྒྱས་ཀྱི་སའི་བར་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་ནས་མཐུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཆེས་རྣམ་པར་དག་པ་དང་། ཆེས་ཤིན་ཏུ་རྣམ་པར་དག་པ་ཡིན་པར་རིག་པར་བྱའོ།། དེ་ལ་སང ་རྒྱས་ཀྱི་ས་ལ་སྐྱེ་བ་རྣམ་པར་དག་པ་མ་རྟོགས་པ་ས་དང་པོའི་ཡོན་ཏན་གང་དག་ཡིན་པ་དེ་དག་གིས་དེའི་གོང་མའི་ས་རྣམས་དེའི་ཡོན་ཏན་དང་ཡང་མཉམ་ལྔ། རང་གི་སའི་ཡོན་ཏན་གྱིས་ཀྱང་ཁྱད་པར་དུ་འཕགས་པར ་ཡང་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་ས་བཅུ་པོ་ཐམས་ཅད་ནི་ཡོན་ཏན་བླ་ན་ཡོད་པ་དག་ཡིན་ལ། སངས་རྒྱས་ཀྱི་ས་ནི་ཡོན་ཏན་བླ་ན་མེད་པ་ཡིན་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཅིའི་སླད་དུ་སྲིད་པར་སྐྱེ་བ ་ཐམས་ཅད་ཀྱི་ནང་ན་བྱང་ཆུབ་སེམས་དཔའི་སྐྱེ་བ་རབ་མཆོག་ཅེས་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་བཞིའི་ཕྱིར་ཏེ། དགེ་བའི་རྩ་བ་ཤིན་ཏུ། པར་དག་པ་ཡང་དག་པར་འགྲུབ་པ་ཉིད ་ཀྱི་ཕྱིར་དང་། སོ་སོར་བརྟགས་ཏེ་ལེན་པ་ཉིད་ཀྱི་ཕྱིར་དང་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་སྙིང་རྗེ་དང་ལྡན་པ་ཉིད་ཀྱི་ཕྱིར་དང་། བདག་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང་། གཞན་གྱི་ཀུན་ནས་ཉོན་མོངས ་པ་རྣམ་པར་ཟློག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལ་མེ་རྒྱ་ཆེན་པོས་འཆི་བ་དང་སྨོན་ལ་མི་གྱི་ནོམ་པ་དང་ལྡན་པ་དང་སྨོན་ལམ་གྱི་སྟོབས་ཅན་ལེགས། སྨན་རས ་གཟིགས་དབང་ཕྱུག་རྣམ་པ་བཞིའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་མྱ་ངན་ལས་འདས་པའི་བདེན་པ་ལ་གནས་པར་མཁས་པ་དང་དེ་མྱུར་དུ་འཐོབ་པར་ནུས་པ་དང་མྱུར་དུ་འཐོབ་པ་དེ་དང་བདེ་བར་གནས ་པ་དེ་ཡང་སྤངས་ཏེ། སེམས་ཅན་གྱི་དོན་རྒྱུ་མེད་པ། དགོས་པ་མེད་པ། སྡུག་བསྔལ་མང་པོ་སྣ་ཚོགས་ཡུན་རིང་པོ་འབྱུང་བ་ལ་ཡིད་ཀྱིས་སྨིན་པར་བྱེད་པ་སྟེ། དེའི་ཕྱིར་སྨོན་ལམ་རྒྱ་ཆེན་པོས་འགྲོ་བ་དང་སྨོན་ལམ་གྱ་ནོས ་པ་དང་ལྡན་པ་དང་སྨོན་ལམ་གྱི་སྟོབས་ཅན་རྣམས་ཤེས་བྱའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་དུ་མཆིས་ལགས། སྤྱན་རས་གཟིགས་དབང་ཕྱུག་དྲུག་སྟེ། སྦྱིན་པ་དང་། ཚུལ ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བོ།། བཅོམ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལས་དུ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལགས། དུ་ནི་ལྷག་པའི་སེམས་ཀྱི་བསླབ ་པ་ལྗགས། དུ་ནི་ལྷག་པའི་ཤེས་རབ་ཀྱིས་བསླབ་པ་ལགས། སྤྱན་རས་གཟིགས་དབང་ཕྱུག་དང་པོ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པར་རིག་པར་བྱའོ།། བསམ་གཏན་ནི་ལྷག་པའི་སེམས་ཀྱི་བསླབ ་པ་ཡིན་ནོ།། ས་རབ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ནོ།། བརྩོན་འགྲུས་ནི་ཀུན་ཏུ་འགྲོ་བར་དྭ་སྨྲའོ།། བཅོམ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལས། དུ་ནི་བསོད་ནམས་ཀྱི་ཚོགས་ལྤགས། དུ་ནཱི་ཡེ་ཤེས ་ཀྱི་ཚོགས་ལགས། སྤྱན་རས་གཟིགས་དབང་ཕྱུག་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཚོགས་ཡིན་ནོ།། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་ཡིན།། བརྩོན ་འགྲུས་དང་བསམ་གཏོན་ནི་ཀུན་ཏུ་འགྲོ་བ་ཡིན་པར་ང་སྨྲའོ།། བཅོམ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཇི་ལྟར་བསླབ་པར་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་ལྔ་སྟེ། ་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དམ་པའི་ཆོས་བསྟན་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ཐོག་མ་ཁོ་ནར་ཤིན་ཏུ་མོས་པ་དང་། དེའི་འོག་ཏུ་ཆོས་སྤྱད་པ་བཅུ་པོ་དག་གིས་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས ་བྱུང་བའི་ཤེས་པས་བསྒྲུབ་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་བསྲུང་བ་དང་། དགེ་བའི་བཤེས་གཉེན་ལ་བརྟན་པ་དང་། རྒྱུན་མི་འཆད་པར་དག་པའི་ཕྱོགས་ལ་སྦྱོར་བས་བསླབ་པར་བྱའོ།། བཅོམ་ལྡན ་འདས་ཅིའི་སླད་དུ་བསླབ་པའི་གཞི་དེ་དག་ནི་མ་གྲངས་དྲུག་ཏུ་གདགས་པར་རིག་པར་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་གཉིས་ཀྱི་ཕྱིར་ཏེ། སེམས་ཅན་ལ་ཕན་གདགོས་པ་དང་། ཉོན་མོངས་པའི་གཉེན་པོ་ཉིད ་ཀྱི་ཕྱིར་རོ།། དེ་ལ་གསུམ་ནི་སེམས་ཅན་ལ་ཕན་གདགས་པ་ཡིན་ལ། གསུམ་ནི་ཉོན་མོངས་པའི་གཉེན་པོ་ཡིན་པར་རིག་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སྦྱིན་པས་ནི་སེམས་ཅན་རྣམས་ལ་ཡོ་བྱད་ཉེ་བར་བསྒྲུབ་པའི་ཕན ་འདོགས་པས་ཕུན་འདོགས་སོ།། ཚུལ་ཁྲིམས་ཀྱིས་ནི་འཕོངས་པ་དང་། གནོད་པ་དང་རྣམ་པར་འཕྲོ་འཚམ་པ་ཉེ་བར་ནི་སྒྲུབ་པའི་ཕན་འདོགས་པས་ཕན་འདོགས་སོ།། བཟོད་པས་ནི་འཕོངས་པ་དང་གནོད་པ་དང་རྣམ་པར་འཐོ ་འཚམ་པ་ལ་ཇི་མི་སྙམ་པས་ཕན་འདོགས་ཏེ། དྲི་གསུམ་གྱིས་ནི་སེམས་ཅན་ལ་ཕན་འདོགས་སོ།། བརྩོན་འགྲུས་ཀྱིས་ཊཱི་ནི་ཉོན་མོངས་པ་རྣམ་པར་མ་བཅིལ་བ་དང་། ཉོན་མོངས་པ་ཡང་དག་པར་མ་བཅོམ་པ་དགེ་བའི་ཕྱོགས ་ལ་སྦྱོར་བར་བྱེད་དེ། དེ་ནི་ཉོན་མོངས་པས་དགེ་བའི་ཕྱོགས་ལ་སྦྱོར་བ་ལས་བསྐྱོད་པར་མི་ནུས་སོ།། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་རྣམ་པར་གནོན་ཏོ།། ཤེས་རབ་ཀྱིས་ནི་བག་ལ་ཉལ་ཡང་དག་པར་འཇོམས་པ ་བྱེད་དེ། དེ་གསུམ་ནི་ཉོན་མོངས་པའི་གཉེན་པོ་ཡིན་ནོ།། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་གཞན་དག་གྲངས་བཞིར་གདགས་པར་རིག་པར་བགྱི་ལགས། སྨནྡ་རས་གཟིགསྣ་དབང་ཕྱུག་ཕ་རོལ་ཏུ་ཕྱིན་པ་དྲུག་པ ་དེ་དག་ཉིད་ཀྱི་གྲོགས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་གསུམ་གྱིས་སེམས་ཅན་རྣམས་ལ་ཕན་བཏགས་ནས་བྱང་ཆུབ་སེམས་དཔས་བསྡུས་པའི་དངོས་པོས་ཟིན་པའི་ཐབས་ལ་མཁོས་པས་དྲུག ་བ་ལ་འཇོག་པར་བྱེད་དོ།། དེའི་ཕྱིར་ངས་ཐུབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་གསུམ་པོ་འདི་དག་གིསྣ་གྲོགསུ་གྱུར་པ་ཡིན་པར་ཡོངས་སུ་བསྟན་ཏོ།། སྤྱན་རས་གཟིགས་དབང་ཕྱུག་གལ་ཏེ་བྱང་ཆུབ་སེམས་དཔའ་ཚེ ་འདི་ལ་ཉོན་མོངས་པ་མྱང་བས་རྟག་ཏུ་སྒྲོམ་མི་ནུས་པ་དང་། ཁམས་དང་མི་སྡུ་པ་དམན་པའི་ཕྱིར་ལྷག་པའི་བས་མེ་པ་སྟོབས་ཆུང་བས་སེམས་ནང་དུ་འཇོག་མི་ནུས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་བྱོས་བྱའི་དམིགས ་པ་ལ་བསམ་གཏན་ཡོངས་སུ་མ་བསྒྲིམས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་མངོན་པར་སྒྲུབ་མི་ནུས་པ་ཡིན་ནོ། དེ་བསོད་ནམས་ཀྱི་ཚོགས་ཆུང་ངུ་ཡང་དག་པར་བླངས་ཏེ་གནས་ཤིང་ཕྱི་མེ་ལ་ཉོན་མོངས་པ ་ཆུང་བ་ཉིད་དུ་ཡིད་ཀྱིས་སྨོན་པར་བྱེད་པ་དེ་ནི་དེའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེས་ཉོན་མོངས་པ་ཆུང་བ་དང་བརྩོན་འགྲུས་རྩོམ་ནུས་པར་འགྱུར་བས། དེའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་ནོ།། དེས་སྐྱེས་བུ་དམ་པ་ལ་ཡང་དག་པུར་བརྟེན་པ་དང་དམ་པའི་ཆོས་མཉན་པ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ཐོབ་ཅིང་ལྷག་པའི་བསམ་པ་སྟོབས ་ཆུང་བ་ཉིད་རྣམ་པར་བཟློག་ནས་ཁམས་གྱ་ནོམ་པཱ་ལས་བསམ་པའི་སྟོབས་འཐོབ་པར་འགྱུར་བ་དེ་ནི་དེའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེས་ནང་དུ་འཇོག་ནུས་པས་དེའི་ཕྱིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་ནོ།། དེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་བྲིས་པའི་དམིགས་པ་ཡོངས་སུ་བསྒོམས་པ་ལ་བསམ་གཏན་བྱེད་དེ། དེ་ནི་དེའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་ངེས་འཇིག་རྟེན ་ལས་འདས་པའི་ཤེས་རབ་མངོན་པར་སྒྲུབ་ནུས་པར་འགྱུར་བས། དེའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་པར་ཡོངས་སུ་བསྟན་ཏོ།། བཅོམ་ལྡན་འདས་ཅིའི་སླད ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གི་གཽ་རིམ་དེ་ལྟར་བསྟན་པར་རིག་པར་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག་དེ་དག་གོང་ནས་གོང་དུ་འགྲུབ་པའི་རྟེན་ཡིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ལུས་དང་ལོངས་སྤྱོད ་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེང་ངོ་།། ཚུལ་ཁྲིམས་རྗེས་སུ་བསྲུང་ན་བཟོད་པ་དང་ལྡན་པར་འགྱུར་རོ།། བཟོད་པ་དང་ལྡན་ནི་བརྩོན་འགྲུས་རྩོམ་པར་འགྱུར་རོ།། བརྩོན་འགྲུས་བརྩམས་ན་བསམ་གཏན་བསྐུ ་པབར་འགྱུར་རོ།། བསམ་གཏན་གྲུབ་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་འཐོབ་བོ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་རྣམ་པ་དྨར་རབ་ཏུ་དབྱེ་ལགས། སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་གསུམ་སྟེ། སྦྱིན་པ་རྣམ ་པ་གསུམ་ནི་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་སྦྱིན་པ་དང་། མི་འཇིགས་པ་སྦྱིན་པའོ།། ཚུལ་ཁྲིམས་རྣམ་པ་གསུམ་ནི་མཽ་དགེ་པཱ་ལྔས་ལྡོག་པའི་ཚུལ་ཁྲིམས་དང་། དགེ་བ་ལ་འཇུག་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་ལ ་འཇུག་པའི་ཚུལ་ཁྲིམས་སོ།། བཟོད་པ་རྣམ་པ་གསུམ་ནི་གནོད་པ་བྱེད་པ་ལ་མི་མཛད་པའི་བཟོད་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པའི་རྟོག་པའི་བཟོད་པའོ།། བརྩོན་འགྲུས་རྣམ་པ་གསུམ ་ནི་གོ་ཆའི་བརྩོན་འགྲུས་དང་། དགེ་བ་ལ་སྦྱོར་བའི་བརྩོན་འགྲུས་དང་། སེམས་ཅན་གྱི་དོན་ལ་སྦྱོར་བའི་བརྩོན་འགྲུས་སོ།། བསམ་གཏན་རྣམ་པ་གསུམ་ནི་རྣམ་པར་མི་རྟོག་ཅིང་ཞི་ལ་རབ་ཏུ་ཞི་བས་ཉོན་མོངས་པ་དང་སྡུག་བསྔལ ་གྱི་གཉེན་པོ་བདེ་བར་གནས་པའི་བསམ་གཏན་དང་། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་མངོན་པར་སྒྲུབ་པའི་བསམ་གཏན་ནོ།། ཤེས་རབ་རྣམ་པ་གསུམ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས ་པ་དང་། དོན་དམ་པའི་བདེན་པ་ལ་དམིགས་པ་དང་། སེམས་ཅན་གྱི་དོན་ལ་དམིགས་པའོ།། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག ་ལྔའི་ཕྱིར་ཏེ། ཆགས་པ་མེད་པ་ཉིད་དང་། མི་ལྟ་བ་ཉིད་དང་། ཁ་ན་མཱ་ཐོ་བ་མེད་པ་ཉིད་དང་། རྣམ་པར་མི་རྟོག་པ་ཉིད་དང་། ཡོངས་སུ་བསྔོ་བ་ཉིད་ཀྱི་ཕྱིར་རོ།། དེ་ལ་ཆགས་པ་མེད་པ་ཉིད་ནི་ཕ་རོལ་ཏུ་ཕྱིན ་པ་དང་མི་མཐུན་པའི་དངོས་པོ་ལ་ལྷག་པར་ཆགས་པ་མེད་པ་གང་ཡིན་པའོ།། དེ་ལ་མི་ལྟ་བ་ཉིད་ནི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དང་། ལེན་དུ་ཕན་ཐོགས་པ་དང་། འབྲེལ་པའི་སེམས་སྡུད་པ་གང་ཡིན ་པའོ།། དེ་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དེ་དག་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་དང་མ་འདྲེས་ཤིང་ཐབས་མ་ཡིན་པ་རྣམ་པར་སྤངས་པ་གང་ཡིན་པའོ།། རྣམ་པར་མི་རྟོག་པ་ཉིད་ནི་ཕ་རོལ་ཏུ་ཕྱིན ་པ་དེ་དག་གི་རང་གི་མཚན་ཉིད་ལ་ཇི་བཞིན་དུ་མངོན་པར་ཞེན་པ་མེད་པ་གང་ཡིན་པའོ།། དེ་ལ་ཡོངས་སུ་བསྔོ་བ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དེ་དག་ཉིད་བྱས་ཤིང་བསགས་པ་བྱང་ཆུབ་ཆེན་པོའི་འབྲས་བུར་སྨོན་པ་གང་ཡིན ་པའོ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་གང་ལྷགས། སྤྱན་རས་གཟིགས་དབང་ཕྱུག་དེ་དག་ནི་དངོས་པོ་དྲུག་ཏུ་རླིག་པར་བྱ་སྟེ། འདོད་པའི་དགའ་བ་དང་། ལོངས་སྤྱོད་དང་དབང་ཕྱུག་དང་། ་བདག་ཉིད་ཀྱི་བསོད་ནམས་ཡོན་ཏན་གྱི་ཕན་ཡོན་ལྟ་བ་དང་། ལུས་དང་ངག་དང་ཡིད་ཅི་འདོད་དགུར་ཀུན་ཏུ་སྤྱོད་པ་དང་། བརྙས་པ་མི་བཟོད་པ་དང་། མི་བརྩོན་པོའི་བསོད་ནམས་དང་། འདུ་འཛི་དང་། འཇིག་རྟེན་གྱི་སྣ་ཚོགས་དང་། རྣམ ་པར་གཡེང་བར་འཇུག་པ་དང་། མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་ཀྱི་སྤྲོས་པ་དག་ལ་ཡོན་ཏན་གྱི་ཕན་ཡོན་དུ་བལྟ་བའོ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པར་སྨིན ་པའི་འབྲས་བུ་གང་ལགས། སྤྱན་རས་གཟིགས་དབང་ཕྱུག་དེ་ཡང་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། ལོངས་སྤྱོད་ཆེན་པོ་ཉིད་དང་། བདེ་འགྲོར་འགྲོ་བ་དང་། ཁོན་མེད་ཅིང་དབྱེན་མེད་ལ་བདེ་བ་དང་། ཡོང་བདེ་བ་མང་བ་དང་། སེམས་ཅན ་གྱི་བདག་པོ་དང་། ལུས་ལ་གནོད་པ་མེད་པ་དང་། དབང་ཆེར་གྲགས་པའོ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་དང་འདྲེས་པ་གང་ལགས། སྤྱན་རས་གཟིགས་དབང་ཕྱུག་དེ་ནི་སྦྱོར་བ ་བཞིས་རིག་པར་བྱ་སྟེ། སྙིང་རྗེ་མེད་པའི་སྦྱོར་བ་དང་། ཚུལ་བཞིན་མ་ཡིན་པའི་སྦྱོར་བ་དང་། རྟག་ཏུ་མི་བྱེད་པའི་སྦྱོར་བ་དང་། གུས་པར་མི་བྱེད་པའི་སྦྱོར་བས་སོ།། དེ་ལ་ཚུལ་བཞིན་མ་ཡིན་པའི་སྦྱོར་བ་ནི་འདི་ཡིན་ཏེ། དེ་ལས ་གཞན་པའི་ཕ་རོལ་ཏུ་ཕྱིན་པ་དག་ལ་དེ་ལོས་གཞན་པའི་ཕ་རོལ་ཏུ་ཕྱིན་པའི་ཐབས་དང་བྲལ་ཞིང་བསྒོམ་པ་ཉམས་པ་གང་ཡིན་པའོ།། བཅོམ་ལྡན་འོངས་ཐབས་མ་ལགས་པ་གང་ལགས། སྤྱན་རས་གཟིགས་དབང་ཕྱུག ་བྱང་ཆུབ་སེམས་དཔའོ་ཕ་རོལ་ཏུ་ཕྱིན་པ་དེ་དག་གིས་སེམས་ཅན་རྣམས་ལ་ཕན་འདོགས་པ་ན་གལ་ཏེ་ཟང་ཟིང་གིས་ཕན་འདོགས་པ་ཉེ་བར་བསྒྲུབ་པ་ཙམ་གྱིས་ཆོག་པར་འཛིན་ཅིང་། མི་དགེ་བའི་གནས་ནས་བསླངས་ཏེ། ་དགེ་བའི་གནས་སུ་འཇོག་པར་མི་བྱེད་ན། དེ་ནི་ཐབས་མ་ཡིན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སྤྱན་རས་གཟིགས་དབང་ཕྱུག་དེ་ཙམ་གྱིས་ན་སེམས་ཅན་ལ་ཕན་བཏགས་པ་མ་ཡིན་པའི་ཕྱིར་ཏེ། འདི་ལྟ་སྟེ། ་དཔེར་ན། མི་གཙང་བ་ནི་ཚེ་ཡང་རུང་ཆུང་ཡང་རུང་སྟེ་རྣམ་གྲངས་གྲང་གིས་ཀྱང་དྲི་ཞིམ་པོར་བྱ་བར་མི་ནུས་སོ།། དེ་བཞིན་དུ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་རང་བཞིན་གྱིས་སྡུག་བསྔལ་བར་གྱུར་པའི་སེམས་ཅན ་རྣམས་ཀྱང་ཟང་ཟིང་གིས་ཕན་བཏགས་པ་ཉེ་བར་སྒྲུབ་པ་ཙམ་གྱིས་རྣམ་གྲངས་གང་གིས་ཀྱང་བདེ་བར་མི་ནུས་ཀྱི། དགེ་བ་ལ་འཇོག་པ་གང་ཡིན་པ་དེ་ནི་དེ་དག་ལ་ཕན་འདོགས་པའི་མཆོག་ཁོ་ན་ཡིན་ནོ།། བཅོམ་ལྡན ་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པར་དག་པ་དེ་མཆིས་ལགས། སྤྱན་རེས་གཟིགས་དབང་ཕྱུག་པ་ནི་རྣམ་པ་ལྔ་པོ་དེ་དག་མ་གཏོགས་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པར་དག་པ་གཞན་ཡོད་པར་མི་སྨྲ་མོད ་ཀྱི་འོན་ཀྱང་དེ་དག་ལོ་བརྟེན་ནས། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པར་དག་པ་བསྡུས་པ་དང་སོ་སོར་ཕྱེ་བ་ཁྱོད་ལ་བཤད་པར་བྱའོ།། དེ་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རྣམ་པར་དག་པ་བསྡུས་པ་ནི་རྣམ་པ་བདུན་གྱིས ་ག་པར་བྱ་སྟེ། བདུན་གང་ཞེ་ན། འདི་ལྟ་ས་བྱང་ཆུབ་སེམས་དཔའ་ཆོས་དེ་དག་གིས་གཞན་ལས་ཤེས་ཀྱི་ཁེ་ཡོངས་སུ་མི་ཚོལ་བ་དང་། ཆོས་དེ་དག་ལ་ལྟ་བས་མངོན་པར་ཞེན་པར་མི་བྱེད་པ་དང་ཆོས་འདི་དག་ཀྱང ་བྱང་ཆུབ་ཏུ་ངེས་པར་འབྱིན་པ་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་དང་ཐེ་ཚོམ་སྐྱེ་བར་མི་བྱེད་པ་དང་། བདག་ལ་མི་བསྟོད་གཞན་ལ་མི་སྤྱོད་ཅིང་བརྙས་པར་མི་བྱེད་པ་དང་། དྲེགས་པར་མི་བྱེད་ཅིང་བག་མེད་པར ་མོ་བྱེད་པ་དང་། ཅུང་ཟད་ཙམ་དང་ངན་ངོན་ཙམ་གྱིས་ཆོག་པར་མི་འཛིན་པ་དང་ཆོས་དེ་དྲག་གིས་སེར་སྣ་མེད་ཅིང་གཞན་དག་ལ་ཕྲག་དོག་མི་བྱེད་པ་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་སོ་སོ་ཐ་དད་པ ་དེ་ཡོད་རྣམ་པ་བདུན་ཁོ་ནར་རིག་པར་བྱ་སྟེ། ཐ་དད་པ་རྣམ་པ་བདུན་གང་ཞེ་ན། འདི་ལྟ་སྟེ་སྦྱིན་པ་རྣམ་པར་དག་པ་བདུན་པོ་སྦྱིན་པར་བྱའི་དངོས་པོ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྦྱིན་པར་བྱེད་པ་དང་། ་ཚུལ་ཁྲིམས་རྣམ་པར་དག་པ་དང་། ལྟོ་བ་རྣམ་པར་དག་པ་དང་། སེམས་རྣམ་པར་དག་པ་དང་། ངག་རྣམ་པར་དག་པ་དང་། ཤེས་པ་རྣམ་པར་དག་པ་དང་། དྲི་མ་རྣམ་པར་དོག་པས་སྦྱིན་པ་རྣམ་པར་དག་པོ་སྦྱིན་པར་བྱེད། ་དེ་བྲིས་དེས་བསྟན་པ་གང་ཡིན་པ་དེ་དག་བྱང་ཆུབ་སེམས་དཔའ་ཡང་དག་པར་བསླངས་ཏེ་གནས་པ་དེ་ནི་སྦྱིན་པ་རྣམ་པར་དག་པ་བདུན་ཡིན་ནོ།། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སྡོམ་པ་བཅས་པ་ལ་བསླབ ་པའི་གཞི་རྣམ་པ་ཐམས་ཅད་ལ་མཁས་པ་དང་། ལྟུང་བ་ལས་བསླང་བ་ལ་མཁས་པ་དང་། དེ་ལ་ངེས་པའི་ཚུལ་ཁྲིམས་ཅན་དང་། བརྟན་པའི་ཚུལ་ཁྲིམས་ཅན་དང་། རྟག་ཏུ་བྱེད་པ་དང་། རྟག་ཏུ་འཇུག་པ་དང་། བསླབ ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པར་བྱེད་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པ་བདུན་ཡིན་ནོ།། འདི་ལྟ་སྟེ་ཐམས་ཅད་ལས་གནོད་པ་ཐམས་ཅད་ཉེ་བྱར་གནས་པ་ན་བདག་ཉིད་ཀྱི་རྣམ་པར ་སྨིན་པ་ལ་རྟོན་པའི་མི་འཁྲུག་པ་དང་། ལན་བྱ་བའི་ཕྱིར་སླར་སྨྱོ་བོ་དང་། ག་ཤི་བ་དང་རྡེག་པ་དང་། བརྡེགས་པ་དང་མཆོང་འབྲུ་བའི་གནོད་པ་དག་གིས་སྦྱོར་བར་མི་བྱེད་པ་དང་། ཁོན་གྱི་བསམ་པ་མི་འཛིན་པ་དང་། ཤད ་ཀྱིས་འཆགས་པ་ན་ཡོངས་སུ་ཉོན་མོངས་པར་མི་བྱེད་པ་དང་། ཤད་ཀྱིས་འཆགས་པ་ལ་མི་སྡོད་པ་དང་། འཇིགས་པ་དང་ཟང་ཟིང་གི་སེམས་ཀྱིས་བཟོད་པར་བྱེད་པ་མ་ཡིན་པ་དང་། ཕན་གདགས་པར་བྱ་བ་ལ་ཡལ ་བར་མི་འདོར་བ་དེ་ནི་བཟོད་པ་རྣམ་པར་དག་པ་རྣམ་པ་བྱདུན་ཡིན་ནོ།། འདི་ལྟ་སྟེ། བརྩོན་འགྲུས་ཀྱི་མཉམ་པ་ཉིད་རབ་ཏུ་ཤེས་པ་དང་། བརྩོན་འགྲུས་བརྩམས་པ་དེས་བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོས་པ་དང ་མཐུ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། རྟུལ་བ་བརྟན་པ་དང་། དགེ་བའི་ཆོས་རྣམས་ལ་བརྩོན་པ་མ་བཏང་བ་དེ་ནི་བརྩོན་འགྲུས་རྣམ་པར་དག་པ་རྣམ་པ་བདུན་ཡིན་ནོ།། འདི་ལྟ་སྟེ ་མཚན་མ་ལེགས་པར་རྟོགས་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང་། གཉིས་ཀའི་ཆའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང་། ཤུགས་འབྱུང་བའི་ཏིང ་འཛིན་ལ་བསྡམ་གཏན་པ་དང་། ཤིན་ཏུ་སྦྱང་བ་བྱས་པའི་ཏིང་ངེ་འཛིན་ལ་བསམུ་གཏན་པ་དང་། ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའི་སྟེ་སྙེད་ཀྱི་དམིགས་པ་ཡོངས་སུ་བསྒོམས་པ་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་བསམ ་གཏན་པ་དེ་ནི་བསམ་གཏན་རྣམ་པར་དཇོག་པ་རྣམ་པ་བདུན་ཡིན་ནོ།། འདི་ལྟ་སྟེ་དེའི་ཤེས་རབ་དེ་སྒྲོ་འདོགས་པའི་མཐའ་དང་སྐུར་པ་འདེབས་པའི་མཐའ་རྣམ་པར་སྤངས་ཏེ། དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་དང་། ཤེས་རབ ་དེས་སྟོང་པ་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་ལ་རྣམ་པར་ཐར་པའི་སྒོའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། ཀུན་བཏགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ ་པབཔའི་ངོ་བོ་ཉིད་གསུམ་པོ་དག་ལ་ངོ་བོ་ཉིད་ཀྱི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། མཚན་ཉིད་དང་སྐྱེ་བ་དང་དོན་དམ་པ་ངོ་བོ་ཉིད་མེད་པ་གསུམ་པོ་དག་ལ་ངོ་བོ་ཉིད་མེད་པའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན ་དུ་རབ་ཏུ་ཤེས་པ་དང་། རིག་པའི་གནས་ལྔ་པོ་དག་ལ་ཀུན་རྫོབ་ཀྱི་བདེན་པའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དེ་བཞིན་ཉིད་རྣམ་པ་བདུན་ལྔ་དོན་དམ་པའི་བདེན་པའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན ་དུ་རབ་ཏུ་ཤེས་པ་དང་། རྣམ་པར་མི་རྟོག་ཅིང་སྤྲོས་པ་མེད་ལ་ཚུལ་གཅིག་ཏུ་དེ་ལ་མང་དུ་གནས་པ་དང་འདྲིས་པ་ཚད་མེད་པའི་ཆོས་ལ་དམིགས་པ་མེད་པའི་ལྷག་མཐོང་གིས་ཆོས་ཀྱི་རྗེས་སུ་མཐུན་འི་ཆོས་བསྒྲུབ་པ་ཡང་དག་པར་སྒྲུབ ་པར་བྱེད་པ་དེ་ནི་ཤེས་རབ་རྣམ་པར་དག་པ་རྣམ་པ་བདུན་ཡིན་པར་རིག་པར་བྱའོ།། བཅོམ་ལྡན་འདས་རྣམ་པ་ལྔ་པོ་དེ་དག་གི་སོ་སོའི་ལས་གང་ལུགས། སྤྱན་རིས་གཟིགས་དབང་ཕྱུག་དེ་དག་གི་ལས་ཀྱང་། ་རྣམ་པ་ལྔས་རིག་པར་བྱ་སྟེ། ཆགས་པ་མེད་པ་ཉིད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ཚེ་འདི་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་སྦྱོར་བས་བོག་ཡོད་པར་བྱེད་དོ།། མི་ལྟ་བ་ཉིད་ཀྱིས་ནི་ཕྱི ་མ་ལ་དེ་དག་ལ་བག་ཡོད་པའི་རྒྱུ་ཡོངས་སུ་འཛིན་པར་བྱེད་དོ།། ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་དང་ཡོངས་སུ་སྦྱོང་བ་དག་སྒོམ་པར་བྱེད་དོ།། རྣམ། ་པར་མི་རྟོག་པ་དག་གིས་ནི་ཐབས་ལ་མཁས་པ་དེས་མྱུར་དུ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། ཡོངས་སུ་བསྔོ་བ་ཉིད་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཚེ་རབས་ཐམས་ཅད ་དུ་ནུམ་པར་སྨིན་པའི་འབྲས་བུ་འདོད་པ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ཉིད་ཐོབ་པར་བྱེད་དེ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲི་དག་གི་རྒྱ་ཆེ་བ་ཉིད་གང་ལགས། སྤྱན་རས་གཟིགས་དབང་ཕྱུག་ཆགས ་པ་མེད་པ་ཉིད་དང་། མི་ལྟ་བ་ཉིད་དང་། ཡོངས་སུ་བསྔོ་བ་ཉིད་ཡིན་ནོ།། ཀུན་ནས་ཉོན་མོངས་པ་མ་མཆིས་པ་ཉིད་གང་ལེགས། ཁ་ན་མ་ཐོ་བོ་མེད་པ་ཉིད་དང་། རྣམ་པར་མི་རྟོག་པ་ཉིད་གང་ཡིན་པའོ།། གསལ་བ་ཉིད་གང་ལགས ་སོ་སོར་བརྟག་ཅིང་བྱ་བ་ཉིད་གང་ཡིན་པའོ།། མི་གཡོ་བ་ཉིད་གང་ལགས། སར་ཆུད་པ་རྣམས་ཀྱི་ཡོངས་སུ་མ་ཉམས་པའི་ཆོས་ཉིད་གང་ཡིན་པའོ།། ཤིན་ཏུ་རྣམ་པར་དག་པ་ཉིད་གང་ལགས། སྤྱན་རས་གཟིགས་དབང་ཕྱུགས ་བཅུ་པར་གཏོགས་པ་ཉིད་དང་། སངས་རྒྱས་ཀྱི་སར་གཏོགས་པ་གང་ཡིན་པའོ།། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་བས་མ་འཚལ་བ ་དང་། ཕ་རོལ་ཏུ་ཕྱིན་པ་བས་མཱ་འཚལ་བ་དང་ལྡན་པ་ལགས། སྤྱན་རས་གཟིགས་དབང་ཕྱུག་གཅིག་ལ་གཅིག་བརྟེན་ནས་འགྲུབ་པ་བསྒོམ་པ་ཉིད་ཀྱི་ཕྱིར་རོ།། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམ ་ཕ་རོལ་ཏུ་ཕྱིན་པོ་རྣམས་ལ་ཇི་ལྟ་བ་དེ་ལྟར་ཕྲ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་ལ་ངང་པས་གནས་པ་མ་ལགས། སྤྱན་རས་གཟིགས་དབང་ཕྱུག་རྒྱུ་ལྔའི་ཕྱིར་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམས་ནི་ཆོས ་ལྷག་པར་བྱེདེ་བ་དང་ཡིད་བདྲེ་བའི་རྒྱུ་ཡིན་པའི་ཕྱིར་དང་། བདག་དང་གཞན་ལ་ཕན་འདོགས་པའི་རྒྱུ་ཡིན་པའི་ཕྱིར་དང་། ཕྱི་མ་ལ་དེའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པའི་རྒྱུ་ཡིན་པའི་ཕྱིར་དང་། ཀུན་ནས་ཉོན་མོངས ་པ་མེད་པའི་གཞི་ཡིན་པའི་ཕྱིར་དང་། མི་འབྱུང་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་སོ་སོའི་མཐུ་གང་ལགས། སྤྱན་རེས་གཟིགས་དབང་ཕྱུག་དེ་དག་གི་སོ་སོའི་མཐུ་ནི་རྣམ་པ ་ཅ་ཅོག་ཉྀ་མ་ཏུ་ན་སུ་ཀྱིས་སྣ་དས་པ་དུ་ལྲྀ་པ་འདུན་པ་དདས་པ་ན་གསང་ང་པས་སྲས་པ་ཐ་བ་པ་ལ་ས་པ་ཨི་སུ་གསུ་གྱུར་བ་དང་འདིས་བདག་པས་ས་པ་འགས་པ་ས་གྲ་དུ་ན་མ་ས་མ་མས་ཏུན་པ་དང་ཟླ་ས་བ ་བུ་གང་དང་ལྡན་པ་དང་། དོན་གང་དང་ལྡན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱན་རས་གཟིགས་དབང་ཕྱུག་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་སྙིང་རྗེའི་རྒྱུ་ལས་བྱུང་བ་དང་། རྣམ་པར་སྨིན་པའི་འབྲས་བུ་འདོད་པ ་དང་སེམས་ཅན་ལ་ཕན་འདོགས་པའི་འབྲས་བུ་དང་ལྡན་པ་དང་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པའི་དོན་ཆེན་པོ་དང་ལྡན་པ་ཡིན་ནོ།། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་པས ་མ་འཚལ་བ་དང་ལྡན་པ་དང་། སྙིང་རྗེ་ཅན་ལགས་ན། ཅིའི་སླད་དུ་འཇིག་རྟེན་ན་དབུལ་པོ་གདའི་ལགས། སྤྱན་རས་གཟིགས་དབང་ཕྱུག་དེ་ནི་སེམས་ཅན་རྣམས་ཀྱི་རུང་གི་ལས་ཀྱི་ཉེས་པ་ཁོ་ན་ཡིན་ནོ།། དེ་ལྟ་མ་ཡིན་ཏེ། གལ ་ཏེ་སེམས་ཅན་རྣམས་ཀྱི་རང་གིས་ཉེས་པར་བྱས་པ་དེའི་གནས་སུ་གྱུར་པ་མ་ཡིན་དུ་ཟིན་ན་དེ་དག་ལ་རྟག་ཏུ་བྱ་བ་ཉིད་ལ་ཞུགས་པ་དང་། ལོངས་སྤྱོད་མི་ཟད་པ་ཉིད་ཡོད་བཞིན་དུ་འཇིག་རྟེན་ན་སྡུག་བསྔལ་བ་ལྟ་སྣང་བར་ག་ལ ་འགྱུར། སྤྱན་རས་གཟིགས་དབང་ཕྱུག་འདི་ལྟ་སྟེ་དཔེར་ན། ཡི་དྭགས་ལུས་སྐོམ་པས་གདུངས་པ་རྣམས་ཀྱིས་རྒྱ་མཚོའི་སྐམས་པར་མཐོང་བ་དེ་ནི་རྒྱ་མཚོ་དག་གི་ཉེས་པ་མ་ཡིན་གྱི་ཡི་དྭགས་དེ་དག་ཉིད་ཀྱི་རང་གི་ལས་ཀྱི་འབྲས ་བུའི་ཉེས་པ་ཡིན་ནོ།། དེ་བཞིན་དུ་འབྲས་བུ་མེད་པར་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སྦྱིན་པ་དག་གིས་རྒྱ་མཚོ་ལྟ་བུར་གྱུར་པ་རྣམས་ཀྱི་ཉེས་པ་མ་ཡིན་གྱི། སེམས་ཅན་རང་གིས་ཉེས་པ་བྱས་པ་ཡི་དགས་ལྟ་བུ ་རྣམས་ཀྱི་རང་གི་ལས་ཀྱི་ཉེས་པ་ཡིན་ནོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་པ་ལགས། སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི ་རོལ་ཏུ་ཕྱིན་པས་འཛིན་ཏོ།། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངོ་བོ་ཉིད་མ་མཆིས་པ་ཉིད་འཛིན་ན། ངོ་བོ་ཉིད་དང་བཅས་པ་ཉིད་ཀྱང་ཅིའི་སླད་དུ་མི་འཛིན་ལྤགས། སྤྱན་རས་གཟིགས་དབང་ཕྱུག་དུ་ནི ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་འཛིན་པ་མི་སྨྲ་མོད་ཀྱི་འོན་ཀྱང་ཡི་གེས་བསྟོན་པ་མེད་པར་ངོ་བོ་ཉིད་མེད་པ་ཡི་གེ་མེད་པ། སོ་སོ་རང་གིས་རིག་པ་དེ་བསྟན་པར་མི་ནུས་པས་དེའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་འཛིན་ཏོ།། ཞེས་དེ ་སྐད་བརྗོད་དོ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བགྱི། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བགྱི། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་ཀྱང་བགྱི་ལགས་ན། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ནི་གང་ལགས། ཉེ་བའི ་ཕ་རོལ་ཏུ་ཕྱིན་པ་ནི་གང་ལགས། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ནི་གང་ལགས། སྤྱན་རས་གཟིགས་དབང་ཕྱུག་འདི་ལ་བྱང་ཆུབ་སེམས་དཔའ་དུས་དཔག་ཏུ་མེད་པ་ནས་ཡོངས་སུ་བསྒོམས་པའི་སྦྱིན་པ་ལ་སོགས་པ་དགེ་བའི ་ཆོས་རྣམས་དང་ལྡན་པ་ཡང་ཡིན་ལ། དེ་ལ་ཉོན་མོངས་པ་ཡང་ཀུན་ཏུ་འབྱུང་ཞིང་དེ་ཟིལ་གྱིས་གནོན་པར་མི་ནུས་ཀྱི། དེ་ཟིལ་གྱིས་ནོན་པར་འགྱུར་བ་འདི་ལྟ་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པ་ཆུང་ངུ་དང་། ་འབྲིང་ལ་ཞུགས་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། ཡང་དུས་དཔག་ཏུ་མེད་པས་ཚེས་ཡོངས་སུ་བསྒོམས་པའི་དགེ་བའི་ཆོས་དེ་དག་ཉིད་དང་ལྡན་ཞིང་ཉོན་མོངས་པ་ཀུན་ཏུ་འབྱུང་ལ། དེས་ཟིལ་གྱིས་གནོན་ཅིང་དེས་ཟིལ ་གྱིས་གནོན་པར་མི་འགྱུར་བ་འདི་ལྟ་སྟེ། ས་དང་པོ་ནས་གཟུང་བ་དེ་ནི་ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། ཡང་དུས་དཔག་ཏུ་མེད་པ་ནས་ཆེས་ཤིན་ཏུ་ཡོངས་སུ་བསྒོམས་པའི་དགེ་བའི་ཆོས་དེ་དག་ཉིད་དང་ལྡན་ཞིང་། དེ་ལ ་ཐམས་ཅད་ཀྱི་ཐམས་ཅད་དུ་ཉོན་མོངས་པ་ཀུན་ཏུ་མི་འབྱུང་བའི་ཆོས་ཅན་དུ་གྱུར་པ་འདི་ལྟ་སྟེ། ས་བརྒྱུད་པ་ནས་གཟུང་བ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱའོ།། བཅོམ་ལྡན་འདས་དེ་དག་ལ་ཉོན་མོངས་པའི་བག་ལ་ཉལ་དུ ་མཆིས་ལགས། སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་གསུམ་སྟེ། སྤྱན་རས་གཟིགས་དབང་ཕྱུག་གྲོགས་ཡང་དག་པོར་བཅོམ་པ་ནི་འདི་ལྟ་སྟེ། ས་ལྔ་པོ་དག་ན་ཉོན་མོངས་པ་ལྷན་ཅིག་སྐྱེས་པ་ཀུན་ཏུ་འབྱུང་བའི་གྲོགས་ཉོན ་མོངས་པ་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཀུན་ཏུ་འབྱུང་བ་དེའི་ཚེ་དེ་ལ་མེད་པས་དེའི་ཕྱིར་ཡང་དག་པར་བཅོམ་པ་ཞེས་བྱའོ།། བག་ལ་ཉལ་སྟོབས་ཆུང་བ་ནི་འདི་ལྟ་སྟེ། ས་དྲུག་པ་དང་བདུན་པ་ལ་ཆ་ཕྲ་མོ་ཀུན་ཏུ་འབྱུང་བ་ཉིད ་དང་། བསྒོམ་པས་མནན་པས་ཀུན་ཏུ་འབྱུང་བ་ཉིད་ཀྱི་ཕྱིར་རོ།། བག་ལ་ཉལ་ཕྲ་མོ་ནི་འདི་ལྟ་སྟེ་ས་བརྒྱད་པ་དང་། དེའི་གོང་མ་རྣམས་ལ་ཉོན་མོངས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་ཏུ་མི་འབྱུང་བ་དང་། ཤེས་བྱའི་སྒྲིབ་པ་ཙམ་ལ ་གནས་པ་ཉིད་ཀྱི་ཕྱིར་རོ།། བཅོམ་ལྡན་འདས་བག་ལ་ཉ་ལྔ་དེ་དག་གནས་ངན་ལེན་སྤངས་པ་རྣམ་པ་དུས་རབ་ཏུ་ཕྱེ་བ་ལགས། སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་གཉིས་ཀྱི་ཕྱིར་ཏེ། གནས་ངན་ལེན་ལྤགས་ཤུན་ལ་ཡོད་པ་ལྟ་བ ་ས་པས་ནི་དང་པོ་དང་གཉིས་པ་རབ་ཏུ་ཕྱེ་བ་ཡིན་ནོ།། སྤྱི་ལ་ཡོད་པ་ལྔ་བུ་སྤངས་པས་ནི་གསུམ་པའོ།། གནས་ངན་ལེན་སྙིང་པོ་ལ་ཡོད་པ་ལྟ་བུ་སྤངས་པ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཐམས་ཅད་ངུ་བག་ལ་ཉལ་མེད་པའི ་སྐབས་ཡིན་ཏེ། སངས་རྒྱས་ཀྱི་ས་ཡིན་པ་རོ་ངས་ཡོངས་སུ་བསྟན་ཏོ།། བཅོམ་ལྡན་འདས་གནས་ངན་ལེན་དེ་དག་བསྐལ་པ་གྲངས་མ་མཆིས་པ་དུ་དག་གིས་སྤོང་བར་འགྱུར་ལེགས། སྤྱན་རས་གཟིགས་དབང་ཕྱུག་གྲངས་མེད་པ ་གསུམ་གྱིས་སམ། དུས་ཚིགས་དང་ཟླ་བ་དང་ཟླ་བ་ཕྱེད་དང་ཞག་དང་། ཉི་མ་དང་། ཐུན་དང་ཐུན་ཕྱེད་དང་། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་བསྐལ་པ་དཔག་ཏུ་མེད་པ་དག་གིས་སྤོང་ངོ་།། བཅོམ་ལྡན་འདས་ས་དེ་དག་ལ་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་སྐྱེ་བའི་མཚན་ཉིད་ནི་གང་ལགས། སྐྱོན་ནི་གང་ལགས། ཡོན་ཏན་ནི་གང་ལགས་པར་རིག་པར་བགྱི། སྤྱན་རིས་གཟིགས་དབང་ཕྱུག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་སྐྱོ་བ་ནི། ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཚན་ཉིད་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་སོ་སོར་ངེས་པ་ཁོ་ནས་ཆོས་ཀྱི་དབྱིངས་ཐམས་ཅད་རབ་ཏུ་རྟོགས་པའི་ཕྱིར་ཏེ། དེས་བྱང་ཆུབ་སེམས ་དཔའི་ཉོན་མོངས་པ་ནི་ཤེས་བཞིན་ཁོ་ནར་སྐྱེ་བ་ཡིན་གྱི། མི་ཤེས་པར་མ་ཡིན་པས། དེའི་ཕྱིར་ཀུན་ས་ཉོན་མོངས་པ་ཅན་མ་ཡིན་པའི་མཚན་ཉིད་ཡིན་ནོ།། རང་གི་རྒྱུད་ལ་སྡུག་བསྔལ་བསྐྱེད་པར་མི་ནུས་པ་ཉིད་ཀྱི་ཕྱིར་སྐྱོན་མེད ་པ་ཡིན་ནོ།། སེམས་ཅན་གྱི་ཁམས་ཀྱི་སྡུག་བསྔལ་རྣམ་པར་བཟློག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཡོན་ཏན་དཔག་ཏུ་མེད་པ་ཡིན་ནོ།། བཅོམ་ལྡན་འདས་གང་ལ་ད་ལྟར་བྱིང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ། སྐྱེ་བ་དག་གིས ་ཀྱང་། ཇི་ཙམ་དུ་སེམས་ཅན་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་དེ་ཙམ་དུ་ཟིལ་གྱིས་གནོན་པར་བགྱིད་ན། དེ་ལས་གཞན་པའི་ཡོན་ཏན་རྣམས་ལྟ་སྨོས་ཀྱང་ཅི་འཚལ་པའི་བྱང་ཆུབ་དེ་ཙམ་དུ ་དོན་ཆེ་བ་ནི་ངོ་མཚར་ལགས་སོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་ཐེག་པ་གཅིག་པོ་ཞེས་བཀའི་སྩོལ་པ་དེ་ལ་དགོངས་པ་གང་ལགས། ་སྤྱན་རས་གཟིགས་དབང་ཕྱུག་ངས་ཉན་ཐོས་ཀྱི་ཐེག་པར་ཆོས་སྣ་ཚོགས་ཀྱི་ངོ་བོ་ཉིད་འདི་ལྟ་སྟེ་ཕུང་པོ་ལྔ་དང་ནང་གི་སྐྱེ་མཆེད་དྲུག་དང་ཕྱི་རོལ་གྱི་སྐྱེ་མཚང་དྲུག་དང་དེ་དག་ལོ་སོགས་པ་གང་དག་བསྟན་པ་ཉིད་ངས་ཐེག ་བ་ཆེན་པོར་ཆོས་ཀྱི་དབྱིངས་ཚུལ་གཅིག་པར་བསྟན་པས་བཤད་དེ།། དེའི་ཕྱིར་ང་ན་ཐག་པ་ཐ་དད་པར་མི་སྨྲའོ།། དེ་ལ་གང་དག་ངན་ལ་སྒྲ་ཇི་བཞིན་ཁོ་ནར་རྣམ་པར་རྟོག་པ་ཁ་ཅིག་ནི་སྒྲོ་འདོགས་པར་བྱེད། ཁྭ་ཅག་ནི་སྐུར་པ ་འདེབས་པར་བྱེད་ཅིང་ཐེག་པ་ཐ་དད་པ་ཉིད་དུ་རྣམ་པར་རྟོག་པར་ཡང་བྱེད་དེ། དེ་གཉིས་མི་མཐུན་པར་སེམས་ཤིང་ཕན་ཚུན་རྩོད་པར་ཟད་དེ། དེ་ལ་དགོངས་པ་ནི་དེ་ཡིན་ནོ།། དེ་ལ་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ ་འདི་དག་བཀའ་སྩལ་ཏོ།། ཐེག་པ་ཆེ་དང་ཐེག་པ་དམན་པ་ལ།། རང་བཞིན་སྣ་ཚོགས་ཆོས་རྣམས་གང་བསྟན་པ།། དེ་དག་ཉིད་ནི་ཚུལ་གཅིག་ཡང་བསྟན་ཏེ།། དེ་ཕྱིར་ཐེག་པ་ཐ་དདུ་ང་མི་སྨྲ།། དོན་ལ་སྒྲ་བཞི་རྣམ་པར་རྟོག་བྱེད་པ།། སྒྲོ ་བཏགས་བྱས་ཤིང་སྐུར་པ་གད་བ་བྱས་ནས།། དེ་དགེ་འགལ་བ་སྙམ་དུ་སེམས་པ་ནི།། རྣམ་པར་རྨོངས་ནས་བློ་གྲོས་སྣ་ཚོགས་འགྱུར།། ས་རྣམས་བསྡུས་དང་མིང་དང་མི་མཐུན་ཕྱོགས།། ཁྱད་པར་སྒྱུ་དང་སྨན་ལམ་བསླབ་པ་རྣམས ་དེ་ནི་སངས་རྒྱས་རྣམས་ཀྱིས་ཐེག་ཚོན་བཱ་ཤང་།། འདི་ལ་གང་བརྩོན་དེ་དག་སངས་རྒྱས་འགྱུར།། དེ་ནས་བཅོམ་ལྡན་འདི་ས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟུགས་དབང་ཕྱུག་གི་སྒྲ་འདི་སྐད་ཅེས་གསིལ་ཏོ།། བཅོམ་ལྡན་འདས ་དགེངས་པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཙོ་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། སྤྱན་རིས་གཟིགས་དབང་ཕྱུག་འདི་ནི་ས་དང་ཕ་རོལ་ཏུ་ཕྱིན ་པའི་ངེས་པའི་དོན་བསྣུན་པ་ཡིན་ཏེ། འདྲིས་དྲུང་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུང་ཤིག། ས་དང་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་དོན་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས ་དཔའ་བདུན་ཁྲི་ལྔ་སྟོང་གིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་སྣང་བ་ཐོབ་པར་གྱུར་ཏོ་ཞེས་གསུངས་སོ།། ཐེག་པ་རྣམ་པར་གཞག་པ་ཁོ་ན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་བྱ་བ་བསྒྲུབ་པའི ་རབ་ཏུ་དབྱེ་བ་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཞུ་བ་ཞུས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་རྣམས་ཀྱི་ཆོས་ཀྱི་སྐུ་ཞེས་བགྱི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའི ་མཚན་ཉིད་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་བསྒོམས་པའི་ངེས་པར་འབྱུང་བར་གྱུར་པ་ཡང་དག་པར་གྲུབ་པ་ཡིན་ནོ།། དེ་ཡང་རྒྱུ་གཉིས་ཀྱིས་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དུ་རིག་པར་བྱ་སྟེ། དེ་ནི་སྤྲོས་པ་མེད་ཅིང་མངོན་པར ་འདུ་བྱ་བ་མེད་པ་ཉིད་ཀྱི་ཕྱིར་དང་། སེམས་ཅན་རྣམས་ནི་སྤྲོས་པ་དང་མངོན་པར་འདུ་བྱ་བ་ལ་མངོན་པར་ཞེན་པ་ཉིད་ཀྱི་ཕྱིར་རོ།། བཅོམ་ལྡན་འདས་ཅི་ལགས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་གནས་གྱུར་པ་གང་ལགས ་པ་དེ་ཡང་ཆོས་ཀྱི་སྐུ་ལེགས་པར་བརྗོད་པར་བགྱི་འམ། འཇམ་དཔལ་བརྗོད་པར་མི་བྱའོ།། བཅོམ་ལྡན་འདས་འོ་ན་ཅིའི་ལུས་ལགས་པར་བརྗོད་པར་བགྱི། འཇམ་དཔལ་རྣམ་པར་གྲོལ་བའི་ལུས་ཀྱིས་ནི་དེ་བཞིན་གཤེགས ་པ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་མཚུངས་ཤིང་མཉམོ།། ཚེ་གྱི་སྐུས་ནི་བྱ་སུས་ཏེ་ཨོཾ་ས་ཁྱད་པར་དུ་འཕགས་ན་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ལ་ནི་དཔེ་བྱ་བར ་ཡང་བླ་བ་མ་ཡིན་ནོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བའི་མཚན་ཉིད་ནི་ཇི་ལྟ་བུར་རིག་པར་བགྱི་ལགས། འཇམ་དཔལ་སྤྲུལ་པའི་སྐུའི་མཚན་ཉིད་དེ་འཇིག་རྟེན་གྱི་ཁམས་འབྱུང་བ་དང ་འདྲའོ།། སྤྲུལ་པའི་སྐུའི་མཚན་ཉིད་འབྱུང་བ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་བཀོད་པའི་རྒྱུན་གྱི་རྣམ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་མཚན་ཉིད་དུ་བལྟ་བར་བྱའོ།། ཆོས་ཀྱི་སྐུ་ལ་ནི་སྐྱེ་བ་འབྱུང་བ་མེད་དོ།། ་བཅོམ་ལྡན་འདས་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་གང་ལགས་པར་བལྟ་བར་བགྱི་ལགས། འཇམ་དཔལ་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང ་ཐམས་ཅད་དུ་བདག་པོར་གྲགས་པ་འམ། སྦྱིན་གནས་སུ་གྲགས་པའི་ཁྱིམ་དུ་མངལ་དུ་འཇུག་པ་དང་། བཙས་པ་དང་། སྐྱེ་བོ་དང་། འདོད་པ་ལ་ལོངས་སྤྱོད་པ་དང་མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་ཅིག་ཅར ་ཀུན་ཏུ་སྟོན་པ་དང་། དེ་གཏོང་བ་དང་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ཀུན་ཏུ་སྟོན་པ་ཡིན་པར་བལྟ་བར་བྱའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས ་ཀྱི་སྐུས་གསུང་གང་རིག་བརྗོད་པས་གདུལ་བའི་ཁམས་ཡོངས་སུ་མ་སྨིན་པ་ནི་ཡོངས་སུ་སྨིན་པར་མཛད་ལ། ཡོངས་སུ་སྦྱིན་པོ་ནི་དམིགས་པ་དེ་ཉིད་ཀྱིས་རྣམ་པར་གྲོལ་བར་མཛད་པའི་གསུང་བརྗོད་པ་དུ་ཞིག་བརྗོད ་པར་མཛད་ལེགས། འཇམ་དཔལ་དེ་བཞིན་གཤེགས་པའི་གསུང་བརྗོད་པ་ནི་གསུམ་པོ་འདི་དག་ཡིན་ཏེ། མཱདོ་སྡེ་བརྗོད་པ་དང་། འདུལ་བ་བརྗོད་པ་དང་། མཱ་མོ་བརྗོད་པའོ།། བཅོམ་ལྡན་འདས་མདོ་སྡེ་ནཱི་གང་ལགས། འདུལ ་བྱཱ་ནི་གྷ་ལེགས། མ་མོ་ནི་གུང་ལགས། འཇམ་དཔྲལ་འདི་ལྟ་སྟེ། དས་པོ་བཞི་འམ། དགུཉི་ཤུནྡྷ་དགྲའི་དབྱེང་དུ་བྱས་ནས་ཆོས་རྣམས་ཀྱི་དངོས་བྱའི་བསྡུ་བཅོམ་དུས་གོང་དུ་བསྟན་པ་དེ་ནི་མདོ་སྡེ་ཡིན་ནོ།། ་བློ་ཊྭཱཾ་གཞན་མ། འདི་ལྟ་སྟེ། བྲིས་པ་རི་ས་བྷི་དྲུང་། སྒྲིས་སུ་འགྲོ་བའི་དངོས་པ་ད་། བསླབ་པོའི་དངོས་བྱེ་ད་། ཁྱོད་ཆུབ་ཀྱི་དངོས་པོའོ།། བློ་ས་བྷྱོ་དྲུག་གྀ་ནྡེ་ནཱ། སེམས་ཅན་གདུགས་པའི་དངོས་བློ་དག། ་ས་མྱོ་ངོས་པ་ད་། དེ་འབྱུང་བའི་རིམ་པོ་དང་། དེ་འབྱུང་བའི་རྣས་པའི་དངས་པ་དང་། དེའི་ཀུན་ནེས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་དང་། དེ་སྣ་ཚོགས་ཀྱི་དངས་པ་དང་། སྟོན་པའི་དངོས་པོ་དང་། ་བསྟན་པར་བྱ་བའི་དངོས་པོ་དང་། འཁོར་གྱི་དངོས་པོའོ།། དངོས་པོ་ཉི་ཤུ་རྩ་དགུ་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་ཕྱོགས་ནས་བརྩམས་ཏེ་འདུ་བྱེད་བསྡུ་བའི་དངོས་པོ་དང་། དེའི་གོ་རིམ་རྗེས་སུ་འཇུག་པའི་དངོས་པོ ་དང་། དེ་དག་ཉིད་ལ་གང་ཟག་གི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་དང་། ཆོས་ཀྱི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་དང་། རྣམ་པར་བྱུང་བའི་ཕྱོགས་ལས་བརྩམས་ཏེ་དམིགས་པ་ལ ་ཉེ་བར་གཏོད་པའི་དངོས་པོ་དང་། དེ་ཉིད་ལ་རྩོལ་བའི་དངོས་པོ་དང་། སེམས་གནས་པའི་དངོས་པོ་དང་། ཚེ་འདི་ལ་བདེ་བར་གནས་པའི་དངོས་པོ་དང་། སྡུག་བསྔལ་བྱམས་ཅ་ལས་ཡང་དག་པར་འདའ་བའི་དམིགས ་པའི་ཐབས་ཀྱི་དངོས་པོ་དང་། དེ་ཡོངས་སུ་ཤེས་པའི་དངོས་པོ་ནི་ཕྱིན་ཅི་ལོག་ཡོངས་སུ་ཤེས་པའི་གནས་དང་། སེམས་ཅན་དུ་འདུ་ཤེས་པ་ལས་བརྩིམས་ཏེ་ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ལོག་བྱར་སྒྲུབ་པ ་ཡོངས་སུ་ཤེས་པའི་གནས་དང་། ནང་ལ་མངོན་པའི་ང་རྒྱལ་མེད་པོ་ཡོངས་སུ་ཤེས་པའི་གནས་ཀྱིས་དེ་ཡང་རྣམ་པ་གསུམ་དང་། སྒོམ་པའི་གནས་ཀྱི་དངོས་པོ་དང་། མངོན་དུ་བྱ་བའི་དངོས་པོ་དང་། བསྒོམ་པའི ་དངོས་པོ་དང་། དེ་སྙིང་པོར་བྱ་བའི་དངོས་པོ་དང་། དེའི་རྣམ་པའི་དངོས་པོ་དང་། དེའི་དམིགས་པའི་དངོས་པོ་དང་། སྤངས་པ་དང་། མ་སྤངས་པ་སྤྱོད་པ་ལ་མཁས་པའི་དངོས་པོ་དང་། དེ་ལས་རྣམ་པར་གཡེང་བའི ་དངོས་པོ་དང་། རྣམ་པར་གཡེང་བའི་གནས་ཀྱི་དངོས་པོ་དང་། དེ་ལས་རྣམ་པར་མི་གཡེང་བའི་གནས་ཀྱི་དངོས་པོ་དང་། བསྒོམ་པ་ལ་ཡོངས་སུ་སྐྱོ་བའི་སྦྱོར་བ་བསྩལ་བའི་དངོས་པོ་དང་། བསྒོམ་པ་ལ་ཕན ་ཡོན་གྱི་དངོས་པོ་དང་། དེ་བརྟེན་པའི་དངོས་པོ་དང་། འཕགས་པའི་དབང་ཕྱུག་བསྡུ་བའི་དངོས་པོ་དང་། འཕགས་པའི་ཕྱོགས་དང་གཡོག་འཁོར་བསྡུ་བའི་དངོས་པོ་དང་། དེ་ཁོ་ན་རབ་ཏུ་རྟོགས་པའི་དངོས་པོ་དང་། མྱ་ངན ་ལས་འདས་པ་ཡང་དག་པར་ཐོབ་པའི་དངོས་པོ་དང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་འདི་ལས་ཕྱི་རོལ་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་དག་ལས་སྤྱི་བོར་གྱུར ་པ་ཉིད་ཀྱི་དངོས་པོ་དང་། དེ་མི་སྒོམ་བྱས་ཡོངས་སུ་ཉམ་པའི་དངོས་པོ་སྟེ། འཇམ་དཔལ་འདི་ལྟར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ནི་མི་སྒོམ་པས་ཡོངས་སུ་ཉམ་པར་འགྱུར་ཞིང་ལྟ་བའི་ཉེས་པས་ནི་མ ་ཡིན་ནོ།། འཇམ་དཔལ་ངས་གང་ཉན་ཐོས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སྔོར་ཐར་པ་འམ་སོ་སོར་ཐར་པ་དང་ལྡན་པ་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་འདུལ་བའི་དངོས་པོ་ཡིན་ནོ།། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཐར་པོ་རྣམ་པ་དུས་བསྡུས་པར་རིག་པར་བགྱི་ལགས། འཇམ་དཔལ་རྣམ་པ་བདུན་གྱིས་ཏེ། ཡང་དག་པར་བླང་བའི་ཆོ་ག་བསན་པ་དང་། ཕམ་པའི་གནས་ལྟ་བུའི་དངོས ་པོ་བསྟན་པ་དང་། ལྟུང་བའི་གནས་ལྟ་བུའི་དངོས་པོ་བསྟན་པ་དང་། ལྟུང་བའི་ངོ་བོ་ཉིད་བསྟན་པ་དང་། ལྟུང་བ་མ་ཡིན་པའི་ངོ་བོ་ཉིད་བསྟན་པ་དང་། ལྟུང་བ་ལས་དབྱུང་བ་བསྟན་པ་དང་། སྡོམ་པ་གཙྪར་པཱ་བསྟནཱ་བྱས་སོ།། ་འཇམ་དཔལ་ངས་གོང་དུ་མཚན་ཉིད་རྣམ་པ་བཅུ་གཅིག་བཤད་པ་དང་། རྣམ་པར་ཕྱེ་བ་དང་བསྟན་པ་གང་ཡིན་པ་དེ་ནི་མ་མོ་ཞེས་བྱའོ།། དེ་ལ་མཚན་ཉིད་རྣམ་པ་བཅུ་གཅིག་གང་ཞེ་ན། ཀུན་རྫོབ་ཀྱི་མཚན་ཉིད་དང་། ་དོན་དམ་པའི་མཚན་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་དམིགས་པའི་མཚན་ཉིད་དང་། རྣམ་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་དང་། དེའི་འབྲས་བུའི་མཚན་ཉིད་དང་། དེ་མྱོང་བ་རྣམ ་པར་བསྙད་པའི་མཚན་ཉིད་དང་། དེའི་བར་དུ་གཅོད་པའི་མཚན་ཉིད་དང་། དེ་དང་རྗེས་སུ་འཐུན་པའི་ཆོས་ཀྱི་མཚན་ཉིད་དང་། དེའི་ཉེས་དམིགས་ཀྱི་མཚན་ཉིད་དང་། དེའི་ཕན་ཡོན་གྱི་མཚན་ཉིད་དོ།། འཇམ་དཔལ་དེ་ལ ་ཀུན་རྫོབ་ཀྱི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། གང་ཟག་བསྟན་པ་དང་། ཀུན་བཏགས་པའི་ངོ་བོ་ཉིད་བསྟན་པ་དང་། ཆོས་རྣམས་ཀྱི་བྱེད་པ་དང་གཡོ་བ་དང་ལས་བྱེད་པ་བསྟན་པས་བལྟ་བར་བྱའོ།། དེ་ལ་དོན་དམ་པའི ་མཚན་ཉིད་ནི་དེ་བཞིན་ཉིད་རྣམ་པ་བདུན་བསྟན་པས་བལྟ་བར་བྱའོ།། དམིགས་པའི་མཚན་ཉིད་ནི་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་བསྟན་པས་བལྟ་བར་བྱའོ།། རྣམ་པའི་མཚན་ཉིད་ནི་བརྟག་པ་རྣམ་པ་བརྒྱད ་བསྟན་པས་བལྟ་བར་བྱ་སྟེ། བརྟག་པ་བརྒྱད་གང་ཞེ་ན། བདེན་པ་དང་། གནས་པ་དང་། སྨན་དང་། ཡོན་ཏན་དང་། ཚུལ་དང་། འཇུག་པ་དང་། རིག་པ་དང་། བསྡུ་བ་དང་། རྒྱས་པས་སོ།། དེ་ལ་བདེན་པ་ནི་དེ་བཞིན ་གང་ཡིན་པའོ།། གནས་པ་ནི་གང་ཟག་རྣམ་པར་བཞག་པ་འམ། ཀུན་བཏགས་པའི་ངོ་བོ་ཉིད་རྣམ་པར་བཞག་པ་འམ། མགོ་གཅིག་དང་། རྣམ་པར་དབྱེ་བ་དང་། དྲིས་ཏེ་ལེན་གདབ་པ་རྣམ་པར་བཞག་པ་འམ། གཞག་པ ་རྣམ་པར་བཞག་པའམ། གསང་བ་རྣམ་པར་དབྱེ་བ་བསྟན་པ་རྣམ་པར་བཞག་པ་གང་ཡིན་པའོ།། སྐྱོན་རྣམས་ནི་ངས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ཉེས་དམིགས་རྣམ་གྲངས་དུ་མར་བསྟན་པ་གང་ཡིན་པ་དག ་གོ། ཡོན་ཏན་རྣམས་ནཱི་ངས་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་ཕནྡ་ཡོན་རྣམ་གྲངས་དུ་མར་བསྟན་པ་གང་ཡིན་པ་དག་གོ།། ཚུལ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་། འཐོབ་པའི་ཚུལ་དང་། བཤད་པའི ་ཚུལ་དང་། མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་ལོ།། འཇུག་པའི་དུས་གསུམ་དང་། འདུས་བྱས་ཀྱི་མཚན་ཉིད་གསུམ་དང་། རྐྱེན་བཞི་པོ་དག་གོ། རིགས་པ་ནི ་རྣམ་པ་བཞིར་རིག་པར་བྱ་སྟེ། བྱ་བ་བྱེད་པའི་རིག་པ་དང་། འཐད་པས་བསྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ།། དེ་ལ་ལྟོས་པའི་རིགས་པ་ནི་འདུ་བྱེད་རྣམས་འབྱུང་བ་དང་། རྗེས་སུ་ཐ་སྙད་གདགས་པའི་རྒྱུ་གང ་ཡིན་པ་དང་། རྐྱེན་གང་དག་ཡིན་པ་སྟེ། དེ་ནི་ལྟོས་པའི་རིགས་པ་ཡིན་ནོ།། ཆོས་རྣམས་འཐོབ་པ་འམ། འགྲུབ་པ་འམ། སྐྱེས་པ་རྣམས་ལས་བྱེད་པར་འགྱུར་བའི་རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་དེ་ནི་བྱ་བ་བྱེད་པའི ་རིགས་པ་ཡིན་ནོ།། དམ་བཅས་པ་དང་བཤད་པ་དང་སྨྲས་པའི་དོན་བསྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་བསྒྲུབ་པའི་རིགས་པ་ཡིན་ནོ།། དེ་ཡང་མདོར ་བསྡུ་ན་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའོ།། དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ནི་ལྔའོ།། ཡོངས་སུ་མ་དག་པའི་མཚན་ཉིད་ནི་བདུན་ནོ།། དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ལྔ་པོ་དག་གང་ཞེ་ན། ་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་ལས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་། ཡོངས་སུ་གྲགས་པའི་མཚན་ཉིད་དང་། ལུང་ཤིན་ཏུ་རྣམ་པར ་དག་པ་གཏན་ལ་བབ་པར་བསྟན་པའི་མཚན་ཉིད་དོ།། དེ་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་བདག་མེད་པ་ཉིད་འཇིག་རྟེན་ན་མངོན་སུམ་དུ་དམིགས་པ ་དང་། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་ནོ།། འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཉིད་དང་། འཇིག་རྟེན་ཕ་རོལ་ཏུ་ཡོད་པ་ཉིད་དང་། ལས་དགེ་བ་དང་། མི་དགེ་བ་ཆུད་མི་ཟ་བ་ལ ་དེ་ལ་གནས་པའི་མི་རྟག་པ་གས་པ་ཉིད་མངོན་སུམ་དུ་དམིགས་པ་གང་ཡིན་པ་དང་གང་གིས་མངོན་སུམ་དུ་མ་གྱུར་པ་ལ་རྗེས་སུ་དཔག་པར་བྱ་བ་དང་། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་ང་ལ ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་ནོ།། ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འཆི་འཕྲོ་དང་། སྐྱེ་བ་དམིགས་པ་ཉེ་བར་སྦྱར་བ་དང་སྐྱེ་བ་ལ་སོགས་པའི་སྡུག ་བསྔལ་དམིགས་པ་ཉེ་བར་སྦྱར་བ་དང་། རང་དབང་མེད་པ་དམིགས་པ་ཉེ་བར་སྦྱར་པོ་དང་། ཕྱི་རོལ་དག་ལའང་འཇིག་རྟེན་ཐམས་ཅད་ལ་གླགས་པའི་འབྱོར་པ་དང་རྒུད་པ་དམྱིགས་པ་ཉེ་བར་སྦྱར་བ་དང་། དེ་ལྟ་བུ་དང ་མཐུན་པ་གང་ཡིན་པ་དེ་ནི་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཡིན་པར་རིག་པར་བྱའོ།། དེ་ལ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། ་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་གང་ཡིན་པ་དེ་ནི་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པའི་ཕྱིར་ཡོངས་སུ་གྲགས་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ།། འཛེམ་དཔལ་གཏན་ལ་བབ་པར་བསྟན ་པ་ཐམས་ཅད་མཁྱེན་པས་གསུངས་པ་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་དང་། དེ་ལྟ་བུ་དང་འཐུན་པ་སེམས་ཅན་སྣ་ཚོགས་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན ་དང་། སེམས་ཅན་བདེ་བ་དང་སྡུག་བསྔལ་བ་ལས་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན་པ་དེ་ནི་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་བབ་པར་བསྟན་པའི་མཚན་ཉིད་ཡིན་པར་རིག་པ ་བྱའོ།། དེ་ལྟ་བས་ན་མཚན་ཉིད་རྣམ་པ་ལྔ་པོ་དེ་དག་གིས་རིགས་པས་བརྟག་པ་ཡོངས་སུ་དག་པ་ཡིན་ཏེ། ཡོངས་སུ་དག་པའི་ཕྱིར་བསྟན་པར་བྱའོ།། བཅོམ་ལྡན་འདས་ཐམས་ཅང་མཁྱེན་པའི་མཚན་ཉིད་རྣམ་པ་དུས ་རྟོགས་པར་བགྱི་ལགས། འཇམ་དཔལ་ལྔ་སྟེ། གང་སུའང་རུང་བ་ཞིག་བྱུང་ན་འཇིག་རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲ་རྣམ་པར་གྲགས་པ་དང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དང་། སྟོབས ་བཅུས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ཐམས་ཅད་གཅོད་པ་དང་། མི་འཇིགས་པ་བཞིས་ཆོས་སྟོན་པས་དེའི་ཚིག་ལ་པས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བརྒལ་དུ་མེད་ཅིང་བརྩོད་དུ་མེད་པ་གང་ཡིན་པ་དང་། སུའི ་ཆོས་འདུལ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྣང་ཞིང་དགེ་སྦྱོང་རྣམ་བཞི་སྣང་བ་ཡིན་ཏེ། དེ་ལྟར་ན་འབྱུང་བྱ་དང་མཚན་དང་ཐེ་ཙོམ་གཅོད་པ་དང་། བརྒྱལ་དུ་མེད་ཅིང་བ་རྩང་དུ་མེད་པ་དང་། དགེ་སྦྱོང ་དམིགས་པས་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔར་རིག་པར་བྱའོ།། དེ་ལྟར་ནི་འཐད་པས་སྒྲུབ་པའི་རིགས་པ་དེ་ནི་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མི་དང་། ཡིད་ཆེས་པའི་ལུང་གི་ཚད་མོས ་མཚན་ཉིད་ལྔ་པོ་དག་གི་ཡོངས་སུ་དག་པ་ཡིན་ནོ།། ཡོངས་སུ་མ་དག་པའི་མཚན་ཉིད་རྣམ་པ་བདུན་གང་ཞེ་ན། དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་དང་། དེ་ལས་གཞན་དང་མི་མཐུན ་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་འཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་། ཡོངས་སུ ་མ་གྲགས་པའི་མཚན་ཉིད་དང་། ལུང་ཤིན་ཏུ་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་དོ།། དེ་ལ་ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་ཐམས་ཅད་འཐུན་པར་དམིགས་པའི་མཚན་ཉིད ་ཡིན་ནོ།། རྟགས་དང་། ངོ་བོ་ཉིད་དང་། ལས་དང་། ཆོས་དང་། རྒྱུ་དང་འབྲས་བུའི་མཚན་ཉིད་མི་མཐུན་པ་རྣམས་ཀྱི་མཚན་ཉིད་མི་མཐུན་པ་གང་ཡང་རུང་བས་ཕན་ཚུན་མཚན་ཉིད་མི་མཐུན་པར་ངེས་པ་ཉིད་གང་ཡིན་པ་དེ་ནི ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡིན་ནོ།། འཇམ་དཔལ་དེ་ལ་གཞན་ཉིད་དང་མཐུན་པར་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པའི ་ཕྱིར་གང་གིས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་དེ་ནི་ཡོངས་སུ་མ་གྲགས་པའི་མཚན་ཉིད་ཅེས་བྱའོ།། དེ་ལས་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལ་ཡང་ཐམས་ཅད ་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པས་གང་གིས་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་དེ་ཡང་ཡོངས་སུ་མ་གྲགས་པའི་མཚན་ཉིད་ཅེས་བྱའོ།། ཡོངསུ་མ་གྲགས་པའི་ཕྱིར་རིགས་པས་བརྟགས་པ་ཡོངས ་སུ་མ་དག་པ་མ་ཡིན་ཏེ། ཡོངསུ་མ་དག་པའི་ཕྱིར་བརྟན་པར་མི་བྱའོ།། དེ་ལ་ལུང་ཤིན་ཏུ་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་ནི་རང་བཞིན་ཉིད་ཀྱིས་ཡོངས་སུ་མི་དག་པ་ཡིན་པར་རིག་པར་བྱའོ།། དེ་ལ་དེ་བཞིན ་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཉིད་དབྱིངས་གནས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ནོ།། དེ་ལྟ་བསྡུས་པ་དང་རྒྱས་པ་ནི་མདོར་བསྡུས་ཏེ། ཚིག། ་གཅིག་གིས་བསྟན་པའི་ཆོས་ཚིག་ཕྱི་མ་ཕྱི་མ་དག་གིས་རབ་ཏུ་ཕྱེ་སྟེ་མཐར་ཐུག་པར་བྱེད་པ་གང་ཡིན་པའོ།། ངས་རྣམ་པ་དང་བཅས་པའི་དམིགས་པ་འཛིན་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ཉེ་བར ་གཞག་པ་ལ་སོགས་པ་གང་དག་བསྟོན་པ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་ནོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པར་བཅས་པའི་ཉོན་མོངས་པ་སྤོང་བས་དེའི་འབྲས་བུ་འཇིག་རྟེན་པ་དང་འཇིག་རྟེན་ལས ་འདས་པའི་ཡོན་ཏན་མངོན་པར་བསྒྲུབ་པ་གང་དག་ཡིན་པ་དེ་ནི་དེའི་འབྲས་བུ་ཐོབ་པའི་མཚན་ཉིད་ཡིན་ནོ།། དེ་ཉིད་རྣམ་པར་གྲོལ་བའི་ཤེས་པས་སོ་སོར་ཡང་དག་པར་རིག་པ་གང་ཡིན་པ་གཞན་དག་ལ་ཡང་རྒྱ་ཆེར ་སྒྲོགས་པ་དང་འཆད་པ་དང་ཡང་དག་པར་སྟོན་པ་དེ་ནི་དེ་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད་ཡིན་ནོ།། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་དེ་དག་ཉིད་བསྒོམ་པ་ལ་བར་ཆད་བྱེད་པའི་གནས ་ལྟ་བུ་ཉོན་མོངས་པ་ཅན་གྱི་ཆོས་གང་དག་ཡིན་པ་དེ་ནི་དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཡིན་ནོ།། དེ་དག་ཉིད་ལོ་གཅེས་སྤྲས་བྱེད་པའི་ཆོ་སྡེ་གང་དག་ཡིན་པ་དེ་ནི་དེ་དང་རྗེས་སུ་མཐུན་པའི་ཆོས་ཀྱི ་མཚན་ཉིད་ཡིན་ནོ།། བར་དུ་གཅོད་པ་རྣམས་ཀྱི་སྐྱོན་གང་ཡིན་པ་དེ་ནི་ཉེས་དམིགས་ཀྱི་མཚན་ཉིད་ཡིན་ནོ།། འཇམ་དཔལ་རྗེས་སུ་མཐུན་པ་རྣམས་ཀྱི་ཡོན་ཏན་གང་ཡིན་པ་དེ་ནི་ཕན་ཡོན་གྱི་མཚན་ཉིད་ཡིན ་པར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་ཀྱི་དོན་གང་གིས་བྱང་ཆུབ་སེམས་དཔའ་རྣམས་དེ ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་རྣམས་ཀྱིས་ལྡེམ་པོར་དགོངས་པའི་རྗེས་སུ་འཇུག་པར་འགྱུར་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདོ་སྡེ་དང་འདུལ་བ་དང་མ་མོ་དག་གི་གཟུངས་ཀྱི་དོན་མུ ་ལུས་པ་འདི་ལས་སླད་རོལ་པ་རྣམས་དང་ཐུན་མོང་མ་ལགས་པ་བཤད་དུ་གསོལ། འཇམ་དཔལ་དེའི་ཕྱིར་ཉོན་ཅིག་དང་། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ངའི་ལྡེམ་པོ་ངག་ལ་འཇུག་པར་བྱ་བའི་ཕྱིར ་མ་ཞི་ལ་བག་ལ་ཉལ་དང་བཅས་པའི་འདུ་བྱེད་རྣམས་གཅིག་ལ་གཅིག་བག་ལ་ཉལ་བ་དང་ཐ་སྙད་གདགས་པའི་སྐྱེས་བུའི་བག་ལ་ཉལ་རྣམས་ཀྱིས་ཤི་ནས་ད་ལྟར་བྱུང་བའི་དུས་ན་ཉིང་མཚམས་སྦྱོར་བར་བྱེད་དེ། བྱུག ་ལ་ཉལ་དང་བཅས་པའི་འདུ་བྱེད་ཀྱིས་ཡོངསུ་ཟིན་པའི་ལུས་མངོན་པར་འགྲུབ་པ་ལ་ད་ལྟར་བྱུང་བའི་དུས་ན་ཡང་ཚེའི་མཐའ་ཟད་པར་བྱས་ནས་དེ་བཞིན་དུ་མ་དུལ་ཞིང་རྣམ་པར་མེ་དུལ་བ་ནས་རྒྱས་པོར་ཤི་ནས་མ་འོངས ་པ་ན་ལུས་མངོན་པར་འགྲུབ་ཅིང་བག་ལ་ཉུལ་དང་བཅ་ས་པའི་འདུ་བྱུང་རྣམས་ཉེ་བར་ལེན་པ་གང་ཡིན་པ་སྟེ། དེ་དག་ཉེ་བར་བླངས་པའི་ཕྱིར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཁྱད་པར་རྣམས་དང་། འདོད་ཆགས ་ལ་སོགས་པའི་འཆིང་བ་ཆེན་པོ་རྣམས་ཀྱིས་བཅིངས་སོ།། དེ་ལ་དུལ་བའི་འཆི་བ་ནི་ད་ལྟར་གྱི་དུས་ན་དུལ་ཞིང་རྣམ་པར་རྡུལ་ལི་བག་ལ་ཉྫ་ལྀ་མེད་པ་ཤི་ནས་མ་འོངས་པ་ན་ལུས་མངོན་པར་འགྲུབ་པར་མི་འགྱུར་ཞིང་། ་བྲག་ལ་ཉལ་དང་བཅས་པའི་འདུ་བྱེད་རྣམས་ཉེ་བར་མི་ལེན་པ་སྟེ། དེ་དག་ཉེ་བར་མ་བླངས་པའི་ཕྱིར་སྐྱེ་བཾ་ལ་སོགས་པའི་སྡུག་བསྔལ་གྱི་ཁྱད་པར་རྣམས་དང་འདོད་ཆགས་ལ་སོགས་པའི་འཆིང་བ་ཆེན་པོ་རྣམས་ལས ་ཡོངས་སུ་གྲོལ་བར་འགྱུར་རོ།། དེ་ལ་འདྲ་བའི་འཆི་བ་ནི་གལ་ཏེ་འདས་པའི་དུས་ན་ཇི་ལྟར་མ་དུལ་བ་བཞིན་དུ་ཤི་བ་དེ་བཞིན་དུ་ད་ལྟར་བའི་དུས་ན་ཡང་འཆི་བ་དོནི་དེ་འདྲ་བའི་འཆི་བ་ཡིན་ཏེ། མཚུངས་པའི་འཆིབ་དང ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཀུན་ནས་ཉོན་མོངས་ཆོས་དང་རྣམ་པར་བྱང་བའི་ཆོས།། ཐམས་ཅད་བྱེད་པ་མེད་ཅིང་གང་ཟག་མེད་པ་ཡིན།། དེ་ཕྱིར་དེ་དག་བྱེད་པ་མེད་པར་ངས་བཤད་དོ།། དེ་དག་སྔ་ཕྱིར ་རྣམ་པར་དག་དང་ཉོན་མོངས་མིན།། གནས་ངན་ལེན་གྱི་ལུས་ལ་བག་ལ་ཉལ་བ་ཡི།། ལྟ་ལ་བརྟེན་ནས་བདག་དང་བདག་གིར་འཛིན་བྱེད་དོ།། དེས་ན་མཐོང་ངོ་ཟའོ་བྱེད་ཅེས་བྱ་བ་དང་།། ཉོན་མོངས་རྣམ་པར་བྱང་བར་འགྱུར་རོ་སྙམ་པའང ་འབྱུང་།། གང་གིས་དེ་ལྟར་ཡང་དྲག་ཇི་བཞིན་རབ་ཤེས་པ།། དེ་ནི་གནས་ངན་ལེན་ལུས་རབ་ཏུ་སྤོང་བྱེད་ཅིང་།། ཉོན་མོངས་གནས་མིན་ཤིན་ཏུ་རྣམ་པར་དག་པའི་ལུས།། སྤྲོས་པ་མེད་ཅིང་འདུས་མ་བྱས་པ་ཐོབ་པར་འགྱུར།། བཅོམ་ལྡན ་འདས་དེ་བཞིན་གཤེགས་པའི་སེམས་འབྱུང་བའི་མཚན་ཉིད་ཇི་ལྟར་བུར་རིག་པར་བགྱི་ལེགས། འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ཀྱི་སེམས་དང་ཡིད་དང་རྣམ་པར་ཤེས་པས་རབ་ཏུ་ཕྱེ་བ་མ་ཡིན་མོད་ཀྱི། འོན་ཀྱང ་བཞིན་གཤེགས་པའི་སེམས་ནི་མངོན་པར་འདུ་བྱ་བ་མེད་པ་འབྱུང་སྟེ། སྤྲུལ་པ་ལྟ་བུར་རིག་པར་བྱའོ།། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་མངོན་པར་འདུ་བགྱི་བ་ཐམས་ཅད་དང་བྲལ ་བ་ལགས་ན། འོ་ན་མངོན་པར་འདུ་བགྱི་བ་མ་མཆིས་པར་སེམས་འབྱུང་བར་འགྱུར་ལགས། འཇམ་དཔལ་སྔོན་ཐེབས་དང་ཤེས་རབ་བསྒོམ་པ་མངོན་པར་འདུ་བྱས་པའི་ཕྱིར་ཏེ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་གཉིད་ལོག ་ལོག་པ་སེམས་མེད་པ་ལ་ཕྱིར་སད་པར་མངོན་པར་འདུ་བྱ་བ་མེད་ཀྱང་། སྔོན་མངོན་པར་འདུ་བྱས་པའི་དབང་གིས་སད་པ་གྱུར་པ་དང་། འགོག་པ་ལ་སྙོམས་པར་ཞུགས་པ་ལྡང་བར་མངོན་པར་འདུ་བྱ་བ་མེད་ཀྱང་། སྔོན ་མངོན་པར་འདུ་བྱས་པའི་དབང་ཁོ་ནས་ལྡང་བར་འགྱུར་ཏེ། གཉིད་ལོག་པ་དེང་འགོག་པ་ལ་སྙོམས་པར་ཞུགས་པ་དག་གི་སེམས་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སེམས་འབྱུང་བ་ཡང་སྔོན་ཐབས་དང་ཤེས ་རབ་བསྒོམ་པ་མངོན་པར་འདུ་བྱས་པ་ལ་སེ་རིག་པར་བྱའོ།། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པས་སྤྲུལ་པ་སེམས་མ་མཆིས་སམ་མ་མཆིས་ཞེས་བགྱི། འཛུམ་དཔལ་སེམས་ཡོད་པ་ཡང་མ་ཡིན་ཏེ། སེམས་རང་དབང ་མེད་པ་ཉིད་དང་སེམས་གཞན་གྱི་དབང་ཉིད་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གང་ལགས་པ་དང་། དེ་བཞིན་གཤེགས་པའི་ཡུལ་གང་ལགས་པ་དེ་གཉིས་ལ་ཐ་དད་དུ་བགྱི་བ་ཅི་མཆིས ་ལགས། འཇམ་དཔལ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་བ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ཚད་མེད་པའི་བཀོད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གང་ཡིན་པའོ།། ། ་དེ་བཞིན་གཤེགས་པའི་ཡུལ་ནི་ཁམས་ལྔ་པོ་སེམས་ཅན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་དང་། ཆོས་ཀྱི་ཁམས་དང་། གདུལ་བའི་ཁམས་དང་། གདུལ་བའི་ཐབས་ཀྱི་ཁམས་རྣམ་པ་ཐམས་ཅད་།། དེ་གཉིས་ལ་ཐ་དད ་དུ་བྱ་བ་ནི་དེ་ཡོད་དོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ལགས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ལགས་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ག ་ལགས་པ་དེ་དག་གི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས། འཇམ་དཔལ་གཉིས་སུ་མེད་པའི་མཚན་ཉིད་ཡིན་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མ་ཡིན། མངོན་པར་རྫོགས་པར་བྱང་མ་ཆུབ་པ་ཡང་མ་ཡིན། ས ་xxx ་ཉིད་ཀྱི་ཕྱིར་དང་། སྤྲུལ་པའི་སྐུ་ཀུན་ཏུ་སྟོན་པ་ཉིད་ཀྱི་ཕྱིར་རོ།། བཅོམ་ལྡན་འདས་སྤྲུལ་པའི་སྐུ་ལྔ་ལྟ་བ་དང་ཉན་པ་དང་བསྙེན་བཀུར་བགྱིད་པ་དག་གིས་སེམས་ཅན་རྣམས་བསོད་ནམས་སྐྱེད་པ་དེ་ཅིའི་སླད་དུ་དེ་བཞིན་གཤེགས་པ ་ལས་བྱུང་བར་རིག་པར་བགྱི་ལགས། འཇམ་དཔལ་དེ་བཞིན་གཤེགས་པ་ལ་ལྷག་པར་དམིགས་པའི་བྱ་བ་ཉིད་ཡིན་པའི་ཕྱིར་དང་། སྤྲུལ་པའི་སྐུ་ཡང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ཉིད་ཡིན་པའི་ཕྱིར་རོ།། ་བཅོམ་ལྡན་འདས་མངོན་པར་འདུ་བགྱི་བ་མ་མཆིས་པར་འདྲ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཁོ་ན་ལས་སེན་རྣམ་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་འདི་འབྱུང་ཞིང་སྤྲུལ་པའི་གཟུགས་བརྙན་དཔག་ཏུ་མ་མཆི། ་པ་དག་ཀྱང་འབྱུང་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ལུས་ལས་ནི་མི་འབྱུང་ལགས། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་མངོན་པར་འདུ་བྱེད་པ་མེད་པར་འདྲ་ཡང་འདི་ལྟ་སྟེ་སེམས་ཅན་མཐུ་ཆེན་པོའི་བྱིན ་རླབས་ཉིད་དང་། སེམས་ཅན་གྱི་ལས་ཀྱི་དབང་ཉིད་ཀྱི་ཕྱིར་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་ཆུ་ཤེལ་དང་མེ་ཤེལ་ཁོ་ན་ལས་སེམས་ཅན་རྣམས་ལ་སྣང་པོ་ཆེན་པོ་འབྱུང་ལ་དེ་ལས་གཞན་གྱི་ཆུ་ཤེལ་དང་མེ་ཤེལ་དག ་ལས་ནི་མི་འབྱུང་བ་དང་། ནོར་བུ་རིན་པོ་ཆེ་རིགས་དང་ལྡན་པ་ལས་ལེགས་པར་བྱི་དོར་བྱས་པ་ལས་རྒྱའི་གཟུགས་བརྙན་འབྱུང་ལ། དེ་ལས་གཞན་པ་བྱི་དོར་མ་བྱས་པ་དག་ལས་ནི་མི་འབྱུང་བ་དེ་བཞིན་དུ། དེ་བཞིན་གཤེགས ་པའི་ཆོས་ཀྱི་སྐུ་ཡང་ཆོས་ཀྱི་དབྱིངས་དཔག་ཏུ་མེད་པ་ལ་དམིགས་པའི་ཐབས་དང་ཤེས་རབ་བསྒོམས་པས་ཤིན་ཏུ་སྦྱང་བ་བྱས་པ་ལས་ཡང་དག་པར་གྲུབ་པ་ཡིན་པའི་ཕྱིར། དེ་ལས་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི ་སྣང་བ་ཆེན་པོ་དང་། སྤྲུལ་པའི་གཟུགས་བརྙན་དཔག་ཏུ་མེད་པ་དག་འབྱུང་གི། རྣམ་པར་གྲོལ་བའི་ལུས་འབའ་ཞིག་དག་ལས་ནི་མི་འབྱུང་ངོ་།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་བྱིན ་གྱིས་བརླབས་ཀྱི་མཐུས། འདོད་ཁམས་ཀྱི་མི་ལུས་ཕུན་སུམ་ཚོགས་པ་རྒྱལ་རིགས་དང་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཟུགས ་མ་མཆིས་པ་ན་སྤྱོད་པའི་ལྷའི་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་གདའོ་ཞེས་བགྱི་བ་དེ་ལ་བཅོམ་ལྡན་འདས་དགོངས་པ་གང་ལགས། འཇམ་དཔལ་འདི་ལ་དེ་བཞིན་གཤེགས་པ་རྣམས་ནི་དེ་བཞིན་གཤེགས ་པ་བྱིན་གྱིས་བརླབས་ནས་ལམ་གང་དང་བསྒྲུབ་པ་གང་གིས་ཐམས་ཅད་དུ་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བའི་ལམ་དེ་ཡང་བསྒྲུབ་པ་དེ་ཇི་ལྟ་བ་བཞིན་དུ་སྟོན་ཏེ། གང་དགུ་ལམ་དེ་དང་བསྒྲུབ་པ་དེ་སྒྲུབ་པར ་བྱེད་པ་དེ་དག་ནི་ཐམས་ཅད་དུ་ལུས་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་ལ། གང་དག་ལམ་དེ་དང་བསྒྲུབ་པ་དེ་ཕྱིར་སྤོང་ཞིང་མི་སྙན་པར་བརྗོད་ལ་ང་ལ་ཡང་ཀུན་ནས་མནར་སེམས་ཀྱི་སེམས་དང་ཁོང་ཁྲི་བའི་སེམས་དང ་ན་ཞིང་འཆི་བའི་དུས་བྱེད་པ་དེ་དག་ནི་ཐམས་ཅད་དུ་ལུས་དྲན་པ་ཐམས་ཅད་འཐོབ་པར་འགྱུར་ཏེ། འཇམ་དཔལ་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་ལུས་ཕུན་སུམ་ཚོགས་པ་འབའ་ཤིག་དེ་བཞིན་གཤེགས་པའི་བྱིན་གྱིས ་བརླབས་ཀྱི་མཐུ་ལ་སྣ་འབྱུང་བ་མ་ཡིན་གྱི། ལུས་ངན་པར་སྐྱེ་བ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱི་མཐུ་ལས་འབྱུང་བར་རིག་པར་བྱའོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ཡོངས་སུ་མ་དག་པ་དོག་ན་གང་ནི ་མོད་པ་ལགས། གང་ནི་དཀོན་པ་ལགས། ཡོངས་སུ་དག་པ་དག་ན་གང་ནི་མེད་པ་ལགས། གང་ནི་དཀོན་པ་ལགས། འཇམ་དཔལ་འཇིག་རྟེན་གྱི་ཁམས་ཡོངས་སུ་མི་དག་པ་དག་ན་དངོས་པོ་བརྒྱད་ནི་མོད་ལ། གཉིས་ནི་དཀོན་ཏེ། འདི ་ལྟ་སྟེ། མུ་སྟེགས་ཅན་རྣམས་དང་། སེམས་ཅན་སྡུག་བསྔལ་བ་རྣམས་དང་། རིགས་དང་། རུས་དང་། ཆོ་རིགས་འབྱོར་པ་དང་། རྒུད་པ་ཐ་དད་པ་རྣམས་དང་། ཉེས་པར་སྤྱད་པ་སྤྱོད་པ་རྣམས་དང་། ཚུལ་ཁྲིམས་རུལ་པ་རྣམས་དང་། ངན ་སོང་རྣམས་དང་། ཐེག་པ་དམན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་བསམ་པ་དང་། སྦྱོར་བ་དམན་པ་རྣམས་ནི་མེད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་བསམ་པ་དང་སྦྱོར་བ་མཆོག་དང་ལྡན་པ་རྣམས་ཀྱི་སྤྱོད་པ་དང་། དེ་བཞིན ་གཤེགས་པ་རྣམས་འབྱུང་བ་ནི་དཀོན་པ་ཡིན་ནོ།། འཇམ་དཔལ་འཇིག་རྟེན་གྱི་ཁམས་ཡོངསུ་དག་པ་དག་ན་ནི་དེ་ལས་བཟློག་པས་དངོས་པོ་བརྒྱད་ནི་དཀོན་ལ། གཉིས་ནི་མོད་པར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱ ་ཆུབ་སེམས་དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགོངས་པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས ་ཀྱིས་དེ་ལ་བཀའ་སྩལ་པ། འཇམ་དཔལ་འདི་ནི་དེ་བཞིན་གཤེགས་པའི་བྱེ་བ་བསྒྲུབ་པ་ངེས་པའི་དོན་བསྟན་པ་ཡིན་ཏེ། འདི་དེ་བཞིན་གཤེགས་པའི་བྱ་བ་བསྒྲུབ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུང་ཞིག། དྲི་བཞིན ་གཤེགས་པའི་བྱ་བ་བསྒྲུབ་པ་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ཆོས་ཀྱི་སྐུ་ཡོངསུ་རྫོགས་པ་སོ་སོར་ཡང་དག་པར་རིག་པ་ཐོབ་པར་གྱུར་ཏོ་ཞེས་གསུངས་སོ།། ཡོན ་ཏན་གྱི་ལེའུ་རྣམ་པར་གཏན་ལ་དབབ་པ་རྫོགས་སོ།། །། བམ་པོ་བཞི་བཅུ་གཅིག་པ།། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་ལ་སོགས་པ་དཔག་ཏུ་མེད་པ་ལྟ་ཞེས་གང་གསུངས་པ་དེ་ལ ་ཅི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཚུངས་ཤིང་མཉམ་པ་ཡིན་ནམ། འོན་ཏེ་བྱེ་བྲག་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། བྱེ་བྲག་ཡང་བརྗོད་པར་བྱའོ།། དེ་དག་ཀྱང་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་སྟེ། དེ་ལ ་འཇིག་རྟེན་གྱི་ཁམས་ཡོངས་སུ་དྲུག་པ་དག་ན་ནི་སེམས་ཅན་དམྱལ་བ་རྣམས་ཀྱང་མེད། དུད་འགྲོ་རྣམས་ཀྱང་མིང་། ཡི་དྭགས་རྣམས་ཀྱང་མེད། འདོད་པའི་ཁམས་ཀྱང་མེད། གཟུགས་ཀྱི་ཁམས་ཀྱང་མེད། གཟུགས་མེད་པའི ་ཁམས་ཀྱང་མེད། སྡུག་བསྔལ་གྱི་ཚོར་བ་ཡང་མེད་ལ། དེ་དག་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་འབའ་ཞིག་གནས་པས་ན། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་དག་ཡོང་སུ་དག་པ་ཞེས་བྱ་སྟེ། དེ་དག་ཏུ་བྱང་ཆུབ་སེམས ་དཔའ་ས་གསུམ་པར་ཆུད་པ་རྣམས་སྨོན་ལམ་གྱི་དབང་གིས་སྐྱེའོ།། དེ་དག་ན་སོ་སོའི་སྐྱེ་བོ་འམ། སོ་སོའི་སྐྱེ་བོ་མ་ཡིན་པའི་ཉན་ཐོས་རྣམས་ཀྱི་སྐྱེ་བ་མེད་དོ།། གལ་ཏེ་དེ་དག་ན་སོ་སོའི་སྐྱེ་བོ་བྱང་ཆུབ་སེམས་དཔའ་རྣམས་དང་། ་སོ་སོའི་སྐྱེ་བོ་མ་ཡིན་པའི་ཉན་ཐོས་རྣམས་ཀྱི་སྐྱེ་བ་མེད་ན། བྱང་ཆུབ་སེམས་དཔའ་རྣམས་སྨྲས་པ་ན། བྱང་ཆུབ་སེམས་དཔའ་གང་སུ་དག་དེ་དག་ཏུ་ཡིད་ཀྱིས་སྨོན་པར་བྱེད་པ་དེ་དག་ཐམས་ཅད་ནི་དེ་དག་ཏུ་སྐྱེ་བར་འགྱུར་རོ།། ་ཞེས་ཅིའི་ཕྱིར་སྨྲ་ཞེ་ན། སྨྲས་པ། གདུལ་བྱ་ལཱི་ལོ་དང་ལྡན་པའི་རང་བཞིན་ཅན་དགེ་བའི་རྩ་བ་མ་བསགས་པ་རྣམས་ལ་བསམས་ནས་སྨྲ་བ་ཡིན་ཏེ། འདི་ལྟར་དེ་དག་ཉིད་སྤྲོ་བར་གྱུར་ན་ལེ་ལྷོ་སྤངས་ཏེ་དགེ་བའི་ཆོས་རྣམས་ལ ་བརྩོན་འགྲུས་རྩོམ་པར་བྱེད་ཅིང་། དེས་རོམ་གྱིས་དེ་དག་ཏུ་སྐྱེ་བའི་ཆོས་ཉིད་ཐོབ་པའི་སྐུལ་བ་ཅན་དུ་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་འདི་ལ་བསམ་པ་ནི་དེ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་གནས་པ་བཞི་ལ་བརྟེན་ན ་བྷཱ་བ་བཞི་སྒྲུབ་པར་བྱེད་དོ།། རབ་ཏུ་དག་པཱ་ལ་གནས་པ་དང་། ལྷག་པའི་ཚུལ་ཁྲིམས་ཀྱི་གནས་པ་དང་། ལྷག་པའི་སེམས་ཀྱི་གནས་པ་དང་། ལྷག་པའི་ཤེས་རབ་ཀྱི་གནས་པའོ།། རབ་ཏུ་དག་པ་ལ་གནས་པ་གང་ཞེ་ན། བྱང་ཆུབ ་སེམས་དཔའ་གང་ལོ་གནས་ན་ལྷག་པའི་བསམ་པ་དག་པའི་སར་ཆུང་བས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་དཀོན་མཆོག་གསུམ་པོ་དག་ལྔ་གཞན་གྱི་དྲིང་མི་འཛེག་པའི་བསམ་པ་དང་ལྡན་པ་ཡིན་ནོ།། ལྷག་པའི་ཚུལ ་ཁྲིམས་ལ་གནས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་ལ་གནས་པ་དེ་ཉིད་ལ་བརྟེན་ནུས་གང་ལ་གནས་ན་གོང་དུ་རང་བཞིན་གྱི་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་སེར་སྣའི་དྲི་མ་དང་བྲལ་ཞིང་ཚུལ་ཁྲིམས ་དང་གཏོང་བ་ཕུན་སུམ་ཚོགས་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་སྔོ་བར་བྱེད་དོ།། ལྷག་པའི་སེམས་ལ་གནས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་དེ་ཉིད་ལ། ་བརྟེན་ནས་གང་ལ་གནས་ན་གང་དུ་རང་བཞིན་གྱི་བསམ་གཏན་ལ་བརྟེན་ནས། འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བར་འགྱུར་བ་དང་བསམ་གཏན་དང་སྙོམས་པར་འཇུག་པ་རྣམསྣ་འཐོབ་པ་དང་བྱམས་པ་དང ་སྙིང་རྗེའི་གནས་པ་དང་ལྡན་པས་སེམས་ཅན་རྣམས་ལ་ཅི་ནུས་ཅི་ལྕོགས་ཀྱིས་དེ་བཞིན་དུ་སྒྲུབ་པར་བྱེད་པ་ཡིན་ནོ།། ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལྷག་པའི་སེམས་ལ་གནས་པ་དེ་ཉིད ་བ་སྨྲནས་གང་ལ་གནས་ན་གོང་དུ་བྱུང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལསཁྱས་བྷྲཱུཾ་དང་བདོན་པ་ལཱ་མཁས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་ཊ་ལུ་མ་ཁ་པ་ད་ཙུན་པོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་སྟེ ་ཡིན་པའི་ཆོས་རྣམ་པར་གཞག་པོའི་ཤེས་པ་ལ་མཁས་པ་དང་། དེ་དག་ཉིད་དང་ཐུན་མོང་བའི་རྟོགས་པའི་ཤེས་པས་ངེས་པར་འབྱུང་བ་ལ་མཁས་པ་སྟེ་དེ་ལ་ཐུན་མོང་མ་ཡིན་པའི་ཆོས་རྣམ་པར་གཞག་པའི་ཤེས་པ་ནི་འདི ་ཡིན་ཏེ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དགོངས་པའི་ཚིག་ཤེས་པ་དང་རྣམ་པར་མ་གཞག་པའི་བདེན་པ་ཤེས་པ་དང་། རྣམ་པར་གཞག་པའི་བདེན་པ་ཤེས་པའོ།། དེ་ལ་ཐུན་མོང་བའི་ཤེས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་བརྩམས་ནས་རྟོགས་པའི་ཤེས་པའོ།། གནས་པ་བཞི་པོ་དེ་དག་ལ་བརྟེན་ནས་བྱ་བ་བཞི་སྒྲུབ་པར་བྱེད་དེ། གནས་པ་དང་པོ་ལ་བརྟེན་ནས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བྱང་ཆུབ་ཀྱི ་སེམས་གཏོང་བར་མི་བྱེད་དོ།། གནས་པ་གཉིས་པ་ལ་བརྟེན་ནས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཕྱི་མ་ལ་ལུས་འཕེལ་བ་དང་ལོངས་སྤྱོད་འཕེལ་བ་དང་དགེ་བའི་ཕྱོགས་འཕེལ་བས་རྣམ་པར་འཕེལ་བར་བྱེད་དོ།། གནས ་པ་གསུམ་པ་ལ་བརྟེན་ནས་ནི་བསམ་གཏན་རྣམས་རྣམ་པར་བསྒྱུར་ནས་སྨོན་ལམ་གྱི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་འདོད་པའི་ཁམས་སྐྱེ་ཞིང་། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པ་མེད ་པར་བྱེད་དོ།། གནས་པ་བཞི་པ་ལ་བརྟེན་ནས་ནི་ཆོས་རྣམ་པར་གཞག་པ་ཐམས་ཅད་ལ་རྟོགས་པ་ལ་མཁས་པས་སེམས་ཅན་གྱི་ཆེད་དུ་འཁོར་བ་ཁས་ལེན་པར་བྱེད་པ་དང་། དེ་ཁས་བླངས་པའི་རྒྱུས་ཚེགས་ཆེན་པོ་ཡང་དག ་པར་བསགས་པ་དང་། གནས་པ་དེ་ཉིད་ཡོངས་སུ་དག་པའི་རྒྱུས་གནས་པ་གཞན་ལ་མི་ལྟོས་པ་དང་། གཞན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་ལ་མི་བརྟེན་པར་མྱུར་བ་ཁོ་ནར་དེ་བཞིན་གཤེགས་པའི་ཡེ་ཤེས་འཐོབ ་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་རྣམས་སྡུག་བསྔལ་གང་དང་ལྡན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། སེམས་ཅན་ལ་གནོད་པའི་སྡུག་བསྔལ་རྣམས་དང་ངོ་།། བྱང་ཆུབ་སེམས་དཔའ་རྣམས་བདེ་བ་གང་དང་ལྡན་པར་བརྗོད ་པར་བྱ་ཞེ་ན། སྨྲས་པ། སེམས་ཅན་ལ་ཕན་པའི་བདེ་བ་རྣམས་དང་ངོ་།། བྱང་ཆུབ་སེམས་དཔའ་རྣམས་ཡིད་ལ་བྱེད་པ་གང་དང་ལྡན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཤེས་བྱའི་མཐར་འཇུག་པ་དང་སེམས་ཅན་གྱི་དོན་བྱ་བའི ་ཡིད་ལ་བྱེད་པ་རྣམས་དང་ངོ་།། བྱང་ཆུབ་སེམས་དཔའ་རྣམས་གནས་པ་གང་དང་ལྡན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྣམ་པར་མི་རྟོག་པའི་གནས་པ་རྣམས་དང་ངོ་དོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ ་པ་ཆེན་པོ་ནི་བཞི་པོ་འདི་དག་ཡིན་ཏེ། དེ་དག་རྣམ་པར་མ་སྦྱངས་ན་བྱང་ཆུབ་སེམས་དཔའ་སར་འཇུག་པ་དང་། ས་གནོན་པའི་སྐལ་བ་མེད་པ་ཡིན་ནོ།། བཞི་གང་ཞེ་ན། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་འདུལ་བ་ལ་ཉོན ་མོངས་པ་ཅན་གྱི་ལྟུང་བ་དང་། ཐེག་པ་ཆེན་པོ་དང་ལྡན་པའི་ཆོས་སྤོང་ཞིང་སྐུར་པ་འདེབས་པ་དང་། དགེ་བའི་རྩ་བ་མ་བསགས་པ་དང་ཟང་ཟིང་དང་བཅས་པའི་སེམས་དང་ལྡན་པའོ།། སྒྲིབ་པ་བཞི་པོ་དག་གི་གཉེན་པོར་སྒྲིབ ་པ་རྣམ་པར་སྦྱོང་བར་བྱེད་པའི་ཆོས་རྣམ་པ་བཞིར་རིག་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ཉེས་པ་བཤགས་པར་བྱ་བ་དང་། ཕྱོགས་བཅུའི་སེམས་ཅན ་ཐམས་ཅད་ཀྱི་དོན་དུ་ཆོས་བཤད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་བ་དང་། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱ་བ་དང་། དགེ ་བའི་རྩ་བ་བྱས་པ་དང་མ་བྱས་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ།། བྱང་ཆུབ་སེམས་དཔའ་སར་ཆུད་པ་རྣམས་ཀྱིས་ཀྱང་ཡོངས་སུ་ཤེས་པར་དཀའ་ཞིང་སྤང་བར་དཀའ་བའི་ཉེ ་བབའི་ཉོན་མོངས་པ་ཕྲ་མ་ན་བཞི་པོ་འདི་དག་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཡོངས་སུ་ཤེས་པར་བྱས་ཤིང་ཡོངས་སུ་ཤེས་པར་བྱས་ནས་སྤང་བར་བྱའོ།། བ་ནི་གང་ཞེ་ན། འདི་ལྟ་སྟེ། སྨོས་ལ་སྲེད་པ་དང་། ཉན་ཐོས་པ་རང ་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དང་། སྙོམས་བྱར་འཇུག་པའི་རོ་མྱང་བ་དང་། བདུད་ཀྱི་ལྷས་སོ།། དེ་ལ་བདུད་ཀྱི་ལས་ནི་མཚན་མ་ལ་སེམས་རྣམ་པར་འཕྲོ་བ་གང་ཅི་ཡང་རུང་བ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས ་དཔའ་ས་དང་པོར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨོས་པ། སོ་སོའི་སྐྱེ་བོའི་ས་ཐམས་ཅད་ལས་རྣམ་པར་འདས་པ་དང་། བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་དང་དེར་ཞུགས ་པའི་ཕྱིར་སོ་སོའི་སྐྱེ་བོ་མ་ཡིན་པ་དང་། འཇིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པོ་དང་། བླ་ན་མེད་པའི་ཆོས་མ་འདྲེས་པ་ཐོབ་པའི་ཕྱིར་རྟག་ཏུ་རབ་ཏུ་དགའ་བར་གནས་པ་ཡིན་པར་བརྗོད་པར་བྱའོ།། བྱང་ཆུབ་སེམས ་དཔའ་ས་གཉིས་པར་ཆུད་པཱ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། འདུལ་བ་ལ་ཆོས་ཉིད་ཀྱིས་ཐོབ་པ་ཁོ་ནས་ཉན་ཐོས་ཀྱི་བསླབ་པ་བྲག་ཡངས་སུ་བྱས་ཏེ། རང་བཞིན་གྱིས་ལུས་དང་རག་དང་ཡིད་ཀྱི་ཀུན་ཏུ ་སྤྱོད་པ་ཡོངས་སུ་དག་པའི་ཕྱིར་ཚུལ་ཁྲིམས་འཆལ་པའི་དྲི་མ་དང་བྲལ་བ་ཡིན་པར་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔའ་ས་གསུམ་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ནང་གི་ཞི་གནས ་ཀྱི་ལམ་སྟོབས་དང་ལྡན་པར་ཐོབ་པས་ཤེས་བྱ་སྣང་བ་ཐོབ་པ་ཡིན་པར་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔའ་ས་བཞི་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ནང་གི་ལྷག ་མཐོང་གི་ལམ་སྟོབས་དང་ལྡན་པ་ཐོབ་པས་ཉོན་མོངས་པ་སྲེག་པར་བྱེད་པ་ཡེ་ཤེས་ཀྱི་འོད་འཕྲོ་བ་ལ་རབ་ཏུ་གནས་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཇི་ལྟར་རྟོགས་པ་ཉིད་རྣམ་པར་འཇོག་པ་ལ་མཁས་པ ་ཡིན་པར་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔའ་ས་ལྔ་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། འཇིག་རྟེན་པའི་ཤེས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་དང་ཉན་ཐོས་དང་རང་སངས ་རྒྱས་ཀྱི་ཤེས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་བདེན་པ་བསམ་གྱིས་མི་ཁྱབ་པ་ལ་རྗེས་སུ་ཞུགས་པས་ཤིན་ཏུ་སྦྱང་པར་དཀའ་བའི་ལམ་ལ་ཡང་དག་པར་ཞུགས་པ་ཡིན་པར་བརྗོད་པར་བྱའོ།། བྱང་ཆུབ་སེམས ་དཔའ་ས་དྲུག་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་ཚུལ་ལ་ཞུགས་པའི་ཕྱིར་འདུ་བྱེད་ཐམས་ཅད་ལྔ་མི་མཐུན་པའི་འདུ་ཤེས་ལ་གནས་པ་དང་མཚན་མ ་མེད་པའི་དབྱིངས་ཉིད་ཡིན་ལ། བྱ་བ་མངོན་དུ་བྱ་བ་དེ་ལ་མང་དུ་གནས་པ་ཡིན་པར་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔའ་ས་བདུན་པར་ཆུད་པར་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མངོན་པར་འདུ་བྱེད ་བ་དང་བཅས་པས་རྟག་ཏུ་མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པས་ཤིན་ཏུ་རྙིང་དུ་རྗེས་སུ་ཞུགས་པ་དང་། སྦྱོར་བའི་ལམ་གྱི་མཐར་ཐུག་པ་ཡིན་པར་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔའ་ས་བརྒྱད་པར་ཆུད་པ་ཇི་ལ ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མངོན་པར་འདུ་བྱེད་པ་མེད་ཅིང་རྩོལ་བ་མེད་པས་མཚན་མོ་མེད་པའི་དབྱིངས་ཡིད་ལ་བྱེད་པ་ཇི་ལྟར་འདོད་པ་བཞིན་ཐོབ་པས་མི་གཡོ་བ་དང་མཚན་མ་ཐམས་ཅད་ལ་དབང ་ཐོབ་པ་དང་དག་པའི་ས་ལ་གནས་པ་ཡིན་པར་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔའ་ས་དགུ་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས ་རྣམས་ལ་དབང་ཐོབ་པའི་ཕྱིར། བློ་གྲོས་ཁ་ན་མ་ཐོ་བ་མེད་པ། ཚད་མེད་པ་རྒྱ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀུན་ཏུ་མགུ་བར་བྱ་བའི་ཕྱིར་སོ་སོ་ཡང་དག་པར་རིག་པ་ཆེན་པོ་ཐོབ་པ་དང་། ཆོས་སྨྲ་བ་ཆེན་པོ་ཡིན ་པར་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔའ་ས་བཅུ་པར་ཆུད་པ་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་ཆེན་པོ་ཐོབ་པའི་ཕྱིར་སྤྲིན་ཆེན་པོ་ལྟ་བུའི་ཆོས་ཀྱི་སྐུ ་ཐོབ་པ་དང་། མངོན་པར་ཤེས་པ་ཆེན་པོ་ཐོབ་པ་དང་། དེ་བཞིན་གཤེགས་པ་ཡིན་པར་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སར་ཆུད་པར་ཇི་ལྟ་བུར་གྱུར་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ ་ཆོས་ཀྱི་སྐུ་ཐོབ་པ་དེ་ཉིད་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དང་ཡོངས་སུ་གྲུབ་པ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་དང་མཐོང་བ་རྣམ་པར ་དག་པ་ཡིན་པར་བརྗོད་པར་བྱའོ།། ས་དེ་དག་གི་ཡང་དག་པར་རྩོམ་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་གང་གི་ཚེ་འདི་ལྟ་སྟེ། ས་བཅུ་ལས་བརྩམས་ནས་མོས་པས་སྤྱོད་པའི་ས་ལ་ཆོས་སྤྱོད་པ་བཅུ་ལ ་ཞུགས་པ་ཡིན་ནོ།། ས་དེ་དག་གི་འཐོབ་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་གང་གི་ཚེ་བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་ཀྱི་སྐྱོན་མེད་པ་ལ་འཇུག་ཅིང་། བསམ་པ་རྣམ་པར་དག་པ་ཡང་འཐོབ་པ་དེའི་ཚེ་ནས ་ཐམས་ཅད་ཅིག་ཆར་འཐོབ་པ་ཡིན་ནོ།། ས་དེ་དག་གི་རྒྱུ་འཐུན་པ་གང་ཡིན་ཞེ་ན། སྨྲས་པ། ཐོབ་པའི་འོག་ཏུ་ས་ཐམས་ཅད་ལ་མཐུའི་ལམ་སྦྱོར་བ་ལས་བྱུང་བ་གང་ཡིན་པའོ།། ས་དེ་དག་གི་ཡོངས་སུ་འགྲུབ་པ་ཇི་ལྟ་བུ་ཡིན་ཞེ ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ས་གང་གི་ཚེ་ས་རེ་རེ་ལ་ཡང་བསྐལ་པ་འབུམ་ཕྲག་དུ་མ་དག་གིས་སྡེ་དེ་དག་ཏུ་མཐུ་དེ་ཅི་འདོད་པ་བཞིན་འཐོབ་པ་ཡིན་ནོ།། སྐྱོན་མེད་པ་ལ་ཞུགས་པ་ལྔ་ཞེས་གང་གསུངས་པ་དེ་ལ་ཉན ་ཐོས་ཀྱི་སྐྱོན་མེད་པར་ཞུགས་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་གང་ཡིན་པ་དེ་ལ་ཆོས་ཀྱི་དབྱིངས་རྟོགས་པར་འདྲ་ན། དེ་དག་ལོ་བ་དང་དུ་བྱ་བ་ཅི་ཡོད་པར་བལྟ་བར་བྱ་ཞེ་ན། སྨྲས་པ། ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། བྱེ་བྲག་གི་མཚན་ཉིད་དང་། རང་གི་མཚན་ཉིད་དོ།། དེ་ལ་བྱེ་བྲག་གི་མཚན་ཉིད་ནི་དེ་ལ་རྟག་པའི་མཚན་ཉིད་དང་། ཞི་བའི་མཚན་ཉིད་གང་ཡིན་པའོ།། དེ་ལྟ ་རྟག་པའི་མཚན་ཉིད་ནི་དེ་ལ་གཟོད་མ་ནས་སྐྱེ་བ་མེད་པའི་ཆོས་ཉིད་དང་མི་ཟད་པའི་ཆོས་ཉིད་གང་ཡིན་པའོ།། དེ་ལ་ཞི་བའི་མཚན་ཉིད་ནི་ཉོན་མོངས་པ་དང་། སྡུག་བསྔལ་དང་བྲལ་བའི་ཆོས་ཉིད་གང་ཡིན་པའོ།། དེ་ལ་རང་གི ་མཚན་ཉིད་ནི་རྒྱུ་མཚན་དང་མིང་དང་རྣམ་པར་རྟོག་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་ཤེས་པས་བསྡུས་པའི་ཆོས་ཐམས་ཅད་ལ་ཀུན་བཏགས་པའི་ངོ་བོ་ཉིད་ཀྱི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པ་ཆོས་ལ་བདག་མེད་པ་གང ་ཡིན་པའོ།། དེ་ལ་ཉན་ཐོས་ནི་བྱེ་བྲག་གི་མཚན་ཉིད་ཀྱིས་ཆོས་ཀྱི་དབྱིངས་རྟོགས་ནས་ཡང་དག་པ་ཉིད་ཀྱི་སྐྱོན་མེད་པ་ལ་འཇུག་པར་བྱེད་ཀྱི། རང་གི་མཚན་ཉིད་ཀྱིས་ནི་མ་ཡིན་ནོ།། དེ་རྟོགས་པའི་ཕྱིར་མི་འཆི་བའི་འདུ་ཤེས ་དང་། བདེ་བའི་འདུ་ཤེས་ཀྱིས་ཆོས་ཀྱི་དབྱིངས་ལ་ཞི་བའི་འདུ་ཤོས་དང་འདུ་བྱེད་ཐམས་ཅད་ལ་མི་མཐུན་པའི་འདུ་ཤེས་གཅིག་ཏུ་ངེས་པ་འཐོབ་ཀྱི། རྒྱུ་མཚན་ལ་སོགས་པས་བསྡུས་པའི་ཆོས་དེ་དག་གི་ངོ་བོ་ཉིད ་ཡོངས་སུ་མ་གྲུབ་པ། ཆོས་ལ་བདག་མེད་པ་གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ། ཆོས་ཀྱི་དབྱིངས་ལ་ཞུགས་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་བྱེ་བྲག་ལ་དམིགས་པའི་ཡིད་ལ་བྱེད་པས་སེམས ་ཀྱི་སྤྱོད་པ་མཚན་མ་མེད་པ་ཁོ་ན་ཡིན་གྱི། རང་གི་མཚན་ཉིད་ལ་དམིགས་པས་ནི་མ་ཡིན་ནོ།། གཞན་ལས་ཆོས་ཀྱི་དབྱིངས་ཀྱི་རང་གི་མཚན་ཉིད་བསྟན་པ་ཐོས་ན་ཡང་དེ་ལས་ཉན་ཐོས་ལ་ལ་བྱང་ཆུབ་ཏུ་ཡོངས ་སུ་འགྱུར་བ་གང་ཡིན་པ་དེ་ནི་ཚེགས་ཆེན་པོས་འཇུག་ཅིང་ངེས་སྦྱོར་བར་ཡང་བྱེད་དོ།། དེ་ལས་ཞི་བའི་བགྲོད་པ་གཅིག་པ་གང་ཡིན་པ་དེ་ནི་ཚེགས་ཆེན་པོས་འདུག་ཅིང་དེས་སྦྱོར་ནི་མི་བྱེད་དོ།། བྱང་ཆུབ་སེམས་དཔའ་ནི་མཚན་ཉིད་དེ ་གཉི་གས་ཆོས་ཀྱི་དབྱིངས་རྟོགས་ནས་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་ཅིང་སྐྱོན་མེད་པ་ལ་ཞུགས་ནས་ཡང་ཆོས་ཀྱི་དབྱིངས་ཀྱི་རང་གི་མཚན་ཉིད་ལ་དམིགས་པའི་ཡོད་ལ་བྱེད་པས་དེ་ལ་མང་དུ་གནས་པ་ཡིན་ནོ།། དེ་ཅིའི་ཕྱིར ་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་བྱེ་བྲག་གི་མཚན་ཉིད་ལ་དམིགས་པའི་ཡིད་ལ་བྱེད་པ་མང་དུ་བྱེད་ན་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་དེ་ལ་ལན་མང་དུ་གནས་པ་ནི་བླ་ན་མེད་པ་ཡང་དགོ། ་པར་རྫོགས་པའི་བྱང་ཆུབ་ཀྱི་ཐབས་མ་ཡིན་ཏེ། ཆོས་ཀྱི་དབྱིངས་རྟོགས་པར་འདྲ་ཡང་དེ་དག་གི་ཐ་དད་དུ་བྱ་བ་ནི་དེ་ཡིན་པར་རིག་པར་བྱའོ།། དུས་གསུམ་གྱི་དཀྱིལ་འཁོར་ཡོངསུ་དག་པ་ཞེས་གང་གསུངས་པ་དེ་ལ་དུས་གསུམ་གྱི ་དཀྱིལ་འཁོར་ཡོངས་སུ་དག་པ་གང་ཞེ་ན། སྨྲས་པ། ཀུན་བཏགས་པའི་ངོ་བོ་ཉིད་ཀྱིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་མཚུངས་ཤིང་མཉམ་པར་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ལ་མི་ལྟ་བ་དང་། མངོན་པའི་དགའ་བ་མེད་པ་དང་ལྷག་པར་ཆགས་པ་མེད་པ་གང་ཡིན་པ་དེ་ནི་དུས་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཞེས་བྱའོ།། སངས་རྒྱས་ཀྱི ་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ཞེས་གང་གསུངས་ན། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་བསྟན་པ་གང་དག་ཡིན་པ་དེ་དག་གི་རྣམ་པར་གཞག་པ་ནི་ཇི་ལྟ་བུ་ཡིན། དུ་དག་གིས་ནི ་བསྡུས་ཤེ་ན། སྨྲས་པ། འདི་ལྟ་སྟེ་དགེ་སློང་དགྲ་བཅོམ་པ། ཟག་པ་ཟད་པ། གློང་དུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་ལན་འགའ་གླང་པོ་ཆེ་གཏུམ་པ་དང་ལྷན་ཅིག་འགྲོ་བ་དང་གླང་པོ་ཆེ་གཏུམ་པོ་དང་ཇི་ལྟ་བ་བཞིན་དུ་རྟ་རྨུ་རྒྱུད་དང་། གནག ་རྡུང་དྲུས་མཱ་དང་། ཁྱི་ཟ་བ་དང་ལྷན་ཅིག་འགྲོ་བ་དང་། ཚེར་ཐགས་སྟུག་པོའི་སྟེང་དུ་བརྫི་བཾ་དང་། རྐང་པ་གཉིས་ཀྱིས་སྦྲུལ་ཤིན་ཏུ་སྒྲ་འབྱིན་པ་བརྫི་བ་དང་། དེ་གང་དུ་བུད་མེད་ཀྱིས་མི་རིགས་པས་སྐྱེད་པས་མགྲིན་དུ་གཉེར་བ ་དེ་ལྟ་བུའི་ཁྱིམ་དུ་འདུག་པ་དང་དགོན་པར་ལམ་བོར་ཏེ་ལམ་ངན་པར་འགྲོ་བ་དང་ཚིམ་རྐུན་པ་རྣམས་དང་། མི་རྒོད་རྣམས་དང་ལྷན་ཅིག་འགྲོ་བ་དང་སེང་གེ་རྣམས་དང་སྟག་རྣམས་དང་གཟིག་རྣམས་དང་ལྷན་ཅིག་འགྲོ་བ་དང ་དེ་ལྟར་དགྲ་བཅོམ་པའི་འཁྲུལ་པ་དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་ལན་འགའ་ནགས་ཁྲོད་ཆེན་པོར་འཁྱམས་ཤིང་ལམ ་སྟོར་ནས་ཁྱིམ་སྟོང་པར་ཞུགས་ཏེ་དགྲ་འབྱིན་པར་བྱེད། ཀུ་ཅོ་འདོན་པར་བྱེད། ཅ་ཅོ་ཆེན་པོ་འབྱིན་པར་བྱེད་པ་དང་། བག་ཆགས་ཀྱི་ཉེས་པ་ལས་བརྟེན་ཏེ། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་རྟ་གད་ཆེན་པོས ་རྒོད་ཅིང་སོ་སྟོན་པ་དང་། ཕྱིས་ལོང་སྟོན་པར་བྱེད་པ་དང་དགྲ་བཅོམ་པའི་ཙཱ་ཅོ་དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་ལ་ལན ་འགའ་རྗེད་ངེས་པས་བདག་ཉིད་ཀྱི་བྱ་བ་མ་ཡིན་པ་བྱེད་པ་གང་ཡིན་པ་དེ་བཞིན་གཤེགས་པ་ལ་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་གཅིག་ཏུ་ཕུང་པོ་ལ་མི་མཐུན་པར་འདུ་ཤེས་ལ། འགོག་པ་མྱ་ངན་ལས་འདས ་པ་ལ་ཞི་བར་འདུ་ཤེས་པ་གང་ཡིན་པའི་ཕུང་པོ་དང་མྱ་ངན་ལས་འདས་པ་ལ་ཐ་དད་པར་འདུ་ཤེས་པ་དེས། དེ་བཞིན་གཤེགས་པ་བཏང་སྙོམས་དམ་པ་ལ་ཞུགས་པའི་ཕྱིར་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་ནི ་སྙོམས་པར་ཞུགས་ན་མཉམ་པར་བཞག་པ་ཡིན་ལྔ་ལངས་ན་མཉམ་པར་མ་བཞག་པ་ཡིན་གྱི། དེ་བཞིན་གཤེགས་པ་ལ་ནི་གནས་སྐབས་ཐམས་ཅད་དུ་སེམས་མཉམ་པར་མ་བཞག་པ་མེད་པ་དང་། གཞན་ཡང་དགྲ ་བཅོམ་པ་ནི་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་བྱ་བ་བཏང་སྙོམས་སུ་འཇོག་གི། དེ་བཞིན་གཤེགས་པ་ལ་ནི་དེ་ལྟ་བུ་དང་འཐུན་པའི་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། གཞན་ཡང་དགྲ་བཅོམ ་པ་ལ་ནོ་ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱངས་པ་ལས་བརྩམས་ནས། མ་ཐོབ་པའི་ཡོངས་སུ་ཉམས་པས་འདུན་པ་ལས་ཡོངས་སུ་ཉམས་པར་འགྱུར། བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ཡོད་ཀྱི། དེ་བཞིན་གཤེགས་པ་ལ་ནི་ཡོངས་སུ་ཉམས་པ་རྣམ་པ་བདུན་པོ་དེ་དག་མེད་པ་དང་། གཞན་ཡང་དགྲ་བཅོམ་པ་ནི་ལན་འགལ ་ནི་ལུས་ཀྱི་ལས་དགེ་བ་ལ་ཡང་འཇུག། ལན་འགའ་ནི་ལུང་དུ་མ་བསྟན་པ་ལ་ཡང་འཇུག་སྟེ། ལུས་ཀྱི་ལས་ཇི་ལྟ་བ་དེ་བཞིན་དུ་ངག་གི་ལས་དྲང་ཡིད་ཀྱི་ལས་ལ་ཡང་དེ་བཞིན་པ་ཡིན་གྱི། དེ་བཞིན་གཤེགས་པའི་ཕྲིན་ལས་དེ ་གསུམ་ནི་ཡེ་ཤེས་སྔོན་དུ་འགྲོ་བའི་ཕྱིར་དང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ལུང་དུ་མ་བསྟན་པ་མེད་དེ། དེ་ལ་ཡེ་ཤེས་ཀྱིས་ཀུན་ནས་བསླང་བ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་སྔོན་དུ ་འགྲོ་བ་ཉིད་ཡིན་ནོ།། ཡེ་ཤེས་དང་ལྷན་ཅིག་རྒྱུ་བ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ།། གཞན་ཡང་དགྲ་བཅོམ་པས་ནི་དུས་གསུམ་གྱི་ཤེས་བྱའི་དངོས་པོ་ལ་བརྩལ་བ་ཙམ་གྱིས་མི་རྟོགས་པས་དེའི་ཕྱིར ་དེའི་ཡེ་ཤེས་དང་མཐོང་བ་ཆགས་པ་མེད་པ་ཡང་མ་ཡིན་ལ། ཐམས་ཅད་ཀྱང་མི་རྟོགས་པས་དེའི་ཕྱིར་ཡེ་ཤེས་དང་མཐོང་བ་ཐོགས་པ་མེད་པ་ཡང་མ་ཡིན་གྱི་དེ་བཞིན་གཤེགས་པས་ནི་དུས་གསུམ་གྱི་ཤེས་བྱའི་དངོས ་པོ་ལ་བརྩལ་བ་ཙམ་གྱིས་ཐམས་ཅད་རྟོགས་པས་དེའི་ཕྱིར་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ།། དེ་ལ་དང་པོ་བཞི་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས ་ལེགས་པར་བཅོམ་པས་བསྡུས་སོ།། གཅིག་ནི་ཐུགས་རྗེ་ཆེན་པོས་བསྔོས་སོ།། ལྷག་མ་རྣམས་ནི་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པོས་བསྡུས་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་དཔེ་བྱུང ་བཟང་པོ་གང་དག་ཡོངས་སུ་བསྟན་པ་དེ་དག་ནི་གདུལ་བྱ་དང་བསྐྱེད་པ་ལས་བལྟོས་ཏེ་ཡོངས་སུ་བསྟན་པ་ཡིན་གྱི། མཚན་ཉིད་རྣམ་པར་གཞག་པ་ནི་མ་ཡིན་ནོ།། མཚན་ཉིད་རྣམ་པར་གཞག་པ་ནི་རབ་ཏུ་གནས་པའི ་ལེའུར་ཇི་སྐད་ཡོངས་སུ་བསྟན་པ་ཡིན་ཏེ། དཔེ་བྱད་བཟང་པོ་དེ་དག་ལས་དཔེ་བྱད་བཟང་པོ་དེ་དག་ཕྱུང་བར་རིག་པར་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའི་ལོག་པར་སྒྲུབ་པ་ཡང་རིག་པར་བྱ་ཡང་དག་པའི་སྒྲུབ་པ ་ཡང་རིག་པར་བྱ། ཡང་དག་པའི་སྒྲུབ་པའི་ཕན་ཡོན་ཡང་རིག་པར་བྱ། ཡང་དག་པར་སྒྲུབ་པ་ལ་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའི་ཆོས་སྤྱོད་པ་དང་། སྙོམས་པར་སྤྱོད་པ་དང་། དགེ་བོ་སྤྱོད་པ་དང་ཆོས་ལ་གནས ་པའི་རྣམ་པར་ཡང་རིག་པར་བྱ། བྱང་ཆུབ་སེམས་དཔའ་ལ་དད་པ་སྐྱིད་པའི་དཔེ་དག་ཀྱང་རིག་པར་བྱ། ཡང་དག་པའི་སྒྲུབ་པ་ལ་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ཡང་རིག་པར་བྱ། ཉན་ཐོས་ཀྱི ་བསླབ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་ཁྱད་པར་ཡང་རིག་པར་བྱ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ལེགས་པར་བསླབས་པའི་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ཤེས་པ་དག་གིས་གཞན ་དོན་བྱ་བ་ཡང་རིག་པར་བྱ། བྱང་ཆུབ་སེམས་དཔའི་གོངདམས་ངག་འདི་ལ་ཉན་ཐོས་ཀྱི་བསླབ་པ་ཡང་རིག་པར་བྱ། ལེགས་པར་མ་བསླབས་པའི་དགེ་སྦྱོང་ཡང་རིག་པར་བྱ། ལེགས་པར་བསླབས་པའི་དགེ་སྦྱོང་ཡང་རིག ་པར་བྱ། བརྡར་བཏགས་པའི་སྡོམ་པ་ལ་གནས་པ་ཡང་རིག་པར་བྱ། དོན་དམ་པའི་སྡོམ་པ་ལ་གནས་པ་ཡང་རིག་པར་བྱ། དེ་བཞིན་གཤེགས་པའི་གདུལ་བའི་ཐབས་ཀྱང་རིག་པར་བྱ། དགོངས་ཏེ་གསུངས་པ་ཡང ་རིག་པར་བྱ། བྱང་ཆུབ་སེམས་དེ་པའི་སྡེ་སྣོད་ཀྱི་གདམས་ངག་ལ་མོས་པའི་ཕན་ཡོན་ཡང་རིག་པར་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གདམས་ངག་མདོར་བསྟན་པ་ཡིན་ནོ།། དེ་ལ་ལྡོག་པར་སྒྲུབ་པ་གང་ཞེ་ན། ་དེ་ནི་མདོར་བསྡུ་ན་གོང་ནས་གོང་དུ་མངོན་པར་སྒྲུབ་པ་ལས་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པར་འགྱུར་བའི་ལོག་པར་སྒྲུབ་པ་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཉམས་པའི་དྲན ་པ་བརྗེད་པར་འགྱུར་པའི་ལོག་པར་སྒྲུབ་པ་དང་། དྲན་པ་བརྗེད་པའི་དཀར་པོའི་ཆོས་ཡོངས་སུ་གཏུགས་པར་འགྱུར་བའི་ལོག་པར་སྒྲུབ་པ་དང་། དཀར་པོའི་ཆོས་ཡོངསུ་གཏུགས་པའི་བྱང་ཆུབ་སེམས་དཔའི་ཆ་མ་ཡིན ་པ་མི་མཐུན་པར་ཡིད་ཀྱིས་ཀུན་ཏུ་སྤྱོད་པར་འགྱུར་བའི་ལོག་པར་སྒྲུབ་པ་དང་མི་མཐུན་པར་ཡིད་ཀྱིས་ཀུན་ཏུ་སྤྱོད་པའི་གདུལ་དཀའ་བར་འགྱུར་བའི་ལྡོག་པར་སྒྲུབ་པ་དང་། གདུལ་དཀའ་བའི་ལམ་ངན་པར ་འགྲོ་བར་འགྱུར་བའི་ལོག་པར་སྒྲུབ་པ་དང་། ལམ་ངོན་པར་སོང་བའི་དམ་པ་མ་ཡིན་པ་དང་འགྲོགས་པར་འགྱུར་བའི་ལོག་པར་སྒྲུབ་པ་དང་། དམ་པ་མ་ཡིན་པ་དང་འགྲོགས་པའི་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་བྱང་ཆུབ ་སེམས་དཔའ་ཉིད་དུ་འགྱུར་བའི་ལོག་པར་སྒྲུབ་པ་སྟེ། བྱང་ཆུབ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་ལ། ཤེས་རབ་ཀྱིས་ནི་དེ་ལས་ག་ཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཤེས་རབ་ལ ་ལོག་པར་སྒྲུབ་པར་བྱེད་ན་བྱང་ཆུབ་དང་བྱང་ཆུབ་འདྲེན་པར་བྱེད་པའི་ཆོས་རྣམས་ལ་ལོག་པར་ཞུགས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་ཡོངསུ་ཉམས་པར་འགྱུར་པོའི་ཆོས་ནི་བཞི་སྟེ། བཞི་གང་ཞེ་ན། མི ་ཉན་པ་དང་། ཉན་དུ་མི་འཇུག་པ་དང་། ཉོན་པའི་སྒྲིབ་པ་དང་། ལོག་པར་མངོན་པར་ཞེན་པ་ཉན་དུ་འཇུག་པའོ།། ཡེ་ཤེས་ཀྱི་ཚོགས་ཡོང་སུ་ཉམས་པར་འགྱུར་བའི་ཆོས་བཞི་པོ་དེ་དག་ལ་བརྟེན་ནས་ཚེ་འདི་དང་ཚེ་ཕྱི་མ་ལ་ཡེ ་ཤེས་དང་མི་མཐུན་པའི་ཆོས་གཞན་བཞི་སྐྱེ་སྟེ། བཞི་གང་ཞེ་ན། བྱེ་བྲག་ཏུ་མི་རྟོགས་པ་དང་། རྐྱེན་མེད་པ་དང་། གཏི་མུག་ཏུ་འགྱུར་བའི་བསོད་ནམས་མ་ཡིན་པ་སྐྱེ་བ་དང་། ཕྱིན་ཅི་ལོག་གོ།། དེ་ལ་མི་ཉན་པ་ལ་བརྟེན་ནས་ནི་ཚེ ་འདོ་ལ་བྱེ་བྲག་ཏུ་མི་རྟོག་པ་སྨྲའོ།། ཉན་དུ་མི་འཇུག་པཱ་ལཱ་བརྟེན་ནས་ནི་ཚེ་ཕྱི་མཱ་ལ་རྐྱེན་མྱེད་པ་སྐྱེའོ།། ཉན་པའི་སྒྲིབ་པ་ལ་བརྟེན་ནས་ནི་ཚེ་ཕྱི་མ་ལ་གཎྜཱི་མུག་ཏུ་འགྱུར་བའི་བསོད་ནམས་མ་ཡིན་པ་སྨྲའོ།། ལོག་པར་མངོན་པར ་ཞེན་པ་ཉན་དུ་འཇུག་པ་ལ་རྟོན་ནས་ནི་ཚེ་ཕྱི་མ་ལ་ཕྱིན་ཅི་ལོག་སྨྲའོ།། དེ་ལོ་མི་ཉན་པ་ནི་ཆོས་ལོ་ཞེ་འགྲས་པ་དང་། གང་ཟག་ལ་ཞེ་འགྲེས་པ་དང་། དེ་གཉི་གུ་ལ་ཞི་འགྲས་པས་ཀྱང་མི་ཉན་ཏོ།། ཉན་དུ་མི་འཇུག་པ་ནི་གཞན ་པས་ཤེས་པ་ཧ་ཅང་ལྷག་པར་རློམ་པ་དང་། གཞན་གྱིས་བརྙས་ཀྱིས་འཇིགས་པས་ཀྱང་ཉན་དུ་མི་འཇུག་གོ།། ཉེན་པའི་སྒྲིབ་པ་ནི་ཆོས་དང་གང་ཟག་ལ་མི་བསྔགས་པ་བརྗོད་པ་དང་འགྱོད་པ་དང་རྣམ་པར་གཡེང་བ་ཉེ་བར ་སྒྲུབ་པ་དང་མི་སྨྲ་བ་དང་གསོལ་བ་མི་འདེབས་པ་དང་སྐབས་མི་འབྱེད་པ་དང་ཉན་པ་ལ་མི་བསྔགས་པ་བརྗོད་པ་ལས་ཀྱང་འགྱུར་རོ།། ལོག་པར་མངོན་པར་ཞེན་པ་ཉན་དུ་འཇུག་པ་ནི་རང་གི་ཉེས་པར་རྟོགས་པ་དང་། བསྒོམས ་པ་དང་། བཤད་པ་ལ་ལེགས་པར་རྟོགས་པ་དང་། བསྒོམས་པ་དང་། བཤད་པར་མངོན་པར་ཞེན་པ་དང་། གཞན་དག་གིས་ལེགས་པར་རྟོགས་པ་དང་བསྒོམས་པ་དང་བཤད་པ་ལ་ཉེས་པར་རྟོགས་པ་དང་བསྒོམས་པ་དང་། ་བཤད་པར་མངོན་པར་ཞེན་པ་ལས་འགྱུར་རོ།། དེ་ལ་མི་ཉན་པ་གང་ཡིན་པ་དང་། ཉན་དུ་མི་འཇུག་པ་གང་ཡིན་པ་དང་། ཉན་པའི་སྒྲིབ་པ་གང་ཡིན་པའི་ཆོས་དེ་གསུམ་ནི་ཤས་ཆེར་ཐོས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་ཚོགས ་ཡོངས་སུ་ཉམས་པར་འགྱུར་བ་ཡིན་ནོ།། ལོག་པར་མངོན་པར་ཞེན་པ་ཉན་དུ་འཇུག་པ་གང་ཡིན་པའི་ཆོས་དེ་ནི་ཤས་ཆེར་བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་ཡེ་ཤེས་ཀྱི ་ཚེཚོགས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་ནོ།། བྱང་ཆུབ་སེམས་དཔའི་དྲན་པ་བརྗེད་པར་འགྱུར་བའི་ཆོས་ཀྱང་བཞི་སྟེ། བཞི་གང་ཞེ་ན། གང་ཟག་བཞི་ལ་གནས་བཞིས་རྣམ་པར་རྨོངས་པར་བྱེད་པ་སྟེ། གླེང་བ་པོ ་རྣམས་དང་། ལུང་འབོགས་པ་རྣམས་དང་། ཕན་པར་འདོད་པ་རྣམས་དང་། ཡོན་ཏན་དང་ལྡན་པ་རྣམས་ལ་བདག་ཉིད་ཀྱིས་འགལ་བར་རྣམ་པར་རྨོངས་པར་བྱེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་བསླབ་པ་ལ ་ལེགས་པར་གནས་པ་རྣམས་ལ་བསླབ་པ་ལ་བཞིས་རྣམ་པར་རྨོངས་པར་བྱེད་པ་དང་ཐེག་པ་ཆེན་པོ་ལ་མོས་པར་འདོད་པ་དང་སྒྲུབ་པར་འདོད་པ་རྣམས་ལ་མི་བརྗོད་པ་དང་བརྗོད་པ་དང་རྣམ་པར་ཕྱེ་བའི་སྐྱོན་ཡོངསུ ་སྟོན་པས། དེ་ལ་མོས་པ་དང་། སྒྲུབ་པ་རྣམ་པར་རྨོངས་པར་བྱེད་པ་དང་། ཆོས་སླུ་བའི་གང་ཟག་རྣམས་ལ་གསང་བའི་གནས་ནཱ་མ་པར་དབྱེ་བའི་ཕྱིར་རྨོངས་པར་བྱེད་པའོ།། བྱང་ཆུབ་སེམས་དཔོའི་དཀར་པོའི ་ཆོས་ཡོངསུ་གཏུགས་པར་འགྱུར་ར་བའི་ཆོས་ཀྱང་བཞི་སྟེ། གཞན་ལ་བསྐྲུན་པའི་དབང་དུ་བྱས་ནས། དཀར་པོའི་ཆོས་རྣམས་ཀྱི་གནས་མ་ཡིན་པ་ལོ་སྦྱོར་བ་དང་། དཀར་པོའི་ཆོས་རྣམས་ཀྱི་གནས་མ་ཡིན་པ་ལ་སྦྱོར ་བ་ལ་ལོག་པར་སྒྲུབ་པའི་ཉེས་པ་རྣམ་པ་གསུམ་སྟེ། ཟང་ཟིང་གི་ཉེས་པ་དང་། ལྟ་བའི་ཉེས་པ་དང་། སྟོན་པའི་ཉེས་པའོ།། དེ་ལ་ཟང་ཟིང་གི་ཉེས་པ་ནི་རྒྱུ་གཉིས་ཀྱིས་རིག་པར་བྱ་སྟེ། ལོག་པའི་ལོངས་སྤྱོད་དང་། འདུ་འཛི་མང་བས ་སོ།། ལྟ་བའི་ཉེས་པ་ཡང་རྒྱུ་གཉིས་ཀྱིས་རིག་པར་བྱ་སྟེ། དམ་པའི་ཆོས་དང་གུང་ཟག་སྤྱོད་པ་དང་། དམ་པ་མ་ཡིན་པའི་ཆོས་དམ་པའི་ཆོས་སུ་སྟེན་པ་ལ་མངོན་པར་ཞེན་པས་སོ།། སྟོན་པའི་ཉེས་པ་ཡང་རྒྱུ་གཉིས་ཀྱིས་རིག ་པར་བྱ་སྟེ། དྲང་བའི་དོན་གྱི་མདོ་སྟེ་ཆུང་ངུ་འབའ་ཞིག་སྟོན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་རྣ་ལམ་དུ་མ་གྲགས་ཤིང་མ་གཟུང་བ་རྣམས་སྤོང་བས་སོ།། བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས་དཔའི་ཚེ་མི་མཐུན་པར་ཡིད ་ཀྱིས་ཀུན་ཏུ་སྤྱོད་པ་ཡང་བཞི་པོ་འདི་དག་ཡིན་ཏེ། སྟོན་པ་ལ་ཡིད་མི་ཆེས་པར་འགྱུར་ཅིང་བསླབ་པ་ལ་གུས་པ་དང་མི་མཐུན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་གྲོགས་རྣམས་དང་། གླེང་བ་པོ་རྣམས་དང་། རྗེས་སུ་སྟོན་པ ་རྣམས་ལ་བདག་ཉིད་ཇི་ལྟར་གྱུར་པ་བརྗེད་པ་དང་མི་མཐུན་པ་དང་། ཤེས་པ་བསོད་ནམས་ཆེན་པོ་རྣམས་ལ་དགེ་བུའི་བརྩོན་འགྲུས་རྩོམ་པ་དང་མི་མཐུན་པ་དང་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་རྣམས་དང་བདག་ཉིད་ཀྱི་སྒྲིབ ་པ་རྣམ་པར་དག་པ་དང་མི་མཐུན་པའོ།། དེ་ལ་སྟོན་པ་ལ་ཡིད་མི་ཆེས་པ་ནི་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། ཡོད་པ་ཉིད་དང་། བདག་ཉིད་ཆེ་བ་དང་། ཡེ་ཤེས་བརྙེས་པ་དག་ལ་ཡིད་མི་ཆེས་པའོ།། བདག་ཉིད་ཇི་ལྟར ་གྱུར་པ་མི་བརྗོད་པ་ཡང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། བདག་ཉིད་ལ་རྒ་བའི་བདག་ཉིད་ཡོད་དོ་སྙམ་དུ་ལོག་པར་ཁེངས་ཤིང་། ངས་སེམས་ཡོངསུ་གཏུགས་པས་སེམས་ཅན་གྲོགས་པ་རྣམས་ལ་དུ ་ཡོངས་སུ་སྟོན་པ་དང་། སེམས་ཅན་གླེང་བ་པོ་རྣམས་ལ་ལྟུང་བ་འཆབ་པ་དང་། སེམས་ཅན་རྗེས་སུ་སྟོན་པ་རྣམས་ལ་སྨད་པའི་དབང་དུ་བྱས་ནས་རྙོག་པ་ཅན་གྱིས་དེ་ལ་འཐོ་འཚམ་པ་མངོན་པར་འདུ་བྱེད་པས་སོ།། དགེ ་བ་ལ་བརྩོན་འགྲུས་མི་རྩོམ་པ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། སེམས་ཅན་ཤེས་པ་བསོད་ནམས་ཆེན་པོ་རྣམས་ཀྱི་རྙེད་པ་དང་བཀུར་སྟི་ལ་དགའ་བར་མི་བྱེད་པ་དང་དེ་ལ་མངོན་པར་དགའ་བས་སོ།། བྱང་ཆུབ ་སེམས་དཔའི་གདུལ་དཀའ་བར་འགྱུར་བའི་ཆོས་ཀྱང་བཞིས་ཏེ། འདི་ལྟ་སྟེ་བསྒོམ་པའི་སྒྲིབ་པ་བཞི་པོ་དག་སྟེ། ཐོས་པ་ལྷུར་ལེན་པ་དང་། གདམས་ངག་ལ་ལོག་པར་འཛིན་པ་དང་། ཚུལ་ཁྲིམས་དག་པ་ལ་གནས ་པར་མི་བྱེད་པས་འགྱོད་པ་དང་། རང་གི་ལྟ་བ་མཆོག་ཏུ་འཛིན་ཅིང་གནས་པའོ།། དེ་ལ་ཐོས་པ་ལ་སེམས་ཉེ་བར་མ་ཞི་བས་ཐོས་པ་ལྷུར་ལེན་པ་ཡིན་ནོ།། རྗེས་སུ་བསྟན་པ་ལ་ལོག་པར་རྣམ་པར་རྟོག་པས་གདམས ་ངག་ལ་ལོག་པར་འཛིན་པ་ཡིན་ནོ།། ཚུལ་ཁྲིམས་དག་ལ་སྐྱོན་ཡོད་ལ་དད་པས་བྱིན་པ་ཡོངསུ་ལོངས་སྤྱོད་པས་འགྱོད་པ་ཡིན་ནོ།། སེམས་ཅན་དབང་པོ་དུལ་བས་ཁྱད་པར་དུ་འཕགས་པ་རྣམས་དང་། སྤོང་བས ་ཁྱད་པར་དུ་འཕགས་པ་ཁྱད་པར་ཅན་རྣམས་ལ་འགྲན་པར་བྱེད་པས་རང་གི་ལྟ་བ་མཆོག་ཏུ་འཛིན་ཅིང་གནས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའི་སེམས་ཅན་རྣམས་ལ་ལམ་ངན་པར་འགྲོ་བ་ཡང་བཞི་པོ་འདི་དག་ཡིན ་ཏོ། སེམས་ཅན་དད་པས་ཞུགས་པ་མ་ཡིན་པ་རྣམས་ལ་སྟོན་པ་དང་། སེམས་ཅན་ཐེག་པ་དམན་པ་ཐེག་པ་ཆེན་པོ་འདོད་པ་རྣམས་ལ་མི་འཚལ་བ་སྟོན་པ་དང་། སེམས་ཅན་ཐེག་པ་ཆེན་པོ་དམན་པ་འདོད་པ་རྣམས ་མི་མཐུན་པ་སྟོན་པ་དང་། སེམས་ཅན་ཚུལ་ཁྲིམས་ལ་གནས་པ་དང་ཚུལ་ཁྲིམས་ལ་མི་གནས་པ་རྣམས་ལ་ཕྱོགས་ཀྱིས་འདོད་ཆགས་ཀྱིས་མི་འདྲ་བར་སྟོན་པའོ།། དེ་ལ་ཚུལ་ཁྲིམས་ལ་གནས་པ་ནི་རྣམ་པ་གསུམ ་གྱིས་རིག་པར་བྱ་སྟེ། ལས་ཀྱི་མཐའ་ཉེས་པ་མེད་པ་དང་། ཚུལ་ཁྲིམས་ལ་སྐྱོན་མེད་པ་དང་། བསླབ་པ་ལ་གུས་པས་སོ།། ཚུལ་ཁྲིམས་ལ་མི་གནས་པ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། ཚུལ་ཁྲིམས་ལ་སྐྱོན ་བྱུང་བ་དང་། བསླབ་པ་ལ་མི་གུས་པས་སོ།། བྱང་ཆུབ་སེམས་དཔའ་དམ་པ་མ་ཡིན་པ་དང་འགྲོགས་པ་ལ་བརྟེན་ནས་རྣམ་པ་བཞི་ཡོངས་སུ་ཉམས་པར་འགྱུར་ཏེ། ཐེག་པ་ཡོངས་སུ་ཉམས་པ་དང་བསྟན་པ་ཡོངས ་སུ་ཉམས་པ་དང་། དགེ་བའི་ཆོས་རྣམས་རྟག་ཏུ་སྒོམ་པ་ཡོངས་སུ་ཉམས་པའོ།། བྱང་ཆུབ་སེམས་དཔའ་བཞི་པོ་ཆོས་འཛིན་པ་དང་། དགོན་པ་པ་དང་། བསོད་ནམས་བྱ་བ་ལ་བརྩོན་པ་དང་། འཁོར་བ་དང་སྤོད་པ ་དེ་དག་ལས་བྱང་ཆུབ་སེམས་དཔའ་དྲང་བའི་བྱ་བ་འདོད་པ་ནི་ཆོས་འཛིན་པ་ཡིན་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་གྱི། དོན་ཇི་ལྟ་བ་བཞིན་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སྒྲ་འདོད་པ་ནི ་དགོན་པ་པ་ཡིན་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་གྱི། དོན་ཇི་ལྟ་བ་བཞིན་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཟང་ཟིང་གི་འབྲས་བུ་དང་འབྲེལ་བའི་སེམས་དང་ལྡན་པ་ནི་བསོད་ནམས་བྱ་བ་ལ་བརྩོན་པ་ཡིན ་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཡིན་གྱི། དོན་ཇི་ལྟ་བ་བཞིན་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་བསྙེན་བཀུར་དང་ཡོངས་སུ་སྤྱད་པ་དང་གྲགས་པ་དང་འབྲེལ་བའི་སེམས་པ་དང་ལྡན་པ་ནི་འཁོར་དང་སྤྱོད་ཀྱང་ཇི་ལྟ ་བ་བཞིན་མ་ཡིན་པ་ཡིན་གྱི། དོན་ཇི་ལྟ་བ་བཞིན་མ་ཡིན་ནོ།། ཡང་དག་པའི་སྒྲུབ་པ་གང་ཞེ་ན། ཡང་དག་པའི་སྒྲུབ་པ་ནི་དེ་ལས་བཟློག་པ་སྟེ། སྐྱོན་ཁྱད་པར་ཅན་ཡོངས་སུ་སྤངས་པ་དང་། གཉེན་པོ་བསྟན་པས་གོང ་ནས་གོང་དུ་བསྒྲུབས་པ་རྣམ་པ་བརྒྱད་ཀྱིས་རིག་པར་བྱའོ།། གང་གི་ཕྱིར་མི་ཉན་པ་ཡེ་ཤེས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ཆོས་དང་གང་ཟག་ལ་མི་གུས་པ་ཡང་ཡོངས་སུ་བསྟན་ཅེ ་ན། དེས་ཀྱང་དེ་བྱེད་ལ་མི་བྱེད་ན་ཡང་མ་མོས་པས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་ཉན་དུ་མི་འཇུག་པ་ཡེ་ཤེས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་པར་སྨྲས་ན་ཅིའི་ཕྱིར་དང་བའི་བྱ་བ ་འདོད་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། མི་བྱེད་ན་ཡང་ལོག་པའི་ཆོས་ཡོངསུ་བསྔོ་བས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་ཉན་པའི་སྒྲིབ་པ་ཡེ་ཤེས་ཡོངསུ་ཉམས་པར ་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་འདུན་པ་མྱེད་པའི་མི་ཉན་པོ་དང་མི་འཛིན་པ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། མི་བྱེད་ན་ཡང་ལོ་ལོས་ཡོངསུ་ཉམས་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་ལོག་པར ་མངོན་པར་ཞེན་པ་ཉན་དུ་འཇུག་པ་ཡེ་ཤེས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་སྒོམ་པ་ལ་ཡོན་ཏན་དུ་མི་ལྟ་བ་དང་། ཐོས་པ་དང་སྨྲ་བ་ལྷུར་ལེན་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང ་དེ་བྱེད་ལ། མི་བྱེད་ན་ཡང་ཡེ་ཤེས་ཡོངསུ་མི་འགྲུབ་པས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་གླེང་བ་པོ་རྣམས་ལ་བདག་ཉིད་ཀྱི་འགལ་བ་རྣམ་པར་རྨོངས་པར་བྱེད་པ་དྲན་པ་བརྗེད་པར་འགྱུར་བ ་ཡིན་པར་སྨྲས་ནོ།། ཅིའི་ཕྱིར་དངོས་པོ་ལྕི་བའི་ལྟུང་བས་འཇིགས་པ་དང་། དངོས་པོ་ཡང་བ་ཁྱོད་དུ་གསད་པའི་ཕྱིར་བརྫུན་སྨྲ་བ་ཡང་ཡོངསུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དེས་ལས་ཀྱི་སྒྲིབ་པས་རབ་ཏུ་བརྗེད་པར ་འགྱུར་བ་དང་། མི་བྱེད་ན་ཡང་ལྟུང་བའི་སྒྲིབ་པ་རབ་ཏུ་བརྗེད་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་བསླབ་པའི་བཞིས་རྣམ་པར་རྨོངས་པར་བྱེད་པ། དྲན་པ་བརྗེད་པར་འགྱུར་བ་ཡིན་པར་སྨྲ་ན། ཅིའི་ཕྱིར་ངོ་བོ་ཉིད་ཀྱི ་རྗེས་སུ་མི་འཇུག་པ་དང་ལྡོག་པར་ལྟ་བ་དང་གྱ་གྱུ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ་ངེས་ལས་ཀྱི་སྒྲིབ་པས་རབ་ཏུ་བརྗེད་པར་འགྱུར་བ་དང་། མི་བྱེད་ན་ཡང་ལྟུང་བའི་སྒྲིབ་པས་རབ་ཏུ ་བརྗེད་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་ཐེག་པ་ཆེན་པོ་ལ་མོས་པ་དང་སྒྲུབ་པས་རྣམ་པར་རྨོངས་པར་བྱེད་པ་དྲན་པ་བརྗེད་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པ་མི ་སྐྱེད་པ་དང་ཡང་དག་པའི་ཡོན་ཏན་འཆབ་པོ་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དྲི་བྱེད་ལ་ངེས་ལས་ཀྱི་སྒྲིབ་པོ་རབ་ཏུ་བརྗེད་པར་འགྱུར་བ་དང་། མི་བྱེད་ན་ཡང་ལྟུང་བའི་སྒྲིབ་པོས་རབ་ཏུ་བརྗེད་པར་འགྱུར་བའི་ཕྱིར་རོ།། གང ་གོ་ཕྱིར་གསང་བའི་གནས་རྣམ་པར་དབྱེ་བའི་ཕྱིར་རྨོངས་པར་བྱེད་པ། དྲན་པ་བརྗོད་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ཐེག་པ་ཆེན་པོ་ལྔས་འདུན་པ་བཟློག་པར་འདོད་པ་ཉིད་ཀྱང་ཡོངསུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད ་ལ་ངོས་ལསྣ་ཀྱི་སྒྲིབ་པས་རབ་ཏུ་བརྡྷད་པར་འགྱུར་བ་དང་། མི་བྱེད་ན་ཡང་ལྟུང་བའི་སྒྲིབ་པས་རབ་ཏུ་བརྗེད་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་གནས་མྱ་ཡིན་པ་ལ་སྦྱོར་བ་དཀར་པོའི་ཆོས་ཡོངསུ་གཏུགས་པར ་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་བདག་ལ་ཕན་པར་འདོད་པའི་ཉུང་བ་དང་། མི་ཞུགས་པ་དང་ཐེག་པ་དམན་པ་ཉན་པོ་དང་སེམ་མི་སྨན་པོ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དེས་དཀར་པོའི་ཆོས ་མ་ཐོབ་པ་རྣམས་ནི་མི་འཐོབ་ལ། གཟུང་བ་དང་ཉན་པ་ལྷོད་པས་ཐོབ་པ་རྣམས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་ཟང་ཟོང་གི་ཉོས་པ་དཀར་པོའི་ཆོས་ཡོངསུ་གཏུགས་པར་འགྱུར་བ་ཡིན ་པར་སྨྲས་ན། ཅིའི་ཕྱིར་ལེགས་པར་འཐོབ་པའི་རྙེད་པ་ཆོ་ག་མི་ཤེས་པ་དང་ཚུལ་འཆོས་པ་ལ་སོགས་པའི་ཆོས་རྣམས་དང་ཡོངསུ་གདུང་བ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དེས་མ་ཐོས་པ་མི་ཉན ་པ་དང་། དོན་དང་བྱ་བོ་ལ་འཕྱར་གཡེང་མྱང་བས་ཏིང་ངེ་འཛིན་མི་རྟོགས་པའི་ཕྱིར་རོ།། གང་གི་ཕྱིར་ལྟ་བའི་ཉེས་པ་དཀར་པོའི་ཆོས་སུ་ཡོངས་སུ་གཏུགས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་གཞན་གྱི་སྐྱོན ་ལ་ལྟ་བ་དང་ཉན་ཐོས་དང་ཐེག་པ་ཆེན་པོའི་བསླབ་པ་ལ་ཕྱིན་ཅི་ལོག་པ་ཡང་ཡོངསུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དེས་ཡང་དག་པའི་སྒྲུབ་པ་ལས་ཉམས་པར་འགྱུར་བ་དང་། གཞན་ལ་སླུ་བས་ཉམས་པར་ཡང ་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་སྟོན་པའི་ཉེས་པ་དཀར་པོའི་ཆོས་ཡོངསུ་གཏུགས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དགོངས་པ་ཤེས་སོ་ཞེས་ཁྱད་དུ་གསོད་པར་བྱེད ་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ་ངེས་དམ་པའི་ཆོས་ལ་སྐུར་པ་འདེབས་པས་ཉམས་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དགོངས་པ་ལ་ལོག་པར་ཡོངས་སུ་འཛིན་པས ་ཉམས་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་བསླབས་པ་ལས་ཤས་ཆེར་མི་གུས་པ་མི་མཐུན་པར་ཡིད་ཀྱིས་ཀུན་ཏུ་སྤྱོད་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ལྟུང་བ་རྣམ་པར་འབྱེད་པ་དང་མི ་འཆགས་པ་དང་འགྱོད་པ་མི་སེལ་བ་ཉིད་ཀྱང་ཡོངས་སུ་བསྟོན་ཅེ་ན། དེས་ཀྱང་དེ་ཀུན་ཏུ་སྤྱོད་ལ། དམིགས་པ་རྣམ་པར་གཡེང་བས་ཀྱང་གྱ་གྱུ་ལ་ཞུགས་པར་འགྱུར་བའི་ཕྱིར་རོ།། གྲོང་གི་ཕྱིར་བདག་ཉིད་ཇི་ལྟར་གྱུར་པ ་བཞིན་མི་བརྗོད་པ་མི་མཐུན་པར་ཡིད་ཀྱིས་ཀུན་ཏུ་སྤྱོད་པར་འགྱུར་པ་ཡིན་པར་སྨྲས་ན། ཅིའི་ཕྱིར་བདག་ཉིད་དང་ལོངས་སྤྱོད་ལ་ལྟ་བ་དང་བདེན་པའི་ཚིག་སྦེད་པ་ཉིད་ཀྱང་ཡོང་སུ་བསྟན་ཅེ་ན། ངོས་ཀྱང་དེ་ཀུན་ཏུ་སྤྱོད་ལ། བསྟན ་པ་ལས་རྣམ་པར་གཡེང་བས་ཀྱང་གྱ་གྱུ་ལ་ཞུགས་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་བརྩོན་འགྲུས་འདོར་བར་བྱེད་པ་མི་མཐུན་པར་ཡིད་ཀྱི་ཀུན་ཏུ་སྤྱོད་པར་འགྱུར་བ་ཡིན་པར་ཀུན་ཏུ་སྨྲས་ན། ཅིའི་ཕྱིར་མི་བཟོད་པ་གང ་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་ཀུན་ཏུ་སྤྱོད་ལ། སྡུག་བསྔལ་མཱི་བཟོད་པ་དང་དགེ་བོ་ལས་རྣམ་པར་གཡེང་བས་ཀྱང་གྷ་གྱུ་ལ་ཞུགས་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་སྒྲིབ་པ་རྣམ་པར་མ་དག་པའི་རྒྱུས་མི་མཐུན ་པར་ཡིད་ཀྱིས་ཀུན་ཏུ་སྤྱོད་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ཐེག་པ་ཆེན་པོ་ལ་ལྷག་པའི་བསམ་པས་མོས་པ་མེད་པ་ཡང་ཡོངས་སུ་བསྟན་ཅེ་ནི། དེས་ཀྱང་དེ་ཀུན་ཏུ་སྤྱོད་ལ། ཐེག་པ་ཆེན་པོ་ལ་རྣམ་པར་གཡེང ་བས་ཀྱང་གྱ་གྱུ་ལ་ཞུགས་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་བསྒོམ་པའི་སྒྲིབ་པ་ཐོས་པ་ལྷུར་ལེན་པ་གདུལ་དཀའ་བར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ཀླན་ཀ་དང་དེ་སྐད་རྒོལ་བ་ལས་ཐར་པའི་ཕན་ཡོན ་དུ་ལྟ་བས་ཉན་པ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དགེ་བའི་བཤེས་གཉེན་ཆོས་འཛིན་པ་ལ་ཡང་སྨྲ་བར་བྱེད་པའི་ཕྱིར་རོ།། གང་གི་ཕྱིར་བསྒོམ་པའི་སྒྲིབ་པ་གདམས་ངག་ལ་ལོག་པར་འཛིན་པ ་གདུལ་དཀའ་བར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ཚིག་མི་བཟོད་པ་ཉིད་དང་ལྟུང་བ་འཛིན་པ་ཉིད་དང་གདམས་ངག་ལ་མི་གུས་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དགེ་བའི་བཤེས་གཉེན་དགོན་པ་པ་ལྔ ་ཡང་སླུ་བར་བྱེད་པའི་ཕྱིར་རོ།། གང་གི་ཕྱིར་བསྒོམ་པའི་སྒྲིབ་པ་ཚུལ་ཁྲིམས་དག་ལ་གནས་པར་མི་བྱེད་པ་འགྱོད་པ་གདུལ་དཀའ་བར་འགྱུར་བ་ཡིན་པར་སྨྲས་ན་ཅིའི་ཕྱིར་བསླབ་པ་དག་ལ་ཤས་ཆེར་མི་གུས་ལ། དད་པས་བྱིན ་པ་ཡོངསུ་ལོངས་སྤྱོད་པ་ཡང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དགེ་བའི་བཤེས་གཉེན་བསོད་ནམས་བྱ་བ་ལ་བརྩོན་པ་ལ་ཡང་སླུ་བར་བྱེད་པའི་ཕྱིར་རོ།། གང་གི་ཕྱིར་བསྒོམ་པའི་སྒྲིབ་པ་རང་གི་ལྟ་བ་མཆོག་ཏུ ་འཛིན་ཅིང་གནས་པོ་གདུལ་དཀའ་བར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་རྣམས་ལོ་མི་གུས་པ་དང་མི་ལྟ་བ་དང་བསྙེན་བཀུར་མི་བྱེད་པ་དང་མི་ཉན་པ་དང ་རྗེས་སུ་མི་མཐུན་པའི་ཆོས་བསྒྲུབ་པར་འདོད་པ་ཉིད་ཀྱང་ཡོངས་སུ་བསྟན་ཅེ་ན། དེས་ཀྱང་དེ་བྱེད་ལ། དགེ་བའི་བུ་ཤེས་གཉེན་འཁོར་དང་སྤྱོད་པ་ལ་ཡང་སླུ་བུར་བྱེད་པའི་ཕྱིར་རོ།། གང་གི་ཕྱིར་མྱི་སྟོན་པ ་དང་མི་འཚམ་པ་སྟོན་པ་དང་མི་མཐུན་པ་སྟོན་པ་དང་མི་འདྲ་བར་སྟོན་པ་ལམ་ལོག་པར་འགྲོ་བར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་ཡང་དང་ཡང་དུ་སྟོན་པོས་ཡོངས་སུ་སྐྱེ་ཞིང་སེམས་མི་མཉམ་པ་ཉིད་དང་། སྟོན་པའི ་ཐབས་མི་ཤེས་པ་ཉིད་དང་། ཐེག་པ་དམན་པ་ལ་མོས་པ་ཉིད་དང་། ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་ལི་རྗེས་སུ་སྟོན་པར་སྦྱོར་བ་ཉིད་ཀྱང་ཡོངསུ་བསྟན་ཅེ་ནི། དེ་དག་གིས་ཀྱང་དེ་དག་བྱེད་ལ། དགེ་བའི་རྩ ་བ་ཡོངས་སུ་མ་རྫོགས་པ་དང་། དགེ་བའི་རྩ་བ་རྒྱ་ཆེན་པོ་ཡོངས་སུ་མི་འཛིན་པ་དང་། དགེ་བའི་རྩ་བ་རྒྱ་ཆེན་པོ་ཡོངས་སུ་གཏིང་བ་དང་། བློ་སྣོད་ནམས་མ་ཡིན་པ་སྐྱེ་བས་ཀྱང་གདུལ་བ་ལ་སླུ་བར་བྱེད་པའི་ཕྱིར་རོ།། གང ་གི་ཕྱིར་དམ་པ་མ་ཡིན་པ་དང་འགྲོགས་པ་རྣམ་པ་བཞི་སྤོང་། དངོས་པོ་རྣམ་པ་བཞི་ཡོངས་སུ་ཉམས་པར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་སེར་སྣ་དང་ཐོས་པ་ཉུང་བ་དང་བསྟན་ལ་ལེགས་པར་མ་ཞུགས་པ་དང་། ་སངས་རྒྱས་ཀྱི་བཀའ་མི་ཉན་པ་ཡང་ཡོངསུ་བསྟན་ཅེ་ན། དེ་དག་གིས་ཀྱང་དེ་དག་བྱེད་ལ་དགེ་བའི་རྩ་བ་མ་བྱིས་པའི་ཕྱིར་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་། གཞན་གྱི་དོན་བྱེད་མི་ནུས་པ་དང་། དགེ་བའི ་རྩ་བ་ཆུང་བ་དང་། ཆོས་རྣམས་ལ་ཡིད་གཉིས་དང་ཐེ་ཙོམ་ཟ་བས་ཀྱང་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ།། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་བཞི་ལྔ་དང་བའི་བྱ་བ་འདོད་པ་དང་སྒྲ་འདོད་པ་དང་ཟང་ཟིང་གི་འབྲས་བུ་འདོད། ་པ་དང་བསྙེན་བཀུར་དང་ཡོངས་སུ་སྤྱད་པ་དང་གྲགས་པ་འདོད་པ་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་བྱང་ཆུབ་སེམས་དཔར་འགྱུར་བ་ཡིན་པར་སྨྲས་ན། ཅིའི་ཕྱིར་བདག་ལ་ཆགས་པ་དང་བཅས་པ་ཁ་ན་མ་ཐོ་བ་ཕྱ་རབ་ཙམ་དག ་ལྔ་འཇིགས་པ་མི་ལྟ་བ་དང་། བདག་མེད་པ་ལ་མོས་པ་མེད་པ་དང་བཅས་པ་ལ་གཞན་གྱི་དོན་ལ་མི་ལྟ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་ཡོན་ཏན་དུ་ལྟ་བ་དང་ཚེ་འདི་ལ་འདུ་འཛི་འདོད་པ་དང་།། ་ཕྱི་མ་ལ་དབང་ཕྱུག་འདོད་པ་ཆོས་དང་ཟང་ཟིང་འདོད་པ་ཡང་ཡོངས་སུ་བསྟན་ཅེ་ན། དེ་དག་གིས་ཀྱང་དེ་དག་བྱེད་ལ། ཆོས་འཛིན་པོ་ཉིད་ནས་འཁོར་དང་སྤྱོད་པའི་བར་གྱིས་ཀྱང་བདག་ཉིད་ལ་སླུ་བར་བྱེད་པའི་ཕྱིར་རོ།། ། ་བམ་པོ་བཞི་བཅུ་གཉིས་པ།། ཡང་དག་པའི་སྒྲུབ་པའི་ཕན་ཡོན་གང་ཞེ་ན། དེ་ཡང་གོང་ནས་གོང་དུ་རྣམ་པ་བཞིར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པར་ཞུགས་པ་ལ་བསོད་ན་མོས་དང་ཡེ་ཤེས་ཀྱི་ཚོགས ་བསགས་པ་དང་། དེ་ལ་བརྟེན་ནས་སྒྲིབ་པ་རྣམ་པར་དག་པ་དང་། དེ་ལ་བརྟེན་ནས་སྒོ་ཐམས་ཅད་ནས་དཀར་པོའི་ཆོས་ཡང་དག་པོར་འགྲུབ་པ་དང་། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་སྦྱོར་བ་དང་བསོད་ནམས་དཔག ་ཏུ་མེད་པ་སྐྱེ་བའོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་བའི་ཆོས་ནི་བཞི་སྟེ། ཡང་དག་པའི་སྒྲུབ་པ་ཉིད་དུ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གློ་བྱེད་པ་དང་ཐོས་པ་རྣམ་པར་དག ་པ་དང་བསམ་པ་རྣམ་པར་དག་པ་དང་བསྒོམ་པ་རྣམ་པར་དག་པའོ།། སྒྲིབ་པ་རྣམ་པར་དག་པར་འགྱུར་བའི་ཆོས་ནི་བཞི་སྟེ། ཐེག་པ་ལས་རྣམ་པར་མི་གཡོ་བ་དང་། རང་གི་གཞན་དག་ལ་མི་སྒྲུབ་པའི་རྒྱུ་ཡོངས་སུ་སྤོང་བ་ཉིད ་དང་ལོག་པར་སྒྲུབ་པའི་རྒྱུ་ཡོངས་སུ་སྤོང་བ་ཉིད་དང་ཡང་དག་པའི་སྒྲུབ་པ་ཡོངས་སུ་མི་རྫོགས་པའི་རྒྱུ་ཡོངས་སུ་སྤོང་བ་ཉིད་དོ།། སྒྲོ་ཐམས་ཅད་ནས་དཀར་པོའི་ཆོས་ཡང་དག་པར་འགྲུབ་པར་འགྱུར་བའི་ཆོས་བཞི་སྟེ། བསྒོམ ་པ་ནི་བསྒོམས་པའི་རྒྱུ་ལས་བྱུང་བའི་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་དེའི་རྒྱུ་ལས་བྱུང་བའི་དང་། སྡུག་བསྔལ་བཟོད་པ་ཉིད་ནི་དེའི་རྒྱུ་ལས་བྱུང་བའི་དང་། ཉན་པ་དང་སེམས་པས་མི་ངོམས་པ་ཉིད་ནི་དེའི་རྒྱུ་ལས ་བྱུང་བའིའོ།། སེམས་ཀྱི་དོན་གྱི་རྣམ་པ་ཐམས་ཅད་བྱེད་པར་འགྱུར་བའི་ཆོས་བཞི་སྟེ། སེམས་ཅན་རྣམས་གནས་བཞི་ལས་རྣམ་པར་སློང་བར་བྱེད་པ་སྟེ། སོམ་ཉིད་དང་ཡིད་གཉིས་དང་ཐེ་ཚོམ་ལས་རྣམ་པར་སློང་བར་བྱེད་པ ་དང་། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ལས་རྣམ་པར་སློང་བར་བྱེད་པ་དང་། ཐེག་པ་དམན་པ་ལ་མོས་པ་ལས་རྣམ་པར་སློང་བར་བྱེད་པ་དང་། བསྟན་པ་ལ་ཀུན་ནས་མནར་སེམས་དང་ཁོང་ཁྲོ་བའི་སེམས་ལས་རྣམ་པར ་སློང་བར་བྱེདཔའོ།། བྱང་ཆུབ་སེམས་དཔའ་ཡང་དག་པའི་སྒྲུབ་པ་ལ་ཞུགས་པ་ཇི་ལྟ་བུར་གྱུར་ན་ཕན་ཡོན་དེ་དག་འཐོབ་ཅེ་ན། ཆོས་སྤྱོད་པ་དང་སྙོམས་པར་སྤྱོད་པ་དང་དགེ་བ་སྤྱོད་པ་དང་ཆོས་ལ་གནས་པར་འགྱུར་ནའོ།། ཇི་ལྟར ་ན་ཆོས་སྤྱོད་པ་ཡིན། དེ་ལ་རྣམ་པ་ནི་དུ་ཡོད་ཅེ་ན། བྱང་ཆུབ་སེམས་དཔའི་ཆོས་ལས་མ་འདས་པར་སྤྱོད་དེ། དེའི་ཕྱིར་ཆོས་སྤྱོད་པ་ཡིན་ནོ།། དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། སེམས་ཅན་གནོད་པ་བྱེད་པ་དང་། སྡིག་པ ་བྱེད་པ་རྣམས་ལ་དགེ་བ་ལ་གཞུག་པས་ཕན་གདགོས་པར་འདོད་པ་ཉིད་ཀྱི་ཕྱིར་སྙིང་བརྩེ་བ་ཉིད་དང་། རིགས་ལ་གོནས་པ་རྐྱེན་མེད་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་སྟོན་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་ཁྱད་པར་དུ་འཕག ་པོ་རྣམས་ལ་བདག་ཉིད་ཤེས་པ་ཉིད་དང་། བླ་མ་ལྟ་བུ་རྣམས་ལ་གུས་པ་དང་རབ་ཏུ་འདུད་པས་སྦྱོར་བར་བྱེད་པ་ཉིད་དང་། མཱི་མཐུན་པར་གྱུར་པ་མུ་སྟེགས་ཅན་རྣམས་ལས་བསྟན་པ་ལས་རྣམ་པར་མི་གཡོ་བ་ཉིད་དོ།། ཇི་ལྟར ་ན་སྙོམས་པར་སྤྱོད་པ་ཡིན། དེ་ལ་རྣམ་པ་ནི་དུ་ཡོད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྙོམས་པར་ཀུན་ཏུ་སྦྱོར་ཏེ་དེའི་ཕྱིར་སྙོམས་པར་སྤྱོད་པ་ཡིན་ནོ།། དེ་ནི་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ ་མཉམ་པར་བྱམས་པར་བྱེད་པ་ཉིད་དང་། སེམས་ཅན་ཐམས་ཅད་ལ་ཉོན་མོངས་པ་ཅན་མ་ཡིན་པ་དང་། དུས་ཐ་དད་པ་མེད་པ་དང་སེམས་ཀྱི་རྒྱུད་ཐ་དད་པ་མང་བའི་བྱམས་པས་མཉམ་པར་སོ་སོར་ཀུན་དགའ་བར་བྱེད ་པ་ཉིད་དང་། འདུ་འཛིའི་གཏམ་སྤངས་ཏེ་དགའ་བའི་བཞིན་དུ་བྱས་ནས་ཁུར་བླངས་པ་ཉམ་སུ་ལེན་པར་བྱེད་པ་ཉིད་དང་། མཉམ་པར་ཁུར་བླངས་པ་ལེན་པར་བྱེད་པ་ཉིད་དང་། མཉམ་པར་སྡུག་བསྔལ་ཐམས ་ཅད་བཟོད་པར་བྱེང་པ་ཉིད་དང་། མཉམ་པར་གདུལ་བ་དཔག་ཏུ་མེད་པའི་ཐབས་ཡོངས་སུ་ཚོལ་བ་ཉིད་དང་། མཉམ་པར་ཕན་ཚུན་ཚིག་ཡང་དག་པར་བཟོད་པའི་ཚིག་དང་ལྡན་པ་ཉིད་དང་། མཉམ་པར་དགེ་བའི་རྩ་བ་ཐམས ་ཅད་བྱང་ཆུབ་ཏུ་ཡོངསུ་སྔོ་བ་ཉིད་དོ།། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དགེ་བ་སྤྱོད་པ་ཡིན། དེ་ལ་རྣམ་པ་ནི་དུ་ཡོད་ཅེ་ན། ནང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ ་ལྔལུ་བརྟེན་ནས་དགེ་བ་ཀུན་ཏུ་སྤྱོད་པར་བྱེད་དེ། དེའི་ཕྱིར་དགེ་བ་སྤྱོད་པ་ཡིན་ནོ།། དེ་ནི་རྣམ་པ་བདུན་དུ་རིག་པར་བྱ་སྟེ། མི་གནས་པའི་སྦྱིན་པ་ཉིད་དང་། མི་གནས་པའི་ཚུལ་ཁྲིམས་ཉིད་དང་། སྙིང་བརྩེ་བའི་བཟོད་པ་ཉིད་དང་།། ་ཉི་ཚེ་བ་མ་ཡིན་པའི་བརྩོན་འགྲུས་ཉིད་དང་། སེམ་ཅན་གྱི་དོན་བྱ་བའི་གནས་ཀྱི་བསམ་གཏན་ཉིད་དང་། ལྟ་བ་དང་བྲལ་བའི་ཤེས་རབ་ཉིད་དང་། ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པ་ཉིད་དོ།། ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་ཆོས་ལ་གནས་པ་ཡིན། དེ་ལ་རྣམ་པ་ནི་དུ་ཡོད་ཅེ་ན། ཀུན་ཆུབ་པ་ལྷུར་མི་ལེན་པ་དང་། ཁ་ཏོན་ལྷུར་མི་ལེན་པ་དང་། འཆང་བ་ལྷུར་མི་ལེན་པ་དང་། རྣམ་པར་རྟོག་པ་ལྷུར་མི་ལེན་པར་ནང་གི་སེམས་ཀྱི་སྒོ ་གནས་སྒོམ་པ་ལ་སྦྱོར་བ་རྩོམ་ཞིང་ཡང་དག་པར་སྒྲུབ་པར་བྱེད་དེ། དེའི་ཕྱིར་ཆོས་ལ་གནས་པ་ཡིན་ནོ།། དེ་ནི་རྣམ་པ་བཅུ་གཉིས་སུ་རིག་པར་བྱ་སྟེ། གདམས་ངག་སྟོན་པ་ལ་ཚུལ་ཁྲིམས་ལ་གནས་པ་དང་ཚུལ་ཁྲིམ ་ལ་གནས་པ་མ་ཡིན་པར་རྣམ་པར་མི་རྟོག་པ་ཉིད་དང་། དེ་ལ་བརྟེན་ནས་གུས་པར་བྱས་ཏེ་གདམས་ངག་ལེན་པར་བྱེད་པ་ཉིད་དང་། དེ་ལ་བརྟེན་ནས་ལུས་དབེན་པ་ཉིད་དང་། དེ་ལ་བརྟེན་ནས་སེམས་དབེན་པ་ཉིད་དང་། ་ལ་བརྟེན་ནས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་ལས་ཡང་དག་པར་འདས་ཏེ་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་ཉིད་དུང་། དེ་ལ་བརྟེན་ནས་རབ་ཏུ་དབེན་པ་ན་སེམས་ཅན་བརྩོན་པ་བཏང་བ་རྣམས ་དང་མི་འགྲོགསྣ་པར་དེ་ལས་གཞན་པ་རྣམ་དང་འགྲོགས་པ་ཉིད་དང་། དེ་ལ་བརྟེན་ནས་རྣམ་པར་དག་པ་འཇིག་རྟེན་པའི་ཤེས་པ་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་མཐུ་བསྒོམས་པའི་འབྲས་བུ་སོ་སོར་མྱོང་བ་ཉིད་དང་།། ་འཇིག་རྟེན་པའི་ཤེས་པས་ཆོག་པར་འཛིན་པར་འཇིག་རྟེན་ལས་འདས་པའི་ཤེས་པ་ཡོངསུ་ཚོལ་ཞིང་རྣམ་པར་སྦྱོར་བ་ཉིད་དང་། ཤེས་པ་རྣམ་པར་དག་པའི་ཉེས་པ་བཞི་སྤངས་ཏེ་ཚོགས་ཡོངས་སུ་བསྡུད་པ་ཉིད་དེ ་གནོང་བ་མི་བཟོད་པའི་ཉེས་པ་དང་། མ་ངེས་པར་སྟོན་ཅིང་འཇོམས་པའི་ཉེས་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་མོ་བྱེད་པའི་ཉེས་པ་དང་། ཟང་ཟིང་དང་བཅས་པའི་སེམས་ཀྱི་ཉེས་པས་ཏེ། རྣམ་པ་བཞི་པོ་དེ་དག་པ ་སྔ་མ་རྣམ་པ་བརྒྱད་པོ་དག་ནི་རྣམ་པ་བཅུ་གཉིས་ཡིན་ནོ།། བྱང་ཆུབ་སེམས་དཔའ་ལ་དད་པ་སྐྱེད་པའི་དཔེ་དག་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་གཟུང་སྟེ། ཐོག་མ་དྲང་བར་མ་དང ་ཐ་མ་དག་ཏུ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་མངོན་པར་བསྒྲུབ་པའི་གནས་སུ་གྱུར་པ་ཉིད་ཡིན་པས་གནོད་པར་བྱེད་པ་དང་། ལན་བྱེད་པ་ཐམས་ཅད་ཀྱིས་སེམས་ཡོངསུ་མ་གཏུགས་པའི་ཕྱིར་ས་ལྟ་བུ་ཡིན་ནོ།། དེ་ལྟ ་མོད་ཀྱི་ཇི་ལྟར་ཐ་མལ་པར་གནས་པའི་ས་ལ་བརྟེན་ནས་སེམས་ཅན་རྣམས་རང་གི་སྐྱེས་བུའི་བྱེད་པས་དེ་ལ་ཉེ་བར་འཚོ་བར་བྱེད་པ་ལྟར་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། དགེ་བའི་རྩ་བ་སྐྱེད་པའི་ཕྱིར་རབ་ཏུ་དང་བ ་དང་མཆོག་ཏུ་དགའ་བས་མངོན་པར་བརླན་པར་བྱེད་པས་ཆུ་ལྟ་བུའང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྟར་ཆུ་ལོ་ཏོག་ཡོངསུ་སྨིན་པར་བྱེད་པ་དང་མི་མཐུན་པ་ལྟར་དེ་ནི་དེ་ལྟར་མ་ཡིན་ཏེ། དགེ་བའི་རྩ་བ་ཡོངསུ་སྨིན་པར་བྱ་བའི་ཕྱིར། ་ཀུན་ཏུ་སྐྱོ་བར་འགྱུར་བའི་ཆོས་རྣམས་ལ་ཀུན་ཏུ་སྐྱོ་ཞིང་ཀུན་ཏུ་གདུང་བར་བྱེད་པའི་ཕྱིར་མེ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མེད་ཀྱི་ཇི་ལྟར་མེ་སངས་རྒྱས་ཀྱི་ཞིང་རྣམ་པར་བསྒྲུབས་པ་དང་མི་མཐུན་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། དགེ ་བའི་རྩ་བོ་ཡོངས་སུ་སྨིན་པ་རྣམས་ཀྱི་རྣམ་པར་གྲོལ་བ་ལ་རིག་པར་བྱ་བ་ཉིད་མངོན་པར་སྒྲུབ་པ་རྣམ་པར་སྒྲུབ་པའི་ཕྱིར་ཡང་དག་པའི་གདམས་ངག་ཉེ་བར་སྒྲུབ་པ་ས་རླུང་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྟར་རླུང ་མངོན་པར་བསྒྲུབས་ནས་ཉེ་བར་སྦྱོར་བར་འགྱུར་བ་ལྟར་དེ་ནི་དེ་ལྟར་མ་ཡིན་ཏེ། རང་གི་དཀར་པོའི་ཆོས་མངོན་པར་འཕེལ་བའི་ཕྱིར་ཟླ་བ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྷུར་ཟླ་བ་ཡར་གྱི་ངོ་ཁོ་ན་ལ་སྣང་བར་བྱེད་ཀྱི། མར ་གྱི་ངོ་ལ་མ་ཡིན་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་སྤྱིའི་མཚན་ཉིད་ཀྱིས་ནག་པོ་དང་དཀར་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་ཤེས་པ་སྣང་བའི་ཕྱིར་ཉི་མ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྟར་ཉི་མ ་གཟའ་སྒྲ་གཅན་གྱིས་འཇིགས་པས་ཡོངསུ་རྒྱུ་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་འགྲོ་བ་རྣམས་སུ་ཉོན་མོངས་པའི་གཟའ་ཐམས་ཅད་ཀྱིས་མི་འཇིགས་པར་འཇུག་པའི་ཕྱིར་སེང་གེ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོང ་ཀྱི་ཇི་ལྟར་སེང་གེ་ཁལ་ཆེན་པོས་སྒྱིད་ལུག་པར་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། སྡུག་བསྔལ་གྱི་ཁུར་ཐམས་ཅད་ཁྱེར་བའི་ཕྱིར་གླང་པོ་ཆེ་དུལ་བ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྟར་གླང་པོ་ཆེ་རྙེད་པ་དང་མ་རྙེད་པ་དང་ཚིག ་འཇམ་པ་དང་མི་འཇམ་པ་དང་བདེ་བ་དང་སྡུག་བསྔལ་གྱི་སྤྱོད་པ་དག་གིས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དག་གིས་གོས་པར་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་རྗེས་སུ ་ཆགས་པ་དང་ཁོང་ཁྲོ་བ་དག་གིས་མི་གོས་པའི་ཕྱིར་པདྨ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྟར་པདྨོ་སྡོང་བུ་ལས་བཅད་ན་མི་སྐྱེ་བའི་ཆོས་ཅན་ཡིན་པ་ལྔར་དེ་ནི་དེ་ལྔ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་བཅོམ ་ཡང་དགེ་བའི་རྩ་བའི་སྟོབས་སྐྱེད་པས་ཡང་འཁོར་བར་སྐྱེ་བའི་ཕྱིར་རྩ་བ་མ་ཉམས་པའི་ཤིང་ལྗོན་པ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྟར་ཤིང་ལྗོན་པ་ཐ་མཱར་རྩ་བ་རབ་ཏུ་འཇིག་པར་འགྱུར་བ་ལྟར་དེ་ནི་དེ་ལྟ། ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པ་དང་བྱང་ཆུབ་ཆེན་པོར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཕྱིར་ཆུའི་རྒྱུན་རྒྱ་མཚོར་བབ་པ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྟར་ཆུའི་རྒྱུན་རྒྱ་མཚོ་ར་བབ་ན་རྒྱ་མཚོ་ཉིད ་དུ་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པ་དང་བྱང་ཆུབ་ཆེན་པོ་ལ་བརྟེན་པའི་དགེ་བོའི་རྩ་བ་དག་གིས་རྣམ་པར་རྩེ་བའི་ཕྱིར་རི་རབ་ལ་གནས་པའི་ལྷ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོང ་ཀྱི་ཇི་ལྟར་རི་རབ་ལ་གནས་པའི་ལྷ་རྣམས་རང་གི་བྱ་བ་ལ་བག་མེད་པར་དགའ་བ་མང་བ་ལྟར་དྲི་ནི་དེ་ལྟ་མ་ཡིན་ཏེ། ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་དང་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱང་པའི་ཕྱིར་བློན་པོས ་ཡོངས་སུ་ཟིན་པའི་རྒྱལ་པོ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་སྣོད་ཀྱི་ཇི་ལྟར་བློན་པོས་ཡོངསུ་ཟིན་པའི་རྒྱལ་པོ་བདག་ཉིད་ཀྱི་དོན་ཁོ་ནའི་ཕྱིར་སྐྱེ་དགུ་སྐྱོང་བར་བྱེད་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བདག་ཉིད་ཀྱི་དོན་ལ་མི་ལྟ་བར ་སྐྱེ་དགུ་སྐྱོང་བར་བྱེད་པའི་ཕྱིར་སྤྲིན་ཆེན་པོ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་སྤྲིན་ཆེན་པོ་ལོ་ཏོག་བསྒྲུབ་པ་ལ་གཏན་པ་མ་ཡིན་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་གཏན་དུ་བྱང་ཆུབ་ཀྱི་ཕྱོགས་དང ་མཐུན་པའི་ཆོས་སྐྱེད་པའི་ཕྱིར་འཁོར་ལོས་སྒྱུར་བ་འབྱུང་བ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྟར་འཁོར་ལོས་སྒྱུར་བ་སྐྱེས་བུ་ཆེན་པོ་དག་དང་ཟླ་མེད་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་རྣམ་པར་གྲོལ་བ ་ཐུན་མོང་དུ་གྱུར་པའི་དགེ་བོའི་རྩ་བ་སྐྱེད་པའི་ཕྱིར་ནོར་བུ་རིན་པོ་ཆེ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྟར་ནོར་བུ་རིན་པོ་ཆེ་ཀཪྵཱ་པ་ཎ་དང་ཤིན་ཏུ་མི་མཉམ་པ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཟག་པ་མེད ་པའི་དབྱིངས་སུ་ཞུགས་པས་བྱ་བ་མཉམ་ཞིང་བདེ་བའི་ལོངས་སྤྱོད་མཉམ་པའི་ཕྱིར་འདྲེས་པའི་ཚལ་དུ་ཞུགས་པ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྟར་འདྲེས་པའི་ཚལ་དུ་ཞུགས་པའི་ལྷ་རྣམས་ཉོན་མོངས་པ་རྣམ་པར་སྤེལ་ནས ་ཕྱི་མ་ལོ་ལོག་པར་ལྟུང་བར་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་བཅོམ་པས་ལོག་པར་མི་ལྟུང་བའི་ཕྱིར་ཉོན་མོངས་པའི་དུག་བཅོམ་པ་ལྟ་བུ་ཡང་ཡིན་ནོ།། དེ་ལྟ་མོད་ཀྱི་ཇི་ལྟར་དུག ་བཅོམ་པ་གནོད་པ་མི་བྱེད་པ་འབའ་ཞིག་ཏུ་ཟུད་ཀྱི། གང་ལའང་ཡོན་ཏན་དུ་མི་འགྱུར་བ་ལྟར་དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་རང་གི་ཉོན་མོངས་པས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕྱིར་ཉོན་མོངས ་པ་གྲོང་ཁྱེར་ཆེན་པོའི་ལྗོན་ལྗིན་ལྟ་བུ་ཡང་ཡིན་ནོ།། དེ་ལྟར་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་དཔེ་འཇིག་རྟེན་ན་གྲགས་པའི་དངོས་པོ་དེ་ལྟ་བུ་དང་། དེ་དག་པས་ཁྱད་པར་དུ་འཕགས་པའི་ཡོན་ཏན་དང་ལྡན་པས་ཡོན་ཏན་དཔེ ་མེད་པ་ཡིན་ཏོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་དཔེ་མེད་པ་དང་ལྡན་པ་ཡིན་པར་རིག་པར་བྱའོ།། ཡང་དག་པའི་སྒྲུབ་པ་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་གང་ཞེ་ན། བྱང་ཆུབ ་སེམས་དཔའི་ཆོས་ལ་གནས་པ་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་བཤད་པ་དྲང་བའི་དོན་བསྟན་པར་བྱ་བ་མ་ཡིན་པ་ལས་ཤིན་ཏུ་འདས་ནས། དེ་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ ་བྱས་པ། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ། ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ཚུལ་བཤད་པ་ངེས་པའི་དོན་བསྟན་པར་བྱ་བ་ལ་བརྩོན་པར་བྱེད་པ་ན་ཚུལ་བཞིན་ལ་བརྩོན་པ་ཞེས་བྱའོ།། ་ཚུལ་བཞིན་ལ་བརྩོན་པ་དང་དབུ་མའི་ལམ་དུ་ཞུགས་པ་ཡིན་ཏེ། འདི་ལྟར་ཆོས་དེ་ནི་དབུ་མའི་ལམ་རྣམ་པ་བཅུ་གསུམ་སྨོས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། གང་ཟག་སྟོང་པ་ཉིད་སྨོས་པར་བྱེད་པ་དང་། གང་ཟག་ལ་བདག་མེད ་པ་དང་། ཆོས་སྟོང་པ་ཉིད་དང་། ཆོས་ལ་བདག་མེད་པ་དང་། སྒྲོ་འདོགས་པའི་མཐའ་དང་། སྐུར་པ་འདེབས་པའི་མཐའ་དང་། ཆོས་མངོན་པར་རྟོགས་པ་དང་། དེ་ཉིད་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་ཉིད་དང་། དེ་ལྟར་ཞུག ་པའི་སེམས་ཉོན་མོངས་པ་དང་སྡུག་བསྔལ་བ་དག་གིས་ཡོངས་སུ་མ་གཏུགས་པ་ཉིད་དང་། བདག་མེད་པ་གཉིས་ལ་མོས་པའི་ཁྱད་པར་དང་། བདག་མེད་པ་སྔ་མ་ཤོས་ཕྱི་མའི་རྒྱུ་ཉིད་ཡིན་པ་དང་། མཐར་ཐུག་པའི་སྟོང ་བླ་ཉིད་དང་དེ་ཉིད་ཀྱི་མཐུ་སྨོས་པར་བྱེད་དོ།། ཇི་ལྟར་གང་ཟག་སྟོང་པ་ཉིད་སྤྲོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་མི་དམིགས་པ་ཡོངསུ་བསྟན་པ་ལས་ཏེ། དེ་ལ་མི་དམིགས་པ་ནི་འདི་ཡིན་ཏེ། དངོས་པོ་གསུམ་པོ་སེམས་ཅན ་ཀྱི་དངོས་པོ་དང་། དེའི་སྣ་ཚོགས་ཀྱི་དངོས་པོ་དང་། དེའི་ལོངས་སྤྱོད་ཀྱི་དངོས་པོ་ལོ་བྱིས་པ་རྣམས་ཀྱིས་ཀུན་བཏགས་པའི་བདག་ནང་དེང་ཕྱི་རོལ་དང་གཉི་ག་མེད་པར་ཡང་མི་དམིགས་པའོ།། ཇི་ལྟར་གང་ཟག་ལ་བདག་མེད ་པ་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་ཁོ་ནས་དམིགས་པ་ཡོང་སུ་བསྟན་པ་ལས་ཏེ། དེ་ལ་དམིགས་པ་ནི་འདི་ཡིན་ཏེ། དངོས་པོ་གསུམ་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་ལ་རྟག་པ་ཉིད་མི་དམིགས་པས་བྱིས་པས ་ཀུན་བཏགས་པའི་བདག་དང་མཚན་ཉིད་མི་འདྲ་བ་དམིགས་པའོ།། ཇི་ལྟར་ཆོས་སྟོང་པ་ཉིད་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་ཁོ་ནས་མི་དམིགས་པ་ཡོངས་སུ་བསྟན་པ་ལྔས་ཏེ། དེ་ལ་མི་དམིགས་པ་ནི་འདི་ཡིན་ཏེ། དངོས ་པོ་གསུམ་པོ་མི་རྟག་པས་བསྡུས་པ་དེ་ཉིད་ལ་བྱིས་པས་ཀུན་བཏགས་པ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ནང་དང་ཕྱི་རོལ་དང་གཉི་ག་མཱ་གཏོགས་པར་མི་དམིགས་པའོ།། ཇི་ལྟར་ཆོས་བདག་མེད་པ་སྨོས་པར་བྱེད་ཅེ་ན ་རྣམ་པ་གཅིག་ཁོ་ནས་དམིགས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་དམིགས་པ་ནི་འདི་ཡིན་ཏེ། དངོས་པོ་དེ་ཉིད་ལ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་དག་ཉིད་ཀྱི་སོ་སོ་རང་རིག་པ་དང་མཐུན་པ་གཞོན་དག་ལ ་ཡང་བརྗོད་དུ་མེད་པ་གང་ཡིན་པ་དམིགས་པ་སྟེ། དེ་ལའང་རྣམ་པ་དྲུག་གིས་བྱིས་པས་ཀུན་བཏགས་པ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་མཚན་ཉིད་མི་འདྲ་བ་དམིགས་ཏེ། རྣམ་པ་དྲུག་གང་ཞེ་ན། ་བདག་གིས་བརྟགས་པར་མི་ནུས་པ་དང་། གཞན་དག་ལ་བསྟན་དུ་མེད་པ་དང་། དབང་པོ་གཟུགས་ཅན་གྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་དང་། མཚན་མ་ཐམས་ཅད་ལས་ཡང་དག་པར་འདས་པ་དང་། རྣམ ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་དང་། ཉོན་མོངས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའོ།། ཇི་ལྟར་སྒྲོ་འདོགས་པའི་མཐའ་སྨོས་པར་བྱེད་ཅེ་ན། རྣམ་པ་གཉིས་ཀྱི་ཏེ། བྱེ་བྲག་ཏུ་སྒྲོ་འདོག ་པ་ཡོངས་སུ་བསྟན་པ་དང་། ངོ་བོ་ཉིད་དུ་སྒྲོ་འདོགས་པ་ཡོངས་སུ་བསྟན་པ་ལས་སོ།། དེ་ལ་བྱེ་བྲག་ཏུ་སྒྲོ་འདོགས་པ་གང་ཞེ་ན། གོང་ནས་གོང་དུ་རྣམ་པ་བརྒྱད་ངེ། དངོས་པོ་དེ་ཉིད་ལ་རྟག་པར་འཛིན་པས་སྒྲོ་འདོགས ་པ་དང་། མི་རྟོག་པར་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་བདག་ཏུ་འཛིན་པས་སྒྲོ་འདོགས་པ་དང་། མི་རྟག་པར་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་བདག་མེད་པར་འཛིན་པས་སྒྲོ་འདོགས་པ་དང་། བདག ་མེད་པར་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་ཡང་དག་པའི་སེམས་སུ་འཛིན་པོས་སྒྲོ་འདོགས་པ་དང་། བདག་ཏུ་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་ཡང་དག་པ་མ་ཡིན་པའི་སེམསུ་འཛིན་པས་སྒྲོ་འདོགས ་པ་དང་། དེའང་སེམས་མེད་པ་དང་ཚོལ་བ་པའོ།། ཚུལ་བ་པ་ཡང་དེས་ཀུན་བཏགས་པའི་གནས་དང་། དེས་ཀུན་བཏགས་པ་དང་མཚུངས་པར་ལྡན་པ་སྟེ། མི་མཐུན་པའི་ཕྱོགས་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས ་རྣམས་ལ་ཉེས་པ་ལྔ་དང་མཚུངས་པར་ལྡན་ཏེ། ཕྱིན་ཅི་ལོག་གི་ཉེས་པ་དང་། སྤྲོས་པའི་ཉེས་པ་དང་། ཉེས་པར་སྤྱོད་པའི་ཀུན་ནས་སློང་བའི་ཉེས་པ་དང་། གནས་ངན་ལོན་གྱི་ཉེས་པ་དང་། མི་རྟག་པ་ཉིད་ཀྱི་ཉེས ་པ་དང་ངོ་།། དེའི་གཉེན་པོ་རྣམ་པར་བྱང་བ་དག་ལ་ཡང་དག་པའི་སེམ་སུ་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས། དགེ་བ་ལ་སོགས་པར་འཛིན་པས་སྒྲོ་འདོགས་པ་ནས་རྣམ་པར་བྱང་བའི་བར་དུ་འཛིན་པས་སྒྲོ་འདོལ ་པ་དང་ཡང་དག་པ་མ་ཡིན་པའི་སེམ་སུ་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་མི་དགེ་བ་ལ་སོགས་པར་འཛིན་པས་སྒྲོ་འདོགས་པ་ནས་ཀུན་ནས་ཉོན་མོངས་པའི་བར་དུ་འཛིན་པས་སྒྲོ་འདོགས་པ་སྟེ། དེ་དག་ནི་བྱ ་བྲག་ཏུ་སྒྲོ་འདོགས་པ་བརྒྱད་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ནི་སྒྲོ་འདོགས་པ་དེ་དག་ལ་མངོན་པར་ཞེན་པར་ཡང་མི་བྱེད་ལ། གཞན་དག་ལ་ཡང་དག་པར་འཛིན་དུའང་མི་འཇུག་བསྔགས་པ་བརྗོད་པར་ཡང་མི ་བྱེད་དོ།། དེ་ལ་ངོ་བོ་ཉིད་དུ་སྒྲོ་འདོགས་པ་ནི་བྱེ་བྲག་ཏུ་སྒྲོ་འདོགས་པའི་གནས་གང་ཡིན་པ་སྟེ། དངོས་པོ་དེ་ཉིད་ལ་བྱིས་པས་ཀུན་བཏགས་པ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་ཡོད་དོ་ཞེས་སྒྲོ་འདོགས ་པའོ།། ཇི་ལྟར་སྐུར་པ་འདེབས་པའི་མཐའ་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་འདི་ཡིན་ཏོ། འད ་ལྟ་སྟེ་ལོག་པར་ཆོས་བདག་མེད་པ་ལ་མོས་པ་རྣམ་པ་ཐམས་ཅད་དུ་ཆོས་ཀྱི་མཚན་ཉིད་ཐམས་ཅད་མེད་པ་ཉིད་དུ་མངོན་པར་ཞེན་པ་ཡིན་ནོ།། ཇི་ལྟར་ཆོས་མངོན་པར་རྟོགས་པ་སྨོས་པར་བྱེད་ཅེ་ན། རྣམ་པ་གསུམ་གྱིས་ཏེ། དངོས་པོ་དེ ་ཉིད་དང་། བཞི་པ་སྐྱེ་བའི་དངོས་པོ་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་། འདུས་བྱས་དང་འདུས་མ་བྱས་སུ་རྣམ་པར་གནས་པ་ལ་ངོ་བོ་ཉིད་མི་དམིགས་པ་ཡོངས་སུ་བསྟན་པ་དང་། བྱེ་བྲག་མི་དམིགས་པ་ཡོངས་སུ་བསྟན་པ་དང་། ་དེ་གོམས་པར་བྱས་པས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ཡོངས་སུ་བསྟན་པས་སོ།། དེ་ལ་ངོ་བོ་ཉིད་མི་དམིགས་པ་ནི་འདི་ཡིན་ཏེ། བྱིས་པས་ཀུན་བཏགས་པའི་ངོ་བོ་ཉིད་ཀྱིས་མི་དམིགས་པ་གང་ཡིན་པའོ།། ་དེ་ལ་བྱེ་བྲག་མི་དམིགས་པ་ནི་འདི་ཡིན་ཏེ། ངོ་བོ་ཉིད་དེ་ཉིད་ལ་སྐྱེ་བ་དང་འགག་པ་ཡང་དག་པར་འགྲུབ་པ་གཉིས་སུ་མེད་པས་མི་དམིགས་པ་གང་ཡིན་པའོ།། དེ་ལ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ནི་འདི ་ཡིན་ཏོ།། དེའི་ངོ་བོ་ཉིད་དང་དེའི་མཚན་མ་ཡིད་ལ་བྱེད་ཅིང་ཡང་དག་པར་མི་སྣང་བའི་སྦྱོར་བས་སོ་སོ་རང་རིག་པ་དང་མཐུན་པའི་ཤེས་པ་རབ་ཏུ་རྟོགས་པ་གང་ཡིན་པའོ།། ཇི་ལྟར་ཆོས་མངོན་པར་རྟོགས་པ་བྱང་ཆུབ་ཆེན་པོར་ཡོངས་སུ ་བསྔོ་བ་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་སོ་སོར་བརྟགས་ཏེ་གཉེན་པོ་ཐོབ་པས་མི་མཐུན་པའི་ཕྱོགས་མི་སྤོང་བ་ལས་ཏེ། དེ་ལ་གཉེན་པོ་དང་མི་མཐུན་པ་ནི་འདི་ཡིན་ཏེ། སྟོང་པ་ཉིད་ནི་ཉོན་མོངས་པའི་གཉེན་པོའོ།། སྨོན་པ་མེད ་པ་ནི་སྲིད་པར་སྨོན་པའོ།། མཚན་མ་མེད་པ་ནི་མཚན་མ་རྣམས་ཀྱི་སྟེ། དེ་དག་ཐམས་ཅད་ཀྱང་མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱའོ།། དེའང་ཡང་སྲིད་པ་འབྱུང་བར་བྱེད་པའི་ལས་གཉེན་པོ་དང་སྐྱེ་བའི་རྒྱུན་དང་། སྐད་ཅིག་སྐྱེ་བའི ་རྒྱུན་གྱི་གཉེན་པོ་ཡིན་ནོ།། འགོག་པ་མྱ་ངན་ལས་འདས་པ་ནི་འདུ་བྱེད་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ།། དེའི་མི་མཐུན་པའི་ཕྱོགས་ནི་འཁོར་བའི་རྒྱུན་ཡིན་ནོ།། བྱང་ཆུབ་སེམས་དཔའ་གཉེན་པོ་དེས་སོ་སོར་བརྟགས ་ཏེ་མི་མཐུན་པའི་ཕྱོགས་མི་སྤོང་བ་གང་ཡིན་པ་དེ་ནི་སེམས་ཅན་ལོ་སྙིང་བརྩེ་བ་ལས་བརྟེན་ཏེ་བྱང་ཆུབ་ཆེན་པོ་འདོད་པ་ཡིན་ནོ།། ཇི་ལྟར་དེ་ལྟར་ཞུགས་པའི་སེམས་ཉོན་མོངས་པ་དང་སྡུག་བསྔལ་བ་དག་གིས་ཡོངསུ་མ་གཏུགས ་པ་ཉིད་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་མི་མཐུན་པའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ལས་ཏེ། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ནི་འདི་ཡིན་ཏེ། ཆོས་ལ་བདག་མེད་པའི་སྦྱོར ་བས་ཆོས་དེ་དག་ཉིད་ལ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པ་དང་། སྡུག་བསྔལ་མེད་པར་ཡང་དག་པར་རྗེས་སུ་མཐོང་བའོ།། ཇི་ལྟར་བྱེ་བྲག་སྨོས་པར་བྱེད་ཅེ་ན། རྣམ་པ་བཞི་སྟེ། ལྟ་བའི་བྱེ་བྲག་ཡོངས་སུ་བསྟོན ་པ་དང་། དེ་ཉིད་ཁྱད་ཆེས་དམན་པའི་བྱེ་བྲག་ཡོངས་སུ་བསྟན་པ་དང་། སྤོང་བ་ལ་རྣམ་པར་འཁྲུལ་པའི་བྱེ་བྲག་ཡོངས་སུ་བསྟན་པ་དང་། སེམས་རྣམ་པར་འཁྲུལ་པའི་བྱེ་བྲག་ཡོངསུ་བསྟན་པ་ལས་སོ།། དེ་ལ ་ལྟ་བའི་བྱེ་བྲག་ནི་འདི་ཡིན་ཏེ། གང་ཟག་ལ་བདག་མེད་པ་ལ་གནས་པ་ནི་མྱ་ངན་ལས་འདས་པ་ལ་ཕྱི་མར་བདག་ཉིད་ཚོད་པར་མངོན་པའི་ང་རྒྱལ་ཅན་དུ་འགྱུར་བ་དང་། གཟུང་བ་ཡོངས་སུ་བརྟག་པའི་ཕྱིར་དང་། འཛིན་པ་གཏན ་དུ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བ་སྟོང་པ་ཉིད་ཀྱིས་བསྡུས་པ་ཡོངས་སུ་མ་བརྟགས་པའི་ཕྱིར་ཤེས་བྱ་ཤིན་ཏུ་མ་རྟོགས་པས་ཆོས་ཀྱི་བདག་ཉིད་ལ་མངོན་པར་ཞེན་པ་དེས་ཉོན་མོངས་པ་སྤོང་བ་ལ་སོགས་པ་སྟོང ་བ་ཡོངས་སུ་ཚོལ་བར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ནོ།། དེ་ལ་དྲི་ཉིད་ཁྱད་ཆེས་དམན་པའི་བྱེ་བྲག་ནི་འདི་ཡིན་ཏེ། གང་ཟག་ལ་བདག་མེད་པ་ལ་གནས་པ་ནི་རྒྱུ་གཉིས་པོ་སྡུག་བསྔལ་བར་གནས་པ་དང་།། ་རིམ་གྱིས་འཛིན་པ་གཉིས་ཀྱིས་ཉམས་པས་སྡུག་བསྔལ་ལས་རྣམ་པར་མྱ་ཐར་པའི་ཕྱིར་སོ་སོའི་སྐྱེ་བོ་བདག་ཏུ་ལྟེ་བ་དམན་པ་བས་ཀྱང་ཆུས་དམན་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་པའོ།། དེ་ལ་སྤོང་བ ་རྣ་ཁྲུལ་བྱི་བྱེ་བྲག་ནི་འདི་ཡི་ནི་ཏེ་གང་ག་ལ་བདག་མེད་པ་ལ་གནས་པ་ན་ཆོས་བདག་པ་དང་། དུ་སོན་པ་ནིན་བྱ་སྐྲག་སི་། བ་སྙད་ལས་བྱུང་བའི་དེ་ཉིད་མེད་པ་ལ་ཆད་པ་ཡི་སུ་ཚོལ་གྱི། བྱང་ཆུབ་སེམས་དཔའ་དི་ང། མ་ཡིན།། དེ་ལ་སེམས་ནར་འཁྲུལ་པའི་བྱེ་བྲག་ནི་འདི་ཡིན་ཏེ། གང་ཟག་ལ་བདག་མེད་པ་ལ་གནས་པ་ལྟར་རུང་བ་ལ་ན་འཁྲུལ་པ་ནིང་གི་ཀུན་ཏུ་རྟོག་པ་ལས་བྱུག་ཡི་བུ་བ་རྣམས་ལ་འདུག་བན་ཅི་ལོག་ལག་བྱེད ་ཡོན་ཏུ་འགྱུར་གྱི། བྱང་ཆུབ་སེམས་དང་ནི་དེ་ལྟ་མ་ཡིན་པའོ།། ཇི་ལྟར་རྒྱུ་ཉིད་སྤྲོས་པར་བྱེད་ཅེ་ན། རྣམ་པ་གཉིས་ཀྱིས་ཏེ། འཛིན་པ་ལ་སོ་སོར་རྟོག་པ་ཡོངས་སུ་བསྟན་པ་དང་། དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ཡོངས་སུ་བསྟུན་པ ་ལྔས་ཏེ། དེ་ལ་འཛིན་པ་ལ་སོ་སོར་རྟོག་པ་ནི་འདི་ཡིན་ཏེ། བདག་མེད་པའི་ཤེས་པ་དེ་ཉིད་ལ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བ་ཉིད་དང་དེས་ཀུན་བཏགས་པ་དང་བྲལ་བ་ཉིད་དང་། མཚན་ཉིད་མེད་པ་ཉིད་དང་། སྐད་ཅིག་མ་ཉིད ་ཀྱིས་གཏང་བར་བྱ་བ་ཡིན་པར་སོ་སོར་རྟོག་པ་གང་ཡིན་པའོ།། དེ་ལ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོག་པ་ནི་འདི་ཡིན་ཏེ། གཟུང་བ་དང་འཛིན་པ་ལ་ཡོངས་སུ་རྟོག་པར་བྱེད་པའི་ཚུལ་བཞིན་ཡིད་ལ་བྱེད་པ་དག་ཡིད་ལ་བྱས་པའི ་རྒྱུས་སོ་སོ་རང་རིག་པ་དང་མཐུན་པའི་ཤེས་པ་ངེས་པ་སྐྱེས་པ་གང་ཡིན་པའོ།། ཇི་ལྟར་མཐར་ཐུག་པའི་སྟོང་པ་ཉིད་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་ཆོས་བདག་མེད་པའི་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང ་བི་ལས་ཏེ། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ནི་འདི་ཡིན་ཏེ། ལས་དང་ཉོན་མོངས་པ་མཚན་ཉིད་འདྲི་བར་མཐོང་བའི་ཕྱིར་བརྗོད་དུ་མེད་པའི་ཆོས་ཉིད་གང་ཡིན་པ་དང་། ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར ་དང་། དེ་ལྟར་མངོན་པར་ཞེན་པར་བྱེར་མེད་པའི་ཕྱིར་དང་། སྐད་ཅིག་པ་ཉིད་ཡིན་པའི་ཕྱིར་རོ།། ཇི་ལྟར་སྟོང་པ་ཉིད་དེ་ཉིད་ཀྱིས་མཐུ་སྨོས་པར་བྱེད་ཅེ་ན། རྣམ་པ་གཅིག་གིས་ལས་དང་ཉོན་མོངས་པ་སྤོང་བའི་གཉེན་པོ་ཡོངས་སུ ་བསྟན་པ་ལས་ཏེ། དེ་ལ་སྤོང་བ་ནི་འདི་ཡིན་ཏེ། ཤེས་པའི་སྣང་བ་དེ་སྐད་ཅིག་དེ་ཉིད་ལ་སྐྱེས་པས་ཐོག་མ་མེད་པའི་དུས་ནས་བྱུང་བའི་ལས་དང་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའོ།། ནབློན་དུ་ཉན་ཐོས་ཀྱི། ་བསླབ་པ་དང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་བྱེ་བྲག་ནི་ཅི་ཡོད་ཅེ་ན། ཉན་ཐོས་ནི་རྣམ་པ་བཞིའོ།། ཉན་ཐོས་ཀྱི་བསླབ་པ་དང་བྱང་ཆུབ་སེམས་དཔའི་བསླབ་པའི་བྱེ་བྲག་ནི་རྣམ་པ་བཅུ་གསུམ་གྱིས་རིག་པར་བྱའོ།། སྤྲུལ ་བའི་ཉན་ཐོས་དང་། མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་དང་། བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ཉན་ཐོས་དང་། ཞི་བའི་བགྲོད་པ་གཅིག་པའི་ཉན་ཐོས་སོ།། དེ་ལ་སྤྲུལ་པའི་ཉན་ཐོས་ནི་བྱང་ཆུབ་སེམས་དཔས་སེམས་ཅན ་རྣམས་གདུལ་བའི་ཕྱིར་སྤྲུལ་པ་གང་ཡིན་པའོ།། དེ་ལ་མངོན་པའི་ང་རྒྱལ་ཅན་གྱི་ཉན་ཐོས་ནི་གང་ཟག་ལ་བདག་མེད་པའི་ཤེས་པ་ཙམ་དང་། ཆོས་ལ་བདག་མེད་པ་ལ་ལོག་པར་མངོན་པར་ཞེན་པའི་ཤེས་པས་དག་པར ་རྟོག་པ་གང་ཡིན་པའོ།། དེ་ལ་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ཉན་ཐོས་ནི་དང་པོ་ཉིད་ནས་སྙིང་རྗེ་ཤིན་ཏུ་ཆུང་བའི་རིགས་ཅན་དུ་གྱུར་པ་ལས། དེ་བཞིན་གཤེགས་པ་དང་ཉེ་བར་གནས་པས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ ་དག་ལ་ཡོན་ཏན་དུ་ཤེས་པ་ཡོངས་སུ་བསྒོམས་པའི་རྒྱུད་ཅན་དུ་གྱུར་པས། དེ་མཐར་ཐུག་པར་གྱུར་ཅིང་ཟག་པ་མེད་པའི་དབྱིངས་ལ་གནས་ཀྱང་སངས་རྒྱས་རྣམས་ཀྱིས་ཡང་དག་པར་བསྐུལ་བར་མཛད་འཇུག་པར་མཛད ་ཅིང་། ཐབས་ཉེ་བར་སྟོན་པར་མཛད་དེ། དེ་རྒྱུ་དེས་ན་བྱང་ཆུབ་ཆེན་པོ་མངོན་པར་བསྒྲུབ་པར་བྱེད་པ་གང་ཡིན་པའོ།། དེ་དེ་ལྟར་བྱང་ཆུབ་ཆེན་པོ་མངོན་པར་སྒྲུབ་པར་བྱེད་མོད་ཀྱི། ཞི་བ་ལ་མངོན་པར་དགའ་བ་ཉིད་ཀྱི་ཕྱིར ་དེ་སྦྱོར་བ་དེ་ལ་ཤིན་ཏུ་དུལ་བར་འགྱུར་ཏེ། སངས་རྒྱས་ཀྱི་རིགས་ཅན་དང་པོ་སེམས་བསྐྱེད་པ་ཡང་དེ་ལྟ་བུར་ནི་མི་འགྱུར་རོ།། དེ་ལ་ཞི་བའི་བགྲོད་པ་གཅིག་པའི་ཉན་ཐོས་ནི་དང་པོ་ཉིད་ནས་སྙིང་རྗེ་ཤིན་ཏུ་ཆུང་བའི་རིགས་ཅན ་ཡིན་པའི་ཕྱིར་དང་། གཅིག་ཏུ་སེམས་ཅན་གྱི་དོན་ལ་མི་ཕྱོགས་པའི་ཕྱིར་དང་། སྡུག་བསྔལ་གྱིས་འཇིགས་པའི་ཕྱིར་མྱ་ངན་ལས་འདས་པ་གནས་པའི་བསམ་པ་ཅན་ཁོ་ནར་འགྱུར་ཞིང་། བྱང་ཆུབ་ཆེན་པོ་མངོན་པར་བསྒྲུབ་པའི ་སྐལ་བ་མེད་པ་གང་ཡིན་པའོ།། འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་བུ་གནས་མཚུངས་པར་སྐྱེས་ཤིང་རྒྱལ་པོའི་བདེ་བའི་ལོངས་སྤྱོད་ཀྱིས་མཚུངས་མཉམ་པར་གྱུར་པ་གཉིས་ཤིག་ཡོད་པ་ལས། དེ་ལ་གཅིག་ནི་རྒྱལ་པོའི་བྱ་བ ་དང་བསྟན་བཅོས་དང་བཟོའི་གནས་ལ་མཁས་པ་ཡིན་ལ། ཅིག་ཤོས་ནི་དེ་ལྟ་མ་ཡིན་ནོ།། དེ་གཉིས་ནི་ཡན་ལག་ངེས་བྱེ་བྲག་ཏུ་གྱུར་པར་ཟད་ཀྱི། རྒྱལ་པོའི་བདེ་བའི་ལོངས་སྤྱོད་ཀྱིས་བྱེ་བྲག་ཏུ་གྱུར་པ་ནི་མ་ཡིན་པ་དེ་བཞིན ་དུ་ཟག་པ་མེད་པའི་དབྱིངས་ན་བྱང་ཆུབ་སེམས་དཔའ་དང་ཞི་བའི་བགྲོད་པ་གཅིག་པའི་ཉན་ཐོས་ཀྱི་བྱེ་བྲག་ཀྱང་རིག་པར་བྱ་སྟེ། དེ་གཉིས་ཀྱི་བྱེ་བྲག་ནི་བསམ་པ་དང་། དཀར་པོའི་ཆོས་ཡང་དག་པར་འགྲུབ་པ་དང་། ཤེས་པ ་ཡང་དག་པར་སྒྲུབ་པ་དང་། རྗེས་སུ་འགྲོ་བ་དང་རིགས་དང་། གདུང་ཡང་དག་པར་འཛིན་པ་དང་། སྦྱོར་བ་དང་། མཐུ་དང་། སྒྲུབ་པ་དང་། སྦྱིན་གནས་ཀྱི་འོས་ཉིད་དང་། ཁྱད་པར་ཅན་ལས་ཁྱད་པར་དུ་འཕགས་པ་དང་། ་རྒྱུ་དང་འབྲས་བུ་དང་འབྱུང་བའི་རྟེན་ལས་ཀྱང་རིག་པར་བྱའོ།། ཉན་ཐོས་ནི་འདུ་བྱེད་དང་ཉོན་མོངས་པ་དང་སེམས་ཅན་གྱི་དོན་ལ་མི་ཕྱོགས་པའི་ཕྱིར་གཅིག་ཏུ་ཞི་བར་གནས་པའི་བསམ་པ་ཅན་ཡིན་གྱི། བྱང་ཆུབ་སེམས་དཔའ ་ནི་ཞི་བ་ཐོབ་ཀྱང་དེ་ལས་བཟློག་པ་ཡིན་ནོ།། ཉན་ཐོས་ནི་བདག་ཉིད་ཀྱི་བདེ་བ་ཡང་དག་པར་འཕེལ་བར་བྱེད་པ་དཀར་པོའི་ཆོས་ཆུང་ངུ་དག་དང་ལྗོན་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་བདེ་བ ་ཡང་དག་པར་འཕེལ་བར་བྱེད་པ་དཀར་པོའི་ཆོས་ཚད་མེད་པ་དང་ལྡན་པ་ཡིན་ནོ།། ཉན་ཐོས་ནི་འདུས་མ་བྱས་ཀྱི་ཤེས་པས་བདག་ཉིད་ཉོན་མོངས་པ་རྣམས་ཀྱིས་གསོག་དང་གསོབ་ཏུ་བྱེད་པ་ཟད་ཀྱི། བྱང་ཆུབ་སེམས་དཔའ ་ནི་ཕྱོགས་བཞིའི་སེམས་ཅོན་ཐམས་ཅད་ངོ་།། ཉན་ཐོས་ནི་རྣམ་པར་གྲོལ་བའི་ཆོས་མཆོག་ལ་དམིགས་པའི་ཡིད་ལ་བྱེད་པ་ལས་ཡོང་དག་པར་གྲུབ་ཀྱང་སངས་རྒྱས་ཀྱི་སྲས་སུ་མི་འགྱུར་གྱི། བྱང་ཆུབ་སེམས་དཔའ་ནི ་འདུ་བྱེད་དང་། སེམས་ཅན་དང་། ཆོས་ངན་པ་ལ་དམིགས་པའི་ཡིད་ལ་བྱེད་པ་ལས་ཡང་དག་པར་གྲུབ་ཀྱང་སངས་རྒྱས་ཀྱི་སྲས་སུ་གྱུར་པ་ཡིནོ།། ཉན་ཐོས་ནི་བརྩོན་འགྲུས་བརྩམས་ཤིང་བདེན་པ་ལ་མཁས་པ་དང་། ་སེམས་ལེགས་པར་མཉམ་པར་གཞག་ཀྱང་སངས་རྒྱས་ཀྱི་རིགས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལྟར་སངས་རྒྱས་རྣམས་ཀྱིས་ཡོངས་སུ་མི་གཟུང་གི། བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག ་པ་ཡིན་ནོ།། ཉན་ཐོས་ནི་མཐར་ཐུག་པར་གྱུར་པ་ཡིན་པའི་ཕྱིར་དབང་པོ་ཡོངས་སུ་སྨིན་པ་ཡིན་པ་ཡང་ཕྱིས་སངས་རྒྱས་ཀྱི་མཛད་པ་བྱེད་མི་ནུས་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་སྐད་ཅིག་དེ་ལ་དང་པོ་སེམས་བསྐྱེད་པས ་ཀྱང་ནུས་སྷོ།། ཉན་ཐོས་ནི་མཐར་ཐུག་པར་གྱུར་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་སྦྱོར་བ་ལ་ཞུགས་པ་དེ་ལྟར་ལྷ་དང་མི་རྣམས་ཀྱིས་མཆོད་པར་བྱ་བ་དང་བསྟོད་པར་བྱ་བའི་འོས་མ་ཡིན་གྱི། བྱང་ཆུབ་སེམས ་དཔའ་ནི་ཡིན་ནོ།། བྱང་ཆུབ་སེམས་དཔའ་ནི་མཐར་ཐུག་པར་གྱུར་པ་མ་ཡིན་ཡང་མཐུ་དང་ཤེས་པ་དག་གིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་པོ་ཡིན་ནོ།། ཉན་ཐོས་ནི་ཉོན་མོངས་པའི་ནད་ཞི་བར་བྱུང་བ ་ཡེ་ཤེས་ཀྱི་སྨན་ཡོངས་སུ་གྲུབ་པ་ཡིན་ཡང་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ནང་ཞི་བར་བྱེད་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དོན་ལ་ཞུགས་པའི་ཕྱིར་དེ་ལས་བཟློག་པ་ཡིན་ནོ།། ཉན་ཐོས་ནི་མཐར ་ཐུག་པར་གྱུར་པ་ཡིན་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་མ་ཟད་པ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་བྱེད་པའི་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་ཀྱི་འོས་ཉིད་དུ་གྱུར་པ་དེ་ལྟ་བུ་མ་ཡིན ་གྱི། བྱང་ཆུབ་སེམས་དཔའ་ནི་ཡིན་ནོ།། དེ་བཞིན་གཤེགས་པ་རྣམས་ནི་དུས་རྟག་ཏུ་ཉན་ཐོས་པས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་དག་པས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཆེས་ཤིན་ཏུ་ཁྱད་པར་དུ ་འཕགས་པ་ཡིན་ཏེ། དེ་དག་ལས་དེ་དག་ཡང་དག་པར་འགྲུབ་པའི་ཕྱིར་རོ།། དེ་དག་ནི་རྒྱུ་གཉིས་ཀྱིས་ན་ཆེས་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་དེ་དག་གིས་སེམས་ཅན་ཡོངསུ་སྨིན་པར་བྱས་པ་དང་། ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱས་པའི་ཕྱིར་ཏེ། དེ་ལས་བྱང་ཆུབ་ཀྱི་འབྲས་བུ་བརྙེས་པ་དང་། ཇི་ལྟར་ཡོངསུ་སྨིན་པར་བྱས་པའི་སེམས་ཅན་རྣམས་རྣམ་པར་གྲོལ་བར་མཛད་དེ། འདི་ལྟ་སྟེ་དཔེར་ན་སྒྲིབ་པ་པོ་དང་གཡོས ་མཁན་ལ་ངོ་མཚར་གྱི་བློ་འབྱུང་བ་ལྟར་ཟབ་པོ་ལ་དེ་ལྟ་མ་ཡིན་པ་དེ་བཞིན་དུ་འདི་ལའང་རིག་པར་བྱའོ།། ཉན་ཐོས་ནི་གཅིག་ཏུ་རྣམ་པར་དག་པའི་ཆོས་ཀྱི་རྒྱུ་ཡང་དག་པར་བླངས་ཏེ་གནས་ཤིག་དགེ་བའི་བཤེས་གཉེན་དུ ་མས་ཡོངས་སུ་གཟུང་ཡང་བྱང་ཆུབ་ཆེན་པོའི་འབྲས་བུ་མངོན་པར་འགྲུབ་པར་མི་འགྱུར་གྱི། བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པས་ཀྱང་འགྲུབ་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་ལ་བརྟེན་ནས་ནི་ཉན་ཐོས་རྣམས་འབྱུང ་བར་འགྱུར་གྱི། ཉན་ཐོས་ལ་བརྟེན་ནས་ནི་བྱང་ཆུབ་སེམས་དཔའ་རྣམས་མི་འབྱུང་ངོ་།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཤེས་པ་དག་གིས་གཞན་གྱི་དོན་བྱ་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཕྱོགས་ཐམས ་ཅད་དུ་ཁམས་འཕོ་ཡང་རུང་། ཡུལ་གཞན་དུ་འཕོ་ཡང་རུང་། སྐྱེ་བ་འཕོ་ཡང་རུང་། གཞན་གྱིས་གསོལ་བ་བཏབ་ཀྱང་རུང་སྟེ། ཉོན་མོངས་པའི་འབྱུང་པོའི་གདོན་གྱིས་བརླམས་པའི་སེམས་ཅན་རྣམས་ལ་བསླབ་པ་གསུམ་གྱི་ལམ ་རྣམ་པར་དག་པ་ཉེ་བར་སྟོན་པས་གསོ་བར་བྱེང་པ་ན་སྨན་པ་བླ་ན་མེད་པ་ཡིན་ནོ།། འཇིག་རྟེན་པའི་ཤེས་པ་གང་ཞེ་ན། ཀུན་ནས་ཉོན་མོངས་པ་རིགས་པ་སེལ་བའི་གཉེན་པོ་དང་། འབྲིང་རྣམ་པར་གནོན་པོའི་གཉེན་པོ་གང་ཡིན ་པའོ།། ཀུན་ནས་ཉོན་མོངས་པ་རགས་པ་གང་ཞེ་ན། ཁྱིམ་པ་རྣམས་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤྱད་པ་ཉིད་དང་། རབ་ཏུ་བྱུང་བ་རྣམས་ཀྱི་ལྟ་བ་ལ་བརྟེན་པ་ཉིད་དང་། དེའི་གནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ ་ལ་བརྟེན་པ་ཉིད་དང་། ཡང་སྲིད་པར་སྨོན་པ་ལ་བརྟེན་པ་ཉིད་དང་། ཕྱིན་ཅི་ལོག་བཞི་པོ་བསྡུས་པ་དང་། རི་རེ་དག་གིས་ཐར་པ་ལ་ཡིན་པ་ལ་ཐར་པར་མངོན་བཞིན་པ་ལ་བརྟེན་པ་ཉིད་གང་ཡིན་པའོ།། ཀུན་ནས་ཉོན་མོངས་པ་འབྲིང་གང ་ཞེ་ན། རང་རང་གི་གཉེན་པོ་ལ་བརྟེན་པས་ཀུན་ནས་ཉོན་མོངས་པ་རླགས་པ་བརྩལ་བའི་ཡུལ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཀུན་ནས་དཀྲིས་པའི་གནས་ཉིད་གང་ཡིན་པའོ།། དམིགས་པ་ལ་ཡང་དག་པར་བསྟད ་པས་མཉམ་པར་མ་གཞག་པའི་སེམས་མཉམ་པར་བཞག་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱིས་བརྩོན་པར་བྱེད་པ་ན། དེ་རྣམ་པར་གནོན་པར་བྱེད་ཅིང་། བསྒོམ་པ་ངེས་བདག་ཉིད་རབ་ཏུ་འཛིན་པར ་ཡང་མི་བྱེད་པར་དམིགས་པ་ལ་སེམས་ཉེ་བར་བསྟད་དེ་གནས་པར་བྱ་བའི་ཕྱིར་འབད་པར་བྱེད་དོ།། དེའི་འོག་ཏུ་གནས་པ་རབ་ཏུ་འཛིན་པར་བྱེད་དེ། དེ་རབ་ཏུ་གཟུང་བས་ལུས་ལ་རིལ་པོར་འཛིན་པ་གང་གིས ་ཀུན་ནས་དཀྲིས་པ་འབྲིང་འབྱུང་བར་འགྱུར་བ་དེ་རྣམ་པར་གནོན་པར་འགྱུར་རོ།། དེའི་འོག་ཏུ་འཇིག་རྟེན་ལས་འོངས་པའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་སྤངས་ཏེ། གཉེན་པོ་ལ་གནས་པར་འགྱུར་ཞིང་དེ་ཉིད་བརྟན་པར་བྱེད་དོ།། ། ་དེའི་འོག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཀུན་ཏུ་རྨོངས་པ་དང་། གང་ཟག་ལ་བདག་མེད་པ་ལ་ཀུན་ཏུ་རྨོངས་པ་དང་། ཆོས་ལ་བདག་མེད་པ་ལ་ཀུན་ཏུ་རྨོངས་པ་རྣམ་པར་གནོན་པར་བྱེད་དོ།། དེའི་འོག་ཏུ་ལམ་ངན་པ་དང་ལམ ་ལ་ངེས་པར་འགྱུར་ཏེ། དེ་ལྟར་རྣམ་པ་དེ་དག་གིས་ཀུན་ནས་ཉོན་མོངས་པ་རགས་པ་དང་འབྲིང་སྤེལ་བ་དང་རྣམ་པར་གནོན་པའི་གཉེན་པོར་གྱུར་པའི་ཤེས་པ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཤེས་པ་ཞེས་བྱའོ།། འཇིག་རྟེན་ལས ་འདས་པའི་ཤེས་པ་གང་ཞེ་ན། དེ་ལྟར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཀུན་ནས་དཀྲིས་པའི་ཀུན་ནས་ཉོན་མོངས་པ་རྣམ་པར་མནན་པའི་ཀུན་ནས་ཉོན་མོངས་པའི་བག་ལ་ཉལ་ཕྲ་མེའི་གཉེན་པོར་གྱུར་པའི་ཤེས་པ ་གང་ཡིན་པའོ།། དེ་ཡང་གང་ཞེ་ན། རྣམ་པར་གནོན་པའི་གཉེན་པོ་དེ་ལ་གནས་གསུམ་ལ་མཁས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གང་ཟག་ལ་བདག་མེད་པར་མོས་པ་དང་། ཆོས་ལ་བདག་མེད་པར་མོས ་པའི་ཀུན་ནས་ཉོན་མོངས་པ་མ་ལུས་པ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་མི་ཤེས་པ་རྣམ་པ་བཞི་པོ།། སྤྱིའི་མཚན་ཉིད་མི་ཤེས་པ་དང་། རང་གི་མཚན་ཉིད་མི་ཤེས་པ་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་མི་ཤེས ་པ་དང་། རྣམ་པར་བྱུང་བའི་མཚན་ཉིད་མི་ཤེས་པའི་གཉེན་པོས་ལུང་ནོད་པ་ལ་མི་བལྟོས་པར་སོ་སོའི་བདག་ཉིད་ཀྱི་སེམས་ལ་སོ་སོར་རྟོག་ཅིང་འབད་པ་གང་ཡིན་པའོ།། དེ་ལ་སེམས་ཀྱི་སྤྱིའི་མཚན་ཉིད་ནི་རྣམ་པ་གསུམ་གྱིས ་རིརླིརིག་པར་བྱ་སྟེ། རྟོན་ཅིང་འབྲེལ་པར་འབྱུང་བ་ལྐོག་ན་གཡོ་བ་མེད་པ་ཉིད་དང་། ད་ལྟར་གྱི་སྐད་ཅིག་པ་གཡོ་བ་མེད་པ་ཉིད་དང་། འདོད་ཆགས་ལ་སོགས་པ་རྐྱེན་ལས་བྱུང་བའི་སེམས་ཀྱིས་མུ་བྱས་པ་ཉིད་ཀྱིས་སོ།། སེམས ་ཀྱི་རང་གི་མཚན་ཉིད་ཀྱང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། སྔ་མ་བཞིན་དུ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་མི་དམིགས་པ་དང་། སྔ་མ་བཞིན་དུ་རྣམ་པ་དྲུག་གིས་དེ་བཞིན་ཉིད་མི་དམིགས་པ་དང་། འཕགས་པ་ཐམས ་ཅད་ཀྱི་བྱེ་བྲག་མེད་པའི་ཤེས་པ་དམིགས་པས་སོ།། སེམས་ཀྱི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། འགྲུབ་པ་དང་། འཇུག་པ་དང་། རྒྱུ་བས་ཏེ། འགྲོ་བ་རྣམས་སུ་ལུས་སྣ་ཚོགས ་འགྲུབ་པ་ལས་ནི་ཀུན་ནས་ཉོན་མོངས་པ་འགྲུབ་པ་ཡིན་ནོ།། དེ་ལྟར་གྲུབ་པ་རང་གི་སྐད་ཅིག་གི་རྒྱུན་གྱིས་འཇུག་པ་དང་། དམིགས་པ་ཐམས་ཅད་ལ་གཟུང་དཀའ་བར་འཇུག་པ་དང་། སྲེད་པའི་ཆགས་པས་དབང་བསྐུར་བས ་འཇུག་པ་ལས་ནི་ཀུན་ནས་ཉོན་མོངས་པ་འཇུག་པ་ཡིན་ནུ།། གང་དུ་རྒྱུ་བ་དང་ཇི་ལྟར་རྒྱུ་བ་ལས་ནི་ཀུན་ནས་ཉན་མོངས་པ་རྒྱུ་བ་ཡིན་ཏེ། རེས་འགའ་ནི་མི་དགེ་བ་ལ། རེས་འགའ་ནི་དགེ་བ་ལ། རེས་འགའ་ནི་ཡུལ ་ལ། རེས་འགའ་ནི་ལས་མངོན་པར་འདུ་བྱ་བ་ལའོ།། རེས་འགའ་ནི་ཉོན་མོངས་པ་རྣམས་ལས་ཏེ། ཉོན་མོངས་པ་རྣམས་ལ་རྒྱུ་བ་ན་ཡང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ངེས་པར་མི་གནས་པ་དེ་ཉིད་འདོད་ཆགས་དང་བཅས ་པར་གྱུར་ནས། འདོད་ཆགས་དང་བྲལ་པོར་འགྱུར་བ་དང་། འདོད་ཆགས་དང་བྲལ་བར་གྱུར་ནས། འདོད་ཆགས་དང་བཅས་པར་འགྱུར་བ་དང་། དེ་ལྟ་བུ་ལ་སོགས་པ་མ་ཡིན་པ་ལ་རྒྱུ་བ་དང་། བདེ་བ་ལ་སོགས་པའི་གནས་ལྟ ་བུའི་ཆོས་རྣམས་ལ་དབང་ཕྱུག་ཐོབ་ཅིང་རྒྱུ་བ་དང་། བདག་ཉིད་ཀྱི་བདེ་བ་སྤངས་ཏེ་སྡུག་བསྔལ་ཀུན་ཏུ་སྐྱེད་པར་བྱེད་པ་དང་དེ་ཡང་མངོན་པར་ཞེན་པ་ལས་མ་ཡིན་གྱི། ཕྱིན་ཅི་ལོག་ལས་ཡིན་པ་དང་དེ་དག་གིས་བདག་ཉིད ་ལ་སྡུག་བསྔལ་ཉེ་བར་སྒྲུབ་པ་དག་གིས་རྣམ་པར་མི་ངོམས་པར་བྱེད་པ་དང་། དགེ་བ་རྣམས་ལས་ངེས་པར་སྦྱར་བ་ན་དེ་སྤང་བའི་ཕྱིར་སྐབས་ཡོངས་སུ་ཚོལ་བར་བྱེད་པ་དང་། མི་དགེ་བ་ཡང་དག་པར་བླང་བའི་ཕྱིར་སྐྱོན་ཡོངས ་སུ་ཚོལ་བར་བྱེད་པ་དང་། འབྱོར་པ་དང་རྒུད་པ་དག་ལ་རྗེས་སུ་ཆགོས་པ་དང་ཁོང་ཁྲོ་བ་དག་གིས་བཅོམ་པར་འགྱུར་བ་དང་། བག་མེད་པའི་དབང་དུ་སོང་ཞིང་དགེ་བའི་རྩ་བ་བྱས་པ་དང་མ་བྱས་པ་ཐམས་ཅད་ཟད་པར་བྱེད ་པ་དང་། གཟུགས་ལ་སོགས་པ་ཡུལ་མངོན་པར་དགའ་བའི་ཕྱིར་གཏན་དུ་ཕན་པ་འཆི་བ་མེད་པའི་དབྱིངས་ལ་སོ་སོར་བརྟགས་ཤིང་ས་སོར་ཉེས་པར་རྣམ་པར་འཇོག་པར་བྱེད་པ་སྟེ། དེ་ལྟར་དོན་དེ་ཀུན་ཏུ་སྟོན་པར་བྱེད་པ་ཉོན ་མོངས་པ་ཅན་གྱིས་བསྡུས་པའི་དཔེའི་དངོས་པོ་དག་ཀྱང་རིག་པར་བྱའོ།། སེམས་ཀྱི་རྣམ་པར་བྱང་བའི་མཚན་ཉིད་ཀྱང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། མི་རྟོག་པ་དང་རྟོགས་པའི་མཚན་ཉིད་དང་། འདུས་མ་བྱས་ཀྱི་མཚན ་ཉིད་དང་། རིགས་ཀྱི་མཚན་ཉིད་ཀྱི་སྟེ། དེ་ལས་གཞན་དུ་ཚུལ་བཞིན་མ་ཡིན་པར་བརྩོན་པས་ནི་སེམས་རྣམ་པར་དག་པ་སྒྲུབ་པར་བྱེད་ཀྱང་མི་རྟོགས་ཀྱི། དེ་ལྟར་ཚུལ་བཞིན་དུ་བརྩོན་པར་བྱེད་པས་ནི་རྟོགས་པར་འགྱུར་ཏེ། དེ་ཡང ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དུ་ནི་མི་མཐོང་ལ། དེ་བཞིན་ཉིད་ཀྱི་མཚན་ཉིད་མཐོང་བ་ན་མཐོ་ངོ་འདུས་མ་བྱས་ཀྱི་མཚན་ཉིད་དེ་ནི་རྣམ་པོ་དགུས་བལྟ་བར་བྱ་སྟེ། དུས་རྣམས་སུ་རྒྱུ་བ་མེད་པ་དང་། ཇི་ལྟར་འགོག་པའི་སྙོམས་པར་འཇུག ་པ་ལ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་ལ། དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་དམིག་སུ་ཡོད་པ་ལྟ་བུ་མ་ཡིན་པའི་ཕྱིར་གཉིས་སུ་མེད་པའི་མཚན་ཉིད་དང་། སྐྱེ་བ་མེད་པའི་མཚན་ཉིད་དང་། སྐྱེ་བའི་རྒྱུ་། ་བོ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་། ཕྱི་མར་སྐྱེ་བ་ལས་ཡང་དག་པར་འདས་པ་དང་། འཆི་འཕོ་བ་ལས་ཡང་དག་པར་འོངས་པ་དང་། སྐད་ཅིག་གཅིག་ནས་གཅིག་ཏུ་འབྲལ་བ་ལས་ཡང་དག་པར་འདས་པ་དང་། ་འགྲོ་བ་འགྱུར་བ་ལས་ཡང་དག་པར་འདས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པའི་འདུ་བྱེད་ལས་ཡང་དག་པར་འདས་པ་ཉིད་ཀྱིསོ།། དེ་ལ་རིགས་ཀྱི་མཚན་ཉིད་ནི་མི་སློབ་པའི་ཁམས་ཀྱི་མཚན་ཉིད་ཡིན་པར ་བལྟ་བར་བྱ་སྟེ། ཚེ་འདི་ལ་དངོས་པོ་ལྔ་ལས་ཡང་དག་པར་འདས་པ་ཡང་ཡིན་ཏེ། བྱ་བ་ལས་ཡང་དག་པར་འདས་པ་དང་། བྱ་བ་མེད་པ་ལས་ཡང་དག་པར་འདས་པ་དང་། བྱ་བའི་སྦྱོར་བ་ལས་ཡང་དག་པར་འདས་པ་དང་། བྱ ་བའི་སྦྱོར་བ་མེད་པ་ལས་ཡང་དག་པར་འདས་པ་དང་། བྱ་བ་མེད་པའི་སྦྱོར་བ་ལས་ཡང་དག་པར་འདས་པའོ།། ཚེ་ཕྱི་མ་ལ་དངོས་པོ་དྲུག་ལས་ཡང་དག་པར་འདས་པ་ཡང་ཡིན་ཏེ། ཚེ་ཕྱི་མ་ལ་ཡང་སྲིད་པ་འབྱུང་བའི་འདུ ་བྱེད་ཀུན་ནས་སློང་བར་བྱེད་པ་ལས་ཡང་དག་པར་འདས་པ་དང་། དེ་འདུ་བྱེད་པ་ལས་ཡང་དག་པར་འདས་པ་དང་། དེའི་འབྲས་བུ་འགྲུབ་པ་ལས་ཡང་དག་པར་འདས་པ་དང་། དེ་ལ་བརྟེན་པའི་འབྱོར་པ་དང་རྒུད་པ་ལས་ཡང་དག ་པར་འདས་པ་དང་། དེའི་གནས་ལུང་དུ་མ་བསྟན་པ་ཡོངས་སུ་གཡོ་བ་ཐམས་ཅད་ལ་སློབ་པ་དང་སྨོས་པ་དང་རྗེས་སུ་སྦྱོར་བ་ལས་ཡང་དག་པར་འདས་པ་དང་། དེའི་གནས་ལུས་སྣ་ཚོགས་ལས་ཡང་དག་པར་འདས་པའོ།། རིགས ་ཀྱི་མཚན་ཉིད་དེ་ཡང་གནས་སྐབས་བཞིར་རྣམ་པ་དགུར་རིག་པར་བྱ་སྟེ། རྣམ་པར་མ་དག་པའི་གནས་སྐབས་དང་། རྣམ་པོར་དག་པའི་གནས་སྐབས་དང་། སོ་སོར་རྟོགས་པའི་གནས་སྐབས་དང་། ཡོངསུ་གཏུགས་པའི་གནས ་སྐབས་སོ།། རྣམ་པར་མ་དག་པའི་གནས་སྐབས་ན་མཚན་མ་ཐམས་ཅད་ལ་ཡང་དག་པར་རྗེས་སུ་སོང་བའི་ཕྱིར་ན་ན་མཁའ་ལྟ་བུ་ཡིན་ནོ།། རྣམ་པར་དག་པའི་གནས་སྐབས་ནི་རོ་གཅིག་པ་དང་ལུས་དང་སེམས་དབེན་པ ་ཡིན་ནོ།། སོ་སོར་རྟོགས་པའི་གནས་སྐབས་ནི་མཐུར་ཐུག་པར་འགྲོ་བའི་རྗེས་སུ་མཐུན་པ་དང་ཉིན་མོངས་པོའི་རང་བཞིན་ཐམས་ཅད་དང་བྲལ་ཞིང་དྲི་མ་མེད་པ་དང་། འཇིག་ཚེགས་ལ་ལྟ་བ་ལས་ཡང་དག་པར་འདས ་པ་དང་། དེའི་རྩ་བ་ལས་བྱུང་བའི་མཐུན་པར་ལྟ་བའི་རྣམ་པ་ལས་ཡང་དག་པར་འདས་པ་ཡིན་ནོ།། ཡོངས་སུ་གཏུགས་པའི་གནས་སྐབས་ནི་ཡོངསུ་གྲུབ་པའི་བདེ་བ་དང་འགྱུར་བ་རྣམ་པ་གསུམ་ལས་ཡང་དག་པར ་འདས་པ་ཡིན་ཏེ། དེ་ལ་འགྱུར་བ་རྣམ་པ་གསུམ་ནི་འདི་དག་ཡིན་ཏེ། རྒ་ཤི་ལ་སོགས་པའི་འགྱུར་བ་དང་། ཕྱིན་ཅི་ལོག་གི་གནས་ཀྱི་འགྱུར་བ་དང་། རྣམ་པར་དག་པ་ལས་ཡོངས་སུ་ཉམས་པའི་འགྱུར་བའོ།། ། ་བམ་པོ་བཞི་བཅུ་གསུམ་པ་སྟེ་ཐ་མ།། བྱང་ཆུབ་སེམས་དཔའ་གདམས་ངག་ལ་ཉན་ཐོས་ཀྱི་བསླབ་པ་གང་ཞེ་ན། འདི་ལྟ་སྟེ་བརྣབ་སེམས་དང་། ཡིད་ཀྱི་བདེ་བ་འདུལ་བས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ ་སྦྱོར་བ་དང་། ཀུན་ཏུ་སྐྱོ་བ་ཡིད་ལ་བྱེད་པས་ལྷག་པའི་སེམས་ཀྱི་བསླབ་པ་ལ་སྦྱོར་བ་དང་། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སྦྱོར་བའོ།། དེ་ལ་ལྟུང་བ ་ཀུན་ནས་སློང་བར་བྱེད་པ་བརྣབ་སེམས་དང་ཡིད་མི་བདེ་བ་ནི་ཇི་ལྟར་སེལ་བར་མི་བྱེད་པ་དང་། ཇི་ལྟར་མ་བསལ་བ་དང་། ཇི་ལྟར་སེལ་བར་བྱེད་པ་དང་། ཇི་ལྟར་བསལ་བའི་རྣམ་པ་དེ་བཞིས་རིག་པར་བྱ་སྟེ། རང ་གི་སེམས་ཀྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ཀུན་ནས་བསླང་བའི་བརྣབ་སེམས་དང་། འཇིག་ཚོགས་ལ་ལྟ་བ་དང་། གནོད་སེམས་ལ་གལ་ཏེ་ཡུལ་ལས་སམ། གཞན་ལས་བྱུང་བར་སེམས་ན། དེ་ནི་སེལ་པོར་མི་བྱེད ་བ་ཡིན་ནོ།། གལ་ཏེ་ཡུལ་གྱིས་སམ་གཞན་ལ་གནོད་པ་བྱེད་པའི་སྦྱོར་བས་འཕྲོགས་པར་འགྱུར་ན་དེ་ནི་མ་བསལ་བ་ཡིན་ནོ།། གཅིག་མ་བསལ་ན་གཅིག་ཀྱང་མ་བསལ་བར་བལྟ་བར་བྱ་ལ། གཅིག་བསལ་ན་གཅིག་ཀྱང་བསལ ་བར་བལྟ་བར་བྱ་སྟེ། མ་བསལ་བས་ནི་སྡོམ་པ་ལ་གནས་པ་ཡང་ལྷོག་པའི་ཚུལ་ཁྲིམས་ལས་ཉམས་པར་འགྱུར་ན། སྡོམ་པ་ལ་གནས་པ་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། ལྷག་པའི་སེམས་ཀྱི་བསླབ་པའི་གགས་ནི་དམིགས་པ ་ལས་རྣམ་པར་གཡེང་བའི་འཁྲུལ་པ་ཡིན་ནོ།། གང་ཟག་ལ་བདག་མེད་པ་ལས་བརྩམས་ནས་ལྷག་པའི་ཤེས་རབ་ལ་བརྩོན་པའི་གགས་ནི་འཇིག་ཚོགས་ལི་ལྟ་བ་ཡིན་ནོ།། ཆོས་ལ་བདག་མེད་པ་ལས་བརྩམས་ནས་ལྷག་པའི ་ཤེས་རབ་ལ་བརྩོན་པའི་གགས་ནི་ངོ་བོ་ཉིད་དང་བྱེ་བྲག་ཏུ་རྟོགས་པ་དང་རྣམ་པར་རྟོག་པའི་འཆིང་བ་ཡིན་ནོ།། བསླབ་པ་གསུམ་པོ་དེ་དག་རྣམ་པར་བསྒོམ་པ་ལ་བསླབ་པ་དང་མི་མཐུན་པའི་ཆོས་བརྒྱད་དང་བསླབ་པ་དང ་རྗེས་སུ་མཐུན་པའི་ཆོས་བརྒྱད་ཡོད་དེ། དོན་མེད་པ་ལ་ཡོངས་ཞེན་པ་དང་། ཡོངས་སུ་ཞེན་པ་ལས་འཆིང་བ་དང་། འཆིང་བ་ལས་བར་ཆུད་དང་། བར་ཆུད་ལས་དྲི་མ་དང་། དྲི་མ་ལས་ཐོག་ཐོག་དང་། ཟློག་ཐོག་ལས་རྨ་དང་། མ ་ལས་ཡོངས་སུ་གདུང་བ་དང་། ཡོངསུ་གདུང་བ་ལས་ཉོན་མོངས་པའི་ནད་གསོ་དཀའ་བ་འབྱུང་ངོ་།། བསླབ་པ་དང་རྗེས་སུ་མཐུན་པའི་ཆོས་བརྒྱད་ནི་དེ་དག་ལས་བཟློག་པ་ཁོ་ན་ལས་རིག་པར་བྱའོ།། ལེགས་པར་མ་བསླབ ་པའི་དགེ་སྦྱོང་གང་ཞེ་ན། དེ་དག་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དགེ་སྦྱོང་གི་ཚུལ་ལ་མི་ལྟ་ཞིང་ཆེ་ལུགས་དང་རྟགས་མཐུན་པ། ཆོ་ག་དང་། འཚོ་བ་དང་། ལྗོངས་སྤྱོད་དང་། བརྩོན་པ་དང་། ཚུལ་ཁྲིམས་དང་། ལྟ་བ་དང་། ་བསམ་པ་མི་མཐུན་པ་དང་། ཡོ་བྱད་ལ་ཡོངས་སུ་གཞོལ་བ། ལྷག་པའི་ཚུལ་ཁྲིམས་དང་རྟགས་མཐུན། ལྷག་པའི་སེམས་དང་རྟགས་མཐུན། ལྷག་པའི་ཤེས་རབ་དང་རྟགས་མཐུན་ལ། དེ་དག་བསྒྲུབ་པའི་བསམ་པ ་དང་མི་མཐུན་པ་དང་། སྒྲ་ལ་ཡོངསུ་གཞོལ་བ། ཞི་གནས་ཀྱི་ཡན་ལྷག་དང་མཐུན། ལྷག་མཐོང་གི་ཡན་ལག་དང་མཐུན། དེ་གཉི་ག་བསྒོམ་པའི་ཡན་ལག་དང་མཐུན། དེ་གཉི་གའི་ཚོགས་ཀྱི་ཡན་ལག་དང་མཐུན་ལ། ་དེ་དག་གི་བསམ་པ་དང་མི་མཐུན་པའོ།། ལེགས་པར་བསླབས་པའི་དགེ་སྦྱོང་གང་ཞེ་ན། དེ་ནི་རྣམ་པ་བཞིས་རིག་པར་བྱ་སྟེ། སྦྱོར་བ་དང་། བསམ་པ་དང་། རྟོགས་པ་དང་། མཐར་ཐུག་པར་འགྲོ་བས་སོ།། ཚེ་འདི་ལ ་ཀུན་ཏུ་སྐྱོ་བའི་སྦྱོར་བ་དང་། ཚེ་རབས་སྔ་མ་ལ་རྒྱུད་ཡོངསུ་སྨིན་པའི་སྦྱོར་བས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ།། ཆོས་བདག་མེད་པ་ལ་མོས་པའི་བསམ་པ་དང་ལྡན་པའི་ཕྱིར་གང ་ཐོབ་པར་བྱ་བ་དང་། གང་གིས་ཐོབ་པོར་བྱ་བ་དེ་གཉིས་ལ་ཐེ་སྙད་ལས་བྱུང་བའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མེད་པ་དང་། དགོངས་པ་ཅན་གྱི་དོན་ཡོངསུ་ཚོལ་བ་དང་། སྒྲ་ཙམ་གྱི་རྗེས་སུ་འབྲང་བས་ནི་བསམ་པ་ཕུན་སུམ ་ཚོགས་པར་ཡིན་པར་རིག་པར་བྱའོ།། གཞན་གྱི་དྲིང་ལ་མི་འཇོག་པའི་ས་པས་ཆོས་ཀྱི་དེ་བཞིན་ཉིད་ལ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་རྟོགས་པ་དང་། དེ་ལ་དཀོན་མཆོག་གི་བརྡ་དང་། མྱ་ངན་ལས་འདས ་པ་དང་། འཁོར་བ་དང་འཆིང་བ་དང་ཐར་པའི་བརྡའི་ངོ་བོ་ཉིད་མི་དམིགས་པས་ནི་རྟོགས་པ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ།། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ་ཤིན་ཏུ་བསྒོམས་པ་དང་། དེ་བཞིན ་ཉིད་རྒྱུན་མི་འཆད་པ་དང་མི་འཇིགས་པས་ནི་མཐེར་ཐུག་པར་འགྲོ་བ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ།། དེ་ལ་ལེགས་པར་མ་བསླབ་པའི་དགེ་སྦྱོང་ནི་རྣམ་པ་གསུམ་གྱིས་ན་མིང་དོན་ཇི་ལྟ་བ་བཞིན་མ་ཡིན་པར ་རིག་པར་བྱ་སྟེ། བསམ་པ་རྒུད་ལ་སྦྱོར་བ་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་ལ་སྦྱོར་བ་རྒུད་པ་དང་། བསམ་པ་ཡང་རྒུད་ལ་སྦྱོར་བ་ཡང་རྒུད་པས་སོ།། དེ་ལ་བསམ་པ་རྒུད་ལ་སྦྱོར་བ་ཕུན་སུམ་ཚོགས ་པ་ནི་རྣམ་པ་གསུམ་སྟེ། ཉན་པ་དེ་ཙམ་གྱིས་ཆོག་པར་འཛིན་པ་དང་། སྨྲ་བ་དེ་ཙམ་གྱིས་ཆོག་པར་འཛིན་པ་དང་། འཇིག་རྟེན་པའི་ཏིང་ངེ་འཛིན་རྟོགས་པར་བྱེད་པ་དེ་ལ་རོ་མྱང་བ་ཙམ་གྱིས་ཆོག་པར་འཛིན་པའོ།། ལེགས ་པར་བསླབས་པའི་དགེ་སྦྱོང་ནི་རྣམ་པ་གཅིག་ཁོ་ནས་མིང་དོན་ཇི་ལྟ་བ་བཞིན་ཡིན་པར་རིག་པར་བྱ་སྟེ། བསམ་པ་ཡང་ཕུན་སུམ་ཚོགས་ལ་སྦྱར་བ་ཡང་ཕུན་སུམ་ཚོགས་པས་སོ།། བརྡར་བཏགས་པའི་སྡོམ་པ་ལ ་གནས་པ་གང་ཞེ་ན། དེ་དག་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཡན་ལག་དྲུག་དང་ལྗོན་པའི་ཚུལ་ཁྲིམས་ཉམས་པ་གཉིས་པོ་འཇིག་ཚོགས་ལ་ལྟ་བས་ཀུན་ནས་དཀྲིས་པས་ལྟུང་བ་འབྱུང་བ་དང་། དེ ་ལས་བསླབ་པ་ལ་མི་མཁས་པས་ཉམས་པ་དང་། ཉེས་པ་དེ་གཉི་ག་སྤངས་སུ་ཟིན་ཀྱང་འཇིག་རྟེན་པའི་རྣམ་པར་དག་པ་མ་ཐོབ་པའི་ཕྱིར་འཇིག་ཚེགས་ལ་ལྟེ་བ་རྣམ་པར་བསལ་བ་དང་། འཇིག་རྟེན་པའི་རྣམ ་པར་དག་པའི་སྡོམ་པ་ཐོབ་ཅིང་འཇིག་ཚོགས་ལ་ལྟ་བ་རྣམ་པར་བསལ་དུ་ཟིན་ཀྱང་ཡོ་བྱུད་མ་བསྲུངས་ཤིང་ཆོས་བདག་མེད་པས་སྐྲག་པོས་ཚུལ་ཁྲིམས་ཉམས་པ་དང་། སྐྱོན་གཞན་ཐམས་ཅད་སྤངས་སུ་ཟིན་ཀྱང ་ཆོས་བདག་མེད་པ་ལ་ལོག་པར་མོས་པས་ཚུལ་ཁྲིམས་ཉམས་པའོ།། དོན་དམ་པའི་སྡོམ་པ་ལ་གནས་པ་གང་ཞེ་ན། འཇིག་རྟེན་ལས་འདས་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ཁམས་གསུམ་པའི་གཉེན་པོའི ་ཚུལ་ཁྲིམས་དང་ལྡན་པ་གང་ཡིན་པའི་སྡོམ་པ་ལ་གནས་པ་བཞི་ལ། སྤྲོས་པའི་ཆོས་གང་དག་དམིགས་པ་དེ་དག་རབ་ཏུ་ཞི་བའི་མཚན་ཉིད་གང་ཡིན་པ་དེ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་པར ་རིག་པར་བྱ་སྟེ། སྤྲོས་པའི་ཆོས་རྣམས་གང་ཞེ་ན། སྡོམ་པ་ལ་གནས་པ་དང་པོ་ལ་ནི་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་དང་། ལྟུང་བའི་བྱ་བ་དང་། དེའི་བྱ་བ་མེད་པ་དང་། བསམས་བཞིན་དུ་བྱེད་པའི་སྦྱོར་བ ་དང་། དེའི་སྦྱོར་བ་མེད་པ་དང་། ཤེས་བཞིན་དུ་སྤྱོད་པ་དང་། དེའི་སྤྱོད་པ་མེད་པ་དང་། བརྗེད་ངས་པས་སྤྱོད་པ་དང་། དེའི་སྤྱོད་པ་མེད་པ་ཡང་དམིགས་པའོ།། གཉིས་པ་ལ་ནི་འཇིག་ཚོགས་ལ་ལྟ་བའི་ཕྱོགས་དང་མཐུན ་པའི་གནས་ངན་ལེན་དང་ལྡན་པའི་མིང་དང་གཟུགས་དང་། ཕྱི་མར་སྐྱེ་བའི་རྒྱུ་དང་། འཕྲལ་ལ་དེའི་རྒྱུ་མེད་པ་དང་། ཀུན་ནས་དཀྲིས་པ་རབ་ཏུ་ཞི་བ་དང་། བག་ལ་ཉལ་ལས་དེ་རབ་ཏུ་མ་ཞི་བ་དང་། གང་ཟག་ལ་བདག་མེད ་པར་འཛིན་པ་དང་། གང་ཟག་ཏུ་འཛིན་པ་སྤོང་བ་དང་། གང་ཟག་ལ་བདག་མི་ད་པར་གཟུང་བ་དེ་ལ་འཛིན་པ་དང་གཟུང་བ་མེད་པ་དང་། དེས་གཟུགས་ལ་སོགས་པ་ལྔ་སེམས་ཅན་དུ་འཛིན་པ་དང་། དེར་འདོགས་པ་ལ ་ལེགས་པར་འཛིན་པ་དང་། དེར་འདོགས་པ་དང་། ངག་གིས་འདོགས་པ་ལེགས་པར་འཛིན་པ་དང་། དེར་འདོགས་པའི་སེམས་དང་། དེར་འདོགས་པ་ལེགས་པར་འཛིན་པ་ཡང་དམིགས་པའོ།། གསུམ་པ་ལ་ནི་གོང ་དུ་སྐྱེ་བ་ལས་འཇིག་རྟེན་དང་། འོག་མ་ཡོངས་སུ་གཏོང་བ་ལས་འཇིག་རྟེན་པ་དང་། སྙོམས་པར་འཇུག་པ་ལ་གནས་པ་དང་། འདོད་པ་ལ་མི་གནས་པ་དང་། བདག་ཉིད་ཀྱི་ཚུལ་ཁྲིམས་རབ་ཏུ་འཛིན་པ་དང་། གཞན་གྱི ་ཚུལ་ཁྲིམས་ཁྱད་དུ་གསོད་བ་ཡང་དམིགས་པའོ།། བཞི་པ་ལ་ནི་བདག་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ་སྙམ་དུ་རློམ་པ་དང་། ངོ་བོ་ཉིད་དང་བྱེ་བྲག་ཏུ་ཀུན་ཏུ་རྟོག་པ་དག་གིས་ཚུལ་ཁྲིམས་ལ་ཀུན་ཏུ་རྟོག་པ ་ཡང་དམིགས་པ་སྟེ། དེ་ལྟར་སྤྲོས་པའི་ཆོས་དེ་དག་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ལ་རབ་ཏུ་ཞི་བར་གྱུར་པ་ཡིན་ནོ།། དོན་གྱི་འབྲེལ་པ་འདི་ཉིད་ཀྱིས་བསླབ་པ་གསུམ་རྣམ་པར་དག་པ་ལས་བརྩམས་ནས་ཚིགས ་སུ་བཅད་པས་མངོན་པར་སྒྲུབ་པ་ཡང་རིག་པར་བྱའོ།། བསོད་ནམས་ཀྱི་ཚོགས་ནི་ཉོན་མོངས་པ་ཆུང་བར་འགྱུར་བ་ཡིན་ནོ།། སྐྱེས་བུ་དམ་པས་ཡོངས་སུ་གཟུང་བ་ནི་ཆུད་མི་ཟ་བར་འགྱུར་བ་ཡིན་ནོ།། ཡེ་ཤེས་ཀྱི ་ཚོགས་ནི་ཟབ་མོའི་གནས་ལ་མོས་པར་འགྱུར་པོ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པས་གསུངས་པ་ལ་ནི་རྒྱུ་གཉིས་ཀྱིས་འཇུག་པར་འགྱུར་བ་ཡིན་ཏེ། ཆོས་ཀྱི་ལུགས་ཤེས་པ་ཉེ་བར་བརྟགས ་པ་དང་། དེ་ཁོ་ནའི་ཤེས་པ་གཏན་ལ་དབབ་པས་སོ།། དེ་བཞིན་གཤེགས་པའི་གདུལ་བའི་ཐབས་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བསྟན་པལྟ་བར་བྱ་སྟེ། ལུས་མཐུན་པ་དང་མོས་པ་མཐུན་པས་མཐུན་པར་རྗེསུ ་སྟོན་པ་དང་། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པ་དང་། ངེས་པར་འབྱིན་པའི་གདམས་ངག་གིས་ཡང་དག་པར་རྣམ་པར་དག་པའི་ཐབས་སྟོན་པའོ།། གདམས་ངག་ཀྱང་རྣམ་པ་བཞིར་རིག་པར་བྱ་སྟེ། ་རྣམ་པར་བྱང་བ་དང་ཀུན་ནས་ཉོན་མོངས་པ་སྐྲག་པ་དང་འཇུག་པའི་གནས་སྟོན་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་ཡོང་སུ་སྤང་བ་སྟོན་པ་དང་། རྣམ་པར་བྱང་བ་ལ་སྐྲག་པའི་རྒྱ་ཡོངས་སུ་སྤང་བ་སྟོན་པ་དང་། ཚེ་འདི ་ལ་མཆོག་ཏུ་བདེ་བར་གནས་པའི་ཐབས་སྟོན་པའོ།། དེ་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་ཅིང་ཀུན་ཏུ་རྟོག་པ ་དང་། དེ་ལ་ཡོན་ཏན་དང་སྐྱོན་དུ་མངོན་པར་ཞེན་ཅིང་ཀུན་ཏུ་རྟོག་པའོ།། དེ་རྣམ་པར་དག་པའི་ལམ་ལ་སྐྲག་པའི་རྒྱུ་ཡང་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། རིམ་གྱིས་རྣམ་པར་དག་པའི་ལམ་ལ་ཀུན་ནས་ཉོན་མོངས་པ ་ཅན་དུ་ཀུན་ཏུ་རྟོག་པ་དང་། ཀུན་ནས་ཉོན་མོངས་པ་དང་བྲལ་བར་ཀུན་ཏུ་རྟོག་པས་སོ།། མྱ་ངན་ལས་འདས་པ་རྣམ་པརཱ་དག་པ་ལ་སྐྲག་པའི་རྒྱུ་ཡང་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། ཐུ་སྙད་ལས་བྱུང་བའི་ངོ་བོ ་ཉིད་ལ་མངོན་པར་ཞེན་པས་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཚིག་བླ་དྭགས་ཀྱི་མིང་ལ་སེམས་ལས་བྱུང་བའི་མིང་དུ་འདོགས་པ་དང་། སེམས་ལས་བྱུང་བའི་མིང་ལ་ཞི་བ་ཞེས་བྱ་བའི་ཚིག་བླ་དྭགས་ཀྱི་མིང་དུ ་ཀུན་ཏུ་རྟོག་པས་སོ།། བདེ་བར་གནས་པའི་མཆོག་གི་ཐབས་སྟོན་པ་ནི་དེ་གཉི་གའི་རྒྱུ་ཡོངས་སུ་སྤངས་པ་ལས་རིག་པར་བྱའོ།། ལྡེམ་པོར་དག་ཏུ་གསུངས་པ་གང་ཞེ་ན། ལྡེམ་པོ་དག་ཐམས་ཅད་ལ་འཇུག་པའི་རྒྱུ་ནི་གཉིསུ ་ད་པའི་མཚན་ཉིད་ཤེས་པའོ།། གཉིས་སུ་མེད་པའི་མཚན་ཉིད་གང་ཞེ་ན། བརྗོད་པའི་གཞིའི་གནས་སུ་གྱུར་པའི་དངོས་པོ་གང་ཡིན་པ་སྟེ། དེའང་ངོ་བོ་ཉིད་ངེ་ཡོད་པ་མ་ཡིན་པའི་ཕྱིར་དང་། བརྗོད་པ་ལ་གོམས་པའི་མིང ་གི་སྤྱོད་ཡུལ་གྱི་ངོ་བོ་ཉིད་ཀྱིས་མེད་པ་མ་ཡིན་པའི་ཕྱིར་གཉིས་སུ་མེད་པ་ཡིན་ནོ།། གཉིས་སུ་མེད་པ་དེ་ལ་གཉིས་སུ་མངོན་པར་ཞེན་པ་ལས་ནི་ཀུན་ནས་ཉོན་མོངས་པར་འགྱུར་ལ། གཉིས་སུ་མངོན་པར་ཞེན་པ་མེད་པ་ལས ་ནི་རྣམ་པར་བྱང་བར་འགྱུར་རོ།། བརྗོད་པ་ཐམས་ཅད་ཀྱི་གཞིའི་གནས་སུ་མ་གྱུར་པའི་དངོས་པོ་གང་ཡིན་པ་དེ་ཡང་ཐ་སྙད་ལ་གོམས་པའི་མིང་གི་སྤྱོད་ཡུལ་གྱི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་ཕྱིར་དང་། དེ་ལ་ཡོངསུ་མ ་གོམས་པའོ་ཤེས་པའི་སྤྱོད་ཡུལ་གྱི་ངོ་བོ་ཉིད་ཡོད་པའི་ཕྱིར་གཉིས་སུ་མེད་པ་ཡིན་ནོ།། གཉིས་སུ་མེད་པ་དེ་ལ་གཉིས་སུ་མངོན་པར་ཞེན་པ་ལས་ནི་ཀུན་ནས་ཉོན་མོངས་པར་འགྱུར་ལ། གཉིས་སུ་མངོན་པར་ཞེན་པ་མེད ་པ་ལས་ནི་རྣམ་པར་བྱང་བར་འགྱུར་ཏེ། དེ་ལྟར་ན་གཉིས་སུ་མེད་པའི་མཚན་ཉིད་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོ་ངག་ཐམས་ཅད་ལ་འཇུག་པར་འགྱུར་བ་ཡིན་པར་རིག་པར་བྱའོ།། དེ་ལ་སྟོན་པའི་ཕུན ་སུམ་ཚོགས་པ་རྣམ་པ་ལྔ་དང་། དེའི་གདམས་ངག་གི་འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང་འབྲས་བུའི་ཕན་ཡོན་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ལ་བརྟེན་ནས་ལྡེསུ་པོ་དག་ཏུ་གསུངས་པ་རྣམས་རིག་པར་བྱའོ།། སྟོན། ་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་གང་ཞེ་ན། གང་གིས་སྟོན་པ་དང་། གང་སྟོན་པ་དང་། ཇི་ལྟར་སྟོན་པ་དང་། གང་ལ་སྟོན་པ་དེ་དག་ཕུན་སུམ་ཚོགས་པ་ཡིན་པའོ།། འབྲས་བུ་ཕུན་སུམེ་ཚོགས་པ་གང་ཞེ་ན། ཕུང་པོ་ལྷག་མ་མེད་པའི ་མྱ་ངན་ལས་འདས་པའི་དབྱིངས་དང་། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་དང་། འཕགས་པའི་ལམ་ཡོངསུ་རྫོགས་པ་དང་། ནང་གི་དགྲ་ལས་རྣམ་པར་རྒྱལ་བ་དང་། ཕྱི་རོལ་གྱི་དགྲ་ལས་རྣམ་པར་རྒྱལ ་བའོ།། དེ་ལ་འབྲས་བུའི་ཕན་ཡོན་ཕུན་སུམ་ཚོགས་པ་ནི་སྟོན་པ་ལ་བསྙེན་བཀུར་བྱེད་པ་དང་། དད་པས་བྱིན་པ་ཡོངས་སུ་སྦྱོང་བ་དང་། འཁོར་བའི་སྡུག་བསྔལ་ལས་ཡང་དག་པར་རྒལ་བ་དང་། སྦྱིན་གནས་ཀྱི་དངོས་པོ་ལས་ཡོངསུ ་མི་ཉམས་པ་དང་། དེ་བཞིན་གཤེགས་པ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་སྲས་ཆོས་ཀྱིས་སྤྲུལ་པ་ཡིན་ནོ།། བྱང་ཆུབ་སེམས་དབུའི་གདམས་ངག་ལཱ་མོས་པའི་ཕན་ཡོན་གང་ཞེ་ན། དེ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། ཞིང ་བྱིན་གྱིས་རློབ་པའི་དུས་ན་དབང་ཕྱུག་གི་བདག་པོ་ཡང་དག་པར་འགྲུབ་པའི་རྒྱུ་ཟིལ་གྱིས་གནོན་པ་དེ་ང་། ལུས་ཡོངས་སུ་འགྲུབ་པ་དང་། དེའི་གནས་བསྟན་པའི་སྣོད་དུ་བྱེད་པ་དང་། སྟོན་པའི་སྣོད་དུ་བྱེད་པ་དང་། ལུས་སྤོང་བའི་དུས ་ན་ལྟ་བ་དང་། ལས་རྣམ་པར་དག་པུར་འགྱུར་བས་སོ།། དེ་ལ་དབང་ཕྱུག་གི་བདག་པོ་ཆེན་པོ་ཡང་དག་པར་འགྲུབ་པའི་རྒྱུ་ཟིལ་གྱིས་གནོན་པ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། འབྲས་བུ་དཔག་ཏུ་ཡོད་པ་དང་དཔག་ཏུ་མེད་པ་འཕེན ་པ་དང་། རྒྱུ་ཟད་པ་དང་མི་ཟད་པའི་ཆོས་ཉིད་དང་། བདེ་བ་རྒྱ་ཆེན་པོ་དང་རྒྱ་ཆུང་ངུ་འགྲུབ་པ་དང་། དེ་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་ཡིན་པ་དང་། དེས་དེ་འདྲེན་པར་བྱེད་པས་སོ།། དེ་ལ་ལུས་ཀྱི་སྤྱོད་པ་ནི་སྐྱོན་རྣམ་པ་དྲུག ་སྤངས་པས་རིག་པར་བྱ་སྟེ། སྐྱོན་རྣམ་པ་དྲུག་གང་ཞེ་ན། མྱ་ངན་གྱི་རྒྱུའི་སྐྱོན་དང་། འདྲིས་པ་ཡོངསུ་ཤེས་པའི་སྐྱོན་དང་། རྣམ་པ་གཉིས་ཀྱིས་སྤྱོད་ལམ་གྱི་སྐྱོན་དང་། རྣམ་པ་གསུམ་གྱིས་འཇིགས་པའི་རྒྱུའི་སྐྱོན་དང་། རྣམ་པ ་གཉིས་ཀྱིས་འཆི་ལྟས་ཀྱི་སྐྱོན་དང་། ལུས་ལས་སུ་མི་རུང་བའི་སྐྱོན་ནོ།། དེ་ལ་ངག་གི་སྤྱོད་པ་ནི་སོ་སོར་ཀུན་དགའ་བར་བྱེད་པའི་དུས་ན་སྐྱོན་རྣམ་པོ་ལྔ་སྤངས་པོས་རིག་པར་བྱ་སྟེ། སྦྱིན་རྣམ་པ་ལྔ་གང་ཞེ་ན། འཇིགས་པས་འཁམས ་པའི་སྐྱོན་དང་། ངག་རྩུབ་པོའི་སྐྱོན་དང་། སངས་རྒྱས་ཀྱིས་བཀའ་སྤངས་ནས་འབྲེལ་པོ་མེད་པའི་གཏམ་བརྗོད་པའི་སྐྱོན་དང་། དེ་བཞིན་གཤེགས་པ་ལ་བསྟོད་པར་མི་བྱེད་པའི་སྐྱོན་དང་། ཆོས་མཐུན་པ་ལ་གྲོས་མི་འདེབས ་པའི་སྐྱོན་ནོ།། ངག་གི་སྤྱོད་པ་ནི་ཀུན་ཤེས་པ་བརྡ་སྤྲོད་པའི་དུས་ན་སྐྱོན་རྣམ་པ་ལྔ་སྤངས་པས་རིག་པར་བྱ་སྟེ། སྐྱོན་རྣམ་པ་ལྔ་གང་ཞེ་ན། རྟོགས་པར་བྱ་བ་ལ་བརྗེད་ངེས་པའི་སྐྱོན་དང་། ཚིག་སྔ་ཕྱི་འགལ་བའི་སྐྱོན་དང་། ་རིགས་པ་དང་འགལ་བའི་སྐྱོན་དང་། བསྟན་པ་ལ་དད་པའི་ལྷ་ལ་ཁྲོ་བའི་སྐྱོན་དང་། དེ་བཞིན་གཤེགས་པ་ལ་ཁྲོ་བའི་སྐྱོན་ནོ།། ཡིད་ཀྱི་སྤྱོད་པ་ནི་སྐྱོན་རྣམ་པ་ལྔ་སྤངས་པ་ལས་རིག་པར་བྱ་སྟེ། འདི་ལྟ ་སྟེ་ཚེ་འདིའི་དོན་ལ་བརྩམས་ནས་རྣམ་པ་བཞི་དང་། ཚེ་ཕྱི་མའི་དོན་ལས་བརྩམས་ནས་ཐ་མ་གཅིག་སྟེ། སྐྱོན་རྣམ་པ་ལྔ་གང་ཞེ་ན། དེ་ལྟར་བྱུང་བ་དང་འདས་པོའི་གནོད་པ་བྱེད་པ་མི་བཟོད་པས་མི་བཟོད་པའི་སྐྱོན་དང་། ་འཆ་བ་དང་འགྱོད་པའི་གདུང་བསྡུ་སྡིག་པ་འཆབ་པའི་སྐྱོན་དང་། འདོད་པའི་ལོངས་སྤྱོད་དོན་དུ་གཉེར་བ་དང་ཁོན་གྱི་ཤ་གློན་པར་འདོད་པས་འདོད་པའི་སྐྱོན་དང་། ལྟ་བ་ངན་པ་ཡོངས་སུ་འཛིན་པ་དང་སྤོང་བ་ལ་སེམས་རྣམ ་པར་འཁྲུལ་པས་བརྗེད་ངས་པའི་སྐྱོན་དང་། བདག་ཉིད་ཁྱད་དུ་གསོད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་སངས་རྒྱས་ཀྱོ་ཞིང་རྒྱ་ཆེན་པོར་སྨོན་པ་རྣམ་པར་སྤོང་བ་དང་། བསམ་པ་ཆུང་ངུས ་སངས་རྒྱས་ཀྱི་ཆོས་མངོན་པར་སྒྲུབ་པས་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་འཇིག་རྟེན་པ་མ་ཡིན་པའི་ཕུན་སུམ་ཚོགས་པའི་ཁྱད་པར་ཁྱད་དུ་གསོད་ཅིང་དེར་སྨོན་པས་སྨོན་ལམ་གྱི་སྐྱོན་ནོ།། བྱང་ཆུབ་སེམས ་དཔའི་སྡེ་སྣོད་ཀྱི་གདམས་ངག་ལ་མོས་པའི་ཕན་ཡོན་ཚད་མེད་གྲངས་མེད་དེ་དེ་བས་ཀྱང་དེ་རྣམ་པར་དབྱེ་ཞིང་བསྟན་པ་དང་རྣམ་པར་དབྱེ་བ་ལ་མོས་པའི་ཕན་ཡོན་ཆེས་ཚད་མེད་གྲངས་མེད་པ་དག་ཡོད་པར་རིག ་བར་བྱའོ།། བྱང་ཆུབ་སེམས་དཔའི་སའི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །། ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པའི་སའི་རྣམ་པར་གཏན ་ལ་དབབ་པའི་སྡོམ་ནི། བྲལ་དང་ཚེའི་འདུ་བྱེད་ནི།། གྱུར་དང་གནས་དང་ཁྱད་པར་དང་།། ཡོད་དང་རྟག་དང་བདེ་བ་དང་།། བྱེ་བྲག་གཞན་དབང་བྱ་བ་ཡིན།། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ ་གནས་ཏེ། ཉོན་མོངས་པ་ཐམས་ཅད་དང་བྲལ་བར་བརྗོད་པར་བྱ་འམ། མ་བྲལ་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། བྲལ་བར་བརྗོད་པར་བྱའོ།། སྡུག་བསྔལ་ཐམས་ཅད་དང་བྲལ་བར་བརྗོད་པར་བྱ་འམ། མ་བྲལ་བར་བརྗོད ་པར་བྱ་ཞེ་ན། སྨྲས་པ། བྲལ་བ་དང་མ་བྲལ་བར་ཡང་བརྗོད་པར་བྱ་སྟེ། མ་འོངས་པའི་སྐྱེ་བའི་སྡུག་བསྔལ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་དང་བྲལ་བར་བརྗོད་པར་བྱའོ།། ད་ལྟར་གྱི་སྐྱེ་བའི་གང་ཡིན་པ་དེ་ལས་ཀྱང ་སེམས་ལས་བྱུང་བ་དང་ནི་བྲལ་བར་བརྗོད་པར་བྱའོ།། བཀྲེས་པའི་སྡུག་བསྔལ་དང་། སྐོམ་པའི་སྡུག་བསྔལ་དང་། ཁམས་མཱ་སྙོམས་པ་ལས་གྱུར་པ་དང་། དུས་ཚི་གོས་འགྱུར་བ་ལས་གྱུར་པ་དང་གནོད་པ་ལས་གྱུར ་པའི་སྡུག་བསྔལ་དང་ནི་མ་བྲལ་བར་བརྗོད་པར་བྱའོ།། དེ་ཡང་ཀུན་ཏུ་འབྱུང་བ་ལས་ཡིན་གྱི། ཉོན་མོངས་པ་དང་འབྲེལ་པ་ལས་ནི་མ་ཡིན་ནོ།། གལ་ཏེ་དགྲ་བཅོམ་པ་ཐམས་ཅད་སེམས་ལ་དབང་ཐོབ་པ་ཡིན་ན་ཅིའི་ཕྱིར ་ཚེའི་འདུ་བྱེད་བཏང་སྟེ་ཡོངས་སུ་མྱ་ངནྡ་ལས་མི་འདྲའ་བར་སྡུག་བསྔལ་གྱིས་གནོད་བཞིན་དུ་གནས་ཤེ་ན། སྨྲས་པ། ནུས་པའི་ཁྱད་པར་གྱི་ཕྱིར་ཏེ། འདི་ལྟར་དགྲ་བཅོམ་པ་ལ་ལས་ནི་ཚེའི་འདུ་བྱེད། ་གཏོང་བར་ནུས་ལ། ལ་ལས་ནི་ནུས་པ་དང་། ལཱ་ལས་ནི་ཚེའི་འདུ་བྱེད་བསྲིང་བར་ནུས་ལ། ལ་ལས་ནི་མི་ནུས་པའི་ཕྱིར་རོ།། གལ་ཏེ་དགྲ་བཅོམ་པའི་སྐྱེ་མཆེད་དྲག་པོ་ཇི་ལྟར་སྐྱེས་ཤིང་བྱུང་བ་དེ་ཁོ་ན་བཞིན་དུ་མ་འགོགས ་ཤིང་གཞན་དུ་མ་གྱུར་པ་ཡིན་ན། གང་གི་ཕྱིར་སྐྱེ་མཆེད་དྲུག་ལ་འགྱུར་བ་མེད་ན། དེའི་དེ་ལས་གཞན་པའི་གནས་གྱུར་པ་གང་ཡིན་པ། གལ་ཏེ་དེ་ལས་གཞན་པའི་གནོས་གྱུར་པ་མེད་ན་ནི་སྔ་ཕྱིར་གནས་མཉམ ་པ་ཡིན་ན། ཅིའི་ཕྱིར་དེ་ལ་ཉོན་མོངས་པ་ལྡོག་ཅིང་ལམ་འཇུག་པར་འགྱུར་ཞེ་ན། སྨྲས་པ། དགྲ་བཅོམ་པའི་གནས་གྱུར་པ་ནི་ཡོད་དེ། དེ་ཡང་སྐྱེ་མཆེད་དྲུག་ལས་གཞན་དང་གཞན་མ་ཡིན་པ་ཉིད་དུ་བརྗོད་པར་མི ་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གནས་གྱུར་པ་དེ་ནི་དེ་བཞིན་ཉིད་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང་། དེ་བཞིན་ཉིད་ཀྱི་རིགས་ཅན་དང་། དེ་བཞིན་ཉིད་ཀྱི་ས་བློན་ཅན་དང་། དེ་བཞིན་ཉིད་ལས་ཡང་དག་པར་གྲུབ་པ་ཡིན། ་ལོ། དེ་བཞིན་ཉིད་ཀྱང་སྐྱེ་མཆེད་ལས་གཞན་དང་གཞན་མ་ཡིན་པ་ཉིད་དུ་བརྗོད་པར་མི་བྱ་བའི་ཕྱིར་ཏེ། ཇི་ལྟར་བརྗོད་པར་མི་བྱ་བ་དེ་ལྟ་བུར་ནི་སྔར་བསྟན་ཟིན་ཏོ།། དེའི་ཕྱིར་གནས་གྱུར་པ་སྐྱེ་མཆེད་དྲུག་ལས་གཞན ་ནམ་གཞན་མ་ཡིན་ཞེས་འདྲི་བ་དེ་ནི་ཚུལ་བཞིན་མ་ཡིན་ནོ།། གལ་ཏེ་གནས་གྱུར་པ་མེད་དུ་ཟིན་ན་དེས་ན་འདི་ལྟ་བུའི་སྐྱོན་ཁོ་ནུར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་དགྲ་བཅོམ་པ་ལ་ཀུན་ནས་ཉོན་མོངས་པ་ཀུན་ཏུ་འབྱུང ་བྱར་འགྱུར་བ་དང་། ལམ་ཀུན་ཏུ་མི་འབྱུང་བར་ཐལ་བར་འགྱུར་བྱས། དེའི་ཕྱིར་གནས་གྱུར་པ་ནི་ཡོད་པ་ཁོ་ནར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཀྱང་གནས་གྱུར་པ་དེ་ཉིད་ལས་དགོངས་ནས། ཀུན་བཏགས ་ངོ་བོ་ཉིད་ལ་ནི།། མངོན་ཞེན་བག་ཆགས་ཀུན་ཉོན་མོངས།། མངོན་ཞེ་ན་བག་ཆགས་ཡོང་མིན་པ།། དེ་ནི་རྣམ་པར་བྱང་བ་ཡིན།། འདི་ལྟ་དེ་གཉིས་ཟག་བཅས་པའི།། ཁམས་ཡིན་གནས་གྱུར་དེ་ཉིད་ནི།། ཟག་པ ་མེད་པའི་དབྱིངས་ཡིན་ཏེ།། དེ་ཉིད་དག་པ་བླ་མེད་ཡིན་ཞེས་གསུངསོ།། འདི་ལྟ་སྟེ་དཔེར་ན་བ་ལང་གསོད་པ་འམ། བོ་ལང་གསོད་པའི་སློབ་མ་མཁས་པ་ཞིག་གིས་པ་ལང་གསད་པའི་མཚན་རྣོན་པོས་པ་ལང ་བསད་ནས། ནང་གྲོལ་ཐམས་ཅད་བཅད་ཅིང་གཏུབས་ཏེ་བརྡུངས་ཤིང་དམྱལ་ནས། ཤུ་ཐམས་ཅད་དང་། རུས་པ་ཐུམས་ཅད་དང་། ཆུ་རྒྱུས་ཀྱི་ཟུངས་ཐམས་ཅད་ཀྱང་གཏུབྱས་ནས་ཕྱིར་བ་ལང་གི་ཀོ་བས ་གཡོགས་པར་གྱུར་ན། བ་ལང་དེ་ཀོ་བ་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པར་རིག་པར་བྱ་བ་དེ་བཞིན་དུ་དགྲ་བཅོམ་པ་གནས་གྱུར་པ་ཤེས་རབ་ཀྱི་མཚོན་གྱིས་ཀུན་ཏུ་སྦྱོར་བ་དང་། འཆིང་བ ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་ཐམས་ཅད་ཡང་དག་པར་བཅད་པ་ཡང་ཀོ་བའི་གླནས་ལྟ་བུའི་སྐྱེ་མཆེད་དྲུག་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ ་ཡང་མ་ཡིན་པར་བརྗོད་པར་བྱའོ།། རྣལ་འབྱོར་པ་གནས་གྱུར་པའི་མཚན་མར་འཛིན་པ་ཡང་སྔོན་གྱི་འཛིན་པ་ལས་ཁྱད་པར་དུ་འཕགས་པ་ཡིན་པར་རིག་པདྨོ་བྱ་སྟེ། དེའི་ཡང་དེ་བཞིན་ཉིད་བཞིན་དུ་སོ་སོ་རང ་རིག་པ་དང་མཐུན་པ་ཡིན་པས། གཞན་དག་ལ་བདག་གིས་མཚན་མ་འདི་དང་འདི་ལྟ་བུ་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་ཡང་དག་པར་བརྗོད་པར་མི་ནུས་པ་ཡིན་ནོ།། དགྲ་བཅོམ་པ་ཕུང་པོའི་ལྷག་མོ་དང་བཅས ་པའི་མྱ་ངན་ལྔས་འདས་པའི་དབྱིངས་ལ་གླནསྣ་པ་སེམས་གང་ལྔ་གནས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་ཞེ་ན། སྨྲས་པ། མཚན་མ་ཐམས ་ཅད་ཡིད་ལ་མི་བྱེད་པས་མཚན་མ་མེད་པའི་དབྱིངས་འབའ་ཞིག་ཡིད་ལ་བྱེད་ཅིང་། རིམ་གྱིས་འགོག་པ་ལ་སྙོམས་པར་འཇུག་ལ། འཇུག་པའི་རྣམ་པར་ཤེས་པ་འགོག་པར་བྱེད་ཅིང་། དེའི་འོག་ཏུ་ཀུན་གཞིའི་རྣམ ་པར་ཤེས་པའི་གཽནས་སྤོང་བར་བྱེད་དེ། ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་རྒྱུ་མེད་པ་མི་སྐྱེ་བས། དེ་ན་འདུས་མ་བྱས་པའི་དབྱིངས་རྣམ་པར་དག་པོ་དྲི་མ་མེད་པ་ལུས་སོ།། དབྱིངས་དེར ་ཡོངས་སུ་མྱ་ངན་ལས་འདུས་པ་ནི་ལྟ་ཉིད་ཀྱི་གྲངས་སུ་ཡང་མི་འགྲོ་ལ། དྲི་ཟ་ཉིད་དུ་ཡང་མ་ཡིན། ཀླུ་ཉིད་དུ་ཡང་མ་ཡིན། མི་འམ་ཅི་ཉིད་དུ་ཡང་མ་ཡིན། ལྷ་མ་ཡིན་ཉིད་དུ་ཡང་མ་ཡིན། གནོད་སྦྱིན་ཉིད་དུ་ཡང་མ་ཡིན་ཞིང ་མི་ཉིད་ཀྱི་གྲོངས་སུ་ཡང་མི་འགྲོ་སྟེ། མདོར་བསྡུས་ན་དེ་ནི་ཕྱོགས་བཅུའི་སེམས་ཅན་དུ་གདགས་པའི་ཁམས་ཐམས་ཅད་དང་འགྲོ་བ་ཐམས་ཅད་དང་སྐྱེ་གནས་ཐམས་ཅད་དང་སྐྱེ་བ་ཐམས་ཅད་དང་ལུས་འཐོབ་པ ་ཐམས་ཅད་དང་རིགས་བཙུན་པ་ཐམས་ཅད་དྲངས་ཐམས་ཅད་པོ་གང་དག་ཡིན་པ་དེ་དག་གི་གྲངས་སུ་ཡང་མི་འགྲོ་སྟེ། འདི་ལྟར་དབྱིངས་འདི་ནི་སྤྲོས་པ་མེད་པ་སྟེ། གྲུབ་པ་རྣམས་ཀྱི་སོ་སོ་རང་རིག་པ་དང་མཐུ ་པ་ཡིན་པའི་ཕྱིར་རོ།། དགྲ་བཅོམ་པ་ཕུང་པོའི་ལྷག་མཱ་དང་བཅས་པའི་མྱ་ངན་ལྔས་འདས་པའི་དབྱིངས་དང་། ཕུང་པོའི་ལྷག་མ་མང་བའི་དབྱིངས་སུ་ཡོངས་སུ་མྱ་ངན་ལྔས་འདས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ་སྨྲས་པ། ཕུང་པོའི་ལྗག་ས་དང་བཅས་པ་ལྷ་གནས་པ་ནི་གྲངས་སུ་ཁས་ལོན་པ་ཡིན་ལ། ཕུང་པོའི་ལྐོག་མ་ལ་གནས་པ་ནི་གྲངས་སུ་ཁས་མི་ལོན་པ་ཡིན་པ་དང་། ཕུང་པོའི་ལྷག་མ་དང་བཅོས་པ་ལ་གནས་པ་ནི ་སྡུག་བསྔལ་དང་བཅས་པ་ཡིན་ལ། ཕུང་པོའི་ལྷག་མ་མེང་པ་ལ་གནས་པ་ནི་སྡུག་བསྔལ་མེད་པ་ཡིན་པ་དང་། ཕུང་པོའི་ལྷག་མ་དང་བཅས་པ་ལ་གནས་པའི་གནས་གྱུར་པ་ནི་སྐྱེ་མཆེད་དྲུག་དང་འབྲེལ་པ ་ཡིན་ལ། ཕུང་པོའི་ལྷག་མ་མེད་པ་ལ་གནས་པའི་གནས་གྱུར་པ་ནི་སྐྱེ་མཆེད་དྲུག་དང་འབྲེལ་པ་མ་ཡིན་ནོ།། གལ་ཏེ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལྔས་འདས་པའི་དབྱིངསུ་ཡོངསུ་མྱ་ངན་ལས་འདས ་བའི་གནས་གྱུར་པ་སྐྱེ་མཆེད་དྲུག་དང་འབྲེལ་པ་མ་ཡིན་ན། ཇི་ལྟར་སྐྱེ་མཆེད་དྲུག་གྲི་གནས་མྱེད་པར་གནས་པར་འགྱུར་ཞེ་ན། སྨྲས་པ། དགྲ་བཅོམ་པའི་གནས་གྱུར་པ་ནི་སྐྱེ་མཆེད་དྲུག་གི་རྒྱུ་ལས་བྱུང་བ་མ་ཡིན་གྱི། དེ ་བཞིན་ཉིད་ལ་དམིགས་པའི་ལམ་བསྒོམས་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་སྐྱེ་མཆེད་དྲུག་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། གནས་གྱུར་པ་ལ་ནི་གཞན་དུ་འགྱུར་བ་ཉིད་ཀྱང་རེ་ཤིག་མེད་པ་ཡིན་ན། ཉམས་པར་འགྱུར་བ ་ལྷལྟ་ཡོད་པར་ག་ལ་འགྱུར། དབྱིངས་དེ་ནི་ཡོངས་ཤེས་པར་བྱ་བ་དང་སྤང་བར་བྱ་བ་མ་ཡིན་ཏེ། དེའི་ཕྱིར་དགག་པར་བྱ་བ་ཡང་མ་ཡིན་ནོ།། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས ་པའི་གནས་གྱུར་པ་ཡོད་པར་བརྗོད་པར་བྱ་འམ། མེད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཡོད་པར་བརྗོད་པར་བྱའོ།། མཚན་ཉིད་ཇི་ལྟ་བུར་བརྗོད་པར་བྱ་ཞེ་ན། སྨྲས་པ། སྤྲོས་པ་མེད་པའི་མཚན་ཉིད་དང་། ཆོས་ཀྱི་དབྱིངས ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཡིན་ནོ།། ཅིའི་ཕྱིར་ཡོད་པར་བྱ་ཞེ་ན། སྨྲས་པ། ཕུང་པོའི་ལྷག་མ་དང་བཅས་པ་དང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ན་གནས་གྱུར་པ་དེའི་ཆོས་ཉིད་མི ་འཁྲུགས་པ་ཉིད་ཀྱི་ཕྱིར་ཏེ། ཆོས་ཉིད་མི་འཁྲུགས་པ་དེ་ཉིད་ལ་བརྟེན་ནས། དེ་སྔོན་ཡོད་ལ་ཕྱིས་མེད་པར་ཡང་མི་རིགས་པའི་ཕྱིར་རོ།། ཆོས་དེ་ནི་བྱུང་བ་དང་སྐྱེ་བ་དང་གྲུབ་པ་མ་ཡིན་མོད་ཀྱི། ཆུ་ལྟར་དང་བ་ཉིད་དུ་གྱུར་པ་དང་། ་གསེར་ལྟར་བཟུང་བ་ཉིད་དུ་གྱུར་པ་དང་། ན་མཁའ་ལྟར་སྤྲིན་དང་ཁུག་རྣ་དང་བྲལ་བ་ཉིད་དུ་གྱུར་པ་ཡིན་ཏེ། དེའི་ཕྱིར་ཡོད་པར་བརྗོད་པར་བྱའོ།། རྟག་པར་བརྗོད་པར་བྱ་འམ། མི་རྟག་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྟག་པར་བརྗོད ་པར་བྱའོ།། ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་བཞིན་ཉིད་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་དང་། མ་བྱུང་བའི་ཕྱིར་དང་། མ་སྐྱེས་པའི་ཕྱིར་དང་། ལྡོག་པ་མེད་པའི་ཕྱིར་རོ།། ཅིའི་ཕྱིར་བདེ་བར་བརྗོད་པར་བྱའི་བདེ་བ་མ་ཡིན་པར་བརྗོད ་པར་བྱ་ཞེ་ན། སྨྲས་པ། དོན་དམ་པའི་བདེ་བས་བདེ་བར་བརྗོད་པར་བྱའི། ཚོར་བའི་བདེ་བས་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ཐམས་ཅད་དང་དེ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འང ་པ་ཉིད་ཀྱི་ཕྱིརོ།། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངསུ་མྱ་ངན་ལས་འདས་པ་རྣམས་ལ་བྱེ་བྲག་གམ། བསམ་པ་འམ། ཐཱ་དད་དུ་བྱ་བ་འགེའ་ལྟ་ཡོད་དུམ་ཞེ་ན། སྨྲས་པ། མཱང་དེ་འདི་ལྟར ་བྱིངས་དེ་ལ་ནི་དམན་པ་དང་། འབྲིང་དང་། ཁྱད་པར་དུ་འཕགས་པ་རྣམ་པར་བཞག་པ་ཡང་མེད་ལ། མཐོན་དམན་ཡང་མདོ། བཟང་ངན་ཡང་མེད་པའི་ཕྱིར་རོ།། ཉན་ཐོས་དང་། དེ་བཞིན་གཤེགས་པ་ལ་ཅིའི་ཕྱིར ་བྲག་མེད་དེ། འདི་ལྟར་ཉན་ཐོས་ནི་སྒྲིབ་པ་དང་བཅས་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་ཡོངསུ་མྱ་ངན་ལས་འདའ་ལ། དེ་བཞིན་གཤེགས་པ་ནི་ཐམས་ཅད་ཀྱི་ཐམས ་ཅད་དུ་སྒྲིབ་པ་མི་མངའ་བ་ཡིན་ཞེ་ན། སྨྲས་པ། ཕུང་པོའི་ལྷག་མཱ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི་སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པ་རྣམ་པར་བཞག་པ་ཡོད་ཀྱི། ཕུང་པོའི་ལྷག ་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི་སྒྲིབ་པ་རྣམ་པར་བཞག་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། མཚན་མ་དང་གནས་ངན་ལེན་ཐམས་ཅད་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་ཅིང་འགགས་པའི ་ཕྱིར་ཏེ། འདི་ལྟར་དགྲ་བཅོམ་པ་ཕུང་པོའི་ལྕུག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པའི་མཚན་མ་ཐམས་ཅད་ཀྱི་ཐམས་ཅད་དུ་མུ་འགགས་པ་དང་། རྣམ་པར་སྨིན་པ་དང་། གནས་དྲན་ལེན་གྱི་སྒྲིབ ་པོ་མ་འགགས་པ་དེ་ནི་དེའི་ཉོན་མོངས་པའི་བག་ཆགས་ཞེས་བྱ་སྟེ། མཚན་མ་དང་གནས་ངན་ལེན་ལ་བལྟོས་ནས་སྒྲིབ་པ་རྣམ་པར་གཞག་པ་དེ་ནི་ཕུང་པོའི་ལྷག་མ་མེད་པ་ལ་མེད་པས་དེའི་ཕྱིར་དེ་ལ་ནི་སྒྲིབ་པ་མེད་པ ་ཁོ་ནར་རིག་པར་བྱའོ།། གལ་ཏེ་དེ་ལ་སྒྲིབ་པ་མེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་ལ་སྒྲིབ་པ་མི་མངའ་བ་དེ་ཁོ་ན་བཞིན་དུ་དགྲ་བཅོམ་པ་ལ་ཡང་སྒྲིབ་པ་མེད་པ་ཡིན་ན། ཅིའི་ཕྱིར་དགྲ་བཅོམ་པ་ཡང་དེ་བཞིན་གཤེ ་པའི་མཛད་པ་མི་བྱེད་ཅེ་ན། སྨྲས་པ། སྔོན་སྨོན་ལམ་བསྒོམས་པ་མེད་པའི་ཕྱིར་དང་། དེ་ལྟ་བུའི་རིགས་ཅན་ཡིན་པས་དེའི་ཕྱིར་དགྲ་བཅོམ་པ་ནི་ལྟུང་བའི་བསམ་པ་མེད་པ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདའ་བས་ན ་དེའི་ཕྱིར་མི་བྱེད་དོ།། ཕུང་པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་ཟག་པ་མེད་པའི་དབྱིངས་གང་ཡིན་པ་དེ་ཅི་གཟུགས་ལས་གཞན་དུ་བརྗོད་པར་བྱ་འམ་གཞན་མ ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཞན་ཡང་མ་ཡིན། གཞན་མ་ཡིན་པོ་ཡང་མ་ཡིན་པར་བརྗོད་པར་བྱའོ།། གཟུགས་དང་ཇི་ལྟ་བ་བཞིན་དུ་ཚོར་བ་ལ་སོགས་པ་དང་། འདུ་བྱེད་ཐམས་ཅད་དང་ཁམས་ཐམས་ཅད ་དང་འགྲོ་བ་ཐམས་ཅད་དང་ཡང་དེ་བཞིན་དུ་རིག་པར་བྱའོ།། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པ། ཅི་གཟུགས་ལ་སོགས་པ་ལ་དབང་ཐོབ་པར་བརྗོད་པར་བྱ་འམ། དབང་ཐོབ ་པ་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དབང་ཐོབ་པར་བརྗོད་པར་བྱའོ།། དབང་ཐོབ་ན་ཅི་མངོན་དུ་བྱེད་པར་བརྗོད་པར་བྱ་འམ། མངོན་དུ་མི་བྱེད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ལ་ལ་ནི་མངོན་དུ་བྱེད་ལ། ལ་ལ་ནི ་མངོན་དུ་མི་བྱེད་དེ། དེ་བཞིན་གཤེགས་པར་གྱུར་ནས་ཕུང་པོའི་ལྷག་མོ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་མངོན་དུ་མཛད་དོ།། དེ་ལས་གཞོན་པ་ནི་མངོན་དུ་མི ་བྱེད་དོ།། གང་གི་ཚེ་སྨོས་པའི་དབྱིངས་དེ་གང་གི་གྲངས་སུ་ཡང་འགྲོ་བ་མ་ཡིན་ན། ཇི་ལྟར་དེ་མངོན་དུ་བྱེད་ཅེ་ན། སྨྲས་པ། སྔོན་ཡང་དག་པའི་སྨོན་ལམ་དང་། ལྡུམ་དེ་ལྟ་བུ་བསྒོམས་པའི་དབང་གིས ་ཏེ། འདི་ལྟ་སྟེ་དཔེར་ན་འགོག་པ་ལ་སྙོམས་པར་ཞུགས་པ་ལ་སྙོམས་པར་འཇུག་པ་ལས་ལྡང་བར་བྱའོ།། ལྡང་ངོ་སྙམ་དུ་དེ་ལྟར་སེམས་པ་མེད་ཀྱང་སྟོན་པ་འདུ་བྱས་པའི་དབང་གིས་ལངས་ནས་ཡང་སེམས་དང་། ་བཅས་པའི་སྤྱོད་པ་ལ་སྤྱོད་པར་བྱེད་པ་དེ་བཞིན་དུ་འདི་ལའང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་པ། ཅིའི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས ་ཤིང་། བླ་ན་མེད་པ་ཡང་དོག་པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་པར་བྱེད་དམ། འོན་ཏེ་ཕུང་པོའི་ལྐོག་མ་དང་བཅས་པའི་མྱ་ངནྡ་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་ཅེ་ན། སྨྲས་པ། ཕུང་པོའི་ལྷག ་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱིད་དེ། འདི་ལྟར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པོ་ནི་རྩོམ་པ་ཐམས་ཅད་དང་བྲལ་ཞིང་འབད་པ་ཐམས་ཅད ་རྒྱུན་བཅད་པའི་ཕྱིར་རོ།། གལ་ཏེ་ཕུང་པོའི་ལྐོག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་པར་བྱེད་ཅེ་ན། ཇི་ལྟར་སྐྱེ་བ ་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་ཏུ་རུང་སྟེ། དགྲ་བཅོམ་པ་ལ་ནི་རེ་ཞིག་སྐྱེ་བ་གཅིག་ཀྱང་མེད་ན། སྐྱེ་བའི་རྒྱུ་ལྟ་སྨོས་ཀྱང་ཅི་དགོས་ཤེ་ན། སྨྲས་པ། ཚེའི་འདུ་བྱེད་བསྲིངས ་ནས་མངོན་པར་སྒྲུབ་པར་བྱེད་དོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་ལས་ཤས་ཆེར་དགོངས་ནས། རིགས་ཀྱི་བུ་ནོར་གྱི་རང་བཞིན་ཅན་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་ནས ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་གནས་པར་འགྱུར་རོ་ཞེས་གསུངས་ཏེ། བསྐལ་པ་ལས་ལྷག་པར་ཞེས་བྱ་བ་ནི་འདིར་བསྐལ་པ་བས་ཕ་རོལ་ཡིན་པར་དགོངསོ།། དེ་ནི་དེ་ལྟར་ཚེའི་འདུ་བྱེད་བསྲིངས ་སུ་ཟིན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཤིན་ཏུ་བུལ་བ་ཡིན་ཏེ། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་དེ་ལྟ་མ་ཡིན་ནོ།། དེ་ནི་དེ ་ལྟར་ཚེའི་འདུ་བྱེད་བསྲིངས་ནས་དབང་པོའི་ལུས་བྱིན་གྱིས་རློབ་པར་བྱེད་ཅིང་། སྤྲུལ་པོའི་ལུས་ཀྱིས་ཚེས་འཐུན་པ་པ་དག་ལ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་ཡོངསུ་མྱ་ངན་ལས ་འདའ་བ་སྟོན་པར་བྱེད་དེ། དེས་ན་དེ་དག་འདི་སྙམ་དུ་དེ་ནི་ཕུང་པོའི་ལྐོག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ་སྙོམ་དུ་སེམས་སོ།། དེ་དབ་ངོ་བོའི་ལུས་བྱིན་གྱིས་བརླབ ་དེས་ཛམ་བུའི་གླིང་འདྲིར་ཀར་འདོད་པར་ཅི་ནས་ཀྱང་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ན། སེམས་ཅན་ཕལ་པ་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟར་རབ་ཏུ་དབེན་པར་གནས་པར་བྱེད་དོ།། དེ་མྱ་ངན ་ལུས་འདས་པ་ལ་མངོན་པར་དགའ་བ་དེ་ལན་མང་དུ་གནས་པས། འཇིག་རྟེན་གྱི་ཁམས་རབ་འབྱམས་དེ་དང་དེ་དག་ཏུ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྙེན་བཀུར་བྱ་བ་དང་བྱང་ཆུབ་ཀྱི ་ཚོགས་ཀྱི་ལམ་བསྒོམ་པ་ལ་བག་མེད་པ་ན་ཡང་དང་ཡང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་བསྐུལ་བར་མཛད་། ཡང་དག་པར་སྐུ་ལ་ཐམས་པན་ཡང་ཡང་ང་ཡང་དུ་བན་ཡོད་པ་ལ་རྣལ་འབྱོར་དུ་བྱེད་དོ།། གལ་ཏེ ་དགྲ་བཅོམ་པ་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བར་གྱུར་པ་བླ་ནི་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚེང་རྒྱ་བར་འགྱུར་ན། ཅིའི་ཕྱིར་དགྲ་བཅོམ་པ་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ ་འགྱུར་བར་མཱི་འགྱུར་ཞེ་ན། སྨྲས་པ། རིགས་ཀྱི་བྱེ་བྲག་ཁོ་ནའི་ཕྱིར་ཏེ། འདི་ལྟར་དགྲ་བཅོམ་པ་རྣམས་ཉིད་ལ་ཡང་དགྲ་བཅོམ་པ་ལ་ལཱ་ནི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་ཞིང་ཕུང་པོའི་ལྷག་མོ་མེད་པའི་མྱ་ངན་ལས ་འདས་པའི་དབྱིངསུ་ཡོངསུ་མྱ་ངན་ལས་འདའ་བར་བྱེང་ལ། ལ་ལ་ནི་ཤོས་རབ་ཀྱིས་རྣམ་པར་གྲོལ་བ་ཁོ་ནས་བྱེད་པའི་བྱེ་བྲག་སྣང་བས། དེའི་ཕྱིར་རིགས་ཀྱི་བྱེ་བྲག་ཉིད་ཀྱིས་ནི་དགྲ་བཅོམ་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངསུ ་འགྱུར་བར་མི་འགྱུར་བར་རིག་པར་བྱའོ།། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དེའང་རེས་དགའ་ནི་སློབ་པར་གྱུར་པ་ཁོ་ནར་གྱུར་པའི་ཚེ་ན་ཉན་ཐོས་ཀྱི་སྨོན་ལམ་ལས་རྣམ་པར་ལྡོག་པར་བྱེད་དོ།། རེས་དགའ་ནི་མི ་སློབ་པར་གྱུར་ནས་དབང་པོའི་རིམོ་པ་དང་རྐྱེན་གྱི་རིམ་པ་ཉིད་ལ་བལྟོས་ནས་ལྡོག་པར་བྱེད་།། ཇི་ལྟར་ཉན་ཐོས་བྱང་ཆུབ་ཏུ་ཡོངསུ་འགྱུར་བ་རྐྱེན་རྙེད་ན་བླ་ནི་མེད་པའི་ཐེག་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར ་བཔ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཏང་སྙོམསུ་གཞོག་པའི་རྒྱུས་ཐེག་པ་དམན་པས་ཡོངས་སུ་མྱ་ངན་ལས་འདའ་བའི་རྐྱེན་སྙིང་ཐེག་པ་ལ་སོགས་པ་རྙེད ་པ་ན་ཐེག་པོ་དམན་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ་ཞེ་ན། གང་གི་ཕྱིར་དེ་བག་མེད་པར་གྱུར་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་བཏང་སྙོམས་སུ་འཇོག་པར་འགྱུར་བ་དེ་ནི ་གནས་མ་ཡིན་སྐབས་མ་ཡིན་ཏེ། དེ་ནི་གནས་མེད་དོ།། བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དེ་ཡང་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་དེའི་ཚེ་ན་དེ་བཞིན་གཤེགས་པ་ཁོ་ནར་གྱུར ་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་ཡོངསུ་མྱ་ངན་ལས་འདའོ།། བྱང་ཆུབ་ཏུ་ཡོངསུ་འགྱུར་བ་དེ་ཅི་དང་པོ་ཉིད་ནས་ཉན་ཐོས་ཀྱི་རིགས་ཅན་ཡིན་པར་བརྗོད་པར་བྱ་འམ། འོན་ཏེ་བྱང་ཆུབ་སེམས་དཔའི ་རིགས་ཅན་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མ་ངེས་པའི་རིགས་ཅན་ཡིན་པར་བརྗོད་པར་བྱ་སྟེ། མ་ངེས་པའི་སེམས་ཅན་གྱི་ཚོགས་རྣམ་པར་གཞག་པ་དང་འདྲའོ།། དེ་ཡོངསུ་མྱ་ངན་ལས་འདའ་བའི ་ཆོས་ཅན་ཉིད་ཀྱི་རེགསུ་ངེས་པ་ཡིན་པར་རིག་པར་བྱའོ།། གནས་དེར་ཞུགས་པ་དེ་ལ་ཇི་ལྟར་འཆི་བའི་འཇིགས་པ་མེད་པ་བཞིན་དུ་ན་པ་དང་རྒ་བའི་འཇིགས་པ་ཡང་མེད་དོ།། དེ་དག་དང་གཞན་དེ་བཞིན་གཤེགས་པར ་གྱུར་ཅིང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འོདས་པའི་དབྱིངསུ་ཡོངསུ་མྱ་ངན་ལས་འདས་པ་དག་ནི་ཕྱོགས་བཅུར་ཡང་དང་ཡང་དུ་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་དག་གཏན་དུ་མཛད་པར་རིག་པར་བྱ ་སྟེ། འདི་ལྟ་སྟེ་དཔའི་བར་འགྲོ་བའི་ཏིང་ངེ་འཛིན་ལས་སྒྱུ་མི་མཁོན་གྱི་དཔེ་དང་། དེད་དཔོན་གྱི་དཔེ་དང་། གྲུབ་པའི་དཔེ་མཛད་པ་བཞིན་དུ་འདིར་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། འདི་ནི་དེ་བཞིན་གཤེགས་པའི ་མཆོག་ཏུ་གསུང་བ་ཡིན་ཏེ། འདི་དང་དེ་བཞིན་གཤེགས་པའི་གསང་བ་སྣ་ཚོགས་གཞན་དག་ལ་མོས་པས་སྤྱོད་པའི་སར་ཆུད་པའི་བྱང་ཆུབ་སེམས་དཔའ་བཟོད་པ་ཆུང་ངུ་ལ་ཞུགས་པ་རྣམས་ནི་མོས་པ་ཆུང་ངུས ་འཇུག་གོ།། བཟོད་པ་འབྲིང་ལ་ཞུགས་པ་རྣམས་ནི་མོས་པ་འབྲིང་གིས་འཇུག་གོ།། བཟོད་པ་ཆེན་པོ་ལ་ཞུགས་པ་རྣམས་ནི་མོས་པ་ཆེན་པོས་འཇུག་ཀྱང་མོས་པ་རྣམ་པར་དག་པ་དང་ཤིན་ཏུ་རྣམ་པར་དག་པས་ནི་མི ་ནོ།། སར་ཆུད་པ་རྣམས་ལས་ཀྱང་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་རྣམས་ནི་ཐམས་ཅད་དུ་མོས་པ་སྔ་མ་ལས་ཆེས་ཁྱད་པར་དུ་འཕགས་པ་ཆེས་གྱ་ནོམ་པ། སོ་སྐྱོ་རང་གི་རྣམ་པས་གྲུབ་པའི་མོས་པ ་རྣམ་པར་དག་པས་འཇུག་གོ། ས་གཉིས་པར་ཆུད་པ་རྣམས་ནི་ངེབ་ཀྱང་ཆེས་ཁྱད་པར་དུ་འཕགས་པས་འཇུག་སྟེ། དེ་བཞིན་དུ་ས་དགུ་པའི་བར་ལ་ཞུགས་པ་དག་ཀྱང་ཐམས་ཅད་དུ་གོང་ནས་གང་དུ་ཁྱད་པར་དུ་འཕགས་པའི ་མོས་པ་རྣམ་པར་དག་པས་འཇུག་གོ། བྱང་ཆུབ་སེམས་དཔའ་ས་བཅུ་པར་ཆུད་པ་རྣམས་ནི་དེ་བཞིན་གཤེགས་པའི་གསང་བ་དེ་དག་ལ་མོས་པ་ཤིན་ཏུ་རྣམ་པར་དག་པས་འཇུག་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པའི ་གསང་བ་དེ་དག་ནི་བསམ་གྱིས་མི་ཁྱབ་པ་དང་། བརྟག་པར་བྱ་བ་མ་ཡིན་པ་དང་རྟོག་གེའི་སྤྱོད་ཡུལ་མ་ཡིན་པར་རིག་པར་བྱའོ།། ཆོས་རྣམ་པར་གཏན་ལ་དབབ་པའི་བསྡུས་པའི་དོན་གང་ཞེ་ན། སྨྲས་པ། རྣམ་པ་རབ་ཏུ་དབྱེ་བས ་ཆོས་རྣམས་རྣམ་པར་གཞག་ནས་དེ་དག་ཉིད་ཀྱི་རླུང་དང་སྤྱིའི་མཚན་ཉིད་དང་། དེ་དག་ཉིད་ཀྱི་བརྒོལ་བའི་ལན་དང་། དེ་དག་ཉིད་ཀྱི་གཅིག་ནས་བརྟག་པ་དང་། ཚིག་གོང་མ་དང་སྦྱར་བ་དང་། མུ་བཞིར་བཅད་པ་ལ་སོགས་པས་རབ་ཏུ ་རྣམ་པར་དབྱེ་བ་གང་ཡིན་པ་དང་། དེ་དག་ཉིད་ཀྱི་བསྡུ་བ་དང་། མཚུངས་པར་ལྡན་པ་དང་། འཐོབ་པ་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་དེའི་བསྡུས་པའི་དོན་ཡིན་པར་རིག་པར་བྱའོ།། ས་དང་ས་དག་གི་རྣམ་པར་གཏན ་@#ལ་དབབ་པའི་རབ་ཏུ་དབྱེ་བ་ནི་དཔག་ཏུ་མེད་དེ། ཕྱོགས་ཙམ་ཞིག་ཡང་དག་པར་བསྟན་པ་ནི་འདི་ཡིན་པས་ཕྱོགས་འདི་དང་། བསླབ་པ་དང་ཚུལ་འདི་དང་། གཏན་ལ་དབབ་པར་བསྟན་པ ་འདིས་གཞན་དག་ཀྱང་བརྟག་པར་བྱའོ།། ཕུང་པོ་དང་བཅས་པ་དང་། ཕུང་པོ་མེད་པའི་སའི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། རྣམ་པར་གཏན་ལ་དབབ་པའི་གཞུང་དེ་ལས། གཞན་ནི་མི་སྣང་ངོ་།། ་རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨྨ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེནི་གྱི ་མཻ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། སརྦ་མདྨཱ་པཾ།། བཀྲ་ཤིས། ་