| Wylie | e-texts produced with BDRC’s OCR application |
text in 2 volumes
volume 1 - volume 2 -
རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ
་དབབ་པ་བསྡུ་བ། བམ་པོ་དང་པོ། གསུང་གི་མངའ་བདག
་འཇམ་དཔལ་གཞོན་ནུར་གྱུར་པ་དང་། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ།། ས་རྣམས་ནི་བཤད་ཟིན་ཏོ།། འདི
་མན་ཆད་ནི་ས་དེ་ཉིད་ཀྱི་རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་བརྗོད་པར་བྱ་སྟེ། རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་དེ་ལ
་བརྟེན་ནས་ས་ཐམས་ཅད་ཀྱི་དྲིས་པ་ལན་གདབ་པ་ལ་མཁས་པར་འགྱུར་རོ།། རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པ་དང་ཡིད་ཀྱི
་སའི་རྣམ་པར་གཏན་ལ་དབབ་པ་ནི་ས་བོན་གྱི་གནས་ཀུན་གཞི་རྣམ་པར་ཤེས་པ་ཞེས་གང་སྨོས་པའོ།། དེའི་ཡོད་པ་ཉིད་དང་རབ་ཏུ་དབྱེ་བ་ནི་མ་བསྟན་ཏེ། ཅིའི་ཕྱིར་མ་བསྟན་པ་དང་། ཇི
་ལྟར་ན་དེ་ཡོད་པ་ཉིད་དང་། རབ་ཏུ་དབྱེ་བ་རིག་པར་བྱ་ཞེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་གསང་སྟེ་བསྟན་ཅིང་། རྣམ་པར་བཞག་པ་ཡིན་པས་ན། དེའི་ཕྱིར་མ་བསྟན་ཏོ།། བཅོམ་ལྡན
་འདས་ཀྱིས་ཇི་སྐད་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།། ས་བོན་ཐད་ཆུ་བོ་ཀླུང་ལྟར་འབབ།། བདག་ཏུ་རྟོགས་པར་གྱུར་ན་མི་རུང་ཞེས།། བྱིས་པ་རྣམས་ལ་ངས་ནི་ད་མ་བསྟན།། ཙཱ་གསུང
་པ་ལྟ་བུའོ།། སྡོམ་ནི། ལེན་དང་དང་པོ་གསལ་བ་དང་།། ས་བོན་ལས་དང་ལུས་ཚེར་དང་།། སེམས་མེད་སྙོམས་པར་འཇུག་པ་དང་།། དེ་བཞིན་འཆི་འཕོ་མི་རུང་འགྱུར།། ཀུན་གཞི་རྣམ་པར་ཤེས
་པ་ཡོད་པ་ཉིད་ནི། རྣམ་པ་བརྒྱད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ། ཀུན་བཞི་རྣམ་པར་ཤེས་པ་མེད་ན་གནས་ལེན་པ་མི་སྲིད་པ་དང་། དང་པོ་འཇུག་པ་མི་སྲིད་པ་དང་། གསལ་བར་འཇུག་པ་མི་སྲིད་པ་དང་། ས་དོན་ཉིད་མི
་སྲིད་པ་དང་། ལས་མི་སྲིད་པ་དང་། ལུས་ཀྱི་ཚོར་བ་མི་སྲིད་པ་དང་། སེམས་ཅན་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང་། རྣམ་པར་ཤེས་པའི་འཆི་འཕོ་མི་སྲིད་པས་སོ།། ཅིའི་ཕྱིར་གནས་ལེན་པ་མི་རུང་ཞེ་ན་སྨྲས་པ། རྒྱུ་རྣམ་པ་ལྔ་སྟེ། འདི
་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་སྔོན་གྱི་ལས་མངོན་པར་འདུ་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ལ། མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་ད་ལྟར་བྱུང་བའི་རྐྱེན་གྱི་རྒྱུ་ལས་བྱུང་བ་ཡིན་ཏེ། ཇི་སྐད་དུ་རྣམ་པར་ཤེས་པ་རྣམས་ནི་དབང་པོ་དང་།
་ཡུལ་དང་། ཡིད་ལ་བྱེད་པའི་དབང་གིས་འབྱུང་བར་འགྱུར་རོ་ཞེས་རྒྱ་ཆེར་བསྟན་པ་ལྟ་བུ་སྟེ། དེ་ནི་རྒྱུ་དང་པོའོ།། གཞན་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ནི། དགེ་བ་དང་མི་དགེ་བར་སྣང་སྟེ། དེ་ནི་རྒྱུ་གཉིས་པའོ།། གཞན་ཡང་རྣམ་པར་ཤེས
་པའི་ཚོགས་དྲུག་པོ་དག་ལ་ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པར་བསྡུས་པའི་རིགས་གང་ཡིན་པ་དེ་མི་དམིགས་ཏེ། དེ་ནི་རྒྱུ་གསུམ་པའོ།། གཞན་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ནི་གནས་ངེས་པ་ལས་འབྱུང་སྟེ། དེ་ལ་རྣམ་པར
་ཤེས་པ་གནས་པ་གང་དང་གང་ནས་འབྱུང་བ་དེ་ཉིད་ཀྱིས་དེ་ཟིན་པར་འགྱུར་གྱི། ལྷག་མ་རྣམས་ཟིན་པར་འགྱུར་བས་མི་རུང་ངོ་།། ཟིན་པར་ཡང་མི་རུང་སྟེ་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ཏེ། དེ་ནི་རྒྱུ་བཞི་པའོ།། གཞན་ཡང་ཡང་དང་ཡང་གནས་ལེན
་པའི་སྐྱོན་དུ་ཐལ་བར་འགྱུར་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་ནི་ལན་འགའ་འབྱུང་ཞིང་ལན་འགའ་མི་འབྱུང་ལ། ལྷག་མ་རྣམས་ཀྱང་དང་དེ་དང་འདྲ་སྟེ། དེ་ནི་རྒྱུ་ལྔ་པའོ།། དེ་ལྟར་ན་སྔོན་གྱི་ལས་དང་ད་ལྟར་བྱུང་བའི་རྐྱེན་གྱི་རྒྱུ་ལས་བྱུང་བ
་དགེ་བ་དང་མི་དགེ་བ་ཡིན་པ་དང་། རིགས་དེ་མི་དམིགས་པ་དང་། གནས་ངེས་པ་དང་། ཡང་དང་ཡང་ལེན་པའི་སྐྱོན་དུ་འགྱུར་བའི་ཕྱིར་མི་རུང་ངོ་།། ཅིའི་ཕྱིར་དང་པོ་འཇུག་ཅིང་འབྱུང་བར་མི་རུང་ཞེ་ན། གལ་ཏེ་ལ་ལ་འདི་སྐད་ཅེས་གལ་ཏེ་ཀུན་གཞི་རྣམ
་བར་ཤེས་པ་ཡོད་ན་དེའི་ཕྱིར་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བར་འགྱུར་རོ་ཞེས་ཟེར་ན། དེ་ལ་འདི་སྐད་རྗོད་པར་བྱ་སྟེ། དེ་ནི་ཉེས་པོ་མེད་པ་ཁོ་ན་ལས་ཁྱོད་ཉིད་ཉེས་པར་འདུ་ཤེས་པར་ཟད་དེ་འདི་ལྟར་རྣམ་པར་ཤེས་པ་ནི་གཉིས་ཅིག་པར་འབྱུང་བ
་ཁོ་ནར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལ་ལ་ཅིག་བྱར་ལྟ་བར་འདོད་པ་དང་ཅིག་བྱར་རྣམ་པར་ཤེས་པར་བྱ་བའི་བར་དུ་འདོད་པ་ལ། དང་པོ་རྣམ་པར་ཤེས་པ་གང་ཡང་རུང་བ་འཇུག་པར་འགྱུར་བ་མི་རུང་སྟེ། འདི་ལྟར་དེ་ལ་ཡིད་ལ་བྱེད་པ་དང་དབང་པོ
་དང་། ཡུལ་ཡང་བྱེ་བྲག་མེད་པའི་ཕྱིར་རོ།། ཅིའི་ཕྱིར་རྣམ་པར་ཤེས་པ་ཅིག་བྱར་འབྱུང་བ་མེད་ན། ཡིད་ཀྱི་རྣམ་པར་ཤེས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་དང་། མཇུག་ཐོགས་སུ་འབྱུང་བ་གསལ་བར་མི་རུང་ཞེ་ན། འདི་ལྟར
་གང་གི་ཚེ་འདས་པའི་དུས་ན་ཉམས་སུ་མྱོང་བའི་ཡུལ་རྗེས་སུ་དྲན་པ་དེའི་ཚེ་ན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་འཇུག་པ་གསལ་བ་མ་ཡིན་ལ། ད་ལྟ་བྱུང་བའི་ཡུལ་ལ་ནི་ཡིད་ཀྱི་འཇུག་པ་དེ་ལྟར་མི་གསལ་བ་མ་ཡིན་པས། དེའི་ཕྱིར་ཅིག་ཅར་འབྱུང་བ
་འམ་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བ་མ་ཡིན་པར་རིགས་སོ།། ཅིའི་ཕྱིར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་གཅིག་གི་ས་བོན་ཉིད་གཅིག་ཡིན་པར་མི་སྲིད་ཅེ་ན་འདི་ལྟར་དགེ་བའི་མཇུག་ཐོགས་སུ་མི་དགེ་བ་དང་མི་དགེ་བའི
་མཇུག་ཐོགས་སུ་དགེ་བ་དང་གཉི་གའི་མཇུག་ཐོགས་སུ་ལུང་དུ་མ་བསྟན་པ་དང་། ཁམས་ངན་པའི་མཇུག་ཐོགས་སུ་ཁམས་བར་མ་དང་། ཁམས་ངན་པའི་མཇུག་ཐོགས་སུ་ཁམས་བཟང་པོ་པ་དང་། དེ་བཞིན་དུ་ཁམས་བཟང་པོ་པའི་མཇུག་ཐོགས་སུ
་ཁམས་ངན་པ་པའི་བར་དང་། ཟག་པ་དང་བཅས་པའི་མཇུག་ཐོགས་སུ་ཟག་པ་མེད་པ་དང་། ཟག་པ་མེད་པའི་མཇུག་ཐོགས་སུ་ཟག་པ་དང་བཅས་པ་དང་། འཇིག་རྟེན་པའི་མཇུག་ཐོགས་སུ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི
་མཇུག་ཐོགས་སུ་འཇིག་རྟེན་པའི་སེམས་འབྱུང་ལ་དེ་དག་ནི་ད་ལྟར་ས་བོན་ཉིད་དུ་མི་རུང་བའི་ཕྱིར་དང་། སེམས་ཀྱི་རྒྱུད་ཡུན་རིང་པོར་རྒྱུན་ཆད་ཀྱང་། ཡུན་རིང་པོས་འབྱུང་བར་འགྱུར་བས་དེའི་ཕྱིར་ཡང་མི་རུང་ངོ་།། ཅིའི་ཕྱིར་རྣམ་པར་ཤེས་པ
་ཅིག་ཅར་འབྱུང་བ་མེད་ན་ལྔས་མི་སྲིད་ཅེ་ན། འདི་ལྟར་ལས་ནི་འདོར་བསྡུས་ན་རྣམ་པ་བཞི་སྟེ། སྣོད་རྣམ་པར་རིག་པ་དང་། གནས་རྣམ་པར་རིག་པ་དང་། བདག་གོ་སྙམ་དུ་རྣམ་པར་རིག་པ་དང་། ཡུལ་རྣམ་པར་རིག་པའོ།། དེ་ལྟར་རྣམ་པར
་རིག་པ་དེ་དག་ཐམས་ཅད་ནི་སྐད་ཅིག་ལ་ཅིག་ཅར་འབྱུང་བར་སྣང་ལ། རྣམ་པར་ཤེས་པ་གཅིག་གི་སྙིད་ཅིག་གཅིག་ལ་ནི་ལས་ཤིན་ཏུ་ཐ་དད་པ་དེ་ལྟ་བུ་དེ་དག་མི་རུང་བའི་ཕྱིར་རོ།། ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལུས་ཀྱི་ཚོར་བ་རེ་འ་ཞེན།
་འདི་ལྟར་ཚུལ་བཞིན་ནས་ཚུལ་བཞིན་མ་ཡིན་པ་སེམས་པར་བྱེད་པ་དང་། རྗེས་སུ་རྟོག་པར་བྱེད་པ་འམ། སེམས་མཉམ་པར་མ་བཞག་བུ་གཅིག་ཅིག་ལུས་ལ་ཚོར་བ་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་གང་དག་འབྱུང་བ་དེ་དག་མི་འབྱུང་བའི་རིགས་ན་སྣང་སྟེ།
་དེའི་ཕྱིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོད་དེ། ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་ཅེ་ན། འདི་ལྟར་འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པའམ། འགོག་པ་ལ་སྙོམས་པར་ཞུགས་པའི་རྣམ་པར་ཤེས
་བ་ལུས་དང་བྲལ་བ་ཁོ་ནར་འགྱུར་བས། དེའི་ཕྱིར་ཤི་བ་ཁོ་ནར་འགྱུར་བ་ཞིག་ན་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དེའི་རྣམ་པར་ཤེས་པ་ནི་ལུས་དང་བྲལ་བ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ།། ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་འཆི་འཕོ་མི་རུང་ཞེ་ན།
་འདི་ལྟར་འཕོ་བའི་ཚེའི་རྣམ་པར་ཤེས་པས་ལུས་རོ་སྟོད་དམ། རོ་སླང་དུ་དྲོང་ཡལ་བར་བྱེད་ཅིང་སྤོང་ལ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ནམ་ཡང་མི་འབྱུང་བ་མ་ཡིན་པས། དེའི་ཕྱིར་ལུས་ལེན་པོར་བྱེད་པའི་ཀུན་གཞི་རྣམ་པར་ཤེས་པ་ཁོ་ན་དང་བྲལ་བས་ལུས་ཀྱི་དྲོད
་ཡལ་བ་དང་། ལུས་ལ་ཚོར་བ་མེད་པར་སྣང་བར་ཟད་ཀྱི། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བས་ནི་མ་ཡིན་ཏེ། དེའི་ཕྱིར་ཡང་མི་རུང་ངོ་།། སྡོམ་ནི། དམིགས་དང་མཚུངས་པར་ལྡན་པ་དང་།། གཅིག་གི་རྐྱེན་ཉིད་གཅིག་ཡིན་དང་། ལྷན་ཅིག་དངོས་པོས་འཇུག་པ་དང་།
་ཀུན་ནས་ཉོན་མོངས་ལྡོག་པ་ཡིན།། མདོར་བསྡུ་ན་ཀུན་གཞི་རྣམ་པར་ཤེས་པའི་འཇུག་པ་ནི་རྣམ་པ་བཞིས་རྣམ་པར་བཞག་ལ། ལྡོག་པ་ནི་རྣམ་པ་གཅིག་གིས་རྣམ་པར་བཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། དམིགས་པས་འཇུག་པ་རྣམ་པར་གཞག་པ་དང་།
་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་བཞུག་པ་དང་། གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འདུག་པ་རྣམ་པར་བཞག་པ་དང་། ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་བཞག་པ་སྟེ། རྣམ་པ་བཞི་པོ་དེ་དག་གིས་ནི་འཇུག་པ་རྣམ་པར་བཞག
་ལ། ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་བཞག་པས་ནི་ལྡོག་པ་རྣམ་པར་གཞག་པར་རིག་པར་བྱའོ།། དེ་ལ་དམིགས་པས་འཇུག་པ་རྣམ་པར་བཞག་པ་གང་ཞེ་ན། མདོར་བསྡུ་ན་ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པ་གཉིས་ཀྱིས་འཇུག་སྟེ།
་ནང་གི་ལེན་པ་རྣམ་པར་རིག་པ་དང་། ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པས་སོ།། དེ་ལ་ནང་གི་ལེན་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང་རྟེན་དང་དབང་པོའི་གཟུགས་སོ།། དེ་ཡང་གཟུགས་ཅན་གྱི་ཁམས
་ནའོ།། གཟུགས་ཅན་མ་ཡིན་པ་ནི་བག་ཆགས་ལེན་པ་ཁོ་ནར་ཟད་དོ།། དེ་ལ་ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་བཅད་པ་རྣམ་པར་རིག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ནང་ཀི་ལེན་པའི་དམིགས་པ་གང་ཡིན་པ་དེ་ཉིད་ལ་བརྟེན་ནས། རྟག་ཏུ་རྒྱུན་མི་འཆད་པར
་འཇིག་རྟེན་དང་སྣོད་ཀྱི་རྒྱུན་རྣམ་པར་རིག་པ་སྟེ། འདི་ལྟ་སྟེ། དཔེར་ན་མར་མེ་འབྱོར་བ་ནི་སྙིང་པོ་དང་སྣུམ་གྱི་རྒྱུས་ནི་ནང་དུ་འཇུག་པར་འགྱུར་ལ། ཕྱི་རོལ་ཏུ་ནི་འོད་འབྱུང་བར་བྱེད་པ་བཞིན་དུ་ནང་གི་ལེན་པའི་དམིགས་པ་དང་། ཕྱི་རོལ་གྱི་དམིགས་པ་འདི་ལ་ཡང་ཀུན
་གཞི་རྣམ་པར་ཤེས་པའི་ཚུལ་དེ་དང་འདྲ་བར་བལྟ་བར་བྱའོ།། དམིགས་པ་དེ་ནི་འཇིག་རྟེན་གྱི་ཁམས་འི་རྣམས་ཀྱིས་ཀྱང་ཡོངས་སུ་བཅད་པའི་དཀའ་བའི་ཕྱིར་བྲི་བ་ཡིན་ནོ།། དམིགས་པ་དེ་ནི་རྟམ་ཏུ་ཡོད་པ་ཡིན་ཏེ། ལོན་འགའ་གཞན་དུ་འགྱུར་ལ། ལན
་འགའ་གཞན་དུ་འགྱུར་བ་མ་ཡིན་ནོ།། འོན་ཀྱང་དང་པོ་པའི་ལེན་པའི་སྐད་ཅིག་ལ་བརྟེན་ནས། ཇི་སྲིད་འཚོ་བའི་བར་དུ་རྣམ་པར་རིག་པ་རོ་གཅིག་པས་འཇུག་པར་འགྱུར་རོ།། ཀུན་གཞི་རྣམ་པར་ཤེས་པ་དེ་ནི་དམིགས་པ་ལ་སྐད་ཅིག་པ་ཡིན་པར་བལྟ་བར་བྱ་སྟེ།
་སྐད་ཅིག་པའི་རྒྱུན་གྱི་རྒྱུད་ཀྱིས་འཇུག་པ་ཡིན་གྱི། གཅིག་པ་ཉིད་ནི་མ་ཡིན་ནོ།། ཀུན་གཞི་རྣམ་པར་ཤེས་པ་དེ་ཡང་འདོད་པའི་ཁམས་ན་ནི་རྒྱུ་ཆུང་ངུའི་དམིགས་པ་ཅན་དུ་བརྗོད་པར་བྱའོ།། གཟུགས་ཀྱི་ཁམས་ན་ནི་རྒྱུ་ཆེན་པོར་གྱུར་པའི་དམིགས་པ་ཅན་ནོ།།
་གཟུགས་མེད་པའི་ཁམས་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ན་ནི་རྒྱུ་ཚད་མེད་པའི་དམིགས་པ་ཅན་ནོ།། ཅི་ཡང་མེད་པའི་སྐྱེ་མཆེད་ན་ནི་རྒྱུ་ཕྲ་བའི་དམིགས་པ་ཅན་ནོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ན་ནི་རྒྱུ་ཤིན
་ཏུ་ཕྲ་བའི་དམིགས་པ་ཅན་དུ་བལྟ་བར་བྱའོ།། དེ་ལྟར་ན་དམིགས་པ་རྣ་བ་གཉིས་རྣམ་པར་རིག་པ་དང་། ཕྲ་བོ་རྣམ་པར་རིག་པ་དང་། འདྲ་བ་རྣམ་པར་རིག་པ་དང་། སྐྲདོ་ཅིག་རྣམ་པར་རིག་པ་དང་། ཆུང་ངུའི་དམིགས་པ་རྣམ་པར་རིག་པ་དང་། རྒྱུ་ཆེན་པོར་གྱུར་པའི་དམིགས
་བ་རྣམ་པར་རིག་པ་དང་། རྒྱུ་ཚད་མེད་པའི་དམིགས་པ་རྣམ་པར་རིག་པ་དང་། རྒྱུ་ཕྲ་བའི་དམིགས་པ་རྣམ་པར་རིག་པ་དང་། རྒྱུ་ཤིན་ཏུ་ཕྲ་བའི་དམིགས་པ་རྣམ་པར་རིགས་པས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་དམིགས་པས་འཇུག་པ་རྣམ་པར་བཞག་པར་རིག་པར་བྱའོ།།
་དེ་ལ་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་བཞག་པ་གང་ཞེ་ན། འདི་ལ་ཀུན་གཞི་རྣམ་པར་ཤེས་པ་ཚུངས་པར་ལྡན་པ་ན་སེམས་དང་མཚུངས་པར་ལྡན་པ་ཀུན་ཏུ་འགྲོ་བ་ལྔ་པོ་ཡིད་ལ་བྱེད་པ་དང་། རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་རྣམས
་དང་མཚུངས་པར་ལྡན་ནོ།། ཆོས་དེ་དག་ཀྱང་རྣམ་པར་སྨིན་པར་བསྡུས་པ་དང་། འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བའི་ཕྱིར་ཕྲ་བ་དང་། གཏན་ཏུ་དམིགས་པ་གཅིག་ལ་མཚུངས་འཇུག་པ་ཡིན་ནོ།། སེམས
་ལས་བྱུང་བ་དེ་དག་ལས་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པ་དེ་ནི་གཅིག་ཏུ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། ལུང་དུ་མ་བསྟན་པ་ཡིན་ནོ།། དེ་ཉིད་ཀྱིས་དེ་ལས་གཞན་པའི་སེམས་ལས
་བྱུང་བའི་ཆོས་རྣམས་ཀྱང་རྣམ་པར་བཤད་པ་ཡིན་ནོ།། དེ་ལྟར་ན་སེམས་ལས་བྱུང་བ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་རྣམ་པར་སྨིན་པར་རིགས་འདྲ་བ་དང་མཚུངས་པར་ལྡན་པ་དང་། འཇུག་པ་ཕྲ་བ་དང་མཚུངས་པར་ལྡན་པ་དང་། དམིགས་པ
་གཅིག་ལ་མཚུངས་པར་འཇུག་པ་དང་མཚུངས་པར་ལྡན་པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་མཚུངས་པར་ལྡན་པ་དང་། ལུང་དུ་མ་བསྟན་པ་དང་མཚུངས་པར་ལྡན་པས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་མཚུམས་པར་ལྡན
་བས་འཇུག་པ་རྣམ་པར་བཞག་པར་རིགས་པར་བྱའོ།། དེ་ལ་གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པར་བཞག་པ་གང་ཞེ་ན། འདི་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཀྱིས་འཇུག་པའི་རྣམ་པར་ཤེས་རྐྱེན་གྱི་བྱ་བ
་བྱེད་དེ་ས་བོན་གྱི་དངོས་པོ་དང་རྟེན་བྱེད་པས་སོ།། དེ་ལ་ས་བོན་གྱི་དངོས་པོ་ནི་འཇུག་པའི་རྣམ་པར་ཤེས་པ་དགེ་བྱ་ད་ལུང་དུ་མ་བསྟན་པ་འབྱུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ཀུན་གའི་རྣམ་པར་ཤེས་པ་མེ་ཁྱེན་དང་ལྡན་པ
་ཡིན་ནོ།། དེ་ལ་རྟེན་བྱེད་པ་ནི་ཀུན་གཞི་རྣམ་པར་ཤེས་པས་ཟིན་པའི་དབང་པོ་གཟུགས་ཅན་རྣམས་ལ་བརྟེན་ནས། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་འབྱུང་བར་འགྱུར་གྱི་མ་ཟིན་པ་དག་ལྔས་ནི་མ་ཡིན་ནོ།། རྣམ་པར་ཤེས་པའི་ཚོགས་ལྔ་པོ
་དག་གི་གནས་མིག་ལ་སོགས་པ་དང་འདྲ་བ་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་གནས་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་བར་འགྱུར་གྱི་མེད་ན་ནི་མ་ཡིན་ནོ།། དེ་ལ་འཇུག་པའི་རྣམ་པར་ཤེས་པ་ནི།
་རྣམ་པ་གཉིས་ཀྱིས་ཀུན་གཞི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ། ཚེ་འདི་ལ་ས་བོན་ཡོངས་སུ་རྟས་པར་བྱེད་པ་དང་། ཕྱི་མ་ལ་དེ་མངོན་པར་འགྲུབ་པའི་ས་བོན་ཡོངས་སུ་འཛིན་པ་སྐྱེད་པར་བྱེད་པས་སོ།། དེ་ལ་ཚེ་འདི་ལ་ས་བོན་ཡོངས་སུ་རྟས།
་པར་བྱེད་པ་ནི། ཇི་ལྟ་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་པ་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་འབྱུང་བར་འགྱུར་བ་དེ་ལྟ་དེ་ལྟར་རང་གི་རྟེན་ལ་རྟེན་དེ་དང་ལྷན་ཅིག་སྐྱེ་བ་དང་འགག་པས་བག་ཆགས
་སྒོ་བར་བྱེད་དོ།། རྒྱུ་དེ་དང་རྐྱེན་དེས་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཕྱིར་ཞིང་དགེ་བ་ལ་སོགས་པའི་དངོས་པོས་ཤིན་ཏུ་རྟས་པ་དང་། ཤིན་ཏུ་སྦྱངས་པ་དང་། ཤིན་ཏུ་འོད་གསལ་བ་དག་འབྱུང་བར་འགྱུར་རོརོ།། དེའི་བག་ཆགས་ཀྱི་རིགས
་གཞན་ནི་ཕྱི་མ་ལ་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པའི་ཕྱིར་འཇུག་པར་འགྱུར་རོ།། དེ་ལྟར་ན་ས་བོན་གྱི་དངོས་པོ་དོང་རྟེན་བྱེད་པ་དང་། ས་བོན་ཡོངས་སུ་རྟས་པར་བྱེད་པ་དང་། ས་བོན་ཡོངས་སུ་འཛིན་པས
་ཀྱང་ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པརར་གཞག་པར་རིག་པར་བྱའོ།། དེ་ལ་ལྷན་ཅིག་གིས་དངོས་པོས་འཇུག་པ་རྣམ་པར་བཞག་པ་གང་ཞེ་ན། ཀུན
་གཞི་རྣམ་པར་ཤེས་པ་ནི་རེས་འགའ་ནི་འཇུག་པའི་རྣམ་པར་ཤེས་པ་གཅིག་ཁོ་ན་དང་ལྷན་ཅིག་ཏུ་འཇུག་སྟེ། འདི་ལྟ་སྟེ་ཡིད་དང་ངོ་།། འདི་ལྟར་ངར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། རློམ་པའི་རྣམ་པ་ཅན་གྱི་ཡིད་གང་ཡིན་པ་དེ་ནི་སེམས་ཡོད་པ་དང
་སེམས་མེད་པའི་གནས་སྐབས་དག་ན་ཡང་དུས་རྟག་ཏུ་ཀུན་གཞི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ངའོ་སྙམ་པ་དང་། བདག་གོ་སྙམ་དུ་དམིགས་ཤིང་རློམ་པའི་རྣམ་པ་ཅན་ཡིན་ནོ།། རེས་འགའ
་ནཱིནི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་དང་ལྷན་ཅིག་འབྱུང་ཞིང་འཇུག་གོ། རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལས་གང་ཡང་རུང་བ་གཅིག་དང་གསུམ་དང་ངོ་།། རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལས་གཉིས་ལྷན
་ཅིག་འབྱུང་བ་དང་བཞི་དྲང་ངོ་།། རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་ལྷན་ཅིག་འབྱུང་བ་དང་བདུན་ཅར་གྱི་བར་དག་དང་། ལྷན་ཅིག་འབྱུང་ཞིང་འཇུག་གོ།། ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་ཡིད་ལ་བརྟེན་པ་ཞེས་བྱ་སྟེ། རྒྱུ་མཚན་གྱི་ཡིད་མ
་འགགས་ན་རྣམ་པར་རིག་པའི་འཆིང་བ་མི་འགྲོལ་ལ། འགགས་ན་ནི་དེ་འགྲོལ་བའི་ཕྱིར་རོ།། ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་གཞན་གྱི་ཡུལ་ལ་དམིགས་པ་དང་། རང་གི་ཡུལ་ལ་དམིགས་པ་ཡིན་ཏེ། དེ་ལ་གཞན་གྱི་ཡུལ་ལ་དམིགས་པ་ནི་རྣམ་པར
་ཤེས་པའི་ཚོགས་ལྔ་པོ་དག་གི་ཡུལ་ལ་ཅིག་ཅར་རམ། ཅིག་ཅར་མ་ཡིན་པར་དམིགས་པ་གང་ཡིན་པའོ།། རང་གི་ཡུལ་ལ་དམིགས་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་དམིགས་པ་མེད་པར་ཆོས་ལ་དམིགས་ནས་འབྱུང་བ་གང་ཡིན་པའོ།། ཀུན
་གཞི་རྣམ་པར་ཤེས་པ་དེ་ཡང་རེས་འགའ་ནི་བདེ་བ་དང་།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་རྣམས་དང་འདྲེན་མར་འཇུག་སྟེ། འཇུག་པའི་རྣམ་པར་ཤེས་པ་ལ་བརྟེན་ནས། ཚོར་བ་གང་དག་ཡིན་པ་དག་དེ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ།།
་དེ་ལ་མི་རྣམས་དང་འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། དུང་འགྲོ་དང་། ཡི་དགས་ཁ་ཅིག་གི་ནང་ན་ནི་ལྷན་ཅིག་སྐྱེས་པའི་ཚོར་བ་སྡུག་བསྔལ་ཡང་མ་ཡིན་བདེ་བ་དང་མ་ཡིན་པ་དེ་དང་། འཇུག་པའི་རྣམ་པར་ཤེས་པའི་ཚོགས་ཀྱི་ཚོར་བ་བདེ་བའམ། སྡུག་བསྔལ
་བའམ། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དེ་དག་གི་རྒྱུན་འདྲེན་མར་ལྷན་ཅིག་ཏུ་འབྱུང་ཞི་འཇུག་གོ།། སེམས་ཅན་དམྱལ་བ་དག་ན་ནི་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཟིལ་གྱིས་མནན་ཏེ། སྡུག་བསྔལ་གྱི
་རྒྱུན་འབའ་ཞིག་མ་འདྲེས་པ་དེ་ཉིད་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ཡང་ཟིལ་གྱིས་མནན་པའི་ཕྱིར་རྟོགས་པར་དཀའ་བ་ཡིན་པར་ལྟའོ།། སེམས་ཅན་དམྱལ་བ་དག་ན་སྡུག་བསྔལ་དང་ཅི་ལྟ་བ་དེ་བཞིན་དུ་བསམ་ག་ཏན་གསུམ་གྱིས་བའི་ལྷ་རྣམས
་ལོ་ནི་བདེ་བར་དང་ངོ་།། བསམ་གཏན་བཞི་པ་ཡིན་ཅིང་སྲིད་པའི་རྩེ་མོའི་བར་དག་ལ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དངངོ་།། ཀུན་གནི་རྣམ་པ་ཤེས་འགའ་ནི་འཇུག་པའི་རྣམ་པར་ཤེས་པར་གཏོགས་པའི་སེམས་ལས་བྱུང་བའི་ཆོས་དགེ
་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་དང་ཡང་ལྷན་ཅིག་འབྱུང་ཞིང་འཇུག་གོ།། གློ་བུར་གྱི་ཚོར་བ་རྣམས་དང་། གློ་བུར་གྱི་ཆོས་དགེ་བ་དང་། མི
་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་དང་ཡང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ནི་དེ་དག་དང་མཚུངས་པར་ལྡན་པ་ཡིན་པར་ནི་མི་བརྗོད་དོ།། དེ་ཅིའི་ཕྱིར་ཞེ་ན། དམིགས་པ་མི་མཚུངས་པ་ལ་འཇུག་པའི་ཕྱིར་ཏེ། འདི་ལྟ་སྟེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ནི་མིག་དང
་ལྷན་ཅིག་འབྱུང་ཡང་དེ་ནི་དེ་དང་མཚུངས་པར་ལྡན་པ་མ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་ཆོས་མཚུངས་པ་འགས་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། འདི་ལྟ་སྟེ། དཔེར་ན་སེམས་ལས་བྱུང་བའི་ཆོས་སེམས་ལས་བྱུང་བ་ཉིད་བྱེ་བྲག་མེད་པ་རྣམས་མཚན་ཉིད་སྣ་ཚོགས་ཡིན་པའི་ཕྱིར
་ལྷན་ཅིག་གི་དངོས་པོ་འཇུག་པ་ལ་འགལ་བ་མེད་པ་དེ་བཞིན་དུ། ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ལྷན་ཅིག་གི་དངོས་པོས་འཇུག་པ་ལ་འགལ་བ་མེད་པར་རིག་པར་བྱའོ།། འདི་ལྟ་སྟེ། དཔེར་ན་ཆུའི་རྒྱུན་དང་ཆུ་རླབས་རྣམས་ལྷན་ཅིག་གི
་དངོས་པོས་འཇུག་པར་འགལ་བ་མེད་པ་དང་། མེ་ལོང་གི་དཀྱིལ་འཁོར་གསལ་བ་དང་། གཟུགས་བརྙན་རྣམས་ལྷན་ཅིག་གི་དངོས་པོས་འཇུག་པར་འགལ་བ་མེད་པ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་པ་ལ་ཡང་འཇུག་པའི་རྣམ་པར་ཤེས་པ་རྣམས་ལྷན་ཅིག་གི་དངོས་པོས་འཇུག
་པར་འགལ་བ་མེད་པར་བལྟ་བར་བྱའོ།། འདི་ལྟ་སྟེ། དཔེར་ན་མིག་གི་རྣམ་པར་ཤེས་པས་དངོས་པོ་གཅིག་ལ་རེས་འགའ་ནི་གཟུགས་ཀྱི་རྣམ་པར་རིགས་གཅིག་པ་སྣ་ཚོགས་མ་ཡིན་པ་འཛིན་པར་བྱེད། རེས་འགའ་ནི་རྣམ་པ་སྣ་ཚོགས་དུ་མ་ཅིག་པར་འཛིན་པར་བྱེད་དོ།། མིག
་གི་རྣམ་པར་ཤེས་པས་གཟུགས་ལ་ཇི་ལྟ་བ་བཞིན་དུ། རྣ་བའི་རྣམ་པར་ཤེས་པས་སྒྲ་དག་དང་། སྣའི་རྣམ་པར་ཤེས་པས་དྲི་དག་དང་། ལྕེའི་རྣམ་པར་ཤེས་པས་རོ་དག་ལ་ཡང་དེ་བཞིན་པ་དང་། འདི་ལྟ་སྟེ། དཔེར་ན་ལུས་ཀྱི་རྣམ་པར་ཤེས་པས་རེག་བྱའི་དངོས་པོ་གཅིག་ལ་རེས
་འགའ་ནི་རེག་བྱ་རིགས་གཅིག་པ་སྣ་ཚོགས་མ་ཡིན་པ་འཛིན་པར་བྱེད་ལ། རེས་འགའ་ནི་རྣམ་པ་སྣ་ཚོགས་དུ་མ་ཅིག་པར་འཛིན་པར་བྱེད་པ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པས་ཀྱང་གཅིག་དང་སྣ་ཚོགས་དུ་མ་འཛིན་པ་ལ་འགལ་བ་མེད་པར་རིག་པར་བྱའོ།། །
་གང་སྔར་བསྟན་པའི་ཡིད་གང་ཡིན་པ་དེ་ནི་དུས་རྟག་ཏུ་ཀུན་གཞི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ནི་ཡང་དག་པར་མ་བཅོམ་གྱི་བར་དུ་དུས་རྟག་པ་ཁོ་ནར་ལྷན་ཅིག་སྐྱེས་པའི་རང་བཞིན་འདྲ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་བཞི་པོ་འཇིག་ཚོགས
་ལ་ལྟ་བའི་ཀུན་ནས་ཉོན་མོངས་པ་དང་། ངའོ་སྙམ་པའི་ང་རྒྱལ་གྱི་ཀུན་ནས་ཉོན་མོངས་པ་དང་། བདག་ལ་ཆགས་པའི་ཀུན་ནས་ཉོན་མོངས་པ་དང་། མ་རིག་པའི་ཀུན་ནས་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ཡིན་པར་བལྟ་བར་བྱའོ།། ཀུན་ནས་ཉོན་མོངས
་པ་རྣམ་པ་བཞི་པོ་དེ་དག་ཀྱང་མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པའི་ས་ལ་དགེ་བ་ལ་སོགས་པ་དག་ལ་འགལ་བ་མེད་པར་འཇུག་པ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པར་བལྟ་བར་བྱའོ།། དེ་ལྟར་ན་འཇུག་པའི་རྣམ་པར་ཤེས་པ་དང་ལྷན
་ཅིག་གི་དངོས་པོ་དང་། ཚོར་བ་དང་ལྷན་ཅིག་གི་དངོས་པོ་དང་། དགེ་བ་ལ་སོགས་པ་དང་ལྷན་ཅིག་གི་དངོས་པོས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་གཞག་པར་རིག་པར་བྱའོ།། ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་བཞག
་གྲ་སྙེན་ཀུན་གའི་རྣམ་པར་ཤེས་པ་ནི།། མདོར་ན་ཀུན་ནས་ནན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ།། འདི་ལྟར་དེ་ནི་སེམས་ཅན་གྱི་འཇིག་རྟེན་འགྲུབ་པའི་རྩ། དབང་པོ་རྒྱུན་དང་བཅས་པ་རྣམས་དང་། འཇུག་པའི་རྣམ་པར་ཤེས་པ
་རྣམས་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ།། སྣོད་ཀྱི་འཇིག་རྟེན་འགྲུབ་པའི་རྩ་བ་ཡང་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ།། གཞན་ཡང་སེམས་ཅན་ཐམས་ཅད་ནི་གཅིག་གི་དབང་གཅིག་ཡིན་པའི་ཕྱིར་སེམས་ཅན་ཕན་ཚུན་འཇུག་པའི་རྩ་བ་ཡང་ཡིན
་ཏེ། འདི་ལྟར་དེ་ལས་གཞན་པའི་སེམས་ཅན་གྱི་མཐོང་བ་ལ་སོགས་པས་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་ཉམ་སུ་མྱོང་བར་མི་འགྱུར་བ་གང་ཡིན་པའི་སེམས་ཅན་དེ་ནི་འགའ་ཡང་མེད་པའི་ཕྱིར་རོ།། རྣམ་གྲངས་དེས་ན་སེམས་ཅན་གྱི་ཁམས་གང་ཡིན་པ་ནི་གཅིག་གི་དང
་ཡིན་པར་རིག་པར་བྱའོ།། དེ་ལྟར་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ནི་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་ད་ལྟར་གྱི་དུས་ན་སྡུག་བསྔལ་གྱི་བདེན་པའི་རང་བཞིན་དང་། མ་འོངས་པའི་དུས་སུ་སྡུག་བསྔལ་གྱི་བདེན་བསྐྱེད་པར་བྱེད་པ་དང་། ད་ལྟར་གྱི་དུས་ཉིད་ན་ཀུན་འབྱུང་བའི་བདེན་པ་སྐྱེད་པར་བྱེད་པ
་ཡང་ཡིན་ནོ།། དེ་ལྟར་ན་སེམས་ཅན་གྱི་འཇིག་རྟེན་འགྲུབ་པར་བྱེད་པ་དང་། སྣོད་ཀྱི་འཇིག་རྟེན་འགྲུབ་པར་བྱེད་པ་དང་། སྡུག་བསྔལ་གྱི་བདེན་པའི་རང་བཞིན་ཡིན་པ་དང་། མ་འོངས་པའི་སྡུག་བསྔལ་གྱི་བདེན་པ་འགྲུབ་པར་བྱེད་པ་དང་། ད་ལྟར་གྱི་ཀུན་འབྱུང་བའི་བདེན་པ་འགྲུབ་པར་བྱེད་པས་ཀྱང
་ཀུན་གཞི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པར་བལྟ་བར་བྱའོ།། ཀུན་གཞི་རྣམ་པར་ཤེས་པ་ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཚེ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ཀྱི་ས་བོན་ཡོངས་སུ་འཛིན་པ་གང་ཡིན་པ་དེ་ནི་ཀུན་འབྱུང་བའི་བདེན
་པའི་རྒྱུ་མ་ཡིན་ཏེ།། ཐར་པ་ལ་སོགས་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ནི་འཇུག་པ་དང་འགལ་བ་ཉིད་ཡིན་པའི་ཕྱིར། བྱུང་ན་དེ་ལས་གཞན་པ་འཇིག་རྟེན་པའི་དགེ་བའི་རྩ་བ་རྣམས་ནི་ཆེས་འོད་གསལ་བར་འགྱུར་ཞིང་། དེས་ན་དེ་དག་རང་གི་ས་བོན་ཡོངས་སུ་བཟུང་བ་ལ་ཆེས
་མཐུ་དང་ལྡན་པ་དང་ས་བོན་ཡོངས་སུ་རྟས་པ་བསྒྲུབ་པ་ལ་ཆེས་སྟོབས་དང་ལྡན་པར་འགྱུར་རོ།། ས་བོན་དེ་ལས་དག་པའི་ཆོས་དེ་དག་ཀྱང་ཆེས་འོད་གསལ་པོ་འགྲུབ་པ་དང་། ཕྱི་མ་ལ་ཡང་རྣམ་པར་སྨིན་པ་ཆེས་སྡུག་པ་དང་། ཆེས་འདོད་པ་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས
་ཀྱིས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་འདི་ལ་དགོངས་ནས་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་གསུངས་ཏེ།
་ཀུན་གཞི་རྣམ་པར་ཤེས་པ་ལ་ཁམས་སྣ་ཚོགས་ཡོད་པའི་ཕྱིར་རོ།། མདོ་ཉིད་ལས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལྔ་ཁམས་དུ་མ་ཡོད་པའི་ཕྱིར་རོ།། ཇི་ལྟར་དབང་པོའི་ཚོགས་ཀྱི་དཔེ་མཛད་པ་ལྟ་བུའོ།། དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་རྩ་བ་ཀུན་གཞིའི་རྣམ་པར་ཤེས
་བ་དེ་ནི་འདི་ལྟར་དགེ་བའི་ཆོས་བསྒོམས་པས་རྣམ་པར་ལྡོག་པར་རིག་པར་བྱའོ།། དགེ་བའི་ཆོས་སྒོམ་པ་དེ་ཡང་སོ་སོའི་སྐྱེ་བོ་སེམས་གནས་པར་བྱ་བའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་བརྩོན་པར་བྱེད་པ་ནི། དེའི་དང་པོར་བདེན་པ་མངོན
་བར་རྟོགས་པ་ལ་འཇུག་པར་བྱ་བའི་ཕྱིར་སྒོམ་སྟེ། བདེན་པ་མ་མཐོང་བ་བདེན་པ་རྣམས་ལ་མིག་མ་ཐོབ་པས་ནི་ཀུན་གཞི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་བརྟོགས་པར་མི་ནུས་པའི་ཕྱིར་རོ།། དེ་དེ་ལྟར་ཞུགས་ཤིང་ཉན་ཐོས་ཀྱི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་ས
་བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་ཏེ་ཆོས་ཀྱི་དབྱིངས་རྟོགས་པར་བྱེད་པ་ན། ཀུན་གཞི་རྣམ་པར་ཤེས་པ་ཡང་རྟོགས་པར་བྱེད་དེ། དེར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ལ་ཡང་དག་པར་འདུས་པར་བལྟ་ཞིང་། དེ
་ནང་གི་སོ་སོའི་བདག་ཉིད་ལ་ཕྱི་རོལ་གྱི་མཚན་མའི་འཆིང་བ་དང་། ནང་གི་གནས་ངན་ལེན་གྱི་འཆིང་བས་བདག་ཉིད་ངེས་པར་རྟོག་པར་བྱེད་དོ།། ཀུན་གཞི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྣམ་པར་སྤྲོས་པར་བསྡུས་པ་དེ་དག་ཐམས་ཅད་ཀྱི་ཁམས་པ་ཡིན་པའི་ཕྱིར
་ཀུན་གཞི་རྣམ་པར་ཤེས་པ་ལ་གཅིག་ཏུ་སྡུད་པ་དང་། གཅིག་ཏུ་སྤང་བ་དང་། གཅིག་ཏུ་སོགས་པར་བྱེད་དེ། གཅིག་ཏུ་བསགས་ནས་དེ་བཞིན་ཉིད་ལ་དམིགས་པའི་ཤེས་པས་ཀུན་ཏུ་བརྟེན་ཅིང་གོམས་པར་བྱས་པའི་རྒྱུས་གནས་འགྱུར་བར་བྱེད་དོ།། གནས་འགྱུར་མ་ཐག
་ཏུཀུན་གཞི་རྣམ་པར་ཤེས་པ་སྤངས་པར་བརྗོད་པར་བྱ་སྟེ། དེ་སྤངས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱང་སྤངས་པར་བརྗོད་པར་བྱའོ།། ཀུན་གཞི་རྣམ་པར་ཤེས་པ་དེའི་གནས་ནི་གཉེན་པོ་དང་། དགྲ་བོས་བརྒྱུར་བར་རིག་པར་བྱའོ།། ཀུན་གཞི་རྣམ་པར་ཤེས
་བ་ནི་མི་རྟག་པ་དང་། ལེན་པ་དང་བཅས་པ་ཡིན་ལ། གནས་གྱུར་པ་ནི་རྟག་པ་དང་ལེན་པ་མེད་པ་ཡིན་ཏེ། དེ་བཞིན་ཉིད་ལ་དམིགས་པའི་ལམ་གྱིས་བསྒྱུར་བའི་ཕྱིར་རོ།། ཀུན་གཞི་རྣམ་པར་ཤེས་པ་ནི་གནས་ངན་ལེན་དང་ལྡན་པ་ཡིན་ལ་གནས་གྱུར་པ་ནི་གནས་ངན་ལེན
་ཐམས་ཅད་དང་། གཏན་བྲལ་བ་ཡིན་ནོ།། ཀུན་གཞི་རྣམ་པར་ཤེས་པ་ནི་ཉོན་མོངས་པ་རྣམས་ཀྱི་འཇུག་པའི་རྒྱུ་དང་ལམ་གྱི་འཇུག་པའི་རྒྱུ་མ་ཡིན་ལ། གནས་གྱུར་པ་ནི་ཉོན་མོངས་པ་རྣམས་ཀྱི་འཇུག་པའི་རྒྱུ་མ་ཡིན་པ་དང་། ལམ་དུ་འཇུག་པའི་རྒྱུ་ཡིན་ཏེ། གནས
་བའི་རྒྱུ་ཉིད་ཡིན་པ་དང་། སྐྱེད་པའི་རྒྱུ་ཉིད་མ་ཡིན་པའི་ཕྱིར་རོ།། ཀུན་གཞི་རྣམ་པར་ཤེས་པ་ནི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་དབང་མི་བྱེད་ལ། གནས་གྱུར་པ་ནི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་ལ་དབང་བྱེད་པའོ།། ཀུན་གཞི་རྣམ
་བར་ཤེས་པ་དེའི་སྤངས་པའི་མཚན་ཉིད་ནི་དེ་སྤངས་མ་ཐག་ཏུ་ལེན་པ་རྣམ་པ་གཉིས་སྤོང་བ་དང་། སྤྲུལ་པ་ལྟ་བུའི་ལུས་ཀུན་ཏུ་གནས་པ་སྟེ། ཕྱི་མ་ལ་སྡུག་བསྔལ་ཡང་འབྱུང་བར་བྱེད་པའི་རྒྱུ་སྤངས་པའི་ཕྱིར། ཕྱི་མ་ལ་ཡང་འབྱུང་བར་བྱེད་པའི་ལེན་པ་སྤོང་བ་དང་།
་འདི་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་ཐམས་ཅད་སྤངས་པའི་ཕྱིར། ཚེ་འདིའི་ཀུན་ནས་ཉོན་མོངས་པའི་གནས་ངན་ལེན་ཐམས་ཅད་སྤང་བ་དང་། གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང་སྲོག་གི་རྐྱེན་དུ་གྱུར་པ་ཙམ་ཀུན་ཏུ་གནས་སོ།། དེ་ཡོད་ན་ལུས་ཀྱི་མཐའ་པ་དང་།
་སྲོག་གི་མཐའ་བའི་ཚོར་བ་མྱོང་བར་བྱེད་དེ། དེའི་ཕྱིར་མདོ་སྡེ་ལས་ཀྱང་འདི་ན་དེའི་ཚོར་བ་ཐམས་ཅད་དེ་ཙམ་གྱིས་ན་ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་རྒྱ་ཆེར་ཇི་སྐད་དུ་གསུངས་པ་ལྟ་བུའོ།། དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་རྩ་བ་རྣམ་པར་གཞག་པ་དང་། འཇུག
་བ་དང་། རྟོགས་པ་དང་། བསྒོམ་པ་དང་། ཡིད་ལ་བྱེད་པོ་རྣམ་པར་གཞག་པ་དང་། གནས་གྱུར་པ་རྣམ་པར་གཞག་པས་ཀྱང་ཀུན་གཞི་རྣམ་པར་ཤེས་པའི་ཀུན་ནས་ཉོན་མོངས་པ་རྣམ་པར་ལྡོག་པ་རྣམ་པར་གཞག་པར་རིག་པར་བྱའོ།། དེ་ལྟར་ན་འདི་ནི་སེམས་དང་ཡིད་དང་རྣམ་པར
་ཤེས་པ་རྣམ་པར་བཞག་པའི་ཚུལ་ཡང་དག་པ་ཡིན་ཏེ། དེ་ལྟར་ཁམས་གསུམ་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་ཇི་སྐད་བསྟན་པའི་ཚུལ་འདིས་ཀུན་ནས་ཉོན་མོངས་པའི་ཚུལ་དང་། རྣམ་པར་བྱང་བའི་ཚུལ་ཐམས་ཅད་ཁོངས་སུ་ཆུད་པར་བྱའོ།།
་སེམས་དང་ཡིད་དང་རྣམ་པར་ཤེས་པའི་ཚུལ་གཞན་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་གདུལ་བའི་རིམ་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟ་སྟེ་གདུལ་བ་བྱིས་པའི་ཤེས་རབ་ཅན་གྱི་དབང་དུ་བྱས་ནས་ཐབས་སླ་བས་འཇུག་པར་བྱ་བའི་ཕྱིར
་རོ།། གང་ཀུན་གཞི་རྣམ་པར་ཤེས་པ་དང་ལྡན་པ་དེ་འཇུག་པའི་རྣམ་པར་ཤེས་པ་དང་ཡང་ལྡན་ལ། གང་འཇུག་པའི་རྣམ་པར་ཤེས་པ་དང་ལྡན་པ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་དང་ཡང་ལྡན་པ་ཡིན་ནམ་ཞེ་ན། མུ་བཞི་སྟེ། ཀུན་གཞི་རྣམ་པར་ཤེས་པ་དང
་ལྡན་པ་ལ་འཇུག་པའི་རྣམ་པར་ཤེས་པ་དང་མི་ལྡན་པ་ནི་གཉིད་ལོག་པ་སེམས་མེད་པ་དང་། བརྒྱལ་བར་གྱུར་པ་སེམས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་པའི
་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེས་པའོ།། འཇུག་པའི་རྣམ་པར་ཤེས་པ་དང་ལྡན་ལ། ཀུན་གཞི་རྣམ་པར་ཤེས་པ་དང་མི་ལྡན་པ་ནི་སེམས་ཡོད་པའི་གནས་སྐབས་ན་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན
་གཤེགས་པའོ།། གླུ་ཉི་ག་དང་ལྡན་པ་ནི་སེམས་ཡོད་པའི་གནས་སྐབས་དེ་ལས་གཞན་པ་དག་ནའོ།། གཉི་གུ་དང་མི་ལྡན་པ་ནི་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་འགོག་པ་ལ་སྙོམས་པར
་ཞུགས་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ནའོ།། གང་གི་ཕྱིར་ནང་དང་ཕྱི་རོལ་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་སོ་སོར་ངེས་པ་ནི།། སོ་སོ་རང་རང་གི་མཚན་ཉིད་ལ་རྣམ་པར་གནས་པ་ཡིན་ན། འོ་ན་ཅིའི་ཕྱིར་ཁམས་བཅོ་བརྒྱད་པོ་དག་ལས
་རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ནི་ངོ་བོ་ཉིད་ལས་རྣམ་པར་གཞུག་ལ། དེ་ལས་གཞན་པའི་ཁམས་རྣམས་ནི་གནས་དང་། དམིགས་པ་དང་། གྲོགས་ལས་རྣམ་པར་གཞག་ཅེ་ན། རྣམ་པར་ཤེས་པའི་ཁམས་དྲུག་པོ་གང་ཡིན་པ་འདི་དག་ནི་ཉིན་མོ་དང་མཚན་མོད
་དེ་དག་འདས་པ་དང་། སྐད་ཅིག་དེ་དང་དེ་དག་འདས་པ་དང་། ཐང་ཅིག་དང་། ཡུད་ཙམ་དེ་དང་དེ་དག་འདས་ནས། རྒྱུ་དེ་དག་དང་རྐྱེན་དེ་དག་ལ་བརྟེན་ཏེ། མིག་ལ་སོགས་པ་གནས་རྣམས་དང་། གཟུགས་ལ་སོགས་པ་དམིགས་པ་རྣམས་དང་སེམས་ལས་བྱུང་བ་གྲོགས
་རྣམས་ཀྱིས་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་དག་འབྱུང་ཞིང་། གནས་གང་དང་གང་ནས་འབྱུང་བ་དེ་དང་དེའི་མིང་འཐོབ་བོ།། འདི་ལྟ་སྟེ། དཔེར་ན་མེ་ནི་རྒྱུ་གླང་དང་གང་ཁོ་ན་ལས་བརྟེན་ཏེ་འབར་བ་དེ་དང་དེའི་གྲངས་སུ་འགྲོ་སྟེ། རྩ་དག་དང་ཤིང་དགྲ་དང་། ལྕི་བ
་དག་དང་། ཕུབ་མ་དག་དང་། སྦུར་མ་དག་ལས་བརྟེན་ཏྲེ་འབར་བའི་མེ་ནི་རྩཝའི་མེ་ཞེས་བྱ་བ་ན་སྭ། རྒྱས་པར་སྦུར་མའི་མེ་ཞེས་བྱ་བའི་བར་གྱི་གྲངས་སུ་འགྲོ་བ་དེ་བཞིན་དུ་མིག་དང་གཟུགས་རྣམས་ལ་བརྟེན་ཏེ། རྣམ་པར་ཤེས་པ་འབྱུང་བ་ནི་མིག་གི་རྣམ་པར་ཤེས་པ་ཞེས
་འི་གྲངས་སུ་འགྲོ་སྟེ། དེ་བཞིན་དུ་རྒྱས་པར་ཡིད་དང་ཆོས་ཀྱི་བར་ལ་བརྟེན་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་བར་གྱི་གྲངས་སུ་འགྲོ་བར་རིག་པར་བྱའོ།། དེ་ལས་གཞན་པ་མིག་ལ་སོགས་པའི་ཁམས་རྣམས་ནི་དང་པོ་ངོ་བོ་ཉིད་གང་ཁོ་ནས་བྱུང་བར་གྱུར
་པའི་ངོ་བོ་ཉིད་དེ་ཁོ་ན་དང་འདྲ་བར་འབྱུང་པོ་གཅིག་ནས་གཅིག་ཏུ་བརྒྱུད་པས་གཏན་དུ་རྗེས་སུ་འཇུག་པར་འགྱུར་རོ།། རྣམ་པར་ཤེས་པ་རིགས་གཅིག་པ་ནི་རྒྱུ་དེ་དག་དང་རྐྱེན་དེ་དག་ལས་བརྟེན་ཏེ། རྣམ་པ་པ་དད་པའི་ངོ་བོ་ཉིད་དུ་འབྱུང་བས་དེའི་ཕྱིར། རྣམ་པར་ཤེས་པའི་ཁམས།
་རྣམས་ནི་ངོ་བོ་ཉིད་ཁོ་ན་ལས་རྣམ་པར་བཞག་ལ་དེ་ལས་གཞན་པའི་ཁམས་ནི་གནས་དང་དམིགས་པ་དང་གྲོགས་ལས་རྣམ་པར་གཞག་གོ།། རྣམ་པར་ཤེས་པའི་ཚོགས་ཡོངས་སུ་ཤེས་པར་བྱ་བ་ལས་བརྩམས་ཏེ། དགེ་སློང་སེམས
་རྣམ་པར་དག་པར་བྱ་བ་ལ་ཞུགས་པས་རྣམ་པ་དུས་སེམས་ཡོངས་སུ་ཤེས་པར་བྱ་ཞེ་ན། མདོར་བསྡུ་ན་རྣམ་པ་གསུམ་གྱིས་ཏེ། ཀུན་ནས་ཉོན་མོངས་པ་ལས་ཀུན་དགའ་བ་དང་། ཀུན་ནས་ཉོན་མོངས་པ་ཅན་གྱི་ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་རྣམ་པར
་བཟློག་པའི་ཐབས་ཀྱིས་སོ།། ཇི་ལྟར་ན་དགེ་སློང་སེམས་རྣམ་པར་དག་པར་བྱ་བ་ལ་ཞུགས་པ། ཀུན་ནས་ཉོན་མོངས་པ་ལ་ཀུན་ཏུ་དགའ་བ་ལས་སེམས་ཡོངས་སུ་ཤེས་པར་བྱེད་ཅེ་ན། འདི་ན་དགེ་སློང་སེམས་རྣམ་པར་དག་པར་བྱ་བ་ལ་ཞུགས་པ་ནི་འདི་སྙམ་དུ་སེམས་ཏེ།
་བདག་གི་སེམས་འདི་ནི་ཡུན་རིང་པོ་ན་ཀུནས་ཉོན་མོངས་པ་ལ་མངོན་པར་དགའ་བ་སྟེ། ཀུན་ནས་ཉོན་མོངས་པ་ལ་ཀུན་ཏུ་དགའ་བས། ཡང་འདོད་ཆགས་དང་བཅས་པ་ཉིད་ལས་རྣམ་པར་བསླང་སྟེ། འདོད་ཆགས་དང་བྲལ་བ་ཉིད་ལ་ངེས་པར་སྦྱོར་བར་བྱེད་པ་ན། འདོད
་ཆགས་དང་བྲལ་བ་ཉིད་ལ་ངེས་པར་མི་གནས་ཤིང་མི་དགའ་བར་མྱུར་བ་མྱུར་བ་ཁོ་ནར་ཀུན་ཏུ་གྱུར་ཅིང་། འདོད་ཆགས་དང་བཅས་པ་ཁོ་ན་ལ་འཇུག་པར་བྱེད། རྣམ་པར་གྲོལ་བར་བྱེད། རྗེས་སུ་རྒྱུད་པར་བྱེད་དོ།། འདོད་ཆགས་དང་བཅས་པོ་ཉིད་ཀྱི་ཇི་ལྟ་བ་བཞིན་དུ
་ཞེ་སྡང་དང་བཅས་པ་ཉིད་དང་། གཏི་མུག་དང་བཅས་པ་ཉིད་དང་། ཞུམ་པ་ཉིད་དང་། རྒོད་པ་ཉིད་དང་། ཉེ་བར་མ་ཞི་བ་ཉིད་དང་། རྣམ་པར་གཡེངས་པ་ཉིད་ཀྱི་ཡང་དེ་དང་འདྲ་སྟེ། བག་མེད་པ་གནས་པ་ལ་རྣམ་པར་བསླང་ནས། རྒྱས་པར་དགེ་བའི་ཆོས་རྣམས་རྟག་ཏུ་བསྒོམ
་བའི་བར་ལ་ངེས་པར་སྦྱོར་བར་བྱེད་པ་ན། དགེ་བའི་ཆོས་རྣམས་རྟག་ཏུ་བསྒོམས་པ་ལ་ངེས་པར་མི་གནས་ཤིང་། མི་དགའ་བར་མྱུར་བ་ཁོ་ནར་ཀུན་ཏུ་གྱུར་ཅིང་། བག་མེད་པ་ལ་ཀུན་ཏུ་དགའ་བའི་བར་ཁོ་ན་ལ་འཇུག་པར་བྱེད། རྣམ་པར་གྲོལ་བར་བྱེད། རྗེས་སུ་རྒྱུགས་པར་བྱེད་དོ
་སྙམ་དུ་སེམས་ཏེ། དགེ་སློང་སེམས་རྣམ་པར་དག་པར་བྱ་བ་ལ་ཞུགས་པ་ནི་དེ་ལྟར་ཀུན་ནས་ཉོན་མོངས་པ་ལ་ཀུན་ཏུ་དགའ་བ་ལས་སེམས་ཡོངས་སུ་ཤེས་པར་བྱེད་དོ།། དགེ་སློང་སེམས་རྣམ་པར་དག་པར་བྱ་བ་ལ་ཞུགས་པས་དེ་ལྟར་ཀུན་ནས་ཉོན་མོངས་པ་ལ་ཀུན་ཏུ་དགའ་བ་ལས
་རང་གི་སེམས་ཡོངས་སུ་ཤེས་པར་བྱས་ནས། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་དེ་ཉིད་ཉེས་དམིགས་ལས་འདི་ལྟར་ཡོངས་སུ་ཤེས་པར་བྱེད་དོ།། བདག་གི་འདོད་ཆགས་དང་བཅས་པའི་སེམས་གང་ཡིན་པ་དེ་ནི་བདག་ལ་གནོད་པ་དང་། གཞན་དག་ལ་གནོད་པ་དང་། གཉི་ག
་ལ་གནོད་པའི་ཕྱིར་འཇུག་པ་དང་། ཚེ་འདི་དང་ཚེ་ཕྱི་མ་དང་ཚེ་འདི་དང་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་སྐྱེད་པར་བྱེད་པ་དང་། དེ་དང་དེ་འབྱུང་བའི་སེམས་ལས་བྱུང་བ་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་སྐྱེ་བའི་རྐྱེན་ཡང་ཡིན་ཏེ། འདོད་ཆགས་དང་བཅས་པ་ཇི་ལྟ་བ་བཞིན་དུ་བག་མེད་པ་ལ་མངོན་པར
་དགའ་བའི་བར་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་ཡོངས་སུ་ཤེས་པར་བྱེད་ཅིང་། དེ་འདི་སྙམ་དུ་སེམས་ཏེ། འདོད་ཆགས་དང་བཅས་པའི་སེམས་དང་། བག་མེད་པ་ལ་མངོན་པར་དགའ་བའི་བར་གྱི་སེམས་འདི་ནི་ཉེས་དམིགས་དང་བཅས་པའི་ཕྱིར། ཡམས་ཀྱི་ནད་དང་བཅས་པ་དང་།
་གནོད་པ་དང་བཅས་པ་དང་། འགོ་བའི་ནད་དང་བཅས་པ་དང་། འཁྲུག་པ་དང་བཅས་པ་ཡིན་ནོ་སྙམ་དུ་སེམས་སོ།། དེས་དེ་ལྟར་རང་གི་སེམས་ཀུན་ནས་ཉོན་མོངས་པ་ཅན་དེ་ཉེས་དམིགས་ལས་ཡོངས་སུ་ཤེས་པར་བྱས་ནས་ཀུན་ནས་ཉོན་མོངས་པ་རྣམ་པར་ལྡོག་པ་ལ་མཁས་པ་ལས
་འདི་ལྟར་ཡོངས་སུ་ཤེས་པར་བྱེད་དེ། བདག་ནི་དེ་ལྟར་རང་གི་སེམས་ཀུན་ནས་ཉོན་མོངས་པ་ཅན་ཉེས་དམིགས་དང་བཅས་པ་ཡམས་ཀྱི་ན་དདངདུ་བཅས་པ། གནོད་པ་དང་བཅ་སྡུག་འགྲོ་བའི་ནད་དང་བཅས་པ། འཁྲུག་པ་དང་བཅས་པ་འདི་ལྟ་བུ་འདིའི་དབང་དུ
་འགྱུར་བར་མི་བྱའི། རང་གི་སེམས་ཉིད་ལ་དབང་བསྒྱུར་བར་བྱའོ།། རང་གི་སེམས་ལ་དབང་བསྒྱུར་བར་བྱ་བ་དང་། སེམས་ཀྱི་དབང་གིས་འགྱུར་བར་མི་བྱ་བར་རིག་ནས། སོ་སོར་བརྟགས་ཤིང་སོ་སོར་བརྟགས་ཏེ། འདོད་ཆགས་བཅས་པའི་སེམས་དེ་འདོད་ཆགས་དང
་བཅས་པ་ཉིད་རྣམ་པར་བཟློག་ནས། འདོད་ཆགས་དང་བྲལ་བ་ཉིད་ལ་འཇོག་པར་བྱེད། དགའ་བར་བྱེད་ཅིང་། དེ་ལ་དེའི་ཕན་ཡོན་ཉེ་བར་སྟོན་པར་ཡང་བྱེད་དོ།། དེ་བཞིན་དུ་བག་མེད་པར་གནས་པའི་བར་ལས་རྣམ་པར་བཟློག་ནས། དགེ་བའི་ཆོས་རྣམས་རྟག་ཏུ་སྒོམ་པ
་ལ་འཇོག་པར་བྱེད། དགའ་བར་བྱེད་ཅིང་དེ་ལ་དེའི་ཕན་ཡོན་ཉེ་བར་སྟོན་པར་ཡང་བྱེད་དོ།། དེ་ལྟར་ཞུགས་ཤིང་དེ་ལ་མང་དུ་གནས་པ་དེ་ལ་དེའི་སེམས་སྦྱིན་ཀུན་ནས་ཉིན་མོཛེས་པ་ལ་ཀུན་དགའ་བ་ཡོངས་སུ་སྦེད་པ་གང་ཡིན་པ་དེ། སེ་སྦྱོར་བྱརྟག་མི་དགོས་པར་དགེ
་xxx
་xxx
་མཁས་པར་འགྱུར་རོ།། དེ་ལྟར་ན་དགེ་སློང་སེམས་རྣམ་པར་དག་པར་བྱ་བ་ལ་ཞུགས་པ་ནི་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་མྱུར་བ་ཁོ་ནར་སེམས་རྣམ་པར་དག་པ་བླ་ན་མེད་པནྡེ་སུ་འཐོབ་བོ།། སེམས་ལ་མཁས་པའི་རྣམ་གྲངས་དང་། སེམས་རྣམ་པར་ལྡོག་པ་ལ་མཁས་པའི
་རྣམ་གྲངས་གཞན་ཡང་ཡོད་དེ། སེམས་ལ་མཁས་པའི་རྣམ་གྲངས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལས་བརྩམས་ཏེ་རིག་པར་བྱའོ།། སེམས་རྣམ་པར་ལྡོག་པ་ལ་མཁས་པའི་རྣམ་གྲངས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལས་བརྩམས་ཏེ་རིག་པར་བྱའོ།། རྣལ་འབྱོར་སྤྱོད་པའི
་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ།། །། བམ་པོ་གཉིས་པ།། དགེ་བས་སེམས་ཡོངསུ་བསྒོས་པའི་ཕན་ཡོན་ནི་གཉིས་ཏེ། འབྲས་བུའི་དུས་ན་བདེ་བ་ལ་རེག་པ་ལ་ཉིད་དང་། རྒྱུའི་དུས་ན་དབང་བསྒྱུར་བ་ཉིད་དོ།། སེམས་རྟོགས་པ་ཅན་དུ་འགྱུར་བའི་ཉེས་པ་ནི་གསུམ་སྟེ།
་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཉེས་པ་དང་། བག་ལ་ཉལ་གྱི་ཉེས་པ་དང་། ཀུན་ནས་དཀྲིས་པའི་ཉེས་པའོ།། བཅོམ་ལྡན་འདས་ཀྱིས་སེམས་ཁོ་ན་ལ་ལེགས་པར་རབ་ཏུ་ཚུལ་བཞིན་དུ་སོ་སོར་བརྟག་པར་བྱའོ་ཞེས་གང་གསུངས་པ་དང་། དྲན་པ་ཉེ་བར་བཞག་པ་དག
་ལས་ལུས་ལ་ལུས་ཀྱི་རྗེ་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་ནས། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བའི་བར་དུ་གང་གསུངས་པ་དེ་ལ་དགོངས་པ་གང་ཞེ་ན། སྨྲས་པ་དང་ནི་སེམས་ཡོངས་སུ་བརྟག་པ་ཁོ་ནར་དྲན་པ་ཉེ་བར་བཞག་པ་བཞིས་ཡོངས་སུ
་བསྟན་པ་ཡིན་ཏེ། སེམས་ཀྱི་ལེན་པ་ཡོངས་སུ་བརྟག་པ་དང་། སེམས་ཀྱི་མྱོང་བ་ཡོངས་སུ་བརྟག་པ་དང་། སེམས་ཀྱི་རྣམ་པར་རིག་པ་ཡོངས་སུ་བརྟག་པ་དང་། སེམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོངས་སུ་བརྟག་པ་སྟེ། དེ་ལྟར་ན་ལེན་པ་དང་། མྱོང་བ
་དང་། དམིགས་པ་རྣམ་པར་རིག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་བཞིས་སེམས་ཁོ་ན་ཡོངསུ་བརྟགས་པ་ཡིན་ནོ།། དགེ་བས་སེམས་ཡོང་སུ་བསྒོས་པའི་ཕན་ཡོན་གཉིས་ཏེ་ཞེས་བྱ་བས་ནི་མདོ་ལས་ངས་ནི་འདི་ལྟ་སྟེ་སེམས་ནི་མ་བསྒོམས་ན
་མི་མཉེན་ཞིང་ལས་སུ་མི་རུང་བར་འགྱུར་ལ། བསྒོམས་ན་མཉན་ཞིང་ལས་སུ་རུང་བར་འགྱུར་བ་དེ་ལྟ་བུའི་ཆོས་གཅིག་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ངོ་།། ཞེས་གསུངས་པ་དེའི་དོན་བསྟན་པ་ཡིན་ནོ།། སེམས་རྙོག་པ་ཅན་དུ་འགྱུར་བའི་ཉེས་པ་ནི་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་མདོ
་ལས་ལྷུང་བཟེད་དང་། མེ་ལོང་དང་། ཆུའི་རྫིང་གི་དཔེ་གསུངས་པ་དག་དང་ཅི་རིག་པར་སྦྱ་རོ།། དགེ་སློང་གནས་པ་གསུམ་པོ།། རྣམ་པར་ཐར་པ་ལ་གནས་པ་དང་། རྣམ་པར་ཐར་པའི་སྒོ་ལ་གནས་པ་དང་། རྣམ་པར་ཐར་པའི་སྒྲོ་འདྲེན་པར་བྱེད་པའི་ཆོས་ལ་གནས་པ་ལ་གནས་པ་ནི་སྒྲུབ་པ་རྣམ་པ
་དྲུག་གིས་སྟོན་པའི་སྙན་པ་བཞིན་བྱེད་པ་ཡིན་ཏེ། རྒྱུན་མི་འཆད་པར་བསྒྲུབ་པ་དང་། ལེགས་པར་བཟུང་ཞིང་བསམས་པ་ལ་སྒྲུབ་པ་དང་། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་བསྒྲུབ་པ་དང་། དེ་ལ་རོ་མྱང་བར་མི་བྱེད་ཅིང་བདེན་པ་རབ་ཏུ་འབྱེད་པ་སྒྲུབ་པ་དང་། དེ་ལ་མངོན་པའི་ང་རྒྱལ
་མེད་པར་བསྒྲུབ་པ་དང་། དད་པས་བྱིན་པ་ལེགས་པར་ཡོངསུ་ལོངས་སྤྱོད་པའི་སྒྲུབ་པས་སོ།། སྦྱིན་པ་ནི་གཉིས་ཏེ། ལེན་པ་པོའི་སྦྱིན་པ་དང་། སྦྱིན་པ་པོའི་སྦྱིན་པའོ།། སྦྱིན་པའི་འབྲས་བུ་ནི་གཉིས་ཏེ། ལོངས་སྤྱོད་ཆེན་པོ་ཉིད་དང་། དེའི་རྒྱུ་མཐུན་པ་ལོངས་སྤྱོད་ལ་མོས་པའོ།། དགེ་སློང་གནས་པ
་གསུམ་ལ་གནས་པ་ཞེས་བྱ་བ་ལ་འདིར་རྣམ་པར་ཐར་པ་ལ་གནས་པོ་ཞེས་བྱ་བ་ནི་མདོ་ལས་འཆི་བ་མེད་པའི་དབྱིངས་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པའོ།། རྣམ་པར་ཐར་པའི་སྒོ་ལ་གནས་པ་ཞེས་བྱ་བ་ནི་མདོ་ལས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དབྱིངས་ལའོ།།
་ཞེས་གསུངས་པའོ།། རྣམ་པར་ཐར་པའི་སྒོ་འདྲེན་པར་བྱེད་པའི་ཆོས་ལ་གནས་པ་ཞེས་བྱ་བ་ནི་མདོ་ལས། སྐྱོ་བ་དང་ལྡན་པའི་ཡིད་ལ་བྱེད་པ་སྒོམ་པའོ་ཞེས་གསུངས་པའོ།། རྒྱུན་མི་འཆད་པར་སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་བསྒྲུབ་པ་རྣམ་པ་དྲུག་གིས་ནི་མདོ་ལས་བཏང་བ་མེད་པའི་བསམ་གཏན་པ
་ལྷག་མཐོང་དང་ལྡན་པ། ཁྱིམ་གྱིས་སྟོང་པ་རྒྱས་པར་བྱེད་པ། བདག་གི་དོན་གྱི་རྣལ་འབྱོར་ལ་བརྩོན་པ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་མ་སྨད་པ། ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ལོངས་སྤྱོད་པ་ཞེས་གསུངས་པའི་ཚིག་དེ་དག་གི་དོན་ཡོང་སུ་བསྟན
་ཏེ། སྦྱིན་པ་ནི་གཉིས་ཏེ། ལེན་པ་པོའི་སྦྱིན་པ་དང་། སྦྱིན་པ་པོའི་སྦྱིན་པའོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ན། གལ་ཏེ་སེམས་ཅན་འདི་དག་གིས་སྦྱིན་པའི་འབྲས་བུ་དང་། སྦྱིན་པ་ཀུན་འགྱེད་པའི་རྣམ་པར་སྨིན་པའི་འབྲས་བུ་ཤེས་པར་གྱུར་ན་ནི། ད་ལྟར་ཁམས་ཕྱི་མ་ཁམས་ཐ་མ་གང
་ཡིན་པ་དེ་ལས་ཀྱང་མ་བྱིན་ཞིང་མ་བགོས་པར་ཟ་བར་མི་བྱེད་དོ་ཞེས་སྦྱིན་པ་དང་། སྦྱིན་པ་ཀུན་འགྱེད་པ་གཉིས་ཀྱི་འབྲས་བུ་ཡོད་པ་ཐ་དད་པར་གསུངས་པར་སྟོན་ཏོ།། འཐད་པས་བསྒྲུབ་པའི་རིགས་པ་ལས་བརྩམས་ཏེ། གང་གིས་མ་འོངས་པའི་འདུ་བྱེད་ཀྱི་མཚན་ཉིད་ཀྱིས་མེད
་ཅིང་ཡོད་པ་མ་ཡིན་པ་ཁོ་ན་འབྱུང་ཞེས་ཁོང་དུ་ཆུད་པར་བྱ་བ་འདི་ལ་རིག་པ་བརྗོད་པ་གང་ཡིན། གལ་ཏེ་མ་འོངས་པའི་ཆོས་འདུ་བྱེད་ཀྱི་མཚན་ཉིད་ཀྱིས་ཡོད་པ་ཁོ་ན་ལས་འབྱུང་བར་འགྱུར་ན་དེ་འཕོ་ཞིང་འབྱུང་སྟེ། མ་འོངས་པའི་དུས་ཀྱི་ཡུལ་ནས་ད་ལྟར་གྱི་དུས་ཀྱི་ཡུལ་དུ་འཕོ།
་ཞིང་འབྱུང་བར་འགྱུར་རམ། འཆི་འའོ་ཞིང་འབྱུང་སྟེ། མ་འོངས་པའི་དུས་ནས་ད་ལྟར་གྱི་དུསུ་འབྱུང་བར་འགྱུར་རམ། བརྟེན་ནས་འབྱུང་སྟེ་མ་འོངས་པ་ན་དེ་ཁོ་ན་བཞིན་དུ་མི་འགྱུར་བར་གནས་དེ་ལས་བརྟེན་ཏེ་གཞན་ཁོ་ན་ཞིག་དེ་ལྟར་གྱི་དུ་སུ་འབྱུང་བར་འགྱུར་རམ། ལས་ང
་བཅས་པར་འབྱུང་སྟེ་མ་འོངས་པའི་དུས་ན་ལས་མི་བྱེད་པར་གྱུར་པ་ལས། ད་ལྟར་གྱི་དུས་སུ་ལས་བྱེད་པ་ཞིག་འབྱུང་བར་འགྱུར་རམ། མཚན་ཉིད་རྫོགས་པར་འབྱུང་སྟེ། མ་འོངས་པའི་དུས་ན་མཚན་ཉིད་མ་རྫོགས་པར་གྱུར་པ་ལས། ད་ལྟར་གྱི་དུསུ་མཚན
་ཉིད་རྫོགས་པ་ཞིག་འབྱུང་བར་འགྱུར་རམ། མཚན་ཉིད་མི་འདྲ་བར་འབྱུང་སྟེ། མ་འོངས་པའི་དུས་ན་མ་འོངས་པའི་དངོས་པོ་དང་། འབྲས་བུའི་དངོས་པོ་དེ་གཉིས་ཀྱི་མཚན་ཉིད་མི་འདྲ་བར་གྱུར་ལ། ད་ལྟར་གྱི་དུ་སུ་ད་ལྟར་གྱི་དངོས་པོ་དེ་གཉིས་ཀྱིས་མཚན་ཉིད་འདྲ་བ་ཞིག་འབྱུང་བར
་འགྱུར་གྲང་ན། ཡོད་པ་དེའི་འབྱུང་བ་ནི་རྣ་བ་དྲུག་པོ་དེ་དག་ཐམས་ཅད་ཀྱིས་མི་རུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཡུལ་ན་མི་གནས་པ་དང་། ཕྱོགས་ན་མི་གནས་པ་ནི་ཡུལ་ནས་ཡུལ་གཞན་དུ་འཕོ་བ་མེད་པའི་ཕྱིར་དང་། མ་སྐྱེས་པ་དང་མ་བྱུང་བ་ལ་ནི་འཆི་འཕོ་ཡང་མེད་པའི་ཕྱིར་དང་། དེ་ལས་བརྟེན
་ཏེའབྱུང་ན་དེ་གཞན་ཁོ་ན་ཞིག་བྱུང་བར་རིད་ཀྱི་མ་འོངས་པ་ཡིན་ལ། མི་འངམ་པ་དེ་ཡང་མ་བྱུང་པོའི་ཕྱིར་དང་། ཆོས་ཐམས་ཅད་དོན་དམ་པར་གཡོབ་མེད་པ་ཉིད་ཀྱི་ཕྱིར་མཚན་ཉིད་ལས་གཞན་པའི་ལས་མ་དམིགས་ཏོ།། མཚན་ཉིད་ཙམ་འབའ་ཞིག་ལ་འདོགས་པ་ཁོ་ནར་བད་པ་དང་།
་གཞན་པ་ཉིད་ཡིན་ན་ཡང་མ་འོངས་པ་དང་། ད་ལྟར་བྱུང་བ་གཉིས་མཚན་ཉིད་མཚུངས་པས་ཡོད་པར་འདྲ་བ་བཞིན་དུ། ད་ལྟར་འབའ་ཞིག་ལས་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་བྱེད་རྒྱུ་ཡང་མི་དམིགས་པ་དང་། ལུས་ཀྱང་མ་བྱུང་བ་ལྔས་འབྱུང་བར་འགྱུར་བའི་ཕྱིར་དང་། བཅོམ་ལྡན་འདས
་ཀྱིས་ཇི་སྐད་དུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པ་དང་། མི་བརྟག་པ་ཡིན་ནོ་ཞེས་ལེགས་པར་གསུངས་པ་དང་། ལེགས་པར་བརྗོད་པ་གང་ཡིན་པ་དེ་ལ་ཡང་འདུ་བྱེད་ཀྱི་ལས་ནི་མི་རྟག་པ་ཉིད་ཡིན་ལ། འདུ་བྱེད་རྣམས་ནི་དོན་ལས་རྟོག་པ་ཉིད་ཡིན་ནོ་ཞེས་ཡོང་སུ་བསྟན་པ་ཉིད་ཀྱིས་ཤིན་ཏུ་གནོ
་བ་བྱས་པར་འགྱུར་བའི་ཕྱིར་དང་། མཚན་ཉིད་གཅིག་པ་ཡིན་པར་འདྲ་བ་ལས། གལ་ཏེ་མཚན་ཉིད་ལ་ཆ་ཐ་དད་པ་ཡོད་པར་གྱུར་ན། ཅིའི་ཕྱིར་མཚན་ཉིད་ཆ་ཐ་དད་པར་འགྱུར་བ་དང་། མཚན་ཉིད་ཆ་ཐ་དད་པ་མ་བྱུང་བ་ལས་བྱུང་བར་མི་འགྱུར་བའི་ཕྱིར་དང་། མ་འོངས་པའི་དངོས་པོ་ཡང
་གཟུགས་ལ་སོགས་པ་འདུ་བྱེད་ཀྱི་མཚན་ཉིད་ལས་གུད་ན་མི་དམིགས་པ་དང་། འབྲས་བུ་མ་འོངས་ཤིང་མེད་པ་ཡང་འབྲས་བུར་ད་ལྟར་བྱུང་བ་ཡིན་པའི་ཕྱིར་རོ།། འཐད་པས་སྒྲུབ་པའི་རིགས་པ་ལས་བརྩམས་ཏེ། གང་གིས་མ་འོངས་པའི་ཆོས་འདུ་བྱེད་ཀྱི་མཚན་ཉིད་ཀྱིས་མེད་ཅིང
་ཡོད་པ་མ་ཡིན་པ་ལས་འབྱུང་བར་ཁོང་དུ་ཆུད་པར་བྱ་བ་འདི་ལ་རིགས་པ་བརྗོད་པ་ནི་དེ་ཡིན་ཏེ། མ་འོངས་པ་ཇི་ལྟ་བ་དེ་བཞིན་དུ་འདས་པ་ཡང་མེད་པར་རིག་པ་བརྗོད་པ་འདི་ཉིད་ཀྱིས་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ།། དེ་ལས་འདས་པའི་འདུ་བྱེད་རྣམས་གང་ཞེ་ན། རང་གི་བདག
་ཉིད་ཀྱི་དངོས་པོ་ལས་ཞིག་ཅིང་རབ་ཏུ་ཉམས་པར་གྱུར་པའི་མཚན་ཉིད་གང་ཡིན་པའོ།། ད་ལྟར་བྱུང་བའི་འདུ་བྱེད་རྣམས་གང་ཞེ་ན། རང་གི་བདག་ཉིད་ཀྱི་དངོས་པོ་ལས་མཱ་ཞིགས་ཤིང་མ་ཉམས་པར་སྐྱེ་བ་ཙམ་གྱི་དུས་ན་གནས་པའི་མཚན་ཉིད་གང་ཡིན་པའོ།། མ་འོངས་པའི་འདུ་བྱེད
་རྣམས་གང་ཞེ་ན། རྒྱུ་ནི་ཡོད་ཅིང་མེད་པ་མ་ཡིན་ལ་རང་གི་མཚན་ཉིད་མ་བྱུང་ཞིང་བདག་ཉིད་མ་ཐོབ་པ་གང་ཡིན་པའོ།། གལ་ཏེ་མ་འོངས་པའི་འདུ་བྱེད་རྣམས་ཡོད་པ་མ་ཡིན་པ་ལས་འབྱུང་བར་འགྱུར་རོ།། ནམ་མཁའི་མེ་ཏོག་དང་མོ་གཤམ་གྱི་བུ་དང་། རི་བོང་རོ་ལ་སོགས་པ་ཡང་ཅིའི
་ཕྱིར་མི་འབྱུང་ཞེ་ན། འདི་ལྟར་དེ་དག་ལ་ནི་འབྱུང་བའི་རྒྱུ་མེད་ཀྱི་འདུ་བྱེད་ཐམས་ཅད་ལ་འབྱུང་བའི་རྒྱུ་སོ་སོར་ངེས་པ་ཡོད་པའི་ཕྱིར་རོ།། གལ་ཏེ་འདུ་བྱེད་ཐམས་ཅད་ལ་འབྱུང་བའི་རྒྱུ་སོ་སོར་ངེས་པ་ཡོད་པ་ཁོ་ན་ཡིན་ན། ཅིའི་ཕྱིར་འདུ་བྱེད་ཐམས་ཅད་ཅིག་ཅར་མགོ་མཉམ་ཁོ་ནར
་འབྱུང་བར་མི་འགྱུར་ཞེ་ན། འདུ་བྱེད་རྣམས་ནི་རྒྱུ་ཡོད་ཀྱང་འབྱུང་བའི་རྐྱེན་ལ་བལྟོས་ན་འབྱུང་བར་འགྱུར་ཏེ། འདུ་བྱེད་གང་དང་གང་གི་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་པའི་འདུ་བྱེད་དེ་དང་དེའི་རྒྱུ་ནི་འདུ་བྱེད་དེ་དང་དེ་མངོན་པར་འགྲུབ་པར་བྱེད་དེ། དེའི་ཕྱིར་འདུ
་བྱེད་རྣམས་ལ་རྒྱུ་ཡོད་དུ་ཟིན་ཀྱང་ཅིག་ཅུར་མགོ་མཉམ་དུ་འབྱུང་བར་མི་འགྱུར་རོ།། དེ་ལ་འདུ་བྱེད་རྣམས་ཀྱི་རྒྱུ་ནི་གང་། རྐྱེན་ནི་གང་ཞེ་ན་བཅོམ་ལྡན་འདས་ཀྱི་འདུ་བྱེད་རྣམས་འབྱུང་བའི་རྐྱེན་ནི་བཞི་པོ་འདི་དག་ཡིན་པར་གསུངས་ཏེ་རྒྱུའི་རྐྱེན་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་དང་།
་དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ཏོ།། དེ་ལ་རྒྱུའི་རྐྱེན་ནི་རྒྱུ་ཡང་ཡིན་རྐྱེན་ཡང་ཡིན་ནོ།། དེ་ལ་སོ་གཞན་པའི་རྐྱེན་གསུམ་པོ་དག་ནི་རྐྱེན་ཁོ་ན་ཡིན་ཏེ་རྒྱུ་ནི་མ་ཡིན་ནོ།། དེ་ལ་རྒྱུའི་རྐྱེན་གང་ཞེ་ན། དབང་པོ་གཟུགས་ཅན་རྟེན་དང་བཅས་པ་གང་ཡིན་པ་དང་། རྣམ་པར་ཤེས
་པ་གང་ཡིན་པ་འདི་གཉིས་ནི་མདོར་ན་ས་བོན་ཐམས་ཅད་པ་ཞེས་བྱའོ།། དབང་པོ་གཟུགས་ཅན་དང་ལྡན་པ་ནི། དབང་པོ་གཟུགས་ཅན་དེ་དག་དང་། དེ་ལས་གཞན་པའི་ཆོས་གཟུགས་ཅན་རྣམས་ཀྱི་ས་བོན་ཀྱང་ཡིན་ཡ། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད
་ཁོ་ནའི་ས་བོན་ཀྱང་ཡིན་ནོ།། རྣམ་པར་ཤེས་པ་དང་ལྡན་པ་ནི་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་པོ་དེའི་སྔ་བོན་ཡང་ཡིན་ལ། དེ་ལས་གཞན་པའི་ཆོས་གཟུགས་ཅན་མ་ཡིན་པ་རྣམས་དང་། དབང་པོ་གཟུགས་ཅན་རྣམས་ཀྱི་ས་བོན་ཡང་ཡིན་ནོ།། འབྱུང་བ་ཆེན་པོའི་གཟུགས
་མ་གཏོགས་པ། དེ་ལས་གཞན་པའི་ཆོས་གཟུགས་ཅན་རྣམས་ནི་རང་གི་ས་བོན་དང་ལྡན་པའི་ངོ་བོ་ཉིད་ཁོ་ན་ཡིན་པར་རིག་པར་བྱའོ།། འབྱུང་བ་ཆེན་པོའི་གཟུགས་ནི་ས་བོན་ཉིད་དང་ལྡན་པ་ཡིན་ཏེ། འབྱུང་བ་ཆེན་པོའི་ས་བོན་དང་། རྒྱུར་བྱས་པའི་གཟུགས་ཀྱི་ས་བོན་དང་།
་ངོ་།། དེ་ལྟར་ན་ཇི་སྐད་ཡོངས་སུ་བསྒྲགས་པའི་ཆོས་རྣམས་ལ། དེ་ལྟར་ས་བོན་གྱི་རྒྱུད་དང་ལྡན་པ་ཅི་རིགས་པར་རྣམ་པར་བཞག་པ་གང་ཡིན་པ་དེ་ནི་རྒྱུའི་རྐྱེན་ཅེས་བྱའོ།། གལ་ཏེ་དབང་པོ་གཟུགས་ཅན་རང་གི་འབྱུང་བ་ཆེན་པོ་དང་བཅས་པ་དག་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས
་ས་བོན་དང་ལྡན་པ་མ་ཡིན་དུ་ཟིན་ན། འདི་ན་འགོག་པ་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་རྣམ་པར་ཤེས་པ་ཕྱིས་ཡང་འབྱུང་བར་མི་འགྱུར་བ་ཞིག་ན་འབྱུང་སྟེ། དེ་ལྟ་བས
་ན་དབང་པོ་གཟུགས་ཅན་སེམས་དང་། སེམས་ལས་བྱུང་བའི་ས་བོན་དང་ལྡན་པ་ལས་བརྟེན་ཏེ་འབྱུང་བར་རིག་པར་བྱའོ།། གལ་ཏེ་རྣམ་པར་ཤེས་པ་གཟུགས་ཀྱི་ས་བོན་དང་ལྡན་པ་མ་ཡིན་དུ་ཟིན་ན། སོ་སོའི་སྐྱེ་བོ་གཟུགས་མེད་པ་རྣམས་སུ་སྐྱེས་པ་ཚེ་ཟད་ཅིང་ལས་ཟད་ནས་དེ
་ནས་འཆི་འཕོ་ཞིང་ཡང་འོག་ཏུ་སྐྱེ་བའི་གཟུགས་ཀྱི་ས་བོན་མེད་པས་འབྱུང་བར་མི་འགྱུར་བ་ཞིག་ན་འབྱུང་སྟེ། དེ་ལྟ་བས་ན་གཟུགས་ཀྱི་ས་བོན་དང་ལྡན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ནས། དེའི་གཟུགས་འབྱུང་བར་རིག་པར་བྱའོ།། སོ་སོའི་སྐྱེ་བོ་འཇིག་རྟེན་པའི་ལྷམ་གྱི་བསམ
་གཏན་དང་པོ་ལ་སྙོམས་པར་ཞུགས་ཤིང་སྐྱེས་པའི་དེ་ལས་གཞན་པ་འདོད་པ་ན་སྤྱོད་པའི་ཆོས་ཉོན་མོངས་པ་ཅན་དེ་དག་གི་ས་བོན་གང་ཡིན་པ་དེ་ནི་ཉམས་པ་ཡིན་གྱི། ཡང་དག་པར་བཅོམ་པ་ནི་མ་ཡིན་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སོ་སོའི་སྐྱེ་བོ་དེ་ནི་ཏིང་ངེ
་འཛིན་དེ་ལས་ཡོངས་སུ་ཉམས་ནས་ཡང་འདོད་པ་ན་སྤྱོད་པའི་ཆོས་ཉོན་མོངས་པ་ཅན་རྣམས་མངོན་དུ་བྱེད་པ་དང་། བསམ་གཏན་དང་པོའི་སྙོམས་པར་འཇུག་པ་དེ་ནས་ཤི་འཕོས་ནས་ཡང་འདོད་པའི་ཁམས་སུ་སྐྱེ་བར་འགྱུར་བའི་ཕྱིར་རོ།། དེ་ལ་ས་བོན་ཉམས་པ་ནི་མདོར་བསྡུན་རྣམ་པ
་གསུམ་དུ་རིག་པར་བྱ་སྟེ། ཡོངས་སུ་སྤོང་བས་ཉམས་པ་དང་སུན་འབྱིན་པས་ཉམས་པ་དང་། ཞི་གནས་ཀྱིས་ཉམས་པའོ།། དེ་ལ་ཡོངས་སུ་སྤོང་བས་ཉམས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་ཁྱིམ་གྱི་འདོད་པའི་ལོངས་སྤྱོད་ཀྱི་ཡོངས་སུ་སྤྱོད་པ་དག་སྤོང་བ་ཡང་དག
་པར་བླང་བ་ལེན་པར་བྱེད་ཅིང་དེ་སྤོང་བ་ཡང་དག་པར་བླང་བ་དེ་ཀུན་ཏུ་སྟེན་པར་བྱེད། སྒོམ་པར་བྱེད། ལན་མང་དུ་བྱེད། དེ་ཀུན་ཏུ་བརྟེན་པའི་རྒྱུ་དང་། བསྒོམ་པའི་རྒྱུ་དང་། ལན་མང་དུ་བྱས་པའི་རྒྱུས་འདོད་པའི་ལོངས་སྤྱོད་ཀྱི་ཡོངས་སུ་སྤྱོད་པ་ལ་སེམས་མི་འཇུག་མི་དགའ་ཀུན་ཏུ་མི་གནས་མོས་པར
་མི་བྱེད་ཅིང་དེའི་དབང་དང་། དེ་ལ་དམིགས་པའི་ཉོན་མོངས་པསྐྱེད་པར་ཡང་མི་བྱེད་དེ། དེ་ནི་ཡོངས་སུ་སྤོང་བས་ཉམས་པ་ཞེས་བྱའོ།། སུན་འབྱིན་པས་ཉམས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལས་ཉེས་དམིག་ཀྱི་འདུ་ཤེས་སོམ། མི་སྡུག་པའི་འདུ་ཤེས་སམ། རྣམ་པར་སྔོས་པ་ལ་སོགས
་པའི་འདུ་ཤེས་སམ། ཚུལ་བཞིན་ཡིད་ལ་བྱེད་པ་གང་ཡང་རུང་བས་འདོད་པ་དེ་དག་ལ། དེ་འདོད་ཆགས་དང་བྲལ་བ་མ་ཡིན་དུ་ཟིན་ཀྱང་ཇི་ལྟ་ཇི་ལྟར་མི་མཐུན་པ་ཡིན་པའི་རྒྱུས་འདོད་པ་རྣམས་ལ་སེམས་མི་འཇུག་པ་ནས། རྒྱས་པར་མོས་པར་མི་བྱེད་པའི་བར་དུ་དེ་ལྟ་དེ་ལྟར་སུན་འབྱིན་པ
་ཡིན་ཏེ། དེ་ནི་སུན་འབྱིན་པས་ཉམས་པ་ཞེས་བྱའོ།། ཞི་གནས་ཀྱི་ཉམས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བའམ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཐོབ་པར་བྱེད་ཅིང་། ཞི་གནས་ཀྱིས་ཉེ་བར་བརྟན་པའི་སེམས
་ཀྱི་རྒྱུ་དང་ལྡན་པ་དེའི་སེམས་འདོད་པ་དག་གམ། གཟུགས་དག་ལ་མི་འཇུག་པ་ནས། རྒྱས་པར་མོས་པར་མི་བྱེད་པའི་བར་དེ་ནི་ཞི་གནས་ཀྱིས་ཉམས་པ་ཞེས་བྱའོ།། འཕགས་པ་ཉན་ཐོས་འཇིག་རྟེན་ལས་འདས་པའི་ལམ་གྱི་འདོད་པའི་འདོད་ཆགས་དང་བྲལ་བ་དང་། ཁམས
་གསུམ་པའི་འདོད་ཆགས་དང་བྲལ་བའི་བར་ཐོབ་པ་ནི་དེ་ལྟར་དེས་ཁམས་གསུམ་ན་སྤྱོད་པའི་ཆོས་ཉོན་མོངས་པ་ཅན་དེ་དག་ཐམས་ཅད་ཀྱི་ས་བོན་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་དག་པར་བཅོམ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཕགས་པ་ཉན་ཐོས་དེ་ནི་ཚེ་འདི་ཉིད་ལ་འདོད
་གས་དང་བྲལ་བ་དེ་ལས་ཡོངས་སུ་ཉམས་ཤིང་། ས་འོག་མ་པའི་ཀུན་ནས་ཉོན་མོངས་པ་སྔོན་དུ་བྱེད་མི་སྲིད་པ་དང་། ས་གོང་མ་དག་ཏུ་སྐྱེས་པ་དེ་ནས་ཤི་འཕོས་ནས་ཡང་ས་འོག་མ་རྣམས་སུ་སྐྱེ་བ་ཡང་མི་སྲིད་པའི་ཕྱིར་རོ།། འདི་ལྟ་སྟེ་དཔེར་ན་འབྲ་ནས་ལ་སོགས་པའི་ས་བོན
་ནམ་མཁའ་འམ། ས་གཞི་སྐམ་པོར་གཞག་པ་རྣམས་ནི་མི་སྐྱེ་ཡང་ས་བོན་ཉིད་མེད་པ་ནི་མ་ཡིན་ནོ།། དེ་དག་ཉིད་མེས་ཀུན་ཏུ་གདུངས་ན་ཐམས་ཅད་ཀྱི་ཐམས་ཅད་དུ་ས་བོན་ཉིད་མེད་པ་བཞིན་དུ། ས་བོན་རྣམས་ཀྱི་ཉམས་པ་དང་ཡང་དག་པར་བཅོམ་པ་འདིའི་ཚུལ་ཡང
་དེ་བཞིན་དུ་རིག་པར་བྱའོ།། འཕགས་པ་ཉན་ཐོས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་ཀྱི་ས་བོན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་ས་བོན་ཡང་དག་པར
་བཅོམ་པའི་ཕྱིར་ཉམས་པ་ཡིན་པས་དེས་ནི་ཕྱི་མ་ལ་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱེད་པ་དང་། རང་ཉིད་སྐྱེ་བར་ཡང་མི་ནུས་ཏེ། དེ་ལྟར་ན་འདི་ལྟ་སྟེ། གྲོགས་ཡང་དག་པར་བཅོམ་པས་ཉམས་པ་གཞན་བཞི་པ་ཡིན་པར་རིག་པར་བྱའོ།། དེ་ལ་གང་ཟག
་འཆིང་བ་མཐའ་དག་དང་ལྡན་པའི་བདེ་བ་དང་ལྡན་པའམ། སྡུག་བསྔལ་དང་ལྡན་པའམ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པའི་སེམས་གང་དག་འབྱུང་བ་དེ་དག་ཐམས་ཅད་ནི་བདེ་བའི་ས་བོན་དང་ལྡན་པ་དང་། སྡུག་བསྔལ་བའི
་བོན་དང་ལྡན་པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དེ་ཡང་མ་ཡིན་པའི་ས་བོན་དང་ལྡན་པ་ཡིན་ནོ།། དེའི་དགེ་བའམ། ཉོན་མོངས་པ་ཅནཱ་ནམ། ལུང་དུ་མ་བསྟན་པའི་སེམས་གང་དག་འབྱུང་བ་དེ་དག་ཐམས་ཅད་ཀྱང་དགེ་བའི་ས་བོན
་དང་ལྡན་པ་དང་། ཉོན་མོངས་པ་ཅན་གྱི་ས་བོན་དང་ལྡན་པ་དང་། ལུང་དུ་མ་བསྟན་པའི་ས་བོན་དང་ལྡན་པ་ཡིན་ནོ།། གང་ཟག་སློབ་པ་འཆིང་བ་མ་ཚང་བ་དང་ལྡན་པའི་འཇིག་རྟེན་པའི་དགེ་བའམ། ཉོན་མོངས་པ་ཅན་ནམ། ལུང་དུ་མ་བསྟན་པའི་སེམས་གང་དག་འབྱུང་བ་དེ་དག
་ཐམས་ཅད་ནི་དེའི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གང་དག་མ་སྤངས་པ་དེའི་ས་བོན་དང་ལྡན་པ་ཡིན་ཏེ། དེ་ལས་གཞན་པ་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་པར་འབྱུང་ངོ་།། གང་ཟག་མི་སློབ་པ་ཉོན་མོངས་པ་ཐམས་ཅད་སྤངས་པའི་འཇིག་རྟེན་པའམ། འཇིག་རྟེན་ལས
་འདས་པའི་དགེ་བའམ། ལུང་དུ་མ་བསྟན་པའི་སེམས་གང་འབྱུང་བ་དེ་ནི་དེ་ཉོན་མོངས་པ་ཅན་གྱི་ཆོས་ཐམས་ཅད་ཀྱི་ས་བོན་དང་མི་ལྡན་པས་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་པར་འབྱུང་སྟེ། ས་བོན་རྣམ་པར་བཞག་པའི་ཚུལ་འདི་ནི་ཀུན་གཞི
་རྣམ་པར་ཤེས་འས་པར་མ་གཞག་པ་ལ་རིག་པར་བྱའོ།། རྣམ་པར་བཞག་པ་ལ་ནི་མདོར་བསྡུན་དེ་ལ་ཆོས་ཐམས་ཅད་ཀྱི་ས་བོན་ཡོད་པར་རིག་པར་བྱ་སྟེ། ས་བོན་དེ་དག་ནི་མ་སྤངས་པ་དང་། སྤང་བར་བྱའམ་ཡིན་པའི་ཆོས་དེ་དག་དང་ཅི་རིགས་སུ་ལྡན་པར་རིག་པར་བྱའོ།། བཅོམ
་ལྡན་འདས་ཀྱིས་ཇི་སྐད་དུ་དགེ་སློང་དག་དགྲ་བཅོམ་པ་ཡང་ཚེ་འདི་ལ་ལྷག་མེ་པའི་སེམས་ལས་བྱུང་བ་བདེ་བར་གནས་པ་བཞི་པོ་དེ་དག་ལས་གང་ཡང་རུང་བ་ལས་ཡོངས་སུ་ཉམས་པར་ང་སྨྲ་ཞེས་གང་གསུངས་པ་དེ་ལ། གལ་ཏེ་དེའི་ཉོན་མོངས་པ་ཅན་གྱི་ཆོས་ཐམས་ཅད་ཀྱི་ས་བོན
་དག་ཡང་དག་པར་བཅོམ་ན་ནི། ཇི་ལྟར་དེ་ལ་འོག་མ་པའི་ཉོན་མོངས་པ་འབྱུང་བར་འགྱུར། གལ་ཏེ་མི་འབྱུང་ན་ནི་ཇི་ལྟར་དེ་ཡོངས་སུ་ཉམས་པར་འགྱུར་ཞེ་ན། ཡོངས་སུ་ཉམས་པ་ནི་གཉིས་པོ་འདི་དག་ཡིན་ཏེ། སྤོང་བའི་ཡོངས་སུ་ཉམས་པ་དང་། གནས་པའི་ཡོངས་སུ་ཉམས་པའོ།
་དེ་ལ་སྤོང་བའི་ཡོངས་སུ་ཉམས་པས་ནི་སོ་སོའི་སྐྱེ་གོ་ཁོ་ན་ཡོངས་སུ་ཉམས་པར་འགྱུར་རོ།། གནས་པའི་ཡོངས་སུ་ཉམས་པས་ནི་འཕགས་པ་དང་། སོ་སོའི་སྐྱེ་བོ་ཡང་ཡོངས་སུ་ཉམས་པར་འགྱུར་རོ།། དེ་ལ་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་སྤངས་པ་ཡང་མངོན་དུ་བྱེད་པ་ནི
་སྤོང་བའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པར་འགྱུར་ཏེ། གནས་པའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བ་ཡང་དེ་ཡིན་ནོ།། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་སྤངས་ནས། དེ་ལས་གཞན་པའི་ཕྲལ་གྱི་བྱ་བ་དག་ལ་རབ་ཏུ་ཆགས་པའི
་བློ་ཅན་ཡིད་ལ་མི་བྱེད་པའི་རྒྱུས་དེའི་མཇུག་ཐོགས་སུ་ཚེ་འདི་ལ་བདེ་བར་གནས་པ་ལ་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་མངོན་དུ་བྱེད་མི་ནུས་ལ། ས་འོག་མ་པའི་ཉོན་མོངས་པ་ནི། མངོན་དུ་མི་བྱེད་པ་གང་ཡིན་པ་དེ་ནི་དེ་ལྟ་ན་གནས་པའི་ཡོངས་སུ་ཉམས་པར་འགྱུར་བ་ཡིན་གྱི་སྤོང་བ
་ཡོངས་སུ་ཉམས་པ་ནི་མ་ཡིན་ནོ།། གལ་ཏེ་དགྲ་བཅོམ་པ་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཉོན་མོངས་པ་ཅན་གྱི་ཆོས་དེ་དག་ཐམས་ཅད་ཀྱི་ས་བོན་ཡང་དག་པར་མ་བཅོམ་ན་ནི། ཇི་ལྟར་ན་དེ་དགྲ་བཅོམ་པ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང་། ཟག་པ་ཟད་པར་འགྱུར།
་གལ་ཏེ་ཡང་དག་པར་བཅོམ་ན་ནི་དེའི་སེམས་ཀྱི་རྒྱུད་ཉོན་མོངས་པ་ཅན་གྱི་ཆོས་ཐམས་ཅད་ཀྱི་ས་བོན་མེད་པ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཙམ་ཡང་འབྱུང་བར་མི་འགྱུར་ན། ཉོན་མོངས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བས་ན་འཇིག་རྟེན་ལས་འདས་པའི་ལམ་གྱིས
་ཉོན་མོངས་པ་སྤངས་པ་ལན་ཡོངས་སུ་ཉམས་པ་མེད་པར་ཁོང་དུ་ཆུད་བར་བྱའོ།། དེ་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་ག་ཤེ་ན། སེམས་དང་སེམས་ལས་བྱུང་བབ་ཆོས་གང་དག་གི་འཇུག་གྲགས་སུ་སེམས་དང་སེམས་ལས་བྱུང་བ་ཆོས་གང་དག་འབྱུང་བ་དེ་དག་ནི།
་དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཅེས་བྱའོ།། དེ་ལ་རྣམ་པར་ཤེས་པ་དྲུག་པོ་གང་དག་ཡིན་པ་དེ་དག་ནི་རྣམ་པར་ཤེས་པ་དྲུག་པོ་དེ་དག་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དེ་དག་ནི་ཡིད་ལས་ཡིད་ཅེས་བྱ་བ་དང་། ཡིད་ཀྱི་སྐྱེ་མཆེད་ཅེས་བྱ་བ་དང་། ཡིད་ཀྱི་ཁམས་ཞེས་བྱ་བར
་ཡང་གདགས་སོ།། དེ་ལ་དམིགས་པའི་རྐྱེན་གང་ཞེ་ན། གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་དམིགས་པའི་རྐྱེན་ཡིན་ནོ།། ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པའི
་རྐྱེན་ཡིན་ནོ།། དེ་ལ་བདག་པོའི་རྐྱེན་གང་ཞེ་ན། མིག་ལ་སོགས་པའི་སྐྱེ་མཆེད་ལྷན་ཅིག་བྱུང་བ་རྣམས་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་བདག་པོའི་རྐྱེན་ཡིན་ནོ།། རྣམ་པར་ཤེས་པ་རྣམས་དམིགས་པ་ལ་གཏོད་པར་བྱེད་པའི་ཡིད་ལ་བྱེད་པ་ཡང་ཡིན་ནོ།།
་སེམས་དང་སེམས་ལས་བྱུང་བའི་ཆོས་ལྷན་ཅིག་བྱུང་བ་རྣམས་ཀྱང་གཅིག་གི་བདག་པོའི་རྐྱེན་ཡིན་ནོ།། དགེ་བ་དང་མི་དགེ་བའི་ལས་སྔོན་དུ་བྱས་པ་རྣམས་ཀྱང་ཕྱིས་འབྲས་བུ་འདོད་པ་དང་མི་འདོད་པ་རྣམ་པར་སྨིན་པར་འགྱུར་བའི་བདག་པོའི་རྐྱེན་ཡིན་ནོ།། ཞིང་དང་ལུང་དང་ཆུ་ལ་སོག།
་བ་ལོ་ཏོག་མངོན་པར་འགྲུབ་པའི་བདག་པོའི་རྐྱེ་ནི་ཡིན་ནོ།། བཟོ་ཤེས་པ་དང་བཟོའི་ལས་དེ་དང་དེ་དག་ནི་འཇིག་རྟེན་པའི་བཟོ་དང་ལས་ཀྱེ་གནས་དེ་དང་དེ་དག་མངོན་པར་འགྲུབ་པའི་བདག་པོའི་རྐྱེན་ཡིན་ནོ།། དེ་ལ་རྒྱུའི་རྐྱེན་གང་ཡིན་པ་དེ་ནི་སྐྱེད་པའི་རྒྱུ་ཉིད་ཡིན་ནོ།། དེ་ལས་གཞན་པའི
་རྐྱེན་གསུམ་པོ་དག་ནི་སྐྱེ་བའི་ཐབས་ཁོ་ན་ཡིན་པར་རིས་བྱར་བྱར།། དེ་ལྟ་བསམ་དུ་བྱེད་གང་དང་གང་གི་སྐྱེ་བའི་ཐབས་ཉེ་བར་གནས་པར་གྱུར་པའི་འདུ་བྱེད་ཀྱིས་བོན་དེ་དང་དེ་ནི་འདུ་བྱེད་དེ་དང་དེ་མངོན་པར་འགྲུབ་པར་བྱེད་དེ། ང་བྱོར་འདུ་བྱེད་ཐམས་རྒྱུ་དུད།
་ཅར་མགོ་མཉམ་དུ་འབྱུང་བར་མི་འགྱུར་རོ།། རྐྱེན་བཞི་པོ་དེ་དག་ཉིད་ལས་བརྟེན་ནས། རྒྱུ་བཅུ་པོ་དག་ནི་རྣམ་པར་བཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་ལས་བཤད་པ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་ཡིད་ནི་འདས་པའི་འདུ་བྱེད
་རྣམས་ལས་ཀྱང་བརྟེན་ཏེ་འབྱུང་ལ། ཡིད་ནི་མ་འོངས་པའི་འདུ་བྱེད་རྣམས་ལས་ཀྱང་བརྟེན་ཏེ་འབྱུང་ངོ་ཞེས་གང་གསུངས་པ་དེ་ལ། གལ་ཏེ་འདས་པའི་འདུ་བྱེད་རྣམས་ཀྱང་མེད་ལ་མ་འོངས་པ་རྣམས་ཀྱང་མེད་ན་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡིད་འབྱུང་ངོ་།
་ཞེས་གསུངས་པའི་ཡིད་ཀྱི་དམིགས་པ་གང་ཡིན། གལ་ཏེ་ཡིད་དངོས་པོ་མེད་པ་ཁོ་ན་ཞིག་ལ་དམིགས་ན་ནི་དེ་ལ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དང་། ལེགས་པར་བརྗོད་པ་གང་ཡིན་པ་འདི་ལྟ་སྟེ། རྣམ་པར་ཤེས་པ་ནི་གཉིས་པ་ལ་བརྟེན་ཏེ་འབྱུང་ངོ་།། །
་གཉིས་གང་ཞེ་ན། མིག་དང་གཟུགས་ལས་རྒྱས་པར་ཡིད་དང་ཆོས་ཀྱི་བར་ལས་སོ་ཞེས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དང་། ལེགས་པར་བརྗོད་པ་དེ་ལ་ཇི་ལྟར་ཤིན་ཏུ་གནོད་པར་བྱས་པར་མི་འགྱུར་ཞེ་ན། ཡིད་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ
་ངག་གི་སྤྱོད་ཡུལ་མ་ཡིན་པའི་དོན་གང་ཡིན་པ་འཛིན་པར་བྱེད་དེ། དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་གདགས་པར་མཛད་ནས། ཡིད་དང་ཆོས་རྣམས་ལ་བརྟེན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་གསུངས་སོ།། བཅོམ་ལྡན་འདས་ཀྱིས་དགོངས་པ་དེ
་ཡང་རྒྱུ་གང་གིས་ཁོང་དུ་ཆུད་པར་བྱ་ཞེ་ན། འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ནི་འདས་པའི་རྣམ་པར་ཤེས་པ་ལ་དམིགས་པ་ཡང་ཡོད། མ་འོངས་པའི་རྣམ་པར་ཤེས་པ་ལ་དམིགས་པ་ཡང་ཡང་མེད་ཀྱི། རྣམ་པར་ཤེས་པ་ན་ཆོས
་ཀྱི་སྐྱེ་མཆེད་དུ་གཏོགས་པ་མ་ཡིན་ནོ།། གཞན་ཡང་ཡོད་པ་ཡང་ཡོད་པའི་དོན་གྱིས་རྣམ་པར་གནས་ཤིང་ཡོད་པའི་དོན་འཛིན་པར་བྱེད་ལ། མེད་པ་ཡང་མེད་པའི་དོན་གྱི་རྣམ་པར་གནས་ཤིང་མེད་པའི་དོན་འཛིན་པར་བྱེད་པས། དེ་ལ་ཡིད་ཀྱི་རྣམ་པར་ཤེས
་པས་ནི་ཡོད་པ་ཡང་དོན་གང་གིས་རྣམ་པར་གནས་པའི་དོན་དེ་ཉིད་ཀྱིས་རྣམ་པར་ཤེས་པར་བྱ་ལ། མེད་པ་ཡང་དོན་གང་གིས་རྣམ་པར་གནས་པའི་དོན་དེ་ཉིད་ཀྱིས་རྣམ་པར་ཤེས་པར་བྱའོ།། གལ་ཏེ་དེ་གཉི་ག་གཉི་གའི་དོན་གྱིས་རྣམ་པར་ཤེས་པར་མི་བྱེད་ན་ནི་ཡིད་དོན
་ཐམས་ཅད་ལ་དམིགས་པ་དང་། དོན་ཐམས་ཅད་འཛིན་པར་ཡིན་པར་མི་འགྱུར་རོ།། གང་དེ་སྐད་ཅེས་ཟེར་ན། དེས་ནི་གྲུབ་པའི་མཐའ་ལ་ཡང་ཤིན་ཏུ་གནོད་པ་བྱས་པར་འགྱུར་ཏེ། ཇི་ལྟར་ཡོད་པ་ཉིད་མེད་པའོ་ཞེས་བརྗོད་དུ་ནི་ཚུལ་མ་ཡིན་ནོ།། དེ་ལྟ་བས་ན་ཇི་ལྟར་འདས
་པ་དང་། མ་འོངས་པ་དེ་དངོས་པོ་མེད་པ་དེ་བཞིན་དུ་དེ་ལ་དམིགས་པའི་ཡིད་ཀྱང་མེད་ལ། དམིགས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། གཞན་ཡང་འདི་ལ་གང་གིས་མེད་པ་ལ་དམིགས་པའི་ཡིད་ཀྱིས་རྣམ་པར་ཤེས་པ་ཡོད་དོ་ཞེས་ཁོང་དུ་ཆུད་པར་བྱ་བའི་རིགས་པར
་བརྗོད་པ་སྤངས་ཤིང་རྒྱ་ཆེ་བ་ཡང་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དང་།། ལོགས་པར་བརྗོད་པ་ཇི་སྐད་དུ་ནང་ངམ་ཕྱི་རོལ་ལམ། ལམ་གཉི་ག་མ་གཏོགས་པ་ན་བདག་མེད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ལ། བག་མེད་པ་ཉིད
་དེ་ནི་འདུས་བྱས་ཀྱིས་བསྡུས་པ་ཡང་མ་ཡིན་འདུས་མ་བྱས་ཀྱིས་བསྡུས་པ་ཡང་ཡིན་མོད་ཀྱི། སྤྱིའི་མཚན་ཉིད་ཡོངས་སུ་རྟོག་པ་རྣམས་ལ་དེ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་ཡང་མ་ཡིན་ཏེ། དེ་ལྟར་ན་འདི་ནི་རིགས་པ་བརྗོད་པ་དང་པོ་ཡིན་ནོ།། ཡང
་གཟུགས་དང་དྲི་དང་རོ་དང་རིགས་བྱ་དེ་དེ་ལྟ་དེ་ལྟར་བྱུང་བ་རྣམས་དང་། ཡོངས་སུ་གྱུར་པ་རྣམས་དང་། ཀུན་ཏུ་ཞུགས་པ་རྣམས་ལ་ཟས་དང་སྐོམ་དང་བཞོན་པ་དང་གོས་དང་རྒྱན་དང་ཁང་ཁྱིམ་དང་དམག་དང་ནགས་ཚལ་ལ་སོགས་པ་འདོགས་པར་བྱེད་པའི་ཟས་དང་སྐོམ
་སོགས་པ་དེ་དག་གཟུགས་ལ་སོགས་པ་ལས་གུད་ན་ཅུང་ཟད་ཀྱང་མེད་དེ། དེའི་མེད་པ་ཉིད་གང་ཡིན་པ་དེ་ཡང་འདུས་བྱས་ཀྱིས་བསྡུས་པ་ཡང་མ་ཡིན། འདུས་མ་བྱས་ཀྱིས་བསྡུས་པ་ཡང་མ་ཡིན་མོད་ཀྱིས་རང་གི་མཚན་ཉིད་ཡོངས་སུ་རྟོག་པ་རྣམས་ལ
་དེ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་ཡང་མ་ཡིན་ཏེ། དེ་ལྟར་ན་འདི་ནི་རིགས་པ་བརྗོད་པ་གཉིས་པ་ཡིན་ནོ།། ཡང་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ཇི་སྐད་དུ་སྦྱིན་པ་མེད་དོ།། འདོད་པ་མེད་དོ།། མཆོད་སྤྲིན་མེད་དོ་ཞེས་རྒྱ་ཆེར་སྔར
་བསྟན་པ་ལྟ་བུ་གང་ཡིན་པ་དེ་ལ། གལ་ཏེ་འདོད་པ་དང་མཆོད་སྦྱིན་ལ་སོགས་པ་མེད་པའི་མེད་པ་ཉིད་གང་ཡིན་པ་དེ་ཡང་ཡང་དག་པར་སྤོང་བ་ཉིད་ན་ནི་དེས་ན་སྐྱེས་བུ་གང་ཟག་དེ་ལྟར་ལྟ་བའི་དེ་ཡང་ལོག་པར་ལྟ་བར་མི་འགྱུར་ཏེ། འདི་ལྟར་དེ་ནི་ཡང་དག་པར་ལྟ་བ་དང་། ཡང
་དགྲ་པར་སྨྲ་བར་འགྱུར་རོ།། ཅི་སྟེ་མེད་ན་ནི་ལོག་པར་ལྟ་བ་རྣམས་ཀྱི་དེ་ལ་དམིགས་པའི་རྣམ་པར་ཤེས་པ་ཡང་འབྱུང་བར་མི་འགྱུར་བ་ཞིག་ན་འབྱུང་སྟེ། དེ་ལྟར་ན། འདི་ནི་རིགས་པ་བརྗོད་པ་གསུམ་པ་ཡིན་ནོ།། ཡང་འདུ་བྱེད་ཐམས་ཅད་ལ་རྟག་པ་ཉིད་དམ་བརྟན་པ་ཉིད་དམ
་ཐེར་ཟུག་པ་ཉིད་མེད་དེ་འདུ་བྱེད་ཐམས་ཅད་ལ་རྟག་པ་ཉིད་བརྟན་པ་ཉིད་དམ་ཐེར་ཟུག་ཉིད་དེའི་མེད་པ་ཉིད་གང་ཡིན་པ་དེ་ཡང་འདུས་བྱས་ཀྱིས་བསྡུས་པ་ཡང་མ་ཡིན། འདུས་མ་བྱས་ཀྱིས་བསྡུས་པ་ཡང་མ་ཡིན་མོད་ཀྱི། སྤྱིའི་མཚན
་ཉིད་ཀྱིས་ཡོངས་སུ་རྟོག་པ་རྣམས་ལ། དེ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་ཡང་མ་ཡིན་ཏེ། གལ་ཏེ་དེ་ལ་དམིགས་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འབྱུང་ན་ནི། དེས་ན་འདུ་བྱེད་ཐམས་ཅད་ལ་རྟག་པ་ཉིད་དམ། བརྟན་པ
་ཉིད་དམ། ཐེར་ཟུག་ཉིད་མེད་པ་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྗེས་སུ་མ་མཐོང་བ་རྣམས་ལ་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བ་མེད་ན་ནི་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་ཡང་མི་འགྱུར་བས
་དེ་ལྟ་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ནི་གཏན་ཏུ་རྗེས་སུ་འབྲེལ་བར་འགྱུར་བ་ཞིག་ན་མི་འགྱུར་ཏེ། དེ་ལྟར་ན། འདི་ནི་རིགས་པ་བརྗོད་པ་བཞི་པ་ཡིན་ནོ།། ཡང་འདུ་བྱེད་མ་འོངས་པ་རྣམས་ཀྱི་འབྱུང་བ་ཉིད་ཀྱང་རེ་ཞིག་མེད་ན། འཇིག་པ་ལྟ
་ཡོད་པར་ག་ལ་འགྱུར། ཡང་འཕགས་པ་ཉན་ཐོས་རྣམས་འདུ་བྱེད་མ་འོངས་པ་རྣམས་ལ་འབྱུང་བ་དང་། འཇིག་པར་རྗེས་སུ་ལྟ་ཞིང་མི་གནས་ལ་ཡང་མ་ཡིན་ཏེ། དེ་ལྟར་ན་འདི་ནི་རིགས་པ་བརྗོད་པ་ལྔ་པ་ཡིན་ནོ།། དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་མེད་པ
་ལ་དམིགས་པ་ནི་ཡང་བ་ཁོ་ནར་ཆུད་པར་བྱ་སྟེ། རྣམ་པར་ཤེས་པ་མེད་པ་ལ་དམིགས་པ་རབ་ཏུ་འགྲུབ་པའི་རིགས་པ་བརྗོད་པ་ནི་དྲི་ལྔ་བུ་དང་འཐུན་པ་གཞན་ཡང་ཡོད་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ལས་འདས་པ་ནི་ཡོད་དེ་གལ་ཏེ་ལས་འདས་པ
་རྣ་རྫུ་ན་ནས་ས་ག་ང་དང་ས་པནྡྷ། ཀཱནདུ་མད་ཚ་གྱུ་གང་རྒྱུམ་འདས་སཔ་ན། འས་པ་ལ་མྦྷ་སསུ་ལག་ནེ་འང་པ་གགས་པས་ཁྱིམ་པ་འཐས་དམ་པར་ས
་མངོན་པར་འགྲུང་བ་རེངས་བོན་རྒྱས་འངདྲ་བྱེད་གྱི་རྒྱུན་རྩོན་ཡོངས་སུ་བཟུང་ཞིང་ཡོངོས་སུ་ཀྱི་སྒོམ་པ་ལས་དགོས་ནས། བཅོམ་ལྡན་དུས་ཀྱིས་སྨྲས་འདས་པ་ཡོད་ཤེས་ཡོངས་སུ་བསྟན་ཏེ། དེ་ལྟར་ཚོམཐུན་བརྒྱར་སྨྲ་པ་གང་དགང་བང་བྱུག་དང་། བརྒྱ་སྦྱིན་དུ
་ཚངས་པ་དང་རང་བཞིན་དང་སྐྱེས་བུ་གཞན་ལ་སོགས་པ་ལས། སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བ་འབྱུང་བར་ལྟ་ཞིང་ཡོངས་སུ་སྟོན་པ་དག་གིས་ལུགས་དགག་པ་དང་། ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུ་མེད་པར་སྨྲ་བ་གང་དག་སེམས་ཅན་རྣམས་ཀྱི་དགེ་བདང
་མི་དགེ་བ་འབྱུང་བ་རྒྱུ་མེང་པོར་ལྟ་ཞིང་ཡོངས་སུ་སྟོན་པ་གང་ངག་ཡིན་པ་དེ་དག་གི་ལུགས་དགག་པའི་དོན་གྱི་དབང་གཉིས་གཟིགས་པས་ཡོངས་སུ་བསྟན་ཏོ།། བཅོམ་ལྡན་འདས་ཀྱིས་འདུ་བྱེད་འདས་པ་རྣམས་ནི་ཡོད་དེ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན
་བ་ནི་དེ་དག་ལ་མི་ལྟ་བར་གནས་སོ།། འདུ་བྱེད་མ་འོངས་པ་རྣམས་ཀྱང་ཡོད་དེ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་དེ་དག་ལ་མངོན་པར་མི་དགའ་བར་གནས་སོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་གང་ཞེ་ན། འདུ་བྱེད་འདས་པ་རྣམས་ནི་འབྲས་བུ་བསྐྱེད་པ
་ལས་ཡོད་ལ། འདུ་བྱེད་མ་འོངས་པ་རྣམས་ནི་རྒྱུ་ཡོངས་སུ་འཛིན་པ་ལས་ཡོད་དེ། འདི་ལྟར་ད་ལྟར་གྱི་འདུ་བྱེད་རྣམས་ནི་མཚན་ཉིད་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། འདས་པ་རྣམས་ཀྱི་འབྲས་བུའི་དངོས་པོ་དང་། མ་འོངས་པ་རྣམས་ཀྱི་རྒྱུའི་དངོས་པོ་དང་། ར
་གི་མཚན་ཉིད་ཀྱི་རྒྱུན་མི་འཆད་པས་སོ།། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཡང་གལ་ཏེ་འདས་པ་དང་མ་འོངས་པ་དེ་འདུ་བྱེད་ཀྱི་མཚན་ཉིད་དང་ལྡན་པ་ཁོ་ནར་འགྱུར་ན་འདས་པ་དང་མ་འོངས་པའི་དངོས་པོར་མེད་དོ་ཞེས་མི་བསྟན་པ་ཞིག་ན
་ཡོངས་སུ་བསྟན་པས་ན་ཆོས་འདས་པ་དང་མ་འོངས་པ་རྣམས་ལ་རྫས་སུ་མངོན་པར་ཞེན་པ་སྤང་བར་བྱ་བ་དང་། ཇི་ལྟར་འདས་པ་དང་མ་འོངས་པ་མེད་པ་དེ་བཞིན་དུ། དེ་ལྟར་བྱུང་བ་ཡང་མེད་དོ་ཞེས་མངོན་པར་ཞེན་པ་རྣམས་ཀྱི་མངོན་པར་ཞེན་པ་དེ་སྤང་བར
་བྱ་བའི་དོན་གྱིས་དབང་དེ་གཉིས་གཟིགས་པས་ཡོངས་སུ་བསྟན་ཏོ།། བཅོམ་ལྡན་འདས་ཀྱིས་ཁམས་འདས་པ་ཡང་ཡོད་དེ། ཁམས་མ་འོངས་པ་ཡང་ཡོད་དོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། ས་བོན་གྱི་རྒྱུན་འབྲས་བུ་བསྐྱེད་ཟིན་པ་ནི
་ཁམས་འདས་པ་ཞེས་བྱའོ།། ས་བོན་གྱི་རྒྱུན་འབྱུང་བ་འབྲས་བུམ་བསྐྱེད་པ་ནི་ཁམས་མ་འོངས་པ་ཞེས་བྱའོ།། ད་ལྟར་ས་བོན་གྱི་རྒྱུན་འབྲས་བུ་མ་སྐྱེད་པ་ཉིད་ནི་ཁམས་ད་ལྟར་བྱུང་བ་ཞེས་བྱའོ།། འདི་ལ་དགོངས་པ་ནི་དེ་ཡིན་པར་བྱསྟེ། དགེ་སློང་ས་བོན་གྱི་རྒྱུན་ལ་མཁས
་ནི་ཆོས་ཚད་མེད་པ་བདག་ཉིད་སྣ་ཚོགས་ཅན་དེ་དང་དེ་དག་གི་ཁམས་ལ་མཁས་པ་ཞེས་བྱའོ།། ཅིའི་ཕྱིར་གཟུགས་ལ་སོགས་པ་འདུ་བྱེད་རྣམས་ལས་སྐྱེ་བ་དང་། རྒབ་དང་། གནས་པ་དང་། མི་རྟག་པ་ཉིད་དག་རྫས་གཞན་དུ་ཡོད་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱ་ཞེ་ན། ཊཱིག
་འདུ་བྱེད་མ་འོངས་པ་ཉིད་ཀྱི་ཡོད་པ་ཉིད་བཀག་པས་སྐྱེ་བའི་རྫས་སུ་ཡོད་པ་ཉིད་ཀྱང་བཀག་པ་ཁོ་ནར་རིག་པར་བྱ་སྟེ། འདི་ལྟར་མ་འོངས་པའི་སྐྱེ་བ་ནི་མེད་པ་ཡིན་པས་ཇི་ལྟར་གཞན་སྐྱེད་པར་འགྱུར་ལ། ད་ལྟར་གྱི་སྐྱེ་བས་ནི་ད་ལྟར་གྱི་འདུ་བྱེད་སྤྱོད་པ་མི་ནུས་པའི་ཕྱིར་རོ།།
་གཞན་ཡང་སྐྱེ་བ་ཞེས་བྱ་བ་དེའི་རྣམ་གྲངས་ནི་མཚན་ཉིད་ལས་འདི་ལྟ་སྟེ། འདུ་བྱེད་རྣམས་ཀྱི་མངོན་པར་འགྲུབ་པ་དང་། སྐྱེ་བ་དང་འབྱུང་བ་ཉིད་ཅེས་བྱ་བ་དེ་དག་ཡིན་ན། རྣམ་གྲངས་དེ་དག་ལ་མ་གཏོགས་པ་མཚན་ཉིད་བསྟན་པ་གཞན་པ་ནི་མི་དམིགས་སོ།། ཇི་ལྟར
་འདུ་བྱེད་ད་ལྟར་བྱུང་བ་རྣམས་ཉིད་ནི་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ནི་མཁས་པ་མཛངས་པས་བརྗོད་པར་རིགས་པའི་ཚུལ་མ་ཡིན་ནོ།། གང་འདི་སྐད་ཅེས་འདི་ལྟར་འདུ་བྱེད་རྣམས་ཀྱི་སྐྱེ་བ་སྐྱེའོ་ཞེས་ཟེར་བ་དེས་ནི་དོན་གྱིས་ན། ཇི་ལྟར་འདུ་བྱེད་ད་ལྟར་བྱུང
་རྣམས་ཉིད་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ཉིད་ཡོངས་སུ་བསྟན་པར་ཟད་དོ།། གཞན་ཡང་རང་གི་ས་བོན་གྱི་རྒྱུ་སོ་སོར་ངེས་པར་དང་ལྡན་པའི་ཆོས་ཐམས་ཅད་ལ་སྤྱོད་པར་བྱེད་པའི་སྐྱེ་བ་གཞན་བརྟགས་པས་ཅི་ཞིག་བྱ། གཞན་ཡང་སྐྱེ་བ་འདུ་བྱེད་རྣམས
་མངོན་པར་འགྲུབ་པ་ཙམ་ཞིག་གམ། འོན་ཏེ་མངོན་པར་འགྲུབ་པའི་རྒྱུར་འགྱུར་བ་ཞིག་ཡིན། རེ་ཞིག་གལ་ཏེ་མངོན་པར་འགྲུབ་པ་ཙམ་ཞིག་སྟེ་ནི་སྐྱེ་བ་འདུ་བྱེད་རྣམས་མངོན་པར་འགྲུབ་པར་བྱེད་པ་ཡིན་ཏེ། སྐྱོ་བ་ཡོད་ན་མངོན་པར་འགྲུབ་པར་འགྱུར
་ཞེས་བྱར་མི་རུང་ངོ་།། གལ་ཏེ་སྐྱེ་བ་འདུ་བྱེད་རྣམས་ཀྱི་མངོན་པར་འགྲུབ་པའི་རྒྱུ་ཡིན་ན་ནི། དེས་ན་འདུ་བྱེད་གཅིག་ལ་མངོན་པར་འགྲུབ་པར་བྱེད་པོ་དང་། མངོན་པར་འགྲུབ་པའི་སྐྱེ་བ་གཉིས་འབྱུང་བར་འགྱུར་ཏེ་མི་རུང་ངོ་།། སྐྱེ་བ་ཇི་ལྟ་བ་བཞིན་དུ་རྒབ
་དང་། གནས་པ་དང་། མི་རྟག་པ་ཉིད་དག་ཀྱང་ཚུལ་དེ་ཉིད་ཀྱིས་རིགས་པར་རིག་པར་བྱ་སྟེ། དེ་ལྟ་བས་ན་སྐྱེ་བ་ལ་སོགས་པ་ཡང་འདུ་བྱེད་རྣམས་ལ་བརྟགས་པའི་ཡོད་པ་ཡིན་པར་རིག་པར་བྱའོ།། དེ་ལ་རྒྱུ་ཡོད་ན་རང་གི་མཚན་ཉིད་སྔོན་མ་བྱུང་བ་འགྲུབ་པ་ནི
་འདུ་བྱེད་རྣམས་ཀྱི་སྐྱེ་བ་ཞེས་བྱའོ།། སྔ་མ་ལས་ཕྱི་མ་གཞན་ཉིད་དུ་གཞན་དུ་འགྱུར་བ་ཉིད་ནི་འདུ་བྱེད་རྣམས་ཀྱི་རྒ་བ་ཞེས་བྱའོ།། སྐྱེ་བའི་དུས་ཙམ་ལ་གནས་པ་ནི་འདུ་བྱེད་རྣམས་ཀྱི་གནས་པ་ཞེས་བྱ་སྟེ། དེ་ལྟ་བས་ན་སྐྱེ་བའི་སྐད་ཅིག
་གི་འོག་ཏུ་འཇིག་པའི་སྐད་ཅིག་ནི་འདུ་བྱེད་རྣམས་ཀྱི་འཇིག་པ་ཞེས་བྱའོ།། གལ་ཏེ་འདུས་བྱས་ལ་འདུས་བྱས་ཀྱི་མཚན་ཉིད་བཞི་པོ་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། འཇིག་པ་འདི་དག་དམིགས་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྐྱེ་བ་དང་། འཇིག་པ་དང
་གནས་པ་ལས་གཞན་དུ་འགྱུར་བ་ཉིད་དང་གསུཾ་ཁོ་ན་གསུངས་ཤོ་ན། འདུ་བྱེད་རྣམས་ནི་དུས་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དོས་ན་མ་འོངས་པའི་དུས་ན་མ་བྱུང་བ་ལས་འབྱུང་བར་འགྱུར་བས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་མོ་འོངས་པའི་དུས་ལས་བརྟེན
་ཏེ་འབྱུང་བ་ཡང་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་གསུངས་སོ།། བྱུང་བ་རྣམས་འདས་པའི་དུས་སུ་ཞིག་པར་གྱུར་པས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདས་པའི་དུས་ལས་བརྟེན་ཏེ་ཞིག་པ་ཡང་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་གསུངས་སོ།། གནས་པསླང
་ཡིན་པ་དང་། གཞན་དུ་འགྱུར་བ་ཉིད་གང་ཡིན་པའི་མཚན་ཉིད་གཉིས་ནི་ད་ལྟར་གྱི་དུས་ཀྱི་རབ་ཏུ་ཕྱེ་བ་ཡིན་ཏེ། འདི་ལྟར་གནས་པ་ཡང་དེ་ལྟར་གྱི་དུས་ཉིད་ན་དམིགས་པ་ཡིན་ལ། སྔ་མ་ལས་ཕྱི་མ་གཞན་ཉིད་དུ་གཞན་དུ་གྱུར་པ་ཉིད་ཀྱང་ད་ལྟར་གྱི་དུས་ཉིད
་ན་དམིགས་པ་ཡིན་པས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ད་ལྟར་བྱུང་བའི་དུས་ལས་བརྟེན་ཏེ། གནས་པ་དང་། གཞན་དུ་འགྱུར་བ་ཉིད་གཅིག་ཏུ་བསྡུས་ནས་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་གསུངས་སོ།། གང་གི་ཚེ་འཕགས་པ་ཉན་ཐོས་ཀྱིས་འདུས་བྱས
་ཀྱི་མཚན་ཉིད་གསུམ་དང་ལྡན་པར་ཡོངས་སུ་བརྟག་པར་བྱས་པའི་ཚེ། ཅིའི་ཕྱིར་འཕགས་པ་ཉན་ཐོས་ཕུང་པོ་རྣམས་ལ་འབྱུང་བ་དང་འཇིག་པ་ཁོ་ནར་རྗེས་སུ་ལྟ་ཞིང་གནས་སོ་ཞེས་གསུངས་ལ་གནས་པ་དང་གཞན་དུ་འགྱུར་བ་ཉིད་རྗེས་སུ་ལྟ་ཞིང་གནས
་སོ་ཞེས་མ་གསུངས་ཤེ་ན། གང་གི་ཕྱིར་འབྱུང་བ་གང་ཡིན་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་ཉིད་གང་ཡིན་པའི་མཚན་ཉིད་དེ་གཉི་ག་ཡང་འབྱུང་བས་རབ་ཏུ་ཕྱེ་བ་ཡིན་པས། དེའི་ཕྱིར་མཚན་ཉིད་གཉིས་ཆ་གཅིག་ཏུ་མཛད་དེ་འབྱུང་བའི་ཕྱོགས
་སུ་རྣམ་པར་གཞག་ནས་འབྱུང་བར་རྗེས་སུ་ལྟ་ཞིང་གནས་སོ་ཞེས་གསུངས་སོ།། མཚན་ཉིད་གཅིག་ནི་ཆ་གཉིས་པར་རྣམ་པར་གཞག་ནས་འཇིག་པར་རྗེས་སུ་ལྟ་ཞིང་གནས་སོ་ཞེས་གསུངས་སོ།། གཞན་ཡང་དེ་ནི་མཚན་ཉིད་གང་གིས་ཡིད་འབྱུང་བ་དང་།
་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བར་འགྱུར་བའི་མཚན་ཉིད་དེ་ཉིད་ལ་ཡིད་ལ་བྱེད་པས་འདུ་བྱེད་རྣམས་ལ་མི་རྟག་པ་ཉིད་དུ་ལྟ་ན་སྐྱོ་བ་དང་འདོད་ཆགས་དང་བྲལ་དང་རྣམ་པར་གྲོལ་བར་འགྱུར་བས་དེའི་ཕྱིར་མི་རྟག་པ་ཉིད་ཁོ་ན་ཡིད་ལ་བྱེད་དོ།།
་མི་རྟག་པ་ཉིད་ཀྱང་མ་བྱུང་བ་ལས་བྱུང་བས་རབ་ཏུ་ཕྱེ་བ་དང་། བྱུང་ནས་ཀྱང་མེད་པར་འགྱུར་བས་རབ་ཏུ་ཕྱེ་བ་ཡིན་ཏེ་མ་བྱུང་བ་ལས་འབྱུང་བ་ནི་འབྱུང་བ་ཡིན་ལ། བྱུང་ནས་མེད་པར་འགྱུར་བ་ནི་འཇིག་པ་ཡིན་ནོ།། །
་བམ་པོ་གསུམ་པ།། སྐྱེ་བའི་རབ་ཏུ་དབྱེ་བ་ཡང་རྣམ་པ་དུ་མ་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ་སྐད་ཅོག་གི་སྐྱེ་བ་དང་། མཚམས་སྦྱོར་བའི་སྐྱེ་བོ་དང་། མངོན་པར་འགྲུབ་པའི་སྐྱེ་བ་དང་། སེམས་རྣམ་པ་ཐ་དད་པའི་སྐྱེ་བ་དང་། མི་འདོད་པའི་སྐྱེ་བ
་འདོད་པའི་སྐྱེ་བ་དང་། ངན་པའི་སྐྱེ་བ་དང་། བར་མའི་སྐྱེ་བ་དང་། བཟང་པོའི་སྐྱེ་བ་དང་། བླ་ན་ཡོད་པའི་སྐྱེ་བ་དང་། བླ་ན་མེད་པའི་སྐྱེ་བའོ།། དེ་ལ་འདུ་བྱེད་རྣམས་སྐད་ཅིག་སྐད་ཅིག་ལ་སྐྱེ་བ་ནི་སྐད་ཅིག་གི་སྐྱེ་བ་ཞེས་བྱའོ།། ཀུན་ཏུ་སྦྱོར་བ
་མཐའ་དག་ཡོད་པའམ། ཀུན་ཏུ་སྦྱོར་བ་མ་ཚང་བ་ཡང་རུང་སེམས་ཅན་གྱི་རིས་དེ་དང་། དེ་ནས་ཤི་འཕོས་ནས་སེམས་ཅན་གྱི་རིས་དེ་དང་དེར་ཕུང་པོ་མངོན་པར་འགྲུབ་པ་ནི་མཚམས་སྦྱོར་བའི་སྐྱེ་བ་ཞེས་བྱའོ།། ཐོར་བུ་དང་གཞོན་ནུ་ལ་སོགས་པའི་གནས
་བསྐབས་དགས་ནས་རྒས་པའི་གནས་སྐབས་ཀྱི་བར་དུ་འགྱུར་བ་ནི་མངོན་པར་འགྲུབ་པའི་སྐྱེ་བ་ཞེས་བྱའོ།། དམིགས་པ་དེ་དང་དེས་ཉིན་མཚན་དེ་དང་དེ་དག་འདས་པ་དང་། སྐད་ཅིག་དང་ཐང་ཅིག་ཡུད་ཙམ་དེ་དང་དེ་དག་འདས་པས་སེམས་བདེ་བ་དང
་མཚུངས་པར་ལྡན་པ་འམ། སྡུག་བསྔལ་བ་དང་མཚུངས་པར་ལྡན་པ་འམ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་མཚུངས་པར་ལྡན་པ་འམ། འདོད་ཆགས་དང་བཅས་པ་འམ། འདོད་ཆགས་དང་བྲལ་བ་ནས་རྒྱས་པར་ཤིན་ཏུ་རྣམ
་པར་གྲོལ་བའམ། རྣམ་པར་མི་གྲོལ་བའི་བར་གྱི་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་སྐྱེ་བ་ནི་སེམས་རྣམ་པ་ཐ་དད་པའི་སྐྱེ་བ་ཞེས་བྱའོ།། ངན་འགྲོ་སེམས་ཅན་དམྱལ་བ་རྣམས་དང་དུད་འགྲོ་དང་ཡི་དགས་རྣམས་སུ་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་ནི།
་མི་འདོད་པའི་སྐྱེ་བ་ཞེས་བྱའོ།། བདེ་འགྲོ་ལྷ་དང་མི་རྣམས་སུ་བདེ་བ་སྐྱེ་བ་གང་ཡིན་པ་དེ་ནི་འདོད་པའི་སྐྱེ་བ་ཞེས་བྱའོ།། འདོད་པའི་ཁམས་ངན་པར་མངོན་པར་འགྲུབ་པ་ནི་ངན་པའི་སྐྱེ་བ་ཞེས་བྱའོ།། གཟུགས་ཀྱི་ཁམས་བར་མར་མངོན་པར་འགྲུ
་པ་ནི་བར་མའི་སྐྱེ་བ་ཞེས་བྱའོ།། གཟུགས་མེད་པའི་ཁམས་བཟང་པོར་མངོན་པར་འགྲུབ་པ་ནི་བཟང་པོ་སྐྱེ་བ་ཞེས་བྱའོ།། གཞན་ཡང་མངལ་དུ་འཇུག་པ་དང་པོ་ནི་ངན་པའི་སྐྱེ་བའོ།། མངལ་དུ་འཇུག་པ་བར་མ་ནི་བར་མའི་སྐྱེ་བའོ།། མངལ་དུ་འཇུག་པ་ཐ་མ་ནི་འ
་བོའི་སྐྱེ་བའོ།། རྣམ་གྲངས་གཞན་ཡང་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་གྱི་འབྲས་བུའི་ཆོས་རྣམས་ཀྱི་མངོན་པར་འགྲུབ་པ་ནི་ངན་པའི་སྐྱེ་བ་ཞེས་བྱའོ།། དགེ་བ་དང་དགེ་པའི་འབྲས་བུ་ཅན་གྱི་ཆོས་རྣམས་ཀྱི་མངོན་པར་འགྲུབ་པ་ནི་བཟང་པོའི་སྐྱེ་བ་ཞེས་བྱའོ།།
་དགེ་བོ་དང་མི་དགེ་བའི་འབྲས་བུ་ཅན་གྱི་ཆོས་ལུང་དུ་མ་བསྟན་པ་རྣམས་མ་གཏོགས་པ་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་མངོན་པར་འགྲུབ་པ་ནི་བར་མའི་སྐྱེ་བ་ཞེས་བྱའོ།། ཁམས་སུ་གཏོགས་པ་རྣམས་ཀྱི་སྐྱེ་བ་ལས་བརྩམས་ཏེ། ཅི་ཡང་མེད་པའི་སྐྱེ་མཆེད
་ཀྱི་བར་དུ་མངོན་པར་འགྲུབ་པ་ནི་བླ་ན་ཡོད་པའི་སྐྱེ་བ་ཞེས་བྱའོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་མངོན་པར་འགྲུབ་པ་ནི་བླ་ན་མེད་པའི་སྐྱེ་བ་ཞེས་བྱའོ།། སྐད་ཅིག་མའི་རྒྱུད་མཚམས་སྦྱོར་བར་གཏོགས་པ་རྣམས་ཀྱི་སྐྱེ་བ་ལས་བརྩམས་ཏེ། དགྲ
་བཅོམ་པའི་འཆི་བ་ཐ་མའི་ཆར་གཏོགས་པའི་ཕུང་པོ་རྣམས་མ་གཏོགས་པ་དེ་ལས་གཞནི་པའི་འདུ་བྱེད་གང་ཅི་ཡང་རུང་བར་འགྲུབ་པ་དེ་དག་ཐམས་ཅད་ནི་བླ་ན་ཡོད་པའི་སྐྱེ་བ་ཞེས་བྱའོ།། རྒ་བའི་རབ་ཏུ་དབྱེ་བ་ཡང་རྣམ་པ་དུ་མ་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ།
་ལུས་རྒ་བ་དང་། སེམས་རྒ་བ་དང་། ཚེ་རྒ་བ་དང་། འགྱུར་བ་རྒ་བ་དང་། ལུས་འགྱུར་བ་རྒ་བའོ།། དེ་ལ་སྤྱི་ཅིར་དུ་གྱུར་པ་དང་། མགོ་སྐྱ་བ་ལ་སོགས་པ་རྒྱས་པར་ཇི་སྐད་མདོ་ལས་གསུངས་པ་ལྟ་བུ་དག་གིས་ལུས་ཡོངས་སུ་གྱུར་པ་ནི་ལུས་རྒ་བ་ཞེས་བྱའོ།། བདེ་བའི་ཆོ
་བ་དང་མཚུངས་པར་ལྡན་པའི་སེམས་ཡོངས་སུ་གྱུར་ནས་སྡུག་བསྔལ་བ་དང་མཚུངས་པར་ལྡན་པར་འགྱུར་བ་དང་། དགེ་བའི་སེམས་སུ་གྱུར་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། འདོད་པའི་དོན་རྣམས་ལ་རེ་བ་དང་ལྡན་པའི་སེམས་ཡོངས
་སུ་གྱུར་པ་ནི་ར་བ་འབྲས་བུ་མེད་པར་འགྱུར་བ་དེ་ནི་སེམས་རྦ་འ་ཞེས་བྱའོ།། ཉིན་མཚན་དེ་དང་དེ་དག་འདས་པ་དང་སྐད་ཅིག་ཐ་ཅིག་དང་ཡུད་ཙམ་དེ་དང་དེ་དག་འདས་པས་ཚེ་འགྲིབས་པའི་རིམ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་ཟད་པར་གྱུར་པ་ནི་ཚིརྒ་བ་ཞེས་བྱའོ།།
་དབང་ཕྱུག་གི་བདག་པོ་ཕུན་སུམ་ཚོགས་པ་ཐམས་ཅད་ཉམས་པ་དང་། ནད་མེད་པ་དང་། ཁ་དོགས་དང་སྟོབས་དང་། རྟས་པ་ལ་སོགས་པ་རྣམ་པར་གྱུར་པ་ནི་འགྱུར་བ་རྒ་བ་ཞེས་བྱའོ།། བདེ་འགྲོར་སྐྱེས་ཤིང་ལེགས་པར་འབྱོར་པའི་ལུས་དག་ལས་ཤི་འཕོས་ནས་ངན་འགྲོ་ངན
་པའི་རིས་རྣམས་སུ་ལུས་མངོན་པར་འགྲུབ་པ་ནི་ལུས་འགྱུར་བ་རྒ་བ་ཞེས་བྱའོ།། གང་ལ་བརྟེན་ནས་རྒ་བའི་རྣམ་པ་ཇི་སྐད་བསྟན་པ་དེ་དག་ཐམས་ཅད་འབྱུང་བར་འགྱུར་བའི་རྒ་བ་གཅིག་པ་ཡང་ཡོད་དེ་འདུ་བྱེད་རྣམས་ཀྱི་སྐད་ཅིག་སྐད་ཅིག་ལ་གཞན་ཉིད་དུ་འགྱུར་བ་རྒ་བ་གང
་ཡིན་པའོ།། གནས་པའི་རབ་ཏུ་དབྱེ་བ་ཡང་རྣམ་པ་དུ་མ་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ་སྐད་ཅིག་གནས་པ་དང་། རྒྱུན་གནས་པ་དང་། རྐྱེན་འབྲེལ་པས་གནས་པ་དང་། རྣམ་པར་མི་གཡེང་བར་གནས་པ་དང་། ལུགས་གནས་པའོ།། དེ་ལ་འདུ་བྱེད་འབྱུང་བ་སྐྱེ
་བའི་དུས་ཙམ་ལ་གནས་པ་ནི་སྐད་ཅིག་གནས་པ་ཞེས་བྱའོ།། དེ་དང་དེར་མངོན་པར་འགྲུབ་པའི་ལུས་དེ་དང་དེ་དག་ཟས་དེ་དང་དེ་ལ་བརྟེན་ནས་ཚེ་ཇི་སྲིད་པར་གནས་པ་དང་། ཕྱི་རོལ་གྱི་སྣོད་ཀྱི་འཇིག་རྟེན་རྣམས་བསྐལ་བ་ཆེན་པོའི་མཐར་ཐུག་པར་གནས་པ་ནི་རྒྱུན་གནས་པ་ཞེ
་བྱའོ།། བདེ་བ་དང་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་རྣམས་དང་། དགེ་བ་དང་མི་དགེ་པ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་རང་རང་གིས་རྐྱེན་ཉེ་བར་གནས་ན་རེ་ཤིག་གནས་པ་ནི་རྐྱེན་འབྲེལ་ལས་གནས་པ་ཞེས་བྱའོ།།
་སེམས་མཉམ་པར་བཞག་པ་ཏིང་ངེ་འཛིན་མངོན་དུ་གྱུར་པ་ནི་རྣམ་པར་མི་གཡེང་བར་གནས་པ་ཞེས་བྱའོ།། ཡུལ་གཞན་དུ་གྲོང་དང་གྲོང་རྡལ་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་དང་། རྒྱལ་པོ་བཞུགས་པ་དང་། བསྐོས་པ་འདུ་བའི་ས་དང་། བཟོ
་སྤངས་ཀྱི་གནས་རྣམས་དང་། ལག་དུབ་བྱེད་པ་དག་དང་། འཁོར་རྣམས་ལ་སྤྱོད་ཚུལ་རྙིང་བ་དང་བཅས་པའི་རྗེས་སུ་འཇུག་པ་ནི་ལུགས་གནས་པ་ཞེས་བྱའོ།། མི་རྟག་པ་ཉིད་ཀྱི་བར་དུ་དབྱེ་བ་ཡང་རྣམ་པ་དུ་མ་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། འཇིག་པའི་མི་རྟག་པ་ཉིད་དང་།
་སྐྱོབའི་མི་རྟག་པ་ཉིད་དང་། འགྱུར་བའི་མི་རྟག་པ་ཉིད་དང་། འབྲལ་བའི་མི་རྟོག་པ་ཉིད་དང་། འབྱུང་བར་འགྱུར་བའི་མི་རྟག་པ་ཉིད་དང་། བྱུང་ཟིན་པའི་མི་རྟག་པ་ཉིད་དོ།། དེ་ལ་འདུ་བྱེད་སྐྱེས་པ་རྣམས་འཇིག་པ་ནི་འཇིག་པའི་མི་རྟག་པ་ཉིད་ཅེས་བྱའོ།། འདུ་བྱེད་རྣམས་མ
་བྱུང་བ་ལས་འབྱུང་བ་ནི་སྐྱེ་བའི་མི་རྟག་པ་ཉིད་ཅེས་བྱའོ།། འདུ་བྱེད་འདོད་པ་ད་ལྟར་གྱིས་དུས་སུ་མི་འདྲ་བ་འབྱུང་བ་མངོན་དུ་གྱུར་པ་ཐམས་ཅད་ནི་འདུ་བྱེད་རྣམས་ཀྱི་འགྱུར་བའི་མི་རྟོག་པ་ཉིད་ཅེས་བྱའོ།། ཡོ་བྱད་སྡུག་པ་མ་གྱུར་པ་རྣམས་དང་བྲལ་ཞིང་དེ་ལང་བང་ཉམས་པ
་ནི་འབྲལ་བའི་མི་རྟག་པ་ཉིད་ཅེས་བྱའོ།། མི་རྟག་པ་ཉིད་རྣམ་པ་བཞི་པོ་དེ་དག་ཉིད་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་མི་རྟག་པ་ཉིད་ཅེས་བྱའོ།། ད་ལྟར་གྱིས་དུས་ན་མངོན་དུ་འགྱུར་བ་ནི་བྱུང་ཟིན་པའི་མི་རྟག་པ་ཉིད་ཅེས་བྱའོ།། དེ་ལ་འདོད་པ་ལ་ལོངས་སྤྱོད་པ་བག
་མེད་པར་གྱུར་པ་རྣམས་ནི་འགྱུར་བའི་མི་རྟག་པ་ཉིད་དང་འབྲལ་བའི་མི་རྟག་པ་ཉིད་དང་ཕྲང་དེ། ཡིད་ལ་བྱེད་པ་ན་རྒྱས་པར་མྱ་ངན་བྱེད་སྒྱིང་ལུག་པར་བྱེད་ཀྱང་འདུ་བྱེད་རྣམས་ལས་སྐྱོ་བར་མི་འགྱུར་རོ།། གནན་མུ་རྟོགས་ཅན་དག་ནི་མི་རྟག
་ཉིད་དེ་དག་ཉིད་ཤས་ཆེར་ཡིད་ལ་བྱེད་པ་ན་སྐྱོ་ཞིང་འདོད་པ་ལས་དབེན་པ་ཙམ་ལ་རྟེན་ཀྱང་འདུ་བྱེད་རྣམས་ཀྱི་ཕྱོགས་འགའ་ལས་སྐྱོ་བར་འགྱུར་གྱི་གཏན་དུ་ནི་མ་ཡིན་ནོ།། འཕགས་པ་ཉན་ཐོས་ནི་མི་རྟག་པ་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་ཡིད་ལ་བྱེད་ཅིང
་འདུ་བྱེད་རྣམས་ལས་གཏན་པ་སྐྱོ་བ་དང་རྣམ་པར་གྲོལ་བའི་བར་དུ་ཡང་འགྱུར་རོ།། འཐོབ་པ་དང་རྙེད་པ་དང་ལྡན་པ་གང་ཞེ་ན། མདོར་བསྡུ་ན་འབྱུང་བའི་རྐྱེན་གྱིས་ཡོངས་སུ་ཟིན་ཅིང་ས་བོན་ཡོངས་སུ་རྟག་པ་ནི་འཐོབ་པ་ཞེས་བྱ་སྟེ། རྣམ་གྲངས་དེས་ན་འཐོབ་པ་ཡང
་བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱའོ།། གལ་ཏེ་འཐོབ་པ་རྫས་སུ་ཡོད་པར་གྱུར་ན། དེ་འདུ་བྱེད་རྣམས་ཀྱི་འབྱུང་བའི་རྒྱུ་འམ། ཡང་ན་ཆོས་དང་མི་འབྲལ་བར་འགྱུར་བའི་རྒྱུར་འགྱུར་གྲུང་ན། གལ་ཏེ་འདུ་བྱེད་རྣམས་འབྱུང་བའི་རྒྱུར་གྱུར་ན་ནི། དེས་ན
་ཇི་སྲིད་དུ་ཆོས་དེ་ཐོབ་པར་མ་གྱུར་པའི་སྔ་རོལ་ན་དེའི་འབྱུང་བའི་རྒྱུ་ཐོབ་པ་ཡང་མེད་པས་ནམ་ཡང་འབྱུང་བར་མི་འགྱུར་ཏེ། དེ་ལྟ་ན་དེ་གཏན་མི་འཐོབ་པ་ཉིད་དུ་འགྱུར་རོ།། གལ་ཏེ། ཆོས་དང་མི་འབྲལ་བའི་རྒྱུར་གྱུར་ན་ནི་དེས་ན་དགེ་བ་དང་མི་དགེ་བ་དང་ལུང་དུ་མ
་བསྟན་པའི་ཆོས་དེ་དག་ཐམས་ཅད་ཀྱི་འཐོབ་པ་མགོ་མཉམ་དུ་ཡོད་པས། མི་མཐུན་པ་དེ་དག་ཀྱང་མགོ་མཉམ་དུ་ཀུན་འབྱུང་བར་འགྱུར་ཏེ། དེ་ལྟ་བས་ན་གཉི་ག་ཡང་མི་རུང་ངོ་།། ཆོས་རྣམས་ཀྱི་འབྱུང་བའི་རྒྱུ་ནི་སོ་སོར་ངེས་པའི་རྐྱེན་གྱིས་རང་གིས
་བོན་ཡོངས་སུ་ཟིན་པའོ།། འབྲུལ་པའི་རྒྱུ་ནི་རྐྱེན་གཞན་མངོན་དུ་གྱུར་པས་རྐྱེན་གཞན་དང་འབྲལ་བའོ།། དེ་ལ་རྐྱེན་བསྒྲུབ་པ་ལ་དབང་བ་ནི་འཐོབ་པ་ཞེས་གདགས་ཏེ། དབང་དེ་ལ་བརྟེན་ནས་སྐྱེས་བུ་གང་ཟག་དེ་ཆོས་སྐྱེས་ནས་འཕགས་པ་གང་དང་གང
་མངོན་དུ་བྱ་བར་འདོད་པ་དེ་བསྐྱེད་པའི་ཕྱིར་མྱུར་བ་མྱུར་བ་ཁོ་ནར་རྐྱེན་སྒྲུབ་པར་བྱེད་དེ། དེ་ལྟ་བས་ན་དེ་ཡང་འཐོབ་པ་ཞེས་བྱའོ།། འཐོབ་པ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱའོ།། ས་བོན་དང་ལྡན་པ་དང་། དབང་དང་ལྡན་པ་དང་། ཀུན་ཏུ་འབྱུང་བར
་ལྡན་པའོ།། དེ་ལ་རེ་ཞིག་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་དང་། སྐྱེས་ནས་ཐོབ་པའི་ཆོས་མ་བཙལ་བར་ཀུན་ཏུ་འབྱུང་བ་གང་ཡིན་པ་དེ་དག་ནི་ས་བོན་རེ་ཞིག་ཞི་གནས་ཀྱི་ཉམས་པས་ཀྱང་ཉམས་པར་མ་བྱས་ལ། འཕགས་པའི་ལམ་གྱིས་ཀྱང་ཡང་དག
་པར་མ་བཅོམ་པ་དང་། དགེ་བ་རྣམས་ཀྱི་ཡང་འདི་ལྟ་སྟེ། དཔེར་ན་དགེ་བའི་རྩ་བ་ཀུན་ཏུ་བཅད་པ་རྣམས་ཀྱི་ལྟར་ལོག་པར་ལྟ་བས་ཉམས་པར་མ་བྱས་པ་གང་ཡིན་པ་དེ་ནི་ས་བོན་དང་ལྡན་པ་ཞེས་བྱ་སྟེ། འདི་ལྟར་ཇི་སྲིད་དུ་དེའི་ས་བོན་དེ་ཉམས་པར་མ་བྱས་ཤིང
་ཡང་དག་པར་མ་བཅོམ་པ་དེ་སྲིད་དུ་དེ་ཉོན་མོངས་པ་ཅན་ལ་སོགས་པའི་ཆོས་ཀུན་ཏུ་འབྱུང་བའམ། ཀུན་ཏུ་འབྱུང་བ་དེ་དག་དང་ལྡན་པ་ཞེས་བྱ་བའི་ཕྱིར་རོ།། དགེ་བའི་ཆོས་མངོན་པར་འདུ་བྱ་བས་བསྐྱེད་པ་རྣམས་དང་ལུང་དུ་མ་བསྟན་པ་དེ་དག་ཁ་ཅིག་གི་འབྱུང
་བའི་རྐྱེན་གྱིས་རྒྱུ་ས་བོན་ཡོངས་སུ་རྟས་པ་ཡོངས་སུ་ཟིན་པ་ནི་དབང་དང་ལྡན་པ་ཞེས་བྱའོ།། ད་ལྟར་གྱི་ཆོས་རྣམས་མངོན་སུམ་གྱི་དངོས་པོས་རང་གི་མཚན་ཉིད་ཀྱིས་འགྲུབ་པ་ནི་ཀུན་ཏུ་འབྱུང་བ་དང་ལྡན་པ་ཞེས་བྱའོ།། དེ་ལ་སྲོག་གི་དབང་པོ་གང་ཞེ་ན་སྔོན་གྱི
་ལས་ཀྱིས་དེ་དང་དེར་ལུས་མངོན་པར་གྲུབ་པ་གནས་པའི་དུས་ངེས་པ་འཕངས་པ་ནི་ཚེ་དང་སྲོགས་དང་སྲོག་གི་དབང་པོ་ཞེས་བྱའོ།། དེ་ཡང་རབ་ཏུ་དབྱེ་ན་ངེས་པ་དང་། མ་ངེས་པ་དང་། རྗེས་སུ་འཇུག་པ་དང་། རྗེས་སུ་འཇུག་པ་མ་ཡིན་པ
་དང་། ཡུན་ཐུང་བ་དང་། ཡུན་རིང་བ་དང་། མཐར་ཐུག་པ་དང་། མཐར་ཐུག་པ་མ་ཡིན་པ་དང་། རང་གི་དབང་བསྒྱུར་བ་དང་། རང་གི་དབང་བསྒྱུར་བ་མ་ཡིན་པ་སྟེ། དེ་ལ་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་མ་གཏོགས་པ་དེ་ལས་གཞན་པའི་སྐྱེ་བའི་གནས་ན་ནི་ཚེ
་ངེས་པ་ཡིན་ནོ།། འདི་ན་ནི་ལན་འགའ་ནི་ཡུན་རིང་སྟེ་དཔག་ཏུ་མེད་དོ།། ལན་འགའ་ནི་ཡུན་ཐུང་ངོ་།། བྱང་གི་སྒྲ་མི་སྙན་དག་ན་ནི་ཇི་ལྟར་ཚེ་སོ་སོར་ངེས་པ་བཞིན་དུ་བསྟན་རྗེས་སུ་འཇུག་སྟེ། བར་མ་དོར་འཆི་བའི་དུས་བྱེད་པ་མེད་པས་རྗེས་སུ་འཇུག་པ་ཡིན་ནོ།། དེ་ལས
་གཞན་པ་ཐམས་ཅད་ན་ནི་རྗེས་སུ་འཇུག་པ་མ་ཡིན་ནོ།། འཛམ་བུའི་གླིང་ན་མི་ཚེ་ལོ་བཅུ་པ་རྣམས་ཀྱི་ཚེ་ནི་ཡུན་ཐུང་བ་ཡིན་ནོ།། དུད་འགྲོ་ཁ་ཅིག་གི་ཡང་དེ་དང་འདྲ་སྟེ། འདི་ལྟར་དུད་འགྲོ་ཁ་ཅིག་གི་ཚེ་ནི་ཉིན་ཞག་གཅིག་ཏུ་སྣང་ལ། ཁ་ཅིག་གི་ཚེ་ནི་ཉིན་ཞག་གཉིས
་དང་། གསུམ་དང་བཅུའི་བར་དུ་སྣང་བའི་ཕྱིར་རོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བརྒྱད་ཁྲི་ཐུབ་པས་ཡུན་རིང་པོ་ཡིན་ནོ།། དགྲ་བཅོམ་པ་རྣམས་དང་། སློབ་པ་གང་དག་ཚེ་འདི་ལ་ཡོངས་སུ
་མྱ་ངན་ལས་འདས་པའི་ཆོས་ཅན་རྣམས་དང་། སོ་སོའི་སྐྱེ་བོའི་སྲིད་པ་ཐ་མ་གང་དག་ཡིན་པ་དག་གི་ཚེ་ནི་མཐར་ཐུག་པ་ཡིན་ནོ།། དེ་ལས་གཞན་པ་དག་གི་ནི་མཐར་ཐུག་པ་མ་ཡིན་པར་རིག་པར་བྱའོ།། དགྲ་བཅོམ་པ་དང་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས
་དཔའ་གང་དག་ཚེའི་འདུ་བྱེད་གཏོང་བ་དང་། སྤེལ་བར་སྤྱོད་པ་དག་ནི་སྲོག་གི་དབང་པོ་ལ་རང་གི་དབང་བསྒྱུར་བ་ཡིན་ནོ།། དེ་ལས་གཞན་པ་དག་ནི་རང་གིས་དབང་བསྒྱུར་བ་མ་ཡིན་པར་རིག་པར་བྱའོ།། དེ་ལ་རིགས་མཐུན་པ་གང་ཞེ་ན། མདོར་བསྡུ་ན་སྐྱེ་བའི་གནས།
་དེ་དང་དེར་སེམས་ཅན་ཁམས་མཚུངས་པ་དང་འགྲོ་བ་མཚུངས་པ་དང་། སྐྱེ་གནས་མཚུངས་པ་རྣམས་ཀྱི་རིགས་དང་ན་ཆོད་དང་། རང་བཞིན་དང་བོང་ཆོད་མཆུ་ངས་པ་ལ་སོགས་པ་ཡན་ལག་དེ་དང་དེས་འདྲ་བ་གང་ཡིན་པ་དེ་ནི་རིས་མཐུན་པ་སྟེ། སེམས
་ཅན་མཐུན་པ་ཞེས་ཀྱང་བྱའོ།། དེ་ལ་སེམས་ཅན་གང་དག་ཁམས་མཐུན་པ་ཉིད་ཀྱིས་མཐུན་པ་ཡང་ཡོད་དེ། ཁམས་གཅིག་ཏུ་སྐྱེས་པ་གང་དག་ཡིན་པ་རྣམས་སོ།། འགྲོ་བ་རིས་མཐུན་པ་ཉིད་ཀྱིས་མཐུན་པ་ཡང་ཡོད་དེ་འགྲོ་བ་གཅིག་ཏུ་སྐྱེས་པ་གང་དག
་ཡིན་པ་རྣམས་སོ།། སྐྱེ་གནས་མཐུན་པ་ཉིད་ཀྱིས་མཐུན་པ་ཡང་ཡོད་དེ། སྐྱེ་གནས་གཅིག་ཏུ་མངོན་པར་འགྲུབ་པ་གང་དག་ཡིན་པ་རྣམས་སོ།། རིགས་མཐུན་པ་ཉིད་ཀྱིས་མཐུན་པ་ཡང་ཡོད་དེ། རིགས་གཅིག་ཁོ་ན་ལ་བརྟེན་པ་གང་དག་ཡིན་པ་རྣམས་སོ།།
་གང་དག་ཁ་དོག་དང་། ཆུ་ཞེང་དང་། སྒྲ་བརྗོད་པ་དང་། འཚེ་བ་མཐུན་པ་ཉིད་ཀྱིས་མཐུན་པ་དག་ཀྱང་ཡོད་དོ།། སེམས་ཅན་གང་དག་ཡོན་ཏན་དང་སྐྱོན་མཐུན་པ་ཉིད་ཀྱིས་མཐུན་པ་ཡང་ཡོད་དེ། འདི་ལྟ་སྟེ་སྲོག་གཅོད་པ་དག་དང་མཐུན་པ་ནས་རྒྱས་པར་ལོག
་པར་ལྟ་བ་རྣམས་ལོག་པར་ལྟ་བ་དག་དང་མཐུན་པའི་བར་དང་། སྲོག་གཅོད་པ་སྤངས་པ་རྣམས་སྲོག་གཅོད་པ་སྤངས་པ་དག་དང་། མཐུན་པ་ནས་རྒྱས་པར་ཡང་དག་པར་ལྟ་བ་རྣམས་ཡང་དག་པར་ལྟ་བ་དག་དང་མཐུན་པའི་བར་དང་། རྒྱུན་ཏུ་ཞུགས་པ་ནས
་དགྲ་བཅོམ་པ་དང་རླུང་སངས་རྒྱས་ཀྱི་བར་དག་དང་། རྒྱུན་ཏུ་ཞུགས་པ་ལ་སོགས་པ་དག་དང་མཐུན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའ་དང་མཐུན་པ་དང་། དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས
་པ་དག་དང་མཐུན་པའོ།། དེ་ལ་སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། ཁམས་གསུམ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བའི་ཆོས་ཀྱི་ས་བོན་རྣམས་ཡང་དག་པར་མ་བཅོམ་པ་ཙམ་གང་ཡིན་པ་དེ་ནི་སོ་སོའི་སྐྱེ་བོ་ཉིད་ཅེས་བྱའོ།། དེ་ཡང་མདོར་བསྡུ་ན་རྣམ་པ་བཞི་སྟེ།
་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་རིགས་ཀྱིས་བསྡུས་པ་དང་། ཉན་ཐོས་ཀྱི་རིགས་དང་ལྡན་པ་དང་། རང་སངས་རྒྱས་ཀྱི་རིགས་དང་ལྡན་པ་དང་། དེ་བཞིན་གཤེགས་པའི་རིགས་དང་ལྡན་པའོ།། དེ་ལ་ཚོགས་པ་གང་ཞེ་ན། ཆོས་དེ་དང་དེ་དག་སྐྱེད་པའི
་ཕྱིར་གང་དག་རྒྱུར་གྱུར་པ་དང་། གང་རྐྱེན་དུ་གྱུར་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ཚོགས་པ་ཞེས་བྱ་སྟེ། དེ་ཉིད་ལྷན་ཅིག་བྱེད་པའི་རྒྱུ་ཞེས་ཀྱང་བྱའོ།། དེ་ཡང་རབ་ཏུ་དབྱེ་ན། ཚོར་བ་རྣམས་མྱོང་བའི་ཚོགས་པ་ཡང་ཡོད་དེ། འདི་ལྟར་སྐྱེ་མཆེད་དྲུག་གི་རྐྱེན
་དདྲང་། གཟུགས་ལ་སོགས་པའི་རྐྱེན་དང་། ཡིད་ལ་བྱེད་པ་ལ་སོགས་པའི་རྐྱེན་གྱི་རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བའོ།། ཡང་སྲིད་པ་མངོན་པར་འགྲུབ་པའི་ཚོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང་། ཚོར་བའི་རྐྱེན་གྱིས
་སྲེད་པ་དང་། སྲེད་པའི་རྐྱེན་གྱིས་ལེན་པ་ནས་རྒྱས་པར་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དག་གོ།། སྐྱེ་མཆེད་དྲུག་གནས་པའི་ཚོགས་པ་ཡང་ཡོད་དེ། འདི་ལྟ་སྟེ། ཟས་བཞི་དང་སྲོག་གི་དབང་པོའོ།། བཟོའི་གནས་རྣམས་འགྲུབ་པའི་ཚོགས་པ་ཡང་ཡོད་དེ། འདི་ལྟ་སྟེ།
་བཟོ་ཤེས་པ་དང་། དེ་དང་ལྡན་པའི་ལས་ཀྱིས་ཡོ་བྱུད་དང་སྐྱེས་བུའི་རྩལ་ལོ།། རྣམ་པར་དག་པའི་ཚོགས་པ་ཡང་ཡོད་དེ། འདི་ལྟ་སྟེ། བདག་དང་གཞན་གྱི་འབྱོར་པ་ལ་སོགསུ་པཁོམ་པ་བཅུ་གཎྜཱིས་འདུས་པའོ།། བརྡར་བརྟགས་པའི་ཚོགས་པ་གཞན
་ཡང་ཡོད་དེ། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་བློ་གཅིག་པའི་དབང་དུ་བྱས་ནས་མི་མཐུན་པ་མེད་པ་དང་། མི་འཐབ་པ་དང་། མི་རྗོད་པ་དང་། མི་འགྲོད་པ་མེད་པ་དང་། དེ་ལ་མིང་གི་ཚོགས་རྣམས་གང་ཤེ་ནཱ། ཆོས་རྣམས་ཀྱི་ངོ་བོ་ཉིད་དུ་འདོགས་པ་དང་། རང་གིམཆ
་ད་དུ་འདོགས་པ་ལས་བརྩམས་ཏེ། རྗེས་སུ་ཐ་སྙད་བདགས་པའི་ཕྱིར་ཡོངས་སུ་བཏགས་པ་ཉེ་བར་བཟུང་ནས་མིང་ཙམ་དུ་རྣམ་པར་འཇོག་པ་གང་ཡིན་པ་དེ་དག་ནི་མིང་གི་ཚོགས་རྣམས་ཞེས་བྱའོ།། ཚིག་གི་ཚོགས་རྣམས་གང་ཞེ་ན། རང་གི་མཚན་ཉིད་དུ་བཏགས
་པའི་ཆོས་དེ་དག་ཉིད་ཀྱི་བྱེ་བྲག་ཏུ་འདོགས་པ་ལས་བརྩམས་ཏེ། ཡོན་ཏན་དང་སྐྱོན་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་སྤྲོས་པ་རྣམ་པར་འཇོག་པ་ནི་ཚིགས་གི་ཚོགས་ཤེས་རྣམས་བྱའོ།། ཡི་གེའི་ཚོགས་རྣམས་གང་ཞེ་ན། མིང་གི་ཚོགས་དང་། ཚིག་གི
་ཚོགས་ཀྱི་རྟེན་གྱི་དངོས་པོར་ཡི་གེའི་འབྲུའི་ཚོགས་རྣམས་ནི་ཡི་གེའི་ཚོགས་རྣམས་ཞེས་བྱ་སྟེ། ཤེས་བྱ་བརྗོད་པར་བྱ་བའི་དངོས་པོ་ལ། ཐམས་ཅད་ལས་བསྡུས་པ་ནི་ཡི་གེའོ།། འབྲིང་ནི་མིང་ངོ་།། རྒྱས་པ་ནི་ཚིག་གོ། ཡི་གེ་ཙམ་བརྟེན་ནས་ནི་སྒྲ་ཙམ་སོ་སོར་རིག་པར
་འགྱུར་གྱི་དོན་ནི་འགའ་ཡང་སོ་སོར་རིག་པར་མི་འགྱུར་རོ།། མིང་ལ་བརྟེན་པས་ནི་ཆོས་དེ་དང་དེ་དག་གི་ངོ་བོ་ཉིད་སོ་སོར་རིག་པ་དང་སྒྲ་ཡང་སོ་སོར་རིག་པར་འགྱུར་གྱི། ཆོས་མང་པོ་རབ་ཏུ་རྣམ་པར་འབྱེད་པ་སོ་སོར་རིག་པར་ནི་མི་འགྱུར་རོ།། ཚིག་གི་ཚོགས་ལ་བརྟེན་པས
་ནི་ཐམས་ཅད་སོ་སོར་རིག་པར་བྱའོ།། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དེ་དག་ཀྱང་རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང་། གཏན་ཚིགས་ཀྱི་རིགས་པ་དང་། སྒྲའི་རིག་པ་དང་། གསོ་བའི་རིག་པ་དང་། འཇིག་རྟེན
་པའི་བཟོ་དང་ལས་ཀྱི་གནས་ཀྱི་རིགས་པ་དྲག་ལས་བརྩམས་ཏེ་ཡོངས་སུ་བཏགས་པ་ཡིན་པར་རིག་པར་བྱའོ།། དེ་ལ་འཇུག་པ་གང་ཞེ་ན། འདུ་བྱེད་རྣམས་ཀྱི་རྒྱུ་དང་འབྲས་བུའི་རྒྱུན་མི་འཆད་པ་ནི་འཇུག་པ་ཞེས་བྱའོ།། འཇུག་པ་ས་བོན་གྱི་འཇུག་པ
་ཡང་ཡོད་དེ། འདི་ལྟ་སྟེ་ས་བོན་དང་བཅས་པའི་ཆོས་མངོན་དུ་གྱུར་པ་རྣམས་ཀྱིའོ།། དབང་གི་སྟོབས་ཀྱིས་འཇུག་པ་ཡང་ཡོད་དོ། འདི་ལྟ་སྟེ། ས་བོན་ཉམས་པར་བྱས་པ་ཀུན་ཏུ་སྤྱོད་པ་དང་ལྡན་པ་རྣམས་ཀྱིའོ།། སྐུ་བོན་དང་འབྲས་བུའི་འཇུག་པ་ཡང
་ཡོད་དེ། འདི་ལྟ་སྟེ་ས་བོན་དང་བཅས་པ་ས་བོན་ཉམས་པར་མ་བྱས་པ་ཀུན་ཏུ་སྤྱོད་པ་དང་ལྡན་པ་རྣམས་ཀྱིའོ།། མིང་གི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་རྣམས་ཀྱིའོ།། གཟུགས་ཀྱི་རྒྱུན
་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་གཟུགས་ཅན་བཅུད་དེ། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ཀྱིའོ།། འདོད་པའི་ཁམས་ཀྱི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་འདོད་པ་ན་སྤྱོད་པའི་འདུ་བྱེད་རྣམས་ཀྱི
་གཟུགས་ཀྱིས་ཁམས་ཀྱི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་གཟུགས་ན་ཡོད་པའི་འདུ་བྱེད་རྣམས་ཀྱིའོ།། གཟུགས་མེད་པའི་ཁམས་ཀྱི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་གཟུགས་མེད་པ་ན་སྤྱོད་པའི་འདུ་བྱེད་རྣམས་ཀྱིའོ།། བདེ་བའི
་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་བདེ་བའི་ཚོར་བརྟེན་དང་བཅས་པ་རྣམས་ཀྱིའོ།། སྡུག་བསྔལ་བ་དང་སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་རྒྱུན་གྱི་འཇུག་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ།། དགེ་བའི་རྒྱུན་གྱི་འཇུག་པ་ཡང
་ཡོད་དེ། འདི་ལྟ་སྟེ་འདུ་བྱེད་དགེ་བ་རྣམས་ཀྱིའོ།། མི་དགེ་བའི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་འདུ་བྱེད་མི་དགེ་བ་རྣམས་ཀྱིའོ།། ལུང་དུ་མ་བསྟན་པའི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་འདུ་བྱེད་ལུང་དུ་མ་བསྟན་པ་རྣམས་ཀྱིའོ།། མཐུན་པའི
་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་སུ་འབྱུང་བའིའོ།། མི་མཐུན་པའི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་མི་འབྱུང་བའིའོ།། དེས་སོ་སོར་ངེས་པ་གང་ཞེ་ན། དེ་བཞིན
་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཐོག་མ་མེད་པ་དང་ལྡན་པའི་དུས་ནས་བཟུང་སྟེ། ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུའི་སྣ་ཚོགས་མ་འདྲེས་པ་ཉིད་ཀྱི་ཆོས་ཉིད་སོ་སྔོར་ངེས་པའོ།། དེ་ལ་འཇུག་པ་དང་ལྡོག་པ་སོ་སོར་ངེས་པ་ཡང་ཡོད་དེ། འདི་ལྟ་སྟེ།
་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་དང་། ལུགས་སུ་མིའི་བྱུང་བའི་འོ།། ཆོས་ཐམས་ཅད་སོ་སོར་ངེས་པ་ཡང་ཡོད་དེ། འདི་ལྟ་སྟེ་སྐྱེ་མཆེད་བཅུ་གཉིས་པོ་རྣམས་ཀྱི་དེ་ལས་གོང་ན་ཡང་མེད་དེ་ལས་ལྷག་པ་ཡང་མེད་པའོ།། ཚོར་བ་སོ་སོར་ངེས
་པ་ཡང་ཡོད་དེ། འདི་ལྟ་སྟེ་ཚོར་བ་གསུམ་པོ་དག་གི་དེ་ལས་གོང་ན་ཡང་མེད་ལ་དེ་ལས་ལྷག་པ་ཡང་མེད་པའོ།། གནས་པ་སོ་སོར་ངེས་པ་ཡང་ཡོད་དེ། འདི་ལྟ་སྟེ་ལུས་ཐམས་ཅད་ཚེ་ཇི་སྲིད་པ་དང་། ཕྱི་རོལ་གྱི་དངོས་པོ་རྣམས་བསྐལ་པ་ཆེན་པོ
་གནས་པའོ།། བོང་ཚོད་སོ་སོར་ངེས་པ་ཡང་ཡོད་དེ། འདི་ལྟ་སྟེ་སེམས་ཅན་སྐྱེ་བའི་གནས་གཟུགས་ཅན་དེ་དང་དེ་དག་ཏུ་སྐྱེས་པ་རྣམས་ཀྱི་ངོང་ཚོད་དང་། ཕྱི་རོལ་གྱི་གླིང་བཞི་པ་རྣམས་ཀྱི་ཚད་སོ་སོར་ངེས་པའོ།། དེ་ལ་སྦྱོར
་བ་གང་ཞེ་ན། ཆོས་དེ་དང་དེ་དག་གི་ཀུན་ཏུ་ཐ་སྙད་གདགས་པ་དང་། རྣམ་པར་གཞག་པ་དང་། སོ་སོར་རྟོགས་པར་བྱ་བའི་ཐབས་གང་ཡིན་པ་དེ་ནི་སྦྱོར་བ་ཞེས་བྱའོ།། རབ་ཏུ་དབྱེ་ན་རིགས་པ་བཞི་པོ་འདི་ལྟ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ
་བྱེང་བའི་ཆགས་པ་དང་། འཐད་པས་བནི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་དགུ་ནི་སྦྱོར་བ་ཞེས་བྲསྟེ། རིགས་པ་དེ་དག་གི་རབ་ཏུ་དབྱེབ་ནི་འདི་ལྟ་སྟེ། རྒན་ཐོས་ཀྱིས་ལས་འབྱུང་བ་བཞིན་དུ་རིགས་པར་གྱིའོ།། དེ་ལ་མཆོགས་པས
་ཞེ་ན། འདུ་བྱེད་རྣམས་ཀྱི་འབྱུང་བ་དང་། འཇིག་པའི་ཚུལ་གྱིས་མྱུར་དུ་འགྲོ་ཞིང་རྒྱུ་བ་ཉིད་ནི་མགྱོགས་པ་ཞེས་བྱའོ།། དེ་ལ་འདུ་བྱེད་རྣམས་ཀྱི་འཇུགས་པའི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་འདུ་བྱེད་རྣམས་ཀྱི་མྱུར་དུ་སྐྱེ་བ་དང་འགག་པའོ།།
་སེམས་ཅན་ས་ལ་གནས་པ་རྣམས་ཀྱི་རྟུལ་བའི་མགྱོགས་པ་ཡང་ཡོད་དེ། འདི་ལྟེ་སྟེ་མིང་དང་གླང་པོ་ཆེ་དང་རྟ་ལ་སོགས་པའི་འོ།། སེམས་ཅན་པར་སྣང་ལ་གནས་པ་རྣམས་ཀྱི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་བྱ་རྣམས་དང་། བར་སྣང
་ལ་གནས་པའི་ལྷ་དང་གནོད་སྦྱིན་ལ་སོགས་པའི་འོ།། སྒྲ་སྐད་ཀྱི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་སྒྲ་འབྱུང་བའིའོ།། ཆུའི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་ཆུ་ཀླུང་གི་རྒྱུན་ལ་སོགས་པའི་འབར་བ་ཉིད་དོ།། མེའི་མགྱོགས་པ་ཡང་ཡིད
་འདི་ལྟ་སྟེ་སྲེག་བྱའི་མེའི་འགྲོ་བ་ཉིད་དོ།། རླུང་གི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་རླུང་གི་ཚོགས་ཆེན་པོ་རྒྱུན་གྱིའོ།། ཤུགས་ཀྱི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་མདའ་དང་། འཁོར་ལོ་ལ་སོགས་པའི་འཕངས་པའི་འོ།། ཤེས་པའི་མགྱོགས
་པ་ཡང་ཡོད་དེ། འདི་ལྟ་སྟེ་རྣལ་འབྱོར་པའི་ཤེས་རབ་མྱུར་བ་ཉིད་ཀྱི་ཤེས་བྱ་རབ་ཏུ་འབྱེད་པ་ཉིད་ཀྱིའོ།། རྫུ་འཕྲུལ་གྱིས་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྫུ་འཕྲུལ་གྱིས་འགྲོ་བའི་ལུས་འགྲོ་བ་དང་། དེ་ལ་གོ་རིམས
་གང་ཞེ་ན། འདུ་བྱེད་ཀྱི་རྒྱུད་སོ་སོ་སོ་སོ་དག་ལ་རེ་རེ་ནས་གོ་རིམས་སྔ་ཕྱིས་འཇུག་པ་གང་ཡིན་པ་དེ་ནི་གོ་རིམས་ཤེས་བྱའོ།། དེ་ལ་འཇུག་པའི་གོ་རིམས་ཀྱང་ཡོད་དེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནས། རྒྱས་པར་སྐྱེ་བའི
་རྐྱེན་གྱིས་རྒ་ཤིའི་བར་དུའོ།། ལྡོག་པའི་གོ་རིམས་ཀྱང་ཡོད་དེ། འདི་ལྟ་སྟེ་རིག་པ་འགགས་པས་འདུ་བྱེད་རྣམས་འགགས་ཅེས་བྱ་བ་ནས་རྒྱས་པར་འགགས་པའི་བར་དུའོ།། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་ཀྱི་རྒྱུ་བ་དང་། གནས་པའི་གོ་རིམས་ཀྱང་ཡོད་དེ།།
་འདི་ལྟ་སྟེ། ནང་པར་སྔར་ལྡང་བ་དང་ལུས་ཀྱི་བྱི་དོར་བྱ་བ་དང་། གོས་བགོ་བ་དང་། ལས་ཀྱི་མཐའ་ལ་འཇོག་པ་དང་། བརྩལ་བ་དང་། ཁྲུས་བྱ་བ་དང་། བྱུག་པ་བྱ་བ་དང་། མེ་ཏོག་ཕྲེང་བཅིང་བ་དང་། ཟས་དང་སྐོམ་བསྟེན་པ་དང་། ཉལ་བ་ནི་ཁྱིམ་པ་རྣམས་ཀྱི
་རྒྱུ་བ་དང་གནས་པའི་གོ་རིམས་ཡིན་ནོ།། ཤམ་ཐབས་བགོ་བ་དང་། བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འཇུག་པ་དང་། མཐར་ཆགས་སུ་རྒྱུ་བ་དང་། བསོད་སྙོམས་བླངས་ནས་ཕྱིར་འབྱུང་བ་དང་། འདུག་སྟེ་ཟས་ཀྱི་བྱ་བ་བྱ་བ་དང་། ལག་པ་བསྙལ་ཞིང
་ལྷུང་བཟེད་བཀྲུ་བ་དང་། ནང་དུ་ཡང་དག་འཇོག་ལ་འདུག་པ་དང་། ལུང་ནོད་པ་དང་། ཁ་ཏོན་དང་ཚུལ་བཞིན་བསམ་པར་བྱ་བ་དང་། ཉིན་མོ་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལྔས
་སེམས་རྣམ་པར་སྦྱང་བ་དང་། མཚན་མོའི་གུང་ཐུན་ལ་ཉལ་བ་ལ་བརྟེན་པ་དང་། ཐུན་ཐ་མ་ལ་མྱུར་བ་མྱུར་བ་ཁོ་ནར་ལྡང་བ་དང་། ཤམ་ཐབས་བགོ་བ་དང་། ལུས་ཀྱི་བྱི་དོར་བྱེ་བ་དང་། དེ་བཞིན་དུ་དགེ་འདུན་ལ་རྒན་རིམས་ཀྱིས
་འདུད་པའི་ལས་བྱ་བོ་དང་། གནས་གནས་པ་དང་། ཚུལ་ཤིང་མནོད་པ་དང་། མལ་ཆ་དང་སྟན་དང་། གནས་དང་། རྙེད་པ་མནོད་པ་དང་། ཡོངས་སུ་བྲིམ་པ་འདི་ནི་རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པ་རྣམས་ཀྱི་རྒྱུ་བ་དང་གནས་པའི་གོ་རིམས
་ཡིན་ནོ།། མངོན་པར་འགྲུབ་པའི་གོ་རིམས་ཀྱང་ཡོད་དོ།། འདི་ལྟ་སྟེ། བྱིས་པ་དང་གཞོན་ནུ་ལ་སོགས་པའི་གནས་སྐབས་བརྒྱད་པོ་དག་རིམས་ཀྱི་འབྱུང་བའོ།། མངོན་པར་རྟོགས་པའི་གོ་རིམས་ཀྱང་ཡོད་དེ། འདི་ལྟ་སྟེ། སྡུག་བསལ་ལ
་སོགས་པ་འཕགས་པའི་བདེན་པ་བཞི་པོ་དག་རིམས་ཀྱིས་མངོན་པར་རྟོགས་པའོ།། སྙོམས་པར་འཇུག་པའི་གོ་རིམས་ཀྱང་ཡོད་དེ། འདི་ལྟ་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་ལ་རིམ་གྱིས་སྙོམས་པར་འཇུག་གོ།།
་བསླབ་པའི་གོ་རིམས་ཀྱང་ཡོད་དེ། འདི་ལྟ་སྟེ། ལྷག་པའི་ཚུལ་ཁྲིམས་ལ་བརྟན་པའི་གོ་རིམས་ཀྱིས་ལྷག་པའི་སེམས་སྐྱེ་བ་དང་ལྷག་པའི་སེམས་ལ་བརྟེན་ནས་ལྷག་པའི་ཤེས་རབ་སྐྱེ་བའོ།། དེ་ལ་དུས་གང་ཞེ་ན། ཉི་མ་འཆར་བ་དང་ནུབ་པའི་དབང
་དུ་བྱས་ཏེ་དུས་ཡོངས་སུ་ཆད་པ་དང་། ཉེ་བར་མཚོན་པ་རྣམ་པར་གཞག་པ་དང་། འདུ་བྱེད་རྣམས་ཀྱི་འབྱུང་བ་དང་འཇིག་པའི་དབང་དུ་བྱས་ཏེ། དུས་ཡོངས་སུ་ཆད་པ་དང་ཉེ་བར་མཚོན་པའི་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། དུས་ཚིགས་དང་། ལོ
་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ཉིན་མོ་དང་མཚན་མོ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་རྣམས་དང་། འདས་པ་དང་མ་འོངས་པོ་དང་། ད་ལྟར་བྱུང་བ་རྣམས་ཀྱི་དུས་ཤེས་བྱའོ།། དེ་ལ་རྣམ་གྲངས་གང་ཞེ་ན། རྫས་ཐ་དད་པ་བགྲང་བའི་ཚད་ཡོངས
་སུ་ཆད་པ་དང་། ཉེ་བར་མཚོན་པ་རྣམ་པར་གཞག་པ་ནི་གྲངས་ཤེས་བྱའོ།། དེ་ཡང་གྲངས་གཅིག་དང་། གྲངས་གཉིས་དང་། དེ་ཕན་ཆད་ཀྱི་གྲངས་མང་པོ་དང་། མཐར་ཐུག་པའི་གྲངས་གྲངས་མེད་པ་སྟེ། དེ་ཕན་ཆད་བགྲང་བ་ཐམས་ཅད་ཀྱི་གྲངས་འཇུག
་པར་མི་འགྱུར་བས། དེའི་ཕྱིར་མཐར་ཐུག་པའི་གྲངས་ཤེས་བྱའོ།། དེ་ལ་ས་བོན་གང་ཞེ་ན། ས་བོན་ནི་འདུ་བྱེད་རྣམས་ལས་ལོགས་ཤིག་ན་རྫས་གཞན་མེད་དེ། འདུ་བྱེད་དེ་ལྷུར་གྱུར་པ་དང་། དེ་ལྟར་བྱུང་བ་དང་། དེ་ལྟར་གནས་པ་དེ་དག་ཉིད་ལ་ས་བོན
་ཞེས་བྱ་བར་ཟད་དེ། འབྲས་བུ་ཞེས་ཀྱང་བྱའོ།། འདི་ལ་འབྲས་བུ་དང་ས་བོན་འདྲེས་པར་ཡང་མི་ལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་འདས་པ་རྣམས་ལས་བརྩམས་པ་དེ་ནི་འབྲས་བུ་ཞེས་བྱ་ལ། འདུ་བྱེད་མ་འོངས་པ་རྣམས་ལས་བརྩམས་པ་དེ་ནི་ས
་བོན་ཞེས་བྱ་སྟེ། དེ་ལྟར་ན་ས་བོན་གང་ལས་བརྩམས་པ་འབྲས་བུ་ནི་དེ་ལས་བརྩམས་པ་མ་ཡིན། འབྲས་བུ་གོང་ལས་བརྩམས་པ་ས་བོན་ཡང་དེ་ལས་བརྩམས་པ་མ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་ས་བོན་དང་འབྲས་བུ་འདྲེས་པར་མི་བལྟའོ།། འདི་ལྟ
་སྟེ་དཔེར་ན་འབྲས་དང་ནས་ལ་སོགས་པའི་དངོས་པོ་རྣམས་ཀྱི་མྱུ་དགུ་དང་སྡོང་བུ་དང་འདའ་མ་སོགས་པ་ས་བོན་དེ་དག་ནི་དེ་དག་ལ་ངེས་པར་བརྟགས་ཤིང་། ངེས་པར་བརྟགས་ནས་ཀྱང་དེ་དག་ལས་ལོགས་ཤིག་ན་གཞན་མི་དམིགས་ཏེ། འབྲས
་དང་ནས་ལ་སོགས་པའི་དངོས་པོ་དེ་ལྟར་གྱུར་པ་དང་། དེ་ལྟར་བྱུང་བ་དང་དེ་ལྟར་གནས་པ་གང་དག་ཡིན་པ་དེ་དག་ལ་བརྟེན་ནས་དེ་དག་འབྱུང་བར་འགྱུར་བ་ཁོ་ན་བཞིན་དུ། དེ་ལ་ཡང་ཚུལ་དེ་བཞིན་དུ་རིག་པར་བྱའོ།། ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ས་བོན
་ཉམས་པར་བྱས་པ་ནི་བཤད་ཟིན་ན། དགེ་བའི་ཆོས་ཀྱི་ས་བོན་ཉམས་པར་བྱེད་པ་གང་ཞེ་ན། དགེ་བ་དང་མི་མཐུན་པ་ཉོན་མོངས་པ་ཅན་གྱི་ཆོས་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པས་སྟོན་པ་ནི་ཉམས་པར་བྱེད་པ་དང་པོ་ཡིན་ནོ།། ལོག་པར་ལྟ་བ་མཆོག་ཏུ
་འཛིན་པ་དང་ལོག་པར་ལྟ་བ་མང་དུ་བྱེད་པ་ནི་ཉམས་པར་བྱེད་པ་གཉིས་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་གཞན་དུ་མུ་སྟེགས་ཅན་དྲག་གི་ལྟ་བུའོ།། ལྡོག་པར་ལྟ་བས་སྐུར་པ་འདེབས་པ་མང་དུ་བྱེད་པ་ནི་ཉམས་པར་བྱེད་པ་གསུམ་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན
་དགེ་བའི་རྩ་བ་ཡང་དག་པར་བཅད་པ་རྣམས་ཀྱི་ལྟ་བུའོ།། ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ས་བོན་ཡང་དག་པར་ཉམས་པར་བྱེད་པ་ནི་ཉེས་པ་བྱེད་པ་བཞི་པ་ཡིན་ཏེ་སྔ་མ་བཞིན་ནོ།། ས་བོན་དེ་དག་ཐམས་ཅད་ཀྱང་གཅིག་ཏུ་བསྡུས་ནས་རྣམ་པ་དགུ་ཡོད་པར
་རིག་པར་བྱའོ།། འབྲས་བུ་སྐྱེད་པ་དང་། འབྲས་བུ་མ་སྐྱེད་པ་དང་། འབྲས་བུ་ཉེ་བར་གནས་པ་དང་། འབྲས་བུ་ཉེ་བར་མི་གནས་པ་དང་། ཆུང་ངུ་དང་། འབྲིང་དང་ཆེན་པོ་དང་། ཉམས་པ་དང་། ཉམས་པར་མ་བྱས་པའོ།། དེ་ལ་འབྲས་བུ་སྐྱེད་པ་གང་ཡིན་པ་དེ་ནི
་འབྲས་བུ་ཉེ་བར་གནས་པ་ཡིན་ནོ།། འབྲས་བུ་ཉེ་བར་གནས་པ་གང་ཡིན་པ་དེ་ནི་འབྲས་བུ་སྐྱེད་པ་ཡིན་ནོ།། འབྲས་བུ་མ་སྐྱེད་པ་གང་ཡིན་པ་དེ་ནི་འབྲས་བུ་ཉེ་བར་མི་གནས་པ་ཡིན་ནོ།། འབྲས་བུ་ཉེ་བར་མི་གནས་པ་གང་ཡིན་པ་དེ་ནི་འབྲས་བུ་མ་བསྐྱེད་པ
་ཡིན་ནོ།། རང་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་ཆུང་ངུ་ཡིན་ནོ།། དགེ་བ་དང་མི་དགེ་བའི་ཆོས་སྒོམ་པ་མཐར་མ་ཕྱིན་པས་ཤས་ཆེར་གྱུར་པ་གང་ཡིན་པ་དེ་ནི་འབྲིང་ཡིན་ནོ།། མཐར་ཕྱིན་པས་ཤས་ཆེར་གྱུར་པ་གང་ཡིན་པ་དེ་ནི་ཆེན་པོ་ཡིན་ནོ།། ཉམོས་པང
་ཉམས་པར་མ་བྱས་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། ས་བོན་མདོར་བསྡུས་པའི་རྣམ་པར་བཞག་པ་ཡང་བརྗོད་པར་བྱ་སྟེ། ས་བོན་མདོར་བསྡུས་པའི་རྣམ་པར་གཞག་པ་གང་ཞེ་ན། ཆོས་ཐམས་ཅད་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི
་བག་ཆགས་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡོད་པར་གང་ཡིན་པ་སྟེ། བག་ཚིགས་དེ་ཡང་རྫས་སུ་ཡོད་པ་དང་། ཀུན་རྫོབ་དུ་ཡོད་པའོ།། དེ་ལ་ཀུན་རྫོབ་ཏུ་ཡོད་པ་ནི་ཆོས་དེ་དག་ལ་གཞན་དང་གཞན་མ་ཡིན་པའི་མཚན་ཉིད་དུ་བརྗོད་པར་མི་བྱ་སྟེ། འདི་ལྟ་སྟེ་དཔེར
་ན་དེ་བཞིན་ཉིད་ཡིན་ནོ།། དེ་ཡང་ཀུན་ཏུ་འགྲོ་བའི་གནས་ངན་ལེན་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་བག་ཆགས་དེས་ས་བོན་ཐམས་ཅད་བསྡུས་ལི། དེ་ཡང་ཀུན་ཏུ་འགྲོ་བའི་གནས་ངན་ལེན་ཅེས་བྱ་བར་གྱུར་ན། དེ་ལྟར་ན་འཇིག་རྟེན་ལས་འདས་པའི་ཆོས
་རྣམས་སྐྱེ་བའི་ས་བོན་གང་ཡིན། དེ་དག་སྐྱེ་བའི་ས་བོན་གྱི་དངོས་པོ་གནས་ངན་ལེན་གྱི་རང་བཞིན་ཅན་ཡིན་པར་ནི་མི་རུང་ངོ་ཞེ་ན། སྨྲས་པ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་དེ་བཞིན་ཉིད་ལ་དམིགས་པའི་རྐྱེན་གྱི་ས་བོན་དང་ལྡན་པར་སྐེའི་བས
་ཆགས་བསགུས་པའི་ས་བོན་དང་ལྡན་པ་ནི་མ་ཡིན་ནོ།། གལ་ཏེ་བྲག་ཆགས་བསགས་པའི་ས་བོན་དང་ལྡན་པར་སྐྱེ་བ་མ་ཡིན་ན། དེ་ལྟ་ན་ནི་ཙིའི་ཕྱིར་གང་བྲག་ཡོངས་སུ་མྱ་དྲན་ལས་འདས་པའི་ཆོས་ཅན་གྱི་རིགས་གསུམ
་རྣམ་པར་བཞག་པ་དང་། གང་ཟག་ཡོངས་སུ་མྱ་ངན་ལྔས་མི་འདྲའ་བའི་ཆོས་ཅན་གྱི་རིགས་རྣམ་པར་གཞག་པ་མཛད་དེ། འདི་ལྟར་ཐམས་ཅད་ལ་ཡང་དེ་བཞིན་ཉིད་ལ་དམིགས་པའི་རྐྱེན་ཡོད་པའི་ཕྱིར་རོ་ཞེ་ན། སྨྲས་པ། སྒྲིབ་པ་དང་། སྒྲིབ་པ་མེད་པའི་བྱེ
་བྲག་གི་ཕྱིར་ཏེ། གང་དག་ལ་དེ་བཞིན་ཉིད་ལ་དམིགས་པའི་རྐྱེན་རྟོགས་པར་བྱ་བ་ལ་གཏན་ཏུ་སྒྲིབ་པའི་ས་བོན་ཡོད་པ་དེ་དག་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་རིགས་དང་ལྡན་པར་རྣམ་པར་བཞག་ལ། གང་དག་དེ་མ་ཡིན་པ་དེ་དག་ནི
་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་གྱི་རིགས་དང་ལྡན་པར་རྣམ་པར་གཞག་གོ། གང་དག་ལ་ཤེས་བྱའི་སྒྲིབ་པའི་ས་བོན་གཏན་རྫོ་བ་ལུས་ལ་ཞེན་པ་ཡོད་ལ། ཉོན་མོངས་པའི་སྒྲིབ་པའི་ས་བོན་ནི་མེད་པ་དེ་དག་ལས་ཁ་ཅིག་ནི་ཉན་ཐོས
་རིགས་ཅན་ཡིན་ལ། ཁ་ཅིག་ནི་སངས་རྒྱས་ཀྱི་རིགས་ཅན་ཡིན་པར་རྣམ་པར་གཞག་གོ།། གང་དག་དེ་ལྟ་མ་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པའི་རིགས་ཅན་ཡིན་པར་རྣམ་པར་གཞག་སྟེ། དེའི་ཕྱིར་ཉེས་པ་མེད་དོ།། འཇིག་རྟེན་ལས་འདས་པའི་ཆོས་སྐྱེས
་པ་རྣམས་ཀྱིས་རྗེས་སུ་འཇུག་པ་ནི་གནས་གྱུར་ཅིའི་སྒྲུབ་ལ་བསྐྱེད་པ་ལས་རིག་པར་བྱ་སྟེ། དེ་ཡང་ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོར་གྱུར་པ་དང་། ཀུན་གཞི་མ་ཡིན་པ་དང་། ཟག་པ་མེད་པའི་དབྱིངས་དང་། སྤྲོས་པ་མེད་པ་ཞེས
་བམ་པོ་བཞི་པ།། དེ་ལ་རྣམ་པར་རིག་བྱེད་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཉོན་མོངས་པ་ཅན་དང་། དགེ་བ་དང་། ལུང་དུ་མ་བསྟན་པའོ།། དེ་ལ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་ལཾ་མི་དགེ་བ་བཅུ་པོ་མ་སྤངས་པ་ཀུན་ཏུ་སྤྱོད་པའི་དབང་དུ་བྱས་ཏེ།
་ལུས་ཀྱི་ལས་དང་། ངག་གི་ལས་རྣམ་པར་རིག་པར་བྱེད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་ཅན་གྱི་རྣམ་པར་རིག་བྱེད་ཅེས་བྱའོ།། དེ་དག་ཉིད་སྤོང་བར་ཡང་དག་པར་ལེན་པར་བྱེད་པའི་ལུས་ཀྱི་ལས་དང་ངག་གི་ལས་རྣམ་པར་རིག་པར་བྱེད་པ་གང་ཡིན་པ་དེ་ནི
་དགེ་བའི་རྣམ་པར་རིག་བྱེད་ཅེས་བྱའོ།། སྤྱོད་ལམ་ལས་བྱུང་བ་འམ། བཟོའི་གནས་ལས་བྱུང་བ་དེ་ཁ་ཅིག་གི་ལུས་ཀྱི་ལས་དང་ངག་གི་ལས་རྣམ་པར་རིག་པར་བྱེད་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པའི་རྣམ་པར་རིག་བྱེད་ཅེས་བྱའོ།། གཞན་ལ་རྣམ
་པར་རིག་པར་མི་བྱེད་ཅིང་རང་སེམས་སྐྱེད་པར་བྱེད་ལ། ནང་གི་ཡིད་རྣམ་པར་རྟོག་པས་དགེ་བ་དང་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་ཆོས་ཀུན་ཏུ་སྤྱོད་པ་ལས་བརྩམས་ཏེ། ཚིག་ཀྱང་མི་སྨྲ་བ་གང་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་རིག་བྱེད
་ཅེས་བྱའོ།། དེ་ལ་ལུས་ཡུལ་ནས་ཡུལ་གཞན་དུ་འབྱུང་བ་རྩ་མ་དང་། དེ་ཉིད་ན་འགྱུར་བ་འབྱུང་བ་ཙམ་ནི་ལུས་ཀྱི་རྣམ་པར་རིག་བྱེད་དོ།། ངག་ཙམ་ནི་ངག་གི་རྣམ་པར་རིག་བྱེད་དོ།། དེ་བཞིན་དུ་སེམས་མངོན་པརའི་འདུ་བྱེད་པ་སྐྱེད་པའི་སེམས་པ་ཙམ་ནི་ཡིད་ཀྱི
་རྣམ་པར་རིག་བྱེད་དོ།། དེའི་ཅིའི་ཕྱིར་ཞེ་ན། འདུ་བྱེད་ཐམས་ཅད་ནི་སྐད་ཅིག་པ་ཡིན་པའི་ཕྱིར་ཡུལ་ནས་ཡུལ་གཞན་དུ་འཕོ་བར་མི་རིགས་པས། འདུ་བྱེད་འབྱུང་བ་ཙམ་མ་གཏོགས་པར་བྱ་བ་གཞན་ནི་མིག་དང་རྣམ་པ་དོང་། ཡིད་ཀྱིས་ཀྱང་མི་དམིགས་པའི
་ཕྱིར་སྟེ། དེ་ལྟ་བས་ན་རྣམ་པར་རིག་བྱེད་ཀྱང་བཏགས་པའི་ཡོད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། དེ་ལ་སྡོམ་པ་མ་ཡིན་པའི་རིགས་སུ་སྐྱེས་ཟིན་པ་གང་ལ་ལ་འཚོ་བ་འདིས་འཚོ་བ་བྱའོ་ཞེས་རང་གི་སེམས་མངོན་པར་འདུ
་བྱེད་ཅིང་། དེ་འཚོ་བ་དེ་ལ་འདོད་པ་བཟོད་པར་བྱེད་པ་ནི་དེའི་ཚེ་ན་མ་བསྡམས་པ་ཡིན་པར་བརྗོད་པར་བྱའོ།། སྡོམ་པ་མ་ཡིན་པར་གཏོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རབ་ཏུ་དམ་པོས་བཅོམ་པས་སེམས་བསྡུས་པའི་ཕྱིར་ཇི་སྲིད
་དུ། སྲོག་གཅོད་པ་ལས་བྱུང་བ་འམ་དེ་ལས་གཞན་པའི་མི་དགེ་བའི་ལས་ཀྱི་ལམ་ལས་བྱུང་བ་མི་བྱེད་པ་དེ་སྲིད་དུ་ཡང་མི་དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ།། གང་ལས་དང་གང་དང་ཇི་ཙམ་དུ་སྤྱོད་པར་བྱེད་པ་ནི་དེས་ན་དེ་ཙམ་དུ
་ཤས་ཆེར་མི་དགེ་བ་དང་ལྡན་པ་ཡིན་ནོ།། སྡོམ་པ་ཡིན་པའི་རིགས་སུ་སྐྱེས་པ་ཇི་ལྟ་བ་བཞིན་དུ་གང་སུ་ཡང་རུང་བ་གང་དང་གང་ནས་འོངས་ཀྱང་རུང་སྟེ། སེམས་སྐྱེད་པར་བྱེད་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ།། དེ་ནི་ཇི་སྲིད་དུ
་སྡོམ་པ་མ་ཡིན་པའི་སེམས་པ་སྤོང་བར་མི་བྱེད་པ་དེ་སྲིད་དུ་མ་བསྟམས་པར་བརྗོད་པར་བྱ་སྟེ། དེ་ནི་ཉིན་ཅིག་བཞིན་དུ་སེམས་པ་དེ་མང་དུ་སོགས་པ་དང་། ལས་དེ་ཀུན་ཏུ་སྤྱོད་པས་བསོད་ནམས་མ་ཡིན་པར་མངོན་པར་འཕེལ་བར་རིག
་པར་བྱའོ།། དེའི་ལོག་པར་སྨོན་པའི་སེམས་པ་མ་དད་པ་དང་། ལེ་ལོ་དང་བརྗོད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་རབ་འཆལ་བ་དང་ལྡན་པ་ལས་དེ་ཡང་དག་པར་ལེན་པར་བྱེད་པ། ལས་དེ་ཀུན་ནས་སློང་བར་བྱེད་པ
་དེ་ཡང་ཇི་སྲིད་དུ་གཏོང་བའི་རྒྱུ་དྲུག་གི་སྤོང་བར་མི་བྱེད། ཡོངསུ་གཏོང་བར་མི་བྱེད་ཀྱི་བར་དུ་དེ་ཕྱིན་ཆད་ཀྱང་ས་བོན་དང་ཀུན་ཏུ་སྤྱོད་པ་ལས་རྒྱད་དུ་གཏོགས་པ་འབྱུང་བ་ནི་སྡོམ་པ་མ་ཡིན་པ་ཞེས་བྱའོ།། དེ་ལ་སྡིག་པའི་ལས་དེའི་འབྲས་བུ་ཕྱི་མ
་ལ་མི་འདོད་པར་འགྱུར་བ་ལ་ཡིད་མི་ཆེས་ཤིང་། མོས་པར་མི་བྱེད་ལ་རྗེས་སུ་མི་འཇུག་པ་གང་ཡིན་པ་དེ་ནི་དེའི་མ་དད་པ་ཡིན་ནོ།། དེ་ལ་མངོན་པར་དགའ་ཞིང་ཅི་འདོད་པ་བཞིན་འཇུག་ལ་དེ་འདུལ་བ་ལམ་མི་སྤོ་བ་གང་ཡིན་པ་དེ་ནི་དེའི་ལེ་ལོ
་ཡིན་ནོ།། ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་ཉེས་པ་དང་ལྡན་པ་ལ་ཁ་ན་མ་ཐོ་བ་དང་བཅས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་མི་བརྗོད་པ་གང་ཡིན་པ་དེ་ནི་དེའི་བརྗེད་ངས་པ་ཡིན་ནོ།། སེམས་ཀྱི་རྒྱུད་རྣམ་པར་འཁྲུག་པ་དང་། ཉོན
་མོངས་པ་ཅན་དང་མི་བརྟན་པར་འཇུག་པ་གང་ཡིན་པ་དེ་ནི་དེའི་རྣམ་པར་གཡེང་བ་ཡིན་ནོ།། སྐྱོན་ལ་ནན་ཏན་དུ་ལྟ་བའི་སེམས་ཀྱི་རྒྱུད་ཕྱིན་ཅི་ལོག་ཏུ་འཇུག་པ་གང་ཡིན་པ་དེ་ནི་དེའི་ཤེས་རབ་འཆལ་པ་ཡིན་ནོ།། ཚུལ་ཁྲིམས་སྡིག་པ་ཅན་གྱི
་དབང་དུ་བྱ་སྟེ། མ་དད་པ་ལ་སོགས་པ་མི་དགེ་བ་དེ་དག་དང་ལྡན་པའི་སེམས་པ་མི་དགེ་བ་འབྱུང་བ་ནི་དེའི་ཚུལ་ཁྲིམས་འཆལ་བ་ཞེས་བྱའོ།། དེ་ལས་བཟློག་པ་ནི་སྡོམ་པའི་རྗེས་སུ་འཇུག་པ་ཡིན་པར་ཅི་རིགས་པར་རིག་པར་བྱའོ།། དེ་ལ་བྱེ་བྲག
་ནི་འདི་ཡོད་དེ། སྡོམ་པ་ཡང་དག་པར་བླང་བར་འོས་པ་གང་ལ་སྡོམ་པ་ཡང་དག་པར་ལེན་པ་དེ་ལ། དེ་དག་ལས་ལ་ལ་ནི་གཞན་ལས་དང་རང་ཡང་ལེན་པར་བྱེད་དོ།། དེ་དག་ལས་ལ་ལ་ནི་རང་ཁོ་ན་ལེན་པར་བྱེད་དེ་དགེ་སློང་གི་སྡོམ་པ་ནི་མ
་གཏོགས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་སློང་གི་སྡོམ་པ་ནི་ཐམས་ཅད་ཀྱིས་ཡང་དག་པར་བླང་བར་འོས་པ་མ་ཡིན་པའི་ཕྱིར་ཏེ། དེ་ལ་གལ་ཏེ་དགེ་སློང་གི་སྡོམ་པ་གཞན་ལས་ངེས་པར་བླང་བ་མ་ཡིན་པར་གྱུར་ན།
་དེ་ལ་གང་དག་རབ་ཏུ་བྱུང་བར་འོས་པ་མ་ཡིན་པར་རིང་ལ་རག་ལུས་པའི་རབ་ཏུ་འབྱུང་བས་རབ་ཏུ་བྱུང་བ་དེ་དག་ཐམས་ཅད་ཀྱིས་བརྟན་པ་བརྟན་པར་མི་འགྱུར་ཞིང་། ལེགས་པར་གསུངས་པའི་ཆོས་འདུལ་བ་ཉིད་ཀྱང་མེད་པར་འགྱུར་བས། དེའི་ཕྱིར་དགེ་སློང
་གི་སྡོམ་པ་ནི་རང་ལ་རག་ལུས་པ་ཁོ་ན་མ་ཡིན་ནོ།། གལ་ཏེ་དགེ་སློང་གི་སྡོམ་པ་མ་གཏོགས་པའི་སྡོ་མ་པ་རང་གིས་ཡང་དག་པར་བླང་བ་ཡོད་ན། ཅིའི་ཕྱིར་གཞན་ལས་ཡང་དག་པར་ལེན་པར་བྱེད་ཅེ་ན། གཉིས་པ་འདི་དག་ནི་ཚུལ་ཁྲིམས་འཆལ་བ་སྤོང་བ
་ཡང་དག་པར་བླང་བ་རྗེས་སུ་བསྲུང་བའི་ཡན་ལག་ཡིན་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ།། དེ་ལ་ཁ་ན་མ་ཐོ་བ་ཀུན་ཏུ་སྤྱོད་པ་ན་གཞན་ལས་བརྟེན་པ་དང་། བདག་ཉིད་ལ་བརྟེན་ཏེ། འཛེམ་པ་ཉེ་བར་གནས་པར་འགྱུར་བས། དེ་ལྟར་ན་ཚུལ་ཁྲིམས་འཆལ་པ
་སྤོང་བ་ཡང་དག་པར་བླང་བ་རྗེས་སུ་སྲུང་བའི་ཡན་ལས་ཡོངས་སུ་རྫོགས་པས་ཡང་དག་པར་བླང་བ་བྱས་པར་འགྱུར་བས། དེའི་ཕྱིར་གཞན་ལས་ཡང་དག་པར་ལེན་པར་བྱེད་དོ།། གང་ལ་ངོ་ཚ་ཤེས་པ་ཙཱ་བར་གནས་པ་དེ་ལ་ནི་ཁྲེལ་པ་ཡང་ཉེ་བར་གནས་ལ།
་གང་ལ་ཁྲེལ་ཡོད་པ་ཉེ་བར་གནས་པ་དེ་ལ་ནི་ངོ་ཚ་ཤེས་པ་དེ་ཡང་གདོན་མི་ལ་བར་ཉེ་བར་གནས་པ་མ་ཡིན་ཏེ། དེ་ལྟ་བས་ན་འདིར་ངོ་ཚ་ཤེས་པའི་ཆོས་འབརའ་ཞིག་ཆེས་སྟོབས་དང་ལྡན་པ་ཡིན་ནོ།། རང་གི་ཡང་དག་པར་བླངས་ཤིང་དེ་ཁོ་ན་བཞིན
་དུ་སྲུང་བར་བྱེད་པ་གང་ཡིན་པ་དེ་ལ་ཡང་བསོད་ནམས་མཚུངས་ཤིང་ཁྱད་པར་མེད་པ་སྐྱེ་བར་རིག་པར་བྱའོ།། དེ་ལ་སེམས་བསྐྱེད་ནས་དྲུང་དུ་འགྲོ་ཞིང་གསོལ་བ་འདེབས་ལྔ་གུས་པས་སྨྲ་བ་ལ་སོགས་པ་ས་ལ་བརྩོན་ཞིང་ཚུལ་དང་མཐུན་པའི
་སྤྱོད་ལམ་གྱིས་མདུན་དུ་འདུག་པ་དང་། ཚིག་གི་མངོན་པར་འདུས་བྱས་པའི་དོན་དེ་ཉིད་བརྗོད་པར་བྱེད་པ་དེ་ནི་དེའི་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་ཅེས་བྱའོ།། ཡིད་ཀྱི་རྣམ་པར་རིག་བྱེད་ནི་དེ་གཉི་གའི་སྔོན་དུ་འགྲོ་བ་ཡིན
་ནོ།། རང་གིས་ཡང་དག་པར་ལེན་པ་ལ་ནི་ཡིད་ཀྱི་རྣམ་པར་རིག་བྱེད་འབའ་ཞིག་ཁོ་ན་འབྱུང་ངོ་།། དེ་ལ་སྡོམ་པ་མ་ཡིན་པ་ལས་བཟློག་པ་སྤོང་བའི་སེམས་པ་སྤོང་བ་དེ་དབང་བྱེད་པའི་དབང་པོ་ལྔ་དང་ལྡན་པ་གང་ཡིན་པ་དེ་ནི་སྡོམ་པ་ཞེས་བྱའོ།། སྡོམ་པ་ཡང
་དག་པར་བླང་བ་དེ་ཡང་རྣམ་པ་བརྒྱར་གཏོགས་པར་རིག་པར་བྱ་སྟེ། མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་བ་ལས་བརྟེན་ཏེ། སྲོག་གཅོད་པའི་ཕྱོགས་གཅིག་སྤོང་བ་ནས་ལོག་པར་ལྟ་བའི་བར་གྱི་ཕྱོགས་ཅིག་སྤོང་བ་འདི་དག་ནི་རྣམ་པ་བཅུའོ།། སྲོག་གཅོད་པ་ཕལ
་ཆེར་སྤོང་བས་ནས་ལོག་པར་ལྟ་བའི་བར་ཕལ་ཆེར་སྤོང་བ་འདི་ཀྱང་གཞན་རྣམ་པ་བཅུའོ།། སྲོག་བཅོད་པ་ཐམས་ཅད་སྤོང་བ་ནས་ལོགས་པར་ལྟ་བའི་བར་ཐམས་ཅད་སྤང་བ་འདི་དག་ཀྱང་གཞན་རྣམ་པ་བཅུའོ།། དུས་ཡུནུ་ཐུང་ངུ་ཉིན་མཚུན་ནམཱ་ཟླ་བ
་ཕྱེད་དམ། ཟ་བའམ་ལོར་སྲོག་བཅོད་པ་སྤང་བ་ནས་ལོག་པར་ལྟ་བའི་བར་སྤོང་བ་འདི་དག་ཀྱང་གཞན་རྣམ་པ་བཅུའོ།། དུས་ཡུན་རིང་པོ་ལོ་ཕན་ཆད་ནས་ཇི་སྲིད་འཚོའི་བར་དུ་ནི་མ་ཡིན་པར་སྲོག་བཅོད་པ་སྤོང་བ་ནས་ལོག་པར་ལྟ་བའི་སྤོང་བ་འདི་དག
་ཀྱང་གཞན་རྣམ་པ་བཅུའོ།། ཇི་སྲིད་འཚོའི་བཱར་དུ་སྲོག་བཅོད་པ་སྤོང་བ་ནས་ལོག་པར་ལྟ་བའི་བར་སྤོང་བ་འདི་དག་ཀྱང་གཞན་རྣམ་པ་བཅུའོ།། བདག་ཉིད་སྲོག་བཅོད་པ་སྤོང་བ་ནས་ལོག་པར་ལྟ་བའི་བར་སྤོང་བ་འདི་དག་ཀྱང
་རྣམ་པ་བཅུའོ།། གཞན་དག་དེ་དག་ཉིད་ཡང་དག་པར་ལེན་དུ་འཇུག་པ་འདི་དག་ཀྱང་གཞན་རྣམ་པ་བཅུའོ།། དེ་དག་གི་བསྔགས་པ་རྣམ་གྲངས་དུ་མར་བརྗོད་པར་བྱེད་པ་འདི་དག་ཀྱང་གཞན་རྣམ་པ་བཅུའོ།། སྲོག་བཅོད་པ་སྤྱོད་པ་ནས་ལོག་པར་ལྟ་བའི
་བར་སྤོང་བ་མཐོང་ན་ཡིད་བདེ་བར་འཛིན་ཅིང་དགའ་བ་དང་ཡིད་འདྲེ་བ་སྐྱེ་བ་འདི་དག་ཀྱང་གཞན་རྣམ་པ་བཅུའོ།། བཅུ་པ་རྣམ་པ་བཅུ་པོ་དེ་དག་གཅིག་ཏུ་བསྡུས་ནས་རྣམ་པ་བརྒྱར་འགྱུར་ཏེ། བསོད་ནམས་སྐྱེ་བ་ཡང་དེ་ཙམ་ཁོ་ནར་རིག་པར་བྱའོ།།
་སྡོམ་པ་དེ་ཡང་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ་ཀུན་ནས་སློང་བའི་སྡོམ་པ་དང་། ཡོང་སུ་འཛིན་པའི་སྡོམ་པ་དང་། ཀུན་ཏུ་བསྲུང་བའི་སྡོམ་པས་ཕྱིར་ལེན་པའི་སྡོམ་པ་དང་། སྡོམ་པ་ཆུང་ངུ་དང་། སྡོམ་པ་འབྲིང་དང་། སྡོམ་པ་ཆེན་པོ་དང་། ཡོངསུ་དག་པའི་སྡོམ་པའོ།། དེ་ལ
་ཡང་དག་པར་ལེན་པའི་སྔ་རོལ་ཁོ་ནར་སྤོང་བ་ཡང་དག་པར་བླངོ་སྙམ་དུ་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ནི་དེའི་ཀུན་ནས་སློང་བའི་སྡོམ་པ་ཡིན་ནོ།། གང་གི་ཚེ་སྤོང་བ་ཡང་དག་པར་ལེན་ཅིང་ཡོངས་སུ་འཛིན་པར་བྱེད་པ་དེ་ནི་དེའི་ཡོངསུ
་འཛིན་པའི་སྡོམ་པ་ཡིན་ནོ།། དེ་དེ་ཕྱིན་བཅད་སྤོང་བའི་སེམས་པ་དབང་པོ་ལྔས་ཡོངསུ་ཟིན་པའི་དབང་དུ་བྱས་ཏེ། རྟག་ཏུ་དེའི་ས་བོན་དང་ལྡན་པ་སྐབས་སྐབས་ཀུན་ཏུ་སྤྱོད་པ་དང་ལྡན་པ་དབང་པོ་ལྔས་ཡོངསུ་ཟིན་པའི་སེམས་པ་དགེ་བ་སྡོམ་པ་ཇི
་ལྟར་བླངས་པ་ཀུན་ཏུ་སྲང་བ་ཉིད་འབྱུང་བར་འགྱུར་ཞིང་། དེས་སྡིག་པའི་གྲོགས་པོ་དང་ཕྲད་པ་འམ། ཉོན་མོངས་པ་མང་བས་སྡིག་པ་ཀུན་ཏུ་སྤྱོད་པ་ལ་འདུན་པ་བྱུང་ངོ་ཆོ་ག་ལ་འཛེམ་ལ་བདག་འགལ་བར་གྱུར་ཅིང་ངན་སོང་དུ་འགྲོ་བར
་གྱུར་ན་མི་རུང་ངོ་སྙམ་ནས་སེལ་བར་བྱེད་པ་དེ་ནི་དེའི་ཀུན་ཏུ་བསྲུང་བའི་སྡོམ་པ་ཡིན་ནོ།། གལ་ཏེ་བརྒྱ་ལ་བརྗེད་ངས་པས་སྡིག་པ་ཀུན་ཏུ་སྤྱོད་པ་ན་མྱུར་བ་མྱུར་བ་ཁོ་ནར་དྲན་པ་ཉེ་བར་བཞག་སྟེ། ཉེས་པ་ལ་ཉེས་པར་འཆགས་ཤིང་མྱ་ངན་བྱས
་སྩལ་བར་བྱེད་ལ། ཕྱིན་བཅད་ཀྱང་སྡོམ་པར་བྱེད་པ་ནི་དེའི་ཕྱིར་ལེན་པའི་སྡོམ་པ་ཡིན་ནོ།། གལ་ཏེ་ལས་ཀྱི་ལམ་གྱི་ཕྱོགས་གཅིག་དང་། དུས་ཡུན་ཐུང་ངུར་སྤྱོད་པ་དང་། བདག་ཉིད་སྤོང་བར་ནི་བྱེད་ལ། གཞན་ནི་དེ་ཡང་དག་པར་ལེན་དུ
་མི་འཇུག་པོ་དང་། དེའི་བསྔགས་པ་ཡང་རྣམ་གྲངས་དུ་མར་མི་བརྗོད་པ་དང་། ཆོས་མཐུན་པ་མཐོང་ན་ཡང་ཡིད་བདེ་བར་མི་འཛིན་ཅིང་དགའ་བ་དང་ཡིད་བདེ་བ་མི་མང་བ་དེ་ནི་དེའི་སྡོམ་པ་ཆུང་ངུ་ཡིན་ནོ།། གལ་ཏེ་ཕལ་ཆེ་བ་དང་། དུས་ཡུན
་རིང་དུ་སྤོང་ཞིང་ཇི་སྲིད་འཚོའི་བར་དུ་མ་ཡིན་པ་དང་། བདག་ཉིད་ཀྱང་སྡོམ་པར་བྱེད་པ་དང་། གཞན་ཡང་ཡང་དག་པར་ལེན་དུ་འཇུག་ལ། སྤོང་བ་དེའི་བསྔགས་པ་ནི་རྣམ་གྲངས་དུ་མར་མི་བརྗོད་པ་དང་། ཆོས་མཐུན་པ་མཐོང་ན་ཡང་ཡད་བདེ
་བར་མི་འཛིན་ཅིང་དགའ་བ་དང་ཡིད་བདེ་བ་མི་མང་འ་དེ་ནི་དེའི་སྡོམ་པ་འབྲིང་ཡིན་ནོ།། གལ་ཏེ་ཐམས་ཅད་དང་དུས་ཐམས་ཅད་དང་། བདག་ཉིད་ཀྱང་སྤོང་བ་དང་། གཞན་ཡང་ཡང་དག་པར་ལེན་དུ་འཇུག་པ་དང་། དེའི་བསྔགས་པ་ཡང་རྣམ
་གྲངས་དུ་མར་བརྗོད་པ་དང་། ཆོས་མཐུན་པ་མཐོང་ན་ཡང་ཡིད་བདེ་བར་འཛིན་ཅིང་དགའ་བ་དང་ཡིད་བདེ་བ་མང་བ་དེ་ནི་དེའི་སྡོམ་པ་ཆེན་པོ་ཡིན་ནོ།། གལ་ཏེ་སྡོམ་པ་ཡང་དག་པར་བླངས་པ་སྐྱོན་མེད་པ་དེ་ཉིད་ལ་བརྟེན་ནས
་འགྱོད་པ་མེད་པའི་རྒྱུས་བསམ་གཏན་དང་པོའི་བར་ལ་སྙོམས་པར་འཇུག་ཅིང་ཚུལ་ཁྲིམས་འཆལ་པའི་ས་བོན་ཞི་གནས་ཀྱིས་ཉམས་པར་བྱེད་པ་དེ་ནི་དེའི་བསམ་གཏན་གྱི་སྡོམ་པ་ཡིན་ཏེ། བསམ་གཏན་དང་པོ་ཇི་ལྟ་བ་དེ་བཞིན་དུ་གཉིས
་དང་གསུམ་པ་དང་བཞི་པ་ཡང་དེ་བཞིན་དུ་རིག་པར་བྱའོ།། བྱེ་བྲག་ནི་འདི་ཡོད་དེ་ཚུལ་ཁྲིམས་འཆལ་བའི་ས་བོན་ཐག་རིང་དུ་བྱ་བ་དེ་གཉེན་པོས་ཡོངས་སུ་ཟིན་པ་ཞི་གནས་ཀྱི་ལམ་གྱིས་ཆེས་ཤིན་ཏུ་ཉམས་པར་བྱེད་པ་སྟེ། དེ་ནི་ཡོངས་སུ
་དག་པ་དང་པོས་དེའི་སྡོམ་པ་ཡོངས་སུ་དགུ་པ་ཡིན་པར་རིག་པར་བྱའོ།། གལ་ཏེ་ཚུལ་ཁྲིམས་ཀྱི་སྡོམ་པ་སྐྱོན་མེད་པ་དེ་ཉིད་དང་། བསམ་གཏན་གྱི་སྡོམ་པ་དེ་ལ་ཡང་བརྟེན་ནས་བདེན་པ་རྣམས་མངོན་པར་རྟོགས་པར་བྱེད་ཅིང་། ཕྱིར་མི་འོངས
་པའི་འབྲས་བུ་ཡང་འཐོབ་པར་བྱེད་པའི་ཚེ་ན་ནི་དེའི་ཚུལ་ཁྲིམས་འཆལ་བའི་ས་བོན་ཐམས་ཅད་ཡང་དག་པར་བཅོམ་པ་ཡིན་ནོ།། གལ་ཏེ་མི་ལྕོགས་པ་མེད་པ་ལ་བརྟེན་ནས་འབྲས་བུ་དང་པོ་ཐོབ་པར་བྱེད་པ་དེའི་ཚེ་ན་ནི་དེའི་ངན་སོང་དུ་འགྲོ་བར་འགྱུར་བའི
་ཚུལ་ཁྲིམས་འཆལ་པའི་ས་བོན་ཡང་དག་པར་བཅོམ་པ་ཡིན་ནོ།། དེ་དག་ནི་དེའི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཡིན་ཏེ། ཡོངས་སུ་དག་པ་གཉིས་པ་འདིས་དེའི་སྡོམ་པ་རྣམ་པར་དག་པར་ཡིན་པར་རིག་པར་བྱ་སྟེ། དེ་ཉིད་དེའི་ཟག་པ་མེད་པའི
་སྡོམ་པ་ཞེས་བྱའོ།། དེའི་ཟག་པ་མེད་པའི་སྡོམ་པ་དེ་ཡང་དགྲ་བཅོམ་པ་ཉིད་འཐོབ་པ་ལ་ནི་གཉེན་པོ་དང་རྣམ་པར་དག་པའི་ཁྱད་པར་གྱིས་ཁྱད་པར་དུ་འགྱུར་བར་ཟད་ཀྱི། མི་མཐུན་པའི་ཕྱོགས་སྤྱང་པའི་ཁྱད་པར་གྱིས་ནི་མ་ཡིན་ནོ།། དེ་ལ་སྡོམ་པ་རྣམས
་པ་བརྒྱད་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས། སྡོམ་པ་རྣམ་པ་གསུམ་རྣམ་པར་གཞག་སྟེ། ཡང་དག་པར་ལེན་པའི་སྡོམ་པ་དང་། ཀུན་ཏུ་འཛིན་པའི་སྡོམ་པ་དང་། ཡོངས་སུ་དག་པའི་སྡོམ་པའོ།། དེ་ལ་སྡོམ་པ་དང་པོ་གཉིས་ནི་ཡང་དག་པར་ལེན
་པའི་སྡོམ་པ་ཡིན་ནོ།། ཀུན་ཏུ་བསྲུང་བའི་སྡོམ་པ་དང་ཕྱི་ལེན་པའི་སྡོམ་པ་དེ་གཉིས་ནི་ཀུན་ཏུ་འཛིན་པའི་སྡོམ་པ་ཡིན་ནོ།། སྡོམ་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ནི་གཉི་ཀའི་ཕྱོགས་སུ་གཏོགས་པ་ཡིན་པར་རིག་པར་བྱའོ།། ཡང་དག་པར་ལེན
་པའི་སྡོམ་པ་དང་ཡོངས་སུ་འཛིན་པའི་སྡོམ་པས་ནི་བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པའི་སྡོམ་པ་ཡོངས་སུ་དག་པ་ཡིན་ནོ།། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱི་སྡོམ་པ་གསུམ་པོ་འདི་ལྟ་སྟེ། དགེ་སློང་གི་སྡོམ་པ་དང་། དགེ་བསྙེན་གྱི
་སྡོམ་པ་དང་། བསྙེན་གནས་པའི་སྡོམ་པ་དེ་དག་རྣམ་པར་གཞག་ཅེ་ན། རྒྱུ་གསུམ་གྱིས་ཏེ། བེཅོམ་ལྡན་འདས་ཀྱི་འདུལ་བ་ནི་གང་དག་ཅེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་དང་། འདོད་པ་ལས་དབེན་པར་སྤྱོད་པ་དག་ཀྱང་ཡོད། གང
་དགེ་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་ལ་འདོད་པ་ལས་དབེན་པར་མི་སྤྱོད་པ་དག་ཡོདད་གང་དག་ཉེས་པར་སྤྱོད་པ་ལས་དབེན་པར་ཡང་མི་སྤྱོད་ལ་འདོད་པ་ལས་དབེན་པར་མི་སྤྱོད་པ་དག་ཀྱང་ཡོད་དེ། དེ་ལ་འདུལ་བའི་རྣམ་པ་དང་པོའི་དབང་དུ
་མཛད་ནས་ནི་དགེ་སློང་གི་སྡོམ་པ་རྣམ་པར་བཞག་གོ།། འདུལ་བའི་རྣམ་པ་གཉིས་པའི་དབང་དུ་མཛད་ནས་ནི་དགེ་བསྙེན་གྱི་སྡོམ་པ་རྣམ་པར་བཞག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཁྱིམ་གྱིས་གནས་གནོད་པ་དང་། ཉོན་མོངས་པའི་གནས་ན
་གནས་པའི་བསླབ་པའི་གཞིའི་ཚོགས་གཅིག་ཏུ་ལུགུ་རྒྱུད་ལྟར་འབྲེལ་བ་ཡོངས་སུ་རྫོགས་པ་ཡོངས་སུ་བསྲུང་བར་ནི་མ་ནུས་པའི་ཕྱིར་རོ།། འདུལ་བའི་རྣམ་པ་གསུམ་པའི་དབང་དུ་མཛད་ནཱ་ས་ནི། བསྙེན་གནས་པའི་སྡོམ་པ་རྣམ་པར་གཞག་ཏེ། དེ་ཅིའི་ཕྱིར་།
་ན། དེ་ནི་གཉི་ག་ལས་དབེན་པར་སྤྱོད་པ་མ་ཡིན་ཏེ། དེ་གཉིས་ཀྱི་རྒྱུ་ཡོངས་སུ་བསྲུང་བ་རྩམ་ཡང་དག་པར་བླངས་ཤིང་། བདག་ནི་ཤིན་ཏུ་ལྕི་བས་ནོན་པ་ཡིན་ནོ།། སྙམ་དུ་མི་སེམས་པའི་ཕྱིར་རོ།། དེའི་ཡན་ལག་ནི་གསུམ་སྟེ། ཉེས་པར་སྤྱོད་པ་ལས
་དབེན་པས་རབ་ཏུ་ཕྱེ་བ་ནི་དང་པོ་གསུམ་མོ།། འདོད་པ་སྤྱོད་པ་ལས་དབེན་པས་རབ་ཏུ་ཕྱེ་བ་ནི་ཐ་མ་བཞི་ཡིན་པར་བལྟ་བར་བྱའོ།། གཅིག་ནི་གཉི་གས་རབ་ཏུ་ཕྱེ་བ་ཡིན་ཏེ་མི་ཚངས་པར་སྤྱོད་པ་སྤོང་བའོ།། དགེ་སློང་གི་སྡོམ་པ་ནི་ཡན་ལག་དུ་ཞོག་གིས
་བསྡུས། དགེ་བསྙེན་གྱི་སྡོམ་པ་ནི་ཡན་ལག་དུ་ཞིག་གོས་བསྡུས། བསྙེན་གནས་པའི་སྡོམ་པ་ནི་ཡན་ལག་དུ་ཞིག་གིས་བསྡུས་པར་རིག་པར་བྱ་ཞེ་ན། དགེ་སློང་གི་སྡོམ་པ་ནི་ཡན་ལག་གཞིས་བསྡུས་པར་རིག་པར་བྱ་སྟེ། ཡན་ལག་བཞི་གང
་ནེ་ནི། བསྙེན་པར་རྫོགས་པའི་ཡན་ལག་དང་། དལ་དེང་མཐུན་པའི་ཆོས་ཀྱི་བསླབ་པའི་གཞི་ཡང་དག་པར་བླང་བའི་ཡནི་ལ་ད་པ་གཞན་གྱི་སེམས་རྗེས་སུ་བསྲུང་བའི་ཡན་ལག་དང་། བསླབ་པའི་ཚོགས་ཡང་དག་པར་བླས་པའི་རྗེས་སུ་སྲུང
་ཡན་ལག་གོ།། དེ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། ཇི་ལྟར་བསླབ་པའི་གཞི་ཚེ་ལོང་དག་གནོད་པའི་བསྙེན་པར་རྫོགས་པའི་ཡན་ལག་ཡིན་ཏེ། ཡན་ལག་དེ་དང་ལྡན་ན་དགེ་སློང་དེ་དང་པོ་ཁོ་ནར་དགེ་སློང་ཚུལ་ཁྲིམས་དེས་ཚུལ་ཁྲིམས་དང་ལྡན
་བ་ཞེས་བྱའོ།། དེ་དེའི་འོག་ཏུ་འདུལ་བ་སོ་སོར་ཐར་པ་ལ་དགེ་སློང་གི་ཚུལ་ཁྲིམས་ཀྱི་རྗེ་སུ་མཐུན་པ་དང་། དེ་དང་ལྡན་པའི་བསླབ་པའི་གཞི་གང་དག་ཡིན་པ་དེ་དག་ཐམས་ཅད་ལ་བསྡམས་ཤིང་སྤྱོད་པ་ཡིན་ཏེ། དེས་ན་སོ་སོར་ཐར་པའི་སྡོམ
་པས་བསྡམས་པ་ཞེས་བྱ་སྟེ། དེ་ནི་དེའི་དེ་དང་མཐུན་པའི་ཆོས་ཀྱི་བསླབ་པའི་གཞི་ཡང་དག་པར་བླང་བའི་ཡན་ལག་ཡིནོ།། ཡན་ལག་དེ་གཉིས་དང་ལྡན་པའི་ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་གང་ཡིན
་པ་དེ་ནི་གཞན་གྱི་སེམས་རྗེསུ་བསྲུང་བའི་ཡན་ལག་ཡིན་ཏེ། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞི་ནོ།། དེ་ལ་ཁ་ན་མ་ཐོ་པ་པྲ་རབ་ཙམ་དག་ལ་འཇིགས་པར་ལྟ་བ
་གང་ཡིན་པ་དང་། ཉེས་པ་མི་འབྱུང་བར་བྱ་བ་དང་། ཉེས་པ་བྱུང་བ་ལས་བསླང་བའི་ཕྱིར་བསླབ་པའི་བཞི་ཡང་དག་པར་བླངས་ཏེ་སློབ་པ་འདི་ལྟ་སྟེ། འཇིགས་པར་ལྟ་བ་དང་། བྱུང་བ་དེ་གཉིས་ནི་དེའི་བསླབ་པའི་གཞི་ཇི་ལྟར་ཡང་དག་པར
་བླངས་པོ་རྗེ་སུ་བསྲུང་བའི་ཡན་ལག་ཡིན།། དེ་ལ་དགེ་བསྙེན་གྱི་སྡོམ་པ་ནི་ཡན་ལག་གསུམ་གྱིས་བསྡུས་པ་ཡིན་ཏེ། ཡན་ལག་གསུམ་གང་ཞེ་ན། གཞན་ལ་གནོད་པའི་དངོས་པོ་སྤོང་བ་ཡང་དག་པར་བླང་བའི་ཡན་ལག་དང་། ཡང་དག་པར
་བླངས་པ་ལས་ཉམས་པ་ཕྱིར་གསོ་བའི་ཡན་ལག་དང་། ཡང་དག་པར་བླངས་པ་ལས་མི་ཉམས་པའི་ཡན་ལག་གོ།། དེ་ལ་གཞན་གྱི་སྲོག་ལ་གནོད་པ་དང་། ལོངས་སྤྱོད་ལ་གནོད་པ་དང་། ཆུང་མ་ལ་གནོད་པ་སྤོང
་བ་ནི་ཡན་ལག་དང་པོ་ཡིན་ནོ།། བརྫུན་དུ་སྤྲོ་བ་སྤོང་བ་ནི་ཡན་ལག་གཉིས་པ་ཡིན་ནོ།། ཆང་དང་བཅོས་པའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་སྤོང་བ་ནི་ཡན་ལག་གསུམ་པ་ཡིན་པོར་རིག་པར་བྱའོ།། དེ་ལ་བསྙེན་གནས་པའི
་སྡོམ་པ་ནི་མདོར་བསྡུ་ན་ཡན་ལག་ལྔས་བསྡུས་པ་ཡིན་ཏེ། ཡན་ལག་ལྔ་གང་ཞེ་ན། གཞན་ལ་གནོད་པ་སྤོང་བ་ཡང་དག་པར་ལེན་པའི་ཡན་ལག་དང་། བདག་དང་གཞན་ལ་གནོད་པ་སྤོང་བ་ཡང་དག་པར་ལེན་པའི་ཡན་ལག་དང་།
་ཡང་དག་པར་བླངས་པ་ལས་ཉམས་པ་ཕྱིར་གསོ་བའི་ཡན་ལག་དང་། ཡང་དག་པར་བླངས་པ་ལས་མི་ཉམས་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་འཇོག་པའི་ཡན་ལག་དང་། དྲན་པ་རྨོངས་པར་མི་འགྱུར་བའི་ཡན་ལག་གོ།། དེ་ལ་གཞན་གྱི
་སྲོག་ལ་གནོད་པ་དང་། ལོངས་སྤྱོད་ལ་གནོད་པ་དག་སྤོང་བ་ནི་ཡན་ལག་དང་པོ་ཡིན་ནོ།། མི་ཚངས་པར་སྤྱོད་པ་ནི་ཡན་ལག་གཉིས་པ་ཡིན་ནོ།། འདི་ལྟར་དེ་སྤངས་པ་དེ་ནི་རང་གི་ཆུང་མ་ལ་མི་བརྟེན་པས་བདག་ལ་གནོད་པར་ཡང་མི
་འགྱུར་ལ། གཞན་གྱི་ཆུང་མ་ལ་མི་བརྟེན་པས་གཞན་ལ་གནོད་པར་ཡང་མི་འགྱུར་བའི་ཕྱིར་རོ།། བརྫུན་དུ་སྨྲ་བ་སྤོང་བ་ནི་ཡན་ལག་གསུམ་པ་ཡིན་ནོ།། ཆང་དང་བཅོས་པའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་སྤོང་བ་མ་གཏོགས་པ་དེ
་ལས་གཞན་པའི་གནས་གསུམ་པོ་སྤོང་བ་ནི་ཡན་ལག་བཞི་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དུས་རྟག་ཏུ་གར་དང་གླུ་དང་རོལ་མོའི་སྒྲ་དང་སྤོས་དང་མེ་ཏོག་ཕྲེང་བ་དང་། བྱུག་པ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྙན་ཆེན་པོ་དང་།
་དུས་མ་ཡིན་པའི་ཟས་ལ་རྟེན་པ་དེ་དག་གིས་བདག་ཉིད་དབེན་པར་ཡུད་ཙམ་ཡུད་ཙམ་ལ་མཐོང་བ་དང་། བདག་ནི་གསོ་སྦྱོང་གིས་གསོ་སྦྱོང་བྱས་པ་ཡིན་ནོ་སྙམ་དུ་དུས་རྟག་ཏུ་དྲན་པ་ཉེ་བར་གནས་པར་འགྱུར་བའི་ཕྱིར་རོ།། ཆང་དང་བཅོས་པའི
་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་སྤོང་བ་ནི་ཡན་ལག་ལྔ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དྲན་པ་ཉེ་བར་གཞག་སྟེ་གནས་པ་ཡི་ནི་ནོ་སྙམ་དུ་སེམས་ཀྱང་ཡན་ལག་དེས་ན་ཆང་གི་མྱོས་པས་མྱོས་ཤིང་རྨོངས་ཏེ་རང་དབང་མེད་པར
་འཇུག་པར་འགྱུར་བའི་ཕྱིར་རོ།། དེ་ལ་དགེ་སློང་མའི་སྡོམ་པ་གང་ཡིན་པ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མཱི་སྔོ་པ་གང་ཡིན་པ་དེ་ནི་རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པར་འདྲ་བའི་ཕྱིར་དགེ་སློང་གི་སྡོམ་པ་སྟེན་པ་ཁོ་ན་བཞིན་དུ་བལྟ་བར་བྱའོ།། དེ་ལ
་དགེ་བསྙེན་མའི་སྡོམ་པ་གང་ཡིན་པ་ཡང་ཁྱིམ་པའི་ཕྱོགས་སུ་གཏོགས་པའི་ཕྱིར་དང་། བསླབ་པ་འདྲ་བས་རབ་ཏུ་ཕྱེ་བའི་ཕྱིར་དགེ་བསྙེན་གྱི་སྡོམ་པ་རྟེན་པ་ཁོ་ན་བཞིན་དུ་བལྟ་བར་བྱའོ།། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་སྡོམ་པ་ནི་དགེ
་སློང་གི་སྡོམ་པ་དང་། དགེ་ཚུལ་གྱི་སྡོམ་པའི་སྡེ་པ་གཉིས་སུ་བཅས་ལ། དགེ་སློང་མ་རྣམས་ཀྱི་སྔོ་པ་ནི་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མའི་སྡོམ་པའི་སྡེ་པ་གསུམ་དུ་བཅས་ཤེ་ན། བུད་མེད་ནི་ཉོན་མོངས་པ་མང་བས་རིམས་ཀྱི་དགེ་སློང་མའི་སྡོམ་པ
་ཡོངས་སུ་འཛིན་དུ་འཇུག་པའི་ཕྱིར་ཏེ། གལ་ཏེ་དགེ་ཚུལ་མ་བསླབ་པའི་གནི་ཉུང་ངུ་དག་ལ་དགའ་བར་གྱུར་ན། དེའི་འོག་ཏུ་དགེ་སློབ་མའི་བསླབ་པའི་བཞི་དག་ལེན་དུ་གཞུག་པར་བྱ་བ་དང་། གལ་ཏེ་དགེ་སློབ
་མ་བསླབ་པའི་གཞི་ཆེས་མང་པོ་དག་ལ་དགའ་བར་གྱུར་ན། དེའི་འོག་ཏུ་གྱ་ཆོམ་དུ་བསྙེན་པར་རྫོགས་སུ་མི་གཞུག་གི་ལོ་གཉིས་ཁོ་ན་སྣརོན་དུ་གཞུག་པ་དང་། གུལ་ཏེ་དགའ་བར་གྱུར་ན་དེའི་འོག་ཏུ་བསྙེན་པར་རྫོགས་སུ་གཞུག
་པ་དང་། དེ་ལྟར་དེ་ཡུན་རིང་པོར་བསླབ་པའི་གཞི་ཉུང་ངུ་དག་ལ་བསླབ་པ་ཡོངས་སུ་བྱང་བར་གྱུར་ནས་དེའི་འོག་ཏུ་དགེ་སློང་མའི་སྡོམ་པ་བསླབ་པའི་གཞིའི་ཚོགས་མང་པོས་ཡོངས་སུ་བཟུང་བ་ལ་སློབ་པར་ནུས་ཤིང
་ལྕོགས་པར་འགྱུར་བའི་ཕྱིར་རོ།། ཅིའི་ཕྱིར་བསྙེན་གནས་པའི་སྡོམ་པ་ལས་དགེ་ཚུལ་གྱི་སྡོམ་པ་ལ་གསེར་དངུལ་སྤོང་བ་ལྷག་པར་མཛད་ཅེ་ན། འདི་ལྟར་དགེ་ཚུལ་ནི་རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པ་ཡིན་བསུ
་རབ་ཏུ་བྱུང་བ་ལ་ནི་གནས་གཉིས་ཤིན་ཏུ་མི་མཛེས་ཤིང་ཚུལ་དང་མི་མཐུན་པ་ཡིན་ཏེ་འདོད་པའི་བསོད་ཉམས་ཀྱི་མཐར་ལྟུང་བ་རྩེད་མོའི་དགའ་བ་དང་ཆ་སྡུག་ཇི་ལྟར་འདོད་པ་བཞིན་སྤྱོད་པའི་རྗེས་སུ་བརྩོན་པ་གང་ཡིན
་པ་དང་། སོགས་འཇོག་གི་ལོངས་སྤྱོད་གང་ཡིན་པའོ།། དེ་ལ་ཚུལ་དང་མི་མཐུན་པའི་གནས་དང་པོ་ཡོངས་སུ་སྤང་བའི་ཕྱིར་ནི་གང་དང་ཀླུ་དང་རོལ་མོའི་སྒྲ་ལ་སོགས་པ་ནས་དུས་མ་ཡིན་པའི་ཟས་ཀྱི་བར་དག་སྤོང་བ་བཅ
་སོ།། ཚུལ་དང་མ་མཐུན་པའི་གནས་གཉིས་པ་ཡོངས་སུ་སྤང་བའི་ཕྱིར་ནི་གསེར་དངུལ་འཛིན་པ་སྤོང་བ་བཅས་ཏེ། འདི་ལྟར་གསེར་དངུལ་ནི་སོག་འཇོག་ཐམས་ཅད་ཀྱི་རྩ་བ་དང་གཙོ་བོ་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་དགེ
་ཚུལ་གྱི་གར་དང་གླུ་དང་རོལ་མོའི་སྒྲ་དང་། སྤོས་དང་མེ་ཏོག་ཕྲེང་དང་། བྱུག་པ་འཆང་བ་གང་ཡིན་པ་བསྙེན་གནས་པའི་སྡོམ་པ་ལ་ནི་ཡན?་ལག་གཅིག་ཏུ་མཛད་ལ། དེ་དེ་ལ་ནི་ཡན་ལག་གཉིས་སུ་མཛད་དེ་བཅས་ཤྲ་ན།
་ཁྱིམ་པ་རྣམས་ལ་ནི་གནས་དེ་ཚུལ་དང་མི་མཐུན་པ་མ་ཡིན་ལ། རབ་ཏུ་བྱུང་བ་ལ་ནི་ཚུལ་དང་མི་མཐུན་པ་ཡ་ནི་བས་དེའི་ཕྱིར་ཁྱིམ་པ་ལ་ནི་ཅི་ནས་ཀྱང་དེ་ལས་འགལ་ན་ཉེས་པ་གཅིག་བཤགས་པར་ཟད་ཀྱི་གཉིས་མི་དགོས
་བར་བྱ་བའི་ཕྱིར་ཡང་བར་མཛད་ནས་བསླབ་པ་གཅིག་ཏུ་བསྡུས་ཏེ་བཅསོ།། དེ་རབ་ཏུ་བྱུང་བ་ལ་ནི་ཅི་ནས་ཀྱང་དེ་དེ་ལས་འགལ་ནུ་ཉེས་པ་གཉིས་བཤགས་དགོས་ཤིང་གཅིག་མ་ཡིན་པར་བྱ་བའི་ཕྱིར་ལྕི་བར་མཛད་དེ། གནས
་གཅིག་པོ་དེ་ཉིད་ལས་ཕྱེ་ནས་ཡན་ལག་གཉིས་སུ་མཛད་དེ་བཅས་སོ།། ཅིའི་ཕྱིར་ཟ་མ་དང་མ་ནིང་དག་རབ་ཏུ་བྱུང་བར་མི་བྱ་ཞིང་བསྙེན་པར་རྫོགས་པར་ཡང་མ་བྱ་ཞེ་ན། འདི་ལྟར་ཟ་མ་དང་མ་ནིང་དག་ནི་དགེ་སློང་གི་ཕྱོགས
་སུ་རྣམ་པར་གཞག་ན་ཡང་བུད་མེད་ཀྱི་ཉེས་པ་བརྟེན་པར་འགྱུར་ལ། དགེ་སློང་མའི་ཕྱོགསུ་རྣམ་པར་གཞག་ན་ཡང་ནོམ་པ་དང་ཀུན་ཏུ་ནོམ་པ་ལ་སོགས་པས་སྐྱེས་པའི་ཉེས་པ་བརྟེན་པར་འགྱུར་བས། དེའི་ཕྱིར་དེ་དག
་ནི་དེ་གཉིས་ཀའི་ཕྱོགས་སུ་གནས་པར་འོས་པ་མ་ཡིན་བྱས་རབ་ཏུ་དབྱུང་བརྱ་ཡང་མི་བྱ་ལ་བསྙེན་པར་རྫོགས་པར་ཡང་མི་བྱའོ།། གཞན་ཡང་ཟ་མ་དང་མ་ནིང་དག་ནི་ཉོན་མོངས་པ་མང་བ་དང་། རང
་བཞིན་གྱིས་ཉོན་མོངས་པའི་སྒྲིབ་པས་སྒྲིབས་པ་ཡིན་པའི་ཕྱིར། དེ་དག་གིས་ནི་གང་གིས་སོ་སོར་པརྟགས་ཤིང་སོ་སོར་བརྟགས་ནས་རེ་ཤིག་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་ལ་ཀུན་ཏུ་སྤྱོད་པར་འགྱུར
་བ་དེ་ལྟ་བུའི་སོ་སོར་རྟོག་པ་སྤྱོད་པར་ཡང་མི་ནུས་ན། མིའི་ཆོས་ལས་བླ་མ་མངོན་སུམ་བྱེད་པ་ག་ལ་འགྱུར་ཏེ་དེའི་ཕྱིར་ཡང་དེ་དག་ནཱ་རབ་ཏུ་དབྱུང་བར་མི་བྱ་ལ། བསྙེནྡ་པར་རྫོགས་པར་ཡང་མི་བྱའོ།། དེའི་སྡེ་བར
་གཏོགས་པ་ལ་ནི་སྐྱེས་བུ་དམ་པ་ལ་ཡང་དཀོན་ལ་ཡོངས་སུ་བརྟག་པ་ཡང་དཀའོ།། ཅིའི་ཕྱིར་ཟ་མ་དང་མ་ནིང་དྲག་སྐྱབས་སུ་སོང་ཞིང་དགེ་བསྙེན་གྱི་བསླབ་པའི་གཞི་དག་ཡང་དག་པར་བླངས་ཏེ་གནས་སུ་ཟིན་ཀྱང་དགེ
་བསྙེན་ཞེས་བརྗོད་པོར་མི་བྱ་ཞེ་ན། དགེ་སློང་དང་དགེ་སློང་མ་ལ་བསྙེན་བཀུར་བྱེད་པའི་དུང་ཚུལ་ཅན་ནི། དགེ་བསྙེན་ཞེས་བྱ་ན་དེ་དག་གིས་ནི་བསྡམས་སུ་ཟིན་ཀྱང་དགེ་སློང་ལ་ཡང་དང་ཡང་དུ་ཀུན་ཏུ་འདྲེ་བས་བསྙེན།
་བཀུར་མི་བྱ་ལ་དགེ་སློང་མ་ལ་ཡང་མི་བྱའོ།། དགེ་སློང་དང་དགེ་སློང་མ་དག་གིས་ཀྱང་དེ་དག་ལས་བསྙེན་བཀུར་བདག་གིར་མི་བྱ་ཞིང་རེག་པར་ཡང་མི་བྱ་ལ། དགེ་བསྙེན་ལ་ཇི་ལྟ་བ་དེ་བཞིན་དུ་ཡོད་བརྟན་པར་ཡང་མི།
་བྱ་བ་ཡིན་པས་དེའི་ཕྱིར་དེ་དག་ནི་དགེ་བསྙེན་ཞེས་མི་བྱའོ།། བསླབ་པ་བསྲུང་བར་བྱེད་པ་རྣམས་ཀྱི་བསོད་ནམས་ཡོངས་སུ་འཛིན་པ་ནི་མཚུངས་པར་རིག་པར་བྱའོ།། སྡོམ་པ་ཡང་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན། ཇི་སྐད་བསྟན་པའི་སྡོམ་པ
་དེ་དག་ཀྱང་མ་གཏོགས་སྡོམ་པ་མ་ཡིན་པ་ཡང་མ་གཏོགས་པ་ཡིད་དང་ལུས་དང་ངག་གིས་དགེ་བ་དང་མི་དགེ་བའི་ལས་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པར་གརྟོགས
་པར་རིག་པར་བྱའོ།། སྡོམ་པ་རང་གིས་བླང་བ་དང་། གཞན་ལས་བླང་བ་གང་ཡིན་པ་དེ་གང་གིས་གཞན་ལས་ལེན་ཏམ། རང་གི་ལེན་ན་སྡོམ་པ་ཡང་དག་པར་བླང་བ་དེ་གཉིས་ལ་འདི་ལྟ་སྟེ། བསོད་ནམས་དང་བསོད་ནམས
་ཀྱི་བྱེ་བྲག་འགའ་ཞིག་ཡོད་དམ་ཞེ་ན། གལ་ཏེ་བསམ་པ་མཚུངས་པས་ལེན་པར་བྱེད་ཅིང་དེ་བཞིན་དུ་སྲུང་བར་ཡང་བྱེད་ན་ནི་བྱེ་བྲག་འགའ་ཡང་མེད་པར་རིག་པར་བྱའོ།། དེ་ལ་རྒྱུ་དུས་ན་དགེ་སློང་གི་སྡོམ་པ་ལེན་པར་མི
་འགྱུར་ཞིང་། དགེ་སློང་གི་སྡོམ་པ་འདོད་ཀྱང་འཐོབ་པར་མི་འགྱུར་ཞེ་ན། མདོར་བསྡུས་ན་རྒྱ་དྲུག་གིས་ཏཱཾ། བསམ་པ་ཉམས་པ་དང་། ལུས་ཉམས་པ་དང་། སྐྱེས་པ་ཉིད་ཉམས་པ་དང་། དགེ་བའི་ཆོས་ཉམས་པ་དང་། གཞན
་གྱི་དབང་དུ་གྱུར་པ་དང་། གཞན་རྗེས་སུ་བསྲུང་བསོ།། དེ་ལ་གལ་ཏེ་རྒྱལ་པོས་གནོད་པ་བྱིས་ས་ཆོམས་ཀུན་གྱིས་གནོད་པ་བྱས་བུ་ལོན་གྱི་ཉམ་ཐག་གམ། འཇིགས་པས་ཉམ་ཐག་གམ། འཚོ་བ་མེད་པས་འཇིགས་ཤིང་སྐྲག་པར་གྱུར་ནས།།
་དེ་འདི་སྙམ་དུ་སེམས་ཏེ་བདག་ནི་ཁྱིམ་གྱི་གནས་ན་གནས་པས་དཀའ་བས་འཚོ་བར་བྱེད་པ་ཡིན་གྱི།། དགེ་སློང་འདི་དག་ནི་ཚོགས་ཆུང་ངུས་འཚོ་བར་བྱེད་པ་ཡིན་པས་མ་ལ་བདག་དགེ་སློང་གི་ནང་དུ་སོང་སྟེ།
་བདག་དགེ་སློང་རྣམས་དང་ཆོས་མཐུན་པ་པ་ཡིན་པར་བསྟན་ལ། ཚེགས་ཆུང་ངུས་འཚོ་བར་བྱའོ་སྙམ་སྷོ། བསམ་པ་དེ་ལྟ་བུ་ཁོ་ནས་རབ་ཏུ་བྱུང་ནས་ཀྱང་འདི་ལྟ་སྟེ། བདག་དགེ་སློང་ཚོགས་ཤིང་འདུས་བུ་རྣམས་ཀྱིས་ཚུལ
་ཁྲིམས་འཆལ་པ་ཡིན་པར་རིག་ནས་སྦྱང་པར་གྱུར་ན་མི་རུང་ངོ་སྙམ་སྟེ། འཇིགས་པས་བསླབ་པའི་གཞི་ཁ་ཅིག་ལ་བསྡམས་ཏེ། སྤྱོད་པར་བྱེད་དུ་ཟིན་ཀྱང་དེ་བསམ་པ་ཉམས་པ་ཡིན་པའི་ཕྱིར། བསྙེན་པར་རྫོགས་པ་མ་ཡིན
་པ་ཁོ་ནར་བརྗོད་པར་བྱ་སྟེ། དེ་ནི་བསམེ་པ་ཉམས་པ་ཞེས་བྱའོ།། གལ་ཏེ་འདི་སྙམ་དུ་སེམས་ཏེ། བདག་ཁྱིམ་འདི་ན་གནས་ན་དཀའ་བས་འཚེ་བར་འགྱུར་བས་མ་ལ་བདག་རབ་ཏུ་བྱུང་བ་ལ་ཚེགས་ཆུང་ངུས་འཚོ་བར་བྱ། ཇི་ལྟར་དགེ་སློང་འདི
་དག་ཚུངས་པར་སྤྱད་པ་སྤྱོད་པ་ལྟར་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱད་པ་སྤྱོད་པར་བྱའོ་སྙམ་ནས། དེ་ལྟར་རབ་ཏུ་བྱུང་བ་ནི་བསམ་པ་ཉམས་པ་མ་ཡིན་པ་ཞེས་ནི་བརྗོད་དེ། གཅིག་ཏུ་ཡོངས་སུ་དག་པ་ནི་མ་ཡིན་ཞིང་དེ་ནི་བསྙེན་པར་རྫོགས་པར
་མ་ཡིན་པར་ཡང་བརྗོད་པར་མི་བྱའོ།། འབྲས་དང་པོ་ལ་མིག་ལ་སོགས་པ་བ.རརོ་ཆད་ཀྱི་ཆོས་ལས་ཇི་སྐད་གསུངས་པའི་ནད་རྣམས་དང་ལྡན་པ་ནི་ལུས་ཉམས་པ་ཞེས་བྱ་སྟེ། ལུས་ཉམས་པ་རབ་ཏུ་བྱུང་བ་དེ་ནི་བླ་མ་རྣམས་ལ་བསྙེན་བཀུར
་བྱེད་པར་ཡང་མི་ནུས་པས་ཏེ། དེ་ལྟར་མི་ནུས་པ་དེ་ནི་བླ་མ་རྣམས་དང་ཚངས་པར་མཚུངས་པར་སྤྱོད་པ་དག་ལས་བསྙེན་བཀུར་གྱི་ལས་གང་ཡིན་པ་བདག་གིར་བྱེད་ཅིང་། སྦྱིན་བདག་དད་པ་ཅན་རྣམས་ལས་ཆོས་གོས་དང་བསོད་བསྙོམས་ལ
་སོགས་པ་དད་པས་བྱིན་པ་ཡང་བདག་གིར་བྱེད་དེ། དེའི་ངད་པས་བྱིན་པ་རྣམ་པ་དེ་གཉིས་ཀ་ཡང་ཡོངས་སུ་ལོངས་སྤྱོད་པ་ལ་ལྕི་བ་བ་དང་རུང་བ་མ་ཡིན་ལ། དགེ་བའི་ཆོས་རྣམས་ཡོངས་སུ་ཉམས་པར་ཡང་འགྱུར་བ་ཡིན་པས། དེའི་ཕྱིར།
་ལུས་ཉམས་པ་ཡང་བསྙེན་པར་རྫོགས་པར་མི་བྱའོ།། ཟ་མ་དང་མ་ནིང་སྐྱེས་པ་ཉིད་ཉམས་པ་དག་ཀྱང་བསྙེན་པར་རྫོགས་པར་མི་བྱ་སྟེ། དེ་ལ་རྒྱུ་ནི་སྔར་བསྟན་པ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ།། མ་ནིང་ནི་འདོར་བསྡུ་ན་རྣམ་པ་གསུམ་དུ་རིག
་པར་བྱ་སྟེ། ཡོད་མ་ནིང་དང་། ཕྱོགས་གཅིག་གི་མྲ་ནིང་དང་། ཉམས་པའི་མོ་ནིང་ངོ་།། དེ་ལ་སྐྱེས་པའི་དབང་པོ་དང་མི་ལྡན་པ་ཁོ་ནར་བཅས་པ་གང་ཡིན་པ་དེ་ནི་ཡོད་མ་ནིང་ཞེས་བྱའོ།། ཟླ་བ་ཕྱེད་ཕྱེད་ཅིང་སྐྱེས་པའི་སྤོབས་པ་སྐྱེ་བ་དང་། བདག་ཉིད
་ལ་ཕ་རོལ་གྱིས་སུན་འབྱིན་པའམ། གཞན་དགྲ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་ཀུན་ཏུ་སྤྱོད་པ་མཐོང་བ་ན་སྐྱེས་པའི་སྤོབས་པ་སྐྱེ་བ་འགྱུར་བ་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་མ་ནིང་ཞེས་བྱའོ།། མོ་ཚོན་ལ་སོགས་པས་ཆོད་པ་འམ། ནད
་དང་དུག་དང་མེ་དང་གསང་སྔགས་ལ་སོགས་པའི་གནོད་པས་སྐྱེས་པའི་དབང་པོ་སྔོན་ཐོབ་པ་ཆད་པར་གྱུར་ཅིང་ཆད་ནས་ཀྱང་སྐྱེས་པའི་སྤོབས་པ་མི་འབྱུང་བ་གང་ཡིན་པ་དེ་ནི་ཉམས་པའི་མ་ནིང་ཞེས་བྱའོ།། དེ་ལ་མ་ནིང་དང་པོ་ནི་ཟ་མ་ཡང་ཡིན་ཡ
་མ་ནུང་ཡང་ཡིན་ནོ།། གཉིས་པ་ནི་མ་ནིང་ཁོ་ན་ཡིནྡ་གྱི་ཟམ་མ་ཡིན་ནོ།། གསུམ་པ་ན་གལ་ཏེ་ཕ་རོལ་པོ་དག་གིས་བདག་ལ་སུན་བྱིན་པར་མི་བྱེད་ན་ནི་ཟ་མ་ཁོན་ཡིན་གྱི་མ་ནིང་ཡིན་ནོ།། གལ་ཏེ་སུན་འཛིན་པར་བྱེད
་ན་ནི་དེ་ཟ་མ་དང་མ་ནིང་ཡིན་པར་བརྗོད་པར་བྱའོ།། མཚམས་མེད་པའི་ལས་བྱེད་པ་དང་། དགེ་སློང་མ་སུན་འབྱིན་པ་དང་། མུ་སྟེགས་ཅན་དང་། རྒྱུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་ད་། གནས་པར་མི་བྱ་བ་དག་ནི་དགེ་བའི
་ས་ཉམས་པ་ཡིན་པས་བསྙེན་པར་རྫོགས་པར་མི་བྱཱ་སྟེ། འདི་ལྟར་དེ་དག་ནི་དྷ་ཚན་ཤེས་པ་དང་ཁྲེལ་མེད་པའི་ཆོས་མི་ཙྪིན་ཆེན་པོ་སྣང་ཚེ་ཤེས་པ་དང་། ཁྲེལ་ཡོད་པའི་ཚེ་སྟེ་དཀར་པོ་ཤིན་ཏུ་སྲབ་མོར་བྱས་ཤིང་ལུང་ངུར་བྱས་པའི
་ཕྱིར་རོ།། རྒྱལ་པོས་བཀྲབས་པ་དང་། རྒྱལ་པོ་ལ་གནིང་པ་བྱེད་པ་དང་། རྒྱལ་པོ་དང་མི་མཐུན་པའི་ལས་བྱེད་པ་དང་། བུ་ལོན་གཞལ་དགོས་པ་དང་། བྲན་དང་ཕྲོགས་བྱ་དང་མཆུ་ཐོགས་པ་དང་། བརྗོད་པ་ཡོད་པ་དང་། ཕྲ་མས་མ
་ག་ནང་བ་དག་ནི་གཞན་གྱི་དབང་དུ་གྱུར་པ་ཡིན་པས་བསྙེན་པར་རྫོགས་པར་མི་བྱའོ།། སྤྲུལ་པ་དག་ནི་གཞན་རྗེས་སུ་བསྲུང་བས་བསྙེན་པར་རྫོགས་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཀླུར་གྱུར་པ་ལས་ཆོས་རྣམས་གཟུང་བའི་ཕྱིར།
་དགེ་སློང་གི་ལུས་སུ་ཡུལ་ནས་བསྙེན་པར་རྫོགས་པ་ཚོལ་བར་བྱེད་པ་ཡིན་ཏེ། གལ་ཏེ་ཀླུ་དེ་བསྙེན་པར་རྫོགས་པར་འགྱུར། དགེ་སློང་དུ་གྱུར་པ་དེ་གཉིད་ལོག་ན་ནི་རང་གིས་གཟུགས་སུ་གནས་པས། ཀུན་དགའི་ར་བའི་སྡུད་པ་འམ། དག
་བསྙེན་དག་དགེ་སློང་གི་འདུ་ཤེས་ཀྱིས་ཚམ་ཚོམ་མེད་པར་དྲུང་དུ་འོངས་ཏེ། གཟུགས་མི་སྡུག་པ་མཐོང་ན་འདི་སྙམ་དུ་དགེ་སློང་ཐམས་ཅད་ནི་མི་མ་ཡིན་པ་ཡིན་པ་སུ་ནིག་འདི་དག་ལ་བསོད་སྙོམས་འབུལ་བ་དང་བྱ་བར་སེམས་ཤེས། དགེ་སློང
་ཐམས་ཅད་ལ་ཞེ་སྡང་གི་སེམས་བསྐྱེད་ཅིང་སྡིག་པ་ཅན་གྱི་ལྟ་བ་ཐོབ་པར་གྱུར་པས། དེའི་ཕྱིར་གཞན་རྗེས་སུ་བསྲུང་བསྡུ་དེ་དག་ཀྱང་བསྙེན་པར་རྫོགས་པར་མི་བྱའོ།། དེ་ལྟར་ན་ལས་བྱེད་པའི་སློབ་དཔོན་མེད་པ་དང་། མཁན་པོ་མེད་པ་དང་།
་དགེ་འདུན་ཚུལ་ལ་གནས་པ་ཚང་བར་མེད་པ་མ་གཏོགས་པར་རྒྱུ་དྲུག་པོ་དེ་དག་གིས་ན་དགེ་སློང་གི་སྡོམ་པ་ལེན་པར་མི་འགྱུར་རོ།། རྒྱུ་དུས་ནི་དགེ་བསྙེན་གྱི་སྡོམ་པ་ལེན་པར་མི་འགྱུར་ཞེ་ན། མདོར་བསྡུ་ན་རྒྱུ་གཉིས་ཀྱིས་ཏེ་བསམ་པ་ཉམས
་པ་དང་། སྐྱེས་པ་ཉིད་ཉམས་པས་སོ།། དེ་ལ་བསམ་པ་ཉམས་པས་ནི་ཐམས་ཅད་ཀྱིས་ཐམས་ཅད་དུ་ལེན་པར་མི་འགྱུར་བ་ཁོ་ནར་ཁོང་དུ་ཆུད་པར་བྱའོ།། སྐྱེས་པ་ཉིད་ཉམས་པས་ནི་ལེན་པ་ཡོད་དུ་ཟིན་ཀྱང་སྔར་བསྟན་པའི་རྒྱུ་ཉིད་ཀྱིས་ན་དེ
་དགེ་བསྙེན་དུ་ནི་བརྗེད་པར་མི་བྱའོ།། བསྙེན་གནས་པའི་སྡོམ་པ་ནི་བསམ་པ་ཉམས་པ་ཁོ་ནས་ལེན་པར་མི་འགྱུར་བར་ཁོང་དུ་ཆུད་པར་བྱ་སྟེ། གླང་ལ་ལ་དག་གཞན་གྱི་རྗེས་སུ་འཇུག་པའམ། རྙེད་པ་དང་བཀུར་སྟིའི་ཕྱིར་བསྙེན་གནས་པའི་སྡོམ
་པ་ཡང་དག་པར་ལེན་པར་དམ་འཆའ་བ་དེ་དག་ཀྱང་དེ་ལ་བླང་བའི་བསམ་པ་མེད་པ་ཡིན་ཏེ། དེ་ལྟར་ན་དེ་ནི་དེའི་བསམ་པ་ཉམས་པ་ཡིན་པར་རིག་པར་བྱའོ།། ལེན་པར་མི་འགྱུར་བའི་རྒྱུ་ཇི་སྐད་བསྟན་པ་དེ་དག་མེད་པས་ནི་སྡོམ་པ་བསྟན་པ་དེ
་ངག་ལེན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། དེ་ལ་རྒྱུ་དུས་ན་དགེ་སློང་གི་སྡོམ་པ་བླངས་ཀྱང་གཏོང་བར་འགྱུར་ཞེ་ན། མདོར་བསྡུ་ན་རྒྱུ་ལྔས་ཏེ་བསླབ་པའི་གཞི་འབུལ་བ་དང་། ལྟུང་བའི་རྩ་བ་ལྷག་པར་སྤྱོད་པ་དང་། མཚན
་ནུབ་ཅིང་མཚན་གཉིས་སྐྱེས་པ་དང་། དགེ་བའི་རྩ་བ་ཆད་པ་དང་། རིགས་མཐུན་པ་སྤངས་པས་ཀྱང་དགེ་སློང་གི་སྡོམ་པ་བླངས་པ་གཏོང་བར་འགྱུར་རོ།། དམ་པའི་ཆོས་རབ་ཏུ་རྣམ་པར་ཞིག་ཅིང་དམ་པའི་ཆོས་ནུབ་ན་ནི་དགེ་སློང་གི་སྡོམ་པ་མ
་བླངས་པ་ནི་བླང་དུ་མེད་ལ། སྔར་བླངས་པ་ནི་ཡོངས་སུ་མི་གཏོང་བར་རིག་པར་བྱ་སྟེ། འདི་ལྟར་དེའི་ཚེ་དུས་ངན་པ་བྱུང་བ་དེའི་ཚེ་ན་སེམས་ཅན་འགའ་ཡང་བརྩམ་པ་མ་ཉམས་པས་བསྙེན་བཱ་ཛྲེ་པཱ་འགྱུར་བ་ཡང་མེད་ན། དགེ་སྦྱོང་གི་འབྲས་བུ་ཐོབ་པར་འགྱུར
་བ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ།། དགེ་བསྙེན་གྱི་སྡོམ་པ་ནི་མི་མཐུན་པའི་སེམས་སྐྱེས་པ་དང་། དགེ་བའི་རྩ་བ་ཆད་པ་དང་། རིས་མཐུན་པ་སྤངས་པས་ཡོངས་སུ་གཏོང་བར་རིག་པར་བྱའོ།། དམ་པའི་ཆོས་ནུབ་པས་ནི་དགེ་སློང་གི་སྡོམ་པ་ཇི
་ལྟ་བ་བཞིན་དུ་དགེ་བསྙེན་གྱི་སྡོམ་པ་དང་། བསྙེན་གནས་པའི་སྡོམ་པ་ཡང་དེ་བཞིན་དུ་རིག་པར་བྱའོ།། བསྙེན་གནས་པའི་སྡོམ་པ་གཏོང་བ་ནི་ཉི་མ་ཤར་བ་དང་། གལ་ཏེ་སེམས་མི་མཐུན་པ་བསྐྱེད་པ་དང་། སྔ་རོལ་ཏུ་རིས་མཐུན་པ་སྤོང་ཞིང་འཆི་བའི
་དུས་བྱེད་པ་ལས་ཁོང་དུ་ཆུད་པར་བྱའོ།། །། བམ་པོ་ལྔ་པ།། དེ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཞེ་ན། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། གོང་མའི་འདོད་ཆགས་དང་མ་བྲལ་བའི་འབྱུང་བའི་འདུ་ཤེས
་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པ་ཙམ་དང་། ཉེ་བར་ཞི་ཞིང་མི་འབྱུང་བ་ཙམ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེ་ཡང་བཏགས་པའི་ཡོད་པ་ཡིན་གྱི།།
་རྫས་སུ་ནི་མ་ཡིན་ནོ།། དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆུད་དུ་བསྒོམས་པ་དང་། འབྲིང་དུ་བསྒོམས་པ་དང་། ཆེར་བསྒོམས་པའོ།། དེ་ཆུད་དུ་བསྒོམས་པས་ནི་ཚེ་འདི་ལས་ཡོངས་སུ་ཉམས་པར་འགྱུར་ཞིང་མྱུར
་བ་མྱུར་བ་ཁོ་ནར་ཕྱིར་བསྐྱེད་པར་ཡང་མི་ནུས་ལ། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་། ཇི་ལྟར་གཞན་དག་གིས་ལུས་གཟུགས་ཡོངས་སུ་དག་པ། འོད་གསལ་བ་དང་རྒྱ་ཆེ་བ་དེ་ལྟར་མི་འགྱུར་ཞིང་ངེས
་པར་བར་སྐབས་སུ་འཆི་བའི་དུས་བྱེད་པར་འགྱུར་རོ།། འབྲིང་དུ་བསྒོམས་པས་ནི་ཡོངས་སུ་ཉམས་པར་འགྱུར་ཞིང་མྱུར་བ་མྱུར་བ་ཁོ་ནར་ཕྱིར་བསྐྱེད་པར་མི་ནུས་ལ། དེ་སྐྱེས་ན་ཡང་ལུས་གཟུགས་ཡོངས་སུ་དག་པ་འོད་གསལ་བ་དང
་རྒྱ་ཆེ་བ་འགྲུབ་པ་ནི་འགྱུར་མོད་ཀྱི། མཐར་ཐུག་པ་ཤིན་ཏུ་ཡོངས་སུ་དག་པར་མི་འགྱུར་ཞིང་བར་སྐབསུ་འཆི་བའི་དུས་བྱེད་པར་ཡང་འགྱུར་ལ་ངེས་པོ་ནི་མ་ཡིན་ནོ།། ཆེར་བསྒོམས་པས་ནི་ཡོངས་སུ་ཉམ་པར་མི་འགྱུར་ལ། དེར་སྐྱེས
་ན་ཡང་ལུས་གཟུགས་ཡོངསུ་དག་པ་འོད་གསལ་བ་དང་རྒྱ་ཆེ་བ་ཡང་འགྲུབ་ཅིང་མཐར་ཐུག་པར་ཤིན་ཏུ་ཡོངས་སུ་དག་པར་ཡང་འགྱུར་ལ། བར་སྐབས་སུ་འཆི་བའི་དུས་བྱེད་པར་ཡང་མི་འགྱུར་ཞིང་། ཚེ་ཡོངས་སུ་རྫོགས་ནས་ཟོད
་པར་བྱེད་དོ།། རྒྱུ་དེ་དང་རྐྱེན་དེས་སྐྱེས་ནས་ཐོབ་པའི་སེམས་དང་སེམས་ལས་འབྱུང་བས་འགོག་པ་དེ་ནི་འདུ་ཤེས་མེད་པ་པ་ཞེས་བྱའོ།། དེ་ལ་འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད
་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་གྲོང་མའི་འདོད་ཆུ་གོས་དང་མ་བྲལ་ཡང་རུང་། འདོད་ཆགས་དང་བྲལ་ཡང་རུང་བའི་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས
་འགོག་པ་ཙམ་དང་། ཉེ་བར་ཞི་ཞིང་མི་འབྱུང་བ་ཙམ་ནི་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། འཇུག་པའི་རྣམ་པར་ཤེས་པ་ཙམ་ཉེ་བར་ཞི་བར་ཟད་ཀྱི། ཀུན་གཞི་རྣམ་པར་ཤེས་པ་ཉེ་བར་ཞི་བ་ནི་མ་ཡིན་ནོ།། དེ་ཡང
་བཏགས་པའི་ཡོད་པ་ཡིན་གྱི་རྫས་སུ་ནི་མ་ཡིན་པར་རིག་པར་བྱའོ།། དེ་ཡང་འདོར་བསྡུ་ན་རྣམ་པ་གསུམ་སྟེ་སྔ་མ་བཞིན་དུ་ཆུང་ངུ་བསྒོམས་པ་ལ་སོགས་པའོ།། དེ་ལ་ཆུང་དུ་བསྒོམས་པས་ནི་ཡོངས་སུ་ཉམས་པར་འགྱུར་ཞིང་མྱུར
་བཱ་མྱུར་བ་ཁོ་ནར་ཕྱིར་བསྐྱེད་བསྐྱེད་པར་ཡང་མི་ནུས་སོ།། འབྲིང་དུ་བསྒོམས་པས་ནི་ཡོངས་སུ་ཉམས་པར་འགྱུར་ལ། མྱུར་བ་མྱུར་བ་ཁོ་ནར་ཕྱིར་བསྐྱེད་པ་ནི་ནུས་སོ།། ཆེར་བསྒོམས་པས་ནི་ཡོངས་སུ་ཉམས་པར་མི་འགྱུར་བ་ཁོ་ན
་ཡིན་ནོ།། དེ་ལོ་སློབ་པར་ཕྱིར་མི་འོང་བ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་། མི་སློབ་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡང་སྙོམས་པར་འཇུག་གོ།། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ནི་སློབ་པ་ཡང་སྙོམས་པར་མི
་འཇུག་ལ། མི་སློབ་པ་ཡང་ནི་མི་འཇུག་གོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཤེས་རབ་ཀྱི་སྤྱོད་པ་མེད་ལ་དེའི་གོང་ན་ཆེས་ནི་གི་གནས་པ་ཡོད་པའི་ཕྱིར་ཏེ། སྐྱེ་བ་དེ་ནི་དགེ་བའི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱ་བ་ལ་སླུ་བའི་གནས
་ཡིན་ནོ།། དེ་ལ་ན་མཁའ་གང་ཞེ་ན། གཟུགས་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་ན་མཁའ་ཡིན་ཏེ། འདི་ལྟར་གང་ལ་གཟུགས་ཀྱི་རྣམ་པ་མི་དམིགས་པ་དེ་ལ་ན་མཁའི་འདུ་ཤེས་འབྱུང་བར་འགྱུར་བས་དེའི་ཕྱིར་དེ་ཡང་བཏགས
་པའི་ཡོད་པ་ཡིན་པར་རིག་པར་བྱའི་རྫས་སུ་ནི་མ་ཡིན་ནོ།། སོ་སོར་བཏོགས་པ་མ་ཡིན་པའི་འགོག་པ་གང་ཞེ་ན། དེ་ལས་གཞན་པ་སྐྱེ་བའི་རྐྱེན་མངོན་དུ་གྱུར་པ་ན་དེ་ལས་གཞན་པ་སྐྱེ་བས།། དེ་ལས་གཞན་པ་མི
་སྐྱེ་ཞིང་ཉེ་བར་ཞི་བའི་འགོག་པ་ཙམ་ནི་སོ་སོར་བཏགས་པ་མ་ཡིན་པའི་འགོག་པ་ཞེས་བྱ་སྟེ། གང་དེའི་ཚེ་ན་མ་སྐྱེས་ཤིང་སྐྱེ་བའི་དུས་ལས་ཐོལ་བ་དེ་ནི་དེའི་ཚེ་ན་མ་ཡང་སྐྱེ་བར་མི་འགྱུར་བས། དེའི་ཕྱིར་དེ་ཡང་བཏགས་པའི
་ཡོད་པ་ཡིན་གྱིས་རྫས་སུ་ཡོད་པ་ནི་མ་ཡིན་ཏེ། དེའི་ཆ་རང་གི་མཚན་ཉིད་ནི་གཞན་ཅུང་ཟད་ཀྱང་མི་དམིགས་སོ།། དེ་ཡང་ཆོས་ཀྱི་རྣམ་པ་དང་མ་བྲལ་བའི་ཕྱིར་དུས་གཞོན་གྱི་ཚེ་རྐྱེན་དང་ཕྲད་ན་འབྱུང་བར་འགྱུར་བས་དེའི་ཕྱིར
་སོ་སོར་བཏགས་པ་མ་ཡིན་པའི་འགོག་པ་དེ་ནི་གཏན་ཏུ་བ་མ་ཡིན་ནོ།། སློབ་པ་བཞི་མཐོང་བ་དེ་སྒོ་ང་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་དང་། བྱང་གི་སྒྲ་མི་སྙན་དུ་སྐྱེ་བ་དང་། འདུ་ཤེས་མེད་པ་པའི
་སེམས་ཅན་དུ་སྐྱེ་བ་དང་། བུད་མེད་དང་། ཟ་མ་དང་། མ་ནིང་དང་། མཚན་མེད་དང་། མཚན་གཉིས་པར་སྐྱེ་བ་དང་། ཡང་འབྱུང་བའི་སྲིད་པ་ལ་སྲེད་ཅིང་སྨོན་པ་དག་སོ་སོར་བཏགས་པ་མ་ཡིན་པའི་འགོག་པ
་འཐོབ་པ་དེ་ནི་གཏན་དུ་བ་ཡིན་པར་རིག་པར་བྱའོ།། སློབ་པ་བཞི་མཐོང་བ་ནི་ནམ་ཡང་། ཡང་འབྱུང་བའི་སྲིད་པ་ལ་མངོན་པར་འདོད་ཅིང་སྨོན་པའི་ཀུན་ནས་དཀྲིས་པས་ཡང་འབྱུང་བའི་སྲིད་པ་མངོན་པར་སྒྲུབ་པར་མི་བྱེད་དེ། སྲེད
་པའི་ས་བོན་ལྷག་མ་མ་ལུས་པར་ཡང་དགྲ་པར་མ་བཅོམ་པ་ཁོ་ན་ཙམ་དུ་ཟད་དེ། ཅིའི་ཕྱིར་སེམས་དང་མི་ལྡན་པ་རྣམས་ཤེས་བྱ་ཞེ་ན། དེ་དག་ནི་དེ་དག་ལ་མིང་དུ་བཏགས་པ་ཐ་སྙད་འདོགས་པར་ཟད་པའི་ཕྱིར་ཏེ། དེ་དག་ཀྱང
་གཟུགས་ཅན་རྣམས་ལ་ཡང་གཉི་ག་མཱ་ཡིན་པ་དང་། བསྟན་དུ་ཡོད་པ་རྣམས་ལ་ཡང་གྲོཉི་ག་མ་ཡིན་པར་རྣམ་པར་གཞག་པའི་ཚུལ་རྒྱ་ཆེར་རིག་པར་བྱའོ།། མཁས་པ་དྲུག་པོ་འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་ནས་དབང་པོ་ལ
་མཁས་པའི་བཱར་དུ་གང་གསུངས་པའི་མཁས་པ་དེ་དག་གི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་པར་རིག་པར་བྱ་ཞེ་ན། སྡོམ་ནི། ངོ་བོ་ཉིད་དང་དོན་རྣམ་དབྱེ།། གོ་རིམ་དང་ནི་བསྡུ་དང་བརྟེན།། དེ་ལ་གཟུགས་གང་ཞེ་ན། དེ་ནི་རྣམ་པ
་བཅུ་གཅིག་ཏུ་རིག་པར་བྱ་སྟེ། མིག་ལ་སོགས་པ་རེག་བྱའི་མཐར་ཐུག་པའི་བར་གྱི་སྐྱེ་མཆེད་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་སོ་དེ་ཡང་མདོར་བསྡུ་ན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་སྟེ། ཐམས་ཅད
་ཀྱང་གཟུགས་སུ་རུང་བའི་མཚན་ཉིད་ཡིན་ནོ།། ཚོར་བ་གང་ཞེ་ན། དེ་ནི་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། མིག་དང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའོ།། དེ་ཡང་རྣམ་པ
་གསུམ་དང་རྣམ་གཉིས་ཏེ། ལུས་ཀྱི་དང་སེམས་ཀྱིའོ།། དེ་ལ་གཟུགས་ཅན་ལ་བརྟེན་པ་ནི་ལུས་ཀྱིའོ།། གཟུགས་ཅན་མ་ཡིན་པ་ལ་བརྟེན་པ་ནི་སེམས་ཀྱིའོ།། དེ་ཅིའི་ཕྱིར་ཞེ་ན། དབང་པོ་ལྔ་པོ་དག་ནི་གཟུགས་ཅན་ཡིན་པའི
་ཕྱིར་རོ།། གལ་ཏེ་དབང་པོ་ལྔ་པོ་དག་གཟུགས་ཅན་ཡིན་པའི་ཕྱིར་མིག་ལ་སོགས་པ་དབང་པོ་གཟུགས་ཅན་རྣམས་ལ་བརྟེན་པའི་ཚོར་བ་གང་ཡིན་པ་དེ་ལུས་ཀྱི་ཡིན་པར་གྱུར་ན། འོ་ན་ཅིའི་ཕྱིར་མིག་ལ་སོགས་པའི་དབང་པོ་དེ་དག
་ལུས་ཀྱི་མཚན་ཉིད་ཁོ་ན་ཡིན་པར་མི་འགྱུར་ཞེ་ན། སྨྲས་པ། མཚན་ཉིད་མི་འདྲ་བའི་ཕྱིར་ཏེ། འདི་ལྟར་དེ་དག་ནི་ཕན་ཚུན་མཚན་ཉིད་མི་འདྲ་བ་ཡིན་པའི་ཕྱིར་རོ།། གལ་ཏེ་མཚན་ཉིད་མི་འདྲ་བ་ཡིན་ན་མཚན་ཉིད་མི་འདྲ་བའི
་ཕྱིར་ལུས་ཀྱི་མཚན་ཉིད་མ་ཡིན་པས། དེས་ན་དེ་ལ་བརྟེན་པའི་ཚོར་བ་གང་ཡིན་པ་དེ་ཡང་རྒྱུ་དེ་གཉིས་ཀྱིས་ན་ལུས་ཀྱི་མ་ཡིན་པར་མི་འགྱུར་རམ་ཞེ་ན། སྨྲས་པ། དེ་ལས་གཞན་པའི་དབང་པོ་གཟུགས་ཅན་རྣམས་ནི་ལུས་ལས་ཐ
་མི་དད་པའི་ཕྱིར་དེ་ལ་ཉེ་བར་གདགས་པ་ལ་ཉེས་པ་མེད་དོ།། གལ་ཏེ་ཐ་མི་དད་པས་ཉེས་པ་མེད་ན་དེ་ལྟ་ན་ཡིད་ཀྱང་ལུས་ལས་ཐ་མི་དད་པར་འབྱུང་བས་དེས་ན་ཡིད་ལ་བརྟེན་པའི་ཚོར་བ་གང་ཡིན་པ་དེ་ཡང་ལུས་ཀྱི་ཡིན་པར་འགྱུར་བས
་དེའི་ཕྱིར་ལུས་ཀྱི་ཚོར་བ་ཁོ་ནར་འགྱུར་གྱི་སེམས་ཀྱི་ནི་མ་ཡིན་པར་འགྱུར་རོ་ཞེ་ན། སྨྲས་པ། ལུས་ནི་དབང་པོ་གཟུགས་ཅན་རྣམས་ལས་གཏན་ཐ་དད་པ་མ་ཡིན་ལ། ཡིད་ནི་དེ་ལྟ་མ་ཡིན་པས་ཉེས་པ་མེད་དེ།
་འདི་ལྟར་གཟུགས་མེད་པར་སྐྱེས་པའི་སེམས་ཅན་རྣམས་ལ་ལུས་ལས་ཐ་དད་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་འགྱུར་བས་དེའི་ཕྱིར་དབང་པོ་ལྔ་དང་ལྡན་པའི་ཚོར་བ་ནི་ལུས་ཀྱི་ཁོ་ན་ཞེས་བྱ་བ་ལ་ཡིད་ཀྱི་འབའ་ཞིག་སེམས
་ཀྱི་ཞེས་བྱའོ།། དེ་ལྟ་བས་ན་ཚོར་བ་ནི་མདོར་བསྡུ་ན། ལུས་ཀྱི་དང་སེམས་ཀྱི་ཡིན་ལ་ཐམས་ཅད་ཀྱང་མྱོང་བའི་མཚན་ཉིད་ཡིན་ནོ།། འདུ་ཤེས་གང་ཞེ་ན། དེ་ཡང་སྔ་མ་བཞིན་དུ་རྣམ་པ་དྲུག་གོ།། དེ་ཡང་དྲུག་སྟེ་མཚན་མ་དང
་བཅས་པའི་འདུ་ཤེས་མ་དང་། མཚན་མ་མེད་པའི་འདུ་ཤེས་དང་། ཆུང་ངུའི་འདུ་ཤེས་དང་། ཆེན་པོར་གྱུར་པའི་འདུ་ཤེས་དང་། ཚད་མེད་པའི་འདུ་ཤེས་དང་། ཅི་ཡང་མེད་པའི་འདུ་ཤེས་དང་། དེ་ཡང་མདོར་བསྟན་འཇིག་རྟེན་པ
་དང་འཇིག་རྟེན་ལས་འདས་པའི་འོ།། དེ་ལ་ཆུང་ངུའི་འདུ་ཤེས་ནི་འདོད་པ་ནི་སྤྱོད་པའིའོ།། ཆེན་པོར་གྱུར་པའི་འདུ་ཤེས་ནི་གཟུགས་ན་སྤྱོད་པའི་འོ།། ཚད་མེད་པའི་འདུ་ཤེས་ནི་ན་མཁའི་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ན་སྤྱོད
་པའིའོ།། ཅི་ཡང་མེད་པའི་འདུ་ཤེས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ན་སྤྱོད་པའི་སྟེ། དེ་དག་ཐམས་ཅད་ནི་མཚན་མ་དང་བཅས་པའི་འདུ་ཤེས་ཡིན་ནོ།། མཚན་མ་མེད་པའི་འདུ་ཤེས་ནི་སྲིད་པའི་རྩེ་མོའི་འདུ་ཤེས
་གང་ཡིན་པ་དང་འཇིག་རྟེན་ལས་འདས་པ་སློབ་པ་དང་། མི་སློབ་པའི་ཐམས་ཅད་དེ་ཐམས་ཅད་ཀྱང་ཀུན་ཏུ་ཤེས་པར་བྱེད་པའི་མཚན་ཉིད་ཡིན་ནོ།། འདུ་བྱེད་རྣམས་གང་ཞེ་ན། དེ་དག་ཀྱང་སྔ་མ་ཁོ་ན་བཞིན་དུ་རྣམ་པ
་དྲུག་གོ། དེ་ཡང་འདི་ལྟ་སྟེ་ཡུལ་དང་མཐུན་པར་བྱེད་པ་དང་། དེ་དང་ཕྲད་པར་བྱ་བ་དང་། དེ་དང་འབྲལ་བར་བྱ་བ་དང་། ཀུན་ནས་ཉོན་མོངས་པ་དང་། ལས་ཀུན་ཏུ་བླང་བར་བྱ་བ་དང་། སེམས་ཀྱིས་དབང་བསྒྱུར་བར་བྱ་བའི
་ཕྱིར་སེམས་མངོན་པར་འདུ་བྱེད་པ་རྣམ་པ་སྔར་བལྟ་བར་བྱའོ།། འདུ་བྱེད་རྣམས་ནི་མདོར་བསྡུ་ན་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དྲུག་སྟེ་ཐམས་ཅད་ཀྱང་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་ནོ།། རྣམ་པར་ཤེས་པ
་གང་ཞེ་ན། དེ་ནི་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་ཏེ། དེ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱི་དབྱེ་བ་ཡིན་ནོ།། གཞན་ཡང་དུ་བྱེ་བ་རྣམ་པ་གསུམ་ཡོད་པར་བལྟ་བར་བྱ།
་སྟེ། མྱོང་བའི་དབྱེ་བ་དང་དམིགས་པ་ལས་མཚན་མར་འཛིན་པའི་དབྱེ་བ་དང་གནས་སྐབས་ཀྱི་དུ་བྱེ་བའོ།། དེ་ལ་མྱོང་བའི་དབྱེ་བ་ནི་རྣམ་པ་གསུམ་མོ།། དམིགས་པ་ལ་མཚན་མར་འཛིན་པའི་དབྱེ་བ་ནི་རྣམ་པ་དྲུག་གོ། གནས
་སྐབས་ཀྱི་དབྱེ་བ་ནི་རྣམ་པ་གསུམ་མོ།། དབྱེ་བ་དེ་དག་གཅིག་ཏུ་བསྡུས་ན་རྣམ་པར་ཤེས་པའི་ངོ་བོ་ཉིད་རྣམ་པ་བཅོ་བརྒྱད་དུ་འགྱུར་ཏེ། དེ་ནི་ཕུང་པོ་རྣམས་ཀྱི་ངོ་བོ་ཉིད་ཡིན་ནོ།། དེ་ལ་ཕུང་པོའི་དོན་ནི་གང་ཅིའི་ཕྱིར་ན་ཕུང་པོ
་རྣམ་པར་བཞག་པ་ཡོངས་སུ་བསྟན་ཅེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ནས་ཐག་རིང་བ་དང་། ཉེ་བའི་བར་དང་གཟུགས་ཇི་ལྟ་བ་བཞིན་རྣམ་པར
་ཤེས་པའི་བར་དུ་ཡང་དེ་བཞིན་ཏེ། དེ་དག་གཅིག་ཏུ་བསྡུས་པ་ནི་རྣམ་པ་ཐམས་ཅད་དུ་བསྡུས་པ་ཡིན་པའི་ཕྱིར་བསྡུས་པའི་དོན་ནི་ཕུང་པོའི་དོན་ཏོ།། ཡང་ཕུང་པོ་དེ་དག་ན་བདག་ཉིད་སྣ་ཚོགས་མང་པོ་ཡིན་པའི་ཕྱིར་འདུ་བྱེད་ཙམ་སྟེ
་དེ་ལས་དོན་གཞན་པའི་བདག་མེད་པར་ཡོངས་སུ་བསྟན་པའི་ཕྱིར་ཕུང་པོ་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལ་གཟུགས་ཀྱི་ཕུང་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ནི་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། དངོས་པོ་དང་མཚན་ཉིད་དང
་རྣམ་པར་ཤེས་པ་གནས་པ་དང་མི་གནས་པ་དང་། རྣམ་པར་ཤེས་པ་ལས་དབེན་པ་དང་མི་དབེན་པ་དང་། འདུ་ཤེས་ཀྱི་སྤྱོད་ཡུལ་དང་མཐའོ།། དེ་ལ་གཟུགས་ཀྱི་དངོས་པོ་ནི་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད
་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ།། དེ་ལ་གཟུགས་ཀྱི་རང་གི་མཚན་ཉིད་ནི་མདོར་བསྡུ་ན་དང་བ་དང་། དྲང་བའི་གཟུང་བ་དང་། ཡིད་ཀྱི་གཟུང་བའི་གཟུགས་སོ།། སྤྱིའི་མཚན་ཉིད་ནི་གཟུགས་སུ་རུང་བའི་མཚན་ཉིད་དོ།། དེ་ལ
་རྣམ་པར་ཤེས་པ་གནས་པ་དང་མི་གནས་པ་ནི་ཟིན་པོའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་གནས་པ་ཞེས་བྱ་སྟེ། དེ་ཡང་རྣམ་པར་ཤེས་པ་དང་འདྲེས་པ་གྲུབ་པ་དང་བདེ་བ་གཅིག་པོའི་དོན་གྱི་འཇུག་པ་གང་ཡིན་པ་དང་། ཚོར
་བ་རྣམས་སྐྱེ་བའི་རྟེན་དུ་གྱུར་པ་གང་ཡིན་པའོ།། དེ་ལས་བཟློག་པ་ནི་མ་ཟིན་པ་ཡིན་པར་རིག་པར་བྱ། དེ་ལ་རྣམ་པར་ཤེས་པ་ལས་དབེན་པ་དང་མི་དབེན་པ་ནི་རྣམ་པར་ཤེས་པ་ལས་མི་དབེན་པའི་གཟུགས་གང་ཡིན་པ་དེ་ནི་མཚུངས།
་བ་ཞེས་བྱ་སྟེ། རྣམ་པོར་ཤེས་པ་དང་མཚུངས་པར་དོན་ལ་འཇུག་པ་ཉིད་ཀྱི་ཕྱིར་རོ།། རྣམ་པར་ཤེས་པ་ལས་དབེན་པའི་གཟུགས་གང་ཡིན་པ་དེ་ནི་དེ་དག་དང་མཚུངས་པ་ཞེས་བྱ་སྟེ་རང་གི་རྒྱུད་དང་མཚུངས་པར་རྗེས་སུ་འཇུག་པ
་ཉིད་ཀྱི་ཕྱིར་རོ།། དེ་ལ་འདུ་ཤེས་ཀྱི་སྤྱོད་ཡུལ་ནི་འདུ་ཤེས་གསུམ་པོ་འདི་དག་ནི་གཟུགས་ལ་དམིགས་པ་ཡིན་ཏེ། གཟུགས་ཀྱི་འདུ་ཤེས་དང་། ཐོགས་པའི་འདུ་ཤེས་དང་། སྣ་ཚོགས་ཀྱི་འདུ་ཤེས་སོ།། གཟུགས་ཀྱང་མཚན་ཉིད
་གསུམ་སྟེ་སྣང་བ་དང་བཅས་པའི་མཚན་ཉིད་དང་། ཡུལ་གླནོད་པའི་མཚན་ཉིད་དང་། རྒྱས་པར་གནས་པའི་མཚན་ཉིད་དེ། དེ་དག་ཀྱང་གོ་རིམས་བཞིན་དུ་འདུ་ཤེས་གསུམ་པོ་དག་གིས་སྤྱོད་ཡུལ་ཏུ་གྱུར་པ་ཡིན་པར་བལྟ་བར
་བྱའོ།། དེ་ལ་སྔོན་པོ་ལ་སོགས་པའི་ཁ་དོག་འཛིན་པར་བྱེད་པ་ནི་གཟུགས་ཀྱི་འདུ་ཤེས་སོ།། འགྲོ་བ་ཐོགས་པ་འཛིན་པར་བྱེད་པ་ནི་ཐོགས་པའི་འདུ་ཤེས་སོ།། བུད་མེད་དང་། སྐྱེས་པ་དང་། ཁང་ཁྱིམ་དང་། ཞིང་ལ་སོགས་པར་ཉེ་བར
་འདོགས་པར་འཛིན་པར་བྱེད་པ་ནི་སྣ་ཚོགས་ཀྱི་འདུ་ཤེས་ཏེ། དེ་ནི་འདུ་ཤེས་ཀྱི་སྤྱོད་ཡུལ་གྱི་རབ་ཏུ་དབྱེ་བ་ཡིན་ནོ།། དེ་ལ་གཟུགས་ཀྱི་མཐའ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཁམས་འོག་མ་དང་ཁམས་བར་མར་གཏོགས་པ་སྟེ།
་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའོ།། དེ་ལ་གཟུགས་མེད་པ་རྣམས་ན་ནི་ལས་ཀྱི་དབང་གིས་གྲུབ་པ་ཉིད་ལས་བརྟེན་ནས་གཟུགས་མེད་པ་ཞེས་བྱ་བར་ཟད་དེ། སྙོམས་པར་འཇུག་པའི་དབང
་ལས་བརྟེན་ནས་ནི་མ་ཡིན་ཏེ། འདི་ལྟར་དེ་ལ་སྙོམས་པར་འཇུག་པས་མངོན་དུ་གྱུར་པ་ལས་ཐམས་ཅད་ན་གཟུགས་ཀྱི་རྣམ་པ་ལ་དབང་བ་དམིགས་པའི་ཕྱིར་ཏེདེ་ཡང་སྙོམས་པར་འཇུག་པའི་གཟུགས་ཆུ་ཕྲ་བ་ཞེས་བྱའོ།། དེ་ལ
་ཚོར་བའི་ཕུང་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ནི་རྣམ་པ་སྔར་བལྟ་བར་བྱ་སྟེ། དེ་ངོས་པོ་དང་། མཚན་ཉིད་དང་། རབ་ཏུ་སྐྱེ་བ་དང་ཉེ་བར་བཏགས་པ་དང་། ངེས་པར་འབྱུང་བའོ།། དེ་ལ་ཚུར་བུའི་ཕུང་པོའི་དངོས་པོ་ནི་མྱོང་བོ་ཉིད་དང་།། མྱོང
་བའི་གནས་དང་མཐུན་པའི་ཆོས་རྣམས་སོ།། དེ་ལ་རང་གི་མཚན་ཉིད་ནི་བདྲི་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའོ།། དེ་ལོ་ཚོར་བའི་ཕུང་པོའི་སྤྱིའི་མཚན་ཉིད་ནི་བདེ་བའི་ཚོར་བ་ནི་འགྱུར
་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དང་། སྡུག་བསྔལ་གྱི་ཚོར་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག
་བསྔལ་བའི་དབང་དུ་མཛད་ནས། གང་ཅི་ཚོར་བ་ཡང་རང་སྟེ་དེ་འདིར་སྡུག་བསྔལ་བའོ་ཞེས་བྱའོ།། དེ་ལ་རབ་ཏུ་སྐྱེ་བ་ནི་རེག་པོ་བཅུ་དྲུག་ལས་ཚོར་བ་རྣམས་འབྱུང་བར་འགྱུར་བ་སྟེ། འདི་ལྟ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕི་དང་།
་ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་རྣམས་དང་། ཐོགས་པའི་འདུས་ཏེ་རེག་པ་དང་། ཚིག་བླ་དགས་ཀྱི་འདུས་ཏེ་རེག་པ་དང་། བདེ་བའི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་དང་། སྡུག་བསྔལ་གྱི་ཚོར་བ་དང་། མཐུན་པའི་འདུས་ཏེ་རེག་པ
་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་དང་། རྗེས་སུ་ཆགས་པའི་འདུས་ཏེ་རེག་པ་དང་། ཁོང་ཁྲོ་བའི་འདུས་ཏེ་རེག་པ་དང་། རིག་པའི་འདུས་ཏེ་རེག་པ་དང་། མ་རིག་པོའི་འདུས་ཏེ
་རེག་པ་དང་། རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་འདུས་ཏེ་རེག་པ་ལས་སོ།། དེ་ལ་ཡུལ་འཛིན་པར་བྱེད་པ་ཉིད་ལས་བརྟེན་པ་ནས་ནི་འདུས་ཏེ་རེག་པ་དྲུག་པོ་རྣམས་དང་། ཐོགས་པའི་འདུས་ཏེ་རེག་པ་རྣམ་པར་གཞག་གོ།། ཡུལ
་ལ་རྣམ་པར་རྟོག་པ་ཉིད་ལས་བརྟེན་ནས་ནི་ཚིག་བླ་དགས་ཀྱི་འདུས་ཏེ་རེག་པ་གཅིག་དུ་རྣམ་པར་གཞག་གོ། ཡུལ་མྱོང་བར་བྱེད་པ་ཉིད་ལས་བརྟན་ནས་ནི་བདེ་བ་ལ་སོགས་པའི་ཚོར་བ་དང་མཐུན་པའི་འདུས་ཏེ། རེག་པ་གསུམ་རྣམ་པར
་གཞག་གོ།། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བྱ་ཉིད་ལས་བརྟེན་ནས་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། མོ་རིག་པའི་འདུས་ཏེ་རིག་པ་རྣམས་དང་། རིག་པ་དང་། རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་འདུས་ཏེ
་རེག་པ་དག་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་ནི་ཚོར་བ་རྣམས་ཀྱི་རབ་ཏུ་སྐྱེ་བའི་དབྱེ་བ་ཡིན་ནོ།། མདོ་ལས་དེ་ནས་བཅོམ་ལྡན་འདས་ཉི་ག་གཅིག་དབེན་པར་གཤེགས་ཏེ། ནང་དུ་ཡང་དག་འཇོག་ལེ་ཞུགས་པ་ན། ཐུགས་ལ་ཐུགས་ཀྱི
་ཡོངས་སུ་རྟོག་པ་འདི་ལྟ་བུ་བྱུང་སྟེ། ཚོར་བ་ནི་གྲང་། ཚོར་བྱ་ཀུན་འབྱུང་བ་ནི་གང་ཚོར་བ་ཀུནྡ་འབྱུང་བར་འགྱུར་བའི་ལམ་ནི་གང་། ཚོར་བ་འགོག་པར་འགྱུར་བའི་ལམ་ནི་གང་། ཚོར་བ་རོ་མྱང་བ་ནི་གང་།
་ཉེས་དམིགས་ནི་གང་། ངེས་པར་འབྱུང་བ་ནི་གང་ཡིན་སྙམ་ནས་དེ་འདི་སྙམ་དུ་དགོངས་ཏེ། ཚོར་བ་ནི་གསུམ་པོ་འདི་དག་ཡིན་ཏེ། བདེ་བ་དང་སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ།། རེག་པ
་ཀུན་འབྱུང་བས་ཚོར་བ་ཀུན་འབྱུང་བའོ།། རེག་པ་འགག་པས་ཚོར་བ་འགག་གོ།། ཚོར་བ་མངོན་པར་དགའ་བ་དང་མངོན་པར་བརྗོད་པ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཆགས་ཤིང་གནས་པ་གང་ཡིན་པ་འདི་ནི་ཚོར་བ་ཀུན
་འབྱུང་བར་འགྱུར་བའི་ལམ་ཡིན་ནོ།། ཚོར་བ་ལ་མངོན་པར་དགའ་བ་མེད་པ་དང་། མངོན་པར་མི་བརྗོད་པ་དང་། ལྷག་པར་ཆགས་པ་མེད་པ་དང་། ལྷག་པར་ཆགས་ཤིང་མི་གནས་པ་གང་ཡིན་པ་འདི་ནི་ཚོར་བ་འགྱོག་པར་འགྱུར
་བའི་ལམ་ཡིན་ནོ།། ཚོར་བ་ལས་བརྟེན་ཏེ། བདེ་བ་སྐྱེ་བ་དང་། ཡིད་བདེ་བ་སྐྱེ་བ་གང་ཡིན་པ་འདི་ནི་ཚོར་བའི་རོ་མྱང་བ་ཡིན་ནོ།། ཚོར་བ་མི་རྟགས་པ་དང་། སྡུག་བསྔལ་བ་དང་འགྱུར་བའི་ཆོས་ཅན་གང་ཡིན་པ་འདི་ནི་ཚོར་བའི་ཉེས
་དམིགས་ཡིན་ནོ།། ཚོར་བ་ལ་འདུན་པའི་འདོད་ཆགས་འདུལ་བ་དང་། འདུན་པའི་འདོད་ཆགས་སྤོང་བ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདའ་བ་གང་ཡིན་པ་འདི་ནི་ཚོར་བ་ལས་ངེས་པར་འབྱུང་བ
་ཡིན་ནོ་ཞེས་གསུངས་པ་ནི་དེ་ལ་ཉེ་བར་བརྟག་པའི་རབ་ཏུ་དབྱེ་བ་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་རྣམ་པར་བཤད་དེ། དེ་ལ་ཉེ་བར་བརྟག་པའི་རབ་ཏུ་དབྱེ་བ་ནི་ཚོར་བ་རྣམ་པ་བརྒྱད་པོ་དག་ལ་ཚོར་བ་ཉེ་བར་བརྟག་པ
་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་བྱུང་ལ་འདི་ལྟ་སྟེ་ཚོར་བ་རྣམས་ནི་དུ། ཚོར་བ་རྣམས་ཀྱི་ཀུན་འབྱུང་བ་ནི་གང་། ཚོར་བ་རྣམས་ཀྱི་འགོག་པ་ནི་གང་། ཚོར་བ་རྣམས་ཀྱིས་ཀུན་འབྱུང་བར་འགྱུར་བའི་ལམ་ནི
་གང་། ཚོར་བ་རྣམས་འགོག་པར་འགྱུར་བའི་ལམ་ནི་གང་། ཚོར་བ་རྣམས་ཀྱིས་རོ་མྱང་བ་ནི་གང་། ཉེས་དམིགས་ནི་གང་། ངེས་པར་འབྱུང་བ་ནི་གང་ཞེས་བྱ་སྟེ། དེ་ལ་དེ་ལྟར་ཉེ་བར་རྟོག་པ་ན་ཡང་དག་པར་རྟོགས་པ་ནི་ཚོར་བ་ནི
་གསུམ་པོ་འདི་དག་ཡིན་ནོ།། རེག་པ་ཀུན་འབྱུང་བས་ཚོར་བ་ཀུན་འབྱུང་ངོ་ཞེས་རྒྱས་པར་ཇི་སྐད་མདོ་ལས་གསུངས་པ་བཞིན་རྣམ་པར་དབྱེ་བར་རིག་པར་བྱའོ།། ཚོར་བ་ཉེ་བར་བརྟག་པ་རྣམ་པ་བརྒྱད་པོ་དེ་དག་ཀྱང་རང་གི་ཚན་ཉིད
་ཉེ་བར་བརྟག་པ་དང་། ཚེ་འདི་ལ་འབྱུང་བའི་རྒྱུ་ཉེ་བར་བརྟག་པ་དང་། དེ་འགོག་པ་ཉེ་བར་བརྟག་པ་དང་། ཚེ་ཕྱི་མ་ལ་འབྱུང་བའི་རྒྱུ་ཉེ་བར་བརྟག་པ་དང་། དེ་འགོག་པ་ལ་ཉེ་བར་བརྟག་པ་དང་། དེ་གཉི་ག་ལ་འབྱུང་བའི་རྒྱུ་ཉེ
་བར་བརྟག་པ་དང་། དེ་གཉི་ག་ལ་འབྱུང་བ་འགོག་པ་ཉེ་བར་བརྟག་པ་དང་། རྣམ་པར་བྱང་བ་ཉེ་བར་བརྟག་པ་ཡོངས་སུ་བསྟན་པར་བལྟ་བར་བྱ་སྟེ། དེ་ནི་མདོར་བསྡུ་ན་ཉེ་བར་བརྟག་པའི་རབ་ཏུ་དབྱེ་བ་ཡིན་ནོ།། དེ་ལ་ཚོར་བ
་རྣམས་ཀྱི་ངེས་པར་འབྱུང་བ་ནི་འདི་ལྟ་སྟེ། ཡིད་མི་བདེ་བའི་དབང་པོ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་དང་པོའོ།། སྡུག་བསྔལ་གྱི་དབང་པོ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་གཉིས་པའོ།། ཡིད་བདེ
་བའི་དབང་པོ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་གསུམ་པའོ།། བདེ་བའི་དབང་པོ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་བཞི་པའོ།། བཏང་སྙོམས་ཀྱི་དབང་པོ་ལས་ངེས་པར་འབྱུང་བ་ནི་མཚན་མ་མེད་པའི་དབྱིངས་ཏེ། དེ་ནི་ཚོར་བའི
་ཕུང་པོའི་ངེས་པར་འབྱུང་བའི་རབ་ཏུ་དབྱེ་བ་ཡིན་ནོ།། དེ་ལ་འདུ་ཤེས་ཀྱི་ཕུང་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ཡང་རྣམ་པ་ལྟར་བལྟ་བར་བྱ་སྟེ། དངོས་པོ་དང་། མཚན་ཉིད་དང་། ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པ་དང་། ཡོངས་སུ་སྤྱོད
་བའོ།། དེ་ལ་འདུ་ཤེས་ཀྱི་ཕུང་པོའི་དངོས་པོ་ནི་དམིགས་པ་ལ་མཚན་མར་འཛིན་པ་དང་། དེའི་གནས་ལྟ་བུའི་ཆོས་རྣམས་སོ།། དེ་ལ་རང་གི་མཚན་ཉིད་ནི་སྔ་མ་བཞིན་དུ་རྣམ་པ་དྲུག་ཏུ་བལྟ་བར་བྱའོ།། དེའི་སྤྱིའི་མཚན་ཉིད་ནི་ཀུན་ཏུ་ཤེས
་པར་བྱེད་པའི་མཚན་ཉིད་དེ། དེ་ནི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ།། དེ་ལ་ཕྱིན་ཅི་ལོག་གི་རབ་ཏུ་དབྱེ་བ་ནི་བྱིས་པ་མི་མཁས་པ་མ་རིག་པ་དང་ལྡན་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། དམིགསོ་བ་མི་རྟག་པ་ལ་རྟག་གོ་ཞེས
་མཚན་མར་འཛིན་པ་འབྱུང་བ་སྟེ། དེ་ནི་དེའི་འདུ་ཤེས་ཕྱིན་ཅི་ལོག་ཡིན་ནོ།། མི་རྟག་པ་ལ་རྟག་པ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བ་ལ་བདེ་བ་དང་། མི་སྡུག་པ་ལ་སྡུག་པ་དང་། བདག་མེད་པ་ལ་བདག་ཏུ་མཚན་མར་འཛིན་པ་ཡང་དེ
་བཞིན་ནོ།། འདུ་ཤེས་ཕྱིན་ཅི་ལོག་དེ་ཡང་ཁྱིམ་པ་རྣམས་ལ་ནི་སེམས་ཕྱིན་ཅི་ལོག་ཏུ་འགྱུར་རོ།། རབ་ཏུ་བྱུང་བ་དེ་དགྲ་ཁ་ཅིག་ལ་ནི་ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དེ་ལྟར་ན་དེ་ནི་ཕྱིན་ཅི་ལོག་གི་རབ་ཏུ་དབྱེ་བ་ཡིན་ནོ།། འདུ་ཤེས་ཕྱིན
་ཅི་ལོག་རྣམས་ཀྱི་རྣམ་གྲངས་གཞན་ཡང་དངོས་པོ་བཞི་པོ་དེ་དག་ལ་ལོག་པར་མཚན་མེར་འཛིན་པ་གང་ཡིན་པ་དེ་ནི་འདུ་ཤེས་ཕྱིན་ཅི་ལོག་ཡིན་ནོ།། ཡུལ་དེ་ལ་དེ་ལྟར་ཀུན་ཏུ་ཤེས་པའི་ཀུན་ཏུ་འདོད་ཆགས་གང་ཡིན་པ་དེ་ནི་སེམས
་ཕྱིན་ཅི་ལོག་ཡིན་ནི།། ཕྱིན་ཅི་ལོག་གི་དངོས་པོ་དེ་ཉིད་ལ་དེ་ལྟར་ཀུན་ཏུ་ཤེས་ཤིང་དེ་ལྟར་ལྷག་པར་ཆགས་པའི་མངོན་པར་ཞེན་པ་དང་། འདོད་པ་དང་། སྟོན་པ་དང་། རྣམ་པར་འཇོག་པ་གང་ཡིན་པ་དེ་ནི་ལྟ་བ་ཕྱིན་ཅི་ལོག་ཡིན་ནོ།། དེ་ལ
་ཕྱིན་ཅི་མ་ལོག་པའི་རབ་ཏུ་དབྱེ་བ་ནི། མཛངས་པ་མཁས་པ་རིག་པ་དང་ལྡན་པ་ཚུལ་བཞིན་ཡིད་ལ་བྱེད་པ་དམིགས་པ་མི་རྟག་པ་ལ་མི་རྟག་པ་དང་། སྡུག་བསྔལ་ལ་སྡུག་བསྔལ་བ་དང་། མི་སྡུག་པ་ལ་མི་སྡུག་པ་དང་། བདག་མེད་པ་ལ་བདག་མེད།
་དོ་ཞེས་ཡང་དག་པར་མཚན་མར་འཛིན་པ་འབྱུང་བ་གང་ཡིན་པ་སྟེ། དྲི་ནི་དེའི་འདུ་ཤེས་ཕྱིན་ཅི་མ་ལོག་པ་དང་། སེམས་ཕྱིན་ཅི་མ་ལོག་པ་དང་། ལྟ་བ་ཕྱི་ནི་ཅི་མ་ལོག་པ་ཡང་ཡིན་ཏེ། དེ་ལྟར་ན་དེ་ནི་ཕྱིན་ཅི་མ་ལོག་པའི་རབ་ཏུ་དབྱེ་བ་ཡིན་ནོ།།
་དེ་ལ་ཡོངས་སུ་སྤྱོད་པའི་རབ་ཏུ་དབྱེ་བ་ནི་ལྔ་པོ་འདི་དག་ནི་འདུ་ཤེས་ཀྱི་ཡོངས་སུ་གཅོད་པ་ཡིན་ཏེ། ཡུལ་ཡོངས་སུ་སྤྱོད་པ་དང་། མྱོང་བ་ཡོངས་སུ་སྤྱོད་པ་དང་། བརྡ་ཡོངས་སུ་སྤྱོད་པ་དང་། ལོག་པར་ཡོངས་སུ་སྤྱོད་པ་དང་། བདེན་པའི
་དོན་ཡོངས་སུ་སྤྱོད་པའོ།། དེ་ལ་ཡུལ་ལ་མཚན་མ་དང་། མངོན་རྟགས་སུ་འཛིན་པ་ནི་ཡུལ་ཡོངས་སུ་སྤྱོད་པ་ཡིན་ནོ།། ཡུལ་ལས་ངེས་པར་འབྱུང་བའི་ཚོར་བ་འཛིན་པ་ནི་མྱོང་བ་ཡོངས་སུ་སྤྱོད་པ་ཡིན་ནོ།། བདག
་གམ་གཞན་དགྲ་ལ་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་ཞེས་བྱ་བ་ལ་སོཊ་པའི་ཐ་སྙད་དུ་འཛིན་པ་ནི་བརྡ་ཡོངས་སུ་གཅོད་པ་ཡིན་ནོ།། ཡུལ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་ནི་ལོག་པར་ཡོངས་སུ་གཅོད་པ་ཡིན་ནོ།། ཡུལ་ལ་ཕྱིན་ཅི
་མ་ལོག་པར་འཛིན་པའི་བདེན་པའི་དོན་ཡོངས་སུ་གཅོད་པ་ཡིན་ཏེ། དེ་ལྟར་དེ་ནི་འདུ་ཤེས་ཀྱི་ཕུང་པོའི་ཡོངས་སུ་གཅོད་པའི་རབ་ཏུ་དབྱེ་བ་ཡིན་ནོ།། དེ་ལ་འདུ་བྱེད་ཀྱི་ཕུང་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། ཡུལ
་དང་། གནས་སྐབས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། མངོན་པར་འདུ་བྱེད་པའོ།། དེ་ལ་ཡུལ་ནི་སེམས་པའི་ཚོགས་དྲུག་པོ་རྣམས་འདུ་བྱེད་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ།། དེ་ལ་གནས་སྐྱབས་ནི་སྐྱེ་བ
་དང་རྒ་བ་ལ་སོགས་པ་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ཀྱི་རྣམ་པར་གཞག་པ་སྟེ། དེ་ནི་གནས་སྐབས་ཀྱི་རབ་ཏུ་བྱེ་བ་ཡིན་པའི་ཕྱིར་རོ།། དེ་ལ་ཀུན་ནས་ཉོན་མོངས་པ་ནི་འདུ་བྱེད་ཀུན་ནས་ཉོན་མོངས་པར་བྱེད་པའི་ཉོན
་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་རྣམ་པར་གཞག་པ་ཡིན་ནོ།། དེ་ལ་རྣམ་པར་བྱང་བ་ནི་དད་པ་ལ་སོགས་པ་རྣམ་པར་བྱང་བར་བྱེད་པའི་ཆོས་རྣམ་པར་གཞག་པ་ཡིན་ནོ།། དེ་ལ་མངོན་པར་འདུ་བྱེད་པ་ནི
་ཡུལ་དང་མཐུན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་མངོན་པར་འདུ་བྱེད་པ་རྣམ་པ་ལྔ་སྟེ། སྔ་མ་བཞིན་དུ་བལྟ་བར་བྱའོ།། དེ་ལ་རྣམ་པར་ཤེས་པའི་ཕུང་པོའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། ཀུན་ཏུ་ཞེན
་པ་དང་། ཀུན་ནས་ཉོན་མོངས་པ་དང་། གནས་དང་། གནས་པ་དང་། རྣམ་པ་སྣ་ཚོགས་སོ།། དེ་ལ་ཀུན་ཏུ་ཞེན་པ་ནི་འདོད་པའི་ཁམས་ན་འདོད་པ་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ནི་ཕྱི་རོལ་གྱི་གཟུགས་ལ་མངོན་པར་ཞེན་པ་ལས་གཟུགས་ལ
་ཀུན་ཏུ་ཞེན་པ་ཁོ་ན་ཞེས་བྱའོ།། གཟུགས་ཀྱི་ཁམས་ན་རྣམ་པར་དགེ་པའི་ལྷ་རྣམས་ཀྱི་རྣམ་པར་ཤེས་པ་ནི་ནང་གིས་མིང་དང་གཟུགས་ལ་མངོན་པར་ཞེན་པ་ལས་དེ་གཉི་ག་ལ་ཀུན་ཏུ་ཞེན་པ་ཞེས་བྱའོ།། གཟུགས་མེད་པའི་ཁམས་ན་རྣམ་པར
་ཤེས་པ་ནི་ནང་གི་མིང་ལ་མངོན་པར་ཞེན་པ་ལས་མིང་ལ་ཀུན་ཏུ་ཞེན་པ་ཞེས་བྱ་སྟེ། དེ་ལྟར་ན་དེ་ནི་རྣམ་པར་ཤེས་པའི་ཀུན་ཏུ་དབྱེ་བ་ཡིན་ནོ།། དེ་ལ་ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་ནི་བྱིས་པ་རྣམས་ཀྱི་རྣམ་པར་ཤེས་པ་ནི་སྒོ་གཉིས་ཀྱི
་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། ཚེ་འདི་ལ་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་སྒོ་དང་། ཚེ་ཕྱི་མ་ལ་སྐྱེ་བ་དང་། རྨྱ་བ་ལ་སོགས་པ་སྡུག་བསྔལ་གྱི་སྒོ་སྟེ། དེ་ལྟར་ན་དེ་ནི་རྣམ་པར་ཤེས་པའི་ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་ཡིན་ནོ།། དེ
་ལ་གནས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པར་ཤེས་པ་རྗེས་སུ་འཇུག་པའི་གནས་ནི་དྲུག་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ་མིག་ལ་སོགས་པ་སྐྱེ་མཆེད་དྲུག་པོ་དག་ལ་བརྟེན་ནས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་འབྱུང་བར་འགྱུར་བ་སྟེ། དེ་དག་ཀྱང
་ཕུབ་མ་དང་། ཤིང་དང་། ལྕི་བ་དང་ཐུར་མའི་མེ་བཞིན་ཏེ། དེ་ལྟར་ན་དེ་ནི་རྣམ་པར་ཤེས་པའི་གནས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ།། དེ་ལ་གནས་པའི་རབ་ཏུ་དབྱེ་བ་ནི་རྣམ་པར་ཤེས་པ་གནས་པ་བཞི་པོ་དག་སྟེ། དེ་དག
་ཀྱང་མདོ་ལས་བཞི་པོ་འདི་དག་ནི་རྣམ་པར་ཤེས་པ་གནས་པའི་རྒྱུ་དང་ལེན་པ་དང་དམིགས་པ་ཡིན་ཏེ། གཟུགས་ལ་ཉེ་བར་སོང་བའི་རྣམ་པར་ཤེས་པ་གནས་པ་དང་། གཟུགས་ལ་དམིགས་པའོ་ཞེས་བྱ་བ་ནས་རྒྱས་པར་ང་ནི
་རྣམ་པར་ཤེས་པ་འདི་དག་ནི་ཤར་ཕྱོགས་ན་གནས་པ་དང་། ཕྱོགས་མཚམས་ཀྱི་བར་ན་གནས་པ་ཡང་མི་སྨྲ་སྟེ། ཚེ་འདི་ཉིད་ལ་གྲིབ་མ་མེད་པ་དང་། མྱ་ངན་ལས་འདས་པ་དང་། ཞི་བ་དང་བསིལ་བར་གྱུར་པ་དང་ཚངས་པར
་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་བཞིན་གཤེགས་པས་གསུངས་པའི་མཱ་དོ་སྡེས་ཡོངས་སུ་བསྡུས་པ་དེ་དག་ནི་རྣམ་པར་ཤེས་པ་གནས་པ་དག་ཡིན་ནོ།། འདི་མན་ཆད་ནི་དེའི་མཚན་ཉིད
་ཀྱི་རབ་ཏུ་ད་བྱཱ་བཱ་བཤད་པར་བྱ་སྟེ། མདོར་བསྡུ་ན་རྒྱུ་དང་བཅས་པའི་གནས་པ་དང་རྒྱུ་དང་བཅས་པའི་གནས་པའི་མཐའ་དང་། རྒྱུ་དང་བཅས་པའི་གན་སྔ་རབ་ཏུ་ཞི་བ་དེ་དག་ཡོངས་སུ་བསྟན་ཏོ།། དེ་ལ་ཉོན
་མོངས་པོའི་གཞི་གང་ཡིན་པ་དང་། དེ་དང་འབྲེལ་པའི་ཉོན་མོངས་པ་གང་ཡིན་པ་དེ་ནི་རྒྱུ་དང་ལེན་པ་ཞེས་བྱའོ།། དེ་གཉི་ག་ཡང་དམིགས་པ་ཞེས་བྱ་སྟེ། དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་ཡིན་པའི་ཕྱིར་རོ།། དེ་ལ
་ཉོན་མོངས་པའི་རྒྱུ་སྲེད་པས་ལྷག་པར་ཆགས་པ་ལས་ནི་དངོས་པོ་ལ་ཉེ་བར་སོང་བ་ཡིན་པར་རིག་པར་བྱའོ།། བརྣབ་སེམས་ལ་སོགས་པ་ལས་ཀྱི་རྒྱུའི་མདུད་པ་བཞིས་ནི་དངོས་པོ་ལ་དམིགས་པར་བྱེད་དོ།། དེ་ལ་གཉིས་ཀའི་བག
་ལ་ཉལ་བ་དདུ་ལྡན་པའི་དངོས་པོ་ནི་གནས་ཡིན་པར་རིག་པར་བྱའོ།། དེ་ལ་གང་ཟག་སོ་སོའི་སྐྱེ་བོ་དགའ་བའི་གཉེན་པོ་ཡིད་འབྱུང་བ་མ་ཐོབ་པའི་ངེས་རྣམ་པར་ཤེས་པ་མངོན་པར་བརླན་པ་ནི་ཕྱི་མ་ལ་ལུས་ཡོངས་སུ་འཛིན་པར་བྱེད
་པབ་དང་། ཡོངས་སུ་རྫོགས་པར་བྱེད་པ་དང་ཕྱིར་ཞིང་འབྱུང་བ་སྟེ། དེ་ལ་སོ་སོའི་སྐྱེ་བོའི་ལུས་མ་སྤངས་ན། ཡོངས་སུ་འཛིན་པ་དང་། ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ལ་ལུས་ཡོངས་སུ་འཛིན་པ་དང་། ཡོངས་སུ་རྫོགས་པ
་གླགང་ཡིན་པ་དང་། དེ་ལ་རྒྱུན་འཇུག་པོར་ངེས་པ་དེ་ནི་གནས་པ་ཞེས་བྱའོ།། ལྕུག་མར་ལྔར་བཤད་པ་ནི་གནས་པའི་རྒྱུ་ཡིན་པར་བལྟ་བར་བྱ་སྟེ། དེ་དག་གཅིག་ཏུ་བསྡུས་པས་ནི་རྒྱུ་དང་བཅས་པའི་གནས་པ་ཞེས་བྱའོ།། གཟུགས་ཅན
་གྱི་ཁམས་ན་ནི་རྣམ་པར་ཤེས་པ་ལ་འོང་བ་དང་འགྲོ་བ་ཡིན་པར་རིག་པར་བྱའོ།། གཟུགས་ཅན་མ་ཡིན་པ་ནི་འཆི་འཕོ་དང་། སྐྱེ་བར་ཟད་དེ་དེ་གཉི་ག་ཡང་ཚེ་ཟད་ཀྱི་བར་དུ་གནས་པ་ཡིན་ནོ།། དེ་གཉི་གའི་རྒྱས་པ་དང་། འཕེལ་བ་དང
་ཡངས་པའི་དོན་ཀྱང་སྔ་མ་བཞིན་དུ་ཁོང་དུ་ཆུད་པར་བྱ་སྟེ། རྣམ་པར་ཤེས་པ་གནས་པའི་མཐའ་དང་། གནས་པའི་མཐིའི་རྒྱུ་ནི་དེ་ཙམ་དུ་བལྟ་བར་བྱའོ།། གཞན་དུ་འདོགས་པར་བྱེད་པ་ལ་ནི་ཡི་གེ་ཐ་དད་པ་ཉིད་དུ་འགྱུར་བ་ཁོན
་ཟད་ཀྱི། དོན་ཐ་དད་པ་ཉིད་ནི་མེད་དེ། དེ་ལས་གཞན་པའི་དོན་ནི་ཡུལ་མེད་པའི་ཕྱིར་རོ།། གཞན་དག་གིས་ལེགས་པར་རྒལ་ཞིང་བརྟགས་ན་ཡང་དེ་ལས་གཞན་པའི་དོན་གྱི་ཡུལ་མེད་པ་ཉིད་ཀྱི་ཕྱིར་རབ་ཏུ་མི་ཤེས་པས
་ཅུང་ཟད་ཀྱང་འདེབས་པར་མི་བྱེད་དོ།། ཕྱིས་བདག་ཉིད་ཚུལ་བཞིན་དུ་ཉེ་བར་རྟོག་པ་ན་བདག་རྨོངས་པས་དེ་བསྟན་ཏོ་ཞེས་བདག་ཉིད་ཀྱི་རྨོངས་པ་ཉིད་དུ་རྟོགས་པར་འགྱུར་རོ།། གང་གི་ཕྱིར་མཁས་པ་ནི་གཟུགས་རྣམ་པ་ཐམས་ཅད
་ནས་འདུ་བྱེད་ཀྱི་བར་ལ་སྲེད་པས་བསྡུས་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་སྤོང་བ་ལས་བྲལ་བར་འགྱུར་གྱི་བག་ལ་ཉལ་ལས་ནི་མ་ཡིན་ནོ།། དེའི་མདུད་པ་ཉོན་མོངས་པའི་ཆར་གཏོགས་པ་ལས་ཀུན་ནས་སློང་བར་བྱེད་པ་དག་ཀྱང
་ཀུན་ནས་དཀྲིས་པ་ཁོ་ན་ལས་སྤོང་བར་འགྱུར་རོ།། འདི་ལྟར་ཁྱིམ་པའི་ཕྱོགས་ལ་བརྟེན་པ་དག་ནི་བརྣབ་སེམས་དང་། གནོད་སེམས་ཀྱི་མདུད་པ་དག་གིས་ཡུལ་ལས་རྗེས་སུ་འཛིན་པའི་རྒྱུ་ལས་བྱུང་བ་དང་། སེམསོ་ཅན་ལ་གནོད
་པ་བྱེད་པའི་རྒྱུ་ལས་བྱུང་བའི་ལས་ཀུན་ནས་སློང་བར་བྱེད་དོ།། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་དག་ནི་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་མཆོག་ཏུ་འཛིན་པའི
་མདུད་པ་དག་གིས་ལས་ཀུན་ནས་སློང་བར་བྱེད་དེ། དེ་དག་གི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་བརྣབ་སེམས་ཀྱི་གནས་ལྟ་བུ་ཡིན་ལ། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་མཆོག་ཏུ་འཛིན་པ་ནི་གནོད་སེམས
་ཀྱི་གནས་ལྟ་བུ་ཡིན་ཏེ། དེས་ན་མཐོ་རིས་ཀྱི་འཇིག་རྟེན་ནི་འདོད་པར་བྱེད་ལ། མྱ་ངན་ལས་འདས་པ་ལ་ནི་སྐུར་པ་འདེབས་པར་བྱེད་དེ་མདུད་པ་དེ་དག་ཀྱང་ཡིད་ཀྱིས་རྣམ་པར་རྟོག་པས་ཀུན་ནས་བསླང་བ་ཡིན་པར་བལྟ་བར་བྱའོ།། དེའི
་འོག་ཏུ་གཉེན་པོ་ཤས་ཆེར་བསྟེན་པས་འདོད་ཆགས་དང་མདུད་པ་དེ་གཉིས་ཀྱི་བག་ལ་ཉལ་བ་སྤྱོད་པར་འགྱུར་ཏེ། དེ་སྤངས་པའི་ཕྱིར་ཉོན་མོངས་པ་གང་གིས་གཟུགས་དང་ཚོར་བ་ལ་སོགས་པ་ལ་དམིགས་པར་བྱེད་པའི་དམིགས
་པབ་དེ་གཏན་དུ་བྲལ་བས་རྒྱུན་ཆད་པར་འགྱུར་རོ།། དེ་རྒྱུན་ཆད་པས་བག་ལ་ཉལ་བ་དང་བཅས་པའི་རྣམ་པར་ཤེས་པ་འགག་པ་དེ་གཟུགས་དང་ཚོར་བ་ལ་སོགས་པ་རྣམ་པར་ཤེས་པ་གནས་པ་དེ་དག་ལ་མི་གནས་ཏེ། དེའི
་གཉེན་པོའི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར་རོ།། དེ་ལྟར་ན་དེ་ནི་གནས་པའི་རྒྱུ་ཉེ་བར་ཞི་བ་ཡིན་པར་རིག་པར་བྱའོ།། རྒྱུ་འགགས་པའི་ཕྱིར་ཕྱི་མ་ལ་ལུས་ཡོངས་སུ་འཛིན་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་དང་།
་རྒྱུན་འཇུག་པ་རྣམས་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་དེ་ནི་གནས་པ་ཉེ་བར་ཞི་བ་ཡིན་ནོ།། དེའི་གཉེན་པོར་གཏོགས་པ་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ན་གནས་པ་མ་ཡིན་པ་ཞེས་བྱའོ།། དེ་ཡང་རྒྱུ་ལས
་མངོན་པར་རྒྱས་པར་མི་འགྱུར་བ་ཡིན་ནོ།། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཡོངས་སུ་རྫོགས་པའི་ཕྱིར་མངོན་པར་འདུས་མ་བྱིས་པ་ཡིན་ནོ།། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡོངས་སུ་བསྒོམས་པའི་ཕྱིར་ཚིག་ཤེས་པ་ཡིན་ན།
་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡོངས་སུ་བསྒོམས་པའི་ཕྱིར་གནས་པ་ཡིན་ནོ།། དེ་ལྟར་མངོན་པར་རྒྱས་པ་མེད་པ་ནས་གནས་པའི་བར་གྱི་ཕྱིར་ཤིན་ཏུ་རྣམ་པར་གྲོལ་བ་ཡིན་ནོ།། རྒྱུ་བར་གྱུར་པ་ན་ཡང
་བདག་དང་བདག་གིར་ཅུང་ཟད་ཀྱང་མི་འཛིན་ཏོ།། དེས་ན་དེ་གཟུགས་ལ་སོགས་པར་གྱུར་ཀྱང་ཡོངས་སུ་ཡི་ཆད་པར་ཡང་མི་འགྱུར་རོ།། རྟགས་དེས་ན་དེ་རྣམ་པར་དག་པའི་བདག་ཉིད་དུ་སྣང་ངོ་།། རྣམ་པར་ཤེས་པ་དེ་ནི་རྣམ་པར་དག་པ་ཉིད་ཀྱི
་ཕྱིར་བདག་ཉིད་རྒྱུ་གཞན་ལ་མི་བལྟོས་པར་རང་གི་ངང་ཁོ་ནས་འགག་པར་འགྱུར་རོ།། རྣམ་པར་ཤེས་པ་དེའི་རྒྱུན་རྒྱུན་ཆད་པའི་ཕྱིར་ཕྱོགས་བཅུར་འཇུག་པ་ཡང་མེད་དོ།། འཚོ་བ་དང་འཆི་བ་ལ་མངོན་པར་དགའ་བ་མེད་པ་ནི་གྲིབ་མ་མེད་པ
་ཞེས་བྱའོ།། ཡང་ན་ཚོར་བ་རྣམས་ནི་རྣམ་པར་ཤེས་པ་ཤིང་ལྗོན་པ་ལྟ་བུ་དེའི་གྲིབ་མ་ལྟ་བུ་ཡིན་ཏེ། དེ་དག་དེའི་ཚེ་ནི་མི་འབྱུང་བས། དེའི་ཕྱིར་ཡང་དེ་ནི་གྲིབ་མ་མེད་པ་ཞེས་བྱའོ།། ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི་ཚེ་འདི་ལ་མྱ་ངན་ལ་འདས་པ
་ཡིན་ནོ།། ཟག་པ་མེད་པ་གང་ཡིན་པ་དེ་ནི་རིམ་གྱིས་སློབ་པའི་རྣམ་པར་གྲོལ་བས་ཞི་བ་ཡིན་ནོ།། མི་སློབ་པའི་རྣམ་པར་གྲོལ་བྱས་ནི་བསིལ་བར་གྱུར་པ་ཡིན་ནོ།། ཕུང་པོ་འགགས་པའི་ཕྱིར་ཚངས་པར་གྱུར་པ་ཞེས་བྱའོ།། རྣམ་པར་ཤེས་པ་ནི་ངོ་བོ་ཉིད
་ཀྱིས་ཀུན་ནས་ཉོན་མོངས་པར་གྱུར་པ་མ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། སྐྱོན་ལས་གཏན་ཏུ་རྣམ་པར་མ་དག་ན་ནི་འདོད་ཆགས་ལ་སོགས་པ་ཉོན
་མོངས་པ་དང་འདྲ་བྱའི་ཕྱིར་རོ།། གཟུགས་དྲང་ཚོར་བ་ལ་སོགས་པ་བཞིན་དུ་འགྱུ་ཞིག་ཀུན་ནས་ཉོན་མོངས་པའི་རྒྱུ་ཡང་མ་ཡིན་ཏེ། འདི་ལྟ་སྟེ།། གཟུགས་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་འབའ་ཞིག་ཁོ་ན་ལ་ནི་སུཡང་སྲེད
་པར་མི་འགྱུར་བས། དེའི་ཕྱིར་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་གནས་པ་མ་ཡིན་ཏེ། དེ་ལྟར་ན་དེ་ནི་རྣམ་པར་ཤེས་པའི་ཕུང་པོའི་གནས་པའི་རབ་ཏུ་དབྱེ་བ་ཡིན་ནོ།། དེ་ལ་རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་དབྱེ་བ་ནི་མདོ་ལས་བཅོམ་ལྡན་འདས་ཀྱིས
་སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་དྲུང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་ཞེས་བྱ་བ་ནས་རྒྱས་པར་སེམས་རྣམ་པར་མ་གྲོལ་བ་དང་། ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བའི་བར་དུ་ཇི་སྐད
་གསུངས་པ་སྟེ། དེ་ལྟར་ན་དེ་ནི་རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་དབྱེ་བ་གཅིག་ཡིན་ནོ།། ཡང་ཁམས་ཀྱི་རབ་ཏུ་དབྱེ་བ་ལས་ནི་འདོད་པ་ནི་སྤྱོད་པ་རྣམས་ལ་ནི་སེམས་བཞི་ཡོད་དེ། དགེ་བ་དང་མི་དགེ་བ་དང་། བསྒྲིབས་པ་ལ་ལུང་དུ་མི་བསྟན་པ
་དང་། མ་བསྒྲིབསཱ་ལ་ལུང་དུ་མ་བསྟན་པའོ།། གཟུགས་ན་སྤྱོད་པ་རྣམས་ལ་ནི་གསུམ་ཡོད་དེ། མི་དགེ་བ་མ་གཏོགས་པ་རྣམས་སོ།། གཟུགས་མེད་པ་ན་སྤྱོད་པ་རྣམས་ལ་ཡང་གསུམ་ཁོ་ན་སྟེ། མི་དགེ་བ་མ་གཏོགས་པ་རྣམས་སོ།། །
་ཟལ་པ་མེད་པའི་ནི་སློབ་པ་དོར་མི་སློབ་པའི་སེམས་སོ།། དོད་པོན་སྤྱོད་པའི་དགེ་པ་དེ་ཡིང་རྣམ་པ་གཉིས་ཏེ། སྦྱོར་བ་ལས་བྱུང་བ་དང་སྐྱེས་ནས་ཐོབ་པའོ།། མ་བསྒྲིབས་ལ་ལུང་མ་བསྟན་པ་ནི་རྣམ་པ་བཞི་སྟེ། རྣམ་པར་སྨིན་པ་ལས
་སྐྱེས་པ་དང་། སྤྱོད་ལམ་ལས་བྱུང་བ་དང་། བཟོའི་གནས་ལས་བྱུང་བ་དང་སྤྲུལ་པ་བྱེད་པའི་སེམས་སོ།། སྐྱེས་ནས་ཐབ་པ་དེ་ཡང་འདི་ལྟ་སྟེ་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་སྟེ་བསྒོམས་པའི་འབྲས་བུ་མེད
་པའི་ཕྱིར་རོ།། གཟུགས་ན་སྤྱོད་པ་ལ་ནི་བཟོའི་གནས་ལས་བྱུང་བ་མེད་དོ།། གཟུགས་མེད་པ་ན་སྤྱོད་པ་ལ་ཡང་མེད་དོ།། དགེ་བོ་ནི་འོག་མ་ལ་ཇི་ལྟ་བ་བཞིན་དུ་གང་མ་ཐམས་ཅད་ལ་ཡོད་པར་བལྟ་བར་བྱའོ།། སེམས་རྣམ་པ་སྣ་ཚོགས
་ཀྱི་རབ་ཏུ་དབྱེ་བའི་རྣམ་པ་གཞན་ཡང་འདོད་པ་ན་སྤྱོད་པ་ལ་ནི་སྡུག་བསྔལ་མཐོང་བས་སྤྱང་བྱར་བྱ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་ཡོད་དོ།། འདོད་པ་ན་སྤྱོད་པ་ལ་ཇི་ལྟ
་བ་དེ་བཞིན་དུ་གཟུགས་ན་སྤྱོད་པ་ལ་ཡང་རྣམ་པ་ལྔ་ཡོད་དྲི།། གཟུགས་མེད་པ་ན་སྤྱོད་པོ་ཡང་རྣམ་པ་ལྔ་ཡོད་དོ།། ཟག་པ་མེད་པའི་སེམས་བཅུ་དྲུག་པ་ཡིན་ནོ།། དེ་ལ་སེམས་རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་དབྱེ་བ་དང་པོ
་རབ་ཏུ་དབྱེ་བློ་བཤད་པར་བྱ་སྟེ། ཕྱོགས་ནི་གསུམ་པོ་འདི་ག་ཡིན་ཏེ་འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་ཕྱིར་མ་བསྐྱོད་པ་རྣམས་དང་། བསྐྱོད་པོ་ཏིང་ངེ་འཛིན་མ་ཐོབ་པ་རྣམས་དང་ནི། ཏིང་ངེ་འཛིན་ཐོབ་པ་རྣམས་སོ།།
་དེ་དག་ཀྱང་ཤིན་ཏུ་རྣམ་པར་མ་དག་པ་རྣམས་དང་། ཤིན་ཏུ་རྣམ་པར་དག་པ་རྣམས་སོ།། དེ་ལ་ཕྱོགས་དང་པོ་ནི་སེམས་ཉོན་མོངས་པ་ཅན་རྣམས་ཀྱི་འདོད་ཆགས་ལ་སོགས་པ་ཀུན་ནས་དཀྲིས་པའི་སེམས་ཏེ། ལན་འགའ
་ནི་དགེ་བ་དང་། ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་རྣམས་འདོད་ཆགས་ལ་སོགས་པ་ཀུན་ནས་དཀྲིས་པ་དང་བྲལ་བར་ཡང་འགྱུར་རོ།། ཕྱོགས་གཉིས་པ་ནི་ལན་འགའ་ནང་དུ་ཞི་བ་ལ་སེམས་གཏོད་པར་ཡང་བྱེད་ལ། ལན་འགྲའ
་ནི་བརྗེད་ངས་པས་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་རྗེས་སུ་འཇུག་པར་ཡང་འགྱུར་རོ།། ལན་འགའ་ནི་ཤིན་ཏུ་ཞི་བའི་ཕྱིར་རྨུགས་པ་དང་ག་ཉིད་ཀྱིས་ཀུན་ནས་དཀྲིས་པར་ཡང་འགྱུར་ལ། ལན་འགའ་ནི་དེ་སྤང་བའི་ཕྱིར་དང་བར་འགྱུར་བའི
་དམིགས་པ་ལ་གཏོད་པར་ཡང་བྱེད་དོ།། ལན་འགའ་ནི་དེ་ལ་ཡང་ལེགས་པར་མ་བསྟུད་པས་རྒོད་པར་ཡང་འགྱུར་ལ།། ལན་འགའ་ནི་ལེགས་པར་བསྟོད་པ་ལས་རྒོད་པ་མེད་པར་ཡང་འགྱུར་རོ།། ལན་འགའ་ནི་ཞུམ་པ་དང་། རྒོད་པའི་སྒྲིབ་པ་མ
་སྤངས་པས་ཕྱོགས་གཉི་ག་ལ་ཡང་ཉེ་བར་མ་ཞི་བར་འགྱུར་ལ། སྤངས་པས་ནི་ཉེ་བར་ཞི་བར་ཡང་འགྱུར་རོ།། ཡིད་ལ་བྱེད་པ་དང་།། དངོས་གཞི་བསམ་གཏན་ཐོབས་པ་ནི་མཉམ་པར་གཞག་པ་ཡིན་ནོ།། མ་ཐོབ་པ་ནི་མཉམ་པར་མ་གཞུག་པ
་ཡིན་ནོ།། ལམ་གྱི་མཐར་ཐུག་པར་གྱུར་པའི་ཕྱིར་ཤིན་ཏུ་བསྒོམས་པ་ཡིན་ནོ།། སྤོང་བའི་མཐར་ཐུག་པར་གྱུར་པའི་ཕྱིར་ཤིན་ཏུ་རྣམ་པར་གྲོལ་བ་ཡིན་ནོ།། དེ་ལས་བཟློག་པ་ནི་ཤིན་ཏུ་བསྒོམས་པ་མ་ཡིན་པ་དང་། ཤིན་ཏུ་རྣམ་པར་གྲོལ
་བ་མ་ཡིན་ནོ།། མཉམ་པར་གཞག་པ་ཡན་ཆད་ནི་ཕྱོགས་གསུམ་པ་ཡིན་པར་བལྟ་བར་བྱ་སྟེ། དེ་ལྟར་དེ་ནི་རྣམ་པར་ཤེས་པའི་རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ།། དེ་ལ་ཕུང་པོ་རྣམས་ཀྱི་གོ་རིམས་བསྟན་པའི་རྣམ་པ་གང་ཞེ་ན། དེ
་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། སྐྱེ་བ་ལས་གྱུར་པ་དང་། གཉེན་པོ་ལས་གྱུར་པ་དང་། འཇུག་པ་ལས་གྱུར་པ་དང་། གནས་པ་ལས་གྱུར་པ་དང་། རྣམ་པར་གཞག་པ་ལས་གྱུར་པའོ།། དེ་ལ་སྐྱེ་བ་ལས་གྱུར་པ་ནི་མིག་དང
་གཟུགས་རྣམས་ལ་བརྟེན་ནས་མིག་ཡི་རྣམ་པར་ཤེས་པ་སྐྱེ་བ་དང་། ཡིད་དང་ཆོས་རྣམས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་བར་དེ་ལ་ནི་དང་པོར་གཟུགས་ཀྱི་ཕུང་པོ་བསྟན་ལ།། དེའི་འོག་ཏུ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི
་གནས་སུ་གྱུར་པ་རྣམ་པར་ཤེས་པའི་ཕུང་པོ་བསྟན་ཏོ།། དེའི་འོག་ཏུ་ནི་དེ་ལ་བསྟེན་པ་སེམས་ལས་བྱུང་བའི་ཆོས་ཚོར་བ་ལ་སོགས་པ་བསྟན་ཏེ། འདི་ལྟར་གསུམ་འདུས་པ་ལས་རེག་པ་འབྱུང་ལ། རེག་པའི་རྐྱེན་གྱིས་ཚོར་བ་ལ་སོགས་པའོ་ཞེས
་མཇུག་ཐོགས་སུ་སྨོས་པའི་ཕྱིར་ཏེ། དེ་ལྟར་ན་དེ་ནི་ཕུང་པོ་རྣམས་ཀྱི་སྐྱེ་བ་ལས་གྱུར་པའི་གོ་རིམས་བསྟན་པ་ཡིན་ནོ།། དེ་ལ་གཉེན་པོ་ལས་གྱུར་པ་ནི་ཕྱིན་ཅི་ལོག་གཞི་པོ་མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་དང་། སྡུག་བསྔལ་ལ་བདེ་བར
་ཕྱིན་ཅི་ལོག་དང་། བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་དང་། མི་རྟག་པ་ལ་རྟོག་པར་ཕྱིན་ཅི་ལོག་དག་གི་གཉེན་པོར་དྲན་པ་ཉེ་བར་གཞག་པ་བཞི་བསྟན་པ་དེ་དག་ལ་དང་པོར་གཟུགས་ཀྱི་ཕུང་པོ་བསྟན་ལ། དེའི་འོག་ཏུ་ནི་ཚོར་བའི་ཕུང་པོ།།
་དེའི་འོག་ཏུ་ནི་རྣམ་པར་ཤེས་པའི་ཕུང་པོ།། དེའི་འོག་ཏུ་ནི་འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་བསྟན་ཏེ། དེ་ལྟར་ན་དེ་ནི་གཉེན་པོ་ལས་གྱུར་པའི་གོ་རིམ་ཡིན་ནོ།། དེ་ལ་འཇུག་པ་ལས་གྱུར་པ་ནི་དབང་པོ་དང་ཡུལ་ལ་བརྟེན་ནས་ཕུང་པོ་གཉིས་ཏེ
་ཡུལ་སོ་སོར་མྱོང་བར་བྱེད་པ་དང་། ཡུལ་ལ་མཚན་མར་འཛིན་པའོ།། དེའི་འོག་ཏུ་གཅིག་གིས་ནི་ཚེ་འདི་ལ་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཀུན་ནས་ཉོན་མོངས་པ་དང་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་པས། ཚེ་ཕྱི་མ་ལ་སྐྱེ་བ
་ལ་སོགས་པ་ཀུན་ནས་ཉོན་མོངས་པར་འགྱུར་རོ།། གཅིག་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་ཡིན་པས་དེ་ནི་ཐམས་ཅད་ཀྱི་ཐ་མར་བསྟན་ཏོ།། དེ་ལ་གནས་པ་ལས་གྱུར་པ་ནི་རྣམ་པར་ཤེས་པ་གནས་པ་བཞིའི་གོ་རིམས་དང་། རྣམ་པར་ཤེས
་པ་སྟེ། དེ་ལྟར་ན་དྲ་ནི་གནས་པ་ལས་གྱུར་པའི་གོ་རིམས་ཡིན་ནོ།། དེ་ལ་རྣམ་པར་གཞག་པ་ལས་གྱུར་པ་ནི། དང་པོར་གང་ཟག་མཐོང་ནས་གཟུགས་ཀྱི་སོ་སོར་ངོ་ཤེས་པར་གྱུར་ཏེ། དེའི་ཕྱིར་གཟུགས་ཀྱི་ཕུང་པོ་རྣམ་པར་གཞག་གོ།
་དེའི་འོག་ཏུ་ཚོར་བའི་ཕུང་པོས་ནི་འབྱོར་པ་དང་། རྒུད་པ་དང་། བདེ་བ་དང་། སྡུག་བསྔལ་བའོ་ཞེས་རྣམ་པར་འཇོག་པར་བྱེད་དོ།། དེའི་འོག་ཏུ་འདུ་ཤེས་ཀྱི་ཕུང་པོས་ནི་མིང་ནི་འདི་ཞེས་བྱ་རིགས་ནི་འདི་ཞེས་བྱ།། རུས་ནི་འདི་ཞེས་བྱ་བ་ལ་སོགས
་བ་རྣམ་པར་འཇོག་པར་བྱེད་དོ།། དེའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོས་ནི་དེ་ལྟ་བུ་ནི་བྱིས་པའོ།། དེ་ལྟ་བུ་ནི་མཁས་པའོ་ཞེས་རྣམ་པར་འཇོག་པར་བྱེད་དོ།། དེའི་འོག་ཏུ་རྣམ་པར་ཤེས་པ་ནི་ནང་གི་བདག་རྣམ་པར་འཇོག་པར་བྱེད་དོ།། དེ་ཕུང
་པོ་དེ་དག་ལ་སོ་སོར་རྟོག་པར་བྱེད་པ་དང་། བ་དེ་བོ་དང་ལྡན་པ་འམ། སྡུག་བསྔལ་བ་དང་ལྡན་པར་འགྱུར་བ་དང་། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དང་། བྱིས་པ་འམ་མཁས་པར་ཤེས་པར་བྱེད་པ་དང་། རྣམ་པར་འཇོག་པར་བྱེད་པས
་དེ་ལྟར་ན་དེ་ནི་ཕུང་པོ་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་ལས་གྱུར་པ་བསྟན་པ་ཡིན་ནོ།། ཡང་བདག་གི་ཉེ་བར་སྤྱད་པའི་དངོས་པོ་དང་། བདག་གི་དངོས་པོའི་དབང་དུ་བྱས་ནས་གོ་རིམས་གཞན་བལྟ་བར་བྱ་སྟེ། དེ་ལ
་བདག་གི་ལུས་ལ་བརྟེན་པ་དང་། ཡུལ་ལས་བདེ་བ་དང་སྡུག་བསྔལ་མྱོང་བར་བྱེད་པ་དང་། བདག་དང་གཞན་ལ་མིང་ནི་འདི་ཞེས་བྱ་རིག། སོ་ནི་འདི་ཞེས་བྱ་རུས་ནི་འདི་ཞེས་བྱ་བ་ལ་སོགས་པར་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དང་། དེ
་གཉིས་ལ་བརྟེན་ནས་ཆོས་དང་ཆོས་མ་ཡིན་པ་ཉེ་བར་བསྩོགས་པར་བྱེད་དེ། དེ་ལྟར་ན་དེ་ནི་བདག་གི་ཉེ་བར་སྤྱོད་པའི་དངོས་པོ་ཡིན་པར་རིག་པར་བྱའོ།། ཕུང་པོ་ཐ་མ་ནི་བདག་གི་དངོས་པོ་ཉིད་ཡིན་པར་བལྟ་བར་བྱའོ།། གཟུགས་ཀྱི་ཕུང་པོ
་ནི་ཕུང་པོ་དུ་དག་དང་། ཁམས་དུ་དག་དང་། སྐྱེ་མཆེད་དུ་དག་དང་། སྲིད་པའི་ཡན་ལག་དུ་དག་དང་། གནས་དང་གནས་མ་ཡིན་པ་དུ་དག་དང་། དབང་པོ་དུ་དག་གིས་བསྡུས། གཟུགས་ཀྱི་ཕུང་པོ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པའི
་ཕུང་པོའི་བར་དུ་དག་གིས་བསྡུས་ཤི་ན། དེ་ལ་གཟུགས་ཀྱི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ན་དང་ཁམས་དང་སྐྱེ་མཆེད་བཅུ་དང་། ཁམས་དང་སྐྱེམ་ཆེད་གཅིག་གི་ཕྱོགས་དང་། སྲིད་པའི་ཡན་ལག་དྲུག་གི་ཕྱོགས་དང་། གནས་དང་གནས
་ཡིན་པའི་ཕྱོགས་གཅིག་དང་། དབང་པོ་བདུན་གྱིས་བསྡུས་སོ།། ཚོར་བའི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ན་དང་། ཁམས་དང་སྐྱེ་མཆེད་གཅིག་གི་ཕྱོགས་དང་སྲིད་པའི་ཡན་ལག་གཅིག་དང་།། སྲིད་པའི་ཡན་ལག་གསུམ་གྱི་ཕྱོགས་དང
་གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་ཏུ་དང་། དབང་པོ་ལྔ་དང་། དབང་གསུམ་གྱི་ཕྱོགས་ཀྱིས་བསྡུས་སོ།། འདུ་ཤེས་ཀྱི་ཕུང་པོ་ནི་གཅིག་ཁོ་ན་དང་། ཁམས་དང་སྐྱེ་མཆེད་གཅིག་གི་ཕྱོགས་དང་། སྲིད་པའི་ཡན་ལག
་གསུམ་གྱི་ཕྱོགས་དང་། གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་གིས་བསྡུས་ལ། དབང་པོ་ནི་གང་གིས་ཀྱང་མ་བསྡུས་སོ།། འདུ་བྱེད་ཀྱི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ན་དང་། ཁམས་དང་སྐྱེ་མཆེད་གཅིག་གི་ཕྱོགས་དང་སྲིད་པའི་ཡན་ལག
་བཞི་དང་། སྲིད་པའི་ཡན་ལག་ལྔའི་ཕྱོགས་དང་། གཽ་ནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་དང་། དབང་པོ་དྲུག་དང་དབང་པོ་གསུམ་གྱི་ཕྱོགས་ཀྱིས་བསྡུས་སོ།། རྣམ་པར་ཤེས་པའི་ཕུང་པོ་ནི་ཕུང་པོ་གཅིག་ཁོ་ན་དང་། ཁམས
་བདུན་དང་། སྐྱེ་མཆེད་གཅིག་དང་། སྲིད་པའི་ཡན་ལག་གཅིག་དང་། སྲིད་པའི་ཡན་ལྷག་བཞིའི་ཕྱོགས་དང་། གནས་དང་གནས་མ་ཡིན་པའི་ཕྱོགས་གཅིག་དང་། དབང་པོ་གཅིག་དང་། དབང་པོ་གསུམ་གྱི་ཕྱོགས་ཀྱིས་བསྡུསཏེ
་དེ་ལྷུར་ན་བྱཱ་སྟྭ~ཾ་བྱུ་དྲུག་པོ་ཕུང་པོས་བསྡུས་པ་ནས་དབང་པོས་བསྡུས་པའི་ཚུལ་དེ་ཉིད་གྱིས་གཅིག་གིས་གྲོཅིག་བསྡུས་པར་དྲི་ལྟ་བ་བཞིན་དུ་རིག་པར་བྱའོ།། གཞན་ཡང་བསྡུ་བ་བཅུ་ཡོད་པར་བལྟ་བར་བྱའོ།། འདི་ལྟ་སྟེ་ཁམས་ཀྱི་བསྡུས
་བ་ནི་སྲིང་པོ་ལ་སོགས་པ་དེ་དོག་ཉིད་རང་གི་ས་བོན་གྱིས་བསྡུས་པ་གང་ཡིན་པའོ།། མཚན་ཉིད་ཀྱིས་བརྫུས་པ་ནི་ཕུང་པོ་ལ་སོགས་པ་དེ་དེང་ཉིད་རང་ངོ་སྤྱི་མཚན་ཉིད་ཀྱིས་བསྡུས་པ་གང་ཡིན་པའོ།། རིགས་ཀྱིས་བསྡུས་པ་ནི་ཕུང་བྲི
་སོགས་པ་དེ་དག་ཉིད་རང་གི་རིགས་ཟད་པར་གྱིས་བསྡུས་པ་གང་ཡིན་པའོ།། གནས་སྐབས་ཀྱིས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་བདེ་བའི་ཚོར་བ་དང་མཐུན་པ་ལ་སོགས་པའི་གནས་སྐབས་རྣམས་ཀྱིས
་བསྡུས་པ་གང་ཡིན་པའོ།། ཐ་མི་དད་པས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་ཀྱིས་ཆོས་རེ་རེ་ལ་ཡང་ཕུང་པོ་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བསྡུས་པ་གང་ཡིན་པའོ།། དུས་ཀྱིས་བསྡུས་པ་ནི་འདས་པ་དང་།
་མ་འོངས་པ་དང་། ད་ལྟར་བྱུང་བའི་ཕུང་པོ་ལ་སོགས་པ་དེ་དག་ཉིད་དེ་དག་ཉིད་ཀྱིས་བསྡུས་པ་གང་ཡིན་པའོ།། ཡུལ་གྱིས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་གང་དུ་འཇུག་པ་དང་། གནས་གང་ནས་འབྱུང་བ་དེ་དག་ཉིད་དེ་དག་ཉིད་ཀྱིས
་བསྡུས་པ་གང་ཡིན་པའོ།། མཐའ་དག་གིས་བསྡུས་པ་ནི་ཕུང་པོ་ལ་སྩོགས་པ་དེ་དག་ཉིད་ལྔ་ཉིད་ལ་སོགས་པས་བསྡུས་པ་གང་ཡིན་པའོ།། ཕྱོགས་གཅིག་གིས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་རྣམ་པར་ཕྱེ་སྟེ། མ
་ཚད་བས་སྡུས་པ་གང་ཡིན་པའོ།། དོན་དམ་པས་བསྡུས་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་བསྡུས་པ་གང་ཡིན་པ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན། ཕུང་པོ་རྣམས་ཀྱི་བསྡུས་པ
་རྣམ་པ་བཅུ་དྲུག་ཡོད་དེ།། ཕུང་པོ་རྣམས་ལ་ཇི་ལྟ་བ་བཞིན་དུ་དབང་པོ་རྣམས་ཀྱི་བར་ལ་ཡང་དེ་བཞིན་ནོ།། གཞན་ཡང་ཆོས་གསུམ་གྱིས་ཆོས་ཐམས་ཅད་བསྡུས་པ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་དང་། ཆོས་ཀྱི་ཁམས་དང་།
་ཡིད་ཀྱི་སྐྱེ་མཆེད་ཀྱིས་སོ།། དེ་ལ་གཟུགས་ཀྱི་ཕུང་པོ་ནི་གནས་དུ་དག་ལ་བརྟེན་ནས་འཇུག་པར་འགྱུར། མིང་གིས་བསྡུས་པའི་ཕུང་པོ་བཞི་པོ་དག་ནི་གནས་དུ་ངག་ལ་བརྟེན་ནས་འཇུག་པར་འགྱུར་ཞེ་ན། གཟུགས་ཀྱི་ཕུང་པོ་ནི་གནས་དྲུག་ལྔ་བརྟེན
་ནས་འཇུག་པར་འགྱུར་ཏེ། འདི་ལྟ་སྟེ། རྟེན་གྱི་གནས་དང་། གནས་ཀྱི་གནས་དང་། ཡོ་བྱད་ཀྱི་གནས་དང་། དབང་པོའི་གནས་དང་། དབང་པོའི་རྟེན་གྱི་གནས་དང་། མཐུ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གནས་ལའོ།། དེ་ལ་མིང་གིས
་བསྡུས་པའི་ཕུང་པོ་བཞི་ནི་གནས་བདུན་ལ་བརྟེན་ནས་འཇུག་པར་འགྱུར་ཏེ། འདི་ལྟ་སྟེ་འདོད་པ་དང་། རེ་བ་དང་། ཡུལ་དང་། རྣམ་པར་རྟོག་པ་དང་། ཡང་དག་པར་ཤེས་པ་དང་།། ཡང་དག་པའི་སྦྱོར་བ་དང་། དག་པ་ལའོ།། དེ་ལ་འདོད་པ་ལ་ལོངས
་སྤྱོད་པ་རྣམས་ཀྱི་གནས་སྐབས་ནི་བཞིའོ།། སྡོམ་པ་ལ་གནས་པའི་སྡོམ་བརྩོན་པ་རྣམས་ཀྱི་ནི་གཅིག་པའོ།། ཉེར་བརྡོགས་ཐོབ་པ་མཉམ་པར་གཞག་པ་རྣམས་ཀྱི་ཡང་གཅིག་གོ།། དངོས་གཞི་ལ་གནས་པ་རྣམས་ཀྱི་ཡང་གཅིག་སྟེ། དེ་ལྟར་ན
་གོནས་བདུན་པོ་དེ་དག་ནི་གནས་སྐབས་བཞིར་འགྱུར་རོ།། །། བམ་པོ་དྲུག་པ།། འདི་མན་ཆད་ནི་གཟུགས་ཀྱི་ཕུང་པོའི་རབ་ཏུ་དབྱེ་བ་བཤད་པར་བྱ་སྟེ། དེའི་འོག་ཏུ་ནི་མིག་གི་ཕུང་པོའི་རབ་ཏུ་དབྱེ་བ་བཤད་པར་བྱའོ།། །
་དེ་ལ་གཟུགས་ཀྱི་རབ་ཏུ་དབྱེ་བ་ལས་བརྩམས་ནས། སྡོམ་ནི། རྫས་དང་རྡུལ་དང་སྐྱེ་བ་དང་།། དབྱིབས་རྒྱུན་ལས་དང་སྐད་ཅིག་དང་།། མ་འདྲེས་པ་དང་སྤྱོད་ཡུལ་དང་།། དེ་བཞིན་ཕན་ཚུན་འདྲེས་པ་ཡིན།། དེ་ལ་གཟུགས་ཀྱི་ཕུང་པོས་བསྡུས་པའི
་མིག་ལ་རྫས་སུ་དུ་ཡོད་ཅེ་ན། སྨྲས་པ་མཚན་ཉིད་ཀྱིས་བསྡུས་པའི་རྫས་ན་གཅིག་ཏེ། མིག་གི་རྣམ་པར་ཤེས་པའི་གནས་ཀྱི་གཟུགས་དང་བའོ།། ཐ་མི་དད་པས་བསྡུས་པའི་རྫས་ནི་བདུན་ཏེ། མིག་ངྒཱ་ཉིད་དང་། ལུས
་དང་། ས་དང་གཟུགས་དང་། དྲི་དང་། རཾ་དང་། རེག་བྱ་རྣམས་སོ།། དེ་གཉི་གའི་ཁམས་ཀྱིས་བསྡུས་པའི་རྫས་ནི་བཅུ་སྟེ། ཁམས་ལས་རྫས་བདུན་པོ་དེ་དག་ཉིད་དང་། ཆུ་དང་། མེ་དང་། རླུང་གི་ཁམས་རྣམས་དང་ལྡན་པའོ།། མིག་ཇི་ལྟ་བ་བཞིན
་དུ་རྣ་བ་དང་སྣ་དང་། ལྕེ་ཡང་དེ་བཞིན་དུ་ལྟ་བར་བྱའོ།། དེ་ལ་བྱེ་བྲག་ནི་འདི་ཡོད་དེ། རྣ་བ་ནི་རྣ་བའི་རྣམ་པར་ཤེས་པའི་གནས་ཀྱི་གཟུགས་དང་བའོ།། སྣ་ནི་སྣའི་རྣམ་པར་ཤེས་པའི་གནས་ཀྱི་གཟུགས་དང་བའོ།། ལྕེ་ནི་ལྕེའི་རྣམ་པར་ཤེས
་པའི་གནས་ཀྱི་གཟུགས་དང་བ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ།། ལུས་ལ་ནི་མིག་ལ་སོགས་པ་བཞི་པོ་དག་དབྲི་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་མེད་ཀྱང་དེ་འབའ་ཞིག་དམིགས་པའི་ཕྱིར་ཏེ། དེའི་མཚན་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས
་པའི་གནས་ཀྱི་གཟུགས་དང་ལྡན་པ་ཡིན་ནོ།། དེ་དག་གི་སྤྱོད་ཡུལ་གྱི་མཚན་ཉིད་ཕྱི་རོལ་གྱི་གཟུགས་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ལ་ནི་དབང་པོ་ཐམས་ཅད་དབྲི་བར་བྱ་སྟེ། གཞན་ཐམས་ཅད་ནི་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ།། སྒྲ་དང
་སྒྲའི་ཁམས་ནི་མི་བརྟན་པ་ཡིན་པའི་ཕྱིར་ལོགས་ཤིག་ཁོ་ནར་སྟོན་པར་བྱེད་དེ། དེ་ལ་ཐམས་ཅད་ལ་ཡང་གང་ལ་སྒྲ་ཡོད་པ་དེ་ལ་དེ་ཡང་ལྷག་པར་ཤེས་པར་བྱའོ།། སྒྲོལ་ཁམས་ཀྱང་ཐམས་ཅད་ལ་ལྷག་པར་བལྟ་བར་བྱའོ།། དེ་ལ་གཟུགས་ལ
་སོགས་བ་ཡུལ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། སའི་དངོས་བཞིར་བསྟན་པ་བཞིན་ནོ།། འཇམ་པ་ཉིད་ལ་སོགས་པ་མདངས་བཟང་བའི་མཐར་ཐུག་པ་རེག་བྱའི་སྐྱེ་མཆེད་དུ་གང་བསྟན་པ་ནི་རྒྱུར་བྱས་པའི་གཟུགས་ཡིན་པའི་ཕྱིར། དེ་ནི་འབྱུང་བ
་ཆེན་པོ་དེ་དག་ཉིད་ལ་རྣམ་པར་གཞག་ཅིང་དེ་དག་ཉིད་ལ་གདགས་པར་རིག་པར་བྱའོ།། དེ་ལ་འབྱུང་བ་ཆེན་པོ་དང་པ་ཉིད་ལ་བརྟེན་ནས་ནི་འཇམ་པ་ཉིད་གདགས་སོ།། འདུས་མིཁྲེགས་ཉིད་ལ་བརྟེན་ནས་ནི་ལྕི་བ་ཉིད་དོ།། དང་བ་མ་ཡིན་པ་དང
་འདུས་མཁྲེགས་མ་ཡིན་པ་ཉིད་ལ་བརྟེན་ནས་ནི་རྔུབ་པ་ཉིད་དང་ཡང་བ་ཉིད་དོ།། མཉེན་ཞིང་སྙི་བ་ཉིད་ལ་བརྟེན་ནས་ནི་ནོམ་ནེམ་པོ་ཉིད་དོ།། ཆུ་དང་རླུང་འདྲེས་པ་ལས་བྱུང་བ་ཉིད་ལ་བརྟེན་ནས་ནི་གྲང་བའོ།། ཉེ་བར་སྟོན་པ་མ་ཚང་བས་མི་མཉམ་པ་ཉིད་ལ
་བརྟེན་ནས་ནི་དཀྲིས་པ་དང་སྐོམ་པའོ།། ཉམ་ཆུང་བ་ཡང་དེ་བཞིན་ནོ།། དེ་ཚངས་པས་མི་ཉམས་པ་མེད་པ་ལ་བརྟན་ནས་ནི་ཉམས་སྟོབས་དང་ཚིམ་པོའོ།། ལེགས་པར་མ་ཞུ་བས་འཁྲུགས་པའི་མི་མཉམ་པ་ལ་བརྟེན་ནས་ནི་ནང་ངོ་།། ན་ཆོད་གྱུར་པའི
་མི་མཉམ་པ་ལ་བརྟེན་ནས་ནི་རྒ་བའོ།། སྲོག་གི་དབང་པོར་གྱུར་པའི་མེ་མཉམ་པ་ལ་བརྟེན་ནས་ནི་འཆི་བའོ།། ཁྲག་ལ་ཀུན་ཏུ་གནོད་པའི་མི་མཉམ་པ་ལ་བརྟེན་ནས་ནི་གཡའ་བའོ།། ཉེས་པར་བཟོད་པའི་མི་མཉམ་པ་ལ་བརྟེན་ནས་ནི་བརྒྱལ་བའོ།།
་ས་དང་ཆུ་འདྲེས་པ་ལ་བརྟེན་ནས་ན་འགྲེང་པའོ།། འོང་བ་དང་འགྲོ་བ་དང་བརྩལ་བ་དང་འབང་པའི་མི་མཉམ་པ་ལ་བརྟེན་ནས་ནི་ངལ་བའོ།། དེ་དང་ཐལ་བའི་མཉམ་པ་ལ་བརྟེན་ནས་ནི་ངལ་སོས་པའོ།། དྲི་མ་ལ་སོགས་པ་བསལ་ཞིང་ཡོངས་སུ་ཞུམ་པ
་དང་བྲལ་བ་ལ་བརྟེན་ནས་ནཱི་མདངས་བཟང་བ་གདགས་ཏེ། དེ་དག་ཐམས་ཅད་བསྡུས་ན་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་སྐབས་དྲུག་ཁོ་ནར་འགྱུར་ཏེ། འདི་ལྟ་སྟེ། དང་བ་རྣམས་དང་དང་འམ་ཡིན་པ་ཉིད་ལྷན་ཅིག་པ་དང་། འདུས
་མཁྲེགས་པ་ཉིད་དང་འདུས་མཁྲེགས་པ་མ་ཡིན་པ་ཉིད་ལྷན་ཅིག་པ་དང་། སྡེ་བ་ཉིད་དང་། འདྲེས་པ་དང་། མི་མཉམ་པ་དང་མཉམ་པའོ།། དེ་ལྟར་ན་གནས་སྐབས་དྲུག་པོ་དེ་དག་ཡོད་ན་བརྒྱད་དུ་འགྱུར་ལ། བརྒྱད་ཡོད་ན་ཡང་དྲུག་ཏུ་འགྱུར་རོ།། གཟུགས
་ལ་སོགས་པ་རེག་བྱའི་མཐར་ཐུག་པ་དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པ་གཉིས་ཀྱིས་རྣམ་པར་ཤེས་པར་བྱ་བ་དག་ཡིན་ཏེ། རང་རང་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་དང་ཡིད་ཀྱི་རྣམ་པར་ཤེས་པས་ཅིག་ཅར་རམ། རིམས་ཀྱིས་རྣམ་པར
་ཤེས་པར་བྱ་བ་ཡིན་ནོ།། མིག་ལ་སོགས་པ་ལྔ་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུས་ཤེས་པར་བྱ་བ་ཡིན་ནོ།། དེ་ལ་གཟུགས་ཀྱི་ཁམས་ན་དྲི་དང་རོ་ནི་མེད་ལ་དེ་དག་གི་ཁམས་ནི་ཡོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་གཉིས་ནི་ཁམས་ཀྱི་ཟས་ཀྱིས་བསྡུས་པ
་ཡིན་པའི་ཕྱིར་རོ།། དེ་དག་མེད་པས་སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་ཡང་མེད་དེ། ཀུན་ཏུ་འབྱུང་བ་ཁོ་ནར་མེད་ཀྱི་ཁམས་ལས་ནི་མ་ཡིན་ནོ།། དེ་ལ་གཟུགས་ཀྱི་ཕུང་པོས་བསྡུས་པའི་གཟུགས་ཐམས་ཅད་ལས་རྣམ་པ་དགུ་ནི་རྫས་སུ
་ཡོད་དོ།། རེག་བྱས་བསྡུས་པ་ལས་འབྱུང་བ་ཆེན་པོ་བཞིནི་རྫས་སུ་ཡོད་པ་ཡིན་ནོ།། དེ་ལས་གཞན་པ་རྣམས་ནི་བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱའོ།། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ནི་རྣམ་པ་གཉིས་ཏེ། རྫས་སུ་ཡོད་པ་དང
་བཏགས་པའི་ཡོད་པའོ།། མཐུ་ལས་བྱུང་བ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སྤྲུལ་པ་ལྟ་བུ་དེའི་འབྲས་བུ་དང་། དེའི་ཡུལ་དང་། དེ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པའི་ཡུལ་གང་ཡིན་པ་དེ་ནི་རྫས་སུ་ཡོད་པ་ཡིན་ནོ།། སྡོམ་པ་དང་སྡོམ་པ་མ་ཡིན
་པར་གཏོགས་པ་ནི་བཏགས་པའི་ཡོད་པ་ཡིན་ནོ།། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་དེ་ཡང་ཏིང་ངེ་འཛིན་འབྱུང་བ་ཆེན་པོ་དག་རྒྱུར་བྱིས་པའི་གཟུགས་གང་དང་མཚུངས་པར་ལྡན་པ་དེ་དག་ཉིད་དང་དེ་ཡང་མཚུངས་པར་ལྡན་པ་ཡིན་ནོ།། འཇིག་རྟེན་པའི་ཏིང་ངེ
་འཛིན་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་བརྟེན་ནས་སྐྱེ་བ་ཡིན་གྱི། འཇིག་རྟེན་ལས་འདས་པ་ལས་ནི་མ་ཡིན་ཏེ། དེ་ནི་སྤྲོས་པའི་རྣམ་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་རོ།། སེམས་མཉམ་པར་གཞག་པ་ཐམས་ཅད
་ལ་ནི་གང་གཟུགས་མངོན་པར་འགྲུབ་པར་བྱེད་པའི་ནུས་པ་དེ་མེད་ཀྱི། དེ་དག་ལས་ལ་ལ་ཡོད་དེ།། སྤྲུལ་པ་འབྱུང་བར་བྱེད་པ་བཞིན་ནོ།། རྣམ་པར་བམ་བརྟགས་པར་སྔོན་གྱི་ཡིད་ལ་བྱེད་པའི་ཤུགས་ཀྱིས་མུན་པ་དང་བྲལ་བ་ཤིན་ཏུ་རྣམ་པར་དག་པ་མངོན་པར་བརྗོད་པར
་སྣང་བར་གྱུར་པ་གང་ཡིན་པ་དེ་ནི་སྐྱེས་པ་ཡིན་པར་བལྟ་བར་བྱའོ།། རྣམ་པར་བརྟགས་ཤིང་རྣམ་པར་བརྟགས་ཤིང་མོས་པའི་དབང་གིས་སྣང་བ་གང་ཡིན་པར་དེ་ནི་མ་སྐྱེས་པ་ཡིན་པར་བལྟ་བར་བྱའོ།། དེ་ནི་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ
་མེ་ཡིན་ཡང་ལ་ལ་དེའི་དབང་གིས་བྱུང་བ་ཡིན་པར་བལྟ་བར་བྱ་སྟེ་ཡང་བསམ་གྱེས་མི་ཁྱབ་པ་ཡིན་ནོ།། དེ་ལ་འདོད་པ་ན་སྤྱོད་པ་དང་གཟུགསན་སྤྱོད་པའི་གཟུགས་རྫས་སུ་ཡོང་བ་ལ་བྱེ་བྲགས་ཡོངས་ན། གཟུགས་ན་སྤྱོད་པའི་གཟུགས་ན་མཆོག་ཏུ་ཐོང་ངེས
་པར་འབྱིན་པའི་ཕྱིར་གསལ་བ་དང་། འོག་མའི་དབང་པོའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཆ་ཕྲ་བ་དང་། དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་སྡུག་བསྔལ་བ་དང་མི་ལྡན་པ་ཡིན་གྱི། འདོད་པ་ན་སྤྱོད་པ་ན་དེ་ལྟ་མ་ཡིན་པས།
་དེ་ལྟར་ན་དེ་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ།། ཡང་མདོར་བསྡུ་ན་གཟུགས་ཀྱི་ཕུང་པོའི་མཚན་ཉིད་ནི་རྣམ་པ་དྲུག་ཡོད་པར་རིག་པར་བྱ་སྟེ། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་།། གནས་དང་། གནས་པར་འབྲེལ་པའི་མཚན་ཉིད་དང་། ཉེ་བར་སྤྱོད
་འི་མཚན་ཉིད་དང་། ལས་ཀྱི་མཚན་ཉིད་དང་། ཆ་ཕྲ་བའི་མཚན་ཉིད་དོ།། དེ་ལ་རང་གི་མཚན་ཉིད་ནི་ས་ལ་སོགས་པའི་སྲ་བ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དང་། མིག་ལ་སོགས་པའི་སོ་སོའི་དང་བའི་མཚན་ཉིད་གང་ཡིན་པའོ།།
་དེ་ལ་སྤྱིའི་མཚན་ཉིད་ནི་གཟུགས་ཐམས་ཅད་ནི་གཟུགས་སུ་རུང་བའི་མཚན་ཉིད་ཡིན་པའོ།། དེ་ལ་གནས་དང་གནས་པར་འབྲེལ་པའི་མཚན་ཉིད་འབྱུང་བ་ཆེན་པོ་རྣམས་གནས་ཡིན་ལ། རྒྱུ་བྱས་པའི་གཟུགས་རྣམས་ནི་གནས་པ་ཡིན་ནོ།། དེ་ལ
་ཉོཉེ་བར་སྤྱོད་པའི་མཚན་ཉིད་ནི་ནང་གི་སྐྱེ་མཆེད་གཟུགས་ཅན་རྣམས་ཀྱི་ཉེ་བར་སྤྱོད་པའི་དབང་གིས་ཕྱི་རོལ་གྱི་གཟུགས་ཅན་རྣམས་སོ་སོར་འབྱུང་བ་སྟེ། ནང་གི་སྐྱེ་མཆེད་ཀྱི་ཉེ་བར་སྤྱོད་པ་དང་མཐུན་པ་ཉིད་དུ་གཟུགས་འདུས་པ་ལ་ལ་ནི་སྲ་བ
་ཁོ་ནར་འབྱུང་ལ། ལ་ལ་ནི་གཤེར་བ་ཁོ་ནར་ལ་ལར་ནི་རྔོགཁོ་ནར་ལ་ལར་ནི་གཡོ་བ་ཁོ་ནར། ལ་ལར་ནི་འདྲེས་པ་ཁོ་ནར་འབྱུང་བའོ།། དེ་ལ་ལས་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། སོ་ལ་སོགས་པོ་འབྱུང་བ་ཆེན་པོ་རྣམས་ཀྱི་བརྟེན་པ་དང་།
་སྡུད་པ་དང་། སྨིན་པར་བྱེད་པ་དང་། སྤྱོད་པའི་མཚན་ཉིད་དེ།། དེ་ལས་གཞན་ཡང་འོག་ནས་རྒྱས་པར་བསྟན་པར་བྱའོ།། དེ་ལ་ཆ་ཕྲ་བའི་མཚན་ཉིད་ནི་རྡུལ་ཕྲ་རབ་ཀྱི་མཚན་ཉིད་གང་ཡིན་པའོ།། ཡང་ཆ་ཕྲ་བ་ཉིད་ནི་རྣམ་པ་གསུམ་སྟེ།
་འབྲི་བ་ཆ་ཕྲ་བ་ཉིད་དང་། རང་བཞིན་ཆ་ཕྲ་བ་ཉིད་དང་། སེམས་ཀྱི་དབང་སྒྱུར་བ་ཆ་ཕྲ་བ་ཉིད་དོ།། དེ་ལ་འབྲི་བ་ཆ་ཕྲ་བ་ཉིད་ཀྱིས་ནི་རྡུལ་ཕྲ་རབ་ཆ་ཕྲ་བ་བསྟན་ཏོ།། དེ་ལ་རང་བཞིན་ཆ་ཕྲ་བ་ཉིད་ཀྱིས་ནི་རླུང་ལ་སོགས་པ་དང་། བར་མ་དོའི་སྲིད་པའི
་གཟུགས་ཆ་ཕྲ་བ་བསྟན་ཏོ།། དེ་ལ་སེམས་ཀྱིས་དབང་བསྒྱུར་བ་ཆ་ཕྲ་བ་ཉིད་ཀྱིས་ནི་གཟུགས་ན་སྤྱོད་པའི་གཟུགས་ཆ་ཕྲ་བ་བསྟན་ཏེ། ཇི་སྐད་དུ་ལྷ་སེམས་མཉམ་པ་མིར་གྱུར་པ་དེ་དག་གིས་ཇི་ལྟར་དེ་དག་སྦྲང་བུའི་རྩེ་མོས་ཕུག་པའི་ཁྱོན་ཙམ་གྱིས
་ཕྱོགས་གཅིག་ཏུ་འཁོད་ཀྱང་གཅིག་ལ་གཅིག་ཐོགས་པ་ཡང་མེད་ལ། གཅིག་ལ་གཅིག་གནོད་པ་མེད་པ་དང་། དེ་ལྟ་དེ་ལྟར་སེམས་དེ་དག་ཡོངས་སུ་སྦྱང་བར་བྱས་ཤིང་ཡོངས་སུ་བྱི་དོར་བྱས་སོ་ཞེས་གསྤངས་པ་ལྟ་བུ་སྟེ། དེ་ལྟར་དེ་ལྟ་བུ་དང
་མཐུན་པ་དག་ནི་གཟུགས་ཀྱི་ཕུང་པོའི་རྫས་བསགས་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་གཟུགས་ཀྱི་རྡུལ་ཕྲ་རབ་རྣམ་པ་དུས་རྣམ་པར་གཞག་པར་རིག་པར་བྱ་ཞེ་ན། སྨྲས་པ། རྒྱ་ཆེར་ནི་སའི་དངོས་གཞིར་རྣམ་པར་གཞག་པར་བྱས་ཟིན་ཏོ།།
་མདོར་བསྡུ་ན་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ཡོངས་སུ་སྤྱོད་པ་དང་། རྣམ་པར་དབྱེ་བ་དང་། མ་འདྲེས་པ་དང་། ལྷན་ཅིག་པ་དང་། ཆ་ཤས་མེད་པས་སོ།། དེ་ལ་ཡོངས་སུ་སྤྱོད་པ་ལས་རྣམ་པར་གཞག་པ་ནི་གཟུགས་དབྲི་བའི་མཐའ་བློས
་ཡོངས་སུ་སྤྱད་པ་ལས་རྡུལ་ཕྲ་རབ་རྣམ་པར་གཞག་པར་བད་ཀྱི། ལུས་གཟུགས་ལས་ནི་མ་ཡིན་ཏེ། དེའི་ཕྱིར་རྡུལ་ཕྲ་རབ་ཀྱི་སྐྱེ་བར་ཡང་མི་འགྱུར་ལ། རྡུལ་ཕྲ་རབ་བསགས་པ་གཟུགས་འདུས་པ་ཡང་མ་ཡིན་ནོ།། དེ་ལ་རྣམ་པར་དུ་།
་ལས་རྣམ་པར་གཞག་པ་ནི་མདོར་བསྡུ་ན་རྡུལ་ཕྲ་རབ་ནི་རྣམ་པ་བཅོ་ལྔ་ཡོད་དེ་མིག་ལ་སོགས་པ་དབང་པོའི་རྡུལ་ཕྲ་རབ་རྣམ་པ་ལྔ་དང་། གཟུགས་ལ་སོགས་པ་ཡུལ་གྱི་རྡུལ་ཕྲ་རབ་རྣམ་པ་ལྔ་དང་ས་ལ་སོགས་པ་འབྱུང་བ་རྣམས་ཀྱི་རྡུལ་ཕྲ་རབ་རྣམ་པ་བཞི
་དང་། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་རྫས་སུ་ཡོད་པའི་རྡུལ་ཕྲ་རབ་རྣམ་པ་གཅིག་གོ།། དེ་ལ་མ་འདྲེས་པ་ལས་རྣམ་པར་གཞག་པ་ནི་རྫས་ཀྱི་རྡུལ་ཕྲ་རབ་ཀྱི་རང་གི་མཚན་ཉིད་རྣམ་པར་གཞག་པ་ལས་སོ།། དེ་ལ་ལྷན་ཅིག་པ་ལས་རྣམ་པར་གཞག།
་པ་ནི་རྡུལ་ཕྲ་རབ་འདུས་པ་སྟེ། འདི་ལྟར་ས་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་ཕྱོགས་གཅིག་ན། དེ་ལས་གཞན་པ་དག་ཕྱོགས་གཅིག་དང་། ཐ་མི་དད་པས་རྡུལ་ཕྲ་རབ་འདུས་པར་རྣམ་པར་བཞག་པའི་ཕྱིར་རོ།། དེ་ལ་ཅིའི་ཕྱིར་ན་ཐོགས་པ་དང་བཅས་པའི
་ཆོས་རྣམས་ཕྱོགས་གཅི་ཡི་ན་ཐ་མི་དད་པར་གནས་པ་དང་། ཐོགས་པ་མེད་པ་ཉིད་དུ་འགྱུར་ཞེ་ན། དེ་མངོན་པར་འགྲུབ་པ་ནི་འཇུག་པ་དང་མཐུན་པའི་ཕྱིར་དེ་དང་མཐུན་པའི་ལས་ཀྱི་དབང་ལས་དེ་ལྟར་མངོན་པར་འགྲུབ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ
་ན། གཟུགས་འདུས་པ་ཐམས་ཅད་ནི་དབང་པོ་ཐམས་ཅད་ཀྱི་ཡོངས་སུ་ལོངས་སྤྱོད་པ་ཐུན་མོངས་ཡིན་ཕྱིར་རོ།། དེ་ལྟ་མ་ཡིན་དུ་ཟིན་ན་གལ་ཏེ་འདུས་པ་ཐམས་ཅད་ལ་ས་ལ་སོགས་པ་ཐམས་ཅད་ཐ་མི་དད་པ་མ་ཡིན་པར་གྱུར་ན་ནི་དེ་ལྟ་ན་འདུས་པ་མཐའ
་ངག་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པར་འགྱུར་ཏེ།། དེའི་ཕྱིར་དེ་དག་གིས་ཡོངས་སུ་ལོངས་སྤྱོད་པར་མི་འགྱུར་བས། དེ་ལྟ་བས་ན་ཐ་མི་དད་པ་ཡིན་པར་རིག་པར་བྱའོ།། གཟུགས་གང་ལ་ལར་ཐོགས་པར་འགྱུར་ལ། ལ་ལར་ཐོགས
་བར་མི་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན་བར་མ་དོའི་སྲིད་པའི་གཟུགས་ལ་སོགས་པ་དེ་དག་ཐོགས་པ་མེད་པ་བཞིན་དུ་འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། དེ་ལ་ཆ་ཤས་མེད་པ་ལས་རྡུལ་ཕྲ་རབ་རྣམ་པར་གཞག་པ་ལྔ་ནི་རྡུལ་ཕྲ་རབ་འདུས་པ
་ཡོད་ན་ནི་རྡུལ་ཕྲ་རབ་རྣམས་ཆ་ཤས་ཡིན་གྱི། རྡུལ་ཕྲ་རབ་རྣམས་ནི་འདུས་པ་ཡིན་པའི་ཕྱིར་ཆ་ཤས་གཞན་མེད་དེ། རྡུལ་ཕྲ་རབ་ཀྱི་ཕྱོགས་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་ཕྱོགས་ཡིན་གྱི་ཆ་ཤས་ཀྱིས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ།། དེ་ལ་རྡུལ་ཕྲ་རབ་ཇི་སྐད
་བསྟན་པ་ནི་མིག་ལྔའི་ཕྱིར་རྣམ་པ་ལྔ་སྟེ། ཤའི་མིག་དང་། ལྷའི་མིག་དང་། འཕགས་པའི་ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་གོ། རྡུལ་ཕྲ་རབ་དུ་ཞིག་མིག་དུ་ཞིག་གི་སྤྱོད་ཡུལ་དང་ཡུལ་ཡིན་པར་བརྗོད་པར་བྱ་ཞེ་ན། རྡུལ་ཕྲ་རབ
་ཐམས་ཅད་ནི་ཤའི་མིག་དང་། ལྷའི་མིག་མ་གཏོགས་པ་དེ་ལས་གཞན་པའི་མིག་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་ཡིན་པར་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལྷའི་མིག་ནི་གཟུགས་འདུས་པ་ནང་དང་ཕྱི་རོལ་དང་། འོག་དང་། སྟེང་དང་། མདུན
་དང་རྒྱབ་དང་། སྣང་བ་དང་། མུན་པ་དང་བཅས་པ་ཁོ་ན་འཛིན་པར་ཟད་ཀྱི་རྡུལ་ཕྲ་རབ་ཏུ་འབྱེད།། རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་ནི་ཤེས་རབ་ཀྱིས་ཡོངས་སུ་གཅད་ཅིང་རྣམ་པར་བཞག་པ་ཡིན་པའི་ཕྱིར་རོ།། དེ་ལ་ཅིའི་ཕྱིར་ན་རྡུལ་ཕྲ་རབ་མ་སྐྱེད་པ་དང་། མ་འགག་པར
་བརྗོད་པར་བྱ་ཞེ་ན། སྨྲས་པ། དང་པོར་མཐའ་དག་འདུས་ཏེ་བྱུང་བའི་ཕྱིར་དང་། ཐ་མར་ཡང་རྡུལ་ཕྲ་རབ་ཀྱི་གནས་སྐབས་སུ་མ་གྱུར་གྱི་བར་དུ་ཉེ་བར་སྦྱོར་བ་ཡོད་པའི་ཕྱིར་ཏེ། ཆུའི་ཐིགས་པ་བཞིན་ནོ།། དེ་ལ་རྣམ་པ་ལྔས་རྡུལ་ཕྲ་རབ་ལ
་སེམས་པའི་ཚུལ་བཞིན་མ་ཡིན་པར་རིག་པར་བྱ་སྟེ། གཟུགས་འདུས་པ་ལ་རྡུལ་ཕྲ་རབ་རང་གི་བདག་ཉིད་ཀྱིས་གནས་པར་འཛིན་པ་ནི་རྡུལ་ཕྲ་རབ་ལ་སེམས་པ་ཚུལ་བཞིན་མ་ཡིན་པར་རིག་པར་བྱའོ།། རྡུལ་ཕྲ་རབ་སྐྱེ་བ་དང་འགག་པར་འགྱུར་བར་འཛིན་པ་དང་། རྡུལ་ཕྲ
་རབ་དང་རྡུལ་ཕྲ་རབ་ཕྲད་པ་དང་། འབྲལ་བར་འཛིན་པ་དང་། གཟུགས་འདུས་པ་ནི་རྡུལ་ཕྲ་རབ་ཙམ་གྱི་གནས་སྐབས་ཡིན་པར་འཛིན་པ་དང་། རྡུལ་ཕྲ་རབ་སྣ་ཚོགས་ནས་གཟུགས་འདུས་པ་དོན་གཞན་དུ་གྱུར་པ་བསྐྱོད་པར་འཛིན་པ་ཡང་རྡུལ་ཕྲ་རབ་ལ་སེམས་པ་ཚུལ
་བཞིན་མ་ཡིན་པར་རིག་པར་བྱའོ།། དེ་ལ་ཚུལ་བཞིན་ལ་རབ་ཏུ་བརྩོན་པས་ནི་ཚུལ་བཞིན་མ་ཡིན་པ་རྣམ་པ་ལྔ་པོ་དེ་དག་སྤངས་ཏེ་རྡུལ་ཕྲ་རབ་བསམ་པར་བྱའོ།། དེ་ལ་རྡུལ་ཕྲ་རབ་རྣམ་པར་བཞག་པ་ལས་ཕན་ཡོན་རྣམ་པ་ལྔ་ཡོད་དེ་རིལ་པོ་རབ་ཏུ་དབྱེ་བ་རྣམ་པར་གཞག
་པས་ནི་རྣལ་འབྱོར་པ་རྣམས་ཀྱི་དམིགས་པ་ལ་གསལ་བའི་རྒྱུ་བྱས་པར་འགྱུར་ཏེ་དེ་ནི་ཕན་ཡོན་དང་པོ་ཡིན་ནོ།། འཇིག་ཚོགས་ལ་ལྟ་བ་སྤོང་བའི་རྒྱུ་བྱས་པར་འགྱུར་བ་ནི་ཕན་ཡོན་གཉིས་པའོ།། འཇིག་ཚོགས་ལ་ལྟ་བ་སྤོང་བ་ཇི་ལྟ་བ་བཞིན་དུ་ང་རྒྱལ་སྤང་བའི་རྒྱུ་བྱས་པར
་འགྱུར་བ་ནི་ཕན་ཡོན་གསུམ་པའོ།། དེ་བཞིན་དུ་ཉོན་མོངས་པོའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་རྒྱུ་བྱས་པར་འགྱུར། བ་ནི་ཕན་ཡོན་བཞི་པའོ།། མྱུར་དུ་མཚན་མ་རྣམ་པར་འཇིག་པའི་རྒྱུ་བྱས་པར་འགྱུར་བ་ནི་ཕན་ཡོན་ལྔ་པ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ
་དེ་ནི་རྡུལ་ཕྲ་རབ་བསམ་པ་ཡིན་ནོ།། དེ་ལ་གཟུགས་ཅན་གྱི་རྫས་རྣམས་ཀྱི་སྐྱེ་བ་ནི་མདོར་བསྡུ་ན་རྣམ་པ་ལྔར་བལྟ་བར་བྱ་སྟེ་འདི་ལྟ་སྟེ། གནས་ལས་སྐྱེ་བ་དང་། ས་བོན་ལས་སྐྱེ་བ་དང་། འཕེན་པ་ལས་སྐྱེ་བ་དང་། ཕན་འདོགས་ལས་སྐྱེ་བ་དང་།
་གནོད་པ་བྱེད་པ་ལས་སྐྱེ་བའོ།། དེ་ལ་གནས་ལས་སྐྱེ་བ་ནི་འབྱུང་བ་ཆེན་པོ་ལ་བརྟེན་ནས་འབྱུང་བ་ཆེན་པོའི་ཕྱོགས་སུ་དེ་ལས་གཞན་པ་རྒྱུར་བྱས་པའི་གཟུགས་སྐྱེ་བར་འགྱུར་བ་སྟེ། དེའི་ཕྱིར་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་རྒྱུར་བྱས་པའི་གཟུགས
་ཞེས་བྱ་སྟེ། ཕྱོགས་གཅིག་ལས་ཉེ་བར་བླངས་ཤེས་བྱ་བའི་དོན་ཏོ།། དེ་ལ་གཟུགས་འདུས་པ་གང་ལ་འབྱུང་བ་དང་། རྒྱུར་བྱས་པའི་གཟུགས་རང་གི་མཚན་ཉིད་ལས་དམིགས་པ་གང་ཡིན་པ་དེ་ཉིད་ནི་དེ་ལ་ཡོད་པར་རིག་པར་བྱའོ།། གང་ལ་གང་མི་དམིགས
་པ་དེ་ནི་དེ་ལ་མེད་པར་རིག་པར་བྱ་སྟེ། དེ་ལྟར་ན་དེ་ནི་ཡོད་པ་དང་མེད་པའི་མཚན་ཉིད་རྣམ་པར་བཞག་པ་མདོར་བསྡུས་པ་ཡིན་ནོ།། གལ་ཏེ་གང་ལ་གང་མི་དམིགས་པ་དེ་ཡང་དེ་ལ་ཇི་ལྟར་དམིགས་པ་དེ་བཞིན་དུ་ཡོད་པར་གྱུར་ན། དེ་དེ་དང་རྫས་མཚུངས་པ
་ཞིག་གམ། རྫས་མི་མཚུངས་པ་ཞིག་ཏུ་འགྱུར་གྲང་ན། གལ་ཏེ་རྫས་མཚུངས་ཞེས་བྱར་ནི་མི་དམིགས་པས་མི་རུང་ངོ་།། གལ་ཏེ་རྫས་མི་མཚུངས་པ་ཞིག་ཡིན་ན་ཡང་རྫས་མི་མཚུངས་པ་དེ་དེ་ཙམ་ཞོག་གམ། མཐུ་ལས་ཡིན་གྲང་ན། གལ་ཏེ་དེ
་ཙམ་ཞིག་ལས་ཞེས་བྱར་ནི།། དེས་ན་ཅུང་ཟད་ཀྱང་དམིགས་སུ་མེད་པས་མི་རུང་ངོ་།། གལ་ཏེ་མཐུ་ལས་ཞེས་བྱར་ནི། དེས་ན་མཚན་ཉིད་ལ་ཐ་དད་པའི་མཐུ་གཞན་མི་དམིགས་པས་མི་རུང་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གནས་ལས་སྐྱེས་པ
་ཡིན་པར་རིག་པར་བྱའོ།། དེ་ལ་ས་བོན་ལས་སྐྱེ་བ་ནི་རང་གི་ས་བོན་ལས་འབྱུང་བ་གང་ཡིན་པ་སྟེ། འདི་ལྟ་སྟེ་དཔེར་ན་འདུས་པ་སྲ་བ་ནི་ལན་འགར་ནི་རྐྱེན་ཉེ་བར་གྱུར་པ་ན་སྨྲ་བར་གྱུར་ལ་སྨྲ་བ་ཡང་ལྡན་འགའ་ནི་སླུ་བར་འགྱུར་བ་དང་།
་གྲང་བ་ཡང་དྲོ་བར་འགྱུར་ལ། དྲོ་བ་ཡང་གྲང་བར་འགྱུར་བ་དང་། མི་གཡོ་བ་ཡང་གཡོ་བར་འགྱུར་ལ། གཡོ་བ་ཡང་མི་གཡོ་བར་འགྱུར་བ་དང་། དེ་བཞིན་དུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་ལ་སོགས་པའི་དབྱེ་བ་ཡང་རིག་པར་བྱ་སྟེ། དེ་ལྟར་ན་རང་གི
་མཚན་ཉིད་མེད་ཀྱང་ཁམས་ཡོད་ན་འདུས་པ་དེ་དང་དེ་ལས་ཆོས་གཟུགས་ཅན་བྱེ་བྲག་ཅན་དེ་དང་དེ་དག་འབྱུང་བར་འགྱུར་ཏེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་ས་བོན་ལས་སྐྱེ་བ་ཡིན་པར་རིག་པར་བྱའོ།། དེ་ལ་འཕེན་པ་ལས་སྐྱེ་བ་ནི་འདི་ལྟ།
་སྟེ། ནང་གི་དབང་པོ་གཟུགས་ཅན་རྣམས་ཀྱི་དབང་གི་ཕྱི་རོལ་གྱི་དངོས་པོ་བསྟན་པ་རྣམས་འབྱུང་བ་སྟེ། འདི་ལྟ་སྟེ་སྣོད་ཀྱི་འཇིག་རྟེན་རྣམས་སོ།། ནང་གི་སྐྱེ་མཆེད་རྣམས་ཀྱང་སྔོན་གྱི་ལས་ཀྱི་འཕེན་པ་ལས་འབྱུང་ངོ་།། དེ་ལ་འདོད་པ་ཉེ་བར
་གནས་པའི་ལྷ་རྣམས་དང་། འདོད་པ་ཉེ་བར་གནས་པ་བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་ཡོ་བྱད་རྣམས་ནི་ཡང་དང་ཡང་འཕེན་པའི་སྐྱེ་བ་ལས་འབྱུང་བར་རིག་པར་བྱའོ།། མི་རྣམས་ཀྱི་ནི་སྣོད་བརྟན་པ་དག་ལུས་ཏེ། དེ་ལྟར་དེ་ལྟ་བུ
་དང་མཐུན་པ་དེ་ནི་འཕེན་པ་ལས་སྐྱེ་བ་ཡིན་པར་རིག་པར་བྱའོ།། དེ་ལ་ཕན་འདོགས་པ་ལས་སྐྱེ་བ་ནི་འདི་ལྟ་སྟེ། ཆོས་གཟུགས་ཅན་དེ་དང་དེ་དག་ཕན་འདོགས་པའི་རྐྱེན་དེ་དང་དེ་དག་ལ་བརྟེན་ནས་ཆོས་རྟས་པ་དང་། ཤིན་ཏུ་རྟས་པ་དང་། ཤིན་ཏུ་མཆིས
་དང་། ཤིན་ཏུ་ཁྱད་པར་དུ་འཕགས་པར་སྐྱེ་བར་འགྱུར་བ་སྟེ། འདི་ལྟ་སྟེ་དབྱེར་ན་ཆུ་ལ་སོགས་པས་རླན་པ་རྣམས་ཀྱི་མྱུ་གུ་ལ་སོགས་པ་ལྟ་བུ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་ཕན་འདོགས་པ་ལས་སྐྱེ་བ་ཡིན་ནོ།། དེ་ལས་བཟློག་པ་ནི་གནོད་པ
་བྱེད་པ་ལས་སྐྱེ་བ་ཡིན་པར་རིག་པར་བྱའོ།། དེ་ལ་འདུས་པ་སྐྱེ་བ་ན་རྫས་སྣ་ཚོགས་མེ་རྨིག་ལ་བཏགས་ཏེ་ཆུ་དང་སྦྱར་བ་རྣམ་པར་གཞག་པ་བཞིན་དུ་སྐྱེ་བ་ལ་བྱའི་ཏིལ་དང་སྲན་ཆུང་དང་། མོན་སྲན་གྲེའུ་ལ་སོགས་པའི་ཕུང་པོ་རྣམ་པར་གཞག་པ་ལྟ་བུ་ལ
་ནི་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱ་བ་བྱེད་པའི་ཕྱིར་དེ་ལྟར་སྐྱེ་བོའི་ཕྱི་ར་ཏི། དེ་ལྟར་དེའི་སྐྱེ་བའི་རྒྱུ་ནི་དབང་ཡིནརྀ་པཱར་རིག་པར་བྱའོ།། གང་གི་ཚེ་འདུ་བྱེད་ཐམས་ཅད་རང་གི་ས་བོན་ལས་སྐྱེ་བའི་ཚེ་ཅིའི་ཕྱིར་རྒྱུར་བྱས་པའི་གཟུགས་ལ་འབྱུང་བ་ཆེན་པོ
་རྣམས་རྒྱུར་བྱས་པ་ཞེས་བྱ་ཞེ་ན། སྨྲས་པ། དེ་དག་འགྱུར་བས་འགྱུར་བ་དང་། གནས་པ་དང་། འཛིན་པའི་ཕྱིར་རོ།། དེ་ལ་རྒྱུ་གསུམ་གྱིས་ན་འབྱུང་བ་ཆེན་པོ་གྱུར་པས་རྒྱུར་བྱས་པའི་གཟུགས་འགྱུར་བ་འབྱུང་སྟེ། སྐྱེས་བུའི་བྱེད་པ་དང་། ལས
་དང་། སྙོམས་པར་འཇུག་པས་སོ།། དེ་ལ་སྐྱེས་བུའི་བྱེད་པ་ནི་སའི་མངོན་པར་གནོད་པའི་བྱེ་བྲག་དང་། སྣོད་ཀྱི་བྱེ་བྲག་དང་། ཞིང་གི་བྱེ་བྲག་ལས་རྒྱུར་བྱས་པའི་གཟུགས་དེ་འགྱུར་བར་སྣང་བ་དང་། ཆུ་ནི་མངོན་པར་བརླན་པ་ལ་སོགས་པ་དང་། མེ་ནི
་ཡོངས་སུ་སྨིན་པ་ལ་སོགས་པ་དང་། རླུང་གིས་ཡོངས་སུ་སྐམ་པ་ལ་སོགས་པས་རྒྱུར་བྱས་པོའི་གཟུགས་འགྱུར་བར་སྣང་བ་སྟེ། དེ་ལྟར་ན་དེ་ནི་འབྱུང་བ་ཆེན་པོ་རྣམས་ལས་བརྟེན་ཏེ་རྒྱུར་བྱས་པའི་གཟུགས་འགྱུར་བ་འབྱུང་བ་སྐྱེས་བུའི་བྱེད་པས
་བྱས་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་ལས་ནི་ལས་དང་མཐུན་པར་དང་པོར་འབྱུང་བ་ཆེན་པོ་འབྱུང་ལ། དེའི་འོག་ཏུ་དེ་དང་མཐུན་པ་དེ་ལས་བྱུང་བའི་གཟུགས་འགྱུར་བ་འབྱུང་སྟེ། དེ་ལྟར་ན་དེ་ནི་འབྱུང་བ་ཆེན་པོ་རྣམས་ལ
་བརྟེན་ཏེ་རྒྱུར་བྱས་པའི་གཟུགས་འགྱུར་བ་འབྱུང་བ་ལས་ཀྱིས་བྱས་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་སྙོམས་པར་འཇུག་པ་ནི་སྙོམས་པར་འཇུག་པ་ཡང་འབྱུང་བ་ཆེན་པོ་སྔོན་དུ་འགྲོ་བ་ཉིད་ཀྱིས་རྒྱུར་བྱས་པའི་གཟུགས་འགྱུར་བ་འབྱུང་བ་སྟེ། དེ
་ལྟར་ན་དེ་ནི་འབྱུང་བ་ཆེན་པོ་རྣམས་ལས་བརྟེན་ཏེ་རྒྱུར་བྱས་པའི་གཟུགས་འགྱུར་བ་འབྱུང་བ་སྙོམས་པར་འཇུག་པས་བྱས་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་མདོར་བསྡུ་ན་རྒྱུ་ལྔས་ནི་འབྱུང་བ་ཆེན་པོ་འབྲས་བུ་གཞན་དུ་གྱུར་པ་ལས་འབྲས་བུ
་གཞན་འགྲུབ་པར་འགྱུར་ཏེ། འདི་ལྟ་སྟེ་འབྱུང་བ་ཆེན་པོའི་སྟོབས་དང་། སྐྱེས་བུའི་བྱེད་པའི་སྟོབས་དང་། རིག་སྔགས་ཀྱི་སྟོབས་དང་། རྫུ་འཕྲུལ་གྱི་སྟོབས་དང་། ལས་ཀྱི་སྟོབས་ཀྱིས་སོ།། འདི་ནས་ཤི་འཕོས་ཤིང་ཤི་བའི་དུས་བྱས་པའི་བར
་མ་དོའི་སྲིད་པའི་གཟུགས་འདུས་པ་གང་ཡིན་པ་དེ་རྒྱུ་གང་དང་རྐྱེན་གང་གིས་འབྱུང་ཞེ་ན། སྨྲས་པ། རང་གི་ས་བོན་ནི་རྒྱུ་ཡིན་ལྔ་དེ་སྐྱེ་བར་འགྱུར་བའི་ལས་ནི་རྐྱེན་ཡིན་པར་བལྟ་བར་བྱའོ།། བར་མ་དོའི་སྲིད་པ་ཡོད་པར་རྒྱུ་གང་གིས་ཁོང་དུ་ཆུད་པར་བྱ
་ཞེ་ན། སྨྲས་པ། ཤི་འཕོས་ནས་སེམས་དང་སེམས་ལས་བྱུང་བ་གནས་མེད་པ་རྣམས་ཡུལ་གཞན་དུ་བྱིན་མི་སྲིད་པའི་ཕྱིར་དང་། རྣམ་པར་འཁྲུལ་པ་ཙམ་ཡིན་པས་ཟག་ཆ་ལྟ་བུར་ཡང་མི་རུང་བ་དང་། མ་འགགས་པའི་ཕྱིར་གཟུགས་བརྙན་སྟེ།
་བུར་ཡང་མི་རུང་བ་དང་། འགྲོ་བ་མེད་པའི་ཕྱིར་དམིགས་པ་འཛིན་པ་ལྟ་བུར་ཡང་མི་རུང་སྟེ། གང་གི་ཕྱིར་དཔེ་དེ་དག་མི་རུང་བ་དེའི་ཕྱིར་བར་མ་དོའི་སྲིད་པ་ཡོད་པར་རིག་པར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཀྱི་ཕུང་པོའི་སྐྱེ་བ་བསམ་པ
་ཡིན་པར་རིག་པར་བྱའོ།། དེ་ལ་ཡུལ་གནོན་ཅིང་ཡུལ་གང་དུ་དེ་ལས་གཞན་པ་དག་ཀྱང་གནས་པར་འགྱུར་བར་གཟུགས་ཀྱི་ཕུང་པོ་སྐྱེས་པའི་སྔོན་དུ་འགྲོ་བ་གང་ཡིན་ཞེ་ན། སྨྲས་པ། འབྱུང་བ་ཆེན་པོ་དག་སྔོན་དུ་འགྲོ་ཞིང་དེ་དག་ཉིད་ཡུལ་གོ་ནོན་པ་ཡིན
་པར་བལྟ་བར་བྱ་སྟེ། དེ་ལས་གཞན་པ་རྒྱུར་བྱས་པའི་གཟུགས་དེ་ནི་དེ་ལ་བརྟེན་ནས་ཡུལ་དེར་གནས་པར་འགྱུར་རོ།། དེ་ལ་འབྱུང་བ་རྣམས་ཁོ་ན་ཡུལ་དེ་ལ་སྒྲིབ་པའི་དོན་གྱིས་ཉེ་བར་གནས་པ་ཡིན་གྱི། དེ་ལས་གཞན་པ་རྒྱུར་བྱས་པའི་གཟུགས
་ནི་རང་གི་མཚན་ཉིད་ཀྱིས་ཁྱབ་པའི་དོན་དང་། དེའི་དབང་གིས་ན་དེ་ཡང་ཡུལ་གནོན་པར་རིག་པར་བྱའོ།། ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ནི་གོ་རིམས་བཞིན་དུ་རགས་པ་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་ལ་སའི་ཁམས་འབྲས་བུ་དང་བཅས
་པ་ནི་རྟེན་གྱིས་དོན་གྱིས་གཙོ་བོ་ཡིན་ནོ།། ཆུ་དང་། མེ་དང་། རླུང་རྣམས་ཀྱི་ལས་ནི་དྲན་པ་དང་། འབར་བ་དང་། གཡོ་བར་བྱེད་པོ་ཡིན་ཏེ། དེ་དག་ནི་དེ་ལས་བརྟེན་ནས་འཇུག་པར་འགྱུར་རོ།། དེ་ལ་སྒྲ་ནི་བརྗོད་མ་ཐག་ཏུ་འཇིག་པའི་ཕྱིར་གཟུགས་འདུས་པ་ལ
་རྒྱུན་བརྟན་པ་མ་ཡིན་ཏེ། ཡུལ་དེ་དང་ཕྱི་རོལ་ལ་དམིགས་པ་ཡིན་ནོ།། དོ་ནི་རི་ལས་བརྟེན་ཏེ་ལན་ཅིག་བྱུང་བ་ན་ཡུལ་གོང་དུ་གྲག་པའི་ཡུལ་དེ་ཐམས་ཅད་དུ་ཅིག་ཆར་ཁོ་ནར་ཁྱབ་པར་འབྱུང་སྟེ། མོའི་འང་དང་འདྲ་བ་ཡིན་གྱི་ཆེས་ཆེ་བ་དང་ཆི་བར་འབྱུང་ཞིང
་འགྲོ་བ་ནི་མ་ཡིན་ནོ།། དེ་ལ་རླུང་ནི་རྣམ་པ་གཉིས་ཏེ། བརྟན་པ་དང་བརྟན་པ་མ་ཡིན་པའོ།། དེ་ལ་དཀྱིལ་འཁོར་ན་རྒྱུ་བ་ནི་བརྟན་པའོ།། ནམ་མཁའ་ལ་རྒྱུ་བ་ནི་བརྟན་པ་མ་ཡིན་པ་ཁྲོ་ནའོ།། རྫས་ཀྱི་ནང་ན་རྒྱུ་བ་ནི་རྟག་ཏུ་ཕན
་འདོགས་པ་ཡིན་ནོ།། འཁྲུལ་འཁོར་ངེས་པ་ནི་བརྟེན་པ་ཡིན་ནོ།། དེ་ལས་གཞན་པ་རྣམས་ནི་བརྟན་པ་མ་ཡིན་པར་བལྟ་བར་བྱའོ།། དེ་ལ་ན་མཁའི་ཁམས་ནི་སྣང་བ་དང་། མུན་པས་བསྡུས་པ་རྒྱུར་བྱས་པའི་གཟུགས་ལ་ན་མཁའི་ཁམས་ཞེས་བྱའོ།།
་དེ་ཡང་བསྟན་པ་དང་བརྟན་པ་མ་ཡིན་ཏེ། སེམས་ཅན་གང་དག་ལ་རྟག་ཏུ་མུན་པ་དང་། རྟག་ཏུ་སྣང་བ་ཡོད་པ་དེ་དག་ན་ནི་བརྟན་པ་ཡིན་ནོ།། གང་དག་ལ་དེ་ལྟ་མ་ཡིན་དེ་དེ་དག་ནི་ནི་བརྟན་པ་མ་ཡིན་པ་སྟེ། དེ་ཡང་གཟུགས་འདུས་པ་ལས
་བརྟེན་པ་ཡིན་པར་རིག་པར་བྱའོ།། དེ་ཡང་གསལ་བ་ནི་འོད་ཀྱི་བསྡུས་པ་ཡིན་ནོ།། མི་གསལ་བ་ནི་བུགས་བསྡུས་པ་ཡིན་ནོ།། རིང་པོ་དང་ཐུང་ངུ་ཉིད་ལ་སོགས་པ་གང་དག་དབྱིབས་ཞེས་བྱ་བ་དེ་དག་ཀྱང་ཅི་རྫས་སུ་ཡོད་པ་འམ། བཏགས་པའི་ཡོད་པ་ཡིན་པར
་བརྗོད་པར་བྱ་ཞེ་ན། སྨྲས་པ། བཏགས་པའི་ཡོད་པ་ཡིན་པར་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བསགས་པ་ལས་གནས་པ་ནི་དབྱིབས་ཤེས་བྱ་བའི་ངེས་པའི་ཚིག་ཡིན་པ་དང་བསགས་པ་ཙམ་དམིགས་པ་དང་། མཚན་ཉིད་ལས་གཞན་པའི་དོན་མི
་དམིགས་པ་དང་། བལྟོས་ཤིང་བལྟོས་ན་ངོ་བོ་ཉིད་འདྲེས་པར་འགྱུར་བ་དང་། དེ་བློས་ཕྱེ་བས་ཤིང་རྟ་ལ་སོགས་པ་དང་འདྲ་བའི་ཕྱིར་རོ།། དེ་ལ་སྐྱེ་མཆེད་དུ་གཏོགས་པའི་གཟུགས་སྙོམས་པར་འཇུག་པའི་འབྲས་བུ་ལ་ནི་ཁ་དོག་ཙམ་ཁོ་ན་ཡོད་པར་རིག
་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལས་གཞན་པ་དྲི་ལ་སོགས་པའི་སྐྱེ་བའི་རྒྱུ་མེད་པའི་ཕྱིར་དང་དགོས་པ་མེད་པའི་ཕྱིར་རོ།། དེ་བཞིན་དུ་ན་མཁའ་ལ་རྒྱུ་བའི་རླུང་ལ་ཡང་དྲི་ལ་སོགས་པ་ལྷན་ཅིག་སྐྱེས་པ་ནི་མེད་ལ། འདྲེས་པ་ལས་ནི་འབྱུང་བར་འགྱུར།
་རོ།། དཀྱིལ་འཁོར་ལས་ཕྱིར་རོལ་ཏུ་བྱུང་བའི་སྣང་བ་ལ་ཡང་དེ་ལོས་གཞན་པའི་འབྱུང་བ་རྣམས་དང་དྲི་ལ་སོགསོ་པ་ནི་མི་དམིགས་སོ།། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་སྙོམས་པོར་འཇུག་པའི་འབྲས་བུ་གང་ཡིན་པ་དེ་ཡང་སྙོམས
་བར་འཇུག་པ་ལ་བརྟེན་པ་དེ་ཁོ་ན་ཡིན་པར་རིག་པར་བྱའོ།། འབྱུང་བ་ཆེན་པོ་ལ་བརྟེན་པ་ནི་མ་ཡིན་ཏེ། དེ་དང་རིགས་མཐུན་པའི་གཟུགས་བརྙན་ལ་དམིགས་པའི་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱིར་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ཞེས་བྱའི་དེ་ལ་བརྟེན
་ཏེ་སྐྱེས་པ་ནི་མ་ཡིན་ནོ།། གཟུགས་ཀྱི་ཕུང་པོ་ལས་ཆོས་དུ་ཞིག་ནི་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པར་གནས་ལ། དུ་ཞིག་ནི་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པར་གནས་དུ་ཞིག་ནི་བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པར་གནས་ཤེན།
་སྨྲས་པ། མིའི་སྤྱོད་ཡུལ་གང་ཡིན་པ་གཅིག་ནི་རྣམ་པ་གཉི་ག་ཡིན་ནོ།། ལྷག་མ་རྣམས་ནི་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་ཡིན་ནོ།། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ནི་མ་བཏོགས་ཏེ་དེ་ནི་བསྟན་དུ་ཡང་མེད་ལ་ཐོགས་པ་ཡང
་མེད་པ་ཡིན་པར་བལྟ་བུར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཀྱི་ཕུང་པོའི་དབྱིབས་བསིམ་པ་ཡིན་ནོ།། དེ་ལ་གང་དག་གིས་གཟུགས་ཀྱི་ཕུང་པོ་འཇུག་པར་འགྱུར་བའི་གཟུགས་ཀྱི་ཕུང་པོའི་རྒྱུན་དུ་ཡོད་ཅེ་ན། སྨྲས་པ་གསུམ་སྟེ། རྒྱུ་མཐུན
་ལས་བྱུང་བ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་དང་། ནུས་པ་ལས་བྱུང་བའོ།། དེ་ལ་རྒྱུ་མཐུན་པ་ལས་བྱུང་བ་ནི་མཐུན་པ་ནི་མཐུན་པ་ལས་བྱུང་བ་རྣམ་པ་བཞི་སྟེ། རྣམ་པར་སྨིན་པའི་རྒྱུ་མཐུན་པ་ལས་བྱུང་བ་དང་། རྒྱས་པ
་རྒྱུ་མཐུན་པ་ལས་བྱུང་བ་དང་། འགྱུར་བའི་རྒྱུ་མཐུན་པ་ལས་བྱུང་བ་དང་། རང་བཞིན་གྱི་རྒྱུ་མཐུན་པ་ལས་བྱུང་བའོ།། དེ་ལ་རྣམ་པར་སྨིན་པའི་རྒྱུན་ནི་དྲང་པོ་དང་རྒྱུ་ནི་ལས་བྱུང་བ་སྟེ། འདི་ལྟ་སྟེ་ལིས་ལས་སྐྱེས་པའི་རྣམ་པར་སྨིན་པ་དང་།
་རྣམ་པར་སྨིན་པ་ལས་སྐྱེས་པའི་རྣམ་པར་སྨིན་པ་སྟེ། ལས་ཀྱི་འཕེན་པ་ཁོ་ནས་དེའི་རྣམ་པར་སྨིན་པ་ལས་དུས་གཞན་ན་འབྱུང་བར་འགྱུར་བ་གང་ཡིན་པའོ།། དེ་ལ་རྒྱས་པ་ལས་བྱུང་བ་ནི་རྣམ་པ་གཉིས་ཏེ་ཡུལ་ལ་ཁྱབ་པའི་རྒྱས་པ་ལས་བྱུང་བ་དང་།
་མཚན་ཉིད་རྒྱས་པོར་བྱེད་པའི་རྒྱས་པ་ལས་བྱུང་བའོ།། དེ་ལ་རྒྱས་པ་ལས་བྱུང་བ་དང་པོ་ནི་གཟུགས་ཅན་ཟས་དང་གཉིས་དང་ཚངས་པར་སྤྱོད་པ་དང་། སྙོམས་པར་འཇུག་པར་དག་གིས་རྒྱས་པ་ཡིན་པར་བལྟ་བར་བྱའོ།། དེ་ལས་གཞན་པའི
་ཟས་དང་། དེའི་གནས་དང་། ཡིད་ལ་བྱེད་པའི་ཁྱད་པར་བསྒོམ་པ་དང་དུས་ཀྱིས་ཡོངས་སུ་སྨིན་པ་ལས་རིག་པར་བྱའོ།། དེ་ལ་ཆོས་གཟུགསོ་ཅན་རྣམས་ནི་རྒྱས་པ་གཉིས་ཀྱིས་རྒྱས་པར་བྱེད་དོ།། གཟུགས་ཅན་མ་ཡིན་པ་རྣམས་ནི་མཚན་ཉིད
་རྟས་པར་བྱེད་པའི་རྒྱས་པ་འབའ་ཞིག་གིས་རྒྱས་པར་བྱེད་དོ།། འདོད་པ་ན་སྤྱོད་པའི་གཟུགས་ནི་ཟས་རྣམ་པ་བཞི་དང་།། དེ་ལས་གཞན་པ་རྒྱས་པའི་རྒྱུ་ཐམས་ཅད་ཀྱིས་རྒྱས་པར་བྱེད་དོ།། གཟུགས་ན་སྤྱོད་པའི་གཟུགས་ནི་ཁམས་ཀྱི་ཟས
་ཀྱིས་ཀྱང་མ་ཡིན་ལ། གཉིད་ཀྱིས་ཀྱང་མ་ཡིན། ཚངས་པར་སྤྱོད་པས་ཀྱང་མ་ཡིན་ནོ།། དབང་པོ་གཟུགས་ཅན་རྣམས་ཀྱི་རྒྱུན་ནི་གཉིས་ཀྱིས་འཇུག་པར་རིག་པར་བྱ་སྟེ། དེ་དག་ལ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། རྒྱས་པ་ལས་བྱུང་བའི་རྒྱུན
་ལས་རྒྱུ་མཐུན་པའི་རྒྱུན་མེད་པའི་ཕྱིར་རོ།། གང་གི་ཚེ་རྣམ་པར་སྨིན་པའི་རྒྱུན་ལ་ཡང་འཕེལ་ཞིང་ཡངས་ལ་རྒྱས་ཤིང་རྒྱ་ཆེ་བ་དམིགས་པའི་ཚེ། རྣམ་པར་སྨིན་པས་བསྡུས་པ་ཡང་ཅིའི་ཕྱིར་རྒྱས་པ་ལས་བྱུང་པོར་མི་འགྱུར་ཞེ་ན། སྨྲས་པ། རྒྱས་པ་ཐ་དད་པའི
་རྒྱུན་དེ་ལ་ཕན་འདོགས་པས་ཉེ་བར་བསྟན་པ་ནི་རྣམ་པར་སྨིན་པའི་རྒྱུ་མཐུན་པ་ལས་བྱུང་བའི་རྒྱུན་གྱིས་འཕེལ་བ་ཉིད་ཡིན་པའི་ཕྱིར་རོ།། དབང་པོས་མ་བསྡུས་པའི་གཟུགས་ལ་ནི་རྣམ་པ་གསུམ་ཆར་མེད་པར་རིག་པར་བྱའོ།། སེམས་དང་སེམས་ལས
་བྱུང་བ་རྣམས་ནི་རྒྱུ་མཐུན་པ་ལས་འབྱུང་བ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་དང་། རྒྱས་པ་ལས་གཉིས་ལས་རྒྱས་པ་ལས་བྱུང་བ་ཡིན་ནོ།། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ལ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་མེད་དེ་ལྷག་མ་ནི་སེམས་དང།
་སེམས་ལས་བྱུང་བ་བཞིན་དུ་རིག་པར་བྱའོ།། འདོད་པའི་ཁམས་ན་ནི་ནང་དང་ཕྱི་རོལ་གྱི་གཟུགས་ཐམས་ཅད་རྣམ་པར་སྨིན་པ་འགྱུར་རོ།། གཟུགས་ཀྱི་ཁམས་ན་ནི་དྲི་དང་རོ་མེད་དོ།། འདོད་པའི་ཁམས་ན་ནི་དབང་པོ་གཟུགས་ཅན་རྣམས་མ་ཚང་བར
་ཡང་རྣམ་པར་སྨིན་པར་འགྱུར་རོ།། གཟུགས་ཀྱི་ཁམས་ན་ནི་ཚང་བ་རྣམས་སོ།། སྒྲའི་ཁམས་ནི་རྣམ་པར་སྨིན་པ་ཡིན་ལ་བླ་ནི་མ་ཡིན་ནོ།། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཀྱི་ཕུང་པོའི་རྒྱུན་བསམ་པ་ཡིན་པར་རིག་པར་བྱའོ།། གཟུགས
་ཀྱི་ཕུང་པོས་བསྡུས་པའི་སའི་ཁམས་ནི་ལས་དུ་དང་ལྡན་པ་ཡིན། རླུང་གི་ཁམས་ཀྱི་བར་དུ་ཡང་ལས་དུ་དང་ལྡན་པ་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ཀྱང་ལས་ལྔ་དང་ལྡན་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་སའི་ཁམས་ནི་མངོན་པར
་གནོད་པས་དེ་ཡོངས་སུ་འགྱུར་བར་བྱེད་པཱི་ལས་ཅན་དང་རྟེན་གྱི་ལས་ཅན་དང་། གནས་བྱེད་པའི་ལས་ཅན་དང་། འཁྲུག་པའི་ལས་ཅན་དང་། ཕན་འདོགས་པའི་ལྔས་ཅན་ཡིན་ནོ།། ཆུའི་ཁམས་ནི་འབབ་པ་དང་། སྡུད་པ་དང་། རླན་པ་དང་། འཁྲུག་པ་དང་།
་ཕན་འདོགས་པའི་ལས་ཅན་ནོ།། མོའི་ཁམས་ནི་གསལ་བ་དང་། སྨིན་པ་དང་། སྲེག་པ་དང་། འཁྲུག་པ་དང་། ཕན་འདོགས་པའི་ལས་ཅན་ཡིན་ནོ།། རླུང་གི་ཁམས་ནི་གཡོ་བ་དང་། བྱ་བའི་རྗེས་སུ་འཇུག་པ་དང་། སྐ་བ་དང་། འཁྲུག་པ་དང་། ཕན་འདོགས་པའི
་ལས་ཅན་ནོ།། ཡང་འབྱུང་བ་ཆེན་པོ་རྣམས་ནི་རྒྱུར་བྱས་པའི་གཟུགས་འཇུག་པ་ལས་ལྔ་དང་ལྡན་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། སྐྱེས་པ་དང་། བརྟེན་པ་དང་། གནས་པ་དང་། རྟོན་པ་དང་། འཕེལ་བར་བྱེད་པའི་ལས་ཅན་ཡིན་ནོ།། དེ་ལ་བསྐྱེད་པ་ནི་འགྱུར་བ་སྐྱེ
་བའི་སྔོན་དུ་འགྲོ་བ་དག་ཡིན་ནོ།། བརྟེན་པ་ནི་འགྱུར་བ་འབྱུང་བའི་ཡུས་ཐ་མི་དད་པས་རྟེན་དུ་གྱུར་པ་དག་ཡིན་ནོ།། གནས་པ་ནི་ཕན་འདོགས་པ་དང་། གནོད་པ་བྱེད་པ་དག་གིས་གྲུབ་པ་དང་། བདེ་བ་གཅིག་པའི་དོན་གྱིས་གནས་གྱུར་པ་དག་ཡིན་ནོ།། རྟོན་པ་ནི་དེ་ཙམོ
་ལས་མ་ཉམས་ཤིང་ཀུན་ཏུ་འཛིན་པས་རྟོན་པར་གྱུར་པ་དག་ཡིན་ནོ།། འཕེལ་བར་བྱེད་པ་ནི་འཕེལ་ཞིང་རྒྱས་པར་འགྱུར་བས་འཕེལ་བར་བྱེད་པ་དག་ཡིན་ནོ།། མིག་དང་རྣ་བའི་སྤྱོད་ཡུལ་གྱི་གཟུགས་དགེ་བ་དང་མི་དགེ་བ་གང་ཡིན་པ་དེ་ཅིའི་ཕྱིར་ན་དགེ་བ་དང་མི་དགེ་བ་ཉིད
་ཡིན་པ་དེ་ལས་གཞན་པ་དག་མ་ཡིན་ཞེ་ན། སྨྲས་པ། མདོར་བསྡུ་ན་སེམས་དཔའ་ནི་ཆུང་ངུ་དང་འབྲིང་དང་། ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ལུས་དང་ངག་གི་རྣམ་པར་རིག་བྱེད་དགེ་བ་དང་མི་དགེ་བར་གདགས་པ་འཇུག་པ་ལ་མངོན་པར་འདུ་བྱེད
་པའི་སེམས་པ་དང་། ངེས་པའི་སེམས་པ་དང་། ཀུན་ནས་སློང་བའི་སེམས་པའོ།། དེ་ནི་སེམས་པ་ཆེན་པོ་རྟེན་དུ་གྱུར་པ་དང་ལྡན་པའི་ཕྱིར་དགེ་བ་དང་མི་དགེ་བར་བལྟ་བར་བྱའོ།། གཟུགས་འདུས་པ་ལས་གཡོ་བ་ཐ་དད་པའམ། ཐ་མི་དད་པར་བརྗོད་པར་བྱ་ཞེ་ན།
་སྨྲས་པ། ཐ་མི་དད་པར་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཡུལ་དེར་སྐྱེས་ནས་སམ། མ་སྐྱེས་པར་རམ། ཞིགས་ནས་སམ། མ་ཞིགས་པར་གཡོ་བ་ལ་ཉེས་པ་མེད་པའི་ཕྱིར་རོ།། དེ་ལ་ཉེས་པ་ནི་འདི་དག་ཡིན་ཏེ། གལ་ཏེ་སྐྱེས་ནས་གཡོན་ནི་དེས་ན་མཚན
་ཉིད་སྤངས་པར་འགྱུར་རོ།། གལ་ཏེ་མ་སྐྱེས་པར་གཡོན་ནི་དེས་ན་གཡོ་བ་དང་མི་ལྡན་པར་འགྱུར་རོ།། གལ་ཏེ་ཞིགས་ནས་གཡོན་ནི་དེས་ན་གོང་མ་དང་འདྲ་བ་ཉིད་དུ་འགྱུར་རོ།། གལ་ཏེ་མ་ཞིགས་པར་གཡོན་ནི་དེས་ན་འདུ་བྱེད་ཀྱི་མཚན་ཉིད་གསལ་བར་སྤངས་པར
་འགྱུར་རོ།། དེ་ལས་གཞན་པ་ཡུལ་གཞན་དུ་སྐྱེ་བའི་རྒྱུ་དམིགས་པས་ན། གཡོ་བ་ཞེས་བྱ་བ་དོན་གཞན་དུ་གྱུར་པ་རྫས་སུ་ཡོད་པ་མ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཀྱི་ཕུང་པོའི་ལས་བསམ་པ་ཡིན་པར་རིག་པར་བྱའོ།། །
་དེ་ལ་གཟུགས་ཀྱི་ཕུང་པོ་ཐམས་ཅད་ནི་སྐད་ཅིག་པོ་ཡིན་པར་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྐྱེས་ན་འཇིག་པ་དམིགས་པའི་ཕྱིར་རོ།། སྐྱེ་བོའི་རྒྱུ་ནི་འཇིག་པའི་རྒྱུ་ཡིན་པར་མི་རུང་སྟེ། མཚན་ཉིད་མི་འདྲ་བའི་ཕྱིར་རོ།། སྐྱེས་པ་གནས་པའི་རྒྱུ་དེ་ལས
་གཞན་པ་ཡང་མི་དམིགས་པས་དེའི་ཕྱིར་འདུ་བྱེད་ཐམས་ཅད་ནི་རང་གི་ངང་གིས་འཇིག་པ་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་སྐད་ཅིག་པ་ཉིད་རབ་ཏུ་གྲུབ་བོ།། མེ་ལ་སོགས་པ་འཇིག་པའི་རྒྱུ་ཉིད་དུ་རྟོག་པ་ཡང་མི་རུང་ངོ་།། དེ་ཅིའི་ཕྱིར་ཞེ་ན།
་མེ་ལ་སོགས་པ་དེ་དག་ནི་འདུ་བྱེད་དེ་དེ་དང་ལྷན་ཅིག་ཏུ་སྐྱེ་བ་དང་འཇིག་པར་དམིགས་པའི་ཕྱིར་ཏེ། དེ་ད་ག་ནི་མི་འདྲ་བ་སྐྱེ་བའི་རྐྱེན་བྱེད་པ་ཙམ་ཡོད་པར་ཟད་དོ།། འཇིག་པ་ཡང་འཇིག་པའི་རྒྱུར་མི་རུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། དེ་དང་ལྷན་ཅིག་ཡོད་པར
་མི་རུ་བའི་ཕྱིར་རོ།། སྐྱེས་ནས་དེ་འཇིག་པར་བྱེད་ཅེས་བྱར་ཡང་དེའི་རྒྱུན་ཆད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། འཇིག་པ་དེ་འཇིག་པ་ཙམ་གྱི་ངོ་བོ་ཡིན་ན་ནི་འཛག་པའི་རྒྱུ་ཡིན་པར་མི་རུང་ངོ་།། འོན་ཏེ་འཇིག་པ་དེ་ངོ་བོ་ཉིད་གཞན་པ་ཁོ་ན་ཞིག་ཡིན་ན་ནི།། དེས
་ན་འཇིག་པའི་མཚན་ཉིད་དོན་གཞན་དུ་གྱུར་པ་དེ་མི་དམིགས་པས་མི་རུང་ངོ་།། གལ་ཏེ་མེ་ལ་སོགས་པ་དང་འཇིག་པར་བྱེད་དོ་ཞེས་རྟོག་ན་ནི། དེས་མར་མེ་ལ་སོགས་པ་དང་སེམས་སེམས་བྱུང་ལས་བྱུང་བ་རྣམས་རང་གི་ངང་གིས་འཇིག་གོ་ཞེས་བྱ་བ་མི་འཐད
་པར་མི་རུང་ངོ་།། གལ་ཏེ་དེ་སྐྱེ་བ་ལ་ནུས་པ་གཞན་དང་གཞན་ཡོད་པར་རྟོག་ན་ནི་དེས་ན་བྱེ་བྲག་མི་དམིགས་པས་མི་རུང་ངོ་།། གལཱ་ཏེ་གཉི་གས་ཕྱོགས་གཅིག་འཇིག་པར་ནུས་སོ་ཞེས་རྟོན་ན་ནི། དེས་ན་གཉི་གས་ཆ་གཉི་ག་འཇིག་པར་ནུས་པ་འམ། ཆ་གཉི་ག་འཇིག
་པར་མི་ནུས་པར་ཐལ་བར་འགྱུར་བས་མི་རུང་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཀྱི་ཕུང་པོའི་སྐད་ཅིག་པ་ཉིད་བསམ་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ་རང་གི་ངང་གིས་འཇིག་པའི་རྒྱུ་དང་། མེ་ལ་སོགས་པ་འཇིག་པའི་རྒྱུ་མ་ཡིན་པར་བཀག་པ་དང་།
་འཇིག་པ་འཇིག་པའི་རྒྱུ་མ་ཡིན་པར་བཀག་པ་དང་། དེ་གཉི་ག་འཇིག་པའི་རྒྱུ་མ་ཡིན་པར་བཀག་པ་ལས་བལྟ་བར་བྱའོ།། ཡང་འདུ་བྱེད་ཐམས་ཅད་ནི་སེམས་ཀྱི་འབྲས་བུ་ཡིན་པའི་ཕྱིར་སེམས་བཞིན་དུ་སྐད་ཅིག་པ་ཉིད་ཡིན་པར་རིག་པར་བྱའོ།། ཅི་འབྱུང་བ་ཆེན་པོ
་རྣམས་ལས་རྒྱུར་བྱས་པའི་གཟུགས་རྣམས་མཚན་ཉིད་ཐ་དད་པའམ། ཐ་དད་པ་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཐ་དད་པར་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མཚན་ཉིད་མི་འདྲ་བ་དམིགས་པའི་ཕྱིར་རོ།། དེ་ལ་མཚན་ཉིད་མི་འདྲ་བ་ནི་འདི
་ཡིན་ཏེ། འདི་ལྟ་སྟེ་དབང་པོ་གཞན་གྱིས་རྟོགས་པ་སྟེ། འདི་ལྟར་འབྱུང་བ་ཆེན་པོ་རྣམས་ནི་དབང་པོ་གཞན་གྱིས་འཛིན་པར་བྱེད་ལ། རྒྱུར་བྱས་པའི་གཟུགས་རྣམས་ཀྱང་དབང་པོ་གཞན་གྱིས་འཛིན་པར་བྱེད་པ་དང་། དེ་བཞིན་དུ་འཕོ་བ་དང་མི་འཕོ་བ་ཡང
་དམིགས་པའི་ཕྱིར་ཏེ། འདི་ལྟ་སྟེ། ཏིལ་མཱར་དག་གིས་མེ་ཏོག་དག་གི་དྲི་འཕོ་བཱི་ནི་དམིགས་ལ། སྲ་བ་ལ་སོགས་པ་མི་འཕོ་བ་དང་། དེ་བཞིན་དུ་འགྱུར་བ་དང་མི་འགྱུར་བ་ཡང་དམིགས་པའི་ཕྱིར་ཏེ། འདི་ལྟ་སྟེ། མར་བཞུ་བ་ལ་སོགས་པ་ལ་ཁ་དོག
་ངདང་རོ་ལ་སོགས་པ་འགྱུར་བའི་བྱེ་བྲག་ནི་དམིགས་ལ། སྲ་བ་ལ་སོགས་པ་ནི་མི་དམིགས་ཏེ། དེ་ལྟ་བས་ན་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པའི་གཟུགས་དག་ནི་མཚན་ཉིད་མི་འདྲ་བར་རིག་པར་བྱའོ།། མཚན་ཉིད་མི་འདྲ་བ་དག་ལ་ཡང་གཅིག་པ་ཉིད
་དུ་མངོན་པར་ཞེན་པར་བྱེད་ན་ནི། འབྱུང་བ་ཆེན་པོ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། འདི་ལྟ་སྟེ་འབྱུང་བ་ཆེན་པོ་རྣམས་ནི་ཕན་ཚུན་མཚན་ཉིད་མི་འདྲ་བ་དག་ཡིན་པས། དེ་ལྟ་ན་འབྱུང་བ་ཆེན་པོ་ཡང་གཅིག་པ་ཉིད་དུ་འགྱུར་བའི་ཕྱིར་རོ།། དེ་ལྟར
་ན་རྒྱུར་བྱས་པའི་གཟུགས་རྣམས་ནི་འབྱུང་བ་ཆེན་པོ་དག་ལས་མཚན་ཉིད་ཐ་དད་པ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་། མཐུན་པ་དེ་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་མ་འདྲེས་པ་དང་འདྲེས་པ་བསམ་པ་ཡིན་པར
་རིག་པར་བྱའོ།། གཟུགས་ཀྱིས་བསྡུས་པའི་ཆོས་རྣམས་ལས་དུ་ཞིག་ནི་དབང་པོར་གྱུར་པ་དག་ཡིན། ངུ་ཞིག་ནི་སྤྱོད་ཡུལ་དུ་གྱུར་པ་དག་ཡིན་ཞེ་ན། སྨྲས་པ་ལྔ་ནི་དབང་པོར་གྱུར་པ་དག་ཡིན་ལ། དྲུག་ནི་སྤྱོད་ཡུལ་དུ་གྱུར་པ་དག་ཡིན
་པར་རིག་པར་བྱའོ།། དེ་ལ་དབང་པོར་གྱུར་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དག་ཇི་ལྟར་ན་སྤྱོད་ཡུལ་ཡིན་ཞེ་ན། དེ་ནི་འདི་ལྟ་སྟེ། སའི་དངོས་གཞིར་དེ་ལ་མིག་ཀྱང་ཡོངས་སུ་མ་ཉམས་ལ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་པ
་ཡིན་ནོ།། དེ་ལ་རྒྱུ་དུས་ན་དབང་པོ་ཡོངས་སུ་ཉམས་པ་དང་། ཡོངས་སུ་མི་ཉམས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྒྱུ་གཉིས་ཀྱྀ་ས~ཾ་ཏེ། དམན་པར་གྱུར་པ་དང་། ཐམས་ཅད་ཀྱི་ཐམས་ཅད་དུ་ཉམས་པས་སོ།། དེ་ལས་བཟློག
་པས་ནི་ཡོངས་སུ་མ་ཉམས་པར་བརྗོད་པར་བྱའོ།། གཞན་ཡང་མདོར་བསྡུ་ན་རྒྱུ་བཞིས་དབང་པོ་རྣམས་འགྱུར་བར་བལྟ་བར་བྱ་སྟེ། ཕྱི་རོལ་གྱི་རྐྱེན་ལས་སྐྱེ་བ་ནི་འདི་ལྟ་སྟེ། ཕན་འདོགས་པ་དང་། གནོད་པ་བྱེད་པའི་ཡུལ་ལ་ཡོངས་སུ་ལོངས
་སྤྱོད་པ་དག་དང་། ཡུལ་དང་ཕན་འདོགས་པ་ཕ་རོལ་གྱི་གནོད་པ་དག་གིས་འགྱུར་བར་བྱེད་པའོ།། ནང་གི་རྐྱེན་ལས་སྐྱེ་བ་ནི་འདི་ལྟ་སྟེ། སོ་སོའི་ནང་གི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེས་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ།
་ལ་སོགས་པ་ཀུན་ནས་ཉོན་མོངས་པ་རྣམས་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལས་སྐྱེས་པའི་སྙོམས་པར་འཇུག་པ་སོགས་པས་འགྱུར་བར་བྱེད་པའོ།། ལས་ཀྱི་རྐྱེན་ལས་སྐྱེ་བ་ནི་འདི་ལྟ་སྟེ། སྔོན་གྱིས་ལས་ཀྱི་དབང་གིས་གཟུགས་སྡུག་པ་དང་མི
་སྡུག་པ་ལ་སོགས་པས་འགྱུར་བར་བྱེད་པའོ།། ངོ་བོ་ཉིད་ལས་འགྱུར་བ་སྐྱེ་བ་ནི་འདི་ལྟ་སྟེ། དབང་པོ་དེ་དག་ཉིད་ཀྱི་མཚན་ཉིད་ཐ་དད་པས་འགྱུར་བར་བྱེད་པའོ།། ཡིད་ཀྱི་དབང་པོའི་ཡོངས་སུ་ཉམས་པ་རྣམ་པ་དུར་བལྟ་བར་བྱ་ཞེ་ན། སྨྲས་པ། རྣམ་པ་བཞི་སྟེ།
་སྒྲུབ་པས་བྱས་པ་ནི་འདི་ལྟ་སྟེ། སྒྲིབ་པ་ལྔ་པོ་དང་ལས་གང་ཡང་རུང་བས་སེམས་སྒྲིབ་པ་ལས་སོ།། གཡེང་བས་བྱས་པ་ནི་འདི་ལྟ་སྟེ། གདོན་གྱིས་བརླམས་པ་ལ་སོགས་པས་སེམས་གཡོང་བར་བྱས་པ་ལས་སོ།། མ་ཐོབ་པས་བྱས་པ་ནི་འདི་ལྟ་སྟེ། བསམ
་གཏན་དང་གཟུགས་མེད་པའི་ཡོན་ཏན་ཁྱད་པར་ཅན་མ་ཐོབ་པའི་སེམས་དེ་ལ་སོགས་པར་བྱེད་པ་ལས་སོ།། མ་བྱང་བས་བྱས་པ་ནི་འདི་ལྟ་སྟེ། ཐོབ་པ་དང་བཟོ་ལ་སོགས་པ་ལ་ཡོངས་སུ་བྱང་བར་མ་བྱས་པའི་སེམས་ལས་སོ།། གཟུགས་ལ
་སོགས་པ་ཡུལ་རྣམས་དབང་པོ་རྣམས་ལ་ཇི་ལྟར་སྣང་བར་འགྱུར་ཞེ་ན། སྨྲས་པ། གཟུགས་ནི་མིག་དང་མ་ཕྲད་པར་སྣང་བར་འགྱུར་རོ།། ཧ་ཆང་ཆ་ཕྲ་བ་མ་ཡིན་པ་སྣང་བར་འགྱུར་རོ།། བསྟན་དུ་ཡོད་པ་སྣང་བར་འགྱུར་རོ།། མ་སྒྲིབས་པ་སྣང་བར་འགྱུར
་རོ།། སྣང་བ་དང་བཅས་པ་སྣང་བར་འགྱུར་རོ།། ཧ་ཆང་བསྐལ་པ་མ་ཡིན་པ་སྣང་བར་འགྱུར་རོ།། སྤྱོད་ཡུལ་ན་གནས་པ་སྣང་བར་འགྱུར་རོ།། གཞན་ཡང་ལ་ལའི་མིག་ལ་ནི་མུན་ཁྲོད་ན་ཡང་གཟུགས་སྣང་བར་འགྱུར་རོ།། སྒྲ་ནི་རྣ་བ་དང་མ་ཕྲད་པ
་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། སྣང་བ་དང་། མུན་ཁྲོད་དང་། ཧ་ཅང་ཆ་ཕྲ་བ་མ་ཡིན་པ་དང་། ཧ་ཅང་བསྐལ་པ་མ་ཡིན་པ་དང་། སྤྱོད་ཡུལ་ན་གནས་པ་གྲག་པར་འགྱུར་རོ།། དྲི་དང་རོ་དང་རེག་བྱ་རྣམས་ནི་རང་རང
་གི་དབང་པོ་རྣམས་ཕྲད་པ་དང་། སྤྱོད་ཡུལ་ན་གནས་པ་དག་སྤྱོད་ཡུལ་དུ་འགྱུར་རོ།། ལྷའི་མིག་གཟུགས་བསྟན་དུ་ཡོད་པ་དང་། བསྒྲིབས་པ་དང་། མུན་ཁྲོད་ན་འདུག་པ་དང་། བསྐལ་པ་དང་། སྤྱོད་ཡུལ་ན་གནས་པ་ཡང་སྣང་བར་འགྱུརརོ།།
་འཕགས་པའི་ཤེས་རབ་ཀྱི་མིག་ལ་ནི་གཟུགས་རྣམ་པ་ཐམས་ཅད་སྤྱོད་ཡུལ་དུ་འགྱུར་རོ།། སའི་དངོས་གཞིར་སྤྱོད་ཡུལ་རྣམ་པ་དྲུག་ཅེས་གང་སྨྲས་པ་དེའི་རབ་ཏུ་དབྱེ་བ་གང་ཞེ་ན། འདི་ལྟ་སྟེ། གནས་དང་མཚན་ཉིད་དང་། ཕྱོགས་དང་དུས་དང་།
་གསལ་བ་དང་། མི་གསལ་བ་དང་། ཕྱོགས་གཅིག་དང་། དངོས་པོ་ཐམས་ཅད་འཛིན་པ་སྟེ། དེ་ལ་དང་པོ་ནི་སེམས་ཅན་གྱི་འཇིག་རྟེན་དུ་གཏོགས་པ་དང་། སྣོད་ཀྱི་འཇིག་རྟེན་དུ་གཏོགས་པའི་གཟུགས་སོ།། གཉིས་པ་ནི་ངོ་བོ་ཉིད་རྣམ་པ་གསུམ
་གྱིས་ངོ་བོ་ཉིད་ཀྱི་བྱེ་བྲག་ལས་ཏེ། མཚན་ཉིད་ཀྱི་བྱེ་བྲག་དང་། བྱ་བའི་བྱེ་བྲག་དང་། གནས་སྐབས་ཀྱི་བྱེ་བྲག་གིས་སོ།། དེ་ལ་གཟུགས་ཀྱི་མཚན་ཉིད་ཀྱི་བྱེ་བྲག་ནི་འདི་ཡིན་ཏེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ཞེས་བྱ་བ
་རྒྱ་ཆེར་བསྟན་པའོ།། དེ་ལ་བྱ་བའི་བྱེ་བྲག་ནི་འདི་ལྟ་སྟེ། རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པར་བསྡུས་པ་དག་ཡིན་པར་བལྟ་བར་བྱའོ།།
་དེ་ལ་གནས་སྐབས་ཀྱི་བྱེ་བྲག་ནི་འདི་ལྟ་སྟེ། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཡིན་པར་བལྟ་བར་བྱའོ།། དེ་ལ་སྒྲ་རྣམས་ནི་མཚན་ཉིད་ཀྱི་བྱེ་བྲག་ནི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་རྣམས་དང་།
་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་རྣམས་དང་། ཟིན་པ་དང་། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་རྣམས་སོ།། བྱ་བའི་བྱེ་བྲག་ནི་ངག་གི་རྣམ་པར་རིག་བྱེད་དོ།། གནས་སྐབས་ཀྱི་བྱེ་བྲག་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ།། དེ་ལ
་དྲི་རྣམས་ཀྱི་མཚན་ཉིད་ཀྱི་བྱེ་བྲག་ནི་རྩེ་བ་དང་སྡོང་བུ་དང་། ཤུན་པ་དང་། སྙིང་པོ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་དྲི་དག་གོ།། དྲི་དང་རོ་དང་རེག་བྱ་རྣམས་ལ་བྱ་བའི་བྱེ་བྲག་ནི་མེད་དོ།། དེ་དག་གི་གནས་སྐབས་ཀྱི་བྱེ་བྲག་ནི་སྔ་མ་བཞིན
་དུ་བལྟ་བར་བྱའོ།། དེ་ལ་རོའི་མཚན་ཉིད་ཀྱི་བྱེ་བྲག་ནི་ཁ་བ་ལ་སོགས་པ་སྟེ་སྔ་མ་བཞིན་དུ་བལྟ་བར་བྱའོ།། རེག་བྱའི་མཚན་ཉིད་ཀྱི་བྱེ་བྲག་ཀྱང་རྣམ་པ་དུ་མ་སྟེ་སྔ་མོ་བཞིན་དུ་བལྟ་བར་བྱའོ།། དེ་ལ་སྤྱོད་ཡུལ་གསུམ་པ་ནི་ཤྭར་དང་ལྷོ་དང་ནུབ
་དང་བྱང་ལ་སོགས་པའི་ཕྱོགས་རྣམས་ཡིན་པར་རིག་པར་བྱའོ།། དེ་ལ་བཞི་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱེ་བྲག་ལས་བལྟ་བར་བྱའོ།། དེ་ལ་ལྔ་པ་ནི་ཡང་དག་པ་དང་ཡང་དག་པོ་མ་ཡིན་པར་བཟུང་བའི་བྱེ་བྲག་ལས་བལྟ།
་བར་བྱའོ།། དེ་ལ་དྲུག་པོ་ནི་ཕྱོགས་གཅིག་དང་། དངོས་པོ་མཐའ་དག་འཛིན་པའི་བྱེ་བྲག་ལས་བལྟ་བར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཅན་རྣམས་ཀྱི་ཡུལ་རྣམ་པ་སྣང་བར་འགྱུར་བའི་བྱེ་བྲག་ཡིན་པར་རིག་པར་བྱའོ།། དེ་དང
་འབྱུང་བ་ཡིད་ལ་བྱེད་པ་གང་ཡིན་ཞེ་ན། གནས་ཡོངས་སུ་མ་ཉམས་པ་དེ་དང་ཡུལ་སྣང་བ་དང་ཕྲད་པ་དེ་དང་། དེས་སེམས་ཅན་གྱི་འཇུག་པ་མངོན་པར་གྲུབ་པ་གང་ཡིན་པ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས
་ཅན་རྣམས་ཀྱི་ཕུང་པོའི་སྤྱོད་ཡུལ་བསམ་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་འདོད་པ་ན་སྤྱོད་པའི་ལུས་ལ་གནས་པའི་ལུས་ལ་གཟུགས་ན་སྤྱོད་པའི་འབྱུང་བ་ཆེན་པོ་གང་དག་མངོན་པར་གྲུབ་པར་འགྱུར་བ་དེ་དག་འོག་མའི་གཟུགས་དང་ལྷན་ཅིག
་པ་ཡུལ་གཅིག་གམ་ཡུལ་ཐ་དད་དམ་ཇི་ལྟར་གནས་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། བྱེ་མ་དང་ཆུ་བཞིན་དུ་ཡུལ་ཐ་དད་པ་མ་ཡིན་པར་གནས་པར་བརྗོད་པར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་གཟུགས་ཀྱི་ཕུང་པོའི་ཕན་ཚུན་འདྲེས་པ་བསམ
་པ་ཡིན་པར་བལྟ་བར་བྱའོ།། གཟུགས་ཀྱི་ཕུང་པོའི་བསམ་པ་རྫོགས་སོ།། །། བམ་པོ་བདུན་པ།། འདི་མན་ཅད་ནི་མིང་གིས་བསྡུས་པའི་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དག་གི་རྣམ་པར་གཞུག་པ་ཅི་རིགས་པར་བཤད་པར
་བྱ་སྟེ། སའི་དངོས་གཞིར་སེམས་གཅིག་རྣམ་པར་གཞག་པ་བཤད་པ་གང་ཡིན་པ་དེ་ལས་བརྩམས་ནས་དེ་ལ་དཔེ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བདེ་བར་གཤེགས་པ་ནི་སྟོན་པའོ།། བདེ་བར་གཤེགས་པ་ནི་སྟོན་པའོ་ཞེས་སེམས་བསྐྱེད
་ཅིང་ཚིག་ཏུ་ཡང་སྨྲ་ན། དེ་ལྟར་སེམས་སྐྱེད་པར་བྱེད་པ་ཡང་དག་པའི་ཆོས་རྣམས་ལ་གཅེས་སྨྲས་བྱེད་པ་ཡིན་པར་ང་སྨྲ་ན། ལུས་དང་ངག་གིས་རྗེས་སུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་སེམས་འདི་སྙེད་ཀྱི་མངོན་པར་རྟོགས་པར་བྱེད་པ་ད
་དེ་བཞིན་དུ་སེམས་དང་བ་གཅིག་གིས་ནི་བདེ་འགྲོར་འགྲོ་བར་འགྱུར་རོ།། ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་སྟེ། དེ་ལ་འཇུག་པར་གཏོགས་པའི་སེམས་ཀྱི་རྒྱུན་གཅིག་གིས་ནི་ཐ་སྙད་དང་ལྡན་པའི་སེམས་གཅིག་ཀུན་ནས་སློང་བར་བྱེད་ལ། ཐ་སྙད་དང་།
་ལྡན་པའི་རྒྱན་གཅིག་གིས་ནི་ཚིག་བརྗོད་པར་བྱེད་ཅིང་ལུས་ཀྱི་ལས་ཀྱང་ཀུན་ནས་སློང་བར་བྱེད་དོ།། དེ་ལ་ཅི་རྣམ་པར་རྟོག་པ་ཅན་དང་རྣམ་པར་རྟོག་པ་མེད་པའི་སེམས་ད་ལྟར་བྱུང་བའི་ཡུལ་ཉིད་ཀྱིས་ཡུལ་མཚུངས་པ་འམ། ཡུལ་མི་མཚུངས་པར་བརྗོད
་བར་བྱ་ཞེ་ན། སྨྲས་པ། ཡུལ་མཚུངས་པར་བརྗོད་པར་བྱའོ།། རྒྱུ་གང་གིས་ཞེ་ན། སྨྲས་པ། རྒྱུ་གསུམ་གྱིས་གསལ་བའི་ཕྱིར་དང་།། དེ་ལ་རྩོལ་བའི་ཕྱིར་དང་། གནས་གཉིས་ཀྱིས་རྟས་པར་བྱས་པའི་ཕྱིར་རོ།། སེམས་ཉོན་མོངས་པ་ཅན་དུ་སྐྱེ་བར་འགྱུར
་བ་གང་ཡིན་པ་དེ་ཅི་ངོ་བོ་ཉིད་ལས་ཉོན་མོངས་པ་ཅན་དུ་བརྗོད་པར་བྱའམ། འོན་ཏེ་མཚུངས་པར་ལྡན་པ་ལས་སམ། འོན་ཏེ་བག་ལ་ཉལ་ལོས་ཤེ་ནཱ། སྨྲས་པ། མཚུངས་པར་ལྡན་པ་དང་། བག་ལ་ཉལ་ལས་ཡིན་གྱི། ངོ་བོ་ཉིད་ལས་མ་ཡིན་ནོ།། །
་གལ་ཏེ་ངོ་བོ་ཉིད་ལས་ཉོན་མོངས་པ་ཅན་དུ་གྱུར་ན་ནི་དེ་འདོད་ཆགས་ལ་སོགས་པ་བཞིན་དུ་གཏན་རྣམ་པར་མི་འདག་པའི་སྐྱོན་དུ་འགྱུར་རོ།། དེ་ལྟ་བས་ན་ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་སེམས་ནི་རང་ཤིན་གྱིས་འོད
་གསལ་བ་ཉིད་དུ་སྐྱེའོ།། དེ་ལ་ཀུན་ནས་དཀྲིས་པ་སེམས་ཀུན་ནས་ཉོན་མོངས་པ་དེ་གཉིས་གང་ཡིན་པ་བརྗོད་པར་བྱ་ཞེ་ན། སྨྲས་པ། མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ།། དེ་ལ་བག་ལ་ཉལ་གང་ཞེ་ན། ཉོན་མོངས་པའི་ཕྱོགས་དང་མཐུན།།
་པའི་གནས་ངན་ལེན་གང་ཡིན་པ་སྟེ། འདུ་བྱེད་རྣམས་ཀྱི་ཉེས་པར་ཀུན་ཏུ་གནས་པ་ཉིད་དང་།། ཉེས་པར་ཞུགས་པ་ཉིད་དོ།། འཕགས་པ་རྣམས་ཀྱིས་གང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བར་མངོན་པར་རྟོགས
་ནས། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་གཟིགས་ཤིང་གནས་པ་དེ་ཡང་ཇི་ལྟར་གཟིགས་ཞེ་ན། འདི་ལྟ་སྟེ་རྟོག་པ་དང་བཅས་ཤིང་སྤྱོད་པ་དང་བཅས་པའི་སའི་དངོས་གཞིར་འདི་ལྟ་སྟེ། ཡོངས་སུ་གདུང་བ་དང་བཅས་པ་དང་། འབྲས་བུ་དང
་བཅས་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་པ་བཞིན་དུ་རིག་པར་བྱའོ།། ཡང་སེམས་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་བསྡུས་པར་བལྟ་བར་བྱ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་།
་ཚེའི་ཀུན་ནས་ཉོན་མོངས་པ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པས་སོ།། དེ་ལ་ཀུན་ནས་ཉོན་མོངས་པ་དང་པོ་དང་གཉིས་པ་ནི་འདོད་པ་ན་སྤྱོད་པ་དག་ཡིན་ནོ།། ཐ་མ་ནི་ཁམས་གསུམ་ནི་སྤྱོད་པ་ཡིན་ནོ།། དེ་ལ་སེམས་ཀྱི་ཀུན་ནས
་ཉོན་མོངས་པའི་འཆིང་བ་གང་ཞེ་ན། སྨྲས་པ། བག་ལ་ཉལ་བ་གང་ཡིན་པའོ།། ལས་ཀྱི་འཆིང་བ་གང་ཞེ་ན། སྨྲས་པ། ལས་ལ་དགའ་བ་ཡང་ལས་ཀྱི་འཆིང་བ་ཡིན་ནོ།། གནས་གསུམ་པོ་འདི་ལྟ་སྟེ། ངེས་པར་འབྱུང་བའི་སེམས
་དང་། ངེས་པར་བྱུང་ནས་དགའ་བ་འཐོབ་པ་དང་། ལམ་ལ་དགའ་བ་ཐོབ་པ་ལ། གགས་བྱེད་པའི་ལས་ཀྱང་ལས་ཀྱི་འཆིང་བ་ཡིན་ནོ།། རྣམ་པར་སྨིན་པའི་སྒྲིབ་པ་དང་མཐུན་པའི་ལས་ཀྱང་ལས་ཀྱི་འཆིང་བ་ཡིན་ནོ།། ལོག་པར་སྨོན་པའི
་ལས་ཀྱང་ལས་ཀྱི་འཆིང་བ་ཡིན་ཏེ། བཞི་པོ་དེ་དགྲ་ཡོད་ན་དྲུག་ཏུ་འགྱུར་ལ། དྲུག་ཡོད་ན་ཡང་བཞིར་འགྱུར་ལ། རྣམ་པར་ཤེས་པ་བྱུང་བ་ན་སེམས་ལས་བྱུང་བའི་ཆོས་ཀུན་ཏུ་འགྲོ་བ་དུ་འབྱུང་ཞེ་ན། སྨྲས་པ་ལྔ་སྟེ། ཡིད་ལ་བྱེད་པ་དང་། རེག།
་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པའོ།། ཀུན་ཏུ་འགྲོ་བ་མ་ཡིན་པ་དུ་འབྱུ་ཤེ་ན། སྨྲས་པ། ཀུན་ཏུ་འགྲོ་བ་མ་ཡིན་པ་ནི་མ་མོད་ཀྱི་གཙོ་བོ་ནི་ལྔ་སྟེ། འདི་ལྟ་སྟེ། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་བོ།།
་ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་རྩོལ་བ་གང་ཡིན་པའོ།། རེག་པ་གང་ཞེ་ན། གསུམ་འདུས་པ་ལས་དོན་འཛིན་པ་གང་ཡིན་པའོ།། ཚོར་བ་གང་ཞེ་ན། གསུམ་འདུས་པ་ལས་དོན་སོ་སོར་མྱོང་བ་གང་ཡིན་པའོ།། འདུ་ཤེས་གང་ཞེ་ན།
་གསུམ་འདུས་པ་ཉིད་ལས་དམིགས་པར་འདོགས་པ་ལ་བརྡར་འཛིན་པ་གང་ཡིན་པ་སྟེ། དེ་ཡང་རྗེས་སུ་སད་པ་དང་། ཐ་སྙད་བག་ལ་ཉལ་བའོ།། དེ་ལ་རྗེས་སུ་སད་པ་ནི་འདི་ལྟ་སྟེ། ལྷ་དང་མི་ཐ་སྙད་ལ་མཁས་པ་རྣམས་ཀྱིའོ།། ཐ་སྙད་བག་ལ
་ཉལ་བ་ནི་འདི་ལྟ་སྟེ། བྱིས་པ་ཐ་སྙད་ལ་མི་མཁས་པ་རྣམས་དང་། ཐ་ན་རི་དགས་དང་བྱ་རྣམས་ཀྱིའོ།། སེམས་པ་གང་ཞེ་ན། གསུམ་འདུས་པ་ལས་དམིགས་པ་དེ་ལ་ཚོར་བ་དང་། ཕྲད་པ་དང་། འབྲལ་བའི་ཕྱིར་སེམས་མངོན་པར
་འདུ་བྱེད་པ་གང་ཡིན་པའོ།། འདུན་པ་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་། དེ་འདོད་པ་ཉིད་གང་ཡིན་པའོ།། མོས་པ་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་། དེ་ལ་ངེས་པར་འཛིན་འདོད་པ་གང་ཡིན་པའོ།། །
་དྲན་པ་གང་ཞེ་ན། ཡུལ་དེ་ད་། དེའི་རྗེས་སུ་འགྲོ་བ་དང་། མངོན་པར་བརྗོད་པ་ཉིད་གང་ཡིན་པའོ།། ཏིང་ངེ་འཛིན་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་།། ངེས་པར་སེམས་པ་ལ་བརྟེན་ནས་སེམས་རྩེ་གཅིག
་པ་གང་ཡིན་པའོ།། ཤེས་རབ་གང་ཞེ་ན། ཡུལ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་བ་དང་། ཆོས་རྣམས་རབ་ཏུ་འབྱེད་པ་གང་ཡིན་པ་སྟེ། དེ་ཡང་རིགས་པས་བསྐྱེད་པ་དང་། རིགས་པ་མ་ཡིན་པས་བསྐྱེད་པ་དང་། རིགས་པ་ཡང་མ་ཡིན་རིགས་པ་མ
་ཡིན་པ་ཡང་མ་ཡིན་པས་བསྐྱེད་པའོ།། དེ་ལ་ཡིད་ལ་བྱེད་པ་ལས་གང་དང་ལྡན་ཞེ་ན། སྨྲས་པ། དམིགས་པ་ལ་སེམས་གཏོང་བའི་ལས་ཅན་ཡིན་ནོ།། རིག་པ་ལས་གང་དང་ལྡན་ཞེ་ན། ཚོར་བ་དང་། འདུ་ཤེས་དང་། སེམས་པ་རྣམས་ཀྱི་བརྟེན་བྱེད
་པའི་ལས་ཅན་ཡིན་ནོ།། ཚོར་བ་ལས་གང་དང་ལྡན་ཞེ་ན། སྲེད་པ་སྐྱེས་པ་དང་། བཏང་སྙོམས་སུ་འཇོག་པའི་ལས་ཅན་ཡིན་ནོ།། འདུ་ཤེས་ལས་གང་དང་ལྡན་ཞེ་ན། དམིགས་པ་ལ་སེམས་ཀྱིས་མཚན་མར་འཛིན་པ་དང་། ཐ་སྙད
་འདོགས་པའི་ལས་ཅན་ཡིན་ནོ།། སེམས་པ་ལས་གང་དང་ལྡན་ཞེ་ན། རྣམ་པར་རྟོག་པ་དང་། ལུས་དང་ངག་གི་ལས་ཀུན་ནས་སློང་བའི་ལས་ཅན་ཡིན་ནོ།། འདུན་པ་ལས་གང་དང་ལྡན་ཞེ་ན། བརྩོན་འགྲུས་རྩོམ་པ་སྐྱེད་པའི་ལས་ཅན་ཡིན།།
་མོས་པ་ལས་གང་དང་ལྡན་ཞེ་ན། དམིགས་པ་ལ་ཡོན་ཏན་ནམ། སྐྱོན་ནམ། གཉི་ག་མ་ཡིན་པ་ལ་མོས་པའི་ལས་ཅན་ཡིན་ནོ།། དྲན་པ་ལས་གང་དང་ལྡན་ཞེ་ན། ཡུན་རིང་པོ་ནས་བསམས་པ་དང་། བྱས་པ་དང་། སྨྲས་པ་དྲན་པ་རྗེས་སུ་དྲན
་བར་བྱེད་པའི་ལས་ཅན་ཡིན་ནོ།། ཏིང་ངེ་འཛིན་ལས་གང་དང་ལྡན་ཞེ་ན། ཤེས་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ།། ཤེས་རབ་ལས་གང་དང་ལྡན་ཞེ་ན། སྤྲོས་པ་དང་། རྒྱུ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྗེས
་སུ་མཐུན་པར་ཀུན་ཏུ་རྟོག་པའི་ལས་ཅན་ཡིན་ནོ།། ཀུན་ཏུ་འགྲོ་བ་མ་ཡིན་པ་གང་དག་ཡིན་པ་དེ་དག་དངོས་པོ་སོ་སོར་ངེས་པ་གང་ལ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། རྣམ་པ་བཞི་པོ་འདོད་པ་དང་། ངེས་པ་དང་། འདྲིས་པ་དང་། ཉེ་བར་བརྟགས་པ་ལ
་གོ་རིམས་བཞིན་དུ་སྟེ། དེ་ལ་ཏིང་ངེ་འཛིན་དང་ཤེས་རབ་ནི་ཐ་མ་ལའོ།། ལྷག་མ་རྣམས་ནི་གོ་རིམས་བཞིན་དུ་གོང་མ་གསུམ་ལའོ།། དེ་ལ་དེ་ལས་གཞན་པའི་ཕུང་པོ་གང་དག་མིང་གིས་བསྡུས་པ།། སེམས་དང་མཚུངས་པར་ལྡན་པ་དེ་དག
་ཉེ་བར་གནས་པ་ལས་བྱུང་བ་ཡིན་པར་བརྗོད་པར་བྱ་འམ། ཚོར་བ་པ་འམ། ངེས་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དེ་དང་རིགས་མཐུན་པའི་སེམས་ལ་དེ་དང་རིགས་མཐུན་པ་ཉིད་ཡིན་པར་བརྗོད་པར་བྱའོ།། གཟུགས་ཅན་མ་ཡིན
་པའི་ཕུང་པོ་བཞི་པོ་འདི་དག་ནི་འདྲེས་པར་བརྗོད་པར་བྱའི། མ་འདྲེས་པ་ནི་མ་ཡིན་ནོ།། ཆོས་འདི་དག་ནི་སོ་སོར་ཕྱི་ན་བྱེ་བྲག་དམིགས་པར་བརྗོད་མི་ནུས་སོ་ཞེས་གང་གསུངས་པ་དེ་ཅིའི་ཕྱིར་མཚན་ཉིད་ཐ་དད་པར་གྲུབ་པ་རྣམས་འདྲེས་པཱསྣ་བྱེ་བྱུག
་མེད་ཅེས་གསུངས་ཤེ་ན། སྨྲས་པ། འདུས་ནས་དམིགས་པ་ལ་ཉེ་བར་སྤྱོད་པ་དང་། དོན་རྟོགས་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཏེ། གཞན་དུ་ན་གང་ཡང་རུང་བ་ཞིག་མེད་ན་དོན་དེ་ཡོངས་སུ་རྫོགས་པར་མི་འགྱུར་བ་ཁོ་ནའི་ཕྱིར་རོ།།
་སེམས་དང་སེམས་ལས་བྱུང་བའི་ཆོས་དེ་དག་ལ་མིང་གི་རྣམ་གྲངས་དུ་ཡོད་ཅེ་ན། སྨྲས་པ། རབ་ཏུ་མང་སྟེ་འདི་ལྟ་སྟེ། དམིགས་པ་དང་བཅས་པ་དང་། མཚུངས་པ་དང་ལྡན་པ་དང་། རྣམ་པ་དང་བཅས་པ་དང་། གནས
་དང་བཅས་པ་ཞེས་བྱ་བ་དང་། དེ་ལྟ་བུ་དང་མཐུན་པ་རྣམས་སོ།། མིག་ལ་སོགས་པ་ཡང་ཡུལ་ཡོད་པ་ཡིན་ན། ཅིའི་ཕྱིར་དེ་དག་ཉིད་དམིགས་པ་དང་བཅས་པ་ཡིན་ལ། མིག་ལ་སོགས་པ་མ་ཡིན་ཞེ་ན། སྨྲས་པ། དེ་དག་ནི་ཡུལ་མེད་ཀྱང་སྐྱེ་བར
་འགྱུར་གྱི། སེམས་དང་སེམས་ལས་བྱུང་བ་རྣམས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་མཚུངས་པར་ལྡན་པ་དག་ཅེས་བྱ་ཞེ་ན། སྨྲས་པ། རྫས་མཚུངས་པ་དང་། ཡུལ་མཚུངས་པ་དང་། དུས་མཚུངས་པ་དང་། བྱ་བ་བྱེད་པ་མཚུངས
་པ་ཉིད་ཀྱི་ཕྱིར་རོ།། ཅིའི་ཕྱིར་རྣམ་པ་དང་བཅས་པ་དག་ཅེས་བྱ་ཞེ་ན། སྨྲས་པ། དམིགས་པ་གཅིག་ལ་རྣམ་སྡེ་དུ་མ་འཇུག་པའི་ཕྱིར་རོ།། ཅིའི་ཕྱིར་གནས་དང་བཅས་པ་དག་ཅེས་བྱ་ཞེ་ན། སྨྲས་པ། གནས་པ་སྣ་ཚོགས་ལས་འཇུག་པའི་རང་བཞིན
་ཡིན་པའི་ཕྱིར་རོ།། འདུས་བྱས་ཀྱི་ཆོས་ནི་འགའ་ཡང་གནས་པ་མེད་པ་མ་ཡིན་ནོ་ཞེ་ན། དོན་གྱི་སྐབས་འདིར་བསྟན་པའི་གནས་ཀྱི་ཚད་མ་ནི་མི་བྱེད་དོ།། ཅིའི་ཕྱིར་བདེ་བའི་ཚོར་བའི་ཆ་མི་མཐུན་པ་ནི་སྡུག་བསྔལ་གྱི་ཚོར་བ་ཞེས་བྱ། སྡུག་བསྔལ
་གྱི་ཚོར་བའི་ཆ་མི་མཐུན་པ་ནི་བདེ་བའི་ཚོར་བ་ཞེས་བྱ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བའི་ཚེ་མི་མཐུན་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཞེས་བྱ་ཞེ་ན། སྨྲས་པ། རང་གི་རིགས་དང་ཆ་མི་མཐུན་པས་ཆ་མི་མཐུན་པ
་ཉིད་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའི་ཆ་མཐུན་པ་མ་རིག་པ་ཞེས་བྱ་ཞེ་ན། སྨྲས་པ་ཚོར་བ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་ཡིན་པས་ཆ་མཐུན་པ་ཉིད་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་མ་རིག་པའི
་གཉེན་པོ་རིག་པ་ཞེས་བྱ་ཞེ་ན། སྨྲས་པ་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་ཀྱིས་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་རིག་པའི་ཉེ་བའི་ཆ་མྱ་ངན་ལས་འདས་པ་ཞེས་བྱ་ཞེ་ན། སྨྲས་པ། རྒྱུ་དང་འབྲས་བུར་འབྲེལ་པས་ཉེ་བའི་ཆ
་ཉིད་ཡིན་པའི་ཕྱིར་རོ།། ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དེ་དག་གི་དགེ་བར་རྣམ་པར་བཞག་པ་ནི་ཇི་ལྟ་བུ་ཡིན། མི་དགེ་བར་རྣམ་པར་གཞག་པ་ནི་ཇི་ལྟ་བུ་ཡིན། ལུང་དུ་མ་བསྟན་པར་རྣམ་པར་བཞག་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། དེ་དག
་ཐམས་ཅད་བྱེ་བྲག་མེད་པའི་སྡོམ་ནི། གནས་དང་ངོ་བོ་ཉིད་དང་ནི། མཚུངས་པར་ལྡན་དང་ཀུན་རྫོབ་དང་། ཆུང་ངུ་ལ་སོགས་གཞི་དབྱེ་དང་། ཡོན་ཏན་སྐྱོན་དང་མི་མཐུན་ཕྱོགས།། དེ་ལ་དགེ་བའི་གནས་དག་ནི་དུ་ཞེ་ན། མདོར་ན་བསྡུ་བ
་དྲུག་སྟེ། འདི་ལྟ་སྟེ། ངེས་པའི་དུས་དང་ལྡོག་པའི་དུས་དང་། ལས་ཀྱི་དུས་དང་། འཇིག་རྟེན་པའི་རྣམ་པར་དག་པའི་དུས་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པའི་དུས་དང་། སེམས་ཅན་ལ་ཕན་འདོག་པའི་དུས་སོ།། ངོ་བོ་ཉིད་གང་ཞེ་ན། འདི
་ལྟ་སྟེ། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་སྟེ། དེ་ལྟར་དེ་དག་ནི
་དགེ་བའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡིན་ནོ།། ཆོས་དེ་དག་ཇི་ལྟར་ཕན་ཚུན་མཚུངས་པར་ལྡན་པར་བྱ་ཞེ་ན། སྨྲས་པ། ངེས་པའི་དུས་ན་ནི་ཐ་དད་པ་དང་མཚུངས་པར་ལྡན་ནོ།། ཀུན་ནས་ཉོན་མོངས་པ་ལས་ལྡོག་པའི་དུས་ན་ནི་བདག
་དང་གཞན་ལ་བརྟེན་ནས་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ངོ་།། དགེ་བའི་ཕྱོགས་ཀྱི་ལས་ལ་འཇུག་པའི་དུས་ན་ནི་མི་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་ངོ་།། འཇིག་རྟེན་པའི་འདོད་ཆགས་དང
་བྲལ་བའི་དུས་ན་ནི་ཤིན་ཏུ་སྦྱངས་པ་དང་ངོ་།། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བའི་དུས་ན་ནི། བག་ཡོད་པ་དང་། བཏང་སྙོམས་དང་ངོ་།། སེམས་ཅན་ལ་ཕན་འདོགས་པའི་དུས་ན་ནི་རྣམ་པར་མི་འཚེ་བ་དང་སྟེ་དེ་ནི་སྙིང་རྗེས་བསྡུས
་པ་ཡིན་པའི་ཕྱིར་རོ།། དགེ་བའི་ཆོས་དེ་དག་ལས་དུ་ཞིག་ནི་ཀུན་རྫོབ་ཏུ་ཡོད། དུ་ཞིག་ནི་རྫས་སུ་ཡོད་ཅེ་ན། སྨྲས་པ། གསུམ་ནི་ཀུན་རྫོབ་དུ་ཡོད་པ་ཡིན་ཏེ། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བའོ།། བག་ཡོད་པ་དང་བཏང
་སྙོམས་ནི་མོ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་ཀྱི་ཆ་ཡིན་པའི་ཕྱིར་ཏེ། ཆོས་དེ་དག་ནི་ཀུན་ནས་ཉོན་མོངས་པ་མེད་པའི་དོན་གྱིས་བཏང་སྙོམས་ཡིན་པ་དང་། ཀུན་ནས་ཉོན་མོངས་པའི་གཉེན་པོའི་དོན
་གྱིས་བག་ཡོད་པ་ཡིན་པར་རྣམ་པར་བཞག་གོ།། རྣམ་པར་མི་འཚེ་བ་ནི་ཞེ་སྡང་མེད་པའི་ཆ་ཡིན་པའི་ཕྱིར་རོ།། དེ་ལ་དགེ་བའི་རྩ་བ་ཆུང་ངུ་གང་ཞེ་ན། སྨྲས་པ། མཉམ་པར་མ་བཞག་པའི་ས་འམ། མཉམ་པར་བཞག་པའི་ས་པ་ཉོན་མོངས་པའི་རྣམ་པ་ཆེན
་པོའི་གཉེན་པོ་གང་ཡིན་པའོ།། འབྲིང་གང་ཞེ་ན། སྨྲས་པ། འཇིག་རྟེན་པའི་མཉམ་པར་བཞག་པའི་ས་པ་འམ། ཉོན་མོངས་པའི་རྣམ་པ་འབྲིང་གི་གཉེན་པོ་གང་ཡིན་པའོ།། ཆེན་པོ་གང་ཞེ་ན། སྨྲས་པ། འཇིག་རྟེན་ལས་འདས་པ་འམ། ཉོན་མོངས་པའི
་རྣམ་པ་ཆུང་ངུའི་གཉེན་པོ་གང་ཡིན་པའོ།། ཡང་དགེ་བ་མངོན་པར་འདུ་བྱེད་པ་ལས་ཀྱང་ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ།། གོམས་པ་དང་ངོ་བོ་ཉིད་དང་། ཞིང་དང་། དངོས་པོ་དང་། རྣམ་པར་དག་པ་ལས་ཀྱང་ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ།།
་དགེ་བའི་རྩ་བ་སྐྱེ་བ་ན་གཞི་དུ་དག་ལས་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། མདོར་བསྡུ་ན་བརྒྱད་ལས་ཏེ། འདི་ལྟ་སྟེ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། ཐོས་པ་ལས
་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། དེ་ལས་གཞན་པ་བསྒོམས་པ་ལས་བྱུང་བ་དང་། སོ་སོར་རྟོག་པ་ལས་བྱུང་བ་དང་། སེམས་ཅན་ལྔ་ཕན་འདོགས་པའི་དངོས་པོ་ལས་སོ།། དེ་ལ་ཇི་སྐད་བསྟན་པའི་གཞི་དེ་དག་ལ་ཅི་རིགས་པར་ཚེ་འདི་དང་།
་ཚེ་ཕྱི་མ་ལ་འདོད་པ་དང་ཞེ་སྡང་དྲང་ལྟ་བ་ངན་པ་དག་ལས་གང་ཡང་རུང་བས་སྔོན་ཀུན་ཏུ་སུན་ཕྱུང་བའི་སེམས་ཀྱི་རྒྱུད་ལ་གང་གིས་ཀུན་ཏུ་སུན་ཕྱུང་བ་དེའི་གཉེན་པོས་དེ་དང་མཚུངས་པར་མི་ལྡན་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་དགེ་བའི་རབ་ཏུ་དབྱེ་བ་གང
་ཞེ་ན། སྨྲས་པ། འདི་ལྟ་སྟེ། སའི་དངོས་གཞིར་རྣམ་པ་གཅིག་ནས་རྣམ་པ་བཅུའི་བར་དུ་བསྟན་པའོ།། ཡང་དགེ་བ་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོ་ལས་ཀྱང་ཡོད་དོ།། ཀུན་ནིས་ཉོན་མོངས་པ་ཉེ་བར་ཞི་བ་ལས་ཀྱང་ཡོད་དོ།། འདོད་པའི་འབྲས་བུ
་ཡོངས་སུ་འཛིན་པ་ལས་ཀྱང་ཡོད་དོ།། སེམས་ནི་རྒྱུད་དག་པ་ལས་ཀྱང་ཡོད་དོ།། མཆོད་རྟེན་བྱེད་པ་ལས་ཀྱང་ཡོད་དོ།། སེམས་ཅན་ལ་ཕན་འདོགས་པ་ལས་ཀྱང་ཡོད་དོ།། དེ་ལྟར་ན་དེ་ལྟ་བུ་དང་མཐུན་པ་དེ་ནི་དགེ་བའི་རབ་ཏུ་དབྱེ་བ
་ཡིན་པར་རིག་པར་བྱའོ།། དེ་ལ་དགེ་བ་ལ་ཉེས་དམིགས་ནི་མེད་དོ།། དེའི་ཕན་ཡོན་གང་ཞེ་ན་སྨྲས་པ། དགེ་བའི་ཕན་ཡོན་ནི་མང་སྟེ། འདི་ལྟ་སྟེ་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་ལས་སེམས་རྣམ་པར་སྦྱོང་བར་བྱེད་པ་དང་། དམིགས
་པ་ལ་ཕྱིན་ཅི་ལོག་མེད་པར་བྱེད་པ་དང་། དགེ་བའི་རྩ་བ་བརྟན་པར་བྱེད་པ་དང་། རྒྱུ་མཐུན་པ་ལས་བྱུང་བའི་འདུ་བྱེད་ཀྱི་རྒྱུད་ལ་འཇུག་པར་བྱེད་པ་དང་། བདག་ལ་གནོད་པར་མི་འགྱུར་བ་དང་། གཞན་ལ་གནོད་པར་མི་འགྱུར་བ་དང་། གཉི་ཀ་ལ་གནོད
་པར་མི་འགྱུར་བ་དང་། ཚེ་འདི་བའི་ཁ་ན་མ་ཐོ་བ་འཕེལ་བར་མི་འགྱུར་བ་དང་། ཚེ་ཕྱི་མ་ལ་གནོད་པའི་ཁ་ན་མ་ཐོ་བ་འཕེལ་བར་མི་འགྱུར་བ་དང་། ཚེ་འདི་དང་ཕྱ་མའི་ཁ་ན་མ་ཐོ་བ་འཕེལ་བར་མི་འགྱུར་བ་དང་། དེ་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བ་སོ་སོར
་མྱོང་བར་བྱེད་པ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཟད་པར་བྱེད་པ་དང་། མྱ་ངན་ལས་འདས་པ་ལ་མོས་པ་འབེལ་བར་བྱེད་པ་དང་། དེ་ལ་ཡང་སྦྱོར་བར་བྱེད་པ་དང་། ལོངས་སྤྱོད་ཉམས་པར་མི་འགྱུར་བ་དང་། འཁོར་གྱི་ནང་དུ་བག་ཁུམས་པ་མེད་དེ་སྲོ
་བཟང་བ་དང་། འཇིགས་པ་མེད་པར་འགྲོ་བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྙན་པ་རྒྱ་ཆེན་པོ་གྲགས་པར་འགྱུར་བ་དོང་། དོམ་པ་རྣམས་ཀྱིས་བསྡིགས་པར་འགྱུར་བ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང་།
་ཡུལ་ཞིག་ནས་ཀྱང་བདེ་འགྲོར་སྐྱེ་བར་འགྱུར་བ་དང་། དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། བདག་གི་དོན་རྗེས་སུ་ཐོབ་པར་འགྱུར་བ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་དགེ་བའི་ཕན་ཡོན་མང་པོ་དག་ཡིན་པར་བལྟ་བར
་བྱའོ།། དེ་ལ་དགེ་བའི་གཉེན་པོ་ལོས་ཇི་ལྟར་རྣམ་པར་བཞག་ཅེ་ན།། སྨྲས་པ། རྣམ་པ་བཅོ་ལྔ་སྟེ། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་གཉེན་པོ་དང་། སྤོང་བ་གཉེན་པོ་དང་། ཀུན་ཏུ་འཛིན་གཉེན་པོ་དང་། ཐག་བསྲིངས་པ་གཉེན་པོ་དང་། འདོད་ཅིང་ཁས
་བླངས་པའི་ཀུན་ནས་དཀྲིས་པའི་གཉེན་པོ་དང་། འདོད་ཅིང་ཁས་བླངས་པ་མེད་པའི་ཀུན་ནས་དཀྲིས་པའི་གཉེན་པོ་དང་། བག་ལ་ཉལ་གྱི་གཉེན་པོ་དང་། ཉོན་མོངས་པ་ཆུང་ངུའི་གཉེན་པོ་དང་། ཉོན་མོངས་པ་འབྲིང་གི་གཉེན་པོ་དང་། ཉོན་མོངས་པ
་ཆེན་པོའི་གཉེན་པོ་དང་། རྣམ་པར་གཡེང་བའི་གཉེན་པོ་དང་། གཞན་འདེབས་པའི་གཉེན་པོ་དང་། རྩེ་འཇིལ་བའི་གཉེན་པོ་དང་། རྣམ་པར་གནོན་པའི་གཉེན་པོ་དང་། བྲལ་བ་གཉེན་པོ་ལས་སོ།། དེ་ལ་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ནི་གནས
་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། ཉོན་མོངས་པ་རྣམས་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་སོ།། དེ་ལ་རེ་ཞིག་ཉོན་མོངས་པ་རྣམས་ཀྱི་དབང་དུ་བྱས་ནས་བཤད་པར་བྱ་སྟེ། དེའི་འོག་ཏུ་ནི་ཉེ་བའི་ཉོན་མོངས་པ་རྣམས་བཤད་པར་བྱའོ།། ཉོན
་མོངས་པ་རྣམས་ཀྱི་གནས་དུ་ཡོད་ཅེ་ན། སྨྲས་པ། དྲུག་སྟེ། མ་རིག་པ་དང་བཅས་ཤིང་ཡིད་འོང་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་། མ་རིག་པ་དང་བཅས་ཤིང་ཡིད་དུ་མི་འོད་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་། ཚུལ་བཞིན་མ་ཡིན
་པའི་ཡིད་ལ་བྱེད་པ་དང་བཅས་ཤིང་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་། མ་རིག་པ་ཅན་དང་བཅས་ཤིང་རང་གི་ཉེ་བར་ལེན་པའི་ཕུང་པོ་རྣམས་དང་། སེམས་ཅན་དམན་པ་དང་མཚུངས་པ་དང་ཁྱད་པར་དུ་འཕགས་པ
་རྣམས་དང་ཐོབ་པར་བྱ་བ་མ་ཐོབ་པ་ལ་ཕྱིན་ཅི་ལོག་དང་། ཡོན་ཏན་ལ་ཕྱིན་ཅི་ལོག་དང་། མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བཅས་ཤིང་དམ་པ་མ་ཡིན་པའི་ཆོས་ཉན་པ་དང་། མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང
་བཅས་ཤིང་དམ་པ་མ་ཡིན་པའི་ཆོས་ཉན་པ་དང་ལེ་ལོའོ།། དེ་ལ་དང་པོ་ནི་ཕྲད་པར་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ།། གཉིས་པ་ནི་འབྲེལ་བར་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ།། གསུམ་པ་ནི་ཡུལ་ལ་ཕྱིན་ཅི་ལོག་པ་ཉིད་ཀྱི་ཕྱིར་རོ།། བཞི་པ་ནི
་འགྲན་ཅིང་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ།། ལྔ་པ་ནི་ལོག་པའི་ཆོས་ལ་མངོན་པར་ཞེན་ཅིང་སྒྲུབ་པའི་ཕྱིར་རོ།། དྲུག་པ་ནི་སྒྲུབ་པ་དང་ལྡོག་པར་མི་བྱེད་པའི་ཕྱིར་གནས་ཡིན་པར་རིག་པར་བྱའོ།། ཉོན་མོངས་པའི་ངོ་བོ་ཉིད་གང་ཞེ་ན། དེ་ཡང་རྣམ་པ
་དྲུག་སྟེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། མ་རིག་པ་དང་། ང་རྒྱལ་དང་། ལྟ་བ་དང་། ཐེ་ཚོམ་མོ།། ཉིན་མོངསོ་པ་གང་དང་ཉོན་མོངས་པ་གང་མཚུངས་པར་ལྡན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། མེ་རིག་པ་ནི་ཐམས་ཅད་དང་མཚུངས་པར་ལྡན་པ་ཡིན་ནོ།། ཐེ
་ཚིམོ་ནི་གང་དང་ཡང་མ་ཡིན་ནོ།། འདོད་ཆགས་དང་ཁོང་ཁྲོ་བ་ནི་ཕན་ཚུན་མ་ཡིན་ནོ།། འདོད་ཆགས་དང་ཁོང་ཁྲོ་བ་ཉིད་ནི་ང་རྒྱལ་དང་ལྟེ་བ་དང་སྟེ། ལན་འགའ་གང་གི་ཚེ་ཚོགས་པར་གྱུར་པ་ན་རློམ་པར་བྱེད་པ་འམ་རྟོག་པར་བྱེད་པའི་ཕྱིར་རོ།། ཆགས་པར
་འགྱུར་བ་བཞིན་དུ་ཞེ་སྡང་བར་འགྱུར་བ་ཡང་དེ་བཞིན་ནོ།། ང་རྒྱལ་དང་ལྟ་བ་ཡང་ལན་འགའ་ཕན་ཚུན་མཚུངས་པར་ལྡན་པར་འགྱུར་ཏེ། གང་གི་ཚེ་རློམ་པར་གྱུར་པ་ན་རྟོག་པར་བྱེད་པའི་ཕྱིར་རོ།། ཉོན་མོངས་པ་དེ་དག་ལ་དུ་ཞིག་ནི་ཀུན་རྫོབ་ཏུ
་ཡོད་པ་ཡིན། དུ་ཞིག་ནི་རྫས་སུ་ཡོད་པ་ཡིན་ཞེ་ན། སྨྲས་པ། ལྟ་བ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། ཤེས་རབ་ཀྱི་ཆ་ཡིན་པའི་ཕྱིར་རོ།། ལྷག་རྣམས་ནི་རྫས་སུ་ཡོད་པ་དང་སེམས་དང་སེམས་ལས་བྱུང་བ་དག་ཡིན་ནོ།། དེ་དག་ནི་ཆུང་ངུ་དང་འབྲིང་དང་ཆེན
་པོར་རྣམ་པར་བཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། གང་དག་ཐམས་ཅད་ཀྱི་ཐ་མར་སྤོང་བར་འགྱུར་བ་དེ་དག་ནི་ཆུང་ངུ་དག་ཡིན་ནོ།། གང་དག་བར་དུ་སྤྱོད་པར་འགྱུར་བ་དེ་དག་ནི་འབྲིང་དག་ཡིན་ནོ།། གང་དག་དང་པོར་སྤོང་བར་འགྱུར་བ་དེ་དག་ནི་ཆེན་པོ་དག
་ཡིན་ནོ།། ཡང་ཉོན་མོངས་པ་རྣམས་ཀྱི་ཆེན་པོ་ཉིད་ནི་རྣམ་པ་དྲུག་གིས་རིག་པར་བྱ་སྟེ། འདི་ལྟ་སྟེ། འདོད་པ་ན་སྐྱེས་པའི་ཉོན་མོངས་པ་ནི་རང་བཞིན་གྱིས་ཆེན་པོ་ཡིན་པར་བྱ་བ་དང་། དེ་བཞིན་དུ་སྔོན་གོམས་པ་དང་། དེ་བཞིན་དུ་གནས་ལ་གནས་པ་སྟེ།
་དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱི་གང་ཡིན་པ་དང་། དེ་བཞིན་དུ་བསྒྲུབ་ཏུ་མི་རུང་བ་སྟེ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱི་གང་ཡིན་པ་དང་། དེ་བཞིན་དུ་གནས་མ་ཡིན་པ་བླ་མ་དང་སྦྱིན་གནས་ལ་སོགས་པ་དག་ལ་འཇུག་པ
་གང་ཡིན་པ་དང་། ལས་དང་བཅས་པ་སྟེ། ལས་ཀུན་ནས་སློང་བའི་ཕྱིར་ཉེ་བར་གནས་པའི་ཉོན་མོངས་པ་གང་ཡིན་པ་དེ་ནི་ཆེན་པོ་ཉིད་ཡིན་པར་རིག་པར་བྱའོ།། ཉོན་མོངས་པ་སྐྱེ་བ་ན་གང་ལས་སྐྱེ་བར་འགྱུར་བའི་ཉོན་མོངས་པ་རྣམས་ཀྱི་གཞི་ག
་ན་སྨྲས་པ། འདོད་ཆགས་ཀྱི་གཞི་ནི་བཅུ་སྟེ། འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་རྣམས་དང་། ལྟ་བ་རྣམས་དང་། མ་ཐོབ་པའི་ཡུལ་དང་། ཐོབ་པའི་ཡུལ་དང་། སྤྱད་ནས་འདས་པའི་ཡུལ་དང་། ཉེས་པར་སྤྱད་པ་དང་།
་བུ་དང་འདྲིས་པ་དང་། ཡོ་བྱད་དང་། ཡང་འབྱུང་བ་དང་། འཇིག་པ་རྣམས་སོ།། གཞི་གང་ལ་འདོད་ཆགས་ཅི་འདྲ་བ་འབྱུང་ཞེ་ན། སྨྲས་པ་བཅུ་པོ་དག་ལས་བཅུ་པོ་རྣམས་གོ་རིམས་བཞིན་ཏེ། འདི་ལྟ་སྟེ། དངོས་པོའི་འདོད་ཆགས་དང་།
་ལྟ་བའི་འདོད་ཆགས་དང་། ཆགས་པའི་འདོད་ཆགས་དང་། སེར་སྣའི་འདོད་ཆགས་དང་། སྒྲིབ་པའི་འདོད་ཆགས་དང་། ཉེ་བར་སྤྱོད་པའི་འདོད་ཆགས་དང་། བུ་ཚའི་འདོད་ཆགས་དང་། ཕྱོགས་དང་འཁོར་གྱི་འདོད་ཆགས་དང་། ཡོ་བྱད
་ཀྱི་འདོད་ཆགས་དང་། ཡང་འབྱུང་བ་དང་། འཇིག་པའི་འདོད་ཆགས་སོ།། ཁོང་ཁྲོ་བའི་བཞི་ཡང་བཅུ་སྟེ། བདག་ཉིད་དང་སེམས་ཅན་སྡུག་པ་རྣམས་དང་། སེམས་ཅན་མི་སྡུག་པ་རྣམས་དང་། འདས་པ་ན་གནོད་པ་དང་། ཕན་པ་བྱས་པ
་དང་། མ་འོངས་པ་ན་གནོད་པ་དང་། ཕན་པ་བྱེད་པར་འགྱུར་བ་དང་། ད་ལྟར་བྱུང་བ་ན་གནོད་པ་དང་། ཕན་པ་བྱེད་པ་དང་། ཡུལ་ཡིད་དུ་མ་འོང་བ་དང་། ཕྲག་དོག་དང་། སྔོན་གོམས་པ་དང་། གཞན་དུ་བལྟ་བ་སྟེ། དེ་དག་ལས་ཁོང་ཁྲོ་བ
་རྣམ་པ་བཅུ་རིམ་བཞིན་དུ་སྐྱེ་བར་བལྟ་བར་བྱའོ།། དེ་ལ་གཞི་དྲུག་ལས་ནི་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་པོ་དག་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་དག་ཐམས་ཅད་ནི་སེམས་ཅན་ལ་ཁོང་ཁྲོ་བ་ཤ་སྟག་ཡིན་ནོ།། དེ་ལས་གཞན
་བཔ་དག་ལས་ནི་ཡུལ་ལས་ཁོང་ཁྲོ་བའོ།། མི་བཟོད་པ་སྔོན་དུ་འགྲོ་བ་སེམས་ཅན་ལ་ཁོང་ཁྲོ་བ་དང་། གོམས་པ་སྔོན་དུ་འགྲོ་བ་དང་། དེ་བཞིན་དུ་བལྟ་བས་ཁྲོང་ཁྲོ་བ་དེ་དག་ནི་མདོར་བསྡུ་ན་ཁོང་ཁྲོ་བ་རྣམ་པ་གསུམ་དུ་འགྱུར་ཏེ། སེམས་ཅན
་ལ་ཁོང་ཁྲོ་བ་དང་། ཡུལ་ལ་ཁོང་ཁྲོ་བ་དང་། ལྟ་བས་ཁོང་ཁྲོ་བའོ།། མ་རིག་པ་སྐྱེ་བའི་གཞི་ནི་བདུན་སྟེ། འདི་ལྟ་སྟེ། དུས་ཀྱི་གཞི་དང་། འཇིག་རྟེན་གནས་པའི་གཞི་དང་། འཕོ་བའི་གཞི་དང་། མཆོག་གི་གཞི་དང་། དེ་ཁོ་ནའི་གཞི་དང་། ཀུན
་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གཞི་དང་། མངོན་པའི་ང་རྒྱལ་གྱི་གཞེའོ།། གཞི་དེ་དག་ལས་མི་ཤེས་པ་རྣམ་པ་བདུན་ནམ། རྣམ་པ་བཅུ་དགུར་བལྟ་བར་བྱའོ།། དེ་ལ་དང་པོ་ནི་སྒོ་གསུམ་ནས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ།། གཉིས་པ་ནི
་སོ་སོ་ནང་གི་སྐྱེ་མཆེད་དྲུག་དང་། ཕྱི་རོལ་དང་། གཉི་ག་ལ་བདག་དང་། བདག་གི་དང་། མཛའ་བཤེས་ལ་སོགས་པའི་ཕྱོགས་སུ་ལྟ་བ་སྐྱེ་བའི་ཕྱིར་རོ།། གསུམ་པ་ནི་ལས་དང་རྣམ་པར་སྨིན་པ་དང་། དེ་གཉི་ག་ལ་བྱེད་པ་པོ་དང་། ཚོར་བ་པོ་དང་།
་རྒྱུ་མེད་པ་དང་། མི་མཐུན་པ་རྒྱུར་ལྟ་བ་སྐྱེ་བའི་ཕྱིར་རོ།། བཞི་པ་ནི་དཀོན་མཆོག་ལ་སྐུར་པ་འདེབས་པའི་ཕྱིར་རོ།། ལྔ་པ་ནི་བདེན་པ་ལ་སྐུར་བ་འདེབས་པའི་ཕྱིར་རོ།། དྲུག་པ་ནི་ལོག་པར་བསྒྲུབ་པའི་ཕྱིར་རོ།། བདུན་པ་ནི་བདག་གི་དོན་མ་ཐོབ་པ་ལ
་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ།། ང་རྒྱལ་སྐྱེ་བའི་གཞི་ནི་དྲུག་ཏེ། སེམས་ཅན་དམན་པ་རྣམས་དང་། སེམས་ཅན་མཚུངས་པ་རྣམས་དང་། སེམས་ཅན་ཁྱད་པར་དུ་འཕགས་པ་རྣམས་དང་། སོ་སོ་ནང་གི་ཉེ་བར་ལེན་པའི་ཕུང་པོ་རྣམས་དང་།
་ཐོབ་པར་བྱ་བ་མ་ཐོབ་པ་ལ་ཕྱིན་ཅི་ལོག་དང་། ཡོན་ཏན་ལ་ཕྱིན་ཅི་ལོག་པ་སྟེ། དེ་དག་ལས་ང་རྒྱལ་ལས་ཀྱང་ང་རྒྱལ་ལ་སོགས་པ་ང་རྒྱལ་རྣམ་པ་བདུན་སྐྱེའོ།། དེ་ལ་སེམས་ཅན་ཁྱད་པར་དུ་འཕགས་པའི་གཞི་ལས
་ནི་ང་རྒྱལ་རྣམ་པ་གཉིས་སྐྱེའོ།། གཞི་ལྷག་མ་རྣམས་ལས་ནི་ང་རྒྱལ་རེ་རེ་སྐྱེའོ།། ལྟ་བ་རྣམས་སྐྱེ་བའི་གཞི་ནི་གཉིས་ཏེ། སྒྲོ་འདོགས་པའི་གཞི་དང་། སྐུར་པ་འདེབས་པའི་གཞིའོ།། དེ་ལ་སྒྲོ་འདོགས་པའི་གཞི་ནི་རྣམ་པ་བཞི་སྟེ། བདག་ཡོད
་པར་སྒྲོ་འདོགས་པ་དང་། རྟག་པ་དང་། མི་རྟག་པ་ཉིད་དུ་སྒྲོ་འདོགས་པ་དང་། མངོན་པར་མཐོ་བའི་ཐབས་སུ་སྒྲོ་འདོགས་པ་དང་། ཐར་པའི་ཐབས་སུ་སྒྲོ་འདོགས་པའོ།། སྐུར་པ་འདེབས་པ་ཡང་རྣམ་པ་བཞི་སྟེ། རྒྱུ་ལ་སྐུར་པ་འདེབས་པ་དང་།
་འབྲས་བུ་ལ་སྐུར་པ་འདེབས་པ་དང་། བྱེད་པ་ལ་སྐུར་པ་འདེབས་པ་དང་། ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པའོ།། དེ་ལ་སྦྱིན་པ་མེད་དོ་ཞེས་བྱ་བ་ནས་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བའི་བར་ནི་རྒྱུ་ལ་སྐུར་པ་འདེབས
་བའོ།། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་ལོ་སྐུར་པ་འདེབས་པའོ།། འཇིག་རྟེན་པ་འདི་མེད་དོ་ཞེས་བྱ་བ་ནས། སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བའི
་བར་ནི་བྱེད་པ་ལ་སྒུར་པོ་འདེབས་པ་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟར་བྱེད་པ་ཞེས་བྱ་བ་ནི་དོན་གྱི་སྐབས་འདིར་སྐྱེས་བུའི་བྱེད་པ་ལ་བྱ་སྟེ། དེ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ་འོང་བ་དང་འགྲོ་བ་དང་ས་བོན་འདེབས་པ་དང་། མངལ་འཛིན་པ
་དུང་ཡང་འབྱུང་བའི་ལས་སྐྱེས་བུའི་བྱེད་པའོ།། འཇིག་རྟེན་ན་དགྲ་བཅོམ་པ་དག་མེད་དོ་ཞེས་སྐུར་པ་འདེབས་པ་དེ་དག་ལ་སོགས་པ་ནི་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་ཞེས་བྱ་སྟེ། གཞི་བརྒྱད་དམ་གཉིས་པོ་ལ་དེ་དག་ལ་ལྟ་བ་ལྔ
་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ལོག་པར་ལྟ་བའོ།། གཞན་ཡང་མཐར་འཛིན་པར་ལྟ་བ་དང་།
་ལོག་པར་ལྟ་བ་སྐྱེ་བའི་གཞི་ནི་སྔོན་གྱི་མཐར་རྟོག་པ་རྣམས་དང་། ཕྱི་མའི་མཐར་རྟོག་པ་རྣམས་ཀྱི་གཞི་དྲུག་ཅུ་རྩ་གཉིས་ཡིན་ཏེ། དེ་དག་ནི་མདོ་ལས་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། གཞི་དེ་དག་གི་བྱེ་བྲག་ཉིད་ཀྱི་ལྟ་བར་གྱུར་པ་དྲུག་ཅུ་རྩ
་གཉིས་སུ་འགྱུར་རོ།། ཐེ་ཚོམ་སྐྱེ་བའི་གཞི་ནི་དྲུག་སྟེ། འདི་ལྟ་སྟེ། དམ་པ་མ་ཡིན་པའི་ཆོས་ཉན་པ་དང་། སྟོན་པ་ལོག་པར་བསྒྲུབ་པ་མཐོང་བ་དང་། སྐུར་པ་རྣམས་དང་། ཡིད་ཆེས་པ་རྣམས་ཀྱི་ལུགས་ཐ་དད་པ་མཐོང་བ་དང་། རང
་བཞིན་གྱི་དམན་ཞིང་མོང་རྟུལ་བ་ཉིད་དང་། རང་བཞིན་གྱིས་ཟབ་པ་ཉིད་ཀྱི་ཆོས་རྣམས་དང་། ཆོས་རྒྱ་ཆེན་པོ་རབ་ཏུ་བསྟན་པ་ཉིད་དོ།། ཉོན་མོངས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་དག་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་བཅོ
་ལྔ་སྟེ། འདི་ལྟ་སྟེ་ཉོན་མོངས་པ་ནང་དུ་ལྟས་པ་དང་། ཕྱིར་ལྟས་པ་དང་། མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་། འདོད་ཅིང་ཁས་བླངས་པའི་ཀུན་ནས་དཀྲིས་པ་དང་ལྡན་པ་དང་། འདོད་ཅིང་ཁས་བླངས་པ་མེད་པའི་ཀུ
་ནས་དཀྲིས་པ་དང་ལྡན་པ་དང་། བག་ལ་ཉལ་དང་ལྡན་པ་དང་། ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། རྣམ་པར་གཡང་བའི་གནས་སྐབས་དང་། གཞན་འདབས་པའི་གནས་སྐབས་དང་། རྣམ་པར་གནོན་པའི་གནས
་སྐབས་དང་། བྲལ་བའི་གནས་སྐབས་སོ།། ཉོན་མོངས་པ་རྣམས་ལ་ཕན་ཡོན་ནི་མེང་ངོ་།། ཉེས་དམིགས་མང་པོ་རྣམས་གང་ཞེ་ན། འདི་ལྟ་སྟེ་རྟོག་པ་དང་བཅས་ཤིང་སྤྱོད་པ་དང་བཅས་པའི་སའི་དངོས་གཞིར་འདི་ལྟ་སྟེ། ཀུན་ནས་དཀྲིས་པ
་ལ་སེམས་ཀྱི་རྒྱུད་ཀུན་ནས་ཉོན་མོངས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་པའོ།། ཉོན་མོངས་པ་ནི་གང་གི་གཉེན་པོ་ཡང་མ་ཡིན་པར་རིག་པར་བྱའོ།། འོ་ན་སྲིད་པ་ལས་བརྟེན་ཏེ་སྲེད་པ་སྤང་བར་བྱའོ།། ང་རྒྱལ་ལས་བརྟེན་ཏེ་ང
་རྒྱུ་ལ་སྤོང་བར་བྱེད་དོ་ཞེས་གང་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་ཉོན་མོངས་པ་མ་ཡིན་གྱི། སེམས་ཙ་མངོན་པར་འདུ་བྱེད་པ་དེ་ནི་དགེ་བ་ཡིན་ཏེ། དེ་ནི་འདོད་པོ་དང་ཁེངས་པའི་རྣམ་པ་དང་ཆོས་མཐུན་པའི་ཕྱིར་སྲེད་པ་དང་ང་རྒྱལ་ཞེས་པར་ཟད་དེ།
་སེམས་ཀུན་ནས་ཉོན་མོངས་པའི་གཉེན་པོ་བཅོ་ལྔ་སྔར་ཇི་སྐད་བསྟན་པ་དག་གི་མི་མཐུན་པའི་ཕྱོགས་ནི་ཉོན་མོངས་པ་བཅོ་ལྔ་པོ་དག་ཡིན་པར་བལྟ་བར་བྱའོ།། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་གནས་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར་བྱ་སྟེ།
་འདི་ལྟ་སྟེ་ཕན་ཚུན་ལྷན་ཅིག་གནས་པ་དང་། གཅིག་ལ་གཅིག་གླེང་བ་དང་། རྙེད་པ་དང་། བཀུར་སྟི་དང་། འཚོ་བ་ཉམས་པ་དང་། བླ་མ་ལ་མི་འདུད་པ་དང་། མི་བཟོད་པ་དང་། ལྷག་པའི་ཚུལ་ཁྲིམས་ཉམས་པ་དང་། ལྷག་པའི་སེམས་ཉམས་པ་དང་།
་ལྷག་པའི་ཤེས་རབ་ཉམས་པའོ།། ངོ་བོ་ཉིད་གང་ཞེ་ན། འདི་ལྟ་སྟེ་ཁོང་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། རྒྱུ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་ད
་ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བྲག་མྱེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པ་དང་། དེ་ལྟར་དེ་ལྟ་བུ་དང
་མཐུན་པ་འདི་ལྟ་སྟེ། སའི་དངོས་གཞིར་རྒྱ་ཆེར་བསྟན་པ་དག་ནི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ངོ་བོ་ཉིད་ཡིན་པར་བལྟ་བར་བྱའོ།། དེ་ལ་དང་པོ་དང་གཉིས་པ་ནི་གནས་དང་པོ་ལས་སྐྱེས་པར་རིག་པར་བྱའོ།། གསུམ་པ་དང་བཞི་པ་ནི་གནས
་གཉིས་པ་ལས་སོ།། ལྔ་པ་དང་དྲུག་པ་ནི་གནས་གསུམ་པ་ལས་སོ།། བདུན་པ་དང་བརྒྱད་པ་ནི་གནས་བཞི་པ་ལས་སོ།། དགུ་པ་ནི་གནས་ལྔ་པ་ལས་སོ།། བཅུ་པ་ནི་གནས་དྲུག་པ་ལས་སོ།། བཅུ་གཅིག་པ་དང་བཅུ་གཉིས་པ་ནི་གནས་བདུན་པ
་ལས་སོ།། གཞན་བཅུ་གཉིས་ནི་གནས་ཐ་མ་གཉིས་ལས་སྐྱེ་བར་འགྱུར་རོ།། དེ་ལ་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ནི་སྒོ་གསུམ་གྱིས་ཉམས་པར་འགྱུར་ཏེ། ཞི་གནས་ཀྱི་མཚན་མ་ཉམས་པའི་སྒོ་དང་། རབ་ཏུ་འཛིན་པའི་མཚན་མ
་ཉམས་པའི་སྒོ་དང་། བཏང་སྙོམས་ཀྱི་མཚན་མ་ཉམས་པའི་སྒོ་ནས་སོ།། དེ་ལ་དང་པོས་ནི་རྨུགས་པ་དང་གཉིད་བསྐྱེད་དོ།། གཉིས་པ་ནི་རྒོད་པ་དང་འགྱོད་པའོ།། གནས་གསུམ་པས་ནི་མ་དད་པ་ལ་སོགས་པ་རྟོག་པ་དང་དཔྱོད་པའི་མཐར་ཐུག
་པ་རྣམས་བསྐྱེད་དོ།། དེ་དག་ཇི་ལྟར་ཕན་ཚུན་མཚུངས་པར་ལྡན་པར་འགྱུར་ཞེ་ན། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་མཚུངས་པར་ལྡན་པ་ཡིན་ནོ།། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་།
་བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་ནི་ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་དང་མཚུངས་པར་ལྡན་ནོ།། གཉིད་དང་འགྱོད་པ་ནི་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཐམས་ཅད་དང་ཡང་མཚུངས
་བར་ལྡན་ནོ།། ལྷག་མ་རྣམས་ནི་ཕན་ཚུན་མཚུངས་པར་ལྡན་པ་མ་ཡིན་པར་བལྟ་བར་བྱའོ།། ཉེ་བའི་ཉོན་མོངས་པ་དེ་དག་ལས་དུ་ཞིག་ནི་བཏགས་པའི་ཡོད་པ་ཡིན། དུ་ཞིག་ནི་རྫས་སུ་ཡོད་པ་ཡིན་ཞེ་ན། ཁྲོ་བ་དང་དོན་དུ་འཛིན་པ་དང་། འཚིག
་པ་དང་། ཕྲག་དོག་དང་། རྣམ་པར་འཚེ་བ་ཁོང་ཁྲོ་བོའི་ཆར་གཏོགས་པའི་ཕྱིར་བཏགས་པའི་ཡོད་པ་ཡིན་ནོ།། སེར་སྣ་དང་རྒྱགས་པ་དང་། རྒོད་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་པའི་ཕྱིར་དེ་དག་ཀྱང་བཏགས་པས་ཡོད་པ་ཡིན་ནོ།། འཆབ་པ་དང་།
་རྒྱུ་དང་། གཡོ་བ་དང་། རྨུགས་པ་དང་། གཉིད་དང་འགྱོད་པ་ནི་གཏི་མུག་གི་ཆར་གཏོགས་པའི་ཕྱིར་དེ་དག་ཀྱང་བཏགས་པའི་ཡོད་པ་ཡིན་ནོ།། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། མ་དད་པ་དང་། ལེ་ལོ་ནི་རྫས་སུ་ཡོད་པ་ཡིན་ནོ།། བག་མེད་པ་ནི་སྔ་མ་བཞིན
་དུ་བཏགས་པའི་ཡོད་པ་ཡིན་ནོ།། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་ནི་གཏི་མུག་གི་ཆར་གཏོགས་པ་ཁོ་ནའི་ཕྱིར་ཐམས་ཅད་བཏགས་པའི་ཡོད་པ་ཡིན་ནོ།། རྟོག་པ་དང་། དཔྱོད་པ་ནི་ངག་ཀུན་ནས་སློང་བའི་སེམས་མངོན
་པར་འདུ་བྱེད་པའི་ཆར་གཏོགས་པ་དང་། ཤེས་རབ་ཀྱི་ཆར་གཏོགས་པའི་ཕྱིར་བཏགས་པའི་ཡོད་པ་ཡིན་ནོ།། ཉེ་བའི་ཉོན་མོངས་པ་དེ་དག་ནི་ཆུང་ངུ་དང་འབྲིང་དང་། ཆེན་པོ་ཉིད་ཇི་ལྟར་བལྟ་བར་བྱ་ཞེ་ན། འདི་ལྟ་སྟེ། དེ་དག་ནི་ཉོན་མོངས་པ་རྣམས་ཇི་ལྟ་བ
་བཞིན་ནོ།། དེ་དག་གི་གཞི་ཡང་ཉོན་མོངས་པ་རྣམས་ཀྱི་གང་ཡིན་པ་དེ་དག་ཉིད་ཡིན་ནོ།། རབ་ཏུ་དབྱེ་བ་དང་། ཉེས་དམིགས་དང་། མི་མཐུན་པའི་ཕྱོགས་ཀྱང་འདི་ལྟ་སྟེ། ཉོན་མོངས་པ་རྣམས་ཀྱི་བཞིན་དུ་བལྟ་བར་བྱ་སྟེ། དེ་ཡང་ཅི་རིགས་པར་སྦྱརོ།།
་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་གནས་གང་ཞེ་ན། དེ་དག་ནི་བཞི་སྟེ། འདི་ལྟ་སྟེ། ལས་ཀྱིས་འཕངས་ཏེ། མངོན་པར་གྲུབ་པ་དང་མངོན་པར་གྲུབ་པའི་རྒྱུ་དང་། གནས་པ་དང་འཚོ་བ་དང་། ཏིང་ངེ་འཛིན་གྱི་བྱེ་བྲག་གོ།། ངོ་བོ་ཉིད་གང་ཞེ་ན། སྨྲས་པ།
་རྣམ་པར་སྨིན་པ་ལས་སྐྱེས་པའི་ཕུང་པོ་རྣམས་དང་། ཐ་མལ་དུ་འདུག་པ་དང་། མངོན་པར་འདུ་བྱེད་པས་ཡོངས་སུ་བསྡུས་པའི་སྤྱོད་ལམ་དང་། དེ་བཞིན་དུ་བཟོའི་གནས་དང་རྩེ་མོ་མངོན་པར་འདུ་བྱེད་པས་ཡོངས་སུ་བསྡུས་པའི་སྤྲུལ་པའོ།། དེ་དག་ཇི
་ལྟར་ཕན་ཚུན་མཚུངས་པར་ལྡན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། སྤྱོད་ལམ་བྱེད་པ་དང་། བཟོའི་གནས་བྱེད་པ་ནི་ལན་འགའ་མཚུངས་པར་ལྡན་པ་ཡང་ཡོད་དེ། མདོ་ལས་ལས་ཀྱི་མཐའ་གང་དག་འགྲོ་བའི་ཚེ་ན་བླ་ལ། སྡོད་པ་ན་ཡང་མ་ཡིན། འདུག
་པ་ན་ཡང་མ་ཡིན། ཉལ་བ་ན་ཡང་མ་ཡིན་པ་དེ་ལྟ་བུ་དག་ཀྱང་ཡོང་ངོ་།། ལོས་ཀྱི་མཐའ་གང་དག་འགྲོ་བའི་ཚེ་ཡང་བླ་ལ། སྡོད་པ་ནི་ཡང་ཐ། འདུག་པ་ན་ཡང་བླ། ཉལ་བ་ན་ཡང་བླ་བ་སྟེ། དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་ཇི་སྐད་གསུང
་པ་ལྟ་བུའོ།། དེ་ལས་གཞན་པ་དག་ནི་ཕན་ཚུན་མཚུངས་པར་ལྡན་པ་ཡིན་ནོ།། དེ་དག་ལས་དུ་ནི་རྫས་སུ་ཡོད་པ་ཡིན། དུ་ནི་བཏགས་པའི་ཡོད་པ་ཡིན་ཞེ་ན། སྨྲས་པ། དེ་དག་ནི་རྣམ་པར་སྨིན་པས་བསྡུས་པའི་ཕུང་པོ
་རྣམས་དང་། སེམས་མངོན་པར་འདུ་བྱེད་པའི་ཁྱད་པར་ལ་གདགས་པ་ཡིན་པའི་ཕྱིར་བཏགས་པའི་ཡོད་པ་ཡིན་པར་བརྗོད་པར་བྱའོ།། དེ་དག་གི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གང་ཞེ་ན། སྨྲས་པ། རྣམ་པར་སྨིན་པ་ལས་བྱུང་བ་དང་། སྤྱོད་དམ་བྱེད
་པ་ནི་གསལ་བའི་ཕྱིར་ཆུང་ངུ་ཡིན་ནོ།། བཟོའི་གནས་བྱེད་པ་ནི་ཆེས་གསལ་བའི་ཕྱིར་འབྲིང་ཡིན་ནོ།། སྤྲུལ་པ་ནི་རང་བཞིན་གྱིས་ཆེས་ཤིན་ཏུ་གསལ་བའི་ཕྱིར་ཆེན་པོ་ཡིན་པར་བལྟ་བར་བྱའོ།། ཡང་རང་བཞིན་གྱིས་བྱེ་བྲག་གིས་རྣམ་གྲངས་གཞན
་ནི་གཟུགས་མེད་པ་ན་སྤྱོད་པའི་རྣམ་པར་སྨིན་པ་ནི་ཆུང་ངུ་ཡིན་ནོ།། གཟུགས་ན་སྤྱོད་པ་ནི་འབྲིང་ཡིན་ནོ།། འདོད་པ་ན་སྤྱོད་པ་ནི་ཆེན་པོ་ཡིན་ནོ།། སྤྱོད་ལམ་འདུག་པ་དང་ཉལ་བ་ནི་ཆུང་ངུ་ཡིན་ནོ།། འགྲེང་བ་ནི་འབྲིང་ཡིན་ནོ།། འཆག་པ་ནི་ཆེན་པོ་ཡིན་ནོ།། ལས
་དང་པོ་པའི་བཟོའི་གནས་བྱེད་པ་ནི་ཆུང་ངུ་ཡིན་ནོ།། བསླབས་པ་ཡི་ནི་འབྲིང་ཡིན་ནོ།། སློབ་དཔོན་གྱི་ནི་ཆེན་པོ་ཡིན་ནོ།། ཏིང་ངེ་འཛིན་མཐུ་ཆུང་ངུ་དང་ལྡན་པ་ཐོབ་པའི་སྤྲུལ་པ་ནི་ཆུང་ངུ་ཡིན་ནོ།། ཏིང་ངེ་འཛིན་མཐུ་འབྲིང་དང་ལྡན་པ་ཐོབ་པ་ནི་འབྲིང་ཡིན་ནོ།།
་ཏིང་ངེ་འཛིན་མཐུ་ཆེན་པོ་དང་ལྡན་པ་ཐོབ་པ་ནི་ཆེན་པོ་ཡིན་ཏེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡིན་པར་རིག་པར་བྱའོ།། དེ་དག་སྐྱེ་བའི་གཞི་གང་ཞེ་ན། སྨྲས་པ། དེ་ནི་རྣམ་པ་བཅུ་གཉིས་སུ་བལྟ་བར་བྱ་སྟེ། འདི་ལྟ་སྟེ། ཐོས་པ
་ལས་བྱུང་བའི་སར་བཤད་པ་བཞིན་ནོ།། དེ་ལ་རབ་ཏུ་དབྱེ་བ་གང་ཞེ་ན། སྨྲས་པ། རྣམ་པར་སྨིན་པ་ལས་བྱུང་བ་ནི་འགྲོ་བ་ལྔའི་བྱེ་བྲག་གིས་རྣམ་པ་ལྔར་རིག་པར་བྱའོ།། སྤྱོད་ལམ་བྱེད་པ་ནི་སྤྱོད་ལམ་བཞིའི་བྱེ་བྲག་གིས་རྣམ་པ་བཞིའོ།། བཟོའི་གནས
་བྱེད་པ་ནི་གཞི་རྣམ་པ་བཅུ་གཉིས་ཀྱི་བྱེ་བྲག་གིས་རྣམ་པ་བཅུ་གཉིས་ཁོ་ནའོ།། སྤྲུལ་པ་བྱེད་པ་ནི་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་བྱེ་བྲག་དང་། རྩེད་མོའི་དོན་དང་། གཞན
་གྱི་དོན་དང་། ལུས་དང་ངག་གི་སྤྲུལ་པའི་བྱེ་བྲག་གིས་རྣམ་པ་བརྒྱད་དུ་རིག་པར་བྱའོ།། དེ་ལ་རབ་ཏུ་དབྱེ་བ་ཉིད་ཀྱིས་གཞི་བསྡུས་པའི་ཕྱིར་དེ་ལས་གཞན་པ་དག་གི་བཞི་ནི་ལོགས་ཤིག་ཏུ་མ་སྨོས་སོ།། དེ་ལ་རྣམ་པར་སྨིན་པ་ལས་བྱུང་བ་ནི་གཅིག
་ཏུ་ལུང་མ་བསྟན་པ་ཡིན་ནོ།། གཉིས་ནི་རྣམ་པ་གསུམ་དུ་ཡང་དམིགས་སོ།། གཅིག་ནི་རྣམ་པ་གཉིས་སུ་དམིགས་སོ།། རོལ་མོ་ལས་བརྟེན་ཏེ། ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས་སྤྱོད་ལམ་བྱེད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་ཅན
་ཡིན་ནོ།། ཉེ་བར་ཞི་བ་ལས་བརྟེན་པ་གང་ཡིན་པ་དེ་ནི་དགེ་བ་ཡིན་ནོ།། ལྷག་པར་ཆགས་པར་གྱུར་པས་བཟོ་བྱེད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་ཅན་ནོ།། དགེ་བ་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ནི་དགེ་བ་ཡིན་ནོ།། སྤྲུལ་པ་བྱེད་པ་ནི་གཞན
་འདུན་པར་བྱ་བའི་རྒྱུ་འམ་སེམས་ཅན་རྣམས་ཀྱི་དོན་དུ་བྱེད་པ་གང་ཡིན་པ་དེ་ནི་དགེ་བ་ཡིན་ནོ།། ཉོན་མོངས་པ་ཅན་ནི་མེད་དོ།། དེ་ལ་ཕུང་པོ་ལྔ་པོ་གང་དག་ཡིན་པ་དེ་དག་གིས་བདེན་པ་དག་བསྡུས་ལ་བདེན་པ་དུ་དག་གིས་ཀྱང་ཕུང་པོ་དུ་དག་བསྡུས་ཤེ
་ན། སྨྲས་པ། བདེན་པ་གསུམ་གྱིས་ནི་ཕུང་པོ་ལྔ་བསྡུས་ལ། ཕུང་པོ་ལྔ་པོ་དག་གིས་ཀྱང་བདེན་པ་གསུམ་བསྡུས་སོ།། འགོག་པའི་བདེན་པ་དང་ཕུང་པོ་རྣམས་ནི་གཅིག་གིས་གཅིག་མ་བསྡུས་ཏེ། འགོག་པ་ནི་དེ་དག་ཉེ་བར
་ཞི་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ།། ཉན་ཐོས་ཀྱི་སེར་བདེན་པ་བཞི་ནི་རྣམ་པ་བཅུ་དྲུག་གིས་བལྟ་བར་བྱའོ།། ཞེས་གང་བཤད་པ་དེ་ལ་ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ལ་རྣམ་པ་བཞིས་བལྟ་བར་བྱ་ཞེ་ན། སྨྲས་པ། ཕྱིན་ཅི་ལོག་རྣམ་པ་བཞིའི
་གཉེན་པོར་ཏེ། དེ་ལ་རྣམ་པོ་གཅིག་ནི་ཕྱིན་ཅི་ལོག་གཅིག་གི་གཉེན་པོའོ།། རྣམ་པ་གཅིག་ནི་ཕྱིན་ཅི་ལོག་གཉིས་ཀྱི་གཉེན་པོའོ།། རྣམ་པ་ཐ་མ་གཉིས་ནི་ཕྱིན་ཅི་ལོག་ཐ་མ་གཅིག་གི་གཉེན་པོ་ཡིན་ནོ།། ཅིའི་ཕྱིར་ཀུན་འབྱུང་བའི་བདེན་པ་ལ
་རྣམ་པ་བཞིས་བལྟ་བར་བྱ་ཞེ་ན། སྨྲས་པ། སྲེད་པ་རྣམ་པ་བཞིའི་ཕྱིར་ཏེ་དེ་ཡང་རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་ཏུ་སྲེད་པའི་བྱེ་བྲག་ལས་བལྟ་བར་བྱའོ།། དེ་ལ་སྲེད་པ་དང་པོ་ལ་བརྟེན་ན་ནི་ཡང་སྲིད་པ་འབྱུང་བར་བྱེད་པར་མངོན་ནོ།།
་གཉིས་པ་དང་གསུམ་པོ་ལ་བརྟེན་ནས་ནི་དགའ་བའི་འདོད་ཆགསོ་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བར་མངོན་ནོ།། ཐ་མ་ལ་བརྟེན་ནས་ནི་ལུས་ལ་ཆགས་པ་དང་ལྡན་པའི་སྲེད་པ་འབའ་ཞིག་བལྟ་བར་བྱའོ།། དེ་ལ་སྲིད་པ་གང་ཞེ་ན།
་ལུས་ངག་ལ་ཆགས་ཤིང་སྦྱོར་བ་བྱེད་པ་གང་ཡིན་པའོ།། ཡང་སྲིད་པ་འབྱུང་བར་བྱེད་པ་གང་ཞེ་ན། ཕྱི་མའི་ལུས་ཀྱི་ཁྱད་པར་འདོད་པ་གང་ཡིན་པའོ།། དཀའ་བའི་འདོད་ཆགས་དང་ལྡན་པ་གང་ཞེ་ན། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ
་དང་། ཆོས་འདོད་པ་ལ་མངོན་དུ་ཕྱོགས་པར་གྱུར་པའམ། ཐོབ་པ་དག་ལ་དགའ་བའི་འདོད་ཆགས་དང་ལྡན་པ་གང་ཡིན་པའོ།། དེ་དང་དེར་མངོན་པར་དགའ་བར་གང་ཞེ་ན། དེ་ལས་གཞན་པའི་གཟུགས་ལ་སོགས་པ་འདོད་པ་དག་ལ་འདོད
་པ་གང་ཡིན་པའོ།། ཅིའི་ཕྱིར་འགོག་པའི་བདེན་པ་ལ་རྣམ་པ་བཞིས་བལྟ་བར་བྱ་ཞེ་ན། སྨྲས་པ། སྲེད་པ་འགོག་པ་རྣམ་པ་བཞིས་རབ་ཏུ་ཕྱེ་བའི་ཕྱིར་རོ།། ཅིའི་ཕྱིར་ལམ་གྱི་བདེན་པ་ལ་རྣམ་པ་བཞིས་བལྟ་བར་བྱ་ཞེ་ན། སྨྲས་པ། སྲེད་པ
་འགོག་པ་སྐྱེད་པར་བྱེད་པ་རྣམ་པ་བཞིའི་ཕྱིར་རོ།། ཉན་ཐོས་ཀྱི་སར་འཇིག་པའི་རྣམ་པ་ལ་སོགས་པ་རྣམ་པ་བཅུས། དེ་ནི་སྡུག་བསྔལ་བདོན་པ་ལ། རྣམ་པ་བཅུས་ནི་རྟོག་བྱེད་ན་དེ་ནི་རྣམ་པ་བཞི་ལ་འཇུག། འགྱུར་བ་དང་ནི་འཇིག་པ་དང་།། བྲལ
་བ་དང་ནི་ཉེ་བ་དང་།། ཆོས་ཉིད་ཀྱི་ནི་རྣམ་པོ་དང་།། ཀུན་ཏུ་སྦྱོར་དང་འཆིང་བ་དང་།། མི་སྡུག་པ་དང་གྲུབ་བདེ་མེད།། དམིགས་མིང་རང་དབང་མེད་པ་ཡི།། རྣམ་པ་དེ་དག་རིག་པས་རྟོག།། ཅེས་གང་བཤད་པ་དེ་ལ། དམིགས་སུ་མེད་པ་གང་ཞེ་ན། དབང
་བོ་ཙམ་དྲང་། ཡུལ་ཙམ་དང་། དེ་ལས་སྐྱེས་པའི་མྱོང་བ་ཙམ་དང་། སེམས་ཙམ་དང་། བདག་བདག་ཅེས་བྱ་བའི་མིང་ཙམ་དང་། ལྟ་བ་ཙམ་དང་། མངོན་པར་བརྗོད་པ་སམ་དང་། རྣམ་པ་བདུན་པོ་དེ་དག་ལས་ལོགས་ཤིག་ན་དོན་གཞན་དུ་གྱུར་པའི
་བདག་གི་མཚན་ཉིད་དམིགས་སུ་མེད་པ་གང་ཡིན་པའོ།། རང་དབང་མེད་པ་ཉིད་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མི་རྟག་པ་དང་སྡུག་བསྔལ་བའི་མཚན་ཉིད་ཀྱིས་འདུ་བྱེད་རྣམས་ལ་བདག་གི་མཚན་ཉིད་མེད་པ་གང་ཡིན་པའོ།། རྣམ
་པ་བཅུ་པོ་དེ་དག་ལས་གང་གིས་འགྱུར་བའི་སྡུག་བསྔལ་ཉིད་བསྡུས་ཤེ་ན། སྨྲས་པ། ཀུན་ཏུ་སྦྱོར་བའི་རྣམ་པས་བསྡུས་ཏེ། འགྱུར་བའི་དབང་ལས་བྱུང་བའི་ཡིད་མི་བདེ་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་དུ་བལྟ
་བར་བྱའི། འགྱུར་བ་ཙམ་ཉིད་ནི་མ་ཡིན་ཏེ། ཡིད་བདེ་བ་དང་བྲལ་བ་རྣམས་ལ་ཡང་དེ་དམིགས་པ་དང་། གནོང་བར་མི་བྱེད་པའི་ཕྱིར་རོ།། རྣམ་པ་གང་གིས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་བསྡུས་ཤེ་ན། སྨྲས་པ། མི་སྡུག་པའི་རྣམ
་བསྡུ་སོ།། རྣམ་པ་གང་གིས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་བསྡུས་ཤེ་ན། སྨྲས་པ། གྲུབ་པ་དང་བདེ་བ་མེད་པའི་རྣམ་པས་སོ།། སྐྱོ་བའི་སྡུག་བསྔལ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བྱ་བའི་བར་དུ་གང་གསུང
་པའི་རྣམ་པ་དེ་དག་ལས་དུ་ཞིག་ལྡོག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་བསྡུས་ཤེ་ན། སྐྱེས་པ། དང་པོ་ལྔའོ།། དུ་ཞིག་འགྱུར་བའི་སྒྲོག་བསྔལ་ཉིད་ཀྱིས་བསྡུས་ཤེ་ན། སྨྲས་པ། བར་མ་གཉིས་སོ།། དུ་ཞིག་འདུ་བྱེད་ཀྱི་སྡུག་བསྔལ
་ཉིད་ཀྱིས་བསྡུ་ཤེ་ན། སྨྲས་པ། ཐ་མ་གཅིག་གོ།། རྣམ་གྲངས་གཞན་ཡང་དང་པོ་བདུན་གྱིས་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིང་བསྡུས་སོ།། དེ་དག་གི་གཉེན་པོ་དགེ་བ་རྣམས་དང་། ཉོན་མོངས་པ་རྣམས་ཀྱིས་ནི་འགྱུར་བའི་སྡུག་བ་སྔལ་ཅི
་བསྡུས་སོ།། ཐམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཅིང་བསྡུས་ཏེ།། འདི་སྐར་བཅོམ་ལྡན་འདས་ཀྱིས་དྲལ་ཅིང་གྱུར་པའི་སེམས་ཞེས་གསུངས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་སྒྲིབ་པས་ཀུན་ནས་དཀྲིས་པ་དེ་ནི་དེ་ལས་སྐྱེས་པའི
་སེམས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་སོ་སོར་མྱོང་བའི་ཕྱིར་རོ་ཞེས་གསུངས་པས་ན། དེའི་ཕྱིར་ཉོན་མོངས་པ་ནི་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་པར་རབ་ཏུ་འགྲུབ་བོ།། སྡུག་བསྔལ་བ་རྣམ་པ
་བཞི་པོ་མངོན་པར་འགྲུབ་པའི་སྡུག་བསྔལ་དང་། ནང་ལས་བརྟེན་པའི་སྡུག་བསྔལ་དང་། ཕྱི་རོལ་ལས་བརྟེན་པའི་སྡུག་བསྔལ་དང་། གནས་ངན་ལེན་གྱི་སྡུག་བསྔལ་ཞེས་གང་གསུངས་པ་དེ་ལ་སྡུག་བསྔལ་གང་ཞིག་རྣམ་པ་གང
་གིས་བསྡུས་ལ། སྡུག་བསྔལ་གང་གིས་ཀྱང་རྣམ་པ་གང་བསྡུས་ཤེ་ན། སྨྲས་པ། རྣམ་པ་དང་པོ་དང་སྡུག་བསྔལ་དང་པོ་ནི་གཅིག་གིས་གཅིག་བསྡུས་སོ།། རྣམ་པ་གསུམ་དང་སྡུག་བསྔལ་འོག་མ་གཉིས་པ་ཡང་གཅིག་གིས
་གཅིག་བསྡུས་སོ།། རྣམ་པ་གཞན་གསུམ་དང་སྡུག་བསྔལ་འོག་མ་གསུམ་པ་ཡིད་གཅིག་གིས་གཅིག་བསྡུས་སོ།། རྣམ་པ་ཐ་མ་དང་སྡུག་བསྔལ་ཐ་མ་ཡིང་གཅིག་གིས་གཅིག་བསྡུས་སོ།། དེ་ལ་སྔར་ནི་སྲེད་པའི་ངོ་བོ་ཉིད་ཀྱི་རབ་ཏུ
་དབྱེ་བས་ཀུན་འབྱུང་བའི་བདེན་པ་རྣམ་པར་གཞག་པ་ལས་རྣམ་པ་བཞིར་བསྟན་ཏོ།། ད་ནི་འབྲས་བུའི་རབ་ཏུ་དབྱེ་བ་ལས་བྱལྟ་བར་བྱ་སྟེ། སྡུག་བསྔལ་རྣམ་པ་བཞི་སྐྱེད་པར་བྱེད་པའི་ཕྱིར་རོ།། རྣམ་པ་བཅུ་དྲུག་པོ་གང་དག་ཡིན་པ
་དེདག་ལས་དུ་ཞིག་སྦྱོང་བའི་རྣམ་པ་ཡིན་ཞེ་ན། སྨྲས་པ། གཉིས་ཏེ་སྡུག་བསྔལ་གྱི་བདེན་པ་ལས་ཐ་མ་གཉིས་དུ་ཞིག་སྨོན་པ་མེད་པའི་རྣམ་པ་ཡིན་ཞེ་ན། སྨྲས་པ། དྲུག་ཏེ་སྡུག་བསྔལ་གྱི་བདེན་པ་ལས་དང་པོ་གཉིས་དང་། ཀུན
་འབྱུང་བའི་བདེན་པ་ལས་ཐམས་ཅད་དོ།། དུ་ཞིག་མཚན་མ་མེད་པའི་རྣམ་པ་ཡིན་ཞེ་ན། སྨྲས་པ། འགོག་པའི་བདེན་པ་ལས་ཐམས་ཅད་དོ།། དུ་ཞིག་ནི་རྣམ་པར་དག་པའི་རྒྱུ་ཉེ་བར་མཚོན་པའི་རྣམ་པ་ཡིན་ཞེ་ན།
་སྨྲས་པ། ལམ་གྱི་བདེན་པ་ལས་ཐམས་ཅད་དོ།། གང་གི་ཚེ་མི་རྟག་པའི་འདུ་ཤེས་ཅན་བདག་མེད་པའི་འདུ་ཤེས་ལ་གནས་པའི་ཚེ། ཅིའི་ཕྱིར་སྟོང་པ་ཉིད་དང་པོར་གསུངས་ཤེ་ན། སྨྲས་པ། བདག་མེད་པར་ལྟ་བ་སྐྱེས་ན་མི་རྟག་པ་ཉིད་དུ
་ལྟ་བ་སྨོན་པ་མེད་པ་ཉིད་རྣམ་པར་གཞག་པའི་ཕྱིར་ཏེ། ལྟ་བ་གཉིས་ནི་ལྔ་ཕྱིར་གཅིག་གིས་གཅིག་རྣམ་པར་དག་པ་ཡིན་པར་ཤེས། འཕགས་པའི་བདེན་པ་བཞི་པོ་དག་གི་བཤད་པའི་གོ་རིམས་གཞན་ཡང་གང་གིས་སྡུག་བསྔལ་བར་གྱུར
་པ་དེ་ནི་དང་པོ་ཡིན་ནོ།། ཇི་ལྟར་སྡུག་བསྔལ་བར་གྱུར་པ་དེ་ནི་གཉིས་པ་ཡིན་ནོ།། ནག་པོའི་ཕྱོགས་གཏུགས་ནས་ཡང་གང་གིས་བདེ་བར་གྱུར་པ་དེ་ནི་གསུམ་པ་ཡིན་ནོ།། ཇི་ལྟར་བདེ་བར་གྱུར་པ་དེ་ནི་བཞི་པ་ཡིན་ཏེ། ནིང་དང་། དེའི་རྒྱུ་དང
་ནད་མེད་པ་དང་། སྨན་ལྟ་བུ་ཡིན་ནོ།། རྣམ་གྲངས་གཞན་ཡང་འཇིག་རྟེན་པའི་སྡུག་བསྔལ་འབྱུང་བའི་གོ་རིམས་བཞིན་དུ་བདེན་པ་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པར་བྱ་སྟེ། འདི་ལྟར་འཇིག་རྟེན་པ་དག་ནི་དང་པོར་སྡུག་བསྔལ
་གང་ཡང་རུང་བ་ཞིག་གིས་ཐིབས་པ་ན་དེ་ལ་རྟོག་པར་བྱེད་དོ།། དེའི་འོག་ཏུ་གང་ལས་བྱུང་བ་ལའོ།། དེའི་འོག་ཏུ་དེ་ལས་ཐར་པ་ལའོ།། དེའི་འོག་ཏུ་དེ་ལས་ཐར་པའི་ཐབས་ལ་རྟོག་པར་བྱེད་པའི་ཕྱིར་རོ།།
་བམ་པོ་བརྒྱད་པ།། བདེན་པའི་དོན་གང་ཞེ་ན། སྨྲས་པ། བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་དང་། དེ་མཐོང་ན་རྣམ་པར་དག་པའི་རྒྱུར་གྱུར་པའི་དོན་ནི་བདེན་པའི་དོན་ཏོ།། སྡུག་བསྔལ་གྱི་བདེན་པའི་དོན་གང་ཞེ་ན།
་སྨྲས་པ། ཉོན་མོངས་པ་ལས་བྱུང་བའི་འདུ་བྱེད་ཀྱི་དོན་ཏོ།། ཀུན་འབྱུང་བའི་བདེན་པའི་དོན་གང་ཞེ་ན། སྨྲས་པ། སྡུག་བསྔལ་གྱི་བདེན་པ་བསྐྱེད་པའི་དོན་ཏོ།། འགོག་པའི་བདེན་པའི་དོན་གང་ཞེ་ན། སྨྲས་པ། དེ་གཉི་ག་ཉེ་བར་ཞི་བའི་དོན
་ཏོ།། ལམ་གྱི་བདེན་པའི་དོན་གང་ཞེ་ན། སྨྲས་པ། དོན་གསུམ་པོ་དག་སྒྲུབ་པའི་དོན་ཏོ།། ཅི་འཕགས་པའི་བདེན་པ་བཞི་པོ་དེ་དག་ཀུན་རྫོབ་ཀྱི་བདེན་པས་བསྡུས་པ་ཡིན་ནམ། འོན་ཏེ་དོན་དམ་པའི་བདེན་པས་བསྡུས་ཤེ་ན། སྨྲས་པ། དོན
་དམ་པའི་བདེན་པས་བསྡུས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་རྫོབ་ཀྱི་བདེན་པ་ནི་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་གནས་དྲང་མཐུན་པ་དག་ལ་རང་གི་མཚན་ཉིད་ཡོངས་སུ་འགྲུབ
་པ་ལས་རྣམ་པར་གཞག་ལ། དོན་དམ་པའི་བདེན་པ་ནི་སྡུག་བསྔལ་དུ་རོ་གཅིག་པའི་མཚན་ཉིད་ཀྱི་ཕྱིར། སྤྱིའི་མཚན་ཉིད་ཀྱིས་རྣམ་པར་གཞག་པར་བལྟ་བར་བྱ་བའི་ཕྱིར། ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ནི་ཡོངས་སུ་ཤེས་པར
་བྱ། ཀུན་འབྱུང་བའི་བདེན་པ་ནི་སྤང་བར་བྱ། འགོག་པའི་བདེན་པ་ནི་མངོན་སུམ་དུ་བྱ། ལམ་གྱི་བདེན་པ་ནི་བསྒོམ་པར་བྱ་ཞེ་ན། སྨྲས་པ། སྡུག་བསྔལ་གྱི་བདེན་པ་ནི་ཕྱིན་ཅི་ལོག་བཞིའི་གནས་ཡིན་པས། ཕྱིན་ཅི་ལོག་བསལ་བའི་ཕྱིར
་ཡོངས་སུ་ཤེས་པར་བྱའོ།། ཀུན་འབྱུང་བའི་བདེན་པ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཡིན་པའི་ཕྱིར། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་སུ་ཟིན་ཀྱང་།། ད་རུང་ཀུན་འབྱུང་བའི་བདེན་པ་དང་རྗེས་སུ
་འབྲེལ་པའི་ཕྱིར་ཀུན་འབྱུང་བའི་བདེན་པ་ནི་སྤང་བར་བྱ་བ་ཡིན་ནོ།། མངོན་སུམ་དུ་བྱ་བ་ནི་མངོན་སུམ་དུ་བྱ་བའི་དོན་ཡིན་པས། དེ་མངོན་དུ་བྱས་ནས་འགོག་པ་ལ་མི་སྐྲག་ཅིང་དགའ་བ་ཡོངས་སུ་འཛིན་པའི་ཕྱིར་འགོག་པའི་བདེན་པ་ནི
་མངོན་དུ་བྱ་བ་ཡིན་ནོ།། ཇི་སྐད་སྨོས་པའི་དོན་གསུམ་པོ་དག་བསྒྲུབ་པའི་ཕྱིར་ལམ་གོམས་པར་བྱ་དགོས་པས་ན། ལམ་གྱི་བདེན་པ་ནི་བསྒོམ་པར་བྱ་བ་ཡིན་ནོ།། བདེན་པ་མངོན་པར་རྟོགས་པའི་རྣམ་པ་དུ་མཚན་ཉིད་ནི་ཅི་འདྲ་ཞེ་ན། སྨྲས་པ།
་མངོན་པར་རྟོགས་པའི་དོན་ནི་ངེས་པའི་དོན་ཏེ། དེ་ཡང་བདེན་པ་རྣམས་ལ་ངེས་པའི་ཤེས་རབ་ལྷན་ཅིག་འབྱུང་བ་རྒྱུ་དང་བཅས་པ་སྟེ། དེ་ནི་རོ་ཞིག་མཚན་ཉིད་ཡིན་ནོ།། དེ་ཡང་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། འདི་ལྟ་སྟེ་རྟོག་པ་དང
་བཅས་ཤིང་དཔྱོད་པ་དང་བཅས་པའི་སར་བཤད་པའོ།། དེ་ལ་དང་པོ་གང་ཞེ་ན། སྨྲས་པ། བདེན་པ་རྣམས་ལ་ངེས་པར་སེམས་པ་གང་ཡིན་པའོ།། གཉིས་པ་གང་ཞེ་ན། སྨྲས་པ། དཀོན་མཆོག་གི་དོན་ལ་ངེས་པའི་ཕྱིར་དཀོན་མཆོག
་གསུམ་པོ་དག་ལ་ཤེས་ནས་དད་པ་གསུམ་དང་། ཐོས་པ་ལས་བྱུང་བའི་ཤེས་རབ་ངེས་པ་གང་ཡིན་པའོ།། གསུམ་པ་གང་ཞེ་ན། སྨྲས་པ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་ཏེ། ངན་སོང་བའི་ལས་མི་བྱེད་ཅིང་ངེས་པར་སྡོམ་པ
་ཐོབ་པའི་ཕྱིར་རོ།། བཞི་པ་གང་ཞེ་ན། སྨྲས་པ། སྔོན་སྦྱོར་བའི་ལམ་ལ་ཚོགས་ཤིན་ཏུ་བསགས་པའི་ཚེ། སེམས་ཡོངས་སུ་སྤང་བ་ལེགས་པར་བྱས་པ་ན། འཇིག་རྟེན་པའི་ངེས་པར་འབྱེད་པའི་མ་དང་མཐུན་པའི་དགེ་བའི་རྩ་བ་མཐར
་ཐུག་པའི་ཛྱོ་སཱ་ལ་སོ་སོའི་བདག་ཉིད་ལ་སེམས་ཅན་གྱི་བརྡ་བསལ་བའི་ཆོས་ལ་དམིགས་ཤིང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཆུང་ངུ་དང་བྲལ་བའི་སེམས་དང་པོ་སྐྱེ་བ་དང་། དེའི
་རྗེས་ལ་སོ་སོའི་བདག་ཉིད་ལ་ཆོས་ཀྱི་བརྡ་བསལ་བའི་ཆོས་ལ་དམིགས་ཤིང་། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་འབྲིང་དང་བྲལ་བའི་སེམས་གཉིས་པ་སྐྱེ་བ་དང་། དེའི་རྗེས་ལ་སེམས
་ཅན་ཐམས་ཅད་དང་། ཆོས་ཐམས་ཅད་ཀྱི་བརྡ་བསལ་བའི་ཆོས་ལ་དམིགས་ཤིང་། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་དང་བྲལ་བའི་སེམས་གསུམ་པ་སྐྱེ་བ་གང་ཡིན་པ་ཏེ།
་དེ་ལྟར་ན་དེ་ནི་མཐོང་བའི་ལམ་ཡིན་ནོ།། དེ་ཡང་ཟུང་དུ་འབྲེལ་པས་འཇུག་པའི་ལམ་ཡིན་ཏེ། དེ་ལྟར་གྱུར་པ་དེ་ཡང་གསུམ་ནི་ལྷག་མཐོང་དང་མཐུན་པའི་སེམས་ཡིན་ལ། གསུམ་ནི་ཞི་གནས་དང་མཐུན་པའི་སེམས་ཡིན་ཡང་ཟུང་དུ
་འབྲེལ་པས་འཇུག་པའི་ཕྱིར་གསུམ་ཁོ་ནར་རྣམ་པར་གཞག་སྟེ། སྐད་ཅིག་གཅིག་ལ་ཞི་གནས་དང་ལྷག་མཐོང་གཉི་ག་དམིགས་པའི་ཕྱིར་རོ།། སེམས་དེ་དག་ནི་རྣམ་པར་གཞག་པའི་བདོན་པ་ལ་དམིགས་པ་ཡིན་པར་བལྟ་བར་བྱ་སྟེ། དང་པོ
་གཉིས་ནི་ཆོས་ཤེས་པ་དང་མཚུངས་པར་ལྡན་པ་ཡིན་ལ་ཐ་མ་གསུམ་པ་གཅིག་པུ་ནི་རྗེས་སུ་ཤེས་པ་དང་མཚུངས་པར་ལྡན་པ་ཡིན་པར་བལྟ་བར་བྱའོ།། སེམས་དེ་དག་གི་མཐུས་དེའི་འོག་མ་མངོན་པར་རྟོགས་པ་གཉིས
་པ་ལ། སྡུག་བསྔལ་ལ་སོགས་པ་རྣམ་པར་གཞག་པོའི་བདེན་པ་རྣམས་ལ་སྡུག་བསྔལ་ལ་སོགས་པ་ཤེས་པ་རྣམ་པར་དག་པ་བར་ཆད་མེད་པ་སྐྱེ་བའི་ཕྱིར་དེ་དག་ཀྱང་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པ་ཉིད
་ཡིན་པར་རབ་ཏུ་གྲུབ་པ་ཡིན་པར་རིག་པར་བྱའོ།། དེ་ལྟར་ཞི་གནས་དང་། ལྷག་མཐོང་གི་ཕྱོགས་དང་མཐུན་པའི་སེམས་གསུམ་པོ་དེ་དག་གིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཉེ་བར་ཞི་བ་མངོན་དུ་བྱེད་པ་དང་། ཉོན་མོངས་པ་དང
་ཕུང་པོ་ཐམས་ཅད་ཞི་བར་བྱེད་པ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པ་གང་ཡིན་པ་དེ་ནི་མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ཤེས་པར་བྱའོ།། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ
་མངོན་པར་རྟོགས་པ་གང་ཞེ་ན། མངོན་པར་རྟོགས་པའི་རྗེས་ལས་ཐོབ་པའི་ཤེས་པ་གང་ཡིན་པ་དེ་ནི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་ཞེས་བྱ་སྟེ། ཤེས་པ་དེ་ཡང་སེམས་གསུམ་པའི་འཇུག་ཐོགས་སུ་མཐོང་བའི
་ལམ་ལས་ལངས་པས་མངོན་དུ་བྱས་ནས། སྔོན་འཇིག་རྟེན་པའི་ཤེས་པས་དཔྱང་ནས། རྣམ་པར་གཞག་པའི་བདེན་པ་ས་འོགས་པས་འོག་མའི་དབང་གིས་བྱུང་བ་དང་། ས་གོང་མ་པ་ས་གོང་མའི་དབང་གིས་བྱུང་བ་རྣམས་ལ། ཆོས་དང་རྗེས་སུ
་རྟོགས་པའི་ཤེས་པ་དང་འདྲ་བ་ཀུན་རྫོབ་ཤེས་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའམ། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའི་ཤེས་པས་བདེན་པ་རེ་རེ་ལ་ཡང་གོ་རིམས་བཞིན་དུ་འདོད་པའི་ཤེས་པ་དང་།
་མངོན་པར་རྟོགས་པ་ངེས་པའི་ཤེས་པ་གཉིས་གཉིས་འབྱུང་བ་སྟེ། དེ་ལྟར་མངོན་པར་རྟོགས་པ་སྔ་མ་ལས་ལངས་པ་ལ་གོང་མ་འམ་འོག་མའི་བདེན་པ་དག་ལ། ཤེས་པ་གཉིས་གཉིས་འབྱུང་བ་གང་ཡིན་པ་དེ་ནི་མངོན་པར་རྟོགས་པའི
་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ཞེས་བྱའོ།། དེ་ལ་ཤེས་པ་སྔ་མ་ནི་བརྡ་བསལ་བའི་ཆོས་ལ་དམིགས་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཡིན་ནོ།། ཤེས་པ་ཕྱི་མ་ནི་བརྡ་མ་བསལ་བའི་ཆོས་ལ་དམིགས་པའི
་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཡིན་ནོ།། ཡང་སྔ་མས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉལ་གནས་ལས་སྤོང་བར་བྱེད་དོ།། ཕྱི་མས་ནི་དམིགས་པ་ཡིད་ལ་བྱེད་པས་དེ་དག་ཉིད་ཀྱི་འཇུག་པ་སྤོང་བར་བྱེད་དོ།། ཡང
་སྔ་མས་ནི་བསྒོམ་པའི་ལམ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་བར་བྱེད་དོ།། ཕྱི་མས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་བར་བྱེད་དོ།། འཇིག་རྟེན་པའི་ལམ་འབའ་ཞིག་གིས་བག་ལ་ཉལ་ཡང་དག
་པར་འཇོམས་པ་ནི་མེད་དེ། འཇིག་རྟེན་པ་ནི་འདྲིས་པའི་ཕྱིར་དང་། མཚམ་མལ་མངོན་པར་ཞེན་པས་འཇུག་པའི་ཕྱིར་རོ།། དེ་ནི་ཇི་ལྟར་མཚན་མ་ལ་མངོན་པར་ཞེན་པས་འཇུག་པ་དེ་ལྟར་མཚན་མ་རྣམ་པར་འཇིག་པར་འཇུག་པར་མི
་འགྱུར་ལ། ཇི་ལྟར་མཚན་མ་རྣམ་པར་འཇིག་པར་མི་འཇུག་པ་དེ་ལྟར་གནས་ངན་ལེན་ཡང་དག་པར་འཇོམས་པར་ཡང་འཇུག་པར་མི་འགྱུར་ཏེ། དེའི་ཕྱིར་དེས་བག་ལ་ཉལ་ཡང་དག་པར་འཇོམས་པ་མེད་དོ།། མཐར
་ཐུག་པའི་མངོན་པར་རྟོགས་པ་གང་ཞེ་ན། སྨྲས་པ། བསྒོམ་པས་སྤང་བར་བྱ་བ་དག་སྤངས་པ་ལ་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་གཅིག་ཏུ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ནི་ཚེ་འདི་ལ་ཉོན
་མོངས་པ་ཐམས་ཅད་ངེས་པར་སྤངས་པ་དང་། ཕྱི་མ་ལ་ཡང་ཕུང་པོ་ཐམས་ཅད་ངེས་པར་འགགས་པས་ན། མཐར་ཐུག་པའི་མངོན་པར་རྟོགས་པ་ཞེས་བྱའོ།། དེ་ལ་འཇིག་རྟེན་ལས་འདས་པའི་ཟད་པ་ཤེས་པ་གང་ཞེ་ན། ཟད་པ་ལ
་རྣམ་པར་མི་རྟོག་པའི་ཤེས་པ་གང་ཡིན་པའོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཟད་པ་ཤེས་པ་གང་ཞེ་ན། ཟད་པ་ལ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་གང་ཡིན་པའོ།། འཇིག་རྟེན་ལས་འདས་པའི་མི་སྐྱེ་བ་ཤེས
་པ་གང་ཞེ་ན། སྨྲས་པ། ཕུང་པོ་འགག་པ་དེ་ཉིད་ཀྱི་རྒྱུའི་དོན་གྱིས་ཕྱི་མར་ཕུང་པོ་མི་སྐྱེ་བ་ལ་རྣམ་པར་མི་རྟོག་པ་གང་ཡིན་པའོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མི་སྐྱེ་བ་ཤེས་པ་གང་ཞེ་ན། སྨྲས་པ། ཕྱི་མར་ཕུང་པོ་མི་སྐྱེ་བ་ལ་རྣམ
་པར་རྟོག་པ་དང་བཅས་པ་གང་ཡིན་པའོ།། རིགས་བྲམ་ཟེ་གང་དག་ཡིན་པ་དེ་དག་ནི་གནས་གསུམ་པོ་དག་ཡང་དག་པ་དང་། བདེན་པ་ལས་འདོགས་པར་བྱེད་པ་ཅིང་། དེ་ནས་ཀྱང་རིགས་བྲམ་ཟེ་དེ་དག་གནས་གསུམ་པོ་དེ་དག་ཉིད་ལ་ཉེས
་པ་གསུམ་གྱིས་ཡང་དག་པར་སྐྱོན་ཆགས་པའི་སེམས་ཀྱིས་གནས་པར་བྱེད་དེ། དེ་ལྟར་དེ་དག་ནི་དོན་དམ་པར་བྲམ་ཟེ་མ་ཡིན་པའི་གྲངས་སུ་འགྲོའོ།། གནས་གསུམ་པོ་དག་གང་ཞེ་ན། འཚོ་བ་དང་བསོད་ནམས་ཡང་དག་པར་རྩོལ་བ་དང་།
་འབྲས་བུ་ལ་སེམས་པའོ།། དེ་ལ་རིགས་བྲམ་ཟེ་རྣམས་ཀྱི་འཚོ་བ་ནི་ཤིས་པར་བརྗོད་པ་དང་། བསྟོད་པ་དང་། འདོད་པ་བརྗོད་པ་དག་གིས་འཚོ་བ་སྟེ། དེ་ལ་རིགས་བྲམ་ཟེ་རྣམས་ནི་རྒྱལ་པོ་འམ་བློན་པོ་ཆེན་པོའམ། བྲམ་ཟེ་འམ། ཁྱིམ་བདག་གམ།
་གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེང་དཔོན་ནམ། གང་ལས་འཚོ་བའི་ཡོ་བྱད་སློང་བར་བྱེད་པ་དེ་ལ། དེ་དག་འདི་སྐད་དུ། ཁྱོད་ཀྱི་དགྲ་རྣམས་ཟད་དེ་སྨེག་མེད་པ་དང་། སྡུག་བསྔལ་བ་དང་། ཟིལ
་གྱིས་ནོན་པ་དང་། བསད་པར་གྱུར་ཅིག། དེ་བཞིན་དུ་ཁྱོད་ཀྱི་དཔལ་དང་དབང་ཐང་ནི་མི་གཡོ་བ་དང་། རྟག་པ་དང་མི་འགྱུར་བ་དང་། མི་འཕྲོགས་པར་གྱུར་ཅིག་ཅེས་ཤིས་པར་བརྗོད་པ་སྦྱོར་བར་བྱེད་དོ།། དེ་བཞིན་དུ་བསྟོད་པ་ཡང་སྦྱོར་བར་བྱེད
་དེ། འདི་ལྟར་ཁྱོད་ནི་དང་འོ་ཡིན་ནོ།། ཉམས་སྟོབས་དང་ལྡན་པ་ཡིན་ནོ།། སྙིང་སྟོབས་ཅན་ཡིན་ནོ།། ཁྱེད་ནི་དགྲ་རྣམས་གསོད་པར་ནུས་པ་ཡིན་ནོ།། ཞེས་བསྟོད་པར་ཡང་བྱེད་དོ།། དགྲ་བསོད་པར་གྱུར་ན་ནི་འདི་སྐད་ཅེས་བརྗོད་དེ། ཁྱོད
་ཀྱི་ནི་འདི་ལྟ་འདི་ལྟར་དགྲ་རྣམས་ངེས་པར་བསད་པ་ཡིན་ཏེ། ཁྱེད་ལྟར་དགྲ་རྣམས་དང་བྲལ་བའི་སྐྱེ་བོ་ནི་འཇིག་རྟེན་ན་དཀོན་ནོ་ཞེས་རྗོད་པར་བྱེད་དོ།། ཡུན་རིང་པོ་ནས་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་དང་ལྡན་པ་ལས་བརྩམས་ནས་ཀྱང
་འདི་སྐད་དུ། ཁྱོད་ལྟ་བུ་ནི་འཇིག་རྟེན་ན་དཀོན་ཏེ། འདི་ལྟར་དཔལ་དང་དབང་ཐང་མི་གཡོ་བ་དང་ལྡན་པ་ཡིན་ནོ་ཞེས་བརྗོད་པར་བྱེད་དོ།། དེ་སྐད་ཅེས་འདོད་པ་བརྗོད་པ་སྦྱོར་བར་ཡང་བྱེད་དེ། ཁྱོད་ནི་སྐྱེས་བུ་དམ་པ
་མཚན་འདི་ལྟ་བུ་དང་ལྡན་པ་ནས་རིང་པོར་མི་ཐོགས་པར་ཁྱོད་ཀྱི་དགྲ་ཐམས་ཅད་ཟད་དེ་རྨེག་མེད་པ་དང་། ཟིལ་གྱིས་གནོན་པ་དང་། བསད་པར་ཡང་འགྱུར་རོ།། ཁྱོད་འདི་ལྟ་བུའི་མཚན་དང་ལྡན་ན། ལོག་སྐྱོང་དཔལ་དང་དབང་ཐང་མི་གཡོ་བ
་དང་ལྡན་པར་འགྱུར་ཞེས་ཀྱང་བརྗོད་པར་བྱེད་དོ།། དེ་དག་མཛའ་ཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་དེ་དག་ལ་ཡང་། ཁྱིམ་འདི་དག་ནི་བདག་གི་ཡིན་གྱི། འདི་དག་ནི་དགེ་སྦྱོང་དང་བྲམ་ཟེ་གཞན་དག་གིས་སླང་བ་ནི་མ་ཡིན་ནོ་སྙམ་དུ
་བདག་གིར་འཛིན་པར་ཡང་བྱེད་དོ།། དེ་དག་གིས་དེ་ནས་སྙེད་པ་ཆོས་གོས་སམ། བསོད་སྙོམས་སམ། མལ་ཆ་འམ། སྟན་ལ་སོགས་པ་ཇི་སྙེད་པའི་སྙེད་པ་དེ་དག་ཀྱང་ཆགས་པ་དང་། ཞེན་པ་དང་། འཆུམས་པ་དང་། མདུད་པ་བོར་བ་དང་། བརྒྱལ
་བ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཆགས་པར་གྱུར་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པའོ།། དེ་ལ་རིགས་ནི་བྲམ་ཟེ་རྣམས་ཀྱི་བསོད་ནམས་ཡང་དག་པར་རྩོམ་པ་ནི་སྲོག་ཆགས་རྣམ་པ་སྣ་ཚོགས་དུ་མ་གསོད་པ་དང་ལྡན་པའི
་མཆོད་སྦྱིན་སྟོན་པར་བྱེད་པ་དང་། མཆོད་སྦྱིན་དེའི་འབྲས་བུ་རྟག་པའི་གནས་ཡིན་པར་བརྟགས་པར་སྟོན་པ་དང་། མཆོད་སྦྱིན་རྩོམ་པ་དེར་འགྲོན་དུ་གཉེར་བ་རྣམས་ཀྱང་བླང་བ་སྣ་ཚོགས་མཆོག་མང་པོ་བདག་གི་བྱ་བའི་རྒྱུ་མཚན་གྱིས་གཅིག
་ལ་གཅིག་རྒྱུད་ཅིང་འཁུ་བའི་སེམས་མངོན་པར་འདུ་བྱེད་པ་སྟེ། རྣམ་པ་གསུམ་པོ་དེ་དག་གིས་ཡང་དག་པར་རྩོམ་པར་རིག་པར་བྱའོ།། དེ་ལ་རིགས་བྲམ་ཟེ་རྣམས་ཀྱི་འབྲས་བུ་ལ་སེམས་པ་ནི་འདི་ལྟ་སྟེ། ལྷ་མ་ཡིན་གྱི་རིགས་རྣམས་ནི་རིགས
་བསད་པར་བྱ་བ་ཡིན་ནོ།། ལྷའི་རིགས་རྣམས་ནི་རྟག་པ་ཡིན་ནོ།། བྲམ་ཟེའི་རིགས་ནི་མཆོག་ཡིན་ནོ།། རིགས་གཞན་ནི་དམན་པ་ཡིན་ནོ།། བྲམ་ཟེ་ནི་རྒྱས་པར་ཚངས་པ་ལས་སྐྱེས་པ་དང་། ཚངས་པས་སྤྲུལ་པ་དང་། ཚངས་པའི་བགོ་སྐལ་ལ
་སྤྱོད་པའོ་ཞེས་བྱ་བའི་བར་དུ་སྟེ། རིགས་བྲམ་ཟེ་གང་ཡིན་པ་དེ་དག་གི་འབྲས་བུ་ལ་སེམས་པ་ནི་བསམ་པ་དེ་ལྟ་བུ་དང་རྗོད་པ་དེ་ལྟ་བུ་དག་གིས་རིག་པར་བྱའོ།། དེ་ལྟར་རིགས་བྲམ་ཟེ་རྣམས་ནི་གནས་གསུམ་པོ་དེ་དག་ལ་འདི་ནི་བདེན་པ་ཁོ་ན
་ཡོན་གྱི། གཞན་ནི་རྫུན་པ་ཡིན་ནོ་ཞེས་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་པར་བྱས་ནས་ཐ་སྙད་འདོགས་པར་བྱེད་དོ།། ཉེས་པ་གསུམ་པོ་གང་དག་གིས་སེམས་སྐྱོན་ཆགས་པར་གྱུར་ཅེ་ན། ངག་གཉིས་པ་དང་། ང་རྒྱལ་གྱི་ཉེས་པ་དང་།
་མོས་པའི་ཉེས་པས་སོ།། གནས་གསུམ་པོ་དེ་དག་ཉིད་ལ་ངག་ལོག་པ་འཇུག་པ་གང་ཡིན་པ་དེ་ནི་ངག་གི་ཉེས་པ་ཡིན་པར་རིག་པར་བྱའོ།། གནས་བཟང་པོ་མ་ཡིན་པ་གསུམ་གདགས་པ་བྱས་པ་དང་། ཚིག་བཟང་པོ་མ་ཡིན་པ་ཀུན་ཏུ་བརྗོད་པ་ལས
་གཞན་ལས་བརྟེན་ཏེ་བདག་ཆེ་བ་འམ། མཚུངས་པའམ། ཆུང་བར་རློམ་སེམས་བྱེད་པ་གང་ཡིན་པ་དེ་ནི་དེ་དག་གི་ང་རྒྱལ་གྱི་ཉེས་པ་ཡིན་པར་རིག་པར་བྱའོ།། དེ་དག་གནས་གསུམ་པོ་དེ་དག་ཉིད་ལ་ཡོན་ཏན་དང་སྐྱོན་མ་སྤྱད་པར་གནས་དེ་དག
་ལ་གཅིག་ཏུ་མོས་པར་བྱེད་ཅིང་། སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱི་ལེགས་པར་གདམས་པ་མཛད་ཅིང་ལེགས་པར་རྗེས་སུ་བསྟན་པ་མཛད་ཀྱང་གནས་དང་གནས་མ་ཡིན་པ་ལ་ལེགས་པར་མི
་གནས་པ་དང་། ཡོངས་སུ་བརྟགས་པ་ལ་ལེགས་པར་མི་གནས་པ་དང་། ལམ་ལ་ལེགས་པར་མི་གནས་པ་དང་། ཤིས་པ་བརྗོད་པ་ལ་ལེགས་པར་མི་གནས་པ་དེ་ནི་དེ་དག་གི་མོས་པའི་ཉེས་པ་ཡིན་པར་རིག་པར་བྱ་སྟེ། ཉེས་པ
་གསུམ་པོ་དེ་དག་ཀྱང་ལྟ་བ་ངན་པའི་ཉེས་པས་ཀུན་ནས་བསླང་བར་རིག་པར་བྱའོ།། དེ་ལྟར་ན་རིགས་བྲམ་ཟེ་རྣམས་ནི་གནས་གསུམ་པོ་དེ་དག་ལ་ཉེས་པ་གསུམ་པོ་དེ་དག་དང་ལྡན་པས་དོན་དམ་པར་བྲམ་ཟེ་མ་ཡིན་པའི་གྲངས་སུ་འགྲོ་བ
་ཡིན། རིགས་བྲམ་ཟེ་མ་ཡིན་ཡང་གང་དག་གནས་གསུམ་པོ་འདི་དག་བདེན་པ་དང་། ཡང་དག་པ་ལས་འདོགས་པར་བྱེད་ན། དེ་དག་ནི་གནས་གསུམ་པོ་དེ་དག་ལ་ཉེས་པ་གསུམ་གྱིས་སེམས་སྐྱོན་ཆགས་པ་མེད་པས་དེ་དྲུག་ནི་རིགས་ཟ་མ
་ཟེ་མ་ཡིན་ཡང་དོན་དམ་པར་བྲམ་ཟེ་ཞེས་བྱ་བའི་གྲངས་སུ་འགྲོའོ།། གནས་གསུམ་པོ་དག་གང་ཞེ་ན། སེམས་ཅན་ཐམས་ཅད་བསད་པར་བྱ་བ་མ་ཡིན་ནོ་ཞེས་གནས་དང་པོ་འདི་སྨྲ་ན། བདེན་པ་ཉིད་སྨྲ་བ་ཡིན་གྱི་བརྫུན་པ་ནི་མ
་ཡིན་ཏེ། དེའི་ཕྱིར་དེ་དག་གི་གནས་དང་པོ་འདི་ལ་ངག་གི་ཉེས་པས་སྐྱོན་ཆགས་པ་མེད་པ་ཡིན་ནོ།། དེ་དག་གནས་དེ་དང་བདེན་པ་སྨྲ་བ་དེས་གཞོན་ལ་བརྟེན་ནས་བདག་ཉིད་ཆེ་བ་འམ། མཚུངས་པའམ། ཆུང་བར་རློམ་སེམས་མི
་བྱེད་པས་དེའི་ཕྱིར་དེ་དག་གནས་དེ་ལ་ང་རྒྱལ་གྱི་ཉེས་པས་ཡང་དག་པར་སྐྱོན་ཆགས་པ་མེད་པའི་ཡིད་དང་ལྡན་པ་ཡིན་ནོ།། དེ་དག་གནས་དེ་ལ་ཡོན་ཏན་དང་སྐྱོན་རྣམ་པར་དཔྱད་པས་དམིགས་པ་དེས་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར
་ཡང་དག་པར་རྗེས་སུ་མཐོང་བས་ཁ་ན་མ་ཐོ་བ་མེད་པའི་ལུས་དང་སེམས་ཀྱིས་ཕན་འདོགས་པ་ཚེ་འདི་ལ་བདེ་བར་གནས་པས། སེམས་ཅན་ཐམས་ཅད་ལ་བྱམས་པའི་རང་བཞིན་གྱིས་ཉིན་མཚན་དུ་རྗེས་སུ་སྐྱོབ་ཅིང་ལན་མང་དུ
་གནས་སོ།། གནས་དེ་ལ་གཞན་དག་གི་དད་པས་མི་འགྲོ་ཞིང་བདག་རླུང་གིས་བདེན་པ་དེ་ལེགས་པར་མངོན་པར་རྟོགས་པས་དེ་དག་ནི་བདེན་ཞིང་མངོན་པར་ཞེན་པ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་མོས་པའི་ཉེས་པས་སྐྱོན་ཆགས་པ་མེད་པའི་སེམས
་དང་ལྡན་པར་རིག་པར་བྱའོ།། དེ་བཞིན་དུ་འདུ་བྱེད་ཐམས་ཅད་མི་རྟག་པའོ་ཞེས་བྱ་བ་འདི་ནི་གནས་གཉིས་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ།། ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བ་འདི་ནི་གསུམ་པ་སྟེ། ལྷག་མ་ནི་སྔ་མ་བཞིན
་དུ་རིག་པར་བྱའོ།། དེ་ལ་བྱེ་བྲག་ནི་ཡོད་དེ། བདེན་པ་གཉིས་པ་ལ་ནི་འདུ་བྱེད་ཐམས་ཅད་ལ་འབྱུང་བ་དང་འཇིག་པར་རྗེས་སུ་ལྟ་བས་ཉིན་མཚན་དུ་རྗེས་སུ་སློབ་ཅིང་ལན་མང་དུ་གནས་སོ་ཞེས་བརྗོད་པར་བྱའོ།། བདེན་པ་གསུམ་པ་ལ་ནི
་ཆོས་ཐམས་ཅད་ལ་བདག་གོར་འཛིན་པ་མེད་པའི་ཚུལ་གྱིས་ཉིན་མཚན་དུ་རྗེས་སུ་སློབ་ཅིང་ལན་མང་དུ་གནས་སོ་ཞེས་བརྗོད་པར་བྱའོ།། གནས་གསུམ་པོ་དེ་དག་ལ་ཉེས་པ་གསུམ་པོ་དེ་དག་གིས་ཡང་དག་པར་སྐྱོན་ཆགས་པ་མེད་པའི་སེམས
་དང་ལྡན་པ་དེ་དག་ནི་རིགས་བྲམ་ཟེ་མ་ཡིན་ཡང་དོན་དམ་པར་བྲམ་ཟེ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ།། བྲམ་ཟེར་བྱེད་པའི་གནས་གསུམ་པོ་བདེན་པ་ལས་ཉེས་པ་གསུམ་པ་དང་བྲལ་བ་དེ་དག་ནི་དེ་བཞིན
་གཤེགས་པ་ཁོ་ནས་མངོན་པར་རྫོགས་པར་ཐུགས་སུ་ཆུད་དེ། དེ་དག་ནི་མདོ་ལས་སེམས་ཅན་ཐམས་ཅད་བསད་པ་མ་ཡིན་པ་ཞེས་བྱ་བ་དང་། འབྱུང་བའི་ཆོས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཡིན་ནོ།།
་ཞེས་བྱ་བ་དང་། བདག་ཀྱང་མེད་ལ་བདག་གི་ཡང་མེད་དེ། བདག་ནི་ཅི་ཡང་མིད་གང་ཡང་མེད་གང་ན་ཡང་མེད་དོ།། བདག་ཀྱང་ཅི་ཡང་མེད་གང་ཡང་མེད་གང་ན་ཡང་མེད་དོ་ཞེས་ཇི་སྐད་གསུངས་པའི་དོན་རྒྱ་ཆེར་བཤད་པ་ཡིན་པར་ཁོང་དུ
་ཆུད་པར་བྱའོ།། ཕུང་པོ་རྣམས་ཀྱི་གནས་སྐབས་དུ་ཡོད་ཅེ་ན། སྨྲས་པ། མང་སྟེ་སེམས་དང་ལྡན་པ་མ་ཡིན་པ་འདི་ལྟ་སྟེ། འཐོབ་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་རྒྱས་པར་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ།།
་འཐོབ་པ་གནས་སྐབས་གང་ལ་གདགས། འཐོབ་པ་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། རྒྱུའི་དབང་ཀུན་ཏུ་འབྱུང་བའི་སྐབས་ལའོ།། རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ས་བོན་དང་ལྡན་པ་དང་། དབང་དང་ལྡན་པ་དང་། ཀུན་ཏུ་སྤྱོད་པ་དང་ལྡན་པའོ།། འདུ
་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་པ་གནས་སྐབས་གང་ལ་གདགས། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པོ་དང་། འདུ་ཤེས་མེད་པ་པོ
་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། གོང་མའི་མ་ཡིན་པའི་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་མིང་འགོག་པའི་གནས་སྐབས་ལའོ།།
་དེ་ཡང་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ལས་ནི་དགེ་བ་ཡིན་ནོ།། གང་ཟག་ལས་ནི་སོ་སོའི་སྐྱེ་བོའི་རྒྱུད་དུ་གཏོགས་པ་ཡིན་ནོ།། སྐྱེ་བ་ལས་ནི་དང་པོ་འདིར་བསྐྱེད་ཅིང་དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་བསམ་གཏན་བཞི་པ་ལ་འབྲས་བུ་ལས་སོ།།
་སོར་མྱོང་བར་འགྱུར་བ་ཡིན་ནོ།། འགོག་པའི་སྙོམས་པར་འཇུག་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་གནས་པའི་འདུ་ཤེས་མངོན་དུ་བཏང་བའི་ཡིད་ལ་བྱེད་པས་མིང་འགོག་པའི་གནས་སྐབས་ལའོ།། དེ་ཡང་རྣམ་པ
་གསུམ་སྟེ། ངོ་བོ་ཉིད་ལས་ནི་དགེ་བ་ཉིད་ཡིན་ནོ།། གང་ཟག་ལས་ནི་འཕགས་པའི་རྒྱུད་དུ་གཏོགས་ཏེ། སློབ་པའི་རྒྱུད་དམ་མི་སློབ་པའི་རྒྱུད་དུ་གཏོགས་པ་ཡིན་ནོ།། སྐྱེ་བ་ལས་ནི་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་མ་གཞག་ན་ནི་དང་པོར
་འདིར་སྐྱེས་ཅིང་། དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དོ།། མངོན་དུ་བྱེད་པ་ནི་གཟུགས་ཀྱི་ལུས་ལ་རིག་ལས་པ་ཡིན་པའི་ཕྱིར་རོ།། ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་གཞག་ན་ནི་མངོན་དུ་བྱེད་པ་ཐམས་ཅད་དུ་འགྲོ་བ་ཡིན
་པར་བལྟ་བར་བྱའོ།། འདུ་ཤེས་མེད་པ་པ་ནི་འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་མིང་འགོག་པའི་གནས་སྐབས་ལའོ།། དེ་ཡང་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ལས་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ།། གང
་ཟག་ལས་ནི་སོ་སོའི་སྐྱེ་བོ་ཁོ་ན་དེར་སྐྱེའོ་འཕགས་པ་ནི་མ་ཡིན་ནོ།། སྐྱེ་བ་ལས་ནི་དེ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྒྲུབ་པར་བྱེད་པའི་སེམས་པའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ཏེ། འདུ་ཤེས་སྐྱེས
་ནས་སེམས་ཅན་དེ་དག་དེ་ནས་འཆི་འཕོ་བར་གྱུར་པ་ཡིན་ནོ།། སྲོག་གི་དབང་པོ་གནས་སྐབས་གང་ལ་གདགས། དེ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། ལས་ཀྱིས་འཕངས་པའི་རྣམ་པར་སྨིན་པ་གནས་པའི་དུས་ངེས་པའི་གནས་སྐབས་ལའོ།།
་དེ་ཡང་རྣམ་པ་གསུམ་སྟེ། ངེས་པ་དང་། མ་ངེས་པ་དང་། འདོད་པ་དང་། མི་འདོད་པ་དང་། ལོ་དང་བསྐུལ་པའི་གྲངས་རྣམ་པར་གཞག་པ་ལས་སོ།། རིས་མཐུན་པ་གནས་སྐབས་གང་ལ་གདགས་དེ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། སེམས་ཅན
་འདྲ་བའི་གནས་སྐབས་ལའོ།། རྣམ་པ་གསུམ་སྟེ། སྐྱེ་བ་རིགས་མཐུན་པ་དང་། རང་བཞིན་རིགས་མཐུན་པ་དང་། བཟོ་དང་ལས་ཀྱི་གནས་ཀྱིས་འཚོ་བའི་རིས་མཐུན་པའོ།། སྐྱེ་བ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ།
་ད་ལྟར་བྱུང་བའི་སྐབས་ལའོ།། རྣམ་པ་གསུམ་སྟེ་སྐད་ཅིག་གི་སྐྱེ་བ་དང་། ཉིང་མཚམས་སྦྱོར་བའི་སྐྱེ་བ་དང་གནས་སྐབས་ཀྱི་སྐྱེ་བའོ།། རྒ་བ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། སྔ་ཕྱིའི་གནས་སྐབས་ལའོ།།
་རྣམ་པ་གསུམ་སྟེ། གཞན་ཉིད་ཀྱི་རྒ་བ་དང་། གཞན་དུ་གྱུར་པའི་རྒ་བ་དང་། ཉེ་བར་སྤྱོད་པའི་རྒ་བའོ།། གནས་པ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། སྐྱེས་པའི་གནས་སྐབས་ཉིད་ལའོ།། རྣམ་པ་གསུམ་སྟེ།
་སྐད་ཅིག་གནས་པ་དང་། རྒྱུན་གནས་པ་དང་། ལུགས་གནས་པའོ།། མི་རྟག་པ་ཉིད་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། སྐྱེས་ནས་ཞིག་པའི་གནས་སྐབས་ལའོ།། རྣམ་པ་གསུམ་སྟེ། འཇིག་པའི་མི་རྟག་པ་ཉིད་དང་། འགྱུར
་བའི་མི་རྟག་པ་ཉིད་དང་། བྲེལ་བའི་མི་རྟག་པ་ཉིད་དོ།། མིང་གི་ཚོགས་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། བརྡའི་ཐ་སྙད་འདོགས་པའི་གནས་སྐབས་ལའོ།། རྣམ་པ་གསུམ་སྟེ། ཉེ་བར་འདོགས་པ་དང་། ཡང་དག་པའི་དངོས་པོ
་དང་། གྲགས་པ་དང་། མ་གྲགས་པའོ།། མིང་གི་ཚོགས་ཇི་ལྟ་བ་བཞིན་དུ། ཚིགས་གི་ཚོགས་དང་། ཡི་གེའི་ཚོགས་ཀྱང་དེ་བཞིན་དུ་རིག་པར་བྱའོ།། དེ་ལ་བྱེ་བྲག་ནི་འདི་ཡོད་དེ། བསྟན་པའི་ཚིག་པ་དང་། བཤད་པའི་ཚིག་དང་། ཚིག་གིས་བསྡུས་པ་དང་།
་ཡི་གེས་བསྡུས་པའོ།། སོ་སོའི་སྐྱེ་བོ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། འཇིག་རྟེན་ལས་འདས་པ་འཕགས་པའི་ཆོས་མ་བསྐྱེད་པའི་གནས་སྐབས་ལའོ།། རྣམ་པ་གསུམ་སྟེ། འདོད་པ་ན་སྤྱོད་པ་དང་། གཟུགས་ན
་སྤྱོད་པ་དང་། གཟུགས་མེད་པ་ནི་སྤྱོད་པའོ།། འཇུག་པ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། རྒྱུ་དང་འབྲས་བུའི་རྒྱུན་གྱིས་གནས་སྐབས་ལའོ།། རྣམ་པ་གསུམ་སྟེ། སྐད་ཅིག་གཅིག་ནས་གཅིག་ཏུ་འཇུག་པ་དང་། སྐྱེ་བ
་གཅིག་ནས་གཅིག་ཏུ་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཅིག་ནས་གཅིག་ཏུ་འཇུག་པའོ།། སོ་སོར་ངེས་པ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། ཆོས་ཐ་དད་པའི་མཚན་ཉིད་ཀྱི་གནས་སྐབས
་ལའོ།། རྣམ་པ་གསུམ་སྟེ། མཚན་ཉིད་སོ་སོར་ངེས་པར་དང་། རྒྱུ་སོ་སོར་ངེས་པ་དང་། འབྲས་བུ་སོ་སོར་ངེས་པའོ།། སྦྱོར་བ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། རྒྱུ་དང་འབྲས་བུ་མཐུན
་པའི་གནས་སྐབས་ལའོ།། རྣམ་པ་གསུམ་སྟེ། འདུས་པའི་སྦྱོར་བ་དང་། ཐབས་ཀྱི་སྦྱོར་བ་དང་། རིགས་པའི་ཚུལ་གྱིས་བྱ་བ་བྱེད་པའི་སྦྱོར་བའོ།། མགྱོགས་པ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ནི། སྨྲས་པ། མྱུར་དུ
་འཇུག་པའི་གནས་སྐབས་ལའོ།། རྣམ་པ་གསུམ་སྟེ། འདུ་ཁྱོད་ཀྱི་མགྱོགས་པ་དང་། སྐྱེས་བུའི་བྱེད་པའི་མགྱོགས་པ་དང་། རྫུ་འཕྲུལ་གྱི་མགྱོགས་པའོ།། གོ་རིམ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། འདུ་བྱེད་རེ་རེ
་ནས་འཇུག་པའི་གནས་སྐབས་ལའོ།། རྣམ་པ་གསུམ་སྟེ། སྐད་ཅིག་པའི་འཇུག་པའི་གོ་རིམ་དང་། ལུས་འཇུག་པའི་གོ་རི་མ་དང་། བྱི་བ་སྒྲུབ་པ་འཇུག་པའི་གོ་རིམ་སོ།། དུས་གནས་སྐྱབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། འང
་བྱེད་ཀྱི་རྒྱུན་མི་འཆང་བའི་གནས་སྐབས་ལའོ།། རྣམ་པ་གསུམ་སྟེ། འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བའོ།། ཡུལ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། གཟུགས་ཡོངས་སུ་བཟུང་བའི་གནས
་སྐབས་ལའོ།། རྣམ་པ་གསུམ་སྟེ། འོག་གི་ཡུལ་དང་། སྟེང་གི་ཡུལ་དང་། ཐང་ཀའི་ཡུལ་ལོ།། གྲངས་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། ཆོས་ཡོངས་སུ་གཞལ་པོ་ཡང་དག་པོར་མཚོན་པོའི་གནས་སྐབས་ལ་།།
་རྣམ་པ་གསུམ་སྟེ། གཅིག་གི་གྲངས་དང་། གཉིས་ཀྱི་གྲངས་དང་། མང་པོའི་གྲངས་ས།། ཚོགས་བྱ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། བྱ་བའི་ཡན་ལག་མ་ཆུང་བ་མེད་པའི་གནས་སྐབས་ལན།
་རྣམ་པ་གསུམ་སྟེ། འདུས་པའི་ཚོགས་དང་། དོན་གཅིག་གི་ཚོགས་དང་། ཡོངས་སུ་རྫོགས་པའི་ཚོགས་པའོ།། མ་ཚོགས་པ་གནས་སྐབས་གང་ལ་གདགས། རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། མ་ཚོགས་པའི་གནས་སྐབས་དང་། རབ་ཏུ་དབྱེ་བ་ནི།
་ཚོགས་པ་ལས་བཟློག་པ་ལས་རིག་པར་བྱའོ།། དེ་ལ་ཕུང་པོ་རྣམས་ལ་གཟུགས་ཅན་གྱི་མཚན་ཉིད་གང་། ཕུང་པོ་རྣམས་ལས་དུ་ཞིག་ནི་གཟུགས་ཅན་ཡིན་ཞེ་ན། དེ་ཉིད་ཀྱིས་དེ་བཤད་པར་བྱས་ནས་གཟུགས་ཀྱི་ངོ་བོ་ཉིད་ཀྱི་དོན་གྱི
་ཕུང་པོ་གཟུགས་ཅན་ནི་གཅིག་གོ། བསྟན་དུ་ཡོད་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། བསྟན་དུ་ཡོད་པའི་མིག་གི་སྤྱོད་ཡུལ་དུ་དོན་གྱིས་སོ།། གཅིག་གི་ཕྱོགས་གཅིག་གོ།། ཐོགས་པ་དང་བཅས་པ་རྣམས་དོན་གང་གིས
་ཡིན་དུ་ཡོད་ཅེ་ན། སྨྲས་པ། ཐོགས་པ་དང་བཅས་པ་ནི་ཕུན་ཚུན་རེག་ཅིང་ཡུལ་གནོན་པའི་དོན་དང་། རགས་པའི་དོན་གྱིས་ཏེ་རགསོ་པའི་དོན་ན་ཆ་ཕྲ་བ་རྣམ་པ་གསུམ་མ་གཏོགས་པ་ཡིན་པར་རིག་པར་བྱ་སྟེ། ཆ་ཕྲ་བ་རྣམ་པ
་གསུམ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། གཅིག་གི་ཕྱོགས་གཅིག་ནོ། ཟག་པ་དང་བཅས་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ་གནས་ངན་ལེན་དང་རྗེས་སུ་འབྲེལ་བའི་དོན་དང་། དེའི་གཉེན་པོ་མ་ཡིན་པའི་ཉོན
་མོངས་པས་བསྐྱེད་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་གོ།། ཟག་པ་དང་བཅས་པའི་དོན་གཞན་ཡང་གང་ལ་ཉོན་མོངས་པས་ཉེས་པ་རྣམས་བཞི་སྐྱེད་པར་ནུས་པ་དེ་ནི་ཟག་པ་དང་བཅས་པ་ཡིན་ནོ།།
་ཉེས་པ་རྣམ་བཞི་གང་ཞེ་ན། སྨྲས་པ། རབ་ཏུ་མ་ཞི་བའི་ཉེས་པ་དང་། ནང་དང་ཕྱི་རོལ་འགྱུར་བའི་ཉེས་པ་དང་། ཉེས་པར་སྤྱོད་པ་ཀུན་ནས་སློང་བའི་ཉེས་པ་དང་། རྒྱུ་ཡོངས་སུ་འཛིན་པའི་ཉེས་པའོ།། དེ་ལ་དང་པོ་ནི་ཀུན་ནས་དཀྲིས་པ
་ཀུན་ཏུ་སྤྱོད་པ་ལས་གྱུར་པ་ཡིན་པར་བལྟ་བར་བྱའོ།། གཉིས་པ་ནི་ཉོན་མོངས་པའི་བཞི་ལས་རྗེས་སུ་སྤྱོད་པ་ལས་གྱུར་པ་ཡིན་པར་བལྟ་བར་བྱའོ།། གསུམ་པ་ནི་ཉོན་མོངས་པའི་རྒྱུ་ལས་གྱུར་པ་ཡིན་པར་བལྟ་བར་བྱའོ།། བཞི་པ་ནི
་ཡང་སྲིད་པ་འཕེན་པ་ལས་གྱུར་པ་ཡིན་པར་བལྟོ་བར་བྱའོ།། འདུས་བྱས་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། རྒྱུ་ལས་བྱུང་བ་འབྱུང་བའི་སྐལ་པ་ཅན་གྱི་དོན་གྱིས་སོ།། འདུས་བྱས་ཐམས་ཅད་དོ།། ཉོན་མོངས་པ་དང
་བཅས་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། གནོད་པ་མང་པོས་དབང་བསྒྱུར་བའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། ཟང་ཟིང་དང་བཅས་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། སྲེད་པ་དང
་ལྟ་བ་མང་པོས་དབང་བསྒྱུར་བའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། ཞེན་པ་ལ་བརྟེན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། འདོད་པའི་འདོད་ཆགས་མང་པོས་དབང་བསྒྱུར་བའི་དོན་གྱིས་སོ།། ཐམས་ཅད་ཀྱི
་ཕྱོགས་གཅིག་ཁོ་ནའོ།། འཇིག་རྟེན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། སྤྲོས་པའི་གནས་ཀྱི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། གཏོགས་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ།
་ཁམས་གསུམ་དུ་འཇིག་རྟེན་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། འདས་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། རྒྱུ་དང་འབྲས་བུ་སྤྱད་ཟིན་པའི་དོན་གྱིས་སོ།། ཐམས་ཅད་དོ།། མ་འོངས་རྣམས་དོན
་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། རྒྱུ་དང་འབྲས་བུ་མ་སྤྱད་པའི་དོན་གྱིས་སོ།། ཐམས་ཅད་དོ།། ད་ལྟར་བྱུང་བ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། རྒྱོ་སྤྱད་ཟིན་པའི་དོན་དང་འབྲས་བུ་མ་སྤྱད་པའི་དོན་གྱིས་སོ།།
་ཐམས་ཅད་དོ།། ནང་གི་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། སྐྱེ་མཆེད་དྲུག་པོ་དག་དེ་དང་འབྲེལ་པའི་དོན་གྱིས་སོ།། གཅིག་ནི་ཕྱོགས་གཅིག་དང་བཞིའོ།། ཕྱི་རོལ་གྱི་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། ནང་གི་ལས
་བཟློག་པའི་དོན་གྱིས་སོ།། གཅིག་གྲི་ཕྱོགས་གཅིག་གོ།། རགས་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། མི་གསལ་བ་དང་། བརྩེགས་པ་དང་། མཚན་ཉིད་རྟས་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ
་ནའི་ཕྲ་བ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། རགས་པ་ལས་བཟློག་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། དམན་པ་རྣམས་དོན་གང་གིས་ཡིན་ཡོད་མེན། སྨྲས་པ། མི་རྟག་པ་དང་། སྡུག་བསྔལ་བ་དང་།
་མི་གཙང་བ་དང་། ཉོན་མོངས་པ་ཅན་གྱི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། བཟང་པོ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། དམན་པ་ལས་བཟློག་པའི་དོན་གྱིས་སོ།། ཐམས་ཅད
་ཀྱི་ཕྱོགས་གཅིག་ཁོ་ནའོ།། ཐག་རིང་བ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། ཡུལ་དང་། འདས་པ་དང་མ་འོངས་པའི་དུས་ཀྱིས་བསྐལ་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། ཐག་ཉེ་བ་རྣམས་གང་གིས་ཡིན།
་དུ་ཡོད་ཅེ་ན། སྨྲས་པ། ཐག་རིང་བ་ལས་བཟློག་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། འདོད་པ་དང་ལྡན་པ་རྣམས་དོན་གང་གི་ཡིན། དུ་ཡོད་ཅེ་ན། སྨྲས་པ། འདིར་སྐྱེས་པ་གཉེན་པོ་མ་ཐོབ་པའམ། ཐོབ་པ་ལས་ལངས
་པ་དུས་གསུམ་ཏུ་ཀུན་ཏུ་སྤྱོད་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། གཟུགས་དང་ལྡན་པ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ། གཟུགས་ན་སྤྱོད་པའི་གཉེན་པོ་ཐོབ་པ་སྙོམས་པར་ཞུགས་པ་དང་། སྐྱེས
་པ་གོང་མའི་གཉེན་པོ་མ་ཐོབ་པ་འམ། ཐོབ་པ་དེ་ལས་ལངས་པ་དུས་གསུམ་དུ་ཀུན་ཏུ་སྤྱོད་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། གཟུགས་མེད་པ་དང་ལྡན་པོ་རྣམས་དོན་གང་གིས་ཡིན། དུ་ཡོད་ཅེ་ན། སྨྲས་པ།
་གཟུགས་མེད་པ་དང་ལྡན་པའི་གཉེན་པོ་ཐོབ་པ་དེ་ལ་སྙོམས་པར་ཞུགས་པ་དང་། སྐྱེས་པ་གོང་མའི་གཉེན་པོ་མ་ཐོབ་པའམ། ཐོབ་པ་དེ་ལས་ལངས་པ་དུས་གསུམ་དུ་ཀུན་ཏུ་སྤྱོད་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག
་ཁོ་ནའོ།། རྣམ་གྲངས་གཞན་ཡང་འདོད་པ་དང་ལྡན་པ་རྣམས་ནི་ཤིན་ཏུ་སྦྱངས་པ་དང་བཅས་པའི་ཏིང་ངེ་འཛིན་དང་། དེའི་འཁོར་དང་དེའི་འབྲས་བུའི་ཆོས་ཀྱིས་མ་བསྡུས་པའི་དོན་གྱིས་སོ།། གཟུགས་དང་ལྡན་པ་རྣམས་ནི། གཟུགས
་དང་འབྲེལ་པའི་ཉོན་མོངས་པ་དང་། དེ་ལས་བཟློག་པས་བསྡུས་པའི་དོན་གྱིས་སོ།། གཟུགས་མེད་པ་དང་ལྡན་པ་རྣམས་ནི་གཟུགས་དང་མི་ལྡན་པའི་ཉོན་མོངས་པ་དེས་བསྡུས་པའི་དོན་གྱིས་རིག་པར་བྱའོ།། དགེ་བ་རྣམས་དོན་གང
་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། ཕྱི་མ་ལ་བདེ་བའི་འབྲས་བུའི་དོན་དང་ཉོན་མོངས་པ་དང་སྡུག་བསྔལ་སྤོང་བའི་གཉེན་པོའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། མི་དགེ་བ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན།
་སྨྲས་པ། ཕྱི་མ་ལ་སྡུག་བསྔལ་བའི་འབྲས་བུའི་དོན་དང་ཉེས་པར་སྤྱོད་པ་ཀུན་ནས་སློང་བའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། ལུང་དུ་མ་བསྟན་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། དེ་གཉི་ག
་ལས་བཟློག་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་གོ། རྣམ་གྲངས་གཞན་ཡང་དགེ་བ་རྣམས་ནི་སྐྱོན་མེད་པའི་དོན་དང་། སྐྱོན་དང་ཡོན་ཏན་གྱི་གཉེན་པོ་དང་། རྗེས་སུ་མཐུན་པའི་དོན་གྱིས་སོ།། མི་དགེ་བ་རྣམས་ནི་དེ
་ལས་བཟློག་པའི་དོན་གྱིས་སོ།། ལུང་དུ་མ་བསྟན་པ་རྣམས་ནི་དེ་གཉི་ག་ལས་བཟློག་པའི་དོན་གྱིས་སོ།། སློབ་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། སློབ་པའི་སྦྱོར་བ་ལས་བྱུང་བའི་དགེ་བའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས
་གཅིག་ཁོ་ནའོ།། མི་སློབ་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། བསླབ་པ་ཡོངས་སུ་རྫོགས་པ་ལ་མཁས་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། སློབ་པ་ཡང་མ་ཡིན་མི་སློབ
་པ་ཡང་མ་ཡིན་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། དེ་ལས་གཞན་པ་དགེ་བ་དང་། ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་ཆོས་ཀྱི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། མཐོང་བས་སྤང་བར་བྱ་བ
་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པས་སྤང་བར་བྱ་བའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། བསྒོམ་པས་སྤང་བར་བྱ་བ་རྣམས་དོན་གང་གིས་ཡིན།
་དུ་ཡོད་ཅེ་ན། སྨྲས་པ། མངོན་པར་རྟོགས་པ་དེའི་གོང་མ་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། སྤང་བར་བྱ་བ་མ་ཡིན་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། ཉོན་མོངས
་བཅན་ཐམས་ཅད་གཏན་སྤངས་པ་དང་གཉེན་པོའི་དོན་དང་། སྤངས་ཟིན་པའི་དོན་གྱིས་སོ།། ཐམས་ཅད་ཀྱི་ཕྱོགས་གཅིག་ཁོ་ནའོ།། གཟུགས་ཅན་མ་ཡིན་པ་རྣམས་དོན་གང་གིས་ཡིན་དུ་ཡོད་ཅེ་ན། སྨྲས་པ། གཟུགས་ཅན
་མ་ཡིན་པ་ལ་སོགས་པའི་དོན་ནི་གཟུགས་ཅན་ལ་སོགས་པ་ཇི་སྐད་བསྟན་པ་རྣམས་ལས་བཟློག་པའི་དོན་གྱིས་བལྟ་བར་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་ཕུང་པོ་རྣམས་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་དག་ཡིན་ནོ།། ཕུང་པོའི་དོན་ནི
་སྤངས་པའི་དོན་ཏོ་ཞེས་གང་གསུངས་པ་དེ་ལ་སྤུངས་པའི་དོན་གང་ཞེ་ན། སྨྲས་པ། སྤུངས་པའི་དོན་ནི་བདག་ཉིད་སྣ་ཚོགས་མང་པོའི་དོན་དང་། དེ་བཞིན་དུ་ཕན་ཚུན་འདྲེས་པའི་དངོས་པོས་འཇུག་པའི་དོན་དང་། དེ་བཞིན་དུ་གཅིག་ཏུ
་མངོན་པར་བསྡུས་པའི་དོན་དང་། འཕེལ་བ་དང་འབྲི་བའི་དོན་ཏོ།། ཅིའི་ཕྱིར་གཟུགས་ལ་གཟུགས་ཤེས་བྱ་ཞེ་ན། སྨྲས་པ། ཡུལ་དེ་དང་དེར་སྐྱེ་བའི་དོན་དང་། གཟུགས་སུ་རུང་བའི་དོན་གྱིས་སོ།། གཟུགས་སུ་རུང་བའི་དོན་ཀྱང་རྣམ་པ
་གཉིས་ཏེ། ལག་པ་ལ་སོགས་པ་འདུས་ཏེ་རེག་པས་གནོད་པ་བྱར་རུང་བའི་དོན་དང་ཡུལ་སྣ་ཚོགས་སུ་བྱེད་པའི་དོན་ཏོ།། ཅིའི་ཕྱིར་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དག་ལ་མིང་ཞེས་བྱ་ཞེ་ན། སྨྲས་པ། དམིགས་པ་སྣ་ཚོགས་ལ
་ཉེ་བར་གཞོལ་བའི་དོན་དང་། ཐ་སྙད་ལས་བྱུང་བའི་མིང་ལས་བརྟེན་ཏེ་དམིགས་པ་ལས་རྣམ་པར་རྟོག་པའི་དོན་གྱིས་སོ།། ཕུང་པོ་རྣམས་གང་གིས་བསྡུས་ཅིའི་ཕྱིར་བསྡུས་པ་རྣམ་པར་གཞག་ཅེ་ན། སྨྲས་པ། ངོ་བོ་ཉིད་ཀྱིས་བསྡུས།།
་རང་གི་རིགས་སྣ་ཚོགས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེ་རྣམ་པར་གཞག་གོ།། ཆོས་རྣམས་གང་དང་མཚུངས་པར་ལྡན། ཅིའི་ཕྱིར་མཚུངས་པར་ལྡན་པར་རྣམ་པར་གཞག་ཅེ་ན། སྨྲས་པ། གཞན་གྱི་དངོས་པོ་དང་མཚུངས་པར་ལྡན་ནོ།།
་སེམས་རང་བཞིན་གྱིས་འོད་གསལ་བ་ལ་ཉོན་མོངས་པོ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་རྣམས་འཕེལ་བ་དང་འབྲི་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེ་ཡང་རྣམ་པར་གཞག་གོ།། དགེ་སྦྱོང་དང་བྲམ་ཟེ་ལ་ལ་མིང་ལ་སེམས་ཙམ་ཞིག
་རྫས་སུ་འདོད་ལ་སེམས་ལས་བྱུང་བའི་ཆོས་རྣམས་ནི་མི་འདོད་པ་གང་དག་ཡོད་པ་དེ་དག་ཀྱང་མི་འཐད་དོ།། དེ་ཅིའི་ཕྱིར་ཞེ་ན། དང་པོ་ཁོ་ནར་ཕུང་པོ་རྣམས་ལྔ་ཁོ་ནར་བསྟན་པ་མི་འཐད་པའི་ཕྱིར་རོ།། གལ་ཏེ་གནས
་སྐབས་ཀྱི་བྱེ་བྲག་ལས་ལྔ་ཁོ་ནར་ཡོངས་སུ་རྟོག་ན་ནི་དེའི་གནས་སྐབས་ཀྱི་བྱེ་བྲག་ཏུ་རྟོག་པ་ཡང་སྐྱོན་ཆགས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གནས་སྐབས་དེ་དག་གི་ཕན་ཚུན་བྱ་བ་བྱེད་ནུས་པའི་བྱེ་བྲག་ཡོད་པ་འམ་མེད་པའི་སྐྱོན་ཏུ་ཐལ་བར
་འགྱུར་བའི་ཕྱིར་ཏེ། ཡོད་ན་ནི་མཚན་ཉིད་མི་འདྲ་བའི་ཕྱིར་རྫས་གཞན་ནི་ཡོད་པར་ཐལ་བར་འགྱུར་རོ།། དེ་མེད་ན་ནི་གནས་སྐབས་གཞན་ཡོད་པར་རྟོག་པ་དོན་མེད་པར་འགྱུར་རོ།། རྣམ་པར་ཤེས་པའི་ཚོགས་དྲུག་གིས་གནས་སྐབས་ཐ
་ད་པ་ལྟ་བུ་རོ་ཡང་མི་རུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ནི་གནས་དང་དམིགས་པ་ཐ་དད་པའི་ཕྱིར་རོ།། གནས་སྐབས་དེ་དག་ནི་གཅིག་ལ་དམིགས་པའི་ཕྱིར་མི་རུང་ངོ་།། ཡོངས་སུ་གྱུར་པ་ལས་ཀྱང་མི་རུང་ངོ་།།
་དེ་ཅིའི་ཕྱིར་ཞེ་ན། གཟུགས་ཅན་ལ་ནི་ཡོངས་སུ་འགྱུར་བ་དང་ལྡན་པས་གནས་སྐབས་ཐ་དད་པང། རུང་གི་གཟུགས་ཅན་མ་ཡིན་པ་ལ་ནི་མི་རུང་སྟེ། འོ་མ་དང་ཞོ་དང་མར་སར་ལ་སོགས་པ་དང་འདྲ་བའི་ཕྱིར་རོ།། བྱེད་རྒྱུ་ཁྱད་པར་མེད་པའི་ཕྱིར
་སེམས་ཀྱི་གནས་སྐབས་གཞན་དུ་འགྱུར་བ་ནི་མི་རུང་ངོ་།། སྐད་ཅིག་གཅིག་ལ་གང་གིས་གནས་སྐབས་གཞན་ལ་སྟོན་པར་འགྱུར་བའི་བྱེད་རྒྱུ་ཁྱད་པར་ཅན་གཞན་ནི་མི་དམིགས་ཏེ། དེ་ལྟ་བས་ན་གནས་སྐབས་ཀྱི་བྱེ་ཟག་ཀྱང་མི་རུང་ངོ་།། སེམས
་ཙམ་ཞིག་རྫས་སུ་ཡོད་པ་ནི་ལུང་དང་འགལ་བས་ཀྱང་མི་རུང་ཏེ། ལུང་དང་འགལ་བ་གང་ཞེ་ན། འདོད་ཆགས་ཀྱི་ཉེ་བར་ཉོན་མོངས་པ་ཅན་དུ་འགྱུར་བ་དང་ཞེ་སྡང་དང་གཏི་མུག་གིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་གྲོལ
་བར་མི་འགྱུར་རོ།། ཞེས་ཇི་སྐད་གསུངས་པའོ།། དེ་ལ་འགལ་བ་ཅི་ཡོད་ཅེ་ན། སྨྲས་པ། སེམས་ཙམ་སྟེ་གཉིས་ཅིག་ཆར་དུ་འབྱུང་བ་མེད་པ་ཡིན་ན་འདོད་ཆགས་ལ་སོགས་པ་རྣམ་པར་རིག་པ་ལ་མི་བརྟེན་པོར་ཐལ་བར་འགྱུར་བས་མི་རུང་བའོ།། །
་རྣམ་པར་རིག་པ་སྔོན་དུ་འགྲོ་བ་ཉིད་དུ་རྟོག་ནའང་དེ་ལྟ་ན་ཉེས་པ་ཁྱད་པར་མེད་པ་ཁོ་ནར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཀྱང་ལྷན་ཅིག་སྐྱེས་པའི་ཚོར་བ་དང་འདུ་ཤེས་དང་སེམས་པ་ཞེས་གང་གསུངས་པ་དང་། ཆོས་འདི་དག་ནི་འདྲེས་པ་སྟེ
་མ་འདྲེས་པ་མ་ཡིན་པས་ཆོས་འདི་དག་སོ་སོར་ཕྱེ་ཞིང་སོ་སོར་ཕྱེ་ན་བྱེ་བྲག་གམ་བསམ་པའམ། ཐ་དད་དུ་བྱ་བ་རྗོད་པ་མི་དམིགས་སོ་ཞེས་གང་གསུངས་པ་དང་། འདྲེས་པའི་དོན་དེ་ཉིད་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་མར་མེའི་འོད་ཀྱིས་དཔེ་མཛད
་པས་ན། དེའི་ཕྱིར་ལྷན་ཅིག་སྐྱེས་པ་མེད་ན་འདྲེས་པའི་སྒྲ་ཡང་མི་རུང་ངོ་།། སྐྱེས་བུ་འདི་ནི་ཁམས་དྲུག་དང་ལྡན་པའོ་ཞེས་གསུངས་པའི་ལུང་གང་ཡིན་པ་དེ་ཡང་དགོངས་ཏེ་གསུངས་པ་ཡིན་པས་ཉེས་པ་མེད་དོ།། དེ་ལ་དགོངས་པ་གང་ཞེ་ན། སྨྲས་པ།
་དགོངས་པ་ནི་གཟུགས་དང་ཡོངས་སུ་གཡོ་བ་དང་། སེམས་ལས་བྱུང་བ་རྣམས་ཀྱི་གནས་གཙོ་ཆེར་བསྟན་པ་ཡིན་པར་བལྟ་བར་བྱའོ།། དེ་དང་འགལ་བས་གཉེན་པོའི་ལུང་ཡང་དམིགས་པའི་ཕྱིར་ཏེ། དེ་ལ་གཉེན་པོའི་ལུང་གང་ཞེ་ན། བཅོམ་ལྡན
་འདས་ཀྱིས་འོ་མ་དང་ཞོ་དང་། མར་སར་གྱི་དཔེས་ཁ་ཅིག་ཏུ་ནི་འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་བདག་རགས་པ་དང་ཁ་ཅིག་ཏུ་ནི་གཟུགས་ཅན་ཡིད་ལས་བྱུང་བ་དང་ཁ་ཅིག་ཏུ་གཟུགས་ཅན་མ་ཡིན་པ་འདུ་ཤེས་ཀྱི
་རང་བཞིན་ཡིན་པ་ཇི་སྐད་གསུངས་པ་ལྟ་བུའོ།། དེ་ལྟ་ན་ཅི་འབྱུང་བ་ཆེན་པོ་ཙམ་ཞིག་འགྱུར་རོ་མ་འོན་ཏེ་སེམས་ཙམ་མ་མ་འོན་ཏེ་འདུ་ཤེས་ཙམ་དུ་འགྱུར་ཞེ་ན། དེའི་ཕྱིར་དེ་དག་དང་དེ་ལྟ་བུའི་རྣམ་པ་དག་བསྟན་པ་ནི་དགོངས་པ་ཅན་ཡིན
་བར་བལྟ་བར་བྱའོ།། དེ་ལྟ་བས་ན་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་མིང་གིས་བསྡུས་པ་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་དེ་དག་ནི་ཕན་ཚུན་མཚུངས་པར་ལྡན་པར་རབ་ཏུ་གྲུབ་པ་ཡིན་ནོ།། བར་སྡོམ་ནི། ལྔ་ཉིད་འཐད་པ་མེད་ཕྱིར
་དང་།། དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་།། བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་།། ལུང་དང་འགོལ་བར་འགྱུར་ཕྱིར་རོ།། ཕུང་པོའི་དངོས་པོ་ལ་མཁས་རྫོགས་སོ།། །། བམ་པོ་དགུ་པ།། མིག་གི་ཁམས་གང་ཞེ་ན། སྨྲས་པ། མིག
་མ་སྤངས་པའམ། སྤངས་པ་སྲོག་གི་དབང་པོས་ཡོངསུ་ཟིན་པ་གང་ཡིན་པའོ།། མིག་གི་ཁམས་ཇི་ལྟ་བ་བཞིན་དུ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གིས་བར་དུ་ཡང་དེ་བཞིན་ནོ།། གཟུགས་ཀྱི
་ཁམས་གང་ཞེ་ན། དབང་པོའི་དབང་གིས་བྱུང་བའི་གཟུགས་གང་ཡིན་པ་དེ་ལ་དེའི་དབང་གིས་གཟུགས་ཀྱི་ཁམས་ཞེས་བྱའོ།། གཟུགས་ཀྱི་ཁམས་ཇི་ལྟ་བ་བཞིན་དུ་རེག་བྱའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་ནོ།། བཅོ་བརྒྱད་པོ་དེ་དག་ལས
་དུནི་རྫས་སུ་ཡོད་པ་ཡིན། དཱ་ནི་བཏགས་པའི་ཡིན་ཞེ་ན། སྨྲས་པ། རྫས་སུ་ཡོད་པ་ནི་བཅུ་བདུན་ནམ་བཅུ་གཉིས་ཏེ། ཀུན་རྫོབ་རྣམ་པར་གཞག་པའི་ཚུལ་གྱིས་དྲུག་གཅིག་ཏུ་བྱས་ནས་སམ། གཅིག་དྲུག་ཏུ་བྱས་ནས་སོ།། མིག་གང་ཡིན་པ་མིག་གི།
་ཁམས་ཀྱང་དེ་ཡིན་ལ། མིག་གི་ཁམས་གང་ཡིན་པ་མིག་ཀྱང་དེ་ཡིན་ནམ་ཞེ་ན། སྨྲས་པ། མུ་བཞི་ཡོད་དེ། མིག་ཡིན་ལ་མིག་གི་ཁམས་མ་ཡིན་པ་ནི་དགྲ་བཅོམ་པ་ཐ་མའི་མིག་གང་ཡིན་པ་སྟེ་མུ་དང་པོའོ།། མིག་གི་ཁམས་ཡིན་ལ་མིག་མ་ཡིན
་བ་ནི་གཟུགས་ཅན་གྱི་ཁམས་སུ་སྐྱེས་པའི་མིག་མ་སྐྱེས་པ་དང་། མིག་རབ་ཏུ་ཉམས་པ་དང་། མིག་མ་ཐོབ་པ་དང་། མིག་འགགས་མ་ཐག་པ་དང་། གཟུགས་མེད་པའི་ཁམས་སུ་སྐྱེས་པའི་སོ་སོའི་སྐྱེ་བོ་སྟེ་མུ་གཉིས་པའོ།། མིག་ཀྱང་ཡིན་ལ
་མིག་གི་ཁམས་ཀྱང་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ་མུ་གསུམ་པའོ།། མིག་ཀྱང་མ་ཡིན་ལ་མིག་གི་ཁམས་ཀྱང་མ་ཡིན་པ་ནི་དགྲ་བཅོམ་པ་མིག་རབ་ཏུ་ཉམས་པ་དང་། གཟུགས་མེད་པའི་ཁམས་སུ་སྐྱེས་པ་མིག་མ་བསྐྱེད་པ་དང
་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་སྟེ་མུ་བཞི་པའོ།། མིག་ཇི་ལྟ་བ་བཞིན་དུ་ནང་གི་ཁམས་ཐམས་ཅད་ཀྱང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ།། ལུས་ཀྱི་ཁམས་ལ་ནི་རྣམ་པར
་བརྟག་དགོས་ཏེ། དང་པོ་ནས་ལུས་མ་སྐྱེས་པ་ཞེས་ཅི་རིགས་པར་བརྗོད་པར་བྱའོ།། དེ་བཞིན་དུ་ཕྱི་རོལ་གྱི་ཁམས་བཞི་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ།། སྒྲའི་ཁམས་ནི་གང་གི་ཚེ་སྒྲ་ཕྱུང་བ་དེའི་ཚེ་ནི་གཉི་ག་ཡིན་པར་བརྗོད་པར་བྱའོ།།
་གང་གི་ཚེ་སྒྲ་མ་བྱུང་བ་དེའི་ཚེ་དེ་ལས་གཞན་པའི་ཁམས་ཀྱི་ཚོགས་བཞིན་དུ་ཁམས་འབའ་ཞིག་ཡོད་ཀྱི་སྒྲ་ནི་མེད་པར་བརྗོད་པར་བྱའོ།། བཅོ་བརྒྱད་པོ་དེ་དག་ལས་དུ་ནི་མཚུངས་པ་ཡིན་དུ་ནི་དེ་དག་དང་མཚུངས་པ་ཡིན་ཞེ་ན།
་སྨྲས་པ། མིག་གི་ཁམས་རྣམ་པར་ཤེས་པ་དང་བཅས་པ་ནི་མཚུངས་པ་ཡིན་ནོ།། མིག་གི་ཁམས་ལ་ཇི་ལྟ་བ་བཞིན་དུ་ལུས་ཀྱི་ཁམས་ཀྱི་བར་དུ་ཡང་དེ་བཞིན་ནོ།། མཚུངས་པ་དང་དེ་དག་དང་མཚུངས་པ་ནི་དབང་པོས་ཟིན་པའི་ནང་གི་ཁམས་རྣམས་ལ
་བསམས་པ་ཡིན་གྱི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དག་ལ་ནི་མེད་དོ།། ཆོས་ཀྱི་ཁམས་ནི་དམིགས་པ་དང་བཅས་པ་གང་ཡིན་པ་དེ་ནི་མེད་ཀྱི་ཁམས་དང་འདྲ་བར་བལྟ་བར་བྱའོ།། དམིགས་པ་མེད་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ་དང
་འདྲའོ།། ཁམས་རྣམས་ལས་དུ་ནི་ཕྲད་ནས་འཛིན་པ་དག་ཡིན། དུ་ནི་མ་ཕྲད་པར་འཛིན་པ་དག་ཡིན་ཞེ་ན། སྨྲས་པ། དྲུག་ནི་ཕྲད་ནས་འཛིན་པ་དག་ཡིན་ནོ།། བཞི་ནི་མ་ཕྲད་པར་འཛིན་པ་ཡིན་ནོ།། ལྔ་ནི་འཛིན་པ་མ་ཡིན་ནོ།། གཅིག་གི།
་ཕྱོགས་གཅིག་དང་ཁམས་གཅིག་ནི་ཕྲད་པ་དང་། མ་ཕྲད་པར་འཛིན་པ་ཡིན་ནོ།། དུ་ནི་གཟུང་བ་ཁོ་ན་ཡིན་ལ་འཛིན་པ་མ་ཡིན། དུ་ནི་གཟུང་བ་དང་འཛིན་པ་ཡིན་ཞེ་ན། སྨྲས་པ། གཟུང་བ་ནི་ཐམས་ཅད་དོ།། ལྔ་དང་གཅིག་གི་ཕྱོགས་ནི་གཟུང་བ
་ཁོ་ནའོ།། བཅུ་གཉིས་དང་གཅིག་གི་ཕྱོགས་ནི་འཛིན་པའང་ཡིན་ནོ།། དུ་ནི་གྲོགས་དང་བཅས་པས་འཛིན་པ་ཡིན། དུ་ནི་གྲོགས་མེད་པར་འཛིན་པ་ཞེ་ན། སྨྲས་པ། བཅུ་དང་གཅིག་གི་ཕྱོགས་ནི་གྲོགས་དང་བཅས་པས་འཛིན་པ་ཡིན་ནོ།། གཅིག་དང
་གཅིག་གི་ཕྱོགས་ནི་གྲོགས་མེད་པར་འཛིན་པ་ཡིན་ནོ།། དུ་ཞིག་འདོད་པ་དང་ལྡན་པ་ཁོ་ན་ཡིན་ཞེ་ན་སྨྲས་པ། བཞིའོ།། དུ་ཞིག་གཟུགས་དང་ལྡན་པ་ཁོ་ན་ཡིན་ཞེ་ན། སྨྲས་པ། འགའ་ཡང་མ་ཡིན་ནོ།། དུ་ནི་གཟུགས་མེད་པ་དང་ལྡན་པ་ཁོ་ན་ཡིན་ཞེ་ན། སྨྲས་པ།
་འགའ་འང་མ་ཡིན་ནོ།། འདོད་པ་དང་ལྡན་པ་ལས་དུ་ཞིག་གཟུགས་དང་ལྡན་པ་ཁོ་ན་ཡིན་ཞེ་ན། སྨྲས་པ། བཅུ་གཅིག་གོ།། གཟུགས་དང་ལྡན་པ་ལས་དུ་ཞིག་གཟུགས་མེད་པ་དང་ལྡན་པ་ཁོ་ན་ཡིན་ཞེ་ན། སྨྲས་པ། འགའ་འང་མ་ཡིན་ནོ།། དུ་ཞིག་ཁམས
་གསུམ་དང་ལྡན་པ་ཡིན་ཞེ་ན། སྨྲས་པ། གསུམ་མོ།། དུ་ཞིག་ཟིན་པ་ཡིན་དུ་ཞིག་ཟིན་པ་དང་མ་ཟིན་པ་ཡིན། དུ་ཞིག་མ་ཟིན་པ་ཡིན་ཞེ་ན། སྨྲས་པ། ལྔ་ནི་ཟིན་པའོ།། ལྔ་ནི་ཟིན་པ་དང་མ་ཟིན་པ་ཡིན་ནོ།། ལྷག་མ་རྣམས་ནི་མ་ཟིན་པ་ཡིན་ནོ།། དེ་ཅིའི་ཕྱིར
་ཞེ་ན། དེ་ལས་གཞན་པ་གང་དག་དེ་དག་འཛིན་པར་འགྱུར་བའི་འཛིན་པར་བྱེད་པ་མི་དམིགས་པའི་ཕྱིར་རོ།། ཁམས་སྣ་ཚོགས་པ་ཉིད་གང་ཞེ་ན། དེ་གཉི་ག་གཅིག་ཏུ་བསྡུས་པ་ལ་ཁམས་ཚད་མེད་པ་ཉིད་ཅེས་བྱ་སྟེ། དབང་པོའི་ཚོགས་ཀྱི་དཔེས་ང་ནི
་ཁམས་རྣམས་ཀྱི་ཁམས་ཀྱི་མཐའ་ཡོད་པར་མི་སྨྲའོ།། ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། བར་སྡོམ་ནི། རྫས་སུ་ཡོད་པ་གང་ཡིན་དང་།། མུ་བཞི་དང་ནི་མཚུངས་པ་དང་།། འཛིན་དང་ཁམས་དང་ཟིན་པ་དང་།། སྣ་ཚོགས་པ་དང་དུ་མ་ཉིད།། ཁམས་ཀྱི་དོན
་གང་ཞེ་ན། སྨྲས་པ། ཁམས་ཀྱི་དོན་ནི་རྒྱུའི་དོན་དང་ས་བོན་གྱི་དོན་དང་རང་བཞིན་གྱི་དོན་དང་རིགས་ཀྱི་དོན་དང་ཆ་ཕྲ་བའི་དོན་དང་གཞིའི་དོན་ཏོ།། ཅིའི་ཕྱིར་ན་མྱ་ངན་ལས་འདས་པའི་དབྱིངས་དང་ན་མཁའི་ཁམས་ལ་ཁམས་ཞེས་བྱ་ཞེ་ན། སྨྲས་པ། སྡུག
་བསྔལ་མི་སྐྱེ་བའི་བཞིའི་དོན་དང་ལུས་དང་མིག་ལ་སོགས་པ་ཡོངས་སུ་གཡོ་བའི་བཞིའི་དོན་གྱིས་སོ།། ཅི་ཞིག་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་ཁམས་རྣམ་པར་གཞག་ཅེ་ན། སྨྲས་པ། རྒྱུར་རྐྱེན་ཡོངས་སུ་བསྟན
་པར་བྱ་བའི་ཕྱིར་དང་། དབང་པོ་དང་ཡུལ་དང་ཉེ་བར་སྤྱོད་པ་ཡོངས་སུ་བསྟན་བྱ་བའི་ཕྱིར་རོ།། ཁམས་བཅོ་བརྒྱད་པོ་འདི་དག་གི་རབ་ཏུ་དབྱེ་བ་གང་ཞེ་ན། སྨྲས་པ། རེ་ཤིག་མདོར་བསྡུ་ན་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། ཆོས་ཀྱི་ཁམས་ནི་འདི་ལྟ་སྟེ།
་མིག་ལ་སོགས་པའི་ཆོས་རྣམས་སོ།། དག་པའི་ཁམས་ནི་འདི་ལྟ་སྟེ། གང་ཟག་རིགས་ལ་གནས་པ་རྣམས་ཀྱི་ཁམས་གང་དག་ཡིན་པའོ།། རང་བཞིན་གྱི་ཁམས་ནི་འདི་ལྟ་སྟེ། ཁམས་བཅོ་བརྒྱད་པོ་ཇི་སྐད་བསྟན་པ་དེ་དག་ཉིད་ཐོག་མ་མེད་པའི
་དུས་ནས་སྐྱེ་བ་ཕྱི་མ་ཕྱི་མ་དག་ཏུ་རབ་ཏུ་གྲུབ་པ་གང་ཡིན་པ་དང་། གང་ཟག་རིགས་ལ་གནས་པ་དང་། རིགས་ལ་གནས་པ་མ་ཡིན་པ་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན
་པའི་ཆོས་ཉི་དུ་རབ་ཏུ་གྲབ་པ་གང་ཡིན་པའོ། ཡོངས་སུ་བསྒོམས་པའི་ཁམས་ནི་འདི་ལྟ་སྟེ། སྔོན་དགེ་བ་དང་མི་དགེ་བ་ཡོངས་སུ་བསྒོམས་པ་དེ་དག་ཉིད་འཁོར་བར་སྐྱེ་བ་དང་། འབྲི་བ་དང་བྱེ་བྲག་དང་། མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཉིད་གང
་ཡིན་པའོ།། འབྲས་བུ་བསྐྱེད་པའི་ཁམས་ནི་འདི་ལྟ་སྟེ། དེ་དག་ཉིད་འབྲས་བུ་བསྐྱེད་ནས་འགགས་པ་གང་ཡིན་པའོ།། འབྲས་བུ་མ་བསྐྱེད་པའི་ཁམས་ནི་འདི་ལྟ་སྟེ། དེ་དག་ཉིད་འབྲས་བུ་མ་བསྐྱེད་ལ་འགགས་པ་འམ་མ་འགགས་པ་གང་ཡིན་པ་སྟེ།
་དེ་ལྟར་ན་ད་ནི་མདོར་བསྟན་པ་ལས་ཁམས་དྲུག་སྦྱིན་གྱི་རྒྱུསྨྲ་པར་བསྐྲུན་པ་ན་ཚད་མེད་དེ།། ཁམས་བཅོ་བརྒྱུད་པ་དེ་དག་ལས་དུ་ནི་གཟུགས་ཅན་དག་མ་ཡིན་པ་ནས། དུ་ནི་སྤང་བར་བྱ་བ་མ་ཡིན་པ་དག་གི་བར་དུ་ཡིན་ཞེ་ན། རྒྱ་ཆེར་ང་སྐད་བསྣུན
་པའི་མཚན་ཉིད་ཀྱི་རྗེས་སུ་ཞུགས་ཁ་སྦྱར་བར་བྱའོ།། མིག་གིས་གཟུགས་རྣམས་མཐོང་བ་ནས་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་སོ་ཞེས་བྱ་བའི་བར་དུ་ཇི་སྐད་གསུངས་པ་དེ་ལ། ཅི་མིག་ལ་སོགས་པས་མཐོང་བ་ནས་རྣམ་པར་ཤེས་པའི་བར་དུ
་ཡིན་ནམ། འོན་ཏེ་དེ་དག་གི་རྣམ་པར་ཤེས་པ་དྲུག་གིས་མཐོང་བ་ནས་རྣམ་པར་ཤེས་པའི་བར་དུ་ཡིན་ཞེ་ན། སྨྲས་པ། དོན་དམ་པར་ནི་མིག་ལ་སོགས་པས་ཀྱང་མ་ཡིན་ལ། དེ་དག་གི་རྣམ་པར་ཤེས་པ་དག་གིས་ཀྱང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན།
་དངོས་པོ་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་དང་། སྐད་ཅིག་པའི་ཕྱིར་དང་། གཡོ་བ་མེད་པའི་ཕྱིར་རོ།། བརྡའི་ཚུལ་དུ་ནི་གཙོ་བོ་ཡིན་པའི་མིག་ལ་སོགས་པ་ལ་མཐོང་བ་པོ་ལ་སོགས་པ་ཉེ་བར་གདགས་པ་ཆེས་རིགས་སོ།། དེ་ཅིའི་ཕྱིར་ཞེ་ན།
་མིག་ལ་སོགས་པ་དབང་པོ་རྣམས་ཡོད་ན་ནི་རྣམ་པར་ཤེས་པ་འབྱུང་བ་མ་ཚང་བ་མེད་པར་ངེས་ཀྱི། རྣམ་པར་ཤེས་པའི་རྒྱུན་ནི་ཡོད་དུ་ཟིན་ཀྱང་མིག་ལ་སོགས་པ་དབང་པོ་རྣམས་ཚང་བའམ་མ་ཚང་བར་དམིགས་པའི་ཕྱིར་རོ།། ལྟ་བ་ལ་སོགས་པ
་ཙམ་ལ་མཐོང་བ་ལ་སོགས་པ་ཉེ་བར་གདགས་པ་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་ནོ།། ཁམས་བཅོ་བརྒྱད་པོ་དི་ག་ཞི་གི་རིམ་བསྦྱིན་པའི་རྒྱུ་དག་གང་ཞེ་ན། སྨྲས་པ། དེ་དག་ནི་མདོར་བསྡུན་རྣམ་པ་གཉིས་སུ་བལྟ་བར་བྱའོ།། འདི་ལྟ་སྟེ།
་གསུམ་གྱི་གོ་རིམ་གྱི་རྒྱུ་དང་། དྲུག་གི་གོ་རིམས་ཀྱི་རྒྱུའོ།། དེ་ལ་གསུམ་གྱི་གོ་རིམས་ཀྱི་རྒྱུ་གང་ཞེ་ན། སྨྲས་པ། གནས་དང་ཡུལ་དང་དེ་གཉི་ག་ལ་བརྟེན་པའི་བྱེ་བྲག་ལས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་དབང་པོ
་ལ་ཕྱོགས་གཅིག་གི་དོན་གྱིས་བརྟེན་པ་དང་། ཡུལ་ལ་ནི་དམིགས་པའི་དོན་གྱི་རྟེན་ཏོ།། དྲུག་གོ་རིམས་ཀྱི་རྒྱུ་གང་ཞེ་ན། སྨྲས་པ། མིག་ལ་སོགས་པ་ནི་སྤྱོད་ཡུལ་ཆེས་ཕལ་ཆེ་བ་དང་སྣ་ཚོགས་པ་དང་ཡང་དང་ཡང་འབྱུང་བའི་ཕྱིར་དང་པོར་བསྟན་ཏེ་དེ་ནི་རྒྱུ
་དང་པོ་ཡིན་ནོ།། ཡང་འཇིག་རྟེན་གྱི་ཐ་སྙད་གྱི་རྗེས་སུ་འཇུག་པ་སྟེ། འདི་ལྟར་འཇིག་རྟེན་པ་རྣམས་ནི་དང་པོར་ཅིག་ལ་ཅིག་ལྟ་བར་བྱེད་དོ།། དེའི་འོག་ཏུ་ཀུན་ཏུ་སྨྲ་བར་བྱེད་དོ།། དེའི་འོག་ཏུ་འདུས་ཤིང་ཟ་བ་དང་ལྷག་པར་ཟོ་བར་བྱེད་དོ།། དེའི་འོག་ཏུ་ཉི
་མ་ནུབ་ཅིག་ནམ་སྲོས་པ་ན་མལ་ཤོམ་ཞིང་མལ་སྟན་དང་ཤིང་བལ་དང་སྔས་ནང་ཚངས་ཅན་དང་བུད་མེད་ཀྱི་རེག་པ་ལ་རྟེན་པར་བྱེད་དེ་དེ་ནི་རྒྱུ་གཉིས་པ་ཡིན་ནོ།། ཡང་དགའ་བའི་བྱེ་བྲག་གི་གནས་ལས་ཏེ་དེ་ནི་རྒྱུ་གསུམ་པ་ཡིན་ནོ།། ཡང་མཛེས
་བྱེ་བྲག་ཡོངས་སུ་འཛིན་པ་ལས་ཏེ་འདོད་པ་ལ་ལོངས་སྤྲད་པ་རྣམས་ཀྱི་སྨིན་ཚུགས་དང་། མིག་སྨན་ལ་སོགས་པས་མཛེས་པར་བྱས་པས་ནི་མིག་གོ། རྣ་ཆ་དང་རྣ་རྒྱན་ལ་སོགས་པས་མཛེས་པར་བྱས་པ་ནི་རྣ་བ་ཡིན་གྱི་གཞན་ནི་དེ་ལྟ
་མ་ཡིན་ཏེ་དེ་ནི་རྒྱུ་བཞི་པ་ཡིན་ནོ།། ཡང་བྱ་བ་དང་ཟས་དང་འཁྲིག་པའི་དབང་ལས་ཏེ། འདི་ལྟར་སེམས་ཅན་རྣམས་ནི་ལུས་དང་ངག་གི་ལས་དགེ་བ་དང་མི་དགེ་བ་དག་གིས་ཐམས་ཅད་ལ་རྩོལ་བར་བྱེད་ཡོངས་སུ་ཚོལ་བར་བྱེད་དོ།། དེའི་འོག་ཏུ
་ཁམ་གྱི་ཟས་དག་ཟ་བར་བྱེད་དོ།། ཚིམ་ཞིང་རྒྱགས་པ་དག་འཁྲིག་པ་སྟེན་པར་བྱེད་དེ་དེ་ནི་རྒྱུ་ལྔ་པ་ཡིན་ནོ།། ཡང་ལས་དང་བྱ་བའི་བྱེ་བྲག་ཡོངས་སུ་འཛིན་པ་ལས་ཏེ་འདི་ལྟར་མིག་གིས་གཟུགས་སྣ་ཚོགས་དག་མཐོང་ནས་འགྲོའོ།། འགྲོ་བ་ན་འཁྲུལ
་པབ་མེད་པ་དང་སྤྱོད་ལམ་མ་འཁྲུལ་པ་འཆའ་བར་བྱེད་དོ།། དགྲ་བོ་དང་མཛའ་བཤོས་ཐ་མ་ལས་སྔོན་མཐོང་བ་དང་མ་མཐོང་བ་གཞན་དག་གིས་ངོ་ཤེས་པར་ཡང་བྱེད་དོ།། ཡུལ་ཤེས་ཀྱི་དེ་ཤེས་པར་བྱེད་ཅིང་གཞན་དག་ལ་སྟོན་པར་ཡང་བྱེདདོ།།
་མིང་དང་ཐ་སྙད་འདོགས་པར་བྱེད་དོ།། བྲོ་གར་དང་ཟློས་གར་དང་བཞད་གང་ལ་སོགས་པ་སྣ་ཚོགས་མང་པོ་དག་གིས་དགའ་བ་སོ་སོར་མྱོང་བར་ཡང་བྱེད་དོ།། ལུས་ཀྱང་རྟས་པར་བྱེད་དེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་རྣམ་པ་དུ་མ་ནི་མིག
་གི་ཁམས་ཀྱི་ལས་ཡིན་ནོ།། རྣ་བས་ནི་སྒྲ་སྣ་ཚོགས་དག་ཉན་པར་བྱེད་དོ།། ལེགས་པར་གསུངས་པ་དང་ཉེས་པར་བཤད་པའི་དོན་ཀྱང་ཤེས་པར་བྱེད་དོ།། མངོན་པར་བརྗོད་པས་ཐ་སྙད་འདོགས་པར་ཡང་བྱེད་དོ།། རོལ་མོའི་སྒྲས་དགའ
་བ་སོ་སོར་མྱོང་བར་བྱེད་དོ།། ལུས་ཀྱང་རྟས་པར་བྱེད་དེ། དེ་ལྟར་དེ་ལྟ་བུ་དང་མཐུན་པའི་རྣ་བྲིའི་ཁམས་ཀྱི་ལསྔ་རབ་ཏུ་ཟླ་བ་ཡིན་ནོ།། སྣས་ནི་དྲི་སྣ་ཚོགས་དག་སྡོམ་པར་བྱེད་དོ།། དྲིས་འགྲོ་བར་ཡང་བྱེད་དོ།། དགའ་བ་སོ་སོར་མྱོང་བར
་ཡང་བྱེད་དོ།། ལུས་རྟས་པར་ཡང་བྱེད་དེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་ནི་སྣའི་ཁམས་ཀྱི་ལས་རབ་ཏུ་བླ་བ་ཡིན་པར་རིག་པར་བྱའོ།། ལྕེའི་ཁམས་ཀྱིས་ནི་རོ་སྣ་ཚོགས་དག་མྱོང་བར་བྱེད་དོ།། དགའ་བ་སོ་སོར་མྱོང་བར་ཡང་བྱེད་དོ།། ལུས
་ཀྱང་རྟས་པར་ཡང་བྱེད་དེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་ནི་ལྕེའི་ཁམས་ཀྱི་ལས་རབ་ཏུ་བླ་བ་ཡིན་ནོ།། ལུས་ཀྱི་ཁམས་ཀྱིས་ནི་རེག་བྱ་སྣ་ཚོགས་ངག་རེག་པར་བྱེད་དོ།། དགའ་བ་སོ་སོར་མྱོང་བར་ཡང་བྱེད
་དོ།། དེ་དང་དེས་ལུས་རྟས་པར་ཡང་བྱེད་ལ་ལན་འགའ་ནི་དགའ་བའི་དངོས་པོ་དེ་དག་ཉིད་ཉམས་པར་ཡང་བྱེད་དོ།། དེ་ལྟར་དེ་ལྟ་བུ་དང་མཐུན་པ་ནི་ལུས་ཀྱི་ཁམས་ཀྱི་ལས་རབ་ཏུ་བླ་བ་ཡིན་ཏེ། དེ་ནི་གོ་རིམ་བསྟན་པའི་རྒྱུ་དྲུག་པ་ཡིན
་ནོ།། ཡིད་ནི་མིག་ལ་སོགས་པ་དྲུག་དེ་དོག་གི་རྣམ་གྲངས་ཐམས་ཅད་དང་ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཐ་མར་བསྟན་པར་རིག་པར་བྱའོ།། གོ་རིམས་ཀྱི་རྒྱུ་དེ་དག་གི་བར་སྡོམ་ནི། ཕལ་ཆེ་བ་དང་ཐ་སྙད་དང་། དགའ་དང
་མཛེས་དང་བྱ་བ་གཉིས།། ཁམས་བཅོ་བརྒྱད་པོ་དེ་དག་གིས་དེ་ལས་གཞན་པ་མདོ་ལས་གསུངས་པ་ཐམས་ཅད་བསྡུས་པར་རིག་པར་བྱའོ།། ཅིའི་ཕྱིར་གཟུགས་ན་སྤྱོད་པ་ཡུལ་གྱི་འདོད་ཆགས་དང་བྲལ་བ་རྣམས་ལ་སྣའི་ཁམས་དང
་ལྕེའི་ཁམས་འབྱུང་བར་འགྱུར་ཞེ་ན། སྨྲས་པ། ལུས་མཛེས་པར་བྱ་བའི་ཕྱིར་དང་དེ་གཉིས་ཀྱི་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ།། གཟུགས་ཀྱིས་ཁམས་སུ་བསམ་གཽཏན་གཉིས་པ་དང་དེའི་གོང་མར་སྐྱེས་པ། གལ་ཏེ་མིག་ལ་སོགས
་པའི་རྣམ་པར་ཤེས་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་མངོན་དུ་བྱེད་ན་ནི་ཇི་ལྟར་ན་ས་དེ་རྟོག་པ་མེད་ཅིང་དཔྱོད་པོ་མེད་པར་འགྱུར། གལ་ཏེ་མངོན་དུ་མི་བྱེད་ན་ནི་ཇི་ལྟར་ན་དབང་པོ་གཟུགས་ཅན་དེས་དེའི་ས་པའི་ཡུལ་ཉམས
་སུ་མྱོང་བར་འགྱུར་ཞེ་ན། སྨྲས་པ། རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་རྣམ་པར་ཤེས་པའི་ས་བོན་དང་ལྡན་པ་ཡིན་པས། དེའི་ཕྱིར་དེ་ལས་ལངས་པ་ལ་དེ་ཀུན་ཏུ་འབྱུང་བར་རུང་ངོ་།།
་ལངས་པའི་རྣམ་པར་ཤེས་པ་དེ་ལ་དཔྱོད་པ་དེ་ཡང་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གྱི་ས་བོན་དང་ལྡན་པ་ཡིན་པས་དེའི་ཕྱིར་ས་བོན་དེ་ནི་རྟོག་པ་མེད་པ་དང་དཔྱོད་པ་མེད་པ་ཉིད་མ་ཡིན་ནོ།། རང་བཞིན་གྱིས་འདོད་ཆགས་དང
་བྲལ་བའི་སེམས་ཅན་དེ་དག་ནི་འདོད་ཆགས་བྲལ་བས་འདོད་ཆགས་དང་བྲལ་བའི་ཕྱིར་དེ་དག་ལ་རྟོག་པ་མེད་ཀྱང་ས་དེ་ལ་ཀུན་ཏུ་སྤྱོད་པ་ལ་ཉིས་པ་མེད་དོ།། ཅིའི་ཕྱིར་མིག་གི་ཁམས་ཆ་གཉིས་སུ་མངོན་པར་གྲུབ་ཅིང་རྣ་བའི་ཁམས་དང་སྣའི་ཁམས
་ཀྱང་དེ་བཞིན་ལ་གཞན་ནི་དེ་ལྟ་མ་ཡིན་ཞེ་ན། སྨྲས་པ། ལུས་ལ་མཛེས་པར་བྱ་བའི་ཕྱིར་རོ།། མིག་གི་རྣམ་པར་ཤེས་པ་གང་ཡིན་པ་དང་། སྣའི་རྣམ་པར་ཤེས་པའི་བར་དུ་གཉིས་ལས་བརྟེན་ཏེ། སྐྱེ་བ་གང་ཡིན་པ་དེ་དག་ཅི་གཅིག་ཏུ་བརྗོད་པར་བྱ
་འམ། འོན་ཏེ་གཉིས་སུ་བརྗོད་པར་བྱ་ཞེ་ན། སྨྲས་པ། གཅིག་ཏུ་མ་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གཅིག་མ་བསྒྲིབས་ཤིང་རབ་ཏུ་མ་ཉམས་ན་རྣམ་པར་ཤེས་པ་གསལ་བར་སྐྱེ་བའི་ཕྱིར་དང་། བསྒྲིབས་ཤིང་རབ་ཏུ་ཉམས་ན་རྣམ་པར་ཤེས
་པ་གསལ་བར་མི་སྐྱེ་བའི་ཕྱིར་དང་། རྣམ་པར་ཤེས་པ་དེ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་གཟུགས་བཞིན་དུ་ཡུལ་ལས་གཉིས་སུ་དབྱེར་མེད་པའི་ཕྱིར་རོ།། མིག་དང་མིག་གི་རྣམ་པོར་ཤེས་པ་གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན་དེ་ལྟ་ན་ཅི
་ལྟར་དེ་གཉིས་ལྷན་ཅིག་གི་དངོས་པོ་འགྱུར། གལ་ཏེ་ལྷན་ཅིག་གི་དངོས་པོ་ཡིན་ན་ནི་དེ་ལྟར་ན་ཇི་ལྟར་དེ་གཉིས་རྒྱུ་དང་འབྲས་བུའི་དངོས་པོར་རུང་ཞེ་ན། སྨྲས་པ། ས་བོན་དང་མྱུ་གུ་བཞིན་དུ་མིག་ལས་བརྟེན་ཏེ
་མ་པར་ཤེས་པ་སྐྱེ་བ་ནི་མི་རུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། མིག་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་མ་ཡིན་པའི་ཕྱིར་ཏེ། འོན་ཀྱང་གནས་ཀྱི་རྒྱུ་ཡིན་པས་དེའི་ཕྱིར་དེ་གཉིས་ནི་མར་མ་དང་འོད་བཞིན་ལྷན་ཅིག་གི་དངོས་པོ་དང་རྒྱུ་དང་འབྲས
་བུའི་དངོས་པོས་རུང་ངོ་།། མིག་དང་མིག་གི་རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ། རྣ་བ་དང་སྣ་དོང་ལྕེ་དང་ལུས་དང་དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། གཞན་དུ་ན་རང་གི་ས་བོན་ལས་སྐྱེ་བར་གྱུར་ན་མིག་ལ་སོགས
་པའི་རྣམ་པར་ཤེས་པ་གནས་མེད་པ་ལས་འབྱུང་བར་འགྱུར་བས་མི་རུང་ངོ་།། འདོད་པའི་ཁམས་སུ་སྐྱེས་ཤིང་བྱུང་བའི་མིག་གི་ཁམས་ངེས་པར་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་བྱ་འམ་ཞེ་ན། སྨྲས་པ། དེར་ནི་གཅིག་ཏུ་མོ་ངེས་སོ།། མིག་གི
་ས་ཇི་ལྟ་བ་བཞིན་དུ་རྣ་བ་དང་སྣ་དང་ལྕེའི་ཁམས་རྣམས་དང་། དེ་དག་གི་རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ།། ལུས་ཀྱི་ཁམས་ནི་ངེས་པར་འབྱུང་ཏེ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་དང་ཡིད་ཀྱི
་ཁམས་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་ཁམས་རྣམས་ཀྱང་དེ་བཞིན་ནོ།། གཟུགས་ཀྱི་ཁམས་སུ་སྐྱེས་ཤིང་འབྱུང་བའི་མིག་གི་ཁམས་ངེས་པར་འབྱུང་བར་འགྱུར་རོ།།
་ཞེས་བརྗོད་པར་བྱའམ་ཞེ་ན། སྨྲས་པ། ངེས་པ་ཡིན་ནོ།། མིག་གི་ཁམས་ཇི་ལྟ་བ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་ཁམས་རྣམས་དང་། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ཏེ། དྲིའི་ཁམས
་དང་རོའི་ཁམས་དང་དེ་དག་གི་རྣམ་པར་ཤེས་པའི་ཁམས་དག་མ་གཏོགས་པ་དེ་ལས་གཞན་པ་ཐམས་ཅད་ནི་ངེས་པར་འབྱུང་བར་འགྱུར་རོ།། གཟུགས་མེད་པའི་ཁམས་སུ་སྐྱེས་ཤིང་བྱུང་བ་ལ་ནི་ཁམས་གསུམ་པོ་ཡིད་དང་ཆོས་དང་ཡིད་ཀྱི
་རྣམ་པར་ཤེས་པའི་ཁམས་རྣམས་མ་གཏོགས་པ་དང་དབང་བསྒྱུར་བས་ཐོབ་པའི་གཟུགས་མ་གཏོགས་པ་དེ་ལས་གཞན་པ་རྣམས་ནི་ངེས་པར་འབྱུང་བ་མ་ཡིན་ནོ་གསུམ་པོ་དག་ནི་དོར་ངེས་པར་འབྱུང་བར་བལྟ་བར་བྱའོ།། འདིའི་སྔོ་ཚོགས
་སུ་བཅད་པ་ནི་ཕུང་པོ་ལ་མཁས་པའི་ངང་འདྲ་བར་བལྟ་བར་བྱའོ།། ཁམས་ཀྱི་དངོས་པོ་ལྔ་མཁས་པ་རྫོགས་སོ།། །། སྐྱེ་མཆེད་རྣམས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་ཡང་ཁམས་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་བལྟ་བར་བྱའོ།།
་མིག་གི་སྐྱེ་མཆེད་གང་ཞེ་ན། མིག་ཐོབ་ཅིང་མ་སྤངས་ལ་དེ་མ་ཐག་ཏུ་ལུས་ལས་འགོག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པའོ།། མིག་གི་སྐྱེ་མཆེད་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་ལྷག་མ་རྣམས་ཀྱང་ངོ་བོ་ཉིད་ལས་དེ་བཞིན་དུ་བལྟ་བར་བྱའོ།། སྐྱེ
་མཆེད་དང་རེག་པའི་སྐྱེ་མཆེད་གཉིས་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། སྐྱེ་མཆེད་ནི་ཇི་སྐད་བསྟན་པ་ཡིན་ནོ།། རེག་པའི་སྐྱེ་མཆེད་ནི་སྐྱེ་མཆེད་གང་རེག་པ་དང་། ལྷན་ཅིག་བདེ་མ་ཐག་ཏུ་རེག་པ་སྐྱེ་བར་བྱེད་པ་རེག་པ་དང་རྗེས་སུ་མཐུན་པའོ།།
་ནཱི་ག་གངྒཱ་ཡིན་པ་སྐྱེ་མཆེད་ཀྱད་དེ་ཡིན་ལ་སྐྱེ་མཆེད་གང་ཡིན་པ་མིག་ཀྱང་དུ་ཡིནྡ་ན་མ་ཞེ་ན། སྨྲས་པ། མིག་ཡིན་ལ་སྐྱེ་མཆེད་མ་ཡིན་པའང་ཡོད་དེ་མིག་ཟབ་ཅིང་མ་སྤངས་ལ་དེ་མྱ་ཐུག་ཏུ་འགོག་པའི་ཆོས
་ཅན་གང་ཡིན་པའོ།། སྐྱེ་མཆེད་ཡིན་ལ་མིག་མ་ཡིན་པའང་ཡོད་དེ། སྐྱེ་མཆེད་ལྷག་མ་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱིས་རྣམ་པར་གནས་པ་རྣམས་སོ།། མིག་ཀྱང་ཡིན་ལ་སྐྱེ་མཆེད་ཀྱང་ཡིན་པ་ཡང་ཡོད་དེ། མིག་ཐོབ་ཅིང་མ་སྤངས་ལ་དེ་མ
་ཐག་ཏུ་འགོག་པའི་ཆོས་ཅན་ཡང་མ་ཡིན་པ་གང་ཡིན་པའོ།། མིག་ཀྱང་མ་ཡིན་ལ་སྐྱེ་མཆེད་ཀྱང་མ་ཡིན་པའང་ཡོད་དེ། མིག་མ་ཐོབ་པ་འམ་སྤངས་པ་དང་དེ་ལས་གཞན་པ་རྣ་བ་ལ་སོགས་པ་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱིས་ཉེ་བར་མི་གནས
་པ་གནས་པ་གང་ཡིན་པའོ།། སྐྱེ་མཆེད་གང་ཡིན་པ་རེག་པའི་སྐྱེ་མཆེད་ཀྱང་དེ་ཡིན་ལ་རེག་པའི་སྐྱེ་མཆེད་གང་ཡིན་པ་སྐྱེ་མཆེད་ཀྱང་དེ་ཡིན་ནམ་ཞེ་ན། སྨྲས་པ། རེག་པའི་སྐྱེ་མཆེད་གང་ཡིན་པ་དེ་ནི་སྐྱེ་མཆེད་ཀྱང་ཡིན་ནོ།། སྐྱེ་མཆེད་ཡིན
་ལ་རེག་པའི་སྐྱེ་མཆེད་མ་ཡིན་པོ་ཡང་ཡོད་དེ། མིག་ལ་སོགས་པ་རེག་བྱ་དང་མི་ལྡན་པ་དང་། དེ་མོ་ཐག་ཏུ་རེག་པ་སྐྱེད་པོར་མི་བྱེད་པ་དང་འགོག་པའི་ཆོས་མ་ཡིན་པ་གང་ཡིན་པའོ།། གཟུགས་ཀྱི་ཁམས་སུ་སྐྱེས་ཤིང་བྱུང་བའི་སྣ་གང་ཡིན་པ
་དང་ལྕེ་གང་ཡིན་པ་དེ་ནི་དུས་རྟག་ཏུ་སྐྱེ་མཆེད་མ་ཡིན་པ་ཁོ་ནར་བལྟ་བར་བྱའོ།། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་དབང་པོ་གང་དག་ཡིན་པ་དེ་དག་ཀྱང་དུས་རྟག་ཏུ་སྐྱེ་མཆེད་མ་ཡིན་པ་ཁོ་ནར་བལྟ་བར་བྱའོ།། དོན་གང
་གིས་ན་སྐྱེ་མཆེད་རྣམས་ཞེས་བྱ། ཅི་ཞིག་ཡོངས་སུ་བསྟན་པའི་ཕྱིར་སྐྱེ་མཆེད་རྣམ་པར་གཞག་ཅ་ན། སྒྲས་པ། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་སྐྱེ་བའི་སྒྲའི་དོན་དང་། རྐྱེནྡྲ་ཛྙཱ་དོན་དང་། ཐབས་ཀྱི་དོན་དང་ཚོགས་དང
་དངོས་པོའི་དང་རྟེན་གྱི་དོན་དང་། དེ་དག་སྣང་བའི་གནས་ཀྱི་དོན་གྱིས་སོ།། མཚུངས་པ་དེ་མ་ཐག་པ་དང་། དམིགས་པ་དང་བདག་པོའི་རྐྱེན་རྣམ་པ་གསུམ་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་སྐྱེ་མཆེད་རྣམ་པར་གཞག་གོ།། སྐྱེ་མཆེད
་རྣམས་ཀྱི་རབ་ཏུ་དབྱེ་བ་དང་གོ་རིམས་ནི་ཁམས་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ།། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། དེ་བཞིན་དུ་རྒྱས་པར་ཟད་པར་གྱི་སྐྱེ་མཆེད་བཅུ་དང་། དེ
་བཞིན་དུ་ན་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་སྐྱེ་མཆེད་བཞི་དང་། དེ་བཞིན་དུ་སྐྱེ་མཆེད་གཉིས་པོ་འདུ་ཤེས་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། དེ་དག་ལ་སོགས་པ་སྐྱེ་མཆེད་ཀྱི་སྒྲར
་བསྟན་པོའི་ཆོས་གང་དག་གསུངས་པ་དེ་དག་ཀྱང་སྐྱེ་མཆེད་བཅུ་གཉིས་པོ་དག་གིས་མཚོན་ཉིད་ཇི་སྐད་སྨོས་པས་ཅི་རིགས་པར་བསྡུ་བར་རིགས་པར་བྱའོ།། སྐྱེ་མཆེད་རྣམས་ཀྱི་རྟེན་ཀྱང་ཁམས་ཀྱི་ཁོ་ན་བཞིན་དུ་བལྟ་བར་བྱའོ།། སྐྱེ
་མཆེད་ཀྱི་དངོས་པོ་ལ་མཁས་པ་རྫོགས་སོ།། །། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཞེས་བྱ་བ་ལ་གང་དག་བདག་པོ་མེད་པ་དང་བྱེད་པ་པོ་མེད་པ་དང་ཚོར་བ་པོ་མེད་པ་དང་། བདག་ཉིད་གཡོ་བ་མེད་པ་དང་རང
་དབང་མེད་པ་དང་རྒྱུས་བསྐྱེད་པ་དང་། རྐྱེན་ལ་རག་ལས་ཤིང་འཇུག་པ་དང་མ་བྱུང་བ་ལས་འབྱུང་བའི་ཆོས་ཅན་དང་བྱུང་ནས་འཇིག་པའི་ཆོས་ཅན་དང་ཆོས་ཙམ་གྱིས་རབ་ཏུ་ཕྱེ་བ་དང་། ཆོས་རྣམས་ཁོ་ནས
་མངོན་པར་བརླན་པ་དང་། ཆོས་རྣམས་ཁོ་ན་མངོན་པར་བརླན་པར་བྱེད་པ་དང་། རྒྱུད་དུ་གཏོགས་པ་དང་། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་དག་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཀྱི་མཚན་ཉིད་ཡིན་པར་རིག་པར་བྱའོ།། དེ
་ལ་རྒྱུ་གང་ཡིན་པ་དེ་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ།། འབྲས་བུ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་བྱུང་བ་ཞེས་བྱ་བར་བལྟ་བར་བྱའོ།། དེ་ལ་མ་རེག་པའི་བག་ལ་ཉལ་མ་སྤངས་པ་ཡོད་པས་མ་རིག་པའི་ཀུན་ནས་དཀྲིས་པ
་འབྱུང་ངོ་།། མ་རིག་པའི་ཀུན་ནས་དཀྲིས་པ་སྐྱེས་པའི་ཕྱིར་འདུ་བྱེད་རྣམས་ཀྱི་འཇུག་པ་སྐྱེའོ།། དེ་བཞིན་དུ་འདུ་བྱེད་ཀྱི་ས་བོན་མ་སྤངས་པ་ཡོད་པས་འདུ་བྱེད་རྣམས་འབྱུང་ངོ་།། འདུ་བྱེད་རྣམས་སྐྱེས་པའི་ཕྱིར་རྣམ་པར་ཤེས་པ
་འཇུག་པ་སྐྱེའོ།། དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྨོན་ལག་ལྷག་མ་རྣམས་ཀྱི་འཇུག་པའི་ཚུལ་ཡང་ཅི་རིགས་པར་རིག་པར་བྱའོ།། དེ་ལ་སྲིད་པ་དང་སྐྱེ་བ་དང་རྒ་ཤི་ནི་བཏགས་པའི་ཡོད་པའི་ཆོས་ཡིན་པར་རིག་པར་བྱའོ།།
་སྲིད་པའི་ཡན་ལག་ལྷག་མ་རྣམས་ནི་རྫས་སུ་ཡོད་པའི་ཆོས་ཡིན་པར་རིག་པར་བྱའོ།། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔས་རྣམ་པར་གཞག་ཏེ། ལྔ་གང་ཞེ་ན། སྡུག་བསྔལ་འཕེལ་བའི་རྒྱུའི་གནས་དང
་སྡུག་བསྔལ་མངོན་པར་འགྲུབ་པའི་རྒྱུའི་གནས་དང་། སྡུག་བསྔལ་འཕེན་པའི་རྒྱུ་དང་། སྡུག་བསྔལ་མངོན་པར་འགྲུབ་པའི་རྒྱུ་དང་། སྡུག་བསྔལ་མངོན་པར་འགྲུབ་པ་ཉིད་ནི་ལྔའོ།། དེ་ལ་ཚེ་འདི་ལ་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ
་མཆེད་དྲུག་མངོན་པར་འགྲུབ་པ་མ་སྤངས་ཤིང་། ཡོངས་སུ་མ་ཤེས་པ་གང་ཡིན་པ་དེ་ལ་དམིགས་ཤིང་དེ་གནས་ནས། བྱིས་པ་རྣམས་ཀྱི་ལུས་ལ་ཀུན་ཏུ་རྨོངས་པས་འབྱུང་བ་གང་ཡིན་པ་དེ་ནི་མ་རིག་པ་ཞེས་བྱའོ།། མ་རིག་པའི་རྐྱེན་གྱིས
་དེའི་འོག་ཏུ་འདུ་བྱེད་རྣམས་དང་ཕྱི་མ་ལ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དུ་འབྱུང་བར་འགྱུར་ཏེ། སྐྱེ་མཆེད་དྲུག་པོ་དེ་དག་ནི་མ་རིག་པ་ལ་སོགས་པ་འཕེན་པའི་རྒྱུ་དེའི་གནས་ཤེས་བྱའོ།། དེ་ལྟར་ཀུན་ཏུ་རྨོངས་པའི་རེག་པའི་རྐྱེན
་གྱིས་ཚེ་འདི་ཉིད་ལ་ཚོར་བ་འབྱུང་པོ་གང་ཡིན་པ་དེ་ལ་གནས་ནས་ཕྱི་རོལ་གྱི་ཡུལ་རྣམས་ལ་སྲིད་པ་འབྱུང་ངོ་།། སྲེད་པའི་རྐྱེན་གྱིས་དེའི་འོག་ཏུ་ལེན་པ་འབྱུང་ངོ་།། ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་ཏེ། དེ་ལྟར་མངོན་པར་འགྲུབ་པའི་རྒྱུ
་དེའི་གནས་ནི་རེག་པའི་རྐྱེན་གྱིས་ཚོར་བ་དེ་ཡིན་པར་བལྟ་བར་བྱའོ།། དེ་ལ་ཚེ་འདི་པའི་རྣམ་པར་ཤེས་པ་བསྟོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་ཀྱིས་ཡོངས་སུ་བསྒོས་པ་ལ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས
་དང་རེག་པའི་རྐྱེན་གྱིས་ཚོར་བའི་བར་ཕྱི་མ་ཕྱི་མའི་ས་བོན་དང་ལྗོན་པ་གང་བ་གང་དག་ཡང་བ་དེ་དག་ནི་ལུས་ཞིག་ནས། ཕྱི་མ་ལ་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བ་དང་རྒ་ཤིའི་མིང་ཅན་གྱི་སྡུག་བསྔལ་གཞན་འཕེན་པར་བྱེད་དོ།། དེ་ནི་དེའི
་འཕེན་པའི་རྒྱུ་ཞེས་བྱའོ།། དེ་ལ་ཚོར་བའི་རྐྱེན་གྱིས་སྲེད་པ་དང་སྲེད་པའི་རྐྱེན་གྱིས་ལེན་པ་དང་ལེན་པའི་རྐྱེན་གྱིས་སྲིད་པ་གང་ཡིན་པ་དེ་ནི་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པའི་རྒྱུ་ཞེས་བྱའོ།། སྔོན་བྱས
་པའི་ལས་ཉོན་མོངས་པས་ཡོངས་སུ་ཟིན་པ་མ་འོངས་པའི་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དེ་ཉིད་ལ་སྲིད་པ་ཞེས་བྱ་བར་བལྟ་བར་བྱའོ།། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་སྐྱེ་བོའི་རྐྱེན་གྱིས་རྒ་ཤི་གང་ཡིན་པ་དེ་དག་ནི་སྡུག་བསྔལ་མངོན་པར
་འགྲུབ་པ་ཞེས་བྱའོ།། རྣམ་པར་ཤེས་པ་དང་མིང་ད་གཟུགས་ལ་སོགས་དེ་ཚོར་བའི་མཐར་ཐུག་པ་དེ་དག་ཉིད་སྔོན་ས་བོན་གྱི་དངོས་པོ་དང་ལྡན་པའི་ཚེ་ན་ནི་སྡུག་བསྔལ་འཕེན་པའི་རྒྱུ་ཞེས་བྱའི་མིང་འཐོབ་པར་འགྱུར་རོ།། དེ་དག་ཉིད
་དྲ་ལྟར་འབྲས་བུ་བསྐྱེད་ཟིན་པ་ནི་སྐྱེ་བ་དང་རྨ་ཤིའི་མིང་ཅན་གྱི་སྡུག་བསྔལ་ཞེས་བྱ་བའི་མིང་འཐོབ་པོ།། དེ་ལ་མ་རིག་པ་ནི་ཤེས་པའི་མི་མཐུན་པའི་ཕྱོགས་སེམས་ལས་བྱུང་བའི་ཆོས་སྒྲིབ་པར་བྱེད་པའི་བདག་ཉིད་ཡིན་པར་བལྟ་བར་བྱའོ།།
་རིག་པ་མེད་པ་ཙམ་ཡང་མ་ཡིན་ལ། ལོག་པའི་ཤེས་པ་ཙམ་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། རེ་ཞིག་གལ་ཏེ་མ་རིག་པ་རིག་པ་མེད་པ་ཙམ་ཡིན་པར་གྱུར་ན་ནི། དེ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཡོད་པར་མི་འགྱུར་ཏེ། མེད་པ
་ལ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་གང་ཡང་མེད་པ་དང་། མ་རིག་པའི་བག་ལ་ཉལ་དང་ཀུན་ནས་དཀྲིས་པ་རྣམ་པར་བཞག་པར་མི་ནུས་པ་དང་། མེད་པ་ནི་དུས་ཐམས་ཅད་དུ་མཚན་ཉིད་འདྲ་བ་ཡིན་པས་ཀུན་ཏུ་སྤྱོད་པ་དང་རྗེས་སུ
་འབྲེལ་པ་གཉིས་ཡོད་པར་མི་རུང་བ་དང་། སོ་སོའི་སྐྱེ་བོའི་སེམས་ཉོན་མོངས་པ་ཅན་དང་དགེ་བ་དང་། ལུང་དུ་མ་བསྟན་པ་རིག་པ་དང་བྲལ་བ་ཐམས་ཅད་ལ་ཡང་རིག་པ་མེད་པར་འགྱུར་བས། དེས་ན་སེམས་དེ་དག་ཐམས་ཅད་ཉོན
་མོངས་པ་ཅན་དུ་འགྱུར་བ་དང་། མེད་པའི་བདག་ཉིད་ཀྱི་ཆོས་ནི་འདུས་བྱས་ཀྱིས་བསྡུས་པར་ཡང་མི་རུང་ལ་འདུས་མ་བྱས་ཀྱིས་བསྡུས་པར་ཡང་མི་རུང་བ་དང་། འདུས་བྱས་ཀྱིས་ཀྱང་མ་བསྡུས་ལ་འདུས་མ་བྱས་ཀྱིས་ཀྱང་མ་བསྡུས་པ
་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ་རྣམ་པར་བྱུང་བར་ཡང་མི་འགྱུར་བ་དང་། མ་རིག་པ་དང་མ་བྲལ་བའི་སེམས་ཀྱི་རྒྱུད་ལ་ནི་དུས་རྟག་ཏུ་རིག་པ་སྐྱེ་བར་ཡང་མི་རུང་བ་དང་། མ་རིག་པ་འགགས་ན་རིག་པ་ཞེས
་གང་གསུངས་པ་དེ་ཡང་མེད་པ་ལ་ནི་འགག་པ་ཇི་ལྟར་ཡང་མི་རུང་བའི་ཕྱིར་རོ།། གལ་ཏེ་མ་རིག་པ་ལོག་པའི་ཤེས་པ་ཙམ་ཡིན་པར་གྱུར་ན་ཡང་། དེ་ལྟར་ན་རིག་པས་བསྡུས་པའི་ཤེས་པ་ཉིད་མ་གཏོགས་པ་དེ་ལས་གཞན་པའི་ཤེས
་པ་ཐམས་ཅད་ལོག་པའི་ཤེས་པ་ཡིན་པར་འགྱུར་བ་འམ། ཉོན་མོངསོ་པ་ཅན་གྱི་བདག་ཉིད་ཀྱི་ཤེས་པ་གང་ཡིན་པ་དེ་ཉིད་ལོག་པའི་ཤེས་པ་ཡིན་པར་འགྱུར་བ་འམ། ཉོན་མོངས་པ་དང་མཚངས་པར་ལྡན་པའི་ཤེས་པ་གང་ཡིན་པ
་དེ་ལོག་པའི་ཤེས་པ་ཡིན་པར་འགྱུར་གྲང་ན། གལ་ཏེ་ཤེས་པ་དང་པོ་ལོག་པའི་ཤེས་པ་ཡིན་པར་གྱུར་ན་ནི། དེ་ལྟ་ན་སོ་སོའི་སྐྱེ་བོའི་རྒྱུད་དུ་གཏོགས་པའི་ཤེས་པ་དགེ་བ་དང་ལུང་དུ་མ་བསྟེན་པ་ཐམས་ཅད་ཀྱང་ལོག་པའི་ཤེས་པ
་ཡིན་པར་འགྱུར་བས་དེ་ནི་མི་རུང་ངོ་།། གལ་ཏེ་ཉོན་མོངས་པ་ཅན་གྱི་བདག་ཉིད་ཀྱི་ཤེས་པ་ལོག་པའི་ཤེས་པ་ཡིན་པར་གྱུར་ན་ནི། དེ་ལྟ་ན་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་པོ་དག་ཀྱང་ཉོན་མོངས་པ་ཅན
་ཀྱི་བདག་ཉིད་ཀྱི་ཤེས་པ་ཞེས་བྱ་སྟེ། དེ་ལ་མ་རིག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་རྟོགས་པའི་མཚན་ཉིད་ཡིན་ལ་ལྟ་བ་རྣམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་ན་ལོག་པའི་དངོས་པོ་ལ་མངོན་པར་ཞེན་པའི་མཚན་ཉིད་ཡིན་ཏེ། འདི་ལྟ་སྟེ།
་འཇིག་ཚོགས་ལ་བལྟ་བ་ནི་མ་རིག་པའི་དབང་གིས་བདག་དང་། བདག་གི་ཞེས་མངོན་པར་བྱེད་ལ་དེ་བཞིན་དུ་ལྟ་བ་ལྷག་མ་རྣམས་ཀྱང་རང་རང་གི་མངོན་པར་ཞེན་པའི་རྣམ་པས་འཇུག་པར་འགྱུར་བ་དེ་དག་ཀྱང་གཏི་མུག་མེད་པར་ཡང་མི
་འགྱུར་བས། དེའི་ཕྱིར་གཏི་མུག་གི་རྣམ་པ་ཡང་གཞན་ཡིན་ལ། ལྟ་བ་རྣམས་ཀྱིས་རྣམ་པ་ཡང་གཞན་ཡིན་པའི་ཕྱིར། མ་རིག་པ་ཉོན་མོངས་པ་ཅན་གྱི་བདག་ཉིད་ཀྱི་ཤེས་པ་ཡིན་པར་མི་རུང་ངོ་།། གལ་ཏེ་མ་རིག་པ་དང་ལྟ་བ་རྣམས་མཚན
་ཉིད་འདྲ་བར་གྱུར་ན། དེས་ན་བཅོམ་ལྡན་འདས་ཀྱིས་བག་ལྔ་ཉལ་བདུན་བཱི་དག་ཏུ་ལྟ་བའི་བག་ལ་ཉལ་རྣམ་པར་གཞོག་པ་མཛད་པར་མྱི་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ལྟ་བ་རྣམས་ལ་མཱ་རིག་པ་ཞེས་བྱ་བའི་མིང་ནི་གང་དུ་འང་མ་བསྟན་ཏོ།།
་མ་མ་ན་མ་མནས་བ་། ཚམས་མ་ས་མ་ཡིན་ས་མ་ས
་མཚུངས་པར་ལྡན་པ་ནི་མྱེད་པས། དེ་དག་ནི་མ་རིག་པ་དང་མི་ལྡན་པ་ཡིན་པར་འགྱུར་རོ།། གལ་ཏེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དབང་གིས་ཤེས་པ་དེ་གཏི་མུག་ཉིད་ཡིན་ནི། དེས་ན་འདོད་ཆགས་ལ་སོགས་པའི་དབང
་གིས་གཏི་མུག་ཏུ་འགྱུར་གྱི། གཏི་མུག་གི་དབང་དང་གཏི་མུག་སྔོན་དུ་འགྲོ་བ་ལས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་འབྱུང་བ་མ་ཡིན་པར་འགྱུར་རོ།། ཇི་ལྟར་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ནི་མཚུངས་པར
་ལྡན་པ་ལས་ཉོན་མོངས་པ་ཅན་ཡིན་གྱི། དེའི་ངོ་བོ་ཉིད་ནི་མ་ཡིན་པ་དེ་བཞིན་དུ། གཏི་མུག་གི་བདག་ཉིད་མ་ཡིན་པ་དེ་ཡང་གཏི་མུག་བདག་ཉིད་དུ་དྲང་བར་རྗོད་མི་ནུས་ཏེ། དཔེར་ན་དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བའི
་ཆོས་ཉོན་མོངས་པ་ཅན་གྱི་བདག་ཉིད་མ་ཡིན་པ། ཉོན་མོངས་པ་དང་མཚུངས་པར་ལྡན་པ་དག་ལྟ་བུའོ།། དེ་ལྟ་བས་ན་མ་རིག་པ་ནི་སེམས་ལྔས་བྱུང་བའི་ཆོས་སེམས་དང་མཚུངས་པ་ལྡན་པ་ཡིན་པར་ལྟ་བར་བྱའོ།། བཅོམ་ལྡན་འདས་ཀྱིས
་ལུས་ཀྱི་འདུ་བྱེད་དང་ངག་གིཥྛིདུ་བྱེད་དང་ལྗིད་ཀྱི་འདུ་བྱེད་དང་འདུ་བྱེད་གསུམ་གསུངས་པ་དེ་ལ། དབུགས་རྔུབ་པ་དང་དབུགས་འབྱུང་བའི་རླུང་དག་ཀྱང་ལུས་ཀྱང་ལུས་ཀྱི་འདུ་བྱེད་དག་ཡིན་ཏེ། རླུང་ནི་ལུས་ཀྱི་ལས་འཇུག་པའི་སྔོན་དུ་འཚ
་བ་ཡིན་པའི་ཕྱིར་རོ།། ལུས་ཀྱི་ལས་གང་ཡིན་པ་དེ་ཉིད་ལས་ཀྱི་འདུ་བྱེད་ཡིན་པར་བལྟ་བར་བྱའོ།། དེ་ལྟར་རྨོངས་པ་ལ་ལུས་ཀྱི་ལས་དང་རྗེས་སུ་མཐུན་པའི་རླུང་དག་ཀྱང་འབྱུང་སྟེ། དེ་དག་གིས་ལུས་ཀྱི་ལས་ཉོན་མོངས་པ་ཅན་འཇུག་པར
་བྱེད་དོ།། ཇི་ལྟར་དབུགས་རྔུབ་པ་དང་དབུགས་འབྱུང་བ་དག་གིས་ལུས་ཀྱི་ལས་འཇུག་པར་བྱེད་པ་དེ་བཞིན་དུ། རྟོག་པ་དང་དཔྱོད་པ་དག་གིས་ཀྱང་དག་གི་ལས་འཇུག་པར་བྱེད་ལ། འདུ་བྱེད་ཀྱིས་ཀྱང་ཡིད་ཀྱི་ལས
་འཇུག་པར་བྱེད་དེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་ཅེས་བྱ་སྟེ། ཁམས་གང་ན་གང་ཡོད་པའོ།། དེ་ལ་ཡན་ལག་བཅུ་གཉིས་པོ་གང་ཡིན་པ་དེ་དག་ལས་གཉིས
་ནི་ལས་ཁོ་ནས་བསྡུས་པ་ཡིན་ཏེ། འདུ་བྱེད་དང་སྲིད་པའོ།། གསུམ་ནི་ཉོན་མོངས་པས་བསྡུས་པ་ཡིན་ཏེ། མ་རིག་པ་དང་། སྲེད་པ་དང་ལེན་པའོ།། ལྷག་མ་རྣམས་ནི་དངོས་པོས་བསྡུས་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་ཡན་ལག
་གཉིས་པོ་གང་དག་ལས་ཀྱི་བསྡུས་པ་དེ་དག་ལས་གཅིག་ནི་འཕེན་པའི་ལས་ཀྱི་བསྡུས་པའི་ལས་ཡིན་ཏེ། འདི་ལྟ་སྟེ་འདུ་བྱེད་རྣམས་སོ།། གཉིས་པ་ནི་མངོན་པར་འགྲུབ་པའི་ལས་ཀྱི་བསྡུས་པའི་ལས་ཡིན་ཏེ་འདི་ལྟ་སྟེ་སྲིད་པའོ།།
་དེ་ལ་ཡན་ལག་གསུམ་པོ་གང་དག་ཉོན་མོངས་པས་བསྡུས་པ་དེ་དག་ལས་གཅིག་ནི། འཕེན་པའི་ལས་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ་འདི་ལྟ་སྟེ་མ་རིག་པའོ།། གཉིས་པ་ནི་མངོན་པར་གྲུབ་པའི་ལས་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ།།
་འདི་ལྟ་སྟེ་སྲེད་པ་དང་ལེན་པའོ།། ཡན་ལག་ལྷག་མ་གང་དག་དངོས་པོས་བསྡུས་པ་དེ་དག་ལས་ཡན་ལག་གཉིས་ནི་མ་འོངས་པའི་སྡུག་བསྔལ་གྱིས་བསྡུས་པ་ཡིན་ཏེ་འདི་ལྟ་སྟེ་སྐྱེ་བ་དང་རྒ་ཤིའོ།། ཡན་ལག་ལྔ་ནི་མ་འོངས་པའི་སྡུག་བསྔལ
་གྱི་རྒྱུས་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ་ཚེ་འདི་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་གང་ཡིན་པ་དང་རྣམ་པར་ཤེས་པ་ལས་བསྟན་ནས་རེག་པའི་རྐྱེན་གྱིས་ཚོར་བའི་བར་དྲག་གོ།། གང་དག་སྔོན་གྱི་རྒྱུས་མངོན་པར་བསྒྲུབ་སྟེ་ད་ལྟར
་དམིགས་པ་རྣམ་པར་སྨིན་པའི་འབྲས་བུ་བསྡུས་པོའི་ཡན་ལག་ལྔ་པོ་དེ་དག་ཉིད་ནི་ད་ལྟར་བྱུང་བའི་སྡུག་བསྔལ་གྱིས་བསྡུས་པ་དག་སྟེ། འདི་ལྟ་སྟེ། རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བའོ།། །
་དེ་ལ་ཡན་ལག་ལྔས་བསྡུས་པའི་འབྲས་བུ་གང་ཡིན་པ་དེ་དང་ཡན་ལག་གཉིས་ཀྱིས་བསྡུས་པ་མ་འོངས་པའི་འབྲས་བུ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འབྲས་བུར་བསྡུས་པ་ཡིན་པར་བལྟ་བར
་བྱའོ།། ཡན་ལག་ལྷག་མ་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུར་བསྡུས་པ་ཡིན་པར་བལྟ་བར་བྱའོ།། མི་ཤེས་པ་དེ་ཡང་མདོར་བསྡུ་ན་གནས་ལྔ་བསྐྱེད་པ་ཡིན་པ་བལྟ་བར་བྱ་སྟེ། འདི་ལྟ་སྟེ་སོམ་ཉི་སྐྱེད་པ་དང་། སྲེད་པ་དང་སྐྱེད
་པ་དང་། གནས་མ་ཡིན་པ་ལ་དད་པསྐྱེད་པ་དང་། ལྟ་བ་སྐྱེས་པ་དང་། མངོན་པའི་ང་རྒྱལ་སྐྱེད་པའོ།། དེ་ལ་སྔོན་གྱི་མཐའ་ལ་སོགས་པ་མི་ཤེས་པ་གང་ཡིན་པ་དེ་ནི་སོམ་ཉི་སྐྱེད་པ་ཡིན་ནོ།། དེ་ལ་སྡོམ་ཉི་ནི་འདི་ཡིན་ཏེ། ཅི་བདག་འདས་བའི
་དུས་ན་བྱུང་བར་གྱུར་ཏམ་སྙམ་པ་དུས་གསུམ་དག་ལ་འཇུག་པའི་སོམ་ཉི་མདོ་ལས་ཇི་སྐད་གསུངས་པ་ཁོ་ན་བཞིན་ནོ།། དེ་ལ་འདས་པའི་དུས་ནི་སྔོན་གྱི་མཐའ་ཡིན་ནོ།། མ་འོངས་པའི་དུས་ནི་ཕྱི་མའི་ཡིན་ནོ།། ད་ལྟར་བྱུང་བའི་དུས་ནི།
་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཞེས་བྱ་སྟེ། འདས་པའི་དུས་ལ་བལྟོས་ནས་ནི་ཕྱི་མའི་མཐའ་ཡིན་ལ་མཱ་འོངས་པའི་དུས་ལས་བལྟོས་ནས་ནི་སྔོན་གྱི་མཐའ་ཡིན་ནོ།། དེ་ལ་གང་གིས་ཚེ་འདས་པའི་དུས་ལ་སོམ
་ཉི་ཟ་བའི་སོམ་ཉི་དེ་ནི་སྔོན་གྱི་མཐའ་མི་ཤེས་པས་བསྐྱེད་པ་ཡིན་པར་བལྟ་བར་བྱའོ།། གང་གི་ཚེ་མ་འོངས་པའི་དུས་ལ་སོམ་ཉི་ཟ་བའི་སྡོམ་ཉི་དེ་ནི་ཕྱི་མའི་མཐའ་མི་ཤེས་པས་བསྐྱེད་པར་ཡིན་པར་བལྟ་བར་བྱའོ།། ནང་ལ་སོམ་ཉི་ཟ་སྟེ་ཅི
་ཞིག་ཡོད་ཅིར་འགྱུར། སེམས་ཅན་འདི་ག་ལས་འོངས་འདི་ལས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་སྙམ་དུ་སོམ་ཉི་ཟ་བ་གང་ཡིན་པ་དེ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་ཤེས་པས་བསྐྱེད་པ་ཡིན་པར་བལྟ་བར་བྱའོ།། ནང་མི
་ཤེས་པ་དང་ཕྱི་རོལ་མི་ཤེས་པ་དང་ནང་དང་ཕྱི་རོལ་མི་ཤེས་པ་གང་ཡིན་པ་དེ་ནི། ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་ཡང་སྲིད་པ་འབྱུང་བར་བྱེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་དེ་དང་དེར་མངོན་པར་དགའ་བའི
་སྲེད་པ་གང་ཡིན་པ་དེས་བསྐྱེད་དོ།། དེ་ལ་ལས་དང་རྣམ་པར་སྨིན་པ་དང་ལས་དང་རྣམ་པར་སྨིན་པ་མི་ཤེས་པས་སེམས་ཅན་རྣམས་ཀྱི་ལས་བདག་གིར་བྱ་བ་ཉིད་མི་ཤེས་པ་གང་ཡིན་པ་དེ་ལ་བརྟེན་ནས་ནི་དྲག་པོ་དང་ཁྱབ་འཇུག་དང་སྐྱེ
་དགུའི་བདག་པོ་ལ་སོགས་པ་གནས་པ་ངན་པ་དག་ལ་གུས་པ་དང་དད་པ་དང་མོས་པ་སྐྱེའོ།། སངས་རྒྱས་ལ་སོགས་པ་དང་ལམ་གྱི་མཐའ་ཐུག་པའི་བར་དག་མི་ཤེས་པ་གང་ཡིན་པ་དེ་ནི་ལྟ་བ་སྐྱེད་པར་རིག་པར་བྱ་སྟེ། འདི་ལྟར་མཀོན་མཆོག
་རྣམས་མི་ཤེས་པ་དང་བདེན་པ་རྣམས་མི་ཤེས་པས་ནི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱི་བར་དག་སྐྱེད་པར་བྱེད་དོ།། སྦྱིན་པ་མེད་དོ།། མཆོད་སྦྱིན་མེད་དོ་ཞེས་རྒྱ་ཆེར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བའི་བར་གང་ཡིན་པ་དེ་ནི་ལོག་པར་ལྟ་བ་ཡིན
་པར་རིག་པར་བྱའོ།། རྒྱུ་དང་རྒྱུ་ལས་བྱུང་བའི་ཆོས་རྣམས་དང་དགེ་བ་དང་མི་དགེ་བ་དག་མི་ཤེས་པ་རྒྱ་ཆེར་མདོ་ལས་ཇི་སྐད་གསུངས་པའི་མི་ཤེས་པ་གང་ཡིན་པ་དེ་ནི་བདེ་འགྲོར་འགྲོ་བའི་ཐབས་ལ་མངོན་པའི་ང་རྒྱལ་སྐྱེད་པར་བྱེད་དེ། འདི་ལྟར
་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་རྣམས་དང་འབྲས་བུ་འདོད་པ་དང་མི་འདོད་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་རྣམས་ནི། ཟས་མི་ཟ་བ་དང་མེར་འཇུག་པ་དང་། གཡང་སར་མཆོང་བ་ལ་སོགས་པ་ཐབས་མ་ཡིན་པ
་དངག་གིས་ཐབས་སུ་འདུ་ཤེས་ཤིང་མཐོ་རིས་ཡོངས་སུ་ཚོལ་བར་བྱེད་དོ།། རེག་པའི་སྐྱེ་མཆེད་དྲུག་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པའི་མི་ཤེས་པ་གང་ཡིན་པ་དེ་ནི་དགེ་སློང་གི་ཚུལ་གྱི་འབྲས་བུ་འཐོབ་པ་ལ་མངོན་པའི་ང་རྒྱལ
་སྐྱེད་པར་བྱེད་དེ། འདི་ལྟར་རེག་པའི་སྐྱེ་མཆེད་དྲུག་རབ་ཏུ་རྟོགས་པའི་ཤེས་པ་མེད་པ་ནི་དེ་ལ་མངོན་པའི་ང་རྒྱལ་བྱེད་པ་འགྱུར་རོ།། དེ་ལ་མཐོ་རིས་ཀྱི་ཐབས་ལ་མངོན་པའི་ང་རྒྱལ་བྱེད་པ་གང་ཡིན་པ་དང་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་མངོན
་པོའི་ང་རྒྱལ་བྱེད་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི་མངོན་པའི་ང་རྒྱལ་ཞེས་བྱའོ།། དེ་ལྟ་ན་མ་རིག་པ་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་ལྔ་པོ་འདི་དག་སྐྱེད་པར་བྱེད་དེ། འདི་ལྟ་སྟེ། སོམ་ཉིའི་ཀུན་ནས་ཉོན་མོངས་པ་དང་། སྲེད་པའི
་ཀུན་ནས་ཉོན་མོངས་པ་དང་མོས་པའི་ཀུན་ནས་ཉོན་མོངས་པ་དང་། ལྟ་བའི་ཀུན་ནས་ཉོན་མོངས་པ་དང་། མངོན་པའི་ང་རྒྱལ་གྱི་ཀུན་ནས་ཉོན་མོངས་པའོ།། དེ་ལ་སོམ་ཉིའི་ཀུན་ནས་ཉོན་མོངས་པས་ཀུན་ནས
་ཉོན་མོངས་པ་ཅན་དུ་གྱུར་པའི་བྱིས་པ་ནི་སོམ་ཉི་ཐོབ་པ་དང་ཐེ་ཚོམ་ཐོབ་པ་དང་། གཞན་གྱི་དྲིང་འཇོག་པ་དང་། གཞན་གྱིས་བཀྲི་བ་ཡིན་པས་ཚེ་འདི་ལ་སྡུག་བསྔལ་བ་དང་བདེ་བ་ལ་རེག་པ་མེད་པར་གནས་སོ།། སྲིད་པའི་ཀུན་ནས་ཉོན་མོངས
་པས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ནི་ཡང་འབྱུང་བས་སྐྱེ་བ་དང་རྒ་བ་དང་ན་པ་ལ་སོགས་པའི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་དོ།། མོས་པའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ནི་རྒྱུ་མེད་པ
་འམ་མི་མཐུན་པའི་རྒྱུ་དབང་ཕྱུག་ལ་སོགས་པ་རྒྱུ་ཡིན་པར་རྟོགས་ཤིང་སྐྱེས་བུའི་བྱེད་པ་མེད་པ་ཁོ་ནར་གནས་སོ།། ལྟ་བའི་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ནི་ཉེས་པར་སྤྱོད་པ་ལ་ཇི་འདོད་དགུར་འཇུག་ཅིང་ཕྱི་མ་ལ་ངན་སོང་བའི
་སྡུག་བསྔལ་མངོན་པར་གྲུབ་པར་བྱེད་དོ།། མངོན་པའི་ང་རྒྱལ་གྱི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ནི་སྐྱེས་བུའི་བྱེད་པ་འབྲས་བུ་མེད་པ་དང་འབྲས་བུ་དང་བྲལ་བར་བྱེད་དོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ལ
་མཁས་པའི་རབ་ཏུ་དབྱེ་བ་རྒྱས་པ་ནི་འདི་ལྟ་སྟེ། སའི་དངོས་གཞིར་བསྟན་པ་བཞིན་དུ་རིག་པར་བྱའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའི་རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། རྟེན་ཅིང་འབྲེལ་བར
་འབྱུང་བའི་དངོས་པོ་ལ་མཁས་པ་རྫོགས་སོ།། །། གནས་དང་གནས་མ་ཡིན་པ་ལ་མཁས་པའི་སྤྱི་སྡོམ་ནི། ལུས་དང་ཡོངས་སུ་བསྟན་པ་དང་། སྒོ་དབྱེ་བ་ནི་ཐ་མ་ཡིན། གནས་གང་ཞེ་ན། སྨྲས་པ། གཞི་དེ་དང་དེ་ལ་རིགས
་པ་དང་མི་འགལ་བ་གང་ཡིན་པའོ།། གནས་མ་ཡིན་པ་གང་ཞེ་ན། སྨྲས་པ། གཞི་དེ་དང་དེ་ལ་རིགས་པ་དང་འགལ་བ་གང་ཡིན་པ་སྟེ། དེ་ནི་གནས་དང་གནས་མ་ཡིན་པ་གཉིས་ཀྱི་ལུས་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དོན་ཅིའི་ཕྱིར
་གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡོངས་སུ་བསྟན་ཅེ་ན། སྨྲས་པ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་ཀྱི་ཡང་དག་པའི་ཐབས་ཤེས་པས་ཆུང་མི་ཟ་བ་ཡོངས་སུ་བསྟན་པའི་ཕྱིར་རོ།། གནས་དང་གནས་མ
་ཡིན་པ་གཉིས་ལ་སྒོ་དུ་ཡོད་པར་བལྟ་བར་བྱ་ཞེ་ན། སྨྲས་པ། བཞི་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱི་གནས་དང་གནས་མ་ཡིན་པ་ཉིད་ནི་སྒོ་བཞི་ཁོ་ནས་བསྟན་པའི་ཕྱིར་སྟེ། འདི་ལྟ་སྟེ། འགྲུབ་པའི་སྒོ་དང་འགྲོགས་པའི་སྒོ་དང་འཐོབ
་པའི་སྒོ་དང་ཀུན་ཏུ་སྤྱོད་པའི་སྒྲོས་སོ།། ཅིའི་ཕྱིར་གནས་དང་གནས་མ་ཡིན་པ་ཉིད་སྒོ་བཞིས་བསྟན་ཅེ་ན། སྨྲས་པ། རྣམ་པ་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་དག་གི་སྒོ་ཀུན་ཏུ་བསྟན་པར་བྱ་བའི་ཕྱིར་ཏེ། རྣམ་པའི་རབ་ཏུ་དབྱེ་བ་དེ་དག
་ཀྱང་གང་ཞེ་ན། འགྲུབ་པའི་སྒོ་ལས་བརྩམས་ཏེ། དེས་མ་བསྡུས་པའི་རྣམ་པ་ལྷག་མ་རྣམས་ཡོངས་སུ་བརྗོད་པར་བྱ་སྟེ། དེའི་རབ་ཏུ་དབྱེ་བ་ནི་དབང་པོའི་འཆོལ་པ་དང་། འབྱུང་བ་ཆེན་པོའི་འཆོལ་པ་དང་ཡོ་བྱད་འབྱུང་བའི་འཆོལ་པ
་ལས་བལྟ་བར་བྱའོ།། དེ་ལ་དབང་པོའི་འཆོལ་བ་འདི་ཡིན་ཏེ། མིག་གི་དབང་པོས་སྒྲ་དག་ཉན་པ་དང་དྲི་དག་སྣོམ་པ་དང་། རོ་དག་མྱང་བ་དང་། རེག་བྱ་དག་རེག་པར་འགྱུར་བ་གང་ཡིན་པ་དེ་ནི་གནས
་མ་ཡིན། སྐབས་མ་ཡིན་ཏེ་གནས་མེད་དོ།། གཟུགས་རྣམས་ལ་ལྟ་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་ཡོད་དོ།། མིག་གི་དབང་པོ་ཇི་ལྟ་བ་བཞིན་དུ་དབང་པོ་གཟུགས་ཅན་ལྷག་མ་རྣམས་ཀྱིས་རེ་རེ་ནས་ཕན་ཚུན
་འཆོལ་བའི་རབ་ཏུ་དབྱེ་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ།། དེ་ལ་འབྱུང་བ་ཆེན་པོའི་འཆོལ་བ་ནི་འདི་ཡིན་ཏེ། སས་ཆུའི་བྱ་བ་བྱེད་པར་འགྱུར་བ་དང་། མེའི་བྱ་བ་དང་། རླུང་གི་བྱ་བ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ
་ཡིན་སྐབས་མ་ཡིན་ཏོ་གནས་མེད་དོ།། སས་སའི་བྱེ་བ་བྱེད་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་ཡོད་དོ།། འབྱུང་བ་ཆེན་པོ་ལྷག་མ་རྣམས་ཀྱི་ཕན་ཚུན་འཆོལ་བའི་རབ་ཏུ་དབྱེ་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ།། དེ་ལ་ཡོ
་བྱད་འབྱུང་བའི་འཆོལ་བ་ནི་འདི་ཡིན་ཏེ། ས་བོན་གཞན་ལས་མྱུ་གུའི་རིགས་གཞན་འབྱུང་བར་འགྱུར་བ་གང་ཡིན་པ་འདི་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། དེ་དང་རིགས་མཐུན་པ་ལས་གང་ཡིན་པ་དེ་ནི
་གནས་ཡོད་དོ།། བདག་གི་རྭ་རྣམས་གཞོས་པ་ལས་འོ་མ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་ད་དོ།། ནུ་མ་དག་ལས་གང་ཡིན་པ་དེ་ནི་གནས་ཡོད་དོ།། ཆུའི་བུམ་པ་བསྲུབས
་ལས་མར་སར་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། ཞོ་ལས་གང་ཡིན་པ་དེ་ནི་གནས་ཡོད་དོ།། བྱེ་མ་དག་བཙིར་བ་ལས་ཏིལ་མར་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས
་མ་ཡིན་སྐབས་མེ་ཡིན་ཏེ་གནས་མེད་དོ།། ཏིལ་དག་ལས་གང་ཡིན་པ་དེ་ནི་གནས་ཡོད་དོ།། ཤིང་རློན་པ་གཙུབས་པ་ལས་མེ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་དེ་ནི་གནས་མེད་དོ།། ཤིང
་སྐམ་པོ་དག་ལས་གང་ཡིན་པ་དེ་ནི་གནས་ཡོད་དེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་གནས་དང་གནས་མ་ཡིན་པ་ལ་རྣམ་པར་རྟོགས་པ་དང་པོའི་དབང་དུ་བྱས་ནས་རྣམ་པའི་རབ་ཏུ་དབྱེ་བ་ཡིན་པར་བལྟ་བར་བྱའོ།། གཉིས
་པའི་དབང་དུ་བྱས་ནས་གང་ཞེ་ན། སྣང་བ་དང་མུན་པ་གཉིས་བུ་གཅིག་འགྲོགས་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། ཅིག་ཤོས་མེད་པར་གཅིག་པུ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི
་གནས་ཡོད་དོ།། མེ་དང་ཆུ་གཉིས་ལྷན་ཅིག་འགྲོགས་པར་འགྱུར་བ་གང་ཡིན་པ་དེ་ནི་གླ་ནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། གང་ཡང་རུང་བ་གང་ཡིན་པ་དེ་ནི་གནས་ཡོད་དོ།། གཟུགས་འདུས་པ་གཉིས་གཅིག་ཏུ
་ཡུལ་མཚུངས་པར་གནས་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། རྡུལ་ཕྲ་རབ་གཅིག་གང་ཡིན་པ་དེ་ནི་གནས་ཡོད་དོ།། རིགས་མཐུན་པའི་སེམས་གཉིས་སམ་སེམས་སེམས་ལས
་བྱུང་བ་གཉིས་ལྷན་ཅིག་འགྲོགས་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མཱ་ཡིན་ཏེ་གནས་མེད་དོ།། རེ་རེ་ནས་གང་ཡིན་པ་དེ་ནི་གནས་ཡོད་དོ།། དགེ་བ་དང་མི་དགེ་བ་འམ་དགེ་བ་དང་ལུང་དུ་མ
་བསྟན་པའམ་མི་དགེ་བ་དང་ལུང་དུ་མ་བསྟན་པའམ། བདེ་བ་དང་སྡུག་བསྔལ་བའམ་རིགས་མི་མཐུན་པ་གཉིས་དུས་གཅིག་ཏུ་ལྷན་ཅིག་ཏུ་འགྲོགས་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། གང
་ཡང་རུང་བ་གང་ཡིན་པ་དེ་ནི་གནས་ཡོད་དོ།། འབྲས་བུ་འདོད་པ་དང་མི་འདོད་པ་གཉིས་ལྷན་ཅིག་འགྲོགས་པར་འགྱུར་པ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། གང་ཡང་རུང་བ་དེ་ནི་གནས་ཡོད་དེ།། དེ་ལྟར་དེ
་ལྟ་བུ་དང་མཐུན་པ་དེ་ནི་གནས་དང་གནས་མ་ཡིན་པ་ལ་རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ནས་རྣམ་པའི་རབ་ཏུ་དབྱེ་བ་ཡིན་པར་བལྟ་བར་བྱའོ།། གནས་དང་གནས་མ་ཡིན་པ་ལ་རྣམ་པར་རྟོག་པ་གསུམ་པ་ལས་བརྩམས་ནས་རྣམ་པའི།
་རབ་ཏུ་དབྱེ་བ་གང་ཞེ་ན། སྨྲས་པ། མོ་གཤམ་ལས་བུ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གླུནས་མེད་དོ།། མོ་གཤོམ་མ་ཡིན་པ་ལས་གང་བ་ཡིན་པ་དེ་ནི་གནས་ཡོད་དོ།། སྐྱེས་ནས་མ་ནིང་བུ་སྐྱེད་པར་འགྱུར
་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། སྐྱེས་པ་གང་ཡིན་པ་དེ་ནི་གནས་ཡོད་ངོ་དོ།། ལོང་བས་མིག་གིས་གཟུགས་རྣམས་མཐོང་བར་འགྱུར་བ་དང་། འོན་པས་རྣ་བས་སྒྲ་རྣམས་ཐོས་པར་འགྱུར་བ་དང་། སྣ་རབ་ཏུ
་ཉམས་པས་དྲི་རྣམས་ཚོར་བར་འགྱུར་བ་དང་། ལྕེ་རབ་ཏུ་ཉམས་པས་ལྕེས་རོ་རྣམས་མྱོང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། རབ་ཏུ་མ་ཉམས་པས་གང་ཡིན་པ་དེ་ནི་གནས་ཡོད་དོ།། ཚོགས
་མ་བསགས་པས་ཚེ་འདི་ལ་སློབ་པ་དང་མི་སློབ་པའི་རྣམ་པར་གྲོལ་བ་མངོན་དུ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། ཚེགས་བསགས་པས་གང་ཡིན་པ་དེ་ནི་གནས་ཡོད་དོ།། འཕགས་པའི
་ལམ་མ་ཐོབ་པས་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པར་འགྱུར་བ་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ
་གནས་མེད་དོ།། འཕགས་པའི་ལམ་ཐོབ་པས་གང་ཡིན་པ་དེ་ནི་གནས་ཡོད་དོ།། མི་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་ཀྱི་ཁ་ཟས་རྩ་ལ་སོགས་པས་དུས་སྟོན་པར་བྱེད་པ་དང་། ལྷ་མིའི་ཁམ་གྱི་ཟས་དང་གཟུགས་དང
་གཟུགས་མེད་པ་ན་སྤྱོད་པའི་སེམས་ཅན་ཁམ་གྱི་ཟས་ཟ་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། དེ་ལས་བཟློག་པས་གང་ཡིན་པ་དེ་ནི་གནས་ཡོད་དོ།། དེ་ལྟར་དེ་ལྟ་བུ་དང་མཐུན་པའི་གནས
་དང་གནས་མ་ཡིན་པོ་ལ་རྣམ་པར་རྟོག་པ་གསུམ་པའི་དབང་དུ་བྱས་ནས་རྣམ་པའི་རབ་ཏུ་དབྱེ་བ་ཡིན་པར་བལྟ་བར་བྱའོ།། གནས་དང་གནས་མ་ཡིན་པ་ལ་རྣམ་པར་རྟོག་པ་བཞི་པའི་དབང་དུ་བྱས་ན་རྣམ་པའི་རབ་ཏུ་དབྱེ་བ་གང་ཞེ་ན།
་སྨྲས་པ། སས་རང་གི་མཚན་ཉིད་སྤངས་ཏེ་ཁམས་གཞན་གྱི་མཚན་ཉིད་ལ་བརྟེན་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། དེ་ལས་བཟློག་པས་གང་ཡིན་པ་དེ
་ནི་གནས་ཡོད་དོ།། ས་ཇི་ལྟ་བ་བཞིན་དུ་འབྱུང་བ་ཆེན་པོ་གཞན་དག་ཀྱང་ཅི་རིགས་པར་བལྟ་བར་བྱའོ།། འདོད་པའི་ཁམས་སུ་སྐྱེས་ཤིང་བྱུང་བ་ལྷའི་མིག་མ་ཐོབ་པས་ལྷའི་གཟུགས་དག་མཐོང་བར་འགྱུར་བ་གང་ཡིན་པ་དེ་ནི
་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། མིའི་གཟུགས་དག་མཐོང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་ཡོད་དོ།། དེ་བཞོན་དུ་དབང་པོ་ལྷག་མ་རྣམས་ཀྱིས་ཀྱང་ཅི་རིགས་པར་བལྟ་བར་བྱའོ།། བརྐམ་ཞིང་ཆགས་པས
་ཟིལ་གྱིས་ནོན་པས་ཆགས་པ་དེ་མ་སྤངས་པར་ལོངས་སྤྱོད་རྣམས་ལ་འཛིན་པ་མེད་པའི་སེམས་སུ་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། སྤངས་པས་གང་ཡིན་པ་དེ་ནི་གནས་ཡོད་དོ།། དེ
་བཞིན་དུ་ཞེ་སྡང་དང་གཏི་མུག་དག་གིས་ཀྱང་ཅི་རིགས་པར་བལྟ་བར་བྱའོ།། ཆགས་པ་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀུན་ནས་དཀྲིས་པ་ལས་མ་སྤངས་པར་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་གང
་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། སྤངས་པས་གང་ཡིན་པ་དེ་ནི་གནས་ཡོད་དོ།། དྲན་པ་ཉེ་བར་བཞག་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་གཞན་དག་ཀྱང་དེ་བཞིན་ནོ།། དེ་བཞིན
་གཤེགས་པ་དང་ལྷན་ཅིག་རྩོད་པར་འདོད་པ་དང་། བགྱིད་པར་འདོད་པའི་སེམས་མ་སྦྱངས་ལ། བཞེད་པ་མེད་པར་དེ་བཞིན་གཤེགས་པ་མངོན་དུ་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། སྤངས་པ་འམ།
་བཞེད་པ་གང་ཡིན་པ་དེ་ནི་གནས་ཡོད་དོ།། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པས་ཤེས་བྱ་ཆུང་ཟད་མི་མཁྱེན་པར་འགྱུར་བ་འམ་བསྙིལ་ངེས་པས་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྤྱོད་པ་མཛད་པར་འགྱུར་བ་གང་ཡིན་པ་དེ་ནི
་གནས་མ་ཡིན་པ་སྐབས་མ་ཡིན་ཏེ་གནས་མེད་དོ།། ཐམས་ཅད་མཁྱེན་པ་མ་ཡིན་ཞིང་ཐམས་ཅད་གོཟིགས་པ་མ་ཡིན་པས་གང་ཡིན་པ་དེ་ནི་གནས་ཡོད་དོ།། བྱང་ཆུབ་སེམས་དཔའ་སར་ཆུད་པ་སེམས་ཅན་རྣམས་ལ་བསམ་པས་ཀུན
་ནས་མནར་སེམས་ཀྱི་སེམས་བསྐྱེད་པར་འགྱུར་བ་འམ་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ།། སར་ཆུད་པ་མ་ཡིན་པས་གང་ཡིན་པ་དེ་ནི་གནས་ཡོད་དེ། དེ་ལྟར་དེ་ལྟ་བུ་དང་།
་མཐུན་པ་ནི་གནས་དང་གནས་མ་ཡིན་བྱ་ལས་རྣམ་པར་རྟོག་པ་བཞི་པ་ལས་བརྩམས་ནས་རྣམ་པའི་རབ་ཏུ་དབྱེ་བ་ཡིན་པར་བལྟ་བར་བྱའོ།། གཞན་ཡང་མདོར་བསྡུ་ན་གནས་བཞི་དང་གནས་མ་ཡིན་པ་བཞི་ཡོད་པར་བལྟ་བར་བྱ་སྟེ།
་བལྟོས་པའི་རིགས་པ་དང་བྱ་བ་བྱེད་པའི་རིགས་པ་དང་འཐད་པས་བསྒྲུབ་པའི་རིགས་པ་དང་ཆེས་ཉིད་ཀྱི་རིགས་པ་སྔར་བསྟན་པའི་རིགས་པ་དེ་དག་དང་མི་འགལ་བར་སྟོན་པ་གང་ཡིན་པ་དེ་ནི་གནས་ཡིན་ནོ།། འགལ་བར་སྟོན་པ་གང་ཡིན་པདེ
་ནི་གནས་མ་ཡིན་ཏེ། གནས་བཞི་པོ་དེ་དག་དང་གནས་མ་ཡིན་པ་བཞི་པོ་དེ་དག་བསྡུས་ན་གནས་དང་གནས་མ་ཡིན་པ་ལ་མཁས་པ་བརྒྱད་དུ་འགྱུར་རོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་།།
་གནས་དང་གནས་མ་ཡིན་པ་ལ་མཁས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ནི་རྒྱུ་དང་འབྲས་བུ་ཙམ་དུ་འཇུག་པ་ཤེས་པས་རབ་ཏུ་ཕྱེ་བ་ཡིན་ལ། གནས་དང་གནས་མཱ་ཡིན་པ་ལ་མཁས་པ་ནི
་དེདེའི་ཕྱིན་ཅི་མ་ལོག་པར་ཡིན་པར་ཤེས་པས་རབ་ཏུ་བྱེ་བ་ཡིན་ནོ།། གནས་དང་གནས་མ་ཡིན་པའི་དངོས་པོ་ལ་མཁས་པའི་རྣམ་པར་གཏན་ལྔ་དབབ་པོའི་གཞུང་ལྷག་མ་ནོ་མོ་སྣང་ངོ་།། གནས་དང་གནས་མ་ཡིན་པའི་དངོས་པོ་ལ་མཁས་པ
་རྫོགས་སོ།། །། བམ་པོ་བཅུ་པ།། དབང་པོ་རྣམས་ཀྱི་སྤྱི་སྡོམ་ནི། དོན་དང་རྣམ་པར་གཞག་པ་དང་།། རབ་ཏུ་དབྱེ་བ་ཐ་མ་ཡིན།། དབང་པོའི་དོན་གང་ཞེ་ན། སྨྲས་པ། དབང་པོའི་དོན་ནི་དབང་བྱེད་པའི་དོན་ཏོ།། ཅི་ཞིག
་ཡོངས་སུ་བསྟན་པར་བྱ་བའི་དོན་དུ་ཞེ་ན། སྨྲས་པ། གཞི་དེ་དང་དེ་ལ་ཆོས་དེ་དང་དེ་དག་གཙོ་བར་ཡོངས་སུ་བསྟན་པའི་དོན་དུའོ།། དབང་པོ་ཉི་ཤུ་རྩ་གཉིས་པོ་དག་གི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། དྲུག་ནི་ཡུལ
་འཛིན་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གཉིས་ནི་རིགས་རྒྱུད་རྣམ་པར་གཞག་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གཅིག་ནི་འཚོ་བའི་དོན་དུ་ལས་ཀྱི་མཐའི་སྦྱོར་བ་ལ་དབང་བྱེད་པའི་དོན་གྱིས་སོ།། ལྔ་ནི་ལས་ཀྱི་འབྲས་བུ་ལ
་ཡོངས་སུ་ལོངས་སྤྱོད་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གཞན་ལྔ་ནི་འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གསུམ་ནི་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་པའི་དོན་གྱིས་རྣམ་པར་གཞག་པར
་བལྟ་བར་བྱའོ།། རྣམ་གྲངས་གཞན་ཡང་དྲུག་ནི་ཡུལ་གསལ་བ་ལྔ་ཡོངས་སུ་ལོངས་སྤྱོད་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གཉིས་ནི་ཡུལ་བསྒྲིབས་པ་ལ་ཡོངས་སུ་ལོངས་སྤྱོད་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གཅིག་ནི་ཡུལ་ཡོངས
་སུ་ལོངས་སྤྱོད་པ་མཐར་ཐུག་པ་ལ་དབང་བྱེད་པའི་དོན་གྱིས་སོ།། ལྔ་ནི་ཡུལ་ལ་ལོངས་སྤྱོད་པ་ལ་བྱུང་བའི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་པའི་དོན་གྱིས་སོ།། བརྒྱང་ནི་རྣམ་པར་བྱང་བ་ལ་དབོང་བྱེད་པའི་དོན་གྱིས་རྣམ་པར་བཞག་པར་བལྟ
་བར་བྱའོ།། རྣམ་གྲངས་གཞན་ཡང་དྲུག་ནི་ཡུལ་ལ་ནང་དུ་བལྟས་པར་ཡོངས་སུ་ལོངས་སྤྱོད་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གཉིས་ནི་ཡུལ་ཕྱིར་བལྟས་པར་ཡོངས་སུ་ལོངས་སྤྱོད་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གཅིག་ནི་ལུས་ལ་ཡང
་སུ་ལོངས་སྤྱོད་པ་ལ་དབང་བྱེད་པའི་དོན་གྱིས་སོ།། ལྔ་ནི་ཡུལ་དང་ལུས་ལ་ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་པའི་དོན་གྱིས་སོ།། བརྒྱད་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོ་རྣམ་པར་བྱང་བ་དབང
་བྱེད་པའི་དོན་གྱིས་རྣམ་པར་བཞག་པར་བལྟ་བར་བྱའོ།། རྣམ་གྲངས་གཞན་ཡང་ལྔ་ནི་ལུས་མཛེས་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གཅིག་ནི་ལུས་ལ་དབང་སྒྱུར་བ་ལ་དབང་བྱེད་པའི་དོན་གྱིས་སོ།། གཅིག་ནི་ལུས་གནས་པ་ལ་དབང་བྱེད།
་བའི་དོན་གྱིས་སོ།། གཉིས་ནི་ལུས་སྐྱེ་བ་ལ་དབང་བྱེད་པའི་དོན་གྱིས་སོ།། ལྔ་ནི་ལུས་ལ་ཕན་པ་དང་གནོད་པ་ལ་དབང་བྱེད་པའི་དོན་གྱིས་སོ།། བརྒྱད་ནི་ལུས་རྣམ་པར་གྲོལ་བར་བྱེད་པ་ལ་དབང་བྱེད་པའི་དོན་གྱིས
་རྣམ་པར་བཞག་པར་བལྟ་བར་བྱའོ།། རྣམ་གྲངས་གཞན་ཡང་དྲུག་ནི་སེམས་ཅན་གྱི་དངོས་པོ་ཡོངས་སུ་བསྟན་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གཉིས་ནི་སེམས་ཅན་གྱི་དངོས་པོ་སྐྱེ་བ་ལ་དབང་བྱེད་པའི་དོན་གྱིས་སོ།། གཅིག་ནི
་སེམས་ཅན་གྱི་དངོས་པོ་གནས་པ་དང་འཆི་འཕོ་བ་ལ་དང་དུ་བྱེད་པའི་དོན་གྱིས་སོ།། ལྔ་ནི་སེམས་ཅན་གྱི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གཞན་ལྔ་ནི་སེམས་ཅན་གྱི་མངོན་པར་མཐོ་བའི་ཐབས་ལ
་དབང་བྱེད་པའི་དོན་གྱིས་སོ།། གསུམ་ནི་སེམས་ཅན་གྱི་ངེས་པར་ལེགས་པ་ལ་དབང་བྱེད་པའི་དོན་གྱིས་རྣམ་པར་བཞག་པར་བལྟ་བོར་བྱའོ།། རྣམ་གྲངས་གཞན་ཡང་དྲུག་ནི་སེམས་ཅན་གྱི་དངོས་པོ་ཡོངས་སུ་བསྟན་པ་ལ་དབང་བྱེད
་བའི་དོན་ཁོ་ནས་སོ།། གཉིས་ནི་སེམས་ཅན་འཕེལ་བ་ལ་དབང་བྱེད་པའི་དོན་གྱིས་སོ།། གཅིག་ནི་སེམས་ཅན་འགྲིབ་པ་ལ་དབང་བྱེད་པའི་ཡོངས་སུ་བསྟན་པའི་དོན་གྱིས་སོ།། ལྔ་ནི་སེམས་ཅན་གྱིས་འབྱོར་པ་དང་རྒུད་པ་ཡོངས་སུ་བསྟོན
་བ་ལ་དབང་བྱེད་པའི་དོན་གྱིས་སོ།། བརྒྱད་ནི་སེམས་ཅན་གྱི་ཡོན་ཏན་དང་སྐྱོན་ཡོངས་སུ་བསྟན་པ་ལ་དབང་བྱེད་པའི་དོན་གྱིས་རྣམ་པར་བཞག་པར་བལྟ་བར་བྱའོ།། རྣམ་གྲངས་གཞན་ཡང་དྲུག་ནི་མིང་ནི་འདི་ཞེས་བྱ་བའི་དབང་དུ་བྱས་ནས
་གཉིས་ནི་རིགས་ནི་འདི་ཞེས་བྱ་རུས་ནི་འདི་ཞེས་བྱ་ཞེས་བྱ་བའི་དབང་དུ་བྱས་ནས་སོ།། ལྔ་ནི་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ཞེས་བྱ་བའི་དབང་དུ་བྱས་ནས་སོ།། གཅིག་ནི་ཚེ་རིང་ཁྱད་ནི་འདི་ཙམ
་ཞིག། ཡུན་ནི་འདི་སྲིད་གཅིག་གནས་གྲནས། ཚེ་ནི་འདི་ཙམ་ཞིག་ཐོབ་ཅེས་བྱ་བའི་དབྱང་དུ་བྱ་སྟེ། དབང་པོ་དེ་དག་ནི་ཁྱིམ་པའི་ཕྱོགས་ལ་སྤྱོད་པའི་དབང་དུ་བྱས་ནས་རྣམ་པར་བཞག་པར་བལྟ་བར་བྱའོ།། བརྒྱད་ནི་དད་པ་ནི་འདི
་ལྟ་བུ་ཞིག་དང་ལྡན་པ་བརྩོན་འགྲུས་ནི་འདི་ལྟ་བུ་ཞིག་དང་ལྡན་ཞེས་བྱ་བ་ནས་ཤོས་རབ་ནི་འདི་ལྟ་བུ་དང་ལྡན་ཞེས་བྱ་བའི་བར་དང་འདི་ལྟར་ནི་ཞུགས་པ་ཡིན་ནོ།། འདི་ལྟར་ནི་འབྲས་བུ་ལ་གནས་པ་ཡིན་ཞེས་བྱ་བའི་དབང་དུ་བྱས་ཏེ
་དབང་པོ་དེ་དག་ནི་རབ་ཏུ་བྱུང་བའི་ཕྱོགས་ལ་སྤྱོད་པའི་དབང་དུ་བྱས་ནས་རྣམ་པར་བཞག་པར་བལྟ་བར་བྱའོ།། རྣམ་གྲངས་གཞན་ཡང་དྲུག་ནི་རྣལ་འབྱོར་པ་རྣམས་ཀྱི་དབང་པོའི་སྒོ་བསྡམ་པ་ལ་དབང་བྱེད་པའི་དོན་གྱིས་སོ།།
་གཉིས་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུའི་ཕྱིར་རབ་ཏུ་འབྱུང་བ་ཐོབ་པའི་སྐལ་བ་དང་ལྡན་པ་ལ་དབང་བྱེད་པའི་དོན་གྱིས་སོ།། གཅིག་གི་དགེ་བའི་ཕྱོགས་འཕེལ་བ་ལ་དབང་བྱེད་པའི་དོན་གྱིས་སོ།། ལྔ་ནི་ཤོས་བཞིན་དུ་སྤྱོད་པ་ལ
་དབང་བྱེད་པའི་དོན་གྱིས་སོ།། ལྔ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་སྦྱོར་བའི་ལམ་ལ་དབང་བྱེད་པའི་དོན་གྱིས་སོ།། གསུམ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འཐོབ་པ་ལ་དབང་བྱེད་པའི་དོན་གྱིས་རྣམ་པར་བཞག་པར་བལྟོ་བར་བྱའོ།། །
་བར་སྡོམ་ནི། ཡུལ་ལ་རྗེས་སུ་འཇུག་སོགས་དང་།། གསལ་དང་ནང་དུ་བལྟས་པ་དང་།། མཛེས་དང་སེམས་ཅན་རྣམ་གཉིས་དང་།། བཏགས་དང་བསྡམས་ལ་སོགས་པ་ཡིན།། མིག་གི་དབང་པོས་ཅི་བྱེད་ཅེ་ན།
་སྨྲས་པ། གཟུགས་རྣམས་ལ་བལྟས་པ་དང་བལྟ་བ་དང་ལྟ་བར་འགྱུར་རོ།། དེ་བཞིན་དུ་རྣ་བའི་དབང་པོ་ལ་སོགས་པ་ཡིད་ཀྱི་དབང་པོའི་མཐར་ཐུག་པ་རྣམས་ཀྱི་ལས་ཀྱང་ཅི་རིགས་པར་བལྟ་བར་བྱའོ།། ཕོའི་དབང་པོ་དང་མོའི
་དབང་པོ་གཉིས་ཀྱིས་ཅི་བྱེད་ཅེ་ན། སྨྲལ་པ། ཆུང་མ་དང་བུ་དང་བུ་མོ་དང་ཕ་མ་དང་དེ་དང་འབྲེལ་པའི་གཉེན་འདབ་ཡོངས་སུ་འཛིན་པ་ཀུན་ཏུ་སྣང་བར་བྱེད་དོ།། སྲོག་གྱི་དབང་པོས་ཅི་བྱེད་ཅེ་ན། སྨྲས་པ། གསོན་པ་དང་འཚེ་བ་དང
་འདུག་པ་དང་སྡོད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བར་བྱེད་དོ།། ཚོར་བར་བསྡུས་པའི་དབང་པོ་རྣམས་ཀྱིས་ཅི་བྱེད་ཅེ་ན། སྨྲས་པ། འབྱོར་པ་དང་རྒུད་པ་ཉམས་སུ་མྱོང་བར་བྱེད་དོ།། དད་པ་ལ་སོགས་པའི་དབང་པོ་རྣམས་ཀྱིས་ཅི་བྱེད་ཅེ
་ནཱ། སྨྲས་པ། བདེ་འགྲོར་སྐྱོ་བ་དང་། མྱ་ངན་ལས་འོདས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ།། དབང་བློ་ཐ་མ་གསུམ་གྱིས་ཙོ་བྱེད་ཅེ་ན། སྨྲས་པ། ཚེ་འདྲི་ལ་མྱ་ངན་ལས་འདའ་བ་འཐོབ་པར་བྱེད་དོ།། དབང་པོ་དེ་དྲག་ལས་དུ
་ནིརྫས་སུ་ཡོད་པ་ཡིན་དུ་ནོ་མ་ཡིན་ཞེ་ན། སྨྲས་པ། བཅུ་དྲུག་གི་ནི་རྫས་སུ་ཡོད་པ་ཡིན་ནོ།། ལྷག་མ་རྣམས་ནི་མ་ཡིན་ནོ།། དུ་ཞིག་གཟུགས་ཀྱིས་བསྡུས་པ་ཡིན་ཞེ་ན། སྨྲས་པ། བདུན་ནོ།། དུ་ཞིག་སེམས་ཀྱིས་བསྡུས་པ་ཡིན་ཞེ་ན།
་སྨྲས་པ། ཐམས་ཅད་འདུས་བྱས་ཡིན་ཏེ། དབང་པོ་ལ་འདུས་བྱས་མ་ཡིན་པ་ནི་མེད་དོ།། ཕོའི་དབང་པོ་དང་མོའི་དབང་པོ་གང་གི་ཆུ་ཡིན་ཞེ་ན། སྨྲས་པ། ལུས་ཀྱི་དབང་པོའི་འོ།། དབང་པོ་ཐ་མ་གསུམ་གང་གི་ཆ་ཡིན་ཐ་ན། སྨྲས་པ
་དགུའི་སྟེ། ཡིད་ཀྱི་དབང་པོ་དང་། དྲང་པ་ལ་སོགས་པ་ལྔ་དྲང་བདེ་བ་དང་ཡིད་འདྲེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་ཀྱིའོ།། སྲོག་གི་དབང་པོ་གང་གི་ཆ་ཡིན་ཞེ་ན། སྨྲས་པ། གང་གི་ཡང་མ་ཡིན་ཏེ་དེ་ནི་སྔོན་གྱི་ལས་ཀྱིས
་འཕངས་པའི་དུས་ངེས་པ་ལ་གདགས་པའི་ཕྱིར། བཏགས་པའི་ཡོད་པ་ཞེ་བྱའོ།། དུ་ཞིག་དགེ་བ་དག་ཡིན་ཞེ་ན། སྨྲས་པ། བརྒྱད་དམ་ལྔ་འམ་དྲུག་གི་ཕྱོགས་སོ།། དུ་ཞིག་མི་དགེ་བ་དག་ཡིན་ཞེ་ན། སྨྲས་པ། དྲུག་གི་ཕྱོགས་གཅིག་གོ།།
་དུ་ཞིག་ལུང་དུ་མ་བསྟན་པ་དག་ཡིན་ཞེ་ན། སྨྲས་པ། བརྒྱད་དང་ལྔའི་ཕྱོགས་སོ།། དུ་ཞིག་རྣམ་པར་སྨིན་པ་དང་བཅས་པ་ཡིན་ཞེ་ན། སྨྲས་པ། གཅིག་དང་བཅུའི་ཕྱོགས་སོ།། དུ་ཞིག་རྣམ་པར་སྨིན་པ་མེད་པ་དགྲ་ཡིན་ཞེ་ན། སྨྲས
་པ། བཅུ་གཅིག་དང་བཅུའི་ཕྱོགས་སོ།། དུ་ཞིག་རྣམ་པར་སྨིན་པ་དང་བཅས་པའི་གྲོགས་དག་ཡིན་ཞེ་ན། སྨྲས་པ། ཐ་མ་གསུམ་སྟེ། ལྷ་དང་མིའི་རྣམ་པར་སྨིན་པ་ཤིན་ཏུ་གསལ་ཞིང་ངེས་པའི་དོན་གྱིས་རྣམ་པར་སྨིན་པ་འདོད་པའི
་གྲོགས་དག་ཡིན་ནོ།། དུ་ཞིག་རྣམ་པར་སྨིན་པ་ཡིན་ཞེ་ན། སྨྲས་པ། གཅིག་དང་དགུའི་ཕྱོགས་སོ།། དུ་ཞིག་གི་ས་བོན་དག་རྣམ་པར་སྨིན་པ་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ཀྱིའོ།། དུ་ཞིག་རྣམ་པར་སྨིན་པ་མ་ཡིན་ཞེ་ན། སྨྲས་པ།
་བཅུ་གཉིས་དང་དགུའི་ཕྱོགས་སོ།། དུ་ཞིག་རྣམ་པར་སྨིན་པ་ལས་སྐྱེས་པ་དག་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ཁོ་ན་སྟེ་ས་བོན་གྱིས་བསྡུས་པའི་རྣམ་པར་སྨིན་པ་ལས་གྲུབ་པའི་ཕྱིར་རོ།། དུ
་ཞིག་འདོད་པ་དང་ལྡན་པ་དག་ཡིན་ཞེ་ན། སྨྲས་པ། བཞི་དང་བཅོ་ལྔའི་ཕྱོགས་སོ།། དུ་ཞིག་གཟུགས་དང་ལྡན་པ་དག་ཡིན་ཞེ་ན། སྨྲས་པ། བཅོ་ལྔའི་ཕྱོགས་སོ།། དུ་ཞིག་གཟུགས་མེད་པ་དང་ལྡན་པ་དག་ཡིན་ཞེ་ན། སྨྲས་པ། དབང
་པོ་བརྒྱད་ཀྱི་ཕྱོགས་སོ།། དུ་ཞིག་ལྡན་པ་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། གསུམ་དང་དགུའི་ཕྱོགས་སོ།། དུ་ཞིག་མི་ལྕོགས་པ་མེད་པའི་ས་ལ་དམིགས་ཤེ་ན། སྨྲས་པ། བཅུ་གཅིག་གོ། གལ་ཏེ་མི་ལྕོགས་པ་མེད་པ་ནི་ཡིད་བདེ
་བའི་དབང་པོ་ཡོད་ན། དེ་ལྟ་ན་ཅིའི་ཕྱིར་བསྡམ་གཏན་དང་པོ་བཞིན་དུ་དགའ་བ་དང་བཅས་པར་རྣམ་པར་མི་གཞག་ཅེ་ན། སྨྲས་པ། དེ་ན་དགའ་བ་གཡོ་བའི་ཕྱིར་རོ།། དེ་ན་དེ་ཡོད་པ་ཉིད་དུ་ཡིད་ཆེས་པར་འགྱུར་བའི་ལུང་གང་ཡིན
་ཞེ་ན། སྨྲས་པ། བཅོམ་ལྡན་འདས་ཀྱིས་འདི་ན་དགེ་སློང་དབེན་པ་ལས་སྐྱེས་པའི་དགའ་བ་དགའ་བ་དང་། བདེ་བས་ལུས་དེ་ཉིད་མངོན་པར་རླན་པར་བྱེད། ཡོངས་སུ་ཁྱབ་པར་བྱེད། ཡོངས་སུ་ཚིམ་པར་བྱེད་དེ། དེའི་ལུས་ལ་འདི།
་ལྟ་སྟེ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་མ་ཁྱབ་པ་དང་ཁྱབ་པར་བྱ་བ་ཆུང་ཟད་ཀྱང་མེད་དོ།། ཞེས་ཇི་སྐད་གསུངས་པ་སྟེ། དེ་ལ་རྣམ་གྲངས་དང་པོ་དག་གིས་ནི་མི་ལྕོགས་པ་མེད་པའི་གནས་སྐབས་བསྟན་ཏོ།། རྣམ
་གྲངས་ཐམས་ནི་དངོས་གཞིའི་གནས་སྐབས་བསྟན་ཏོ།། བསམ་གཏན་དྲང་པོའི་ས་ན་དབང་པོ་དུ་དག་དམིགས་ཤེ་ན། སྨྲས་པ། བཅཝོ་བརྒྱད་དོ།། བསམ་གཏན་གཉིས་པའི་ས་ན་ཡང་དེ་དག་ཉིད་དོ།། བསམ་གཏན་གསུམ་པའི་ས་ན་དབང
་པོ་དུ་དག་དམིགས་ཤེ་ན། སྨྲས་པ། བཅུ་བདུན་ནོ།། བསམ་གཏན་བཞི་པའི་ས་ན་ནི་བཅུ་དྲུག་གོ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་ན་དབང་པོ་དུ་དག་དམིགས་ཤེ་ན། སྨྲས་པ། བཅུ་གཅིག་གོ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས
་ན་ཇི་ལྟ་བ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ས་དང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་ན་ཡང་དེ་བཞིན་དུ་བལྟ་བོར་བྱའོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱིས་ན་དབང་པོ་དུ་དག་དམིགས་ཤེ་ན། སྨྲས་པ། བརྒྱད་དོ།།
་བསམ་གྲཏན་དང་པོའི་སས་བསྡུསྔ་པའི་དབང་པོ་རྣམས་ཟག་པ་དང་བཅས་པ་འམོ་ཟག་པ་མེད་པར་བརྗོད་པར་བྱ་ཞེ་ནཱ། སྨོས་པ། རྣམ་པ་གཉིས་གར་བརྗོད་པར་བྱའོ།། བསམ་གཏན་དང་པོའི་སས་བསྡུས་པ་དག་ཇི་ལྟ་བ་བཞིན་དུ་ཅིའང
་མེད་པའི་སྐྱེ་མཆེད་ཀྱི་སའི་བར་གྱིས་བསྡུས་པ་དག་ཀྱང་དེ་བཞིན་ནོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆོད་ཀྱི་སས་བསྡུས་པའི་དབང་པོ་རྣམས་ནི་རིགས་ལོས་ནི་ཟག་པ་དང་བཅས་པ་དག་ཏུ་བརྗོད་པར་བྱའོ།། རྒྱུད་ལས་ན་རྣམ་པ
་གཉིས་གར་བརྗོད་པར་བྱའོ།། ཟག་པ་མེད་པ་དག་ན་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་ལས་རིག་པར་བྱའོ།། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་ཇི་ལྟ་བ་བཞིན་དུ་སྤང་བར་བྱ་བ་དང་སྤང་བར་བྱ་བ་མ་ཡིན་པ་དང་། འཇིག་རྟེན་པ་དང
་འཇིག་རྟེན་ལས་འདས་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། འདོད་པའི་ཁམས་སུ་སྐྱེས་ཤིང་བྱུང་བ་དབང་པོ་དུ་དག་དང་ལྡན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། སྲིད་པའི་དབང་དུ་བྱས་ནས
་ཐམས་ཅད་དང་ངོ་།། སེམས་ཅན་དམྱལ་བར་སྐྱེས་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། བརྒྱད་དང་ནི་ཀུན་ཏུ་འབྱུང་བ་དང་ས་བོན་ལས་ལྡན་པ་ཡིན་ནོ།། ལྷག་མ་རྣམས་ལས་གསུམ་མབོ་ཏོགས་པ་དག་དང་ནི་ལྡན་པའང་ཡོད་མི་ལྡན་པ
་འང་ཡོད་དོ།། གསུམ་དང་ནི་ཀུན་ཏུ་འབྱུང་བ་ལས་ནི་མི་ལྡན་པ་ལ་ས་བོན་ལས་ནི་གལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ནི་ལྡན་ནོ།། གལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་ན་ནི་མི་ལྡན་ནོ།། གཞན་གསུམ
་དང་ནི་ཀུན་ཏུ་འབྱུང་བ་ལས་མི་ལྡན་ནོ།། ས་བོན་ལས་ལྡན་ནོ།། སེམས་ཅན་དམྱལ་བར་སྐྱེས་པ་ཇི་ལྟ་བ་བཞིན་དུ་གཅིག་ཏུ་སྡུག་བསྔལ་བའི་དུད་འགྲོ་རྣམས་དང་ཡི་དགས་རྣམས་ལས་ཡང་དེ་བཞིན་དུ་བལྟ་བར་བྱའོ།། བདེ་བ་དང
་སྡུག་བསྔལ་འདྲེན་མར་ཉམས་སུ་མྱོང་བ་རྣམས་ལ་ནི་ཐེ་མ་གསུམ་དང་ཀུན་འབྱུང་བ་ལས་ལྡན་པར་བལྟ་བར་བྱའོ།། མཱིར་སྐྱེས་པ་དབང་པོ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལྔས་ནི་ཐམས་ཅད་དང་ངོ་།། མིར་སྐྱེས་པ་ཇི་ལྟ་བ
་བཞིན་དུ་ལྷར་སྐྱེས་པ་ཡང་དེ་བཞིན་ནོ།། དབང་པོ་མ་ཚང་བ་དབང་པོ་དུ་དག་དང་ལྡན་ཞེ་ན། སྨྲས་པ། ལྔ་མ་གཏོགས་པར་སྲིད་པོ་ལས་དེ་ལས་གཞན་པ་དག་དེང་ངོ་།། དབང་པོ་ཚང་བ་ནི་སྲིད་པ་ལས་ཐམས་ཅད་དང་ངོ་།། ཟ་མ་དུ་དང
་ལྡན་ཞེ་ན། སྨྲས་པ། ལྔ་མ་གཏོགས་པར་སྲིད་པ་དེ་ལས་གཞན་པ་ཐམས་ཅད་དང་ངོ་།། བུད་མེད་དུ་ངག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཉི་ཤུ་རྩ་གཅིག་དང་ངོ་།། སྐྱེས་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཉི་ཤུ
་རྩ་གཅིག་ཁོ་ན་དང་ངོ་།། མཚན་གཉིས་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅུ་དགུ་དང་ངོ་།། དགེ་བའི་རྩ་བ་ཆད་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། བརྒྱད་མ་གཏོགས་པར་སྲིད་པ་དེ་ལས་གཞན་པ་དག་གོ། དགེ་བའི་རྩ།
་བ་མ་ཆད་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཐམས་ཅད་དྲང་ངོ་།། སོ་སོའི་སྐྱེ་བོ་དུ་དག་དང་ལྡན་ཞེ་ན། སྨྲས་པ། གསུམ་མ་གཏོགས་པར་སྲིད་པ་ལས་བཅུ་དགུ་དང་ངོ་།། བདེན་པ་མཐོང་བ་དུ་དག་དང་ལྡན་ཞེ་ན། སྨྲས་པ།
་སྲིད་པ་ལས་ཐམས་ཅད་དེང་ངོ་།། སློབ་པ་དུ་དག་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཉི་ཤུ་རྩེ་གཅིག་དང་ངོ་།། མི་སློབ་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅུ་དགུ་དང་ངོ་།། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས
་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཉི་ཤུ་དང་ངོ་།། རྒྱུན་ཏུ་ཞུགས་པ་དུ་དྲག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཉི་ཤུ་ཁོ་ན་དང་ངོ་།། རྒྱུན་ཏུ་ཞུགས་པ་ཇི་ལྟ་བ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས
་བ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ།། ཕྱིར་མི་འོང་བ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅུ་དགུ་དང་ངོ་།། ཕྱིར་མི་འོང་བ་ཇི་ལྟ་བ་བཞིན་དུ་དགྲ
་བཅོམ་པ་ཉིད་ཀྱི་འབྲས་བུའི་ཕྱིར་ཞུགས་པའང་དེ་བཞིན་ནོ།། དགྲ་བཅོམ་པ་དབང་པོ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅུ་དགུ་ཁོ་ན་དང་ངོ་།། གཟུགས་ཀྱི་ཁམས་སུ་སྐྱེས་པ་དབང་པོ
་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅཝོ་བརྒྱད་དང་ངོ་།། གཟུགས་མེད་པའི་ཁམས་སུ་སྐྱེས་པ་དབང་པོ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅུ་གཅིག་དང་ངོ་།། འདོད་པའི་ཁམས་ནས་ཤི་འཕོས་ནས་དེ་ཉིད
་དུ་སྐྱེ་བ་ན། དབང་པོ་དུ་དག་ནི་སྤོང་བར་བྱེད་དུ་ནི་འཐོབ་པར་བྱེད་ཅེ་ན། སྨྲས་པ། རེ་ཞིག་གཟུགས་ཅན་རྣམས་ནི་སྲིད་པ་ལས་མ་ཚང་བ་རྣམས་སྤོང་བར་བྱེད་ཅིང་མ་ཚང་བ་རྣམས་འཐོབ་པར་བྱེད་པ་དང་། མ་ཚང་བ་རྣམས་སྤོང
་བར་བྱེད་ཅིང་ཚང་བ་རྣམས་འཐོབ་པར་བྱེད་པ་དང་། ཚང་བ་རྣམས་སྤོང་བར་བྱེད་ཅིང་ཚང་བ་རྣམས་འཐོབ་པར་བྱེད་པ་དང་། ཚང་བ་རྣམས་སྤོང་བར་བྱེད་ཅིང་མ་ཚང་བ་རྣམས་འཐོབ་པར་བྱེད་པ་དང་། དམན་པ་རྣམས་སྤོང་བ
་བྱེད་ཅིང་དམན་པ་རྣམས་འཐོབ་པར་བྱེད་པ་དང་དམུན་པ་རྣམས་སྤོང་བར་བྱེད་ཅིང་། ཁྱད་པར་དུ་འཕགས་པ་རྣམས་འཐོབ་པར་བྱེད་པ་དང་། ཁྱད་པར་དུ་འབུགས་པ་རྣམས་སྤོང་བར་བྱེད་ཅིང་ཁྱད་པར་དུ་འཕགས་པ་རྣམས་འཐོབ།
་པར་བྱེད་པ་དང་། ཁྱད་པར་དུ་འཕགས་པ་རྣམས་སྤོང་བར་བྱེད་ཅིང་། དམན་པ་རྣམས་འཐོབ་པར་བྱེད་དོ།། ཡིད་ཀྱི་དབང་པོ་དང་སྲོག་གི་དབང་པོ་གཉིས་ཀྱི་དམན་པ་དང་ཁྱད་པར་དུ་འཕགས་པ་སྤོང་བ་དང་འཐོབ་པར་བྱེད་པ
་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། ཚོར་བའི་དབང་པོ་རྣམས་ཀྱི་དམན་པ་དང་ཁྱད་པར་དུ་འཕགས་པར་སྤོང་བ་དང་འཐོབ་པར་བྱེད་པ་དག་ཀྱང་རྣམ་པར་སྨིན་པའི་འབྲས་བུའི་བྱེ་བྲག་ལས་དེ་ཁོ་ན་བཞིན་དུ་ཅི་རིགས་པར་བལྟ་བར
་བྱའོ།། དབང་པོ་དགེ་བ་རྣམས་ནི་རྒྱུ་མཐུན་པའི་འབྲས་བུ་ལས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་འཐོབ་ཅིང་སྔོན་གྱི་དམན་པ་སྤོང་བར་བལྟ་བར་བྱའོ།། ཁྱད་པར་དུ་འཕགས་པ་སྤོང་ཞིང་དམན་པ་འཐོབ་པ་སྐྱེ་བ་ལས་ནི་མེད་དེ
་ལོག་པའི་སྦྱོར་བ་མེད་པར་བྱེད་དོ།། དབང་པོ་ཐ་མ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྐྱེ་བ་དང་མི་མཐུན་པ་ཁོ་ན་ཡིན་ནོ།། འདོད་པའི་ཁམས་ནས་ཤི་འཕོས་ནས་གཟུགས་ཀྱི་ཁམས་སུ་སྐྱེ་བ་ན་དབང་པོ་དུ་དག་ནི་སྤོང་བར་བྱེད་དུ་ནི
་འཐོབ་པར་བྱེད་ཅེ་ན། སྨྲས་པ། ས་འོག་མ་པའི་དབང་པོ་ཐམས་ཅད་ནི་སྤོང་བར་བྱེད་ལོ། གོང་མ་པའི་ཐམས་ཅད་ནི་སྲིད་པ་ལྔས་འཐོབ་པར་བྱེད་དོ།། འདོད་པའི་ཁམས་ནས་ཤི་འཕོས་ནས་གཟུགས་ཀྱི་ཁམས་སུ་སྐྱེ་བ་ན་ཇི་ལྟ་བ་དེ
་བཞིན་དུ་གཟུགས་མེད་པའི་ཁམས་སུ་སྐྱེ་བ་ན་ཡང་དེ་བཞིན་ནོ།། གཟུགས་ཀྱི་ཁམས་ནས་ཤི་འཕོས་ནས་གཟུགས་མེད་པའི་ཁམས་སུ་སྐྱེ་བ་ན་ཡང་དེ་བཞིན་ནོ།། དབང་པོ་ཐ་མ་གསུམ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུའི་སྦྱོར་བ
་ཐོབ་པ་ལས་དམིགས་པར་འགྱུར་གྱི་འཆི་འཕོ་དང་སྐྱེ་བ་ལས་ནི་མ་ཡིན་ཏེ། སྟོན་བསྒོམས་པའི་སྟོབས་བསྐྱེད་པས་འདིར་རྒྱུ་མཐུན་པ་ཆེས་གསོལ་བ་དག་འབྱུང་བར་འགྱུར་ཞིང་། ཆེས་འོད་གསལ་པོར་སྐྱེ་བའི་ཕྱིར་རྣམ་པར་སྨིན་པའི
་འབྲས་བུ་ནི་རྐྱེན་དུ་གྱུར་པ་དག་ཡིན་ནོ།། བར་སྡོམ་ནི། ལས་དང་རྫས་དང་གཟུགས་སོགས་དང་།། དགེ་ལ་སྩོགསྔ་དང་རྣམ་སྨིན་དང་།། ཁམས་དང་ས་དང་འཐོབ་པ་དང་། འཆི་འཕོ་སྐྱེ་བ་ཁོ་ན་ཡིན།།
་དབང་པོ་དུ་ཞིག་ཡུལ་གྱི་དོན་གྱིས་དོན་དང་ལྡན་པ་དག་ཡིན་ལ་དུ་ནི་མ་ཡིན་ཞེ་ན། སྨྲས་པ། ཉི་ཤུ་རྩ་གཅིག་ནི་དོན་དང་ལྡན་པ་ཡིན་ལ་གཅིག་ནི་མ་ཡིན་ནོ།། དུ་ཞིག་གཟུགས་ཅན་མ་ཡིན་པ་དང་ལྷན་ཅིག་ཏུ་དོན་ལ་འཇུག་ཅེན། སྨྲས་པ
་གཟུགས་ཅན་དང་པོ་བདུན་ནོ།། དུ་ཞིག་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དྲང་ལྷན་ཅིག་ཏུ་དོན་ལ་འཇུག་ཅེ་ན། སྨྲས་པ། དེ་ལས་གཞན་པ་ལྷག་མ་རྣམས་སོ།། དོན་དང་བཅས་པ་གང་དག་ཡིན་པ་ལས་དང་པོ་ལྔའི་དོན་གང་ཞེ་ན།
་པ། གཟུགས་ལ་སོགས་པ་ཡུལ་སོ་སོར་ངེས་པ་ལྔའོ།། དབང་པོ་དྲུག་པའི་དོན་གྲང་ཞེ་ན། སྨྲས་པ། ཆོས་ཐམས་ཅད་དོ།། ཕོ་དང་མོའི་དབང་པོ་གཉིས་ཀྱི་དོན་གང་ཞེ་ན། སྨྲས་པ། རག་བྱས་བསྡུས་པ་ཁོ་ནའི་འཁྲིག་པ་སྦྱོར
་པའོ།། ཚོར་བའི་དབང་པོ་ལྔའི་དོན་གང་ཞེ་ན། སྨྲས་པ། བདེ་བ་དང་སྡུག་བསྔལ་བ་དང་ཡིད་བདེ་བ་དང་མི་འདི་བ་ང་ཧ་སྙོམས་ཀྱི་གནས་ལྟ་བུ་དག་སྟེ་དབང་པོ་དྲུག་པོ་དེ་དག་ཉིད་ཀྱི་དོན་རྣམས་སོ།། དང་པོའི་དབའ་པོའི་དོན་གང་ཞེ་ན། སྨྲས་པ
་སྤང་བར་བྱ་བ་དང་། འཐོབ་པར་བྱ་བའི་ཡུལ་ལོ།། བརྩོན་འགྲུས་ཀྱི་དབང་པོའི་དོན་གང་ཞེ་ན། སྨྲས་པ། དེ་གཉིས་ཁོ་ན་འཐོབ་པར་བྱ་བ་ལ་ཞུམ་པ་མེད་པ་དང་སྤང་བར་བྱ་བ་ལ་ཞུམ་པ་མེད་པའོ།། དྲན་པའི་དབང་པོའི་དོན
་གླང་ཞེ་ན། སྨྲས་པ། མཉན་པ་དང་བསམ་པ་དང་བསྒོམ་པ་ངེས་པར་འཛིན་པའོ།། ཏིང་ངེ་འཛིན་གྱི་དབང་པོའི་དོན་གང་ཞེ་ན། སྨྲས་པ། ཞི་གནས་དང་ལྷག་མཐོང་ངོ་།། ཤེས་རབ་ཀྱི་དབང་པོའི་དོན་གང་ཞེ་ན། སྨྲས་པ། ཤེས་བྱའི་དེ་ཁོ་ནའོ།།
་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ། བདེན་པ་མངོན་པར་རྟོགས་པ་ལ་བརྩོན་པ་དགེ་བའི་ཆོས་ལ་འདུན་པ་ནས་བཟུང་སྟེ། སྦྱོར་བའི་ལས་ཐམས་ཅད་ལ་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་འདིའི་དོན་ཡིན
་པར་བལྟ་བར་བྱའོ།། ཀུན་ཤེས་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་བཟུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་འདིའི་དོན་ཡིན་པར་བལྟ་བར་བྱའོ།། ཀུན་ཤེས་པ
་དང་ལྡན་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ། མི་སློབ་པའི་ལམ་ནས་བཟུང་སྟེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་དུ་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་འདིའི་དོན་གང་ཡིན་པར་བལྟོ་བར་བྱའོ།། དུ་ཞིག
་གཟུགས་ཅན་དག་ཡིན་ལ་དོན་ཀྱང་གཟུགས་ཅན་དག་ཡིན་ཞེ་ན། སྨྲས་པ་བདུན་ནོ།། དུ་ཞིག་གཟུགས་ཅན་མ་ཡིན་པ་དག་ཡིན་ལ། དོན་ནི་གཟུགས་ཅན་དང་གཟུགས་ཅན་མཱ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། སྲོག་གི་དབང་བྱེ་མ་གཏོགས
་བ་དེ་ལས་གཞན་པ་ཐམས་ཅད་དོ།། དུ་ཞིག་གཟུགས་ཅན་ཡང་མ་ཡིན་གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་པ་དག་ཡིན་ལ། དོན་ཀྱང་གཟུགས་ཅན་མ་ཡིན་གཟུགས་ཅན་མ་ཡིན་པའང་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། སྲོག་གི་དབང་པོ
་དེ་ཉིད་ཡིན་ཏེ་བཏགས་པའི་ཆོས་ཡིན་པའི་ཕྱིར་རོ།། དུ་ཞིག་བསྟན་དུ་ཡོད་པ་དག་ཡིན་ལ་དོན་ཀྱང་བསྟན་དུ་ཡོད་པ་དག་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ཀྱང་བསྟན་དུ་མེད་པ་དག་ཡིན་ཏེ། གཟུགས་ཅན་གཅིན།
་དང་ལྷག་མ་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་ཕྱོགས་ནི་དོན་བསྟན་དུ་ཡོད་པ་ཡིན་ནོ།། དུ་ཞིག་ཐོགས་པ་དང་བཅས་པ་དག་ཡིན་ལ་དོན་ཀྱང་ཐོགས་པ་དང་བཅས་པ་དག་ཡིན་ཞེ་ན། སྨྲས་པ། གཟུགས་ཅན་བདུན་ནོ།། ལྷག་མ་གཟུགས་ཅན་མ
་ཡིན་པ་ཐོགས་པ་མེད་པ་དང་བསྟན་དུ་མེད་པ་རྣམས་ཀྱི་ཕྱོགས་ཡིན་ནོ།། དུ་ཞིག་ཟག་པ་དང་བཅས་པ་དག་ཡིན་ལ་དོན་ཀྱང་ཟག་པ་དང་བཅས་པ་དག་ཡིན་ཞེ་ན། སྨྲས་པ། བདུན་ཁོ་ནའོ།། ལྷག་མ་རྣམས་ལས་ནུ་མ་གཉིས་མ་གཏོགས་པ་དང་སྡུག
་བསྔལ་བ་དང་ཡིད་མི་བདེ་བའི་དབང་པོ་གཉིས་མ་གཏོགས་པ་དག་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་ཡིན་ལ་དོན་ཀྱང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་ཡིན་པར་བལྟ་བར་བྱའོ།། སྡུག་བསྔལ་གྱི་དབང་པོ་ནི་ཟག་པ་དང་བཅས
་པ་དང་བག་པ་མེད་པ་དག་ཡིན་ལ་དོན་ནི་ཟག་པ་དང་བཅས་པ་ཡིན་ནོ།། ཡིད་མི་བདེ་བའི་དབང་པོ་ནི་ཟག་པ་དང་བཅས་པ་ཡིན་ལ་དོན་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡིན་ནོ།། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་དགེ་སྦྱོང་གི་ཚུལ
་གྱི་འབྲས་བུ་དང་ཐག་རིང་ཞིང་འཇིག་རྟེན་པའི་རྣམ་པར་གཏོགས་པ་གང་ཡིན་པ་དེ་ནི་ཟག་པ་དང་བཅས་པ་ཡིན་ལ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་ཐག་ཉེ་ཞིང་འཇིག་རྟེན་ལས་འདས་པའི་རྣམ་པར་གཏོགས་པ་གང་ཡིན་པ་དེ་ནི་ཟག་པ་མེང་བ་ཡིན
་པར་བལྟ་བར་བྱའོ།། དུ་ཞིག་འདུས་བྱས་དག་ཡིན་ལ་དོན་ཀྱང་འདུས་བྱས་དག་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ཀྱང་འདུས་བྱས་ཡིན་ཏེ་བརྒྱད་ནི་དོན་ཀྱང་འདུས་བྱས་དག་ཡིན་ནོ།། དེ་ལས་གཞན་པ་དག་ནི་དོན་འདུས་བྱས་དང་འདུས་མ་བྱས་པ་དག
་ནོ།། དུ་ཞིག་ཉོན་མོངས་པ་དང་བཅས་པ་དག་ཡིན་ལ་དོན་ཀྱང་ཉོན་མོངས་པ་དང་བཅས་པ་དག་ཡིན་ཞེ་ན། སྨྲས་པ། ཟག་པ་དང་བཅས་པ་ཇི་སྐད་བསྟན་པ་དེ་བཞིན་དུ་འདིའང་བལྟ་བར་བྱའོ།། ཟང་ཟིང་བཅས་པ་དང་ཞེན་པ་ལ་བརྟེན་པ་དང་འཇིག
་རྟེན་པ་དང་འཇིག་རྟེན་ལས་འདས་པ་བསྟན་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། དུ་ཞིག་འདས་པ་དག་ཡིན་ལ་དོན་ཀྱང་འདས་པ་དག་ཡིན་ཞེ་ན། སྨྲས་པ། དབང་པོ་གཟུགས་ཅན་རྣམས་དང་སྡུག་བསྔལ་གྱི་དབང་པོ་མ་གཏོགས་པ་དེ་ལས
་གཞན་པ་དོན་དང་ལྡན་པ་རྣམས་ཀྱི་ཕྱོགས་གཅིག་གོ། གཟུགས་ཅན་རྣམས་དང་སྡུག་བསྔལ་གྱི་དབང་པོ་ནི་འདས་པ་དག་ཡིན་ཡང་དོན་ནི་འདས་པ་མ་ཡིན་ནོ།། དུ་ཞིག་འདས་པ་དག་ཡིན་ལ་དོན་ནི་ད་ལྟར་བྱུང་བ་དག་ཡིན་ཞེ་ན། སྨྲས་པ། ཇི
་སྐད་བསྟན་པ་དེ་དག་ཉིད་ཀྱི་ཕྱོགས་གཅིག་གོ།། དེ་དག་ཉིད་འདས་པ་དག་ཡིན་ལ་དོན་ནི་མ་འོངས་པ་དག་ཡིན་པར་ཡང་བལྟ་བར་བྱའོ།། དེ་དག་ཉིད་ད་ལྟར་བྱུང་བ་དག་ཡིན་ལ་དོན་འདས་པ་དག་དང་དོན་མ་འོངས་པ་དག་ཡིན་པར་ཡང་བལྟ་བར
་བྱའོ།། གཟུགས་ཅན་ཐམས་ཅད་དང་སྡུག་བསྔལ་གྱི་དབང་པོ་དང་སྔར་བསྟན་པ་དེ་དག་ཉིད་ཀྱི་ཕྱོགས་གཅིག་ནི་ད་ལྟར་དག་ཡིན་ལ། དོན་ཡང་ད་ལྟར་གྱི་དག་ཡིན་པར་ཡང་བལྟ་བར་བྱའོ།། དེ་དག་ཉིད་མ་འོངས་པ་དག་ཡིན་ལ་དོན་འདས་པ
་ངག་དང་དོན་མ་འོངས་པ་དག་དང་། དོན་པ་ལྟར་བྱུང་བ་དག་ཡིན་པར་ཡང་བལྟ་བར་བྱ་སྟེ།། གཟུགས་ཅན་རྣམས་ནི་མ་འོངས་པ་དག་ཡིན་ཡང་དོན་ནི་མ་འོངས་པ་དག་མ་ཡིན་ནོ།། དུ་ཞིག་འདོད་པ་དང་ལྡན་པ་དག
་ཡིན་ལ་དོན་ཀྱང་འདོད་པ་དང་ལྡན་པ་དག་ཡིན་ཞེ་ན། སྨྲས་པ་བཞིའོ།། དབང་པོ་གཉིས་ནི་འདོད་པ་དང་གཟུགས་དང་ལྡན་པ་དག་ཡིན་ལ་དོན་ནི་འདོད་པ་དང་ལྡན་པ་དག་ཡིན་ནོ།། གསུམ་ནི་འདོད་པ་དང་གཟུགས་དང་ལྡན་པ་དག་ཡིན་ལ
་དོན་ཡང་འདོད་པ་དང་གཟུགས་དང་ལྡན་པ་ངག་ཡིན་ནོ།། གཉིས་ནི་འདོད་པ་དང་གཟུགས་དང་ལྡན་པ་དང་ལྡན་པ་མ་ཡིན་པ་དག་ཡིན་ལ་དོན་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པ་དག་ཡིན་ནོ།།
་བདུན་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པ་དག་ཡིན་ལ་དོན་ཀྱང་དེ་དག་ཉིད་ཡིན་པར་བལྟ་བར་བྱའོ།། གཅིག་ནི་གཟུགས་དང་ལྡན་པ་དང་ལྡན་པ་མ་ཡིན་པ་ཡིན་ལ་དོན་ནི་ཐམས་ཅད་དང་ལྡན་པ
་དང་ལྡན་པ་མ་ཡིན་པ་ཡིན་ནོ།། གཉིས་ནི་ལྡན་པ་མ་ཡིན་པ་དག་ཡིན་ལ་དོན་ནི་ཐམས་ཅད་དང་ལྡན་པ་དང་ལྡན་པ་མ་ཡིན་པ་དག་ཡིན་ནོ།། དུ་ཞིག་དགེ་བ་དག་ཡིན་ལ་དོན་ཀྱང་དགེ་བ་དག་ཡིན་ཞེ་ན། སྨྲས་པ། བརྒྱད་ནི་དགེ་བ་དག་ཡིན་ལ
་དོན་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ཡིན་ནོ།། ལྔ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ཡིན་ལ་དོན་ཀྱང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ཡིན་ནོ།། གཅིག་ནི་དགེ་བ་དང་མི་དགེ་བ་ཡིན་ལ་དོན
་ནན་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་པ་ཡིན་ནོ།། ལྔ་ནི་ལུང་དུ་མ་བསྟན་པ་དག་ཡིན་ལ་དོན་ཀྱང་ལུང་དུ་མ་བསྟན་པ་དག་ཡིན་ནོ།། གཉིས་ནི་ལུང་དུ་མ་བསྟན་པ་དག་ཡིན་ལ་དོན་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ཡིན་ནོ།།
་དུ་དུ་དུ་ཞིག་སློབ་པ་དག་ཡིན་ལ་དོན་ཀྱང་སློབ་པ་དག་ཡིན་ཞེ་ན། སྨྲས་པ། དགུ་ནི་སློབ་པ་དང་མི་སློབ་པ་དང་སློབ་པའང་མ་ཡིན་མི་སློབ་པ་འང་མ་ཡིན་པ་དག་ཡིན་ལ་དོན་ཀྱང་རྣམ་པ་གསུམ་ཅར་ཡིན་ནོ།། བདུན་ནི་སློབ་པ་འང་མ་ཡིན་མི་སློབ་པ་འང་མ
་ཡིན་པ་དག་ཡིན་ལ་དོན་ཀྱང་དེ་དག་ཉིད་ཡིན་ནོ།། གཅིག་ནི་རྣམ་པ་གསུམ་ཆར་ཡིན་ལ་དོན་ནི་སློབ་པའང་མ་ཡིན་མི་སློབ་པ་འང་མ་ཡིན་པ་ཡིན་ནོ།། གཅིག་ནི་སློབ་པ་དང་སློབ་པ་ཡང་མ་ཡིན་མི་སློབ་པའང་མ་ཡིན་པ་ཡིན་ལ་དོན་ནི་རྣམ་པ་གསུམ
་ཆར་ཡིན་ནོ།། གཉིས་ནི་སློབ་པ་དག་ཡིན་ལ།། དོན་ནི་རྣམ་པ་གསུམ་ཆར་ཡིན་ནོ།། གཅིག་ནི་མི་སློབ་པ་ཡིན་ལ་དོན་ན་རྣམ་པ་གསུམ་ཆར་ཡིན་པར་བལྟ་བར་བྱའོ།། དུ་ཞིག་མཐོང་བས་སྤང་བར་བྱ་བ་དག་ཡིན་ལ་དོན་ཀྱང་མཐོང་བས་སྤང་བར་བྱ་བ
་དག་ཡིན་ཞེ་ན། སྨྲས་པ། བཅུ་བཞིའི་ཕྱོགས་གཅིག་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ།། ཕྱོགས་གཅིག་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ།། བཅུ་གཉིས་ཀྱི་ཕྱོགས་གཅིག་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ།། ཕྱོགས་གཅིག་ནི་སྤང་བར་བྱ་བ
་མ་ཡིན་པ་ཡིན་ནོ།། བཅུ་བཞི་པོ་དེ་དག་ཉིད་ལས་དྲུག་དང་དེ་དང་དེ་ལས་གཞན་པ་དྲུག་དང་། གཞན་གཉིས་ནི་སྤང་བར་བྱ་བ་མ་ཡིན་པ་དག་ཡིན་ནོ།། དེ་ལ་གཟུགས་ཅན་རྣམས་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་དོན་ཡིན་པར་བལྟ་བར་བྱའོ།། །
་གཟུགས་ཅན་མ་ཡིན་པ་རྣམས་ནི་དོན་རྣམ་པ་གསུམ་ཆར་ཏེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དང་། སྤང་བར་བྱ་བ་མ་ཡིན་པའི་དོན་དག་ཡིན་ནོ།། དབང་པོ་དུ་ཞིག་དོན་ལ་ཀུན་ནས་ཉོན་མོངས་པའི
་བཏང་སྙོམས་ཀྱིས་རབ་ཏུ་ཕྱེ་བ་དག་ཡིན་ཞེ་ན། སྨྲས་པ། དགེ་བ་རྣམས་མ་གཏོགས་པ་སྟེ། དགེ་བ་རྣམས་ནི་དོན་ལ་རྣམ་པར་བྱང་བའི་བཏང་སྙོམས་ཀྱིས་རག་དུ་ཕྱེ་བ་དག་ཡིན་པར་བལྟ་བར་བྱའོ།། དུ་ཞིག་ནི་དོན་ཕྱིན་ཅི་ལོག་ཏུ་གྱུར་པ་དག
་ཡིན་ཞེ་ན། སྨྲས་པ། དགེ་བ་དང་རྣམས་དང་དབང་པོ་དྲུག་ནི་དོན་གྱི་དངོས་པོ་གང་དག་ཡིན་པ་མ་གཏོགས་པ་རྣམས་སོ།། དུ་ཞིག་ཕྱིན་ཅི་ལོག་གི་གནས་དག་ཡིན་ཞེ་ན། སྨྲས་པ། གཟུགས་ཅན་བདུན་ནོ།། དུ་ཞིག་ཕྱིན་ཅི་ལོག་གི་ངོ་བོ་ཉིད་དག
་ཡིན་ཞེ་ན། སྨྲས་པ། དྲུག་གི་ཕྱོགས་སོ།། དུ་ཞིག་ཕྱིན་ཅི་ལོག་གི་གཉེན་པོ་དག་ཡིན་ཞེ་ན། སྨྲས་པ། བརྒྱད་ཡིན་པར་བལྟ་བར་བྱའོ།། དབང་པོ་དུ་དག་གིས་དོན་ལ་སྐྱོན་ལས་ཉེ་བར་རྟོག་པར་བྱེད་ཅེ་ན། སྨྲས་པ། བརྒྱད་དང་ལྔ་དང་གཅིག
་གིས་སོ།། གང་གི་ཚེ་འདུད་བྱེད་རྣམས་ཡོན་ཏན་བཞི་དང་ལྡན་པར་དམིགས་པ་དེའི་ཚེ་ཇི་ལྟར་འདུ་བྱེད་རྣམས་སྐྱོན་ལས་ཉེ་བར་རྟོག་པར་བྱེད་དེ། གནས་པ་ལས་ནཱི་འདི་ལྟ་སྟེ། ཁ་ཅིག་ནི་ཕུང་པོ་རྣམས་ལེགས་པར་བསྙེན་བཀུར་བྱས
་ན་ལོ་བརྒྱ་འམ་དེ་བས་ལྡོག་པར་གནས་པའོ།། མཐུ་ལས་ནི་འདི་ལྟ་སྟེ། བདེ་བ་སྐྱེད་པར་བྱེད་པ་དང་། གཅོང་པར་ཀུན་ཏུ་སྣང་བའོ།། དབང་སྒྱུར་བ་ལས་ནི་འདི་ལྟ་སྟེ། སྒྲུབ་པ་དང་སྲུང་བ་དང་ལིངས་སྤྱོད་བ་དང་གཏོང་བ་ལ་རང་གིས
་དབང་སྒྱུར་བར་བྱེད་པའོ།། ཆགས་པ་ལས་ནི་འདི་ལྟ་སྟེ། དེ་ལ་བརྟེན་པའི་ཆགས་པ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་ཏེ། དེ་ནི་འདུ་བྱེད་རྣམས་ཀྱི་ཡོན་ཏན་དང་ལྡན་པའི་མཚན་ཉིད་བཞི་པ་ཡིན་ནོ་ཞེ་ན། སྨྲས་པ། འདི་ལྟར
་ཆོས་དེ་དག་ནི་འཇིག་རྟེན་ལས་ཡོན་ཏན་དུ་བཟུང་མོད་ཀྱི་འོན་ཀྱང་དེ་དག་ཐམས་ཅད་ནི་སྐྱོན་དང་འབྲལ་བ་ཡིན་པར་རིག་པར་བྱའོ།། དེ་ལ་སྐྱོན་རྣམས་གང་ཞེ་ན། སྨྲས་པ། གནས་པ་གཏན་དུ་མ་ཡིན་པའི་ཕྱིར་དང་། སྡུག་པ་འགྱུར
་བའི་མི་རྟག་པ་མངོན་དུ་དམིགས་པའི་ཕྱིར་དང་། འཆི་བའི་མི་རྟག་པ་མངོན་སུམ་དུ་དམྱིགས་པའི་ཕྱིར་འདུ་བྱེད་དེ་དག་ཡོན་ཏན་དང་པོ་དང་གྲོལ་བར་བལྟ་བར་བྱའོ།། དེ་བཞིན་དུ་དེས་བྱས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བ
་མངོན་སུམ་དུ་དམིགས་པའི་ཕྱིར་དང་། མི་གཙང་བ་མངོན་སུམ་དུ་དམིགས་པའི་ཕྱིར་ཡོན་ཏན་གཉིས་པ་དང་བྲལ་བར་བལྟ་བར་བྱའོ།། དེ་བཞིན་དུ་རྒ་བ་དང་ན་བོ་དང་འཆི་བ་ལ་སོགས་པ་ལ་འདོད་དགུར་བྱར་མེད་པ་མངོན་སུམ་དུ་དམིགས
་བའི་ཕྱིར་ཡོན་ཏན་གསུམ་པ་དང་བྲལ་བར་བལྟ་བར་བྱའོ།། དེ་བཞིན་དུ་སྲིན་བུ་དང་ཁྱི་དང་ཕག་ལ་སོགས་པ་ལྡན་ལྗིན་མཆོག་ཏུ་མི་གཙང་བ་ལ་ཆགས་པ་དག་མངོན་སུམ་དུ་དམིགས་པའི་ཕྱིར་ཡོན་ཏན་བཞི་པ་སྤངས་པར་བལྟ་བར་བྱ་སྟེ།
་གང་གི་ཕྱིར་ཡོན་ཏན་ཐམས་ཅད་དང་བྲལ་བར་འགྱུར་བ་དེའི་ཕྱིར་འདུ་བྱེད་རྣམས་ལ་རྣམ་པ་ཐམས་ཅད་དུ་སྐྱོན་དང་ལྡན་པ་དེ་ལྟ་བུ་ཁོ་ནར་ཉེ་བར་རྟོག་པར་བྱེད་དོ།། མིག་གི་དབངོ་བོ་ཅི་ཞིག་གི་ཆོད་དུ་ཞེ་ན། སྨྲས་པ། གཟུགས་ལ་ལྟ་བའི་ཆེད་དུའོ།། །
་ཡིད་ཀྱི་དབ་པོའི་བར་དུ་ཅི་ཞིག་གི་ཆེད་དུ་ཞ་ན། སྨྲས་པ། ཐམས་ཅད་ཀྱང་རང་རུང་གི་ཡུལ་འཛིན་པའི་ཆེད་དུ་ཡིན་པར་བལྟ་བར་བྱའོ།། ཕོ་དང་མོའི་དབང་པོ་གཉིས་ཅི་ཞིག་གི་ཆུང་ངུ་ཞེ་ན། སྨྲས་པ། འཁྲིག་པ
་བརྟེན་པའི་ཆེད་དུའོ།། སྲོག་གི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། འཆི་བའི་སྲིད་པ་སྔ་རོལ་གྱི་དུས་ཀྱི་སྲིད་པའི་ཆེད་དུའོ།། ཚོར་བའི་དབང་པོ་རྣམས་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། ཡུལ་ཡིད་འོང་བ་དང་ཡིད་དུ་མི་འོང་བ་ལ་རྗེས་སུ་ཆགས
་དང་ཁོང་ཁྲོ་བའི་ཆེད་དུའོ།། དང་བའི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། དགེ་བ་ལ་འཇུག་པའི་ཆེད་དུའོ།། བརྩོན་འགྲུས་ཀྱི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། ཞུགས་པ་དགེ་བའི་ཆོས་བསྒོམ་པ་རྒྱུན་ཏུ་ཆུད་པར་བྱ་བའི་ཚད་དུའོ།།
་དྲན་པའི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། ཤེས་བཞིན་དུ་སྤྱད་པའི་ཆེད་དུའོ།། ཏིང་ངེ་འཛིན་གྱི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། ཡེ་ཤེས་དང་མཐོང་བ་རྣམ་པར་དག་པའི་ཆེད་དུའོ།། ཤེས་རབ་ཀྱི་དབང་པོ་ཙཱ་ཞིག་གི་ཆེད་དུ་ཞེ་ན
་སྨྲས་པ། ཉོན་མོངས་པ་སྤོང་བའི་ཆེད་དུའོ།། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་པོ་དང་གཉིས་པ་དང་གསུམ་པ་འཐོབ་པའི་ཆེད་དུའོ།། ཀུན་ཤེས་པའི་དབང་པོ་ཅི་ཞིག་གི
་ཆེཆང་དུ་ཞེ་ན། སྨྲས་པ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དང་མི་སློབ་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འཐོབ་པའི་ཆེད་དུའོ།། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། བར་ཆད་མེད་པར་ཉོན་མོངས་པ་སྤོང་བ་མངོན་དུ
་བ་དང་། ཚེ་འདི་ལ་བདེ་བར་གནས་པ་དང་ཕུང་པོ་འགག་པའི་ཆེད་དུའོ།། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ལུས་ནི་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་དང་། མ་དང་ཕའི་མི་གཙང་ང་ནུར་ནུར་པོ་ལས་བྱུང་བ། འབྲས་ཅན་དང་།
་ཟན་དྲོན་གྱིས་བསྐྱེད་པ་རྟག་ཏུ་བསྐོན་པ་དང་། བཀྲུ་བ་དང་། མཉ་བ་བྱ་དགོས་པ་དང་བཅས་པ་དང་གཤེགས་པ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་ཆོས་ཅན་ཡིན་ནོ་ཞེས་གསུངས་པ་དབང་པོ་གང་དག་ལས་བརྟེན་ནས་ཤེ་ན། སྨྲས་པ།
་དབང་པོ་གཟུགས་ཅན་བདུན་ལས་བརྟེན་ཏེ་གསུངས་སོ།། དེའང་མདོར་བསྡུ་ན་རྣམ་པ་བསྟན་པ་དང་པོས་ནི་འདོད་པ་ན་སྤྱོད་པའི་དབང་པོ་གཟུགས་ཅན་རྣམས་ཀྱི་སྤྱིའི་མཚན་ཉིད་བསྟན་ཏོ།། གཉིས་པས་ནི་རང་གི་མཚན་ཉིད་དོ།། གསུམ
་གྱིས་རྒྱུ་སྟེ། གཉིས་ཀྱིས་ནི་སྐྱེ་བའི་རྒྱུའོ།། གཅིག་གིས་ནི་སྐྱེས་ནས་འཕེལ་བའི་རྒྱུའོ།། གསུམ་གྱིས་ནི་འགྱུར་བ་སྟེ་གྲང་བ་ལས་གྱུར་པ་དང་། ཚ་བ་ལས་གྱུར་པོ་དང་ཡོངས་སུ་ངལ་བ་ལས་གྱུར་པའོ།། བཞིས་ནི་ཡོངས་སུ་འགྱུར་བ་སྟེ།
་གཉིས་ཀྱིས་ནི་གསོན་པ་ཉིད་ན་གནོད་པ་བྱས་པ་ལས་གྱུར་པའོ།། གཉིས་ཀྱིས་ནི་ཤི་བ་ལ་གཞན་དང་རང་གི་ངང་གིས་ཡོངས་སུ་འགྱུར་བར་བལྟ་བར་བྱའོ།། བཅོམ་ལྡན་འདས་ཀྱིས་རིང་དུ་སོང་ཞིང་གཅིག་ཕུ་རྒྱུ། ལུས་མེད་ཕུག་ན་ཉལ་བ
་ཡིན། ཞེས་གསུངས་པ་དབང་པོ་གང་ལ་བརྟེན་ནས་ཤེས་ན། སྨྲས་པ། ཡིད་ཀྱི་དབང་པོ་ལས་ཏེ། སྔོན་གྱི་མཐའ་ལས་བརྩམས་ནས། ཐོག་མ་མེད་པོའི་ཕྱིར་དང་ཤེས་བྱ་མཐའ་དག་ལ་དམིགས་པའི་ཕྱིར་རིང་དུ་སོང་བ་ཡིན་ནོ།། སེམས་ཀྱི་རྒྱུད
་རེ་རེ་ནས་འཇུག་པའི་ཕྱིར་དང་བདག་པོ་མེད་པའི་ཕྱིར་གཅིག་པུ་རྒྱུ་བ་ཡིན་ནོ།། གཟུགས་མེད་པ་དང་བསྟན་དུ་མེད་པ་དང་ཐོགས་པ་མེད་པའི་ཕྱིར་ལུས་མེད་པ་ཡིན་ནོ།། གཟུགས་དང་མིང་ལ་བརྟེན་པའི་ཕྱིར་ཕུག
་ན་ཉལ་བ་ཡིན་པར་བལྟ་བར་བྱའོ།། བཅོམ་ལྡན་འདས་ཀྱིས་བུ་མེད་ཀྱིས་ནི་སྐྱེས་པོ་གནས་བརྒྱད་པོ་བྲོ་གར་དང་གླུ་དང་བགད་པ་དང་། བལྟས་པ་དང་། ཁ་དོག་དང་། རེག་པ་དང་། ཀུན་ཏུ་བཤམ་པ་དང་རྨ་འདྲལ་བ་དག་གིས་འཆིང་བར་བྱེད་དེ
་ས་གསུངས་པ་དབང་པོ་གང་དག་ལས་བརྟེན་ནས་ཤེ་ན། སྨྲས་པ། དབང་པོ་གཉིས་ལས་ཏེ་ཕོའི་དབང་པོ་དང་མེའི་དབང་པོ་ལས་སོ།། དེ་ལ་རྩ་བའི་དུས་ན་ནི་གནས་བཞིས་འཆིང་བར་བྱེད་དོ།། ཡོངས་སུ་ལོངས་སྤྱོད་པའི་དུས་ནའང་གནས
་བཞིས་འཆིང་བར་བྱེད་དེ། རྩེ་བའི་དུས་ན་ནི་ལུས་དང་ངག་དང་ཁ་བཞིན་དང་མིག་གི་འཇོ་སྒེག་དག་གིས་འཆིང་བར་བྱེད་དོ།། ཡོངས་སུ་ལོངས་སྤྱོད་པའི་དུས་ན་ནི་གཟུགས་བཟང་བ་དང་། མཉེ་བ་དང་ཉེ་བར་སྤྱོད་པ་དང་ཤིན་ཏུ་གཞོན་ཤ་ཅན་དག
་གིས་འཆིང་བར་བྱེད་དོ།། བཅོམ་ལྡན་འདས་ཀྱིས་སྲོག་དང་ལྡན་པ་དང་གསོན་པ་དང་འཇུག་པ་དང་འཚོ་བ་དང་སྡོང་བར་བྱེད་དོ་ཞེས་གསུངས་པ་དབང་པོ་གང་ལ་བརྟེན་ནས་ཤེ་ན། སྨྲས་པ། སྲོག་གི་དབང་པོ་ལས་ཏེ་དབུགས་རྒྱུ་བ་དང་ཤེས་པ་ཡོད
་པབ་དང་ལྡན་པ་དང་། དེ་ལས་གཞན་པའི་གནས་སྐབས་དང་འདྲ་བ་དང་། དབང་བྱེད་པར་འགྱུར་བར་དང་། ནད་མེད་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱི་ནི་བདེ་བ་དང་། ཚོར་བ་དང་ཚོར་བ་ལས་བྱུང་བ་ཞེས་གསུངས་པ་དབང་པོ་གང་དག་ལ་བརྟེན
་ནས་ཤེ་ན། སྨྲས་པ། བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོ་ལས་ཏེ་དེ་ལས་གཞན་པའི་ཚོར་བའི་དབང་དུ་བྱས་ནས། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དང་རྟེན་གྱིས་མཚན་ཉིད་དེ་དག་བསྟན་ཏོ།། བདེ་བ་ལ་སོགས་པ་ཇི་ལྟ་བ
་བཞིན་དུ་མི་བདེ་བ་ལ་སོགས་པ་དང་བདེ་བ་འང་མ་ཡིན་མི་བདེ་བའང་མ་ཡིན་པ་ལ་སོགས་པ་ལ་ཡང་ཅི་རིགས་པར་བལྟ་བར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ལ་དད་པས་ངེས་པར་ཞེན་པ་དང་རྟིང་ཚུགས་པ་དང་རབ་ཏུ
་གནས་པ་ནི་འཇིག་རྟེན་ན་དགེ་སྦྱོང་ངམ་བྲམ་ཟེ་འམ་ལྷ་འམ་བདུད་དམ་ཚངས་པ་འམ་སུས་ཀྱང་ཆོས་དང་མཐུན་པས་འཕྲོགས་པར་མི་འགྱུར་རོ་ཞེས་གསུངས་པ་དབང་པོ་གང་ལ་བརྟེན་ནས་ཤེ་ན། སྨྲས་པ། དད་པའི་དབང་པོ་ལས་ཏེ་ཐོས་པ
་དང་བསམ་པ་དང་བསྒོམ་པ་ལ་མོས་པ་དག་གིས་དད་པའི་དོན་གྱི་སྙིང་པོ་ཡོངས་སུ་བསྟན་ཏོ།། དེའང་སྙིང་པོ་ཉིད་ཡིན་པ་ཇི་ལྟར་ཁོང་དུ་ཆུད་པར་བྱ་བའི་ཐབས་དེ་ནི་ཤེས་པ་དང་སྐྱེ་བ་དང་དབང་དང་རྣམ་པར་དག་པ་ཁྱད་པར་ཅན་དག་གིས་ཀྱང
་དེ་གཡོས་པར་མི་འགྱུར་ན་མི་ཕལ་པ་དག་གིས་ལྟ་ཅི་སྨོས་ཞེས་ཡོངས་སུ་བསྟན་ཏོ།། དོན་གྱི་སྙིང་པོའི་རྣམ་གྲངས་གཞན་ཡང་འཇིག་རྟེན་མོས་པ་ཤིན་ཏུ་རྣམ་པར་ངེས་པས་ནི་ངེས་པར་ཞེན་པ་ཡིན་ནོ།། འཇིག་རྟེན་ལས་འདས་པའི་མོས
་རྩ་བར་གྱུར་པ་ཡིན་པའི་ཕྱིར་གཏིང་ཚུགས་པ་ཡིན་ནོ།། འཇིག་རྟེན་ལས་འདས་པའི་མོས་པ་རྣམ་པར་དག་པས་རབ་ཏུ་གནས་པའི་ཕྱིར་རབ་ཏུ་གནས་པ་ཡིན་ཏེ། དང་པོ་ནི་བསྟན་པའི་ཚིག་ཡིན་ནོ།། གཉིས་ནི་བཤད་པའི་ཚིག་ཡིན་པར
་བལྟ་བར་བྱའོ།། བཅོམ་ལྡན་འདས་ཀྱིས་མཐུ་དང་ལྡན་པ་དང་བརྩོན་འགྲུས་དང་ལྡན་པ་དང་སྤྲོ་བ་དང་ལྡན་པ་དང་བརྟུལ་བ་དང་བསྟན་པ་དང་འརྩོན་པ་དང་མ་བོར་བར་དགེ་བའི་ཆོས་རྣམས་ལ་གནས
་སོ་ཞེས་གང་གསུངས་པ་དབང་པོ་གང་ལ་བརྟེན་ནོས་ཤེ་ན། སྨྲས་པ། བརྩོན་འགྲུས་ཀྱི་དབང་པོ་ལ་སཱ་ཏེ་མངར་བསྡུ་ནི་རྣམ་པ་ལྔ་པོ་དག་གིས་རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་དེ་ཡོངས་སུ་བསྟན་པ་ཡིན་ཏེ། གོ་ཆའི་བརྩོན་འགྲུས
་དང་སྦྱོར་བའི་བརྩོན་འགྲུས་དང་མི་ཞུམ་པའི་བརྩོན་འགྲུས་དང་མི་འཁྲུལ་པའི་བརྩོན་འགྲུས་དང་ཆོག་མི་ཤེས་པའི་བརྩོན་འགྲུས་སོ།། བཅོམ་ལྡན་འདས་ཀྱིས་དྲན་པ་དང་ཀུན་ཏུ་དྲན་པ་དང་རྗེས་སུ་དྲན་པ་དང་སོ་སོར་དྲན་པ་དང་མི
་བརྗོ་ངོ་པ་ཉིད་དང་སེམས་པས་མངོན་པར་བརྗེད་པ་མེད་པ་ཉིད་དང་རབ་ཏུ་མི་བརྗེད་པ་ཉིད་དང་ཡང་དག་པར་མི་བརྗེད་པའི་ཆོས་ཉིད་ཅེས་གསུངས་པ་དབང་པོ་གང་ལས་ཞེ་ན། སྨྲས་པ། དྲན་པའི་དབང་པོ་ལས་ཏེ་རྣམ་གྲངས་དེ་དག
་གི་དོན་ནི་འདི་ལྟ་སྟེ། རྣམ་གྲངས་བསྡུ་བ་ལས་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་སེམས་གནས་པ་དང་ཡང་དག་པར་གནས་པ་དང་བསྡུས་ཏེ་གནས་པ་དང་ཉེ་བར་གནས་པ་དང་། དུལ་བ་དང་ཞི་བ་དང་། ཉེ་བར་ཞི་བ་དང་རྒྱུད་གཅིག་ཏུ་གྱུར
་པ་དང་ཏིང་ངེ་འཛིན་དུ་འཇོག་པ་ཞེས་གསུངས་པ་དབང་པོ་གང་ལས་བརྟེན་ནས་ཤེ་ན། སྨྲས་པ། ཏིང་ངེ་འཛིན་གྱི་དབང་པོ་ལས་ཏེ་རྣམ་གྲངས་དེ་དག་གི་དོན་ནི་འདི་ལྟ་སྟེ་ཉན་ཐོས་ཀྱི་ས་ལས་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཆོས་རྣམས
་རྣམ་པར་འབྱེད་པར་བྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དང་། ཡོངས་སུ་རྟོག་པར་བྱེད་པ་དང་ཡོངས་སུ་དཔྱོད་པར་བྱེད་དོ།། ཞེས་གསུངས་པ་དབང་པོ་གང་ལ་བརྟེན་ནས་ཤེ་ན། སྨྲས་པ། ཤེས་རབ་ཀྱི་དབང་པོ་ལུས་ཏེ
་རྣམ་གྲངས་དེ་དག་གི་དོན་ཀྱང་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་རིག་པར་བྱའོ།། དེ་ལས་གཞན་པའི་དབང་པོ་དགེ་བ་རྣམས་ནི་དད་པ་ལ་སོགས་པའི་དབང་པོས་བསྡུས་པ་ཡིན་པའི་ཕྱིར་དོན་གྱི་རྣམ་གྲངས་མི་དམིགས་སོ།། དབང་པོ་དུ་དག
་ལ་བརྟེན་ནས་ལུས་དྲན་པ་ཉེ་བར་གཞག་པ་གདགས་པར་མཛད་ཅེ་ན། སྨྲས་པ། བདུན་ལས་སོ།། དབང་པོ་དུ་དག་ལ་བརྟེན་ནས་ཚོར་བ་དྲན་པ་ཉེ་བར་གཞག་པ་གདགས་པར་མཛད་ཅེ་ན། སྨྲས་པ། ལྔ་ལས་སོ།། དབང་པོ་དུ་དག་ལ་བརྟེན
་ནས་སེམས་དྲན་པ་ཉེ་བར་གཞག་པ་གདགས་པར་མཛད་ཅེ་ན། སྨྲས་པ། གཅིག་ལས་སོ།། དབང་པོ་དུ་དགེ་ལ་བརྟེན་ནས་ཆོས་དྲན་པ་ཉེ་བར་གཞག་པ་གདགས་པར་མཛད་ཅེ་ན། སྨྲས་པ། ཐ་མ་བརྒྱད་དང་སྲོག་གི་དབང་པོ་ལས་སོ།།
་དབང་པོ་དུ་ཞིག་གཙོ་ཆེར་སྡུག་བསྔལ་གྱི་བདེན་པའི་གནས་དག་ཡིན་ཞེ་ན། སྨྲས་པ། དགུའོ།། དབང་པོ་དུ་ཞིག་གཙོ་ཆེར་ཀུན་འབྱུང་བའི་བདེན་པའི་གནས་དག་ཡིན་ཞེ་ན། སྨྲས་པ། ལྔའོ།། དབང་པོ་དུ་ཞིག་འགོག་པའི་བདེན་པའི
་གནས་དག་ཡིན་ཞེ་ན། སྨྲས་པ། ཐམས་ཅད་དོ།། དབང་པོ་དུ་ཞིག་ལམ་གྱི་བདེན་པའི་གནས་དག་ཡིན་ཞེ་ན། སྨྲས་པ། ཐ་མ་བརྒྱད་དོ།། དབང་པོ་དུ་ཞག་དག་ལ་བརྟེན་ནས་ལེགས་པར་བསམ་པ་སེམས་པ་ཡིན་ཞེ་ན། སྨྲས་པ། དགུ་ལ་སོ།། །
་དབང་པོ་དུ་དག་ལ་བརྟེན་ནས་ལེགས་པར་སྨྲ་བ་བརྗོད་པ་ཡིན་ཞེ་ན། སྨྲས་པ། བཅུ་ལས་སོ།། དབང་པོ་དུ་དག་ལ་བརྟེན་ནས་ལེགས་པར་བྱས་པའི་ལས་བྱེད་པ་ཡིན་ཞེ་ན། སྨྲས་པ། བཅུ་དྲུག་ལསོ།།
་ཉེས་པར་བསམ་པ་སེམས་པ་དང་ཉེས་པར་སྨྲ་བ་རྗོད་པ་དང་ཉེས་པར་བྱ་བའི་ལས་བྱེད་པ་ཡང་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ།། དབང་པོ་དུ་དག་གཙོ་ཆེར་ཉོན་མོངས་པ་རྣམས་དང་ལས་རྣམས་ལ་བརྟེན་ནས་འབྱུང་ཞེ་ན། སྨྲས་པ
་དགུའོ།། དབང་པོ་དུ་དག་ལ་བརྟེན་ནས་ཉོན་མོངས་པ་རྣམས་དང་ལས་དག་འབྱུང་ཞེ་ན། སྨྲས་པ། ལྔ་ལས་སོ།། དབང་པོ་དུ་དག་ལ་བརྟེན་ནས་ཉོན་མོངས་པ་རྣམས་དང་ལས་དག་སྤོང་བར་འགྱུར་ཞེ་ན། སྨྲས་པ། ཐ་མ་བརྒྱད་ལས་སོ།། དབང་པོ་དུ
་དྲག་གིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཔལ་ཉམས་སུ་མྱོང་བར་འགྱུར་ཞེ་ན། སྨྲས་པ། གཉིས་མ་གཏོགས་པ་རྣམས་ཀྱིས་སོ།། དབང་པོ་དུ་དག་གིས་དཔལ་ཉམས་པ་ཉམ་ས་སུ་མྱོང་བར་འགྱུར་ཞེ་ན། སྨྲས་པ། བཅུ་གཅིག
་གིས་སོ།། དབང་པོ་དུ་ཞིག་དཔལ་འདྲེན་པར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། ཐ་མ་བརྒྱུད་དོ།། བཅོམ་ལྡན་འདས་ཀྱིས་འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་དཔལ་བྱེད་པའི་ཆོས་ནི་ལྔ་པོ་འདི་དག་ཡིན་ཏེ་བཟོད་པ་དང་། དེས་པ་དང་མི
་ཡོངས་སུ་བརྟག་པ་དང་གཏོང་བ་སྤྱོད་པ་དང་། བག་ཡོད་པའོ་ཞེས་གང་གསུངས་པ་དེ་ལ་བཟོད་པ་གང་ཞེ་ན། དེའི་མཚན་ཉིད་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ་མི་འཁྲུགས་པ་དང་ཕྱིར་གནོད་པ་མི་བྱེད་པ་དང་ཁོན་གྱི་བསམ་པ་མི་འཛིན་པའོ།། །
་རྣམ་པའི་རབ་ཏུ་དབྱེ་བ་ལས་ནི་རྣམ་པ་བཅུ་སྟེ། གནོད་པ་བྱས་པ་བཟོད་པ་དང་། གནོད་པ་བྱེད་པ་ཉེ་བར་གནས་པ་བཟོད་པ་དང་། གནོད་པ་བྱེད་དུ་དོགས་པ་བཟོད་པ་དང་། གནོད་པ་བྱེད་པ་ལ་ཕན་འདོགས་པ་ལ་བཟོད་པ་དང་།
་ཕན་འདོགས་པ་ལ་གནོད་པ་བྱེད་པ་ལ་བཟོད་པ་དང་། གནོད་པ་བྱེད་པ་ཐམས་ཅད་བཟོད་པ་དང་། ཐམས་ཅད་ལས་གནོད་པ་བྱེད་པ་བཟོད་པ་དང་། གནོད་པ་བྱེད་པ་ཤད་ཀྱིས་སྤྱོད་པ་དང་དུ་ལེན་པའི་བཟོད་པ་དང་། གནོད་པ་བྱེད་པ
་ལ་སོ་སོར་རྟོག་པའི་སྟོབས་ཀྱིས་བཟོད་པ་དང་། གནོད་པ་བྱེད་པ་རང་བཞིན་གྱིས་བཟོད་པ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་པ་ནི་གནོད་པ་ལ་མི་མཇེད་པའི་བཟོད་པ་ཞེས་བྱའོ།། དེས་པ་གང་ཞེ་ན། གཞན་གྱིས་གནོད་པ་བྱས
་པ་ལ་ལུས་དང་ངག་དང་ཡིད་ཀྱིས་རྗེས་སུ་སྲུང་བའི་ངང་ཚུལ་ཉིད་ཡིན་ཏེ་གཞན་དག་ལ་བདེ་བ་དང་ཡིད་བདེ་བ་ཁ་ན་མ་ཐོ་བ་མ་སྐྱེས་པ་ནི་སྐྱེད་པར་མི་བྱེད་ལ། སྐྱེས་པ་ནི་རྗེས་སུ་སྲུང་བར་བྱེད་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ
་ཁ་ན་མ་ཐོ་བ་དང་བཅས་པ་མ་སྐྱེས་པ་ནི་མི་སྐྱེད་ལ་སྐྱེས་པ་ནི་སེལ་བར་བྱེད་པའོ།། དེ་ལ་བཟོད་པས་ནི་གཞན་གྱིས་གནོད་པ་བྱོས་པ་བཟོད་པར་བྱེད་དོ།། དེས་པོས་ནི་གཞན་དག་ལ་གནོད་པ་མི་བྱེད་དེ་དེ་ལྟར་ན་དེ་གཉིས་ཀྱི་བྱེ་བྲག་ནི
་དེ་ཡོད་དེ། མི་ཡོངས་སུ་བརྟོག་པ་ནི་དུས་གཉིས་སུ་བལྟ་བར་བྱའོ།། བསྟེན་པའི་དུས་དང་བསྒོ་བའི་དུས་སུའོ།། དེ་ལ་བསྙེན་པོའི་དུས་ནི་རྣམ་པ་ལྔས་མི་ཡོངས་སུ་བརྟགས་ནས་བསྙེན་པར་བྱ་སྟེ། གུས་པ་དང་ནུས་པ་དང་། ཤེས་པ་དང་།
་སྤྱོད་པ་དང་། ཆོག་ཤེས་པས་སོ།། གཞན་རྣམ་པ་ལྔས་ནི་མི་ཡོངས་སུ་བརྟགས་ནས་བསྐོ་བར་བྱ་སྟེ། ལས་ཀྱི་མཐར་བསྐོ་བར་འོས་པ་ཞིག་ན་ནི་ལས་ཀྱི་མཐའ་རྣམས་སུ་བསྐོ་བར་བྱའོ།། བསམ་པའི་ལས
་སུ་བསྐོ་བར་འོས་པ་ཞིག་ནཱ་ནི་བསམ་པའི་ལས་རྣམས་སུ་བསྒོའོ།། གཡུལ་ངའི་ལས་སུ་བསྐོ་བར་འོས་པ་ཞིག་ན་ནི་གཡུལ་ངོའི་ལས་རྣམས་སུ་བསྐོའོ།། བདག་དང་ནོར་བསྲུང་བར་བསྐོ་བར་འོས་པ་ཞིག་ན་ནི་བདག་ཉིད་དང་ནོར་བསྲུང་བའི་ལས
་རྣམས་སུ་བསྐོའོ།། ཆོས་ཀྱི་ལས་སུ་བསྐོ་བར་འོས་པ་ཞིག་ན་ནི་ཆོས་ཀྱི་ལས་རྣམས་སུ་བསྐོ་བར་བྱའོ།། གཏོང་བ་ནི་མདོར་བསྡུ་ན་རྣམ་པ་ལྟར་བལྟ་བར་བྱ་སྟེ། ས་གཞི་སྟོང་པ་དང་ལོངས་སྤྱོད་གཏོང་བ་དྲང་རྐྱེན་དུ་འབབ་པ་གཏོང་བ་དང
་སྙོམས་པར་གཏོང་བ་དང་ཁྱད་པར་དུ་འཕགས་པ་གཏོང་བ་སྟེ། དེའང་མཚན་ཉིད་ལས་ནི་གང་གིས་སྦྱིན་པར་བྱེད་པ་དེ་གཏོང་བའོ།། སྤྱོད་པ་ནི་གཞན་དག་ལ་མི་འཁུ་བ་དང་མི་སླུ་བའི་ངང་ཚུལ་ཉིད་དེ། མི་འཁུ་བ་དེའང་རྣམ་པ་ལྔ་སྟེ།
་དམས་པ་ན་མི་འཁུ་བ་དང་ཡིད་བརྟན་པ་ལ་མི་འཁུ་བ་དང་ཉེ་བར་སྤྱོད་པས་མི་འཁུ་བ་དང་དམ་བཅས་པ་ལས་མི་འཁུ་བ་དང་གཞན་ལོ་ཚོལ་ཞིང་མི་འཁུའོ།། བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་དང་མི་དགེ་བ་ལས་སེམས་བྱུང་བ
་གང་ཡིན་པ་སྟེ། རྒྱུ་དང་འབྲས་བུར་འབྲེལ་པ་ལས་དེ་གཉི་ག་འངངོ་མཚན་ཉིད་དུ་རུང་ངོ་།། དེའང་རྣམ་པ་ལྔ་ཁོ་ནར་བལྟ་བར་བྱ་སྟེ། ལོངས་སྤྱོད་སྒྲུབ་པ་ལ་བག་ཡོད་པ་དང་ལོངས་སྤྱོད་བསྲུང་བ་ལ་བག་ཡོད་པ་དང་བདག་ཉིད་བསྲུང་བ་ལ
་བག་ཡོད་པ་དང་། གྲགས་པ་བསྲུང་བ་ལ་བག་ཡོད་པ་དང་ཆོས་སྤྱོད་པ་ལ་བག་ཡོད་པ་པའོ།། དེ་དག་ཐམས་ཅད་བསྡུས་པ་ན་དཔལ་སྒྲུབ་པར་བྱེད་པའི་སྟོབས་ལྔར་འགྱུར་ཏེ། ངང་ཚུལ་བཟང་པོའི་སྟོབས་དང་གྲོགས་དང་མཛའ
་བཤེས་བཟང་པོའི་སྟོབས་དང་། མི་ཞན་པའི་སྟོབས་དང་། ཡིད་གཅུགས་པའི་སྟོབས་དང་། ཆོས་ཀྱི་སྟོབས་སོ།། དཔལ་དང་རྣམ་པ་ལྔར་བལྟ་བར་བྱ་སྟེ། སྐྱེ་དགུ་རྗེས་སུ་དགའ་བ་དང་། དབང་ཕྱུག་གི་དབང་པོ་དང་། དགྲ་ཐུལ་བ་དང
་བརྟེན་པ་ལ་ཕན་པ་དང་། བདེ་འགྲོར་འགྲོ་བའོ།། དེ་ལ་སྟོབས་དང་པོ་བཞི་བསྡུས་པ་ནི། དཔལ་རྣམ་པ་བཞི་སྒྲུབ་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སྟོབས་ལྔ་པ་ནི་དཔལ་ལྔ་པ་སྒྲུབ་པར་བྱེད་པ་ཡིན་ནོ།། །
་བམ་པོ་བཅུ་གཅིག་པ།། དབང་པོ་དུ་ཞིག་སྔོན་གྱི་ཉོན་མོངས་པ་དང་ལས་ཀྱི་འཕེན་པ་ལས་དམིགས་པ་དག་ཡིན་ཞེ་ན། སྨོས་པ། བརྒྱད་དོ།། དུ་ཞིག་མིང་དང་གཟུགས་ཀྱི་རྐྱེན་ལས་དམིགས་པ་ཡིན་ཞེ་ན། སྨྲས་པ། གཅིག་གོ།། དུ་ཞིག
་རེག་པའི་རྐྱེན་ལས་ཀྱང་དམིགས་པ་ཡིན་ཞེ་ན། སྨྲས་པ། ལྔའོ།། དུ་ཞིག་འབད་པའི་རྐྱེན་ལས་ཀྱང་དམིགས་པ་ཡིན་ཞེ་ན། སྨྲས་པ། བརྒྱད་དོ།། དབང་པོ་དུ་ཞིག་བསྡམས་པར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། བརྒྱད་དོ།། དུ་ཞིག་ཡང་དག་པར
་ཞི་བར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ།། དུ་ཞིག་ཉེ་བར་ཞི་བར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། ལྔའོ།། ངུ་ཞིག་ངོ་བོ་ཉིད་ཀྱིས་དུལ་བ་དང་ཞི་བ་དང་ཉེ་བར་ཞི་བ་ཡིན་ལ་དུལ་བ་དང་ཞི་བ་དང་ཉེ་བར་ཞི་བར་བྱ་བའི་ཕྱིར་འཇུག་པ་དག་ཀྱང་ཡིན
་ཞེ་ན། སྨྲས་པ། བརྒྱད་དོ།། དབང་པོ་རྣམས་ཀྱི་ཉམས་པ་གང་ཞེ་ན། སྨྲས་པ། ཁམས་མཐུན་པའི་ས་པ་དག་འགགས་ཤིང་དེ་ལས་གཞན་པའི་འགྲུབ་པ་གང་དག་ཡིན་པའོ།། རྣམ་པར་ཉམས་པ་གང་ཞེ
་ན། སྨྲས་པ། ཁམས་མི་མཐུན་པའི་ས་པ་དག་འགགས་ཤིང་དེ་ལས་གཞན་པ་འགྲུབ་པ་གང་དག་ཡིན་པའོ།། རབ་ཏུ་ཉམས་པ་གང་ཞེ་ན། སྨྲས་པ། དེ་དང་འབྲེལ་པའི་ཉོན་མོངས་པ་རབ་ཏུ་སྤོང་བ་དག་གང་ཡིན་པའོ།། དབང་པོ
་ངས་སུ་ཉམ་པ་བྱེདུ་ན། འབྱོར་བདུ་སྒྱུནས་། ས་ས་རྒྱུ་དང་བྱུད་ས་པ་དྨ
་བྲག་ཅི་ཡོད་ཅེ་ན། སྨྲས་པ། མདོར་བསྡུ་ན་རྣམ་པ་ལྔས་བྱེ་བྲག་ཏུ་གྱུར་པར་བལྟ་བར་བྱ་སྟེ། རིམ་པའི་བྱེ་བྲག་དང་ཉེ་བར་སྟོན་པའི་བྱེ་བྲག་དང་། འཆིང་བའི་བྱེ་བྲག་དང་། སྒྲུབ་པའི་བྱེ་བྲག་དང་། ཡང་དག་པར་འགྲུབ་པའི་བྱེ་བྲག་གིས་སོ།། །
་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་རིང་བཞིན་གྱིས་ཆེ་བ་དག་ཡིན་ལ་ཉོན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཆུང་ངུ་དང་འབྲིང་དག་ཡིན་ནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་རིག་པའི་གནས་ཐམས
་ཅད་ལ་མཁས་པས་ཉེ་བར་བསྟན་པ་དག་ཡིན་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་རིག་པའི་གནས་ལ་མཁས་པ་ཕྱོགས་གཅིག་གིས་ཉེ་བར་བསྟན་པ་དག་ཡིན་ནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་སྙིང་རྗེའི་ཞགས
་པས་བཅིངས་པ་དག་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་དེ་དག་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་བདག་དང་གཞན་ལ་ཕན་པའི་ཕྱིར་ཉེ་བར་གནས་པ་དག་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས
་རྣམས་ཀྱི་ནི་བདག་ལ་ཕན་པའི་ཕྱིར་ཉེ་བར་གནས་པ་དག་ཡིན་ནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་འབྲས་བུ་ཡང་དག་པོར་འགྲུབ་པ་དག་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི
་ནི་དམན་པ་དང་འབྲིང་ཡང་དག་པར་འགྲུབ་པ་དག་ཡིན་ནོ།། གང་ཟག་མི་ལྕོགས་པ་མེད་པ་ལ་བརྟེན་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་ཞུགས་པ་དེ་འབྲས་བུ་ཡང་ཐོབ་པར་བྱེད་ཅིང་བསམ་གཏན་དང་པོ་ལས་ཡིད་བདེ་བའི
་དབང་པོ་ཡང་མངོན་དུ་བྱེད་དམ་ཞེ་ན། སྨྲས་པ། དེ་དག་ལ་ལ་ནི་བྱེད་དོ།། དེ་དག་ལ་ལ་ནི་མི་བྱེད་དོ།། དབང་པོ་རྣོ་བ་དགེ་བའི་རྩ་བ་མང་པོ་སྣ་ཚོགས་ཀྱིས་ཉེ་བར་བརྟན་པ་གང་ཡིན་པོ་དེ་ནི་བྱེད་དོ།། གཞན་ནི་མི་བྱེད་དོ།། དབང་པོ་དུ
་དག་གིས་བསྣམ་གཏན་དང་པོ་ལ་སྙོམས་པར་འཇུག་རྗེ་ནཱ། སྨྲས་པ། བརྒྱད་ཀྱིས་སོ།། ལ་ལ་ནི་ཐ་མ་གསུམ་གྱིས་སོ།། ལ་ལ་ནི་མ་ཡིན་ནོ།། བསམ་གཏན་དང་པོ་ལ་ཇི་ལྟ་བ་དེ་བཞིན་དུ་གཉིས་པ་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ།།
་གསུམ་པ་ལ་ནི་བརྒྱད་ཁོ་ན་སྟེ། དེ་དག་ཉིད་ནི་མ་ཡིན་ནོ།། བསམ་གཏན་བཞི་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ནི་བདུན་གྱིས་སོ།། ལ་ལ་ནི་ཐ་མ་གསུམ་གྱིས་སྙོམས་པར་འཇུག་གོ།། ལ་ལ་ནི་མ་ཡིན་ནོ།། དབང་པོ་དུ
་དག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་ཅེ་ན། སྨྲས་པ། གཅིག་གམ་བརྒྱད་ཀྱིས་སོ།། གཉིས་སམཱ་དགུས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པར་བལྟ་བར་བྱ་སྟེ། ཡིད་མི་བད
་བའི་དབང་པོ་ནི་ལམ་གྱི་རྟེན་ཡིན་ཡང་ལམ་གྱི་བསྡུས་པ་མ་ཡིན་པའི་ཕྱིར་དེ་ནི་མ་གཏོགས་སོ།། ཡིད་བདེ་བའི་དབང་པོ་བརྟན་པ་མ་ཡིན་པའི་ཕྱིར་དེ་ཡང་མ་གཏོགས་སོ།། ཇི་སྟེ་ག་ཏོགས་ན་ནི་དེ་ལྷག་པར་བལྟ་བར་བྱའོ།། དབང
་པོ་དུ་དག་གིས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་ཅེ་ན། སྨྲས་པ། བཅུ་གཅིག་གམ་གཉིས་ཀྱིས་སོ།། ཡིད་མི་བདེ་བའི་དབང་པོ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། དབང་པོ་དུ་དག་གིས་དགྲ་བཅོམ་པ་ཉིད་འཐོབ་ཅེ་ན། སྨྲས་པ།
་གཅིག་གམ་བཅུས་སོ།། རྣམ་པར་ཐར་པ་གོང་མ་ལ་འདོད་པ་དང་དོན་དུ་གཉེར་བ་དང་ཡོངས་སུ་ཡི་འཆད་པ་དང་། ཡིད་མི་བདེ་བ་ཞེས་གང་གསུངས་པ་དེ་ལྟ་འདོད་པ་གང་ཞེ་ན། སྨྲས་པ། གང་གི་ཕྱིར་རྣལ་འབྱོར་པ་དེ་འདི་སྙམ་དུ
་སེམས་ཏེ་འཕགས་པ་རྣམས་ཀྱིས་གནས་གང་བསྒྲུབས་ཏེ་གནས་པའི་ཞེས་བྱ་བའོ།། དོན་དུ་གཉེར་བ་གང་ཞེ་ན། སྨྲས་པ། གང་གི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ་གནས་དེ་བདག་གིས་ཀྱང་བསྒྲུབས་ཏེ་གནས་པར་བྱའོ།། ཡོངས་སུ
་ཡི་འཆད་པ་གང་ཞེ་ན། སྨྲས་པ། དམན་པས་ཆོག་པར་མི་འཛིན་པ་གང་ཡིན་པའོ།། ཡིད་མི་བདེ་བ་གང་ཞེ་ན། སྨྲས་པ། གོང་ན་མེད་པ་ལ་འདོད་པ་གང་ཡིན་པའོ།། དེ་ལ་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་གཉིས་ལ་ནི
་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་ཡིད་མི་བདེ་བའི་དབང་པོ་རྣམ་པར་གཞག་གོ།། ཕྱིར་འོང་བ་ནི་རྣམ་པ་དང་པོ་གཉིས་ནི་ཡོད་ལ་གཞན་གཉིས་ནི་མེད་པའི་ཕྱིར་ཡིད་མི་བདེ་བའི་དབང་པོ་རྣམ་པར་མི་གཞག་སྟེ། དགེ།
་བ་ལ་འདུན་པ་འབའ་ཞིག་ཏུ་ཟད་དོ།། ཡིད་བདེ་བའི་དབང་པོ་ལས་བརྟེན་ནས་ཡིད་བདེ་བའི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་དང་བཏང་སྙོམས་ཀྱི་དབང་པོ་སྤོང་བ་ཡོད་དམ་ཞེ་ན། སྨྲས་པ། མངོན་པར་འབྱུང་བ་ལ་བརྟེན
་བའི་ཡིད་བདེ་བའི་དབང་པོ་ལ་བརྟེན་ནས་ཞེན་པ་ལ་བརྟེན་པ་གསུམ་སྤོང་བ་ཡོད་དོ།། ཡིད་མི་བདེ་བའི་དབང་པོ་ལ་བརྟེན་ནས་ཡིད་མི་བདེ་བའི་དབང་པོ་སྤོང་བ་ཡོད་དམ་ཞེ་ན། སྨྲས་པ། མངོན་པར་འབྱུང་བ་ལ་བརྟེན་པ་ཉིད་ལ
་བརྟེན་ནས་ཞེན་པ་ལ་བརྟེན་པ་སྤོང་བ་ཡོད་དོ།། བཏང་སྙོམས་ཀྱི་དབང་པོ་ལ་བརྟེན་ནས་བཏང་སྙོམས་ཀྱི་དབང་པོ་སྤོང་བ་ཡོད་དམ་ཞེ་ན། སྨྲས་པ། གཅིག་པུ་ཉིད་ལ་བརྟེན་པའི་བཏང་སྙོམས་ལ་བརྟེན་ནས། སྣ་ཚོགས་ཉིད་ལ
་བརྟེན་པ་སྤོང་བ་དང་། མི་བརྟེན་པའི་བཏང་སྙོམས་ལ་བརྟེན་ནས་གཅིག་པུ་ཉིད་ལ་བརྟེན་པའི་བཏིང་སྙོམས་སྤོང་བ་ཡོད་དོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་པར་བྱེད་པའི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་འགོག
་པ་ལས་སྤོང་བར་བྱེད་ཅིང་མི་སྐྱེ་བ་ལས་རྣམ་པར་སྤོང་བར་བྱེད་ཀྱི་རབ་ཏུ་སྤོང་བར་ཡང་མི་བྱེད་ཡོངས་སུ་སྤོང་བར་ཡང་མི་བྱེད་དོ།། དགྲ་བཅོམ་པ་ཉིད་འཐོབ་པར་བྱེད་པའི་ཀུན་ཤེས་པའི་དབང་པོའི་ཚུལ་ཡོད་དེ་བཞིན་དུ་བལྟ་བར
་བྱའོ།། གང་ཟག་དུ་ཞིག་དབང་པོ་རྣམས་གསལ་བར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། སློབ་པ་ཐམས་ཅད་དང་མི་སློབ་པ་ནི་ལྔ་སྟེ། ཡོངས་སུ་ཉམས་པ་དང་། འཆི་བར་སེམས་པ་དང་རྗེས་སུ་སྲུང
་བའི་ཆོས་ཅན་དང་གནས་པ་ལས་མི་གཡོ་བ་དང་རབ་ཏུ་རྟོགས་པའི་སྐལ་པ་ཅན་རྣམས་སོ།། རང་སངས་རྒྱས་ཀྱང་མ་ཡིན་བྱང་ཆུབ་སེམས་དཔའ་ཡང་མ་ཡིན་ཏེ་རང་བཞིན་གྱི་དབང་པོ་རྣོ་བའི་ཕྱིར་རོ།། རྒྱུན་ཏུ་ཞུགས་པའི་དབང
་པོ་གསལ་བར་བྱ་བའི་ཕྱིར་ཞུགས་པ་དབང་པོ་རྣམས་ཀྱང་གསལ་བར་བྱེད་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུའང་འཐོབ་པར་བྱེད་དམ་ཞེ་ན། སྨྲས་པ། འཐོབ་པར་བྱེད་དོ།། ཕྱིར་མི་འོང་བའི་འབྲས་བུ་འཐོབ་པར་བྱེད་དམ་ཞེ་ན
་སྨྲས་པ། འཐོབ་པར་མི་བྱེད་དེ་གཉེན་པོ་སྟོབས་ཆུང་བ་དང་ཐོབ་པར་བྱ་བའི་དོན་རྒྱ་ཆེ་བའི་ཕྱིར་རོ།། ཕྱིར་མི་འོང་བའི་དབང་པོ་གོསལ་བར་བྱ་བའི་ཕྱིར་ཞུགས་པ་དབང་པོ་རྣམས་ཀྱང་གསལ་བར་བྱེད་ལ། འདོད་ཆགས་དང་བྲལ
་པ་གཞན་ཡང་སྒྲུབ་པར་བྱེད་དམ་ཞེ་ན། སྨྲས་པ། སྒྲུབ་པར་བྱེད་དོ།། དགྲ་བཅོམ་པ་ཉིད་མངོན་དུ་བྱེད་དམ་ཞེ་ན། སྨྲས་པ། དེ་རྒྱུ་སྔ་མ་ཉིད་ཀྱི་ཕྱིར་རོ།། དབང་པོ་ལེགས་པར་དཔྱད་པ་ནི་ཐམསོ་ཅད་ཀྱང་བྱེད་དོ།། ཅིའི་ཕྱིར
་དབང་པོ་རྣམས་ལེགས་པར་སྤྱོད་པར་བྱེད་ཅེ་ན། སྨྲས་པ། ཁྱད་པར་ཆུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པ་དང་ཏིང་ངེ་འཛིན་གྱི་ཁྱད་པར་བསྒྲུབ་པས་སྟོབས་བསྐྱེད་པ་དང་མང་དུ་ཐོས་པས་སྟོབས་བསྐྱེད་པ་དང་། འབེལ་བའི
་གཏམ་རྣམ་པར་གཏན་ལ་དབབ་པའི་སྟོབས་བསྐྱེད་པ་དང་། ཆོས་ཟབ་མོ་ལ་ངེས་པར་གཏོགས་པའི་བཟོད་པས་སྟོབས་བསྐྱེད་པར་བྱ་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ
་ལ་སོགས་པ་གསུམ་ཇི་ལྟར་རྣམ་པར་བཞག་ཅེ་ན། སྨྲས་པ། མོས་པས་སྤྱོད་པའི་ས་ལ་ནི་དང་པོ་རྣམ་པར་གཞག་གོ།། དེ་ལས་གཞོན་པ་ལྷོག་པའི་བསམ་པ་རྣམ་པར་དག་པ་ལ་སོགས་པའི་ས་དག་ལ་ནི་གཉིས་པོའོ།། དེ་བཞིན
་གཤེགས་པའི་ས་ལ་ནི་དབང་པོ་གསུམ་པ་རྣམ་པར་བཞག་པར་བལྟ་བར་བྱའོ།། ཡོངས་སུ་རྫོགས་པ་དུ་དག་གིས་སློབ་པ་ཡོངས་སུ་རྫོགས་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གསུམ་གྱིས་ཏེ་དབང་པོ་ཡོངས་སུ་རྫོགས་པས
་ནི་དབང་པོ་རྣོན་པོ་གང་ཡིན་པའོ།། སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པོས་ནི་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་གང་ཡིན་པའོ།། འབྲས་བུ་ཡོངས་སུ་རྫོགས་པས་ནི་ཕྱིར་མི་འོང་བ་གང་ཡིན་པའོ།། མི་སློབ་པ་ལ་ནི་ཡོངས
་སུ་རྫོགས་པ་རྣམ་པ་གཉིས་དམིགས་ཏེ། དབང་པོ་ཡོངས་སུ་རྫོགས་པ་ནི་མི་གཡོ་བའི་ཆོས་ཉིད་ཀྱིས་སོ།། སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པ་ནི་སྔ་མ་བཞིན་ནོ།། མི་སློབ་པ་ཐམས་ཅད་ནི་འབྲས་བུ་ཡོངས་སུ་རྫོགས་པས
་ཡོངས་སུ་རྫོགས་པ་ཡིན་པར་བལྟ་བར་བྱའོ།། དབང་པོ་རྣམས་མ་དུལ་བ་དང་མ་སྦས་པ་དང་མ་བསྲུངས་པ་དང་མ་བསྡམས་པ་དང་མ་བསྒོམ་པ་ཞེས་གང་གསུངས་པའི་རྣམ་གྲངས་དེ་དག་གི་དོན་གང་ཞེ་ན། སྨྲས་པ། མདོར་བསྡུ་ན
་རྣམ་པ་བཞིས་དབང་པོ་རྣམས་དུལ་བ་ཉིད་དུ་བསྟན་ཏེ། མ་ལོ་རྟོག་པའི་སྟོབས་ལ་བརྟེན་པ་ནི་དབང་པོ་རྣམས་ཡུལ་གང་ལ་གཏད་པར་མི་བྱ་བ་དྨ་ལ་ནི་མངོན་པར་འདུ་བྱ་བས་ག་བར་མྱི་བྱ་བ་དང་།།
་གང་ལ་གཏད་བར་བྱ་བ་དེ་ལ་ནི་མངོན་པར་འདུ་བྱ་བ་ཁོ་ནས་ཉོན་མོངས་པ་ཀུན་ཏུ་འབྱུང་བར་བསྲུངས་ཤིང་གཏོང་བར་བྱེད་དོ།། སྤོང་བ་གཉེན་པོའི་སྟོབས་ལ་བརྟེན་པ་ནི་ཇི་སྐད་བསྟན་པའི་ཡུལ་དེ་ཉིད་རང་བཞིན་གྱི་རྣམ་པར་མི་རྒྱུག་པ་དོང་རང
་བཞིན་གྱིས་ཉོན་མོངས་པ་ཀུན་ཏུ་མི་འབྱུང་བར་བྱེད་དོ།། གང་ལ་དབང་པོ་དུལ་བྱ་རྣམ་པ་བཞི་པོ་དེ་དག་མེད་པ་དེའི་དབང་པོ་རྣམས་ནི་མ་དུལ་བ་ཡིན་པར་བལྟ་བར་བྱ་སྟེ། མ་སྦས་པའི་ཕྱིར་དང་མ་བསྲུངས་པའི་ཕྱིར་དང་མ་བསྡམས་པའི་ཕྱིར
་དང་མ་བསྒོམ་པའི་ཕྱིར་རོ།། གང་ལ་དབང་པོ་དུལ་བ་རྣམས་བཞི་པོ་དེ་དག་ཡོད་པ་དེའི་ནི་ཤིན་ཏུ་དུལ་བ་དང་ཤིན་ཏུ་བསྒོམས་པའི་བར་དག་དེ་ལས་བཟློག་པོ་ལས་བལྟ་བར་བྱའོ།། ཇི་ལྟར་ན་མི་དུལ་བ་དོག་སྡུག་བསྔལ་སྐྱེད་པར་བྱེད
་པ་ཡིན་ཞེ་ན། སྨྲསོ་པ། སྡུག་བསྔལ་རྣམ་པ་དྲུག་སྐྱེད་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་ལས་སྐྱེས་པ་དང་། གཞན་ལས་ཉམས་པའི་སྡུག་བསྔལ་དང་། གཞན་ལས་སླང་བའི་སྡུག་བསྔལ་དངའགྱོད་པོ
་ལས་སྐྱེས་པ་དང་། ངན་འགྲོར་འགྲོ་བ་ལས་སྐྱེས་པ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལོ།། ཤིན་ཏུ་དུལ་བ་དག་ནི་དེ་ལས་བཟློག་པས་སྡུག་བསྔལ་རྣམ་པ་དྲུགེ་སྤོང་བའི་ཕྱིར་འདེ་བ་བསྐྱེད་པར་བྱེད་པ་དག་ཡིན་པར་བལྟ་བར
་བྱའོ།། དབང་པོ་བཅུ་པ་ནི་དང་སེམས་ཅན་གྱི་ཚོགས་གསུམ་པོ་དག་ཅི་བཅུ་བཞིས་གསུམ་བསྡུས་སམ་འོན་ཏེ་གསུམ་གྱིས་བཅུ་བཞི་བསྡུས་ཤེ་ན། སྨྲས་པ། གསུམ་གྱིས་བཅུ་བཞི་བསྡུས་ཀྱི་བཅུ་བཞིས་ནི་གསུམ་མ་བསྡུས་སོ།། གང
་དོག་མ་བསྡུས་ཤེ་ན། ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་ཕྱོགས་སོ།། སེམས་ཅན་གྱི་ཚོགས་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ནི་སྤྱོད་པ་དག་ཡིན་པར་བལྟ་བར་བྱའོ།། དབང་པོ་ལྔ་དང་ཚོར་བ་གསུམ་པོ་དག་ཅི་ལྔས
་གསུམ་བསྡུས་སམ་འོན་ཀྱང་ཏེ་གསུམ་གྱིས་ལྔ་བསྡུས་ཤེ་ན། སྨྲས་པ། གཅིག་གི་གཅིག་བསྡུས་པར་བལྟ་བར་བྱའོ།། དབང་པོ་ལྔ་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་པོ་དག་ཅི་ལྟས་སུམ་ཅུ་རྩ་བདུན་བསྡུས
་སམ་འོན་ཏེ་སུམ་ཅུ་རྩ་བདུན་གྱིས་ལྔ་བསྡུས་ཤེ་ན། སྨྲས་པ། སུམ་ཅུ་རྩ་བདུན་གྱིས་ལྔ་བསྡུས་ཀྱི་ལྔས་ནི་སུམ་ཅུ་རྩི་བདུན་མ་བསྡུས་སོ།། གང་དག་མ་བསྡུས་ཤེ་ན་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང་དགའ་བ་དང་ཤིན
་ཏུ་སྦྱངས་པ་དང་བཏང་སྙོམ་སྟེ། དེ་ལྟར་དྲུག་པོ་དེ་དག་གམ་ཆོས་བཞིས་མ་བསྡུས་སོ།། དབང་པོ་གཞན་ལྔ་དང་དབང་པོ་གསུམ་པོ་དག་ཅི་ལྔས་གསུམ་བསྡུས་སམ་འོན་ཏེ་གསུམ་གྱིས་ལྔ་བསྡུས་ཤེ་ན། སྨྲས་པ། གསུམ་གྱིས་ལྔ་བསྡུས
་ཀྱི་ལྔས་ནི་གསུམ་མ་བསྡུས་སོ།། གང་དག་མ་བསྡུས་ཤེ་ན། ཡིད་ཀྱི་དང་པོ་དབདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་མ་བསྡུས་སོ།། ཡོངས་སུ་ཤེས་པ་དགུ་པོ་དག་དབང་པོ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ།
་ཡོངས་སུ་ཤེས་པ་རྣམས་ནི་སྤོང་བ་ཡོངས་སུ་ཤེས་པས་བསྡུས་པ་ཡིན་པའི་ཕྱིར་དབང་པོ་གང་གིས་ཀྱང་མ་བསྡུས་སོ།། དེ་ལ་ཡོངས་སུ་ཤེས་པ་དགུ་གང་ཡིན་ཞེ་ན། འདོད་པ་དང་ལྡན་པའི་སྡུག་བསྔལ
་དང་ཀུན་འབྱུང་བ་མཐོང་བས་སྦྱང་བར་བྱ་བུ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དང་པོའོ།། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་དེ་དག་ཉིད་སྤངས་པ་ནི་གཉིས་པའོ།། འདོད་པ་དང་ལྡན་པའི་འགོག་མཐོང་བས་སྤང་བར་བྱ་བ་རྣམས
་སྤངས་པ་ནི་གསུམ་པའོ།། ས་གོང་མ་པོའི་དེ་དག་སྤངས་པ་ནི་བཞི་པའོ།། ས་འོག་མ་དང་གོང་མ་པ་དག་གིས་ལམ་མཐོང་བས་སྤང་བར་བྱ་བ་དག་སྤངས་པ་ནི་ཡོངས་སུ་ཤེས་པ་ལྔ་པ་དང་དྲུག་པའོ།། ཐ་མའི་ཆ་དང་མཐུན་པ་སྤངས་པ་ནི
་བདུན་པའོ།། གཟུགས་ཀྱི་འདོད་ཆགས་ཟད་པས་ནི་བརྒྱད་པའོ།། གཟུགས་མེད་པའི་འདོད་ཆགས་ཟད་པས་ནི་ཡོངས་སུ་ཤེས་པ་དགུ་པ་རྣམ་པར་བཞག་གོ།། དེ་ལ་མདོར་བསྡུ་ན་རྒྱུ་གཉིས་ཀྱིས་ཡོངས་སུ་ཤེས་པ་རྣམས་རྣམ་པར་གཞག་པར
་བལྟ་བར་བྱ་སྟེ། བདེན་པ་རྟོགས་པས་སྤོང་བ་དང་ཁམས་ལས་ཡང་དག་པར་འདའ་བས་སྤང་བའོ།། དེ་ལ་མཚན་ཉིད་འདྲ་བ་དང་། ཁམས་མི་འདྲ་བ་དང་། འདྲ་བས་ནི་དངོས་པོ་གཉིས་རྣམ་པར་བཞག་གོ། མཚན་ཉིད་མི་འདྲ་བ་དང
་ཁམས་མི་འདྲ་བ་དང་འདྲ་བས་ནི་གཞན་པ་ནི་རྣམ་པར་བཞག་གོ།། ཁམས་དམན་པ་ལས་ཡང་དག་པར་འདས་པ་ནི་གཞན་གཅིག་རྣམ་པར་བཞག་གོ།། ཁམས་བར་མ་ལས་ཡང་དག་པར་འདས་པ་དང་། ཁམས་བཟང་པོ་ལས་ཡང་དག
་པར་འདས་པས་ནི་ཡོངས་སུ་ཤེས་པ་གཞན་གཉིས་རྣམ་པར་བཞག་པར་བལྟ་བར་བྱའོ།། མཚན་དང་དཔེ་བྱད་བཟང་པོ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གང་དག་ཡིན་པ་དེ་དག་དབང་པོ་དུ་དག
་གིས་བསྡུས་ཤེ་ན། སྨྲས་པ། མཚན་དང་དཔེ་བྱད་བཟང་པོ་རྣམས་ནི་ལྕེའི་དབང་པོ་དང་དབང་པོ་བཞི་པོ་ལུས་ཀྱི་དབང་པོ་དང་ཕོའི་དབང་པོ་དང་མིག་གི་དབང་པོ་དང་ལྕེའི་དབང་པོའི་གནས་རྣམས་ཀྱི་བསྡུས་སོ།། སྟོབས་བཅུ་ནི་དེ་བཞིན
་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་མངའ་བའི་ཤེས་རབ་ཀྱི་དབང་པོ་དང་ཀུན་ཤེས་པ་དང་ལྡན་པའི་དབང་པོས་བསྡུས་སོ།། མི་འཇིག་པ་བཞི་ནི་ལྔ་དང་གཅིག་པུ་དེ་ཉིད་ཀྱིས་བསྡུས་སོ།། མི་འཇིགས་པ་བཞི་རྣམས་ཇི་ལྟ་བ་བཞིན་དུ་བསྲུང་བ
་མེད་པ་རྣམས་ཀྱང་དེ་བཞིན་ནོ།། དྲན་པ་ཉེ་བར་གཞག་པ་གསུམ་དབང་པོ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། དབང་པོ་གང་དག་གིས་ཀྱང་མ་བསྡུས་མོད་ཀྱི་འོན་ཀྱང་དབང་པོ་དྲུག་གིས་ཡང་དག་པར་བསྒྲུབས་པའི་ཆགས་པ་མེད་པ་དང
་ཞེ་སྡང་མེད་པས་བསྡུས་སོ།། ཐུགས་རྗེ་ཆེན་པོ་ཡང་དབང་པོ་གང་གིས་ཀྱང་མ་བསྡུས་ཏེ། དེ་དག་གིས་ཡང་དག་པར་བསྒྲུབས་པའི་ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དག་གིས་བསྡུས་སོ།། བསྒྱེལ་བ་མི་མངའ་བའི་ཆོས་ཉིད་ནི
་སྟོབས་བཞིན་དུ་བལྟ་བར་བྱའོ།། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ཡང་སྟོབས་བཞིན་དུ་བལྟ་བར་བྱའོ།། བག་ཆགས་ཡང་དག་པར་བཅོམ་པ་ནི་དབང་པོ་གང་གིས་ཀྱང་མ་བསྡུས་མོད་ཀྱི། འོན་ཀྱང་དབང་པོ་དྲུག་གིས་ཡང་དག
་པཪྵ་བསྒྲུབ་པའི་ཉོན་མོངས་བསྙུངས་པས་བསྡུས་སོ།། གླང་གི་ཚེ་དགྲ་བཅོམ་པས་སྣརོནྡ་སློངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལྡན་མཱ་ལུས་བྷུར་སྠཱ་སྣ་བྱའི་ཚེ་དགྲ་བཅོམ་པ་སྡུ་གང་མ་སྤངས་ན
་གནས་ངན་ལེན་གྱི་ཕྱོགས་དེ་གང་ཞིག་ཡོད་ན། དེ་བཞིན་གཤེགས་པས་དེ་སྤངས་པས་བག་ཆགས་ཡང་དག་པར་བཅོམ་པ་ཡིན་ཞེ་ན། སྨྲས་པ། དགྲ་བཅོམ་པས་ནི་རྣམ་པར་སྨིན་པའི་ཕྱོགས་དང་མཐུན་པ་དེ་མ་སྤངས་ལ་དེ
་བཞིན་གཤེགས་པས་ནི་སྤངས་པ་ཡིན་ནོ།། ཟས་བཞི་པོ་འདི་དག་ནི་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བའི་ཕྱིར་འཇུག་པ་ཡིན་ནོ།། ཞེས་གང་གསུངས་པ་དེ་ལ་ཟས་བཞི་ནི་གང་དབང་པོ་དང་འབྱུང་བ་ཆེན་པོ་གང་དག་རྒྱས་པའི
་ཕྱིར་ནི་འཇུག་པར་འགྱུར་ཞེ་ན། སྨྲས་པ། ཟས་བཞི་ནི་ཁམ་དང་རེག་པ་དང་ཡིད་ལ་སེམས་པ་དང་རྣམ་པར་ཤེས་པའི་ཟས་སོ།། དབང་པོ་གཟུགས་ཅན་ལྔ་དང་ཡིད་ཀྱི་དབང་པོའོ།། འབྱུང་བ་ཆེན་པོ་ནི་དབང་པོའི་རྟེན་གྱི་འབྱུང་བ
་ཚོན་པོ་རྣམས་སོ།། དེ་ལ་ཁམ་གྱི་ཁ་ཟས་གང་ཞེ་ན། སྨྲས་པ། དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱ་བའི་ཕྱིར་ཉེ་བར་སྤྱད་པ་གང་ཡིན་པ་སྟེ་ཟས་མ་ཡིན་པ་ནི་དེ་ལས་བཟློག་པ་ལས་བལྟ་བར་བྱའོ།། ཁམ་གྱི་ཟས་ཇི་ལྟ་བ
་བཞིན་དུ་ལྷག་མ་རྣམས་ཀྱང་ཟས་དང་བས་མ་ཡིན་པར་དེ་བཞིན་དུ་བལྟ་བར་བྱའོ།། ཁམ་གྱི་ཟས་ཀྱི་ཇི་ལྟར་ཟས་ཀྱི་བྱ་བ་བྱེད། དེ་བཞིན་དུ་རྣམ་པར་ཤེས་པའི་ཟས་ཀྱི་བར་གྱིས་ཀྱང་ཇི་ལྟར་ཟས་ཀྱི་བྱ་བ་བྱེད་ཅེ་ན། སྨྲས་པ
་སྟོབས་ཀྱིས་རྣམ་པར་ཤེས་བྱ་ལ་ཕན་འདོགས་པར་བྱེད་ཅིང་སྟོབས་དང་ལྡན་པས་ཀྱང་དབང་པོ་འབྱུང་བ་ཆེན་པོ་དེ་དག་རྒྱས་པར་བྱེད་དོ།། རེག་པས་ནི་བདེ་བ་དང་ཡིད་བདེ་བ་དང་དེ་ལ་ལ་ལ་བཏང་སྙོམས་ཀྱིས་ཕན་འདོགས་པས
་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་ལ། ཕ་ན་བཏགས་པ་དེས་ཀྱང་དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱེད་དོ།། ཡིད་ལ་སེམས་པས་ནི་ཡུལ་འདོད་པ་འཐོབ་པའི་རྒྱུ་ཡང་དག་པའི་ཐབས་ཉོན་མོངས་པ་ཅན་དང་ཉོན
་མོངས་པ་ཅན་མ་ཡིན་པ་ལ་བརྟེན་ནས། རེ་བའི་ཡིད་བདེ་བ་མ་འོངས་པའི་ཡུལ་ལ་དམིགས་པས་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་དེ་དེ་ལས་ཀྱང་དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱེད་དོ།། དེ་ལྟར་ཟས་གསུམ་པོ
་རྣམས་ཀྱི་དང་ལྟར་དང་མ་འོངས་པ་ལ་དམིགས་པས། རྣམ་པར་ཤེས་པ་ལ་སྟོབས་དང་ལྡན་པ་ཉིད་བསྐྱེད་པའི་ཕྱིར་དང་རྣམ་པར་ཤེས་པས་ཀྱང་དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པའི་ཕྱིར་ཟས་བཞི་པོ་རྣམ་པར་བཞག་པར
་བལྟ་བར་བྱའོ།། རྣམ་པར་ཤེས་པ་ཇི་ལྟར་ན་ཡིད་ཀྱི་དབང་པོའི་ཟས་ཡིན་ཞེ་ན། དེ་ལྟར་ཉེ་བར་རྟོན་པ་རྣམ་པ་གསུམ་གྱིས་ཉེ་བར་བརྟན་པ་དགོང་ནས་གྲོང་དུ་ཆོས་རྟས་པ་ཆེས་སྟོབས་དང་ལྡན་པར་སྐྱེ་བའི་རྒྱུར་འགྱུར་རོ།། འོ་ན
་གཉིད་དང་ཚངས་པར་སྤྱོད་པ་དང་སྙོམས་པར་འཇུག་པ་དག་དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པ་ཡིན་ན། ཅིའི་ཕྱིར་ཟས་ཡིན་པར་རྣམ་པར་མི་གཞག་ཅེ་ན། སྨྲས་པ། རྒྱས་པ་ནི་གཉིས་པོ་འདི་དག་ཡིན་ཏེ་དོན་གཞན
་ལ་ཕན་འདོགས་པས་རྒྱས་པ་དང་གནོད་པ་མི་བྱེད་པས་རྒྱས་པའོ།། དེ་ལ་གཉིད་ལ་སོགས་པ་ནི་རྒྱས་པ་ཕྱི་མ་ཤོས་ཀྱིས་རྒྱས་པར་བྱེད་པ་ཡིན་གྱི་སྔ་མ་ཤོས་ཀྱིས་ནི་མ་ཡིན་ཏེ། དེའི་ཕྱིར
་དེ་དག་ཟས་ཡིན་པར་རྣམ་པར་མི་བཞག་གོ། ཅིའི་ཕྱིར་ལུས་གནས་པར་བྱེད་པའི་སྲོག་གི་དབང་པོ་ཟས་ཡིན་པ་རྣམ་པར་མི་གཞག་ཅེ་ན། སྨྲས་པ། དེ་ནི་ཟས་མེད་ན་རྒྱས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ།། ཁམ་གྱི་ཟས
་རགས་པ་གང་ཞེ་ན། སྨྲས་པ། ལྷར་གྱུར་པ་རྣམས་ཀྱི་མ་ཡིན་པ་གང་ཡིན་པའོ།། ཆ་ཕྲ་བ་གང་ཞེ་ན། སྨྲས་པ། ལྷར་གྱུར་པ་རྣམས་ཀྱི་གང་ཡིན་པ་སྟེ། འདི་ལྟར་དེ་དག་གི་ཟས་ནི་ཟོས་མ་ཐག་ཁོ་ནར་ལུས་དེ་ཉིད་ལ་འཇུ་བར་འགྱུར
་ཏེ། རིམས་ཀྱིས་མ་ཡིན་པའི་ཕྱིར་རོ།། རེག་པ་དང་ཡིད་ལ་སེམས་པ་དང་རྣམ་པར་ཤེས་པའི་ཟས་རག་པ་གང་ཞེ་ན། སྨྲས་པ། འདོད་པ་ན་སྤྱོད་པ་གང་ཡིན་པའོ།། ཆ་ཕྲ་བ་གང་ཞེ་ན། སྨྲས་པ། གཟུགས་དང་གཟུགས
་མེད་པ་ན་སྤྱོད་པ་གང་ཡིན་པའོ།། སེམས་ཅན་བྱུང་བ་རྣམས་གང་ཞེ་ན། ད་ལྟར་སྐྱེས་ཤིང་གྲུབ་པ་གང་དག་ཡིན་པ་རྣམས་སོ།། འབྱུང་བར་འདོད་པ་རྣམས་གང་ཞེ་ན། སྨྲས་པ། མ་འོངས་པའི་སྲིད་པ་འབྱུང་བར་འདོད་པ
་གང་དག་ཡིན་པ་རྣམས་སོ།། གནས་པ་གང་ཞེ་ནི། སྨྲས་པ། གནོད་པ་མེད་པས་རྒྱས་པ་གང་དག་ཡིན་པའོ།། འཚེ་བ་གང་ཞེ་ན། སྨྲས་པ། ཕན་འདོགས་པས་རྒྱས་པ་གང་དག་ཡིན་པའོ།། སེམས་ཅན་བྱུང་བ་རྣམས
་གནས་པ་དང་། འཚོ་བར་འགྱུར་བའི་ཟས་དེ་དག་གང་ཞེ་ན། སྨྲས་པ། ཇི་སྐད་བརྗོད་པའི་བྱེད་པས་སོ།། ཇི་ལྟར་འབྱུང་བར་འདོད་པ་རྣམས་ལ་ཕན་འདོགས་པར་འགྱུར་ཞེ་ན། སྨྲས་པ། སྒོ་གསུམ་གྱིས་རྣམ་པར
་ཤེས་པ་ལ་ཉོན་མོད་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་དག་གིས་ཀུན་ནས་ཉོན་མོངས་པ་རྒྱས་པ་རྣམ་པ་གཉིས་ཡོད་དེ། སྒོ་གསུམ་གྱིས་ཀུན་ནས་ཉོན་མོངས་པ་བསགས་པའི་རྣམ་པར་ཤེས་པ་དེ་ཡང་འབྱུང་བར
་འདོད་པ་རྣམས་ཀྱི་སྐྱེ་བ་དེའི་མཇུག་ཐོགས་སུ་དེ་ལས་གཞན་པ་འབྱུང་བ་ལ་ཕན་འདོགས་པར་བྱེད་དོ།། ཁམ་གྱི་ཟས་དུས་གང་གི་ཚེ་ཟས་ཉིད་དུ་རྣམ་པར་བཞག་ཅེ་ན། སྨྲས་པ། འཇུ་བའི་ཚེ་ནའོ།། ཡོངས་སུ་ལོངས་སྤྱོད
་པའི་ཚེ་ན་ནི་རེག་པ་རྣམ་པར་གཞག་ཏེ། དེས་བྱས་པའི་ཕན་འདོགས་པ་རྟས་པར་བྱེད་པ་གང་ཡིན་པའོ།། དེའི་ཕྱིར་ཟས་ནི་སྐྱེ་མཆེད་གསུམ་གྱིས་བསྡུས་པ་ཡིན་པར་རྣམ་པར་བཞག་གི་ཁ་དོག་གིས་ནི་མ་ཡིན་ཏེ་འདི་ལྟར་དྲི
་དང་རོ་དང་རེག་བྱ་དེ་དག་གི་རོ་དང་མཐུ་དང་རྣམ་པར་སྨིན་པ་ལ་སོགས་པ་ཡོངས་སུ་འོཇུ་བས་ཕན་འདོགས་པ་དང་གནོད་པ་བྱེད་པའི་ཕྱིར་རོ།། ཁམ་གྱི་ཟས་གང་ཡོངས་སུ་ལོངས་སྤྱོད་པའི་ཚེ་ན་འདི་ལྟ་སྟེ། ཁ་བ་དང་ཚ་བ་ལ་སོགས
་པས་གནོད་པ་བྱེད་ལ་འཇུ་བའི་ཚེ་ན་ཕན་འདོགས་པའང་ཡོད་དོ།། ཡོངས་སུ་ལོངས་སྤྱོད་པའི་ཚེ་ན་ཕན་འདོགས་ལ་འཇུ་བའི་ཚེ་ན་གནོད་པ་བྱེད་པ་འདི་ལྟ་སྟེ་ཞིམ་ལ་མི་འཕྲོད་པའང་ཡོད་དེ། དེའི་ཕྱིར་འཇུ་བའི་ཚེ་ཁོ་ན་ཟས་ཡིན་པར
་གཞག་གིས་ལོངས་སྤྱོད་པའི་ཚེ་ན་ནི་མ་ཡིན་ནོ།། གང་གི་ཚེ་དེ་དག་ལས་གཞན་པ་འདུ་བྱེད་རྣམས་ཀྱི་གནས་པའི་རྒྱུ་མང་པོ་འདི་ལྟ་སྟེ། སྐྱེ་བ་དང་། སྔོན་གྱི་ལས་དང་རྫུ་འཕྲུལ་རྒྱུ་དང་རྐྱེན་ཚོགས་པ
་བར་ཆད་སྤངས་པ་དག་ཀྱང་དམིགས་པའི་ཚེ་ཅིའི་ཕྱིར་ཟས་ཁོ་ན་གསུངས་ཤེ་ན། སྨྲས་པ། ཟས་རྣམས་ནི་མང་བའི་ཕྱིར་དང་། བརྡའ་ཕྲད་སླ་བའི་ཕྱིར་དང་། དྲན་པ་ཉེ་བར་གཞག་པ་དག་ལ་འཇུག་པར་སླ་བའི་ཕྱིར་དང་།། ཉིན
་གཅིག་བཞིན་དུ་བདེ་བ་རྒྱས་པར་བྱེད་པའི་ཕྱིར་དེ་དག་ཁོ་ན་བསྟན་ཏོ།། སེམས་ཅན་དམྱལ་བ་རྣམས་ན་ནི་ཁམ་གྱི་ཟས་མེད་དོ།། མཉམ་པར་གཞག་པའི་ས་པའི་ལྷ་རྣམས་ལ་ཡང་མེད་དེ་སེམས་ཅན་དམྱལ་བ་པ་རྣམས་ཕལ་ཆེར
་སྔོན་གྱི་ལས་ཀྱི་སྟོབས་བསྐྱེད་པས་གནས་ཏེ་དེའི་ཕྱིར་དབང་པོ་དང་འབྱུང་བ་ཆེན་པོ་ལ་གནོད་པ་བྱེད་པའི་རྒྱུ་ཆེན་པོ་དྲག་གིས་ཀྱང་འཆི་བར་མི་འགྱུར་རོ།། དེ་དག་ལ་རླུང་ཆ་ཕྲ་མོ་རྗེས་སུ་ཞུགས་པའི་ཟས་ཐ་སྙད་གདགས་པར་མ
་གཏོགས་པ་ནི་ཡོད་དོ།། དབང་པོ་གང་དག་ལུས་ལས་དེ་ལས་གཞན་པ་ལས་བརྟེན་ཏེ་འབྱུང་བ་དེ་དག་ཡུལ་ལས་ཀྱང་ཡིན་པ་གང་དག་ཡུལ་ལས་བརྟེན་ཏེ་འབྱུང་བ་དེ་དག་ལུས་ལས་ཀྱང་ཡིན་ནམ་ཞེ་ན། སྨྲས་པ། རེ་ཞིག་གང་དག
་ཡུལ་ལས་བརྟེན་ཏེ་འབྱུང་བ་དེ་དག་ནི་ལུས་ལས་ཀྱང་ཡིན་ནོ།། ལུས་ལས་བརྟེན་ཏེ་འབྱུང་ལ་ཡུལ་ལས་མ་ཡིན་པའང་ཡོད་དེ་དབང་པོ་གཟུགས་ཅན་དེ་དག་དང་། མཚུངས་པ་ཡང་དག་ཡིན་པ་རྣམས་ཏེ་དེ་དག་ནི་འབྱུང་བ་ཆེན་པོ་ལ་བརྟེན།
་པ་ཡིན་པའི་ཕྱིར་དེ་ལས་གཞན་པ་ལས་བརྟེན་པ་དག་ཅེས་བྱའོ།། དབང་པོ་གང་དག་ལས་བརྟེན་ནས་འབྱུང་བ་དེ་དག་ཐམས་ཅད་གནས་གཅིག་པ་དག་ཡིན་ནམ་ཞེ་ན། སྨྲས་པ། གནས་གཅིག་བབ་ཀྱང་ཡོད་དེ།། གཟུགས་ཅན་དེ
་དག་དང་མཚུངས་པ་རྣམས་སོ།། གནས་གཉིས་པ་དག་ཀྱང་ཡོད། དེ་དག་ཉིད་མཚུངས་པ་རྣམས་སོ།། གནས་གསུམ་པ་དག་ཀྱང་ཡོད་དེ་གཟུགས་ཅན་གྱི་ཁམས་ན་ཡིད་ཀྱི་དབང་པོ་དང་དེ་ལས་གཞན་པ་སེམས་ལས་བྱུང་བའི
་དབང་པོ་གཟུགས་ཅན་མ་ཡིན་པ་རྣམས་སོ།། གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་དེ་དག་ཉིད་གནས་གཉིས་པ་ཁོ་ན་ཡིན་པར་བལྟ་བར་བྱའོ།། དབང་པོ་གང་དག་སྡུག་བསྔལ་བ་དེ་དག་ཐམས་ཅད་སྡུག་བསྔལ་གྱི་མཚན་ཉིད་དུ
་གྱུར་པ་དག་ཡིན་ནམ་གང་དག་སྡུག་བསྔལ་གྱི་མཚན་ཉིད་དུ་གྱུར་པ་དེ་དག་ཐམས་ཅད་སྡུག་བསྔལ་བ་དག་ཡིན་ཞེ་ན། སྨྲས་པ། དབང་པོ་གང་དག་སྡུག་བསྔལ་བ་ཡིན་ལ་དེ་དག་སྡུག་བསྔལ་གྱི་མཚན་ཉིད་ནི་མ་ཡིན་པ་དག་ཀྱང་ཡོད
་དོདེ། བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོའོ།། སྡུག་བསྔལ་བ་ཡང་ཡིན་ལ་སྡུག་བསྔལ་གྱི་མཚན་ཉིད་ཀྱང་ཡིན་པ་དག་ཀྱང་ཡོད་དེ། སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོའོ།། སྡུག་བསྔལ་བ་ནི་ཡིན་ལ
་བདེ་བ་དང་སྡུག་བསྔལ་གྱི་མཚན་ཉིད་མ་ཡིན་པ་དག་ཀྱང་ཡོད་དེ། བཏང་སྙོམས་ཀྱི་དབང་པོའོ།། སྡུག་བསྔལ་བའང་མ་ཡིན་ལ་སྡུག་བསྔལ་གྱི་མཚན་ཉིད་ཀྱང་མ་ཡིན་པ་དག་ཀྱང་ཡོད་དེ། དབང་པོ་ཐ་མ་གསུམ་སྟེ། སྡུག
་བསྔལ་གྱི་གཉེན་པོ་ཡིན་པའི་ཕྱིར་རོ།། དབང་པོ་གང་དག་དགེ་བ་ཡིན་པའི་དབང་པོ་དེ་དག་པདེ་བ་སྐྱེད་པར་བྱེད་པ་དག་ཡིན་ནམ་གང་དག་བདེ་བ་སྐྱེད་པར་བྱེད་པ་དེ་དག་དགེ་བ་དག་ཀྱང་ཡིན་ཞེ
་ན། སྨྲས་པ། དབང་པོ་གང་དག་དགེ་བ་ཡིན་ལ་བདེ་བ་སྐྱེད་པར་བྱེད་པ་མ་ཡིན་པ་དག་ཀྱང་ཡོད་དེ། སྡུག་བསྔལ་བ་དང་བཅས་ཡིད་མི་བདེ་བ་དང་བཅས་པས་ཚེ་འདི་ལ་ཚངས་པར་སྤྱད་པ་སྤྱོད་པའི་དབང་པོ་དགེ་བ་གང་དག
་བདེ་བ་སྐྱེད་པར་བྱེད་པ་མ་ཡིན་པ་དེ་དག་གོ། བདེ་བ་སྐྱེད་པར་བྱེད་པ་ཡིན་ལ་དགེ་བ་མ་ཡིན་པ་དག་ཀྱང་ཡོད་དེ།། ལུང་དུ་མ་བསྟན་པའི་དབང་པོ་གང་དག་ཚེ་འདི་ལ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་མ་ཡིན་པ་དང་། ལུང
་དུ་མ་བསྟན་པའི་བདེ་བ་བསྐྱེད་པ་བྱེད་བདག་གོ། དགེ་བའང་ཡིན་ལ་བདེ་བ་སྐྱེད་པར་བྱེད་པའང་ཡིན་པ་དག་ཀྱང་ཡོད་དེ་བདེ་བ་དང་བཅས་ཡིད་བདེ་བ་དང་བཅས་པས་ཚེ་འདི་ལ་ཚངས་པར་སྤྱད་པ་སྤྱོད་པའི་དབང་པོ་དགེ་བ་གང་དག
་ཡིན་པ་རྣམས་སོ།། དགེ་བའང་མ་ཡིན་བདེ་བ་སྐྱེད་པར་བྱེད་པ་དག་མ་ཡིན་པ་དག་ཀྱང་ཡོད་དེ་ལུང་དུ་མ་བསྟན་པ་དང་། མི་དགེ་བའི་དབང་པོ་གང་དག་ཚེ་འདི་ལ་སྡུག་བསྔལ་བསྐྱེད་པར་བྱེད་པ་དག་གོ།། བར་སྡོམ་ནི། དོན་དང
་གནས་དང་འཐོབ་པ་དང་། སྤྱང་དང་ཟས་དང་བློ་རྣམས་སོ།། འདུ་བྱེད་ཀྱི་དོན་མཐའ་དག་འཛིན་པར་བྱེད་ཅིང་འདུ་བྱེད་ཀྱི་དོན་མཐའ་དག་འཛིན་པར་བྱེད་པས་ཕུང་པོ་རྣམས་སོ།། རྣམ་གྲངས་གཞན་ཡང་རྟག་ཏེ་ལས་དང་ཙན
་མོངས་པ་རྣམས་ཀྱིས་འཕེལ་བར་བྱེད་ཅིང་། རྟག་ཏུ་ལས་དང་ཉོན་མོངས་པ་རྣམས་ཀྱིས་འཕེལ་བར་བྱེད་པས་ཕུང་པོ་རྣམས་སོ།། རྣམ་གྲངས་གཞན་ཡང་རྟག་ཏུ་འདུ་བྱེད་ཅིང་འཇིག་པར་བྱེད་ལ་རྟག་ཏུ་འདུ་བྱེད་ཅིང་འཇིག
་པར་བྱེད་པས་ཕུང་པོ་རྣམས་སོ།། ཆོས་རྣམས་སྐྱེད་པའི་ཕྱིར་འཇུག་པར་བྱེད་ཅིང་ཆོས་རྣམས་སྐྱེད་པའི་ཕྱིར་འཇུག་པར་བྱེད་པས་ཁམས་རྣམས་ཏེ་འཕེན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། ། སེམས་དང་སེམས་ལས་བྱུང་བ
་ཆོས་རྣམས་ཀྱི་གནས་རྒྱས་པར་བྱེད་ཅིང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གནས་རྒྱས་པར་བྱེད་པའི་ཕྱིར་སྐྱེ་མཆེད་རྣམས་སོ།། རྐྱེན་ལོས་མྱུར་དུ་འཇིག་པ་དང་ལྡན་ལ་འབྱུང་ཞིང་རྐྱེན་ལས་མྱུར་དུ
་འཇིག་པ་དང་ལྡན་ལ་འབྱུང་བས་རྟོན་ཅིང་འབྲེལ་པར་འབྱུང་བའོ།། ཀུན་ནས་སློང་བའི་ཕྱིར་ཚུལ་ཡིན་ལ་ཀུན་ནུས་སློང་བའི་ཕྱིར་ཚུལ་ཡིན་པས་གནས་སོ།། ཚུལ་མ་ཡིན་པའི་གནས་ནི་མ་ཡིན་ནོ།། ལྟ་བ་ལ་སོགས་པ་ལ
་བདག་པོ་ཉིད་དང་ལྡན་ཞིང་ལྟ་བ་ལ་སོགས་པ་ལ་བདག་པོ་ཉིད་དང་ལྡན་པས་དབང་པོ་རྣམས་སོ།། དེ་ལ་ཕུང་པོ་ལ་སོགས་པའི་རྣམ་པར་བཞག་པ་ནི་མདོར་བསྡུ་ན་རྒྱུ་དྲུག་གིས་རིག་པར་བྱ་སྟེ། ལུས་རྣ་བཞག་པ་དང་། ལུས་ཅན་རྣམ
་བཞག་པ་དང་། དེའི་འཇུག་པའི་ཐབས་རྣམ་པར་བཞག་པ་དང་། དེ་ཉིད་ཀྱི་འཇུག་པ་ལ་ཉམས་པ་དང་ཁྱད་པར་དུ་འགྱུར་བའི་ཐབས་རྣམ་པར་བཞག་པ་དང་། དེ་ལ་ལོངས་སྤྱོད་པའོ་བདག་པོ་རྣམ་པར་བཞག་པ་དང་། མདོར་བསྡུ་ན
་མཁས་པ་དྲུག་པོ་དེ་དག་གིས་ལེགས་པར་ཟིན་བུ་མ་ཡིན་པ་དྲུག་པོ་ལུས་ལེགས་པར་ཟིན་པ་མ་ཡིན་པར་དང་། རང་བཞིན་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལེགས་པར་ཟིན་བླ་མ
་པ་དང་། ལུས་དེ་ལ་གནས་པའི་བདག་པོ་ལེགས་པར་ཟིན་པ་མ་ཡིན་པ་དང་། དེའི་འཆི་འཕོ་དང་སྐྱེ་བའི་འཇུག་པ་ལེགས་པར་ཟིན་པ་མ་ཡིན་པ་དང་། དེའི་དགེ་བ་དང་། མི་དགེ་བ་ལ་འབད་པ་ལེགས་པར་ཟིན་པ་མ་ཡིན་པ
་དང་། དེའི་ཡུལ་འདོད་པ་དང་མི་འདོད་པ་ལ་ལོངས་སྤྱོད་པའི་བདག་པོ་ལེགས་པར་ཟིན་པ་མ་ཡིན་པ་རྣམ་པར་བསལ་བ་ཡོངས་སུ་བསྟན་པ་ཡིན་ནོ།། ཕན་ཡོན་དུ་ཞིག་ཡང་དག་པར་རྗེས་སུ་མཐོང་བས་ཆོས་རབ་ཏུ་དབྱེ་བ་རྣམ
་པར་བཞག་པ་རབ་ཏུ་རྣམ་པར་དབྱེ་བ་ལ་མཁས་པ་ལ་བརྩོན་པར་བྱ་ཞེ་ན། མདོར་བསྡུ་ན་ཕན་ཡོན་རྣམ་པ་བཅུ་སྟེ། འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རིལ་པོའི་འདུ་ཤེས་རབ་ཏུ་གཤིག་པོར་བྱས
་པར་འགྱུར་བ་དང་། སྤྱོད་ཅིང་མེད་པ་མ་ཡིན་པའི་ཆོས་བདེན་པ་དང་གླནས་པ་ལས་གནོད་པར་མི་འགྱུར་བ་དང་། བདག་ཉིད་ཀྱང་སོམ་ཉི་མེད་ཅིང་ཐེ་ཚོམ་མེད་པར་འགྱུར་བ་དང་།། གཞན་དག་གིས་དྲི་བ་དྲིས་ནའང་མ་དང
་པ་རྣམས་དང་པར་བྱ་ཞིང་དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་དང་། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ལེགས་པ་ཁོ་ནར་ལན་འདེབས་པས་ལན་ལྡོན་པར་འགྱུར་བ་དང་།། རྟེན་ཅིང་འབྲེལ་པར་འབྱུང་བའི
་རླིརིག་པ་ལ་འཇུག་པར་འགྱུར་བ་དང་། བརྒྱ་བྱིན་དང་ཚངས་པ་དྲད་སྐྱེ་དགུའི་བདག་པོ་དང་རང་བཞིན་དང་སྐྱེས་བུ་དག་གི་བྱེད་པ་པོ་མེད་པ་ཉིད་དང་ལས་མེད་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་བ་དང་། བདག་གི་ཤེས་རབ་ཀྱི་དབང
་པོ་རྒྱས་ཤིང་འཕེལ་ལ་ཡངས་པར་འགྱུར་ཞིང་དགེ་བ་དང་མི་དགེ་བའི་ཆོས་རྣམས་དང་། རྒྱས་པར་རྟེན་ཅིང་འབྲེལ་བར་འབྱུང་བ་རབ་ཏུ་རྣམ་པར་དབྱེ་བ་དང་བཅས་པའི་བར་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར
་འགྱུར་བ་དང་།། དགེ་བ་དང་མི་དགེ་བའི་ཆོས་རྣམས་དང་རྒྱས་པར་རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྣམ་པར་དབྱེ་བའི་བར་དེ་དེ་ག་ལ་བདག་གི་དྲན་པ་ལེགས་པར་གནས་པར་འགྱུར་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས
་ལ་ཞུགས་པ་ན་དྲན་པ་ཉེ་བར་གནས་པ་དེ་ཉིད་ལ་བརྟེན་ཅིང་གནས་ནས་དགེ་བའི་སེམས་རྩེ་གཅིག་པ་དེ་ཉིད་ལ་རེག་པར་འགྱུར་བ་དང་སེམས་རྩེ་གཅིག་པ་དེ་ཉིད་ལ་བརྟེན་ཅིང་གནས་ནས་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་བར་འགྱུར
་པ་དང་། འཕགས་པའི་ཤེས་རབ་ཀྱི་དབང་པོ་ལ་བརྟེན་ཅིང་གནས་ནས་ཕྱིན་ཅི་ལོག་རྣམས་སྤོང་བར་འགྱུར། ཟུག་པ་ཟད་པ་ནི་རྗེས་སུ་ཐོབ་པར་འགྱུར་བ་སྟེ། དེ་ལྟར་ཕན་ཡོན་བཅུ་པོ་དེ་དག་ཡང་དག་པར་རྗེས་སུ་མཐོང་བས་ཆོས
་རབ་ཏུ་དབྱེ་བ་རྣམ་པར་བཞག་པ་རབ་ཏུ་རྣམ་པར་དབྱེ་བ་ལ་མཁས་པ་ལ་བརྩོན་པར་བྱའོ།། རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པོའི་ས་དང་ཡིད་ཀྱི་ས་གཉིས་ཀྱི་རྣམ་པར་གཏན་ལ་དབབ་པའོ།། ས་དེ་གཉིས་ཀྱི་རྣམ་པར
་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། རྟོག་པ་དང་བཅས་ཤིང་སྤྱོད་པ་དང་བཅས་པ་ལ་སོགས་པའི་ས་གསུམ་གྱི་རྣམ་པར་གཏན་ལ་དྲབབ་པ་ནི་ཅིའི་ཕྱིར་གཤེན་རྗེ་ལ་ཆོས་ཀྱི་རྒྱལ་པོ་ཞེས
་བྱ། ཅི་སེམས་ཅན་རྣམས་ལ་གནོད་པ་ཉེ་བར་སྒྲུབ་པའི་ཕྱིར་རམ་འོན་ཏེ་ཕན་པ་ཉེ་བར་སྒྲུབ་པའི་ཕྱིར་ཡིན། གལ་ཏེ་གནོད་པ་ཉེ་བར་སྒྲུབ་ན་ནི་དེས་ན་ཆོས་ཀྱི་རྒྱལ་པོ་ཞེས་བྱར་མི་རུང་ངོ་།། གལ་ཏེ་ཕན་པ་ཉེ་བར་སྒྲུབ་ན་ནི་དེས་ན
་ཇི་ལྟར་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པ་བརྗོད་དགོས་སོ་ཞེ་ན། སྨྲས་པ། ཕན་པ་ཉེ་བར་སྒྲུབ་པ་ཡིན་གྱི། གནོད་པ་ཉེ་བར་བསྒྲུབ་པ་ནི་མ་ཡིན་ཏེ། འདི་ལྟར་དེ་ནི་དེ་དང་ཉེ་བར་གྱུར་པའི་སེམས་ཅན་དེ་དག་ལ་དེ་འདྲ་བའི
་ལུས་ངག་གིས། ཁྱེད་ཅག་ནི་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་དྲན་པ་ཉེ་བར་གནས་པར་བྱེད་དེ། དེས་ན་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་བདག་ཉིད་ཀྱིས་མྱོང་བ་ཀུན་ཏུ་ཤེས་པའི་སེམས་ཅན
་དེ་དག་གཤེན་རྗེའི་སེཾས་ཅན་གྱི་ལས་ཀྱི་དབང་གིས་གྲུབ་པ་སྤྲུལ་པ་ལྟ་བུ་སེམས་ཅན་འབྱུང་པོ་མ་ཡིན་པ་དེ་དག་ལ་ཀུན་ནས་མནར་སེམས་ཀྱི་སེམས་མེད་པ་དང་ཁོང་ཁྲོ་བའི་སེམས་མེད་པ་དང་ཁོན་དུ་འཛིན་པའི་བསམ་པ་མེད་པར
་འགྱུར་ལ། དེའི་འོག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་སར་པ་དག་སོག་པར་མི་བྱེད་ཅིང་སྔོན་གྱི་ལས་ཟད་པར་བྱས་ནས། སེམས་ཅན་དམྱལ་བའི་འགྲོ་བ་དག་ནས་ཡོངས་སུ་ཐར་པར་འགྱུར་ཏེ། དེ་ལྟ་བས་ན
་གཤེན་རྗེ་ནི་སེམས་ཅན་དམྱལ་བ་རྣམས་ལ་ཕན་པ་ཉེ་བར་བསྒྲུབ་པའི་ཕྱིར་ཆོས་ཀྱི་རྒྱལ་པོ་ཞེས་བྱའོ།། དེ་ལ་སེམས་ཅན་གང་དག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་མ་ཐག་ཏུ་སྐྱེ་བ་རྗེས་སུ་དྲན་པར་འགྱུར་བ་དག་ལ་ནི་ཆོས་ཀྱི
་རྒྱལ་པོ་གཤིན་རྗེ་རྗེས་སུ་སྟོན་པར་མི་བྱེད་དོ།། གང་དག་སྐྱེ་བོ་རྗེས་སུ་མི་དྲན་པ་རྣམས་ལ་ནི་རྗེས་སུ་སྟོན་པར་བྱེད་དོ།། གང་དག་དེར་སྐྱེས་པ་སྐྱེ་བ་རྗེས་སུ་མི་དྲན་པའི་གང་ཟག་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ།
་ཤིན་ཏུ་རྨོངས་པ་འདི་ལྟ་སྟེ། དཔེར་ན་ཡུལ་མཐའ་ཁོ་བ་རྣམས་སུ་སྐྱེས་པ་རྣམ་པར་མི་དཔྱོད་ཅིང་ཡོངས་སུ་མི་དཔྱོད་པར་སྡིག་པ་ལ་ཞུགས་པ་ལྟ་བུ་རྣམས་དང་། ཤིན་ཏུ་བག་མེད་པ་འདི་ལྟ་སྟེ་དཔེར་ན་འདོད་པ་ལ་ལོངས་སྤྱོད་པ
་འདོད་པ་ཆེན་པོ་དག་ལ་ལྷག་པར་ཆགས་པ་རྣམ་པར་མི་དཔྱོད་ཅིང་ཡོངས་སུ་མི་དཔྱོད་པར་སྡིག་པ་ལ་ཞུགས་པ་ལྟ་བུ་རྣམས་དང་། ཤིན་ཏུ་ལོག་པར་ལྟ་བ་འདི་ལྟ་སྟེ། དཔེར་ན་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་དང
་ལྡན་པ། རྣམ་པར་མི་དཔྱོད་ཅིང་ཡོངས་སུ་མི་དཔྱོད་པར་སྡིག་པ་ལ་ཞུགས་པ་ལྟ་བུ་རྣམས་ཏེ་དེ་དག་ནི་རང་གིས་རྗེས་སུ་དྲན་པར་བྱེད་མི་ནུས་པ་དེའི་ཕྱིར་དེ་དག་ལ་རྗེས་སུ་དྲན་པར་བྱེད་དོ།། རྒྱ་མཚོ་ཆེན་པོ་དག་གི་ཆུ་རྣམས་ནི་རྒྱུ་གཉིས
་ཀྱིས་ན་ལན་ཚའི་རོ་དང་ལྡན་པར་རིག་པར་བྱ་སྟེ། དེར་སྐྱེས་པའི་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དབང་དང་། སྐམ་ལ་གནས་པའི་སེམས་ཅན་དེ་དག་ཁ་ཅིག་གི་བསོད་ནམས་མོ་ཡིན་པའི་དབང་གིས་ཏེ། འདི་ལྟར་ལན་ཆེའི་རོ་དེ
་ཉིད་ལ་བརྟེན་ནས་སྲོག་ཆགས་ཕྲ་མོ་གང་དག་རྒྱ་མཚོར་སྐྱེས་པ་རྣམས་མི་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་དེ་དྲག་ལ་དེ་རྣམས་ཀྱིས་གནོད་པར་བྱར་མེད་པ་དང་། རྒྱ་མཚོ་ཆེན་པོ་ན་རིན་པོ་ཆེའི་ཁྱད་པར
་སྣ་ཚོགས་གང་དག་ཡོད་པ་དེ་དག་ཀྱང་ལན་ཚའི་རོ་དེ་ཉིད་ལ་བརྟེན་ནས་སྐམ་ལ་གནས་པའི་སེམས་ཅན་དེ་དག་ཁ་གཅིག་གི་ས་རྙིང་པར་དཀའ་བའི་ཕྱིར་རོ།། དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔས་རྣམ
་པར་གཞག་སྟེ། ལྔ་གང་ཞེ་ན། ངོ་བོ་ཉིད་དང་། ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་དང་། སྤོང་བའི་རབ་ཏུ་ཕྱེ་བ་དང་། གཉེན་པོའི་རབ་ཏུ་དབྱེ་བས་སོ།། དེ་ལ་ངོ་བོ་ཉིད་གང་ཞེ་ན། མདོར་བསྡུ་ན་ངོ་བོ
་ཉིད་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་རྣམས་ནི་ལྟ་བའི་ངོ་བོ་ཉིད་དང་། ལྟ་བ་མ་ཡིན་པའི་ངོ་བོ་ཉིད་དོ།། དེ་ལ་ངོ་བོ་ཉིད་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཅུར་བལྟ་བར་བྱ་སྟེ། ལྟ་བུའི་ངོ་བོ་ཉིད་ཀྱི་ཉོན་མོངས་པ
་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་ལྔ་དང་ལྟ་བ་མ་ཡིན་པའི་ངོ་བོ་ཉིད་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་ལྔ་སྟེ། དེ་དག་བསྡུས་ན་ཉོན་མོངས་པ་ནི་རབ་ཏུ་དབྱེ་བ་རྣམ་པ་བཅུར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་མཐར
་འཛིན་པར་ལྟ་བ་དང་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འདོད་ཆགས་དང་ཁོང་ཁྲོ་བ་དང་། ང་རྒྱལ་དང་མི་རིག་པ་དང་ཐེ་ཚོམ་མོ།། དེ་ལ་འཇིག་ཚོགས་ལ་ལྟ་བ་གང་ཞེ་ན།
་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་གྲམ་བདག་གིར་བལྟ་བུ་དྲང་། མངོན་པར་ཞེན་པ་དང་སེམས་ལ་འཇོག་པ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ།། དེའང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ལྷན་ཅིག་སྐྱེས
་པཔ་དང་ཀུན་བརྟགས་པའོ།། དེ་ལ་ལྷན་ཅིག་སྐྱེས་པ་ནི་བྱས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐ་ན་རི་དགས་དང་བྱ་རྣམས་ཀྱི་ཡང་ཡིན་ནོ།། ཀུན་བརྟགས་པ་ནི་གཞན་མུ་སྟེགས་ཅན་རྣམས་ཀྱི་ཡིན་པར་བལྟ་བར་བྱའོ།། མཐར་འཛིན
་པར་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་འཇིག་ཚོགས་ལ་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་བདག་རྟག་གོ་ཞེ་འམ་བདག་ཆད་དོ་ཞེས་ལྟ་བ་དང་མངོན་པར་ཞེན་པ་དང་སེམས་ལ་འཇོག་པ་གང་ཡིན་པ་དེ་ནི་མཐར
་འཛིན་པར་ལྟ་བ་ཞེས་བྱའོ།། དེ་ལ་རྟག་པར་ལྟ་བས་བསྡུས་པའི་མཐར་འཛིན་པར་ལྟ་བ་ནི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དག་ལས། སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲས་པ་རྣམས་དང་། ལ་ལ་རྟག་པར་སྨྲ་བ་རྣམས
་དང་། ཕྱི་མིའི་མཐར་རྟོག་པ་འདུ་ཤེས་ཅན་དུ་སྨྲ་བ་རྣམས་དང་། འདུ་ཤེས་མེད་པར་སྨྲ་བ་རྣམས་དང་། འདུ་ཤཱ་སཱ་ཡོད་པའང་མ་ཡིན་འདུ་ཤེས་མེད་པའང་མ་ཡིན་པར་སྨྲ་བ་རྣམས་ཀྱི་ཡིན་པར་བལྟ་བར་བྱའོ།། ཆད་པར
་ལྟ་བས་བསྡུས་པའི་མཐར་འཛིན་པར་ལྟ་བ་ནི་དངོས་པོ་བདུན་གྱིས་ཆད་པར་ལྟ་བའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡིན་པར་བལྟ་བར་བྱའོ།། དེ་དག་གི་མཐར་འཛིན་པར་ལྟ་བ་དེ་ནི་ཀུན་བརྟགས་པ་ཁོ་ན་ཡོན་གྱི་ལྷན་ཅིག་སྐྱེས
་བ་ནི་མི་དམིགས་ཏེ། དེ་ནི་ཚེ་རབས་གཞན་དུ་རྗེས་སུ་འབྲེལ་བར་འབྱུང་བ་ཁོ་ན་ཡིན་ནོ།། མཐར་འཛིན་པར་ལྟ་བ་ལ་སོགས་པ་དེ་དག་ནི། འདི་ལྟ་སྟེ། སའི་དངོས་གཞིར་ཀུན་བརྟགས
་བ་དང་ཀུན་བརྟགས་པ་མ་ཡིན་པའི་དབྱེ་བས་བསྟན་པ་བཞིན་དུ་བལྟ་བར་བྱའོ།། དེ་ལ་ལོག་པར་ལྟ་བ་གང་ཞེ་ན། ཕྱིན་ཅི་ལོག་ཏུ་ལྟ་བ་ཐམས་ཅད་དྲི་ཤེས་བྱའི་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ནི་ལོག་པར་ལྟ་བ་ཞེས་བྱའོ།། །
་དེའང་མདོར་བསྡུས་ན་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། སྒྲོ་འདོགས་པར་བྱེད་པ་དང་། སྐུར་པ་འདེབས་པར་བྱེད་པའོ།། དེ་ལ་ལྟ་བ་བཞི་པོ་འཇིག་ཚོགས་ལྀ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ
་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཐམས་ཅད་ནི་སྒྲོ་འདོགས་པར་བྱེད་པའི་ལོག་པར་ལྟ་བ་ཞེས་བྱའོ།། སྐུར་པ་འདེབས་པར་བྱེད་པའི་ལོག་པར་ལྟ་བ་གང་ཞེ་ན། རྒྱུ་འམ་བྱ་བ་འམ་འབྲས་བུ་ལ་སྐུར་པ་འདེབས
་པའམྱི་ཡོད་པའི་དངོས་པོ་འཇིག་པར་བྱེད་པའི་ལྟ་བ་དང་མངོན་པར་ཞེན་པ་དང་སེམས་ལ་འཇིག་པ་གང་ཡིན་པ་དེ་ནི་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ཞེས་བྱའོ།། དེ་ལ་སྦྱིན་པ་མེད་དེ། མཆོད་སྦྱིན་མེད་དོ།། སྦྱིན་སྲེག
་མེད་དོ།། ཞེས་བྱ་བ་ནི་རྒྱུ་ལ་སྐུར་པོ་འདེབས་པ་ཡིན་ནོ།། ལེགས་པར་སྤྱད་པ་མེད་དོ།། ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བ་ནི་བྱ་བ་ལ་སྐུར་པ་འདེབས་པ་ཡིན་ནོ།། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས
་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པ་ཡིན་ནོ།། ཕ་མེད་དོ།། མ་མེད་དོ།། སེམས་ཅན་བརྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་ནས་འཇིག་རྟེན་ན་དགྲ་བཅོམ་པ་ཟག་པ་ཟད་པ་མེད་དོ་ཞེས་བྱ་བ
་ནི། ཡོད་པའི་དངོས་པོ་འཇིག་པར་བྱེད་པ་ཡིན་པར་རིག་པར་བྱའོ།། ལོག་པར་ལྟ་བ་དེའང་དགེ་སྦྱོང་དང་བྲམ་ཟེ་སྔོན་གྱི་མཐར་རྟོག་པ་རྒྱུ་མེད་པ་དང་མཐའ་དང་མཐའ་མེད་པ་དང་ལྷ་མི་སྤོང་བར་སྨྲ་བ་རྣམས་དང་། ཕྱི་མའི་མཐོར
་རྟོག་པ་ཚེ་འདི་ལ་མྱ་ངན་ལས་འདའ་བོར་སྨྲ་བ་རྣམས་ཀྱི་སྲིན་པོར་བལྟ་བར་བྱའོ།། དེ་ལྟར་ན་འཇིག་ཚོགསཱ་ལ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བུའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དེ་དག་ནི་ལྟ་བ་གསུམ་པོ་འདི་དག་གིས་བསྡུས་པ་ཡིན་ཏེ།
་འདི་ལྟ་སྟེ། རྟག་པར་ལྟ་བས་བསྡུས་པའི་མཐར་འཛིན་པར་ལྟ་བ་དང་། ཆད་པར་ལྟ་བས་བསྡུས་པའི་མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བས་སོ།། དེ་ལ་ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན། ལྟ་བའི་རྣམ་པ་དྲུག་ཏུ
་རྩཝ་གཉིས་པོ་དེ་དག་རེ་རེ་ལ་མཆོག་ཏུ་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང་དམ་པར་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་པར་བྱེད་ལ་འདི་ཁོ་ན་བདེན་གྱི་གཞན་བརྫུན་པ་ཡིན་སྟེ་ལྟ་བ་འདིས་ནི་དག་པར་འགྱུར་རོ།། འདིས
་ནི་གྲོལ་བར་འགྱུར་རོ།། འདིས་ནི་ངེས་པར་འབྱུང་བར་འགྱུར་རོ།། ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱའོ།། དེ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞེ་ན། ལྟ་བ་མཆོག
་ཏུ་འཛིན་པ་དང་རྗེས་སུ་མཐུན་པ་དང་། ལྦུ་བ་མཆོག་ཏུ་འཛིན་པའི་འཁོར་དང་དེ་དང་མཐུན་པའི་ཆོས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླང་བ་དེ་ཉིད་ལ་མཆོག་དང་དམ་པའི
་བར་དུ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་པར་བྱེད་ལ་འདི་ཉིད་བླདེན་གྱི་གཞན་ནི་བརྫུན་པ་ཡིན་ཏེ། ལྟ་བ་འདིས་ནི་དག་པར་འགྱུར་རོ་འདིས་ནི་གྲོལ་བར་འགྱུར་རོ་འདིས་ནི་ངེས་པར་འབྱུང་བར་འགྱུར་རོ་ཞེས་རྗེས་སུ
་ཐ་སྙད་འདོགས་པར་བྱེད་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་བྱའོ།། དེ་ལ་འདོད་ཆགས་གང་ཞེ་ན། སེམས་ཀྱི་ལྷག་པར་ཆགས་པ་དང་བཅས་པ་གང་ཡིན་པའོ།། དེའང་རྣམ་པ་བཞི་སྟེ། ལྟ་བ
་རྣམས་དང་འདོད་པ་རྣམས་དང་གཟུགས་རྣམས་དང་། གཟུགས་མེད་པ་རྣམས་ལའོ།། སེམས་ཀྱི་ཀུན་ནས་མནར་སེམས་པ་གང་ཡིན་པའོ།། དེའང་རྣམ་པ་བཞིར་བལྟ་བར་བྱ་སྟེ།། སེམས་ཅན་གཞན་རྣམས་ལས
་གཞན་དུ་བལྟ་བ་རྣམས་དང་། གནོད་པ་བྱེད་པ་རྣམས་དང་། སྡུག་པ་ལ་གནོད་པ་བྱེད་པ་རྣམས་དང་། མི་སྡུག་པ་ལ་ཕན་འདོགས་པ་རྣམས་ལའོ།། ང་རྒྱལ་གང་ཞེ་ན། གང་སེམས་གྱི་ཁེངས་པ་གང་ཡིན་པའོ།།
་དེའང་རྣམ་པ་བཞིར་བལྟ་བར་བྱ་སྟེ། ལྟ་བ་རྣམས་དང་། སེམས་ཅན་ལས་བརྟེན་པ་དང་། འདོད་པ་ལ་ལོངས་སྤྱོད་པ་ལས་བརྟེན་པ་དང་། ཡང་སྲིད་པ་ལས་བརྟེན་པའོ།། དེ་ཡང་མདོར་བསྡུ་ན་རྣམ་པར་འཁྲུལ་པའི
་ང་རྒྱལ་དང་། རྣམ་པར་འཁྲུལ་པ་མ་ཡིན་པའི་ང་རྒྱལ་ལོ།། དེ་ལ་སེམས་ཅན་ལས་བརྟེན་པའི་ང་རྒྱལ་ནི་ང་རྒྱལ་རྣམ་པ་གསུམ་སྟེ་སྔ་མ་བཞིན་ནོ།། འདོད་པ་ལ་ལོངས་སྤྱོད་པ་ལས་བརྟེན་པ་ནི་འདི་ལྟ་སྟེ། ལོངས་སྤྱོད་ཆེན་པོ
་དང་རྩ་འཛིང་ཆེན་པོ་དང་འཁོར་བ་མང་པོ་དང་ལྡན་པར་གྱུར་པ་དེ་ལ་བརྟེན་ནས་སེམས་ཁེངས་པ་གང་ཡིན་པའོ།། ཡང་སྲིད་པ་ལས་བརྟེན་པ་ནི་འདི་ལྟ་སྟེ་འབྱུང་བར་འགྱུར་རོ།། འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནས་རྒྱས་པར་འདུ་ཤེས
་ཡོད་པའང་མ་ཡིན་འདུ་ཤེས་མེད་པའང་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གཡོ་བ་དང་རློམ་པ་དང་སྤོ་བ་དང་མངོན་པར་འདུ་བྱས་པའི་སྲེད་པའི་རྣམ་པ་དག་དང་ལྡན་པར་གྱུར་པའི་སེམས་ཁེངས་པ་གང་ཡིན་པའོ།། དེ་ལ་རྣམ་པར
་འཁྲུལ་པ་མ་ཡིན་པའི་ང་རྒྱལ་ནི་ཆུང་བ་བས་བདག་ཆེའོ་སྙམ་པ་དང་མཚུངས་པ་དང་མཚུངས་སོ་སྙམ་དུ་རློམ་པའི་འོ།། རྣམ་པར་འཁྲུལ་པའི་ང་རྒྱལ་ནི་དེ་ལས་གཞན་པའི་ང་རྒྱལ་ལྔ་པོ་དག་ལའོ།། གཞན་ཡང་ལོངས་སྤྱོད་ངན་པ་དག
་གིས་བདག་ནི་བདེ་བ་ཡིན་ནོ་སྙམ་དུ་རློམ་པར་བྱེད་པ་དེའང་རྣམ་པར་འཁྲུལ་པའི་ང་རྒྱལ་ཡིན་ལ། ལོངས་སྤྱོད་རྒྱ་ཆེན་པོ་དག་གི་བྲེ་དག་ནི་བདེ་བ་ཡིན་ནོ་སྙམ་དུ་རློམ་པ་དེ་ནི་རྣམ་པར་འཁྲུལ་པ་མ་ཡིན་པའི་ང་རྒྱལ་ཡིན་པར་བལྟ
་བར་བྱའོ།། ལོག་པར་སྒྲུབ་པ་ཡང་སྲིད་པའི་ཕྱིར་རློམ་པ་གང་ཡིན་པ་དེའང་རྣམ་པར་འཁྲུལ་པའི་ང་རྒྱལ་ཡིན་ལ། ཡང་དག་པའི་སྒྲུབ་པས་ཡང་སྲིད་པའི་ཕྱིར་རློམ་པར་བྱེད་པ་དེ་ནི་རྣམ་པར་འཁྲུལ་པ་མ་ཡིན་པའི་ང་རྒྱལ་ཡིན་པར
་བལྟ་བར་བྱའོ།། དེ་ལ་མ་རིག་པ་གང་ཞེ་ན། ཤེས་བྱའི་དེ་ཁོ་ན་རྟོགས་པར་བྱ་བ་ལ་སེམས་ལ་བགེབས་པར་བྱེད་པ་ཉིད་དང་སྒྲིབ་པར་བྱེད་པ་ཉིད་དོ།། དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་རིག་པར
་བྱ་སྟེ། མ་རྟོགས་པའི་ཀུན་ཏུ་རྨོངས་པ་དང་། བག་མེད་པ་ཀུན་ཏུ་རློ་པ་དང་། ཉོན་མོ་པ་ཅན་གྱི་ཀུན་ཏུ་རྨོངས་པ་དང་། ཉོན་མོངས་པ་ཅན་མི་ཡིན་པའི་ཀུན་ཏུ་རྨོངས་པའོ།། ཤེས་བྱའི་དོན་མ་མཐོང་བ་དང་། མ་ཐོས་པ་དང་བྱེ་བྲག་མི་ཕྱེད་པ་དང་། རྣམ་པར
་མི་ཤེས་པ་དག་མི་ཤེས་པ་ནི་མ་རྟོགས་པའི་ཀུན་ཏུ་རྨོངས་པ་ཞེས་བྱའོ།། མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་དག་ལ་རྣམ་པར་གཡེངས་པ་དང་བརྗེད་ངེས་པས་མི་ཤེས་པ་ནི་བག་མེད་པའི་ཀུན་ཏུ་རྨོངས་པ
་ཞེས་བྱའོ།། སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་མི་ཤེས་པ་ནི་ཉོན་མོངས་པ་ཅན་གྱི་ཀུན་ཏུ་རྨོངས་པ་ཞེས་བྱའོ།། སེམས་ཕྱིན་ཅི་ལོག་ཏུ་མ་གྱུར་པས་མི་ཤེས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་ཞེས་བྱའོ།། མ་རིག
་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན་མདོ་རྣམ་པ་གཉིས་སུ་འགྱུར་ཏེ། ཉོན་མོངས་པ་དང་མཚུངས་པར་ལྡན་པ་དང་། མ་འདྲེས་པའོ།། རྨོངས་པར་མ་གྱུར་པ་ལ་ནི་ཉོན་མོངས་པ་འགའང་མི་འབྱུང་བས་དེའི་ཕྱིར་གང་ལ་འདོད་ཆགས
་ལ་སོགས་པ་དེ་ལས་གཞན་པའི་ཉོན་མོངས་པ་རྣམས་ཡོད་པ་དེ་ལ་ནི་མ་རིག་པའང་ཡོད་པས་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ཡིན་ནོ།། སྐྱེས་བུ་གང་ཟག་ཤེས་རབ་རྟུལ་བ་དེ་ལས་གཞན་པ་འདོད་ཆགས་ལ་སོགས་པའི་ཉོན
་མོངས་པས་ཀུན་ནས་མད་ཀྲི་སྨྲ་པ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ལྔ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཀུན་ཏུ་མི་སྣང་བ་ཉིད་དང་སེམས་ལ་འགེབས་པར་བྱེད་པ་ཉིད་དང་། སྒྲིབ་པར
་བྱེད་པ་ཉིད་དང་། ཀུན་ནས་དཀྲིས་པ་ཉིད་དང་། མུན་པར་གྱུར་པ་ཉིད་གང་ཡིན་པ་དེ་ནི་མ་རིག་པ་མ་འདྲེས་པ་ཞེས་བྱའོ།། དེ་ལ་ཐེ་ཚོམ་གང་ཞེ་ན། སེམས་ཀྱི་ཡིད་གཉིས་དང་གཉིས་ཀྱི་དངོས་པོ་དང་མ་ངེས་པ་གང་ཡིན་པའོ།།
་དེའི་རབ་ཏུ་དབྱེ་བ་ནི་མདོར་བསྟན་རྣམ་པ་ལྟས་རྣམ་པར་གཞག་པར་བྱ་སྟེ། འཇིག་རྟེན་ཕ་རོལ་དང་བྱ་བ་དང་དེའི་འབྲས་བུ་དང་བདེན་པ་རྣམས་དང་དཀོན་མཆོག་རྣམས་ལ་སེམས་ཀྱི་ཡིད་གཉིས་ཟ་བས་སོ།། དེ་ལྟར་ཉོན་མོངས
་པ་བཅུ་པོ་ཇི་སྐད་བསྟན་པ་དེ་དག་ནི་དངོས་པོ་ལ་དམིགས་པ་ལས་ཀྱང་འབྱུང་ལ་ཉོན་མོངས་པ་དམིགས་པ་ལས་ཀྱང་འབྱུང་ངོ་།། ཉོན་མོངས་པ་བཅུ་པོ་ཐམས་ཅད་ལས་རང་གི་ས་པ་རྣམས་ནི་ཉོན་མོངས་པ་གཅིག་ལ་གཅིག་དམིགས
་པ་དང་རང་གི་ས་པའི་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་དམིགས་པ་ཡིན་ནོ།། ས་འོག་མ་པ་རྣམས་ནི་ས་འོག་མ་པའི་ཉོན་མོངས་པའི་དངོས་པོ་ལ་དམིགས་པ་ཡིན་ནོ།། ས་གོང་མ་པ་རྣམས་ནི་ས་འོག་མ་པའི་ཉོན་མོངས་པའི
་དངོས་པོ་ལ་དམིགས་པ་མ་ཡིན་ནོ།། ཇི་ལྟར་དེ་དག་གཅིག་ལ་གཅིག་དམིགས་པ་དང་། ས་འོག་མ་པ་རྣམས་གོང་མ་པ་ལ་དམིགས་པའི་སྐབས་འདིའི་རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །
་བམ་པོ་བཅུ་གཉིས་པ།། དེ་ལ་འདོད་པ་ན་སྤྱོད་པའི་འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པ་ཡིན་ཏེ། ཡང་དང་ཡང་ཀུན་ཏུ་འབྱུང་བའི་ཕྱིར་དང་། བདག་དང་གཞན
་ལ་ཤིན་ཏུ་གནོད་པའི་གནས་མ་ཡིན་པའི་ཕྱིར་རོ།། རྟོག་པས་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་མི་དགེ་བ་ཡིན་ནོ།། སོ་གོང་མ་པའི་ནི་ཞི་གནས་ཀྱིས་ཉེ་བར་བསྟན་པའི་ཕྱིར་དང་། དཀར་པོའི་ཆོས་མང་པོས་ཡོངས་སུ་ཟིན་པའི་ཕྱིར
་ལུང་དུ་མ་བསྟན་པ་ཡིན་ནོ།། སྒྲིབས་པ་ནི་ངོ་བོ་ཉིད་ཀྱིས་ཉོན་མོངས་པ་ཅན་དང་སྐྱོན་ཆགས་པ་ཉིད་ཡིན་པའི་ཕྱིར་རོ།། ལྷག་མ་རྣམས་ནི་འདིའི་ཚུལ་བཞིན་དུ་རིག་པར་བྱའོ།། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ནི་ཉེ་བར་སྤྱོད
་པའི་གཞིའི་གནས་སུ་གྱུར་པའི་ཕྱིར་མི་དགེ་བ་ཡིན་པར་བལྟ་བར་བྱའོ།། དེ་དག་ཀྱང་རྒྱུ་གསུམ་གྱིས་ན་མི་དགེ་བའདྲ་ཡིན་ལ་ངན་སོང་དུ་འགྲོ་བར་འགྱུར་བུའང་ཡིན་གྱི་གཞན་དུ་ནི་ངེས་པ་མེད་དོ།། གསུམ་གང་ཞེ་ན། གུས་པས
་བྱེད་པ་དང་རྟག་ཏུ་བྱེད་པས་ཤས་ཆེར་ཀུན་ཏུ་བསྟེན་པར་བྱེད་ཅིང་ཡོན་ཏན་གྱི་བློས་དྲི་དགེ་ལ་སྐྱོན་དུ་ལྟ་བ་དང་ཉེས་དམིགས་སུ་ལྟ་བ་སྐྱེད་པར་མི་བྱེད་པ་འདི་ནི་རྒྱུ་དང་པོ་ཡིན་ནོ།། ཡང་ཉོན་མོངས་པ་དེ་དག་ལ་བརྟེན་ཅིང་གནས་ནས་ལུས
་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་བྱས་ཤིང་བསགས་པ་འདི་ནི་རྒྱུ་གཉིས་པ་ཡིན་ནོ།། ཡང་དེས་གཞན་དག་དགེ་བའི་ཕྱོགས་ལ་འདུན་པ་ཟློག་ཅིང་མི་དགེ་བའི་ཕྱོགས་ཡང་དག་པར་འཛིན་དུ་བཅུག་པ་འདི་ནི་རྒྱུ་གསུམ་པ་ཡིན་ཏེ།
་དེའི་ངན་སོང་དུ་འགྲོ་བར་འགྱུར་བའི་ལས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྔོན་བྱས་པ་ནི་མ་གཏོགས་སོ།། ཉོན་མོངས་པ་བཅུ་པོ་དེ་དག་ལས་ཉོན་མོངས་པ་བདུན་ནི་ཡིད་ཀྱི་ས་པ་དགུ་ཡིན་ནོ།། འདོད་ཆགསྣ་དང་ཁོང་ཁྲོ་བ
་དང་མ་རིག་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་པྲ་ཡང་ཡིན་ནོ།། འདོད་པའི་ཁམས་ལ་ལྟ་བ་བཞི་དང་ང་རྒྱལ་ནི་ཡིད་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་ནོ།། འདོད་ཆགས་ནི་བདེ་བ་དང་ཡིད་བདེ་བ་དང
་བཏང་སྙོམས་རྣམས་དང་ངོ་།། ཁོང་ཁྲོ་བ་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་ངོ་།། ལོག་པར་ལྟ་བ་ནི་ཡིད་བདེ་བ་དང་ཡིད་མི་བདེ་བ་གཉིས་དང་ངོ་།། ཐེ་ཚོམ་ནི་ཡིད་མི་བདེ་བ་ཁོ་ན་དང་ངོ་།། མ་རིག་པ་ནི་དབང་པོ་ལྔ་པོ་ཐམས་ཅད
་དང་མཚུངས་པར་ལྡན་ནོ།། མཚུངས་པར་ལྡན་པའི་ཚུལ་འདི་ནི་ཆེ་ལོང་དུ་བསྟན་པ་ཡིན་ཏེ་ཞིབ་ཏུ་ནི་འོག་ནས་བཤད་པར་བྱའོ།། གོང་མ་ན་ནི་གང་ན་དབང་པོ་གྲང་སྲིད་པ་དེ་དང་དེའི་ས་པའི་ཉོན་མོངས་པ་དག་མཚུངས་པར་ལྡན་པ་ཡིན
་པར་རིག་པར་བྱའོ།། ཉོན་མོངས་པ་བཅུ་པོ་དེ་དག་ལས་མཐོང་བས་སྤང་བར་བྱ་བ་གང་དག་ཡིན་པ་དེ་དག་ནི་གཞི་མེད་པ་ཞེས་བྱ་སྟེ། དེ་དག་གིས་དམིགས་པའི་གཞི་དེ་བཞིན་དུ་ཡོངས་སུ་གྲུབ་པ་མ་ཡིན་པའི་ཕྱིར་རོ།། ལྕུག་མ་རྣམས
་ནི་གཞི་དང་བཅས་པ་དང་གཞི་མེད་པ་དག་ཡིན་ཏེ། དེ་ལས་བཟློག་པའི་ཕྱིར་རོ།། འདོད་ཆགས་དང་ང་རྒྱལ་ནི་ཟག་པ་དང་བཅས་པའི་གཞིའི་ཕྱོགས་ཡིད་དུ་འོང་བ་གཅིག་ལ་དམིགས་ནས་སྐྱེའོ།། ཁོང་ཁྲོ་བ་ནི་ཕྱོགས་ཡིད་དུ་མི
་འོང་བ་གཅིག་ལ་དམིག་ནས་སྐྱེ་སྟེ། དེའི་ཕྱིར་ཉོན་མོངས་པ་གསུམ་པོ་དེ་དག་ནི་ཕྱོགས་གཅིག་ལས་སྐྱེ་བ་དང་ཕྱོགས་གཅིག་འཛིན་པ་ཞེས་བྱའོ།། ལྷག་མ་རྣམས་ནི་ནད་དང་ཕྱི་རོལ་དང་བཅས
་པའི་གཞི་ཟག་པ་དང་བཅས་པ་སྡུག་པའམ་མི་སྡུག་པའི་མ་གཉི་ག་ལས་བཟློག་པ་ལས་དམིགས་ཏེ་སྐྱེ་བས། དེའི་ཕྱིར་ཐམས་ཅད་དུ་འགྲོ་བ་དོང་གཞི་མཐའ་དག་འཛིན་པ་རྣམས་ཞེས་བྱ་སྟེ། དེ་ལྟར་ན་དེ་དག་ནི་ཉོན་མོངས་པ
་རྣམས་ཡིན་ནོ།། ཉོན་མོངས་པ་དང་རྗེས་སུ་མཐུན་པ་དང་ཉོན་མོངས་པ་དང་ལྷན་ཅིག་རྒྱུ་བ་དང་། ཉོན་མོངས་པའི་ཕྱོགས་དང་མཐུན་པ་ནི་ཉེ་བའི་ཉོན་མོངས་པ་རྣམས་ཞེས་བྱའོ།། ཉེ་བའི་ཉོན་མོངས་པ་རྣམས་གང་ཞེ་ན། ཉེ་བའི
་ཉོན་མོངས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་མདོར་བསྡུ་ན། རྣམ་པ་བཞིས་རྣམ་པར་བཞག་སྟེ། མི་དགེ་བའི་སེམས་ཐམས་ཅད་ལས་སྐྱེ་བ་དང་།། ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་ལས་སྐྱེ་བ་དང་མི་དགེ་བའི་སེམས
་སོ་སོ་ལས་སྐྱེ་བ་དང་། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ལས་སྐྱེ་བ་ཐམས་ཅད་དུ་མ་ཡིན་ཞིང་དུས་ཐམས་ཅད་དུ་མ་ཡིན་པ་རྣམས་ཀྱིས་སོ།། དེ་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པོ་ནི་མི་དགེ་བའི་སེམས
་ཐམས་ཅད་ལོས་སྐྱེ་བའི་ཉེ་བའི་ཉོན་མོངས་པ་ཞེས་བྱའོ།། བག་མེད་པ་དང་རྒོད་པ་དང་རླུགས་པ་དང་མ་དད་པ་དང་། ལེ་ལོ་དང་ལོག་པར་འདུན་པ་དང་ལོག་པར་མོས་པ་དང་ལོག་པར་དྲན་པ་དང་རྣམ་པར་གཡེང་བ་དང་།
་ཤེས་བཞིན་མ་ཡིན་པ་དང་ཉོན་མོངས་པ་བཅུ་པོ་དེ་དག་ནི་ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་ལས་སྐྱེ་བུ་ཡིན་པར་རིག་པར་བྱ་སྟེ། ཁམུས་གསུམ་པོ་ཐམས་ཅད་ནའོ།། ཁྲོ་བ་དང་འཁོན་དུ་འཛིན་པ་དང་། འཆབ་པ་དང
་འཚིག་པ་དང་ཕྲག་དོག་དང་སེར་སྣ་དང་། རྒྱུ་དང་གཡོ་དང་རྒྱགས་པ་དང་རྣམ་པར་འཚེ་བ་དང་། ཉེ་བོའི་ཉོན་མོངས་པ་བཅུ་པོ་དེ་དག་ནི་མི་དགེ་བའི་སེམས་སོ་སོ་ལས་སྐྱེ་བ་ཡིན་པར་བལྟ་བར་བྱ་སྟེ། གང་དུ་གཅིག་འབྱུང་བ
་དེར་གཉིས་པ་མི་འབྱུང་ངོ་།། དེ་དག་ལྔས་རྒྱུ་དང་གྲཝཡོ་དང་རྒྱགས་པ་མ་གཏོགས་པ་རྣམས་ནི་འདོད་པ་དང་ལྡན་པ་ཡིན་ནོ།། རྒྱུ་དང་གཡོ་ནི་བསམ་གཏན་དང་པོ་མན་ཆད་ནཱ་ཡོད་དོ།། རྒྱགས་པ་ནི་ཁམས་གསུམ་པོ་ཡིན་པར
་རིག་པར་བྱ་སྟེ། དེ་དག་ཀྱང་གོང་མ་པའི་ས་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ།། དེ་ལ་རྟོག་པ་དང་དཔྱོད་པ་དེང་འགྱོད་པ་དང་གི་ཉིད་དང་ཉེ་བའི་ཉོན་མོངས་པ་བཞི་པོ་དེ་དག་ནི་དགེ་བའི་སེམས་དང་མི་དགེ་བའི་སེམས་དང་ལུང་དུ
་མྱ་བསྟན་པའི་སེམས་ལ་ཡང་འབྱུང་སྟེ་ཐམས་ཅད་དུ་དང་དུསྟེ་ཐམས་ཅད་དུ་མ་ཡིན་ནོ།། འདི་ལྟར་ཡང་དང་ཡང་དུ་དང་ཡུན་རིང་རྗེས་སུ་སྤྱོད་པའི་ལུས་ངལ་བ་དང་།། བརྗོད་པ་དང་སེམས་ཉམས་པར་འགྱུར་བས་དེའི་ཕྱིར
་རྟོག་པ་དང་དཔྱོད་པ་དག་ཀྱང་ཉེ་བའི་ཉོན་མོངས་པ་ཞེས་བྱ་སྟེ། དེ་གཉིས་ཀྱང་བསམ་གཏན་དང་པོ་མན་ཆད་ན་ཡོད་དོ།། འགྱོད་པ་དང་གཉིད་ནི་འདོད་པ་ན་སྤྱོད་པ་ཡིན་ནོ།། དེ་ལ་མཉམ་པར་བཞག་པོའི་ས་པའི་ཉེ་བའི
་ཉོན་མོངས་པ་རྣམས་ནི་འདི་ལྟ་སྟེ། རྟོག་པ་དང་དཔྱོད་པ་དང་རྒྱུ་དང་། ག་པ་དང་། རྨུགས་པ་དང་རྒོད་པ་དང་རྨུགས་པ་དུང་བག་མེད་པ་དང་། ལེ་ལོ་རྣམས་ཏེ།། དེ་ལ་དང་པོ་བཞི་ནི་བསམ་གཏན།
་དང་པོའི་ས་པ་དག་ཡིན་ནོ།། ལྕུག་མ་རྣམས་ན་ས་ཐམས་ཅད་པ་དགྲ་ཡིན་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་གཞི་ཕྲན་ཚེགས་ལས་ཉེ་བའི་ཉོན་མོངས་པ་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལྔ་བ་དང
་ཡིད་མི་བདྲེ་བ་དང་འཁྲུག་པའི་བར་དུ་རྒྱ་སྡུ་པར་བསྟན་པ་གང་དག་ཡིན་པ་རྣམས་དང་། བཞི་བསྡུ་བ་ལས་རྣམ་པར་དབྱེ་བ་བྱས་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་ཉེ་བའི་ཉོན་མོངས་པ་རབ་ཏུ་དབྱེ་བ་རྣམ་པ་བཞི་པོ
་འདི་དག་གིས་ཅི་རིགས་པར་བསྡུས་པོར་རིག་པར་བྱའོ།། ཉེ་བའི་ཉོན་མོངས་པ་དེ་དག་ཀྱང་འདོད་པའི་ཁམས་ན་ནི་མདོར་བསྡུ་ན་གནས་བཅུ་གཉིས་ལས་བརྟེན་ནས་འཇུག་པར་རིག་པར་བྱ་སྟེ། གནས་བཅུ་གཉིས་གང་ཞེ་ན
་འདི་ལྟ་སྟེ། ཉེས་པར་སྤྱོད་པ་ལ་མངོན་པར་ཞོན་པ་དང་། ཐབ་མོ་དང་འཚང་འབྲུ་བ་དང་རྩོད་པ་དང་འགྱེད་པ་དང་ཚུལ་ཁྲིམས་ཉམ་སཾ་པཱ་དང་། སྐྱེས་བུ་དམ་བི་མ་གྲིན་པའི་ཆོ་སྣ་ཡང་དག་བྱུ་བླངས་ཏེ་འདུག་པ་དང
་ལོག་པར་འཚེ་བ་དང་། འདོད་པ་ལ་ལོག་པར་ཞེན་པ་དང་། ཇི་སྐད་བསྟན་པའི་ཆོས་ཀྱི་དོན་ལ་ངེས་པར་རྟོག་པ་དང་། སེམས་ཏིང་ངེ་འཛིན་དུ་བྱ་བའི་ཕྱིར་བསམ་པའི་དོན་ལ་ནང་གི་སེམས་ཀྱི་ཞི་གནས་ཀྱི་རྗེས་སུ་མཐུན
་པདང་། གཅིག་ལ་གཅིག་ཟང་ཟིང་གི་འོད་སྤྱོད་སྟོབས་པ་དང་། གཅིག་ལ་གཅིག་ཆོས་ཀྱི་ཁོང་སྤྱོད་སྟོབས་པ་དང་། མ་འདྲེས་པར་གནས་ཤིང་བས་མཐའི་གནས་མལ་དུ་གནས་པ་དང་། རབ་ཏུ་དབྱེ་བ་ན་གནས་པ་སྡུག་བསྔལ་ཉེ་བར་གྱུར་པ་སྟེ། ནྡྷ་བརྩིས་པོ་དེ་དག་ལྔ་བརྟེན་ནན་པ་ལ་སོ།། པ་ལབྲུ་བཱི་མ་ཐཱ་ཐུག་བཱི་བར་གྱི་ཉེ་བའི་ཉོན་མོངས
་སྐད་བསྟན་པ་རྣམས་ཀྱི་འཇུག་པ་རྣམ་པར་གཞག་པ་རིག་པར་བྱའོ།། དེ་ལ་ཆགས་པ་དང་ཞེ་སྡང་དང་གཏི་མུག་ནི་གནས་དང་པོ་ལའོ།། ཁྲོ་བ་ལ་སོགས་པ་གཡོའི་མཐར་ཐུག་པའི་བར་དག་ནི་གནས་གཉིས་པ་ལའོ།། ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་གནསུམ་པ་ལའོ།། ང་རྒྱལ་ལ་སོ། ཌ་རཱཤླེ་ཙོ་ཀྱི་ར་ཐཱ་ཐུག་བཱི་བཱ་དག་ནི་གན་བཞི་པ་ལའོ།།
་ཚུལ་འཆོས་པ་ལ་སོགས་པ་སྡིག་པའི་གྲོགས་པོའི་མཐར་ཐུག་པའི་བར་དག་ནི་གནས་ལྔ་པ་ལའོ།། མི་བཟོད་པ་དང་ཞེན་པ་ལ་སོགས་པ་མི་མཐུན་པ་ལ་ཆགས་པའི་མཐར་ཐུག་པའི་བར་དག་ནི་གནས་དྲུག་པ་དག་ལའོ།། འཇིག
་ཚོགས་ལ་ལྟ་བ་དང་། འབྱུང་བར་ལྟ་བ་དང་འཇིག་པར་ལྟ་བ་ནི་གནས་བདུན་པ་ལའོ།། འདོད་པ་ལ་འདུན་པ་ལ་སོགས་པ་ཡིད་ལ་མི་བྱེད་པའི་མཐུར་ཐུག་པའི་བར་དག་ནི་གནས་བརྒྱད་པ་ལའོ།། རུ་གདུག་དང་འཕྱ་སྨོད་ནི་གནས
་དགུ་པ་ལའོ།། མི་གནས་པ་དང་མི་མཉེན་པ་དང་རིས་མཐུན་པའི་རྗེས་སུ་མི་འཇུག་པ་ནི་གནས་བཅུ་པ་ལྔའོ།། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ། ཁྱིམ་གྱི་འབྱོར་བ་དུང་ལྡན་པའི་རྣམ་པར་རྟོག་པའི་མཐར་ཐུག་པའི་བར
་དགེ་ནི་གནས་བཅུ་གཅིག་པ་ལའོ།། མྱ་ངན་ལ་སོགས་པ་ནི་གནས་བཅུ་གཉིས་པ་ལ་བརྟེན་ཏེ་འཇུག་པར་རིག་པར་བྱའོ།། ལྟེ་བ་ལྔ་པོ་གང་དག་ཡིན་པ་དེ་དག་ནི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཕན་ཚུན་མཚུངས་པར་ལྡན
་པར་མི་བྱེད་དེ། ངོ་བོ་ཉིད་དང་ངོ་བོ་ཉིད་མཚུངས་པར་ལྡན་པར་མི་རུང་བའི་ཕྱིར་རོ།། འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་ཐེ་ཚོམ་རྣམས་ནི་ཕན་ཚུན་མི་མཐུན་པ་ཡིན་པའི་ཕྱིར་ཕན་ཚུན
་མཚུངས་པར་ལྡན་པར་མི་བྱེད་དེ། ཆགས་པར་གྱུར་པའི་སེམས་ནི་འདུད་པར་འགྱུར་ལ་རློམ་པར་གྱུར་པའི་སེམས་ནི་ཁེངས་པར་འགྱུར་བས། དེའི་ཕྱིར་འདོད་ཆགས་དང་ང་རྒྱལ་ཡང་ཕན་ཚུན་མི་མཐུན་པ་དག་ཡིན་པར་རིག་པར་བྱའོ།།
་ཉེ་བའི་ཉོན་མོངས་པ་ཇི་སྐད་བསྟན་པ་དེ་དག་ནི་ཉོན་མོངས་པའི་ཕྱོགས་དང་འཐུན་པ་ཡིན་པ་ཁོ་ནར་བལྟ་བར་བྱའོ།། དེ་ལ་རེ་ཤིག་བག་མེད་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་ཕྱོགས་དང་མཐུན་པར་བལྟ་བར་བྱ་སྟེ། འདི་ལྟར་ཆགས
་པར་གྱུར་ན་ཡང་བག་མེད་པར་འགྱུར་ལ་ཐེ་ཚོམ་ཟོས་པའི་བར་དུ་གྱུར་ནའང་ངག་མེད་པར་འགྱུར་བའི་ཕྱིར་རོ།། ཆགས་པ་དང་། སེར་སྣ་དང་། རྒྱགས་པ་དང་། རྒོད་པ་ནི་འདོད་ཚོགས་ཀྱི་ཕྱོགས་དང་མཐུན་པ་དང་། འདོད་ཆགས་ཀྱི།
་རྒྱུ་མཐུན་པ་དག་ཡིན་ནོ།། ཁྲོ་བ་དང་ཁོན་དུ་འཛིན་པ་དང་། ཡོངས་སུ་གདུང་བ་དང་། ཕྲག་དོག་དང་། རྣམ་པར་འཚེ་བ་ནི་ཁོང་ཁྲོ་བའི་ཕྱོགས་དང་མཐུན་པ་དང་། ཁོང་ཁྲོ་བའི་རྒྱུ་མཐུན་པ་དག་ཡིན་ནོ།། རྒྱུ་དང་གཡོ་ནི་ལོག་པར་ལྟ་བའི
་ཕྱོགས་དང་མཐུན་པ་དེ།། ལོག་པར་ལྟ་བའི་སྒྲ་མཐུན་པ་དག་ཡིན་ནོ།། འཆབ་པ་ནི་གཡོའི་ཕྱོགས་དང་མཐུན་པ་དང་། དེའི་རྒྱུ་མཐུན་པ་ཁོ་ན་ཡིན་པར་བལྟ་བར་བྱའོ།། ཉེ་བོའི་ཉོན་མོངས་པ་ལྷག་མ་རྣམས་ནི་གཏི་མུག་གི་ཕྱོགས་དང་།
་མཐུན་པ་དང་། གཏི་མུག་གི་རྒྱུ་མཐུན་པ་དག་ཡིན་ནོ།། རྟོག་པ་དང་དཔྱོད་པ་གཉིས་ནི་མ་གཏོགས་ཏེ། རྟོག་པ་དང་དཔྱོད་པ་གཉིས་ནི་ཤེས་རབ་དང་སེམས་པའི་ངོ་བོ་ཉིད་ཡིན་པར་བལྟ་བ་བྱ་སྟེ་འདི་ལྟ་སྟེ། དཔེར་ན་ལྟ་བ་རྣམས་བཞིན
་ནོ།། ཤེས་རབ་གང་ཡིད་ལ་བརྗོད་པ་ལ་བརྟེན་པ་དམིགས་པ་ལ་མི་མཐུན་པར་རྒྱུ་ཞིང་འཇུག་པ་དེ་ནི་དེའི་ངོ་བོ་ཉིད་ཡིན་ཡང་རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་ཞེས་བྱའོ།། དེ་ལ་དམིགས་པ་གཞན་ལ་མི་མཐུན་པར་རྒྱུ
་ཞིང་ཡིད་ལ་བརྗོད་པ་ལ་བརྟེན་པའི་ཤེས་རབ་ཆེས་རགས་པ་ནི་རྟོག་པ་ཡིན་ནོ།། དེ་ཉིད་ལ་མི་མཐུན་པ་མ་ཡིན་པར་རྒྱུ་ཞིང་ཆེས་ཆ་ཕྲ་བ་ནི་དཔྱོད་པ་ཡིན་ཏེ། དེ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པར
་གཞག་པ་ཞེས་བྱའོ།། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། མདོར་བསྡུ་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཇི་སྐད་བསྟན་པ་རྣམས་ཀྱིས་ནི་རྒྱུ་གཉིས་ཀྱིས་སེམས་ཅན་རྣམས་ཀུན
་ནས་ཉོན་མོངས་པོར་བྱེད་དེ། འདི་ལྟ་སྟེ། ཀུན་ནས་དཀྲིས་པ་དང་བག་ལ་ཉལ་གྱིས་སོ།། དེ་ལ་ཉོན་མོངས་པ་ཀུན་ཏུ་འབྱུང་བ་མངོན་དུ་གྱུར་པ་ནི་ཀུན་ནས་དཀྲིས་པ་ཞེས་བྱའོ།། དེ་ཉིད་ཀྱི་ས་བོན་མ་སྤངས་ཤིང་ཡང་དག་པར་མ་བཅོས
་པ་ནི་བག་ལ་ཉལ་ཞེས་བྱ་སྟེ། གནས་ངན་ལེན་ཀྱང་དེ་ཡིན་ནོ།། མ་སད་པའི་ཕྱིར་ནི་བག་ལ་ཉལ་ཡིན་ལ་སད་པའི་གནས་སྐབས་ཀྱི་ཕྱིར་ནི་ཀུན་ནས་དཀྲིས་པ་ཡིན་ནོ།། དེ་ལ་འཆིང་བ་མཐའ་དག་དང་ལྡན་པའི་གང་ཟག་འདོད་པའི་ཁམས་སུ
་སྐྱེས་ཤིང་བྱུང་བ་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་བག་ལ་ཉལ་དང་ལྡན་ནོ།། གཟུགས་ཀྱི་ཁམས་སུ་སྐྱེས་ཤིང་བྱུང་བའི་སོ་སོའི་སྐྱེ་བོ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི
་བག་ལ་ཉལ་ཞི་གནས་ཀྱི་གནོད་པསོ་ཉམས་པར་བྱས་པ་དང་ལྡན་ལ། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཉོན་མོངས་པ་རྣམས་ཀྱི་ནི་མ་ཉམས་པ་ཁོ་ན་དང་ལྡན་ནོ།། གཟུགས་མེད་པའི་ཁམས་སུ་སྐྱེས་ཤིང་བྱུང་བའི་སོ་སོའི་སྐྱེ་བོ
་ནི་འདོད་པ་དང་གཟུགས་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་བག་ལེ་ཉལ་ཞི་གནས་ཀྱི་གནོད་པས་ཉམས་པར་བྱེས་པ་དང་ལྡན་ལ། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་ནི་མ་ཉམས་པ་ཁོ་ན་དང་ལྡན་ནོ།། ཁམས་ལས
་ལྟ་བ་བཞིན་དུ་ས་ལས་ཀྱང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། ཀུན་ནས་དཀྲིས་པ་རང་གི་སྣ་པ་ནི་རང་གི་ས་པའི་འདོད་ཆགས་དང་མུ་བྲལ་བ་དང་ལྡན་ཏེ་བྲལ་བ་དང་ནི་མི་ལྡན་ནོ།། སྤུ་འོག་མ་ལ་གནས་པ་ནི་ས་གོང་མེ་པའི་ཀུན་ནས་དཀྲིས་པ
་དང་ལྡན་ལ་ས་གོང་མ་ལ་གནས་པ་ནི་འོག་མ་པའི་ཀུན་ནས་དཀྲིས་པ་དང་། ནམ་ཡང་མི་ལྡན་པར་བརྗོད་པར་བྱའོ།། དེ་ལ་འཆིང་བ་མཐའ་དགེ་དང་ལྡན་པའི་གང་ཟག་གིས་ཉོན་མོངས་པའི་ཀུན་ནས་དཀྲིས་པསྐྱེད་ནས་འགོག་པར་བྱེད
་ཅིང་སྤོང་བར་ནི་མི་བྱེད་པའི་ཚེ་ན། ཉོན་མོངས་པ་དེ་འདས་པའམ་མ་འོངས་པ་འམ་ད་ལྟར་བྱང་བཱི་དངོས་པོ་གང་དག་དང་ལྡན་པ་ཡིན་ཞེ་ན། འདས་པ་དང་ནི་ལྡན་པར་གྱུར་ཟིན་པས་ལྡན་པ་མ་ཡིན་ནོ།། ད་ལྟར་བྱུང་བ་དང་ནི་དེའི་རིགས
་བག་ལ་ཉལ་དང་ལྡན་པ་ཡིན་ཏེ་གྲུལཱ་ཏཱི་ཉོན་མོངས་པ་མངོན་དུ་གྱུར་ན་ནི་ཀུན་ནས་དཀྲིས་པ་དང་ཡང་ལྡན་ནོ།། མ་འོངས་པ་དང་ནི་བྲག་ལ་ཉལ་དང་ཀུན་ནས་དཀྲིས་པ་དང་ཡང་ལྡན་པར་འགྱུར་ཏེ་ལྡནུ་པ་ནི་མ་ཡིན་ནོ།། དེའི་རིགས་དང་ཇི
་ལྟ་བ་བཞིན་དུ་དེ་ལས་གཞན་པའི་ཉོན་མོངས་པ་ཐམས་ཅད་དང་ཡང་དེ་བཞིན་ནོ།། འཆིང་བ་མཐའ་དག་དང་ལྡན་པ་ཇི་ལྟ་བ་བཞིན་དུ་འཆིང་བ་མ་ཚང་བ་དང་ལྡན་པའང་དེ་བཞིན་དུ་བརྗོད་པར་བྱའོ།། དེ་ལ་བྱེ་བྲག་ནི་འདི་ཡོད་དེ་དེ་ནི།
་ཉོན་མོངས་པ་ལྷག་མ་རྣམས་དང་ལྡན་པར་བརྗོད་པར་བྱའོ།། གང་གིས་ཚེ་རྣལ་འབྱོར་པ་ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པར་བྱེད་པའི་ཚེ་ཇི་ལྟར་རྣམ་པར་གནོན་པར་བྱེད་ཅེ་ན། གང་དེ་བསྒོམ་ཞིང་ཉོན་མོངས་པའི
་ཀུན་ནས་དཀྲིས་པར་རྣམ་པར་གནོན་པར་བྱེད་པའི་ཉོན་མོངས་པ་རྣམས་ཀྱི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་གཉེན་པོ་ནི་རྣམ་པ་གསུམ་ཡོད་དེ། ཉོན་མོངས་པ་རྣམས་ཀྱི་ངོ་བོ་ཉིད་དང་ཉེས་དམིགས་ཡོངས་སུ་ཤེས་པ
་དང་། དེའི་གཉེན་པོ་ལ་དམིགས་པའི་མཚན་མ་ཡིད་ལ་བྱེད་པ་དང་། སེམས་ཀྱི་རྒྱུད་ལ་དགེ་བའི་ཕྱོགས་བསྩགས་པའོ།། ཡང་དག་པར་འཇོམས་པ་ལ་ནི་ཡང་དག་པའི་ལྟ་བ་མངོན་དུ་བཏང་བའི་ལམ་ཡིན་པར་བལྟ་བར
་བྱའོ།། གང་གི་ཚེ་རྣལ་འབྱོར་པ་ཉོན་མོངས་པ་སྤོང་བར་བྱེད་པའི་ཚེ་ན་ཅི་ཀུན་ནས་དཀྲིས་པ་ལས་སྤོང་བར་བྱེད་དམ་འོན་ཏེ་བག་ལ་ཉལ་ལས་སྤོང་བར་བྱེད་གང་ལས་སྤངས་ན་སྤངས་པ་ཞེས་བརྗོད་པར་བྱ་ཞེ་ན། བག་ལ་ཉལ་ལས
་སྤོང་བར་བྱེད་དེ་ཀུན་ནས་དཀྲིས་པ་ནི་དང་པོ་ཉིད་ནས་སྤངས་ཟིན་པའི་ཕྱིར་རོ།། དག་ལ་ཉལ་ལས་སྤངས་ནས་སྤངས་པ་ཞེས་བརྗོད་པར་བྱའོ།། ད་ཅིའི་ཕྱིར་ཞེ་ན། ཀུན་ནས་དཀྲིས་པ་ལས
་སྤངས་ལ་བྱག་ལ་ཉལ་ལས་མ་སྤངས་ན་ནི་ཡང་དང་ཡང་དུ་ཀུན་ནས་དཀྲིས་པ་འབྱུང་བར་འགྱུར་གྱི། བག་ལ་ཉལ་ལས་སྤངས་ན་ནི་བག་ལ་ཉལ་དང་ཀུན་ནས་དཀྲིས་པ་གཉི་ག་ལས་གཏན་འབྱུང་བར་མི་འགྱུར་བའི་ཕྱིར་རོ།།
་འདས་པ་སྤོང་བར་བྱེད་དམ་འོན་ཏེ་མ་འོངས་པའམ་ད་ལྟར་བྱུང་བ་སྤོང་བར་བྱེད་ཅེ་ན། འདས་པའང་མི་སྤོང་མ་འོངས་པའང་མི་སྤོང་ད་ལྟར་བྱུང་བ་འང་མི་སྤོང་མོད་ཀྱི། འོན་ཀྱང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་སྤོང་བར
་བྱེད་དེ། དེ་ལ་རེ་ཞིག་བག་ཆགས་དང་བཅས་པ་འདས་པ་གང་ཡིན་པ་དེ་ནི་རིང་གི་ངང་ཉིད་ཀྱིས་འགགས་པའི་ཕྱིར་སྤངས་ཟིན་པ་ཡིན་པས་དེ་ལ་ནི་ཅིའང་སྤང་དུ་མེད་དོ།། མ་འོང་བ་གང་ཡིན་པ་དེ་ན་མ་བྱུང་བ་དང་ལུས་མེད་པ་ཡིན
་པོས་དེ་ལ་ཡང་ཅི་ཡང་སྤང་དུ་མེད་དོ།། བག་ལ་ཉལ་དང་བཅས་པ་ད་ལྟར་བྱུང་བ་གང་ཡིན་པ་དེ་ནི་སྐད་ཅིག་ལས་ལྷག་པར་མི་གནས་ཏེ་བག་ལ་ཉལ་དང་བཅས་པ་དང་བག་ལ་ཉལ་མེད་པའི་སེམས་གཉིས་འགྲོགས་པ་ནི་མེད་པས་དེའི
་ཕྱིར་ད་ལྟར་བྱུང་བའང་མི་སྤོང་ངོ་།། འོན་ཀྱང་གཞན་གྱི་སྒྲ་དང་བདག་ཉིད་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཉོན་མོངས་པའི་གཉེན་པོའི་སེམས་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་ནི་སྐྱེ་ལ་དེའི་མི་མཐུན་པའི་ཕྱོགས
་བག་ལ་ཉལ་དང་བཅས་པའི་སེམས་ནི་འགགས་ཏེ། དེ་ལྟར་ན་དེ་སྐྱེ་བའི་དུས་གང་ཡིན་པ་དེ་ཉིད་དེ་འགག་པའི་དུས་ཡིན་པས་དེ་ཉིད་སྐྱེ་བ་དང་འགགས་པ་ནི་མགོ་མཉམ་དུ་རིག་པར་བྱའོ།། དེ་ལ་ཉོན་མོངས་པའི་གཉེན་པོའི་སེམས
་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་ནི་དེ་ལྟར་བྱུང་བ་བག་ལ་ཉོལ་མེད་པ་ཡིན་ནོ།། སྐད་ཅིག་དེ་ལས་ཐལ་བ་ནི་འདས་པ་བག་ལོ་ཉལ་མེད་པ་ཡིན་ནོ།། མ་འོངས་པའང་བགོ་ལ་ཉལ་མེད་པ་ཡིན་ནོ།། དེ་ལྟར་གནས་གྱུར་ཏེ།
་བག་ལ་ཉལ་གྱི་རྒྱུན་ཡང་དག་པར་ཆད་ན་དེའི་རྗེས་ལ་འཇིག་རྟེན་པའི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དེའི་འོག་ཏུ་ཕྱིས་འབྱུང་བ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་གང་ཡིན་པ་དེའང་བག་ལ་ཉལ་མེད་པས། དེའི་ཕྱིར
་འདས་པའང་སྤངས་པ་ཡིན་ལ། ད་ལྟར་བྱུང་བ་དང་མ་འོངས་པ་ཡང་སྤངས་པ་ཞེས་བྱ་སྟེ། དེ་ལྟར་ན་དེ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རྣམ་པར་བྱང་བའི་རབ་ཏུ་དབྱེ་བ་ཡིན་ནོ།། དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན
་མོངས་པའི་ལོག་པར་བསྒྲུབ་པ་དང་སྤང་བར་བྱ་བའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། དེའི་མདོར་བསྡུ་ན་རྣམ་པ་བཅོ་ལྔར་བལྟ་བར་བྱ་སྟེ། འདོད་པ་དང་ལེན་པའི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མཐོང
་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཟག་པོ་རྣམས་དང་འདོད་པ་དང་ལྡན་པ་རྣམ་པ་ལྔ་པོ་ཇི་ལྟ་བ་བཞིན་དུ་གཟུགས་དང་ལྡན་པ་རྣམས་དང་གཟུགས་མེད་པ་ལྡན་པ་རྣམས་ཀྱང་དེ་བཞིན་ནོ།། དེ་ལ་འདོད་པ་ན་སྤྱོད་པའི་སྡུག་བསྔལ
་ལ་ནི་ཉོན་མོངས་པ་བཅུ་པོ་ཐམས་ཅད་ལོག་པར་ཞུགས་པ་ཡིན་ནོ།། ཀུན་འབྱུང་བ་ལ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་མ་གཏོགས་པ་ཉོན་མོངས་པ་བརྒྱད་ལོག་པར་ཞུགས་པ་ཡིན་ནོ།། ཀུན
་འབྱུང་བ་ལ་ཇི་ལྟ་བ་བཞིན་དུ་འགོག་པ་དང་ལམ་ལ་ཡང་དེ་བཞིན་ནོ།། གོང་མ་ལ་ནི་བདེན་པ་ཐམས་ཅད་ལེ། གྷོ་བྲོ་བ་མ་གཏོགས་པ་རྣམས་འདོད་པའི་ཁམས་ན་ཇི་ལྟ་བ་བཞིན་དུ་ལྡོག་པར་འཇུག་པར་གོ་རིམས་བཞིན་དུ་རིག་པར་བྱའོ།།
་ཇི་ལྟར་སྡུག་བསྔལ་གྱི་བདེན་པ་ལ་བག་ལ་ཉལ་བཅུ་ལོག་པར་ཞུགས་པ་ཡིན་ཞེ་ན། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྟ་སྡུག་བསྔལ་བ་ཞེས་བརྗོད་པ་ལ་བྱིས་པ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ལ་འཇིག་ཚོགས་ལ་ལྟ་བའི
་མམུ་ཉི་ཤུ་ལས་མུ་ལྔས་བདག་ཏུ་ལྟ་བར་བྱེད་ལ། ལྷག་རྣམས་ཀྱིས་ནི་བདག་གིར་ལྟ་བར་བྱེད་དེ། དེ་ལྟར་ན་འཇིག་ཚོགས་ལ་ལྟེ་བ་ནི་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་པར་བལྟ་བར་བྱའོ།། འཇིག་ཚོགས་ལ་ལྟ
་བ་དེ་ཉིད་ལ་བརྟེན་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ལ་རྟག་པ་འམ་ཆད་པར་དགེ་བ་རྗེས་སུ་ལྟེ་བས། དེའི་ཕྱིར་མཐར་འཛིན་པར་ལྟ་བ་ཡང་སྡུག་བསྔལ་ལ་ལོགས་པར་ཞུགས་པ་ཡིན་ནོ།། ལེགས་པར་སྤྱད་པ
་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བའི་བར་དུ་ལོག་པར་ལྟ་བ་གང་ཡིན་པ་དེ་དང་ཕ་མེད་དོ།། མ་མེད་དོ་སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་ལོག་པར་ལྟ་བ་གང་ཡིན་པོ་དེའི
་ཕྱོགས་གཅིག་ཀྱང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ།། ཕྱོགས་གཅིག་ནི་ཀུན་འབྱུང་བ་ལའོ།། གཞན་མུ་སྟེགས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་བདེན་པའི་སྐུར་པ་འདེབས་པའི་ལོག་པར་ལྟ་བ་དགེ་སྦྱོང་གི་བཻ་ཏ་མས་ཉན་ཐོས་རྣམས
་ལོ་སྡུག་བསྔལ་གྱི་བདེན་པ་གདགས་པར་བྱས་པ་གང་ཡིན་པ་དེ་ནི་མེད་དོ་ཞེས་ཟེར་བ་གང་ཡིན་པ་དེའང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ།། དབང་ཕྱུག་དང་སྐྱེ་དགུའི་བདག་པོ་དང་བརྒྱ་བྱིན་དང་ཚངས་པ་ཞེས་བྱ་བ་དང་གང་དེ་ལྟ་བུ་དང
་མཐུན་པ་གཞན་ལ་ཡང་རྟག་པ་དང་བརྟན་པ་དང་ཐེར་ཟུག་གོ་ཞེས་ལྟ་བ་གང་ཡིན་པ་ལོག་པར་ལྟ་བ་དེ་ནི་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ།། ལྟ་བ་མེ་ཆོག་ཏུ་འཛིན་པ་གང་གིས་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པའི་ལྟ་བ
་དེ་དག་ལ་དམ་པར་མཆོག་ཏུ་འཛིན་ཅིང་། དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ལྟ་བ་མཆོག་ཏུ་འཛིན་པ་དེའང་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ།། ལྟ་བ་དེ་དང་རྗེས་སུ་མཐུན་པ་དང་དེ་དང
་མཐུན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་ལ་དམ་པར་མཆོག་ཏུ་འཛིན་ཅིང་། དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཡིན་པ་དེའང་སྡུག
་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ།། དེ་ལ་གཞན་མུ་སྟེགས་ཅན་ཁ་ཅིག་ལྟ་བའི་རྣམ་པ་དེ་དག་ལ་གཅིག་ཏུ་ངེས་པར་མོས་པའང་མ་ཡིན་པ་དེ་དག་སྡུག་བསྔལ་གྱི་བདེན་པ་གདགས་པར་མཛད་པ་འདི་ལ་གཅིག་ཏུ་ངེས་པར་སྐུར་པ
་འདེབས་པའང་མ་ཡིན་མོད་ཀྱི་འོན་ཀྱང་སྡུག་བསྔལ་ལམ་འོན་ཏེ་སྡུག་བསྔལ་མ་ཡིན་སྙམ་དུ་ཡིད་གཉིས་ཅན་དུ་གྱུར་པ་གང་ཡིན་པ་དེ་དང་གཞན་ཡང་སྡུག་བསྔལ་ལ་ཡིད་གཉིས་ཟ་བ་གང་ཡིན་པའི
་ཐེ་ཚོམ་དེའང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ།། ལྟ་བ་དེ་དག་ཉིད་ལ་མངོན་པར་ཆགས་པ་དང་ཞེན་པ་དང་ལྷག་པར་ཆགས་པ་དང་ལྟ་བ་ལ་འདོད་ཆགས་པའི་འདོད་ཆགས་དེའང་སྡིག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ།།
་དེ་དང་མི་མཐུན་པ་གཞན་གྱི་ལྟ་བ་དག་ལ་ཀུན་ནས་མནར་སེམས་པའི་ཁོང་ཁྲོ་བ་དེའང་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ།། ལྟ་བ་དེ་དག་ཉིད་ཀྱིས་ཁེངས་པའི་ང་རྒྱལ་དེའང་སྡུག་བསྔལ་གྱི་བདེན་པ་ཁོ་ན་ལ་ལོག་པར
་ཞུགས་པ་ཡིན་ནོ།། ལྟ་བ་དེ་དག་དང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དེ་དག་དང་མཚུངས་པར་ལྡན་པའི་མི་ཤེས་པ་གང་ཡིན་པ་དང་སྡུག་བསྔལ་གྱི་བདེན་པ་ལ་མི་ཤེས་པ་མ་འདྲེས་པ་འབའ་ཞིག་པ་གང་ཡིན་པ་དེའང་སྡུག་བསྔལ་གྱི
་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་ལྟར་ནི་ཉོན་མོངས་པ་བཅུ་པོ་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ཡིན་ནོ།། ཇི་ལྟར་ན་ཀུན་འབྱུང་བའི་བདེན་པ་ལ
་བག་ལ་ཉལ་བརྒྱད་པོ་ལོག་པར་ཞུགས་པ་དག་ཡིན་ཞེ་ན། དགེ་སྦྱོང་དང་བྲམ་ཟེ་རྒྱུ་མེད་པར་སྨྲ་བ་རྣམས་ཀྱི་ལོག་པར་ལྟ་བ་གང་ཡིན་པ་དེ་དང་དགེ་སློང་དང་བྲམ་ཟེ་མི་མཐུན་པ་རྒྱུར་སྨྲ་བ་རྣམས་ཀྱི་དབང་ཕྱུག་ལ་སོགས་པ། དངོས་པོ
་རྣམས་ཀྱི་བྱིན་པ་པོ་དང་སྤྲུལ་བ་པོ་དང་བྱེད་པ་པོ་ཡིན་ནོ་ཞེས་ལོག་པར་ལྟ་བ་གང་ཡིན་པ་དེ་དང་། བྱིན་པ་མེད་དོ་མཆོད་སྦྱིན་མེད་དོ།། སྦྱིན་སྲེག་མེད་དོ་ལེགས་པར་སྤྱད་པ་མེད་དོ་ཉེས་པར་སྤྱད་པ་མེད་དོ་ཞེས་ལོག་པར་ལྟ་བ་གང་ཡིན་པ་དེ་དང
་དགེ་སྦྱོང་དང་བྲམ་ཟེ་ལྷ་མི་སྤོང་བར་སྨྲས་ཀྱི་ལོག་པར་ལྟ་བ་དེ་དག་ལས་ཕྱོགས་གཅིག་གང་ཡིན་པ་དང་། གཞན་མུ་སྟེགས་ཅན་རྣམས་ཀྱི་ཀུན་འབྱུང་བའི་བདེན་པ་ལོ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་དགེ་སྦྱོང་གཽ་ཏ་མས་ཉན་ཐོས་རྣམས
་ལ་ཀུན་འབྱུང་བའི་བདེན་པ་གདགས་པ་བྱས་པ་གང་ཡིན་པ་དེ་ནི་མེད་དོ་ཞེས་ཟེར་བ་གང་ཡིན་པའི་ལོག་པར་ལྟ་བ་དེ་དག་ནི་ཀུན་འབྱུང་བའི་བདེན་པ་ལོག་པར་ཞུགས་པ་ཡིན་ནོ།། ལྟ་བ་མཆོག་ཏུ་འཛིན་པ་གང་གིས་ལྟོ་བ་དེ་དག་ལ་དམ་པར་མཆོག
་ཏུ་འཛིན་ཅིང་དེ་དག་གིས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ལྟ་བ་མཆོག་ཏུ་འཛིན་པ་དེའང་ཀུན་འབྱུང་བའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ།། ལྟ་བ་དེ་དག་དང་རྗེས་སུ་མཐུན་པ་དང་དེ་དག་དང་མཐུན་པའི་ཆོས་ཚུལ
་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླང་བ་དེ་ལ་དམ་པར་མཆོག་ཏུ་འཛིན་ཅིང་དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ།། ཞེས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཡིན་པ་དེའང་ཀུན་འབྱུང་བའི་བདེན་པ་ལ
་ལོག་པར་ཞུགས་པ་ཡིན་ནོ།། ལྷག་མ་འདོད་ཆགས་ལ་སོགས་པ་ཐེ་ཚོམ་གྱི་མཐར་ཐུག་པ་རྣམས་ནི་སྔ་མ་བཞིན་དུ་བལྟ་བར་བྱ་སྟེ། དེ་ལྟར་ན་ཉོན་མོངས་པ་བརྒྱད་པོ་དེ་དག་ནི་ཀུན་འབྱུང་བའི་བདེན་པ་ལ་ལོག་པར་ཞུགས་པ་དང་ཀུན་འབྱུང་བ
་མཐོང་བས་སྤང་བར་བྱ་བ་དག་ཡིན་ནོ།། ཇི་ལྟར་ན་བག་ལ་ཉལ་བརྒྱད་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ཞེ་ན། དགེ་སྦྱོང་དང་བྲམ་ཟེ་མཐའ་དུད་མཐའ་མེད་པ་དང་ལྷ་མི་སྤོང་བར་སྨྲ་བ་རྣམས
་ཀྱི་ལྟ་བའི་ཕྱོགས་གཅིག་གང་ཡིན་པ་དང་དགེ་སྦྱོང་དང་བྲམ་ཟེ་ཚེ་འདི་ལ་མྱ་ངན་ལས་འདའ་བར་སྨྲ་བ་རྣམས་ཀྱི་ལོག་པར་ལྟ་བ་གང་ཡིན་པ་དང་། རྒྱས་པར་འཇིག་རྟེན་ན་དགྲ་བཅོམ་པ་དག་མེད་དོ་ཞེས་ལོག་པར་ལྟ་བ་གང་ཡིན་པ་ལས་དགྲ་བཅོམ
་བ་དེ་དག་ཀྱང་སྤངས་པས་རབ་ཏུ་ཕྱེ་བ་དང་ཤེས་པས་རབ་ཏུ་ཕྱེ་བ་སྟེ། དེ་ལ་སྤངས་པ་ལ་སྐར་པོ་འདེབས་པའི་ལོག་པར་ལྟ་བ་གང་ཡིན་པ་དང་གཞན་མུ་སྟེགས་ཅན་རྣམས་ཀྱི་འགོག་པའི་བདེན་པ་ལ་སྐུར་པ་འདེབས་པ་རྣམས་ཀྱི་ལོག་པར་ལྟ་བ་སྔ་མ
་ལྟ་བུ་གང་ཡིན་པ་དང་། དེ་དག་གི་ལོག་པའི་ཐར་པ་ཡོངས་སུ་བརྟགས་པའི་ལྟ་བ་གང་ཡི་ན་པའི་ལོག་པར་ལྟ་བ་དེ་དག་ནི་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ།། ལྟ་བ་དེ་དག་ལ་ལྟེ་བ་མཆོག་ཏུ་འཛིན་པས་སྔ་མ་བཞིན་དུ་དུ་མ
་པཱར་མཆོག་ཏུ་འཛིན་པའི་ལྟ་བ་མཆོག་ཏུ་འཛིན་པ་གང་ཡིན་པ་དེའང་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ།། ལྟ་བ་དེ་དག་དང་རྗེས་སུ་མཐུན་པའི་ཆོས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླང་བ་དེ་ལ་དམ་པར་མཆོག་ཏུ
་འཛིན་ཅིང་། དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཡིན་པ་དེའང་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ།། ཁོང་ཁྲོ་བ་མ་གཏོགས་པ་ལྷག་མ་འདོད
་ཆགས་ལ་སོགས་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། འགོག་པ་ལ་སྐྲག་པའི་སེམས་དང་ཀུན་ནས་མནར་སེམས་ཀྱི་སེམས་དང་ཁོང་ཁྲོ་བའི་སེམས་དང་ལྡན་པའི་ཁོང་ཁྲོ་བ་གང་ཡིན་པ་དེའང་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ
་ཡིན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ།། དེ་ལྟར་ནི་བག་ལ་ཉལ་བརྒྱད་པོ་དེ་དག་ནི་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་དང་འགོག་པ་མཐོང་བས་སྤང་བར་བྱ་བ་དག་ཡིན་ནོ།། དེ་ལ་ཇི་ལྟར་ན་བག་ལ་ཉལ་བརྒྱད་པོ་ལམ་གྱི་བདེན་པ་ལ་ལོག
་པར་ཞུགས་པ་ཡིན་ཞེ་ན། འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་རྒྱས་པར་བྱ་བ་དེ་ལ་ཤེས་པ་སྔོན་དུ་འགྲོ་བའི་འདུས་བྱས་ཟག་པ་མེད་པའི་ཆོས་རྣམས་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་གང་ཡིན་པ་དེ་ནི་ལམ་ལ་ལོག་པར་ཞུགས་པ
་ཡིན་ནོ།། ལྟ་བ་མི་སྤོང་བ་རྣམས་ཀྱི་ལོག་པར་ལྟ་བའི་ཕྱོགས་གཅིག་གང་ཡིན་པ་དེ་ཡང་ལམ་ལ་ལོག་པར་ཞུགས་པ་ཡིན་ནོ།། གཞན་མུ་སྟེགས་ཅན་རྣམས་ལ་སྐུར་པ་འདེབས་པའི་ལྡོག་པར་ལྟ་བ་དགེ་སྦྱོང་གཽ་ཏ་མས་ཉན་ཐོས་རྣམས་ལ་ངེས་པ
་འབྱུང་བའི་ལམ་བསྟན་པ་གང་ཡིན་པ་དེ་ནི་ངེས་པར་འབྱིན་པ་མ་ཡིན་ནོ།། དེ་ནི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱིན་པ་མ་ཡིན་ནོ་ཞེས་ཟེར་བ་དང་བདག་མེད་པར་ལྟ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླང་བ་དང
་དེ་དང་མཐུན་པའི་ཆོས་གདགས་པ་བྱས་པ་གང་ཡིན་པ་དེའང་ལམ་ངན་པ་ཡིན་ནོ།། དེའང་ལམ་བཟང་པོ་མ་ཡིན་ནོ་ཞེས་ཟེར་བའི་ལོག་པར་ལྟ་བ་གང་ཡིན་པ་དེའང་ལམ་ལ་ལོག་པར་ཞུགས་པ་ཡིན་ནོ།། དེ་དག་འདི་སྙམ་དུ་སེམས་ཏེ།
་བདག་ཅག་གི་ལམ་གང་ཡིན་པ་དང་། བསྒྲུབ་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱིན་པ་ཡིན་ནོ་སྙམ་པའི་ལོག་པར་ལྟ་བ་གང་ཡིན་པ་དེའང་ལམ་གྱི་བདེན་པ་ཁོ་ན་ལ་ལོག་པར
་ཞུགས་པ་ཡིན་ནོ།། ལྟ་བ་མཆོག་ཏུ་འཛིན་པ་གང་གིས་ལོག་པར་ལྟ་བ་དེ་ལ་དམ་པར་མཆོག་ཏུ་འཛིན་ཅིང་། དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ།། ཞེས་ལྟ་བ་མཆོག་ཏུ་འཛིན་པ་གང་ཡིན་པ་དེའང་ལམ་ལ་ལོག་པར
་ཞུགས་པ་ཡིན་ནོ།། དེ་དང་རྗེས་སུ་མཐུན་པའི་ཆོས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླང་བ་ལ་དམ་པ་མཆོག་ཏུ་འཛིན་ཅིང་། དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག
་ཏུ་འཛིན་པ་གང་ཡིན་པ་དེ་ཡང་ལམ་ལ་ལོག་པར་ཞུགས་པ་ཡིན་ནོ།། ལྷག་མ་ནི་འགོག་པའི་བདེན་པ་བཞིན་དུ་བལྟ་བར་བྱའོ།། ཇི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ལམ་གྱི་བདེན་པ་ལ་ལོག་པར་འཇུག་པ་དེ་བཞིན་དུ
་བག་ལ་ཉལ་བརྒྱད་པོ་དེ་དག་ཀྱང་ལམ་གྱི་བདེན་པ་ལ་ལོག་པར་ཞུགས་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དག་ཡིན་ཏེ། དེ་དག་ནི་མཐོང་བས་སྤང་བར་བྱ་བའི་ཟག་པ་རྣམས་ཞེས་བྱའོ།། བསྒོམ་པས་སྤང་བར་བྱ་བའི་ཟག་པ་རྣམས་གང
་ཞེ་ན། འདོད་པ་ན་སྤྱོད་པའི་ཁོང་ཁྲོ་བ་དང་། ཁམས་གསུམ་ན་སྤྱོད་པ་གསུམ་སྟེ། འདོད་ཆགས་དང་ང་རྒྱལ་དང་མ་རིག་པའོ།། དེ་དག་ཀྱང་ལམ་མོ་ཆོག་ཏུ་གོམས་པས་སྤོང་བར་འགྱུར་བས་དེའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་རྣམས
་ཞེས་བྱའོ།། ཁམས་དང་ས་སུ་ན་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམ་པ་གསུམ་གསུམ་ཡོད་པ་དག་སྤང་བའི་ཕྱིར་ལམ་ཡང་རྣམ་པ་གསུམ་ཁོ་ནར་འགྱུར་ཏེ་ལམ་ཆུང་ངུ་ནི་ཟག་པ་ཆེན་པོ་རྣམས་སྤོང་བའི་ཕྱིར་འཇུག་པར་འགྱུར་རོ།། ལམ
་འབྲིང་ནི་ཟག་པ་འབྲིང་རྣམས་ཀྱིའོ།། ལམ་ཆེན་པོ་ནི་ཟག་པ་ཆུང་ངུ་རྣམས་སྤོང་བའི་ཕྱིར་འཇུག་པར་འགྱུར་རོ།། བསྒོམ་པས་སྤང་བར་བྱ་བའི་ཟག་པ་དེ་དག་ཀྱང་རང་གི་དང་ཁོ་ནས་ཟག་པ་དང་བཅས་པས་དངོས་པོ་ལ་ཞུགས་པ་དང་ཡུན་རིང་པོ
་ནས་ཡེ་ཡོད་པ་ཡིན་པས། དེའི་ཕྱིར་དཔྲལ་དཀའ་བ་ཡིན་པས་རང་གི་དངོས་པོ་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་ལོག་པར་འཇུག་པ་དང་སྤང་བར་བྱ་བའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཞེས
་བྱའོ།། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཟག་པ་ཇི་སྐད་བསྟན་པ་དེ་དག་གི་དམིགས་པ་ནི་མདོར་བསྟན་རྣམ་པ་ལྷུར་རིག་པར་བྱ་སྟེ། ལོག་པར་རྣམ་པར་བརྟགས་པའི་དངོས་པོ་ལ་དམིགས་པ་དང་། ལྟ་བ་ལ་དམིགས་པ
་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་དམིགས་པ་དང་། རང་གི་རྣམ་པར་བརྟགས་པའི་མིང་དང་ལ་དམིགས་པ་དང་། རང་གི་ངང་གིས་ཡེ་ཡོད་པའི་དངོས་པོ་ལ་དམིགས་པའོ།། དེ་ལ་གང་དག་སྡུག་བསྔལ་དང་ཀུན་འབྱུང
་པའི་བདེན་པ་ལ་དམིགས་པ་དེ་དག་ནི་ལོག་པར་རྣམ་པར་བརྟགས་པའི་དངོས་པོ་ལ་དམིགས་པ་ཞེས་བྱའོ།། ཐེ་ཚོམ་མ་གཏོགས་པ་ལྟ་བ་མཆོག་ཏུ་འཛིན་པ་དང་། འདོད་ཆགས་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དག་ནི་ལྟ་བ་ལ
་དམིགས་པ་ཞེས་བྱའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་དམིགས་པ་ཞེས་བྱའོ།། འགོག་པ་དང་ལམ་ལ་དམིགས་པ་དང་ཁམས་མི་འདྲ་བ་དག་ལ
་དམིགས་པ་དག་ནི་རང་གིས་རྣམ་པར་བརྟགས་པའི་མིང་ལ་དམིགས་པ་ཞེས་བྱ་སྟེ། ཉོན་མོངས་པ་ནི་ནམ་ཡང་འགོག་པ་དང་ལམ་ལ་དམིགས་པར་མ་གྱུར་དམིགས་པར་མི་བྱེད་དམིགསྲ་པར་མི་འགྱུར་ལ་ཁམས་མི་འདྲ་བ་ལ་ཡང་མ
་ཡིན་པའི་ཕྱིར་རོ།། གང་དག་བསྒོམ་པས་སྤང་བར་བྱ་བ་དེ་དག་ནི་རང་གི་ངང་གིས་ཡེ་ཡོད་པ་དངོས་པོ་ལ་དམིགས་པ་ཞེས་བྱའོ།། དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་གཉེན་པོའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན།
་དེ་ནི་མདོར་བསྡུ་ན་རྣམ་པ་བཞིར་བལྟ་བར་བྱ་སྟེ། རྒྱུད་ཡོངས་སུ་སྨིན་པར་བྱེད་པའི་གཉེན་པོ་དང་། ཉེ་བར་སྤོང་བའི་གཉེན་པོ་དང་། ཕྱོགས་གཅིག་སྤོང་བའི་གཉེན་པོ་དང་། མཐའ་དག་སྤོང་བའི་གཉེན་པོའོ།། དེ་ལ་ཚོགས་ཀྱི་ལམ
་རྣམ་པ་བཅུ་གསུམ་པོ་ཉན་ཐོས་ཀྱི་སར་ཇི་སྐད་བསྟན་པ་ཐམས་ཅད་ནི་རྒྱུད་ཡོངས་སུ་སྨིན་པར་བྱེད་པའི་གཉེན་པོ་ཞེས་བྱའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དྲོ་བར་གྱུར་པ་དང་རྩེ་མོ་དང་བཟོད་པ་དང་འཇིག་རྟེན་པའི
་ཆོས་ཀྱི་མཆོག་ཉན་ཐོས་ཀྱི་ས་ཉིད་དུ་ཇི་སྐད་བསྟན་པ་རྣམས་ནི་ཉེ་བར་སྤོང་བའི་གཉེན་པོ་ཞེས་བྱའོ།། དེ་ལ་མཐོང་བའི་ལམ་ནི་ཕྱོགས་གཅིག་སྤོང་བའི་གཉེན་པོ་ཞེས་བྱའོ།། བསྒོམ་པོའི་ལམ་ནི་མཐའ་དག་སྤོང་བའི་གཉེན་པོ་ཞེས
་བྱའོ།། དེ་ལ་མཐོང་བའི་ལམ་ལ་ཡང་དག་པར་ཞུགས་པའི་འཕགས་པའི་གང་ཟག་གི་ཤེས་པའི་སྤྱོད་པ་ནི་ཇི་ལྟ་བུ་ཡིན། སེམས་དུ་ཞིག་གིས་ནི་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར། ཅི་མཐོང་བས་སྤང་བར་བྱ་བའི
་ཉོན་མོངས་པ་ནི་ཅིག་ཅུར་རམ་རིམ་གྱིས་སམ་ཇི་ལྟར་སྤོང་བར་བྱེད་ཅེ་ན། མཐོང་བའི་ལམ་ལ་ཡང་དག་པར་ཞུགས་པའི་འཕགས་པའི་གང་ཟག་ཤེས་པའི་སྤྱོད་པ་ནི་མཚན་མ་མེད་པ་ཡིན་ཏེ། དེ་ནི་ཤེས་པས་སྡུག་བསྔལ་ལ་དམིགས
་པར་བྱེད་མོད་ཀྱི་དེ་དེའི་ཚེ་ན་སྡུག་བསྔལ་གྱིས་དངོས་པོ་དེ་ལ་སྡུག་བསྔལ་ལོ་སྙམ་པའི་རྣམ་པར་རྟོག་པའི་མཚན་མར་འཛིན་པ་ནི་མི་འབྱུང་ངོ་།། སྡུག་བསྔལ་ཇི་ལྟ་བ་བཞིན་དུ་ཀུན་འབྱུང་བ་དང་འགོག་པ་དང་ལམ་རྣམས་ལ་ཡང་དེ་བཞིན་ཏེ་དེ་དེའོ
་ཚེ་ན་སྔོན་ཀུན་རྫོབ་ཀྱི་ཤེས་པས་རྣམ་པར་དཔྱད་པའི་བདེན་པ་དག་ལ་སྔོན་འདུ་ཤེས་དང་མཚན་མ་ལས་རྣམ་པར་གྲོལ་བའི་ཤེས་པ་སྤྲོས་པ་མེད་པར་དོན་ཙམ་འབའ་ཞིག་ཤེས་པའི་དེ་བཞིན་ཉིད་ལ་དམིགས་པ་མཚན་མ་མེད་པ་འབའ་ཞིག
་འཇུག་པར་འགྱུར་ཏེ། དེའི་ཚེ་ན་དེའི་ཤེས་པའི་སྤྱོད་པ་ནི་དེ་ལྟ་བུ་ཡིན་ནོ།། མཐོང་བའི་ལམ་གྱི་རྣམ་པར་གཞག་པ་ནི་རྣམ་པ་གཉིས་ཏེ། བསྟན་པ་གནས་པའི་རྒྱས་པ་རྣམ་པར་གཞག་པ་སྤྲོས་པ་དང་བཅས་པ་དང་། དོན་དམ་པར
་རྣམ་པར་གཞག་པ་སོ་སོར་རང་རིག་པ་སྤྲོས་པ་མེད་པའོ།། དེ་ལ་རྣམ་པར་གཞག་པ་དང་པོའི་དབང་དུ་བྱས་ནས་ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་བཞི་དང་།། རྗེས་སུ་རྟོགས་པ་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་བཞི
་དང་། དུས་ཇི་སྲིད་དུ་སེམས་བརྒྱད་པོ་དེ་དག་འབྱུང་བར་འགྱུར་བའི་དུས་དེ་སྲིད་དུ་དེའི་འཇུག་མཐོགས་སུ་ཡོངས་སུ་བསྒོམས་པའི་སེམས་ཞི་གནས་འབའ་ཞིག་ལ་ཞུགས་པ་གཅིག་ཀྱང་འབྱུང་བར་འགྱུར་ཏེ
་དག་བསྡུས་ན་སེམས་དགུར་འགྱུར་བས་དེ་དག་གིས་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་ཏེ་དུས་ཇི་སྲིད་ཀྱིས་སྡུག་བསྔལ་གྱི་བདེན་པ་ཇི་ལྟར་བཏགས་པའི་རྣམ་པར་རིག་པས་ཡོངས་སུ་རྫོགས་པར་འགྱུར་བ་དེ་ནི་སེམས་གཅིག་ཅེས
་བརྗོད་པར་བྱའོ།། རྣམ་པར་གཞག་པ་གཉིས་པའི་དབང་དུ་བྱས་ནས་དེ་བཞིན་ཉིད་ཤེས་པ་དང་མཚུངས་པར་ལྡན་པ་གཅིག་ཁོ་ནས་སེམས་ཀྱི་རང་བཞིན་ལས་བརྩམས་ཏེ་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ།། འདིར་ཞི
་གནས་ཀྱི་ལོམ་ནི་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ།། དེ་ལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉེལ་ནི་ཆ་གཉིས་ཀྱིས་རྣམ་པར་གཞག་པ་ཡིན་ཏེ། དྲང་བའི་གཟུགས་དང་རྗེས་སུ་འབྲེལ་པ་དང་སེམས་དང་སེམས་ལས
་བྱུང་བ་དང་རྗེས་སུ་འབྲེལ་པ་ལས་སོ།། དེ་ལ་མཐོང་བའི་ལམ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པས་འཇུག་པ་ཡིན་པ་ཕྱིར། འཕགས་པ་ཉན་ཐོས་ནི་ཞི་གནས་ཀྱིས་སྤང་བར་བྱ་བ་དང་ལྷག་མཐོང་གིས་སྤང་བར་བྱ་བའི་བག་ལ་ཉལ
་རྣམ་པ་གཉི་ག་གཅིག་ཅར་སྤོང་བར་བྱེད་དོ།། དེ་ལ་དང་པོ་ན་ལྷག་མཐོང་གིས་སྤང་བར་བྱ་བ་ཡིན་ནོ།། གཉིས་པ་ནི་ཞི་གནས་ཀྱིས་སྤང་བར་བྱ་བ་ཡིན་ཏེ་དེའི་ཕྱིར་མཐོང་བའི་ལམ་ཡོངས་སུ་རྫོགས་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ
་ལྷགཱ་མཐོང་གིས་ཕྱོགས་སུ་གཏོགས་པའི་ཤེས་པ་དེ་དག་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་བག་ལ་ཉལ་དང་འབྲེལ་བར་འགྱུར་ཞིང་། གཉེན་པོ་ཉིད་ཀྱིས་སྦྱོར་བར་མི་བྱེད་ན་ནི་མ་ཡིན་ནོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་དང་།
་པའི་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བ་མཐོང་བའི་ལམ་ལ་ཞུགས་པ་གཉིས་དང་། གང་ཟག་དྲུག་པའང་མཚན་མ་མེད་པ་ལ་གནས་པ་ཡིན་ལ། དེ་ལས་གཞན་པ་ལྔ་པོ་དང་བས་མོས་པ་དང་མཐོང་བས་ཐོབ་པ་དང་ལུས་ཀྱིས
་མངོན་དུ་བྱེད་པ་དང་ཤེས་རབ་ཀྱི་རྣམ་པར་གྲོལྔ་བ་དང་གཉི་གའི་ཆུ་ལས་རྣམ་པར་གྲོལ་བདག་ཀྱང་འགོག་པ་ལ་ཞི་བཱི་འདུ་ཤེས་ཀྱིས་གནས་པ་ཡིན་པས། དེའི་ཕྱིར་མཚན་མ་མེད་པར་གནས་པ་ཞེས་བྱའོ་ཞེས་གསུངས་སོ།། འདི་ལྟ་སྟེ་དཔེར་ན་སྨན
་ཟུག་རྔུ་འབྱིན་པ་ནི་ལ་ལ་ཞིག་གིས་འབྲས་ཤིན་ཏུ་ཡོངས་སུ་སྨིན་པར་རིག་ནས་དང་པོར་མཚོན་རྣོན་པོས་དེ་བརྟོལ་བར་བྱེད་དོ།། ཇི་ཙམ་དུ་དེ་བརྟོལ་བ་དེ་ཙམ་དུ་དེའི་རྣག་འཛག་པར་འགྱུར་གྱི་རྣག་མ་ལུས་པར་འཛག་པ་ནི་མི་འགྱུར་རོ།། ཇི་ཙམ
་དུ་དྲལ་ཅིང་ཤིན་ཏུ་བཙར་བར་བྱ་སྟེ་ཡང་དང་ཡང་དུ་བཙིར་ན། རྣག་འཁྱིམས་པ་གང་ཡིན་པ་གཟགས་པ་ནི་འགྱུར་མོད་ཀྱི་འོན་ཀྱང་དེའི་རྨའི་སྒོ་དེ་དག་ཅིང་སོས་པ་ནི་མ་ཡིན་ཏེ། དེའི་རྨའི་སྒོ་དེ་གསོ་བའི་ཕྱིར་ཕྱེ་མར་གྱི་ཆང་བུ་འམ། ར་ད
་སྤུཡ་བག་ཅན་གྱིས་གློན་པར་བྱེད་དོ།། དེ་ལྟར་ཕྱེ་མར་གྱི་ཆང་བུ་འམ་རྨ་གློན་པར་ད་སྣུམ་བག་ཅན་གྱིས་གློན་པའི་རྨ་དེ་ནི་རིམ་གྱིས་འཚོ་བར་འགྱུར་ཏེ་དེ་ནི་འདི་ལྟ་སྟེ། དོན་རྣམ་པར་རིག་པར་བྱ་བའི་ཕྱིར་དཔེར་བྱས་པ་ཡིན་ནོ།། དེ་ལ
་དོན་ན་འདི་ཡིན་པར་བལྟ་བར་བྱ་སྟེ། འབྲས་སྨིན་པ་ཇི་ལྟ་བ་དེ་བཞིན་དུ་ནི་མཐོང་བས་སྤང་བར་བྱ་བའི་ཟག་པ་རྣམས་ཀྱི་ཟག་པའི་གནས་ལྟ་བུའི་དངོས་པོ་རྣམས་བལྟ་བར་བྱའོ།། མཚོན་གྱིས
་བརྟོལ་བ་ཇི་ལྟ་བ་དེ་བཞིན་དུ་ནི་ལྷག་མཐོང་གི་ཕྱོགས་སུ་གཏོགས་པའི་མཐོང་བའི་ལམ་བལྟ་བར་བྱའོ།། བཙིར་བ་ཇི་ལྟ་བ་དེ་བཞིན་དུ་ཞི་གནས་ཀྱི་ཕྱོགས་སུ་གཏོགས་པའི་མཐོང་བའི་ལམ་ལྟ་བར་བྱའོ།། རྣག་ཇི་ལྟ་བ་དེ་བཞིན་དུ་ནི
་མཐོང་བས་སྤང་བར་བྱ་བའི་བག་ལ་ཉལ་དུ་གཏོགས་པའི་ཟག་པ་བལྟ་བར་བྱའོ།། རྨ་མ་དག་མ་སོ་སོ་པ་ཇི་ལྟ་བ་དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བའི་ཟག་པ་བཞི་དང་བཅས་པ་བལྟ་བར་བྱའོ།། ཕྱེ་མོར་གྱི་ཆང་བུ་འམ་རྨ་གློན་པའི་རང་སྣུམ
་བག་ཅན་ཇི་ལྟ་བ་དེ་བཞིན་དུ་ནི་བསྒོམ་པའི་ལམ་བལྟ་བར་བྱའོ།། དེ་ལ་སོ་སོའི་སྐྱེ་བོ་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་གང་ཡིན་པོ་དེ་ནི་བསྒོམ་པའི་ལམ་ཁོ་ནས་བྱེད་ཀྱི་དེ་ལ་མཐོང
་བའི་ལམ་ནི་མེད་དོ།། འདོད་པ་རྣམས་ལྔས་འདོད་ཆགས་དང་བྲལ་བ་དེའི་འདོད་པའི་འདོད་ཆགས་དང་གནོད་སེམས་དད་དེ་དང་མཐུན་པའི་ཆོས་དང་འབྲེལ་བའི་ང་རྒྱལ་དང་དེ་དང་མཚུངས་པར་ལྡན་པའི་མ་རིག་པ་ནི་ཀུན་ཏུ་མི
་འབྱུང་བའི་ཚུལ་གྱིས་སྤང་བ་ཡིན་གྱི། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དག་ནི་དེ་ལྟ་མ་ཡིན་ནོ།། དེ་དག་ཀྱང་འདི་ན་གནས་པ་ལུས་འདི་ལ་གནས་པ་ལངས་པ་དེ་ལ་ནི་ལན་འགའ་ཀུན་ཏུ་འབྱུང་བར་འགྱུར་གྱི
་གོང་མར་སྐྱེས་པ་ལ་ནི་མི་འབྱུང་ངོ་།། དེ་བཞིན་དུ་སོ་སོའི་སྐྱེ་བོ་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལ་ཁོང་ཁྲོ་བ་མ་གཏོགས་པ། དེ་ལས་གཞན་པའི་ཉོན་མོངས་པ་རྣམས་ཅི་རིགས་པར་བལྟ་བར་བྱའོ།། སྙོམས་པར་ཞུགས་པ་དང
་ལངས་པ་དང་སྐྱེས་པ་རྣམས་ཀྱི་རང་གི་ས་པའི་མཐོང་བས་སྤང་བར་བྱ་བའི་ཟག་པ་ནི་རྐྱེན་དང་ཕྲད་ན་རྟག་པ་ཁོ་ནར་ཀུན་ཏུ་འབྱུང་ངོ་།། དེ་ལ་གནས་ངན་ལེན་ན་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཟག་པའི་གནས་ངན་ལེན་དང་ཟག་པ་དང་བཅས
་པའི་གནས་ངན་ལེན་ཏོ།། དེ་ལ་དགྲ་བཅོམ་པ་ལ་ནི་ཟག་པའི་གནས་ངན་ལེན་གང་ཡིན་པ་དེ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་བྲལ་བ་མ་ཡིནོ།། དེའང་བག་ལ་ཉལ་དང་བཅས་པའི
་ལུས་རྣམ་པར་ཤེས་པ་དང་བཅས་པ་ལ་ལས་སུ་མི་རུང་བའི་ཚུལ་གྱིས་ངན་པར་རྣམ་པར་གནས་པ་ཉིད་གང་ཡིན་པའོ།། ཟག་པ་དང་བཅས་པའི་གནས་ངན་ལེན་ནི་བག་ལ་ཉལ་སྤངས་ཀྱང་སྔོན་ཟག་པས་བསྐྱེད་ཅིང་ཟག་པས་ཡོངས་སུ
་བསྒོས་པ་སྟེ། དེ་དང་འདྲ་བའི་ལས་སུ་མི་རུང་བའི་ཚུལ་གྱིས་དྲན་པར་གནས་པ་དང་ངན་པར་ཞུགས་པ། ཆེས་སྲབ་པ་དང་ཆེས་ཆུང་བ་གང་ཡིན་པའོ།། ཟག་པ་དང་བཅས་པའི་གནས་ངན་ལེན་དེ་ནི་ཉོན་མོངས་པའི་བག་ཆགས
་ཞེས་བྱ་སྟེ། དེ་ཡང་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱིས་ནི་མ་སྤངས་ཀྱི། དེ་བཞིན་གཤེགས་པ་ཉག་གཅིག་གིས་སྤངས་པ་ཡིན་ཏེ། དེའི་བག་ཆགས་ཡང་དག་པར་བཅོམ་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ
་ཞེས་བྱའོ།། དེ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་རྣམ་པ་ལྔ་ཞེས་བྱའོ།། ། བམ་པོ་བཅུ་གསུམ་པ།། བཅོམ་ལྡན་འདས་ཀྱིས
་ཀུན་རྟོག་འདོད་ཆགས་སྐྱེས་བུའི་འདོད་པ་ཡིན་ཞེས་གང་གསུངས་པ་དེ་ལ་ཅིའི་ཕྱིར་ཉོན་མོངས་པའི་འདོད་པ་འབའ་ཞིག་འདོད་པའི་སྒྲར་བསྙེན་ལོ། དངོས་པོའི་འདོད་པ་ནི་མ་ཡིན་ཞེ་ན། སྨྲས་པ། ཉོན་མོངས་པའི་འདོད་པ་རྣམས་ནི་ངོ་བོ་ཉིད
་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ།། གཞན་ཡང་ཉོན་མོངས་པའི་འདོད་པ་རྣམས་ཁོ་ནས་དངོས་པོའི་འདོད་པ་བྱེད་དེ་ཕྱིར་རོ།། གཞན་ཡང་དངོས་པོའི་འདོད་པས་ཀུན་ནས་བསླང་བ་ཀུན་ནས་ཉོན་མོངས་པའི་ཉེས་པ་ནི་ཉོན
་མོངས་པའི་འདོད་པས་བྱས་པའི་ཕྱིར་ཏེ་འདི་ལྟ་སྟེ་དཔེར་ན། གང་ལ་ལ་ཞིག་གིས་ཀུན་ཏུ་རྟོག་པའི་འདོད་ཆགས་ཡོངས་སུ་མ་ཤེས་པས་མ་སྤངས་པར་གྱུར་ན་དེ་དང་པོ་ཁོ་ནར་འདོད་པའི་སྲེད་པས་ཡོངས་སུ་བསྲེག་པར་བྱེད་པ་དང་འདོད
་པའི་སྲེད་པས་ཡོངས་སུ་བསྲེག་པར་འདོད་པ་ཡོངས་སུ་ཚོལ་བར་བྱེད་པ་དང་འདོད་པ་ཡོངས་སུ་ཚོལ་བར་བྱེད་པས་ལུས་དང་སེམས་ཡོངས་སུ་ངལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང་། བཙལ་བ་མ་གྲུབ་ན་ནི་སྐྱེ་མ་བདག་གི
་བཙལ་བ་ནི་འབྲས་བུ་མེད་དོ་ཞེས་ངལ་བ་དང་འབྲས་བུ་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དོང་།། གྲུབ་ནའང་ཀུན་ཏུ་བསྲུང་བའི་གཞིའི་ཕྱིར་ཤིན་ཏུ་རྩོལ་བར་བྱེད་པ་ན་ཀུན་ཏུ་བསྲུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར
་བ་དང་། ཡོངས་སུ་ལོངས་སྤྱོད་པའི་དུས་ནའང་འདོད་ཆགས་ཀྱི་མེས་ཡོངས་སུ་བསྲེག་ཅིང་ནང་ཉེ་བར་མ་ཞི་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང་། རྒུང་པར་གྱུར་པ་ན་ཡང་མྱ་ངན་གྱི་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་བ
་དང་། རྗེས་སུ་དྲན་པ་ན་ཡང་རྣམ་པར་རྟོག་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང་། དེ་ལྟར་རྒྱུ་དེས་ན་ལུས་དང་ངག་དང་ཡིད་ཀྱི་ཉེསྨྲ་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་ལྟ་བུ་དང་། འདོད་པ་རྣམས་ཡོངས་སུ་སྤངས་ཏེ་རབ
་ཏུ་བྱུ་བ་ནི་འདོད་པ་རྣམས་ཡོངས་སུ་སྦྱངས་ནས་ཀྱང་ཉོན་མོངས་པའི་འདོད་པའི་གཞི་རྣམས་ཡང་ལེན་པར་བྱེད་དེ། ཉོན་མོངས་པའི་འདོད་པའི་གཞི་ཁོ་ནས་འདོད་པའི་ཁམས་སུ་སྐྱེ་བ་དང་། རྒ་བ་དང་། ནུ་བ་དང་། འཆི་བ་ལ་སོགས
་པ་དང་། ངན་སོང་བའི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་དོ།། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་ཀུན་ནས་ཉོན་མོངས་པའི་ཉེས་པ་ཡིན་ཏེ་དེའི་རྒྱུར་གྱུར་པ་ནི་ཉོན་མོངས་པའི་འདོད་པ་ཡིན་པས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས
་ཉོན་མོངས་པའི་འདོད་པ་ཁོ་ན་འདོད་པའི་སྒྲས་ཡོངས་སུ་བསྟོན་གྱི་དངོས་པོའི་འདོད་པ་ནི་མ་ཡིན་ནོ།། འདོད་པའི་འདོད་ཆགས་སྐྱེད་པར་བྱེད་པའི་ཀུན་ཏུ་རྟོག་པ་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། རྣམ་པ་བརྒྱད་ཡོད་དེ་འདི་ལྟ་སྟེ། ཟློག
་པབར་བྱེད་པ་དང་། སད་པར་བྱེད་པ་དང་། ཀུན་ཏུ་སྦྱོར་བར་བྱེད་པ་དང་། མཚན་མར་འཛིན་པར་བྱེད་པ་དང་། ཆགས་པར་བྱེད་པ་དང་། རྣམ་པར་འདོད་པར་བྱེད་པ་དང་། ངེས་པར་གནོད་པར་བྱེད་པ་དང་། མཆོག་ཏུ་ཆགས་པར་བྱེད་པ་སྟེ།
་ཚངས་པས་ཞུས་པའི་མདོ་ལས། ཟློག་པར་བྱེད་དང་སང་བྱེད་དང་།། དེ་བཞིན་ཀུན་ཏུ་སྦྱོར་བྱེད་དང་།། མཚན་མར་འཛིན་བྱེད་ཆགས་བྱེད་དང་།། རྣམ་པར་འདོད་བྱེད་ངེས་གནོད་བྱེད།། དེ་བཞིན
་མཆོག་ཏུ་ཆགས་བྱེད་ནི།། འདོད་པའི་འདོད་ཆགས་སྐྱེད་བྱེད་པའི།། ཀུན་ཏུ་རྟོག་པ་ཞེས་བྱ་སྟེ།། མཁས་པས་དེ་དག་ཡོངས་སུ་སྤོང་།། ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། དེ་ལ་ཟློག་པར་བྱེད་པ་ནི་དགེ་བ་ལ་བརྩོན་པའི་སེམས་ཀྱི་རྒྱུད་བཟློག
་ནས་འདོད་པ་རྣམས་ལ་རྩོལ་བ་བསྐྱེད་པར་བྱེད་པ་གང་ཡིན་པའོ།། དེ་ལ་སད་པར་བྱེད་པ་ནི་ཡུལ་ཉེ་བར་མ་གྱུར་ཅིང་མངོན་དུ་མ་གྱུར་པ་ལ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་བཀྲིས་པས་ཀུན་ཏུ་འཆིང་བར་བྱེད་པ་གང་ཡིན་པའོ།།
་དེ་ལ་ཀུན་ཏུ་སྦྱོར་བར་བྱེད་པ་ནི་གང་གིས་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་བཀྲིས་པ་འདོད་པ་ཡོངས་སུ་ཚོལ་བར་བྱེད་པའོ།། དེ་ལ་མཚན་མར་འཛིན་པར་བྱེད་པ་ནི་གང་གིས་ཡུལ་ཉེ་བར་གྱུར་ཅིང་མངོན་དུ་གྱུར་པ་ལ་མཚན་མར
་འཛིན་པ་དང་། མངོན་བརྟགས་སུ་འཛིན་པར་བྱེད་པའོ།། དེ་ལ་ཆགས་པར་བྱེད་པ་ནི་ཡུལ་ཉེ་ར་གྱུར་ཅིང་མངོན་དུ་གྱུར་པ་ལ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་བཀྲིས་པས་ཀུན་ཏུ་འཆིང་བར་བྱེད་པ་གང་ཡིན་པའོ།། དེ་ལ་རྣམ
་པར་འདོད་པར་བྱེད་པ་ནི་གང་གིས་དེ་ལྟར་འདོད་ཆགས་ཀྱིས་ཀུན་ནས་བཀྲིས་པ། འདོད་པའི་ལོངས་སྤོང་རྣམ་པ་དུ་མ་མངོན་པར་འདོད་པར་བྱེད་པའོ།། དེ་ལ་ངེས་པར་གནོད་པར་བྱེད་པ་ནི་གང་གིས་འདོད་པ་རྣམས་ཡང་དང་།
་ཡང་དུ་མངོན་པར་འགྲུབ་པ་ན་གཅིག་ཏུ་ངེས་པར་ཡོན་ཏན་དུ་ལྟ་ཞིང་ཉེས་དམིགས་སུ་མི་ལྟ་བར་ཡོངས་སུ་ལོངས་སྤྱོད་པའོ།། དེ་ལ་མཆོག་ཏུ་ཆགས་པར་བྱེད་པ་ནི་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་བཀྲིས་པ། མཐར་ཐུག
་པ་དང་མཐར་ཕྱིན་པས་ཀུན་ནས་འཆིང་བར་བྱེད་པ་གང་ཡིན་པའོ།། ཅིའི་ཕྱིར་འདོད་པ་ན་སྤྱོད་པ་པའི་ཉོན་མོངས་པ་ཐམས་ཅད་ལས་འདོད་ཆགས་ཁོ་ན་འདོད་པའི་མཚན་ཉིད་དུ་ཡོངས་སུ་བསྟན་ཅེ་ན། སྨྲས་པ། རྒྱུ་གང་ཁོ་ནས་སྲེད
་པ་ཀུན་འབྱུང་བའི་བདེན་པའི་མཚན་ཉིད་དུ་ཡོངས་སུ་བསྟན་པའི་རྒྱུ་དེ་ཉིད་ཀྱིས་འདིའང་བལྟ་བར་བྱའོ།། དེ་ཅིའི་ཕྱིར་ཀུན་ཏུ་རྟོག་པ་དང་བཅས་པའི་འདོད་ཆགས་འདོད་པའི་མཚན་ཉིད་དུ་ཡོངས་སུ་བསྟན་ཅེ་ན། སྨྲས་པ། འདོད་ཆགས
་སྔོན་དུ་གྱུར་པ་དང་འདོད་ཆགས་ཀུན་ནས་སློང་བའི་རྒྱུ་གང་ཡིན་པ་དང་། དངོས་པོའི་འདོད་པ་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་ནས་ཀུན་ཏུ་རྟོག་པ་འདོད་ཆགས་ཤེས་ཡོངས་སུ་བསྟན་ཏོ།། གཞན་ཡང
་རབ་ཏུ་བྱུང་བ་འདོད་པ་སྤང་བ་འདོད་པའི་ཀུན་ཏུ་རྟོག་པ་ལ་ཀུན་ཏུ་རྟོག་པ་དེ་དག་ཁ་ཅིག་གི་ཀུན་ཏུ་རྟོག་པའང་འདོད་པའི་མཚན་ཉིད་དུ་ཡོངས་སུ་བསྟན་ཏོ།། ཅིའི་ཕྱིར་སྲེད་པ་ཀུན་འབྱུང་བའི་བདེན་པའི་མཚན་ཉིད་ཡོངསསུ་བསྟན་ཅེན། སྨྲས་པ།
་རྒྱུ་གཉིས་ཀྱི་ཕྱིར་ཏེ། སྲེད་པ་ནི་སྨོན་པ་དང་མི་སྨོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དང་། ཁྱབ་པར་འཇུག་པ་ཉིད་ཀྱི་ཕྱིར་དང་ཏེ་འདི་ལྟར་ལུས་དང་ལོངས་སྤྱོད་དག་ལ་སྨོན་པ་ལ་མངོན་དུ་ཕྱོགས་པའི་སྲེད་པ་ནི་ཉེ་བར་བླང་བ་དང་ཡོངས
་སུ་ལོངས་སྤྱོད་པའི་ཕྱིར་སྨོན་པར་ཡང་བྱེད་དོ།། མི་སྨོན་པར་བྱེད་པ་ཡང་ཡིན་ཏེ། དེའི་གཉེན་པོ་དགེ་བ་ལ་མི་སྨྱོན་པ་ལ་མངོན་དུ་ཕྱོགས་པ་ནི་དེ་ཉེ་བུར་སླང་བ་དང་སྦྱོར་བའི་ཕྱིར་མི་སྨོན་པར་བྱེད་དེ་དེ
་ལྟར་སྨོན་པ་དང་མི་སྨོན་པ་ལས་འཁོར་བར་འཁོར་བ་རྒྱུན་མི་འཆད་པར་འགྱུར་རོ།། དེའི་ཁྱབ་པར་འཇུག་པ་ཉིད་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ་གནས་སྐབས་ལ་ཁྱབ་པ་ནི་ཚོར་བ་ཐམས་ཅད་སྒོ་ལྔས་འཇུག་པ་ཉིད་ཀྱི་ཕྱིར་ཏེ།།
་འདི་ལྟ་སྟེ། ཕྲད་པར་མངོན་པར་དགའ་བ་དང་། མི་འབྲལ་བར་མངོན་པར་དགའ་བ་དང་། མི་ཕྲད་པར་མངོན་པར་དགའ་བ་དང་། འབྲལ་བར་མངོན་པར་དགའ་བ་དང་། རྟག་ཏུ་འབྲལ་བའི་ལུས་ཀུན་གཞི་ལ་ཆགས་པས་སོ།། དུས་ལ་ཁྱབ
་པ་ནི་འདི་ལྟ་སྟེ། འདས་པ་ལ་དམིགས་པ་དང་མ་འོངས་པ་ལ་དམིགས་པ་དང་ད་ལྟར་བྱུང་བ་ལ་དམིགས་པའོ།། ཡུལ་ལ་ཁྱབ་པ་ནི་འདི་ལྟ་སྟེ། ཚེ་འདི་པ་དང་། ཚེ་ཕྱི་མ་པའི་ལུས་ལ་དམིགས་པ་ཡུལ་ཐོབ་པ་དང་། མ་ཐོབ་པ་ལ་དམིགས
་པའོ།། ཅིའི་ཕྱིར་འདོད་ཆགས་དང་བྲལ་བ་དང་ཞེ་སྡང་དང་བྲལ་བ་དང་གཏི་མུག་དང་བྲལ་བས་སེམས་འདོད་ཆཊ་དང་བྲལ་བར་བྱའོ་ཞེས་གསུངས་ལ། ཉོན་མོངས་པའི་གཞི་འདི་ལྟ་སྟེ། གཟུགས་དང་། ཚོར་བ་ལ་སོགས་པ་དག་ལས
་མ་ཡིན་ཞེ་ན། སྨྲས་པ། དེ་དག་ལས་འདོད་ཆགས་དང་བྲལ་ན་དེ་དག་ལས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་རོ།། གཞན་ཡང་ཉོན་མོངས་པ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་བཅས་པའི་བདག་ཉིད་ཡིན་པས་དེའི
་ཕྱིར་ཉེས་པ་མད་པའི་ཕྱིར་ཏེ་འདི་ལྟར་གཞི་ལས་ཉེས་པ་གང་ལ་ལ་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ནི་ཉོན་མོངས་པ་ལས་གྱུར་པ་ཡིན་པར་བལྟ་བར་བྱ་སྟེ། ཉེས་བྱ་དེ་དག་ནི་འདི་ལྟ་སྟེ། ཕུང་པོ་ལ་མཁས་པའི་སྐབས་སུ་མི་དག
་བའི་ཉེས་དམིགས་ཡོངས་སུ་བརྟག་པ་སྔར་བསྟན་པ་བཞིན་དུ་བལྟ་བར་བྱའོ།། གཞན་ཡང་བཟློག་པར་ནུས་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་ཉོན་མོངས་པ་ནི་གཞི་ལས་བཟློག་པར་ནུས་ཀྱི་གཞི་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མྱི་ནུས་པ་ཁ
་ན་ཡིན་ནོ།། གཞན་ཡང་འཇིག་རྟེན་པའི་ལམ་གྱིས་མི་སྡུག་པ་ལ་སོགས་པ་བསྒོམས་པས་དངོས་པོ་སུན་ཕྱུང་སྟེ། འདོད་ཆགས་དང་བྲལ་བའི་ས་ལ་འཇུག་ཏུ་ཟིན་ཀྱང་འདི་ལྟར་དེ་ཉོན་མོངས་པ་ལས་སེམས་རྣམ་པར་མ་གྲོལ་བའི་ཕྱིར
་འདོད་ཆགས་དང་བྲལ་བའི་ས་པའི་ཉོན་མོངས་པ་དང་རྣཾས་སུ་འབྲེལ་པ་ཡིན་པས་དེའི་ཕྱིར་རྣམ་གྲངས་ངོས་ཀྱང་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡིན་གྱི་གཞིའི་འདོད་ཆགས་དང་བྲལ་བས་ནི་མ་ཡིན།
་ནོ།། སྐབས་འདིའི་རྣམ་པར་གཏན་ལ་དབྱུབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། ཙྭིའི་ཕྱིར་མདོ་སྡེ་དག་ལས་ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པར་ཞེན་པ་དང་། བག་ལ་ཉལ་རྣམས་དེ་ལས
་གཞན་པའི་ཉོན་མོངས་པ་དག་ལས་ལོགས་ཤིག་ཏུ་བཀར་ཏེ་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་ཡོངས་སུ་བསྟན་ཅེ་ན། སྨྲས་པ། རྒྱུ་གསུམ་གྱིས་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་གཉིས་ནི་ལོག་པར་བསྒྲུབ་པ་ལ་མངོན་པར་ཕྱོགས
་པ་ཉིད་ཡིན་པའི་ཕྱིར་ཏེ། འདི་ལྟར་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ཏེ་དེའི་རྩ་བ་ལས་བྱུང་བའི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀུན་ཏུ་དམིགས་ན་ཐར་པ་འདོད་ཀྱང་ཐར་པ་ལེག་པར་བསྒྲུབ་པར་འགྱུར་བའི་ཕྱིར་རོ།། ངའོ།
་སྙམ་པའི་ང་རྒྱལ་དང་མངོན་པར་ཞེན་པ་གཉིས་ནི་ཡང་དག་པར་སྒྲུབ་པ་ལ་མི་ཕྱོགས་པ་ཉིད་ཡིན་པའི་ཕྱིར་ཏེ། འདི་ལྟར་ངའོ་སྙམ་པའི་ང་རྒྱལ་མངོན་པར་ཞེན་པ་གཉིས་ལ་བརྟེན་ནས། ཆོས་འདུལ་བ་འདི་ལ་དགེ་བའི་བཤེས་གཉེན་དུ་གྱུར་པ
་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱི་དྲུང་དུ་མི་འགྲོ་ཞིང་དགེ་བ་གང་ཡིན་མི་དགེ་བ་གང་ཡིན་ཞེས་ཡོངས་སུ་ཞུ་བར་མི་བྱེད་ཡོངས་སུ་འདྲི་བར་མི་བྱེད་ལ། དེ་དག་འོངས་ཏེ་དྲིས་ནའང་བདག་ཉིད་ཇི་ལྟ་བ་བཞིན་དུ་སྨྲ་བར
་མི་བྱེད་པའི་ཕྱིར་རོ།། བག་ལ་ཉལ་གཅིག་པུ་ནི་ཁྱད་པརོ་ཐོབ་པ་ལས་ལྟུང་བ་ཉིད་ཡིན་པའི་ཕྱིར་ཏེ། འདི་ལྟར་སྲིད་པའི་རྩེ་མོའི་བར་དུ་ཐོབ་ཀྱང་ས་འོག་མ་པོ་བག་ལ་ཉལ་དང་ལྡན་ཡང་ཕྱིར་ལྟུང་ཞིང་ཕྱིར་ལྡོག་པའི་ཕྱིར་རོ།། རྣམ་གྲངས་གཞན་ཡང་ཤེས
་བྱ་རབ་ཏུ་རྟོག་པར་བྱ་བ་དང་སྤོང་བ་མངོན་དུ་བྱ་བ་ལ་གྲགསུ་གྱུར་པའི་ཆོས་ནི་གཉིས་ཏེ། ལོག་བར་བསྒྲུབ་པའི་རྒྱུ་དང་སྡུག་བསྔལ་སྐྱེ་བའི་རྒྱུའོ།། དེ་ལོག་པར་བསྒྲུབ་པའི་རྒྱུ་ནི་ལྟེ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དག་ཏེ། དེ་དག་མངོན་པར་ཞེན་ན་སེམས
་ན་རྣམས་ལ། ལུས་དང་ངག་དང་ཡིད་ཀྱིས་ལོག་པར་སྒྲུབ་པར་འགྱུར་བའི་ཕྱིར་རོ།། སྡུག་བསྔལ་སྐྱེ་བའི་རྒྱུ་ནི་བག་ལ་ཉལ་མི་སྤངས་པའོ།། ཆོས་དེ་གཉིས་ཀྱི་རྒྱུ་ཡང་རྣམ་པ་གཉིས་ཏེ། ལོག་པར་བསྒྲུབ་པའི་ཆོས་ཀྱི་རྒྱུའི་རྒྱུ་ནི་ངེར་འཛིན་པ་དང་།
་ང་ཡིར་འཛིན་པའི་རྣམ་པ་འཇིག་ཚོགས་ལ་ལྟ་བའོ།། སྡུག་བསྔལ་སྐྱེ་བའི་རྒྱུའི་རྒྱུ་ནི་ངའོ་སྙམ་པའི་ང་རྒྱལ་གྱིས་དང་པོ་དང་ཐ་མ་གཉིས་སུ་མི་བསྒྲུབ་པ་སྟེ། དེ་ལ་དང་པོར་ནི་མི་ཉན་པ་དང་ཡང་དག་པར་མི་བསྒྲུབ་པའི་ཕྱིར་རོ།། ཐ་མར་ནི
་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ།། རྣམ་གྲངས་གཞན་ཡང་ལེགས་པོར་གསུངས་པའི་ཆོས་འདུལ་བ་ལ། མཆོག་དང་། གཙོ་བོ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། འདི་ལས་ཕྱི་རོལ་པ་རྣམས་དང་། ཐུན་མོང་མ་ཡིན་པའི་ཆོས
་བཞི་ཡོད་དེ། བཞི་གང་ཞེ་ན། བདེན་པ་རབ་ཏུ་རྣམ་པར་འབྱེད་པ་དང་། རང་གི་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ཡང་དག་པར་དགའ་བར་བྱེད་པའི་ཆོས་རྣམས་དང་། ཕས་ཀྱི་རྒོལ་བ་དག་ལ་ཞེ་སྡང་མེད་པ་དང་། དག་པ་རྣམས་ལས་ཕྱིར་མི
་ལྡོག་པའོ།། ཉེས་པར་བཤད་པའི་ཆོས་འདུལ་བ་ལ་ནི་དེ་དག་དང་མི་མཐུན་པའི་ཆོས་བཞི་ཡོད་དེ། ངར་འཛིན་པ་དང་ངའིར་འཛིན་པའི་རྣམ་པ་འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང
་མཆོག་ཏུ་འཛིན་པ་དང་བག་ལ་ཉ་ལྔ་བཅས་བྱ་སྟེ། དེས་ན་སྲིད་པའི་རྩེ་མོར་སྐྱེས་ཀྱང་ཡང་ཕྱིར་ལྡོག་པར་འགྱུར་རོ།། གཞན་ཡང་མངོན་པར་ཞེན་པ་ནི་གཉིས་ཡོད་དེ། དབང་པོ་དང་ཡུལ་ལ་མངོན་པར་ཞེན་པ་དང་། སེམས་ཅན་གཅིག།
་ལ་གཅིག་མངོན་པར་ཞེན་པའོ།། དེ་ལ་དབང་པོ་དང་ཡུལ་ལ་མངོན་པར་ཞེན་པོ་ནི་ངར་འཛིན་པོ་དང་དེའིར་འཛིན་པ་གཉིས་ཀྱིས་བལྟར་བྱའོ།། སེམས་ཅན་གཅིག་ལ་གཅིག་མངོན་པར་ཞེན་པ་ནི་ངའོ་སྙམ་པའི་ང་རྒྱལ་གྱིས་བལྟ་བར་བྱ་སྟེ།
་བདག་ནི་ཆེའོ་སྙམ་པ་ལ་སོགས་པའི་རྣམ་པ་དག་གིས་སོ།། སྲེད་པ་སྡུག་བསྔལ་གྱི་རྒྱུ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདུན་པ་པང་སྡུག་བསྔལ་གྱི་རྒྱུ་ཉིད་དུ་ཡོད་ས་བུ་པསྟན་ཅེ་ན། སྨྲཔ།
་འདིའི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་ཏེ། འདི་ལྟར་སེམས་ཅན་གང་དག་ལ་འདུན་པ་འམ་འདོད་ཆགས་སམ་བྱམས་པར་གྱུར་པ་དེ་དག་རྣམ་པར་གྱུར་ཏམ་གཞན་དུ་གྱུར་པ་ལས་མྱ་ངན་ལ་སོགས་པ་སྐྱེ་བའི་ཕྱིར་རོ།། ཅིའི
་ཕྱིར་སྒྲིབ་པ་ལྔ་པོ་དག་རུས་སྤྲུལ་གྱི་སྐུར་གསུངས་ཤེས་ནི། སྨྲས་པ། རྣལ་འབྱོར་ཡིད་ལ་བྱེད་པ་སྒོམ་པའི་མི་མཐུན་པོའི་ངོགས་ཀྱི་སྐུ་ཡན་ལག་ལྔ་ཡོད་པར་ཆོས་མཐུན་པའི་ཕྱིར་རོ།། ཅིའི་ཕྱིར་ཁྲོ་བ་སྡིག་པའི་སྒོར་གསུངས་ཤེ་ན།། སྒྲས
་པོ། བཀའ་བློ་མི་བདེ་བ་དང་ཚིག་མི་བཟོད་པ་ཉིད་ཀྱི་དབང་དུ་བྱས་ནས་གུདམས་དྲུག་དང་རྗེས་སུ་བསྟན་པ་ཐོབ་པའི་མི་མཐུན་པའི་ཕྱོགས་ཀྱི་དེ་དང་རང་བཞིན་འདྲ་བར་ཉིད་ཀྱི་ཕྱིར་རོ།། ཅིའི་ཕྱིར་ཕྲག་དོག་དང་སེར་སྣ་དགུའི་སྒྲར་གསུངས་ཤེ་ན།
་པ། ཡང་དག་པར་དགའ་བར་འགྱུར་བའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་རྙེད་པ་དང་བཀུར་སྟི་འདོད་པའི་གནས་ལ་ཀུན་ཏུ་སྤྱོད་པ་ཉིད་ཀྱི་ཕྱིར་རོ།། ཅིའི་ཕྱིར་འདོད་པ་རྣམས་བཙོང་ཤའི་སྒྲར་གསུངས་ཤེ་ན། སྨྲས་པ། དགེ་བའི་ཆོས
་རྣམས་རྟག་ཏུ་བསྒོམ་པའི་མི་མཐུན་པའི་ཕྱོགས་ཀྱི་བདག་པོ་དང་འབྲེལ་བར་ཡོངས་སུ་གྲུབ་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཅིའི་ཕྱིར་མ་རིག་པ་སྤྲེའུ་མཇུག་རིངས་ཀྱིས་སྒྲར་གསུངས་ཤེ་ན། སྨྲས་པ། ཐོས་པ་ལས་བྱུང་བའི་ཤེས་པ
་མཱི་མཐུན་པའི་ཕྱོགས་ཀྱིས་དེ་དང་རང་བཞིན་འདྲ་བ་ཉིད་ཀྱི་ཕྱིར་རོ།། ཅིའི་ཕྱིར་སོམ་ཉི་ལམ་ཁ་བྲག་གི་སྒྲར་གསུངསྣ་ཤེ་ན། སྨྲས་པ། བསམས་པ་ལས་བྱུང་བའི་ཤེས་པའི་མི་མཐུན་པའི་ཕྱོགས་ཀྱིས་དེ་དང་རང་བཞིན་འདྲ་བ་ཉིད་ཀྱི
་ཕྱིར་རོ།། ཅིའི་ཕྱིར་ངའོ་སྙམ་པའི་ང་རྒྱལ་ཁོར་ཡུག་གི་སྒྲར་གསུངས་ཤེ་ནོ།། སྨྲས་པ། བསྒོམས་པ་ལས་བྱུང་བའི་ཤེས་པའི་མི་མཐུན་པའི་ཕྱོགས་ཀྱིས་དེ་དང་རང་བཞིན་འདྲ་བ་ཉིད་ཀྱི་ཕྱིར་རོ།། ཅིའི་ཕྱིར་དེ་ལས་གཞན་པའི་ཉོན
་མོངས་པ་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་དྲུག་ཀྱང་ཡོད་བཞིན་དུ་ཆགས་པ་དང་ཞེ་སྡང་དང་། གཏི་མུག་ཁོ་ན་ལོགས་ཤིག་ཏུ་བཀར་ཏེ་མཽ་དགེ་པའི་རྩ་བ་ཉིད་དུ་རྣམ་པར་གཞག་ཅེ་ན། སྨྲས་པ། མདོར་བསྡུ་ན། ལས་ཀྱི་རྒྱུ
་རྣམ་པ་གསུམ་ཡོང་པོའི་ཕྱིར་ཏེ། ཟང་ཟིང་གི་རྒྱུའི་ཕྱིར་དང་། གཞན་ལ་གནོད་པ་བྱེད་པའི་རྒྱུའི་ཕྱིར་དང་། ལོག་པའི་ཆོས་རྣམ་པར་གཞག་པ་ལ་མངོན་པར་ཞེན་པའི་རྒྱུ་ཡིན་པའི་ཕྱིར་ཏེ། རྒྱུ་དེ་དག་ལ་ཆགས་པ་ལ་སོགས་པ་དེ་དག
་གིས་ཞེན་པ་ཅི་རིག་པར་སྦྱར་རོ།། བར་སྡོམ་ནི། འདོད་དང་སྲེད་དང་འདོད་ཆགས་བྲལ། ངར་འཛིན་ལ་སོགས་དེ་བཞིན་ཏེ།། འདུན་དང་རུ་སྦལ་ལ་སོགས་དང་།། དེ་བཞིན་ཆགས་སོགས་གཞན་ཡིན་ནོ།། འདོད་ཆགས་ལ་སོགས་པ་ཉོན
་མོངས་པ་བཅུ་པོ་གང་དག་ཡིན་པ་དེ་དག་ལས་དུ་ནི་ལས་ཀུན་ནས་སློང་བར་བྱེད་པ་ཡིན་དུ་ནི་མ་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ཀྱང་ལས་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ། ངན་འགྲོར་འགྲོ་བར་འགྱུར་བའི་ལས་ནི་ཟིལ་གྱིས
་གནོན་པ་ཀུན་ཏུ་སྤྱོད་པའི་ཉོན་མོངས་པས་ཀུན་ནས་སློང་བར་བྱེད་དེ། བརྗེད་དྲས་པ་ཀུན་ཏུ་སྤྱོད་པས་ཀྱང་མ་ཡིན་ཀུན་བརྟགས་པ་དང་། རང་བཞིན་པས་ཀྱང་མ་ཡིན་ནོ།། ཉོན་མོངས་པ་མཚན་ཉིད་དུས
་བརྗོད་པར་བྱ་ཞེ་ན། སྨྲས་པ། མདོར་བསྡུ་ན་མཚན་ཉིད་གསུམ་གྱིས་ཏེ། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དོང་། བྱེ་བྲག་གི་མཚན་ཉིད་ཀྱིས་སོ།། དེ་ལ་རང་གི་མཚན་ཉིད་ནི་འདོད་ཆགས་ལ་སོགས་པའི་སོ་སོའི་ངོ་བོ་ཉིད
་དུ་གཏོགསོ་བ་ཡིན་པར་བྱའོ།། དེ་ལ་སྤྱིའི་མཚན་ཉིད་ནི་བྱེ་བྲག་མེད་པར་ཐམས་ཅད་ཀྱང་རབ་ཏུ་མ་ཞི་བའི་མཚན་ཉིད་གང་ཡིན་པའོ།། དེ་ལ་བྱེ་བྲག་གི་མཚན་ཉིད་འདི་ལྟ་སྟེ། རྣམ་གྲངས་གང་གིས་བྱེ་བྲག་གི་མཚན་ཉིད
་དང་། འཇུག་པའི་བྱེ་བྲགོ་གི་མཚན་ཉིད་དོ།། དེ་ལྔ་རྣམ་གྲངས་ཀྱི་བྱེ་བྲག་གི་མཚན་ཉིད་ནི་འདི་ལྟ་སྟེ་ཀུན་ཏུ་སྦྱོར་བ་དང་འཆིང་བ་དང་བག་ལོ་ཉལ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་ནས་བཀྲིས་པ་ལ་སོགས་པ་སྟེ་སའི
་དངོས་གཞི་རི་བསྟན་པ་བཞིན་ནོ།། དེ་ལ་འཇུག་པའི་བྱེ་བྲག་གི་མཚན་ཉིད་ནི་འདི་ལྟ་སྟེ། བག་ལ་ཉལ་གྱི་འཇུག་པ་དང་། དམིགས་པའི་འཇུག་པ་དང་ཀུན་ཏུ་འབྱུང་བའི་འཇུག་པ་དང་། རྣམ་པ་རབ་ཏུ་དབྱེ་བའི་འཇུག་པ་དང་། སྟོབས
་དང་ལྡན་པ་དང་སྟབས་དང་ལྡན་པ་མ་ཡིན་པའི་འཇུག་པ་དང་། རྒྱུ་དང་འབྲས་བུའི་འཇུག་པ་དང་། ལོག་པར་བསྒྲུབ་པའི་འཇུག་པ་ལས་བལྟ་བར་བྱའོ།། དེ་ལ་བག་ལ་ཉལ་གྱིས་འཇུག་པའི་མཚན་ཉིད་ནི་མདོར་བསྡུ་ནི་རྣམ་པ་བཅོ
་བརྒྱད་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། རང་གི་ཡུལ་གྱི་རྗེས་སུ་སོང་བའི་བག་ལ་ཉལ་དང་། གཞན་གྱི་རྗེས་སུ་སོང་བ་དང་། ཉམས་པ་དང་མ་ཉམས་པ་དང་། འགལ་ཉལ་དང་བག་ལ་ཉལ་མ་ཡིན་པ་དང་། མཐའ་དག་དང་། མ་ཚང་བ་དང་། ཡང
་དག་པར་གཞོམ་ཏུ་རུང་བ་དང་། ཡང་དག་པར་གཞོམ་ཏུ་མི་རུང་བ་དང་། ལྷག་པ་དང་། མཉམ་པ་དང་། སྟོབས་ཆུང་བ་དང་། སད་པ་དང་། མ་སད་པ་དང་། སྡུག་བསྔལ་མང་པོ་བསྐྱེད་པ་དང་། སྡུག་བསྔལ་ཉུང་ངུ་བསྐྱེད་པ་དང་། སྡུག་བསྔལ་མི་བསྐྱེད
་པའོ།། དེ་ལ་རང་གི་ཡུལ་གྱི་རྗེས་སུ་སོང་བ་ནི་ཁམས་གསུམ་པོ་དག་ན་རང་གི་ས་པར་གཏོགས་པ་གང་ཡིན་པའོ།། དེ་ལ་གཞན་གྱི་རྗེས་སུ་སོང་བ་ནི་འོག་པའམ་གོང་མར་སྐྱེད་པོ་འོག་མ་འམ་གོང་མའི་སཾ་པའི་ཉོན་མོངས་པའི་ས་བོན་དང་ལྡན
་པ་གང་ཡིན་པའོ།། དེ་ལ་ཉམས་པ་ན་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་ས་འོག་མ་པ་གང་ཡིན་པའོ།། དེ་ལ་མཉམས་པ་ནི་འདོད་ཆགས་དང་བྲལ་བའམ། འདོད་ཆགས་དང་མ་བྲལ་བའི་རང་གི་ས་པ་གང་ཡིན་པའོ།། དེ་ལ་བགྲལ
་ཉལ་བ་ནི་རང་གི་ས་པ་གང་ཡིན་པའོ།། དེ་ལ་བག་ལ་ཉལ་མ་ཡིན་པ་ནི་གཞན་གྱི་ས་པ་གང་ཡིན་པའོ།། དེ་ལ་མཐའ་དག་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་གང་ཡིན་པའོ།། དེ་ལ་མ་ཚང་བ་ནི་སོ་སོའི་སྐྱེ་བོ་མ་ཡིན་པ་སློབ་པ་རྣམས་ཀྱི་གང་ཡིན་པའོ།། དེ་ལ
་ཡང་དག་པར་གཞོམ་དུ་རུང་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་རྣམས་ཀྱི་གང་ཡིན་པའོ།། དེ་ལ་ཡང་དག་པར་གཞོམ་ཏུ་མི་རུང་བ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱི་གང་ཡིན་པའོ།། དེ་ལ་ལྷག་མ་ནི་འདོད
་ཆགས་ལ་སོགས་པ་སྤྱོད་པ་རྣམས་ཀྱི་གང་ཡིན་པའོ།། དེ་ལ་མཉམ་པ་ནི་ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་གང་ཡིན་པའོ།། དེ་ལ་སྟོབས་ཆུང་བ་ནི་འདི་ལྟ་སྟེ། ཉོན་མོངས་པ་ཆུང་བ་རྣམས་ཀྱི་གང་ཡིན་པའོ།།
་དེ་ལ་སད་པ་ནི་ཀུན་ནས་བཀྲིས་པའི་འབྲས་བུ་ཅན་ཏེ་ཀུན་ནས་བཀྲིས་པ་ཅན་དུ་འབྱུང་བ་གང་ཡིན་པའོ།། དྲི་ལ་མ་སད་པ་ནི་ཀུན་བཀྲིས་པ་མེད་པར་རྗེས་སུ་འབྲེལ་པའི་གང་ཡིན་པའོ།། དེ་ལ་སྡུག་བསྔལ་མང་པོ་བསྐྱེད་པ་ནི་འདོད་པ་ན་སྤྱོད
་པ་གང་ཡིན་པའོ།། དེ་ལ་སྡུག་བསྔལ་ཉུང་ངུ་བསྐྱེད་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་གང་ཡིན་པའོ།། དེ་ལ་སྡུག་བསྔལ་མི་སྐྱེད་པ་ནི་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་ཡིན་པའོ།། གནས་ངན་ལེན་གྱི
་ལུས་དང་གནས་ངན་ལེན་གྱི་བདག་ཉིད་བག་ལཱ་ཉ་ལྷོ་ཞེས་གང་གསུངས་པ་དེ་ལ། ཅི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དེ་འདུ་བྱེད་དེ་དག་ལས་གཞན་དུ་བརྗོད་པར་བྱའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན།
་སྨྲས་པ། གཞན་དུ་བརྗོད་པར་བྱའོ།། དེའི་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉོན་མོངས་པའི་ཕྱོགས་དང་མཐུན་པ་གནས་ངན་ལེན་ཡང་དག་པར་བཅོམ་པའི་དགྲ་བཅོམ་པ་རྣམས་ཀྱིས་འདུ་བྱེད་ཀྱི་རྒྱུན་རྣམ་པར་མ་ཚད་པའི་ཕྱིར་རོ།། གནས
་ངན་ལེན་དུ་ཞིག་གིས་གནས་ངན་ལེན་བསྡུས་ཤེ་ན། སྨྲས་པ། རྣམ་པ་བཅོ་བརྒྱད་ཀྱིས་ཏེ། འདི་ལྟ་སྟེ། རང་བཞིན་གྱིས་རྣམ་པར་སྨིན་པའི་གནས་ངན་ལེན་དང་རང་བཞིན་གྱིས་གནས་ཉོན་མོངས་པའི་གནས་ངན་ལེན་དང་། རང་བཞིན
་གྱིས་ལས་ཀྱི་གནས་ངན་ལེན་དང་། ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་དང་། ལས་ཀྱི་སྒྲིབ་པའི་གནས་ངན་ལེན་དང་། རྣམ་པར་སྨིན་པའི་སྒྲིབ་པའི་གནས་ངན་ལེན་དང་། སྒྲིབ་པའི་གནས་ངན་ལེན་དང་ལེགས་པར་རྟོག་པ་མ་ཡིན
་པའི་གནས་ངན་ལེན་དང་། མྱ་ངན་གྱི་གནས་ངན་ལེན་དང་། འཇིགས་པའི་གནས་ངན་ལེན་དང་། ངལ་བའི་གནས་ངན་ལེན་དང་། ཟས་ཀྱི་གནས་ངན་ལེན་དང་། གཉིད་ཀྱི་གནས་ངན་ལེན་དང་། འཁྲིག་པའི་གནས་ངན་ལེན་དང་། ཁམས་མ
་སྙོམས་པའི་གནས་ངན་ལེན་དང་། ནུ་ཚོང་འགྱུར་བའི་གནས་ངན་ལེན་དང་། འཆི་བའི་གནས་ངན་ལེན་དྲང་། གཞན་ཡང་ཐམས་ཅད་དུ་འགྲོ་བའི་གནས་ངན་ལེན་ཏེ་དེ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ།། དེ་ལ་དམིགས་པའི་འཇུག་པ་དང་།
་ཀུན་ཏུ་འབྱུང་བའི་འཇུག་པ་ནི་རང་གི་གནས་སུ་བརྗོད་པར་བྱའོ།། རྣམ་པར་རབ་ཏུ་དབྱེ་བའི་འཇུག་པ་ནི་འདི་ལྟ་སྟེ། ཕུང་པོ་ལ་མཁས་པའི་སྐབས་སུ་སྔར་བསྟན་པ་བཞིན་དུ་བལྟ་བར་བྱའོ།། སྟོབས་དང་ལྡན་པ་དང་། སྟོབས་དང་ལྡན་པ
་མ་ཡིན་པའི་འཇུག་པ་ཡང་འདི་ལྟ་སྟེ། སའི་དངོས་གཞིར་སྔོར་བསྟན་པ་ཁོ་ན་བཞིན་དུ་བལྟ་བར་བྱའོ།། དེ་ལ་རྒྱུ་དང་འབྲས་བུའི་འཇུག་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་ཡང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་ལ། ལས་ཀྱང་ཉོན་མོངས
་པའི་རྒྱུ་ལས་བྱུང་བ་ཡིན། སྐྱེ་བ་ཡང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་ནོ།། འབྲས་བུའང་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱ་སྟེ། དེ་ལ་ཉོན་མོངས་པ་གང་དག་ཡིན་པ་དེ་དག་ལས། ཁ་ཅིག་མི་དགེ་བ་འདོད་པ་ན་སྤྱོད་པ་རྣམས
་ནི་རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ།། དེ་ལས་གཞན་པ་རྣམས་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ།། དེ་ལ་ལོག་པར་སྒྲུབ་པའི་འཇུག་པ་ནི་སའི་དངོས་གཞིར་མདོར་བསྟན་པ་ལས་རྣམ་པ་བདུན་བཤད་པ
་སྟེ། དེའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ལ་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་ལོག་པར་ལྟ་བ་ནི་ཤེས་བྱ་ལོག་པར་རྟོགས་བྱས་འཕགས་པའི་འདྲེན་པ་བཞི་པོ་དག་ལ་ལོག་པར་ཞུགས་པ་ཡིན་ནོ།། མ་རིག་པ་ནི་དེ་མ་གཏོགས
་པ་ལས་སོ།། ཐེ་ཚོམ་ནི་དེ་རྟོགས་པ་དང་མ་རྟོགས་པ་ལས་སོ།། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་འདོད་ཆགས་ལ་སོགས་པ་ལྟ་བ་ལྔ་དམིགས་པ་མཐོང་བས་སྤང་བར་བྱ་བ་གང་དག
་ཡིན་པ་དེ་དག་ཐམས་ཅད་ལོག་པར་རྟོགས་པ་ལྔ་མངོན་པར་ཞེན་པ་ས། ལོག་པར་ཞུགས་པ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་བའི་བདེན་པ་ལ་ནི་དེའི་རྒྱུའི་གཞིའི་གནས་ལུས་ལོག་པོར་ཞུགས
་པ་ཡིན་ནོ།། དེ་དག་ཐམས་ཅད་ཀྱང་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་ལ་ནི་དེས་སྐྲག་པར་ཀུན་ཏུ་སྐྱེ་བ་ལས་ལོག་པར་ཞུགས་པ་ཡིན་ནོ།། དེ་དག་ཐམས་ཅད་ལས་རང་བཞིན་གང་དག་ཡིན་པ་དེ་དག་ནི་བསྒོམ་པའི་ལམ་ལི་རང
་བཞིན་དུ་ཀུན་ཏུ་སྤྱོད་པ་ལས་ལོག་པར་ཞུགས་པ་ཡིན་ནོ།། དེ་ལ་སྔར་འདུལ་བའི་དབང་དུ་ཉོན་མོངས་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཤིན་ཏུ་རགས་པ་བསྟན་པ་ནི་འདི་ལྟ་སྟེ། འདུལ་བ་རྣམས་ཉོན་མོངས་པ་དག་ལ་ལོག
་པར་བསྒྲུབ་པ་སྣ་ཚོགས་ཀྱི་ཉེས་པ་ཁོང་དུ་ཆུད་པ་བསྐྱེད་པར་བྱ་བའི་ཕྱིར་ཉོན་མོངས་པ་རྣམས་ཀྱི་ལོག་པར་སྒྲུབ་པར་རྣམ་པར་གཞག་པ་ཡོངས་སུ་བསྟན་པ་ཡིན་གྱི། འདིར་ནི་ཉོན་མོངས་པ་རྣམས་ཀྱི་ལོག་པར་བསྒྲུབ་པ་རྣམ་པར་གཞག
་པ་ཤིན་ཏུ་ཆ་ཕྲ་བའི་རྣམ་པ་ཇི་ལྟ་བ་བཞིན་དུ་དེ་བྱེ་བསོ་ཡོངས་སུ་བསྟན་ཏོ།། ཉོན་མོངས་པ་དེ་དག་ལས་དུ་ནི་གཞི་དང་བཅས་པ་ཡིན་ལ་དུ་ནི་གྲ་ནཱི་མེད་པ་ཡིན་ཞེ་ན། སྨྲས་པ། ལྟ་བུ་རྣམས་དང་ང་རྒྱུ་ལ་ནི་གཞི་མེད་པ་ཡིན་ཏེ། དེ་དགྲ་ནི
་འདུ་བྱེད་རྣམས་ལ་བདག་མེད་བཞིན་དུ་ཡོངས་སུ་བརྟགས་ནས་འཇུག་པའི་ཕྱིར་རོ།། འདོད་ཆགས་དང་ཁོང་ཁྲོ་བ་ནི་གཞི་དང་བཅས་པ་ཡིན་ནོ།། མ་རིག་པ་དང་ཐེ་ཚོམ་ནི་གྲཉི་གར་རིག་པར་བྱའོ།། ཉོན་མོངས་པ་དེ་དག་ལས་དུ་ནི་བདེ
་བའི་དབང་པོ་དང་མཚུངས་པར་ལྡན་པ་ཡིན་ལ་དུ་ནི་བཏང་སྙོམས་ཀྱི་དབང་པོའི་བར་དག་དང་མཚུངས་པར་ལྡན་པ་ཡིན་ཞེ་ན། སྨྲས་པ། གང་དག་རང་བཞིན་གྱིས་ཉོན་མོངས་པ་ཡིན་པ་དེ་དག་ཐམས་ཅད་ནི་ཚོར་བ་གསུམ་པོ་དག་ལ་གུང་གི་ཕྱིར
་དམིགས་ཤིང་ཀུན་ཏུ་སྤྱོད་པར་བྱེད་པ་དེའི་ཕྱིར་རྣམ་པར་ཤེས་པའི་ཚོགས་ཐམས་ཅད་དང་ལྡན་པ་གང་དག་ཡིན་པ་དེ་དག་ནི་དབང་པོ་ཐམས་ཅད་དང་མཚུངས་པར་ལྡན་པ་ཡིན་ནོ།། རྣམ་པར་ཤེས་པའི་ཚོགས་ཐམས་ཅད་དང་མི་ལྡན་པོ
་གང་དག་ཡིན་པ་དེ་དག་ནི་ཡིད་ལས་བྱུང་བའི་དབང་པོ་ཐམས་ཅད་དང་མཚུངས་པར་ལྡན་པ་ཡིན་ནོ།། རང་བཞིན་པ་གང་དག་ཡིན་པ་དེ་དག་གི་མཚུངས་པར་ལྡན་པ་ནི་ཅི་རིགས་པར་བརྗོད་པར་བྱ་སྟེ། འདོད་ཆགས་ནི་ལན་འགའ་བ་དེ
་བ་དང་ཡིད་བདེ་བ་དག་དང་མཚུངས་པར་ལྡན་པར་བྱེད་ལ། ལན་འགྲའ་ནི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དག་དང་ངོ་།། ལན་འགྲུབ་ནི་བཏང་སྙོམས་དང་མཚུངས་པར་ལྡན་པར་བྱེད་དོ།། དེ་ཇི་ལྟ
་བུ་ཞེ་ན། སྨྲས་པ། འདི་ལྟར་འདི་ན་ལ་ལ་བདེ་བའི་ཚོར་བ་དང་ཕྲད་པར་སྲེད་པ་འམ་མི་འབྲལ་བར་སྲེད་པ་མདོར་དུ་བྱས་ཤིང་གནས་ཏེ། དེ་ལྟར་གྱུར་བྱ་དེ་བདེ་བའི་ཚུར་བ་དང་མ་ཕྲད་ཅིང་ཕྲད་པར་མ་གྱུར་ལེ། གྲོལ་ཞིང་ལྡན་པར
་མ་གྱུར་པ་དང་སྡུག་བསྔལ་གྱི་ཚོར་བ་དང་མི་ཕྲད་པར་སྲེད་པ་དང་འབྲལ་བར་སྲེད་པ་མངོན་དུ་བྱས་ཤིང་གནས་ཏེ། དེ་ལྟར་གྱུར་པ་དེ་སྡུག་བསྔལ་གྱི་ཚོར་བ་དང་ཕྲད་ཅིང་མ་ཕྲད་པར་མ་གྱུར་ལ། མ་བྲལ་ཞིང་བྲལ་བར་མ་གྱུར་པ་དེ
་ལྟ་ན་འདོད་ཆགས་ནི་ལྡན་འགའ་སྡུག་བསྔལ་དང་ཡིད་མི་བདེ་བ་དག་དང་མཚུངས་པར་ལྡན་པར་བྱེད་པ་ཡིན་ནོ།། དེ་ལས་བཟློག་པ་ལས་ནི་བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ཡིན་པར་རིག་པར་བྱའོ།། འདོད་ཚོགས
་སྡུག་བསྔལ་ཡང་མ་ཡིན་བདེ་བ་འང་མ་ཡིན་པའི་གནས་སྐབས་ལ་རོ་མྱང་བ་ལས་ནི་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པར་རིག་པར་བྱའོ།། ཁོང་ཁྲོ་དཱ་ནི་ལན་འགའ་སྡུག་བསྔལ་དང་ཡིད་མི་བདེ་བོ་དོག་དང་མཚུངས་པར
་ལྡན་པར་བྱེད་པ་ལ་ལན་འགའ་ནི་བདེ་བ་དང་ཡིད་བདེ་བ་དག་མཚུངས་པར་ལྡན་པར་བྱེད་དོ།། དེ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། འདི་ལྟར་འདི་ན་ཁོ་ཅིག་བདག་ཉིད་ཀྱི་ལུས་ལ་སྡུག་བསྔལ་གྱིས་གནོད་པ་འམ་སེམས་ལ་གནོད་པའི
་ཤེ་འགྲས་པའི་སེམས་དང་ལྡན་པར་གྱུར་ནས་བདག་ཉིད་ཀྱི་སྡུག་བསྔལ་གྱི་གནས་སྐབས་དེ་ཉིད་ཡིད་ལ་བྱེད་དམ། འདུ་བྱེད་མི་འདོད་པ་དག་གམ་སེམས་ཅན་མི་འདོད་པ་དག་གམ་ཆོས་མི་འདོད་པ་དག་ལ་ཞེ་འགྲུས་པ་དང་ལྡན་པའི
་སེམས་ཡིད་ལ་བྱེད་པ་དེ་ལྟ་ནི། ཁོང་ཁྲོ་བ་སྡུག་བསྔལ་དང་ཡིད་མི་བདེ་བ་དག་དང་མཚུངས་པར་ལྡན་པར་བྱེད་པ་ཡིན་ནོ།། འདི་ལྟར་འདི་ན་ཁ་ཅིག་དགྲར་གྱུར་པའི་སེམས་ཅན་མི་འདོད་པ་རྣམས་ལ་ཞེ་འགྲས་པའི་སེམས་དང་ལྡན་པ་ནི
་སྡུག་བསྔལ་བར་འགྱུར་རོ་མ་གྱུར་པ་ཡིད་ལ་བྱེད་པ་དང་བདེ་བར་མི་འགྱུར་བ་དང་རྒུད་པ་ཡིད་ལ་བྱེད་པ་དེ་ལྟ་ན་ཁོང་ཁྲོ་བ་བདེ་བ་དང་ཡིད་བདེ་བ་དག་དང་མཚུངས་པར་ལྡན་པར་བྱེད་པ་ཡིན་ནོ།། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ
་ནི་བདེ་བ་དང་ལྡན་པའི་ཕུང་པོ་རྣམས་ལ། བདག་གམ་བདག་གི་དང་རྟག་པར་ཡང་དག་པར་རྗེས་སུ་མཐོང་བ་ལས་ནི་ཡིད་བདེ་བའི་དབང་པོ་དང་མཚུངས་པར་ལྡན་པར་བྱེད་དོ།། སྡུག་བསྔལ་བ་དང་ལྡན་པའི་ཕུང་པོ་རྣམས་ལ་བདག
་གམྱ་བདག་གི་དེང་རྟག་པར་ཡང་དག་པར་རྗེས་སུ་མཐོང་བ་ལས་ནི་ཡིད་མི་བདེ་བའི་དབང་པོ་དང་མཚུངས་པར་ལྡན་པར་བྱེད་དོ།། བཏུང་སྙོམས་དང་ལྡན་པའི་ཕུང་པོ་རྣམས་ལ་བདག་གམ་བདག་གི་དང་རྟག་པར་ཡང་དག་པར་རྗེས་སུ
་མཐོང་བ་ལས་ནི་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པར་བྱེད་དོ།། ཆད་པར་ལྟ་བས་བསྡུས་པའི་མཐར་འཛིན་པོར་བལྟ་བ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ།། ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས
་མཆོག་ཏུ་འཛིན་པ་ནི་ལྟ་བ་དེ་དག་མཆོག་ཏུ་འཛིན་པ་ལས་དེ་བཞིན་དུ་མཚུངས་པར་ལྡན་པར་ཅི་རིགས་པར་རིག་པར་བྱའོ།། ལོག་པར་ལྟ་བ་ནི་ལེགས་པར་བྱ་བ་བྱེད་པ་རྣམས་ཀྱི་གང་ཡིན་པ་དེ
་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་ཡིན་པར་རིག་པར་བྱའོ།། ཉེས་པར་བྱ་བ་བྱེད་པ་རྣམས་ཀྱི་གང་ཡིན་པ་དེ་ནི་ཡིད་བདེ་བ་མཚུངས་པར་ལྡན་པ་ཡིན་པར་རིག་པར་བྱའོ།། ང་རྒྱལ་ལ་ནི་ལན་འགའ་ཡིད་བདེ་བ་དང
་མཚུངས་པར་ལྡན་པར་བྱེད་ལ་ལན་འགའ་ནི་ཡིད་མི་བདེ་བ་དོང་མཚུངས་པར་ལྡན་པར་བྱེད་དོ།། དེ་ཇི་ལྟ་བུ་ཞེ་ན། སྨྲས་པ། ང་རྒྱལ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཁེངས་བའི་ང་རྒྱལ་དང་། འདུད་པའི་ང་རྒྱལ་ལོ།། དེ་ལ
་ཁེངས་པའི་ང་རྒྱ་ལེ་ནི་ཁེངས་པ་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། ཁེངས་པ་རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་འཇལ་བས་ཁེངས་པ་དང་།། སྲིད་པས་ཁེངས་པ་དང་། རྙེད་པ་དང་། བཀུར་སྟིས་ཁེངས་པའོ
་དེ་ལ་ཁེངས་པའི་ང་རྒྱལ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་པར་བྱེད་དོ།། འདུད་པའི་ང་རྒྱལ་ནི་དེ་ལས་བཟློག་པ་སྟེ། ཡིད་མི་བདེ་བ་དང་མཚུངས་པར་ལྡན་པར་བྱེད་དོ།། ཐེ་ཚོམ་ནི་རྙེད་པ་འམ་བཀུར་སྟི་འམ། གྲགས་པ
་བསྟོད་པ་འམ་བདེ་བ་འམ་བདེ་འགྲོ་ལ་ངེས་པ་རྣམས་ལ་གཞན་དག་གིས་ཐེ་ཚོམ་བསྐྱེད་པ་ན་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པར་བྱེད་དོ།། རྙེད་པ་མེད་པའམ་བཀུར་སྟི་མེད་པ་འམ་གྲགས་པ་མེད་པའམ་སྨད་པའམ་སྡུག
་བསྔལ་བ་འམ། ངན་འགྲོ་ལ་ངེས་པ་རྣམས་ལ་གཞན་དག་གིས་ཐེ་ཚོམ་བསྐྱེད་པ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་པར་བྱེད་དོ།། མ་རིག་པ་ནི་སྔ་ཆར་དང་མཚུངས་པར་ལྡན་པར་བྱེད་དོ།། མཚུངས་པར་ལྡན་པར་ཉེ་བར་སྦྱར་བའི་དཔེ་ལྷག
་མ་རྣམས་ནི་མི་སྣང་ངོ་།། དེ་ལ་སྔར་ནི་མ་འཆོལ་བར་བྱ་བའི་ཕྱིར་ཉོན་མོངས་པ་རྣམས་དང་། དབང་པོའི་མཚུངས་པར་ལྡན་པའི་ཚུལ་ཆེ་ལོང་རྣམ་པར་གཞག་པ་ཡིན་གྱི་འདིར་ནི་རང་གི་དང་གཞན་གྱི་རྒྱུད་རྣམ་པ་སྣ་ཚོགས་ཀྱི་འཇུག་པ་རབ་ཏུ
་དབྱེ་བའི་ཕྱིར་ཚུལ་ཞིབ་མོས་རྣམ་པར་གཞག་པ་ཡིན་ནོ།། ཉོན་མོངས་པའི་རིས་ནི་མདོར་བསྡུ་ན་གསུམ་པོ་འདི་དག་ཡིན་ཏེ། འདོད་པ་དང་ལྡན་པ་དང་གཟུགས་དང་ལྡན་པ་དང་གཟུགས་མེད་པ་དང་ལྡན་པའོ།། ཉོན་མོངས་པའི་རིས་གསུམ
་པོ་དེ་དག་ལས་དུ་ནི་མི་དགེ་བ་ཡིན་དུ་ནི་ལུང་དུ་མ་བསྟན་པ་ཡིན་ཞེ་ན། སྨྲས་པ། དེ་དག་ལས་དང་པོ་ཁ་ཅིག་ནི་མི་དགེ་བ་ཡིན་ནོ།། གཉིས་ནི་ལུང་དུ་མ་བསྟན་པ་ཡིན་ནོ།། མི་དགེ་བ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་དང་བཅས་པ་ཡང
་ཡིན་པར་བལྟ་བར་བྱའོ།། དུ་ནི་བདག་ཉིད་མང་པོ་ཡིན་ལ་དུ་ནི་བདག་ཉིད་ཉུང་ངུ་ཡིན་ཞེ་ན། སྨྲས་པ། དང་པོ་ན་བདག་ཉིད་མང་པོ་ཡིན་ནོ།། ལྷག་མ་དག་ནི་དེ་ལྟ་མ་ཡིན་ནོ།། བདག་ཉིད་མང་པོ་དང་བདག་ཉིད་ཉུང་ངུ་ཇི་ལྟ་བ་བཞིན་དུ
་ཤས་ཆེ་བ་དང་ཡུན་རིང་བ་དང་ཉོན་མོངས་པ་ཅན་གྱི་རང་བཞིན་དང་། ཤས་ཆེ་བ་དང་ཡུན་རིང་བ་དང་ཉོན་མོངས་པ་ཅན་གྱི་རང་བཞིན་མ་ཡིན་པ་དང་། ཕྱིར་བལྟས་པའི་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དང་། ནང་དུ
་བལྟས་པས་ཀུན་ནས་ཉོན་མོངས་པ་ཀུན་ནས་སྦྱོང་བར་བྱེད་པ་དང་། ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་དང་། ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་མ་ཡིན་པ་དང་། སྡུག་བསྔལ་མང་པོ་བསྐྱེད
་པར་བྱེད་པ་དང་། སྡུག་བསྔལ་ཉུང་བསྐྱེད་པར་བྱེད་པ་དང་། ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་དང་། ཁ་ན་མ་ཐོ་བ་ཆུང་ངུ་དང་བཅས་པ་དང་། བུལ་བར་འདོད་ཆགས་དྲང་བྲལ་བ་དང་། མྱུར་དུ་འདོད་ཆགས་དང་བྲལ་བ་དང་། འདོད་ཆགསོ
་དང་མ་བྲལ་བས་རབ་ཏུ་ཕྱེ་བ་དང་། འདོ་ངོ་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བ་དང་། ཏིང་འཛིན་དང་མི་མཐུན་པ་དང་། ཏིང་འཛིན་དང་མི་མཐུན་པ་མེད་པ་དང་། རྣམ་པ་དུ་མར་སྐྱེ་བ་ངེས་པ་དང་། རྣམ་པ་གཅིག་ཏུ་སྐྱེ་བར་ངེས་པ་རྣམས་ཀྱང་དེ་བཞིན
་དུ་རིག་པར་བྱའོ།། བར་སྡོམ་ནི། མང་དང་ཉོན་མོངས་ཅན་དང་ནི།། སྤྱོད་དང་སྡུག་བསྔལ་ཉིད་དང་སྤང་།། ཁ་ན་མྲ་ཐོ་བུལ་འབྲལ་དང་།། ཏིངངེ་འཛིན་དང་སྐྱེ་བའོ།། ཉོན་མོངས་པ་རྣམས་ཇི་ལྟར་ནི་སྤོང་བར་འགྱུརརོ།། ཇི་ཙམ་གྱིས་ན་ཉོན་མོངས
་པ་རྣམས་སྤོང་བར་བརྗོད་པར་བྱ། ཉོན་མོངས་པ་གང་ལས་ནི་སྤང་པོ་གྷོ། ཅི་ཉོན་མོངས་པ་ཅིག་ཅར་རམ་འོན་ཏེ་རིམས་ཀྱིས་སྤང་བར་བྱ། གོ་རིམས་གོང་གིས་ནི་ཉོན་མོངས་པ་སྤང་བར་བྱ། ཉོན་མོངས་པ་སྤོང་བར་ལ་རྣམ་པ་ནི་དུ་ཡོད
་ཉོན་མོངས་པ་སྤངས་པའི་རྟགས་ནི་གང་དག་ཡིན། ཉོན་མོངས་པ་སྤང་བའི་ཕན་ཡོན་ནི་གང་ཞེ་ན། སྨྲས་པ། ཚོགས་ཡང་དག་པར་བསྒྲུབས་པ་དང་སྦྱོར་བའི་ས་ལ་ཞུགས་པ་དང་མཐོང་བའི་ས་ཐོབ་པ་དང་། བསྒོམ་པའི་ས་ཡོངས་སུ་འདྲིས
་པས་ནི་ཉོན་མོངས་པ་སྤྱང་པར་བྱའོ།། མཐར་ཐུག་པའི་ས་ཐོབ་པ་ལས་ནི་ཉོན་མོངས་པ་སྤངས་པར་བརྗོད་པར་བྱའོ།། རྣམ་གྲངས་གཞན་ཡང་རྣལ་འབྱོརས་ན་བཞི་བསྒོམ་པས་ནི་ཉོན་མོངས་པ་སྤང་བར་བྱའོ།། ལེགས་པར་བསྒོམས་བསླུ་ནི
་སྤང་བར་བརྗོད་པར་བྱའོ།། རྣལ་འབྱོར་རྣམ་པ་བཞི་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་སར་བསྟན་པ་བཞིན་ནོ།། རྣམ་གྲངས་གཞན་ཡང་སེམས་ཀྱི་རྒྱུད་ཡོངས་སུ་སྨིན་པ་དང་རྗེས་སུ་མཐུན་པའི་གདམས་དོག་དང་སོ་སོའི་རང་གི་ཚུལ་བཞིན་ཡིད
་ལ་བྱེད་པ་དང་གཉེན་པོ་སྐྱེད་པས་ནི་ཉོན་མོངས་པ་སྤང་བར་བྱའོ།། གཉེན་པོ་མཐར་ཐུག་པར་གྱུར་པ་ཉིད་ཀྱིས་ནི་སྤངས་པར་བརྗོད་པར་བྱའོ།། རྣམ་གྲངས་གཞན་ཡང་ཉོན་མོངས་པའི་གཞི་ཡོངས་སུ་ཤེས་པ་དང་། ཉོན་མོངས་པའི་ངོས
་ཉིད་ཡོངས་སུ་ཤེས་པ་དང་། ཉོན་མོངས་པའི་ཉེས་དམིགས་ཡོངསུ་ཤེས་པ་དང་། བྱུང་བ་དང་དུ་མི་ལེན་པ་དང་། གཉེན་པོ་ཡོངས་སུ་འཛིན་པ་ནི་ཉོན་མོངས་པ་སྤང་བར་བྱའོ།། གཉེན་པོ་བསྐྱེད་པས་ནི་སྤངས་པར་བརྗོད་པར་བྱའོ།། རྣམ་གྲངས།།
་གཞན་ཡང་ཞི་གནས་ལ་གོམས་པ་དང་ལྷག་མཐོང་ལ་གོམས་པས་ནི་ཉོན་མོངས་པོ་སྤང་བར་བྱའོ།། མཚན་མའི་འཆིང་བ་ལས་ངེས་པར་གྲོལ་བ་དང་གནས་ངན་ལེན་གྱི་འཆིང་བ་ལས་ངེས་པར་གྲོལ་བས་ནི་སྤངས་པར་བརྗོད་པར་བྱ་སྟེ།
་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། སྐྱེ་བ་པོ་ཡིས་ཞི་གནས་དང་། ལྷག་མཐོང་གོམས་པར་བྱོས་ན་ནི།། གནས་ངན་ལེན་གྱི་འཆིང་བ་དང་།། མཚན་མའི་འཆིང་ལས་གྲོལ་བར་འགྱུར་ཞེས་གསུངས་པ་ལྟ་བུའོ།། རྣམ་གྲངས་གཞན་ཡང
་དམིགས་པ་ཡོངས་སུ་ཤེས་པ་དང་། དམིགས་པ་ལ་མངོན་པར་དགའ་བས་ནི་ཉོན་མོངས་པ་སྤང་བར་བྱའོ།། གནས་འགག་པ་དང་གནས་གྱུར་པས་ནི་སྤངས་པར་བརྗོད་པར་བྱའོ།། ཉོན་མོངས་པས་ནི་མཚུངས
་པར་ལྡན་པ་དང་དམིགས་པ་ལས་སྤང་བར་བྱ་སྟེ། འདི་ལྟར་གཉེན་པོ་སྐྱེས་ན་ཉོན་མོངས་པ་མི་སྐྱེ་ཞིང་མི་སྐྱེ་བའི་ཆོས་ཅན་དུ་འང་འགྱུར་བས་མཚུངས་པར་ལྡན་པ་དེ་ལས་སྤངས་པ་ཡིན་ནོ།། མཚུངས་པར་ལྗོན་པ་ལས་སྤངས་ན་དམིགས་པར
་མི་བྱེད་པས་དམིགས་པ་དེ་ལས་ཀྱང་སྤངས་པ་ཡིན་ནོ།། ཉོན་མོངས་པ་ནི་ཅིག་ཆར་སྤོང་བར་རིག་པར་བྱའི་རིམ་གྱིས་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མངོན་པར་རྟོགས་པའི་ཤེས་པ་བདེན་པ་རྟོགས་པས་མཐོང་བས་སྤང་བར་བྱ
་བའི་ཉོན་མོངས་པ་རྣམས་སྤོང་བར་འགྱུར་ལ། མངོན་པར་རྟོགས་པ་དེའང་བདེན་པ་འདྲེན་མ་ལ་དམིགས་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡོན་པ་ཡིན་པས། དེའི་ཕྱིར་སེམས་གསུམ་གྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྡུག
་བསྔལ་ལ་སོགས་པ་ལ་ལོག་པར་ཞུགས་པ་ཐམས་ཅད་ཅིག་ཅར་སྤོང་བར་འགྱུར་བའི་ཕྱིར་རོ།། བསྒོམ་པས་སྤང་བར་བྱ་བ་རྣམས་ནི་རིམ་གྱིས་སྤོང་བར་རིག་པར་བྱ་སྟེ། ལམ་གོམས་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ།། དང་པོ་ནི་འདི་ལྟ་སྟེ།
་ཁྱིམ་ན་གནས་པས་མི་དགེ་བའི་ལས་ཀྱི་མཐའ་རྣམས་དང་སྡིག་པ་ཅན་གྱི་ལྟ་བ་སྤང་བར་བྱའོ།། དེའི་འོག་ཏུ་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བའི་གགསུ་གྱུར་པ་འདོད་པའི་རྣམ་པར་རྟོག་པ་དང་གནོད་སེམས་ཀྱི་རྣམ་པར་རྟོག་པ་དང
་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སྤང་བར་བྱའོ།། དེའི་འོག་ཏུ་སེམས་མཉམ་པར་གཞག་པའི་ཏིང་ངེ་འཛིན་གྱི་གགྲསུ་གྱུར་པ་ཉེ་དུའི་རྣམ་པར་རྟོག་པ་དང་ཡུལ་གྱི་རྣམ་པར་རྟོག་པ་དང་མི་འཆི་བའི་རྣམ་པར་རྟོག་པ་སྤང་བར་བྱའོ།། དེའི
་འོག་ཏུ་ཡིད་ལ་བྱེད་པ་འཐོབ་པའི་གྲགསུ་གྱུར་པ་དབེན་པ་ལ་མངོན་པར་མི་དགའ་བའི་ཕྱོགས་དང་མཐུན་པ་ལུས་ཀྱི་གནས་ངན་ལེན་སྤང་བར་བྱའོ།། དེའི་འོག་ཏུ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བར་བྱའོ།། དེའི་འོག་ཏུ
་བསྒོམ་པས་སྤང་བར་བྱ་བའོ།། དེའི་འོག་ཏུ་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འབྲེལ་པོའོ།། དེའི་འོག་ཏུ་བདེ་བ་དང་ཡིད་བདེ་བ་དང་འབྲེལ་བའོ།། དེའི་འོག་ཏུ་བཏང་སྙོམས་དང་འབྲེལ་པོའོ།། དེའི་འོག་ཏུ་སྙོམས་པར་འཇུག་པ་ལ་སྒྲིབ
་པའི་ཕྱོགས་དང་མཐུན་པོའི་སྒྲིབ་པ་སྤང་བར་བྱའོ།། དེའི་འོག་ཏུ་དེ་དག་ལས་གང་ཟག་ཁ་ཅིག་གིས་ནི་ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་སྒྲིབ་པ་སྤང་བར་བྱ་སྟེ། དེ་ལྟར་གོ་རིམས་དེས་ཉོན་མོངས་པ་སྤང་བར་བྱའོ།། ཉོན་མོང
་པ་སྤོང་བ་ལ་རྣམ་པ་ནི་མང་དུ་ཡོད་པར་བལྟ་བར་བྱའོ།། དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཀུན་ནས་དཀྲིས་པ་སྤོང་བ་དང་། བག་ལ་ཉལ་སྤོང་བའོ།། དེ་ལོ་ཀུན་ནས་དཀྲིས་པ་སྤོང་བ་དང་འདོད་ཆགས་སྤོང་བ་དོང་ཞེ་སྡང་སྤོང་བ
་དང་ཐེ་ཚོམ་གྱི་བར་དུ་སྤོང་བ་དང་འཇིག་ཚོགས་ལ་ལྟ་བ་སྤོང་བ་དང་ལོག་པར་ལྟ་བའི་བར་དུ་སྤོང་བ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་སྤོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་བར་དུ་སྤོང་བ་དང་། འདོད་པ་ལྡན་པ
་སྤོང་བ་དང་གཟུགས་མེད་པ་དང་ལྡན་པའི་བར་དུ་སྤོང་བ་དང་། རྣམ་པར་གཡེང་བ་སྤོང་བ་དང་གཞན་འདེབས་པའི་སྤོང་བ་དང་། རྩེ་འཇིལ་བར་བྱེད་པའི་སྤོང་བ་དང་། རྣམ་པར་གནོན་པའི་སྤོང་བ་དང་།
་འབྲལ་བའི་སྤོང་བའོ།། དེ་ལ་འབྲལ་བའི་སྤོང་བ་གང་ཡིན་པ་དེ་ནི་བག་ལ་ཉལ་སྤོང་བ་ཡིན་པར་བལྟ་བར་བྱའོ།། དེ་ལ་ཉོན་མོངས་པ་སྤངས་པ་ནི་ཀུན་ཏུ་ཆགས་པར་འགྱུར་བའི་ཆོས་དམན་པ་འམ་གྱནོམ་པ་ཕྲད་པ་འམ་ལྐོག་ན་འདུག་པ
་དག་ལ། ཤས་ཆེར་ལྟ་ཞིང་དཔྱོད་པར་བྱེད་ཀྱང་ཀུན་ཏུ་ཆགས་པར་མི་འགྱུར་རོ།། ཇི་ལྟར་ཀུན་ཏུ་ཆགོས་པར་འགྱུར་པའི་ཆོས་རྣམས་ལ་ཀུན་ཏུ་ཆགས་པར་མི་འགྱུར་བ་དེ་བཞིན་དུ་ཞེ་སྡང་བར་འགྱུར་བའི་ཆོས་རྣམས་ལ་ཡང་ཞེ
་སྡང་བར་མི་འགྱུར་ལ། ཀུན་ཏུ་རྨོངས་པོར་འགྱུར་བའི་ཆོས་རྣམས་ལ་ཡང་ཀུན་ཏུ་རྨོངས་པར་མི་འགྱུརརོ།། དེ་བཞིན་དུ་མིག་གིས་གཟུགས་རྣམས་མཐོང་ན་ཡིད་བདེ་བར་ཡང་མི་འགྱུར་ལ། ཡིད་བདེ་བར་ཡང་མི་འགྱུར་བར་དྲན་པ
་དང་ཤེས་བཞིན་གྱིས་བཏང་སྙོམས་སུ་གནས་པར་འགྱུརརོ།། ཇི་ལྟར་མིག་གིས་གཟུགས་རྣམས་མཐོང་བ་བཞིན་དུ་ཡིད་ཀྱིས་ཆོས་རྣམས་མཐོང་བའི་བར་དུ་ཡང་དེ་བཞིན་ནོ།། དེ་བཞིན་དུ་རང་བཞིན་གྱིས་འདོད་པ་ཆུང་བ་ཡིན་ཏེ།
་མཆོག་ཏུ་ཡོངས་སུ་གྲུབ་པའི་འདོད་པ་ཆུང་བ་ཉིད་དང་ལྡན་པ་ཡིན་ནོ།། ཇི་ལྟར་འདོད་པ་ཆུང་བ་བཞིན་དུ་ཆོག་ཤེས་པ་དང་རབ་ཏུ་དབེན་པ་དང་བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གནས་པ་དང་མཉམ་པར་གཞིག་པ་དང་།
་ཤེས་རབ་དང་ལྡན་པའང་དེ་བཞིན་ནོ།། རང་བཞིན་གྱིས་སྤྲོས་པ་མེད་པ་ལ་དགའ་བ་ཡིན་ཏེ། སྤྲོས་པ་ལ་སོ་སོར་བརྟགས་ནས་སེམས་འཇུག་པར་བྱེད་དེ་དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་ཉོན་མོངས་པ་སྤངས་པའི་རྟགས་ནས
་རྣམས་ཡིན་པ་རིག་པར་བྱའོ།། ཉོན་མོངས་པ་སྤངས་པའི་ཕན་ཡོན་ནི་མང་དུ་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། སྡུག་བསྔལ་དང་ཡིད་མི་བདེ་བ་ལས་རྣམ་པར་འདས་པ་རྗེས་སུ་ཐོབ་པ་ཡིན། བདེ་བ་དང་ཡིད་བདེ་བ་ལ
་རྣམ་པར་འདས་པ་རྗེས་སུ་ཐོབ་པ་ཡིན། གཟུགས་དང་ཐོགས་པ་དང་སྣ་ཚོགས་ཀྱི་འདུ་ཤེས་ལས་རྣམ་པར་འདས་པ་རྗེས་སུ་ཐོབ་པ་ཡིན། ངན་སོང་བའི་སྡུག་བསྔལ་ལས་ཡང་དག་པར་འདས་པ་རྗེས་སུ་ཐོབ་པ་ཡིན། སྐྱེ་བ་ལ་སོགས
་པའི་སྡུག་བསྔལ་ལས་ཡང་དག་པར་འདས་པའི་རྗེས་སུ་ཐོབ་པ་ཡིན། དབུགས་ཕྱིན་པ་རྗེས་སུ་ཐོབ་པ་ཡིན། མཆོག་ཏུ་དབུགས་ཕྱིན་པ་རྗེས་སུ་ཐོབ་པ་ཡིནྡ། བསིལ་བའི་དངོས་པོ་ཐོབ་པ་ཡིན། མཆོག་ཏུ་བསིལ་བའི་དངོས་པོ
་རྗེས་སུ་ཐོབ་པ་ཡིན། ཚེ་འདི་ལ་བདེ་བར་གནས་པའི་མཆོག་ཐོབ་པ་དང་རང་གི་སེམས་ལ་དབང་བསྒྱུར་བ་དང་ཇི་ལྟར་འདོད་པ་བཞིན་དུ་རྒྱུ་ཞིང་གནས་པ་དང་ཡང་ཕྱིར་མི་ལྡོག་པའི་ཆོས་ཅན་དང་བདག་གི་དོན་མཐའ་དག་ཡོངས་སུ་རྫོགས་པ
་དང་བྱ་བ་ཐམས་ཅད་ལ་ཆེད་དུ་བཙལ་མི་དགོས་པ་ཡིན་ནོ།། དེ་དག་ལས་ཁ་ཅིག་ནི་གཞན་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར
་ཞུགས་པ་ཡང་ཡིན་ཏེ་དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་ཉོན་མོངས་པ་རྣམས་སྤངས་པའི་ཕན་ཡོན་མང་བློ་དག་ཡིན་པར་རིག་པར་བྱའོ།། ཉོན་མོངས་པ་རྣམས་ཀྱི་དམིགས་པ་གང་ཡིན། དེ་ནི་མདོར་བསྡུ་ན་རྣམ
་པ་བཅོ་ལྔར་རིག་པར་བྱ་སྟེ། མཐའ་དག་ལ་དམིགས་པ་ནི་འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་འོ།། ཕྱོགས་གཅིག་ལ་དམིགས་པ་ནི་འདི་ལྟ་སྟེ། འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་རྣམས་ཀྱིའོ།། གཞི་དང་བཅས་པ་ལ
་དམིགས་པ་ནི་འདི་ལྟ་སྟེ། བཞི་དང་བཅས་པའི་ཉོན་མོངས་པ་རྣམས་ཀྱིའོ།། གཞི་མེད་པ་ལ་དམིགས་པ་ནི་འདི་ལྟ་སྟེ། གཞི་མེད་པ་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱིའོ།། ནང་ལ་དམིགས་པ་ནི་འདི་ལྟ་སྟེ་མཉམ་པར་གཞགས་པ
་དང་མཉམ་པར་མ་གཞག་པ་མ་ཡིན་པའི་ས་པའི་ཉོན་མོངས་པ་སྐྱེ་མཆེད་དྲུག་ལ་དམིགས་པ་རྣམས་ཀྱིའོ།། ཕྱི་རོལ་ལ་དམིགས་པ་ནི་འདི་ལྟ་སྟེ་འདོང་བའི་ཡོན་ཏན་ལྔ་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱིའོ།། མངོན་སུམ་ལ་དམིགས
་པ་ནི་འདི་ལྟ་སྟེ་ད་ལྟར་ལ་དམིགས་པ་ཉོན་མོངས་པ་རྣམས་ཀྱིའོ།། ལྐོག་ལ་དམིགས་པ་ནི་འདི་ལྟ་སྟེ་འདས་པ་དང་མ་འོངས་པ་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱིའོ།། རང་གི་རིགས་ལ་དམིགས་པ་ནི་འདི་ལྟ་སྟེ། རང་གི་རིགས
་དང་མཐུན་པའི་ཉོན་མོངས་པ་ལ་དམིགས་པ་ཁོ་ནའི་ཉོན་མོངས་པ་རྣམས་ཀྱིའོ།། དེ་ལས་གཞན་པའི་རིགས་ལ་དམིགས་པ་ནི་འདི་ལྟ་སྟེ། གཞན་གྱི་རིགས་དང་མཐུན་པའི་ཉོན་མོངས་པ་ལ་དམིགས་པ་ཁོ་ནའི་ཉོན་མོངས་པ
་རྣམས་ཀྱི་དང་། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་པའི་གཞི་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱིའོ།། འབྱུང་བ་ལ་དམིགས་པ་ནི་འདི་ལྟ་སྟེ། ཡང་འབྱུང་བའི་སྲིད་པ་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱིའོ།། འཇིག་པ་ལ
་དམིགས་པ་ནི་འདི་ལྟ་སྟེ། ཆད་པ་དང་འཇིག་པ་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱིའོ།། རང་གི་ཡུལ་ལ་དམིགས་པ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིའོ།། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི
་ཁམས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོང་པ་རྣམས་ཀྱིའོ།། གཞན་གྱི་ཡུལ་ལ་དམིགས་པ་ནི་འདི་ལྟ་སྟེ། གཟུགས་ཀྱི་ཁམས་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིའོ།། གཟུགས་མེད་པའི་ཁམས་ནི་གཟུགས་ན་སྤྱོད་པའི་ཉོན
་མོངས་པ་རྣམས་ཀྱིའོ།། དེ་བཞིན་དུ་ས་འོག་མོ་ནི་ས་འགོང་མའི་ཉོན་མོངས་པ་རྣམས་ཀྱི་སྟེ། འདི་ལྟར་ས་གོང་མར་སྐྱེས་པ་རྣམས་ནི་ས་འོག་མ་པའི་སེམས་ཅན་རྣམས་པས་བདག་ཉིད་རྟག་པ་དང་བརྟན་པ་དང་བདེ་བ་དང་། གཙང་བ་དང་། ཡོན་ཏན་ཁྱད་པར
་དུ་འཕགས་པ་དང་ལྡན་ནོ་སྙམ་དུ་རློམ་སེམས་བྱེད་པའི་ཕྱིར་རོ།། ཡུལ་མ་ཡིན་པ་ལ་དམིགས་པ་ནི་འདི་ལྟ་སྟེ། ཡོངས་སུ་བརྟགས་ནས་འགོག་པ་དང་ལམ་དང་དེས་ཡོངས་སུ་བརྟགས་པའི་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཐམས་ཅད་ལ་དམིགས་པོའི
་ཉོན་མོངས་པ་རྣམས་ཀྱིའོ།། ཉོན་མོངས་པ་རྣམས་ཀྱི་ཀུན་ཏུ་འབྱུང་བ་གང་ཞེ་ན། སྨྲས་པ། དེ་ནི་གང་ཟག་རྣམས་རྣམ་པ་ཉི་ཤུའི་རྣམ་པ་ཉི་ཤུ་རྐྱེན་རྣམ་པ་ཉི་ཤུས་བལྟ་བར་བྱའོ།། གང་ཟག་རྣམ་པ་ཉི་ཤུ་གང་ཞེ་ན། སྨྲས་པ། ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་།
་ཉེས་པར་བཤད་པའི་ཆོས་ཅན་དང་། ལེགས་པར་གསུངས་པའི་ཆོས་ཅན་དང་། ཉོན་མོངས་པ་ཤས་ཆེར་སྤྱད་པ་དང་། ཆ་མཉམ་པར་སྤྱད་པ་དང་། ཉོན་མོངས་པ་ཆུང་བ་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་དང་།
་འདོད་ཆགས་དང་མ་བྲལ་བ་དང་། གཞི་མཐོང་བ་དང་། གཞི་མ་མཐོང་བ་དང་། མངོན་པར་ཞེན་པ་དང་། མངོན་པར་མ་ཞེན་པ་དང་། སྤྱོད་པ་དང་། གཉིད་ལོག་པ་དང་། སོང་བ་དང་ཁ། ཞོན་ནུ་དང་། དབང་པོ་ཡོངས་སུ་སྨིན་པ་དང་། ཡོངས་སུ་མྱ་ངན་ལུས
་འདྲའ་བའི་ཆོས་ཅན་དང་། ཡོངསུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ།། ཉོན་མོངས་པ་ཀུན་ཏུ་འབྱུང་བ་རྣམ་པ་ཉི་ཤུ་གང་ཞེ་ན། སྨྲས་པ། འདོད་ཅིང་ཁས་བླངས་པའི་ཀུན་ནས་དཀྲིས་པ་ཀུན་ཏུ་འབྱུང་བ་དང་། འདོད་ཅིང་ཁས་བླངས་པ་མ་ཡིན
་པའི་ཀུན་ནས་དཀྲིས་པ་ཀུན་ཏུ་འབྱུང་བ་དང་། སོ་སོ་ཡང་དག་ད་མ་རིག་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། སོ་སོར་ཡང་དག་པར་རིག་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། ཉོན་མོངས་པ་རགས་པ་ཀུན་ཏུ་འབྱུང་བ་དང་། ཉོན་མོངས་པ
་མཉམ་པ་ཀུན་ཏུ་འབྱུང་བ་དང་། ཉོན་མོངས་པ་ཆ་ཕྲ་བ་ཀུན་ཏུ་འབྱུང་བ་དང་། ཉོན་མོངས་པ་ནང་དུ་བལྟས་པ་ཀུན་ཏུ་འབྱུང་བ་དང་། ཉོན་མོངས་པ་ཕྱིར་བལྟས་པ་ཀུན་ཏུ་འབྱུང་བ་དང་། བརྗེད་ངས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། ཟིལ་གྱིས
་གནོན་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། ཀུན་བརྟགས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། རང་བཞིན་གྱི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། ཡོངས་སུ་ཚོལ་བའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། རང་དབང་མེད་པའི་ཉོན་མོངས་པ་ཀུན
་ཏུ་འབྱུང་བ་དང་། རང་དབང་ཅན་གྱི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། གཞི་ལ་མི་གནས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། གཞི་ལ་གནས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། བསྒྲུབ་ཏུ་རུང་བའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་།
་བསྒྲུབ་ཏུ་མི་རུང་བའི་ཉོན་མོངས་པ་ཀུན་ཏུ་འབྱུང་བའི། རྐྱེན་ནིམ་པ་ཉི་ཤུ་གང་ཞེ་ན། སྨྲས་པ། བདེ་བའི་རྐྱེན་དང་། སྡུག་བསྔལ་གྱི་རྐྱེན་དང་། སྡུག་བསྔལ་ཡང་མ་ཡིན་བདྲི་བ་ཡང་མ་ཡིན་པའི་རྐྱེན་དང་། འདུན་པའི་རྐྱེན་དང་། རྣམ་པར་རྟོག
་པའི་རྐྱེན་དང་རེག་པའི་རྐྱེན་དང་། བག་ལ་ཉལ་གྱི་རྐྱེནུ་དང་། སྔོན་གོམས་པའི་རྐྱེན་དང་དམ་པ་མ་ཡིན་པ་དང་འགྲོགས་པའི་རྐྱེན་དང་། དམ་པ་མ་ཡིན་པའི་ཆོས་ཐོས་པའི་རྐྱེན་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྐྱེན་དང་།
་དད་པོའི་རྐྱེན་དང་། ལེ་ལོའི་རྐྱེན་དང་། བརྗེད་ངས་པའི་རྐྱེན་དང་། རྣམ་པར་གཡེང་བའི་རྐྱེན་དང་། ཤེས་རབ་འཆལ་བའི་རྐྱེན་དང་། བག་མེད་པའི་རྐྱེན་དང་། ཉོན་མོངས་པའི་རྐྱེན་དང་། འདོད་ཆགས་དང་མ་བྲལ་བ་ཉིད་ཀྱི་རྐྱེན་དང་། སོ་སོའི་སྐྱེ
་བོ་ཉིད་ཀྱི་རྐྱེན་གྱིས་ཉོན་མོངས་པ་ཀུན་ཏུ་འབྱུང་བར་འགྱུར་རོ།། ཁམས་གང་དང་གང་དུ་ལུས་ག་དང་གྲང་ཉིང་མཚམས་སྦྱོར་བར་བྱེད་པ་དང་། ཅི་ཁམས་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ཀྱི་ཉིང་མཚམས་སྦྱོར་བར་བརྗོད་པར་བྱ་བའམ་བེ་ན།
་མ་ཚང་བ་དག་གིས་ཤེ་ན། སྨྲས་པ། ཐམས་ཅད་ཀྱིས་ཡིན་གྱི་མ་ཚང་བ་དག་གིས་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་ཆགས་དང་མ་བྲལ་བ་ནི་རང་གི་སྐྱེ་བའི་གནས་སུ་སྐྱེ་བར་འགྱུར་གྱི་འདོད་ཆགས་དང་གྲོལ་བ་ནི་མ་ཡིན་ཏེ། འདོད་ཆགས
་དང་མཱ་བྲལ་བའི་ལུས་ནི་གཞན་དུ་ལུས་གཞན་སྐྱེ་བའི་རྒྱུར་གྱུར་པ་གང་ཡིན་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་དང་རྗེས་སུ་འབྲེལ་པའི་ཕྱིར་ཏེ། རྣམ་གྲངས་དེས་ན་ཉོན་མོངས་པ་ཐམས
་ཅད་ཀྱིས་ཉིང་མཚམས་སྦྱོར་བར་རིག་པར་བྱའོ།། གཞན་ཡང་སྐྱེ་བ་ན་ལུས་ལ་སྲེད་པའང་ཀུན་ཏུ་འབྱུང་ལ་བུད་མེད་སྐྱེས་པ་ལ་འདོད་ཆགས་དང་། ཁོང་ཁྲོ་བའམ་ཀུན་ཏུ་འབྱུང་ཅི་བུད་མེད་དམ་སྐྱེས་པ་འདི་བདག་དང་ལྡན་ཅིག་འགྲོགས་པར་འགྱུར་རམ
་འོན་ཏེ་མི་འགྱུར་སྙམ་དུ་ཐེ་ཚོམ་ཡང་ཀུན་ཏུ་འབྱུང་། ནང་དང་ཕྱི་རོལ་ལ་ངར་འཛིན་པ་དང་ང་ཡི་རི་འཛིན་པ་དང་ངའོ་སྙམ་པའི་ང་རྒྱལ་ལ་སོགས་པ་ཡང་ཀུན་ཏུ་འབྱུང་བའི་ཕྱིར་ཏེ། རྣམ་གྲངས་དེས་ཀྱང་ཉོན་མོངས་པ་ཐམས་ཅད་ཀྱི་ཉིང་མཚམས
་སྦྱོར་བར་རིག་པར་བྱའོ།། གཞན་ཡང་ཉིང་མཚམས་སྦྱོར་བ་ནི། མདོར་བསྡུ་ན་བདུན་ཡོད་དེ། ཀུན་ནས་དཀྲིས་པ་དང་བག་ལ་ཉལ་གྱིས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། སོ་སོའི་སྐྱེ་བོ་རྣམས་ཀྱིའོ།། བག་ལ་ཉལ་གྱིས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ།
་གཞི་མཐོང་བ་རྣམས་ཀྱིའོ།། ཤེས་བཞིན་དུ་འཇུག་པས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། འཁོར་ལོས་སྒྱུར་བ་རྣམས་ཀྱིའོ།། ཤེས་བཞིན་དུ་འཇུག་ཅིང་གནས་པས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། རང་སངས་རྒྱས་རྣམས་ཀྱིའོ།། ཐམས
་ཅད་དུ་བརྗོད་པ་མེད་པས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། ལམ་མ་ངོན་པར་འདུ་བྱེད་པས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཉིང་མཚམས་སྦྱོར་བ་མ་གཏོགས་པ་རྣམས་ཀྱིའོ།།
་ཡེ་ཤེས་མངོན་པར་འདུ་བྱེད་པས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། གནོད་པ་དང་ལྡན་པས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ་ལས་མངོན་པར་འདུ་བྱེད་པས་ཉིང་མཚམས་སྦྱོར་བ་དེ་ཉིད་དོ།། དོན་དང
་ལྡན་པས་ཉིང་མཚམས་སྦྱོར་བ་དེ་ཉིད་དོ།། དོན་དང་ལྡན་པས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། ཡེ་ཤེས་མངོན་པར་འདུ་བྱེད་པས་ཉིང་མཚམས་སྦྱོར་བ་དེ་ཉིད་དེ་དེ་དག་བསྡུས་ན་ཉིང་མཚོམས་སྦྱོར་བ་བདུན་ནུམ་ང་གུར་འགྱུར་རོ།། གཞི་དེ
་དག་ཐམས་ཅད་ལ་ཚིག་གོང་མ་དང་སྦྱར་བ་དང་ཚིག་འོག་མ་དང་སྦྱར་བ་རྣམ་པར་གོ་ཏན་ལ་དབབ་པའི་ཚུལ་གྱིས་མུ་བཞིར། བཅད་པའི་གཞུང་ནི་མི་སྣང་ངོ་།། སྡོམ་ནི། ལས་དང་མཚན་ཉིད་གཞི་དང་ནི།། བདེ་དང་མི་དགེ་ལ་སྔོགས་དང་།། སྤོང་དང་དམིགས།
་དང་ཀུན་འབྱུང་དང་།། ཉིང་མཚམས་སྦྱོར་བ་ཐ་མ་ཡིན།། །། བམ་པོ་བཅུ་བཞི་པ།། ལས་ཀྱི་ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔས་རྣམ་པར་གཞག་ཏེ། ལས་ཀྱི་ལམ་གྱི་དངོས་ཀྱི་བསྡུས་པའི་ལུས་ཀྱི་ལས་དང་ངག་གི།། །
་ལས་དང་ཡིད་ཀྱི་ལས་དང་དེ་དག་ཉིད་ཀྱི་སྦྱོར་བས་བསྡུས་པའི་ལས་དང་མཇུག་གིས་བསྡུས་པའི་ལས་ཀྱིས་སོ།། དེ་ལ་མི་དགེ་བའི་ལས་ཀྱི་ལམ་ཇི་སྐད་བསྟན་པ་རྣམས་ནི་དངོས་ཀྱིས་བསྡུས་པའི་མི་དགེ་བའི་ལུས་ཀྱི་ལུས་དང་ངག་གི་ལས་དང་།
་ཡིད་ཀྱི་ལས་ཞེས་བྱའོ།། སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་དེ་དག་གི་རང་གི་མཚན་ཉིད་རྣམ་པར་གཞག་པ་གང་ཞེ་ན། ཉོན་མོངས་པ་ཅན་གྱི་སེམས་དང་དེའི་བསམ་པས་དེ་ཉིད་ལ་ལས་དེ་ཀུན་ཏུ་སྤྱད་ཅིང་ཡོངས་སུ་རྫོགས་པ་ནི།
་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱི་ལམ་དེ་དག་ཐམས་ཅད་ཀྱི་རང་གི་མཚན་ཉིད་བསྡུས་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་ཉོན་མོངས་པ་ཅན་གྱི་སེམས་ནི་ཆགས་ཤིང་ཆགས་པས་ཟིལ་གྱིས་གནོན་པ་དང་སྡང
་ཞིང་སྡང་བས་ཟིལ་གྱིས་གནོན་པ་དང་རྨོངས་ཤིང་རྨོངས་པས་ཟིལ་གྱིས་གནོན་པའོ།། གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་ཡོད་ཀྱང་དེའི་བསོམ་པས་ཀུན་ཏུ་མ་སྤྱད་ན། ཡོངས་སུ་རྫོགས་པར་བྱས་ཀྱང་ལས་ཀྱི་ལམ་དུ་གཏོགས་པའི་ལས
་དེ་ཡོངས་སུ་རྫོགས་པ་མ་ཡིན་ནོ།། གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡོད་ལ་དེའི་བསམ་པའང་ཡོད་མོད་ཀྱི་སེམས་ཕྱིན་ཅི་ལོག་གིས་དངོས་པོ་གཞན་ཁོ་ན་ཞིག་ལ་ཀུན་ཏུ་སྤྱད་ན་མཐར་ཐུག་པར་གྱུར་ཏུ་ཟིན་ཀྱང་དེ་ལྟར་ན་ལས་དེ་ཡོངས
་རྫོགས་པ་མ་ཡིན་ནོ།། གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡོད་ལ་དེའི་བསམ་པའང་ཡོད་མོད་ཀྱི་ཀུན་ཏུ་མ་སྤྱད་ཅིང་མཐར་ཐུག་པར་མ་གྱུར་ན། དེ་ལྟར་ནའང་ལས་དེ་ཡོངས་སུ་རྫོགས་པ་མ་ཡིན་ནོ།། གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས
་ཀྱང་ཡོད་དེའི་བསམ་པའང་ཡོད་ལ་དེ་ཉིད་ལ་ཡང་ཀུན་ཏུ་སྤྱད་མོད་ཀྱི་མཐར་ཐུག་པར་མ་གྱུར་ན་དེ་ལྟ་ནའང་ལས་དེ་ཡོངས་སུ་རྫོགས་པ་མ་ཡིན་པའོ།། གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡོད་དེའི་བསམ་པའང་ཡོད་ལ་དེ་ཉིད་ལའང
་ཀུན་ཏུ་སྤྱད་པ་མཐར་ཐུག་པར་ཡང་གྱུར་ན་དེ་ལྟ་ན་དེའི་མི་དགེ་བའི་ལས་ཀྱི་ལམ་དུ་གཏོགས་པའི་ལས་དེ་ཡོངས་སུ་རྫོགས་པ་ཡིན་ཏེ་དེ་ལྟར་རང་གི་མཚན་ཉིད་བསྟན་པ་དེས། མི་དགེ་བའི་ལས་ཀྱི་ལམ་ཐམས་ཅད་ཀྱི་རང་གི་མཚན་ཉིད་རྗེས་སུ
་རྟོགགས་པར་བྱའོ།། ལས་ཀྱི་ལམ་བཅུ་པོ་དག་གི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་རྒྱས་པ་ནི་རྣམ་པ་ལྔས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། གཞི་དང་འདུ་ཤེས་དང་། བསམ་པ་དང་། ཉོན་མོངས་པ་དང་མཐའ་འོ།།
་དེ་ལ་གཞི་ནི་ལས་ཀྱི་ལམ་སོ་སོ་དག་ལ་སོ་སོར་ངེས་པར་བལྟ་བར་བྱ་སྟེ། དེ་ལ་བརྟེན་ནས་སེམས་ཅན་དུ་བགྲང་བ་འམ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་གཞི་དེས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཅི་རིགས་པར་འབྱུང་ངོ་།། འདུ་ཤེས
་ནི་རྣམ་པ་གཞིར་ལྟ་བར་བྱ་སྟེ། དེ་ལ་དེར་འདུ་ཤེས་པ་དང་། དེ་མི་ཡིན་པ་ལ་དེར་འདུ་ཤེས་པ་དང་། དེ་ལ་དེ་མ་ཡིན་པར་འདུ་ཤེས་པ་དང་། དེ་མ་ཡིན་པ་ལ་དེ་མ་ཡིན་པར་འདུ་ཤེས་པའོ།། དེ་ལ་བསམ་པ་ཞེས་བྱ་བ་ནི་འདུ་ཤེས་ཕྱིན་ཅི་ལོག
་གམ་འདུ་ཤེས་ཕྱིན་ཅི་མ་ལོག་པའི་བྱེད་འདོད་པ་ཉིད་གང་ཡིན་པའོ།། དེ་ལ་ཉོན་མོངས་པ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། ཆགས་པ་འམ་ཞེ་སྡང་ངམ་གཏི་མུག་གམ། ཆག་པ་དང་ཞེ་སྡང་ངམ་ཆགས་པ་དང་གཏི་མུག་གམ་ཞེ་སྡོང་དང་གཏི
་མུག་གམ་ཆགས་པ་དང་ཞེ་སྡང་དང་ག་ཏི་མུག་ཐམས་ཅད་དོ།། དེ་ལ་མཐའ་ནི་འདི་ཡིན་ཏེ་འདི་ལྟ་སྟེ། མངོན་པར་འདོད་པའི་ལས་དེ་ཉིད་ཀྱི་དེ་དང་འབྲེལ་པའི་སྦྱོར་བས་དུས་དེ་ཉིད་ཀྱི་ཚེ་འམ་དུས་དེའི་འོག་ཏུ་ཡོངས་སུ་རྫོགས་པར་གྱུར་པ་སྟེ། དེ
་ལྟར་ན་རྣམ་པ་ལྔ་པོ་དེ་དག་གིས་སྲོག་གཅོད་པ་ལ་སོགས་པ་ལོག་པར་ལྟ་བའི་མཐར་ཐུག་པའི་བར་གྱི་ལས་ཀྱི་ལམ་བཅུ་པོ་དེ་དག་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམོ་པར་བཞག་པ་རྒྱ་ཆེར་ཡོངས་སུ་རྫོགས་པར་ཅི་རིགས་པར་རིག་པར་བྱའོ།། སྲོག་གཅོད
་པའི་གཞི་ནི་སྲོག་དང་ལྡན་པའི་སེམས་ཅན་ནོ།། གལ་ཏེ་གསོད་པར་བྱེད་པ་དེ་སྲོག་ཆགས་དེ་ལ་སྲོག་ཆགས་ཡིན་པའི་འདུ་ཤེས་ཀྱང་ཡོད་ལ། སྲོགས་ཆགས་གང་གསད་པར་འདོད་པ་ལ་དེར་འདུ་ཤེས
་པའང་ཡོད་པ་དེ་ནི་དེ་ལ་དེའི་འདུ་ཤེས་ཕྱིན་ཅི་མ་ལོག་པ་ཞེས་བྱའོ།། དེ་འདུ་ཤེས་དེ་ལ་བརྟེན་ཏོ་འདི་གསད་པར་བྱའོ་སྙམ་དུ་སེམས་མངོན་པར་འདུ་བྱེད་པ་དེ་ནི་དེའི་གསོད་པའི་བསམ་པ་ཡིན་ནོ།། དེ་ཆགས་པས་ཟིལ་གྱིས་ནོན
་ཏམ་ཞེ་སྡང་གིས་ཟིལ་གྱིས་ནོན་ཏམ་གཏི་མུག་གིས་ཟིལ་གྱིས་ནོན་ཏམ། དེ་དག་ལས་གཉིད་ཀྱིས་ནོན་ཏམ་ཐམས་ཅད་ཀྱིས་ཟིལ་གྱིས་ནོན་ནས་དེ་ལྟར་སེམས་མངོན་པར་འདུ་བྱེད་པ་དེ་ནི་དེའི་ཉོན་མོངས་པ་ཡིན་ནོ།། དེ་བས
་པ་དེ་དང་དེ་ལྟར་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་རང་ངམ་གཞན་དག་གི་གསད་པའི་སྦྱོར་བ་རྩོམ་ཞིང་མཚོན་གྱིས་འདེབས་པར་བྱེད་ལ། གལ་ཏེ་བབ་མ་ཐག་ཁོ་ནར་སྦྱོར་བུ་དེས་ཤྲཱི་བར་གྱུར་ན་དུས་དེ་ཉིད་ཀྱི་ཚེ་དེའི་ལས་ཀྱི་ལམ
་ཡོངས་སུ་རྫོགས་པས་མཐར་ཐུག་པ་ཡིན་པར་བལྟ་བར་བྱའོ།། གལ་ཏེ་དུས་དེ་ཉིད་ཀྱི་ཚེམ་ཤི་བར་སྦྱོར་བ་དེས་དུས་གཞན་གྱི་ཚེ་ན་ཤི་བར་གྱུར་ནའང་དུས་གང་གི་ཚེ་ན་ཤི་བར་གྱུར་པ་དེའི་ཚེ་ན་མཐར་ཐུ་ག་པར་རིག་པར
་བྱའོ།། ཇི་ལྟར་རྣམ་པ་ལྔ་པོ་དེ་དག་གི་ལས་ཀྱི་ལམ་རེ་རེ་བསྟན་པའི་གཞུང་ནི་མི་སྣང་ངོ་།། མ་བྱིན་པོ་ལེན་པའི་གཞི་ནི་གཞན་གྱིས་ཡོངས་སུ་བཟུང་བའོ།། འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ།། བསམ་པ་ནི་འཕྲོག
་པར་འདོད་པ་མེད་དོ།། ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ།། མཐའ་ནི་གནས་གཞན་དུ་སྤྲོས་པའོ།། འདོད་པ་ལ་ལོག་པར་གཡེམ་པའི་གཞི་ནི་འཇུག་པར་བྱ་བ་མ་ཡིན་པའི་བུད་མེད་དང་འཇུག་པར་བྱ་བ་ཡིན
་ནའང་། ཡན་ལག་མ་ཡིན་པ་དང་གནས་མ་ཡིན་པ་དང་། དུས་མ་ཡིན་པ་དག་དུས་ཚོད་མ་ཡིན་པ་དང་མི་རིགས་པར་བྱེད་པ་དང་། སྐྱེས་པ་ཐམས་ཅད་དང་མ་ནིང་ངོ་།། འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ།། བསམ་པ་ནི་འགྲོ་འདོད
་པའོ།། ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ།། མཐའ་ནི་གཉིས་ཀྱིས་གཉིས་སྤྲད་པའོ།། བརྫུན་ཏུ་སྨྲ་བའི་གཞི་ནི་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་དང་མ་མཐོང་བ་དང་། མ་ཐོས་པ་དང་། བྱེ་བྲག་མ
་ཕྱེད་པ་དང་། རྣམ་པར་མ་ཤེས་པའོ།། འདུ་ཤེས་ནི་མཐོང་བ་ལ་སོགས་པ་ལ་བཟློག་པར་འདུ་ཤེས་པའོ།། བསམ་པ་ནི་འདུ་ཤེས་བསྐུར་ཏེ་སྨྲ་བར་འདོད་པ་ཉིད་དོ།། ཉོན་མོངས་པ་ནི་ཆགས་པ་དང་། ཞེ་སྡང་དང་། གཏི་མུག་གང་ཡང
་རུང་བའོ།། མཐའ་ནི་འཁོར་དང་ཕྱས་འདྲི་བ་ལ་གོ་བར་བྱས་པའོ།། ཕྲ་མའི་གཞི་ནི་སེམས་ཅན་མཐུན་པ་དང་མི་མཐུན་པ་རྣམས་སོ།། འདུ་ཤེས་ནི་གཉི་ག་ལ་མཐུན་པ་དང་། མི་མཐུན་པ་གང་ཡང་རུང་བར་འདུ་ཤེས་པའོ།། བསམ
་པབ་ནི་དབྱེ་བ་དང་། མི་འདུམ་པར་འདོད་པ་ཉིད་དོ།། ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ།། མཐའ་ནི་དབྱེ་བར་བྱ་བས་རྣམ་པར་རིག་པར་པའོ།། ངག་རྩུབ་པོའི་གཞི་ནི་ཀུན་ནས་མནར་སེམས་ཀྱི་རྒྱུར་གྱུར་པའི་སེམས་ཅན་རྣམས་སོ།།
་འདུ་ཤེས་ནི་དེ་དག་ལ་དེར་འདུ་ཤེས་པའོ།། བསམ་པ་ནི་ངག་རྩུབ་པོར་སྨྲ་བར་འདོད་པ་ཉིད་དོ།། ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ།། མཐའ་ན་དེ་ལ་དག་རྩུབ་པོས་སྨྲས་པའོ།། ཚིག་ཁྱལ་བའི་གཞི
་ནི་དོན་མེད་པ་དང་ལྡན་པའི་དོན་ཏོ།། འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ།། བསམ་པ་ནི་སྨྲ་བར་འདོད་པ་ཉིད་དོ།། ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ།། མཐའ་ནི་སྨྲས་པའོ།། བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ནོར་དང་ཡོ་བྱ།།
་འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ།། བསམ་པ་ནི་དེ་ལྟར་འདོད་པའོ།། ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ།། མཐའ་ནི་དེ་ལ་བདག་གིར་བྱ་བར་ངེས་པའོ།། གནོད་སེམས་ཀྱི་གཞི་དང་འདུ་ཤེས་ནི་ངག་རྩུབ་པོའི་ཇི་ལྟ་བ་བཞིན།
་ནོ།། བསམ་པ་ནི་བསྣུན་པ་ལ་སོགས་པར་འདོད་པ་ཉིད་དོ།། ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ།། མཐའ་ནི་བསྣུན་པ་ལ་སོགས་པས་ངེས་པོའོ།། ལོག་པར་ལྟ་བའི་གཞི་ནི་ཡོད་པའི་དོན་ཏོ།། འདུ་ཤེས་ནི་བདེན་པ་ཡིན་པར་འདུ
་ཤེས་པའོ།། བསམ་པ་ནི་དེ་ལྟར་འདོད་པའོ།། ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ།། མཐའ་ནི་སྐུར་པ་གདབ་པར་ངེས་པའོ།། དེ་ལ་སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་རྒྱས་པ་ལས་བྱུང་བ་དང་། ཁ
་ན་མ་ཐོ་བ་དང་བཅས་པ་རྒྱས་པ་མ་ཡིན་པ་ལས་བྱུང་བ་དང་། ཁ་ན་མ་ཐོ་བ་ན་མེད་པའོ།། ཁ་ན་མ་ཐོ་བ་པོ་སྐྱེད་པའི་རྒྱུ་ནི་གསུམ་སྟེ། ཉོན་མོངས་པ་བསྐྱེད་པ་དང་། སྡུག་བསྔལ་བསྐྱེད་པ་དང་འདོད་པ་ཡོངས་སུ་རྫོགས་པའོ།། དེ་ལ་དང་པོ
་ལ་ནི་རྒྱུ་གསུམ་ཆུར་ཡོད་པར་བལྟ་བར་བྱའོ།། གཉིས་པ་ལ་ནི་གཉིས་ཏེ། འདོད་པ་ཡོངས་སུ་རྫོགས་པ་མེད་དོ།། གསུམ་པ་ལ་ནི་གཅིག་ཏེ། སྡུག་བསྔལ་བསྐྱེད་པ་ཁོ་ནའོ།། དེ་ལ་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ
་བ་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་ནི་རྣམ་པ་ལྔ་ལྔས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། རང་གི་ལོངས་སྤྱོད་དག་ལ་ལྷག་པར་ཆགས་པའི་སེམས་དང་ལྡན་པ་དང་། འདི་ལྟ་སྟེ། ལོངས་སྤྱོད
་སོགས་པར་འདོད་པས་བརྐམ་ཆགས་ཀྱི་སེམས་དང་ལྡན་པ་དང་། འདི་ལྟ་སྟེ། གཞན་གྱི་ནོར་དང་ཡོ་བྱད་ལོ་སོགས་པ་ལ་བཟང་བས་ལས་ཡོངས་སུ་རྟོག་ཅིང་རོ་མྱང་བར་བྱེད་པས་ཆུམས་པའི་སེམས་དང་ལྡན་པ་དང་། འདི་ལྟ་སྟེ། གཞོན
་དག་གི་གང་ཡིན་པ་དེ་བདག་གིར་གྱུར་ཅིག་སྙམ་དུ་སེམས་མངོན་པར་འདུ་བྱེད་པས་འཁུ་བའི་སེམས་དང་ལྡན་པ་དང་། འདི་ལྟ་སྟེ། བརྣབ་སེམས་ཀྱི་ཀུན་ནས་དཀྲིས་པ་དེས་ངོ་ཚ་བ་མེད་པ་དང་ཉེས་དམིགས་ལས་ངེས་པར་འབྱུང་བ་མི
་ཤེས་པས་ཟིལ་གྱིས་ནོན་པའི་སེམས་དང་ལྡན་པ་ཡིན་ཏེ། དེ་ལ་གལ་ཏེ་རང་གི་ལོངས་སྤྱོད་དག་ལ་ལྷག་པར་ཆགས་པའི་སེམས་དང་ལྡན་ཡང་། དེ་ལས་གཞན་པའི་སེམས་དག་མི་སྣང་ན། དེའི་ཡིད་ཀྱི་ཉེས་པར་སྤྱོད་པ་བརྣབ
་སེམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་པར་བལྟ་བར་བྱའོ།། དེ་བཞིན་དུ་ལྷག་པོར་ཆགས་པའི་སེམས་དང་ཡང་ལྡན་གག་ཆགས་ཀྱི་སེམས་དང་ཡང་ལྡན་མོད་ཀྱི། དེ་ལས་གཞན་པའི་སེམས་དག་མི་སྣང་ན། བརྣ་བོ་སེམས་ཀྱི
་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་ནོ།། དེ་བཞིན་དུ་རྒྱ་ཆེར་ཇི་སྐད་བསྟན་པའི་རྣམ་པ་དག་ལས་རྣམ་པ་གང་ཡང་རུང་བ་ཞིག་མ་ཚང་ན་བརྣབ་སེམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་པར་བལྟ་བར་བྱའོ།
་ཡན་ལག་ཐམས་ཅད་ཀྱིས་ཡོངས་སུ་ཟིན་ན་ནི་བརྣབ་སེམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ནོ།། དེ་ལ་གནོད་སེམས་ཀྱི་རང་གི་མཚན་ཉིད་ཡོངས་སུ་རྫོགས་པ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། ལྷ
་གང་ཞེ་ན། གནོད་པར་བྱེད་པའི་རྒྱུ་ལ་དེ་དང་མཐུན་པའི་ཆོས་མཚན་མར་འཛིན་པས་ཞེ་སྡང་གི་སེམས་དང་ལྡན་པ་དང་། གནོད་པ་བྱེད་པ་མི་བཟོད་པས་མི་བཟོད་པའི་སེམས་དང་ལྡན་པ་དང་། ཡང་དང་ཡང་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད
་པ་རྗེས་སུ་དྲན་པས་ཁོན་དུ་འཛིན་པའི་སེམས་དང་ལྡན་པ་དང་། ཀྱེ་མ་སེམས་ཅན་འདི་དགེ་བརྡེགས་སམ་གྲེསད་ན་ཅི་མ་རུང་སྙམ་དུ་རྒྱ་ཆེར་སེམས་མངོན་པར་འདུ་བྱེད་པས་འཁུ་བའི་སེམས་དང་ལྡན་པ་དང་། སྔ་མ་ལྟ་བུ་ཟིལ་གྱིས་ནོན
་པའི་སེམས་དང་ལྡན་པ་ཡིན་ཏེ། རྣམ་པ་ལྔ་པོ་དེ་དག་ལས་གང་ཡང་རུང་བ་ཞིག་མ་ཚང་ན་གནོད་སེམས་ཀྱི་མཚན་ཉིད་དུ་ཡོངས་སུ་རྫོགས་པ་མ་ཡིན་ལ། ཚང་པོས་ནི་ཡོངས་སུ་རྫོགས་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་ལོག་པར་ལྟ་བའི
་མཚན་ཉིད་ཡོངས་སུ་རྫོགས་པ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། ལྔ་གང་ཞེ་ན། ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མི་ཤེས་པས་རྨོངས་པའི་སེམས་དང་ལྡན་པ་དང་། སྡིག་པའི་བྱ་བ་ལ་དགའ
་བས་དྲག་ཤུལ་གྱི་སེམས་དང་ལྡན་པ་དང་། ཚུལ་བཞིན་མ་ཡིན་པའི་ཆོས་ལ་རྣམ་པར་རྟོག་ཅིང་ངེས་པར་རྟོག་པས་ལོག་པའི་རྒྱུན་ཏུ་ཞུགས་པའི་སེམས་དང་ལྡན་པ་དང་། བྱིན་པ་དང་། མཆོད་སྦྱིན་དང་། སྦྱིན་སྲེག་དང་། ལེགས་པར
་སྤྱད་པ་ལ་སོགས་པ་མེད་དོ།། ཞེས་སྐུར་པ་འདེབས་པས་རབ་ཏུ་ཉམས་པའི་སེམས་དང་ལྡན་པ་དང་། ལྡོག་པར་ལྟ་བའི་ཀུན་ནོས་དཀྲིས་པ་དེས་ངོ་ཚ་བ་མེད་པ་དང་། ཉེས་དམིགས་ལ་ངེས་པར་འབྱུང་བ་མི་རིཤེས་པས་ཟིལ་གྱིས་ནོན་པའི
་སེམས་དང་ལྡན་པ་ཡིན་ཏེ། རྣམ་པ་ལྔ་པོ་དེ་དག་ལས་ཀྱང་གང་ཡང་རུང་བ་ཞིག་མ་ཚང་ན་ལོག་པར་ལྟ་བའི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་ལ། ཚང་བས་ནི་ཡོངས་སུ་རྫོགས་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་ལག་པས་སྲོག
་ཆགས་གསོ་ན་ཡང་བསད་པ་ཡིན་པར་བརྗོད་པར་བྱའོ།། བོད་བ་འམ་དབྱུག་པ་འམ་མཚོན་ཆ་འམ་བཅིང་བ་འམ། གོ་རར་གཞུག་པ་འམ། ཟས་བཅད་པ་འམ། གཞུ་བའམ། གནོད་པར་བྱས་པ་འམ། བརྡེག་པའམ། ཐ་ན་གསང་སྔགས
་སམ། སྨན་རྣམས་སམ། གཤེད་བྱེད་དམ་བྱེད་དམཽ། རོ་ལངས་དང་རོ་ལངས་བྱེད་ལ་སོགས་པས་གསོད་ན་ཡང་བསད་པ་ཡིན་པར་བརྗོད་པར་བྱའོ།། ཟང་ཟིང་ལ་སོགས་པ་འདོད་པས་གསོད་ན་ཡང་བསད་པ་ཡིན་པར་བརྗོད་པར་བྱའོ།།
་གནོད་པ་བྱེད་དུ་དོགས་པ་འམ། ཤ་གློན་པར་འདོད་པ་འམ། ཆོས་འདོད་པའམ། ཐ་ན་དགའ་བ་དང་། རྩེད་མོའི་ཕྱིར་གསོད་ན་ཡང་བསད་པ་ཡིན་པར་བརྗོད་པར་བྱའོ།། རང་གི་གསོད་དམ། གཞན་དག་གསོད་དུ་བཅུག་ཀྱང་རུང་། གསད
་ན་སྲོག་གཅོད་པ་བྱས་པ་ཡིན་པར་བརྗོད་པར་བྱའོ།། དེ་ལ་ངོ་མཐོན་དུ་གཞན་གྱི་ནོར་འཕྲོག་སྔ་ན་ཡང་མ་བྱིན་པར་བླངས་པ་ཡིན་པར་བརྗོད་པར་བྱའོ།། འཇབ་ཁྲུས་རྐུ་འམ། ཁྱིམ་ཕུག་གམ། མདུད་པ་བཀྲོལ
་ལམ། ལམ་བཀག་སྟེ་རིལ་གྱིས་འཕྲོག་གམོ། བུ་ལོན་ལ་དོར་བྱེད་དམ། གཏམས་པ་ལ་དོར་བྱེད་དམ། གཡོ་དང་སྒྱུས་བྲིད་དེ་འཕྲོག་གམ། འཇིག་པ་བསྟན་ནམ། གཞན་གྱི་གཡོ་ཐབས་ཀྱིས་སེམ། དབང་དུ་བྱས་ནས། རང་གིས་འཕྲོག
་གམ། གཞན་དག་འཕྲོག་ཏུ་བཅུག་ན་ཡང་། མ་བྱིན་པར་བླངས་པ་ཡིན་པར་བརྗོད་པར་བྱའོ།། བདག་གི་དོན་དུ་འཕྲོག་གམ། གཞན་གྱི་དོན་དུ་འཕྲོག་གམ། འཇིགས་པས་འཕྲོག་གམ། གསད་པའི་དོན་ན་མོ། བཅིང་བའི་དོན་ནམ
་གནོད་པར་བྱ་བའི་དོན་ནམ། ལིངས་སྤྱོད་ཀྱི་དོན་ནིམ། བསྙེན་བཀུར་གྱི་དོན་ནམ། ཕྲག་དོག་གི་རང་བཞིན་ན་མེ། ཞེ་སྡང་གིས་འཕྲོག་ན་ཡང་། ཐམས་ཅད་མ་བྱིན་པར་བླངས་པ་ཡིན་པར་བརྗོད་པར་བྱའོ།། དེ་ལ་འཇུག་པར་བྱ་བ་མ་ཡིན་པར
་འཇུག་པ་ན་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ།། ཡན་ལག་མ་ཡིན་པ་འཇུག་པ་དང་། སུམ་སཱི་བཱ་འདུག་པ་དང་ག་ནས་མ་ཡིན་པར་འཇུག་པ་ན་ཡང་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ།། དེ་ལ་མ་ལ་སོགས་པ་དང་། མས
་བསྲུངས་པ་ལ་སོགས་པ་མདོ་ལས་ཇི་སྐད་གསུངས་པ་རྣམས་ནི་འཇུག་པར་བྱ་བ་མ་ཡིན་པ་ཞེས་བྱའོ།། སྐྱེས་པ་ཐམས་ཅད་དེ་རང་གི་དང་། གཞན་གྱི་ཡང་འཇུག་པར་བྱ་བ་མ་ཡིན་པ་ཞེས་བྱའོ།། དེ་ལ་མངལ་གྱི་སྒོ་མ་གཏོགས་པ་དེ་ལས
་གཞན་པའི་ཡན་ལག་རྣམས་ནི་ཡན་ལག་མ་ཡིན་པ་ཞེས་བྱའོ།། ཟླ་མཚན་འཛག་པ་དང་། ཟླ་བ་ཚང་བ་དང་། ནུ་ཞོ་འཛག་པ་དང་། གསོ་སྦྱོང་ལ་གནས་པ་དང་། ནང་ཇི་ལྟ་བུས་ཐེབས་ན་འཁྲིག་པ་སྤྱད་དུ་མི་རུང་བའི་ནད་ཀྱི་ཐེབས་པ་དང་། དེའི
་ཆོད་ལས་ལྷག་པ་ནི་དུས་མ་ཡིན་པ་ཞེས་བྱའོ།། དེ་ལ་ཚོད་ནི་འདི་ཡིན་ཏེ་ལན་ལྔའི་བར་དུ་བྱེད་པ་ནི་ཆོད་ཡིན་ནོ།། དེ་ལས་ལྷག་པ་ནི་ཚོད་མ་ཡིན་ནོ།། དེ་ལ་བླ་མ་ལྟ་བུ་རྣམས་ཀྱི་ཉེ་འཁོར་དང་། མཆོ་རྟེན་གྱི་གནས་རྣམས་དང་། སྐྱེ་བོ་མང་པོའི
་མངོན་སུམ་དང་། གང་དུ་དེ་ལ་གནོད་པར་འགྱུར་བའི་ས་ཕྱོགས་འབར་འབུམ་ཅན་ན་མོ། སྲ་བ་འམ། དེ་ལྟ་བུ་དང་མཐུན་པའི་གནས་དག་ནི་གནས་མ་ཡིན་པ་ཞེས་བྱའོ།། དེ་ལ་རང་འགྲོ་ན་ཡང་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པོར་བརྗོད་པར
་བྱའོ།། གཞན་དག་ལ་སྨྱན་བྱེད་དུ་འཆོལ་ན་ཡང་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ།། ངོ་འཐོན་དུ་འགྲོ་བ་འམ། འཇབ་བུར་འགྲོ་འམ། གཡོ་དང་སྒྱུ་བྲིང་དེ་འགྲོ་འམ། ཡིད་བརྟན་ཏེ་འགྲོ་ན་ཡང་འདོད་པ་ལོག་པར་གཡེམ་པ
་ཡིན་པར་བརྗོད་པར་བྱའོ།། དེ་ལ་བདག་ཉིད་ཀྱི་ཕྱིར་བརྫུན་སྨྲ་ན་ཡང་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་བྱའོ།། གཞན་གྱི་ཕྱིར་རམ་འཇིགས་པའི་ཕྱིར་རམ། ཟང་ཟིང་ཆུང་ཟད་ཙམ་གྱི་ཕྱིར་མ་མཐོང་བར། མཐོང་ངོ་ཞེས་སྨྲ་འམ། མ་ཐོས་པ་དང
་བྱེ་བྲག་མ་ཕྱེད་པ་དང་། རྣམ་པར་མ་ཤེས་པར་རྣམ་པར་ཤེས་སོ་ཞེས་སྨྲ་འམ། མཐོང་བ་ལ་མ་མཐོང་ངོ་ཞེས་སྨྲ་འམ། ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ལ་རྣམ་པར་མ་ཤེས་སོ་ཞེས་སྨྲ་ན་ཡང་བརྫུན་དུ་སྨྲ་བ་ཡིན་པར་བརྗོད
་བར་བྱའོ།། ཡི་གེའི་ཟུར་གྱིས་བསྒྱུར་ཅིང་སྨྲ་འམ། ཅང་མི་སྨྲ་བས་དེའི་དོན་དང་དུ་ལེན་ཏམ། ལུས་བསྒྱུར་བའི་མཚན་མས་སྟོན་པར་བྱེད་དམ། མངོན་སུམ་ཉིད་དུ་སྨྲ་འམ། གཞན་དག་སྨྲར་བཅུག་ན་ཡང
་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པོར་བྱའོ།། དབྱེ་བའི་ཕྱིར་གཞན་ལ་མི་བསྔགས་པ་རྗོད་པའི་ཚིག་བདེན་པ་རྗོད་པར་བྱེད་ན་ཕྲ་མ་ཡིན་པར་བརྗོད་པར་བྱའོ།། མི་བདེན་པས་སྙན་ཚིག་གི་སྦྱོར་བ་ལ་བརྟེན་ཏེ་གཞན་དག་ལ་གནོད་པ་བྱ།
་ཕྱིར་སྒྲོགས་སམ། ཉེ་བར་སྦྱིན་པ་ལ་བརྟེན་ཏམ། བསྙེན་བཀུར་ལས་བརྟེན་ཏམ། བདག་གི་དོན་གྱི་ཕྱིར་རམ། གཞན་དག་གི་དོན་གྱི་ཕྱིར་རམ། གཞན་གྱི་ལྕེ་རྟེན་གྱིས་དབྱེན་གྱི་ཡོན་ཏན་བརྟན་ཏ་མ། ཐ་ན་འཇིགས་པ
་བསྟན་ཏེ། དབྱེ་བའི་ཕྱིར་རང་ངམ། གཞན་དག་ཚིག་ཏུ་བརྗོད་དུ་བཅུག་ནཱ་ཡང་ཕྲ་མ་ཡིན་པར་བརྗོད་པར་བྱའོ།། མངོན་སུམ་དུ་ཚིག་རྩུ་བ་པོ་བརྗོད་པར་བྱེད་ན་ངག་རྩུབ་པོ་ཡིན་པར་བརྗོད་པར་བྱའོ།། ལྐོག་གམ་སྐྱེ་བོ་མང་པོའི་མངོན་སུམ
་འམ། དབེན་པར་བདེན་པའི་སྐྱོན་གྱི་རྗེས་སུ་འབྲང་བའམ། མི་བདེན་པའི་སྐྱོན་གྱི་རྗེས་སུ་འབྲང་བ་ཡི་གེའི་ཟུར་གྱིས་བསྒྱུར་བས་སམ། རྣར་གཤུགས་པས་སམ། བདག་ཉིད་ཀྱི་ལྕེ་རྟེན་གྱིས་སོམ། གཞན་གྱི་ལྕེ་རྟེན་གྱིས་རྒོད་པའམ
་མ་ཞི་བའམ། རིགས་ཀྱི་སྐྱོན་ལ་སོ་བརྟེན་ཏམ། ལུས་ཀྱི་སྐྱོན་ལས་བརྟེན་ཏམ། བྱ་བའམ་ཚུལ་ཁྲིམས་ཏེ། ཀུན་ཏུ་སྤྱོད་པའི་སྐྱོན་ལས་བརྟེན་ཏེ། རང་ངམ་གཞན་དག་ཚིག་རྩུབ་པོ་བརྗོད་དུ་བཅུག་ན་ཡང་དག་རྩུབ་པོ་ཡིན་པར་བརྗོད་པར་བྱའོ།། བྲོ་གར་ལས་བརྟེན
་པའི་གླུ་ལེན་ན་ཚིག་ཀྱལ་པ་ཡིན་པར་བརྗོད་པར་བྱའོ།། སིལ་སྙན་ལ་བརྟེན་པ་འམ། དེ་གཉི་ག་ལས་བརྟེན་པ་འམ། དེ་གཉི་ག་ལས་མ་བརྟེན་པའི་གླུ་ལེན་ཏམ། འདི་ལས་ཕྱི་རོལ་པའི་བསྟན་བཅོས་དོན་དང་མི་ལྡན་པ་དེ་དག་ལ་དགའ་བའི་བློས་ལུང
་འཕྲོག་གམ། ཀུན་ཆུབ་པར་བྱེད་དམྦྷ། རྒྱས་པོར་དབྱངས་ཀྱིས་ཁ་ཏོན་བྱེད་དམ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་ན་ཡང་ཚིག་ཀྱལ་པ་ཡིན་པར་བརྗོད་པར་བྱའོ།། ཐབ་མོ་དང་། མཚང་འབྲུ་བ་དང་། རྩོད་པ་དང་། འགྱེད་པ་ལས་བརྟེན
་ཏེ་ཚིག་བརྗོད་པར་བྱེད་དམ། འདུ་འཛིའི་གཏམ་ལ་དགའ་ཞིང་རྒྱལ་པོའི་གྲོ་ཏམ་ཟེར་རམ། རྐུན་པོའི་གཏམ་ཟེར་རམཱ། རྒྱས་པར་ཡུལ་གྱི་གཏམ་འམ། བློན་པོ་ཆེན་པོའི་གཽཏམ་གྱི་བར་རམ། བརྫུན་གྱི་ཚིག་སྨྲ་འམ། ཕྲ་མའི་ཚིག་སྨྲ་འམ། ངག་རྩུབ
་པོ་སྨྲ་འམ། ཐུ་ན་རྣམ་པར་མ་བརྟགས་པ་འམ། ཀུན་ཏུ་མ་བརྟགས་པའི་ཚིག་དོན་མེད་པ་བརྗོད་ན་ཡང་ཚིག་ཀྱལ་པ་ཡིན་པར་བརྗོད་པར་བྱའོ།། ཚིག་ཁྱལ་པ་ནི་གཞི་བདུན་དང་ལྡན་པ་ཡིན་ཏེ། ཐབ་མོ་དང་། མ་ཚང་འབྲུ་བ་དང་། རྩོད་པ་དང་། འགྱེད
་བ་དང་། བྲམ་ཟེའི་གསང་སྔགས་རྣམས་དང་། ཉམ་ཐག་ཅིང་སྨྲ་བ་དང་། བགད་པ་དང་རྩེས་པ་དང་། དགའ་བར་བྱས་པ་དང་དགའ་དགུར་སྤྱད་པ་སྨྲ་བ་དང་། འདུ་འཛིའི་གཏམ་སྨྲ་བ་དང་། ར་རོ་བ་དང་། སྨྱོས་པ་ལྟ་བུར་སྨྲ་བ་དང་། ལོག་པའི་འཚོ་བས་སྨྲ
་བའོ།། ཁྱིམ་གྱི་རྗེ་དཔོན་ལས་འདོད་པའི་རྣམ་པར་སྐྱེད་པར་བྱེད་པ། ཀྱེ་མ་ཁྱིམ་གྱི་རྗེ་དཔོན་གང་ཡིན་པ་དེ་བདག་གི་བྲན་གཡོག་ཏུ་གྱུར་ཅིང་ཅི་འདོད་པ་བཞིན་དུ་བྱར་རུང་བར་གྱུར་ན་ཅི་མ་རུང་སྙམ་པ་ནི་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ།།
་ཁྱིམ་གྱི་རྗེ་དཔོན་དེ་ཉིད་ཀྱི་ཕ་མ་འམ། བུ་འམ། ཆུང་མ་འམ། བྲན་ནམྦ། བྲན་མོ་འམ། ལས་བྱེད་པའམ། ཞོ་ཤས་འཚེ་བ་འམ། རྒྱས་པར་ཡོངས་སུ་བཟུང་བའི་དངོས་པོ་བདུན་ནམ། ཟས་ལ་སོགས་པ་ལུས་ཀྱི་ཡོ་བྱད་བ
་བོཔོ་དག་ལ་ཡང་དེ་བཞིན་དུ་རིག་པར་བྱའོ།། ཀྱེ་མ་བདག་ལ་གཞན་དག་འདོད་པ་ཆུང་བ་ཡིན་པར་ཡིད་ཆེས་པར་བྱའོ་སྙམ་དུ་འདོད་པ་རྣམ་པ་བསྐྱེད་པར་བྱེད་ན་ཡང་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ།། འདོད་པ་ཆུང་བ་ཇི་ལྟ་བ་བཞིན་དུ་ཆོག
་ཤེས་པ་དང་རབ་ཏུ་དབེན་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གནས་པ་དང་། མཉམ་པོར་བཞག་པ་དང་། ཤེས་རབ་ཅན་དང་། ཟག་པ་ཟད་པ་དང་། མང་དུ་ཐོས་པ་དང་། གཏོང་བའི་ངང་ཚུལ་ཅན་ཡང་དེ་བཞིན་ནོ།། ཀྱེ་མ་བདག
་རོལ་རྒྱལ་པོ་ནས། རྒྱས་པར་དེད་དཔོན་དང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་བར་དག་གིས་བསྙེན་བཀུར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བར་འགྱུར་བ་དང་།
་ཀྱེ་མ་བདག་གིས་ཟས་དང་གོས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོ་སྨན་དང་། ཡོ་བྱད་ཐོབ་བུར་གྱུར་ཀྱང་ཅི་མ་རུང་སྙམ་དུ་འདོད་པའི་རྣམ་པ་སྐྱེད་པར་བྱེད་ན་ཡང་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ།། ཀྱེ་མ་བདག་ཉིད་ཀྱི་ཕྱི་མ་ལ་ལྷའི་འཇིག
་རྟེན་དུ་སྐྱེ་ཞིང་ལྷའི་འདོད་པའི་ཡོན་ཏན་ལྔས་རྩེ་བར་གྱུར་སྙམ་པ་དང་། ཀྱེ་མ་བདག་ཕྱི་མ་ལོ་དྲག་པོའི་འཇིག་རྟེན་དང་། ཁྱབ་འཇུག་གི་འཇིག་རྟེན་དང་། མི་སྐལ་བ་ཅན་རྣམས་དང་། སྐལ་བ་མཉམ་པར་སྐྱོ་བར་གྱུར་ཅིག་ཅེས་བྱ་བ་ནས། རྒྱས་པར་གཞན
་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པའི་བར་སྐྱེ་བར་གྱུར་ཅིག་སྙམ་དུ་འདོད་པའི་རྣམ་པ་སྐྱེད་པར་བྱེད་ན་ཡང་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ།། ཐ་ན་ཕ་མ་དང་བུ་དང་ཆུང་མ་དང་བྲན་དང་བྲན་མོ་དང་། ལུས་བྱེད་པ་དང་། ཞོ་ཤས
་འཚོ་བ་དང་། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དོང། རྒན་རབས་དང་ཚངས་པ་མཚུངས་པོར་སྤྱོད་པ་རྣམས་ཀྱི་ཡོ་བྱད་ལ་འདོད་པའི་རྣམ་པ་སྐྱེད་པར་བྱེད་ན་ཡང་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ།། འདི་ནི་བདག་ལ་གནོད་པ་བྱ
་བར་འདོད་པ་ཡིན་ནོ་སྙམ་ནས། དེ་ལ་གནོད་པར་བྱ་བའི་ཕྱིར་སེམས་པར་བྱེད་ན་གནོད་སེམས་ཡིན་པར་བརྗོད་པར་བྱའོ།། བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་སྙམ་ནས། དེ་ལ་གནོད་པར་བྱ་བའི་ཕྱིར་སེམས་པར་བྱེད་ན་ཡང
་གནོད་སེམས་ཡིན་པར་བརྗོད་པར་བྱའོ།། རྒྱས་པར་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ།། ཀྱེ་མ་བདག་གོ་གཤེད་མ་རྣམས་དང་། དགྲ་བོ་རྣམས་དང་། ཕས་ཀྱི་དགྲ་རྣམས་དབང་དུ་འགྱུར་ཞིང་བདག་གིས་དེ
་དག་གསད་པ་དང་། བཅིང་བ་དང་། སྤྱུགས་པ་དང་ལྕག་དག་གིས་གཞུ་བ་དང་། དེ་ལོངས་སྤྱོད་རྣམས་དང་ད་བྲལ་བ་དང་། བུ་སྨོད་རྣམས་དང་། རྩ་འཇིང་དང་། འཁོར་དང་ཁྱིམ་དང་དཔྲལ་བར་བྱའོ་སྙམ་དུ་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པར
་བྱེད་ན་ཡང་གནོད་སེམས་ཡིན་པར་བརྗོད་པར་བྱའོ།། གཞན་དག་ལ་བདག་གི་གཤེད་མ་རྣམས་དང་། དགྲ་བོ་རྣམས་དང་། ཕས་ཀྱིས་དགྲ་རྣམས་ལ་ཇི་སྐད་བརྗོད་པའི་གནོད་པ་བྱ་བར་འཆོལ་བའི་ཀུན་ནས་མནར་སེམས་ཀྱི་སེམས་བསྐྱེད་པར
་བྱེད་ན་ཡང་གནོད་སེམས་ཡིན་པར་བརྗོད་པར་བྱའོ།། རང་ཉིད་དེ་ལྟ་དེ་ལྟར་ལུས་དང་ངག་དང་ཡིད་ཀྱིས་སྒྲུབ་ཅིང་དེས་དེ་དག་གི་ལོངས་སྤྱོད་རྣམས་དང་། རྩ་འཇིང་དང་། འཁོར་དང་། གྲགས་པ་དང་། ནད་མེད་པ་དང་།
་གསོན་པ་དང་། དགེ་བའི་ཆོས་རྣམས་ཡོངས་སུ་ཉམས་པར་གྱུར་ཅིག་སྙམ་པ་དང་། ལུས་ཞིག་ནས་ཀྱང་ངན་སོང་རྣམས་སུ་སྐྱེ་བར་གྱུར་ཅིག་སྙམ་དུ་ཀུན་ན་ས་མནར་སེམས་ཀྱི་སེམས་སྐྱེད་པར་བྱེད་ན་ཡང་གནོད་སེམས་ཡིན་པར་བརྗོད
་པར་བྱའོ།། བྱིན་པ་མེད་དོ་སྙམ་དུ་ངེས་པར་སེམས་བསྐྱེད་པར་བྱེད་ན་ཡང་ལོག་པར་ལྟ་བ་ཡིན་པར་བརྗོད་པར་བྱའོ།། རྒྱས་པར་རྒྱོ་ལ་སྐུར་བ་འདེབས་སམ། འབྲས་བུ་ལ་སྐུར་པ་འདེབས་སམ། བྱ་བ་ལ་སྐུར་བ་འདེ་བས་སམ། ཡོད་པའི་དངོས་པོ
་འཇིག་པར་བྱེད་ན་ཡང་ལོག་པར་ལྟ་བ་ཡིན་པར་བརྗོད་པར་བྱའོ།། གང་གི་ཚེ་ལོག་པའི་ལྟ་བ་ཐམས་ཅད་ལོག་པར་ལྟ་བ་ཞེས་བྱ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱི་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འདི་ཁོ་ན་ལས་ཀྱི་ལམ་རྣམས་སུ་ལོག
་པར་ལྟ་བ་ཡིན་པར་གསུངས་ཤེ་ན། འདི་ལྟར་འདི་ནི་ལོག་པར་ལྟ་བ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འདི་ལྟར་ལོག་པར་ལྟ་བ་འདི་ལ་བརྟེན་ནས་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དགེ་བའི་རྩ་བ་ཡང་དག་པར་གཅོད་པ
་བྱེད་ཅིང་། སྡིག་པ་ལ་ཅི་འདོད་དགུར་སྤྱོད་པའི་ལྟ་བ་འདི་ནི་ཤིན་ཏུ་སྡིག་པ་བྱེད་པདང་མཐུན་པ་ཡིན་པས་དེའི་ཕྱིར་མི་དགེ་བའི་ལས་ཀྱི་ལམ་རྣམས་སུ་དེ་ཁོ་ན་གསུངས་ཀྱི་གཞན་ནི་མ་ཡིན་ཏེ། ལོག་པར་ལྟ་བའི་མཚན་ཉིད་དུ་རིགས་པ་མ
་ཡིན་པར་བལྟ་བར་བྱའོ།། དེ་ལ་སྲོག་གཅོད་པ་ནི་རྒྱུ་ལྔས་ལྕི་བ་ཡིན་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། བསམ་པ་དང་། སྦྱོར་བ་དང་། གཉེན་པོ་མེད་པ་དང་། ལོག་པ་ལ་མངོན་པར་ཞེན་པ་དང་། གཞིས་སོ།། དེ་ལ་གལ་ཏེ་ཆགས་པའི
་བསམ་པ་དྲག་པོས་བྱེད་དམ། ཞེ་སྡང་གི་བསམ་པི་དྲག་པོས་སམ། གཏི་མུག་གི་བསམ་པ་དྲག་པོས་བྱེད་པ་ནི་སྲོག་གཅོད་པོ་ལྕི་བ་ཡིན་པར་བརྗོད་པར་བྱའོ།། དེ་ལས་བཟློག་པ་ནི་ཡང་བ་ཡིན་ནོ།། གལ་ཏེ་བྱེད་པར་འགྱུར་བ་འམ། བྱེད་པ
་འམ། བྱས་པ་ལ་སེམས་རངས་པ་དང་ལྡན་པ་དང་། རབ་ཏུ་དགའ་བའི་སེམས་དང་ལྡན་པ་དང་། རང་ཡང་བྱེད་ལ་གཞན་ཡང་དེ་ཡང་དག་པར་འཛིན་དུ་འཇུག་པ་དང་། དེའི་སྔགས་པ་རྗོད་པར་བྱེད་པ་དང་། ཆོས་མཐུན་པ་ལ་མཐོང་ན་ཡིད་དགའ
་བར་འགྱུར་བ་དང་། ཡུན་རིང་པོ་ནས་བསགས་ཤིང་ཡུན་རྙིང་པོ་ནས་བསགས་པའི་སེམས་ཀྱིས་བྱེད་པོ་དང་། རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པ་དང་། ལན་ཅིག་ལ་ཡང་མང་དུ་གསོད་པར་བྱེད་པ་དང་། ཉོན་མོངས་པའི་ལས་རབ་ཏུ་དྲག
་པོས་གསོད་པར་བྱེད་པ་དང་། འཇིགས་པས་དེ་བྱ་བ་མ་ཡིན་པ་བྱེད་དུ་བཅུག་ནས་གསོད་པར་བྱེད་པ་དང་། ཞན་པ་དང་། སྡུག་བསྔལ་བ་དང་། བཀྲེན་པ་དང་། ཉམ་ཐུག་པར་སྨྲ་བ་དང་། སྙིང་རྗེ་བོར་སྨྲེ་སྔགས་འདོན་བཞིན་དུ་གསོད་པར་བྱེད་པ།
་ནནི་སྲོག་གཅོད་པ་སྦྱོར་བ་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་སྲོག་གཅོད་པར་བྱེད་པ་ཡང་ཡིན་ལ་ཉིན་གཅིག་བཞིན་དུ་བསླབ་པ་འགའ་ཡང་ལེན་པར་མི་བྱེད་ལ། ཟླ་བ་ཕྱེད་ལ་ཆོས་བརྒྱད་དང་། ཚེས་བཅུ་བཞི་དང་། ཆོས་བཅོ་ལྔ
་ལ་བསྙེན་གནས་ལ་གནས་པར་མི་བྱེད་པ་དང་། དུས་དུས་སུ་སྦྱིན་པ་དག་མི་སྦྱིན་པར་མི་བྱེད་པ་དང་། བསོད་ནམས་དག་མི་བྱེད་པ་དང་། མངོན་དུ་སྨྲ་བ་དང་། ཕྱག་འཚལ་བ་དང་། ལྡང་བ་དང་། ཐལ་མོ་སྦྱོར་བ། འདུད
་པའི་ལས་ལ་སོགས་པ་མི་བྱེད་པ་དང་། དུས་དུས་སུ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། འགྱོད་པ་ཤས་ཆེན་པོ་མི་འཐོབ་པ་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལ་མི་རིག་པ་དང་། ཆོས་མངོན་པར་རྟོག་པ་ལ་མི་རེག་པ་ནི
་སྲོག་གཅོད་པ་གཉེན་པོ་མེད་པ་ལས་ལྕི་བ་ལ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་དགེ་སྦྱོང་དང་བྲམ་ཟེ་མཆོད་སྦྱིན་ལོག་པར་བྱེད་པ་རྣམས་ཀྱི་ལྟ་བའི་རྗེས་སུ་ཡིད་འདོད་པར་བྱེད་ཅིང་། ཆོས་འདོད་པས་སྲོག་གཅོད་པར་བྱེད་པ་ནི་སྲོག
་གཅོད་པ་ལོག་པ་ལ་མངོན་པ་ཞེན་པ་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་སེམས་འདི་སྙམ་དུ་སེམས་ཏེ། ཕྱུགས་བསོད་པ་ལ་ནི་ཉེས་པ་མེད་དེ། འདི་ལྟར་ཕྱུགས་རྣམས་ནི་སྐྱེ་དགུའི་བདག་པོས་ཡོ་བྱད་ཀྱི་རྒྱུར་སྤྲུལ་པ་ཡིན་པའི
་ཕྱིར་རོ་སྙམ་དུ་སེམས་ན་ཡང་སྲོག་གཅོད་པ་ལྕི་བ་ཡིན་པར་བརྗོད་པར་བྱའོ།། དེ་ལྟར་ལོག་པར་ལྟ་བ་གང་ཡང་རུང་བ་ལས་བརྟེན་ཏེ། སྲོག་གཅོད་པར་བྱེད་ན་ཡང་སྲོག་གཅོད་པ་ལོག་པོ་ལ་མངོན་པར་ཞེན་པ་ལས་ལྕི་བ་ཡིན་པར་བརྗོད་པར
་བྱའོ།། གལ་ཏེ་དུད་འགྲོབ་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་བོངས་ཆེན་པོ་གསོད་པར་བྱེད་ན། སྲོག་གཅོད་པ་བཞི་ལས་ལྕི་བར་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་མི་འམ་མིར་ཆགས་པ་གསོད་པར་བྱེད་དམ། གལ་ཏེ་ཕ་མ་འམ། ཕུ་ནུའམ།
་བླ་མ་ལྟ་བུ་འམ། གལ་ཏེ་ཡིད་གཟུགས་པའམ། གལ་ཏེ་སློབ་པ་འམ། གལ་ཏེ་བྱང་ཆུབ་སེམས་དཔའ་འམ། གལ་ཏེ་དགྲ་བཅོམ་པ་འམ། གལ་ཏེ་རང་སངས་རྒྱས་གསོད་པར་བྱེད་དམ། དེ་བཞིན་གཤེགས་པས་ནི་དགྲོངས་པ་མ་ཡིན
་པར་ཤེས་བཞིན་དུ། གལ་ཏེ་གསོད་པའི་བསམ་པས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་བྱེད་པ་ནི་སྲོག་གཅོད་པའི་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། ཇི་སྐད་བསྟན་པའི་རྒྱུ་དེ་དག་ལས་བཟློག་པས་ནི
་སྲོག་གཅོད་པ་ཡང་ཡིན་པར་བརྗོད་པར་བྱའོ།། འདི་མན་ཆད་ནི་མ་བྱིན་པར་ལེན་པ་ལ་སོགས་པའི་གཞིའི་ལྕི་བ་ཉིད་དང་ཡང་བ་ཉིད་ཀྱི་རབ་ཏུ་དབྱེ་བ་བརྗོད་པར་བྱ་སྟེ། ལྷག་མ་ནི་སྲོག་གཅོད་པ་བཞིན་དུ་ཇི་རིགས་པར་བལྟ་བར་བྱའོ།། གལ་ཏེ།
་མང་པོ་འཕྲོག་པར་བྱེད་ན་མ་བྱིན་པར་ལོན་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་བཟང་པོ་འམ། གལ་ཏེ་ཡིད་བརྟན་པ་ལ་འཁུ་ཞིང་འཕྲོག་པར་བྱེད་དམ། གལ་ཏེ་དམན་པ་དང་། བཀྲེན་པ་དག་ལས་འཕྲོག་པར་བྱེད་དམ།
་གལ་ཏེ་རབ་ཏུ་བྱུང་བ་དང་ཆོས་འདི་བ་དག་ལས་འཕྲོག་པར་བྱེད་དམ། གལ་ཏེ་གྲོང་དུ་ཆུད་པ་འཕྲོག་པར་བྱེད་དམ། གལ་ཏེ་སློབ་པ་ལས་སམ། གལ་ཏེ་དགྲ་བཅོམ་པ་ལས་སམ། གལ་ཏེ་རང་སངས་རྒྱས་ལས་སམ། གལ་ཏེ་དགེ་འདུན་གྱི
་འམ། གལ་ཏེ་མཆོད་རྟེན་གྱི་འཕྲོག་པར་བྱེད་ན་ཡང་མ་བྱིན་པར་ལེན་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། འཇུག་པར་བྱ་བ་མ་ཡིན་པར་འཇུག་པ་ལས་བརྩམས་ཏེ། གལ་ཏེ་མ་ལ་ཉལ་པོ་བྱེད་དམ། མ་དང་འབྲེལ་པ་འམ།
་སྐྱེས་པ་ཡིད་གཙུག་པའི་ཆུང་མ་འམ་བརྟུལ་ཞུགས་ལ་གནས་པའི་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་ལ་ཉལ་པོ་བྱེད་ན་ཡང་ན་འདོད་པ་ལ་ལོག་པར་གཡེམ་པ་གཞི་ལས་ལྕི་བ་ཡིན་པར་བྱའོ།། ཡན་ལག་མུ
་ཡིན་པར་འཇུག་པ་ལས་བརྩམས་ཏེ། གལ་ཏེ་ཁར་འཇུག་ན་འདོད་པ་ལ་ལྡོག་པར་གཡེམ་པ་གཞི་ལ་ལྕི་བ་ཡིན་པར་བརྗོད་པར་བྱའོ།། དུས་མ་ཡིན་པར་འཇུག་པས་བརྩམས་ཏེ། གལ་ཏེ་གསོ་སྦྱོང་ལ་གནས་པའམ། ཟླ་བ་ཚོང་བ་འམ། ནད་ཀྱིས
་བཏབ་པ་ལ་ཉལ་པོ་བྱེད་ན་འདོད་པ་ལ་ལོག་པར་གཡེམ་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། གནས་མ་ཡིན་པར་འཇུག་པ་ལས་བརྩམས་ཏེ། གལ་ཏེ་མཆོད་རྟེན་གྱི་གནས་སམ། མཆོད་རྟེན་གྱི་དྲུང་དམ། དགེ་འདུན་གྱི་ཀུན་དགའ་ར
་བར་ཉལ་པོ་བྱེད་ན། འདོད་པ་ལ་ལོག་པར་གཡེམ་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་གཞན་བྲིད་པར་འདོད་ཅིང་བསླུ་བར་འདོད་པས་དོན་མང་པོས་བརྫུན་གྱི་ཚིག་སྨྲ་ན་བརྫུན་དུ་སྨྲ་བ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར
་བྱའོ།། གལ་ཏེ་བཟང་པོའམ། རབ་མཆོག་གམ། གལ་ཏེ་ཡིད་གཙུག་པ་འམ། གལ་ཏེ་མོ་འམ། གལ་ཏེ་ཕ་འམ། རྒྱས་པར་སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་བར་ལི་བརྫུན་ཟེར་ན་བརྫུན་དུ་སྨྲ་བ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར
་བྱའོ།། གཞན་ཡང་བརྫུན་དུ་སྨྲ་བ་ནི་གཞན་དག་སྲོག་གཅོད་པ་ལ་འཇུག་པར་འགྱུར་བ་ཡང་མང་། ལོངས་སྤྱོད་ཉམས་པ་ལ་འཇུག་པར་འགྱུར་བ་ཡང་ཡོད། ཆུང་མ་ཆུང་གཟན་པོ་ལ་འཇུག་པར་འགྱུར་བ་ཡང་ཡོད་དེ།། དེལ་བརྫུན
་དུ་སྨྲ་བ་གང་སྲོག་གཅོད་པ་ལྕི་བ་བསྐྱེད་པར་བྱེད་པ་དང་། མ་བྱིན་པར་ལེན་པའི་ལྕི་བ་དང་། འདོད་པ་ལ་ལོག་པར་གཡེམ་པའི་ལྕི་བ་སྐེད་པར་བྱེད་པ་དེ་ཡང་བརྫུན་དུ་སྨྲ་བ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་དགེ་འདུན་དབྱེ་བའི་ཕྱིར
་བརྫུན་ཟེར་ན་བརྫུན་ཏུ་སྨྲ་བ་དེ་ནི་བརྫུན་ཏུ་སྨྲ་བ་ཐམས་ཅད་ཀྱི་ནང་ན་ལྕི་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་ཡུན་རིང་པོ་ནས་པ་ཤེས་པར་གྱུར་པ་རྣམས་དབྱེ་བའི་ཕྱིར་སྦྱོར་བར་བྱེད་པ་ནི་ཕྲ་མ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། གལ
་དགེ་བའི་བཤེས་གཉེན་དང་འབྱེད་པར་བྱེད་དམ། གལ་ཏེ་མ་དང་བུ་དག་གམ། གལ་ཏེ་ཕ་དང་བུ་དག་གམ། གལ་ཏེ་དགེ་འདུན་འབྱེད་པར་བྱེད་དམ། སྲོག་གཅོད་པ་དང་། མི་བྱིན་པར་ལེན་པ་དང་། འདོད་པས་ལོག་པ་གཡེམ་པ་སྐྱེད་པའི་ཕྲ་མ་ནི་སྔ
་མའི་ཚུལ་བཞིན་དུ་རིག་པར་བྱའོ།། ཕ་མ་ལ་སོགས་པ་དང་བླ་མ་ལྟ་བུ་དག་ལ་ངག་རྩུབ་པོ་བརྗོད་པར་བྱེད་པ་ནི་ངག་རྩུབ་པོ་གཞི་ལ་སོ་ལྕི་བ་ཡིན་པར་བརྗོད་པར་བྱའོ།། ཡང་དག་པོ་མ་ཡིན་པ་དང་། དེ་ཁོ་ན་མ་ཡིན་པའི་རྫུན་སྨྲ་བ་དང་། མངོན་སུམ་དུ
་གཤེ་བོ་དང་། སྤྲོ་བ་དང་། བརྒྱད་བཀག་ཟེར་བ་དང་། ངག་རྩུབ་པོ་ལྕི་བ་ཡིན་པར་བརྗོད་པར་བྱའོ།། བརྫུན་དུ་སྨྲ་པཱ་ལ་སོགས་པར་ར་གྱུར་པའི་ཚིག་ཀྱལ་པ་གང་ཡིན་པ་དེའི་ལྕི་བ་དང་ཡང་བ་ཡང་འདི་ལྟ་སྟེ། དེ་དག་གི་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ།། །
་འཐབ་མོ་དང་། མོ་ཚང་འབྲུ་བ་དང་། རྩོད་པ་དང་འགྱེད་པ་ལས་བརྟེན་པའི་ཚིག་ཀྱལ་བ་གང་ཡིན་པ་དེ་ཡང་ལྕི་བ་ཡིན་ནོ།། ཆགས་པ་དང་ལྡན་པའི་སེམས་ཀྱི་ཕྱི་རོལ་པའི་བསྟན་བཅོས་དོན་དང་མི་ལྡན་པ་དག་ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་།།
་གཞན་དག་ལ་ཡང་དག་པར་སྟོན་པ་གང་ཡིན་པ་དེ་ཡང་ཚིག་ཀྱལ་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། ཕ་མ་དང་ཉེ་དུ་དང་། བླ་མ་ལྟ་བུ་དག་ལ་བསྟིང་སླད་དང་། ཙོ་བྲི་བ་དང་། ཚིག་གི་ལམ་མི་བཤའ་བ་དག་ཀུན་ཏུ་བརྗོད
་པ་གང་ཡིན་པ་དེ་ཡང་ཚིག་ཀྱ་ལ་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། དགེ་འདུན་གྱི་དང་། མཆོད་རྟེན་གྱི་ཡོ་བྱད་དག་ལ་བརྣབ་སེམས་སྐྱེད་པར་བྱེད་པ་ནི་བརྣབ་སེམས་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། བདག་ཉིད་ཀྱི་ཡོན་ཏན་གྱིས
་མངོན་པར་ང་རྒྱལ་བྱེད་ཅིང་རྒྱལ་པོ་ལ་སོགས་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལས་ཤེས་ཀྱི་ཁེ་དང་བཀུར་སྟིའི་འདོད་པ་སྐྱེད་པར་བྱེད་པ་ཡང་བརྣབ་སེམས་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ།
་དག་ལ་ཀུན་ནས་མནར་སེམས་སྐྱེད་པར་བྱེད་པ་ནི་གནོད་སེམས་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། ཉེས་པ་མེད་པ་དང་། བཀྲེན་པ་དང་། སྡུག་བསྔལ་བ་དང་། སྙིང་རྗེ་བའི་གཞི་དྲག་ལ་ཀུན་ནས་མནར་སེམས་སྐྱེད་པར་བྱེད་པ་ཡང་གནོད་སེམས་གཞི
་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། ཉོས་པ་བྱས་པ་བསམ་པ་ཐག་པ་ནས་འཆགས་པར་བྱེད་པ་ལོ་ཀུན་ནས་མནར་སེམས་བསྐྱེད་པར་བྱེད་པ་ཡང་གནོད་སེམས་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པར
་ལྟ་བ་གང་ཡིན་པ་དེ་ནི་གཞི་ཐོས་ཅོད་ལ་སྐུར་པ་འདེབས་པའི་སྒོར་ཞུགས་པ་ཡིན་པའི་ཕྱིར། དེ་ལོས་གཞན་པའི་ལོག་པར་ལྟ་བ་ཐམས་ཅད་པོས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། གཞན་ཡང་འཇིག་རྟེན་ནོ་དགྲ་བཅོམ་པ་དང་ཡང་དག་པར་སོང་བ་དང་། ཡང་དག
་པར་ཞུགས་པ་རྣམས་མེད་དོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་ལྷ་གང་ཡིན་པ་དེ་ཡང་ལོག་པར་ལྟ་བ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ།། ཇི་སྐད་བསྟན་པའི་གཞི་རྣམས་མ་གཏོགས་པ་དེ་ལས་བཟློག་པ་ཐམས་ཅད་ནི་ཡང་བ་ཡིན་པར་ཅི་རིགས
་པར་རིག་པར་བྱའོ།། །། སྲོག་གཅོད་པ་དང་ལྡན་པའི་མི་དགེ་བ་ནི་བྱས་ལ་བསགས་པ་མ་ཡིན་པ་ཡང་ཡོད་དོ།། བསགོས་ལ་མ་བྱས་པ་ཡང་ཡོད་དོ།། བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པ་ཡང་ཡོད་དོ།། མ་བྱས་ཤིང་མ་བསག
་པབ་ཡང་ཡོད་དོ།། དེ་ལ་མུ་དང་པོ་ནི་བྱིས་པ་མི་མཁས་པས་བྱས་པ་དང་། རྨི་ལམ་ན་བྱས་པ་དང་། ཆེད་དུ་མ་བྱས་པ་དང་། མི་འདོད་བཞིན་དུ་གཞན་དག་གིས་ནན་གྱིས་བྱེད་དུ་བཅུག་པ་དང་། ལན་ཅིག་ཁོ་ན་བྱས་ཤིང་བྱས་ནས་ཀྱང་འགྱོད་པའི་སེམས
་དང་ཉེས་དམིགས་ཀྱི་སེམས་ཀྱི་རྒྱུན་དྲག་པོས་བཅོམ་ནས། སྤོང་བའི་སྡོམ་པ་ཡང་དོག་པར་བླངས་པས་ཤིན་ཏུ་བསྲབ་མོར་བྱས་པ་དང་། རྣམ་པར་སྨིན་པ་ནི་བསྐྱེད་པ་ཁོ་ནར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་པོས་ས་བོན་ནས་བཅོམ་པ་དང་།
་འཇིག་རྟེན་ལས་འདས་པའི་སྤོང་བའི་ལམ་གྱིས་ས་བོན་ནས་ཡང་དག་པར་བཅོམ་པ་ཡིན་ནོ།། བསགས་ལ་མ་བྱས་པ་ནི་འདི་ལྟར་འདི་ན་ལ་ལ་སྲོག་ཆགས་བསད་པའི་ཕྱིར་ཡུན་རིང་པོ་ནས་རྗེས་སུ་རྟོགས་པར་བྱེད་རྗེས་སུ་དཔྱོད་པར་བྱེད་པ་དེ་ལ
་སྲོག་གཅོད་པ་དང་ལྡན་པའི་མི་དགེ་བ་བསགས་པ་ནི་ཡོད་ལ། དེས་སྲོག་གཅོད་པ་ནི་མ་བྱས་པ་ཡིན་ནོ།། བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པ་ནི་རྣམ་པ་གང་དག་གིས་བྱས་ལ་བསགས་པ་མ་ཡིན་པ་དང་། བསགས་ལ་མི་བྱས་པའི་རྣམ
་པ་ཇི་སྐད་བསྟུན་པ་དག་མ་གཏོགས་པ་དེ་ལས་གཞན་པའི་སྲོག་གཅོད་པ་ཐམས་ཅད་དོ།། མ་བྱས་ཤིང་མ་བསགས་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ།། ལྷག་མ་མ་བྱིན་པར་ལེན་པ་ལ་སོགས་པ་ནས་ཚིག་ཀྱལ་བའི་མཐར
་ཐུག་པའི་བར་དག་ཀྱང་སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ།། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་དག་ལ་ནི་བསགས་ལ་བྱས་པ་ཞེས་བྱ་བའི་མུ་གཉིས་པ་མེད་དོ།། མུ་དང་པོ་ལས་ཀྱང་ཆེད་དུ་མ་བྱས་པར་ཡང་མེད་ལ།
་གཞན་དག་གིས་ནན་གྱི་བྱེད་དུ་བཅུག་པ་ཡང་མེད་དོ།། །། བམ་པོ་བཅོ་ལྔ་པ།། དེ་ལ་སྲོག་གཅོད་པ་ཀུན་ཏུ་བརྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པོས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་དེ་ནི་སྲོག་གཅོད་པའི་རྣམ་པོར་སྨིན་པའི་འབྲས་བུ
་ཞེས་བྱའོ།། གལ་ཏེ་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་ཚེ་ཐུང་བར་འགྱུར་བ་དེ་ནི་སྲོག་གཅོད་པའི་རྒྱུ་མཐུན་པའི་འབྲས་བུ་ཞེས་བྱའོ།། ཕྱི་རོལ་གྱི་སྣོད་ཀྱི་འཇིག་རྟེན་གྱི་བཟའ་བ་དང་། བཏུང་བ་དང་། འབྲས་བུ་དང་། སྨན
་ལ་སོགས་པ་མཐུ་ཆུང་པ་དང་། ཉམས་པ་དང་། རྣམ་པར་སྨིན་པ་དང་། མཐུ་སྟོབས་ཆུང་པོ་དང་། དཀའ་ཞིང་ནད་མེད་པར་བྱེད་ལ། དེས་སེམས་ཅན་ཕལ་ཆེར་ཚེ་མ་ཟད་བཞིན་དུ་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་འགྱུར་བ་དེ་ནི་སྲོག་གཅོད་པའི་དབང་གི
་འབྲས་བུ་ཞེས་བྱའོ།། དེ་ལ་དེ་ལས་གཞན་པའི་ལས་ཀྱི་ལམ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་ནི་མདོ་ལས་ཇི་སྐད་གསུངས་པ་བཞིན་དུ་བལྟ་བར་བྱའོ།། དབང་གིས་འབྲས་བུ་ནི་བཤད་པར་བྱ་སྟེ། དེ་ལ་མ་བྱིན་པར་ལེན་པའི
་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ན་འབྲས་བུ་ཉུང་བ་དང་། འབྲས་བུ་མི་གྲུབ་པ་དང་། འབྲས་བུ་རུལ་པ་དང་། འབྲས་བུ་ལོང་བ་དང་། ཐན་པ་ཆེ་བ་དང་། ཆར་ཆེས་པ་དང་། འབྲས་བུ་སྐམ་པོ་དང་། འབྲས་བུ་མེད་པར་འགྱུར་རོ།། འདོད་པ་ལ་ལོག་པར་གཡེ
་བའི་དབང་གིས་འབྲས་བུ་ནི་སྣོད་ཀྱི་འཇིག་རྟེན་ན་བཤང་བ་དང་། གཅི་པ་དང་། འདམ་རྫབ་དང་། ལྗན་ལྗིན་མང་བ་དང་། མི་གཙང་བ་མང་བ་དང་། དྲིང་བ་མང་བ་དང་། དོག་པ་དང་། ཉམ་ང་བ་མང་བ་དང་། རྫས་མི་གཙང་ཞིང་དྲི་ང་བ་མང་དུ་འབྱུང་བ་དང་། ཉམས་མི་དགའ
་བར་འགྱུར་རོ།། བརྫུན་དུ་སྨྲ་བའི་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ན་ཞིང་ལས་དང་། གྲུ་སྤྱོད་པའི་ལས་ཀྱི་མཐའ་རྒྱས་པར་མི་འགྱུར་བ་དང་། མཐུན་པར་མི་འགྱུར་ཞིང་། ཕལ་ཆེར་སླ་བ་དང་། འཇིགས་པ་དང་། འཇིགས་སུ་རུང་བའི་རྒྱུ་མང་པོ་དང
་ལྡན་པར་འགྱུར་རོ།། ཕྲ་མའི་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ན་ས་ཕྱོགས་འབར་འབུར་དང་། ལྕང་ལྕོང་དང་། མཐོ་དམན་དང་། བགྲོད་དཀའ་བ་དང་ལྡན་ཞིང་འཇིགས་པ་དང་། འཇིགས་སུ་རུང་བའི་རྒྱུ་མང་པོ་དང་ལྡན་པར་འགྱུར་རོ།། ངག་རྩུབ་པོའི
་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ནས་ཕྱོགས་སྡོང་དུམ་དང་། ཚེར་མའི་གཞི་དང་། རྡོ་བ་དང་གསེག་མ་དང་། གྱོ་མོ་མང་བ་དང་། རྩུབ་པ་དང་། མདངས་མི་སྣུམ་པ་དང་། འབབ་ཆུ་དང་། མཚོ་དང་། ལྟེང་ཀཱ་མེད་པ་དང་། སྐམས་པ་དང་། ཚ་ཚྭ་དང་། དགོན
་དུང་དང་། ཐ་ཅད་དང་། སྡིག་པ་ཅན་གྱིས་གཞི་དང་ལྡན་ཞིང་འཇིགས་པ་དང་། འཇིགས་སུ་རུང་བའི་རྒྱུ་མང་པོ་དང་ལྡན་པར་འགྱུར་རོ།། ཚིག་ཀྱལ་པའི་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ན་འབྲས་བུའི་ཤིང་ལྗོན་པ་རྣམས་ལ་འབྲས་བུ་མི་འཆགས
་པ་དང་། དུས་མ་ཡིན་པར་འབྲས་བུ་འཆགས་པ་དང་། དུས་སུ་འབྲས་བུ་མི་འཆགས་པ་དང་། མ་སྨིན་པར་སྨིན་པ་འདྲ་བར་སྣང་བ་དང་། རྩ་བ་མི་བརྟན་པ་དང་། ཡུན་རིང་དུ་མི་གནས་པ་དང་། ཀུན་དགའ་ར་བ་ཉམས་དགའ
་བ་དང་། ནགས་ཚུལ་ཉམས་དགའ་བ་དང་། རྫིང་བུ་ཉམས་དགའ་བ་མི་མེང་པ་དང་། འཇིགས་པ་དང་། འཇིགས་སུ་རུང་བའི་རྒྱུ་མང་པོ་དང་ལྡན་པར་འགྱུར་རོ།། བརྣབ་སེམས་ཀྱི་དབང་གི་འབྲས་བུས་ནི། སྣོད་ཀྱི་འཇིག་རྟེན་ན་ཕུན་སུམ་ཚོགས་པ
་ཐམས་ཅད་ལོ་རེ་རེ་དང་དུས་ཚིགས་རེ་རེ་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། མཚན་མོ་དང་། མཚན་མ་རེ་རེ་ཞིང་ཡང་ཉམས་པ་དང་། འབྲི་བར་འགྱུར་ཞིང་། དེ་དག་མེད་པར་སྣང་གི། འཕེལ་བར་ནི་མ་ཡིན་ནོ།། གནོད་སེམས་ཀྱི་དབང་གི་འབྲས་བུས་ནི་སྣོད་ཀྱི
་འཇིག་རྟེན་ན་ཡམས་ཀྱི་ནད་མང་བ་དང་། གནོད་པ་མང་བ་དང་། འོག་བའི་ནད་མང་བ་དང་། འཁྲུག་པ་མང་བ་དང་། ཕ་རོལ་གྱི་དམག་ཚོགས་ལས་གྱུར་པའི་འཁྲུག་ལོང་གི་འཇིགས་པ་མང་བ་དང་། སེང་གེ་དང་། སྟག་ལ་སོགས་པ་གཅེན་ཟན་གནོང་པ
་བྱེད་པ་མང་བ་དང་། སྦྲུལ་གདུག་པ་དང་། སྦྲུལ་དང་། སྡིག་པ་དང་། སྲིན་གྱི་སྡེ་མང་བ་དང་། གནོད་སྦྱིན་གདུག་པ་དང་། རྐུན་པོ་ལ་སོགས་པ་མང་བར་འགྱུར་རོ།། ལོག་པར་ལྟ་བའི་དབང་གི་འབྲས་བུས་ནི་སྨོད་ཀྱི་འཇིག་རྟེན་འབྱུང་ཁུང་མཆོག་དང་། གཙོ
་བོ་དང་། ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ནུབ་པར་འགྱུར་བ་དང་། དངོས་པོ་མོ་གཙང་བ་དོག་མཆོག་ཏུ་གཙང་བར་སྣང་བ་དང་། སྡུག་བསྔལ་བར་གྱུར་པ་དག་མཆོག་ཏུ་བདེ་བར་སྣང་བ་དང་། གནས་མེད་པ་དང་། སྐྱོབ་པ་མེད་པ་དང་། སྐྱབས་མེད
་བར་འགྱུར་རོ།། ། བཅོམ་ལྡན་འདས་ཀྱིས་སྲོག་གཅོད་པ་ནས་དེ་བཞིན་དུ་ལོག་པར་ལྟ་བའི་བར་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའོ།། ཞེས་གསུངས་པ་དེ་ལ
་ཆགས་པ་དང་། ཞེ་སྡང་དང་གཏི་མུག་ལས་བྱུང་བའི་སྲོག་གཅོད་པ་ལ་སོགས་པའི་རབ་ཏུ་དབྱེ་བ་གང་ཞེ་ན། གལ་ཏེ་ཤ་ལ་སོགས་པ་འདོད་པས་གསོད་པར་བྱེད་པ་ནི་ཆགས་པ་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ
་གསང་ནས་དེ་ལ་ཡོད་པའི་རྫས་ངག་དབྲོག་པར་བྱའོ།། སྙམ་པ་དེ་ལྟ་བུའི་སེམས་དང་ལྡན་པ་དང་། གལ་ཏེ་གཞན་དག་གིས་རྔན་པ་བྱིན་པ་དང་། གལ་ཏེ་ཕན་བཏགས་པ་ལ་ལན་དུ་བཏགས་པར་འདོད་པ་དང་། གལ་ཏེ་མཛའ་བཤེས་ཀྱིས་ཡོངས་སུ
་ཟིན་པར་འགྱུར་རོ་སྙམ་པ་དང་། གལ་ཏེ་རྗེ་དཔོན་གྱི་ཟས་དང་གོས་བདག་གིར་བྱས་ནས་དེའི་ཚིག་གིས་གསོད་པར་བྱེད་པ་ཡང་ཆགས་པ་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་རིག་པར་བྱའོ།། གལ་ཏེ་འདི་ནི་བདག་ལ་མི་རྙེད་པ་ཉེ་བར་བསྒྲུབ་པ་ཡིན་ནོ།།
་སྙམ་པ་དང་། འདི་ནི་བདག་གི་རྙེད་པའི་བར་ཆད་བྱེད་པ་ཡིན་ནོ་སྙམ་ནས། གསོད་པར་བྱེད་པ་དང་། མི་རྙེད་པ་དང་། རྙེད་པ་ལ་ཇི་ལྟ་བ་བཞིན་དུ་མི་སྙན་པ་དང་སྙན་པ་དང་། སྨད་པ་དང་། བསྟོད་པ་དང་། སྡུག་བསྔལ་བ་དང་། བདེ་བ་ལ་ཡང་ཅི་རིགས་པར
་བལྟ་བར་བྱ་སྟེ། ཐམས་ཅད་ཀྱང་ཆགས་པ་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བལྟ་བར་བྱའོ།། གལ་ཏེ་འདི་ནི་བདག་ལ་གནོད་པ་བྱེད་པ་ནི་ཞེ་སྡང་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་བདག་ལ་གནོད་པ་བྱེད་པ་རྗེས་སུ
་དྲན་ནམ་གལ་ཏེ་བདག་ལ་གནོད་པ་བྱེད་པར་འགྱུར་དུ་དོགས་སམ། གལ་ཏེ་བདག་ལ་གནོད་པ་བྱེད་པར་མཐོང་ངམ། དེ་བཞིན་དུ་རྒྱས་པར་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུའི་བར་ལ་སྔ་མ་བཞིན་དུ་རིག་པར
་བྱ་སྟེ། ཐམས་ཅད་ཀྱང་ཞེ་སྡང་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་ཆོས་ཀྱི་ཕྱིར་གསོད་པར་བྱེད་དེ། འདི་དང་བདག་ནི་སྲོག་ཆགས་ཡིན་ལ། གཞན་དག་ཀྱང་དེ་ལ་ཀུན་ཏུ་དགའ་བར་བྱེད་པ་ཡིན་པས།། གཞི་དེས
་ལུས་ཞིག་ནས་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་སྙམ་ནས། གསོང་བར་བྱེད་པ་ནི་གཏི་མུག་ལས་བྱུང་བའི་སྲོག་གཅོད་པར་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་བླ་མ་རྣམས་ཀྱི་དོན་དུ་གསོད་པར་བྱེད་པ་གང་ཡིན་པ་དེ་ནི་ཆོས་དང་ལེགས
་པར་ལྡན་པ་ཡིན་ནོ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་གསོད་པར་བྱེད་པ་དང་། གལ་ཏེ་རིག་བྱེད་རྣམས་དང་ཚངས་པ་དང་། སྐྱེ་དགུའི་བདག་པོ་ལ་སྨོད་པ་དང་བྲམ་ཟེ་རྣམས་ལ་གཤེ་བ་གསོད་པར་བྱེད་པ་གང་ཡིན་པ་དེ་ནི་ཆོས་དང་ལེགས་པར་ལྡན
་པ་ཡིན་ནོ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་གསོད་བར་བྱེད་པ་ཡང་གཏི་མུག་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་སྲོག་གཅོད་པ་བྱས་ཤིང་བསགས་པ་ལ་རྣམ་པར་སྨིན་པ་མེད་དོ་ཞེས་གཞན་དག་ལ་སྟོན་པར་བྱེད་ཅིང
་སྲོག་གཅོད་པ་ཡང་དག་པར་འཛིན་དུ་བཅུག་ནས་གཞན་དག་ཀྱང་དེས་ཡང་དག་པར་འཛིན་དུ་བཅུག་པས་གསོད་པར་བྱེད་ན་ཡང་དག་པར་འཛིན་དུ་འཇུག་པ་དེ་ནི་གཏི་མུག་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་པར་བྱ་སྟེ། དེ་ལྟར་གཏི་མུག
་ལས་བྱུང་བའི་སྲོག་གཅོད་པ་ཇི་སྐད་བསྟན་པ་ཐ་མ་དེ་ནི་དེ་ལས་གཞན་པའི་ལས་ཀྱི་ལམ་ལོག་པར་ལྟ་བའི་མཐར་ཐུག་པའི་བར་ཐམས་ཅད་ལ་ཡང་དེ་ཁོ་ན་བཞིན་དུ་བལྟ་བར་བྱའོ།། གལ་ཏེ་ཕ་མ་འམ། མཛའ་བཤེས་སམ། ཉེ་དུ་དག་མེར
་གཞུག་པའམ། ཟས་གཅད་པའམ། མྱ་ངན་དང་། གཡང་ས་ལ་སོགས་པས་བྲལ་བར་བྱས་ནས་ཆོས་སུ་འགྱུར་རོ་སྙམ་ནས་གསོད་པར་བྱེད་པ་ཡང་གཏི་མུག་ལས་བྱུང་བའི་སྲེག་གཅོད་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་གཞན་གྱི་ནོར་ལ
་མངོན་པར་ཆུམས་པ་དང་ལྡན་པས་འཕྲོག་པར་བྱེད་པ་ནི་ཆགས་པ་ལས་བྱུང་བའི་མ་བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་གཞན་དག་གིས་རྔན་པ་བྱིན་ཏེ། འཕྲོག་པར་བྱེད་དམ། གལ་ཏེ་ཕན་བཏགས་པས་ཡོངས་སུ་ཟིན་པར་བྱ།
་པའི་ཕྱིར་རམ། གལ་ཏེ་ཕྱིས་ཕན་འདོགས་སུ་རེ་བོའམ། གལ་ཏེ་རྗེ་དཔོན་གྱི་ཟས་དང་། གོས་བདག་གིར་བྱས་ནས། དེའི་ཚིག་གིས་སམ། གལ་ཏེ་སྙན་པ་འདོད་པ་འམ། བསྟོད་པ་འདོད་པ་འམ། བདེ་བ་འདོད་པས་འཕྲོག་པར་བྱེད་ན་ཡང་ཐམས
་ཅད་ཆགས་པ་ལས་བྱུང་བའི་མ་བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་འདི་ནི་བདག་ལ་གནོད་པ་བྱེད་པར་འདོད་པ་ཡིན་ནོ་སྙམ་པ་ནས་རྒྱས་པར་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུའི་དབང་དུ་བྱས་ནས་འཕྲོག་པར་བྱེད་ན་དངོས
་པོ་དེ་ལ་གདོན་མི་ཟ་བར་ཆུམས་པ་ཡང་མེད་ལ། གདོན་མི་ཟ་བར་དོན་དུ་གཉེར་བ་ཡང་མེད་པས་གཞི་དེས་ན་ཞེ་སྡང་ལས་བྱུང་བའི་མ་བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་གཞན་ལ་ཞེ་སྡང་བས་གྲོང་བསྲེག་པར་བྱེད་དམ། ཁང
་ཁྱིམ་སྲེག་པར་བྱེད་དམ། ཚོང་ཁང་སྲེག་པར་བྱེད་དམ། སྣོད་སྤྱད་དང་ཡོ་བྱད་སྲེག་པར་བྱེད་པ་ནི་ཞེ་སྡང་ལས་བྱུང་བའི་མ་བྱིན་པར་ལེན་པ་དང་འདྲ་བ་འམ་ཆེས་ལྷག་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ།། གལ་ཏེ་གཞན་ལ
་རབ་ཏུ་ཞེ་སྡང་བས། གཞན་གྱི་རྫས་འཕྲོག་པའི་ཕྱིར་གཞན་དག་སྤང་ནས། དེ་དག་གིས་ཀྱང་དེའི་ཚིག་གིས་འཕྲོག་པར་བྱེད་པ་ཡང་ཞེ་སྡང་ལས་བྱུང་བའི་མ་བྱིན་པར་ལེན་པར་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་འདི་ལྟ་བུའི་སེམས་ཀྱིས་འཕྲོག་པར
་བྱེད་དེ། བླ་མ་རྣམས་ཀྱི་དོན་དུ་འཕྲོག་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ཆོས་སུ་འགྱུར་རོ་སྙམ་ནས་འཕྲོག་པར་བྱེད་པ་ནི་གཏི་མུག་ལས་བྱུང་བའི་མ་བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་འདི་ལྟ་བུའི་སེམས་ཀྱིས་འཕྲོག་པར་བྱེད་དེ།
་རེག་བྱེད་རྣམས་དང་། ཚངས་པ་དང་། སྐྱེ་དགུའི་བདག་པོ་ལ་སྨོད་པ་ལས་འཕྲོག་པར་བྱེད་པ་དང་། བྲམ་ཟེ་རྣམས་ལ་གཤེ་བ་ལས་འཕྲོག་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ཆོས་སུ་འགྱུ་རོ་སྙམོ་ནས་འཕྲོག་པར་བྱེད་པ་ཡང་གཏི་མུག་ལས་བྱུང་བའོ་མ
་བྱིན་པར་ལེན་པར་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་འདི་ལྟ་བུའི་སེམས་ཀྱིས་འཕྲོག་པར་བྱེད་དེ། མཆོད་སྦྱིན་གྱི་དོན་དུ་མཆོད་སྦྱིན་གྱི་རྒྱུ་དང་། མཆོད་སྦྱིན་གྱི་ཡོ་བྱད་དག་འཕྲོག་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ཆོས་སུ་འགྱུར་རོ་སྙམ་ནས་འཕྲོག
་བར་བྱེད་པ་ཡང་གཏི་མུག་ལས་བྱུང་བའི་མ་བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་མཐོང་ངམ་ཐོ་སོ་སམ་ཡོངས་སུ་བརྟགས་ནས་ཚུལ་བཞིན་མོ་ཡིན་པའི་མཚན་མ་བཟུང་བས་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས
་བར་གྱུར་ནས་འཇུག་པར་བྱ་བ་མ་ཡིན་པའི་གཞིར་འཇུག་པ་ནི་ཆགས་པ་ལས་བྱུང་བའི་འདོད་པ་ལ་སོགས་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་རྔན་པ་བྱིན་ནས། གཞན་དག་ལ་སྨན་བྱས་ཏེ། དེ་ཡང་སྦྱོར་བ་དེས་འཇུག་པར་བྱ་བ་མ
་ཡིན་པར་འཇུག་ན་ཡང་། ཆགས་པ་ལས་བྱུང་བའི་འདོད་པ་ལ་ལོག་པར་གཡེམ་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ།། གལ་ཏེ་མཛའ་བཤིས་སུ་ཡོངས་སུ་བཟུང་བར་འདོད་དམ། གལ་ཏེ་ཕྲིན་བཏགས་པ་ལ་ལན་གླན་པར་འདོད་དམ། གལ་ཏེ
་རྗེ་དཔོན་གྱི་ཟས་ད་ནས་བདག་གིར་བྱས་ནས་དེའི་ཚིག་གིས་སམ། གལ་ཏེ་དེ་ལས་འཚོ་བ་འམ། ནོར་དང་འབྲུ་དང་། འགྲོན་བུ་དང་། གསེར་དག་ཐོབ་ཏུ་རེ་བས་འདོད་པ་རྣམས་ལས་ལོག་པར་གཡེམ་པ་ཡང་ཆགས་པ་ལས་བྱུང་བའི་འདོད་པ་ལ
་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་འདི་ནི་བདག་ལ་གནོད་པར་བྱེད་པར་འདོད་པ་ཡིན་ནོ་སྙམ་པ་ནས་རྒྱས་པར་ཀུན་ནས་མར་ཀྱང་དམ་པོ་དགུའི་བར་ལ་བརྟེན་ནས། ཉལ་པོ་བྱེད་ཅིང་དེ་ལ་དང་པོ་ནས་འདོད་པའི་འདོད་ཆགས་ཀྱི
་ཀུན་ནས་དཀྲིས་པ་ནི་མེད་མོད་ཀྱི། འོན་ཀྱང་དེ་ལ་གཞི་འདི་མི་མཐུན་པ་ཁོ་ན་ཡིན་པས་དགྲ་བོ་ལ་གནོད་པ་བྱས་པར་འགྱུར་རོ་སྙམ་དུ་སོ་སོར་བརྟགས་ནས་འགྲོ་བར་བྱེད་པ་ནི་ཞེ་སྡང་ལས་བྱུང་བའི་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར
་བྱའོ།། གལ་ཏེ་གཞན་ལ་ཞེ་སྡང་བས་གཞན་གྱི་ཆུང་མ་ལ་ལོག་པར་བསྒྲུབ་པའི་ཕྱིར་གཞན་དག་སྤང་ནས་དེ་དག་ཀྱང་དེའི་ཚིག་གིས་འདོད་པ་དེ་དག་ལ་ལོག་པར་གཡེམ་པར་བྱེད་པ་ཡང་ཞེ་སྡང་ལས་བྱུང་བའི་འདོད་པ་ལ་ལོག་པར་གཡེམ་པ་དང
་འདྲ་བའམ། ཁྱད་པར་དུ་འཕགས་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ།། གལ་ཏེ་འདི་ལྟ་བུའི་སེམས་ཀྱིས་ཉལ་པོ་བྱེད་དེ། མ་དང་འབྲེལ་བ་འམ། ཕ་དང་འབྲེལ་པ་འམ། གཞན་གྱི་བུད་མེད་ཀྱི་གན་དུ་མི་རིགས་པས
་བསྐྱེད་པས་བརྗོད་པ་ན། ཉལ་པོ་མི་བྱེད་པ་གང་ཡིན་པ་དེ་ནི་བསོད་ནམས་མ་ཡིན་པ་ཆེན་པོས་གོས་པར་འགྱུར་ལ། ཉལ་པོ་བྱེད་པ་ནི་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ་སྙམ་ནས་ཆོས་མ་ཡིན་པས་འཇིགས་ཤིང་ཆོས་ལ་གུས་པ
་ཉལ་པོ་བྱེད་པ་ནི་གཏི་མུག་ལས་བྱུང་བའི་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་བརྫུན་ཟེར་བ་ནི་ཆགས་པ་ལས་བྱུང་བའི་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་བྱའོ།། བལ་ཏེ་བདག་ཕ
་རོལ་གྱི་ལོངས་སྤྱོད་དག་ལས་ཉམས་པར་བྱས་ན་མི་རུང་ངོ་སྙམ་ནས་འཇིགས་པས་བརྫུན་ཟེར་བ་ཡང་ཆགས་པ་ལས་བྱུང་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་སྙན་པའི་ཕྱིར་རམ། གྲལ་ཏེ་སྦེད་པའི་ཕྱིར་རམ། གལ་ཏེ་བདེ་བའི་ཕྱིར་བརྫུན་ཟེར
་བ་ཡང་ཆགས་པ་ལས་བྱུང་བའི་བརྫུན་དུ་སྤྲོ་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལས་བརྟེན་ཏེ། བོརྫུན་ཟེར་བ་ནི་ཞེ་སྡང་ལས་བྱུང་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་བླ་མའི་དོན་ཏཱ་མ། བ་ལང
་གི་དོན་ཏམ། མཆོད་སྤྲིན་གྱི་ཡོ་བྱད་ཀྱི་དོན་དུ་བརྫུན་ཟེར་བ་ནི་ཆོས་སུ་འགྱུར་རོ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་དེ་དག་གིས་དོན་དུ་བརྫུན་ཟེར་བ་ནི་གཏི་མུག་ལས་བྱུང་བའི་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་རིག་བྱེད་ཀྱི་མི་མཐུན་པའི།
་ཕྱོགས་དང་། ཚངས་པ་དང་སྐྱེ་དགུའི་བདག་པོའི་མི་མཐུན་པའི་ཕྱོགས་ཀྱི་དགེ་སྦྱོང་དང་བྲམ་ཟེ་དག་ལ་བརྫུན་གྱི་ཚིག་གིས་སླུ་བར་བྱེད་པ་ནི་ཆོས་སུ་འགྱུར་རོ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བརྫུན་གྱི་ཚིག་གིས་སླུ་བར་བྱེད་པ་ཡང་གཏི་མུག་ལས་བྱུང
་འི་བརྫུན་དུ་སྨྲ་བ་ཡན་པར་བརྗོད་པར་བྱའོ།། གལ་ཏེ་ཆོས་ལ་ཡང་ཆོས་སུ་འདུ་ཤེས་འདུལ་བ་ལ་ཡང་འདུལ་བར་འདུ་ཤེས་པ་ལས། འདུ་ཤེས་བསྒྱུར་ཏེ། བརྫུན་གྱི་ཚིག་གིས་དགེ་འདུན་གྱི་དབྱེན་བྱེད་པ་དེ་ལ་ནི་ཆོས་མ་ཡིན་འགྱུར་བ
་མེད་དོ་སྙམ་ནས་བརྫུན་ཟེར་བ་ཡང་གཏི་མུག་ལས་བྱུང་བའི་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་བྱའོ།། བརྫུན་དུ་སྨྲ་བ་ཇི་ལྟ་བུ་བཞིན་དུ་ཕྲ་མ་དང་། ངག་ནུབ་པོ་ཡང་ཅི་རིགས་པར་བལྟ་བར་བྱའོ།། གལ་ཏེ་དགའ་བ་དང་། རྩེད་མོའི་ཕྱིར་ཚིག
་ཀྱལ་པ་སྨྲ་བ་ནི་ཆགས་པ་ལས་བྱུང་བའི་ཚིག་ཀྱལ་པོ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་ཤེས་ཀྱི་ཁེའི་ཕྱིར་རམ། རྙེད་པའི་ཕྱིར་རམ། སྙན་པའི་ཕྱིར་རམ། བསྟོད་པའི་ཕྱིར་རམ། གལ་ཏེ་བདེ་བའི་ཕྱིར་ཚིག་ཀྱལ་བ་སྨྲ་བ་ཡང་ཆགས་པ་ལས
་བྱུང་བའི་ཚིག་ཀྱལ་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་ཀུན་ནས་མན་ར་སེམས་ཀྱི་དངོས་པོ་དགུ་ལ་བརྟེན་ཏེ། སྨྲ་བ་ནི་ཞེ་སྡང་ལས་བྱུང་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་དེ་ལ་དེ་ཁོ་ནའི་དོན་དང་། སྙིང་པོའི་དོན་དང་། ངེས་པར་འབྱུང
་བའི་དོན་དང་། ཆོས་ཀྱི་དོན་དུ་སེམས་ཤིང་ཚིག་བཀྱིལ་པ་སྨྲ་བ་ནི་གཏི་མུག་ལས་བྱུང་བའི་ཚིག་ཀྱལ་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་གཞན་གྱི་ནོར་དག་དང་གཞན་གྱི་ཡོ་བྱད་དག་ལ་སྔོན་མཚན་མར་བཟུང་བ་ནས། གནོད་པ་བྱེད་པ
་མ་ཡིན་པའི་སེམས་ཅན་རྣམས་ལས་ཡོ་བྱད་འདོད་པ་ཁོ་ནའི་དབང་དུ་བྱས་ནས། གཞན་དག་གི་གང་ཡིན་པ་དེ་བདག་གིར་གྱུར་ཅིག་སྙམ་པའི་སེམས་སྐྱེད་པར་བྱེད་ཅིང་། སྡུག་པ་ལས་སྡུག་བསྐྱེད་པར་བྱེད་པ་གང་ཡིན་པ
་དེ་ནི་ཆགས་པ་ལས་བྱུང་བའི་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་གཞན་གྱི་ལོངས་སྤྱོད་ལ། སྡུག་པ་ལས་མཚན་མར་མ་བཟུང་བར་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུའི་དབང་དུ་བྱས་ནས་གཞོན་དག་གིས་གང་ཡིན་པ་དེ
་བདག་གིར་གྱུར་ཅིག་སྙམ་པའི་སེམས་བསྐྱེད་པ་དང་། ཞེ་སྡང་བ་གང་ཡིན་པ་ལ་འདོད་པ་སྐྱེད་པར་བྱེད་པ་ནི་ཞེ་སྡང་ལས་བྱུང་བའི་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་ཁྱབ་འཇུག་དང་། དྲག་པོ་དང་། བརྒྱ་བྱིན་དང་། སྐྱེ་དགུའི་བདག
་པོའི་འཇིག་རྟེན་དོན་དུ་གཉེར་བ་ལ་གཞོལ་བའི་སེམས་ཀྱིས་མང་དུ་གནས་པ་གང་ཡིན་པ་ནི་དེས་ན་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ་སྙམ་པ་དེ་ལྟ་བུའི་སེམས་དང་ལྡན་པས་དེ་ལ་གཞོལ་བའི་སེམས་ཀྱིས་མང་དུ་གནས་པ་ནི་གཏི་མུག
་ལས་བྱུང་བའི་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་རྙེད་པའི་ཕྱིར་རམ། སྙན་པའི་ཕྱིར་རམ། བསྟོད་པའི་ཕྱིར་རམ། བདེ་བའི་ཕྱིར་གཞན་དག་ལ་ཀུན་ནས་མནར་སེམས་བསྐྱེད་ཅིང་དེ་ལ་འདི་ནི་ཡུན་རིང་པོ་ནས་བདག་གི་དགྲ་བོ་ཡིན་ནོ།།
་སྙམ་དུ་དགྲ་བོའི་འདུ་ཤེས་ནི་མེད་པ་དང་། སྡུག་པོས་ཞེ་སྡང་སྐྱེད་པར་བྱེད་པ་གང་ཡིན་པ་ནི་ཆགས་པ་ལས་བྱུང་བའི་གནོད་སེམས་ཡིན་པོར་བརྗོད་པར་བྱའོ།། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུའི་དབང་དུ་བྱས་ནས་དགྲ་བོའི་འདུ་ཤེས་ཅན
་དུ་གྱུར་ནས་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པར་བྱེད་པ་ནི་ཞེ་སྡང་ལས་བྱུང་བའི་གནོད་སེམས་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་ཆོས་འདི་པ་རྣམས་སམ། དགེ་སྦྱོང་དང་བྲམ་ཟེ་གཞན་དག་གི་ལྟ་བ་ལ་སྨོང་པར་བྱེད་ཅིང་། ལྟ་བ་དེ
་དག་དང་དེ་ལ་ལྟ་བའི་དགེ་སྦྱོང་དང་བྲམ་ཟེ་དེ་དག་ལ་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པར་བྱེད་པ་ནི་གཏི་མུག་ལས་བྱུང་བའི་གནོད་སེམས་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་གང་འདི་ལྟར་བྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པར་རྒྱ
་ཆེར་ལྟ་བ་དེ་ནི་རྒྱལ་པོ་ལ་སོགས་པས་བསྙེན་བཀུར་བྱ་བ་དང་། ཆོས་གོས་ལ་སོགས་པ་རྙེདེ་པ་རྙེད་པ་འགྱུར་བ་ཞིག་ལ་དོན་དེ་ཉིད་ཀྱི་དབང་དུ་བྱས་ནས། དེ་ལྟར་ལྟ་བར་བྱེད་པ་ནི་ཆགས་པ་ལས་བྱུང་བའི་ལོག་པར་ལྟ་བ་ཡིན་པར་བརྗོད་པར་བྱའོ།།
་གལ་ཏེ་བདག་གི་དགྲ་བོ་དག་འདི་ལྟར་ལྟ་སྟེ། འདི་ལྟ་སྟེ། བྱིན་པ་ཡོད་དོ།། མཆོད་སྦྱིན་ཡོད་དོ།། ཞེས་རྒྱ་ཆེར་ལྟ་བས། བདག་དགྲ་བོ་རྣམས་དང་ལྟ་བ་མཐུན་པ་ནི་བདག་གི་མི་ཆའོ་སྙམ་ནས་དེ་དག་ལ་ཞེ་སྡང་བའི་ཕྱིར་འདི་ལྟར་བྱིན་པ་མེད་དོ།། སྡིག
་པ་མེད་དོ་ཞེས་རྒྱ་ཆེར་ལྟ་བ་ནི་ཞེ་སྡང་ལས་བྱུང་བའི་ལོག་པར་ལྟ་བ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་རིགས་པ་མ་ཡིན་པས་བསྐྱེད་པའི་རྟོགས་པ་ཆོས་ཚུལ་བཞིན་མ་ཡིན་པར་བསམ་ཤིང་གཞལ་ཏེ་ཉེ་བར་བརྟགས་ནོས། དེ་ལྟར་ལྟ་བ་ནི
་གཏི་མུག་ལས་བྱུང་བའི་ལོག་པར་ལྟེ་བ་ཡིན་པར་བརྗོད་པར་བྱའོ།། དེ་ལ་སྲོག་གཅོད་པ་ནི་གསུམ་ཆར་གྱིས་རྩོམ་པར་བྱེད་ལ། ཞོ་སྡང་གིས་མཐར་ཐུག་པར་བྱེད་དོ།། སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་ངག་རྩུབ་པོ་དབུ་གནོད་སེམས་ཀྱང་དེ་བཞིན་ནོ།།
་མ་བྱིན་པར་ལེན་པ་ནི་གསུམ་ཆར་གྱིས་རྩོམ་པར་བྱེད་ལ། ཆགས་པ་ཁོ་ནས་མཐར་ཐུག་པར་བྱེད་དོ།། མ་བྱིན་པར་ལེན་པ་ཇི་ལྟ་བ་བཞིན་དུ་འདོད་པ་ལ་ལོག་པར་གཡེམ་པ་དང་། བརྣབ་སེམས་ཀྱང་དེ་བཞིན་ནོ།། ལག
་པར་ལྟ་བ་མ་གཏོགས་པ་དེ་ལོས་གཞན་པ་རྣམས་ནི་གསུམ་ཆར་གྱིས་རྩོམ་པོ་དང་། མཐར་ཐུག་པར་བྱེད་པར་བལྟ་བར་བྱའོ།། ལོག་པོར་ལྟ་བ་ནི་གསུམ་ཚར་གྱིས་རྩོམ་པར་བྱེད་ལ། གཏི་མུག་ཁོ་ནས་མཐར་ཐུག་པར་བྱེད་དོ།། དེ་ལ་སྲོག་གཅོད
་པ་དང་འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། གནོད་སེམས་རྣམས་ནི་སེམས་ཅན་ལ་བརྟེན་པ་ཡིན་པར་རིག་པར་བྱའོ།། མི་བྱིན་པར་ལེན་པ་དང་། བརྣབ་སེམས་ནི་ཡོ་བྱད་ལ་བརྟེན་པ་ཡིན
་པར་རིག་པར་བྱའོ།། ཚིག་ཀྱལ་པ་ནི་མིང་གི་ཚོགས་ལ་བརྟེན་པ་ཡིན་པར་རིག་པར་བྱའོ།། ལོག་པར་ལྟ་བ་ནི་འདུ་བྱེད་ལ་བརྟེན་པ་ཡིན་པར་རིག་པར་བྱའོ།། དེ་ལ་མི་དགེ་བའོ་ལས་ཀྱི་ལམ་དེ་དག་གི་མི་དགེ་བ་ཉིད་ནི་རྒྱུ་གསུམ་གྱིས་ཤིན་ཏུ
་ཡོངས་སུ་རྫོགས་པར་འགྱུར་ཏེ། གསུམ་གང་ཞེ་ན། ངོ་བོ་ཉིད་ཀྱིས་ཉེས་པ་དང་། གཞིའི་ཉེས་པ་དང་། གོས་པའི་ཉེས་པས་སོ།། དེ་ལ་སྲོག་གཅོད་པ་དང་ལྡན་པ་དང་། ལོག་པར་ལྟ་བའི་བར་དང་ལྡན་པའི་སེམས་པ་དེ་དག་དང་མཚུངས
་བར་ལྡན་པ་ཐམས་ཅད་ནི་ཉོན་མོངས་པ་ཅན་གྱི་བདག་ཉིད་ཡིན་པའི་ཕྱིར་དང་། མི་དགེ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱི་ཉེས་པས་སྐྱོན་ཆགས་པ་ཞེས་བྱའོ།། གལ་ཏེ་ཆགས་པའི་ཀུན་ནས་དཀྲིས་པ་བདེ་བའམ། ཞེ་སྡང་དང་གཏི་མུག་གིས
་ཀུན་ནས་དཀྲིས་པ་བདོ་བས་འབྱུང་ན། དེ་ནི་གཞིའི་ཉེས་པས་སྐྱོན་ཆགས་པ་ཡང་ཡིན་ལ། ཤིན་ཏུ་མི་དགེ་བ་དང་། འབྲས་བུ་ཤིན་ཏུ་མི་འདོད་པ་ཡང་ཡིན་ནོ།། གལ་ཏེ་མཐར་ཐུག་པར་གྱུར་ན། དེ་ནི་གོས་པའི་ཉེས་པས་སྐྱོན་ཆགས་པ་ཡང་ཡིན།།
་ལ། ཤིན་ཏུ་མི་དགེ་བ་དང་། འབྲས་བུ་ཤིན་ཏུ་མི་འདོད་པ་ཡང་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ལ་ལ་ཞིག་ཉོན་མོངས་ཅན་གྱི་སེམས་ཀྱིས་གཞན་དག་ལ་མི་འདོད་པ་དང་། མི་སྡུག་པ་དང་། མི་དགའ་བ་དང་། ཡིད་དུ་མི་འོང་བུའི་སྡུག
་བསྔལ་ཉེ་བར་བསྒྲུབ་པར་བྱེད་ན། སྡུག་བསྔལ་དང་ལྡན་པའི་སེམས་དེའི་མཐུས་སྡུག་བསྔལ་ཉེ་བར་སྒྲུབ་པར་བྱེད་པའི་གང་ཟག་དེའི་སེམས་པ་དེ། ཁ་ན་མ་ཐོ་བ་ཤིན་ཏུ་ཆེན་པོས་རེག་པར་འགྱུར་བའི་ཕྱིར་ཏེ། དེ་ནི་དེའི་གོས་པའི་ཉེས་པ་ཞེས
་བྱའོ།། དེ་ལ་འདི་ལྟར་བདག་ལ་སྡུག་བསྔལ་ཉེ་བར་བསྒྲུབ་པར་བྱེད་པ་གང་ཡིན་པ་དེ་ཁོ་ན་མ་ཐོ་བས་རེག་པར་གྱུར་ཅིག་སྙམ་པ་དེ་ལྟ་བུའི་སེམས་མངོན་པར་འདུ་བྱེད་པ་མེད་དུ་ཟིན་ཀྱང་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལ་རེག་པར་འགྱུར་རོ།། འདི
་ལྟ་སྟེ་དཔེར་ན་རྡོ་ཁབ་ལོང་ནི་འདི་སྙམ་དུ་ལྕགས་བརྡ་གཱ་གི་དྲུང་དུ་འོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་མེད་དུ་ཟིན་ཀྱང་འདི་ནི་ཆོས་ཉིད་ཡིན་ཏེ། དེ་དང་ཉེ་བའི་ལྕ་གས་ནི་མངོན་པར་འདུ་བྱེད་པ་མེད་པ་ཁོ་ནར་ཁབ་ལོང་གི་དྲུང་དུ་འགྲོ་སྟེ། དེ་བཞིན
་དུ་འདིར་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། མེ་ཤེལ་གྱི་དཔེ་ཡང་དེ་བཞིན་དུ་རིག་པར་བྱའོ།། སེམས་པ་དེ་ལ་དེའི་མཐུ་ལས་སྐྱེས་པ་ཉེ་བར་བསྒོ་བ་ཞེས་བྱ་བའི་ཆོས་གཞན་འགའ་ཡང་མི་འཇུག་མོད་ཀྱི། འོན་ཀྱང་སེམས་པ་དེའི་འགྱུར་བ་ཙམ
་པོ་དེའི་མཐུ་ལས་གྱུར་པར་རིག་པར་བྱའོ།། འདི་ལྟ་སྟེ་དཔེར་ན། ལས་ཀྱི་མཐུས་བསྐྱེད་པ་འབྱུང་བ་ཆེན་པོ་གཞི་པོ་དག་གི་སྲ་བ་ཉིད་དང་། གཤེར་བ་ཉིད་དང་། དྲོ་བ་ཉིད་དང་། ཡང་ཞིང་གཡོ་བ་ཉིད་སྣ་ཚགས་པཀ་ཡིན་པ་དེ་དག་ནི་འབྱུང
་ལས་ཐ་དད་པ་མ་ཡིན་མོད་ཀྱི། འོན་ཀྱང་དེ་དག་ནི་འབྱུང་པོ་ཆེན་པོ་རྣམས་དེ་ལྟར་གྱུར་པ་ཙམ་ཁོ་ན་ཡིན་ཏེ། དེ་ཡང་ལས་ཀྱི་མཐུའི་རྐྱེན་ཡིན་པར་རིག་པར་བྱའོ།། ལས་ཀྱི་མཐུའི་རྐྱེན་ཇི་ལྟ་བ་བཞིན་དུ་རྫུ་འཕྲུལ་དང་ལྡན་པའི་མངོན་པར་འདུ་བྱེད་པའི
་ན་ཀྱང་དེ་བཞིན་དུ་བལྟ་བར་བྱ་སྟེ། འདི་ལྟ་སྟེ་དཔེར་ན་བདུད་ཀྱིས་གྲོང་ཁྱེར་ས་ལ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་སེམས་དེ་ལྟ་དེ་ལྟར་བསྒྱུར་ཏེ། དེ་དག་ཇི་ལྟར་བཅོམ་ལྡན་འདས་ལ་ལོག་པར་སྒྲིབ་པར་བྱེད་པ་དེ་ལྟར་བྱེད་མོད་ཀྱི། འོན་ཀྱང
་དོདེ་དག་གི་སེམས་དག་ལ་སྐྱུར་པོར་བྱེད་པ་ཞེས་བྱ་བ་ཆོས་ལྷག་པ་གང་ཡང་ཞུགས་པ་མེད་ཀྱི། དེ་རྣམས་ཀྱི་སེམས་དག་གི་འགྱུར་བ་ནི་བདུད་ཀྱི་ས་མངོན་པར་འདུ་བྱས་པའི་མཐུ་ལས་བྱུང་བ་ཁོ་ན་ཙམ་ཡིན་པར་བལྟ་བར་བྱ་སྟེ། འདི་ལ་ཡང
་ཚུལ་དེ་བཞིན་དུ་རིག་པ་པོར་བྱའོ།། དེ་ལ་ལས་བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པ་ཞེས་གསུངས་པ་གང་ཡིན་པ་དང་། ལྕི་བ་རྣམ་པ་ལྔས་ལས་ལྕི་བར་གསུངས་པ་གང་ཡིན་པ་དེ་དག་ནི་མྱོང་བར་ངེས་པ་ཡིན་པར་བརྗོད་པར་བྱའོ།། དེ
་ལས་བཟློག་པ་ནི་མྱོང་བར་མ་ངེས་པ་ཡིན་ནོ།། དེ་ཡང་རྣམ་པར་སྨིན་པར་ངེས་པ་དང་། གནས་སྐབས་ངེས་པ་དང་། གཉི་གར་ངེས་པ་ཡིན་པར་བརྗོད་པར་བྱའོ།། དེ་ལ་དགྲ་བཅོམ་པའི་མི་དགེ་བའི་ལས་མྱོང་བར་ངེས་པ་སྔོན་གྱི་ཚེ་རབོས་གཞན
་དུ་བྱས་པ་གང་ཡིན་པ་དེ་ནི་སྔོན་སོ་སོའི་སྐྱེ་བོར་གྱུར་པ་ན་དེ་ཉིད་ཀྱི་ཚེ་སྡུག་བསྔལ་ཆུང་ཟད་ཙམ་མམ། ངན་ངོན་ཙམ་ཉེ་བར་གྱུར་པས། དེའི་རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པར་བརྗོད་པར་བྱའོ།། གནས་གྱུར་པས་རྣམ་པར་སྨིན
་པོའི་ས་བོན་ཡང་དག་པར་བཅོམ་པས་ནི་ཐམས་ཅད་ཀྱི་ཐམས་དུ་མྱོང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱོང་བར་ངེས་པ་དེ་ནི་བཅོམ་ལྡན་འདས་ཀྱིས་སེམས་ཀྱི་རྒྱུད་རྣམ་པར་མ་གྲོལ་བ་ལས་བརྩམས་ཏེ་རྣམ་པར་གཞག་པཱི།
་ཕྱི་ར་རོ།། གང་ལ་ལ་ཞིག་གིས་སྲོག་ཆགས་ལན་གཅིག་དྲངས་ཤིང་གནོད་པ་ཡང་བྱས་ལ། བསད་ཅིང་སྲོག་དང་ཕྲལ་བར་གྱུར་ན་ཅི་དེ་ལ་ལས་གཅིག་ཅེས་བརྗོད་པར་བྱའམ། འོན་ཏེ་གཉིས་ཤེས་བརྗོད་པར་བྱ་ཞེ་ན། སྨྲས་པ། ལས
་གཉིས་ཤེས་བརྗོད་པར་བྱ་སྟེ། ལས་དེ་གཉིས་ནི་མྱུར་བར་འཇུག་པའི་ཕྱིད་གཅིག་གོ་སྙམ་པའི་མངོན་པའི་ང་རྒྱལ་འབྱུང་བར་བལྟ་བར་ཟད་ཀྱི། དྲུངས་ལ་སྲོག་དབྲོག་པར་བྱའོ་སྙམ་པ་ནི་འཕྲོག་པའི་དུས་ན་སེམས་པོ་གཅིག་ཡིན་ལྔ། འདི
་ལ་གནོད་པ་བྱས་ཏེ་གསད་པར་བྱའོ་སྙམ་པ་ནི་སེམས་པ་གཉིས་པ་ཡིན་ཏེ། གང་གི་ཚེ་འདྲེན་པར་བྱེད་པ་དེའི་ཚེ་ན་ནི་གནོད་པར་མི་བྱེད་ལ། གང་གི་ཚེ་གནོད་པར་བྱེད་པ་དེའི་ཚེ་ན་ནི་འདྲེན་པར་མི་བྱེད་དེ། མྱུར་བར་འཇུག་པས་གཅིག་ཆའོ།
་སྙམ་པའི་མངོན་པའི་ང་རྒྱལ་སྐྱོ་བར་ཟད་པས། དེའི་ཕྱིར་ལས་གཉིས་སུ་བརྗོད་པར་བྱའོ།། ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་ནི་མདོར་བསྡུ་ན་རྒྱུ་གསུམ་གྱིས་རིག་པར་བྱ་སྟེ། གསུམ་གོང་ཞེ་ན། ཞིང་རྒྱོ་ཚ་བ་དང་། སེམས་པ་རྒྱ་ཆེ་བ
་དང་། སེམས་ཀྱི་རྒྱུད་རྣམ་པར་དག་པས་སོ།། དེ་ལ་ཞིང་རྒྱ་ཆེ་བ་ཉིད་ནི་རྣམ་པ་ལྔས་བལྟ་བར་བྱ་སྟེ། སེམས་ཅན་རྣམས་ལ་མཆོག་ཏུ་ཕན་པའི་ལྷག་པའི་བསམ་པ་ལས་ལངས་པ་ནི་འདི་ལྟ་སྟེ། བྱམས་པ་ལས
་སྙོམས་པར་འཇུག་པ་ལས་ལངས་པའོ།། སེམས་ཅན་རྣམས་མཆོག་ཏུ་སེམས་རྗེས་སུ་སྲུང་བ་ལ་གནས་པ་ལས་ལངས་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ལངས་པའོ།། མཆོག་ཏུ་རབ་ཏུ་ཞི་ཞིང་མྱ་ངན་ལས
་འདས་པ་དང་འདྲ་བའི་འཕགས་པའི་གནས་པ་ལས་ལངས་པ་ནི་འདི་ལྟ་སྟེ། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པའོ།། མི་དགེ་བ་ཐམས་ཅད་མི་བྱེད་པའི་སྡོམ་པ་ཐོབ་པ་ནི་འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པ་སེམས་ཀྱི་རྒྱུད་ཤིན་ཏུ
་རྣམ་པར་དག་པའོ།། ཤིན་ཏུ་མཐར་ཐུག་པ་ནི་འདི་ལྟ་སྟེ། དགྲ་བཅོམ་པ་དང་། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྟེ། དེ་ལྟར་ན་དེ་ནི་ཞིང་རྒྱ་ཆེ་བོ་ཉིད་ཡིན་ནོ།། དེ་དག་ལ་གལ་ཏེ་སྙིང་ཐེག་པ་ནས་དད་པའི་སེམས་ཀྱིས་བསྙེན
་བཀུར་བྱས་ཏེ། དངོས་པོ་རུང་བ་དག་འབུལ་བར་བྱེད་ན། དེ་ནི་སེམས་པ་རྒྱ་ཆེ་བ་ཉིད་ཡིན་པར་བལྟ་བར་བྱའོ།། གལ་ཏེ་ངེས་སྔོན་གྱི་ཚེ་རབས་གཞན་དག་ཏུ་གཞི་དེ་དག་ཉིད་ལ་གཞན་དག་གིས་ཆོས་གོས་ལ་སོགས་པ་འབུལ་བར་བརྩམས
་བ་ལ། ལུས་དང་ངག་དང་ཡིད་ཀྱི་བར་ཆད་མ་བྱས་ཤིང་བགེགས་མ་བྱས་ལ་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་བསམས་ཤིང་བསྒྲུབ་པའི་སྒྲིབ་པ་དེས་སེམས་ཀྱི་རྒྱུད་མ་བསྒྲིབས་ན། དེའི་སེམས་ཀྱི་རྒྱུད་རྣམ་པར་དག་པ་ཡིན་པར་བལྟ
་བར་བྱའོ།། གལ་ཏེ་དེ་ལ་རྒྱུད་གསུམ་པོ་ཐམས་ཅད་ཚོགས་པར་ཡོད་ན། དེ་ལྟ་ན་དེའི་ལས་དེ་ཚེ་འདི་ལ་མྱོང་བར་འགྱུར་བས་ངེས་པ་ཡིན་ནོ།། སྐྱེས་ནས་མྱོང་བར་འགྱུར་བ་ཡང་དེ་ཡིན་ལ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡང་དེ
་ཡིན་ནོ།། དེ་ལས་བཟློག་པའི་རྒྱུ་གསུམ་གྱིས་ནི་མི་དགེ་བ་ཡང་ཚེ་འདི་ལ་མྱོང་བར་འགྱུར་པར་རིག་པར་བྱའོ།། ལས་གང་སྐད་ཅིག་གཅིག་ལ་སྐྱེས་ལ། ཚོ་འདི་ལ་མྱོང་བ་ཁོ་ནར་འགྱུར་བ་དེ་ལྟ་བུ་ཡང་ཡོད་དོ།། གང་ཚེ་འདི་ལ་མྱོང་བར་འགྱུར་བ
་དང་། སྐྱེས་ནས་མྱོང་བར་འགྱུར་བ་ཡང་ཡོད་དོ།། གང་རྣམ་པ་གསུམ་ཚར་དུ་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན་སྐུད་པ་གཅིག་ལ་མེ་ཏོག་གཅིག་ཁོ་ན་ཞིག་བརྒྱུར་ཡོད་དེ། མེ་ཏོག་གཅིག་ཁོ་ན་ཞིག་བརྒྱུར་རུང་བར་ཟད་ཀྱི་དེ་ལས
་ལྷག་པར་བརྒྱུར་མི་ནུས་པ་དེ་ལྟར་སྲིད་ཐུང་བ་གང་ཡིན་པ་དང་། གཞན་ཡང་མེ་ཏོག་གཉིས་བརྒྱུར་རུང་བའི་སྐུད་པ་གང་ཡིན་པ་དང་། གཞན་ཡང་མེ་ཏོག་རབ་ཏུ་མང་པོ་དགེ་བརྒྱུར་རུང་བའི་སྐུད་པ་གང་ཡིན་པ་ལྟ་བུ་དང་། འདི་ལྟ་སྟེ་དཔེར་ན
་ཆུའི་རྒྱུན་ཆུ་ངུའི་བདག་ཉིད་ཅན་ནི་བབ་སྟེ། གོམ་པ་གཅིག་ཏུ་ཕྱིན་ནསུ་ཐུག་པར་འགྱུར་བ་དང་། གཉིས་པ་ཆེས་ཚྭ་བ་ནི་གྲོམས་པ་གཉིས་སུ་ཕྱིན་ནས་ཐུག་པར་འགྱུར་བ་དང་། གསུམ་པ་ཆུའི་རྒྱུན་ཆེན་པོ་ནི་བབ་སྟེ་གོམ་པ་རབ་ཏུ་མདུ་པོ་དག
་གི་བར་དུ་ཕྱིན་ནས་ཐུག་པར་འགྱུར་བ་ལྟ་བུ་དང་། འདི་ལྟ་སྟེ་དཔེར་ན། ཚེའི་ཐིགས་པ་རང་བཞིན་གྱིས་རོ་ཆུང་ངུ་གཅིག་གིས་ནི་ཆུ་ཐིགས་པ་གེ་ཙོག་ཁོ་ན་ཞིག་སྐྱུར་པོར་བྱེད་ནུས་ཀྱི། དེ་ལས་ལྷག་མི་ནུས་པ་དང་། དི་བས་ཆོས་རྣོ་བའི་ཆ
་ཐིགས་པ་གཉིས་པས་ནི་ཆུའི་ཐིགས་པ་གཉིས་ཁོ་ན་སྐྱུར་པོར་བྱེད་ནུས་ལ་དེ་ལས་ལྷག་པར་མི་ནུས་པ་དང་། དེ་བས་ཆེས་རྣོ་བའི་ཆའི་ཐིགས་པ་གསུམ་པས་ནི་ཆུ་རབ་ཏུ་མང་བོའོ་བར་དག་སྐྱུར་པོར་བྱེད་ནུས་པ་བཞིན
་དུལས་འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བ་བྱའོ།། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་དག་ནི་འདོད་པ་དང་ལྡན་པ་ཁོ་ན་ཡིན་ལ། དེ་དག་གི་རྣམ་པར་སྨིན་པ་ཡང་འདོད་པའི་ཁམས་ཁོ་ནི་སྟེ། ངན་སོང་རྣམས་སུ་ཕལ་ཆེ་ལ། བདེ་འགྲོ་རྣམས
་སུ་ནི་ཉུང་བ་ཡིན་ནོ།། ངན་སོང་བ་དེ་ཡང་རྒྱུན་ཏུ་ཞུགས་པས་ནི་སྤངས་པ་ཡིན་ནོ།། སོ་སོའི་སྐྱེའོ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་གོང་མར་སྐྱེས་པས་ནི་ཐམས་ཅད་བཅོམ་པ་ཡིན་ལ། གཏན་སྤངས་པ་ནི་མ་ཡིན་ནོ།། ཕྱིར་མི་འོང་བ་འདི།
་ན་གནས་པའམ། དེར་སྐྱེས་པ་དང་། དགྲ་བཅོམ་པ་ཐམས་ཅད་ཀྱིས་ནི་ཐམས་ཅད་ཁོ་ནོར་སྤངས་པ་ཡིན་ནོ།། ལྷག་པའི་བསྡམ་པ་དག་པའི་ས་རོ་ཆུང་པའི་བྱང་ཆུབ་སེམས་དཔས་ཀྱང་ཐད་གཏན་སྤངས་པ་ཡིན་ཏེ། མི་མཛད་པའི་སྟོབས
་བསྐྱེད་པ་ཉིད་ཀྱིས་ཡིན་གྱི། ཉོན་མོངས་པ་དང་བྲལ་བས་ནི་མ་ཡིན་ནོ།། དེ་ལ་སེམས་པ་ནི་ལས་ཡིན་ལ། ལས་ཀྱི་ལམ་ནི་མ་ཡིན་ནོ།། སྲོག་གཅོད་པ་ལ་སོགས་པ་ཚིག་ཀྱལ་པའི་མཐར་ཐུག་པའི་བར་དག་ནི་ལས་ཀྱང་ཡིན་ལ་ལས་ཀྱི་ལམ
་ཡང་ཡིན་ནོ།། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དག་ནི་ལས་ཀྱི་ལམ་ཁོ་ན་ཡིན་ལ་ལས་ནི་མ་ཡིན་པར་བལྟ་བར་བྱའོ།། ལས་ཀྱི་ལམ་རྣམས་ཀྱི་རྣམ་པར་གཏན་ལ་དབབ་པའི་གཞུང་དེས་ལས་ལྷག་པ་ནི་མི་སྣང་ངོ་།།
་སྡོམ་ནི། ངོ་བོ་ཉིད་དང་བསྡུ་དབྱེ་དང་། ཐབས་དང་ལྕི་དང་ཡང་བ་དང་། སོགས་དང་འབྲི་དང་སྦྱོར་བ་དང་། འབྲས་བུ་སྐྱེ་བའི་ངེས་པ་ཡིན། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཞེས་གང་གསུངས་པ་དེ་ལ་སྐྱེ་བ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཅིག་ཏུ་རིག་པར
་བྱཱ་སྟེ། གཅིག་ཏུ་བདེ་བ་ནི་འདི་ལྟ་སྟེ། ལྷ་ཁ་ཅིག་ཏུ་སྐྱེས་པའོ།། གཅིག་ཏུ་སྡུག་བསྔལ་བ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པའོ།། བདེ་བ་དང་སྡུག་བསྔལ་བ་ནི་འདི་ལྟ་སྟེ། ལྷོ་དང་། མི་དང་། དུད་འགྲོ་དང་། ཡི་དགས་ཁ་ཅིག་ཏུ།
་སྐྱེས་པའོ།། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་སྐྱེ་བ་ནི། འདི་ལྟ་སྟེ་ལྷ་ཁ་ཅིག་ཏུ་སྐྱེས་པའོ།། གཅིག་ཏུ་ཡོངས་སུ་མ་དག་པའི་སྐྱེ་བ་ནི། འདི་ལྟ་སྟེ་འདོད་པའི་ཁམས་ན་སོ་སོའི་སྐྱེ་བོ་རྣམས་ཀྱིའོ།། གཅིག་ཏུ་ཡོངས་སུ་དག་པའི
་སྐྱོ་བ་ནི་འདི་ལྟ་སྟེ། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། ཡོངས་སུ་མི་དག་པ་དང་ཡོངས་སུ་དག་པའི་སྐྱེ་བ་ནི་འདི་ལྟ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིའོ།། སྐྱེ་བ་ཡོངས་སུ་མ་དག་ལ། སྐྱེ
་མཆེད་ཡོངས་སུ་དག་པ་དང་ལྡན་པོ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ནུ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་དཡོ་བར་སྐྱེས་པ་རྣམས་ཀྱིའོ།། སྐྱེ་བ་ཡོངས་སུ་དག་ལ། སྐྱེ་མཆེད་ཡོངས་སུ་མ་དག་པ་དང་ལྡན་པ་ནི་འདི་ལྟ་སྟེ། གཟུགསོ།
་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པའི་སོ་སོའི་སྐྱེ་བོ་རྣམས་ཀྱིའོ།། སྐྱེ་བ་ཡང་ཡོངས་སུ་མ་དག་ལ། སྐྱེ་མཆེད་ཀྱང་ཡོངས་མ་དག་པ་དང་ལྡན་པ་ནི་འདི་ལྟ་སྟེ། འདོད་པའི་ཁམས་སུ་སྐྱེས་པའི་སོ་སོའི་སྐྱེ་བོ་ཡོངས་སུ་མྱ་ངན་ལས་མི
་འདའ་བའི་ཆོས་ཅན་རྣམས་ཀྱི་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཆོ་སྣ་ཅན་མཱི་ངལ་བར་སྐྱེས་པ་རྣམས་ཀྱིའོ།། སྐྱེ་བ་ཡོངས་སུ་དག་ལ། སྐྱེ་མཆེད་ཀྱང་ཡོངས་སུ་དག་པ་དང་ལྡན་པ་ནི་འདི་ལྟ་སྟེ། གཟུགས་དང་གཟུག
་མེད་པའི་ཁམས་སུ་སྐྱེས་པའི་སློབ་པ་སོ་སོའི་སྐྱེ་བོ་མ་ཡིན་པ་རྣམས་ཀྱིའོ།། ཇི་སྐད་དུ་ཁྱེད་ཅག་གིས་ནི་ཡུན་རིང་པོ་ནས་རོའི་མཚམས་སྦྱོར་བ་སྐྱེད་ཅིང་ཁྲག་གི་ཐིགས་པོ་བླངས་སོ་ཞེས་གསུངས་པ་དེ་ལ། རོའི་མཚམས་སྦྱོར་བ་གང་ཞེ་ན། སྨྲས་པ
་འའདི་ལྟ་སྟེ། རོའི་མཚ་མས་སྦྱར་བ་ཞེས་བྱ་བ་དེ་ནི་སྲེད་པའི་ཚིག་གི་རྣམ་གྲངས་ཡིན་ཏེ།། དེས་ནི་ཀུན་འབྱུང་བའི་བདེན་པ་ཡོངས་སུ་བཟུང་བར་པོསྟན་ཏོ།། ཁྲག་གི་ཐིགས་པ་བླངས་སོ་ཞེས་གསུངས་པ་དེ་སཱ་ནི་སྡུག་བསྔལ་གྱི་བདེན་པ་ཡོངསུ
་བཟུང་བར་བསྟན་ཏོ།། བྲམ་ཟེའི་རྟོགས་པོ་བརྗོད་པའི་སྡེ་དེ་ལས། འཆི་བའི་ཀུན་ནས་ཉོན་མོངས་པ་ལ་བརྩམས་ཏེ་དེར་བཅོམ་ལྡན་འདས་ཀྱི་ལྔ་པོ་འདི་དག་ནི་མ་སྨྱོས་པའི་སྨྱོན་པའི་སྤྱོད་པ་དག་ཡིན་ཏེ། ལྔ་གང་ཞེ་ན། ཡན?་ལྷག་ཆགས
་པ་ག་འཚོ་བའི་ཐབས་གཞན་ཡོད་བཞིན་དུ། ཡན་ལག་གཤེག་པའི་རྒྱུས་འཚོ་བར་བྱེད་པ་གང་ཡིན་པ་དེ་ནི་མ་སྨྱོས་པའི་སྨྱོན་པ་དང་པོ་ཡིན་ནོ།། གཞན་ཡང་ཆགསོ་ཤིང་ཆགས་པའི་ཟོལ་གྱིས་ནོན་པ་དག་ཆགས་པའི་གཞིའི་རྒྱས
་ལོངས་སྤྱོད་པར་ཡང་མི་བྱེད་སྦྱིན་པར་ཡང་མི་བྱེད་པར་ལོངས་སྤྱོད་ཀྱི་ཚོགས་ཆེན་པོ་དག་སྤངསོ་ནས་འཆི་བའི་དུས་བྱེད་པ་ཁོ་ནར་འགྱུར་བ་གང་ཡིན་པ་དེ་ནི་མ་སྨྱོས་པའི་སྐྱོན་པའི་སྤྱོད་པ་གཉིས་པ་ཡིན་ནོ།། གཞན་ཡང་མཐོ་རིས་འདོད་པ་དག་ལུས་དང་།
་ངག་དང་ཡིད་ཀྱི་ལེབས་པར་སྤྱད་པས་བསྡུས་པའི་མཐོ་རིས་ཀྱི་ཐབས་གཞན་ཡོད་བཞིན་དུ་མཐོ་རིས་འདོད་པའི་ཕྱིར་བདག་ཉིད་མེར་སྲེག་པར་བྱེད་པ་དང་། ཆུར་འཆི་བར་བྱེད་པ་དང་། གཡངས་ས་ནས་གཡང་དུ་གཏོང་བར་བྱེད་པ་གང་ཡིན་པ་དེ་ནི་མ།
་སྨྱོས་པའི་སྨོན་པའི་སྤྱོད་པ་གསུམ་པ་ཡིན་ནོ།། གཞན་ཡང་ཐར་པ་འདོད་པ་དག་འཕགས་པའི་ལམ་ཡན་ལག་བརྒྱད་པས་བསྡུས་པའི་ཐར་པའི་ཐུབས་ཡོད་བཞིན་དུ། ཐར་པ་འདོད་པའི་ཕྱིར་བདག་ཉིད་རྣམ་པ་དུ་མཱར་ཀུན་ཏུ་གདུང་བར་བྱེད།
་ཡོང་དག་པརོ་གདུང་བར་བྱེད། ཡོངས་སུ་གདུང་བར་བྱེད་པ་གང་ཡིན་པ་དེ་ནི་མ་སྨོས་པའི་སྨྱོན་པའི་སྤྱོད་པ་བཞི་པ་ཡིན་ནོ།། གཞན་ཡང་ཤི་བའི་རྗེས་སུ་མྱ་ངན་བྱེད་པ་དག་ཤི་བ་ཕྱིར་འོང་བ་མེད་བཞིན་དུ། ཤི་བའི་རྗེས་སུ་མྱ་ངན་བྱ་བའི
་ཆེད་ཀྱི་ཕྱིར་རྣམ་པ་དུ་མར་བདག་ཉིད་ཆོ་ངོས་འདེབས་པོར་བྱེད། ལུས་འདྲལ་བར་བྱེད། མགོ་ཐལ་པོས་སྐུད་པར་བྱེད་ཟས་མི་ཟ་བར་བྱེད་པ་གང་ཡིན་པ་དེ་ནི་མ་སྨྱོས་པའི་སྦྱིན་པའི་སྤྱོད་པ་ལྔ་བ་ཡིན་ཏེ། ཕ་མ་དེ་བཞིན་ཕུ་ནུ་དོང་། དེ་བཞིན
་ཉེ་དུ་མཛའ་བ་ཤེས་བུ།། དེས་མྱེད་བདག་གིར་འཛིན་བྱེད་པོ།། དེ་ནི་འཇིག་རྟེན་ཕྱིན་ཅི་ལོག། མ་གྱུར་པ་ཡང་ཆུང་མར་འགྱུར།། ཆུང་མར་གྱུར་པ་མནའ་མར་གྱུར།། མ་ནའམར་གྱུར་པ་བྲན་མོར་འགྱུར།། དགྲ་ཡང་ཁྱིམ་གྱི་བདག་མོར་འགྱུར།། ཕར
་གྱུར་པ་ཡང་བུ་ཕྱོར་འགྱུར།། བླ་ཕོར་གྱུར་པ་དགྲ་བོར་འགྱུར།། དགྲར་གྱུར་པ་ནི་བྲན་འགྱུར་ཏེ། མངགས་གཞུག་ལས་མི་འགྱུར་དེ་བཞིན།། རྒྱལ་པོར་གྱུར་པ་ཚལ་ཟར་འགྱུར།། ཚལ་ཟར་གྱུར་པ་བཀྲེན་པ་དང་། གྲོང་མི་ངོན་པ་དམན་པ་དང་།། འཇིག་རྟེན
་རྣམས་ཀྱིས་སྨད་པར་འགྱུར།། བྲམ་ཟེར་གྱུར་པ་རྒྱལ་རིགས་འགྱུར།། རྒྱལ་རིགས་རྗེའུ་རིགས་ཉིད་དུ་སྟེ།། རྗེའུ་རིགས་གྱུར་པ་དུ་མང་རིགས་དང་།། དེ་བཞིན་གདོལ་པ་གཡུང་པོར་འགྱུར།། གང་དག་ཁྱོད་ཀྱི་བུར་སྐྱེས་པ།།
་སྟོང་གི་ཕྲག་དང་བརྒྱ་ཕྲག་དང་། ཁྲག་ཁྲིག་ཕྲག་ནི་དུ་མ་དག། དུས་གཞན་ན་ནི་དགྲ་བོར་འགྱུར།། ཇི་ལྟར་གར་མཁན་ལྟད་མོའི་དབུས།། བདག་ཉིད་སྣ་ཚོགས་སྟོན་བྱེད་པའི།། བདག་ཉིད་སྣ་ཚོགས་དེ་བཞིན་དུ།། སོ་སོའི་སྐྱེ་བོ་སྟོན་པར་བྱེད།། འདུ
་བྱེད་འདི་དག་སྒྱུ་འདྲ་སྟེ།། རྒྱུ་རྣམས་རྐྱེན་རྣམས་ལས་རྣམས་དང་།། ཉོན་མོངས་རྣམས་ཀྱིས་ཡང་དང་ཡང་།། རྣམ་པར་བསྒྲུབས་པ་སྣ་ཚོགས་ཡིན།། མི་ཤེས་པ་ཡིས་བསྒྲུབས་པ་རྣམས།། དེ་ལྟར་ཅོ་འདྲི་སྣ་ཚོགས་དག། ཐོབ་ཀྱང་འཁོར་བ་ཉིད
་ལལ་ནི།། དགའ་ཞིང་ཅིས་ཀྱང་སྐྱོ་མི་བྱེད།། ཐལ་བ་མཆི་མ་སྨྲེ་སྔགས་ཀྱི།། བདག་ཉིད་ཕྱིར་ཞིང་ཅོ་འདྲི་ལ།། མྱ་ངན་བྱ་མི་ནི་མྱ་ངན་བྱེད།། གདུང་བ་མིན་ལ་གདུང་བར་བྱེད།། གཞན་ལ།། ཉན་འདབ་འདུ་ཤེས་ཀྱིས།། བདག་ཉིད་བརྡབས་ཤིང་མྱ་ངན
་བྱེད་པ་ཆོས་ཀྱི་སྤྱོད་པ་ཀུན་སྤོངས་ནས།། ལག་པ་བསྒྲེང་སྟེ་ཚྭ་ངེས་འདེབས།། གཏི་མུག་ང་རྒྱལ་རྒྱགས་ལྡན་ཞིང་།། ཡང་དང་ཡང་དུ་བག་མེད་བྱེད།། ཅེས་གསུངས་སོ།། དེ་བཞིན་དུ་སྦྱར་སྟེ། རྩོད་པའི་དུས་ཀྱི་སྐྱོན་ནི་བཞི་སྟེ། ཚེ་ཡོངས་སུ་འགྲིབ་པ
་དང་། བདེ་བ་ཡོངས་སུ་འགྲིབ་པ་དང་། ཡོན་ཏན་ཡོངས་སུ་འགྲིབ་པ་དང་། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཡོངས་སུ་འགྲིབ་པའོ།། རྩོད་པའི་དུས་ན་སེམས་ཅན་རྣམས་གཅིག་ལ་གཅིག་གནས་བརྒྱད་འགྲང་བར་མི་བྱེད་དེ། ཆོས་བགྲང་བར་མི
་བྱེད་པ་དང་། སྙམ་པ་དང་། བརྟེན་པ་དང་། སྙིང་རྗེ་དང་། བྱམས་པ་དང་། ཡོན་ཏན་དང་ལྡན་པ་དང་། ཕན་འདོགས་པ་དང་། ཀུན་ཏུ་དགའ་བ་འགྲང་བར་མི་བྱེད་དོ་ཞེས་ཀྱང་གསུངས་སོ།། །། བམ་པོ་བཅུ་དྲུག་པ།། སྐྱེ་བའི་ཀུན་ན།
་ཉོན་མོངས་པ་ལ་མ་རིག་པའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུ་གང་གསུངས་པ་དེ་ལ། མ་རིག་པ་ལ་སོགས་པ་ཡན་ལག་དེ་དག་གི་རབ་ཏུ་དབྱེ་བ་ཇི་ལྟར་བལྟ་བར་བྱ་ཞེ་ན། སྨྲས་པ། མདོར་བསྡུ་ན་རྣམ་པ་ལྔ་སྟེ། རྟགས་དང་། ངོ་བོ་ཉིད
་དང་། ལས་དང་། ཆོས་དང་། རྒྱུ་དང་འབྲས་བུསོ།། དེ་ལ་མ་རིག་པའི་རྟགས་ངག་གང་ཞེ་ན། སྨྲས་པ། མ་རིག་པའི་རྟགས་ནི་འདོད་ཆགས་ཀྱང་ཡིན། ཁོང་ཁྲོ་བ་ཡང་ཡིན། ང་རྒྱལ་ཡང་ཡིན། ངར་འཛིན་པ་དང་ང་ཡིར་འཛིན་པ་ཡང་ཡིན།
་ཚྭ་མེད་པ་དང་ཁྲེལ་མེད་པ་ཡང་ཡིན། བག་མེད་པ་ཡང་ཡིན། རང་བཞིན་གྱིས་ཁོ་རེ་ཆུང་བ་དང་མོང་རྟུལ་བ་ཡང་ཡིན། གཉིད་ཆེ་བ་ཡང་ཡིན། སེམས་ཞུམ་པ་ཡིན། སྡིག་པའི་ལས་ཀུན་ཏུ་སྤོང་པ་ཡང་རྟགས་ཡིན།། མ་རིག་པའི་ངོ་བོ
་ཉིད་གང་ཞེ་ན། སྨྲས་པ།། མཚན་ཉིད་ཀྱི་ངོ་བོ་ཉིད་ནི་བཤད་ཟིན་ཏོ།། དེ་ནི་རབ་ཏུ་དབྱེ་བ་ལས་ངོ་བོ་ཉིད་དེ་བརྗོད་པར་བྱ་སྟེ། མ་རིག་པ་ནི་བག་ལྟ་ཉལ་བ་ཡང་ཡོང་ངོ་།། སད་པ་ཡང་ཡོད་དོ།། ཉོན་མོངས་པ་དང་ལྡན་པ་ཡང་ཡོད་དོ།། འབའ
་ཞིག་པ་མ་འདྲེས་པ་ཡང་ཡོད་དོ།། སེམས་ཀྱིས་ཟིལ་གྱིས་གནོན་པར་བྱེད་པ་ཡང་ཡོད་དོ།། ལས་ཀུན་ནས་སློང་པོར་བྱེད་པ་ཡང་ཡོད་དོ།། ཉོན་མོངས་ཅན་མ་ཡིན་པ་ཡང་ཡོད་དོ།། ངོ་ཚ་བ་དང་བྲལ་བ་ཡང་ཡོད་དོ།། བརྟན་པ་ཡང་ཡོད་དེ།།
་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱིའོ།། མ་རིག་པའི་ལས་གང་ཞེ་ན། སྨྲས་པ། མ་རིག་པ་ནི་དོན་ལྐོག་ཏུ་གྱུར་པ་ལ་ཡང་ཀུན་ཏུ་རྨོངས་པར་བྱེད་དོ།། མ་རིག་པ་ནི་མངོན་སུམ་དང་། ངན་པ་དང་། བར
་མ་དང་། རབ་དང་། ཕན་པ་དང་། མི་ཕན་པ་དང་། དེ་ཁོ་ནའི་དོན་དང་། མཛའ་བཤེས་ཀྱི་དོན་དང་། རྒྱུ་དང་འབྲས་བུ་ལ་ཡང་ཀུན་ཏུ་རྨོངས་པར་བྱེད་དོ།། སེམས་ཅན་ཀུན་ཏུ་རྨོངས་པ་ནི་བཅུ་པོ་འདི་དག་ཡིན་ཏེ། སེམས་ཅན་ཀུན་ཏུ་རྨོངས་པ
་དེ་དག་གིས་སེམས་ཅན་ཀུན་ཏུ་རྨོངས་པ་ཐམས་ཅད་བསྡུས་པར་འགྱུར་ཏེ། མ་ཚང་བས་ཀུན་ཏུ་རྨོངེས་པ་དང་། གཡེང་བས་ཀུན་ཏུ་རྨོངས་པ་དང་། རྣམ་པར་གཡེང་བས་ཀུན་ཏུ་རྨོངས་པ་དང་། རང་བཞིན་གྱིས་ཀུན་ཏུ་རྨོངས་པ་དང་། མངོན
་པར་ཞེན་པས་ཀུན་ཏུ་རྨོངས་པ་དང་། འཁྲུལ་པས་ཀུན་ཏུ་རྨོངས་པ་དང་། ཀུན་ཏུ་རྨོངས་པ་བརྟན་པ་དང་། ཤིན་ཏུ་ཀུན་ཏུ་རྨོངས་པ་དང་། མ་རྟོགས་པས་ཀུན་ཏུ་རྨོངས་པ་དང་། མངོན་སུམ་ལྔ་ཀུན་ཏུ་རྨོངས་པའོ།། དེ་ལ་མ་ཚུང་བས
་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདི་ན་ལ་ལ་མིག་མ་ཚང་བ་འམ། རྣ་བ་མ་ཚང་བར་གྱུར་ནས། ངོས་ནཱ་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་སམ། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་རྣམས་ལ། ཐམས་ཅད་ཀྱི་ཐམས
་ཅད་དུ་ཉམས་སུ་མྱོང་བ་མེད་པ་ལས་ཀུན་ཏུ་རྨོངས་པ་ལྟ་བུའོ།། དེ་ལ་གཡེང་བས་ཀུན་ཏུ་རྨོངས་པ་ནི།། འདི་ལྟར་འདི་ན་ལ་ལ་གནོད་པའམ། སྡུག་བསྔལ་བ་འམ། ནང་ཚབས་ཆེ་བ་འམ། ཚོར་བས་སྡུག་བསྔལ་བ་འམ། སྨྱོས་ཏེ་སེམས
་འཁྲུགས་ནས། དེས་དེ་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་དག་ལྔ་ཀུན་ཏུ་རྨོངས་པ་ལྟ་བུའོ།། དེ་ལ་རྣམ་པར་གཡེང་བས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདི་ན་ལ་ལ་གཞན་ལ་སེམས་འབྲེལ་པར་གྱུར་པས་གཞན་ལ་ལེགས་པར་བྱས
་པ་དང་ཉེས་པར་བྱས་པ་དག་ལ་ཀུན་ཏུ་རྨོངས་པ་ལྟ་བུའོ།། དེ་ལ་རང་བཞིན་གྱིས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདྲིན་ལ་ལ་ཐོག་མ་མེད་པ་དང་ལྡན་པའི་འཁོར་བ་ན། རང་བཞིན་ཁོ་ནས་སྡུག་བསྔལ་བ་དང་། ཀུན་ཏུ་འབྱུང་བ་དང་། འགོག་པོ་དང་།
་ཡམ་དང་། གང་ཟག་ལྔ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་ལ་ཀུན་ཏུ་རྨོངས་པ་ལྟ་བུའོ།། དེ་ལ་མངོན་པར་ཞེན་པས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདི་ན་ལ་ལ་ཕྱི་རོལ་པ་མུ་སྟེགས་ཅན་དུ་གྱུར་ནས་ངེས་ན་དེ་འཇིག་ཚོགས་ལ་ལྟ་བ་དང་།
་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བའི་རྣམ་པ་དག་ལ་ཀུན་ཏུ་རྨོངས་པ་ལྟ་བུའོ།། དེ་ལ་འཁྲུལ་པས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདི་ནཱ་ལ་ལ་མིང་འཁྲུལ་པ་འམ། གྲངས་འཁྲུལ་པའམ། དབྱིབས་འཁྲུལ་པའམ། ཁ
་དོག་འཁྲུལ་པ་འམ། ལས་འཁྲུལ་པས་འཁྲུལ་པ་དང་། མཐུན་པའི་ཆོས་རྣམས་ལ་ཀུན་ཏུ་རྨོངས་པ་ལྟ་བུའོ།། དེ་ལ་ཀུན་ཏུ་རྨོངས་པ་བརྟ་ནཾ་པ་ནི་འདི་ལྟར་འདི་ན་ལ་ལ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དུ་གྱུར་ནཱས། དེས་ན
་དེའི་ཀུན་ཏུ་རྨོངས་པ་སངས་རྒྱས་རྣམས་ཀྱིས་ཀྱང་གཞིག་མི་སྤྱོད་པར་བསྟན་པ་ལྟ་བུའོ།། དེ་ལ་ཤིན་ཏུ་ཀུན་ཏུ་རྨོངས་པ་ནི་འདི་ལྟར་འདི་ན་ལ་ལ་རྟག་པར་རྒྱུན་ཏུ་ལོག་པར་བསྒྲུབ་པས། ལོག་པར་སྒྲུབ་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ
་གྱིས་བཅོམ་པར་ཤེས་ཤིང་མཐོང་ཡང་། དེ་ཉིད་ལ་རྒྱུག་ཅིང་དེ་ཉིད་ལ་མངོན་པར་དགའ་བ་དང་། འདོད་ཆགས་ལ་སོགས་པ་སྤྱོད་པ་གང་ཡིན་པ་ལྟ་བུའོ།། དེ་ལ་མ་རྟོགས་པས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདིན་ལ
་ལ་མ་ཐོས་པ་དང་། མ་བསམ་པ་དང་། མ་བསྒོམས་པའི་ཕྱིར་ཆོས་ཀྱི་དོན་ལ་ཀུན་ཏུ་རྨོངས་པ་ལྟ་བུའོ།། དེ་ལ་མངོན་སུམ་ལ་ཀུན་ཏུ་རྨོངས་པ་ནི་འདི་ལྟར་འདི་ན་ལ་ལ་འདུ་བྱེད་རྣམས་ཀྱི་མི་རྟག་པ་ཉིད་མངོན་སུམ་དུ་ཡང་དག་པར་རྗེས་སུ
་མཐོང་བཞིན་དུ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་ཉིད་མངོན་སུམ་དུ་ཡང་དག་པར་རྗེས་སུ་མཐོང་བཞིན་དུ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ཉིད་མངོན་སུམ་དུ་ཡང་དག་པར་རྗེས་སུ་མཐོང་བཞིན་དུ་གཙང་བར་འདུ་ཤེས་པ་དང་།
་བདག་མེད་པ་ཉིད་མངོན་སུམ་དུ་ཡང་དག་པར་རྗེས་སུ་མཐོང་བཞིན་དུ་བདག་ཏུ་འདུ་ཤེས་པ་དང་། ན་བའི་ཆོས་ཉིད་དང་། རྒ་བའི་ཆོས་ཉིད་དང་། འཆི་བའི་ཆོས་ཉིད་མངོན་སུམ་དུ་ཡང་དག་པར་རྗེས་སུ་མཐོང་བཞིན་དུ་བདེ་བར་འདུ་ཤེས་པ
་དང་། གནོད་པ་མེད་པར་འདུ་ཤེས་པ་ལྟ་བུའོ།། གཞན་ཡང་མ་རིག་པ་ནི་གནས་ལྔ་ལ་སྒྲིབ་པར་བྱེད་པ་ཡིན་ཏེ། འདི་ལྟ་སྟེ། མ་རིག་པ་ནི་དེ་ཁོ་ནའི་ཤེས་པ་ཐོབ་པ་དང་། ཉོན་མོངས་པ་ཉེ་བར་ཞི་བ་འཐོབ་པ་དང་། འདགས་པའི་ལམ་ཡོངས་སུ
་འགྲུབ་པ་དང་། བདེ་འགྲོར་འགྲོ་བ་དང་། འཇིག་རྟེན་པ་རྣམས་ཀྱི་ཚེ་འདི་པའི་ཕུན་སུམ་ཚོགས་པ་ལ་སྒྲིབ་པ་བྱེད་པ་ཡིན་ནོ།། མ་རིག་པའི་ཆོས་ཉིད་ཀྱང་གང་ཞེ་ན། མ་རིག་པ་ནི་མ་རིག་པ་གང་དང་ལྡན་ན་རྨོངས་པ་ཞེས་བྱ་ལ། གཏི་མུག་གི
་བརླམས་པ་མ་ཡིན་པ་དང་། གཏི་མུག་གི་དྲི་མ་ཅན་མ་ཡིན་པ་དང་། གཏི་མུག་གི་དབང་དུ་གྱུར་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། བག་ལྔ་ཉལ་དུ་གནས་པའི་མ་རིག་པ་དང་ལྡན་པའོ།། རྨོངས་པ་ཡང་ཡིནྡ། གཏི་མུག་གིས་བརླམས
་པ་ཡང་ཡིན་ལ། གཏི་མུག་གི་དྲི་མོ་ཅན་མ་ཡིན་པ་དང་། གཏི་མུག་གི་དབང་དུ་གྱུར་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། ཀུནྡ་ནས་དཀྲིས་པར་གཏོགས་པའི་མ་རིག་པ་དང་ལྡན་པའོ།། རྨོངས་པ་ཡང་ཡིན། གཏི་མུག་གིས་བརླམ
་པ་ཡང་ཡིན། གཏི་མུག་གི་དྲི་མ་ཅན་ཡང་ཡིན་ལ། གཏི་མུག་གི་དབང་དུ་གྱུར་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། མ་རིག་པའི་རྒྱུ་ལས་བྱུང་བའི་སྡིག་པ་མི་དགེ་བའི་ལས་ཀུན་ནས་སློང་བར་བྱེད་པའི་མ་རིག་པ་དང་ལྡན་པ་སྟེ། དེ་ནི
་ལས་ཀུན་ནས་བསླངས་ནས་ཉེས་པར་སྤྱད་པ་དེས་ངོ་ཚ་བར་བྱེད་པའི་ཕྱིར་རོ།། རྨོངས་པ་ཡང་ཡིན། གཏི་མུག་གིས་བརླམས་པ་ཡང་ཡིན། གཽ་ཏི་མུག་གི་དྲི་མ་ཅན་ཡང་ཡིན། གཏི་མུག་གི་དབང་དུ་གྱུར་པ་ཡིན་པ་ཡང་ཡོད་དེ། འདི་ལྟ
་སྟེ་མཱ་རིག་པའི་རྒྱུ་ལས་བྱུང་བའི་སྡེ་ག་པ་མི་དགེ་བའི་ལུས་ཀུན་ནོས་བསླང་ནས་ཉེས་པར་སྤྱད་པ་དེས་ངོ་ཚ་བར་མི་བྱེད་པའི་ཕྱིར་རོ།། དེ་ན་མ་རིག་པ་རྣམ་པ་གསུམ་གྱིས་ནི་རྨོངས་པ་ཡིན་ལ། གཏི་མུག་ཅན་ཞེས་མི་བྱའོ།། ཐམས་ཅད
་ནི་གཏི་མུག་ཅན་ཞེས་ཀྱང་བྱའོ།། མ་རིག་པ་ནི་མུན་གནག་གི་ཆོས་ཅན་ཡང་ཡོད་དེ། འདི་ལྟ་སྟེ་འདོད་པ་ན་སྤྱོད་པའོ།། མུན་པའི་ཆོས་ཅན་ཡང་ཡོད་དེ། འདི་ལྟ་སྟེ། གཟུགས་ནི་སྤྱོད་པའོ།། རབ་རིབ་ཀྱི་ཆོས་ཅན་ཡང་ཡོད་དེ། འདི་ལྟ་སྟེ།
་གཟུགས་མེད་པ་ན་སྤྱོད་པའོ།། མ་རིག་པའི་རྒྱུ་དང་འབྲས་བུ་གང་ཡིན་ཞེ་ན། སྨྲས་པ། རྒྱུ་ནི་འདི་ལྟ་སྟེ། སའི་དངོས་གཞིར་བསྟན་པ་བཞིན་དུ་བལྟ་བར་བྱའོ།། འབྲས་བུ་ནི་སྲིད་པའི་ཡན་ལག་ཐམས་ཅད་དོ།། གཞན
་ཡང་དེ་བཞིན་ཉིད་དང་བདེན་པའི་དོན་མི་རྟོགས་པ་དང་། དེ་བཞིན་ཉིད་དུ་དེ་ཉིད་ལ་ཐེ་ཚོམ་ཟ་བ་དང་། ལག་པར་ངེས་ནས་མི་རྟག་པ་ལ་སོགས་པ་ལ་ཕྱིན་ཅི་ལོག་ཏུ་འཛིན་ཅིང་མངོན་པར་ཞེན་པའི་ཕྱིར་རམ། བདག་ཁྱད་དུ་གསོང་པའི་ཕྱིར
་བདན་པ་ལ་སྐར་པ་བདེབས་པའམ། སྒྲོ་འདོགས་པའོ།། སྲིད་པའི་ཡན་ལག་ལྷག་མ་རྣམས་ཀྱི་རྣམ་པར་གཏན་ལ་དབབ་པའི་གཞུང་ནི་མི་སྣང་ངོ་།། དེ་དེ་ལ་བཅོམ་ལྡན་འདས་ཀྱིས་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་ནི་མིག་ཡིན་ལ། རྐྱེན
་ནི་གཟུགས་རྣམས་ཡིན་ནོ་ཞེས་བྱ་བ་ནས། ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་ནི་ལུས་ཡིན་ལ། རྐྱེན་ནི་རེག་བྱ་རྣམས་ཡིན་ནོ་ཞེས་བྱ་བའི་བཱར་དུ་གང་གསུངས་པ་དང་། རེག་པའི་རྐྱེན་གྱིས་ཚོར་བའོ་ཞེས་གང་གསུངས་པ་དང་། དེ་དང
་འབྱུང་བའི་རྣམ་པར་ཤེས་པ་སྐྱེ་བོའི་རྒྱུ་ནཱི། དེ་དང་འབྱུང་བའི་ཡིད་ལ་བྱེད་པ་ཡིན་ནོ་ཞེས་གང་གསུངས་པ་དེ་ལ། གང་གི་ཚེ་མིག་ལ་སོགས་པའི་མིག་གི་རྣམ་པར་ཤེས་པ་ལ་སོཊ་པའི་སྦྱོང་བའི་རྒྱུ་དགུ་མ་ཡིན་པ་དང་། རེག་པ་ཡང་ཚོར་བའི་སྐྱེད
་པའི་རྒྱུ་མ་ཡིན་པ་དང་། དེ་དང་འབྱུང་བའི་ཡིད་ལ་བྱེད་པ་ཡང་དེ་དང་འབྱུང་བའི་རྣམ་པར་ཤེས་པའི་སྐྱེད་པའི་རྒྱུ་མ་ཡིན་ཏེ། འདི་ལྟར་དེ་དག་གི་རང་གི་ས་བོན་ཉིད་སྐྱེད་པའི་རྒྱུ་ཡིན་པ་དེའི་ཆ། ཅིའི་ཕྱིར་མིག་ལ་སོགས་པ་ཇི་སྐད་བསྟན་པོ
་དག་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཇི་སྐད་བསྟན་པ་དག་གི་རྒྱུ་ཡིན་པར་གསུངས་ཤེ་ན། ལྷན་ཅིག་འབྱུང་བ་གནས་སུ་བསྡུས་པ་བསྐྱེད་པར་བྱེད་པའི་རྒྱུ་ལས་དགོངས་ཏེ་གསུངས་པ་ཡིན་གྱི། མངོན་པར་འགྲུབ་པའི་རྒྱུ་ལ
་ནི་མ་ཡིན་ཏེ། འདི་ལྟར་ལྷན་ཅིག་འབྱུང་བའི་མིག་ལ་སོགས་པའི་དབང་པོ་ལ་བརྟེན་ནས། མིག་ལ་སོགས་པའི་རྣམ་པར་ཤེས་པ་དམིགས་པོ་དེ་དང་དེ་ལྔ་འཇུག་པར་འགྱུར་གྱི། མ་བརྟེན་པར་མི་འཇུག་པའི་ཕྱིར་དང་། དེ་བཞིན་དུ་ལྷན
་ཅིག་འབྱུང་བའི་རེག་པ་ལ་བརྟེན་ནས་ཚོར་བ་རྣམས་སྐྱེ་བར་འགྱུར་གྱི། མ་རྟེན་པར་མི་འབྱུང་བའི་ཕྱིར་དང་། དེ་བཞིན་དུ་ལྷན་ཅིག་འབྱུང་བ་དེ་དང་འབྱུང་བའི་ཡིད་ལ་བྱེད་པ་ལ་བརྟེན་ནས་དེ་དང་འབྱུང་བའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་གྱི།
་མཱ་རྟེན་པར་ནི་མི་འབྱུང་བའི་ཕྱིར་ཏེ། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དུ་ཡང་ལྷན་ཅིག་བྱུང་བ་གནས་སུ་བསྡུས་པ་སྐྱེད་པར་བྱེད་པའི་རྒྱུ་ལས་དགོངས་ཏེ་གསུངས་པ་ཡིན་གྱི། མངོན་པར་འགྲུབ་པའི་རྒྱུ་འམ། འཁོར་གྱི་རྒྱུ་ལས་ན་མི
་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་འགགས་པས་ནི་མིག་གི་རྣམ་པར་ཤེས་པ་སྐྱེས་པའི་གནས་ཀྱི་བྱ་བ་བྱེད་པར་མི་ནུས་ཏེ། རྣ་བ་ལོ་སོགས་པ་ལྷག་མ་རྣམས་ཀྱང་དེ་དང་འདྲ་བ་དང་། རེག་པ་འགགས་པས་ཀྱང་ཚོར་བ་སྐྱེས་པའི་གནས་ཀྱི
་བྱ་བ་བྱེད་པར་མི་ནུས་པ་དང་། དེ་དང་འབྱུང་བའི་ཡིད་ལ་བྱེད་པ་འགགས་པས་ཀྱང་དེ་དང་འབྱུང་བའི་རྣམ་པར་ཤེས་པ་སྐྱེས་པའི་གནས་ཀྱི་བྱ་བ་བྱེད་པར་མི་ནུས་པའི་བའི་ཕྱིར་རོ།། གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་གོ། རིམས་ཀྱི་རྣམ
་གྲངས་ནི་མདོར་བསྡུ་ན་རྣམ་པ་བཞིས་རིག་པར་བྱ་སྟེ། འདི་ལྟ་སྟེ། འཕེན་པའི་གོ་རིམས་དང་། མངོན་པར་འགྲུབ་པའི་གོ་རིམས་དང་།། ཡུལ་ལ་ཡོངས་སུ་སྤྱོད་པའི་གོ་རིམས་དང་། སྡུག་བསྔལ་ལ་ཡོངས་སུ་སྤྱོད་པའི་གོ
་རིམས་ཀྱིས་སོ།། དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ནི་འཕེན་པའི་གོ་རིམས་ཡིན་ནོ།། དེ་ལ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད
་དྲུག་ཅེས་བྱ་བ་ནི་མངོན་པར་འགྲུབ་པའི་གོ་རིམ་ཡིན་ནོ།། དེ་ལ་སྐྱེ་མཆོད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ནི་མངོན་པར་འགྲུབ་པའི་ཡུལ་ལ་ཡོངས་སུ་སྤྱོད་པའི་གོ་རིམས་ཡིན་ནོ།། དེ་ལ་ཚོར་བའི་རྐྱེན་གྱིས་སྲེད་པ།
་སྲིད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཡོངས་སུ་སྤྱོད་པའི་གོ་རིམས་ཡིན་པར་རིག་པར་བྱའོ།། ཕྱོགས་འདིའི་གཞུང་ནི་དེ་ལས་མི་སྣང་ངོ་།།
་བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་བྱེད་ལས་བརྩམས་ནས། བདེ་སའི་རྒྱལ་པོ་འཆར་བྱེད་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཅེས་གྲག་སྟེ། བཙུན་པ་འདི་ན་དགེ་སྦྱོང་དྲང་། བྲམ
་ཟེ་ཁ་ཅིག་བདག་ག་ལ་བ་དེར་མཆིས་ནས། བདགོ་ལ་མངོན་སུམ་དུ་ཡང་དག་པ་མ་ལགས་པ་དང་། དེ་ཁོ་ན་མ་ལགས་པའི་སྐྱོན་དག་གིས་སྐྲ་འབེབས་པར་བགྱི་དེ། ཡང་དག་པ་མ་ལེགས་པ་དང་། དེ་ཁོ་ན་མ་ལེགས་པའི་སྐྱོན་དག་གི་དམ
་འབེབས་པར་བགྱིད་པ་ན། བདག་ལ་སེམས་ཞུམ་པ་མ་སྐྱེས་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བདག་གིས་ཡང་དག་པ་མ་ལགས་པ་དང་། དེ་ཁོ་ན་མ་ལགས་པའི་སྐྱོན་དེ་དག་བདག་ལ་སོ་སོར་བརྟགས་ན་ཡང་དག་པར་རྗེས་སུ་མ
་མཐོང་བའི་སླད་དུའོ།། གཞན་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་བདག་ག་ལ་བ་དེར་མཆིས་ནས། བདག་ལ་མངོན་སུམ་དུ་ཡང་དག་པ་མ་ལགས་པ་དང་། དེ་མ་ཁོ་ན་མ་ལོགས་པའི་ཡོན་ཏན་དག་གིས་སྤྲོ་བར་བགྱིད་དེ། ཡང་དག་པ
་མ་ལགས་པ་དང་། དེ་ཁོ་ན་མ་ལགས་པའི་ཡོན་ཏན་དག་གིས་སྤྲོ་བར་བགྱིད་པ་ན་ཡང་བདག་ལ་དགའ་བ་དང་ཡིད་བདེ་བ་དང་སེམས་ཡེང་ཡེང་བ་ཉིད་མ་སྐྱེས་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བདག་གིས་ཡང་དག་པ་མ་ལགས་པ་དང
་དེ་ཁོ་ན་མ་ལགས་པའི་ཡོན་ཏན་དེ་དག་བདག་ལ་སོ་སོར་བརྟགས་ན། ཡང་དག་པར་རྗེས་སུ་མ་མཐོང་བའི་སླད་དུའོ།། དགེ་སྦྱོང་དང་བྲམ་ཟེ་དེ་དག་སླར་མཆིས་ནས། བདག་གཅིག་པུ་དབེན་པར་མཆིས་པ་ནི་སེམས་ལ་སེམས་ཀྱི་ཡོངསུ
་རྟོག་པ་འདི་ལྟ་བུ་སྐྱེས་ལགས་ཏེ། གལ་ཏེ་བདག་གིས་རྒྱལ་པོའི་སྐྱོན་ཡང་དག་པ་དག་འཚལ་བར་གྱུར་ཅིང་། རྒྱལ་པོའི་ཡོན་ཏན་ཡང་དག་པ་དག་ཀྱང་འཚལ་བར་གྱུར་ན། བདག་གིས་རྒྱལ་པོའི་སྐྱོན་རྣམས་ནི་ཡང་དག་པར་སྤང་བར
་བགྱི་ན། གང་བདོག་ལ་རྒྱལ་པོའི་སྐྱོན་ཡང་དག་པ་དང་། རྒྱལ་པོའི་ཡོན་ཏན་ཡང་དག་པ་དག་རྒྱ་ཆེར་ཡང་དག་པར་སྟོན་པར་རྡོ་ཐོགས་པའི་དགེ་སྦྱོང་དམ། བྲམ་ཟེ་དེ་གང་ལགས་སྙམ་པ་དེ་ལྟ་བུའི་སེམས་ཀྱི་ཡོང་སུ་རྟོག་པ་སྐྱེས
་ལགས་སོ།། དེ་ནས་བདག་འདི་སྙམ་དུ་སེམས་པར་གྱུར་ལགས་ཏེ། བཅོམ་ལྡན་འདས་འདི་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་ལགས་པས། དེས་ནི་རྒྱལ་པོའི་སྐྱོན་ཡང་དག་པ་དང་། རྒྱལ
་པོའི་ཡོན་ཏན་ཡང་དག་པ་དག་མཁྱེན་གྱིས། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་ལ། དོན་དེ་ཉིད་ཡོངས་སུ་ཞུའོ་སྙམ་དུ་སེམས་པར་གྱུར་ལགས་པས། བཅོམ་ལྡན་འདས་ལ་བདག་དོན་དེ་ཉིད་ཡོངས་སུ་ཞུ་ལགས་སོ།།
་བཅོམ་ལྡན་འདས་རྒྱལ་པོའི་སྐྱོན་ཡང་དག་པ་དང་། རྒྱལ་པོའི་ཡོན་ཏན་ཡང་དག་པ་དེ་དག་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་བད་སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན
་པ་དེའི་ཕྱིར་ཁྱོད་ཀྱིས་རྒྱལ་པོའི་སྐྱོན་དག་ཀྱང་རིག་པར་བྱ། རྒྱལ་པོའི་ཡོན་ཏན་དག་ཀྱང་རིག་པར་བྱ་སྟེ། རྒྱལ་པོས་ན་ཉམས་པའི་སྒོ་དག་ཀྱང་རོག་པར་བྱ། ཐབས་ཀྱི་སྒོ་དག་ཀྱང་རིག་པར་བྱ། འདོད་པའི་ཆོས་དག་ཀྱང་རིག་པར་བྱ
་འདོད་པ་འདྲེན་པར་བྱེད་པའི་ཆོས་དག་ཀྱང་རིག་པར་བྱའོ།། དེ་ལ་རྒྱལ་པོའི་སྐྱོན་རྣམས་གང་ཞེ་ན། རྒྱལ་པོ་ཆེན་པོ་བཅུ་པོ་འདི་དག་ནི་རྒྱལ་པོའི་སྐྱོན་དག་ཡིན་ཏེ། དེ་དག་དང་ལྡན་ན་རྒྱལ་པོ་ལོངས་སྤྱོད་ཆེ་ཞིང་རྩ་འཇིང་ཆེ་ལ་འཁོར་མང
་དུ་ཟིན་ཀྱང་། སྐྱབས་ཀྱི་འོས་མ་ཡིན་ཞིང་སྐྱབསུ་འགྱུར་བའི་འོས་མ་ཡིན་ནོ།། བཅུ་གང་ཞེ་ན། རིགས་མི་བཙུན་པ་ཡིན། རང་དབང་མེད་པ་ཡིན། རང་བཞིན་གྱིས་གཏུམ་པ་ཡིན། འཁྲུག་པ་ཤས་ཆེ་བ་ཡིན། བྱ་དགའ་ཆུང་བ་ཡིན།།
་དམ་པ་མ་ཡིན་པ་རྣམས་ཀྱི་དགྲ་སྙན་པ་ཡིན། མ་བརྟགས་པར་བྱེད་ཅིང་ཆོས་ལུགས་དང་མི་ལྡན་པ་ཡིན། ཆོས་ལ་མི་ལྟ་བ་ཡིན། བྱེ་བྲག་མི་ཤེས་ཤིང་བྱས་པ་མི་གཟློ་བ་ཡིན། རབ་ཏུ་མྱོས་ཤིང་གཅིག་ཏུ་བག་མེད་པར་སྤྱོད་པ་ཡིན་ནོ།།
་ཇི་ལྟར་ན་རིགས་མི་བཙུན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་པོའི་རིགས་ཤིན་ཏུ་དམན་པ་རྐྱེན་དུ་འབབ་པ་མ་ཡིན་པར་སྐྱེས་པ་འམ། རྒྱལ་པོའི་རིགས་དེ་ཉིད་དུ་བྲན་མོའི་བུ་འམ། མི་འདྲ་བའི་བུར་སྐྱེས་པ་འམ། ཚལ་ཟ་འམ། བློ་གྲོགས
་སམ། བློན་པོ་འམ། གྲོས་གྲོགས་ཀྱི་བུར་སྐྱེས་པ་ཡིན་ཏེ། དེ་ལྟར་ན་རིགས་མི་བཙུན་པ་ཡིན་ནོ།། ཇི་ལྟར་ན་རང་དབང་མོད་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ལ་ལས་ཚལ་ཟ་དང་། བློ་གྲོགས་དང་། བློན་པོ་དང་། གྲོས་གྲོགས་དག་དེ་ལྟ་དེ་ལྟར་ཐབས
་བསྟོད་པས་དེ་རང་གི་བྱ་བ་དེ་བྱ་བ་དང་། ཚལ་ཟོ་རྣམས་གསོ་བ་དང་། ཅི་འདོད་པ་བཞིན་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྣ་བ་འམ། དགའ་བ་འམ། དགའ་དགུར་སྤྱོད་པ་ལ་འདོད་དགུར་བྱེད་དུ་མི་སྟེར་བ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་རང་དབང
་མེད་པ་ཡིན་ནོ།། ཇི་ལྟར་ན་རྒྱལ་པོ་རང་བཞིན་གྱིས་གཏུམ་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཆེ་ལ་ཟ་རྣམས་སམ། གཞན་དག་གིས་གཞི་འགའ་ཁོ་ན་ཞིག་ལ་ཡིད་དུ་མི་འོང་བའི་དངོས་པོ་ཅི་ཡང་རུང་བ་ཅུང་ཞིག་ཀུན་ཏུ་སྤྱད་པ་ན། མངོན་སུམ་དུ
་དམའ་འབེབས་པར་བྱེད། ཚིག་རྩུབ་པོ་བརྗོད་པར་བྱེད། ངན་པར་བྱེད། འཁྲུག་པར་བྱེད། གནོང་པར་བྱེད། ཡུལ་ཡུལ་པོར་གནས་པར་བྱེད་ཅིང་། འཁྲུག་པ་ཀུན་ཏུ་བསྐྱེད་པར་བྱེད་པ་དང་། གལ་ཏེ་མངོན་སུམ་དུ་མོ་ཡིན་ན་ཡང་ལྐོག་ཏུ་གཞན
་དག་གི་དྲུང་དུ་བརྗོད་པ་དང་། གལ་ཏེ་མངོན་སུམ་དུ་ཡང་མ་ཡིན་ལྐོག་ཏུ་གཞན་དག་གི་དྲུང་ན་ཡང་མ་ཡིན་མོད་ཀྱི། ནང་དུ་ཡིད་ཀྱིས་རབ་ཏུ་འཁྲུག་པ་མི་མངོན་པར་ཀུན་ནས་མནར་སེམས་ཀྱི་སེམས་དང་ཁོན་དུ་འཛིན
་པའི་སེམས་སྐྱེད་ལ། འཁྲུག་པའི་བསམ་པ་ཡུན་རིང་པོར་ནི་མི་བསྐྱེད་མི་འཛིན་པ་དང་། གཞན་ཡང་ནང་དུ་ཡིད་ཀྱིས་འཁྲུག་པ་མི་མངོན་པར་བྱེད་ཅིང་། ཀུན་ནས་མ་ནར་སེམས་ཀྱིས་སེམས་དང་ལྡན་ལ། ཁོན་གྱིས་བསམ་པ་དང་། འཁྲུག
་པའི་བསམ་པོ་ཡུན་རིང་པོར་བསྐྱེད་ཅིང་འཛིན་པར་བྱེད་པ་ཡིན་ཏེ། དེ་ལྟར་རྣམ་པ་དེ་དག་གིས་མངོན་སུམ་དུ་བཏུམ་པ་དང་། ལྐོག་ན་གཏུམ་པོ་དང་། མི་མངོན་པར་གཏུམ་པ་དང་། ཡུན་ཐུ་ངུར་གཏུམ་པ་དང་། ཡུན་རིང་པོར་གཏུམ་པ་གང་ཡིན
་པ་དེ་ནི། རྒྱལ་པོ་རང་བཞིན་གྱིས་གཏུམ་པ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ་དེ་ལ་ཡུན་རིང་པོར་གཏུམ་པ་ནི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་ཡིན་ལ། གཞན་ནི་དེ་ལྟ་མ་ཡིན་པར་རིག་པར་བྱའོ།། ཇི་ལྟར་ན་འཁྲུག་པའི་ཤས་ཆེ་བ་ཡིན་ཞེ་ན། འདི་ལ
་རྒྱལ་པོ་ཚལ་ཟ་རྣམས་ཉེས་པ་ཆུང་ངུ་དང་འགྲལ་པོ་ཆུང་ངུ་དག་གིས་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་ལོངས་སྤྱོད་དག་དང་བྲལ་བར་བྱེད། ཆུང་མ་དག་དང་བྲལ་བར་བྱེད་ཅིང་། ཆད་པ་མཆོག་གིས་ཀྱང་རྗེས་སུ་སྟོན་པར་བྱེད་པ་ཡིན་ཏེ། དེ་ལྟར
་ལ་པོ་འཁྲུག་པའི་ཤས་ཆེ་བ་ཡིན་ནོ།། ཇི་ལྟར་ན་བྱ་དགའ་ཆུང་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་རྣམས་ཀྱི་བཀུར་སྟི་དང་། བསྙེན་བཀུར་གྱིས་དགའ་བར་བྱོས་མགུ་བར་བྱས་སུ་ཟིན་ཀྱང་། ཚིག་འཇམ་པོ་ཅུང་ཟད་ཅུད་ཟད་ཙམ་ལས
་མི་བརྗོད་ཅིང་ལོངས་སྤྱོད་ཀྱི་བགོ་བཤའ་ཡང་ཡོངས་སུ་རྫོགས་པ་དང་། ཚུལ་དང་མཐུན་པར་མི་བྱེད། འཚོ་བའི་བགོ་བཤའ་ཡོངས་སུ་རྫོགས་པ་དང་། ཚུལ་དང་མཐུན་པར་མི་བྱེད་ལ། དེ་ཡང་དབྲི་སྦྱང་བྱས་བསྐྱང་བ་བྱས། གྱ་གྱུ་བྱས།།
་ཡི་ཆད་པར་བྱས་ནས་བྱེད་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་བྱ་དགའ་ཆུང་བ་ཡིན་ནོ།། ཇི་ལྟར་ན་དམ་པ་མ་ཡིན་པ་རྣམས་ཀྱི་ངག་སྙན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་གང་ཟག་མཁས་པ་མ་ཡིན་པར་མཁས་པར་རློམ་པབརྐམ་ཚེགས
་ཅན། ཉེ་མགོན་བྱེད་པ། ཚུལ་མི་ཤེས་པ། འཁུ་བར་བྱེད་པ། ཆོས་མ་ཡིན་པ་དང་ལྡན་པ་གང་ཡིན་པ་དེ་ལྟ་བུའི་གང་ཟག་རྣམས་ཀྱི་ཚིག་མཉན་པ་དང་། བྱ་བར་སེམས་ཤིང་དེས་ན་དེ་བྱ་བ་དག་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་ལོངས
་སྤྱོད་དག་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར། གྲོགས་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར། ཆོས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་དམ་པ་མ་ཡིན་ལ་པ་རྣམས་ཀྱི་ངག་ཉན་པ་ཡིན་ནོ།།
་ལྟར་ན་མ་བརྟགས་པར་བྱེད་ཅིང་ཆོས་ལུགས་དང་མི་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་མཐུན་པར་མ་བསྐོས། ཡོངས་སུ་མ་བསྐོས། དམིགས་སུ་མ་ཕབ། རྣམ་པར་མ་བརྟགས་པ་ཀུན་ཏུ་མ་བརྟགས་པར་དོན་མཆོག་ཏུ
་ཡིད་གཅུགས་པར་བྱ་བའི་ལོས་ཀྱི་མཐའ་དེ་དང་དེ་དག་ཏུ་བསྐོ་བར་མི་འོས་པའི་ཚུལ་ཟ་རྣམས་ནི་བསྐོ་བར་བར་བྱེད། བསྐོ་བར་འོས་པ་རྣམས་ནི་བསྐོ་བར་མི་བྱེད། ལས་ཀྱི་མཐའ་དེ་དང་དེ་དག་ལས་དབྱུང་བར་འོས་པའི་ཚལ་ཟ་རྣམས
་ནི་འབྱིན་པར་མི་བྱེད། དབྱུང་བར་མི་འོས་པ་རྣམས་ནི་འབྱིན་པར་བྱེད་པ་དང་། མཐུན་པར་མ་བསྐོས། ཡོངས་སུ་མ་བསྒོས། དམིགས་སུ་མ་ཕབ་རྣམ་པར་མ་བརྟགས། ཀུན་ཏུ་མ་བརྟགས་པས། ཕན་བཏགས
་པར་འོས་པའི་ཚལ་ཟ་རྣམས་ལ་ནི་ཆེད་པོས་གཅོད་པར་བྱེད། ཆད་པས་གཅོད་པོར་འོས་པ་རྣམས་ལ་ནི་ཕནི་འདོགས་པར་བྱེད་པ་དང་། རྒྱལ་པོ་ཆེན་པོའི་ཆོས་ལུགས་གང་དག་ཡིན་པ་དེ་དག་ཀྱང་ངེས་ཚིལ་ཟ་རྣམས་ལ་ལེགས་པར
་རྣམ་པར་མ་གཞག་པས། དེས་ན་ཚལ་ཟ་རྣམས་ཀྱང་བློན་པོ་ཆེན་པོ་དང་། འཁོར་ཕལ་ཆེར་འདུས་ཏེ་འདུག་པའི་ཚེ། གློ་བུར་དུ་གཏམ་ཟེར་ཞིང་གཏམ་གྷི་འཇུག་མི་སྟོང་པ་དང་། རྗེས་མ་ཡིན་པ་དང་། གུས་པ་མ་ཡིན་པ་དག་སྨྲ་ཞིང་བྱ་བར
་ཡང་སེམས་ལ། ཇི་སྐད་བསྒོ་བའི་ཚིག་བཞིན་དུ་ཡང་མི་བྱེད་ཅིང་། ཚིག་ལ་ལེགས་པར་གནས་པ་ཡང་མ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་མ་བརྟགས་པར་བྱེད་ཅིང་། ཆོས་ལུགས་དང་མི་ལྡན་པ་ཡིན་ནོ།། ཇི་ལྟར་ན་ཆོས་ལ་མི་ལྟ་བ་ཡིན་ཞེ་ན།
་འདི་ལ་རྒྱལ་པོ་འཇིག་རྟེན་ཕ་རོལ་ལ་མ་དད་ཅིང་ཡིད་མི་ཆེས་པ་ཡིན་ཏེ། དེ་འཇིག་རྟེན་ཕ་རོལ་ལ་མ་དད་ཅིང་ཡིད་མི་ཆེས་པས་ལས་མ་དགེ་བ་དང་། མི་དགེ་བ་རྣམས་ཀྱི་འབྲས་བུ་ཕྱིས་ཚེ་ཕྱི་མ་ལ་འདོད་པ་དང་མི་འདོད་པར་འགྱུར
་ལ་ཡང་དད་པར་མི་བྱེད་པ་དང་། མ་དད་པས་ངོ་ཚ་མེད་ཅིང་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་ལ་ཅི་འདོད་དགུར་འཇུག་པ་དང་། གཞན་ཡང་དུས་དུས་སུ་སོ་སོར་བརྟགས་ནས་སྦྱིན་པ་དག་མི་སྦྱིན་པ་དང་། བསོད་ནམས་དག
་མི་བྱེད་པ་དང་། བསྙེན་གནས་ལ་མི་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླང་བ་ལ་མི་འཇུག་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་ཆོས་ལ་མི་ལྟ་བ་ཡིན་ནོ།། ཇི་ལྟར་ན་བྱེ་བྲག་མི་ཤེས་ཤིང་བྱས་པ་མི་གཟོ་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ
་ཚལ་ཟ་རྣམས་དང་། བློ་གྲོགས་རྣམས་དང་། གྲོས་གྲོགས་རྣམས་ལ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཏེ། དེས་གུས་པ་ལས་ཀྱང་དེ་དག་གི་བྱེ་བྲག་མི་ཤེས་ལ། ནུས་པ་དང་། ཤེས་པ་ལས་ཀྱང་དེ་དག་གི་བྱེ་བྲག་མི་ཤེས་ཏེ། དེ་དེ་ལྟར
་བྱེ་བྲག་མི་ཤེས་པས་ཚལ་ཟ་གུས་པ་དང་མི་ལྡན་པ་རྣམས་ལ་ནི་གུས་པ་དང་ལྡན་པར་འདུ་ཤེས་པ་དང་། གུས་པ་དང་ལྡན་པ་རྣམས་ལ་ནི་གུས་པ་དང་མི་ལྡན་པར་འདུ་ཤེས་པ་དང་། ནུས་པ་མ་ཡིན་པ་རྣམས་ལ་ནི་ནུས་པར་འདུ་ཤེས
་པ་དང་། ནུས་པ་རྣམས་ལ་ནི་ནུས་པ་མ་ཡིན་པར་འདུ་ཤེས་པ་དང་། ཤེས་རབ་འཚལ་བ་རྣམས་ལ་ནི་ཤེས་རབ་དང་ལྡན་པར་འདུ་ཤེས་པ་དང་ཤེས་རབ་དང་ལྡན་པ་རྣམས་ལ་ནི་ཤེས་རབ་འཆལ་པར་འདུ་ཤེས་པ་དང་། དེ་ལྟར་སེམས་ཕྱི
་ཅི་ལོག་ཏུ་གྱུར་བས་ཚལ་ཟ་གུས་པ་དང་མི་ལྡན་པ་རྣམས་དང་། ནུས་པ་དང་མི་ལྡན་པ་རྣམས་དང་ཤེས་རབ་འཆལ་པ་རྣམས་ལ་ནི་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ལ། གུས་པ་དང་ལྡན་པ་རྣམས་དང་། ནུས
་དང་ལྡན་པ་རྣམས་དང་། ཤེས་རབ་དང་ལྡན་པ་རྣམས་ལ་ནི་ཁྱད་དུ་གསོད་པར་བྱེད་པ་དང་། དེའི་ཚལ་ཟ་ཡུན་རིང་པོ་ནས་བསྙེན་བཀུར་བྱེད། བྱེད་པ། སྲིད་ཞུ་ཆེ་བོ། རྒན་པོ་རྒས་པོ་དགོག་ཏུ་ཕྱིན་པ་གང་དག་ཡིན་པ་དེ་དག་ལ་ཡང
་མཐུ་མེད་པ་དང་། སྟོབས་མེད་པ་དང་། ཉམ་རྩལ་མེད་པར་རིག་ནས། བསྙེན་བཀུར་ལས་ཀྱང་ཁྱད་དུ་གསོད་པར་བྱེད། ལོངས་སྤྱོད་ཀྱི་བགོ་བཤྲ་བ་དང་། འཚོ་བའི་བགོ་བཤུའ་ལས་ཀྱང་ཁྱད་དུ་གསོང་བ
་བྱེད་ཅིང་། གཞན་དག་གིས་བནྡྷ་ས་ན་ཡང་ཡུལ་བར་འདོར་བ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་བྱེ་བྲག་མི་ཤེས་ཤིང་བྱས་པ་མི་གཟོ་བ་ཡིན་ནོ།། ཇི་ལྟར་ན་རབ་ཏུ་མྱོས་ཤིང་གཅིག་ཏུ་བག་མེད་པར་སྤྱོད་པ་ཡིན་ཞེ་ན། འདི་ལ་རྒྱུ་ལ་པོ་གཅིག
་ཏུ་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་འབྱོར་ཅིང་ལྡན་པར་གྱུར་ནས། རྩེ་བར་བྱེད། དགའ་བོར་བྱེད། དགའ་དགུར་སྤྱོད་པར་བྱེད་ཅིང་། དུས་དུས་སུ་བྱ་བ་དག་བྱི་བ་དང་། ཚལ་ཟ་དག་གསོ་བའི་ཕྱིར་བརྩོན་པར་མི་བྱེད་པ་ཡིན་ཏེ། དེ་ལྟར་ན།
་རྒྱལ་པོ་རབ་ཏུ་མྱོས་ཤིང་གཅིག་ཏུ་བག་མོད་པར་སྤྱོད་པར་ཡིན་ནོ།། རྒྱལ་པོ་ཆེན་པོ་སྐྱོན་བཅུ་པོ་དོག་དང་ལྡན་ན་རྒྱལ་པོ་ལྗོངས་སྤྱོད་ཆེ་ཞིང་རྒྱུ་འཛིང་ཆེ་ལ་འཁོར་མྱུང་དུ་ཟིན་ཀྱང་སྐྱབས་ཀྱི་འོས་མ་ཡིན་ཞིང་། མངོན་དུ་བགྲོད་པར་བྱ
་བའི་འོས་མ་ཡིན་ནོ།། རྒྱུ་ལྔ་པོ་ཆེན་པོ་རྒྱ་ལྟ་པོའི་སྐྱོན་དེ་དག་ལས་དང་པོ་གཅིག་ནི་རིགས་ཀྱི་སྐྱོན་ཡིན་ནོ།། དེ་ལས་གཞན་པའི་སྐྱོན་དགུ་ནི་རྒྱལ་པོའི་རང་བཞིན་གྱི་སྐྱོན་ཡིན་པར་རིག་པར་བྱའོ།། དེ་ལ་རྒྱལ་པོའི་ཡོན་ཏན་རྣམས་གང་ཞེ་ན
་རྒྱལ་པོ་ཆེན་པོ་བཅུ་པོ་འདི་དག་ནི་རྒྱལ་པོའི་ཡོན་ཏན་དག་ཡིན་ཏེ། དེ་དག་དང་ལྡན་ན་རྒྱལ་པོ་ལོངས་སྤྱོད་ཆེན་པོ་མ་ཡིན་ཞིང་། རྩེ་འཛོང་ཆེན་པོ་མ་ཡིན་ལ། འཁོར་མང་བ་མ་ཡིན་དུ་ཐོན་ཀྱང་སྐྱབས་ཀྱི་འོས་ཡིན་ཞིང་མངོན་དུ་བགྲང
་པར་བྱ་བའི་འོས་ཡིན་ནོ།། བཅུ་གང་ཞེ་ན། རིགས་བཙུན་པ་ཡིན། རང་དབང་ཡོད་པ་ཡིན། རང་བཞིན་མི་གཏུམ་པ་ཡིན། འཁྲུག་པའི་ཤས་མི་ཆེ་བ་ཡིན། བྱ་དགའ་ཆེ་བ་ཡིན། དམ་པ་རྣམས་ཀྱི་ངག་ཉན་པ་ཡིན། བརྟགས་ཏེ་བྱེད་ཅིང་ཆོས
་ལུགས་དང་ལྡན་པ་ཡིན་ཆོ་སི་ལ་ལྟ་བ་ཡིན། བྱེ་བྲག་ཤེས་ཤིང་བྱས་པ་གཟོ་བ་ཡིན། རབ་ཏུ་མ་མྱོས་ཤིང་གཅིག་ཏུ་བྱུག་མེད་པར་མི་སྤྱོད་པ་ཡིན་ནོ།། ཇི་ལྟར་ན་རིགས་བཙུན་པ་ཡིན་ཞེ་ན། རྒྱལ་པོ་རིགས་འདྲ་བ་འམ། མཐོ་བར་སྐྱེས་པ
་འམ། འདྲ་བའི་བུར་སྐྱེས་པ་ཡིན་ཏེ། དེ་ལྟར་ནི་རིགས་བཙུན་པ་ཡོན་ནོ།། ཇི་ལྟར་ན་རང་དབང་ཡོང་པོ་ཡིན་ཞེ་ན། རྒྱལ་པོ་བྱ་བ་དག་བྱ་བ་དང་། ཚལ་ཟ་དག་གསོ་བ་དང་། འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩ་བ་འམ། དགའ་དགུར
་སྤྱོད་པ་ལ་རང་དགར་འཇུག་ཅིང་དེའི་ཚིག་ཀྱང་ཚལ་ཟླ་རྣམས་དང་། བློ་གྲོགས་རྣམས་དང་། གྲོས་གྲོགས་རྣམས་ལ་བཙུན་པར་འཇུག་པ་ཡིན་ཏེ། དེ་ལྟར་ན་རང་དབང་ཡོད་པ་ཡིན་ནོ།། དེ་ལྟར་ན་རང་བཞིན་གྱིས་མི་གཏུམ་པ་ཡིན།
་ཞེ་ན། འདི་ལ་རྒྱལ་པོ་ཚུལ་ཟེ་རྣམས་ཀྱིས་གཞི་འགའ་ཞིག་ལ་ཡིད་དུ་མི་འོང་བའི་དངོས་པོ་ཅི་ཡང་རུང་བ་རྡོག་པོ་ཞིག་ཀུན་ཏུ་སྤྱད་ཀྱང་། དེ་རང་བཞིན་གྱིས་ཚལ་ཟ་རྣམས་ལ་བཟོད་པར་བྱེད་ཅིང་། མངོན་སུམ་དུ་སྨེ་འབེབས
་པར་མི་བྱེད། ཚིག་རྩུབ་པོ་བརྗོད་པར་མི་བྱེད། ནོང་པར་མི་བྱེད། འཁྲུག་པར་མི་བྱེད། གནོད་པར་མི་བྱེད། ཡུལ་ཡུལ་པོར་གནས་པར་མི་བྱེད་ཅིང་། འཁྲུག་པ་ཀུན་ཏུ་བསྐྱེད་པར་མི་བྱེད་པ་དང་། ལྐོག་ན་ཡང་མ་ཡིན་པ་དང་། ནང་དུ
་ཡིད་ཀྱིས་འཁྲུག་པའི་ཀུན་ནས་དཀྲིས་པ་མི་མངོན་པར་མི་བྱེད་པ་དང་། ཁོན་གྱི་བསམ་པ་དང་། འཁྲུག་པའི་བསམ་པ་ཡུན་རིང་པོར་བསྐྱེད་ཅིང་འཛིན་པར་ཡང་མི་བྱེད་ཅིང་། མངོན་སུམ་དུ་གཏུམ་པ་ཡང་མ
་ཡིན། ལྐོག་ན་གཏུམ་པ་ཡང་མཱ་ཡིན། མི་མངོན་པར་གཏུམ་པ་ཡང་མ་ཡིན། ཡུན་ཐུང་ངུརུ་གཏུམ་པ་ཡང་མ་ཡིན། ཡུ་ནཱ་རིང་པོར་གཏུམ་པ་ཡང་མི་ཡིན་ཏེ། དེ་ལྟར་ན་རྒྱ་ལྔ་པོ་རང་བཞིན་གྱིས་མི་གཏུམ་པ་ཡིན་ནི།། ཇི་ལྟར་ན་འཁྲུག
་པའི་ཤས་ཆུང་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་རྣམས་ཉེས་པ་ཆེན་པོ་དང་། འབྲེལ་བ་ཆེན་པོ་བྱས་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་ལོངས་སྤྱོད་དག་དང་འབྲེལ་བ.རོ་མི་བྱེད་ཆུང་མ་དག་དང་འབྲལ་བར་མི་བྱེད་ཅིང་། ཆད་པ་མཆོག
་གིས་ཀྱང་རྗེས་སུ་སྟོན་པར་མི་བྱེད་ཅིང་། དེ་དག་ལ་ཉེས་པ་དང་རྗེས་སུ་མཐུན་པའི་ཆད་པས་རྗེས་སུ་སྟོན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་འཁྲུག་པའི་ཤས་ཆུང་བ་ཡིན་ནོ།། ཇི་ལྟར་ན་བྱ་དགའ་ཆེ་བ་ཡིན་ཞེ་ན། འདི་ལ་རྒྱལ
་བཀུར་སྟི་དང་། བསྙེན་བཀུར་གྱིསོ་བསྟི་སྟང་ལེགས་པར་བྱེད་པའི་ཚལ་ཟ་རྣམས་ལ་དགའ་བའི་སེམས་དང་མགུ་བའི་སེམས་དང་ལྡན་ཞིང་། དུས་དུས་སུ་ལེགས་པར་ཡོངས་སུ་རྫོགས་པར་ཚིག་འཇམ་པོ་ཀུན་ཏུ་བརྗོད་པར་བྱེད
་ཅིང་། ལོངས་སྤྱོད་ཀྱི་བགོ་བཤའ་དང་། འཚོ་བའི་བགོ་བཤའ་དག་ཀྱང་། ད་བྲི་བསྐྱང་མ་བྱས། བསྐྱུངས་པ་མ་བྱས། གྱ་གྱུ་མ་བྱས། ཡི་ཆད་པར་མ་བྱས་པར་ཡོངས་སུ་རྫོག་པར་བྱེད་པ་དང་། མགུ་བར་བྱ་སླ་ཞིང་། མགུ་བར་བྱ་མ~ཾ
་དཀའ་བ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་བྱ་དགའ་ཆེ་བ་ཡིན་ནོ།། ཇི་ལྟར་ན་དམ་པ་རྣམས་ཀྱི་ངག་ཉན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་གང་ཟག་མཁས་ལ་མཁས་པར་མི་རློམ་པ། བརྐམ་ཆགས་མེད་པ་ཉེ་མགོན་མི་བྱེད་པ། ཚུལ་ཤེས་པ།
་འཁུ་བར་མི་བྱེད་པ། ཆོས་དང་ལྡན་པ་གང་དག་ཡིན་པ་དེ་ལྟ་བུའི་གང་ཟག་གི་ཚིག་མཉན་པ་དང་། བྱ་བར་སེམས་ཤིང་། དེས་ན་དེ་བྱ་བ་དག་གིས་ཀྱང་འཕེལ་བར་འགྱུར། ལོངས་སྤོང་པ་དག་གིས་ཀྱང་འཕེལ་བར་འགྱུར།
་གྲགས་པས་ཀྱང་འཕེལ་བར་འགྱུར། ཆོས་ཀྱིས་ཀྱང་འཕེལ་བར་འགྱུར་བ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་དམ་པ་རྣམས་ཀྱི་ངག་ཉན་པ་ཡིན་ནོ།། ཇི་ལྟར་ན་བརྟགས་ཏེ་བྱེད་ཅིང་ཆོས་ལུགས་དང་ལྡན་པ་ཡིན་ཞེ་ན། འདི་ལུ་རྒྱལ་པོ
་ཚལ་ཟ་རྣམས་མཐུན་པར་བསྐོས། ཡོངསུ་བསྐོས། རྣམ་པར་བརྟགས་ཀུན་ཏུ་བྱརྟགས་ནས། དོན་མཆོག་ཏུ་ཡིད་བརྟན་པར་བྱའི་ལས་ཀྱི་མཐའ་དེ་དང་དེ་དག་ཏུ་བསྐོ་བར་མི་འོས་པའི་ཚལ་ཟིལ་རྣམས་ནི་བསྐོ་བར་མི་བྱེད། བསྐོ
་པར་འོས་པ་རྣམས་ནི་བསྐོ་བར་བྱེད། ལས་ཀྱི་མཐའ་དེ་དང་དེ་དག་ལས་དབྱུང་བུར་འོས་པའི་ཚུལ་ཟ་རྣམས་ནི་འབྱིན་པར་བྱེད། དབྱུང་བར་མི་འོས་པ་རྣམས་ནི་འབྱིན་པར་མི་བྱེད། ཕན་གདགས་པར་འོས་པའི་ཚལ་ཟ་རྣམས་ལ་ནི
་ལེགས་པར་ཕན་འདོགས་པར་བྱེད། ཆད་པོས་གཅོད་པར་འོས་པ་རྣམས་ལ་ནི་ཆད་པས་གཅོད་པར་བྱེད་ཅིང་། བྱེ་བ་རྣམས་ལ་ཡང་རྗེས་སུ་བརྟགས་ནས། བྱེད་ཀྱི་གྱ་ཆོམ་དུ་མི་བྱེད་པ་དང་། རྒྱལ་པོའི་ཆོས་ལུགས་གང་དག་ཡིན་པ
་དེ་དག་ཀྱང་ཚལ་ཟ་རྣམས་ལ་ལེགས་པར་རྣམ་པར་བཞག་པས་དེས་ན་དེའི་ཚལ་ཟ་རྣམས་ཀྱང་བློན་པོ་ཆེན་པོ་རྣམས་དང་། འཁོར་ཕུལ་པོ་ཆེ་འདུས་ཏེ་འདུག་པའི་ཚེ་བློ་བུར་དུ་གཏམ་མི་ཟེར་ཞིང་། གཏམ
་གྱི་མཇུག་སྡོད་པ་དང་། རྗེས་དང་བཅས་པ་དང་། གུས་པ་དང་བཅས་པ་དགྲ་སྨྲ་ཞིང་བྱ་བར་ཡང་སེམས་ལ། ཇི་སྐད་བསྒོ་བའི་ཚིག་བཞིན་དུ་ཡང་བྱེད་ཅིང་། ཚིག་ལ་ལེགས་པར་གནས་པར་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་བརྟགས་ཏེ་བྱེད་ཅིང
་ཆོས་ལུགས་དང་ལྡན་པ་ཡིན་ནོ།། ཇི་ལྟར་ན་ཆོས་ལ་ལྟ་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ་འཇིག་རྟེན་ཕ་རོལ་ལ་དད་ཅིང་ཡིད་ཆེས་པ་སྐྱེས་པ་ཡིན་ཏེ། དེ་འཇིག་རྟེན་ཕ་རོལ་ལ་དད་ཅིང་ཡིད་ཆེས་པ་སྐྱེས་པས་ལས་དགེ་བ་དང་མི་དགེ་བ
་རྣམས་ཀྱི་འབྲས་བུ་ཕྱིས་ཚེ་ཕྱི་མ་ལ་འདོད་པ་དང་མི་འདོད་པར་འགྱུར་བ་ལ་ཡང་དད་པར་བྱེད་པ་དང་། དད་པས་ངོ་ཚ་དང་ལྡན་ཞིང་ལུས་དང་ངག་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་ལ་ཅི་འདོད་དགུར་མི་འཇུག་པ་དང་། གཞན་ཡང
་དུས་དུས་སུ་སོ་སོར་བརྟག་སོ་ནས་སྦྱིན་པ་དག་ཀྱང་སྦྱིན་པ་དང་། བསོད་ནམས་དག་བྱེད་པ་དང་། བསྙེན་གནས་ལ་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླང་བ་ལ་འཇུག་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་ཆོས་ལ་ལྟ་བ་ཡིན་ནོ།།
་ཇི་ལྟར་ན་བྱེ་བྲག་ཤེས་ཤིང་བྱས་པོ་གཟོ་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་རྣམས་དང་། བློ་གྲོགས་པ་རྣམས་དང་། བློན་པོ་རྣམས་དང་། གྲོས་གྲོགས་རྣམས་ལ། འདི་ལྟ་སྟེ་གུས་པ་དང་། ནུས་པ་དང་། ཤེས་པ་ལས་ཀྱང
་སེམས་ཅི་ལོག་ཏུ་མ་གྱུར་ཅིང་། དེའི་ཚལ་ཟ་གང་དག་གུས་པ་དང་མི་ལྡན་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། གང་དག་ནུས་པ་དང་མི་ལྡན་པ་དང་། གང་དག་ཤེས་རབ་འཆལ་བ་དེ་དག་ཀྱང་ཡང་དག་པ་ཇི་ལྟ
་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཚལ་ཟ་གང་དག་གུས་པ་དང་ལྡན་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། གང་དག་ནུས་པ་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ
་ཤེས་པ་དང་། ཚལ་ཟ་གང་དག་གུས་པ་དང་མི་ལྡན་པ་དང་། ནུས་པ་དང་མི་ལྡན་པ་དང་། ཤེས་རབ་འཚལ་པ་དེ་དག་ལ་ནི་ཁྱད་དུ་གསོད་པར་བྱེད། ཡོངས་སུ་སྤོང་བར་བྱེད་ལེ། ཚལ་ཟ་གང་དག་གུས་པ་དང་ལྡན་པ་དང་།
་ནུས་པ་དང་ལྡན་པ་དང་། ཤེས་ར་བཾ་དང་ལྡན་པ་ལ་ནི། བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། ལེགསཽ་པ་ཁཾ་ན་ར་ཕྲན་འོ་དོགས་པར་ཡང་བྱེད་པ་དང་། དེའི་ཚལ་ཟ་ཡུན་རིང་པོ་ནས་བསྙེན་བཀུར་བྱེད་བྱེད་པ།
་རྒ་ན་པ་རྒས་པ་གྲོག་ཏུ་ཕྱིན་པ་སྲིད་ཞུ་ཆེ་བ་གང་དག་ཡིན་པ་དེ་དག་ལ་མཐུ་མདོ་པ་དང་། སྟོ་བོས་མེད་པ་དང་། ཉོ་མ་རྩལ་མེད་པར་རིག་ཀྱང་སྔོན་གྱི་བྱས་པ་རྗེས་སུ་དྲན་པས་བསྙེན་བཀུར་ལས་ཀྱང་ཁྱད་དུ་གསོད་པརི་མོ་བྱེད
་ལོངས་སྤྱོད་བ་ཀྱི་བགོ་བོ་ཤའ་དང་། འཚོ་བའི་བགོ་བཤའ་ལས་ཀྱང་ཁྱད་དུ་གསོད་པར་མི་བྱེད་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་བྱེ་བྲག་ཤེས་ཤིང་བྱས་པ་གཟོ་བ་ཡིན་ནོ།། ཇི་ལྟར་ན་རབ་ཏུ་མ་མྱོས་ཤིང་གཅིག།
་ཏུ་བག་ཡོད་པར་གནས་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་དུས་དུས་སུ་བྱ་བ་དག་བྱ་བའི་ཕྱིར་བརྩོན་པ་དང་། ཚལ་ཟ་དག་གསོ་བའི་ཕྱིར་བརྩོན་པ་དང་དུས་དུས་སུ་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་འབྱོར་ཅིང་ལྡན
་པར་གྱུར་ནས་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་རབ་ཏུ་མ་མྱོས་ཤིང་། གཅིག་ཏུ་བག་ཡོད་པར་གནས་པོ་ཡིན་ནོ།། རྒྱལ་པོ་ཆེན་པོ་རྒྱལ་པོའི་ཡོན་ཏན་བཅུ་པོ་དེ་དག་དང་ལྡན་ན་རྒྱལ་པོ
་ལོངས་སྤྱོད་ཆེ་བ་མ་ཡིན་ཞིང་། རྩ་འཇིང་ཚོ་བ་མ་ཡིན་ལ། འཁོར་མང་བ་མ་ཡིན་དུ་ཟིན་ཀྱང་། སྐྱབས་ཀྱི་འོས་ཡིན་ཞིང་། མངོན་དུ་བགྲོད་པར་བྱ་བའི་འོས་ཡིན་ནོ།། རྒྱལ་པོ་ཆེན་པོ་རྒྱལ་པོའི་ཡོན་ཏན་བཅུ་པོ་དེ་དག་ལས་དང་པོ་གཅིག་ནི
་རིགས་ཀྱི་ཡོན་ཏན་ཡིན་ནོ།། དེ་ལས་གཞན་པ་དགུ་ནི་རང་བཞིན་གྱི་ཡོན་ཏན་ཡིན་པར་རིག་པོར་བྱའོ།། །། བམ་པོ་བཅུ་བདུན་པོ།། ཉམས་པའི་སྒོ་དག་གང་ཞེ་ན། རྒྱལ་པོའི་ཉམས་པོའི་སྒོ་ནི་ལྔ་སྟེ། ལྔ་གང་ཞེ་ན།
་ཚལ་ཟ་མ་བརྟགས་པ་ལེན་པ་རྒྱལ་པོའི་ཉམས་པའི་སྒོ་དང་། ཚལ་ཟ་བརྟགས་པ་ལེན་ཀྱང་མི་སྙན་པ་དང་དུས་མ་ཡིན་པར་སྤྱོད་པ་རྒྱལ་པོའི་ཉམས་པའི་སྒོ་དང་། བྱ་བ་བསམ་པ་ལ་བག་མེད་པ་རྒྱལ་པོའི་ཉམས་པའི་སྒོ་དང་། ལོངས
་སྤྱོད་བསྲུང་བ་ལ་བག་མེད་པ་རྒྱལ་པོའི་ཉམས་པའི་སྒོ་དང་། ཆོས་སྤྱད་པ་ལ་བག་མེད་པ་རྒྱལ་པོའི་ཉམས་པའི་སྒོའོ།། དེ་ལ་ཚལ་ཟོ་མ་བརྟགས་པ་ལེན་པ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་རྒྱལ་པོ་ཚལ་ཟ་རྣམས་གུས་པ་དང་། ནུས་པར
་ཤེས་པ་ལས་ཀྱང་མཐུན་པར་མ་བསྒོས། ཡོངས་སུ་མ་བསྒོས། དམིགས་སུ་མ་ཕབ། རྣམ་པར་མ་བརྟགས། ཀུན་ཏུ་མ་བརྟགས་པར་ཉེ་བར་འཇོག་པར་བྱེད་རིམ་གྲོ་བྱེད་ཅིང་། དེ་ལ་ལོངས་སྤྱོད་ཀྱི་བགོ་བཤའ་དང་། འཚོ་བའི་བགོ་བཤའ
་ཡོངས་སུ་རྫོགས་པར་བྱེད་ལ། དེ་དག་མཆོག་ཏུ་ཡིད་བརྟན་པར་བྱ་བའི་གནས་ངག་ཏུ་བསྒོ་ཞིང་། ཡིད་རྟོན་པར་ཡང་བྱེད་ལ། དུས་དུས་སུ་ཚིག་གི་ལམ་འཇམོ་པོ་ཀུན་ཏུ་བརྗོད་པར་ཡང་བྱེད་པས། དེ་དག་དེའི་རྫས་གཞག་པ་ལ་ཡང་འཁུ་བར
་བྱེད་གསོད་པ་རྣམས་དང་། དགྲ་བོ་རྣམས་དང་། ཕྱིར་རྒོལ་བ་རྣམསོ་དང་། གཡུལ་སྤྱོད་པ་ན་དེ་དག་ཐོག་མ་ཁོ་ནར་ཕན་པར་གྱུར། འཇིགས་པར་གྱུར། ཉམས་པར་གྱུར། གཞན་རྒྱལ་བར་གྱུར། རྒྱབ་སྟོན་པར་གྱུར་ཅིང་འབྱེར་བར་བྱེད་ལ།
་ཚུལ་ངན་པའི་སྦྱོར་བ་དག་གིས་ཀྱང་བྱ་བ་དག་ཚོད་གསོན་པར་བྱེད་པ་དེ་དག་ནི། དེའི་ཚལ་ཟ་མ་བརྟགས་པ་ལེན་པ་ཞེས་བྱའོ།། དེའི་ཚལ་ཟ་བརྟགས་པ་ལེན་ཀྱང་མི་སྙན་པ་དང་དུས་མ་ཡིན་པའི་སྤྱོད་པ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི
་ལེ་རྒྱལ་པོ་ཚལ་ཟ་རྣམས་གུས་པ་དང་ནུས་པ་དང་། ཤེས་པོ་ལས་ཀྱང་མཐུན་པར་བསྐོས། ཡོངས་སུ་བསྐོས། དམིགས་སུ་ཕབ། རྣམ་པར་བརྟགས་ཀུན་ཏུ་བརྟགས་ཏེ། ཉེ་བར་འཇོག་པར་བྱེད་དུ་ཟིན་ཀྱང་རིམ་གྲོ་མི་བྱེད། ལོང
་སྤྱོད་ཀྱི་བགོ་བཤའ་དང་། འཚོ་བའི་བགོ་བཤའ་རྐྱེན་དུ་འབབ་པ་དག་ཀྱང་ཡོངས་སུ་རྫོགས་པར་མི་བྱེད་ལ་དེ་དག་མཆོག་ཏུ་ཡིད་བརྟན་པར་བྱ་བའི་གནས་དག་ཏུ་བསྐོ་བར་ཡང་མི་བྱེད་ཅིང་། ཡིད་སྟེན་པར་ཡང་མི་བྱེད་ལ། དུས་དུས
་སུ་ཚིག་གི་ལམ་འཇམ་པོ་དག་ཀུན་ཏུ་བརྗོད་པར་ཡང་མི་བྱེད་པར་དེ་ལ་ལན་འགའ་རྒྱལ་པོའི་གསོང་བ་དང་། དགྲ་བོ་དང་། ཕྱིར་རྒོལ་བ་ཉེ་བར་གནས་པ་ནས་རྒྱས་པར་འཇིག་པ་དང་། སྲོག་ཟད་པར་བྱེད་པའི་བར་དག
་དང་ཕྲད་པར་གྱུར་པ་ན། གདོད་རིམ་གྲོ་བྱེད་ཅིང་ལོངས་སྤྱོད་ཀྱི་བགོ་བཤའ་དང་། འཚོ་བའི་བགོ་བཤའ་རྐྱེན་དུ་ཐོབ་པ་དག་ཡོངས་སུ་རྫོགས་པར་བྱེད་པོ་ནས། རྒྱས་པར་ཚིག་གི་ལམ་འཇམ་པོ་ངག་ཀུན་ཏུ་བརྗོད་པའི་བར་དུ་ཁྱོད་པའི་ཚེ། དེ་ན་དེ
་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་རྒྱལ་པོ་འདི་གང་གི་ཕྱིར་ད་ལྟར་གསོད་པ་དང་། དགྲ་བོ་དང་། ཕྱིར་རྒོལ་བ་ཉེ་བར་གན་པ་ནས། རྒྱས་པར་འཇིག་པ་དང་། སྲོག་ཟད་པར་བྱེད་པའི་བར་དག་དང་ཕྲད་པ་ན། གདོང་བདག་ཅག་ལ་རིམ་གྲོ་བྱེད
་པ་ནས། རྒྱས་པར་དུས་དུས་སུ་ཚིག་གི་ལམ་འཇམ་པོ་ངག་ཀུན་ཏུ་བརྗོད་པའི་བར་དུ་བྱེད་པ་ལོས་ན། ཅི་ཙམ་དུ་གཡོ་དང་ལྡན་པ་དང་། མཆོག་ཏུ་གཡོ་དང་ལྡན་པ་ལ་ལྟོས་སྙམ་སྟེ། རྒྱལ་པོ་འདི་དོན་གྱི་ཕྱིར་བདག་ཅག་ལ། སྙན་པ
་ཀུན་ཏུ་བརྗོད་པར་ཟད་ཀྱི། ལྷག་པའི་བསམ་པ་ཐག་པ་ནས་ནི་མ་ཡིན་ནོ་སྙམ་དུ་རིག་ནས། གུས་པ་ཡོད་པ་ཡང་སྟོན་པར་མི་བྱེད་ལ། ནུས་པ་ཡོད་པ་དང་། ཤེས་རབ་ཡོད་པ་ཡང་སྟོན་པར་མི་བྱེད་པ་དེ་ནི། དེའི་ཚལ་ཟ་བརྟགས
་པ་ལེན་ཀྱང་མི་སྙན་པ་དང་། དུས་མ་ཡིན་པར་སྤྱོད་པ་ཞེས་བྱའོ།། བྱ་བ་བསམ་པ་ལ་བག་མེད་པ་གང་ཞེ་ན། འདི་ལ་རྒྱལ་པོ་དུས་ངོས་སུ་དགའ་བ་བྱ་ཞིང་། དགའ་བ་བསྒྲུབ་པའི་དོན་དག་ལ་བདག་ཉིད་ངམ་སྐྱེས་བུ་གང་ཟག་མཁས་པ
་རྣམས་དང་ལྷན་ཅིག་དགའ་བའི་སྦྱོར་བ་ལེགས་པར་སེམས་པར་མི་བྱེད། འཇལ་བར་མི་བྱེད། ཉེ་བར་རྟོག་པར་མི་བྱེད་པ་དང་། དབྱེ་བར་བྱ་བ་དབྱེ་བར་བསྒྲུབ་པའི་དོན་དག་དང་། སྦྱིན་པར་བྱ་བ་སྦྱིན་པ་བསྒྲུབ་པའི་དོན་དག་དང་། གཡུལ་གྱི་བྱ་བ
་གཡུལ་སྒྲུབ་པའི་དོན་དག་དང་། མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་བཟུང་བར་བྱ་བ་མཐོ་དང་ལྡན་པའི་ཕྱོགས་ཡོངས་སུ་བཟུང་བ་བསྒྲུབ་པའི་དོན་དག་ལ་ཡང་། དབྱེ་བའི་སྦྱོར་བ་ནས་མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་བཟུང་བའི
་སྦྱོར་བའི་བར་དག་ལེགས་པར་སེམས་པར་མི་བྱེད། འཇལ་བར་མི་བྱེད་ཉེ་བོར་རྟོག་པར་མི་བྱེད་པ་དེ་ནི། དེའི་བྱ་བ་བསམ་པ་ལ་བག་མེད་པ་ཞེས་བྱའོ།། ལོངས་སྤྱོད་བསྲུང་བ་ལ་བག་མེད་པ་གང་ཞེ་ན། འདི་ལ་རྒྱལ་པོ་ལས་ཀྱི་མཐའ་ཆུང
་བོ་དང་། ལས་ཀྱི་མཐའ་ངན་པ་ལ་སྦྱོར་བ་དང་། ལས་ཀྱི་མཐའི་ཞལ་ཏ་བྱེད་པ་མེད་པ་དང་། ལས་ཀྱི་མཐའ་ལ་སོ་སོར་མ་བརྟགས་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོམ་བསྲུངས་པ་དང་། བཙུན་མོའི་འཁོར་གྱི་མ་སྒོ་མ་བསྲུངས་པ་དང་། མཛོད་དང
་བུདྲང་བ་མ་བསྐྱུངས་པ་དང་། འདི་ལྟ་སྟེ་ཟོ་ཧེར་མཁན་དང་། ཟློས་གར་མཁན་དང་། བཞད་གད་མཁན་དང་། འཇོ་སྒེག་མཁན་ལ་སོགས་པ་ལ་སྤྱོད་ཚོད་མ་རིག་པར་གཏིང་བ་དང་། ཆོ་ལོ་དང་། རྒྱན་ངོར་གྱི་ཉེས་རྩོམ་ལ་ཤིན་ཏུ་ཞུགས་པ་དེ་ནི།
་དེའི་ལོངས་སྤྱོར་བསྲུང་བ་ལ་བག་མེད་པ་ཞེས་བྱའོ།། ཆོས་སྤྱད་པ་ལ་བག་མེད་པ་གང་ཞེ་ན། འདི་ལ་རྒྱལ་པོ་དེའི་ཕེབས་པའི་ཡུལ་ན་དགེ་སྦྱོང་དང་བྲམ་ཟེ་རང་བཞིན་དགེ་བར་གྲགས་པ་འཛངས་པ། གསལ་བ་རིགས་པ་གྲོལ་བ། མཁས
་པ་གནོད་པར་བྱ་བ་མ་ཡིན་པ། གནོད་པར་བྱ་བ་མ་ཡིན་པ་ལ་དགའ་བ་གང་དག་ཡིན་པ་དེ་དག་གི་དྲུང་དུ་དུས་དུས་སུ་སོང་སྟེ། དགེ་བ་གང་ཡིན་མི་དགེ་བ་གང་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་གང་ཡིན། ཁ་ན་མ
་ཐོ་བ་མེད་པ་གང་ཡིན། ཅི་ཞག་བྱས་ན་ལེགས་པ་དང་། སྡིག་པ་མེད་པར་འགྱུར་ཞེས་ཡོངས་སུ་འདྲི་བར་མི་བྱེད། ཡོངས་སུ་ཞུ་བར་མི་བྱེད་པ་དང་། དེ་དག་ལས་ཐོས་ན་ཡང་དེ་བཞིན་བསྒྲུབ་པར་མི་བྱེད་པ་དང་། སྦྱིན་པ་དག་མི་སྦྱིན་པ་དང་།
་བསོད་ནམས་དག་མི་བྱེད་པ་དང་། བསྙེན་གནས་ལ་མི་གནས་པ་དང་། ཚུལྔ་ཁྲིམས་ཡང་དག་པར་བླང་བ་ལི་མི་འཇུག་པ་དེ་ནི་དེའི་ཆོས་སྤྱད་པ་ལ་བག་མེད་པ་ཞེས་བྱའོ།། ལྔ་པོ་དེ་དག་ནི་རྒྱལ་པོའི་ཉམས་པའི་སྒྲ་དོག་ཡིན་ཏེ། དེ་དག་དང་ལྡན
་ན་རྒྱལ་པོ་ཆེ་འདི་པའི་དོན་ལུས་ཀྱང་ཡོངས་སུ་ཉམས་པར་འགྱུར་ལ། ཚེ་ཕྱི་མ་པའི་དོན་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ།། དེ་ལ་ཉམས་པའི་སྒོ་དང་པོ་བཞིས་ནི་ཚེ་འདི་པའི་དོན་ལས་ཡོངས་སུ་ཉམས་པར་འགྱུར་རོ།། ཉམས
་པཔིཔོའི་སྒྲོ་ཐ་མ་གཅིག་གིས་ནི་ཚེ་ཕྱི་མ་པའི་དོན་ལས་ཡོངས་སུ་ཉམས་པར་འགྱུར་རོ།། དེ་ལ་ཐབས་ཀྱི་སྐྱེ་དག་གང་ཞེ་ན། ལྔ་སྟེ། ལྔ་གང་ཞེ་ན། ཚུལ་བ་བརྟགས་པ་ལེན་པ་དང་། དེ་དག་ལ་སྙན་པ་དང་དུས་སུ་སྤྱོད་པ་དང་། བྱ་བ་བས་བལ
་བག་ཡོད་པ་དང་། ལོངས་སྤྱོད་བ་སྲུང་བ་ལ་བག་ཡོད་པ་དང་། ཚེས་སྤྱད་པ་ལ་བག་ཡོད་པའོ།། དེ་ལ་ཚལ་ཟ་བརྟགས་པ་ལེན་པ་གང་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་རྣམས་གུས་པ་དང་། ནུས་པ་དང་། ཤེས་པ་ལས་ཀྱང་མཐུན་པར
་བསྐོས། ཡོངས་སུ་བསྐོས། དམིགས་སུ་ཕབ། རྟག་པར་བརྟགས། ཀུན་ཏུ་བརྟགས་ནས་ཉེ་བར་འཇོག་པར་བྱེད་པ་དེ་ནི་དེའི་ཚལ་ཟ་བརྟགས་པ་ལེན་པ་ཞེས་བྱའོ།། དེ་དག་ལ་སྙན་པ་དང་དུས་སུ་སྤྱོད་པ་གང་ཞེ་ན། འདི་ལ་རྒྱལ་པོ
་ཚལ་ཟ་བརྟགས་པ་ཉེ་བར་བཞག་པ་དེ་དག་ལ་རིམ་གྲོ་བྱེད་ཅིང་། ལོངས་སྦེད་ཀྱི་བགྲོ་བཤའ་དང་། འཚོ་བོའི་བགོ་བཤའ་རྐྱེན་དུ་འབབ་པ་དག་ཀྱང་ཡོངས་སུ་རྫོགས་པར་བྱེད་པ་དང་། དེ་དག་མ་ཆོག་ཏུ་ཡིད་བརྟན་པར་བྱ་བའི
་གནས་དག་ཏུ་ཡང་བསྐོ་བར་བྱེད་ལ། ཡིད་རྟོན་པར་ཡང་བྱེད་པ་དང་། དུས་དུས་སུ་ཚིག་གི་ལམ་འཇམ་པོ་དག་ཀུན་ཏུ་བརྗོད་པར་བྱེད་པས། དེ་དག་ཀྱང་དེའི་གསོད་པ་དང་། དགྲ་བོ་དང་། ཕྱིར་རྒོལ་བ་ཉེ་བར་གནས་ཤིང་འཇིག་པ་དང་།
་སྲོག་ཟད་པར་བྱེད་པ་དང་ཕྲད་པ་ན། གུས་པ་ཡོད་པ་ཡང་སྟོན་པར་བྱེད། ནུས་པ་ཡོད་པ་དང་ཤེས་རབ་ཡོད་པ་ཡང་སྟོན་པར་བྱེད་པོ་ནི། དེའི་དེ་དག་ལ་སྙན་པ་དང་དུས་སུ་སྤྱོད་པ་ཞེས་བྱའོ།། བྱ་བ་བསམ་པ་ལ་བག་ཡོད་པ་གང་ཞེ་ན།
་འདི་ལ་རྒྱལ་པོ་དུས་དུས་སུས་དགའ་བར་བྱ་བ་དགའ་བ་བསྒྲུབ་པོའི་དོན་ངག་ལ་དགའ་བའི་སྦྱོར་བ་ལེགས་པ་ཁོ་ནར་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པ་དང་། དགོའ་བར་བྱ་བ་དགའ་བ་བསྒྲུབ་པའི་དོན
་དག་ལ་ཇི་ལྟ་བ་དེ་བཞིན་དུ་དབྱེ་བར་བྱ་བ་བསྒྲུབ་པའི་དོན་དག་དང་། སྦྱིན་པར་བྱ་བ་སྦྱིན་པ་བསྒྲུབ་པའི་དོན་དག་དང་། གཡུལ་གྱི་བྱ་བ་གཡུལ་བསྒྲུབ་པའི་དོན་དག་དང་། མཐུ་དང་ལྡན་པའི་ཕྱོགས་ཡོང་ས་སུ་བཟུང
་བར་བྱ་བ་མཐུ་དང་ལྡན་པ་ཕྱོགས་ཡོངས་སུ་གཟུང་བ་བསྒྲུབ་པའི་དོན་དག་ལ་ཡང་། དབྱེ་བའི་སྦྱོར་བ་ནས་མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་གཟུང་བའི་སྦྱོར་བའི་བར་དག་ལེགས་པ། ཁོ་ནར་སེམས་པར་བྱེད།།
་འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པ་དེ་ནི། དེའོ་བྱ་བ་བསམ་པ་ལ་བག་ཡོད་པ་ཞེས་བྱའོ།། ལོངས་སྤྱོད་བསྲུང་བ་ལ་བོག་ཡོད་པ་གང་ཞེ་ན། འདི་ལ་རྒྱལ་པོ་ལས་ཀྱི་མཐའ་རྒྱ་ཆེན་པོ་ལ་སྦྱོར་བ་དང་། ལས་ཀྱི་མཐའ་བཟང་པོ་ལ་སྦྱོར
་བ་དང་། ལས་ཀྱི་མཐའི་ཞལ་ཏ་ལེགས་པར་བྱས་པོ་དང་། ལས་ཀྱི་མཐའ་ལ་ལེགས་པར་སོ་སོར་བརྟགོས་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་ལེགས་པར་བསྲུངས་པ་དང་། བཙུན་མོའི་འཁོར་གྱི་སྒོ་ལེགས་པར་བསྲུངས་པ་དང་། མཛོད་དང
་བང་བ་ལེགས་པར་བསྲུངས་པ་དང་། འདི་ལྟོ་སྟེ། བྲོ་གར་མཁན་དང་། ཟློས་གར་མཁན་དང་། བཞད་གད་མཁན་དང་། འཇོ་སྒེག་མཁན་ལ་སོགས་པ་ལ་ལོངས་སྤྱོད་ཚེད་རིག་པར་གཏོང་བ་དང་། ཚེ་ལོ་དང་རྒྱན་གྱི་དོར་ཉེས་རྩོམ་ལ
་ཤིན་ཏུ་མ་ཞུགས་པ་དེ་ནི་དེའི་ལོངས་སྤྱོད་བསྲུང་བ་ལ་བག་ཡོད་པ་ཞེས་བྱའོ།། ཆོས་སྤོང་པ་ལ་བག་ཡོད་པ་གང་ཞེ་ན། འདི་ལ་རྒྱལ་པོ་དེའི་ཕེབས་པའི་ཡུལ་ན། དགེ་སྦྱོང་དང་བྲམ་ཟེ་རང་བཞིན་དགེ་བར་གྲོགས་པ། མཛངས་པ
་གསལ་བ་རིགས་པ་གྲོལ་བ་མཁས་པོ། གནིད་པར་བྱ་བ་མ་ཡིན་པ། གནོད་པར་བྱ་བ་མ་ཡིན་པ་ལ་དགའ་བ་གང་དག་ཡིན་པ་དེ་དག་གི་དྲུང་དུ་དུས་དུས་སུ་སོང་སྟེ། དགེ་བ་གང་ཡིན། མི་དག་པ་གང་ཡིན། ཁ་ན་མ་ཐོ་བ་དང
་བཅས་པ་གང་ཡིན། ཁ་ན་མ་ཐོ་བ་མེད་པ་གང་ཡིན། ཅི་ཞིག་བྱས་ན་ལེགས་པ་དང་སྡིག་པ་མེང་པར་འགྱུར་ཞེས་ཡོངས་སུ་འདྲི་བར་བྱེད། ཡོངས་སུ་ཞུ་བར་བྱེད་པ་དང་། དེ་དག་ལས་ཐོས་ན་ཡང་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་པ་དང་།
་སྦྱིན་པ་དག་སྦྱིན་པ་དང་། བསོད་ནམས་ངག་བྱེད་པ་དང་། བསྙེན་གནས་ལ་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་པ་འཇུག་པ་དེ་ནི་དེའི་ཆོས་སྤྱོད་པ་ལ་བག་ཡོད་པ་ཞེས་བྱའོ།། ལྔ་པོ་དེ་དག་ནི་རྒྱལ་པོའི་ཐོབས་ཀྱི
་སྒོ་དག་ཡི་ན་ཏེ། དེ་དག་དང་ལྡན་ན་རྒྱལ་པོ་ཚེ་འདྲི་བའི་དོན་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་ལ། ཚེ་ཕྱི་མ་པའི་དོན་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ།། དེ་ལ་ཐབས་ཀྱི་སྒོ་དང་པོ་བཞིས་ནི་ཚེ་འདི་པའི
་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ།། ཐབས་ཀྱི་སྒོ་ཐ་མ་གཅིག་གིས་ནི་ཚེ་ཕྱི་མ་པའི་དོན་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ།། རྒྱལ་པོ་རྣམས་ཀྱི་འདོད་པའི་ཆོས་རྣམས་གང་ཞེ་ན། རྒྱལ་པོའི་འདོད་པ་དང་། སྡུག་པ
་དང་དགའ་བ་དང་། ཡིད་དུ་འོང་བའི་ཆོས་ནི་ལྔ་པོ་འདི་དག་སྟེ། ལྔ་གྲུང་ཞེ་ན། སྐྱེ་དགུ་རྗེས་སུ་དགའ་བ་དང་། དབང་ཕྱུག་གི་བདག་པོ་དང་། དགྲ་འདུལ་བ་དང་ལུས་ལ་ཕན་པ་དང་། བདེ་འགྲོར་འགྲོ་བ་སྟེ། ལྔ་པོ་དེ་དག་ནི་རྒྱལ
་པོའི་འདོད་པ་དང་སྡུག་པ་དང་། དགའ་བ་དང་ཡིད་དུ་འོང་བར་བྱ་བའི་ཆོས་ངག་ཡིན་ནོ།། འདོད་པ་འདྲེན་པར་བྱེད་པའི་ཆོས་ངག་གང་ཞེ་ན། ལྔ་པོ་འདི་དག་ནི་རྒྱལ་པོའི་འདོད་པ་འདྲེན་པར་བྱེད་པའི་ཆོས་རྣམས་ཡིན་ཏེ།།
་ལྔ་གང་ཞེ་ན། སྐྱེ་དགུ་ཡོངས་སུ་སྐྱོང་བ་དང་། སྒྲུབ་ཕོད་པ་དང་། ཐབས་ཤེས་པ་དང་། ཡུལ་ལ་ལེགས་པར་ཡོངས་སུ་ལོངས་སྤྱོད་པ་དང་། ཆོས་སྤྱོད་པའོ།། ཇི་ལྟར་ན་རྒྱལ་པོ་སྐྱེ་དགུ་ཡོངས་སུ་སྦྱོང་བར་བྱེད་ཅེ་ན།
་འདི་ལ་རྒྱལ་པོ་དང་པོ་ཁོ་ནར་ཆོག་ཤེས་པ་དང་། ལོག་བའི་ཆགས་པས་མ་དཀྲིས་པ་དང་། ལོངསྔ་སྤྱོད་འདུ་བའི་སྒོ་བཟང་པོ་ཡོད་པས། ཅི་ནས་ཀྱང་ལོངས་སྤྱོད་བསོག་ཅིང་སྤེལ་བར་འདོད་ཀྱི། ཡོངས་སུ་མཱི་ཚོལ་མོ་བྱེད་པ་དང
་གཞན་ཡོང་རྒྱལ་པོ་བརྐམ་ཆགས་མི་བྱེད་པ་དང་། ཆགས་པ་མེད་པའི་དཀར་པོའི་ཆོས་དང་ལྡན་པ་དང་། དེ་ཅི་ནུས་ཅི་ལྕོགས་ཀྱིས་རང་གི་མཛོད་དང་བང་བ་ནས་རང་གི་ནོར་ཕྱུང་སྟེ། ནོར་མེད་པ་དང་། ལོངས་སྤྱོད་དང་བྲལ་ཞིང་གནས་པ་དག་ལ་སྦྱིན
་པར་བྱེད་པ་དང་། གཞན་ཡང་རྒྱལ་པོ་ངེས་པ་དང་། བཟོད་པ་དང་ལྡན་ཞིང་གྲོང་གི་མི་རྣམས་ལ་ཚིག་གི་ལམ་འཇམ་པོ་དག་གིས་ཀུན་ཏུ་བརྗོད་པར་བྱེད་པ་དང་། དེ་དག་ལ་དུས་དུས་སུ་ལོངས་སྤྱོད་ཀྱི་བགོ་བཤའོ་དང་། འཚོ་བའི་བགོ་བཤའ་རྐྱེན་ཏུ
་འབབ་པ་དག་བྱེད་པ་དང་། དེ་དག་མི་ནུས་པའི་ལས་སུ་བསྐོ་བར་མི་བྱིང་པ་དང་། ལས་ངན་པར་བསྒོ་བར་མི་བྱེད་པ་དང་། ལས་ཧ་ཅང་ཆེན་པོར་བསྐོ་བར་མི་བྱེད་པ་དང་། དེ་དག་གི་ཉེས་པ་དང་། འགལ་བར་བཟོད་པར་འོས་པ་དགྲ་བཟོད་པར་བྱེད་པ་དང་། ཉེས
་པ་དང་། འགལ་བ་བདེན་པ་བཟོད་པར་མི་འོས་པ་དེ་དག་ཀྱང་དུས་དུས་སུ་ཉེས་པ་དང་མཐུན་པའི་ཁྲིམས་དང་སྦྱོར་བར་བྱེད་དེ། དེ་ལྟར་ན་རྒྱལ་པོ་སྐྱེ་དོགུ་ལེགས་པར་ཡོངས་སུ་སྐྱོང་བར་བྱེད་པ་ཡིན་ནོ།། དེ་ལྟར་སྐྱེ་དགུ་ལེགས་པར་ཡོངས་སུ་མྱོང་བ
་འདི་ཡང་དག་པར་བླངས་ཏེ། ལེགས་པར་སྤྱད་ན། སྐྱེ་དགུ་རྗེས་སུ་དགའ་བར་འགྱུར་རོ།། སྒྲུབ་ཕོད་པ་གང་ཞེ་ན། འདི་ལ་རྒྱལ་པོ་མཁས་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་ཕོད་པ་ཡིན་ཞིང་། དེ་ལ་ཕེབས་པ་ནི་འབེབས་པར་བྱེད། ཕེབས་པ་ནི་བསྲུང་བར་བྱེད་པ་དང
་ལས་ཀྱི་མཐའ་རྒྱ་ཆེན་པོ་ལ་སྦྱོར་བ་ནས། སྔ་མ་བཞིན་དུ་ཚེ་ལོ་དང་རྒྱན་དོར་གྱི་ཉེས་རྩོམ་གྱི་བར་ལ་ཤིན་ཏུ་མ་ཞུགས་པ་དང་། སྐྱེ་དགུ་རྣམས་ཀྱི་ཚུལ་དང་། ཚུལ་མ་ཡིན་པའི་འཇུག་པ་ཡོངས་སུ་བརྟགས་པ་ལ་བརྩོན་པ་དང་། ཆད་པས་གཙང
་བས་འོས་པ་རྣམས་ཀྱང་ལེགས་པར་ཆད་པས་གཅོད་པར་བྱེད་པ་དང་། ཕན་གླདགས་པར་འོས་པ་རྣམས་ལ་ཡང་ཕན་གང་གིས་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་སྒྲུབ་ཕོད་པ་ཡིན་ནོ།། དེ་ལྟར་སྒྲུབ་ཕོད་པ་འདི་ཡང་དག་པར་བླངས་ཏེ་ལ་གས
་པར་སྤྱད་ན་དབང་ཕྱུག་གི་བདག་པོར་འགྱུར་རོ།། ཐབས་ཤེས་པ་གང་ཞེ་ན། འདི་ལ་རྒྱལ་པོ་དགའ་བར་བྱ་བ་དགའ་བ་བསྒྲུབ་པའི་དོན་དགོ་ལ་ལེགས་པ་ཁོ་ནར་དགའ་བར་སྦྱར་བར་བྱེད་པ་ནས། རྒྱས་པར་སྔ་མ་བཞིན་དུ། མཐུ་དང་ལྡན་པའི་ཕྱོགས
་ཡོངས་སུ་གཟུང་བར་བྱ་བ་མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་གཟུང་བ་བསྒྲུབ་པའི་དོན་གྱི་བར་དག་ལ་ཡོད་། ལེགས་པ་ཁོ་ནར་མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་གཟུང་བའི་ཕྱིར་སྦྱོར་བར་བྱེད་དེ། དེ་ལྟར་ན་རྒྱལ་པོ་ལ་ཐབས་ཤེས་པ་ཡིན་ནོ།། །
་ད་ལྟར་ཐབས་ཤེས་པ་འོད་ཡང་དག་པར་བླངས་ཏེ། ལེགས་པར་སྤྱད་ན་དགྲ་ཐུལ་བར་འགྱུར་རོ།། ཡུལ་ལ་ལེགས་པར་ཡོངས་སུ་ལོངས་སྤྱོད་པ་གང་ཞེ་ན། འདི་ལ་རྒྱལ་པོ་ལོངས་སྤྱོད་རྣམས་ཀྱི་འདུ་བ་དང་འགོད་པ་གཞལ་ནས། ཧ་ཅང་ཆུང་བ
་ཡང་མ་ཡིན། ཧ་ཅང་ཆེ་བ་ཡང་མ་ཡིན་པར་དྲན་པས་འཚོ་བར་བྱེད་པ་དང་། ལོངས་སྤྱོད་ཆེན་པོ་དང་ལྡན་པ་དང་། ལོངས་སྤྱོད་སྣ་ཚོགས་དང་ལྡན་པ་དང་། དུས་ཚིགས་ཀྱི་ཚེ་ཇི་ལྟ་བ་བཞིན་དུ་བསྟེན་པར་བྱ་བའི་ལོངས་སྤྱོད་དང་ལྡན
་པ་དང་། འཁོར་དང་བཅས་པ་དང་། གཡོག་འཁོར་དང་བཅས་པའི་ལོངས་སྤྱོད་དང་ལྡན་པོ་དང་། གནས་བཟང་པོའི་ལོངས་སྤྱོད་དང་ལྡན་པ་དང་། བྲོ་ག་ར་དང་གླུ་དང་སིལ་སྙན་དང་རོལ་མོ་དང་བཅས་པའི་ལོངས་སྤྱོད་དང་ལྡན་པ་དང་། ཁ་ན་མི་ཐོ་བ་མེད
་པའི་ལོངས་སྤྱོད་དང་ལྡན་པ་ཡིན་ཏེ། དེ་ལ་ཁ་ན་མ་ཐོ་བ་མེད་པའི་ལོངས་སྤྱོད་ནི་འདི་ཡིན་ཏེ། ནད་ཀྱི་བཏབ་ཅིང་གནོད་པའི་ཚེ་འཕྲོད་པ་ཟ་ཞིང་མྱི་འཕྲོད་པ་ཡོངས་སུ་སྤོང་བ་དང་བདེ་བར་གནས་པའི་ཚེ་ཡང་ཞུ་ནས་ཟིའི། མ་ཞུ་བར་མི་ཟ་བ་དང་།
་ལྷན་ཅིག་ཏུ་ཟ་བོ་རྣམས་ཚོགས་ཏེ་བྲིམ་པ་ན། གཞན་དག་བསྐྲད་ཅིང་བརྩ་ལོ་ནས། བདག་གཅིག་པུ་བཟང་པོ་མི་ཟ་བ་སྟེ། དེ་ལ་ལྟར་ན་རྒྱལ་པོ་ཡུལ་ལྔ་ལེགས་པར་ལོངས་སྤྱོད་པ་ཡིན་ནོ།། དེ་ལྟར་ཡུལ་ལེ་ལེགས་པར་ཡོངས་སུ་ལོངས་སྤྱོད
་བ་འདི་ཡང་དག་པར་བླངས་ཏེ། ལེགས་པར་སྤྱད་ན་ལུས་ལ་ཕན་པར་འགྱུར་རོ།། ཆོས་སྤྱོད་པ་གང་ཞེ་ན། འདི་ལ་རྒྱལ་པོ་དད་པ་དང་ལྡན་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཐོས་པ་དང་ལྡན་པ་དང་། གཏོང་བ་དང་ལྡན་པ་དང་། ཤེས་རབ
་ལྡན་པ་ཡིན་ནོ།། ཇི་ལྟར་ན་དད་པ་དང་ལྡན་པ་ཡོན་ཞེ་ན། འདི་ལ་རྒྱལ་པོ་འཇིག་རྟེན་ཕ་རོལ་ལ་མངོན་པར་ངད་པ་དང་། ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཕྱིས་ཚེ་ཕྱི་མ་ལ་འདོད་པ་དང་མི་འདོད་པར་གྱུར་པ
་ལ་མངོན་པར་དད་པ་ཡིན་ཏེ། དེ་ལྟར་ན་དད་པ་དང་ལྡན་པ་ཡིན་ནོ།། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་ཕྱིར་ལོག་པ་དང་། དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ
་ལ་ལོག་པར་གཡེམ་པ་དང་། བརྫུན་ཏུ་སྨྲ་བ་དང་། ཆང་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་དང་། གནས་དེ་དག་མཐའ་དག་གམ། རེ་རེ་སྤངས་ཤིང་ཕྱིར་ལོག་པ་ཡོན་ཏེ། དེ་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ།། ཇི་ལྟར་ན་ཐོས
་པ་དང་ལྡན་པ་ཡིན་ཞེ་ན། དེས་ཚེ་འདི་པའི་དོན་ལས་བརྩམས་པ་དང་། ཚེ་ཕྱི་མའི་དོན་ལས་བརྩམས་པ་དང་། ཚེ་འདི་པ་དང་། ཚེ་ཕྱི་མཱིའི་དོན་ལས་བརྩམས་ཏེ། ཆོས་མང་པོ་དག་ལེགས་པར་མེཉེན་པ་དང་། ལེགས་པར་གཟུང་བ་དང་། ཁ
་ཏོན་བྱ་སྟེ་པཱ་དང་ཡིད་ཀྱི་རྗེས་སུ་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོག་སོ་བར་བྱར་བྱས་པ་ཡིན་ཏེ། དེ་ལྟར་ན་ཐོས་པ་དང་ལྡན་པ་ཡིན་ནོ།། ཇི་ལྟར་ན་གཏོང་བ་དང་ལྡན་པ་ཡིན་ཞེ་ན། སྐྱེ་དགུ་སོར་སྣའི་དྲི་མས་ཀུན་ནས་དཀྲིས་ཤིང་གནས
་པ་ནི། དེ་སེར་སྣའི་དྲི་མྦྷ་དང་བྲལ་བའི་སེམས་ཀྱི་ཁྱིམ་ན་གནས་ཤིང་ལྷག་པར་གཏོང་པོ་དང་། ལག་རྐྱོང་བུ་དང་། རྣམ་པར་འགེད་པ་ལ་དག་པ་དང་། མཆོད་སྦྱིན་རྒྱུན་ཏུ་བྱེད་པ་དང་། གཏོང་བ་ཕུན་སུ་མི་འཚོགས་པ་དང་། སྦྱིན་པ་ལ་ཀུན
་འགེང་པར་དགའ་བ་ཡིན་ཏེ། དེ་ལྟར་ན་གཏོང་བདོང་ལྡན་པ་ཡིན་ནོ།། ཇི་ལྟར་ན་ཤེས་རབ་དང་ལྡན་པ་ཡིན་ཞེ་ན། དགེ་པ་དང་མི་དགེ་བའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ། ཁ་ན་མ་ཐོ་བ་དང་བཅོས་པ་དང་།། ཁན
་མ་ཐོ་བ་མེད་པ་དང་། བརྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པ་དང་། ངན་པ་དང་། གྱ་ནོམ་པ་དང་། ནག་པོ་དང་། དཀར་པོ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་རབ་ཏུ་དབྱེ་བ་དང་བཅས་པའི་ཆོས་རྣམས་ཡང་དག་པ་ཇི་ལྟ
་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དེའི་སེམས་སྡིག་པ་ཅན་གྱི་བརྣབ་སེམས་སྐྱེས་པས་སེམས་ཡོངས་སུ་གཏོགས་ཤིང་མི་གནས་པ་དང་། གནོད་སེམས་དང་། ཁྲོ་བ་དང་། ཁོན་ཏུ་འཛིན་པ་དང་། འཆབ་པ་དང་། ཡོངས་སུ་གདུང་བ་དང་། ཕྲག་དོག་དང་།
་སེར་སྣ་དང་། སྒྱུ་དང་། གཡོ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། སྡིག་པ་ཅན་གྱི་འདོད་པ་དང་། སྡིག་པ་ཅན་གྱི་ལྟ་བས་སེམས་ཡོངས་སུ་གཏུགས་ཤིང་མི་གནས་པ་ཡིན་ཏེ། དེ་ལྟར་ན་ཤེས་རབ་དང་ལྡན་པ་ཡིན་ནོ།། དེ་ལྟར་ན་རྒྱལ་པོ་ཆོས
་སྤྱོད་པ་ཡིན་ཏེ། དེ་ལྟར་ཆོས་སྤྱོད་པ་འདི་ཡང་དག་པར་བླངས་ཏེ། ལེགས་པར་སྤྱད་ན་བདེ་འགྲོར་འགྲོ་བར་འགྱུར་རོ།། རྒྱལ་པོའི་འདོད་པ་འདྲེན་པར་བྱེད་པའི་ཆོས་ལྔ་པོ་དེ་དག་ནི་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པའི་ཕྱིར་འཇུག་པར་འགྱུར་བ་ཡིན་ཏེ།
་དེ་ལ་འདོད་པ་འདྲེན་པར་བྱེད་པའིའོ་ཆོས་དང་པོ་བཞི་ནི་ཚེ་འདི་ལ་ཕན་པའི་ཕྱིར་འཇུག་པར་འགྱུར་བ་ཡིན་ནོ།། འདོད་པ་འདྲེན་པར་བྱེད་པའི་ཆོ་སྲ་ཐ་མ་གཅིག་ནི་ཚེ་ཕྱི་མ་ལ་ཕན་པའི་ཕྱིར་འཇུག་པར་འགྱུར་བ་ཡིན་ནོ།། རྒྱལ་པོ་ཆེན་པོ་ངས་རྒྱལ
་པོའི་སྐྱོན་རྣམས་ཀྱང་བསྟོན་ཏོ།། རྒྱལ་པོའི་ཡོན་ཏན་རྣམས་ཀྱང་བསྟན་ཏོ།། རྒྱལ་པོའི་ཉམས་པའི་སྒོ་རྣམས་ཀྱང་བསྟན་ཏོ།། རྒྱལ་པོའི་ཐབས་ཀྱི་སྒོ་རྣམས་ཀྱང་བསྟན་ཏོ།། རྒྱལ་པོའི་འདོད་པའི་ཆོས་རྣམས་ཀྱང་བསྟན་ཏོ།། རྒྱལ་པོའི
་འདོད་པ་འདྲེན་པར་བྱེད་པའི་ཆོས་རྣམས་ཀྱང་བསྟན་ཏོ།། རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། རྒྱལ་པོའི་སྐྱོན་གང་དག་ཡིན་པ་རྣམས་ནི་སྤངས་ལ། རྒྱལ་པོའི་ཡོན་ཏན་རྣམས་ནི་ཡང་དག་པར་བླང་བར་བྱའོ།། ཉམས་པའི།
་སྒོ་རྣམས་ནི་སྤངས་ལ། ཐབས་ཀྱི་སྒོ་རྣམས་ནི་ཡང་དག་པར་བླང་བར་བྱའོ།། འདོད་པའི་ཆོས་རྣམས་ཀྱི་དོན་དུ་འདོད་པའི་དྲན་པར་བྱེད་པའི་ཆོས་རྣམས་ཀྱང་ཡང་དག་པར་བླང་བར་བྱའོ་སྙམ་དུ་བསླབ་པར་བྱ་སྟེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར
་བསླབ་པར་བྱའོ་ཞེས་གསུངས་ཞེས་ཀྱང་གྲག་གོ།། ། སྐྱེ་བའི་སྡུག་བསྔལ་ཞེ་སྤུ་བྱ་བ་ནས་མདོར་ན་ཉེ་བར་ལོན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་བྱ་བའི་བར་དུ་གང་དུ་གསུངས་པ་དེ་ལོ། ཇི་ལྟར་ན་སྐྱེ་བ་སྡུག་བསྔལ་ཡིན་ཞེ་ན།།
་སྨྲས་པ། རྣམ་པ་ལྔས་ཏེ། སྡུག་བསྔལ་དང་ལྡན་པའི་ཕྱིར་དང་། གྲཝ་ནས་ངན་ལེན་དང་ལྡན་པའི་ཕྱིར་དང་། སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིར་དང་། ཉོན་མོངས་པའི་གནས་ཡིན་པའི་ཕྱིར་དང་། མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད
་ཡིན་པའི་ཕྱིར་རོ།། དེ་ལ་ཇི་ལྟར་ནཱ་སྐྱེ་བ་སྡུག་བསྔལ་དང་ལྡན་པའི་ཕྱིར། སྡུག་བསྔལ་ཡོན་ཞེ་ནོ།། འདི་ལྟ་སྟེ་སེམས་ཅན་དམྱལ་བ་རྣམས་དང་། གཅིག་ཏུ་སྡུག་བསྔལ་བྱའི་ཡི་དགས་རྣམས་དང་དེ་བཞིན་དུ་མངལ་ནས་སྐྱེ་བ་དང་། སྒོ་ང་ལ
་སྐྱེ་བའི་སྐྱེ་གནས་སུ་སྐྱེ་བའི་འོ།། ཇི་ལྟར་ནི་གནས་ངན་ལེན་དང་ལེན་དང་ལྡན་པའི་ཕྱིར་སྡུག་བསྔལ་ཡིན་ཞེ་ན། སྨྲས་པ། ཁམས་གསུམ་པའི་འདུ་བྱེད་ཐམས་ཅད་ནི་ཉོན་མོངས་པའི་ཕྱོགས་དང་མཐུན་པོའི་གནས་ངན་ལེན་དང་ལྡན་པའི
་ཕྱིར་ལས་སུ་མི་རུང་བ་དང་དབང་སྒྱུར་བ་མ་ཡིན་ལ། ཁམས་གསུམ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱི་འདུ་བྱེད་མངོན་པར་འགྲུབ་པ་ཡང་དེ་དང་རྗེས་སུ་འབྲེལ་བ་ཉིད་ཡིན་པས། དེའི་ཕྱིར་གནས་ངན་ལེན་དང་ལྡན་པའི
་ཕྱིར་སྡུག་བསྔལ་ཡིན་ཞེས་བྱའོ།། ཇི་ལྟར་ན་སྡུག་བསྔ་ལ་གྱི་གནས་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ཞེ་ན། སྨྲས་པ། རྒ་བ་ལ་སོགས་པའི་སྡུག་བསྔལ་གྱི་བྱེ་བྲག་རྣམས་ཀྱི་གནས་སུ་གྱུར་པའི་ཕྱིར་རོ།། ཇི་ལྟར་ན་ཉོན་མོངས་པའི་གནས་ཡིན
་པཔའི་ཕྱིར་སྡུག་བསྔལ་ཡིན་ཞེ་ན། སྨྲས་པ། འདི་ལྟར་སྐྱེས་ཤིང་བྱུང་བ་ནི་ཡུལྀ་ཀུན་ཏུ་ཆགས་པར་འགྱུར་པ་རྣམས་ལ་ཡང་ཀུན་ཏུ་ཆགས་པར་འགྱུར་ཞིང་། ཀུན་ཏུ་ཞེ་སྡང་བར་འགྱུར་བ་རྣམོས་ལ་ཡང་ཀུན་ཏུ་ཞེ་སྡང་བར་འགྱུར། ཀུན་ཏུ
་རྨོངས་པར་འགྱུར་བ་རྣམས་ལ་ཡང་ཀུན་ཏུ་རྨོངས་པར་འགྱུར་ལ། གཞི་ངེས་ལུས་དང་སེམས་རབ་ཏུ་མ་ཞི་ཞིང་སྡུག་བསྔལ་ཏེ། བདེ་བ་ལ་རེག་པར་མི་གནས་པས། དེ་ལྟ་བས་ན་ཉོན་མོངས་པའི་གནས་ཡིན་པའི་ཕྱིར་སྡུག་བསྔལ་ཞེས་བྱའོ།། །
་ཇི་ལྟར་ན་མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ཞེ་ན། སྨྲས་པ། འདི་ལྟར་སེམས་ཅན་སྐྱེས་པ་ཐམས་ཅད་ཀྱི་འཆི་བའི་དུས་བྱེད་པ་ནི། གསོན་པའི་མཐའ་འཆི་བ་དང་། ཐ་མར་ལོ་ཆེ་བ་ཡིན་པའི་ཕྱིར་ངོ་ཡང
་དེ་དག་གི་མི་འདོད་པ་ཡིན་ལ། གཞི་དེས་ཀྱང་སྡུག་བསྔལ་ཁོ་ན་ཉམས་སུ་མྱོང་བར་བྱེད་པས། དེ་ལྟ་བས་ན་སྐྱེ་བ་ནི་མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པོའི་ཕྱིར་སྡུག་བསྔལ་ཡིན་ནོ།། རྒ་བ་ཡང་རྣམ་པ་ལྔས་སྡུག་བསྔལ་ཡོན་པར
་རིག་པར་བྱ་སྟེ། འདི་ལྟ་སྟེ། གནས་ལྔ་ཡོངས་སུ་ཉམས་པའི་ཕྱིར་ཏེ། གཟུགས་བཟང་བ་ཡོངས་སུ་ཉམས་པའི་ཕྱིར་དང་། མཐུ་སྟོབས་ཡོངས་སུ་ཉམས་པའི་ཕྱིར་དང་། དབང་པོ་ཡོངསསུ་ཉམས་པའི་ཕྱིར་དང་། ཡུལ་ལ་ལོངས
་སྤྱོད་ཡོངས་སུ་ཉམས་པའི་ཕྱིར་དང་། ཚེ་ཡོངས་སུ་ཉམས་པའི་ཕྱིར་རོ།། རྣ་བ་ཡང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ལུས་ཀྱི་རང་བཞིན་འགྱུར་བའི་ཕྱིར་དང་། སྡུག་བསྔལ་དང་ཡིད་མ་བདེ་བ
་མངོན་པར་འཕེལ་ཞིང་དེ་ལོ་ཤེས་ཆེ་བར་གནས་པའི་ཕྱིར་དང་། ཡུལ་གྱི་ལོངས་སྤྱོད་ཡིད་དུ་འོང་བ་མི་འདོད་པའི་ཕྱིར་དང་། ཡུལ་ལ་ལོངས་སྤྱོད་ཡིད་དུ་མི་འོང་བ་ལ་མི་འདོད་བཞིན་དུ་ཡོངས་སུ་སྤྲིད་དགོས་པའི་ཕྱིར་དང་། སྲོག
་གི་དབང་པོ་དང་འབྲལ་བར་འགྱུར་བའི་ཕྱིར་རོ།། འཆི་བ་ཡང་རྣམ་པ་ལྟས་སྡུག་བསྔ་ལ་ཉིད་ཡིན་པར་རིག་པར་བྱ་སྟེ། ལོངས་སྤྱོད་སྡུག་པོ་ཕུན་སུམ་ཚོགས་པ་དང་། འབྲལ་བ་ཉིད་ཀྱི་ཕྱིར་དེང་། རྩ་འཇིང་ལྡོག་པ་ཕུན་སུམ
་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། འཁོར་སྡུག་པ་ཕུན་སུམ་ཚོགས་པ་དང་། འབྲལ་བ་ཉིད་ཀྱི་ཕྱིར་དང་། ལུས་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། འཚོ་བའི་ཚེ་སྡུག་བསྔལ་དང་ཡིད་མི་བདེ
་པ་རབ་ཏུ་དྲག་པོ་ཉམས་སུ་མྱོང་བར་འགྱུར་བ་ཉིད་ཀྱི་ཕྱིར་རོ།། མི་སྡུག་པ་དང་ཕྲད་པ་ཡང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་དང་ཕྲད་པས་སྡུག་བསྔལ་དང་ཡིད་མི་བདེ་བ་ཉིད་ཀྱི་ཕྱིར་དང་། ཆད་པས
་འཇིགས་པའི་གནས་ཉིད་ཀྱི་ཕྱིར་དང་། ཚིགས་སུ་བཅད་པ་མེད་པས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་དང་། ཉམ་པ་བཞིན་དུ་འཆི་བའི་འཇིགས་པའི་གནས་ཉིད་ཀྱི་ཕྱིར་དང་། ཆོས་ལས་འགྲལ་བས་ངན་འགྲོས་འཇིགས་པའི་གནས
་ཉིད་ཀྱི་ཕྱིར་རོ།། སྡུག་པ་དང་བྲལ་བ་ཡང་རྣམ་པ་ལྔས་བ་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་དང་བྲལ་བས་མྱ་ངན་སྐྱོ་བ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་སྨྲེ་སྔགས་འདོན་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་ལུས་ལ་གནོད་པ་ཉིད་ཀྱི་ཕྱིར་དང་། ཡོན་ཏན་རྣམས
་ལས་རྗེས་སུ་དྲན་ཞིང་འདོད་པས་ཡིད་ཡོངས་སུ་གདུང་བ་ཉིད་ཀྱི་ཕྱིར་དང་། དེའི་ལོངས་སྤྱོད་མ་ཚང་བ་ཉིད་ཀྱི་ཕྱིར་རོ།། སྡུག་པ་དང་བྲལ་བའི་སྡུག་བསྔལ་ཉིད་ཇི་ལྟ་བ་བཞིན་དུ་གང་འདོད་པ་བཙལ་ཏེ་མི་རྙེད་པ་དེ་ཡང་སྡུག་བསྔལ་བ་ཉིད་ཀྱང་དེ་བཞིན་དུ
་རིག་པར་བྱའོ།། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཉིད་ཀྱང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱ་སྟེ། མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད་ཉིད་ཡིན་པའི་ཕྱིར་དང་། མངོན་པར་འགྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི
་སྣོད་ཉིད་ཡིན་པའི་ཕྱིར་དང་། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་ཡིན་པའི་ཕྱིར་དང་། འགྱུར་བའི་སྡུག་བསྔལ་གྱི་སྣོད་ཉིད་ཡིན་པའི་ཕྱིར་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་རང་བཞིན་ཡོན་པའི་ཕྱིར་རོ།། །། སྐྱེས་བུ་གསུམ་པོ་སྐྱེས་བུ
་ཐ་མ་དང་། སྐྱེས་བུ་འབྲིང་དང་། སྐྱེས་བུ་མཆོག་འདི་དག་ནི་སྒྲུབ་པ་ལས་བརྩམས་པ་སྟེ། དེ་ལ་གང་བདག་ལ་ཡིན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་ལ། གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། དེ་ལོ་གང
་བདག་ལ་ཕན་པའི་ཕྱིར་ཞུགས་ལ། གཞན་ལ་ཕན་པའི་ཕྱིར་མ་ཡིན་པ་དང་། གང་གཞན་ལ་ཕན་པའི་ཕྱིར་ཞུགས་ལ། བདག་ལ་ཕན་པའི་ཕྱིར་མ་ཡིན་པ་དེ་ནི་སྐྱེས་བུ་བར་མ་ཡིན་ནོ།། དེ་ལ་གང་བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡང་ཡིན་ལ
་གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡང་ཡིན་པ་དེ་ནི་སྐྱེས་བུའི་མཆོག་ཡིན་ནོ།། གཞན་ཡང་གང་ཟག་བཞི་སྟེ། གང་ཟག་སྡིག་པ་བྱེད་ལ་སྡིག་པོ་ལ་མི་སྲེད་པ་ཡང་ཡོད་དོ།། སྡིག་པ་ལ་སྲེད་ལ་སྡིག་པ་མི་བྱེད་པ་ཡང་ཡོད་དོ།། སྡིག་པ་བྱེད་ལ་སྡིག་པ་ལ
་སྲེད་པ་ཡང་ཡོད་དོ།། གང་ཟག་སྡིག་པ་མི་བྱེད་ལ་སྡིག་པོ་ལ་མི་སྲེད་པ་ཡང་ཡོད་དོ།། དེ་ལ་གང་སྡིག་པའི་འབྲས་བུ་རྣམ་པར་སྨིན་པ་ཕྱི་མ་ལ་མི་འདོད་པར་འགྱུར་བ་ལ་མངོན་པར་དད་ལ། བརྗེད་ངས་པ་དང་། བག་མང་པ་དང་། སྡིག་པོའི་གྲོགས་པོ་དང་།
་བསྟེན་པས་སྡིག་པ་བྱེད་པ་དེ་ནི་སྡིག་པ་བྱེད་ལ་སྡིག་པ་ལ་མི་སྲེད་པ་ཡིན་ནོ།། གང་སྔོན་སྡིག་པ་ལ་གོམས་པས་སྡིག་པ་ལ་ཀུན་ནས་དགའ་བ་དང་། སྡིག་པ་ལ་མངོན་པར་དགའ་བ་དང་། སྡིག་པ་ལ་དགའ་བས་ཡིད་བསྡུས་པ་ཡིན་ལ། དེ་ཡང་སྐྱེས་བུ
་དམི་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས། སྡིག་པའི་འབྲས་བུ་ཕྱི་མ་ལ་མི་འདོད་པར་འགྱུར་བ་ཡང་དག་པར་རྗེས་སུ་མཐོང་བས། སོ་སོར་བརྟགས་ཤིང་སོ་སོར་བརྟགས་ནས་སྡིག་པ
་ལ་ཕྱིར་ལོག་པ་དེ་ནི། སྡིག་པ་ལ་སྲེད་ལ་སྡིག་པ་མི་བྱེད་པ་ཞེས་བྱའོ།། གང་ཟག་གང་རང་བཞིན་གྱིས་སྡིག་པ་ལ་མངོན་པར་དགའ་ལ། སྡིག་པ་ལས་ཕྱིར་ལོག་པ་ཡང་མ་ཡིན་པ་དེ་ནི་སྡིག་པ་བྱེད་ལ། སྡིག་པ་ལ་སྲེད་པ་ཞེས་བྱའོ།། གང
་བཞིན་གྱིས་སྡིག་པ་ལ་མངོན་པར་མི་དགའ་ལ། སྡིག་པ་ལས་ཀྱང་ཕྱིར་ལོག་པ་དེ་ནི་སྡིག་པ་མི་བྱེད་ལ། སྡིག་པ་ལ་མི་སྲེད་པ་ཞེས་བྱའོ།། དེ་ལ་གང་ཟག་གང་སྡིག་པ་བྱེད་ལ་སྡིག་པུ་ལ་སྲེད་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་པར
་ལྟ་བར་བྱའོ།། གང་ཟག་གང་སྡིག་པ་བྱིང་ལ། སྡིག་པ་ལ་མི་སྲེད་པ་དང་། སྡིག་པཱ་ལ་སྲེད་ལ། སྡིག་པ་མི་བྱེད་པ་དེ་ནི་སྐྱེས་བུ་འབྲིང་ཡིན་པར་བལྟ་བར་བྱའོ།། གང་ཟག་གང་སྡིག་པ་ལ་མི་སྲེད་ལྀ་སྡིག་པ་མི་བྱེད་པ་དེ་ནི་སྐྱེས་བུ་མཆོག་ཡིན་པར་བལྟ
་པར་བྱའོ།། གཞན་ཡང་གང་ཟག་རྒྱལོ་པོ་གསུམ་སྟེ། གསུམ་གང་ཞེ་ན། འདོད་པའི་ལོངས་སྤྱོད་ལྷུརརེ་ལེན་པོ་དང་། བྱ་བ་ལྷུར་ལེན་པ་དང་། ཆོས་ལྷུར་ལེནོ་པའོ།། དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། གཉིས་པོ་ནི་སྐྱེས་པོ་འབྲིང་ཡིན་ནོ།། གསུམ་པ
་ནི་སྐྱེས་བུ་མཆོག་ཡིན་ནོ།། གཞན་ཡང་གང་ཟག་གསུམ་སྟེ། གསུམ་གང་ཞེ་ན། བྱ་བ་མ་ཡིན་པ་རང་གི་བྱ་བར་བྱེད་པ་དང་། བྱ་བ་རང་གི་བྱ་བར་བྱེད་པ་དང་། གཞན་གྱི་བྱ་བ་རང་གི་བྱ་བར་བྱེད་པའོ།། དེ་ལ་གང་ཟག་པར་སྡིག་པའི་སྟོང་པ་སྟེ། འཚོ་བར་བྱེད་པ་དེ
་ནི་བྱེ་བ་མ་ཡིན་པར་རང་གི་བྱ་བ་བྱེད་པའི་གང་ཟག་ཅེས་བྱའོ།། གང་སྡིག་པའི་སྤྱོད་པོ་སྐུ་འཇིགས་ཤིང་། དགེ་བའི་སྤྱོད་པ་ཡང་དག་པར་བླངས་ནས་འདུག་པ་དེ་ནི་བྱ་བ་རང་གི་བྱ་བར་བྱེང་པ་ཞེས་བྱའོ།། བྱུང་ཆུབ་སེམས་དཔའ་ནི་གཞན་གྱི་བྱ་བ་རང་གི་བྱ་བར་བྱེ
་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་གང་ཟག་དང་པོ་ནི་སྐྱེས་བུ་ཐ་མེ་ཡིན་ནོ་ཀེ། གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ།། གསམ་པ་ནི་སྐྱེས་མཆོག་ཡིན་པར་བལྟ་བར་བྱའོ།། གསུམ་པོ་འདི་དག་ནི་རྒྱལ་པོའི་ཕུན་སུམ་ཚོགས་པ་ཡིན་ཏེ། རྣམ་པར་སྨིན
་པ་ཕུན་སུམ་ཚོགས་པ་དང་། སྐྱེས་བུའི་རྩལ་ཕུན་སུམ་ཚོགས་པ་དང་། བསོད་ནམས་ཕུན་སུམ་ཚོགས་པའོ།། རྒྱལ་པོ་ཕྱུག་པོའི་ཁྱིམ་དུ་སྐྱེས་ཤིང་ཚེ་རིང་བ་དང་། ནད་ཉུང་བ་དང་། དབང་ཆེར་གྲགས་པ་དང་། ཡིད་གཞུངས་པ་དང་། ལྷན་ཅིག
་སྐྱེས་པའི་ཤེས་རབ་དང་ལྡན་པ་གང་ཡིན་པ་དེ་ནི་དེའི་རྣམ་པར་སྨིན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ།། རྒྱལ་པོ་ཐབས་ཀྱིས་ཡོངས་སུ་ཟིན་པའི་སྒྲུབ་ཕོད་པ་ཕུན་སུམ་ཚོགས་པ་དང་རྟག་པར་རྒྱུན་དུ་ལྡན་པ་གང་ཡིན་པ་དེ་ནི། དེའི་སྐྱེས་བུའི
་རྩ་ལྔ་ཕུན་སུམ་ཚོགས་པ་ཞེས་བྱའོ།། རྒྱལ་པོ་ཆོས་དང་ལྡན་ཞིང་ཆོས་ལ་དགའ་ཆོས་ལ་གནས་ལོ། བཙུན་མོའི་འཁོར་དང་། གཞོན་ནུ་རྣམས་དང་། གྲོས་གྲོགས་རྣམས་དང་། ཁྲོམ་གྱི་རུ་སྣ་དང་། གྲོང་རྡལ་གྱི་མི་དང་། ཡུལ་གྱི་མ་རྣམས་དང
་ལྷན་ཅིག་ཏུ་སྦྱིན་པ་དག་སྦྱིན་པ་དང་། བསོད་ནམས་ངག་བྱེད་པ་དང་། བསྙེན་གནས་ལ་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་གང་ཡིན་པ་དེ་ནི་དེའི་བསོད་ནམས་ཕུན་སུམ་ཚོགས་པ་ཞེས་བྱའོ།། དེ་ལ་རྣམ་པར་སྨིན་པ
་ཕུན་སུམ་ཚོགས་པོས་ནི་སྔོན་གྱི་ལས་དགེ་བའི་འབྲས་བུ་ལ་ཡོངས་སུ་སྤྱོད་པར་བྱེད་དོ།། སྐྱེས་བུའི་རྩལ་ཕུན་སུམ་ཚོགས་པས་ནི་ཚེ་འདི་པོ་ཉིད་ཀྱིས་འདོད་པའི་འབྲས་བུ་ལ་ཡོངས་སུ་སྤྱད་པར་བྱེད་དོ།། བསོ་ང་ནམས་ཕུན་སུམ་ཚོགས་པས
་ནི་ཕྱི་མ་ལ་ཡང་ལས་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་ཕུན་སུམ་ཚོགས་པོ་ལ་ཡོངས་སུ་སྤྱོད་པར་འགྱུར་རོ།། གང་ལ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ཆར་ཡང་མེད་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། གང་ལ་རྣམ་པར་སྨིན་པ་ཕུན
་སུམ་ཚོགས་པ་འམ། སྐྱེས་བུའི་རྩལ་ཕུན་སུམ་ཚོགས་པ་འམ། གཉི་ག་ཕུན་སུམ་ཚོགས་པར་ཡོད་པ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ།། གང་ལ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ཆར་ཡོད་པ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ།། རྒྱལ
་པོའི་ཚུལ་ཟ་ནི་གསུམ་སྟེ། གུས་པ་དང་ལྡན་ལ་ནུས་པ་དང་མི་ལྡན་ཤེས་རབ་དང་མི་ལྡན་པ་དང་། གུས་པ་དང་ཡང་ལྡན་ནུས་པ་དང་མང་ལྡན་ཤེ་སྔ་རབ་དང་མི་ལྡན་པ་དང་། གུས་པ་དང་ཡང་ལྡན་ནུས་པ་དང་ཡང་ལྡན་ཤེས་རབ་དོང་ཡང་ལྡན་པའོ།། དེ་ལ་དང
་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ།། གསུམ་པ་ནི་སྐྱེས་བུ་མེ་ཆོག་ཡིན་ནོ།། གུས་པ་དང་ཡང་མི་ལྡན། ནུས་པ་དང་ཡང་མི་ལྡན། ཤེས་རབ་དང་ཡང་མི་ལྡན་པ་གང་ཡིན་པ་དེ་ནི་ཐམ་པས་ཀྱང་ཆེས་ཐ་མ་པ་ཡིན་པར་རིག་པར་བྱའོ།། ཚིག
་ནི་རྣམ་པ་བཞི་སྟེ། མི་སྙན་པ་ལ་སྙན་པར་གྲགས་པ་དང་། སྙན་པ་ལ་མི་སྙན་པར་གྲགས་པ་དང་། མི་སྙན་པ་ལྔ་མི་སྙན་པར་གྲགས་པ་དང་། སྙན་པ་ལ་སྙན་པར་གྲགས་པའོ།། ཚིག་དང་ཡི་གེ་འཇམ་ཞིང་སྙན་ལ་མི་འཕྲོད་པ་གང་ཡིན་པ་དེ་ནི་དང་པོ་ཡིན་ནོ།། །
་ཚིག་དང་ཡི་གེ་རྩུབ་ལ་འཕྲོད་པ་གང་ཡིན་པ་དེ་ནི་གཉིས་པ་ཡིན་ནོ།། ཚིག་དང་ཡི་གེ་ཡང་རྩུབ་ལ་མི་འཕྲོད་པ་གང་ཡིན་པ་དེ་ནི་གསུམ་པ་ཡིན་ནོ།། ཚིག་དང་ཡི་གེ་ཡང་འཇམ་སྙན་ལ་འཕྲོད་པ་གང་ཡིན་པ་དེ་ནི་བཞི་པ་ཡིན་ནོ།། དེ་ལ་མི་སྙན་པ་ལ་མི་སྙན་པར
་གྲགས་པའི་ཚིག་སྨྲ་བ་གང་ཡིན་པ་དང་། མི་སྙན་ལ་སྙན་པར་གྲག་པའི་ཚིག་སྨྲ་བ་གང་ཡིན་པ་དེ་ནི་སྐྱེས་བུ་བ་མ་ཡིན་ནོ།། སྙེན་ལས་སྙན་པར་གྲག་པའི་ཚིག་སྨྲ་བ་གང་ཡིན་པ་དེ་ནི་སྐྱེས་བུ་འབྲིང་ཡིན་མོ།། སྙན་ལ་སྙན་པར་གྲག་པའི་ཚིག་སྨྲ་བ་གང་ཡིན་པ
་ནི་སྐྱེས་བུ་མཆོག་ཡིན་ནོ།། འདོད་པ་ལ་ལོངས་སྤྱོད་པ་ནི་གསུམ་སྟེ། འདོད་པ་ལ་ལོངས་སྤྱོད་པ་གང་ཆོས་མ་ཡིན་པས་བབཅོལ་དུ་ལོངས་སྤྱོད་དག་ཡང་དག་པར་བསྒྲུབས་ནས། བདག་ཉིད་ཀྱང་ལེགས་པར་བདེ་བར་ཚིམ་པར་མི་བྱེད་ལ་བུ་ཡང་མ་ཡིན།
་ཆུང་མ་ཡང་མ་ཡིན་པ་ནས། རྒྱས་པར་དགེ་སྦྱོང་དང་བྲམ་ཟེའི་བར་དག་ལ་ཡང་ཡོན་འབྲལ་བར་མི་བྱེད་པ་ཡང་ཡོད་དོ།། འདོད་པ་ལོ་ལོངས་སྤྱོད་པ་གང་ཆོས་དང་ཆོས་མ་ཡིན་པས་བབ་ཚུལ་དང་། བབ་ཆོལ་མ་ཡིན་པ་རོ་ལོངས་སྤྱོད་དག་ཡང
་དགེ་པར་བསྒྲུབ་ནས། བདག་ཉིད་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱེད། བུ་དང་ཆུང་མ་ནས་རྒྱས་པར་མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། རྒན་རབས་ཀྱི་བར་དག་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱེད་ལ། དགེ་སྦྱོང་དང
་བྲམ་ཟེ་དག་ལ་ནི་སྨོན་འབུལ་བར་མི་བྱེད་པ་ཡང་ཡོད་དོ།། འདོད་པ་ལ་ལོངས་སྤྱོད་པ་གང་གཅིག་ཏུ་ཆོས་ཀྱི་བབ་ཚྭ་ལྷ་མ་ཡིན་པ་ཁོ་ནར་ལོངས་སྤྱོད་ཡང་དག་པར་བསྒྲུབ་ནས། བདག་ཉིད་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱེད་ལ། རྒྱས་པར
་དགེ་སྦྱོང་དང་བྲམ་ཟེའི་བར་དགེ་ལ་ཡང་ཡོན་འབུལ་བར་བྱེད་པ་ཡང་ཡོད་དོ།། དེ་ལ་འདོད་པ་ལ་ལོངས་སྤྱོད་པ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། ག་ཉེས་པ་ནི་སྐྱེས་བུའི་བྲིང་ཡིན་ནོ།། གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ།། གང་ཟག་གང་ཆགས
་བ་དང་། ཞེན་པ་དང་འཆུམས་པ་ནས། ལྷག་པར་ཆགས་པར་གྱུར་པའི་བར་གྱིས་ཟས་ཟ་བར་བྱེད་ཅིང་ཉེས་དམིགས་སོ་མི་བལྟ་ལ། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པ་ཡང་ཡོད་དོ།། གང་ཟག་གང་ཆགས་པ་མེད་པ་དང་། ཞེན་པ་མེད་པ་དང་།
་འཆུམས་པ་མེད་པ་དང་། མདུད་པ་བོར་བ་མེད་པ་དང་། བརྒྱལ་བ་མེད་པ་དང་། ལྷག་པར་ཆགས་པ་མེད་པ་དང་། ལྷག་པར་ཆགས་པར་གྱུར་པ་མེད་པས་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། ཉེས་དམིགས་སུ་ཡང་ལྟ།
་ངེས་པར་འབྱུང་བ་ཡང་རབ་ཏུ་ཤེས་ཤིང་། དེའི་ཟས་སྤངས་པ་དང་། ཡོངས་སུ་ཤེས་པ་མ་ཡིན་པ་ཡང་ཡོད་དོ།། གང་ཟག་གང་ཆགས་པ་མེད་པ་ནས་ལྷག་པར་ཆགས་པར་གྱུར་པ་མེད་པའི་བར་གྱིས་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། ཉེས
་དམིགས་སུ་ཡང་ལྟ། ངེས་པར་འབྱུང་བ་ཡང་རབ་ཏུ་ཤེས་ཤིང་དེའི་ཟས་དེ་སྤངས་པ་དང་། ཡོངས་སུ་ཤེས་པ་ཡང་ཡོད་དོ།། དེ་ལ་གང་ཟག་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ།། གསུམ་པ་ནི་སྐྱེས་བུ་མཆོག་ཡིནོ།། །
་བམ་པོ་བཅོ་བརྒྱད་པ།། སྦྱིན་པར་བྱ་བའི་དངོས་པོ་ལས་བརྩམས་ནས་གང་ཟག་གསུམ་སྟེ། གང་ཟག་གང་དྲི་ཕུན་སུམ་ཚོགས་པ་སྦྱིན་ལ། རོ་ཕུན་སུམ་ཚོགས་པ་མི་སྦྱིན། རེག་པ་ཕུན་སུམ་ཚོགས་པ་མི་སྦྱིན་པ་ཡང་ཡོད་དོ།། གང་ཧཱུཾ་ཕུན་སུམ
་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པོ་སྦྱིན་ལ། རེག་པ་ཕུན་སུམ་ཚོགས་པ་མི་སྦྱིན་པ་ཡང་ཡོད་དོ།། གང་དྲི་དང་རོ་དང་རེག་པ་ཕུན་སུ་མོ་ཚོགས་པ་སྦྱིན་པ་ཡང་ཡོད་དོ།། དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ།།
་གསུམ་པ་ནི་སྐྱེས་བུ་མཆོག་ཡིན་པར་བལྟར་བར་བྱའོ།། སྦྱིན་པའི་ཞིང་ལས་བརྩམས་ནས་གང་ཟག་གསུམ་སྟེ། གང་ཟག་གང་སྡུག་པ་འམ། ཕ་ནོ་འདོགས་པ་ལ་སྦྱིན་པར་བྱེད་པ་ཡང་ཡོད་དོ།། གང་སྡུག་བསྔལ་ལ་སྦྱིན་པར་བྱེད་པ་ཡང་ཡོད་དོ།།
་གང་ཡོན་ཏན་དང་ལྡན་པ་ཁྱད་པར་དུ་འཕགས་པ་ལ་སྦྱིན་པར་བྱེད་པ་ཡང་ཡོད་དོ།། དེ་ལ་དང་པོ་ནི་ཐ་མ་ཡིན་ནོ།། གཉིས་པ་ནི་འབྲིང་ཡིན་ནོ།། གསུམ་པ་ནི་མཆོག་ཡིན་པར་རིག་པར་བྱའོ།། རྣམ་གྲངས་གཞན་ཡང་གང་སྡུག་པ་ལ་སྦྱིན་པར་བྱེད་པ་དེ་ནི་ཐ་མ
་ཡིན་ནོ།། གང་ཕན་འདོགས་པ་ལ་སྦྱིན་པར་བྱེད་པ་དེ་ནི་འབྲིང་ཡིན་ནོ།། གང་སྡུག་བསྔལ་བ་དང་། ཡོན་ཏན་དང་ལྡན་པ་ལ་སྦྱིན་པར་བྱེད་པ་དེ་ནི་མཆོག་ཡིན་ནོ།། སྦྱིན་པའི་ལྷག་པོའི་བསམ་པ་ལས་བརྩམས་ནས་གང་ཟག་གོ་སུམ་སྟེ། སྦྱིན་པའི
་སྔ་རོལ་ནས་ཡིད་དགའ་ལ། སྦྱིན་པོའི་ཚེ་སེམས་མི་དགའ་ཞིང་། བྱིན་ནས་འགྱོད་པར་གྱུར་པ་དང་། སྦྱིན་པའི་སྔ་རོལ་ནས་ཡིད་དགའ་ཞིང་། སྦྱིན་པའི་ཚེ་ཡང་སེམས་དགའ་ལ། བྱིན་ནས་འགྱོད་པར་གྱུར་པ་དང་། སྦྱིན་པའི་སྔ་རོལ་ནོས་ཀྱང
་ཡིད་དགའ་ཞིང་། སྦྱིན་པའི་ཚེ་ཡང་སེམས་དགའ་ལ། བྱིན་ནས་ཀྱང་འགྱོད་པར་མི་འགྱུར་བའོ།། དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ།། གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ།། ཚུལ་ཁྲིམས་ལས་བྱུང
་བའི་བསོད་ནམས་བྱ་བའི་དངོས་པོ་ཡང་དག་པར་བླང་བ་ལས་གང་ཟག་གསུམ་རྣམ་པར་བཞག་སྟེ། གང་ཕྱོགས་གཅིག་སྤངས་ལ། དུས་ཐམས་ཅད་དུ་སྤངས་པ་ཡང་མ་ཡིན། བདག་ཉིད་ཀྱིས་སྤངས་ལ། གཞན་དག་ཡང་དག་པར་འཛིན་དུ
་འཇུག་པ་ཡང་མ་ཡིན། བསྔགས་པ་ཡང་མི་བརྗོད། ཆོས་མཐུན་པ་པ་མཐོང་ན་ཡིད་བདེ་བར་ཡང་མི་འགྱུར་བ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། གང་ཐམས་ཅད་སྤངས་ཤིང་དུས་ཐམས་ཅད་དུ་སྤངས་པ་ཡང་ཡིན་ལ། དེ་ཡང་བདག་ཉིད་ཡིན་གྱི།
་གཞན་དག་ཡང་དག་པར་འཛིན་དུ་མི་འཇུག་ལ། བསྔགས་པ་བརྗོད་པར་ཡང་མི་བྱེད། ཆོས་མཐུན་པ་པ་མཐོང་ན་ཡང་ཡིད་དགའ་བར་ཡང་མི་འགྱུར་བ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ།། གང་ཐམས་ཅད་ལ་སྣང་བ་དེ་ནི་སྐྱེས་བུ
་མཆོག་ཡིན་ནོ།། ཚུལ་ཁྲིམས་ཡང་དག་པར་ལེན་པའི་གཞི་ལས་ཀྱང་གང་ཟག་གསུམ་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཉེས་པར་བཤད་པའི་ཆོས་འདུལ་བ་ལ་ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་། ལེགས་པར་གསུངས་པའི
་ཆོས་འདུལ་བ་ལ་ཚུལ་ཁྲིམས་ཡང་དག་པར་ལེན་ཅིང་ཉམས་པར་བྱེད། སྐྱོན་ཅན་དུ་བྱེད་པ་དང་། གསུམ་པ་ནི་དེ་ཉིད་ལ་ཉམས་པར་མི་བྱེད། སྐྱོན་ཅན་དུ་མི་བྱེད་པའོ།། དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། གཉིས་པ་ནི་སྐྱེས་བུ་འབྲིང
་ཡིན་ནོ།། གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ།། ཚུལ་ཁྲིམས་ཡོང་དག་པར་ལེན་པའི་བསམ་པ་ལས་ཀྱང་གང་ཟག་གསུམ་རྣམ་པར་གཞོག་སྟེ། འཚོ་བའི་བསམ་པས་ཡང་དག་པར་ལེན་པར་བྱེད་པ་དང་། མཐོ་རིས་ཀྱི
་བསམ་པས་ཡང་དག་གི་རུ་ལེན་པར་བྱེད་པ་དང་། གོ་སུམ་པ་མྱ་ངན་ལས་འདའ་བའི་བསམ་པས་ཡང་དག་པར་ལེན་པར་བྱེད་པའོ།། དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། གཉིས་པ་ནི་སྐྱེས་བུའི་བྲིང་ཡིན་ནོ།། གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ།། །
་གཞན་ཡང་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པའི་གང་ཟག་གསུམ་སྟེ། བསྙེན་གནས་པའི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པ་ཡང་ཡོད་དོ།། དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པ་ཡང་ཡོད་དོ།། །
་དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པ་ཡང་ཡོད་དེ། དང་པོ་ནཱི་ཐ་མཱ་ཡིན་ནོ།། གཉིས་པ་ནི་འབྲིང་ཡིན་ནོ།། གསུམ་པ་ནི་མཆོག་ཡིན་ནོ།། དགེ་སློང་གི་སྡོམ་པ་ཡང་དག་པར་བླང་བ་ཉིད་ལས་ཀྱང་གང་ཟག་གཞན་གསུམ་སྟེ། གང་བསྙེན
་པར་རྫོགས་པའི་ཡན་ལག་དང་ལྡན་པ། དེ་དང་མཐུན་པའི་ཆོས་བསླབ་པའི་གཞི་ཡང་དག་པར་བླང་བའི་ཡན་ལག་དང་མི་ལྡན། གཞན་གྱི་སེམས་རྗེས་སུ་བསྲུང་བའི་ཡན་ལག་དང་ཡང་མི་ལྡན། བསླབ་པའི་གཞི་ཇི་ལྟར་ཡང་དགྲ་པར་བླངས
་བ་བཞིན་རྗེས་སུ་བསྲུང་བའི་ཡན་ལག་དང་མི་ལྡན་པ་ཡང་ཡོད་དོ།། གང་ཡན་ལག་དང་པོ་གསུམ་དང་ལྡན་ལ། ཐུ་མ་དང་མི་ལྡན་པ་ཡང་ཡོད་དོ།། གང་ཡན་ལག་བཞི་པོ་ཐམས་ཅད་དང་ལྡན་པ་ཡང་ཡོད་དོ།། དེ་ལ་ཡང་དང་པོ་ནི་ཐ་མ་ཡིན་ནོ།། །
་གཉིས་པ་ནི་འབྲིང་ཡིན་ནོ།། གསུམ་པ་ནི་མཆོག་ཡིན་ནོ།། གཞན་ཡང་གང་ཟག་གསུམ་སྟེ། སེ་ར་སོར་ཐར་པའི་སྡོམ་པ་དང་ལྡན་པ་ཡང་ཡོད་དོ།། སོ་སོར་ཐར་པའི་སྡོམ་པ་དང་། བསམེ་གཏན་གྱི་སྡོམ་པ་དང་ལྡན་པ་ཡང་ཡོད་དོ།། སོ་ས
་ཐར་པ་དང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་དང་ལྡན་པ་ཡང་ཡོད་དོ།། དེ་ལ་དང་པོ་ནི་ཐ་མ་ཡིན་ནོ།། གཉིས་པ་ནི་འབྲིང་ཡིན་ནོ།། གསུམ་པ་ནི་མཆོག་ཡིན་ནོ།། གཞན་ཡང་གང་ཟག་གསུམ་སྟེ། སྡོམ་པ་ཡང་མ་ཡིན་སྡོམ་པ
་མ་ཡིན་པས་བསྡུས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དང་ལྡན་པ་ཡང་ཡོད་དོ།། ཉན་ཐོས་དང་ལྡན་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དང་ལྡན་པ་ཡང་ཡོད་དོ།། བྱང་ཆུབ་སེམས་དེ་པའི་ཚུལ་ཁྲིམས་ཀྱི་སྡོམ་པ
་ཡང་དག་པར་བླང་བ་དང་ལྡན་པ་ཡང་ཡོད་དོ།། དེ་ལ་ཡང་དང་པོ་ནི་ཐུ་མ་ཡིན་ནོ།། གཉིས་པ་ནི་འབྲིང་ཡིན་ནོ།། གསུམ་པ་ནི་མཆོག་ཡིན་ནོ།། བསྒོམ་པའི་དབང་དུ་བྱས་ནས་འདི་ལྟ་སྟེ། ཡིད་ལ་བྱེད་པའི་སྦྱོར་བ་ལས་གང་ཟག
་གསུམ་རྣམ་པར་གཞག་སྟེ། གང་ཟག་གང་ནན་གྱིས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡང་ཡོད་དོ།། གང་བར་ཆད་པ་དང་བཅས་པར་འཇུག་པ་འམ་གང་བར་མི་འཆད་པར་འཇུག་པ་ཡང་རུང་སྟེ། རྩོལ་བ་དང་བཅས་པས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ
་ཡང་ཡོད་དོ།། རང་གི་ངང་གིས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡང་ཡོད་དོ།། དེ་ལ་ཡང་དང་པོ་ནི་ཐ་མ་ཡིན་ནོ།། གཉིས་པ་ནི་འབྲིང་ཡིན་ནོ།། གསུམ་པ་ནི་མཆོག་ཡིན་ནོ།། གཞན་ཡང་བསྒོམ་པ་ཐོབ་པ་ལས་གང་ཟག་གསུམ་སྟེ། གང་ཟག་གང་ནང་གི
་སེམས་ཀྱི་ཞིག་ནས་ཐོབ་ལ། ཆོསི་ལྔ་རྣམ་པར་ལྟོ་བའི་ལྷག་པའི་ཤེས་རབ་མ་ཐོབ་པ་ཡོད་ངོ་།། གང་ཆོས་ལ་རྣམ་པར་ལྟ་བའི་ལྷག་པའི་ཤེསཱ་ར་བ་ཐོབ་ལ་ནང་གི་སེམས་ཀྱི་ཞི་ག་ནས་མྱ་ཐོབ་པ་ཡང་ཡོད་དོ།། གང་གཉི་ག་ཐོབ་པ་ཡང་ཡོད་དོ།། དེ་ལ་ཡང
་དང་པོ་ནི་ཐ་མ་ཡིན་ནོ།། གཉིས་པ་ནི་འབྲིང་ཡིན་ནོ།། གསུམ་པ་ནི་མཆོག་ཡིན་ནོ།། གཞན་ཡང་གང་ཟག་གསུམ་སྟེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཐོབ་པ་ཡང་ཡོད་དོ།། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན
་ཐོབ་པ་ཡང་ཡོད་དོ།། རྟག་པ་ཡང་མེད་ང་བྱེད་པ་ཡང་མེད་པའི་ཏིང་ངེ་འཛིན་ཐོབ་པ་ཡང་ཡོད་དོ།། དེ་ལ་དང་པོ་ནི་ཐ་མ་ཡིན་ནོ།། གཉིས་པ་ནི་འབྲིང་ཡིན་ནོ།། གསུམ་པ་ནི་མཆོག་ཡིན་ནོ།། བསྒོམ་པ་ཁོ་ནའི་དབང་དུ་བྱས་ནས་གནས་པ་ལས་གང་ཟག
་རྣམ་པར་གཞག་པ་གསུམ་སྟེ། གང་ཟག་གང་ཉོན་མོངས་པ་ཅན་གྱི་བསམ་གཏན་གྱིས་གནས་པ་ཡང་ཡོད་དོ།། དག་པའི་འཇིག་རྟེན་པའི་བསམ་གཏན་གྱིས་གནས་པ་ཡང་ཡོད་དོ།། ཟག་པ་མེད་པའི་བསམ་གཏན་གྱིས་གནས་པ་ཡང་ཡོད་དོ།། དེ་ལ
་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ།། གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ།། གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ།། སེམས་ཅན་གྱི་རིས་བཅུ་ནི་དུད་འགྲོ་དང་། བུད་མེད་དང་། འདོད་པ་ལ་ལོངས་སྤྱོད་པ་རྣམས་དང་། བྱེ་བ་དོན་དུ་གཉེར་བ་རྣམས་དང་།
་རབ་ཏུ་བྱུང་བ་རྣམས་དང་། ཐོས་པས་འཚོ་བ་རྣམས་དང་། རྟོགས་པར་བྱེད་པ་རྣམས་དང་། རྟོག་གེ་བ་རྣམས་དང་། དཀའ་ཐུབ་དྲག་པོ་པ་རྣམས་དང་། ལུས་གཏོང་བར་བྱེད་པ་རྣམས་ཏེ། དེ་དག་གི་འདོད་པ་དང་སྡུག་པ་དང་ཡིད་དུ་འོང་བའི་ཆོས་ནི
་ཚེ་དང་ཁ་དོག་དང་ལོངས་སྤྱོད་དང་མཛའ་བཤེས་དང་། ཚུལ་ཁྲིམས་དང་ཐོས་པ་དང་། ཚངས་པར་སྤྱོད་པ་དང་། ཤེས་རབ་དང་ཆོས་དང་། མཐོ་རིས་ཏེ་བཅུ་པོ་དེ་དག་གོ། དམ་པའི་ཆོས་ཉན་པའི་ཉེ་བའི་ཉོན་མོངས་པའི་སྐྱོན་ནི་དྲུག་པོ་འདི་དག
་ཡིན་ཏེ། ང་རྒྱལ་གྱི་སྐྱོན་དང་། འདུན་པ་མེད་པའི་སྐྱོན་དང་། མ་དད་པའི་སྐྱོན་དང་། ལུས་དང་སེམས་ལ་གནོད་པའི་སྐྱོན་དང་། རྣམ་པར་གཡེང་བའི་སྐྱོན་དང་། རྣམ་པར་འཁྲུལ་པའི་སྐྱོན་ནོ།། དེ་དག་གིས་ནི་གུས་པར་བྱས་ཤིང་ཆོས་ཉན་པར
་མི་བྱེད། བླ་མར་བྱས་ཤིང་ཆོས་ཉན་པར་མི་བྱེད་དོ།། རྒྱས་པར་མདོ་ལས་ཇི་སྐད་གསུངས་པ་བཞིན་ནོ།། དེ་ལ་ཉེ་བའི་ཉོན་མོངས་པ་རྣམ་པར་གཡེང་པོའི་སྐྱོན་རྣམ་པ་གཉིས་ཏེ། སྨྲ་བའི་ཚེ་ན་རྣམ་པར་གཡེང་བ་དང་། སྤྲོས་ནས་རྣམ་པར་གཡེང
་བའོ།། རྣམ་པར་འཁྲུལ་པའི་སྐྱོན་ནི་ཕྱིན་ཅི་ལོག་གང་ཡིན་པའོ།། ལས་ཀྱི་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བ་ནི་རྣམ་པ་གསུམ་སྟེ། མཚུངས་པར་ལྡན་པས་ཀུན་ནས་སློང་བ་དང་། སྐྱེད་པས་ཀུན་ནས་སློང་བ་དང་།
་བདག་པོས་ཀུན་ནས་སློང་བ་སྟེ། ཉོན་མོངས་པ་གཞན་གྲངས་ནོས་ཀུན་ནས་སློང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ།། མི་འདོད་པ་ནི་དྲུག་པོ་འདི་དག་ཡིན་ཏེ། དགྲ་དང་། ནང་དང་། ཡུལ་མི་དགའ་བ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལོ་དང་། སྨན་ཚ་བ་དང་། གོམས་པར
་མ་བྱས་པའི་དགེ་བའོ།། དེ་དག་ལས་གཞི་ནི་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ།། གཉིས་ནི་བསྟེན་པར་བྱ་བ་ཡིན་ནོ།། འདོད་པའི་ལོངས་སྤྱོད་ནི་རྣམ་པ་ལྟ་སྟེ། སོ་སོར་མྱོང་བར་བྱ་བའི་ལོངས་སྤྱོད་དང་། ཡོངས་སུ་སྲེལ་ནི་དགའ་བའི་ལོངས་སྤྱོད་དང་། རྣམ
་པར་རྟོག་པའི་ལོངས་སྤྱོད་དང་། གཞན་ལས་ཐོབ་པའི་ལོངས་སྤྱོད་དང་། ལེགས་པར་མ་ཟིན་པའི་ལོངས་སྤྱོད་དོ།། འདོད་པའི་སྐྱོན་ནི་རྣམ་པ་བརྐྱང་དེ། རོ་མྱོང་བ་ཆུང་བ་དང་། སྡུག་བསྔལ་མང་པོ་དང་། ཉེས་དམིགས་མང་བ་དང་། གཞན་གྱི་གནོད་པ་བྱས་པ
་ལས་གྱུར་པའི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། ཀུན་ནས་ཉོན་མོངས་པ་ཅན་གྱིས་ལོངས་སྤྱོད་པའི་རྒྱུ་ཡིན་པ་དང་། ང་ན་སོང་བའི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། རྣམ་པར་རྟོག་པ་དེང་ཀུན་ཏུ་འཁྲུག་པའི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། ལོངས་སྤྱོད་ཡོངས
་སུ་ཟད་པའི་རྒྱུ་ཡིན་པ་དང་། གནས་སུ་གཞག་པ་ཡོངས་སུ་ཟད་པའི་རྒྱུ་ཡིན་པ་དང་། དགེ་བོའི་བར་དུ་གཅོད་པའི་རྒྱུ་ཡིན་པའོ།། འོདོད་པའི་གཞི་ལས་འགྱུར་བ་རྣམ་པ་དྲུག་ཏེ་གཞན་གྱི་གནོད་པས་འགྱུར་བ་དང་། ཁམས་མ་སྙོམས་པར་འགྱུར་བ་དང་།
་སེམས་ཅན་སྡུག་པ་འགྱུར་བ་དང་། ལུས་འགྱུར་བ་དང་། སེམས་འགྱུར་བ་དང་། མི་རྟག་པ་ཉིད་ཀྱིས་འགྱུར་བའོ།། འདོད་པ་རྣམས་ལ་ཆོས་མཐུན་པ་རྣམ་པ་ལྟས་ནགས་ཚལ་གྱི་མིང་དུ་རིག་པར་བྱ་སྟེ། མང་བ་ཉིད་དུ་ཆོས་མཐུན་པ་དང་། སྣ་ཚོགས
་ཉིད་དུ་ཆོས་མཐུན་པ་དང་། སེམས་ཅན་ཉེ་བར་འཚོ་བ་ཉིད་དུ་ཆོས་མཐུན་པ་དང་། གནས་ཉིད་དུ་ཆོས་མཐུན་པ་དང་། འཕེལ་འགྲིབ་ཅན་ཉིད་དུ་ཆོས་མཐུན་པས་སོ།། །། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ལ་སོགས
་པའི་ས་གསུམ་གྱི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། དེ་ལ་ཡང་ལ་ལར་རྣམ་པར་གཏནཱ་ལ་དབབ་པའི་གཞུང་ན་མི་སྣང་ངོ་།། ། མཉམ་པར་གཞག་པའི་སའི་དབང་དུ་བྱས་ནས་རྣམ་པར་གཏན་ལོ་དབབ་པ་ནི། གང་ཟག་གང་དག
་གི་སེམས་ཀྱི་རྒྱུད་ཉེ་བའི་ཉོན་མོངས་པའི་རྣམ་པ་དུ་མས་ཉེ་བར་ཉོན་མོངས་པར་གྱུར་པ་དེ་དག་ནི་ལེགས་པ་ཁོ་ནར་སེམས་རྩེ་གཅིག་པ་ཉིད་ལ་རེག་པར་འགྱུར་བའི་སྐལ་བ་མེད་པ་ཡིན་ནོ།། ཉེ་བའི་ཉོན་མོངས་པ་པ་རྣམ་པ་དུ་མ་དག་གང་ཞེ་ན།
་གཡོ་དང་ལྡན་པ་དང་། རྒྱུ་དང་ལྡན་པ་དང་། གྱ་གྱུ་དང་ལྡན་པ་དང་། གཙམ་སྐྱ་དང་ལྡན་པ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། མ་དད་པ་དང་། ལེ་ལེ་ཅན་དང་། བརྗེད་ངས་པ་དང་། མཉམ་པར་མ་གཞག་པ་དང་། ཤེས་རབ་འཆལ་བ་དང་།
་ལྷོང་པ་དང་། མང་པོ་པ་དང་། བླང་བར་བྱ་ལ་ཐོག་མར་འགྲི་བ་དང་། རབ་ཏུ་དབེན་པ་ལ་བརྩོན་པ་བཏང་བ་དང་། བསླབ་པ་དག་ལ་ཤས་ཆེར་གུས་པ་མེད་པ་དང་། དགེ་སྦྱོང་གི་ཚུལ་ལ་མི་ལྟ་བ་དང་། འཚོ་བའི་བསམ་པས་རབ་ཏུ་བྱུང་ལ་མྱ་ངན
་ལས་འདའ་བའི་བསམ་པས་མ་ཡིན་པ་དག་གོ། དེ་ལ་ཇི་ལྟར་ན་གཡོ་དང་ལྡན་པ་ཡིན་ཞེ་ན། བདག་ཉིད་སྐྱོན་དང་ལྡན་ཡང་སྟོན་པའི་སྤྱན་སྔ་འམ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱི་དྲུང་དུ་ཡང
་དག་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་མི་བྱེད་པ་ཡིན་ནོ།། ཇི་ལྟར་ན་སྒྱུ་དང་ལྡན་པ་ཡིན་ཞེ་ན། དེ་ཅི་ནས་ཀྱང་བདག་ཉིད་ཡོན་ཏན་དང་མི་ལྡན་ཡང་ཡོན་ཏན་དང་ལྡན་པ་ཚངས་པ་མ་ཚངས་པོར་སྤྱོད་པ་མཁས་པ་རྣམས་ཡིད་ཆེ་ས་པ་དང་། ངེས་པར་རྟོགས་པར་བྱེ་བའི
་ཕྱིར། བདག་ཉིད་ཀྱི་ཡོན་ཏན་ཡང་དག་པ་མ་ཡིན་པ་དག་ཉེ་བར་སྟོ་ན་པར་བྱེད་པ་ཡིན་ནོ།། ཇི་ལྟར་ན་གྱ་གྱུ་དང་ལྡན་པ་ཡིན་ཞེ་ན། ལྷག་པའི་ཚུལ་ཁྲིམས་ལས་ཚུལ་ཁྲིམས་ཉམས་པའམ། སྤྱོད་པ་ལས་སྤོང་པ་ཉམས་པ་ལ་མཐོང་བ་དང
་ཐོས་པ་དང་། དོགས་པས་གླེངས་པ་ན། གཏམ་རླུང་བསྐུར་བར་བྱེད་ཅིང་གཽ་ཏ་མ་གཞན་དུ་བསྒྱུར་བར་བྱེད་པ་སྟེ། རྒྱས་པར་འདི་ལྟ་སྟེ། མདོ་ལ་ས་སྒྱུ་དང་གཡོ་ཉིད་ཀྱིས་དབང་དུ་མཛད་ནས་ཇི་སྐད་གསུངས་པ་ལྟ་བུའོ།། ཇི་ལྟར་ན་གཙམ་སྐྱ་དང
་ལྡན་པ་ཡིན་ཞེ་ན། འཇིགས་པ་འམ། ངོ་བྱ་བ་འམ། ཟང་ཟིང་ཆུང་ཟད་ཙམ་གྱི་ཕྱིར་གཞན་དག་གི་ཉོས་པ་ཆེན་པོ་བརྗོད་པར་མི་བྱེད་གླེང་བར་མི་བྱེད་ཅིང་། བསམ་པ་ཐག་པ་ནས་ནི་མ་ཡིན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ
་རྣམས་ལ་བཅོས་མའི་རྗེས་དང་གུས་པ་དང་། ལུས་དང་ངག་གིས་ལས་འཇམ་པོས་ཀུན་ཏུ་སྤྱོད་པ་ཡིན་ནོ།། ཇི་ལྟར་ན་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ཡིན་ཞེ་ན། བདག་ཉིད་དམ་གཞན་ལས་བརྟེན་ཏེ། ངོ་ཚ་མེད་པས། བོས་མ་བཞིན་དུ་ཉེས
་པ་བྱེད་པ་དང་། ཉེས་པ་བྱུང་ན་ཡང་ཆོས་བཞིན་དུ་ཕྱིར་མི་བྱེད་པ་དང་། འཐབ་ཁྲོལ་བྱེད་པ་དང་། འཚང་འདྲ་བར་བྱེད་པ་དང་། རྩོད་པར་བྱེད་པ་དང་། འགྱེད་པར་བྱེད་པ་ཡིན་ནོ།། ཇི་ལྟར་ན་མ་དད་པ་ཡིན་ཞེ་ན། སངས་རྒྱས་དང་། ཆོས་དང་། དགེ་འདུན་དག
་ལ་དད་པའི་སེམས་མེད་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དག་ལ་ཡང་ཡིད་མོ་ཆེས་པར་གྱུར་པ་ཡིན་ནོ།། ཇི་ལྟར་ན་ལེ་ལོ་ཅན་ཡིན་ཞེ་ན། དགེ་བའི་ཕྱོགས་སྤངས་ཏེ། གཉིད་ཀྱི་བདེ་བ་དང་གློས་འབེབས་པའི་བདེ་བ་དང་།
་ཉལ་བའི་བདེ་བ་ཉམས་སུ་ལེན་པས་ཉིན་མཚན་ཤས་ཆེར་ཡོལ་བར་བྱེད་པ་ཡིན་ནོ།། ཇི་ལྟར་ན་བརྗེད་ངེས་པ་ཡིན་ཞེ་ན། བྱས་ནས་ཡུན་རིང་དུ་ལོན་པ་དང་། སྨྲས་ནས་ཡུན་རིང་དུ་ལོན་པ་ཡང་རྗེས་སུ་མི་དྲན་ལ། རྗེས་སུ་དྲན་པར་བྱེད་ཀྱང་མི
་ནུས་པ་དང་། དབང་པོ་རྣམས་ཀྱི་སྒོ་མ་བསྡམས་པ་དང་། ཤེས་བཞིན་དུ་མི་གནས་པ་ཡིན་ནོ།། ཇི་ལྟར་ན་མཉམ་པཱ་མ་གཞག་པ་ཡིན་ཞེ་ན། ཐ་ན་མཉམ་པར་གཞག་པའི་སྲ་པའི་ཡིད་ལ་བྱེད་པ་ཙམ་ཡང་མ་ཐོབ་པ་ཡིན་ནོ།། ཇི་ལྟར་ན་ཤོས་རབ་འཆལ
་པ་ཡིན་ཞེ་ན། རང་གི་ལྟ་བ་མཆོག་ཏུ་འཛིན་ཅིང་གནས་པ་དང་། མི་མཐུན་པར་འཛིན་པ་དང་། སྨྲ་བ་འདིར་དགའ་བ་ཡིན་ནོ།། ཇི་ལྟར་ན་ལྷོད་པ་ཡིན་ཞེ་ན། མི་མཁས་པ་དང་། མི་གྲིམས་པ་དང་། སྒྲུབ་མི་བོད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ
་མཁས་པ་རྣམས་ལ་ལུས་ཀྱི་ཞལ་ཏ་མི་བྱེད་པ་ཡིན་ནོ།། ཇི་ལྟར་ན་མང་པོ་པ་ཡིན་ཞེ་ན། ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་འདྲེ་བར་གནས་པ་དང་། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་དང་། སྡིག་པ་མི་དགེ་བའི་རྣམ་པར
་རྟོག་པ་དག་ནས། ཁྱིམ་གྱིས་འབྱོར་པ་དང་ལྡན་པའི་རྣམ་པར་རྟོག་པའི་བར་དག་ལ་ལན་མང་དུ་རྗེས་སུ་རྟོག་ཅིང་རྗེས་སུ་དཔྱོད་པར་བྱེད་པ་ཡིན་ནོ།། ཇི་ལྟར་ན་བླང་བར་བྱ་བ་ལ་ཐོག་མར་འགྲོ་བ་ཡིན་ཞེ་ན། དགེ་འདུན་གྱི
་འམ་གང་ཟག་གི་རྙེད་པ་བླང་བ་འདི་ལྟ་སྟེ། ཆོས་གོས་ལ་སོགས་པ་དང་། དགེ་འདུན་ནམ་གང་ཟག་མགྲོན་དུ་འབོད་པ་ནི་བླང་བར་བྱ་ཞེས་བྱ་སྟེ། དེར་དགེ་སློང་རྣམས་ཀྱི་ཐོག་མར་འགྲོ་བ་ཡིན་ནོ།། ཇི་ལྟར་ན་རབ་ཏུ་དབེན་པ་ལ་བརྩོན་པ་བཏང་བ
་ཡིན་ཞེ་ན། བས་མཐའི་གནས་མལ་དབེན་པ། སྐྱེ་བོ་སྡིག་པ་ཅན་མེད་པ། མི་རྣམས་ཀྱིས་གསང་སྟེ། བསྟེན་པ་ནང་དུ་ཡང་དག་འཇོག་དང་རྗེས་སུ་མཐུན་པ་གང་དག་ཡིན་པ་དེ་དག་ཐག་རིང་དུ་སྤོང་བར་བྱེད་ཅིང་དེ་ལ་འདུན་པ་ཙམ་ཡང་སྐྱེད
་པར་མི་བྱེད་པ་ཡིན་ནོ།། ཇི་ལྟར་ན་བསླབ་པ་དག་ཁོ་གུ་སྲེ་བ་ཤས་ཆེན་པོ་མེད་པ་ཡིན་ཞེ་ན། ཕོངས་པར་གྱུར་པའི་ཆེ་བསླབ་པ་རྣམས་ཡོངས་སུ་གཏོང་བར་བྱེད་ལ། ལུས་དང་སྲོག་ཡོངས་སུ་གཏོང་པོར་ནི་མི་བྱེད་ཅིང་། ལུས་ཀྱི་བདེ་བ་དང་།
་སྲོག་ཆེ་སོ་ཆེད་ཆེ་བར་དོན་དུ་གཉེར་ལ། བསླབ་པའི་གཞི་རྣམས་རྗེས་སུ་བསྲུང་བ་ནི་དོན་དུ་གཉེར་བར་མི་བྱེད་པ་ཡིན་ནོ།། ཇི་ལྟར་ན་དགེ་སྦྱོང་གི་ཚུལ་ལ་མི་པཱལྟོ་བ་ཡིན་ཞེ་ན། བསླབ་པ་རྣམས་ཕུལ་ནས་ཉམས་པར་བྱ་བའི་ཕྱིར་འདུག་པར
་འདོད་ཅིང་། ཚུལ་ཁྲིམས་འཆལ་པ་དང་། སྡིག་པའི་ཆོས་དང་། ནང་རུལ་པོ་ནས་རྒྱས་པར་ཚངས་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁེས་འཆེ་བའི་བར་ཡིན་ཏེ། དགེ་སྦྱོང་གི་འབྲས་བུ་རྣམས་སམ། འཕོགས་པོའི་ལམ་ཡན
་ལག་བརྒྱད་པ་དོན་དུ་གཉེར་བར་ལྟ་ག་ལ་འགྱུར་བ་ཡིན་ནོ།། ཇི་ལྟར་ན་འཚོ་བའི་བསམ་པས་རབ་ཏུ་བྱུང་ལ། མྱ་ངན་ལས་འདའ་བའི་བསམ་པས་མ་ཡིན་ཞེ་ན། རྒྱལ་པོས་གཙེས་པས་རབ་ཏུ་བྱུང་བ་འམ། ཆོམ་རྐུན་པས་གཙེས་པ་འམ། བུ་ལོན་གྱིས
་ཉམ་ཐག་པའམ། འཇིགས་པས་ཉི་མ་ཐག་པའམ། ལོངས་སྤྱོད་རྣམས་ཉམས་པ་ན་འཚོ་བ་མེད་པས་འཇིགས་ཤིང་སྐྲག་པས་རབ་ཏུ་བྱུང་བ་ཡིན་གྱི། བདག་ཉིད་དུལ་བར་བྱ་བའི་ཕྱིར་མི་ཡིན། བདག་ཉིད་ཞི་བར་བྱ་བའི་ཕྱིར་མ་ཡིན། བདག
་ཉིད་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་མ་ཡིན་པའོ།། དེ་ལ་ཉོ་བའི་ཉོན་མོངས་པ་དང་པོ་བཞི་ནི་ཚངས་པ་མཚུངས་པར་སྤོང་བ་རྣམས་ལྷན་ཅིག་འགྲོགས་པ་རྒུད་པ་ལས་བརྩམས་ནས་རྣམ་པར་བཞག་པར་བལྟ་བར་བྱའོ།། ངོ་ཚ་མེད་པ་དང་།
་ཁྲལ་མེད་པ་ནི་ལྷག་པའི་ཚུལ་ཁྲིམས་རྒུད་པ་ལས་བརྩམས་ནས་བལྟ་བར་བྱའོ།། མ་དད་པ་ལ་སོགས་པ་ཤེས་རབ་འཆལ་པའི་མཐར་ཐུག་པའི་བར་གྱི་ཉེ་བའི་ཉིན་མོངས་པ་རྣམས་ནི་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་རྒུད་པ་ལས
་བརྩམས་ནས་བལྟ་བར་བྱ་སྟེ། དེ་ལ་མེ་དད་པ་དང་ལེ་ལོ་དང་ལྡན་པ་ནི་ག་ཉི་ག་རྒུད་པ་ལས་བརྩམས་པ་ཡིན་ནོ།། བརྗེས་ངས་པ། རྣམ་པར་གཡེང་བ་ནི་ལྷག་པའི་སེམས་རྒུད་པ་འབའ་ཞིག་ལས་བརྩམས་པ་ཡིན་ནོ།། ཤེས་རབ་འཆལ
་པ་ནི་ལྷག་པའི་ཤེས་རབོ་རྒུད་པ་འབའ་ཞིག་ལས་བརྩམས་པ་ཡིན་ནོ།། དེ་ལ་མ་དད་པ་དང་ལེ་ལོ་དང་ལྡན་པའི་དབང་དུ་བྱས་ནས། ལྷོད་པ་དང་མང་པོ་དང་། བླང་བར་བྱ་བ་ལ་ཐོག་མར་འགྲོ་བ་དང་། རབ་ཏུ་དབེན་པ་ལ་བརྩོན་པ་བཏང་བ
་རྣམས་བལྟ་བར་བྱའོ།། བརྗེད་ངས་པ་དང་། སེམས་རྣམ་པར་གཡེང་བ་དང་། ཤེས་རབ་འཆལ་པའི་དབང་དུ་བྱས་ནས་བསླབ་པ་དག་ལ་ཤས་ཆེར་གུས་པ་མེད་པ་དང་། དགེ་སྦྱོང་གི་ཚུལ་ལ་མི་ལྟ་བ་དང་། འཚོ་བའི་བསམ
་པས་རབ་ཏུ་བྱུང་ལ་མྱ་ངན་ལས་འདའ་བའི་བསམས་པས་མ་ཡིན་པར་བལྟ་བར་བྱའོ།། །། གང་ཟག་གསུམ་གྱི་ཉེ་བོ་འི་ཉོན་མོངས་པ་ནི་གནས་གསུམ་ལས་བྱུང་བ་ཡིན་པར་རིག་པར་བྱ་སྟེ། གང་ཟག་གསུམ་གང་ཞེ་ན། ཆོས་འདི
་པ་རབ་ཏུ་བྱུང་བ་དང་། འདོད་པ་ལ་ལོངས་སྤྱོད་པ་ཁྱིམ་ནཱ་གནས་པ་དང་། འདི་ལས་ཕྱི་རོལ་པ་རབ་ཏུ་བྱུང་བའོ།། དེ་དགེ་གི་ཉེ་བའི་ཉོན་མོངས་པ་གནས་གསུམ་ལས་བྱུང་བ་གང་ཞེ་ན། གང་ཟག་དང་པོའི་ཉོ་བའི་ཉོན་མོངས་པ་ནི་བག་མེད་པ་ལས་བྱུང་བ
་ཡིན་ཏེ། དེ་ཡང་རྣམ་པ་གཉིས་ཏེ། ཆོས་གོས་ལ་སོགས་པ་རྙེད་པ་དང་བཀུར་སྟི་འདོད་པའི་ཕྱིར་བདག་ཉིད་ལས་བརྩམས་ནས། བདག་ཉིད་ཀྱི་ཡང་དག་པ་མ་ཡིན་པ་རྗོད་པར་བྱེད་དེ། མིའི་ཆོས་བླ་མར་སླ་བར་བྱེད་པ་དང་། གཞན་ལ་སེ
་བརྩམས་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་དང་ངག་གིས་རྣམ་པར་གནོན་པར་བྱེད། རྣམ་པར་འཚེ་བར་བྱེད། མཐོ་འཚམ་པར་བྱེད། བསྟིང་བར་བྱེད་པའོ།། གང་ཟག་གཉིས་པའི་ཉེ་བའི་ཉོན་མོངས་པ་ནི་འདོད་པ་ལ་ལྷག
་པར་ཞེན་པ་ལས་བྱུང་བ་ཡིན་ཏེ། འདི་ལྟ་སྟེ། འདོད་པ་ལས་ལྷག་པར་ཞེན་པའི་རྒྱུས་འདོད་པ་ལ་ལོངས་སྤྱོད་པ་ནི། ལུས་ཀྱིས་ཀྱང་ཉེས་པར་སྤྱོད་པ་ཀུན་ཏུ་སྤྱོད་ལ། ངག་དང་ཡིད་ཀྱིས་ཀྱང་ཉེས་པར་སྤྱོད་པ་ཀུན་ཏུ་སྤྱོད་པའོ།། གང་ཟག་གསུམ
་པའི་ཉེ་བའི་ཉོན་མོངས་པ་ནི་ལོག་པར་སྒྲུབ་པ་ལས་བྱུང་བ་ཡིན་པར་བལྟ་བར་བྱ་སྟེ། དེ་ཡང་མདོར་བསྡུ་ན་རྣ་པ་གསུམ་སྟེ། རབ་ཏུ་དབེན་པ་དང་ལྡན་པ་དང་། འདུ་འཛི་དང་ལྡན་པ་དང་། བསླབ་པ་དང་ལྡན་པའོ།། དེ་ལ་རབ་ཏུ་དབེན་པ་དང་ལྡན
་པ་གང་ཞེ་ན། འདི་ལས་ཕྱི་རོལ་པ་ནི་བས་མཐའི་གནས་མལ་དབེན་པར་སོང་བ་ན། སྒྲིབ་པ་ལྔ་པོ་དག་གིས་སེམས་བསྒྲིབས་པ་དང་། ལུས་དང་སེམས་ཀྱི་སྡུག་བསྔལ་སོ་སོར་མྱོང་བས་སྡུག་བསྤེལ་བར་གནས་པ་དང་། དད་པ་ལ
་སོགས་པ་དབང་པོ་ལྔ་དང་བྲལ་བས་ཉོན་མོངས་པའི་གཉེན་པོ་སྤངས་པ་ཡིན་ཏེ། དེ་ལྟར་ན་ཉོན་མོངས་པ་ཅན་དུ་གནས་པ་དང་། སྡུག་བསྔལ་བར་གནས་པ་དང་། དེ་བསལ་བའི་གོ་ཉེན་པོ་མེད་པ་གང་ཡིན་པ་དེ་ནི་དེའི་ཉེ་བའི་ཉོན་མོངས་པ
་རབ་ཏུ་དབེན་པ་དང་ལྡན་པ་ཞེས་བྱའོ།། ཉེ་བའི་ཉོན་མོངས་པ་འདུ་འཛི་དང་ལྡན་པ་གང་ཞེ་ན། ཕན་ཚུན་ལྟ་བ་ལ་འདོད་པའི་མི་མཐུན་པ་རྩོད་པས་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་ལ་རྣམ་པར་གནས་པ་རྣམས་ཀྱི་ཁྲོ་བ་དང་། ཁོན་དུ་འཛིན
་པ་ནས། རྒྱས་པར་སྐྱེ་དང་། གཡོ་འི་བར་གང་ཡིན་པ་དེ་ནི་དེའི་ཉེ་བའི་ཉོན་མོངས་པ་འདུ་འཛི་དང་ལྡན་པ་ཞེས་བྱའོ།། ཉེ་བའི་ཉེན་མོངས་པ་བསླབ་པ་དང་ལྗོན་པ་གང་ཞེ་ན། བདག་དང་གཞན་ལས་བརྟེན་ཏེ་ཁ་ནི་མ་ཐོ་བ་ཀུན་ཏུ་སྤྱོད་པས་ངོ་ཚ་མེད
་པ་ཚུལ་ཁྲིམས་ཉམས་པ་དང་ཚུལ་ཁྲིམས་འདྲལ་བར་བྱེད་པའི་བར་གང་ཡིན་པ་དེ་ནི་ཉེ་བའི་ཉོན་མོངས་པ་ལྷག་པའི་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ།། འཇིག་རྟེན་པའི་སྙོམས་པར་འཇུག་པས་དམན་པ་པས་བདག་མཐོའོ་སྙམ་པ་དང་།
་འདྲ་བ་བས་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་དེའི་ཉོན་མོངས་པ་ལྷག་པའི་སེམས་ཀྱི་བསླབ་པ་དང་ལྡན་པ་ཞེས་བྱའོ།། དགེ་བའི་ཆོས་རྣམས་ལ་ཐོས་པ་ཉུང་བ་དང་ཡོངས་སུ་མི་སྤྱོད་པ་གང་ཡིན་པ་དེ་ནི
་དེའི་ཉེ་བའི་ཉོན་མོངས་པ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ཞེས་བྱའོ།། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན། ཆོས་མ་ཡིན་པ་སྤྱོད་པ་དང་། ཡང་བར་སྤྱོད་པ་ཞེས་བྱ་སྟེ། མི་དགེ་བའི་དོན་གྱིས་ནི་ཆོས་མ་ཡིན་པ་སྤྱོད་པ་ཡིན
་ལ། འབྲས་བུ་མི་འདོད་པའི་དོན་གྱིས་ནི། ཡང་བར་སྤྱོད་པ་ཡིན་ནོ།། རྣལ་འབྱོར་པ་ཟད་པར་གྱི་སྐྱེ་མཆེད་བཅུ་བསྒོམ་པ་ནི་བྱ་བ་ལྔ་བྱེད་པ་ཡོན་ཏེ། ལྔ་གང་ཞེ་ན། ཟད་པར་སཽ་ལ་སོགས་པ་ནས་ཟད་པར་དཀར་པོའི་མཐར་ཐུག་པོའི་བར
་དག་གིས་ནི་སྤྲུལ་པ་དང་དངོས་པོ་བསྒྱུར་བ་འཕགས་པའི་རྫུ་འཕྲལ་མངོན་པར་བསྒྲུབ་པར་བྱེད་དོ།། ཟད་པར་ན་མཁའ་མཐའ་ཡས་སྐྱེ་མཆེད་གྱིས་ནི་འོང་བ་དང་འགྲོ་བ་འཕགས་པའི་རྫུ་འཕྲུལ་མངོན་པར་སྒྲུབ་པར་བྱེད་དོ།། ཟད་པར་རྣམ་ཤེས
་མཐའ་ཡས་སྐྱེ་མཆེད་ཀྱིས་ནི། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པར་བྱའོ།། ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆོད་གྲུབ་ན། ཅི་ཡང་མེད
་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་འགྲུབ་པར་འགྱུར་རོ།། དེ་གྲུབ་པའི་རྒྱས་གནས་པོ་མཆོག་གིས་བསྡུས་པ་འདུ་ཤེས་དང་། ཚོར་བ་འགོག་པའི་རྣམ་པར་ཐར་པ་ལ
་སྙོམས་པར་འཇུག་པར་འགྱུར་རོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ནི་ཁྱབ་པའི་རྣམ་པ་མཐའ་ཡས་པ་དང་། ཚད་མེད་པ་མངོན་པར་འགྲུབ་པར་འགྱུར་བས་དེའི་ཕྱིར་གོང་དུ་ཟད་པར་རྣམ་པར་གཞག་པ་མེད་དོ།། ཟིལ་གྱིས་གནོན་པའི
་སྐྱེ་མཆེད་རྣམས་དང་། བདེ་བར་གྱི་སྐྱེ་མཆེད་རྣམས་ནི་རྣམ་པར་ཐར་པ་རྣམས་ཀྱི་རྣམ་པར་དག་པའི་ལམ་ཡིན་ནོ།། རྣམ་པར་ཐར་པ་རྣམས་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་པས་རབ་ཏུ་ཕྱེ་བ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཇི་ཙམ་ལས
་ཉོན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སེམས་རྣམ་པར་འགྲོལ་བར་འགྱུར་བ་ཡིན་ནོ།། སྙོམས་པར་འཇུག་པར་བྱེད་པ་ནི་མདོར་བསྡུ་ན་རྒྱུ་གསུམ་གྱིས་སྙོམས་པར་འཇུག་པའི་རོ་མྱང་པོར་བྱེད་དེ། སྙོམས་པར་འཇུག་པ་ཐོབ་པ
་ལས་ལངས་པ་ནི་གཙང་བ་དང་། འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་ལས་ཡང་དག་པར་རྗེས་སུ་དྲན་པས་རོ་མྱང་བར་བྱེད་དོ།། མ་ཐོབ་པ་འམ། ཐོབ་པ་མ་འོངས་པོ་ལ་ནི་རོ་མྱང་བ་ཉིད་ཀྱི་དེ་བླང་དུ་བྱས་ནས།
་དོན་གཉེར་བ་ནི་མངོན་པར་དགའ་བས་རོ་མང་བར་བྱེད་ངོ་།། ཐོབ་པ་ནི་གཙང་བ་དང་། འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་རྒྱ་ཆེ་རཽ་ཀུན་ཏུ་སྤྱོད་པ་ལས་རོ་མྱང་བར་བྱེད་དོ།། དེ་ལྟར་ན་གང་ལོས་ལངས་པ་དེའི་རོ་མྱོང་བར་བྱེད་པ
་དང་། གང་ལ་སྙོམས་པར་ཞུགས་པ་དེ་ལ་རོ་མྱང་བར་བྱེད་པ་ཡིན་ཏེ། རོ་མྱང་བ་ཞེས་བྱ་བ་ནི་དེ་ལ་ཀུན་ཏུ་ཆགས་ཤིང་ལྷག་པར་ཞེན་པ་གང་ཡིན་པའོ།། ས་འོག་མ་པའི་ཆོས་རྣམས་ནི་གོང་མར་སྐྱེས་པ་ལ་ཀུན་ཏུ་མི་འབྱུང་པོར་རིག་པོར་བྱའོ།།
་ས་གོང་མ་པའི་ཆོས་རྣམས་ནི་འོག་མར་སྐྱེས་པ་འདོད་ཆགས་དང་བྲལ་བ་ལ་ཀུན་ཏུ་འབྱུང་ངོ་།། འོག་མར་སྐྱེས་པ་འདོད་ཆགས་དང་མ་བྲལ་བ་སེམས་མཉམ་པར་མ་བཞག་པ་ནི་གོང་མ་ལ་སྲེད་པ་སྐྱེད་པར་བྱེད་དེ། སྲེད
་པདྲི་ཡང་འདོད་པ་ན་སྤྱོད་པ་ཡིན་པར་བརྗོད་པར་བྱའོ།། དེ་ཡང་ཉོན་མོངས་པ་ཅན་ཡང་ཡོད་པ་ཉོན་མོངས་པ་ཅན་མ་ཡིན་པ་ཡང་ཡོད་དོ།། ཉོན་མོངས་པ་ཅན་གང་ཞེ་ན། གལ་ཏེ་འདི་སྙམ་དུ་ཀྱེ་མ་བདག་ནི་བདེ་བ་རྒྱ་ཆེན་པོ་དེ་ལྟ་བུ་དང་ལྡན
་པའི་སྙོམས་པར་འཇུག་པ་ལ། སྙོམས་པར་འཇུག་པར་བྱ་ཞིང་། བདག་གིས་དེ་ལ་འདི་ལྟ་འདི་ལྟར་རོ་མྱང་བ་རྭ་ཡང་བྱའོ་སྙམ་དང་། གོང་མར་སྐྱེས་ན་ནི་རྟག་པ་དང་ཐེར་ཟུག་ཏུ་ཡང་འགྱུར་རོ།། སྙམ་པ་དེ་ལྟ་དེ་ལྟ་བུའི་སེམས་སྐྱེད་པར་བྱེད
་པའི་སྲིད་པ་ནི་ཉོན་མོངས་པ་ཅན་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་འདོད་ཆགས་དང་བྲལ་བའི་བསམ་པོ་ཁོ་ནས་སེམས་སྤྱོད་པར་བྱེད་ཅིང་། ཞི་བ་དང་ཁྱད་པར་དུ་འཕགས་པའི་ས་གོང་མ་སླེབ་པར་བྱེད་པའི་སྲེད་པ་དེ་ནི། ཉོན་མོངས་པ་ཅན་མ
་ཡིན་པར་བརྗོད་པར་བྱའོ།། ཆེས་རྣམས་ཀྱི་སྤོང་བའི་རྣམ་པ་གསུམ་སྟེ། གཉེན་པོས་སྤོང་བ་དང་། ཀུན་ཏུ་སྤྱོད་པས་སྤོང་བ་དང་། འདོར་བས་སྤོང་བའོ།། དེ་ལོ་སྤོང་བ་དེ་དྲ་པོ་ནི་ཉོན་མོངས་པའི་གཞི་ས་རབ་ཏུ་ཕྱེ་བ་ཡིན་ནོ།། སྤོང་བ་གཉིས་པ་ནི
་འདུ་བྱེད་སྐྱེས་ནས་འགག་པས་བར་དུ་ཕྱེ་བ་ཡིན་ནོ།། སྤོང་བ་གསུམ་པ་ནི་གོང་མར་སྐྱེས་པ་དང་ཕུང་པོའི་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའི་འདུ་བྱེད་ས་འོག་མ་པ་འདུ་བྱེད་ཐམས་ཅད་ཡོངས་སུ་གཏོང་བས་རབ་ཏུ
་ཕྱེ་བ་ཡིན་ནོ།། ཡོངས་སུ་ཉམས་པ་ནི་གསུམ་པོ་འདི་དག་ཡིན་ཏེ། མ་ཐོབ་པའི་ཆོས་ལས་ཡོངས་སུ་ཉམས་པ་དང་། ཐོབ་པའི་ཆོས་ལས་ཡོངས་སུ་ཉམས་པ་དང་། ཀུན་བརྟེན་པས་ཡོངས་སུ་ཉམས་པའོ།། འཇིག་རྟེན་པའི་སྙོམས་པར
་འཇུག་པ་རྣམས་ཀྱི་ཉེར་བ་སྡོགས་དག་ལ་སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་གང་དག་ཡིན་པ་དེ་དག་ནི། གང་སྤང་བ་དང་། གང་རྟོགས་པར་བྱ་བའི་ཕྱིར་རབ་ཏུ་སྦྱོར་ཞིང་དེ་དག་ལ་སྐྱོན་དང་ཞི་བར་དམིགས་ཏེ། འོག་མ་ལ
་ནི་སྦྱིན་དུའོ།། གོང་མ་ལ་ནི་ཞི་བར་རོ།། ཁྱད་པརརོ་གྱི་ལམ་གང་དག་ཡིན་པ་དེ་དག་ནི་ཁྱབ་པ་ལ་དམིགས་པ་ཡང་ཡིན་ལ། ཟག་པ་མེད་པ་ལ་དམིགས་པ་ཡང་ཡིན་པར་བལྟ་བར་བྱའོ།། ཉེརོ་བསྡོགས་ཀྱིས་བོསྡུས་པའི་ཡིད་ལ་བྱེད་པ་དྲུག་པོ།།
་མཚན་ཉིད་སོ་སོར་རིག་པ་ལ་སོགས་པ་ནས། སྦྱོར་བ་མཐར་ཐུག་པའི་བར་གང་དག་ཡིན་པ་དེ་དག་ལས་མཚན་ཉིད་སོ་སོར་རིག་པ་དང་། མོས་པ་ཡིད་ལ་བྱེད་པ་ནི་སྦྱོར་བའི་ལོམ་གྱིས་བསྡུས་པ་ཡིན་ནོ།། རབ་ཏུ་དབེན་པ་དང་། སྦྱོར་བ་མཐར
་ཐུག་པ་གཉིས་ནི་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ཡིན་ནོ།། དགའ་བ་སྡུད་པ་ནི་ལམ་རྣམ་པ་བཞི་ཆར་གྱིས་བསྡུས་པ་ཡིན་ནོ།། དཔྱོད་པ་ནི་ཡིད་ལ་བྱེད་པ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཁོ་ན་ཡིན་ནོ།། ཅིའི་ཕྱིར་བསོམ་གཏན
་རྣམས་ཀྱི་བསམ་གཏན་པའི་ཡུལ་བསམ་གྱིས་མི་ཁྱབ་ཅེས་བྱ་ཞེ་ན། བསམ་གཏན་པ་རྣམས་ཀྱིས་གང་དང་གང་ཇི་ལྟར་མངོན་པར་འདུ་བྱེད་པ་དེ་དང་དེ་དེ་བཞིན་དུ་འགྱུར་གྱི། གཞན་དུ་མ་ཡིན་པ་དེ་ལྟར་སེམས་དེ་ཡོངས་སུ
་སྦྱོར་བ་བྱས་པས། དེའི་མཐུ་དེ་འདྲ་སྟེ། དེ་ནི་ཆོས་ཉིད་ཡིན་པས་དེའི་ཕྱིར་དེ་ནི་རྟོག་པའི་ལམ་གྱིས་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ།། གཉི་ག་ཡང་དབང་ཐོབ་པའི་བསམ་གཏན་པ་གཉིས་ཀྱིས་དངོས་པོ་བསྒྱུར་བའི
་རྫུ་འཕྲུལ་གྱིས་དངོས་པོ་གཅོག་ལོ་མོས་པ་བྱས་མ་ཐག་ཏུ། གཉི་གའི་རྫུ་འཕྲུལ་ཐོགས་པར་འགྱུར་ལ། རྫུ་འཕྲུལ་ཆེས་ཆེ་བ་གཞན་ཞིག་གིས་ཟིལ་གྱིས་མཽནན་པ་ཡང་མ་ཡིན་པ་ལས་དེའི་འོག་ཏུ་དངོས་པོ་དེ་ཉིད་ལ་གཅིག་གི་རྫུ་འཕྲུལ་ནི་ཇི་ལྟར
་འདོང་པོ་བཞིན་དུ་བསྒྱུར་བ་ལ་ཐོགས་པ་མེད་པར་འཇུག་ལེ། ཅིག་ཤོས་ཀྱི་ནོ་ཐོགས་པར་འགྱུར་བ་དེ་ལ་རྒྱུ་ཙ་ཡོད་པར་རིག་པར་བྱ་ཞེ་ན། གཉི་གྲ་ཡང་མྱུར་བར་འདྲ་བ་དང་། སྟོབས་འདྲ་བ་དང་། མཐུ་འདྲ་བ་དང་། རྫུ་འཕྲུལ་མངོན་པ་འདུ་བྱ་བ
་དུས་གཅིག་ཏུ་བསྐྱེད་པར་འདུ་མོད་ཀྱི། མི་འདྲ་བ་མངོན་པར་འདུ་བྱེད་པ་ཡིན་ཏེ། རྫུ་འཕྲུ་ལ་མི་འདྲ་བ་མངོན་པར་འདུ་བྱེད་པོ་དེས་ན་དེ་གཉིས་ཀྱིས་རྫུ་འཕྲུལ་གཅིག་ལ་གཅིག་ཐོགས་པར་གྱུར་ཏོ།། དེ་ནས་གཅིག་འདི་སྙམ་དུ་སེམས་ཏོ།།
་ཅིའི་ཕྱིར་བདག་གི་རྫུ་འཕྲུལ་ཐོགས་པར་གྱུར། ཆ་ལ་བདག་ཏིང་ངེ་འཛིན་ལས་ཡོངས་སུ་ཉམས་པ་འམ། གཅིག་ཏུ་མ་གྱུར་གྲང་སྙམ་དུ་སེམས་ཤིང་། དེ་ལྟར་བསམ་གཏན་པ་གཅིག་གཞན་ཡང་ལ་བྱེད་ཅིང་འདུག་གི། ཅིག་ཤོས་གྱིས་ནི
་ཡིད་བྲེལ་པ་མེད་པར་ཡི་དང་ཡང་དུ་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ཉིད་བྱས་པས་ན། དེའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ནི་ཐོགས་པ་མེད་པར་འཇུག་གོ། མཐུ་མི་མཉམ་པ་གཉིས་ཀྱི་ནི་གང་ཁྱད་པར་འཕགས་པ་དེའི
་འགྲུབ་པར་འགྱུར་རོ།། མཐུ་མཉམ་པ་གཉིས་ཀྱི་ཡང་གང་གིས་སྔར་མོས་པ་བྱས་པ་དེའི་འགྲུབ་པར་འགྱུར་གྱི། ཅིག་ཤོས་ཀྱིས་ནི་མ་ཡིན་ནོ།། བསམ་གཏན་པ་ནི་བཞི་པོ་འདི་དག་ཡིན་ཏེ། ཉེར་བ་སྡོགས་ཀྱི་བསམ་གཏན་པ་དང་། ཉོན་མོངས་པ
་ཅན་གྱི་ཏིང་ངེ་འཛིན་གྱི་བ་སེམ་གཏན་པ་དང་། དག་པ་འཇིག་རྟེན་པའི་བསམ་གཏན་གྱི་བསམ་གཏན་པཱ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་བསམ་གཏན་པའོ།། དེ་ལ་དང་པོ་ནི་ཡིད་ལ་བྱེད་པ་དྲུག་པོ་མཚན་ཉིད་དུ་སོ་སོར་རིག་པ་ལ
་སོགས་པ་ནས། སྦྱར་བ་མཐར་ཐུག་པའི་བར་དག་ལ་ཞུགས་པ་ཡིན་པར་བལྟ་བར་བྱའོ།། གཉིས་པ་ནི་སྲེད་པའི་ཤས་ཚོ་བའི་བས་མ་གཏན་པ་ནས། ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པའི་བར་དག་ཡིན་པར་བལྟ་བར་བྱའོ།། གསུམ་པ་ནི
་འཇིག་རྟེན་པའི་བསོམ་གཏན་ལ་དེ་ལས་གཞན་པའི་དགེ་བའི་འདི་ལྟ་སྟེ། ཚེ་འདི་ལ་བྱེད་པར་གནས་པ་དང་། ཚད་མེད་པ་ཡིད་ལ་བྱེད་པ་དང་། འཇིག་རྟེན་པའི་ཡོན་ཏན་མངོན་པར་བསྒྲུབ་པ་དང་། མངོན་པར་བསླབ་པ་དྲུག་གི་སོ་རྣམ་པར་རྩ་བ་དང
་ངེས་པར་འབྱེད་པའི་ཆ་དང་མཐུན་པས་ཡོངས་སུ་ཟིན་པའི་ཚེ་ན་ཡིན་པར་བལྟ་བར་བྱའོ།། བསམ་གཏན་བཞི་པ་ནི་རྣམ་པར་ཐར་པོའི་སྒོ་སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་མཚན་མི་མེད་པས་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱའོ།། འདུ་ཤེས
་མེད་པའི་སྙོམས་པར་འཇུག་པ་ནི་གཅིག་ཏུ་ཟག་པ་དང་བཅས་པར་བརྗོད་པར་བྱའོ།། འགོག་པའི་སྙོམས་པར་འཇུག་པ་ནི་ཟག་པ་མེད་པར་བརྗོད་པར་བྱ་སྟེ། ཉོན་མོངས་པ་དང་བྲལ་བའི་ཕྱིར་དང་། མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་དང་།།
་དམིགས་པ་མེད་པའི་ཕྱིར་དང་། ཉོན་མོངས་པ་རྣམས་ཀྱིས་མ་བསྐྱེད་པའི་ཕྱིར་རོ།། འཇིག་རྟེན་ལས་འདས་པ་ནི་ས་མཐོན་པོར་ཆུང་བའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་སྤྱད་པ
་མ་ཡིན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་མངོན་དུ་བྱེད་ཀྱང་། ཐབས་ལ་མཁས་པས་བྱེད་ཀྱི། ཉོན་མོངས་པ་སྤོང་བར་ནི་མི་བྱེད་དོ།། སློབ་པ་ཡང་མ་ཡིན་མི་སློབ་པོ་ཡང་མ་ཡིན་པར་བརྗོད་པར
་བྱ་བ་ནི་རྒྱུ་བ་མེད་པ་དང་། མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་རོ།། །། བམ་པོ་བཅུ་དགུ་པ།། ལུས་སུ་གཏོགས་པའི་དྲན་པའི་མདོ་རྣམ་པར་བཤད་པ་ལས། དགེ་སློང་སེམས་རྣམ་པར་དག་པར་བྱ་བའི་ཕྱིར་ཞུགས་པའི་ཉེ་བའི་ཉོན
་མོངས་པ་ནི་བཞི་སྟེ། ལྟུང་བ་དང་རྣམ་པར་རྟོག་པ་དང་། ལུ་སོལ་མངོན་པར་ཞེན་པ་དང་། ཡུལ་ལ་མངོན་པར་ཞེན་པའོ།། ལྟུང་བ་ནི་འགྱོད་པའི་སྒོ་ནས་ཏིང་ངེ་འཛིན་གྱི་བར་ཆད་བྱེད་།། རྣམ་པར་རྟོག་པ་ནི་སྒོ་གསུམ་ནོས་ཏོ།། རྒོད་པ་དང་རྩེ་བ་ལས
་བརྩམས་ནས་ཡུལ་འདྲེས་པ་རྗེས་སུ་དྲན་པས་རྣམ་པར་གཡེང་བའི་སྒོ་དང་། ཉེས་པར་མཐོང་བ་དང་། ཉེས་པར་ཐོས་པ་དང་། ཉེས་པར་སྨྲས་པ་དང་། ཉེས་པར་སྤྱད་པའི་ཐོས་པ་དང་། སེམས་པ་ཙམ་ལ་མངོན་པར་དགའ་བས་རྣམ་པར་གཡེང་བའི
་སྒོ་དང་། སྔོན་གོམས་པའི་སྟོབས་བསྐྱེད་པའི་རྣམ་པར་གཡེང་བའི་སྒོ་ནས་སོ།། ལུས་ལ་མངོན་པར་ཞེན་པ་ནི་འཁོར་བས་མི་སྐྱོ་བའི་སྒོ་ནས་སོ།། ཡུལ་ལ་མངོན་པར་ཞེན་པ་ནི་ཡུལ་ལ་འོངས་པ་ལ་མངོན་པར་དགའ་བའི་སྒོ་ནས་སོ།། དེ་ལ
་ཉེ་བའི་ཉོན་མོངས་པ་དང་པོའི་གཉེན་པོར་ནི་ཡིད་ལ་བྱེད་པ་གཅིག་བསྒོམ་པར་བྱ་སྟེ། ཤེས་བཞིན་ཡིད་ལ་བྱེད་པའོ།། གཉིས་པའི་གཉེན་པོར་ནི་ཡིད་ལ་བྱེད་པ་གསུམ་བསྒོམ་པར་བྱ་སྟེ། དེ་དང་རྗེས་སུ་མཐུན་པའི་དམིགས་པ་ཡིད་ལ་བྱེད་པ་དང་།། ར
་མཚན་མ་རྟོགས་པས་དེའི་གཉེན་པའི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་དང་། དེའི་གནས་དང་སེམས་གདུང་པོ་ཡིད་ལ་བྱེད་པའོ།། གསུམ་པའི་གཉེན་པོར་ནི་རིལ་པོ་རབ་ཏུ་དབྱེ་བ་ཡིད་ལ་བྱེད་པའོ།། བཞི་པོའི་གཉེན་པོར་ནི་སྡུག་པ་ཡིད་ལ་བྱེད་པའོ།།
་ཡིད་ལ་བྱེད་པ་དང་པོ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན་བརྗེད་ངས་པ་སྤོང་བར་འགྱུར་རོ།། གཉིས་པས་ནི་ལུས་དང་ཡལ་ལ་མངོན་པར་ཞེན་པ་སད་པར་བྱེད་པ་སྤོང་པོར་འགྱུར་རོ།། གསུམ་པས་ནི་ཉེས་པར་མཐོང་བ་ལ་སོགས་པ་ནི
་རྣམ་པར་གཡེང་བ་སྤོང་བར་འགྱུར་རོ།། བཞི་པས་ནི་སྔོན་གོམས་པའི་སྟོབས་བསྐྱེད་པའི་རྣམ་པར་གཡེང་བ་སྤོང་བར་འགྱུར་རོ།། ལྔ་པས་ནི་ལུས་ལ་སྡུག་པ་དང་སེམས་ཅན་དུ་འདུ་ཤེས་པ་སྤང་བར་འགྱུར་རོ།། དྲུག་པས་ནི་འདོད་ཆགས་རྣམ་པ་བཞི་པ
་ཁ་དོག་དང་རེག་པ་དང་། དབྱིབས་དང་། ཉེ་བར་སྤྱོད་པའི་འདོད་ཆགས་རྣམས་སོང་བར་འགྱུར་ཏེ། དེ་ལྟར་ཡིད་ལ་བྱེད་པ་བསྒོམ་པ་དེ་དག་ཡས་བརྟེན་ནོ། ཉེ་བའི་ཉོན་མོངས་པ་དེ་དགེ་སྦྱོང་བར་འགྱུར་ཞིང་། ཉེར་བསྡོགས་དང་། དངོས་གཞི་དང་བཅས
་པའི་ཏིང་ངེ་འཛིན་ཐོབ་པ་དང་། དགའ་བ་དང་བཅེས་པ་དང་། དགའ་བ་མེད་ཅིང་བདེ་བ་ལ་མངོན་པར་དགའ་བ་ཡོངས་སུ་དག་པ་ཐོབ་པ་ལས་སེམས་ཏིང་ངེ་འཛིན་དུ་ཡང་འགྱུར་རོ།། དེ་ལྟར་ན་སེམས་མཉམ་པར་གྱུར་ན། དེའི་འོག་ཏུ་སེམས
་ཅན་མི་རྟག་པ་ཉིད་དང་། འདུ་བྱེད་མི་རྟག་པ་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་རོ།། ཇི་ལྟར་ན་སེམས་ཅན་མི་རྟག་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། ལྷའི་མིག་རྣམ
་ར་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་རྣམས་མཐོང་ངོ་།། ཞེས་རྒྱ་ཆེར་ཇི་སྐད་གསུངས་པ་ཇི་ལྟ་བུའོ།། ཇི་ལྟར་ན་འདུ་བྱེད་མི་རྟག་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། མ་འོངས་པ་དང་འདས་པ་དང་ད་ལྟར
་བྱུང་བ་ཡིད་ལ་བྱེད་པའི་རྗེས་སུ་ཞུགས་པ་རྣམས་རྟེན་ཅིང་འབྲེལ་བར་བྱུང་བ་ཤེས་པ་ལས་སོ།། ལུས་སུ་གཏོགས་པའི་དྲན་པ་དེ་ནི་གནས་གསུམ་པོ།། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པའི་ཡོངས་སུ་སྤྱད་པའི་ས་དང་།
་ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་དག་ལ་ཡོད་དེ། ཀུན་ཏུ་སྦྱོར་བ་ལྷག་མ་རྣམས་སྤངས་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ཀྱི་གནས་སུ
་གྱུར་པ་ཡིན་ནོ།། རྒྱུ་གསུམ་གྱིས་ན་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་དང་ཐུན་མོང་མ་ཡིན་པ་སྟེ། ཡོངས་སུ་སྦྱང་པོའི་ས་ལ་ཚོགས་ཡོངས་སུ་རྫོགས་པ་དང་། ཞི་གནས་ཀྱི་སྟོང་པོ་ལ་རཾ་མྱང་བར་མི་བྱེད་པ་དང་མྱ་ངན་ལས
་འདས་པ་ལ་ངགའི་ཞིང་ཚེགས་པ་དང་ལྡན་པའི་སེམས་ལ་ཉོན་མོངས་པའི་མེ་འབྱུང་བའི་གནས་མེད་པས་སོ།། དྲན་པ་ཡོངས་སུ་བསྒོམས་པ་འདིའི་ཚོགས་ཡོངས་སུ་རྫོགས་པ་ལ་བརྟེན་ནས་འབྲས་བུ་ཡོངས་སུ་དོག་པ་བཞི་སྟེ།། གྲོང་ན
་འདུག་པ་ལ་འཇིག་རྟེན་གྱི་ཆོས་ཀྱིས་བསྐྱེད་པའི་ཉེ་བའི་ཉོན་མོངས་པ་མེད་པ་དང་། དགོན་དུ་ཕ་ན་འདུག་པ་ལ་གྲོང་གིས་བསྐྱེད་པ་ཉེ་བའི་ཉོན་མོངས་པ་མེད་པ་དང་། དགོན་པ་ན་འདུག་པ་ཉིད་ལ་གྲོང་གིས་བསྐྱེད་པའི་ཉེ་བའི་ཉོན་མོངས་པ་མེད་པ་དང་།
་དེ་གཉི་ག་ན་འདུག་པ་ལ་འཛག་ནོད་བྱེད་པ་ལ་སོགས་པའི་སྡུག་བསྔལ་དང་དུ་བླང་དགོངས་པའི་ཉེ་བའི་ཉོན་མོངས་པ་མེད་པོའོ།། ཞི་གནས་ཀྱི་རོ་མྱང་བར་མི་བྱེད་པ་ལ་བརྟེན་ནས། འབྲས་བུ་ཡོངས་སུ་དག་པ་ལྔ་སྟེ། བསམ་གྲཏན་བཞི་པོ་རྣམ་པར
་དག་པ་དང་། ཞི་བའི་རྣམ་པར་ཐར་པ་རྣམས་སོ།། མྱ་ངན་ལས་འདས་པ་ལ་དགའ་ཞིང་ཆགས་པ་དང་ལྡན་པའི་སེམས་ལ་ཉོན་མོངས་པའི་མེ་འབྱུང་བའི་གནས་མེད་པ་ལ་བརྟེན་ནས་འབྲས་སུ་ཡོངས་སུ་དག་པར་དགུ་སྟེ། དང་པོའི་འབྲས་བུ་གསུམ
་དང་། མངོན་པར་ཤེས་པ་དྲུག་གོ། ལུས་སུ་གཏོགས་པའི་དྲན་པ་དེ་ཡང་ཡོངས་སུ་དག་པ་ལྔས་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། མཉམ་པར་མ་གཞག་པའི་ས་ཡོངས་སུ་དག་པ་དང་། མཉམ་པར་གཞག་པའི་ས་ཡོངས་སུ་དག་པ་དང་།
་བསྡུས་པའི་ས་ཡོངས་སུ་དག་པ་དང་། ཐུན་མོང་མ་ཡིན་པ་ཡོངས་སུ་དག་པ་དང་། ཐུན་མོང་མ་ཡིན་པའི་འབྲས་བུ་ཡོངས་སུ་དག་པས་སོ།། ལུས་གྱུར་པ་དང་ལྡན་པ་དང་། དེར་གཏོགས་པ་ཡིན་པའི་ཕྱིར་ལུས་སུ་གཏོགས་པའི་དྲན་པ་ཞེས་བྱའོ
་ཞེས་གསུངས་ཏེ། གསུས་པོ་ཆེ་ཆེན་པོའི་མདོ་རྣམ་པར་བཤད་པ་ཡིན་ནོ།། །། རྣམ་པར་གྲོལ་བ་ནི་གཉིས་ཏེ། ཤེས་རབ་རྣམ་པར་གྲོལ་བ་དང་། སེམས་རྣམ་པར་གྲོལ་བའོ།། དེ་ལ་ཤེས་རབོ་རྣམ་པར་གྲོལ་བ་ལས་བརྩམས་ནས་འཇིག
་རྟེན་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ནི། འདི་ལྟ་སྟེ། ཉེས་པར་སྤྱོད་པ་དང་། ལེགས་པར་སྤྱོད་པ་གཞི་དང་བཅས་པ་རྣམ་པར་གཞག་པ་ལས་རིག་པར་བྱའོ།། ངོ་བོ་ཉིད་ནི་འདི་ལྟ་སྟེ། ཉེས་པར་སྤྱོད་པ་དང་། ལེགས་པར་སྤྱོད་པ
་གཞི་དང་བཅས་པ་དེ་ཉིད་ཀྱི་དགེ་བ་དང་མི་དགེ་བ་ཉིད་ལ་སོགས་པའི་རབ་ཏུ་དབྱེ་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལས་རིག་པར་བྱའོ།། སེམས་རྣམ་པོར་གྲོལ་བ་ལས་བརྩམས་ནས་སེམས་ཀྱི་ཀུན་ནས་ཉོན་མོངས་པོ་དང
་མ་པར་བྱང་བའི་གནས་ཉིད་ནི། འདི་ལྟ་སྟེ་གཟུགས་ལ་སོགས་པ་ཡུལ་འཛིན་པ་དང་རྣམ་པར་རིག་པ་ལས་རིག་པར་བྱའོ།། འཇིག་རྟེན་པའི་ཤོས་རབ་དང་། སེམས་རྣམ་པར་གྲོལ་བ་དེ་ཉིད་ཀྱི་འབྲས་བུ་ནི་འདི་ལྟ་སྟེ། དེ་དང་མཚུངས་པར
་ལྡན་ཞིང་འདྲེས་པས་ཀུན་ནས་ཉོན་མོངས་པའི་རིགས་དམན་པ་ལས་རྣམ་པར་སློང་བ་ལས་རིག་པར་བྱའོ།། ཤེས་རབ་རྣམ་པར་གྲོལ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ནི། འདི་ལྟ་སྟེ་འཇིག་རྟེན
་པོའི་ཤེས་རབ་དང་། སེམས་རྣམ་པར་གྲོལ་བ་དེ་ཉིད་ལ་སོགས་པ་ཤེས་བྱ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལས་རིག་པར་བྱའོ།། འཇིག་རྟེན་ལས་འདས་པའི་ཤེས་རབ་དང་རྣམ་པར་གྲོལ་བ་དེ་ཉིད་ཀྱི་འབྲས་བུ་ནི།
་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པའི་རིགས་ཐམས་ཅད་ལས་རྣམ་པར་སློང་བ་ལས་རིག་པར་བྱའོ།། དེ་ལ་འཇིག་རྟེན་པའི་ཤེས་རབ་གང་ཡིན་པ་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་གང་ཡིན་པ་གཅིག་ཏུ་བསྡུས་པ་ནི་ཡང
་དག་པའི་ལྟ་བ་ཞེས་བྱའོ།། ཡང་དག་པའི་ལྟ་བ་དེའི་རྒྱུ་ནི་འདི་ལྟ་སྟེ་སངས་རྒྱས་འབྱུང་བ་ཡོད་པ་དང་། དམ་པའི་ཆོས་ཉན་པ་དང་། དེ་ཕྱིན་ཅི་མ་ལོག་པར་ཡིད་ལ་བྱེད་པ་ཡིན་པར་རིག་པར་བྱའོ།། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ
་དེའི་འབྲས་བུའི་མཚན་ཉིད་ནི་འདི་ལྟ་སྟེ་སྔ་ཕྱིར་རྟག་པ་དང་། མི་མཐུན་པ་མེད་པ་ལས་རིག་པར་བྱའོ།། ཆོས་གང་དག་མི་མཐུན་པའི་ཕྱོགས་ཡོད་ཅིང་བྱུང་ན་མི་འབྱུང་ཞིང་འགག་པར་འགྱུར་བ་དང་། མི་མཐུན་པའི་ཕྱོགས་མེད་ཅིང་འགགས
་ནས་འབྱུང་བ་དེ་དག་ནི་མི་མཐུན་པ་དང་བཅྡོཾས་པ་ཞེས་བྱའོ།། ཆོས་གང་དག་མི་མཐུན་པའི་ཕྱོགས་ཡོད་ཀྱང་རུང་མེད་ཀྱང་རུང་། སྐྱོས་ཀྱང་རུང་མ་སྐྱེས་ཀྱང་རུང་སྟེ། དུས་རྟག་ཏུ་ཡོད་པ་དེ་དག་ནི་མི་མཐུན་པ་མེད་པ་ཡིན་པར་རིག་པར་བྱའོ།། །
་དེའི་འབྲས་བུ་སེམས་རྣམ་པར་གྲོལ་བ་དེའི་དབང་དུ་བྱོས་ན་ས་སྤྱོད་ཡུལ་དང་བཅས་པ་དང་། དེའི་གནས་རྣམ་པར་དག་པ་ནི་འདི་ལྟོ་སྟེ་སེམས་རྣམ་པར་དག་པའི་དབང་གིས་དབང་པོ་གཟུགས་ཅནྡ་རྣམས་ཀྱི་སྤྱོད་ཡུལ་ལ་ཀུན་ནས་ཉོན་མོང
་པ་མི་འབྱུང་བ་དང་། དབང་པོ་རྣམས་ཀྱང་རྣམ་པར་དོག་པ་དེའི་རྗེས་སུ་འཇུག་པ་ལས་རིག་པར་བྱའོ།། སེམས་རྣམ་པར་གྲོལ་བ་དེ་རྗེའི་གནས་བི་ནཱི་འདི་ལྟ་སྟེ། ཚེ་དང་དྲོད་གཅིག་ལ་གཅིག་བརྟེན་ཅིང་གནས་པའི་རྒྱུན་འབྲེལ་པ་ལས
་རིག་པར་བྱའོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་གྲོལ་པ་རྣམ་པར་གཉི་གའི་འབྲས་བུའི་ཁྱད་པར་ནི་འདི་ལྟ་སྟེ། ཚོར་བ་བཞི་དང་བཅས་པ་དག་པ་ལ་ཀུན་ཏུ་རྨོངས་ཤིང་སྲེད་པ་དང་བཅས་པའི་ཕྱི་མ་ལ་ཡང་འབྱུང་བ
་མངོན་པར་འགྲུབ་པ་དང་། ཀུན་ཏུ་མཱ་རྨོངས་ཤིང་སྲེད་པ་མེད་པའི་ཕྱི་མ་ལ་ཡང་འབྱུང་བ་མངོན་པར་མི་འགྲུབ་པ་ལས་རིག་པར་བྱའོ།། དེ་དང་འདྲེས་ཤིང་མཚུངས་པར་ལྡན་པའི་ཕྱིར། དེ་ལ་བརྟེན་པ་སེམས་ལས་འབྱུང
་པའི་ཆོས་རྣམ་པར་དག་པར་རིག་པ་ནི། འདྲི་ལྔ་སྟེ། དེ་ལྟར་གྱི་རྐྱེན་གྱིས་མ་གོས་པ་དེ་སོ་སོར་མྱོང་བ་ལས་རིག་པར་བྱའོ།། རྣམ་པར་གྲོལ་བ་དེ་གཉིས་ཀྱི་གནས་པའི་ཁྱད་པར་ནི་འདི་ལྟ་སྟེ། རབ་ཏུ་ཞི་བ་རྣམ་པ་དྲུག་པོ་རྣམ་པར་དག་པའི་རྣམ
་པར་ཤེས་པའི་འཆི་འཕོ་མཉམ་པས་ཡིན་གྱི། དེའི་གནས་མཉམ་པས་ནི་མ་ཡིན་ཏེ། སྙོམས་པར་འཇུག་པའི་དུས་ན་མངོན་པར་འདུ་བྱ་བ་མེད་པར་སྙོམས་པར་འཇུག་པས་རབ་ཏུ་ཞི་བ་དང་། ལྡང་བའི་དུས་ན་མངོན་པར་འདུ་བྱ་བ
་མེད་པར་ལྡང་བས་རབ་ཏུ་ཞི་བ་དང་། རིམས་ཀྱི་ལྡང་བ་དང་། སྙོམས་པར་ཞུགས་པའི་འདུ་བྱེད་པ་རྣམ་པ་གསུམ་འབྱུང་བ་རབ་ཏུ་ཞི་བ་དང་། འདི་ལྟ་སྟེ་དུས་གསུམ་པོ་དགོན་པར་ཚངས་པ་མ་ཚུངས་པར་སྤྱོད་པའི་འདུ་འཛིནན་གྱི་དང་།
་གྲོང་དུ་ཁྱིམ་པའི་འདུ་འཛིགན་གྱི་དང་། དེ་གཉི་གར་འདུ་བྱེད་ཀྱི་མཚན་མ་ལ་སྤྱོད་པའི་ཡུན་རིང་པོས་ལྡང་པོའི་སེམས་རབ་ཏུ་ཞི་བ་དང་། འདི་ལྟ་སྟེ་དུས་གསུམ་པོ་ཁོ་ནཱི་གཟུགས་ཅན་འཇིག་རྟེན་པོའི་སྙོམས་པོར་འཇུག
་མཆོག་ལོས་ལྡང་བ་དང་། གཟུགས་ཅན་མ་ཡིན་པ་འཇིག་རྟེན་པའི་སྙོམས་པར་འཇུག་པོ་མཆོག་ལས་ལྡང་བ་དང་། འཛག་རྟེན་ལས་འདས་པ་སེམས་དང་བཅས་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་ཕྱིར་དང་། དུས
་བྱས་ལྡང་བའི་སེམས་རབ་ཏུ་ཤི་བས་སོ།། སྙོམས་པར་འཇུག་པ་དེ་དག་ཀྱང་འགོག་པའི་སྙོམས་པར་འཇུག་པ་ལས་ལྡངས་པ་ཁོ་ན་ལས་འཐོབ་པ་ནི་མ་ཡིན་གྱི། འོན་ཀྱང་སྔོན་ཐོབ་པ་རྣམས་མངོན་དུ་བྱེད་དོ།། གཉིས་ནི་མཐར
་གྱིས་སྙོམས་པར་འཇུག་པ་དང་། དེའི་གོང་ནས་གོང་དུ་སྙོམས་པར་འཇུག་པ་རྣམ་པར་དག་པ་ལས་ཐོབ་པ་ཡིན་ནོ།། གཅིག་ནི་མཐར་གྱིས་སྙོམས་པར་འཇུག་པ་ལས་མ་ཡིན་མོད་ཀྱི། འོན་ཀྱང་མཚན་མ་མེང་པོའི་དྲ་བྱིངས་རབ་ཏུ་རྟོགས
་པ་དང་། དེའི་གོང་ནས་གོང་དུ་སྙོམས་པར་འཇུག་པ་རྣམ་པར་དག་པ་ལས་སོ།། མཚན་མ་དད་བཅས་པའི་སྙོམས་པར་འཇུག་པའི་སྙོམས་པར་འཇུག་པ་དང་། གནས་པ་དང་ལྡང་བ་ནི་མཚན་མ་དང་བཅས་པའི་ཡིད་ལ་བྱེད་པས་སོ།།
་མཚན་མ་མེད་པའི་སྙོམས་པར་འཇུག་པའི་སྙེམྦྷས་པ་འཇུག་པ་དང་། གནས་པ་ནི་མཚན་མ་མེད་པས་སོ།། ལྗང་བུ་ནི་མཚན་མ་དང་བཅས་པས་རིག་པར་བྱའོ།། ཆོས་ཀྱི་གཞིའི་མདོ་རྣམ་པར་བཤད་པ་ཡིན་ནོ།། ། ཆོས
་མངོན་པ་དང་འདུལ་བ་མངོན་པ་ལ་མཁས་པའི་དགེ་སློང་ངམི། དགེ་བསྙེན་ཀུན་ཤེས་པ་ལས་བརྩམས་ཏེ། དཱི་བེ་དྲི་བར་འདོད་པས་ནི་རྣམ་པ་བརྒྱད་ཀྱིས་དྲི་བོར་བྱ་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཀུན་ཤེས་པའི་གཞི་དང་།
་ཀུན་ཤེས་པའི་མི་མཐུན་པའི་ཕྱོགས་དང་། ཀུན་ཤེས་པའི་འབྲས་བུ་དང་ཀུན་ཤེས་པའི་ངོ་བོ་ཉིད་དང་། ཀུན་ཤེས་པའི་འབྲས་བུའི་ཁྱད་པར་དང་། ཀུན་ཤེས་པའི་གནས་དང་། ཀུན་ཤེས་པའི་ཕན་ཡོན་དང་། ཀུན་ཤེས་པའི་ཡང་དག
་པར་འགྲུབ་བྱས་སོ།། དེ་ལ་ཀུན་ཤེས་པའི་གཞི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་སྟེ། ཉེ་བར་བརྟགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་ཀུན་ཤེས་པའི་མི་མཐུན་པའི་ཕྱོགས་ནི་སྲེད་པའི་ཀུན་ནས་ཉོན་མོངས་པ་དང་།
་ལྟ་བའི་ཀུན་ནས་ཉོན་མོངས་པའོ།། དེ་ལ་སྲེད་པའི་ཀུན་ནས་ཉོན་མོངས་པས་ནི་ཡང་འབྱུང་བ་འགོག་པ་ལ། མངོན་པར་དགའ་བོར་མི་བྱེད་དོ།། ལྟ་བའི་ཀུན་ནས་ཉོན་མོངས་པས་ནི་མངོན་པར་དཀའ་ཡང་རྟོགས་པར་མི་བྱེད་དོ།། དེ་ལ་ཀུན
་ཤེས་པའི་འབྲས་བུ་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས་པོ་གང་ཡིན་པ་དེ་ཉིད་སྤངས་པའོ།། དེ་ལ་ཀུན་ཤེས་པའི་ངོ་བོ་ཉིད་ནི་འཕགས་པའི་ལམ་བརྒྱད་པ་སྟེ། དེ་ཡང་འདི་ལས་ཕྱི་རོལ་པའི་ལྟ་བ་ངན་པ་སྣ་ཚོགས་ཀྱི་གཉེན་པོ་ཡིན།། །
་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ཡང་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོས་ཕུང་པོ་གསུམ་དུ་རྣམ་པར་གཞག་པ་ཡིན་ཏེ། ཉེས་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་དང་། འདོད་པའི་ཀུན་ནས་ཉོན
་མོངས་པའི་གཉེན་པོ་དང་། ལྟ་བའི་ཀུན་ནས་ཉོན་མོངས་པའི་གཉེན་པོས་སོ།། དེ་ཡང་འཇིག་རྟེན་ལྔས་འདས་པ་ཡིན་དུ་ཟིན་ཀྱང་འདུས་བྱས་ཡིན་ནོ།། དེ་ལྟ་ཀུན་ཟློས་པའི་འབྲས་བུའི་ཁྱད་པར་ནི་སྤངས་པ་སྟེ། དེ་ནི་འཇིག་རྟེན་ལས་འདས་པ
་དང་འདུས་མ་བྱས་པ་ཡིན་ནོ།། དེ་ལ་ཀུན་ཤེས་པའི་གནས་ནི་ཏིང་ངེ་འཛིན་དེ་ཡང་རྣམ་པ་བཞིས་རིག་པར་བྱ་སྟེ། རིགས་ལས་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་གང་ཅི་ཡང་རུང་སྟེ། དེ་ཐ་མས་ཅད་ནི་བསམ་གཏན་གྱི་རིགས་ཡིན་ནོ།། དེ་ལས
་གཞན་པའི་བསམ་གཏན་གྱི་ཡན་ལག་བསྟན་པ་ལས་ནཱི། དེ་ལས་གཞན་པའི་བསམ་གཏན་གྱི་ཡན་ལག་བསྐྲུན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། མཚན་ཉིད་དང་། སྐྱེ་བའི་དམིགས་པའི་མཚན་མ་དང་། འགྲུབ་པའི་རྒྱུའི་མཚན་མ་ལས།
་ཀྱང་ཁོང་དུ་ཆུད་པར་བྱའོ།། དེ་ལ་ཀུན་ཤེས་པའི་ཕན་ཡོན་ནི་འགོག་པའི་སྙོམས་པར་འཇུག་པ་གནས་པ་མཆོག་སྟེ། ཀུན་ཤེས་པའི་ཕན་ཡོན་ཞེས་བྱའོ།། དེ་ཡང་རྣམ་པ་ལྟར་རིག་པར་བྱ་སྟེ། འགོག་པའི་གཞི་དང་། ཞི་བ་དང་། ཚུལ
་དང་མཐུན་པོ་དང་ཚུལ་དང་མི་མཐུན་པའི་གཟུགས་བརྟན་དང་། སྙོམས་པར་འཇུག་པའི་རྒྱུ་དང་། ལྡང་བའི་རྒྱུ་དང་ལྡང་བའི་ཕན་ཡོན་ལས་ཀྱང་རིག་པར་བྱའོ།། དེ་ལ་ཀུན་ཤེས་པ་ཡང་དག་པར་འགྲུབ་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ
་དག་ཉིད་ལ་ཚོར་བ་རྣམ་པ་བརྒྱད་བརྟགས་པ་གྲང་ཡིན་སྟེ། ངོ་བོ་ཉིད་བརྟགས་པ་དང་། ཚེ་འདི་ལ་འཇུག་པའི་རྒྱུ་བ་རྟ་གླེས་པ་དང་། ཚེ་འདི་ལ་འཇུག་པ་འགག་པའི་རྒྱུ་བརྟགས་པ་དང་། ཚེ་ཕྱི་མ་ལ་འཇུག་པའི་རྒྱུ་བརྟགས་པ་དང་། ཚེ་ཕྱི་མི་ལ
་འཇུག་པ་འགག་པའི་རྒྱུ་བརྟགས་པ་དང་། དེ་གཉི་ག་ལ་འཇུག་པ་དང་། འགག་པའི་རྒྱུ་བརྟགས་པ་དང་། འཇུག་པའི་རྒྱུའི་རྒྱུ་བརྟགས་པ་དང་། ལྡོག་པའི་རྒྱུའི་རྒྱུ་བརྟག་པའོ།། དེ་ལ་བསམ་གཏན་གྱི་དངོས་གཞི་ག་ཙོ་བོ་ལ་ནི་བདེ་བ་དང་ལྗོན་པ་ཡང
་གཉེན་པོ་ཡིན་ནོ།། ཉེར་བསྡོགས་ཐོབ་པའི་མངོན་པར་འབྱུང་བ་ལ་འདུན་པ་དང་ལྡན་པ་སྡུག་བསྔལ་དང་ལྡན་པ་ཡང་གཉེན་པོ་ཡིན་ནོ།། བསམ་གཏན་གྱི་དངོས་གཞི་ཉིད་ལ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པ
་ཡང་གཉེན་པོ་ཡིན་ཏེ། འཇུག་པའི་རྒྱུ་དགག་པའི་ཕྱིར་ཚོར་བའི་གཞི་ཁོ་ན་ལས་ཡོངས་སུ་བསྟན་ཏོ།། དེ་ལ་ཚོར་བ་གང་ཅི་ཡང་རུང་སྟེ། དེ་ནི་འདིར་སྡུག་བསྔལ་བ་ཡིན་ནོ།། ཞེས་བྱ་བའི་དབང་དུ་བྱས་ནས། ཚོར་བ
་གསུམ་ཆར་ཡང་དོན་དམ་པར་ན་སྡུག་བསྔལ་བ་ཡིན་ནོ།། དེ་ལ་མཐུན་པ་ཞེས་བྱ་བ་ནི་གང་ཡོད་ན་གང་གདགས་པ་དེ་ནི་དེ་དང་མཐུན་པ་ཡིན་ནོ།། དེ་ལ་ཚོར་བ་ཐམས་ཅད་ཀྱང་ཕན་ཚུན་མཐུན་པ་ཡིན་ཏེ། ཐམས་ཅད་ཀྱང་སྡུག་བསྔལ་གྱིས་བསྡུས
་པ་ཡིན་པའི་ཕྱིར་རོ།། དོན་དམ་པའི་སྡུག་བསྔལ་དེ་ཡོད་ན་དེ་མི་ཤེས་པ་ཡང་ཡོད་དོ།། དེ་ཡོད་ན་དེའི་གཉེན་པོར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་ཡོད་དོ།། དེ་ཡོད་ན་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཡང་ཡོད་དེ། དེའི་ཕྱིར་ཆོས
་དེ་དང་དེ་དག་ནི་ཆོས་དེ་དང་དེ་དག་དང་མཐུན་པ་ཞེས་བྱའོ།། གཉིད་ཀྱི་མདོ་རྣམ་པར་བཤད་པ་ནི་ནང་གི་སེམས་ཀྱི་ཞི་གནས་ལ་རྗེས་སུ་བརྩོན་པའི་དགེ་སློང་གི་ཉེ་བའི་ཉོན་མོངས་པ་དེ་སྤང་བའི་གཉེན་པོ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། མུན་པའི
་མཚན་མ་ཡོངས་སུ་སྤངས་པ་དང་། ཡང་དག་པར་རབ་ཏུ་གཟུང་བར་བྱ་བ་མཆོག་ཏུ་དགའ་བའི་གནས་དང་མཐུན་པའི་ཆོས་རྣམས་ལ་ཡང་དག་པར་རབ་ཏུ་འཛིན་པར་སྦྱོར་བ་དང་། རིག་པས་ལྟ་བ་འཇོམས་པ་དང་། ལྟ་བོ་སྤྱོད་པ་དང་། ལྟ་བའི
་གནས་སྤྱོད་པའོ།། ཉེ་བའི་ཉོན་མོངས་པ་དེ་སྤངས་པ་ན། ཏིང་ངེ་འཛིན་ཉེ་བར་རྟོག་པ་ནི་ལྔ་ཁོ་ནར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རབ་ཏུ་དབེན་ཞིང་རབ་ཏུ་དབེན་པར་གནས་པ་དང་། ཏིང་ངེ་འཛིན་འགྲུབ་པའི་གཏམ་དང་། ཀུན་ནོས་ཉོན་མོངས
་པ་ཅན་མ་ཡིན་པའི་སེམས་ཀྱི་རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་རྣམས་དང་། ཚངས་པ་མཚུངས་པར་སྤྱོད་པ་ལ་མཁས་པ་རྣམས་ལས་རྗེས་སུ་མཐུན་པའི་གདམས་ངག་དང་རྗེས་སུ་བསྟན་པ་འཐོབ་པར་དཀའ་བློ་བདེ་བ་ཉིད་དང་།
་འཇིག་རྟེན་པའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་ལྀ་རོ་མྱང་བ་ཡོངས་སུ་སྤངས་ནས་ཟག་པ་མེད་པའི་རྣམ་པས་ཚུལ་བཞིན་ཡིད་ལ་བྱེད་པའོ།། །། ལྷག་པའི་སེམས་ལ་བརྩོན་པའི་དགེ་སློང་གིས་ནི་རྒྱུ་གསུམ
་གྱིས་ཉོན་མོངས་པ་ཅན་གྱི་རྣམ་པར་རྟོག་པ་ཀུན་ཏུ་འབྱུང་བ་སོ་སོར་བསིལ་བར་བྱ་སྟེ། དམིགས་པ་ཡོངས་སུ་སྤངས་པ་དང་། ངོ་བོ་ཉིད་ཡང་དག་པར་སུན་ངད་བྱུང་བ་དང་། ངོ་བོ་ཉིད་ཡོངས་སུ་སྤང་བ་ལས་སོ།། དེ་ལ་རྒྱུ་གསུམ་གྱིས
་ན་ངོ་བོ་ཉིད་ཡོངས་སུ་སྤོང་བར་འགྱུར་ཏེ། གཉེན་པོའི་སྟོབས་དང་ལྡན་པ་དབང་པོ་རྣོན་པོའི་ནི་ལན་ཅིག་གིས་སོ།། གཉེན་པོའི་སྟོབས་དང་མི་ལྡན་པ་དབང་པོ་འབྲིང་གི་ནི་ཚེ་རིམས་ལས་རིམ་གྱིས་སོ།། གཉེན་པོའི་སྟོབས་དང་མི་ལྡན
་པ་དབང་པོ་བརྟུལྔ་པོའི་ནི་རྣམ་པར་རྟོག་པའི་རྒྱུ་ཟང་ཟིང་ལས་ཤས་ཆེརེ་སྐྱོན་དུ་ཡང་དག་པར་ལྟ་བ་ལས་སོ།། གང་ཟག་གསུམ་གྱི་ཏིང་ངེ་འཛིན་ནི་གསུམ་དུ་རིག་པར་བྱ་སྟེ། ལྷག་པའི་སེམས་ལ་བརྩོན་པའི་ཏིང་ངེ་འཛིན་ནི་སེམས
་ཅན་རྣམ་པ་པོ་ཞི་པོ་གནོད་པ་བྱེད་པ་རྣམས་དང་། སྡིག་པ་བྱེད་པ་རྣམས་དང་། དགེ་བ་བྱེད་པ་རྣམས་དང་། ཕན་པ་བྱེད་པའི་སེམས་ཅན་རྣམས་ལ་དམིགས་པ་ཡིན་ནོ།། མཐར་ཐུག་པར་འགྲོ་བ་ལ་བརྩོན་པའི་ཏིང་ངེ་འཛིན་ནི
་ཆོས་ལ་དམིགས་པ་ཡིན་ནོ།། མངོན་པར་རྟོག་པ་ལ་བརྩོན་པའི་ཏིང་ངེ་འཛིན་ནི་ཆོས་ལ་དམིགས་པ་ཁོ་ན་ཡིན་ནོ།། ཆེན་པོ་རྣམ་པ་གསུམ་གྱིས་ན་ཏིང་ངེ་འཛིན་ཆེན་པོས་མྱུར་བ་མྱུར་བ་ཁོ་ནར་དེ་བཞིན་ཉིད
་རྟོག་ས་པར་འགྱུར་ཞིང་། རྟོགས་ནས་ཀྱང་ཟག་པ་ཟད་པར་འགྱུར་ཏེ། དམིགས་པ་ཆེན་པོ་དང་། མངོན་པར་བརྩོན་པ་ཆེན་པོ་དང་། ཐབས་ཀྱིས་ཡོངས་སུ་ཟིན་པའི་ཡིད་ལ་བྱེད་པ་ཆེན་པོས་སོ།། དབེན་པ་གཉིས་ནི་མྱུར་བ
་མྱུར་བ་ཁོ་ནར་དེ་བཞིན་ཉིད་རྟོགས་པར་འགྱུར་བ་ཡིན་ཏེ། རྒྱུ་བར་གྱུར་པ་ན་འདུ་འཇི་ལས་དབེན་པ་དང་། གནས་པར་གྱུར་པ་ན་རྣམ་པར་རྟོག་པ་ངན་པ་ལས་དབེན་པའོ།། ཏིང་ངེ་འཛིན་དང་མི་མཐུན་པའི་ཆོས་ནི་ལྔ་སྟེ། ལྟུང་བ་དང་རྟག་ཏུ
་སྦྱོར་བར་མི་བྱེད་པ་དང་། ཞུམ་པ་དང་། གཞན་ལས་ཀུན་ཏུ་གནོད་པ་འབྱུང་བའོ།། དབེན་པ་ནི་རྣམ་པ་གསུམ་སྟེ། གནས་པ་དབེན་པ་དང་། ལྟ་བ་དབེན་པ་དང་། ཉན་པ་དབེན་པའོ།། སེམས་རྣམ་པར་སྤྱོད་པ་ལ་ཞུགས་པའི་དགེ
་སློང་གི་ཏིང་ངེ་འཛིན་དང་མི་མཐུན་པ་དང་། ཏིང་ངེ་འཛིན་གྱིས་བར་དུ་གཅོད་པའི་སྙིང་ཟག་པའི་སྐྱོན་ནི་ལྔ་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ་ཁྲོ་བ་དང་། དུ་རྒྱ་ལྔ་དང་། འདོད་པའི་འདོད་ཆགས་དང་། འཇིག་ཚོགས་ལ་ལྟ་བ་དང་།
་མི་བཟོད་པའོ།། སྙིང་ཐག་པ་ནས་ཏིང་ངེ་འཛིན་གྱི་མཚན་མ་ནི་ལྔ་པོ་འདི་དག་ཡིན་ཏེ། དེ་དག་ནི་དེ་དག་གི་གཉེན་པོར་གནས་པ་ཡིན་པས་ན། དེའི་ཕྱིར་སྙིང་ཐག་པའི་སྐྱོན་རྣམས་ཤེས་བྱའོ།། མཚན་མ་ལྔ་གང་ཞེ་ན། ཡོ་བྱད
་ངན་དོན་ཙམ་གྱིས་ཆོག་ཤེས་པ་དང་། དགེ་བ་གང་ཡིན་ཞེས་ཚོལ་བ་དང་། ལུས་དང་ལོངས་སྤྱོད་ལ་མི་ལྟ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་སྐྱོན་དང་ཡོན་ཏན་དུ་བལྟ་བ་དང་། སྦྱོར་བའི་གནོད་པ་བཟོད་པའོ།། དེ་ལ་ཁྲོས
་ཤིང་ཁྲོ་བའི་བསམ་པ་དང་ལྡན་པ་ནི་གལ་ཏེ་ཁྱིམ་རྣམས་སུ་རྙེད་པ་དང་། རྙེད་པར་བྱ་བ་མ་རྙེད་དམོ། ཆུང་ངུ་འམ་ངན་པ་འམ། བསྒྱངས་ཏེ་འམ། གུས་པར་མ་བྱས་པར་རྙེད་པར་གྱུར་ན། དེ་དེས་ཁྲོ་བོ་དང་། འཁྲུག་པར་འགྱུར་ཞིང་། གཞི
་དེ་ལས་གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པ་ལ་ལན་མང་དུ་རྗེས་སུ་རྟོག་པར་བྱེད། རྗེས་སུ་དཔྱོད་པར་བྱེད་དེ། དེས་ན་དེའི་ཏིང་ངེ་འཛིན་དང་པོ་ཉིད་ནས་མ་སྐྱེས་པ་ནི་སྐྱེ་བར་མི་འགྱུར་ལ། སྐྱེས་པ་ནི་ཡོངས
་སུ་ཉམས་པར་འགྱུར་རོ།། དེ་ལྟ་ང་རྒྱལ་གྱིས་མངོན་པར་ཟིན་ཅིང་ང་རྒྱལ་གྱི་བསམ་པཱ་དང་ལྡན་པ་ནི་རང་བཞིན་ཉིད་ཀྱིས་ཆོས་རྣམས་ལོ་གུས་པ་མ་སྐྱེས་པ་ཡིན་ཏེ། དེ་ནི་སློབ་དཔོན་དང་བླ་མུ་དང་སྦྱིན་གནས་རྣམས་ལ། དུས་དུས་སུ
་ལུས་འདུད་པར་མི་བྱེད། སེམས་འདུད་པར་མི་བྱེད་ཅིང་། འདི་ལྟ་སྟེ་དགེ་བ་གང་ཡིན་ཞེས་ཡོངས་སུ་བཙལ་བའི་ཕྱིར་ཡོངས་སུ་ཞུ་བར་མི་བྱེད། ཡོངས་སུ་འདྲི་བར་མི་བྱེད་དེ། དེས་ན་ཏིང་ངེ་འཛིན་བསྒྲུབ་པ་ལས་བརྩམས་པ་དོན་བརྟོགས་པར
་མི་འགྱུར་ཞིང་། གཞི་དེ་ལས་རློམ་པ་དང་ལྡན་པའི་རྣམ་པར་རྟོག་པ་ལ་ལན་མང་དུ་རྗེས་སུ་རྟོག་པར་བྱེད་རྗེས་སུ་དོ་པྱོད་པར་བྱེད་དེ། དེ་སོ་ན་དེའི་ཏིང་ངེ་འཛིན་དང་པོ་ཉིད་ནས་མ་སྐྱེས་པ་ནི་སྐྱེ་བར་མི་འགྱུར་ལ། སྐྱེས་པ་ནི་ཡོངསུ།
་ཉམས་པར་འགྱུར་རོ།། དེ་ལ་འདོད་པའི་འདོད་ཆགས་ཀྱིས་ཆགས་ཤིང་འདོད་ཆགས་ཀྱི་བསམ་པ་དང་ལྡན་པ་ནི། ལུས་དང་ལོངས་སྤྱོད་དག་ལ་ཤིན་དུ་ལྟ་བ་ཅན་ཡིན་པས། དེས་ན་དེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན
་ལྔ་པོ་དག་ལ་རྣམ་པར་གཡེང་བ་མང་བ་ཡིན་ཏེ། གཞི་དེས་འདོད་པའི་རྣམ་པར་རྟོག་པ་དང་། ཉེ་དུའི་རྣམ་པར་རྟོག་པ་དང་། ཡུལ་གྱི་རྣམ་པར་རྟོག་པ་དང་། ཁྱིམ་གྱི་འབྱོར་པ་དང་ལྡན་པའི་རྣམ་པར་རྟོག་པ་དག་ལོ་ལན་མང་དུ་རྗེས་སུ་རྟོག
་པར་བྱེད་རྗེས་སུ་དཔྱོད་པར་བྱེད་དེ། དེས་ན་དེའི་ཏིང་ངེ་འཛིན་དང་པོ་ཉིད་ནས་མ་སྐྱེས་པ་ནི་སྐྱེ་བར་མི་འགྱུར་ལ། སྐྱེས་པ་ནི་ཡོངས་སུ་ཉམས་པར་འགྱུར་རོ།། དེའི་གཉེན་པོ་མྱི་སྡུག་པ་དེ་ཡང་མི་སྡུག་པའི་མཚན་ཉིད་གསུམ་དང་ལྡན་པ་ཡིན།
་བརླ་རིག་པར་བྱ་སྟེ། མི་གཙང་བའི་མཚན་ཉིད་དང་། དེ་དང་རྒྱུ་མཐུན་པ་འཛག་པའི་མ་ཚན་ཉིད་དང་། བརྟེན་པ་དང་། རྟེན་རབ་ཏུ་དབྱེ་བའི་མཚན་ཉིད་དོ།། དེ་ལ་འཇིག་ཚོགས་ལ་ལྟ་བ་པ་ནི་འཇིག་ཚོགས་ལ་ལྟ་བས་ཟིན་པའི་རྒྱུས
་འཇིག་རྟེན་གྱི་ཆོས་དང་ཕྲད་པ་ན། འདུད་པ་དང་ཁེངས་པ་དག་གིས་གོས་པར་འགྱུར་བས་དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ།། གཞན་ཡང་དེ་ཉིད་འཇིག་རྟེན་གྱི་ཆོས་ཀྱི་རྒྱུ
་མཚན་སྲེད་པ་དང་། ཆགས་པའི་རྒྱུན་གྱིས་འདས་པ་ན། དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལོ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ།། གཞན་ཡང་དེ་ཉིད་འཇིག་རྟེན་གྱི་ཆོས་ཀྱི་རྒྱུ་མཚན་ལས་བྱུང་བའི་རྣམ་པར
་རྟོག་པ་བཟང་པོ་མ་ཡིན་ལ། རྣམ་པར་རྟོག་པས་ཀུན་ཏུ་གདུང་བ་དང་རྣམ་པར་གདུང་བར་གྱུར་པས་དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ།། གཞན་ཡང་དེ་ཉིད་འཇིག་རྟེན་གྱི
་ཆོས་ཀྱི་རྒྱུ་མཚན་ཡོངས་སུ་ཚོལ་བར་བྱེད་པ་ན་རྣམ་པར་གཡོ་སྤྱོ་བ་དང་། ཡོངས་སུ་གཡོ་བ་སྣ་ཚོགས་ཀྱིས་གནོད་པར་འགྱུར་བས། དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན
་ནོ།། གཞན་ཡང་དེ་ཉིད་འཇིག་ཚོགས་ལོ་ལྟ་བའི་རྒྱུ་འཇིག་རྟེན་གྱི་ཆོས་ཀྱི་གནས་མི་རྟག་པའི་རྒྱུ་ཉེ་བར་ལེན་པར་བྱེད་ཅིང་། ལྷག་པར་ཆགས་པར་བྱེད་དེ། གཽ་ཞི་དེས་མྱ་ངན་ལ་སོགས་པས་གནོད་པར་འགྱུར་བས་དེ་ལ
་བཏང་སྙོམས་སུ་བྱ་བྷ་ལ། དེ་ལ་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ།། གཞན་ཡང་དེ་ཉིད་སྔོ་འོག་མའི་དྲི་མ་བསལ་བའི་ཕྱིར་དགེ་བ་ལ་བརྩོན་པོ་ན་སྦྱོར་བ་དེ་ལ་མི་དགའ་བས། དེའི་མི་མཐུན་པའི
་ཕྱོགས་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བྱ་མི་མཐུན་པར་གནས་པ་ཡིན་ནོ།། ས་འོག་མ་པའི་དྲི་མ་བས་ལཱ་པཱ་ཇི་ལྟ་བ་བཞིན་དུ། ས་གོང་མ་པའི་དྲི་མ་བོསལ་བ་ཡང་དེ་བཞིན་ཏྟེ། རྒྱུ་དེས་ནི་དེ་འཁོར་བ་ལ
་ནི་སྐྱོན་དུ་བལྟའོ།། མྱ་ངན་ལས་འདས་པ་ལ་ནི་ཡོན་ཏན་དུ་བལྟའོ་སྙམ་དུ་སེམས་ཀྱང་དེ་ལས་བཟློག་པར་འགྱུར་ཏེ། དེས་ན་དེའི་ཏིང་ངེ་འཛིན་དང་པོ་ཐོབ་ཀྱང་བདེན་པ་མངོན་པར་རྟོགས་པའི་ཏིང་ངེ་འཛིན་མ་སྐྱེས་པ་མི་སྐྱེ་བར
་འགྱུར་རོ།། དེ་ལ་མི་བཟོད་པའི་རང་བཞིན་ཅན་མི་བཟོད་པའི་བསམ་པ་དང་ལྡན་པ་ནི་བདེན་པ་མངོན་པར་རྟོགས་པའི་ཏིང་ངེ་འཛིན་འཐོབ་ཀྱང་། ཤ་སྦྲང་དང་སྦྲང་བུ་མཆུ་རིངས་ལ་སོགས་པ་མི་བཟོད་པའི་ཕྱིར
་སྦྱོར་བ་སྣང་བར་བྱེད་ཅིང་། ལེ་ལོ་ཡང་བྱེད་དེ། དེས་ན་དེའི་དངོས་གྲུ་ཞི་ཞུགས་པའི་ཏིང་ངེ་འཛིན་མ་སྐྱེས་པ་ཡང་སྐྱེ་བར་མི་འགྱུར་ལ། སྐྱེས་པ་ཡང་ཡོངས་སུ་ཉམས་པར་འགྱུར་རོ།། དེ་ལ་སྐྱོན་གསུམ་ནི་ཏིང་ངེ་འཛིན་དང་པོའི་བྱར་ཆད
་བྱེད་པ་ཡིན་ནོ།། གཅིག་ནི་བདེན་པ་མངོན་པར་རྟོགས་པའི་ཏིང་ངེ་འཛིན་གྱི་བར་ཆད་བྱེད་པ་ཡིན་ནོ།། ག་ཅིག་ནི་དངོས་གཞིར་ཞུགས་པའི་ཏིང་ངེ་འཛིན་གྱི་བར་ཆད་བྱེད་པ་ཡིན་ནོ།། རྣམ་གྲངས་གཞོན་ཡང་བརྒྱད་པོ་འདི་དག་ནི་སློབ་མ་སྤྲོད་པའི
་རྒྱུ་མཚན་ཡིན་ཏེ། དེ་དྲུག་ལྔ་ཉོན་མོངས་པ་དང་བཅས་པ་ཀུན་ནས་ཉོན་མོངས་པར་འགྱུར་ཞིང་། ཀུན་ནུས་ཉོན་མོངས་པ་ཅན་དུ་གྱུར་ན་སློབ་མ་སྤོང་བར་བྱེད་དོ།། དགྲ་བཅོམ་པ་ཉོན་མོངས་པ་མེད་པ་རྟག་ཏུ་དྲན་པ་ཉེ་བར་གཞག་པ་ནི་མི་བྱེད་དོ།། །
་བརྒྱད་གང་ཞེ་ན་རང་བཞིན་གྱིས་ཞེ་འགྲངས་པའི་སེམས་དང་ལྡན་པ་དང་། སློབ་མ་ལས་བདག་ཁོ་ནའི་རིམ་གྲོ་འབའ་ཞིག་འདོད་པ་དང་། རིམ་གྲོ་འདོད་པ་ཇི་ལྟ་བ་བཞིན་དུ་སློབ་མ་ལས་རྙེད་པ་འདོད་པ་དང་། སླེབ་མ་ལྟུང་བ་དང་། ཚུལ་ཁྲིམས
་ངན་པ་ཀུན་ཏུ་སྤྱོད་པ་དང་། སློབ་མ་རྣམས་ལས་ཕན་པ་བྱེད་པ་དང་། གནོད་པ་བྱེད་པ་དགོས་པ་དང་། མི་དགོས་པ་དང་། ལྷག་པའི་ཚུལ་ཁྲིམས་ཀྱི་གདམས་ངག་ལ་གནོད་པ་མི་བཟོད་པ་དང་། ལྷག་པའི་སེམས་དང་ལྷག་པའི་ཤེས
་རབ་ཀྱི་གནས་པའི་གདམས་ངག་ལ་གནོད་པ་མི་བཟོད་པ་དང་། ཚོགས་ཡོངས་སུ་བསྡུ་བ་ལ་གནོད་པ་མི་བཟོད་པའོ།། །། སྡོམ་ནི། གྲངས་དང་མི་མཐུན་ཕྱོགས་ཡན་ལག། དེ་དག་རྒྱ་ཆེར་རྣམ་གཞག་དང་།། དབེན་དང་སྡུག
་བསྔལ་གཡོ་བ་དང་།། གོང་མའི་ཡན་ལག་ཁྱད་པར་ཡིན།། བསམ་གཏན་བཞི་ཞེས་གླིང་གསུངས་པ་ལ། ཅིའི་ཕྱིར་བསམ་གཏན་བཞི་ཁོ་ནར་ཟད་དེ། ཆེས་མང་པོ་ཡང་མ་ཡིན་ལ་ཆེས་ཉུང་བ་ཡང་མ་ཡིན་ཞེ་ན། སྨྲས་པ། བདེ་བ་དང་སྡུག
་བསྔལ་ལས་ཤིན་ཏུ་འདས་ཤིང་ཡོངས་སུ་རྫོགས་པའི་ཕྱིར་ཏེ། འདི་ལྟར་མཐར་གྱིས་བསམ་གཏན་བཞི་པོའི་བར་དུ་བདེ་བ་དང་། སྡུག་བསྔལ་ལས་ཤིན་ཏུ་འདས་པ་ཡིན་པའི་ཕྱིར་རོ།། བསམ་གཏན་དང་པོའི་མི་མཐུན་པའི་ཕྱོགས
་གང་ཞེ་ན། སྨྲས་པ། དེ་ནི་རྣམ་པ་ལྔར་རླིག་པར་བྱ་སྟེ། འདོད་པའི་འདོད་ཆགས་དང་། འདོད་པའི་གནོད་སེམས་དང་རྣམ་པར་འཚེ་བ་དང་། རྣམ་པར་རྟོག་པ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཆལ་བའི་ཚུལ་ཁྲིམས་དང་།
་རྣམ་པར་གཡེང་བའོ།། བསམ་གཏན་གཉིས་པའོ་མི་མཐུན་པའི་ཕྱོགས་གང་ཞེ་ན། སྨྲས་པ། དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། བསམ་གཏན་དང་པོའི་འདོད་ཆགས་དང་། རྟོག་པ་དང་དཔྱོད་པ་དང་། སྡུག་བསྔལ་དང་། རྒོད་པ་དང་།
་ཏིང་ངེ་འཛིན་མ་རྫོགས་པའོ།། བསམ་གཏན་གསུམ་པའི་མི་མཐུན་པའི་ཕྱོགས་གང་ཞེ་ན། སྨྲས་པ། དེ་ནི་རྣམ་གཞིར་རིག་པོར་བྱ་སྟེ། བསམ་གཏན་གཉིས་པའི་འདོད་ཆགས་དང་། ཡིད་བོདེ་བ་དང་། དགའ་བ་དང་། ཏིང་ངེ་འཛིན་མ
་རྫོགས་པའོ།། བ་སམ་གཏན་བཞི་པའི་མྱི་མཐུན་པའི་ཕྱོགས་གང་ཞེ་ན། སྨྲས་པ། དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། དབུགས་རྔུབ་པ་དང་། དབུགས་དབྱུང་བྱ་དང་། བསམ་གཏན་གསུམ་པའི་འདོད་ཆགས་དང་།
་བདེ་བ་དང་། བདེ་བ་ལ་རྩོལ་བ་དང་། ཏིང་ངེ་འཛིན་མ་རྫོགས་པའོ།། བསམ་གཽ་ཏན་དང་པོའི་ཡན་ལག་དུ་ཞེ་ན། སྨྲས་པ། ཡན་ལག་ལྔ་སྟེ། ཡན་ལག་ལྔ་གང་ཞེ་ན། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག
་པ་ཉིད་དོ།། བསམ་གཏན་གཉིས་པའི་ཡན་ལག་དུ་ཞེ་ན། སྨྲས་པ། ཡན་ལག་བཞི་སྟེ་ཡན་ལག་བཞི་གང་ཞེ་ན། ནང་ཡོངས་སུ་དད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ།། དེ་ལ་ནང་ཡོངས་སུ་དང་བའི་ཆོས་ཀྱི་ངོ་བོ་ཉིད་གང་ཞེ
་ན། སྨྲས་པ། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་ཀྱི་ངོ་བོ་ཉིད་ཡིན་ནོ།། བསམ་གཏན་གསུམ་པའི་ཡན་ལག་དུ་ཞེ་ན། སྨྲས་པ། ཡན་ལག་ལྔ་སྟེ། ལྷ་གང་ཞེ་ན། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དང་། བདེ་བ་དང་།
་སེམ་ས་རྩེ་གཅིག་པ་ཉིད་དོ།། བསམ་གཏན་བཞི་པའི་ཡན་ལག་དུ་ཞེ་ན། སྨྲས་པ། ཡན་ལག་གཞི་སྟེ། ཡན་ལག་བཞི་གང་ཞེ་ན། བཏང་སྙོམས་ཡོངས་སུ་དགེ་བ་དང་། དྲན་པ་ཡོངས་སུ་དག་པ་དྲང་། སྡུག་བསྔལ་ཡང་མ་ཡིན་བདེ་བ
་ཡང་མ་ཡིན་པ་དང་། སེམས་རྩེ་གཅིག་པ་ཉིད་དོ།། དེ་ལ་བསམ་གཏན་དང་པོ་ལ་ནི་དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དག་རྟོག་པ་དང་། དཔྱོད་པའི་སྒོས་མངོན་པར་བསྒྲུབས་པས་ན། དེའི་ཕྱིར་ཡོད་ཀྱང་མ་སྨོས་སོ།། བསམ
་གཏན་གཉིས་པ་ལ་ནི་ངོ་བོ་ཉིད་ལས་ལས་བྱེད་པ་དག་ཡིན་ཡང་། སེམས་དགའ་བའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་ཡིན་པས་དེའི་ཕྱིར་ནང་ཡོངས་སུ་དང་བའི་མིང་གིས་བསྟན་ཏོ།། བསམ་གཏན་གསུམ་པ་ལྔ་ནི་སེམས་ཀྱི་ཉེ་བའི་ཉོན
་མོངས་པ་དེ་དང་བྲལ་བའི་ཕྱིར་རང་གི་མཚན་ཉིད་དེ་ཁོ་ནས་བསྟན་ཏེ། དེའི་ཕྱིར་དགའ་བ་དང་བྲལ་བ་ལ་སོགས་པ་སྨོས་སོ།། བསམ་གཽཏན་དྲང་པོའི་གང་དག་ཡིན་པ་དེ་དག་ནི་འདོད་པའི་འདོད་ཆགས་དང་བྲལ་བ་ཡིན་གྱི། དགའ་བ་དང་བྲལ
་པས་མི་ཡིན་ནོ།། བསམ་གཽ་ཏན་གཉིས་པའི་གང་དག་ཡིན་པ་དེ་དགྲ་ནི་རྟོག་པ་དང་ད་པྱོད་པ་དང་བྲལ་བ་ཡིན་གྱི། དགའ་བ་དང་བྲལ་བས་ནི་མ་ཡིན་ནོ།། བསམ་གཏན་བཞི་པ་པ་ལ་དེ་དག་ཉིད་ཤིན་ཏུ་ཡོངས་སུ་དག་པར་བསྟན་ཏོ།། དེ་ཅིའི་ཕྱིར
་པབསམ་གཏན་ཐམས་ཅད་ལ་དེ་དག་གི་ཚུལ་བཞིན་དུ་རིག་པར་བྱ་སྟེ། དེ་ཡང་ཅི་རིགས་པར་རོ།། ཅིའི་ཕྱིར་བསམ་གཏན་དེ་དག་ཡན་ལག་ལྔ་དང་ཡན་ལག་བཞི་པར་རྣམ་པར་གཞག་ཅེ་ན། སྨྲས་པ། གནས་པའི་བརྟེན་དང་། གནས་པ
་ལ་ཕན་པ་དང་། གནས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། རྣམ་གྲོངས་གཞན་ཡང་དམིགས་པ་ཡིད་ལ་བྱེད་པ་དང་། ད་མིགྣ་པ་ལ་ཡོངས་སུ་དཔྱོད་པ་དང་། དམིགས་པ་ལས་མི་འཕྲོ་བའི་ཕྱིར་རོ།། རྣམ་གྲངས་གཞན་ཡང་ཕན་འདོགས་པའི
་རྟེན་དང་། ལྷག་པའི་སེམས་ཀྱི་རྟེན་དང་། ལྷག་པའི་ཤེས་རབ་ཀྱི་རྟེན་ཡིན་པའི་ཕྱིར་རོ།། རྣམ་གྲངས་གཞན་ཡང་མི་མཐུན་པའི་ཕྱོགས་ཉེ་བའི་ཉོན་མོངས་པ་ཅར་གྱི་གནས་པ་རྣམ་པ་གསུམ་གྱི་གཉེན་པོའི་ཕྱིར་ཏེ། མི་མཐུན་པའི་ཕྱོགས་ཉེ་བའི
་ཉོན་མོངས་པ་ཅན་གྱི་གནས་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཅན་གྱི་གནས་པ་དང་། སྡུག་བསྔལ་བའི་གནས་པ་དང་། ཀུན་ཏུ་རྨོངས་པའི་གནས་བྱའོ།། རྣམ་གྲངས་གཞན་ཡང་བསམ་གཏན་པ
་རྣམས་ཀྱི་འདོད་པ་ལ་ལོངས་སྤྱོད་པ་དང་། ཆོས་མཐུན་པ་ཡིན་པར་བལྟ་བར་བྱ་སྟེ། འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་ཡང་དག་པར་བྱ་བ་ནི་གསུམ་པོ་འདི་དག་ཡིན་ཏེ། དེ་དག་གིས་འདོད་པ་ལ་ལོངས་སྤྱོད་པ་རྣམས་རབ་ཏུ་ཕྱེ་བ་ཡིན
་ནཱི།། གསུམ་གང་ཞེ་ན། འདི་ལྟ་སྟེ། ལོངས་སྤྱོད་ལེགས་པར་ཡོངས་སུ་ཆོལ་པོ་དང་། ཡོངས་སུ་བཙལ་བྱ་རྣམས་ལ་ལེགས་པར་ལོངས་སྤྱོད་པ་དང་། དེ་ལ་དབང་སྒྱུར་བ་ལ་རང་དབང་ཡོད་པའོ།། དེ་བཞིན་དུ་བསམ་གཏན་པོ་རྣམས
་ཀྱི་ཡན་ལག་ཀྱང་ལེགས་པར་བྱ་བ་གསུམ་ལ་བརྟེན་ནས་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་ཡང་ཅི་རིགས་པར་རོ།། རྣམ་གྲངས་གཞན་ཡང་བསམ་གཏན་པ་རྣམས་ཀྱི་ཡན་ལག་ནི་དཀའ་ཐུབ་དྲག་པོའི་གཉེན་པོར་རྣམ་པར
་གཞག་པ་ཡིན་པར་རིག་པར་བྱ་སྟེ། དེ་དག་གི་གཉེན་པོ་ཡང་རྣམ་པ་གསུམ་སྟེ། གཉེན་པོ་མེད་པའི་གཉེན་པོ་དང་། ལུས་དང་སེམས་ལ་གནོད་པའི་གཉེན་པོ་དང་། སེམས་ཕྱི་རོལ་ཏུ་འཕྲོ་བ་ཉེ་བར་མ་ཞི་བའི་གཉེན་པོའོ།། ཅིའི་ཕྱིར
་བསམ་གཏན་དང་པོ་ལ་འདོད་པ་རྣམས་ལས་དབེན་པ་ཞེས་གསུངས་ནས། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་གསུངས་ཤི་ན། སྨྲས་པ། འདོད་པ་རྣམས་ཀྱི་རང་གི་མཚན་ཉིད་ཡོངས་སུ་བསྟན་པོའི
་ཕྱིར་དང་། ཉེས་དམིགས་ཀྱི་མཚན་ཉིད་ཡོངས་སུ་བསྟན་པའི་ཕྱིར་རོ།། དེ་ལ་ཉེས་དམིགས་ཀྱི་མཚན་ཉིད་ནི་འདི་ཡིན་ཏེ། འདོད་པ་རྣམས་ནི་ཉེས་པར་སྤྱོད་པ་ཀུན་ནས་བསླང་ནས་འོག་ཏུ་ལྟུང་བར་བྱེད་པའི་ཕྱིར་སྡིག་པ་ཡིན་ནོ།། དགེ
་བ་སྐྱེ་བ་དང་མི་མཐུན་པ་ཡིན་པའི་ཕྱིར་མི་དགེ་བ་ཡིན་ནོ།། རྣམ་གྲངས་གཞན་ཡང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤངས་པ་ཡོངས་སུ་བསྟན་པའི་ཕྱིར་དང་། སྔོན་བསགས་པའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤངས
་པ་ཡོངས་སུ་བསྟན་པའི་ཕྱིར་རོ།། རྣམ་གྲངས་གཞན་ཡང་ཁྱིམ་ན་གནས་པ་རྣམས་ཀྱི་དངོས་པོ་ལ་ཡོངས་སུ་སྤྱོད་པའི་སྒོ་ནས་འདོད་པ་སྤང་བ་ཡོངས་སུ་བསྟན་པའི་ཕྱིར་དང་། རབ་ཏུ་བྱུང་བ་རྣམས་ཀྱི་རྣམ་པར་རྟོག་པའི་སྒོ་ནས་དེ
་ཡང་ཡོངས་སུ་བསྟན་པའི་ཕྱིར་རོ།། རྣམ་གྲངས་གཞན་ཡང་འདོད་པའི་རྣམ་པར་རྟོག་པ་སྤང་བ་ཡོངས་སུ་བསྟན་པ་འི་ཕྱིར་དང་། གནོད་སེམས་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སྤང་བ་ཡོངས་སུ་བསྟན་པའི་ཕྱིར་རོ།། རྣམ་གྲངས
་གཞན་ཡང་ཕྱི་རོལ་པའི་དྲོང་སྲོང་རྣམས་ཀྱི་འཐོབ་པའི་རྟགས་ཡོངས་སུ་བསྟན་པའི་ཕྱིར་དང་། ཡོངས་སུ་ཉམས་པོ་རྣམས་ཀྱི་ང་མོང་པ་འདོར་བ་ཡོངས་སུ་བསྟན་པའི་ཕྱིར་རོ།། ཅིའི་ཕྱིར་བསམ་གཏན་དང་པོ་ལོ་སྡུག་བསྔལ་གྱི
་དབང་པོ་མ་སྤོངས་ཤེ་ན། སྨྲས་པ། དེ་ལ་དེའི་ཕྱོགས་དང་མཐུན་པའི་གནས་ངན་ལོན་དང་མ་བྲལ་བའི་ཕྱིར་ཏེ། གལ་ཏེ་དེ་ལ་སྡུག་བསྔལ་གྱི་དབང་པོ་སྤངས་པར་གྱུར་ན། བསམ་གཏན་གཉིས་པ་དང་། གནས་པའི་ཁྱད་པར
་དམིགས་པར་མི་འགྱུར་བས་དེའི་ཕྱིར་མ་སྤངས་པ་ཁོ་ནར་རིག་པར་བྱའོ།། གང་གི་ཚེ་བཱ་སམ་གཏན་དང་པོ་ལ་སོགས་པ་ལ་རྟོག་པ་དང་དཔྱོད་པ་ལ་སོགས་པའི་ཏིང་ངེ་འཛིན་ལ་ཕན་འདོགས་པ་དག། བསམ་གཏན
་ནམས་ཀྱི་རང་གི་ས་ལ་ཕན་འདོགས་པ་དང་། ཡོངས་སུ་དག་པར་འགྱུར་བའི་ཕྱིར་འཇུག་པ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཡོ་བའི་མིང་དུ་བསྟན་ཅེ་ན། སྨྲས་པ། གཞན་གྱི་ས་ལས་ལྟོས་ཏེ་བསྟན་པ་ཡིན་གྱི། རང་གིས
་ལས་ནི་མ་ཡིན་ནོ།། ཅིའི་ཕྱིར་བསམ་གྲཏན་དང་པོ་ལ་སོགས་པ་ལ་འདོད་པའི་ཁམས་ཀྱི་བར་ནས་གཟུང་སྟེ། གྲོང་ནས་གོང་དུ་ཡན་ལག་དག་རྣམ་པར་བཞག་ཅེ་ན། སྨྲས་པ། མདོར་བསྡུ་ན་རྒྱུ་རྣམ་པ་གསུམ་གྱིས་ཏེ། མི་མཐུན
་པའི་ཕྱོགས་ཀྱི་གཉེན་པོ་དང་། རྟོག་པའི་ཕན་ཡོན་དང་། རྟོགས་པས་སོ།། རྒྱུ་གསུམ་པོ་དེ་དག་ནི་བསམ་གཏན་བཞི་པོ་དག་ལ་ཡན་ལག་ལྔ་ཡོངས་སུ་བཟུང་བ་དག་ལ་ཡང་ཅི་རིགས་པར་རིག་པར་བྱའོ།། བསམ་གཏན་དང་པོ་དང་། བསམ
་གྲཏ་ནོ་གཉིས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྨྲས་པ། ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ཁྱད་པར་ཡོད་དོ།། བསམ་གཏན་གཉིས་པ་དང་བསུམ་གཏན་གསུམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྨོས་པ། ཕན་འདོགས་པ་ཡོངས་སུ
་རྫོགས་པའི་ཁྱད་པར་ཡོད་དོ།། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་ཁྱོད་པར་ཅི་ཡོད་ཅེ་ན། སྨྲས་པ། ཡོངས་སུ་དག་པ་ཡོངས་སུ་རྫོགས་པའི་ཁྱད་པར་ཡོད་དོ།། །། བམ་པོ་ཉི་ཤུ་བ།། ཏིང་ངེ་འཛིན
་སྒོམ་པ་ནི་རྣམ་པ་བཞི་སྟེ། ཚེ་འདི་ལ་བདེ་བར་གནས་པ་ཐོབ་པར་བྱ་བའི་ཕྱིར་དང་། ཡེ་ཤེས་དང་མཐོང་བ་ཐོབ་པར་བྱ་བའི་ཕྱིར་དང་། ཤེས་རབ་ཀྱི་རབ་ཏུ་དབྱེ་བ་ཐོབ་པར་བྱ་བའི་ཕྱིར་དང་། ཟག་པ་ཟད་པ་ཐོབ་བྱ་བྱ་བའི་ཕྱིར་རོ།། གང་བག་རྣམ་པ
་བཞི་ལས་བརྩམས་ནས་ཏིང་ངེ་འཛིན་སྒོམ་པ་བཞི་རྣམ་པར་བཞག་པོར་རིག་པར་བྱ་སྟེ། གང་ཟག་བཞི་གང་ཞེ་ན། བདེན་པ་མཐོང་བ་མངོན་པར་ཤེས་པ་མྱུར་ལོ་དཀའ་བོའི་ལམ་ཐོབ་པ་དང་། སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བ
་ལམ་མ་ཐོབ་པ་སེམས་ཅན་ལ་དམིགས་པའི་ཚད་མེད་པ་ཐོབ་པ་དང་། བདྲེན་པ་མཐོང་བ་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཐོབ་པ་དང་། བདེན་པ་མཐོང་བ་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལོ་མ་ཐོབ་པའོ།། དེ་ལ་སོ་སོའི
་སྐྱེ་བོ་འདོད་ཆགས་དང་བྲལ་བ་ཚད་མེད་པ་ཐོབ་པའི་ཡེ་ཤེས་དང་། མཐོང་བ་ནི་འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ་ཐོབ་པས་ཡོངས་སུ་དག་པ་ཡིན་པར་རིག་པར་བྱའོ།། བདེན་པ་མཐོང་བ་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ལ
་གནས་པ་ནི་དབང་པོ་རྟུལ་བས་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ཏེ། དེས་ནི་འདོད་པ་ནི་སྤྱོད་པའི་ཚོར་བ་དང་འདུ་ཤེས་དང་རྣམ་པར་རྟོག་པ་དག་ལ་དྲན་པ་ཉེ་བར་གཞག་པར་བྱ་ཞིང་ཤེས་བཞིན་དུ་ཡང་བྱའོ།། བསམ་གཏན་རྣམ
་ནི་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་ལ་འདོད་ཆགས་དང་བྲལ་བ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་དག་། གནོད་པས་ཆགས་དབྲལ་བ་དང་། སྟོན་པོས་འདོད་ཆགས་དང་བྲལ་བར།
་ཡང་དག་ཕུལ་གྱིས་འདོད་ཆགས་དང་བྲལ་བ་དང་། ཀུན་ཏུ་རྨོངས་པས་འདོད་ཆགས་དང་བྲལ་བ་དང་། གཉེན་པོས་འདོད་ཆགས་དང་བྲལ་བའོ།། དེ་ལ་རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ནི། འདི་ལྟ་སྟེ། དངོས་པོ
་རང་བཞིན་གྱིས་མི་གཙང་བ་ཡོངས་སུ་ལོངས་སྤྱོད་པའི་འོས་མ་ཡིན་པ་དག་ལ་མི་མཐུན་པ་ཉིད་ག་ཡིན་པ་དང་། དེ་བཞིན་དུ་སྡུག་བསྔལ་གྱི་ཚོར་བ་དག་ལ་མི་མཐུན་པ་ཉིད་གང་ཡིན་པ་དང་། དེ་བཞིན་དུ་བསམ་གཏན་དང་པོ་ལས་འདོད
་ཆགས་དང་བྲལ་བའི་བསམ་གཏན་གཉིས་པ་ལ་སོགས་པ་ལ་རྟོག་པ་དང་ང་པྱོད་པ་ལ་སོགས་པ་མི་མཐུན་པ་ཉིད་གང་ཡིན་པའོ།། དེ་ལ་གནོད་པས་འདོད་ཆགས་དང་བྲལ་བ་ནི་འདི་ལྟ་སྟེ། གཉིས་ཀྱི་ས་གཉིས་སྤྱོད་པས་འཁྲིག་པའི་ཆོས
་བརྟེན་པའི་ཡོངས་སུ་གདུང་བ་དང་བྲལ་བ་ལ་མི་མཐུན་པ་ཉིད་གང་ཡིན་པ་དང་། དེ་ལྟ་བུ་དང་མཐུན་པ་གཞན་ཡང་བལྟ་བར་བྱའོ།། དེ་ལ་སྟོན་པས་འདོད་ཆགས་དང་བྲལ་བ་ནི་འདི་ལྟ་སྟེ། ལེགས་པར་ཟོས་པ་དང་། ལེགས་པར་འཐུངས
་བྱ་དང་ལེགས་པར་ཚིམ་པོའི་བཟའ་བ་དང་། བཏུང་བ་ལ་མི་མཐུན་པ་ཉིད་གང་ཡིན་པ་དང་། དེ་ལྟ་བུ་དང་མཐུན་པ་གཞན་ཡང་བལྟ་བར་བྱའོ།། དེ་ལ་ཡང་དག་ཕུལ་གྱིས་འདོད་ཆགས་དང་བྲལ་བ་ནི་འདི་ལྟ་སྟེ། ལོངས་སྤྱོད་དང་ཕུན་སུམ
་ཚོགས་པ་ཆེས་གྱ་ནོམ་པ་དང་། ཆེས་མཆོག་ཏུ་གྱུར་པ་ཐོབ་པའི་དམན་པ་ལ་མི་མཐུན་པ་ཉིད་གང་ཡིན་པ་དང་། དེ་ལྟ་བུ་དང་མཐུན་པ་གཞན་ཡང་བལྟ་བར་བྱའོ།། དེ་ལ་ཀུན་ཏུ་རྨོངས་པས་འདོད་ཆགས་དང་བྲལ་པོ་ནི་འདི་ལྟ་སྟེ།
་མྱ་ངན་ལས་འདས་པའི་ཕན་ཡོན་མི་ཤེས་པའི་མྱ་ངན་ལས་འདས་པ་ལ་མི་མཐུན་པ་ཉིད་གང་ཡིན་པ་དང་། དེ་ལྟ་བུ་དང་མཐུན་པ་གཞན་ཡང་བལྟ་བར་བྱའོ།། དེ་ལ་གཉེན་པོས་འདོད་ཆགས་དང་བྲལ་བ་ནི་འདི་ལྟ་སྟེ། སུན་འབྱིན་པ
་གཉེན་པོའམ། སྤོང་བ་གཉེན་པོ་འམ། ཀུན་ཏུ་འཛིན་པ་གཉེན་པོ་འམ། ཐག་སྲིང་བ་གཉེན་པོ་ལས་བརྟེན་ཏེ། འཇིག་རྟེན་པ་འམ། འཇིག་རྟེན་ལས་འོངས་པའི་ལམ་གྱིས་ཉོན་མོངས་པ་སྤོང་བ་གང་ཡིན་པའོ།། ཅིའི་ཕྱིར་བྲསམ
་གཏན་ལ་གནས་པྲ་ཞེས་པ་ཞེ་ན། སྨྲ་སྔ་པ། ནང་གི་དམིགྲས་པ་ལ་སེམས་ཉེ་བར་གཏད་པཱ་ནི་ཕྱི་རོལ་དུ་རྣམ་པར་མི་གཡེང་བ་ཉིད་ཀྱི་ཕྱིར་རོ།། ཅིའི་ཕྱིར་བསམ་གཏན་ལ་ཏིང་ངེ་འཛིན་ཅེས་བྱ་ཞེ་ན། སྨྲས་པ། ཤེས་བྱའི་དངོས་པོ
་དང་ཆ་མཐུན་པའི་གཟུགས་བརྙན་གྱི་དམགས་པ་ལ་སེམས་ཏིང་ངེ་འཛིན་དུ་གནས་པ་ཉིད་ཀྱི་ཕྱིར་རོ།། ཅིའི་ཕྱིར་བསམས་གཏནྡ་ལ་ཞི་གནས་ཞེས་བྱ་ཞེ་ན། སྨྲས་པ། ཉོན་མོངསྲ་བ་ཞི་བར་བྱ་བའི་ཕྱིར་གནས་པར་བྱེད་པ་ཉིད
་ཀྱི་ཕྱིར་རོ།། ཅིའི་ཕྱིར་བསམ་གཏན་ལ་རྩེ་གཅིག་པ་ཞེས་བྱ་ཞེ་ན། སྨྲས་པ། འདི་ནི་གྲཉིས་སཱི་ནཱ་ཏེ་མཉམ་པར་མ་གཞག་པའི་ས་པྲའི་དམིགས་པ་དང་། མཉམ་པར་གཞག་པའི་ས་པའི་ངོ་མྱིགས་པའོ།། དེ་ལ་མཉམ་པར
་མ་གཞག་པའི་ས་པོ་གང་ཡིན་པ་དེ་ནི་དམིགས་པ་གཅིག་པ་ཡིན་ནོ།། ཅིག་ཤོས་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ལ་ཉེ་བར་བསྟད་པའི་སེམས་ནི་རྩ་གཅིག་པ་ཞེས་བྱའོ།། དེ་ལ་འདོད་ཆགས་དང་བྲལ་བའི་ཡོངས་སུ་ཉམས་པ་ནི་རྣམ་པ
་བཅུར་རིག་པར་བྱ་སྟེ། འདི་ལྟ་སྟེ། ལུས་མ་སྙོམས་པས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི། འདི་ལྟར་འདི་ན་ལ་ལ་གནོད་པ་དྲག་པོས་རེག་པ་ལས་ཏེ། འདི་ལྟ་སྟེ། དཔེར་ན་ཤིང་ཤུན་ཅན་གྱིས་བདག
་གིས་ཏིང་ངེ་འཛིན་དེ་མ་མཐོང་ནས་བདག་འོདི་སྙམ་དུ་བསྡམས་ཏེ། བདག་ཏིང་ངེ་འཛིན་དེ་ལས་ཡོངས་སུ་ཉམས་པ་འམ་གཅིག་ཏུ་མ་གྱུར་གྲང་སྙམ་མོ་ཞེས་སྨྲས་པ་ལྟ་བུའོ།། ལ་ལ་ནི་སྔོན་ཏིང་ངེ་འཛིན་གོམས་པར་མི་བྱས་པས་ར
་བཞིན་གྱིས་གནས་ངན་ལེན་མང་བ་ཡིན་ཏེ། དེ་གནས་ངན་ལེན་མང་པོ་དེས་ཡོངས་སུ་ཉམས་པའི་ཆོས་ཅན་དུ་འགྱུར་རོ།། ཡུལ་གཙོ་བོས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི། འདི་ལྟར་འདི་ན་ལ་ལ་ཡུལ་རྒྱ་ཆེན་པོ་མ་དོན་དུ་གྱུར་པ
་ཐོབ་པ་ལས་ཏེ། འདི་ལྟ་སྟེ། དཔེར་ན་ཕྱི་རོལ་པའི་དྲང་སྲོང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ཐོབ་པ་བུད་མེད་གཞོན་ནུ་མདོག་བཟང་པོ་ཆགས་པར་འགྱུར་བའི་རེག་པ་ལ་བརྟེན་ནས་ཡོངས་སུ་ཉམས་པར་གྱུར་ཅེས་གྲག
་པ་ལྟ་བུའོ།། བཀུར་བསྟིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི། འདི་ལྟར་འདི་ན་ལ་ལ་གཞན་ལས་རྙེད་པ་དང་བཀུར་སྟི་ཐོབ་པ་ན་ཡོངས་སུ་ཉམས་པར་འགྱུར་བ་ཏེ། འདི་ལྟ་སྟེ། དཔེར་ན་ལྷས་བྱིན་ལྟ་བུའོ།། བརྙེས་པས་ཀྱང་ཡོངས
་སུ་ཉམས་པར་འགྱུར་བ་ནི་འདི་ལྟར་འདི་ན་ལ་ལ་ཁྲོས་སམ་འཁྲུགས་སམ། བརྒྱད་བཀག་པ་ན་ཡོངས་སུ་ཉམས་པར་འགྱུར་བ་སྟེ། འདི་ལྟ་སྟེ་དཔེར་ན་ཕྱི་རོལ་པའི་དྲང་སྲོང་དག་འཁྲུག་པ་ན་ཡོངས་སུ་ཉམས་ནས་དམོད་པ་མདོར་བར་ཡང
་བྱེད་པ་ལྟ་བུའོ།། ང་རྒྱལ་གྱིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི། འདི་ལྟར་འདྲི་ན་ལ་ལ་སྙོམས་པར་འཇུག་པ་དེས་བདག་ལ་བསྟོད་པར་བྱེད་གཞན་དག་ལ་སྨོད་པར་བྱེད་པ་ལྟ་བུའོ།། མངོན་པའི་ང་རྒྱལ་གྱིས་ཀྱང་ཡོངས་སུ་ཉམས
་པོར་འགྱུར་བ་ནི། འདི་ལྟར་འདན་ལ་ལ་སྙོམས་པར་འཇུག་པ་དེ་ལ་རྟོགས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་ལྟ་བུའོ།། ཡིད་ལ་མི་བྱེད་པས་ཀྱང་ཡོངས་སུ་ཉམས་པར་འགྱུརརོ་བ་ནཱི། འདི་ལྟར་འདྲི་ན་ལ་ལ་ཡིད་ལ་བྱེད་པའི་རྣམ་པ་དང་རྟགས
་གང་དག་གིས་སྙོམས་པར་འཇུག་པར་འགྱུར་བ་དེ་དག་ཡང་ལ་མི་བྱེད་པ་ལྟ་བུའོ།། མ་འདྲིས་པས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི་འདི་ལྟར་འདྲི་ན་ལེ་ལ་ལས་དང་པོ་པ་ཡིན་ཞིང་དགེ་བའི་ཕྱོགས་གསར་པོ་ལྟ་བུའོ།། རང་གི་ས་པའི
་ཉོན་མོངས་པ་མང་དུ་བྱེད་པས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི། འདི་ལྟར་འདི་ན་ལ་ལཱ་སྲེད་པ་ཤས་ཆེ་བའི་བསམ་གཏོན་པ་འམ། ཐེ་ཚོཤ་ཆེ་བའི་བར་གྱིས་བསམ་གཏན་པ་ཡིན་པ་ལྟ་བུའོ།། ཚེ་དང་བསོད་ནམས་དང་ལས་ཟད་པ
་ཀྱང་ཡོངས་སུ་ཉམས་པོར་འགྱུར་བ་ནི། འདི་ལྟར་འདི་ན་ལ་ལ་སྐྱེ་བའི་གནས་དེ་ནས་འོག་ཏུ་འཆི་འཕོ་བ་ལྟ་བུའོ།། དེ་ལ་གང་ཟག་ཉོན་མོངས་པ་ཆུང་བ་དང་། དགེ་བའི་ཕྱོགས་ཆུང་བ་ནི་སྐད་ཅིག་མང་པོས་དཀའ་བས་ཡོངས་སུ་ཉམས་པར
་འགྱུར་ཞིང་། སྐད་ཅིག་མང་པོས་དཀའ་བས་སྙོམས་པར་འཇུག་པར་འགྱུར་རོ།། ཉོན་མོངས་པ་ཆུང་ལ་དགེ་བའི་ཕྱོགས་ཆེ་བ་ནི། སྐད་ཅིག་མང་པོས་དཀའ་བས་ཡོངས་སུ་ཉམས་པར་འགྱུར་ལ། སྐད་ཅིག་གཅིག་ཁོ་ནས་མྱུར་དུ
་སྙོམས་པར་འཇུག་པར་འགྱུར་རོ།། གང་ཟག་ཉོན་མོངས་པ་ཆེ་བ་དགེ་བའི་ཕྱོག་ཆུང་བ་ནི། སྐད་ཅིག་གཅིག་ཁོ་ནས་མྱུར་དུ་ཡོངས་སུ་ཉམས་པར་འགྱུར་ལ། སྐད་ཅིག་མང་པོས་དཀའ་བས་སྙོམས་པར་འཇུག་པར
་འགྱུར་རོ།། གང་ཟག་ཉོན་མོངས་པ་ཆེ་བ་དང་དགེ་བའི་ཕྱོགས་ཀྱང་ཚེ་བ་ནི། སྐད་ཅིག་གཅིག་གིས་མྱུར་དུ་ཡོངས་སུ་ཉམས་པར་འགྱུར་ཞིང་། སྐད་ཅིག་གཅིག་གིས་མྱུར་དུ་སྙོམས་པར་འཇུག་པར་འགྱུར་རོ།། དེ་ལ་གང་ཟག་འདོད་ཆགས་དང་བྲལ་བ་ཐོབ
་པཔོའི་ཏིང་ངེ་འཛིན་དེ་ལས་ལངས་པ་ནི་ལན་འགའ་ཏིང་ངེ་འཛིན་སྤེལ་མ་འདྲེས་པ་ཡིད་ལ་བྱེད་པ་ལ་གནས་སོ།། ལན་འགའ་ནི་མ་འདྲེས་པའོ།། ཏིང་ངེ་འཛིན་དེ་ལས་སྒྲའི་རྐྱེན་གྱིས་ལྡང་བ་ལ་ནི། མཉམ་པར་བཞག་པའི་ཡིད་ཀྱི་རྣམ་པར་ཤེས
་བ་དང་ལྷན་ཅིག་བྱུང་བའི་རྣ་བའི་རྣམ་པར་ཤེས་པ་གཞན་ཁོ་ན་སྐྱེ་བར་འགྱུར་ཏེ། མཉམ་པར་གཞག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་སྒྲ་འཛིན་པ་མ་ཡིན་པའི་ཕྱིར་རོ།། གཞན་དུ་ན་ཡང་དེ་སོ་སོར་མ་རིག་པར་ལྡང་བ་ཉིད་མི་རིགས་ཏེ།
་དེའི་ཕྱིར་སྒྲ་འཛིན་པ་ཙམ་གྱིས་ལྗང་བླ་མ་ཡིན་གྱི། སྒྲ་སོ་སོར་རིག་ནས་འདོད་ན། དེའི་འོག་ཏུ་ལྡང་བར་འགྱུར་རོ།། མཉམ་པར་གཞག་པའི་སའི་རྣམ་པར་གཏན་ལ་དབབོ་པ་རྫོགས་ཏེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང
་ངོ།། མཉམ་པར་མ་གཞག་པའི་སའི་རྣམ་པར་གཏན་ལ་དབབ་པ་ནི། མཉམ་པར་མ་གཞག་པའི་སའི་ངོ་བོ་ཉིད་ཀྱིས་མཉམ་པར་མ་གཞག་པ་ཡང་ཡོད་དེ། རྣམ་པར་ཤེས་པའི་ཚོགས་ལྔ་ལྟ་བུའོ།། ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར
་མཉམ་པར་མ་གཞག་པ་ཡང་ཡོད་དེ། འདོད་པ་ན་སྤྱོད་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ།། མ་བརྩམས་པའི་ཕྱིར་མཉམ་པར་མ་གཞག་པ་ཡང་ཡོད་དེ། འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱིའོ།། རྣམ་པར་གཡེང་བའི
་ཕྱིར་མཉམ་པར་མ་གཞག་པ་ཡང་ཡོད་དེ། ལས་དང་པོ་པ་ཏིང་ངེ་འཛིན་ལ་བརྩོན་པ་རྣམས་ཀྱི་སེམས་འདོད་པའི་ཡོན་ཏན་ལྔ་ལྷོ་རྣམ་པར་གཡེང་བྱའོ།། བསྡུས་པའི་ཕྱིར་མཉམ་པར་མ་ཞག་པ་ཡང་ཡོད་དེ། ལས་དང་པོ་པ་རྣམས་ཉིད
་ཀྱིས་སེམས་ནང་དུ་བསྡུས་པའོ།། མ་ཐོབ་པའི་ཕྱིར་མཉམ་པར་མ་གཞག་པ་ཡང་ཡོད་དེ། དེ་དག་ཉིད་ཀྱི་སེམས་རྣམ་པར་གཡེང་བ་དང་ལྡན་པའོ།། ཡོངས་སུ་མ་རྫོགས་པའི་ཕྱིར་མཉམ་པར་མ་གཞག་པ་ཡང་ཡོད་དེ། སྦྱོར
་མཐར་ཐུག་པའི་ཡིད་ལ་བྱེད་པ་མ་ཐོབ་པ་རྣམས་ཀྱིའོ།། ཀུན་ནས་ཉོན་མོངས་པའི་ཕྱིར་མཉམ་པར་མ་གཞག་པ་ཡང་ཡོད་དེ། སྦྱོར་བ་མཐེར་ཐུག་པའི་འབྲས་བུ་ཐོབ་པ་རོ་མྱང་བར་བྱེད་པ་རྣམས་ཀྱིའོ།། དབང་མེད་པའི་ཕྱིར་མུ་ཉམ་པར
་མ་གཞུག་པ་ཡང་ཡོད་དེ། དེ་དག་ཉིད་ནི་སེམས་ཉོན་མོངས་པ་ཅན་གྱིས་དབང་མ་ཐོབ་པ་རྣམས་ཀྱིའོ།། རྣམ་པར་མ་དག་པའི་ཕྱིར་མཉམ་པར་མི་གཞག་པ་ཡང་ཡོད་དེ། བོག་ལ་ཉོལ་ཡང་དག་པར་མ་བཅོམ་པ་རྣམས་ཀྱིའོ།། ལངས
་པའི་ཕྱིར་མཉམ་པར་མ་གཞག་པ་ཡང་ཡོད་དེ། ཏིང་ངེ་འཛིན་ཐོབ་པ་ལས་མ་ཉམས་པ་ལངས་པ་རྣམས་ཀྱིའོ།། ཡོངས་སུ་ཉམས་པའི་ཕྱིར་མཉམ་པར་མ་གཞག་པ་ཡང་ཡོད་དེ། ཡོངས་སུ་ཉམས་པ་རྣམས་ཀྱིའོ་ཞེས་བྱ་བ་འདི་ལ
་མཉམ་པར་མ་བཞག་པའི་ས་དང་པོ་ལ་བརྟེན་ནས་ནི་སེམས་གནས་པར་བྱ་བའི་ཕྱིར་དང་། འདི་ལྟ་སྟེ། རྣམ་པར་སྔོས་པ་འམ། རྣམ་པར་རྣག་པ་འམ། རྒྱས་པར་སྔ་མ་བཞིན་དུ་མཚན་མ་གཟུང་བར་བྱའོ།། མཉམ
་པར་མ་བཞག་པའི་ས་གཉིས་པ་ལ་བརྟེན་ནས་ནི་ཡིད་ལ་བྱེད་པ་ཐོབ་པར་བྱ་བའི་ཕྱིར་བརྩོན་པར་བྱའོ།། མཉམ་པར་མ་གཞག་པའི་ས་གསུམ་པ་ལ་བརྟེན་ནས་ནི་དངོས་གཞི་ཐོབ་པར་བྱ་བའི་ཕྱིར་བརྩོན་པར་བྱའོ།། བཞི་པ་ལ་གནས་པ་ནི་དང་པོ
་ཉིད་ནས་རྣམ་པར་མི་གཡེང་བར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པར་བྱའོ།། སེམས་རྣམ་པར་གཡོངས་པར་གྱུར་ན་ཡང་། ཤེས་བཞིན་གྱིས་མྱུར་བ་མྱུར་བ་ཁོ་ནར་ཕྱིར་བསྡུ་བར་བྱའོ།། ལྔ་པ་ལ་གནས་པས་ནི་རབ་ཏུ་དང་བར་འགྱུར་བའི་མཚན
་མ་ཡིད་ལ་བྱ་ཞིང་ཞུམ་པའི་མཚན་མ་རྟོགས་པར་བྱ་བ་ལ་མཁས་པར་ཡང་བྱའོ།། དྲུག་པ་ལ་གནས་པ་ནི་གདམས་ངག་མ་བརྗོད་པར་ཤེས་ཆེར་བསྲུང་བ་དང་། དྲན་པ་ཉེ་བར་གཞག་པར་བྱ་ཞིང་། ཚུལ་ཁྲིམས་ལྔ་བརྩོན་པ་དང་། རྟག་ཏུ་བྱེད
་པ་དང་གུས་པར་བྱེད་པ་ལ་བརྩོན་པར་ཡང་བྱའོ།། བདུན་པ་ལ་གནས་པས་ནི་ཏིང་ངེ་འཛིན་ཆུང་ངུ་དང་ངན་དོན་ཙམ་ཐོབ་པས་ཆོག་མི་ཤེས་པར་བྱའོ།། བརྒྱད་པ་ལ་གནས་པས་ནི་ཀུན་ནས་ཉོན་མོངས་པ་ལ་ཉེས་དམིགས་སུ་བལྟ་བར་བྱ་ཞིང་།།
་རོ་མྱང་བ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་ཡང་དང་དུ་མི་བླང་བར་ཡང་བྱའོ།། དགུ་པ་ལ་གནས་པས་ནི་ཏིང་ངེ་འཛིན་ལ་རྟག་ཏུ་སྦྱར་བར་བྱ་ཞིང་མཚན་མ་རྟོགས་པ་ལ་མཁས་པར་ཡང་བྱའོ།། བཅུ་པ་ལ་གནས་པས་ནི་བདེན་པ་ལྀ
་མཁས་པ་ལ་རྟག་ཏུ་ཤས་ཆེར་བརྩོན་པར་བྱའོ།། བཅུ་གཅིག་པ་ལ་གནས་པས་ནི་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་བགྲ་ཡོད་པར་བྱའོ།། བཅུ་གཉིས་པ་ལ་གནས་པས་ནི་རབ་ཏུ་དབེན་པ་ལ་བརྟེན་པར་བྱ་ཞིང་། ཚུལ་བཞིན་ཡིད་ལ་བྱེད་པ
་ཡང་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པོའི་སྦྱོར་བས་རིམས་ཀྱིས་བསྒོམ་པར་བྱའོ།། མཉམ་པར་མ་པོ་ཞག་པོའི་སའི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། སེམས་ཡོད་པའི
་ས་ལས་བ་རྣམས་ནས་རྣམ་པར་གཏོན་ལ་དབབ་པ་ནི། སེམས་ཀྱི་འཇུག་པ་ནི་མདོར་བསྟན་རྣམ་པ་ལྟས་རིག་པར་བྱ་སྟེ། ཀུན་རྫོབ་ཀྱི་ཚུལ་རྣམ་པར་གཞག་པ་དང་། དོན་དམ་པའི་ཚུལ་རྣམ་པར་བཞག་པ་དང་། གནས་དང་གནས་པ
་རྣམ་པར་བཞུག་པ་དང་། ལྷན་ཅིག་དངོས་པོར་རྣམ་པར་གཞག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པས་སོ།། དེ་ལ་ཀུན་རྫོབ་ཀྱི་ཚུལ་རྣམ་པར་བཞག་པས་ནི་འདི་ལྟ་སྟེ། ཡིད་ཀྱིས་སར་སྔར་བསྟན
་པ་བཞིན་དུ་རིག་པར་བྱའོ།། དྲི་ལ་དོན་དམ་པའི་ཚུལ་རྣམ་པར་བཞུག་པ་བཤད་པར་བྱ་སྟེ། དོན་དམ་པའི་ཚུལ་རྣམ་པར་བཞག་པས་འཇུག་པ་གང་ཞེ་ན། མདོར་བསྠཱ་ནི་རྣམ་པར་ཤེས་པ་ནཱི་རྣམ་པ་གཉིས་ཏེ། ཀུན་གཞི་རྣམ་པར
་ཤེས་པ་དང་། འཇོག་པའི་རྣམ་པར་ཤེས་པའོ།། དེ་ལ་ཀུན་གཞི་རྣམ་པར་ཤེས་པོ་ནི་གནས་ཡིན་ནོ།། འཇུག་པའི་རྣམ་པར་ཤེས་པ་ནི་གནས་པ་ཡིན་ཏེ། དེ་ཡང་རྣམ་པ་བདུན་ཏེ། མིག་གི་རྣམ་པར་ཤེས་པ་ནས། ཡིད་དང་ཡིད་ཀྱི
་རྣམ་པར་ཤེས་པའི་དར་ཏེ། ཆུའི་ཆུ་བོ་དང་། རླབས་ལྟ་བུའམ། མེ་ལོང་དང་གཟུགས་བརྙན་ལྟ་བུ་ཡིན་ནོ།། དེ་ལྟར་ན་འདི་ནི་དོན་དམ་པའི་ཚུལ་རྣམ་པར་བཞག་པས་གནས་དང་གནས་པ་རྣམ་པར་བཞག་པ་ཡིན་ནོ།།
་དེ་ལ་རྣམ་པར་ཤེས་པ་དེ་དག་ཐམས་ཅད་ནི་སེམས་ཤེས་ཀྱང་བྱ། ཡིད་ཅེས་ཀྱང་བྱ། རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་དངོས་སུ་ན་སེམས་ཡིན་ཏེ། འདི་ལྟར་དེ་ནི་ས་བོན་ཐམས་ཅད་ཀྱིས་ཀུན་ཏུ
་བསགས་ཤིང་ཉེ་བར་བསགས་པ་ཡིན་ནོ།། དེ་ཡང་དུས་རྟག་པརཱྀ་ལེན་རྒྱུ་ལ་དུམིགས་པ་དང་། བྱེ་བྲག་མེད་པར་རམ་གཅིག་ཏུ་སྣོད་ལ་དམིགས་པ་ཡིན་ནོ།། ཡིད་ནི་དུས་རྟག་ཏུ་ང་དང་བདག་གི་ཞེས་རློམ་སེམས་ཀྱི་བདག་ཉིད་ཅན་ཡིན་ནོ།། རྣམ
་པར་ཤེས་པ་ནི་ཡུལ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་གང་ཡིན་པའོ།། སེམས་ཡོད་པའི་གནས་སྐབས་ན། གལ་ཏེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་མ་སྐྱེས་ན་ནི་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར
་ཤེས་པ་གསུམ་པོ་དེ་དག་དུས་རྟག་པར་ལྷན་ཅིག་འབྱུང་ཞིང་འཇུག་པར་རིག་པར་བྱའོ།། གལ་ཏེ་སྐྱེས་ན་ནི་དེས་ན་དེའི་ལྷན་ཅིག་འབྱུང་ཞིང་འཇུག་པ་ལྷག་པར་རིག་པར་བྱ་སྟེ། དེ་ལྟར་ན་རེ་འགའ་ནི་བཞིའོ།། རེ་འགའ་ནི་བརྒྱད་གྱི་བར་ཡང
་ལྷན་ཅིག་འབྱུང་ཞིང་འཇུག་པར་རིག་པར་བྱའོ།། ཡིད་ཀྱི་རྣམ་པར་ཤེས་པ་གཅིག་གིས་ནི་ཅིག་ཅར་དུ་ཡུལ་གཅིག་གམ་གཉིས་སམ་རབ་ཏུ་མང་པོ་དང་རང་གི་ཡུལ་དང་གཞན་གྱི་ཡུལ་ལ་ཡང་རྣམ་པར་རྟོག་པར་བྱེད་པས་ན་དེའི་ཕྱིར་ཡིད་ཀྱི
་རྣམ་པར་ཤེས་པ་དེའི་འཇུག་པ་ནི་བསམ་གྱིས་མི་ཁྱབ་པ་ཞེས་པའོ།། གལ་ཏེ་ཡིད་དུས་རྟག་ཏུ་རློམ་སེམས་ཀྱི་བདག་ཉིད་ཅན་རྒྱུན་ཀྱིས་འཇུག་པ་ཡིན་ན། དེས་ན་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལས་འདས་པའི་ཡིད་ཅེས་གང་གསུངས་པ
་དེ་ཇི་ལྟར་རྣམ་པར་བཞག་ཅེ་ན། སྨྲས་པ། མིདཱ་ཙམ་གྱི་བད་སོ་གདགས་པ་ཡིན་གྱི་དྲིན་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ།། རྣམ་གྲངས་གཞན་ཡང་དེ་ནི་གཉེན་པོས་ཡང་དག་པ་ཕྱིན་ཅི་མ་ལོག་པར་སེམས་པ་ཉིད་ཀྱི་ཕྱིར་རོ།། གཞི་དེས་དེ་ལྟར
་རྣམ་པར་རྟོག་པ་འཇུག་པ་ཉིད་ཀྱི་ཕྱིར་ཡིད་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་གནས་ཤེས་པའོ།། དེ་ལ་རེས་འགའ་ནི་ཐམས་ཅད་ཀྱང་བདེ་བའི་ཚོར་བ་ཁོ་ན་དང་ལྷན་ཅིག་དངོས་པོས་མཚུངས་པར་ལྡན་པར་འཇུག་གོ། རེས་འགྲའ་ནི་སྡུག་བསྔལ
་དང་ངོ་།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ཡང་ངོ་།། ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པ་དེ་ནི་རྟག་ཏུ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། རྣམ་པར་སྨིན་པའོ།། དེ་ཡང་མ
་ཤྲཱིའི་བར་དུ་རྣམ་པར་ཤེས་པའི་རྒྱུན་གྱི་འཇུག་པ་ཐམས་ཅད་བློ་བདེ་བ་དང་ལྡན་པ་དག་དང་། སྡུག་བསྔལ་དང་ལྡན་པ་དག་དང་། སྡུག་བསྔལ་ཡང་མ་ཡི་ནི་བདེ་བ་ཡང་མ་ཡིན་པ་དང་ལྡན་པ་དག་ཏུ་རྒྱུན་མི་འཆད་པར་རྒྱུན་གྱིས་འཇུག་པ
་ཡིན་ནོ།། དེ་ལ་དེ་ལས་གཞན་པའི་ཚོར་བ་རྣམ་པ་གསུམ་གང་ཡིན་པ་དེ་ནི་བསྒྲུབས་པ། ལྷན་ཅིག་སྐྱེས་པ་མ་ཡིན་པ་དང་། རེས་འགའི་འབྱུང་བ་ཡིན་པར་རིག་པར་བྱའོ།། བསྒྲུབས་པ་དེ་མངོན་དུ་གྱུར་པ་ན། ལྷན་ཅིག་སྐྱེས་པ་དེ་ནི་ཆ་ཕྲ་བའི
་ཕྱིར་ཡོངས་སུ་བཅད་པར་དཀའ་བ་ཡིན་ནོ།། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་དྲོན་དམ་པར་རྣམ་པར་ཤེས་པ་རྣམས་ཀྱི་ལྷན་ཅིག་གི་དངོས་པོ་འཇུག་པ་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ།། དེ་ལ་ཀུན་གཞི་རྣམ་པར
་ཤེས་པ་ནི་ཉོན་མོངས་པོ་གང་དང་ཡང་མཚུངས་པར་ལྡན་པ་མ་ཡིན་ནོ།། ཡིད་ནི་དུས་རྟག་ཏུ་ཡི་ཡོད་པའི་ཉོན་མོངས་པ་རྣམ་པ་བཞི་པོ་འདི་ལྟ་སྟེ། ངར་འཛིན་པ་དང་། ང་ཡིར་འཛིན་པའི་རྣམ་པར་འཇིག་ཚོགས་ལ་ལྟ་བོ་དང་། ངའོ་སྙམ་པའི་ང་རྒྱལ
་དང་། བདག་ལ་ཆགས་པ་དང་མ་འདྲེས་པའི་མ་རིག་པ་དང་ལྷན་ཅིག་གི་དངོས་པོས་མཚུངས་པར་ལྡན་ཏེ། ཉོན་མོངས་པ་དེ་དག་ཀྱང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་རྣམ་པར་ཤེས་པ་ལ་འགལ་བ་མེད་པ་དང་། བསྒྲིབས་ལ
་ལུང་དུ་མ་བསྟན་པ་དང་།། ཡེ་ཡོད་པ་ཡིན་ནོ།། དེ་ལས་གཞན་པ་རྣམ་པར་བརྟགས་པ་རྣམས་ནི། རྐྱེན་ཇི་ལྟ་བ་བཞིན་དུ་འཇུག་པ་ཡིན་པར་རིག་པར་བྱའོ།། འཇིག་རྟེན་པོའི་ལཱམ་ནཱི་ཡེ་ཡོད་པའི་ཉོན་མོངས་པ་བཞི་པོ་ཀུན་ཏུ་འགྲོ་བ་དེ་དག་ཉམས་པ
་བྱེད་པའི་གཉེན་པོ་མ་ཡིན་ཏེ། འདི་ལྟར་དེ་དག་ནི་འདོད་ཆགས་དང་བྲལ་བ་རྣམས་ལ་ཡང་ཀུན་ཏུ་འབྱུང་བའི་ཕྱིར་རོ།། ཉོན་མོངས་པ་དེ་དག་ནི་གང་དུ་ལུས་སྐྱེས་པར་གྱུར་པའི་ས་དེ་པ་ཉིད་དེ། འདོད་ཆགས་དང་བྲལ་བ་དེ་དག་ཉིད་ཀུན་ཏུ་འབྱུང་བར
་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་ལས་བྱུང་བ་ཁོ་ན་ཡིན་པས་དུས་རྟག་ཏུ་ཡོད་པ་དང་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་ཡུལ་གྱི་རྐྱེན་ཅན་མ་ཡིན་པའི་ཕྱིར་རོ།། དེ་དག་ནི་འཇིག
་རྟེན་པའི་འདོད་ཆགས་དང་བྲལ་བ་ལ་ནི་ལམ་མངོན་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་སྟེ་ཀུན་ཏུ་འབྱུང་ངོ་།། སློབ་མ་བཞི་མཐོང་བ་ལ་ནི་འཇིག་རྟེན་ལས་འདས་པའི་ལམ་མངོན་དུ་གྱུར་ན་ནི་མི་འབྱུང་ངོ་།། དེ་ལས་ལངས་པ་ལ་ནི་ཀུན་ཏུ་འབྱུང་སྟེ། ཤིན་ཏུ
་རྟོགས་པའི་ཕྱིར་དང་། མ་སྤངས་པའི་ཕྱིར་རོ།། མི་སློབ་པ་ལ་ནི་རྣམ་པ་ཐམས་ཅད་དུ་ཀུན་ཏུ་མི་འབྱུང་ངོ་།། དེ་དག་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདོད་ཚིགས་དང་བྲལ་བ་ཁོ་ནས་ཅིག་ཅར་སྤོང་བར་རིག་པར་བྱའི། འདི་ལྟ་སྟེ།
་དཔེར་ན་དེ་ལོས་གཞན་པའི་ཉོན་མོངས་པོ་དག་ད་ལྟར་རིམ་གྱིས་སྤོང་བ་ནི་མ་ཡིན་ནོ།། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་འཇུག་པ་རྣམ་པར་བཞག་པ་ཡིན་པར་རིག་པར་བྱའོ།། སེམས་ཡོད་པའོ།
་སུ་རྣམ་པར་གཏན་ལ་དབབ་པའི་གཞུང་ནི་དེ་ལས་མི་སྣང་ངོ་།། སེམས་མེད་པའི་ས་ལས་པ་རྣམས་ཏེ་རྣམ་པར་གཏན་ལ་དབབ་པ་ནི་སེམས་མི་སྐྱེ་བའི་རྒྱུ་དག་ནི་དུ། རྒྱུ་དུ་དག་གིས་ནི་སེམས་སྐྱེ་བར་མི་འགྱུར་ཞེ་ན་མདོར་བསྔོ་ན་བདུན་པོ་འདི་དག་ནི
་སེམས་མི་སྐྱེ་བའི་རྒྱུ་ཡིན་ཏེ། དེ་དག་གི་སེམས་སྐྱེ་བར་མི་འགྱུར་རོ།། བདུན་གང་ཞེ་ན། རྐྱེན་མེད་པ་ལས་ཀྱང་སེམས་མི་སྐྱེ་བ་དང་། ཡིད་ལ་བྱེད་པ་མེད་པ་དང་། མེ་ཐོབ་པོ་དང་། མི་མཐུན་པ་དང་། སྤངས་པ་དང་། འགག་པ་དང་། སྐྱེས་པ་ལས་ཀྱང
་སེམས་མི་སྐྱེའོ།། ཇི་ལྟར་ན་རྐྱེན་མེད་པ་ལས་སེམས་མི་སྐྱེ་ཞེ་ན། ནང་གི་སྐྱེ་མཆེད་མིགོ་ཉམས་པར་གྱུར་པ་དང་། ཕྱི་རོལ་གྱི་སྐྱེ་མཆེད་གཟུགས་མི་སྣང་བར་གྱུར་པ་དང་། རྒྱས་པར་ཕྱི་རོལ་གྱི་སྐྱེ་མཆེད་ཆོས་ཀྱི་བར་དུ་མི་སྣང་བར་གྱུར་ན། རེ་ཞིག
་དེ་དང་འབྱུང་བའི་མིག་གི་རྣམ་པར་ཤེས་པ་དང་། དེ་དང་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་རྐྱེན་མེད་པ་ལས་སེམས་མི་སྐྱེ་བ་ཡིན་ནོ།། ཇི་ལྟར་ན་ཡིད་ལ་བྱེད་པ་མེད་པ
་ལས་སེམས་མི་སྐྱེ་བ་ཡིན་ཞེ་ན། ནང་གི་སྒྲ་མཆེད་མིག་ཉམས་པར་མ་གྱུར་ཅིག། ཕྱི་རོལ་གྱི་སྐྱེ་མཆེད་གཟུགས་ཀྱང་སྣང་ལ། རྒྱས་པར་ཕྱི་རོལ་གྱི་སྐྱེ་མཆེད་ཆོས་ཀྱི་བར་ཡང་སྣང་དུ་ཟིན་ཀྱང་། དེ་དང་འབྱུང་བའི་ཡིད་ལ་བྱེད་པ། ཉེ་བར
་མི་གནས་ན་རེ་ཞིག་དེ་དང་འབྱུང་བའི་མིག་གི་རྣམ་པར་ཤེས་པ་དང་། དེ་དང་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་ཡིད་ལ་བྱེད་པ་མེད་པ་ལས་སེམས་མི་སྐྱེ་བ་ཡིན་ནོ།། ཇི་ལྟར་ན་མ་ཐོབ་པ
་ལས་སེམས་མི་སྐྱེ་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་འདོད་པའི་ཁམས་ལ་རིགས་པར་ཡིད་ལ་བྱེད་ཅིང་བསམ་གཏན་དང་པོ་ལ་ཞི་བར་ཡིད་ལ་བྱེད་ལ། དེ་བས་མ་གཱ་ཏོན་དང་པོ་དེ་མངོན་དུ་བྱ་བའི་ཕྱིར་ལམ་ཤིན་ཏུ་ཀུན་ཏུ་མ་བསྟེན་མ
་བསྒོམས་ལན་མིང་དུ་མ་བྱས་ཏེ། དེ་གོམས་པར་མ་བྱས་པའི་ཕྱིར་བསམ་གཏན་དང་པོ་མི་ཐོབ་སྟེ། དེ་མ་ཐོབ་པས་བསམ་གཏན་དང་པོ་དང་ལྡན་པའི་སེམས་ནི་མི་སྐྱེ་བ་དེ་ལྟ་བུ་དང་། འདི་ལྟར་འདི་ན་ལ་ལ་བསམ་གཏན་དང་པོ་དང
་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པ་དང་། ན་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ལ་རོགས་པརེ་ཡིད་ལ་བྱེད་ཅིང་། བསམ་གཏན་གཉིས་པ་ནས
་གཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་ཞི་བར་ཡིད་ལ་བྱེད་པ་ཡང་དེ་བཞིན་དུ་སྦྱར་རོ།། འདི་ལྟར་འདྲི་ན་ལ་ལ་འཇིག་ཚོགས་ཐམས་ཅད་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་། འཇིག་ཚོགས་འགོག་པ་མྱ་ངན་ལས་འདས
་པ་ལ་ཞི་བར་ཡིད་ལ་བྱེད་ལ། དེས་འཇིག་ཚོགས་ཐམས་ཅད་སྤངས་པ་དང་། མྱ་ངན་ལས་འདས་པ་མངོན་དུ་བྱ་བའི་ཕྱིར་ལམ་ཤིན་ཏུ་ཀུན་ཏུ་མ་བསྟེན་མ་བསྒོམས། ལན་མང་དུ་མ་བྱས་ཏེ། ངོ་ཤིན་ཏུ་གོམས་པར་མ་བྱས་པའི་ཕྱིར་མྱ་ངན་ལས
་འདས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མངོན་དུ་མི་བྱེད་དེ། དེ་མངོན་དུ་མ་བྱས་པས་ཀུན་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་ཐམས་ཅད་ལ་སེམས་ཤིན་ཏུ་རྣམ་པར་གྲོལ་པོ་མི་སྐྱེ་སྟེ།
་དེ་ལྟར་ན་མ་ཐོབ་པ་ལ་སེམས་མི་སྐྱེ་བ་ཡིན་ནོ།། ཇི་ལྟར་ན་མི་མཐུན་པ་ལས་སེམས་མི་སྐྱོ་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་བདེ་བ་མྱོང་བར་འགྱུར་བའི་རེག་པས་རོག་ནས་བདེ་བའི་ཚེར་བ་མྱོང་བའི་བདེ་བའི་ཚོར་བ་དང་མཚུངས་པར་ལྡན་པའི
་སེམས་མངོན་དུ་གྱུར་པ་ལ་སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་མཚུངས་པར་ལྡན་པའི་སེམས་གང་ཡིན་པ་དེ་མི་མཐུན་པས་མི་སྐྱེ་བ་དང་། དེ་བཞིན་དུ་སྡུག་བསྔལ་མྱོང་བར་འགྱུར་བ་དང་། སྡུག
་བསྔལ་ཡང་མ་ཡིན་བདེ་བ་ཡིད་མ་ཡིན་པ་མྱོང་བར་འགྱུར་བའི་རེག་པས་རེག་ནས་སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བའི་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན།
་པའི་ཚོར་བ་དང་མཚུངས་པར་ལྡན་པའི་སེམས་མངོན་དུ་གྱུར་པ་ལ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་དང་མཚུངས་པར་ལྡན་པའི་སེམས་གང་ཡིན་པ་དེ་མཐུན་པའི་མི་སྐྱེ་བ་དང་། འདི་ལྟར་འདི་ན་ལ་ལ་འདོད་ཆགས
་ཀྱི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་ནས། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་། མཚུངས་པར་ལྡན་པའི་སེམས་མངོན་དུ་གྱུར་པ་ལ། གནོད་སེམས་ཀྱི་ཀུན་ནས་དཀྲིས་པའི་དང་མཚུངས་པར་ལྡན་པའི་སེམས་གང་ཡིན་པ་དེ་མི་མཐུན
་པུསཾ་མི་སྐྱེ་བ་དང་། ཞེ་སྡང་གི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་ནས་ཞེ་སྡང་གི་ཀུན་ནས་དཀྲིས་པ་དང་མཚུངས་པར་ལྡན་པའི་སེམས་སྔོན་དུ་གྱུར་པ་ལ། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་མཚུངས་པར་ལྡན་པའི་བར་གྱི་སེམས་གང
་ཡིན་པ་དེ་མི་མཐུན་པས་མི་སྐྱེ་སྟེ། དེ་ལྟར་ན་མི་མཐུན་པ་ལས་སེམས་མི་སྐྱེ་བ་ཡིན་ནོ།། ཇི་ལྟར་ན་སྤངས་པ་ལས་སེམས་མི་སྐྱེ་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་བསྒོམས་པས་འདོད་ཆགས
་མ་ལུས་པར་ཟད་པ་མྱོང་བ་དང་། ཞེ་སྡང་དང་གཏི་མུག་མ་ལུས་པར་ཟད་པ་མྱོང་བ་དེ་ལ། འདོད་ཆགས་དང་བཅས་པའི་སེམས་སྤངས་པ་དང་། ཡོངས་སུ་ཤེས་པ་གང་ཡིན་པ་དེ་སྤངས་པས་མི་སྐྱེ་བ་དང་། དེ་ལ་ཞེ་སྡང་དང་བཅས་པ་དང
་གཏི་མུག་དང་བཅས་པ་དང་སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སྤངས་པ་དང་། ཡོངས་སུ་ཤེས་པ་གང་ཡིན་པ་དེ་སྤངས་པས་མི་སྐྱེ་སྟེ། དེ་ལྟར་ན་སྤངས་པ་ལས་སེམས་མི་སྐྱེ་བ
་ཡིན་ནོ།། ཇི་ལྟར་ན་འགགས་པ་ལས་སེམས་མི་སྐྱེ་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་འམ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་འམ། འགོག་པའི
་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དེ་ལ། དེའི་དུས་སྐབས་དེར་འགག་པས་སེམས་མི་སྐྱེ་བ་དང་། འདི་ལྟར་འདི་ན་ལ་ལ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེ་ལ་གཏན
་འགགས་པས་སེམས་མི་སྐྱེ་སྟེ། དེ་ལྟར་ནི་འགགས་པ་ལས་སེམས་མི་སྐྱེ་བ་ཡིན་ནོ།། ཇི་ལྟར་ན་སེམས་པ་ལས་སེམས་མི་སྐྱེ་བ་ཡིན་ཞེ་ན། སེམས་སྐྱེས་པ་ཐམས་ཅད་ནི་ད་ལྟར་སྐྱེ་བའི་སྐད་ཅིག་གི་འོག་ཏུ་འཇིག་པའི་ཆོས་ཅན་ཡིན་པས་ན།
་དེ་ནི་ད་ལྟར་སྐྱེས་པ་ཡིན་པའི་ཕྱིར་མི་སྐྱེ་ལ། འགགས་པ་ཡང་སྐྱེས་ཟིན་པ་ཁོ་ན་ཡིན་པས་དེ་ནམ་ཡང་མི་སྐྱེ་སྟེ། དེ་ལྟར་ན་སྐྱེས་པ་ལས་སེམས་མི་སྐྱེ་བ་ཡིན་ནོ།། རྒྱུ་བདུན་པོ་དེ་དག་གིས་ནི་སེམས་མི་སྐྱེ་བར་རིག་པར་བྱའོ།། དེ་ལས་བཟློག
་འི་རྒྱུ་བདུན་པོ་འདི་ལྟ་སྟེ། རྐྱེན་ཡོད་པ་དང་། ཡིད་ལ་བྱེད་པ་ཡོད་པ་དང་། ཐོབ་པ་དང་། མཐུན་པ་དང་། མོ་སྤངས་པ་དང་། མ་འགགས་པ་དང་། མ་སྐྱེས་པ་དག་གིས་ནི་སྐྱེ་བར་རིག་པར་བྱའོ།། སེམས་ཡོད་པ་སེམས་མེད་པའི་སའི་རྣམ་པར
་གཏན་ལ་དབབ་པ་རྫོགས་ཏེ། ས་འདི་གཉིས་ཀྱི་རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །། ཐོས་པ་ལས་བྱུང་བའི་སའི་རྣམ་པར་གཏན་ལ་དབབ་པ་ནི་གནས་ལྔ་པོ་ལུས་ཀྱི་ལས་ཡོངས་སུ་དག་པ་དང་། ངག་གི
་ལས་ཡོངས་སུ་དག་པ་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་དང་། བླ་ན་མེད་པ་དང་ལྡན་པ་ཉིད་ཀྱིས་སྐྱབས་ཀྱི་འོས་ཉེ་བར་བརྟགས་ནུས་སྐྱབས་སུ་འགྲོ་བར་བྱ་སྟེ། དེ་ལ་སྐབས་སུ
་འགྲོ་བར་བྱ་བ་ནི་དུ། རྒྱུ་གང་གིས་ནི་དེ་དག་ཉིད་ལ་སྐྱབས་སུ་འགྲོ། ཇི་ཙམ་གྱིས་ན་སྐྱབས་སུ་སོང་བ་ཡིན། སྐྱབས་སུ་སོང་བའི་ཇི་ལྟར་ནི་བསྒྲུབ་པར་བྱ། སྐྱབས་སུ་སོང་བའི་ཕན་ཡོན་ནི་གང་ཡིན་ཞེ་ན། སྨྲས་པ། སྐྱོབས་སུ་འགྲོ་བར་བྱ་བ་ནི
་གསུམ་སྟེ། སངས་རྒྱས་ལ་སོགས་པའོ།། རྒྱུ་བཞིས་ན་དེ་དག་ཉིད་ལ་སྐྱབས་སུ་འགྲོ་བ.རོ་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཤིན་ཏུ་དུལ་བའི་བདག་ཉིད་དང་། རྣམ་པ་ཐམས་ཅད་དུ་གདུལ་བྱ་འདུལ་བའི་ཐབས་ལོ་མཁས་པ་དང་། ཐོགས
་རྗེ་ཆེ་བ་དང་། ཟང་ཟིང་གི་མཆོད་པ་ཐམས་ཅད་ཀྱིས་མཉེས་པར་བྱ་བ་མ་ཡིན་གྱི་བསྒྲུབ་པའོ་མཆོད་པས་མཉེས་པར་བྱ་བས་སོ།། དེ་ལྟ་བུས་བསྟེན་པའི་ཆོས་གང་ཡིན་པ་དང་། དེའི་ཉན་ཐོས་ཀྱི་དགེ་འདུན་གང་ཡིན་པ་དེ་ཡང་དེ་ལྟ་བུ་ཁོ་ནས་སྐྱབས
་སུ་འོས་པ་ཡིན་པར་རིག་པར་བྱའོ།། རྒྱུ་བཞིས་ན་སྐྱབས་སུ་སོང་པོ་ཡིན་ཏེ། ཡོན་ཏན་ཤེས་པ་དང་། ཁས་བླངས་པོ་དང་། གཞན་མི་སྨྲ་བས་སོ།། སྐྱབས་སུ་སོང་བའི་ཡང་དག་པའི་བསྒྲུབ་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། སྐྱེས་བུ་དམོ་པཱ་ལ
་ལོགས་པར་བསྟེན་པ་དང་། དམ་པའི་ཆོས་མཉོན་པ་དང་། ཚུལ་བཞིན་ཡིད་ལ་བྱ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ།། ཡང་དག་པོར་བསྒྲུབ་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། དབང་པོ་མི་རྒོད་པར་བྱ་བ་དང་། བསླབ་པའི་གཞི
་ཡང་དག་པར་བྱ་བ་དང་། སེམས་ཅན་ལ་སྙིང་རྗེ་བར་བྱ་བ་དང་། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱའོ།། སྐྱབས་སུ་སོང་བའི་ཕན་ཡོན་ནི་བཞི་སྟེ། བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དང་། དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ
་འཐོབ་པ་དང་། ཏིང་ངེ་འཛིན་འཐོབ་པ་དང་། རྣམ་པར་དོག་པ་འཐོབ་པའོ།། གཞན་ཡང་ཕན་ཡོན་བཞི་སྟེ། སྲུང་བ་ཆེན་པོ་དང་ལྡན་པ་དང་། ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་བསྲབ་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པ་འཐོབ
་པ་དང་། དམ་པ་ཡང་དག་པར་སོང་བ་སྐྱེས་བུ་དམ་པ་རྣམས་ཀྱི་ནང་དུ་བགྲང་བར་འགྱུར་བ་དང་། སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་། བསྟན་པ་ལ་མངོན་པར་དད་པའི་ལྷ་རྣམས་ཀྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་ཏེ། ཆེ་གེ་མོ་ཞིག།
་བདག་ཅག་སྐྱབསུ་འགྲོ་བ་གང་དང་ལྡན་པས་དེ་ནས་ཤི་འཕོས་ནས་འདིར་སྐྱེས་པའི་སྐྱབས་སུ་འགྲོ་བ་དེ་དག་དང་ལྡན་ཞིང་ལན་མོང་དུ་གནས་པར་ན་དེ་ནི་བདག་ཅག་གི་གྲོགས་སུ་འགྱུར་བར་བོང་ངོ་སྙམ་ནས་ཡིད་དགའ་ཞིང་ཆེད་དུ་བརྗོད་པ་ཆེད་དུ
་རྗོད་པར་བྱེད་དོ།། སངས་རྒྱས་དང་ཆེས་དང་དགེ་འདུན་དཀོན་མཆོག་རྣམས་ཀྱི་ཁྱད་པར་ནི་རྣམ་པ་དྲུག་གིས་རིག་པར་བྱ་སྟེ། མཚན་ཉིད་དང་། ཕྲིན་ལས་དང་། མོས་པ་དང་། སྒྲུབ་པ་དང་། རྗེས་སུ་དྲན་པ་དང་། བསོད་ནམས་འཕེལ་བས་སོ།། དེ་ལ
་མཚན་ཉིད་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ནི་རིང་མངོན་པོར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་དོ།། ཆོས་དཀོན་མཆོག་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་འབྲས་བུའི་མཚན་ཉིད་དོ།། དགེ་འདུན་དཀོན་མཆོག་ནི
་གཞན་གྱི་མན་ངག་གིས་ཡང་དག་པར་སྒྲུབ་པའི་མཚན་ཉིད་དོ།། དེ་ལ་ཕྲིན་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ནི་ལུང་ལེགས་པར་འབོག་པའི་འཕྲིན་ལས་ཅན་ནོ།། ཆོས་དཀོན་མཆོག་ནི་ཉོན་མོངས་པ་དང་སྡུག
་བསྔལ་སྤོང་བ་ལ་དམིགས་པའི་ཕྲིན་ལས་ཅན་ཡིན་ནོ།། དགེ་འདུན་དཀོན་མཆོག་ནི་སྤྲོ་བ་མངོན་པར་འཕེལ་བར་བྱེད་པའི་ཕྲིན་ལས་ཅན་ཡིན་ནོ།། དེ་ལ་མོས་པ་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ལ་ནི་བསྙེན་བཀུར་ལ་གུས་པས་ཞེ་ན
་པར་བྱའོ།། ཆོས་དཀོན་མཆོག་ལ་ནི་མངོན་དུ་བྱ་བ་ལས་གུས་པས་ཞེན་པར་བྱའོ།། དགེ་འདུན་དཀོན་མཆོག་ལ་ནི་ཆོས་མཐུན་པ་བའི་དངོས་པོས་ལྷན་ཅིག་འགྲོགས་པ་ལ་གུས་པས་ཞེན་པར་བྱའོ།། དེ་ལ་སྒྲུབ་པ་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས
་དཀོན་མཆོག་ལ་ནི་མཆོད་པ་དང་རིམ་གྲོ་ཉེ་བར་སྒྲུབ་པས་བསྒྲུབ་པར་བྱའོ།། ཆོས་དཀོན་མཆོག་ལ་ནི་རྣལ་འབྱོར་གྱི་སྦྱོར་བ་གོམས་པར་བྱས་པས་བསྒྲུབ་པར་བྱའོ།། དགེ་འདུན་དཀོན་མཆོག་ལ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཐུན་མོང་གིས་བསྒྲུབ
་པར་བྱའོ།། དེ་ལ་རྗེས་སུ་དྲན་པས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ཀྱང་རྣམ་པ་གཞན་དག་གིས་རྗེས་སུ་དྲོན་པར་བྱ་ལ། ཆོས་དཀོན་མཆོག་ཀྱང་རྣམ་པ་གཞན་དག་གིས་རྗེས་སུ་དྲན་པར་བྱ། དགེ་འདུན་དཀོན་མཆོག་ཀྱང་རྣམ་པ་གཞན
་དག་གིས་རྗེས་སུ་དྲན་པར་བྱ་བ་སྟེ། འདི་ལྟ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བྱའོ།། དེ་ལ་བསོད་ནམས་འཕེལ་བ་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ལ་ནི་སེམས་ཅན་གཅིག་གི་དབང་དུ
་བྱས་པའི་བསོད་ནམས་མཆོག་འཕེལ་བར་འགྱུར་རོ།། ཆོས་དཀོན་མཆོག་ལ་ནི་ཆོས་ཀྱི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བར་འགྱུར་རོ།། དགེ་འདུན་དཀོན་མཆོག་ལ་ནཱི་སེམས་ཅན་མང་པོའི་དབང་དུ་བྱས་པའི་བསོད་ནམས་མཆོག
་འཕེལ་བར་འགྱུར་རོ།། བྲམ་ཟེའི་ཆོས་ལས་དགེ་སྦྱོང་གི་ཆོས་རྣམ་པ་ལྔས་ཁྱད་པར་དུ་འཕགས་ཏེ། ཆོས་རྣམ་པ་ལྔས་གང་ཞེ་ན། འདི་ལྟ་སྟེ། ཐོས་པའི་ཆོས་དང་། ཚུལ་ཁྲིམས་ཀྱི་ཆོས་དང་། ཡོངས་སུ་བཟུང་བའི་ཆོས་དང་། ལོངས་སྤྱོད་ཀྱི་ཆོས
་དང་། རྟོགས་པའི་ཆོས་ཀྱིས་སོ།། དེ་ལ་བྲམ་ཟེ་རྣམས་ཀྱི་ཐོས་པའི་ཆོས་ནི་དོན་ངན་པ་དང་། གཞན་ངག་ལ་བསྟན་པཱ་མི་འོས་པ་དང་། ཚིག་དང་ཡི་གེ་གསང་བའི་ཕྱིར་ངན་པ་ཡིན་ནོ།། དགེ་སློང་གི་ཐོས་པའི་ཆོས་ནི་དེ་ལས་ཟློག་པ་ཡིན་པས་བཟང་བར་རིག
་པར་བྱའོ།། དེ་ལ་བྲམ་ཟེ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཆོས་ནི་གང་ལ་ཇི་ལྟར་འཚེ་བ་གང་རྗེས་སུ་གནང་བ་ཡིན་པའི་ཕྱིར་ངན་པ་ཡིན་ནོ།། དགེ་སྦྱོང་གི་ཚུལ་ཁྲིམས་ཀྱི་ཆོས་ནི་དེ་ལས་བཟློག་པ་ཡིན་པས་བཟང་བར་རིག་པར་བྱའོ།། དེ་ལ་བྲམ་ཟེ་རྣམས་ཀྱི
་ཡོངས་སུ་གཟུང་བའི་ཆོས་ནི་བར་དུ་གཅོད་པ་ཞིང་གི་དངོས་པོ་དང་ཁང་ཁྱིམ་གྱི་དངོས་པོ་དང་། ཚོང་ཁང་གི་དངོས་པོ་ལ་སོགས་པ་ཡོངས་སུ་ཟིན་པའི་ཕྱིར་དང་། བུ་དང་ཆུང་མ་དང་བྲན་མོ་ལ་སོགས་པ་ཡོངས་སུ་འཛིན་པའི་ཕྱིར་དྲན་པ་ཡིན་ནོ།། དགེ
་སྐྱོང་རྣམས་ཀྱི་ཡོངས་སུ་བཟུང་བའི་ཆོས་ནི་སྡུག་བསྔལ་ལས་ངེས་པར་འབྱུང་བའི་ཆོས་མ་རྟོགས་པ་གཞན་མེད་པས་བཟང་བར་རིག་པར་བྱའོ།། དེ་ལ་བྲམ་ཟེ་རྣམས་ཀྱི་ལོངས་སྤྱོད་ཀྱི་ཆོས་ནི་བར་དུ་གཅོད་པ་སྤྲོས་པ་དང་། མེ་ཏོག་ཕྲེང་དང་།
་བྱུག་པ་དང་རྒྱནུ་ལྔ་སོགས་པས་ཡོངས་སུ་གཟུང་ལོངས་སྤྱོད་པའི་ཕྱིར་དང་། ཐོ་གར་མཁན་དང་ཟློས་གར་མཁན་དང་། བཞད་གང་མཁན་དང་། འཇོ་སྒེག་མཁན་ལ་སོགས་པ་ལ་ལྟ་བས་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་དང་།
་འཁྲིག་པའི་ཆོས་ཀྱིས་ལོངས་སྤྱོད་པའི་ཕྱིར་དྲན་པ་ཡིན་ནོ།། དགེ་སྦྱོང་གི་ལོངས་སྤྱོད་ཀྱི་ཆོས་ནི་ཁ་ན་མ་ཐོ་བ་མེད་པ་ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པས་ལོངས་སྤྱོད་པའི་ཕྱིར་བཟང་བར་རིག་པར་བྱའོ།། དེ་ལོ་བྲམ་ཟེ
་རྣམས་ཀྱི་རྟོགས་པའི་ཆོས་ནི་ཚངས་པའི་འཇིག་རྟེན་མཐའ་ཡིན་པ་དང་།། ཡང་ཕྱིར་ལྡོག་པ་དང་། ཀུན་ནས་ཉོན་མོངས་པ་ཅན་ཡིན་པ་དང་། སྡུག་བསྔལ་བ་དང་བཅས་པའི་ཕྱིར་ངན་པ་ཡིན་ནོ།། དགེ་སྦྱོང་གི་རྟོགས་པའི་ཆོས་ནི་མྱ་ངན་ལས་འདས
་པ་མཐའ་ཡིན་པ་དང་། ཡང་ཕྱིར་མི་ལྡོག་པ་དང་། གཅིག་ཏུ་དྲི་མ་མེད་པ་དང་།། གཅིག་ཏུ་བདེ་བ་ཡིན་པས་བཟང་བར་རིག་པར་བྱའོ།། འདོད་པ་ཚོལ་བ་ནི་རྣམ་པ་ལྔ་སྟེ། ཡོངས་སུ་གཟུང་བ་ཚོལ་བ་དང་། ལོངས་སྤྱོད་ཚོལ་བ་དང་།། རྩེང་མོ་དང་དགལ
་བ་ཚོལ་བ་དང་། ཀུན་ཤེས་པ་ཉམས་པ་ཚོལ་བ་དང་། གྲགས་པ་དང་། སྒྲ་ཚོལ་བའོ།། སྲིད་པ་ཚོལ་བ་ཡང་རྣམ་པ་ལྟ་སྟེ། ཆོས་ཉིད་ཀྱིས་ཚོལ་བ་དང་། སྨོན་པས་ཚོལ་བ་དང་། ཀུན་ཏུ་རྨོངས་པས་ཚོལ་བ་དང་། སྐྱོ་བས་ཚོལ་བ་དང་། སོ
་སོར་བརྟགས་པས་ཚོལ་བའོ།། ཚངས་པར་སྤྱོད་པ་ཚོལ་བ་ཡང་རྣམ་པ་ལྔ་སྟེ། བརྩལ་བ་ཙམ་ཚོལ་བ་དང་། དེ་འཐོབ་པར་འགྱུར་བ་ཚོལ་བ་དང་། འཕྲལ་དུ་འཐོབ་པ་ཚོལ་བ་དང་། དེའི་འོག་ཏུ་འཐོབ་པ་ཚོལ་བ་དང་། སོ་སོར་བརྟགས་ཏེ་ཕྱིས
་འཐོབ་པ་ཚོལ་བའོ།། རྣམ་གྲངས་གཞན་ཡང་བརྡར་བཏགས་པ་ཚོལ་བ་དང་། དོན་མཱ་པཱ་ཚོལ་བུ་དང་། དེ་ཡོངས་སུ་བཏགས་པ་ཚོལ་བ་དང་། ཐབས་མེད་པ་ཚོལ་བ་དང་། ཐབས་དང་བཅས་པ་ཚོལ་བའོ།། ། བམ་པོ་ཉི་ཤུ་རྩ
་གཅིག་པ།། སའི་དངོས་གཞིར་རིག་པའི་གནས་ལྔ་བསྟན་པ་གང་ཡིན་པ་དེ་ལ། ནང་གི་རིག་པ་ནི་རིག་པའི་གནས་ཐམས་ཅད་དང་། བསྟན་བཅོས་ཐམས་ཅད་དང་གཞུང་ལུགས་ཐམས་ཅད་ཀྱི་ནང་ན་མཆོག་དང་གཙོ་བོ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན།
་རྣམ་པར་དག་པའི་གཞིས་རྣམ་པར་དག་པའི་དོན་ཉིད་ཡིན་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དོན་ཐམས་ཅད་བསྡུས་པས་རྣམ་པར་དག་པའི་ཕྱིར་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་དོན་དེ་ཚར་མི་ཆོང་པས་རྣམ
་པར་དགྲ་པའི་ཕྱིར་དང་། དོན་དེ་ཉིད་ལ་འཇུག་ཟླ་བས་རྣམ་པར་དག་པའི་ཕྱིར་དང་། ཞུགས་པ་རྣམས་ཀྱི་སྒྲུབ་པ་ཆུད་མི་ཟ་བས་རྣམ་པར་དག་པའི་ཕྱིར་རོ།། སངས་རྒྱས་ཀྱི་བཀའ་དེ་ཡང་མདོར་བསྡུ་ན་ཚུལ་དྲུག་གིས་ཁོང་དུ་ཆུད་པར་བྱ་སྟེ།
་འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་། འཐོབ་པའི་ཚུལ་དང་། བཤད་པའི་ཚུལ་དང་། མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་གྱིས་སོ།། དེ་ལ་ཚུལ་སྔ་མ་གསུམེ་ནི་ཕྱི་མ
་གསུམ་གྱིས་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་ནི་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ།། འཐོབ་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ།། བཤད
་པའི་ཚུལ་ནི་དགོངས་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ།། དེ་ལ་དེ་ཁོ་ནའི་དོན་ཉིད་ཚུལ་ཡིན་པས། དེ་ཁོ་ནའི་དོན་གྱི་ཚུལ་དེ་དགོངས་པ་ཉིད་ཚུལ་ཡིན་པས་དགོངས་པའི་ཚུལ་གྱི་བར་དུའོ།། ཚུལ་གྱི་དོན་ན་དེ་དང་དེ་ལ་མ
་ནོར་བ་ཉིད་དང་ཇི་ལྟ་བ་བཞིན་ཉིད་དང་ཕྱིན་ཅི་མ་ལོག་པ་ཉིད་གང་ཡིན་པའོ།། དེ་ལོ་དེ་ཁོ་ནའི་དོན་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། འཇིག་རྟེན་གྱི་གྲགས་པ་དག་དང་། རིགས་པའི་གྲགས་པ་དང་། ཉོན་མོངས་པའི་སྒྲིབ་པ་རྣམ་པར
་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། རྣམ་པར་བཞག་པ་དང་། རྣམ་པར་མ་བཞག་པའོ།། དེ་ལ་དེ་ཁོ་ན་རྣམ་པ་བཞིའི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སར
་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ།། རྣམ་པར་བཞག་པའི་དེ་ཁོ་ན་གང་ཞེ་ན། སྨྲས་པ། འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་ནི་སྡུག་བསྔལ་དུ་རྣམ་པར་བཞག་པ་དང་། ལམ་གྱི་བར་དུ་ལམ་དུ་རྣམ་པར་བཞག་པའོ།། དེ་ཅིའི་ཕྱིར་ཞེ
་ན། འདི་ལྟར་དེ་ནི་ཀུན་རྫོབ་རྣམ་པ་གསུམ་གྱིས་རྣམ་པར་འཇོག་པར་བྱེད་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཀུན་རྫོབ་དང་། རིགས་པའི་ཀུན་རྫོབ་པ་དང་། རྟོགས་པའི་ཀུན་རྫོབ་ཀྱིས་སོ།། དེ་ལ་འཇིག་རྟེན་གྱི་ཀུན་རྩུབ་ཀྱིས་ནི་ཁང་ཁྱིམ་དང་བུམ་པོ་དང
་དམག་དང་ནགས་ཚལ་དང་། གྲངས་ལ་སོགས་པ་རྣམ་པར་བཞག་པ་དང་། བདག་དང་སེམས་ཅན་ལ་སོགས་པ་རྣམ་པར་བཞག་པས་རྣམ་པར་འཇོག་གོ། རིག་པའི་ཀུན་རྫོབ་ཀྱིས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར
་བཞག་པས་རྣམ་པར་འཇོག་གོ། རྟོག་པའི་ཀུན་རྫོབ་ཀྱིས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་དང་། དེ་དག་གི་གནས་རྣམ་པར་འཇོག་གོ། དེ་དག་ཀྱང་མདོར་བསྡུ་ན་རྣམ་པར་བཞག་པ་རྣམ་པ་བཞིར་འགྱུར་ཏེ། ཇི་སྐད་བསྟན་པ་གསུམ
་དང་། དོན་དམ་པའི་ཀུན་རྫོབ་ཀྱིས་དོན་དམ་པའི་བདེན་པ་རྣམ་པར་བཞག་པ་སྟེ། དེའི་དོན་ནི་སོ་སོར་རང་རིག་པ་ཡིན་པའི་ཕྱིར་རྣམ་པར་བཞག་པར་བྱ་བ་མ་ཡིན་གྱི། དེ་ཤེས་པ་སྐྱེ་བ་དང་མཐུན་པ་ཉིད་ལས་བརྟེན་ཏེ། རྣམ་པར་འཇོག་གོ།།
་རྣམ་པར་མ་བཞག་པའི་དེ་ཁོ་ན་གང་ཞེ་ན། སྨྲས་པ། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པའོ།། འཐོབ་པ་གང་ཞེ་ན། འཐོབ་པ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་འཐོབ་པ་དང་། ཉན་ཐོས་ཀྱི་ཐེག་པ
་འཐོབ་པ་དང་། རང་ར་སངས་རྒྱས་ཀྱི་ཐེག་པ་འཐོབ་པ་དང་། ཐེག་པ་ཆེན་པོ་འཐོབ་པའོ།། དེ་ལས་སེམས་ཅན་རྣམས་ཀྱི་ལས་རྣམ་པར་སྨིན་པ་འ་ཐོབ་པ་ནི། ལས་དགེ་བ་དང་མི་དགེ་བར་མངོན་པར་འདུ་བྱེད་པས་ལས་བདག་གིར་བྱ་བ་ཉིད་ལ་བརྟེན
་ནས། རྒྱུ་དེས་འགྲོ་བ་ལྔའི་འཁོར་བར་སེམས་ཅན་རྣམས་ཀྱི་རྣམ་པར་སྨིན་པ་མངོན་པར་འགྲུབ་དང་། རྣམ་པར་སྨིན་པ་སོ་སོར་མྱོང་བ་གང་ཡིན་པའོ།། དེ་ལ་ཉན་ཐོས་ཀྱི་ཐེག་པ་འཐོབ་པ་ནི་སྐྱབས་སུ་འགྲོ་བ་ལ་སོགས་པོ་ནས། དགེ་སྦྱོང་གི
་རྒྱན་གྱི་བར་ལ་བརྟེན་ནས་རྣམ་པ་ལྔ་འཐོབ་པ་གང་ཡིན་པ་སྟེ། ས་འཐོབ་པ་དང་། ཤེས་པ་འཐོབ་པ་དང་། དད་པ་འཐོབ་པ་དང་། འབྲས་བུ་འཐོབ་པ་དང་། ཡོན་ཏན་འཐོབ་པའོ།། དེ་ལ་ས་འོ་ཐོབ་པ་ནི་ས་གསུམ་སྟེ། མཐོང་བའི་ས་དང་།
་བསྒོམ་པའི་ས་དང་། མཐར་ཐུག་པའི་སའོ།། དེ་ལ་ཤེས་པ་འཐོབ་པ་ནི་ཤེས་པ་དགུ་སྟེ། འདི་ལྟ་སྟེ། ཆོསྣ་ཤེས་པ་དང་། རྗེས་སུ་རྟོག་པ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་བྱ་དང་།
་འགོག་པ་ཤེས་པ་དང་། ལམ་པ་ཤེས་པ་དང་། དེ་དག་གིས་རྗེས་ལས་འཐོབ་པ་ཀུན་རྫོབ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ།། དེ་ལ་དད་པ་འཐོབ་པ་ནི་ཤེས་ནས་དད་པ་བཞི་པོ་དག་གོ། དེ་ལ་འབྲས་བུ་འཐོབ་པ་ནི
་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་གོ།། དེ་ལ་ཡོན་ཏན་འཐོབ་པ་ནི་ཚད་མེད་པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱོ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང
་དག་པོར་རིག་པ་དང་། མངོན་པར་ཤེས་པ་འཐོབ་སྟེ། དེ་དག་ཐམས་ཅད་ཀྱི་རྣམ་པར་དབྱེ་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། ཉན་ཐོས་ཀྱི་ཐེག་པ་དག་ཐོང་པོའི་ཐོབ་པར་བྱེད་པའི་རྒྱུ་ནི་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ
་དང་། ཐར་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་ཡིན་ནོ།། དེ་ལ་རང་སངས་རྒྱས་ཀྱི་ཐེག་པ་འཐོབ་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཐོབ་པ་མངོན་དུ་བཏང་བ་དང་།
་རྟོགས་པ་མངོན་དུ་བཏང་བ་དང་། སྔོན་དུ་མ་བཏང་པོའོ།། དེ་ལ་འཐོབ་པ་དང་པོ་གཉིས་ཀྱིས་ནི་རང་རྒྱལ་བ་རྣམས་སུ་འགྱུར་རོ།། ཐམས་ཅད་ནི་བསེ་རུ་ལྟ་བུར་འགྱུར་རོ།། དེ་ལ་ཐོག་པ་ཆེན་པོ་འཐོབ་པ་ནི་རྣམ་པ་བརྒྱད་དེ། སེམས་བསྐྱེད་པ
་འཐོབ་པ་དང་། སྙིང་རྗེ་འཐོབ་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐོབ་པ་དང་། བསྡུ་བའི་དངོས་པོ་འཐོབ་པ་དང་། སྲ་འཐོབ་པ་དང་། དཔག་ཏུ་མེད་པ་ལྔ་ལ་དེ་བཞིན་ཉིད་ཁོང་དུ་ཆུད་པ་འཐོབ་པ་དང་། མཐུ་བསམ་གྱིས་མི་ཁྱབ་པ་འཐོབ་པ་དང་།
་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་འཐོབ་པ་གང་ཡིན་པ་སྟེ། དེ་དག་གིས་རྣམ་པར་དབྱེ་བ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སར་སྔར་བསྟན་པ་བཞིན་དུ་རིག་པོར་བྱའོ།། དེ་ལ་བཤད་པོ་ནི་མདོར་བསྟན་གནས་གསུམ་གྱིས
་བསྡུས་པ་ཡིན་ཏེ། སྡེ་སྣོད་བསྡུ་བ་དང་། མ་མོ་བསྡུ་བ་དང་། དེ་གཉི་ག་བསྡུ་བས་སོ།། དེ་ལ་སྡེ་སྣོད་བསྡུ་བ་ནི་ཉན་ཐོས་ཀྱི་སྡེ་སྣོད་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ངོ་།། དེ་ལ་མ་མོ་བསྡུ་བ་ནི་ས་བཅུ་བདུན་དང་། བསྡུ་བ་བཞིའོ།། དེ་ལ་དེ
་གཉི་ག་བསྡུ་ནི། མདོར་བེསྟྲི་ན་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། དབེན་པའི་མཚན་ཉིད་བཤད་པ་དང་། ཡོངས་སུ་ཤེས་པ་བཤད་པ་དང་། སྤང་བ་བཤད་པི་དང་། མངོན་དུ་བྱ་བ་བཤད་པ་དང་། བསྒོམ་པ་བཤད་པ་དང་། དེ་དག
་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བ་བཤད་པ་དང་། དེ་དག་ཉིད་ཀྱི་གནས་དང་གནས་པའི་འབྲེལ་པ་བཤད་པ་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་ཆོས་བཤད་པ་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་རྗེས་སུ་མཐུན
་པའི་ཆོས་བཤད་པ་དང་། ཡོངས་སུ་མི་ཤེས་པ་ལ་སོགས་པ་དང་། ཡོངས་སུ་མི་ཤེས་པ་ལ་སོགས་པའི་ཉེས་དམིགས་དང་ཕན་ཡོན་བཤད་པ་སྟེ། དེ་ལྟར་ན་དེ་ནི་སྔ་སྣོད་བསྡུ་བ་དང་། མ་མོ་བསྡུ་བ་ཐམས་ཅད་སྡུད་པར་བྱེད་པས
་མ་མོ་བསྡུས་པ་ཤེས་བྱའོ།། ཡང་མདོར་བསྡུ་ན་བཤད་པ་རྣམ་པ་བཅུ་གཉིས་ཡོད་དེ། འདི་ལྟ་སྟེ། དངོས་པོ་བཤད་པ་དང་། མིང་གི་རྣམ་གྲངས་བཤད་པ་དང་། རང་གི་གཞུང་ལུགས་བརྟག་པ་བཤད་པ་དང་།
་གཞན་གྱི་གཞུང་ལུགས་བརྟག་པ་བཤད་པ་དང་། དྲང་བའི་དོན་བཤདྲ་བ་དང་། ངེས་པའི་དོན་བཤད་པ་དང་། ཀུན་རྫོབ་ཀྱི་བདེན་པ་བཤད་པ་དང་། དོན་དམ་པའི་བདེན་པ་བཤད་པ་དང་། གསང་བ་བཤད་པ་དང་། རྣམ་པར་ཕྱེ་བ་བཤད
་པ་དང་། ལྡན་གདབ་པའི་དངོས་པོ་བཤད་པ་དང་། ལན་མི་གད་པ་པའི་དངོས་པོ་བཤད་པའོ།། དེ་ལ་དངོས་པོ་བཤད་པ་ནི་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པའི་ཆོས་རྣམས་སོ་སོར་བཤད་པ་ཡིན་པའོ།། དེ་ལ་མིང་གི་རྣམས་གྲངས
་བཤུད་པ་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་དང་། དབང་པོ་དང་བདེན་པའི་མིང་དང་དྲན་པ་ཉེ་བར་གཞག་པ་ལ་སོགས
་པའི་མིང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་དང་། ཐོགས་པ་དང་བཅས་པ་དང་ཐོགས་པ་མེད་པ་ལ་སོགས་པའི་མིང་གིས། མིང་གི་རྣམ་གྲངས་དཔག་ཏུ་མེད་པ་དག་རྒྱ་ཆེར་བཤད་པའི
་གང་ཡིན་པའོ།། དེ་ལ་རང་གི་གི་ཞུང་ལུགས་བརྟག་པ་བཤད་པ་ནི་རྣམ་པར་བཤད་པ་བསྡུ་བ་ལ་བརྟེན་ནས་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་བསྟན་པའི་སྡེ་ལ་སོགས་པའི་བཤད་པ་དང་ཡང་དག་པར་བཤད་པ་གང་ཡིན་པ
་དེ་ལ་གཞན་གྱི་གཞུང་ལུགས་བརྟག་པ་བཤད་པ་ནི་གཏན་ཚིགས་ཀྱི་རིག་པ་རྣམ་པ་བདུན་ལ་བརྟེན་ནས་ཕས་ཀྱི་རྒོལ་བ་ཚར་བཅད་པ་དང་། རང་གི་སྨྲ་བའི་གཞུང་གཟུགས་པ་གང་ཡིན་པའོ།། གཏན་ཚིགས་ཀྱི་རིགས་པ་རྣམ་པ་བདུན་ནི་འདི་ལྟ
་སྟེ། སྨྲ་བ་དང་། སྨྲ་བའི་ཞལ་ཆེ་བ་དང་། སྨྲ་བའི་གཞི་དང་། སྨྲ་བའི་རྒྱན་དང་། སྨྲ་བ་ཆད་པས་བཅད་པ་དང་། སྨྲ་བ་ལས་འབྱུང་བ་དང་། སླ་བ་གཅེས་སྤྲ་ས་ལ་དགོས་པའི་ཆོས་རྣམས་སོ།། དེ་ལ་དྲུང་བའི་དོན་བཤད་པ་ནི་བཅོམ་ལྡན་འདས་ཀྱིས་མདོའི
་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་ལ་སོགས་པ་གང་དག་བཤད་ལ། དོན་རྣམ་པར་མ་ཕྱེ་བ་དྲང་བར་བྱ་དགོས་པ་གང་ཡིན་པའོ།། དེ་ལ་ངེས་པའི་དོན་བཤད་པ་ནི་དེ་ལས་ཟློག་པར་རིག་པར་བྱའོ།། དེ་ལ་ཀུན་རྫོབ་ཀྱི
་བདེན་པ་བཤོད་པ་ནི། ཚིག་གི་ལམ་གྱིས་བརྗོད་པ་གང་ཅི་ཡང་རུང་སྟེ་ཐ་མས་ཅང་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ།། མིང་དང་འདུ་ཤེས་དང་བརྗོད་པའི་དབང་དུ་བྱ་བ་འདི་ལྟ་སྟེ། མཚན་མ་དང་མིང་དང་རྣམ་པར་རྟོག་པ་གོང་ཅི་ཡང་རུང་བ་དེ
་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ།། དེ་ལ་དོན་དམ་པའི་བདེན་པ་བཤད་པ་ནི་འཕགས་པའི་བདྲེན་པ་བཞི་བཤུད་པ་དང་། དེ་བཞིན་ཉིད་དང་ཡང་དག་པོའི་མཐའ་དང་། ཆོས་ཀྱི་དབྱིངས་བཤད་པ་གང་ཡིན་པའོ།། དེ་ལ་གསང་བ
་བཤད་པ་འདི་ལྟ་སྟེ། ཕལ་ཆེར་ནི་ཉན་ཐོས་ཀྱི་སྡེ་སྣོད་བཤད་པ་གང་ཡིན་པའོ།། དེ་ལ་རྣམ་པར་ཕྱེ་བ་བཤད་པ་ནི་འདི་ལྟ་སྟེ། ཕལ་ཆེར་ནི་ཐེག་པ་ཆེན་པོའི་སྡེ་སྣོད་བཤད་པ་ཡིན་པའོ།། དེ་ལ་ལན་གདབ་པའི་དངོས་པོ་བཤད་པ་ནི་འདི་ལྟ་སྟེ།
་ཆོས་ཀྱི་མདོ་བཞི་པོ་དགྲ་བཤད་པ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་ནི་ལྕི་བའོ་ཞེས་བྱ་བའི་བར་དང་། དེ་ལྟ་བུ་དང་མཐུན་པ་དག་བཤད་པ་གང་ཡིན་པའོ།། དེ་ལ་ལན་མི
་གདབ་པའི་དངོས་པོ་བཤད་པ་ནི་འདི་ལྟ་སྟེ། འཇིག་རྟེན་རྟག་གམ་ཞེས་དྲིས་ན་དེ་ནི་བདག་གིས་ལན་མ་བཏབ་བོ་ཞེས་སྨྲ་ཞིང་ལན་འདེབས་པར་མི་བྱེད་པ་དང་།། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནམ་ཞེས
་བྱ་བའི་བར་དུ་དྲིས་ན། དེ་ནི་བདག་གིས་ལན་མ་བཏབ་བོ་ཞེས་སྨྲ་ཞིང་ལན་འདེབས་པར་མི་བྱེད་པ་གང་ཡིན་པའོ།། དེ་ལ་ལན་མི་གདབ་པའི་དངོས་པོ་བཤད་པ་ནི་རྒྱུ་རྣམ་པ་བཞིས་རིག་པར་བྱ་སྟེ། མེད་པའི་ཕྱིར་ལན་མི་འདེབས་པའང་ཡོད་དོ།།
་འདི་ལྟ་སྟེ། ཅི་བདག་ཕུང་པོ་རྣམས་ལས་གཞན་ནམ་གཞན་མ་ཡིན་ནམ་རྟག་གམ་མི་རྟག་ཅེས་བྱ་བ་ལ་སོགས་པའོ།། དོན་དང་མི་ལྡན་པའི་ཕྱིར་ལན་མི་འདེབས་པ་ཡོད་དེ། འདི་ལྟ་སྟེ། ཤིང་ཤ་པའི་ལོ་མོའི་དཔེའི་མདོ་ལས། ངས་ནི་ཆོས་འདི
་སྙེད་ཅིག་མངོན་པར་ཐུགས་སུ་ཆུད་ཀྱང་མ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་དོན་དང་ལྡན་པ་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ལྟ་བུའོ།། ཟབ་པའི་ཕྱིར་ལན་མི་འདེབས་པ་ཡང་ཡོད་དེ། འདི་ལྟ་སྟེ་བདག་ཡོད་དམ་ཞེས་འདྲི་ན། ཕུང་པོ
་རྣམས་ལ་བདག་ཏུ་འཛིན་པར་གྱུར་ཏམ་ཕུང་པོ་རྣམས་ལས་དོན་གཞན་དུ་གྱུར་པ་ཡོད་པར་འཛིན་ན་མི་རུང་བས་ལན་མི་འདེབས་པ་དང་། བདག་མེད་དམ་ཞེས་འདྲི་ན། སྐྱེས་བུའི་ཐ་སྙད་ལ་སྐར་པ་འདེབས་པ་འཛིན་པར་གྱུར་ན་མི་རུང་བས་ལན་མི
་འདེབས་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་དམ་ཞེས་བྱ་བ་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནམ་ཞེས་བྱ་བའི་བར་དུ་འདྲི་ན་ཟབ་པའི་ཕྱིར་ལན་མི་འདེབས་པ་ལྟ་བུའོ།། དེ་བཞིན་ཉིད་ཀྱི་མཚན་ཉིད་རྣམ་པར
་བཞག་པ་ལས་ལན་མི་འདེབས་པ་ཡང་ཡོད་དེ། འདི་ལྟ་སྟེ། ཆོས་གང་དག་གི་དེ་བཞིན་ཉིད་དེ་ཅི་ཆོས་དེ་དག་ལས་གཞན་ནམ་གཞན་མ་ཡིན་ཞེས་འདྲིན་ལན་འདེབས་པ་ལྟ་བུ་སྟེ། འདི་ལྟར་མཚན་ཉིད་དེ་དེ་ནི་གཞན་པ་ཉིད་ཀྱང་མ་ཡིན་གཞན་མ
་ཡིན་པ་ཉིད་ཀྱང་མ་ཡིན་པར་རྣམ་པར་གནས་པ་ཡིན་པའི་ཕྱིར་རོ།། གཞན་ཡང་ལན་མི་གདབ་པའི་དངོས་པོ་བཤད་པ་ནི་རྒྱུ་རྣམ་པ་བཞིས་རིག་པར་བྱ་སྟེ། མུ་སྟེགས་ཅན་རྣམས་ཀྱིས་བཤད་པ་ཡིན་པའི་ཕྱིར་དང་། ཚུལ་བཞིན་མ
་ཡིན་པའི་ཕྱིར་དང་། དོན་དང་མི་ལྡན་པའི་ཕྱིར་དང་། རྩོད་པའི་གཞིའི་གནས་སུ་གྱུར་པ་འབའ་ཞིག་ཡིན་པའི་ཕྱིར་རོ།། དོ་ནི་དང་མི་ལྡན་པ་ནི་རྒྱུ་གཉིས་ཀྱིས་རིག་པར་བྱ་སྟེ། རྒྱུ་དང་འབྲས་བུ་བསམ་པ་དང་བྲལ་པོ་ཉིད་ཀྱི་ཕྱིར་དང་། ཀུན་ནས
་ཉོན་མོངས་པ་དང་རྣམ་པར་བྱང་བ་བསམ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། མཐའ་གཉིས་རྣམ་པར་སྤང་བ་གང་ཞེ་ན། དེ་ནི་མདོར་བསྡུ་ནི་རྣམ་པ་དྲུག་ཏུ་ལྟར་བར་བྱ་སྟེ། ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པའི་མཐའ་རྣམ་པར་སྤང་བ་དང་། ཡོད
་པལ་སྐུར་པ་འདེབས་པའི་མཐོའ་རྣམ་པར་སྤང་བ་དང་། རྟག་པར་འཛིན་པའི་མཐའ་རྣམ་པར་སྤང་བ་དང་། ཆད་པར་འཛིན་པའི་མཐའ་རྣམ་པར་སྤོང་བ་དང་། འདོད་པའི་བསོད་ཉམས་ལ་སྦྱོར་བའི་མཐའ་རྣམ་པར་སྤང་བ་དང་། བདག་ཉིད་ལ་ཕ
་སྦྱོར་བའི་མཐའ་རྣམ་པར་སྤང་བའོ།། དེ་དག་གི་རྣམ་པར་དབྱེ་བ་ནི་སྔར་དེ་དང་དེ་དག་ཏུ་བསྟན་པ་ཁོ་ན་བཞིན་དུ་རིག་པར་བྱའོ།། དེ་ལ་བསམ་གྱིས་མི་ཁྱབ་པ་གང་ཞེ་ན། མདོར་བསྡུ་ན་བསམ་གྱིས་མི་ཁྱབ་པ་དྲུག་སྟེ།
་བདག་ལ་སེམས་པ་དང་། སེམས་ཅན་ལ་སེམས་པ་དང་། འཇིག་རྟེན་ལ་སེམས་པ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་དང་། བསམ་གཏན་པ་རྣམས་ཀྱི་བསམ་གཏན་པའི་ཡུལ་དང་། སངས་རྒྱས་རྣམས
་ཀྱི་སངས་རྒྱས་ཀྱི་ཡུལ་ལོ།། དེ་ལ་བདག་ལ་སེམས་པ་དང་། སེམས་ཅན་ལ་སེམས་པ་དང་། འཇིག་རྟེན་ལ་སེམས་པ་ནི་ལྟ་བ་ལ་བརྟེན་ན་ནི་བསམ་གྱིས་མི་ཁྱབ་པ་དག་ཡིན་ནོ།། ལྟེ་བ་ལ་མ་བརྟེན་ན་ནི་བསམ་གྱིས་མི་ཁྱབ་པ་དག་ཡོན་ནོ།།
་དེ་ལ་བདག་ལ་སེམས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འདི་སྙམ་དུ་སེམས་ཏེ། ཅི་བདག་འདས་པའི་དུས་ན་བྱུང་བར་གྱུར་ཏ་མཽ་ཞེས་བྱ་བ་ནས་རྒྱས་པར་དུས་གསུམ་རྣམས་སུ་ཡང་དེ་བཞིན་དུ་བདག་ནི
་གཟུགས་ཅན་ཡིན་ཏེ། དེ་ཕན་ཚུན་འདུ་ཤེས་ཅན་ནམ། དེ་བཞིན་དུ་འདུ་ཤེས་མེད་པ་འམ། འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་འགྱུར་རོ་སྙམ་པ་དང་། གཟུགས་ཅན་ཇི་ལྟ་བ་བཞིན་དུ་གཟུགས་ཅན་མ
་ཡིན་པ་ཡང་དེ་བཞིན་ཏེ། རྒྱས་པར་འདི་ལྟ་སྟེ། ཚངས་པའི་དྲ་བའི་མདོ་ལས། ཇི་སྐད་དུ་རྟག་པར་སྨྲ་བ་རྣམས་དང་། དེ་བཞིན་དུ་ཆོད་པར་སྨྲ་བ་རྣམས་དང་། ཚེ་འདི་ལ་མྱ་ངན་ལས་འདས་པར་སྨྲ་བ་རྣམས་དང་། སྔོན་གྱི་མཐར་རྟོག་པ
་རྣམས་དང་། ཕྱི་མའི་མཐར་རྟོག་པ་རྣམས་དང་། ཅི་རིགས་པར་སྦྱར་བར་བལྟ་བར་བྱའོ།། དེ་བཞིན་དུ་སྲོག་དེ་ལུས་དེ་ཡིན་ནོ་སྙམ་པ་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་སྙམ་པ་དང་། འདི་ཉིད་ཟད་པར་ཡིན་ནོ་སྙམ་པ་དང་། གཉིས
་སུ་མེད་དོ་སྙམ་པ་དང་། གཞན་མ་ཡིན་ནོ་སྙམ་པ་དང་། བདག་གི་བོ་དག་ནི་མ་ཆིང་བ་མ་ཡིན་ནོ་སྙམ་དུ་སེམས་པའོ།། དེ་ལ་སེམས་ཅན་ལ་སེམས་པ་ནི་འདི་ལྟར་འདྲིན་ལ་ལ་འཇིག་ཚོགས་ལ་ལྟ་བུ་ཁོ་ན་ལ་བརྟེན་ནས་འདི་སྙམ་དུ་སེམས
་ཏེ། སེམས་ཅན་ག་ལས་བྱུང་། སེམས་ཅན་གྱི་བྱེད་པ་པོ་སུ་ཡིན། སེམས་ཅན་གང་གི་བར་དུ་འགྲོ། སེམས་ཅན་གང་དུ་འགག་པར་འགྱུར་སྙམ་དུ་སེམས་པའོ།། དེ་ལ་འཇིག་རྟེན་ལ་སེམས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་ཚོགས་ལ
་བརྟེན་ནས་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་རྟག་གོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བྱའོ།། ཆོས་ཉིད་ལས་བརྩམས་ནས་ཀྱང་འདི་སྙམ་དུ་སེམས་ཏེ། བདག་གི་ཆོས་ཉིད་དང་། སེམས་ཅན་གྱི་ཆོས་ཉིད་དང་། འཇིག་རྟེན་གྱི་ཆོས་ཉིད
་འདི་ཅི་ལས་དེ་ལྟར་བྱུང་སྙམ་དུ་སེམས་ཤིང་ཆོས་ཀྱི་རིགས་པོ་ཁོ་ནས་མི་འཇུག་པ་ཡིན་ཏེ། དེའི་ཕྱིར་དེ་ཡང་བསམ་གྱིས་མི་ཁྱབ་པའི་གནས་ལ་སེམས་དཔ་ཞེས་བྱའོ།། དེ་ལ་སེམས་ཅན་རྣམས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་ནི
་རྣམ་པ་བཞིས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། གནས་དང་དངོས་པོ་དང་། རྒྱུ་དང་རྣམ་པར་སྨིན་པོ་ལས་སོ།། དེ་ལ་བསམ་གཽཏན་པ་རྣམས་ཀྱི་བསམ་གཏན་པོའོ་ཡུལ་ནི་རྣམ་པ་གསུམ་གྱིས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ།
་དེ་བཞིན་ཉིད་ཟད་པའི་དོན་དང་། དབང་སྒྱུར་བ་དང་། ཟག་པ་ཟད་པའི་དབྱིངས་ཡང་དག་པར་འགྲུབ་པས་སོ།། དེ་ལ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ནི་རྣམ་པ་ལྔས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ཇི་སྐད་བསྟན་པ
་གསུམ་པོ་དེ་དག་ཉིད་དང་། གཞན་གཉིས་ཀྱིས་ཏེ། སྒྲིབ་པ་མེད་པ་དང་། སེམས་ཅན་གྱི་དོན་གྱི་བྱ་བ་མཛད་པས་སོ།། དེ་ལ་དགོངས་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཅུ་དྲུག་སྟེ། ཡང་དག་པར་སྟོན་པའི་དགོངས་པ་དང་། འདུན་པ་ཟློག་པའི
་དགོངས་པ་དང་། ཡང་དག་པར་འཛིན་དུ་འཇུག་པའི་དགོངས་པ་དང་། ཡང་དག་པར་གཟེངས་པ་སྟོང་པའི་དགོངས་པ་དང་། ཡང་དག་པར་རབ་ཏུ་དགའ་བར་མཇེད་པའི་དགོངས་པ་དང་། གཟུང་བའི་དགོངས་པ་དང་། ཐེ་ཚོམ་བཅད་པའི་དགོངས་པ་དང་།
་ཡོངས་སུ་སྨིན་པར་བྱ་བའི་དགོངས་པ་དང་། ཏིང་ངེ་འཛིན་དུ་བྱ་བའི་དགོངས་པ་དང་། རྣམ་པར་གྲོལ་བར་བྱ་བའི་དགོངས་པ་དང་། དོན་གཞན་དང་འབྲེལ་བའི་དགོངས་པ་དང་། རྟོག་པར་བྱེད་པ་རྣམས་ལ་ཁ་ན་མ་ཐོ་བ་མེད་པའི་དགའ་བ་དང་མཆོག
་ཏུ་དགའ་བ་བསྐྱེད་པའི་དགོངས་པ་དང་། སྨྲ་བ་པོ་ལ་ཉན་པ་རྣམས་རི་མོ་ཆེར་བསྐྱེད་པར་བྱ་བའི་དགོངས་པ་དང་། ཆོས་ཀྱི་ཚུལ་འཇུག་པར་བྱ་བའི་དགོངས་པ་དང་། དགེ་བ་མང་བར་བྱ་བའི་དགོངས་པ་དང་། མཚན་མ་ཐམས་ཅད་ཟིལ་གྱིས་མནན།
་པའི་དགོངས་པོའོ།། དེ་ལ་ཇི་ལྟར་ན་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་པར་བྱ་ཞེ་ན། སྡུག་བསྔལ་གྱི་བདེན་པ་ནས་ལམ་གྱི་བདེན་པའི་བར་དུ་རྣམ་པར་གཞག་པ་ལ་ནི་མདོར་བསྡུ་ན་སྒྲོ
་འདོགས་པའི་མཐའ་ཡིན་ཏེ། བདག་ཏུ་སྒྲོ་འདོགས་པ་དང་། རྟག་པར་སྒྲོ་འདོགས་པ་དང་། བཙང་བར་སྒྲོ་འདོགས་པ་དང་། བདེ་བར་སྒྲོ་འདོགས་པའོ།། དེ་དག་ནི་ཕྱིན་ཅི་ལོག་བཞི་ཡིན་ཏེ། དེ་དག་གི་གཉེན་པོར་དྲན་པ་ཉེ་བར་གཞག
་པ་བཞི་དང་། ཤེས་པ་བཞི་བསྟན་ཏོ།། རྒྱུ་གང་གིས་ན་བདག་ཏུ་ལྟ་བ་བདག་ཏུ་སྒྲོ་འདོགས་པར་འགྱུར་ཞེ་ན། དེ་ནི་འདི་ལྟ་སྟེ། རྟོག་པ་དང་བཅས་པ་སྤྱོད་པ་དང་བཅས་པའི་སོར་རྒྱས་པར་སྔར་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། འདི་ལྟར་དེར
་ཇི་ལྟར་བདག་མི་རིགས་པ་དེ་ལྟར་རྒྱ་ཆེར་བསྟན་པའི་ཕྱིར་རོ།། ཡང་མདོར་བསྡུ་ན་བདག་ནི་ཕུང་པོ་རྣམས་ལས་སྐྱེ་བ་དང་མཚན་ཉིད་དང་ལས་ལས་ཀྱང་དོན་གཞན་དུ་གྱུར་པ་མི་དམིགས་པའི་ཕྱིར་དང་། འདུ་བྱེད་རྣམས་ནི་དེ་དང་མཚན
་ཉིད་མི་འདྲ་བར་གནས་པའི་ཕྱིར་བདག་མེད་པ་ཉིད་དུ་རིག་པར་བྱའོ།། རྟག་པ་ཉིད་ཀྱང་ཇི་ལྟར་མི་རིགས་པ་དེ་ལྟར་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ།། མི་སྡུག་པ་ཉིད་རྣམ་པ་དྲུག་ཀྱང་ཉན་ཐོས་ཀྱི་སར་རྒྱ་ཆེར་བསྟན་ཟིན་ཏོ།། སྡུག་བསྔལ
་ཉིད་རྣམ་པ་གསུམ་ཡང་འདི་ལྟ་སྟེ། རྟོག་པ་དང་བཅས་སྤྱོད་པ་དང་བཅས་པའི་སར་བསྟེན་ཟིན་ཏོ།། དེ་ལ་སྐུར་བ་འདེབས་པའི་མཐའ་ནི་བདེན་པོ་བདེན་པའི་མཚན་ཉིད་ཀྱིས་རྣམ་པར་བཞག་པ་དེ་དག་ཉིད་ལ་མཚན་ཉིད་ངེས་མེད་པ་ཉིད་དུ
་འཛིན་པ་དང་། མེད་པ་ཉིད་དུ་ཡོངས་སུ་སྟོན་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་བདེན་པ་དེ་དག་ལ་སྐུར་བ་འདེབས་པ་དེས་ནི་ཚད་མ་གསུམ་པོ་མངོན་སུམ་དང་རྗེས་སུ་དཔག་པ་དང་། ཡིད་ཆེས་པའི་ལུང་དང་། ཀུན་ནས་ཉོན་མོངས་པ་དང་།
་རྣམ་པར་བྱང་བ་ལ་ཡང་སྐུར་བ་བཏབ་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་ནི་སྐུར་པ་འདེབས་པའི་མཐའ་ཡིན་ནོ།། གང་མཐའ་གཉིས་ལ་སྐུར་བ་མི་འདེབས་པ་དེ་ནི་བདེན་པ་དེ་དག་ལ་མོས་པ་དང་། རྟོག་པ་དང་། རིམ་གྱིས
་རྣམ་པར་དག་པ་ཐོབ་པར་ཡང་འགྱུར་རོ།། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སྨྲས་པ། སྐྱེ་བའི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྔ་མ་བཞིན་ཏེ། མདོར་བསྡུ་ན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཇི་སྐད་བསྟན་པ་ནི་སྡུག་བསྔལ་གྱི་བདེན་པ
་ཞེས་བྱའོ།། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། སྨྲས་པ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཇི་སྐད་བསྟན་པ་ཐམས་ཅད་ནི་ཀུན་འབྱུང་བའི་བདེན་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱི་གཙོ་བོར་ནི་སྲེད་པ
་ཡིན་པོ་བསྟན་ཏོ།། གཙོ་བོའི་རྒྱུ་རྣམས་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། འགོག་པའི་བདེན་པ་གང་ཞེ། སྨྲས་པ། ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏུགས་ནས་སྤངས་པ་གང་ཡིན་པའོ།། སྤངས་པ་དེ་ཡང་རྣམ་པ་བརྒྱད་ཀྱིས་ཏེ། སྔ་མ
་ཁོ་ན་བཞིན་དུ་བལྟ་བར་བྱའོ།། དེ་ལ་སྲེད་པ་ཟེད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དེས་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཡོངས་སུ་བསྟན་ཏོ།། འགོག་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེས་ནི
་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཡོངས་སུ་བསྟན་ཏོ།། ལོམ་གྱི་བདེན་པ་གང་ཞེ་ན། སྨྲས་པ། ཚོགས་ཀྱི་ལམ་གང་ཡིན་པ་དང་། སྦྱོར་བའི་ལམ་གང་ཡིན་པ་དང་། རྣམ་པར་དག་པའི་ལམ་གང་ཡིན་པ་དེ་དག
་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལམ་གྱི་བདེན་པ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་གཙོ་བོར་ནི་དགེ་སྦྱོང་གི་འབྲས་བུ་ཡོངས་སུ་གཟུང་བ་ལས་བརྩམས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་པར་བསྟན་ཏོ།། དེ་ལ་ཚོགས
་ཀྱི་ལམ་ནི་རྣམ་པ་བཅུ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་སྐུར་བསྟན་པ་བཞིན་ནོ།། སྦྱོར་པོའི་ལམ་ནི་གཙོ་བོར་འདི་ལྟ་སྟེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས
་ན་དཱན་པ་ཉེ་བར་བཞུག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཡིན་ནོ།། རྣམ་པར་དག་པའི་ལམ་ནི་མཐོང་བ་དང་། བསྒོམ་པ་དང་། མཐར་ཐུག་པའི་ལམ་གྱིས་བསྡུས་པ་ཁོ་ནའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན
་པའི་ཆོས་རྣམས་ཡིན་ནོ།། མཐར་ཐུག་པར་གྱུར་བའི་ཡོན་ཏན་མངོན་པར་བསྒྲུབ་པའི་ལམ་གང་ཡིན་པ་དེ་ཡང་ལམ་གྱི་བདྲེན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས།
་བསྡུས་པ་ཡིན་པར་རིག་པར་བྱའོ།། རྣམ་པར་དག་པའི་ལམ་ནི་གཙོ་བོར་ཤེ་ས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་ཡིན་ཏེ། དེའི་བྱང་ཆུབ་ཀྱི་ཕྱོགས་དང་མིཐུན་པའི་ཆོས་ཐམས་ཅད་ཀྱང་བསྒོམ་པའི་གྲངས་སུ་མི་འགྲོ་བ་ནི་མེང་དོ།།
་དེ་ལ་མདོར་ན་ཉེ་བར་ལེན་པོའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་གང་གསུངས་པ་དེ་ལ་ཉེ་བར་ལེན་པོའི་ཕུང་པོ་ལྔའི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། ཡིད་ཀྱིས་རྣམ་པར་གཏན་ལ་དབབ་པར་ཕུང་པོ་ལ་མཁས་པ་ལས་བརྩམས་ཏེ་བསྟན་པ
་བཞིན་དུ་རིག་པར་བྱའོ།། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་བྱེ་བྲག་གིས་སོ།། ཕྱོགས
་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་བྱེ་བྲག་གིས་ནི་མཐའ་ཡས་པ་ཡིན་ནོ།། དེའི་གཉེན་པོར་འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་ཡང་དེ་བཞིན་དུ་རིག་པར་བྱའོ།། བདེན་པ་དེ་དག་གི་རྣམ་པར་བཞིག
་པའི་གོ་རིམ་བསྟན་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། བདེན་པ་དེ་དག་ལས་བརྩམས། བདྲེན་པ་དེ་དག་ལས་བརྟེན། བདེན་པ་དེ་དག་ལས་གནས་ནས། གང་ཟག་བཅུ་གསུམ་རྣམ་པར་བཞག་པར་རིག་པར་བྱ་སྟེ། གང་ཟག
་བཅུ་གསུམ་གང་ཞེ་ན། འདོད་པ་ན་སྤྱོད་པའི་སོ་སོ་འི་སྐྱེ་བོ་དང་། གཟུགས་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང་། གཟུགས་མེད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང་། འདོད་པ་ན་སྨོད་པའི་སློབ་པ་དང་། གཟུགས་ན་སྤྱོད་པའི་སློབ་པ་དང་།
་གཟུགས་མེད་པ་ན་སྤྱོད་པའི་སློབ་པ་དང་། འདོད་པ་ན་སྤྱོད་པའི་མི་སློབ་པ་དང་། གཟུགས་ན་སྤྱོད་པའི་མི་སློབ་པ་དང་། གཟུགས་མེད་པ་ན་སྤྱོང་པོའི་མི་སློབ་པ་དང་། འོདོད་པ་ན་སྤྱོད་པའི་རང་སངས་རྒྱས་དང་། འདོད་པ་ན་སྤྱོད
་པའི་བྱང་ཆུབ་སེམས་དཔའ་དང་། གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིནི་གཤེགས་པ་བསམ་གྱིས་མི་ཁྱབ་པའོ།། གང་ཟག་དེ་དག་གི་མངོན་པར་འདུ་བྱེད་པ་ཡང་རིག་པར་བྱ། སྒྲིབ་པ་དང་། སེམས་དང།
་ཉོན་མོངས་པ་དང་། ལས་དང་། དབང་པོ་དང་། ཁམས་དང་། མོས་པ་དང་། བསམ་པ་དང་། བག་ལ་ཉལ་དང་། སྐྱེ་བ་དང་། བག་ཆགས་དང་། ཚོགས་ཀྱང་རིག་པར་བྱའོ།། དེ་ལ་མངོན་པར་འདུ་བྱེད་པ་ནི་རྣམ་པ་བཅུ་གཉིས་ཏེ།
་དགེ་བ་མངོན་པར་འདུ་བྱེད་པ་དང་། མི་དགེ་བ་མངོན་པར་འདུ་བྱེད་པ་དང་། ལུང་དུ་མ་བསྟན་པ་མངོན་པར་འདུ་བྱེད་པ་དང་། རབ་ཏུ་འབྱུང་བ་མངོན་པར་འདུ་བྱེད་པ་དང་། དེ་སྤེལ་བ་མངོན་པོར་འདུ་བྱེད་པ་དང་། དེ་བསྲུང་བ
་མངོན་པར་འདུ་བྱེད་པ་དང་། སྐྱེ་བ་མངོན་པར་འདུ་བྱེད་པ་དང་། འདོད་ཆགས་དང་བྲལ་བར་མངོན་པར་འདུ་བྱེད་པ་དང་། ཐར་པ་མངོན་པར་འདུ་བྱེད་པ་དང་། དབང་པོ་སྦྱང་བ་མངོན་པར་འདུ་བྱེད་པ་དང་། མངོན་པར
་འདུ་ཤེས་པ་མི་ངོན་པར་བསྒྲུབ་པ་མ་ངོན་པར་འདུ་བྱེད་པ་དང་། གཞན་གྱི་དོན་བྱ་བ་མངོན་པར་འདུ་བྱེད་པའོ།། དེ་ལ་སྒྲིབ་པ་ཡང་རྣམ་པ་བཅུ་གཉིས་ཏེ། ལུས་ཀྱི་སྒྲིབ་པ་ནི་འོདི་ལྟ་སྟེ། མཚམས་མེད་པ་ལྔའི་ལས་བྱེད་པ
་ཉིད་ཀྱི་ཕྱིར་རོ།། བག་ཚུགས་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། སྔོན་ཉེས་པར་བྱས་པའི་ལས་ལ་གོམས་པའོ་བག་ཆགས་ཉིད་ཀྱི་ཕྱིར་རོ།། བྲག་མེད་པའི་སྒྲིབ་པ་ནི་འདི་ལྟ་སྟེ། འདོད་པའི་ལོངས་སྤྱོད་དང་ལྡན་པ་འབྱོར་པ་ཆེན་པོ
་ལ་གནས་པ་རྣམས་ཀྱིའོ།། ཆོང་པའི་སྒྲིབ་པ་ནི་འདི་ལྟ་སྟེ། སྒྲིབ་པ་ལྔ་པོ་དག་ལས་གང་ཡང་རུང་བས་སེམས་བསྒྲིབས་པོའི་འོ།། ལེ་ལོའི་སྒྲིབ་པ་ནི་འདི་ལྟ་སྟེ། ལེ་ལོའི་ཉེ་བའི་ཉོན་མོངས་པོས་སེམས་ཀུན་ནས་དཀྲིས་པའི་འོ།།
་བར་ཆད་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། བར་ཆད་རྣམ་པ་བཅུ་གཅིག་ལས་གང་ཡང་རུང་བ་ཉེ་བྱར་གནས་པའོ།། སྐྱེ་བའི་སྒྲིབ་པ་ནི་འདི་ལྟ་སྟེ། མི་ཁོམ་པར་སྐྱེ་བའོ།། མི་སྐྱེ་བའི་སྒྲིབ་པ་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས
་རྣམས་མི་འབྱུང་བའོ།། མོས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། སངས་རྒྱས་འབྱུང་བ་ཡོད་ཀྱང་ལོག་པར་ལྟ་བའོ།། ཉོན་མོངས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་རབ་རྣམ་པར་གྲོལ་བ་རྣམས་ཀྱི་སེམས་གང་ལས་རྣམ་པར་གྲོལ་བའོ།། སྙོམས་པར་འཇུག་པའི་སྒྲིབ
་པ་ནི་འདི་ལྟ་སྟེ། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་རྣམས་ཀྱིས་སེམས་གང་ལས་རྣམ་པར་གྲོལ་བའོ།། ཤེས་བྱའི་སྒྲིབ་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་གང་ལས་རྣམ་པར་གྲོལ་བའོ།། དེ་ལ་སེམས་ནི་མདོར་བསྡུན
་རྣམ་པ་གཉིས་ཏེ་བསྒྲིབས་པ་དང་མི་བསྒྲིབས་པའོ།། ཉོན་མོངས་པ་ཡང་མདོར་བསྟན་རྣམ་པ་གཉིས་ཏེ། ཀུན་ནོས་དཀྲིས་པ་དང་། བག་ལ་ཉལ་ལོ།། ལས་ཀྱང་མདོར་བསྟེན་རྣམ་པ་གཉིས་ཏེ། སེམས་པ་དང་། བསམ་པའོ།། དབང
་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། རྣམ་པར་དག་པའི་ཆ་དང་མཐུན་པ་དང་རྣམ་པར་དག་པའི་ཆ་དང་མཐུན་པ་མ་ཡིན་པའོ།། དབང་པོ་ཇི་ལྟ་བ་བཞིན་དུ་ཁམས་དང་མོས་པ་དང་བསམ་པ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། དེ་དག་གི་བྱེ་བྲག་ནི་དབང
་པོ་ནི་འབྲས་བུར་གྱུར་པ་ཡིན་ལ། ཁམས་ནི་རྒྱུར་གྱུར་པ་ཡིན་ནོ།། མོས་པ་ནི་རྒྱུར་གྱུར་པ་ཡིན་ལ། བསམ་པ་ནི་འབྲས་བུར་གྱུར་པ་ཡིན་ནོ།། བག་ལི་ཉལ་ཡང་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཡང་དག་པར་གཞོམ་པར
་བྱ་བ་དང་། ཡང་དག་པར་གཞོམ་པར་བྱ་བ་མ་ཡིན་པའོ།། སྐྱེ་བ་ཡང་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། མི་ཁོམ་པར་སྐྱེ་བ་དང་། ཁོམ་པར་སྐྱེ་བའོ།། བག་ཆགས་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། དེ་མ་ཐག
་ཏུ་སྐྱེ་བའི་བག་ཆགས་དང་། སྔོན་སྐྱེས་པའི་བྲག་ཆགས་སོ།། ཚོགས་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པོའི་ཚོགས་སོ།། དེ་ལ་ལོག་པ་ཉིད་དུ་ངེས་པ
་ཡང་རྣམ་པ་གཉིས་ཏེ། རང་བཞིན་གྱིས་ལོག་པ་ཉིད་དུ་ངེས་པ་དང་། སྦྱོར་བས་ལོག་པ་ཉིད་དུ་ངེས་པའོ།། ཡང་དག་པ་ཉིད་དུ་ངེས་པ་ཡང་རྣམ་པ་གཉིས་ཏེ། རང་བཞིན་གྱིས་ཡང་དག་པ་ཉིད་དུ་ངེས་པ་དང་། སྦྱོར་བས་ཡང་དག་པ་ཉིད་དུ་ངེས
་པའོ།། མ་ངེས་པ་ཡང་རྣམ་པ་གཉིས་ཏེ། རང་བཞིན་གྱིས་མ་ངེས་པ་དང་། སྦྱོར་བས་མ་ངེས་པའོ།། མངོན་པར་འདུ་བྱེད་པ་ལ་སོགས་པ་རྣམ་པ་བཅུ་གསུམ་པོ་དེ་དག་གིས་གང་ཟག་བཅུ་གསུམ་པོ་དག་ཅི་རིགས་པར་རྒྱ་ཆེར་རིག་པར་བྱའོ།།
་གང་དགེ་བ་མངོན་པར་འདུ་བྱེད་པ་དེ་དག་ཐམས་ཅད་མི་དགེ་བ་མངོན་པར་འདུ་བྱེད་པ་དང་མི་ལྡན་པ་ཡིན་ལ། གང་མི་དགེ་བ་མངོན་པར་འདུ་བྱེད་པ་དང་མི་ལྡན་པ་དེ་དག་ཐམས་ཅད་ཀྱང་དགེ་བ་མངོན་པར་འདུ་བྱེད་བ་ཡིན་ནམ་ཞོ་ན།
་མུ་བཞི་སྟེ། དགེ་བ་མངོན་པོར་འདུ་བྱེད་པ་ཡིན་ལ། མི་དགེ་བ་མངོན་པར་འདུ་བྱེད་པ་མི་ལྡན་པ་མ་ཡིན་པ་ཡང་ཡོད་དེ། ལས་དཀར་གན་གོ་རྣམ་པར་སྨིན་པ་དཀར་གནག་ཅན་མངོན་པར་འདུ་བྱེད་པའི་དགེ་བའི་མངོན་པར་འདུ་བྱེད་པ
་གང་ཡིན་པའོ།། མི་དགེ་བ་མངོན་པར་འདུ་བྱེད་པ་དང་མི་ལྡན་ལ། དགེ་བ་མ་ཡིན་པ་ནི་ལུང་དུ་མ་བསྟན་པ་མངོན་པར་འདུ་བྱེད་པའོ།། མི་དགེ་བ་མངོན་པར་འདུ་བྱེད་པ་དང་ཡང་མི་ལྡན་ལ། དགེ་བ་ཡང་ཡིན་པ་ནི
་དཀར་བ་རྣམ་པར་སྨིན་པ་དཀཱར་བ་དང་། ལས་ཟང་བུར་བྱ་བའི་ཕྱི་མི་གནག་མི་དཀར་བ་རྣམ་པར་སྨིན་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་གི་ཡིན་པའོ།། མི་དགེ་བ་མངོན་པར་འདུ་བྱེད་པ་དང་བྲལ་བྲི་མ་ཡིན་ལ་མ་ཡིན་པ་ནི་གནས
་པ་རྣམ་པར་སྨིན་པ་གི་ནག་པའི་ལས་མངོན་པར་འདུ་བྱེད་པའི་མངོན་པར་འདུ་བྱེད་པ་གང་ཡིན་པའོ།། མི་དགེ་བའི་མངོན་པར་འདུ་བྱེད་པ་དང་། ཡུང་མ་བསྟན་པ་མངོན་པར་འདུ་བྱེད་པ་ཡོད་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ།།
་གླང་ལས་ཀྱི་སྒྲིབ་པ་དང་ལྡན་པ་དེ་དག་ཆགས་ཀྱི་སྒྲིབ་པ་དང་ཡང་ལྡན་ལ། གོང་བྲག་ཆགས་ཀྱི་སྒྲིབ་པ་དང་ལྡན་པ་དེ་ལས་ཀྱི་སྒྲིབ་པ་དང་ཡང་ལྡན་ནམ་ཞེ་ན། མུ་བཞི་སྟེ། ལོས་ཀྱི་སྒྲིབ་པ་དང་ལྡན་ལ་བག་ཆགས་ཀྱི་སྒྲིབ་པ་དང་།
་མི་ལྡན་པ་ཡང་ཡོད་དེ། འདི་ལྟར་འདི་ན་ལ་ལས་ཚེ་འདི་ལ་མཆུམས་མེད་པ་ལྔའི་ལས་བྱས་ཤིང་བསགས་ལ། ཚེ་རབས་སྔ་མ་ལ་དེའི་ཚེ་འདི་ལས་འཕགས་པའི་ལམ་གྱི་བར་དུ་གཅོད་པའི་ལས་སྡིག་པ་ཅན་གྱི་མི་དགེ་བ་གང
་ཡིན་པ་དེ་ལྟ་བུ་མ་བྱས་མ་བསགས་པ་ལྟ་བུའོ།། བག་ཆགས་ཀྱི་སྒྲིབ་པ་དང་ལྡན་ལ་ལས་ཀྱི་སྒྲིབ་པ་དང་མི་ལྡན་པ་ཡང་ཡོད་དེ། དེ་ལས་བཟློག་པའོ།། དེ་གཉི་ག་དང་ལྡན་པ་ཡང་ཡོད་དེ། གང་གིས་ཚེ་འདི་ལ་ཡང་མཚམས་མེད་པ
་ལྔའི་ལས་དག་བྱས་ཤིང་བསྩགས་ལ། ཚེ་རབས་སྔ་མ་ལ་དེའི་ཚེ་འདི་ལ་འཕགས་པའི་ལམ་གྱི་བར་དུ་གཅོད་པའི་ལྷས་སྡིག་པ་ཅན་མི་དགེ་བ་གང་ཡིན་པ་དེ་ལྟ་བུ་བྱསྡུ་ཤིང་བསྩགས་པ་ལྟ་བུའོ།། གཉི་ག་དང་མི་ལྡན་པ
་ཡང་ཡོད་དེ། དེ་ལས་བཟློག་པའོ།། དེ་ལ་རྣམ་པར་མ་བཞག་པའི་བདེན་པ་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་རང་བཞིན། འཕགས་པོའི་ཡེ་ཤེས་ཀྱི་སྤྱོད་ཡུལ། འཕགས་པའི་ཡེ་ཤེས་ཀྱི
་དམིགས་པ་གང་ཡིན་པའོ།། དེ་ལ་སྒྲོ་འདོགས་པའི་མཐའ་གང་ཞེ་ན། སྨྲས་པ། ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་མདོར་བསྟན་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ
་པའི་ངོ་བོ་ཉིད་དོ།། དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ནི་ཐ་སྙད་ལས་བྱུང་བ་གངྒཱ་ཅི་ཡང་རུང་བ་སྟེ། ཀུན་བརྟགས་ཤིང་མིང་དྲང་བཌཱུ་རཱ་རྣམ་པར་བཞག་པོ་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྟེན་ཅིང་འབྲེལ་པར
་འབྱུང་བ་གང་ཡིན་པ་སྟེ། གཞན་གྱི་སྟོབས་ཀྱིས་བྱུང་བའི་དངོས་པོ་ཡིན་གྱི། རང་གི་སྟོབས་ཀྱིས་བྱུང་བའི་དངོས་པོ་ཡང་ཡིན་པའི་ཕྱིར་རོ།། དེ་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་སྔ་མ་ཁོ་ན་བཞིན་ནོ།། དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་དང་།
་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་སྒྲོ་བཏགས་པའི་མཐའ་ཡིན་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ངོ་བོ་ཉིད་ནི་དེའི་བདག་ཉིད་དུ་མི་རུང་སྟེ། ཇི་ལྟར་མི་རུང
་བ་དེ་ལྟར་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་དང་། དེ་རྣམ་པ་གཏན་ལ་དབབ་པཱ་ལཱ་ས་རྒྱ་ཆེར་བསྟན་ཅིང་སྟོན་ཏོ།། ཡང་མདོར་བསྡུ་ན་རྒྱུ་གསུམ་གྱི་མི་རུང་སྟེ། མིང་དང་བརྗོད་པ་སྣ་ཚོགས་དུ་མ་རྣམ་པར
་བཞག་པ་དང་། མིང་དང་བརྗོད་པ་མེད་པར་དྲིའི་བློ་མི་སྐྱེ་བ་དང་། མིང་དང་བརྗོད་པ་ནི་དོན་ལ་འཇུག་པ་ཡིན་པའི་ཕྱིར་རོ།། སྐུར་པ་འདེབས་པའི་མཐའ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོད་པ་ལ་མེད་དོ་ཞེས
་རང་གི་མུཚན་ཉིད་ལ་སྐུར་བ་འདེབས་པ་གང་ཡིན་པ་སྐྱེ། དེ་ལྟར་མཐའ་གཉིས་རྣམ་པར་སྤྱང་བའི་ཚུལ་གྱིས་དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་པར་བྱའོ།། གཞན་ཡང་འཐོབ་པའི་ཚུལ་དང་བཤད་པའི་ཚུལ་གཉིས་ནི་བསམཱ་གྱིས་མི
་ཁྱབ་པའི་ཚུལ་དང་དགོངས་པའི་ཚུལ་གཉིས་ཀྱིས་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ།། འདིར་དོན་གཞན་དང་འབྲེལ་བའི་དགོངས་པ་ནིས་གསུངས་པོ་དོན་གོང་ཞེ་ན། སྨྲས་པ། མིང་གི་ཚིགས་དང་། ཚིག་གི་ཚོགས་དྲང་། ཡི་གེའི་ཚོགས
་རྣམས་ཀྱི་དོན་ནི་དོན་གཞན་དང་འབྲེལ་བ་ཡིན་ཏེ། སྒྲ་ཇི་བཞིན་མ་ཡིན་མོད་ཀྱི་འོན་ཀྱང་སྒྲ་ཇི་བཞིན་སྤངས་ནས་དོན་གྱི་ཁྱད་པར་གཞན་ཉིད་ནི་དོན་གཞན་དང་འབྲེལ་བའི་དགོངས་པ་ཞེས་བྱའོ།། དེ་ལ་མཐའ་གཉིས་ནི་རྣམ་པར་སྤང
་པའི་ཚུལ་གྱིས་དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་ན་ཐོབ་པར་བྱ་བའི་དོན་འཐོབ་པའོ།། ཐོབ་པར་བྱ་བའི་དོན་ཐོབ་ན་དེ་ལས་གཞན་པའི་ཐོབ་པའི་ཚུལ་ཡང་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཁོང་དུ་ཆུད་པར་འགྱུར་རོ།། བཤད་པའི
་ཚུལྔ་ཐམས་ནང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པའི་རྡུལ་རྒྱས་ཁང་དུ་ཆུད་པར་འགྱུཔ། ང་ཆགས་པར་ར།། དེ་འངན་ཀྱ་ཚུལ་ཁ་ཆུད་པའི་བླན་མེད་པ་ལ་འདུག་པ་ནི་རྣམ་པ་ལྟར་། རྱཱ་།
་ཇི་ལྟ་སྟེ། འདོད་ཆགས་དང་མུ་བྲལ་བའི་སྐྱོན་མེད་པ་པ་ལ་འཇུག་པ་དང་། འདོད་ཆགས་དང་ཤེས་ཆེ་རྱ་བྲལ་བའི་སྐྱོན་མེད་པ་ལ་འཇུག་པ་དང་། འདོད་ཆགས་དང་བྲལ་པོའི་སྐྱོན་མེད་པ་ལ་འཇུག་པ་དང་། རང་སངས་རྒྱས་ཀྱི་སྒྲོན་མེད
་པ་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའོ་སྐྱོན་མེད་པ་ལ་འཇུག་པའོ།། གནས་ངན་ལེན་པའི་མཚན་ཉིད་གང་ཞེ་ན། མདོར་བསྡུན་ལས་སུ་མི་རུང་བའི་མཚན་ཉིད་གང་ཡིན་པ་སྟེ། ལས་སུ་མི་རུང་བའི་མཚན་ཉིད་དེ་ཡང་མཚན་ཉིད་རྣམ
་པ་ལྔར་རིག་པར་བྱ་སྟེ། ལྕི་བོ་ཉིད་ཀྱི་མཚན་ཉིད་དང་། སྲ་བ་ཉིད་ཀྱི་མཚན་ཉིད་དང་། སྒྲིབ་པའི་མཚན་ཉིད་དང་། སྒྱིད་ལུག་པའི་མཚན་ཉིད་དང་། དབང་སྒྱུར་བ་མེད་པས་མི་བཟོད་པ་ཉིད་ཀྱི་མཚན་ཉིད་དོ།། མཚན་ཉིད་དེ་དག་ཡོད་ན་ཀུན
་ནས་ཉོན་མོངས་པོའི་ཕྱོགས་དང་མཐུན་པར་གནས་ཤིང་། རྣམ་པར་བྱང་བའི་ཕྱོགས་དང་མི་མཐུན་པར་གནས་པས་ན།། དེའི་ཕྱིར་ལས་སུ་མི་རུང་བ་ཞེས་བྱའོ།། གང་གི་ཚེ་རྣམ་པར་བཞག་པའི་བདེན་པ་བདེན་པ་ཉིད་དུ་གསུངས་པ་དེའི་ཚེ།
་ཅིའི་ཕྱིར་རྣམ་པར་བཞག་པའི་བདེན་པ་ཡོངས་སུ་བསྟན་ཅེ་ན། སྨྲས་པ། རྣམ་པར་མ་བཞག་པའི་བདེན་པ་མེད་ན་རྣམ་པར་གྲོལ་བ་གཉིས་པོ་མཚན་མའི་འཆིང་བ་ལས་རྣམ་པར་གྲོལ་བ་དང་། གནས་ངན་ལེན་གྱི་འཆིང་བ་ལས
་རྣམ་པར་གྲོལ་བ་མི་རུང་སྟེ། འདི་ལྟར་གང་ལ་ལ་རྣམ་པར་བཞག་པའི་བདེན་པ་དག་ལ་སྤྱོད་པ་དེ་དག་ཐམས་ཅད་ནི་མཚན་མ་ལ་སྤྱོད་པ་ཡིན་ཏེ། མཚན་མ་ལ་སྤྱོད་ན་མཚན་མའི་འཆིང་བ་ལས་ཡོངས་སུ་མ
་འགྲོལ་ལ། མཚན་མའི་འཆིང་བ་ལས་ཡོངས་སུ་མ་གྲོལ་ན་གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་ཡོངས་སུ་མྱི་གྲོལ་ལོ།། རྣམ་པར་མ་བཞག་པའི་བདེན་པོ་ལ་སྤྱོད་པ་ནི་མཚན་མ་ལ་མི་སྤྱོད་པ་མ་ཡིན་ཏེ། མཚན་མ་ལ་མི་སྤྱོད་ན་མཚན
་མའི་འཆིང་བ་ལས་ཡོངས་སུ་འགྲོལ་ལ། མཚན་མའི་འཆིང་བ་ལས་ཡོངས་སུ་གྲོལ་ན་གནས་ངན་ལེན་གྱི་འཚོང་བ་ལས་ཀྱང་ཡོངས་སུ་འགྲོལ་བའི་ཕྱིར་རོ།། གལ་ཏེ་རྣམ་པར་མ་བཞོག་པའི་བདེན་པ་ཁོ་ནས་འཆིང་བ་ལས་རྣམ་པར
་འགྲོལ་ཞིང་རྣམ་པར་དག་པར་འགྱུར་བ་ཡིན་ན། ཅི་རྣམ་པར་གཞག་པའི་བདེན་པ་ཡོངས་སུ་བསྟན་ཅེ་ན། སྨྲས་པ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལོམ་རྣམ་པར་དག་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། གལ་ཏེ་མཚན་མ་དང་བཅས་པའི་སེམས
་ཀྱི་སྤྱོད་པ་ཁོ་ནས་འཆིང་བ་རྣམ་པ་གཉིས་ལ་སྣ་འགྲོལ་ཞིང་རྣམ་པར་དག་པར་འགྱུར་ན་ཉེས་པ་ཅི་ཡོད་ཅེ་ན། སྨྲས་པ། གྲང་ལ་ལ་ཤིན་ཏུ་མཉམ་པར་བཞག་པའི་སེམས་ཀྱིས་བསམ་གཏན་བཞི་པ་ལ་བརྟེན་ཏེ། བདེན་པ་ལ་དམིགས
་པས་ངེས་པར་འབྱེད་པའི་ཚེ་དང་མཐུན་པའི་དགེ་བའི་ཆོས་རྣམས་ལ་འཇུག་པ་དེ་དག་ཐམས་ཅད་འཆིང་བ་རྣམ་པ་གཉིས་ལས་འགྲོལ་ཞིང་། རྣམ་པར་དག་པར་འགྱུར་བའི་རིགས་ན། རྣམ་པར་དག་པར་མི་འགྱུར་ཏེ། དེའི་ཕྱི
་མི་རུང་ངོ་།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱི་བྱེ་བྲག་ཀྱང་མེད་པར་འགྱུར་བའི་རིགས་ན། མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་བྱེ་བྲག་ཡོད་པས། དེའི་ཕྱིར་ཡང་མི་རུང་ངོ་།། དབང་པོའི་འབྱུང
་པ་ཆེན་པོ་རྒྱས་པ་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ཟས་ཀྱིས་རྒྱས་པ་དང་། གཉིད་ལོག་པས་རྒྱས་པ་དང་། ཡ་བ་སྤངས་པས་རྒྱས་པ་དང་། ཚངས་པར་སྤྱོད་པས་རྒྱས་པ་དང་། སྙོམས་པར་འཇུག་པས་རྒྱས་པའོ།། དེ་དག་ཀྱང་མདོར
་བསྡུ་ན་རྒྱས་པ་རྣམ་པ་གཉིས་སུ་འགྱུར་ཏེ། ཉེ་བར་སྟོན་པས་རྒྱས་པ་དང་། གནོད་པ་མེད་པས་རྒྱས་པའོ།། དེ་ལ་དང་པོས་ནི་ཉེ་བར་སྟོན་པས་རྒྱས་པའོ།། བཞིས་ནི་གནོད་པ་མེད་པས་རྒྱས་པའོ།། དེ་ལ་ཉེ་བར་སྟོན་པ་ནི་རྣམ་པ་བཞི
་སྟེ། ཞུ་བས་ཉེ་བར་སྟོན་པ་དང་། དགའ་བས་ཉེ་བར་སྟོན་པ་དང་། རེ་བས་ཉེ་བར་སྟོན་པ་དང་། ལེན་པ་འམ་འཛིན་པས་ཉེ་བར་སྟོན་པའོ།། འདུ་བྱེད་ནི་རྣམ་པ་ལྔ་སྟེ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ
་བྱེད་དང་། ལུས་ཀྱི་འདུ་བྱེད་དང་། ཚེའི་འདུ་བྱེད་དོ།། བག་ཡོད་པ་ཡང་རྣམ་པ་ལྟ་སྟེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་དང་། མི་དགེ་བ་སྤང་བའི་ཕྱིར་དང་། དགེ་བ་བསྡུ་བོའི་ཕྱིར་དང་། བསྒོམ་པ
་རྟོག་ཏུ་བྱ་བའི་ཕྱིར་བག་ཡོད་པའོ།། དེ་ལ་ཁྱིམ་པའི་ཕྱོགས་ལ་བརྟེན་པ་ནི་རྣམ་པ་ལྔ་སྟེ། སྔ་མ་བཞིན་ནོ།། རབ་ཏུ་བྱུང་བའི་ཕྱོགས་ལ་རྟེན་པོ་ནི་རྣམ་པ་བཅུ་སྟེ། དེ་ཡང་ཉན་ཐོས་ཀྱིས་རྣམ་པར་གཏན་ལ་ང་བབ་པོའི་འདུལ་བ་དང
་ལྡན་པ་ལས་རྒྱ་ཆེར་བཤད་པའོ།། མི་དགེ་བ་སྤང་བའི་ཕྱིར་བག་ཡོད་པ་ནི་ཡང་དག་པར་སྤོང་བ་གཉིས་ཀྱིས་བལྟ་བར་བྱའོ།། དགེ་བ་བསྡུ་བའི་ཕྱིར་བག་ཡོད་པ་དང་། ཡང་དག་པར་སྤོང་བ་གཞན་གཉིས་ཀྱིས་བལྟ།
་བཔབར་བྱའོ།། བསྒོམ་པ་རྟག་ཏུ་བྱ་བའི་ཕྱིར་བག་ཡོད་པ་ནི་དགེ་བའི་ཆོས་རྣམ་སོ་ལ་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་དེ་སྦྱོར་བ་རྣམས་ཀྱི་ཡིན་པར་རིག་པར་བྱའོ།། མིང་ནི་རྣམ་པ་ལྔ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་དང་།
་དགེ་བོ་དང་། མི་དགེ་བ་དང་། ལུང་ངོ་མ་བསྟན་པའོ།། གཟུགས་ཀྱང་རྣམ་པ་ལྔ་སྟེ། འབྱུང་བ་རྣམས་དང་། འབྱུང་བ་ལས་གྱུར་པ་དང་། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང་། བསྐྲུན་དུ་མེད་ལ་ཐོགས་པ་དང་བཅས་པ་དང་།
་བསྟན་དུ་མེད་ལ་ཐོགས་པ་ཡང་མེད་པའོ།། མ་རིག་པ་ཡང་རྣམ་པ་ལྕི་སྟེ། དོན་ལཱ་ཀུན་ཏུ་རྨོངས་པ་དང་། ལྟེ་བ་ལ་ཀུན་ཏུ་རྨོངས་པ་དང་བག་མེད་པ་ལ་ཀུན་ཏུ་རྨོངས་པ་དང་། དེ་ཁོ་ནའི་དོན་ལ་ཀུན་ཏུ་རྨོངས་པ་དང་། མངོན་པའི
་ང་རྒྱལ་ལ་ཀུན་ཏུ་རྨོངས་པའོ།། སྲིད་པའི་སྲེད་པ་ཡང་རྣམ་པ་ལྔ་སྟེ། ཆོས་ཉིད་ཀྱིས་སྲིད་པ་དང་། སྨོན་པས་སྲེད་པ་དང་། ཀུན་ཏུ་རྨོངས་པ་ལས་སྲེད་པ་དང་། ཡིད་སྐྱོ་བས་སྲེད་པ་འབྱུང་བ་ལ་སྲེད་པ་དང་། སོ་སོར་བརྟགས་ཏེ་སྲེད
་པའོ།། ངོ་ཚ་བ་མེད་པ་དང་། ཁྲེལ་མེད་པ་ནི་རྣམ་པ་ལྔས་རྣམ་པར་བཞག་པར་རིག་པར་བྱ་སྟེ། ཉོན་མོངས་པ་ཅན་ཀུན་ཏུ་སྤྱོད་པ་ལ་མི་འཛེམ་པ་དང་། དེ་བཞིན་དུ་དགེ་བ་ཀུན་ཏུ་མི་སྦྱོར་བ་དང་། ཆོས་ཡང་དག་པར་བླངས་པ
་གཏོང་བ་དང་། དམ་པ་མ་ཡིན་པ་ལས་བརྟེན་པ་དང་། བྱ་བ་ནན་ཏན་མི་བྱེད་པ་ལ་མི་འཛེམ་པས་སོ།། དེ་ལས་བཟློག་པ་རྣམ་པ་ལྔས་ནི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་རྣམ་པར་བཞག་པར་རིག་པར་བྱའོ།། བཀའ་བློ་མི་བདེ་བ
་ཡང་རྣམ་པ་ལྔས་རྣམ་པར་བཞག་པར་རིག་པར་བྱ་སྟེ། མི་སྒྲུབ་པ་དང་། ལོག་པར་སྒྲུབ་པ་དང་། མི་བཟོད་པ་དང་། མི་འཛེམ་པ་དང་། མི་སྡོམ་པས་སོ།། སྡིག་པའི་གྲོགས་པོ་རྣམ་པར་བཞག་པ་ཡང་རྣམ་པ་ལྔས་རིག་པར་བྱ་སྟེ།
་ངོ་ཚ་མེད་པ་དང་། ལོག་པར་ལྟ་བ་ཅན་དང་། ལེ་ལོ་ཅན་དང་། ལོག་པར་ཞུགས་པ་དེ་ང་། དམན་པས་སོ།། དེ་ལས་བཟློག་པ་རྣམ་པ་ལྡེས་ནི་བཀའ་བློ་བདེ་བ་དང་། དགེ་བའི་བཤེས་གཉེན་གྱི་རྣམ་པར་བཞག་པར་རིག་པར་བྱའོ།།
་ཞི་གནས་ཀྱི་རྣམ་པར་གཞག་པ་ཡང་རྣམ་པ་ལྟ་ཁོ་ནས་རིག་པར་བྱ་སྟེ། འཇིག་རྟེན་པའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་དང་། དེ་བཞིན་དུ་གཟུགས་ཀྱི་སྙོམས་པར་འཇུག་པའི་དངོས་བཞིས་བསྡུས་པ་དང་། དེ་བཞིན་དུ
་གཟུགས་མེད་པའི་སྙོམས་པར་འཇུག་པའི་དངོས་གཞིས་བསྡུས་པོ་དང་། འཇིག་རྟེན་ལ་འདས་པའི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པས་བསྡུས་པ་དང་། འཇིག་རྟེན་ལས་འདས་པའི་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པས
་བསྡུས་པའོ།། ལྷག་མཐོང་གི་རྣམ་པར་བཞག་པ་ཡང་རྣམ་པ་ལྔ་ཁོ་ནས་རིག་པར་བྱ་སྟེ། ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང་། མཚན་མ་ལས་བྱུང་བ་དང་། ཡོངསུ་ཚོལ་བ་ལས་བྱུང་བ་དང་། སོ་སོར་རྟོག་པའོ།།
་འདོད་པའི་ཟག་པ་ཡང་མདོར་བསྡུ་ན་རྣམ་པ་ལྔས་རྣམ་པར་བཞག་པར་རིག་པར་བྱ་སྟེ། མཉམ་པར་མ་བཞག་པའི་ས་པའི་དངོས་པོ་ལས་བྱུང་བའི་བགྲ་ལ་ཉལ་དང་། དགེ་བ་དང་མི་མཐུན་པ་དང་།
་ཉེས་པར་སྤྱོད་པ་དང་མཐུན་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་དང་། འགྱུར་བའི་སྡུག་བསྔལ་གྱི་འབྲས་བུ་ཅན་གྱི་ཉོན་མོངས་པ་ལས་འདོད་པའི་ཟག་པར་རིག་པར་བྱའོ།། སྲིད་པའི་ཟག་པ་ཡང་མདོར་བསྡུ་ནི་རྣམ་པ
་ལྔས་རྣམ་པོར་བཞག་པར་རིག་པར་བྱ་སྟེ། ཁམས་ངན་པར་སྐྱེ་བར་འགྱུར་བའི་ཉོན་མོངས་པ་གང་ཡིན་པ་དང་། ཁམས་བར་མར་སྐྱེ་བར་འགྱུར་བ་དང་། ཁམས་བཟང་པོར་སྐྱེ་བར་འགྱུར་བ་དང་། མི་འདོད་བཞིན་དུ་སྲིད་པར་སྐྱེ་བར་འགྱུར།
་བ་དང་། འདོད་བཞིན་དུ་སྲིད་པར་སྐྱེ་བར་འགྱུར་བའི་ཉོན་མོངས་པ་གང་ཡིན་པའོ།། ཐར་པ་ལོག་པར་འདོད་པ་རྣམས་ཀྱི་མ་རིག་པའི་ཟག་པ་ཡོང་མདོར་བསྡུ་ན་རྣམ་པ་ལྔས་རྣམ་པར་བཞོག་པར་རིག་པར་བྱ་སྟེ། འདུ་ཤེས་ཅན་དུ་སྨྲ་བ་རྣམས་ཀྱི་འདུ་ཤེས།
་སུ་སྨྲ་བའི་སྒོ་ནས་འཇུག་པའི་མོ་རིག་པ་གང་ཡིན་པ་དང་། འདུ་ཤེས་མེད་པར་སྨྲ་བ་རྣམས་དང་། འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་རྣམས་དང་། ཆད་པར་སྨྲ་བ་རྣམས་དང་། ཚེ་འོད་ལ་མྱ་ངན་ལས
་འདའ་བར་སྨྲ་བ་རྣམས་ཀྱི་སྒོ་ནས་འཇུག་པའི་མ་རིག་པ་གང་ཡིན་པའོ།། །། བམ་པོ་ཉི་ཤུ་རྩ་གཉིས་པ།། ཆོས་རྣམས་ཀྱི་རབ་ཏུ་དབྱེ་བའི་ཚུལ་ཡང་མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ་རྟགས་དང་། ངོ་བོ་ཉིད་དོང་། ལས་དང
་ཆོས་དང་། རྒྱུ་དང་འབྲས་བུའོ།། དེ་ལ་རྟགས་ནི་ལུས་དང་། རྒྱུ་བ་དང་། གནས་པ་ལས་རིག་པར་བྱའོ།། ངོ་བོ་ཉིད་ནི་རང་གི་མཚན་ཉིད་དང་བྱེ་བྲག་གི་མཚན་ཉིད་ལ་རིག་པར་བྱའོ།། ལས་ནི་རང་གི་བྱ་བ་བྱེད་པ་དང་། ཡང་དག་པ་དང་། ལོག་པར་བསྒྲུབ་པ་ལས་རིག
་པར་བྱའོ།། ཆོས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ཀུན་རྫོབ་དང་། དོན་དམ་པའི་བདེན་པ་ལས་རིག་པར་བྱའོ།། རྒྱུ་དང་འབྲས་བུ་ནི་ཐག་ཉེ་བ་དང་། རྒྱང་རིང་བ་དང་། འདོད་པ་དང་མི་འདོད་པ་ལས་རིག་པར་བྱའོ།། བསྟན་བཅོས་ནི
་གསུམ་སྟེ། ཐོས་པ་ལྷུར་ལེན་པའི་བསྟན་བཅོས་དང་། རྩོད་པ་ལྷུར་ལེན་པའི་བསྟན་བཅོས་དང་། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོསོ།། དེ་ལ་ཐོས་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། བྲམ་ཟེའི་གསང་ཚིག་རྣམསོ།། རྩོད་པ་ལྷུར
་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། འདི་ལས་ཕྱི་རོལ་པ་རྣམས་ཀྱི་གཏན་ཚིགས་ཀྱི་བསྟན་བཅོས་སོ།། དེ་ལ་སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་བཀའོ།། གཞན་ཡང་བསྟན་བཅོས་གསུམ་སྟེ། འདི་ལྟ་སྟེ།
་དོན་མེད་པའི་བསྟན་བཅོས་དང་། དོན་ལོག་པའི་བསྟན་བཅོས་དང་། དོན་དང་ལྡན་པའི་བསྟན་བཅོས།། དེ་དག་ཀྱང་སྔ་མ་རྣམས་དང་ཅི་རིགས་པར་སྦྱར་བར་བྱའོ།། གཞན་ཡང་བསྟན་བཅོས་གསུམ་སྟེ། ངན་གཡོའི་བསྟན་བཅོས
་དང་། སྙིང་པོ་མེད་པའི་བསྟན་བཅོས་དང་། སྡུག་བསྔལ་ལས་ངེས་པར་འབྱུང་བའི་བསྟན་བཅོས་སོ།། དེ་དག་ཀྱང་སྔ་མ་རྣམས་དང་ཅི་རིགས་པར་སྦྱར་བ་རིག་པར་བྱའོ།། བསྟེན་བཅོས་ཉེ་བར་སྦྱོར་བར་རིག་པར
་འདོད་པའི་ཕྱག་བྱ་བར་འོས་པ་ནི་གཉིས་ཏེ། དེ་དག་ལ་ཕྱག་འཚལ་ནས་བསྟན་བཅོས་བརྣམ་པར་བྱ་སྟེ། ཆོས་ལ་སྨྲས་པ་ལ་བརྟེན་ནུས་དང་པོ་བསྟན་བཅོས་མཛད་པའི་སྟོན་པ་དང་། དོན་ལ་གུས་པ་ལ་བརྟེན
་ནས་དེའི་དོན་སྟོན་པ་སློབ་དཔོན་རྣམས་སོ།། བསྟན་བཅོས་ཉེ་བར་སྦྱོར་བར་འདོད་པསོ་རྒྱུ་རྣམ་པ་དྲུག་གིས་བསྟན་བཅོས་ཉེ་བར་སྦྱོར་བར་འོས་པ་ཡིན་ཏེ། ཆོས་ཀྱི་དོན་མང་དུ་བྱས་པར་འགྱུར་རོ་སྙམ་པ་དང་། སེམས་ཅན་རྣམས་ལ
་མོས་པ་སྣ་ཚོགས་ཡོད་པའི་ཕྱིར་དེ་དག་ཁ་ཅིག་འདིས་འཇུག་པར་འགྱུར་རོ་སྙམ་པ་དང་། དོན་ཉམས་པ་དང་རབ་ཏུ་ཉམས་པ་རབ་ཏུ་རྣམ་པར་དུབྱེ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། དོན་འཐོར་བ་རྣམས་བསྡུ་བར་བྱ་བའི་ཕྱིར་རོ་སྙམ
་པ་དང་། དོན་ཟབ་མོ་རྣམས་གསལ་བུར་བྱ་བའི་ཕྱིར་རོ་སྙམ་པ་དང་། ཚིག་འབྲུ་མཛེས་པས་མཛེས་པ་བསྐྱེད་པར་བྱ་བའི་ཕྱིར་རོ་སྙམ་པའོ།། བསྟན་བཙོས་ཉེ་བར་སྦྱོར་བར་འདོད་པས་བདག་ཉིད་ཡོན་ཏན་བཱ་ཞི་དོང་སྦྱར་ནོ་སྣ་བསྟན
་བཅོས་ཉེ་བར་སྦྱར་བར་བྱ་སྟེ། སྔོན་གྱི་སློབ་དཔོན་རྣམས་ལ་ང་རྒྱ་ལ་མི་བྱེད་པ་དང་། སེམས་ཅན་རྣམས་ལྕེ་སྙིང་རྗེ་ཆེ་བོ་དང་། ཆོས་མཐུན་པ་པ་རྣམས་ལ་བྱམོས་པ་དང་། བདག་ཉིད་མི་སྒྲོག་པའོ།། ཇི་ལྟར་ན་དེ་རྒྱལ་མི་བྱེད
་པ་ཡིན་ཞེ་ན། སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཀྱང་བསྟན་བཅོས་ཉེ་བ.རརོ་སྦྱར་བར་བྱས་ན་བདག་གིས་ཀྱང་ཅིའི་ཕྱིར་མི་བྱ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བསྟན་པོཅེས་ཉེ་བར་སྦྱོར་བར་མི་བྱེད་ཀྱི། ང་རྒྱལ་གྱི་ཁེངས་པའི་ཀུན་ནོས
་ཉོན་མོངས་པ་ཅན་གྱི་སེམས་རྣམ་པར་སྤངས་ནས་བསྟན་བཅོས་ཉེ་བར་སྦྱོར་བར་བྱེད་པ་ཡིན་ནོ།། ཇི་ལྟར་ན་སེམས་ཅན་རྣམས་ལ་སྙིང་རྗེ་བ་ཡིན་ཞེ་ན། བསྙུན་བཅོས་ཉེ་བར་སྦྱར་བ་མེད་ན་སེམས་ཅན་གྱི་རིས་མང་པོ་དག་འདི་ལྟ་སྟེ།
་དགེ་བའི་ཆོས་རྣམས་ལས་ཉམས་པ་དང་། ཡོངས་སུ་ཉམས་པར་འགྱུར་བ་མཐོང་བ་དང་། ཡང་གཞན་དག་སྐྱེ་བ་དང་རྒ་བ་ཞེས་རྒྱ་ཆེར་འབྱུང་བས་ཉེན་པ་དེ་དག་གིས་ཀྱང་བསྟན་བཅོས་སྦྱར་བ་འདི་ལ་ལེགས་པར་བཤད་པའི་ཚིག་གཅིག་གིས
་དོན་ཀུན་ཤེས་ཤིང་དེ་ལྟ་དེ་ལྟར་བསྒྲུབ་པར་གྱུར་ན་ཡང་། དེ་ནི་དེ་དག་གི་ཡུན་རིང་པོའི་དོན་དང་། ཕན་པོ་དང་། བདེ་བར་འགྱུར་བ་ཡིན་ནོ་སྙམ་པ་དེ་ལྟ་བུ་ཁོ་ནའི་དབང་དུ་བྱས་ན་སོ་བསྟན་བཅོས་སྦྱོར་བར་བྱེད་པ་ཡིན་ནོ།། ཇི་ལྟར་ན
་ཆོས་མཐུན་པ་དག་ལ་བྱམས་པ་ཡིན་ཞེ་ན། བསྟན་བཅོས་སྦྱར་བ་མེད་ན་ཆོས་མཐུན་པ་པ་གཞན་གྱི་དོན་བྱེད་འདོད་པ་རྣམས་འདི་ལྟ་སྟེ། གཞན་གྱི་དོན་བྱ་བས་ཉམས་པ་དང་། ཡོངས་སུ་ཉམས་པར་ཡང་དག་པར་རྗེས་སུ་མཐོང་བས
་དེ་དག་ལ་བྱམས་པ་ཁོ་ནའི་དབང་དུ་བྱས་ནས་བསྟན་བཅོས་སྦྱོར་བར་བྱེད་པ་ཡིན་ནོ།། ཇི་ལྟར་ན་བདག་ཉིད་མི་སྒྲོགས་པ་ཡིན་ཞེ་ན། བདག་ལྷ་གཞན་དག་མཁས་པ་དང་། གསལ་བ་དང་ཡིད་གཞུངས་པ་དང་། བསྟན་བཅོས་རྣམས
་བྱེད་པ་དང་། དོན་རྣམས་རབ་ཏུ་བརྗོད་པ་ཡིན་པར་ཡིད་ཆེས་པར་གྱུར་ན་དད་པ་སྐྱེ་ཞིང་དད་པའི་དབང་གིས་འདི་ལྟ་སྟེ། རྙེད་པ་དང་བཀུར་སྟི་དག་འབྱུང་བར་གྱུར་ན་ཅི་མ་རུང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བསྟན་བཅོས་སྦྱོར་བར་མི
་བྱེད་ཀྱི། ཟང་ཟིང་མེད་པའི་སེམས་ཀྱིས་འདི་ལྟ་སྟེ། བདག་དང་གཞན་དག་གི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་བསྟན་བཅོས་སྦྱོར་བར་བྱེད་པ་ཡིན་ནོ།། དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་རྣམས
་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྣམ་པར་འགྲེལ་པ་ནི་མདོ་སྡེའི་རྒྱན་ཅེས་བྱ་སྟེ། འདི་ལྟ་སྟེ། དཔེར་ན་པདྨ་ཁ་མ་ཕྱེ་བ་ནི་ཇི་ལྟར་ཁེ་ཕྱེ་བ་དེ་ལྟར་དགའ་བར་བྱེད་པོ་མ་ཡིན་པའི་ཕྱིར་དང་། འདི་ལྟ་སྟེ། དཔེར་ན་གསེར་རྡུངས་སུ་མ་བྱས་པ་ནི་ཇི་ལྟར་རྡུངསུ
་བྱས་པ་དེ་ལྟར་དགའ་བར་བྱེད་པ་མ་ཡིན་པ་དང་། འདི་ལྟ་སྟེ། དཔེར་ན་ཁ་ཟས་མ་མྱངས་པ་ནི་ཇི་ལྟར་མྱངས་པ་དེ་ལྟར་དགའ་བར་བྱེད་པ་མ་ཡིན་པ་དང་། འདི་ལྟ་སྟེ། དཔེར་ན་ཀུན་དགའ་བའི་ཕྲིན་ཡིག་མ་བཀླགས་པ་ནི་ཇི་ལྟར་བཀླགས
་པ་དེ་ལྟར་དགའ་བར་བྱེད་པ་མ་ཡིན་པ་དང་། འདི་ལྟ་སྟེ་དཔེར་ན་ལོངས་སྤྱོད་འདུ་བ་མ་ཐོབ་པ་དག་ནི་ཇི་ལྟར་ཐོབ་ཅིང་བདག་གིར་བྱས་པ་དེ་ལྟར་དགའ་བྱེད་པས་ཡིན་པ་དེ་བཞིན་དུ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་རྣམས་ཀྱི་དོན
་རྣམ་པར་མ་ཕྱེ་བ་ཡང་ཇི་ལྟར་རྣམ་པར་ཕྱེ་བ་དེ་ལྟར་དགའ་བར་བྱེད་པ་ཡིན་པས། དེའི་ཕྱིར་མདོ་སྡེའི་རྒྱན་ཅེས་བྱའོ།། རྟོགས་པ་ནི་རྣམ་པ་བདུན་ཏེ། ཡི་གེའི་རྟོགས་པ་དང་། ཡི་གེའི་དོན་རྟོགས་པ་དང་། འཛིན་པ་རྟོགས་པ་དང་། འཛིན་པ
་དོན་རྟོགས་པ་དང་། འཆིང་བ་རྟོགས་པ་དང་། གྲོལ་བ་རྟོགས་པ་དང་། ཆོས་ཉིད་རྟོགས་པའོ།། དེ་ལ་ཡི་གེ་རྟོགས་པ་ནི་བརྟགས་པ་ལས་སོ།། ཡི་གེའི་དོན་རྟོགས་པ་ནི་མ་བརྟགས་པ་ལསོ།། དེ་ལ་འཛིན་པ་རྟོགས་པ་ནི་དབང་པོ་དང་བཅས་པའི
་རྣམ་པར་ཤེས་པ་རྣམ་པར་གཞག་པ་འམ། རྣམ་པ་མ་གཞག་པའི་བདེན་པ་རྟོགས་པ་གང་ཡིན་པའོ།། འཛིན་པ་རྟོགས་པ་ཇི་ལྟ་བ་བཞིན་དུ་འཛིན་པའི་དོན་རྟོགས་པ་ཡང་དེ་བཞིན་ནོ།། དེ་ལ་འཆིང་བ་རྟོགས་པ་ནི་མཚན་མའི་འཆིང་བ་འམ།
་ནས་ངན་ལེན་གྱི་འཆིང་བ་རྟོགས་པ་གང་ཡིན་པའོ།། གྲོལ་བ་རྟོགས་པ་ནི་དེ་ལས་ཟློག་པར་རིག་པར་བྱའོ།། དེ་ལ་ཆོས་ཉིད་རྟོགས་པ་ནི་ཆོས་གནས་པའི་ཕྱིར་འདི་ལྟར་ཆོས་ཉིད་འདི་ནི་གནས་པ་ཁོ་ན་སྟེ། དབང་ཕྱུག་ལས་ཀྱང་མ་ཡིན་རང
་བཞིན་དང་སྐྱེས་བུའི་བྱེ་བྲག་ལ་སོགས་པ་ལས་ཀྱང་མ་ཡིན་པར་རྟོགས་པ་གང་ཡིན་པའོ།། ཐོས་པ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། འདི་ལྟ་སྟེ། ལེགས་པར་སྟོན་པས་བཤད་པ་དང་། ཚིག་དང་ཡི་གེ་གསལ་བ་བཤད་པ
་དང་། ཇི་སྙེད་ཡོད་པ་དང་། ཇི་ལྟ་བ་བཞིན་དུ་ཡོད་པའི་དོན་བཤད་པ་དང་། སྦྱོར་བ་ཐབས་སླ་བ་བཤད་པ་དང་། སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱིན་པ་བཤད་པ་སྟེ། ལྔ་པོ་དེ་དག་དང་། གཞན་ཡང་ལྔ་སྟེ། ཀླན་ཀ་ཚོལ་བའི་བསམ་པ
་མེད་པས་ཉན་པ་དང་། མྱ་ངན་ལས་འདས་པའི་བསམ་པས་ཉན་པ་དང་། ལེགས་པར་ཉན་པ་དང་། རབ་ཏུ་ཉན་པ་དང་། མིང་དང་ཚིག་དང་ཡི་གེའི་ཚོགས་ལ་བརྟེན་པའི་དོན་ལེགས་པར་རྟོགས་པས་སོ།། ཐོས་པ་ལས་བྱུང་བའི་སའི་རྣམ་པ
་གཏན་ལ་དབབ་པ་སྟེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །། བསམ་པ་ལས་བྱུང་བའི་སའི་རྣམ་པར་གཏན་ལ་དབབ་པ་ནི། བསམ་པ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། དངོས་པོ་བསམ་པ་དང་། ཡང
་པ་དང་མེད་པ་བསྣམས་པ་དང་། རྒྱུ་དང་འབྲས་བུ་བསམ་པ་དང་། ཐེག་པ་བསམ་པའོ།། དེ་ལ་དངོས་པོ་བསམ་པ་ནི་འདི་ལྟ་སྟེ། དངོས་པོ་དྲུག་ལས་བརྣམས་ནས་ཕུང་པོ་དངོས་པོ་ནས་དབང་པོའི་དངོས་པོའི་བར་དག་གོ།། དེ་ལ
་ཡོད་པ་དང་མེད་པ་བསམ་པ་ནི་འདི་ལྟ་སྟེ། སའི་དངོས་གཞིར་བསྟན་པ་བཞིན་ནོ།། དེ་ལ་རྒྱུ་དང་འབྲས་བུ་བསམ་པ་ནི་འདི་ལྟ་སྟེ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་སར་བསྟན་པ་བཞིན་ནོ།། དེ་ལ་ཐེག་པ་བསམ་པ་ནི་འདི་ལྟ་སྟེ། ཉན
་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་རྣམས་སོ།། ཡང་བསམ་པ་ནི་རྣམ་པ་གཉིས་ཏེ། ཉེ་བར་བསམ་པ་སེམས་པ་དང་། ལེགས་པོར་བསམ་པ་སེམས་པའོ།། དེ་ལ་ཉེས་པར་བསམ་པ་སེམས་པ་ནི་འདི་ལྟ་སྟེ། སའི་དངོས
་གཞིར་ནག་པོའི་ཕྱོགས་ཀྱིས་འདི་ལྟ་སྟེ། འདི་ན་ལ་ལ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཡོངས་སུ་མ་སྤངས་པར་སེམས་པར་བྱེད་པའོ་ཞེས་བསྟན་པ་ཡིན་ནོ།། དེ་ལས་བཟློག་པ་ནི་ལེགས་པར་བསམ་པ་སེམས་པ་ཡིན་པར་རིག་པར
་བྱའོ།། ཉེས་པར་བསམ་པ་དང་། ལེགས་པར་བསམ་པ་ཇི་ལྟ་བ་བཞིན་དུ། ཆོས་མ་ཡིན་པ་དང་ལྡན་པ་དང་། ཆོས་དང་ལྡན་པ་དང་། འདུལ་བ་མ་ཡིན་པ་དང་ལྡན་པ་དང་། འདུལ་བ་དང་ལྡན་པ་དང་། འཕགས་པ་མ་ཡིན་པ་དང་། འཕགས
་པོ་དང་། མི་དགེ་བ་དང་། དགེ་བ་དང་། བསྟན་པར་མི་བྱ་བ་དང་། བསྟེན་པར་བྱ་བ་དང་། མ་ལེགས་པ་དང་། ལེགས་པ་དང་། ནག་པོ་དང་། དཀར་པོ་དང་། དོན་དང་མི་ལྡན་པ་དང་། དོན་དང་ལྡན་པ་དང་། ངན་པ་དང་། གྱ་ནོམ་པ་དང་། ཁ་ན་མ་ཐོ་བ
་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཡོངས་སུ་སྤང་བར་བྱ་བ་དང་། ཡོངས་སུ་སྤང་བར་བྱ་བ་མ་ཡིན་པ་ཡང་དེ་བཞིན་ནོ།། དེ་ལ་བཅོམ་ལྡན་འདས་ཀྱི་འདི་ན་འཕགས་པ་ཉན་ཐོས་ནི་ཡོད་པ་ཡང་ཡོད་པར། མེད་པ་ཡང་མེད་པར
་ཤེས་སོ་ཞེས་གང་གསུངས་པ་དེ་ལ། འདིར་ཡོད་པ་ནི་གང་ཡིན་མེད་པ་ནི་གང་ཡིན་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཀྱིས་ཡོད་པ་ནི་ཡོད་པར་རིག་པར་བྱ་སྟེ། གཉིས་གང་ཞེ་ན། སྐྱེས་པ་བྱུང་བ་ད་ལྟར་ཡོད་པ་གང་ཡིན་པ་དེ་ནི་ཡོད
་པ་ཡིན་པར་རིག་པར་བྱ་བ་དང་། རྫས་དང་དངོས་པོ་དང་དོན་ལས་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ཡང་ཡོད་པ་ཡིན་པར་རིག་པར་བྱའོ།། མདོར་ན་རྫས་སུ་ཡོད་པར་རིག་པར་བྱ་བ་ནི་གང་། བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱ་བ་ནི
་གང་ཞེ་ན། གང་ཅི་ཡོད་རུང་སྟེ་དེ་ལས་གཞན་པ་དག་ལ་མི་ལྟོས་ཤིང་དེ་ལ། ས་གཞན་པ་དག་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོག་ས་པར་བྱེད་པ་དེ་ནི་མདོར་ན་རྫ་སཱ་སུ་ཡོད་པ་ཡིན་པར་རིག་པར་བྱའོ།། གང་ཅི་ཡང་རུང་སྟེ། དེ
་ལས་གཞན་པ་དག་ལ་བལྟོས་ཤིང་དེ་ལས་གཞན་པ་དྲག་ལ་བརྟེན་ནས་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི་མདོར་ན་བརྟགས་པའི་ཡོད་པ་ཡིན་པར་རིག་པར་བྱའི། རྗེས་སུ་ཡོད་པ་ནི་མ་ཡིན་ཏེ། འདི་ལྟ་སྟེ། གཟུགས་ལ
་སོགས་པའི་ཕུང་པོའི་མིང་ཅན་གྱི་དངོས་པོ་ལ་བརྟེན་ཅིང་བལྟོས་ཏེ། གནས་ནས་བདག་ཅེས་བྱ་བ་འམ། སེམས་ཅན་ཞེས་བྱ་བར་རྒྱ་ཆེར་ཉེ་བར་འདོགས་པར་བྱེད་པའོ།། དེ་ལ་གཟུགས་ལ་སོགས་པའི་ཕུང་པོའི་མིང་ཅན་གྱི་དངོས་པོ་ནི
་རྫས་སུ་ཡོད་པ་ཡིན་པའོ།། སེམས་ཅན་དང་སྲོག་དང་སྐྱེ་བ་པོ་རྫས་སུ་མེད་པ་ནི་བཏགས་པའི་ཡོད་པ་ཞེས་བྱའོ།། གཟུགས་ལ་སོགས་པའི་ཕུང་པོའི་མིང་ཅན་གྱི་དངོས་པོ་ལ་བདག་ལ་སོགས་པ་ཉེ་བར་འདོགས
་པ་བཞིན་དུ། གཟུགས་ལ་སོགས་པའི་མིང་ཅན་གྱི་དངོས་པོ་ཁོ་ན་ལ་ཕུང་པོ་ལ་སོགས་པའི་ཉེས་པར་འདོགས་པ་དང་། གཟུགས་དང་དྲི་དང་རོ་དང་རེག་པ་དག་ལ་བཟའ་བ་དང་། བཏུང་བ་དང་། གཞོན་པ་དང་། གོས་དང་། རྒྱན་དང་། ཁང
་ཁྱིམ་དང་། དམག་དང་། ནགས་ཚལ་ལ་སོགས་པ་ཉེ་བར་འདོགས་པ་དང་། འདུས་བྱས་ཀྱི་མྱིང་ཅན་གྱི་དངོས་པོ་ལ་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། ས་བོན་དང་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་།
་ཐོབ་པ་དང་། འཐོབ་པ་མ་ཡིན་པ་དང་། སྲོག་གི་དབང་པོ་དང་རིས་མཐུན་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་དང་སོ་སོའི་སྐྱེ་བོ་ཉིད་དང་། ཚོགས་པ་དངོ་མ་ཚོགས་པ་དང་། འཇུག་པ་སོ་སོར་ངེས་པ
་དང་། སྦྱོར་བ་དང་། མགྱོགས་པ་དང་། གོ་རིམས་དང་། དུས་དང་ཡུལ་དང་གྲངས་ཉེ་བར་འདོགས་པ་དང་། གཟུགས་ཀྱི་འཇུག་པ་མེད་པ་ཙམ་ལ་གནས་ཏེ་བལྟོས་ཤིང་བརྟེན་ནས་ན་མཁའ་ཞེས་ཉེ་བར་འདོགས་ཏེ་ན་མཁའ་འདུས་མ་བྱས
་ཞེས་གདོགས་པ་དང་། དེའི་མཇུག་ཐོགས་སུ་མིང་གི་འཇུག་པ་ཙམ་ལ་གནས་ཏེ་བལྟོས་ཤིང་བརྟེན་ནས། འདུ་ཤེས་མེད་པར་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ཉེ་བར་འདོགས་ཤིང་གདགས་པར
་བྱེད་པ་ཡང་དེ་དང་འདྲའོ།། འཐད་པས་སྒྲུབ་པའི་རིགས་པ་ལས་བརྩམས་ཏེ། གང་གིས་བདག་རྫས་སུ་མང་ངོ་ཞེས་ཁོང་དུ་ཆུད་པར་བྱ་བ་འདི་ལ་རིགས་པ་བརྗོད་པ་གང་ཞེ་ན། འདི་ལྟར་མི་དམིགས་ཤིང་མི་སྣང་བའི་ཕྱིར་རོ།། ཇི
་ལྟར་མི་དམིགས་ཤེ་ན། ཕུང་པོ་ལ་མི་གཏོགས་པ་ནང་ངམ་ཕྱི་རོལ་ལམ་གཉི་ག་མེད་པར་ཡང་མི་དམིགས་སོ།། ཇི་ལྟར་མི་སྣང་ཞེ་ན། ཇི་ལྟར་མིག་ལ་སོགས་པའི་སྐྱེ་མཆེད་རྫས་སུ་ཡོད་པ་དག་རང་རང་གི་ལས་ལ་སྣང་བ་དེ་ལྟར
་བདག་ནི་རང་གི་ལས་ལ་མི་སྣང་ངོ་།། དེ་ལྟར་ན་བདག་ནི་རང་གི་མཚོན་ཉིད་ལས་མི་དམིགས་པའི་ཕྱིར་དང་། རང་གི་ལས་ལ་མི་སྣང་བའི་ཕྱིར་རྫས་སུ་མེད་པ་ཁོ་ནར་ཁོང་དུ་ཆུད་པར་བྱའོ།། གལ་ཏེ་དེ་ལྟར་བདག་མི་དམིགས་ཤིང་མི་སྣང
་བྱ་ཡིན་ན། ཅིའི་ཕྱིར་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་དག་གིས་དམིགས་ཤིང་མཐོང་སྟེ། དེས་ན་རྗེས་སུ་ཡོད་དོ་ཞེས་འདོད་པར་བྱེད་སྟོན་པོར་བྱེད། འདོགས་པར་བྱེད་ཅེ་ན། སྨྲས་པ། མི་དམིགས་ཤིང་མི་མཐོང་མོད་ཀྱི། འོན་ཀྱང་འཇིག
་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་ལ་བརྟེན་ནས་ལོག་པར་རྟོག་པར་བྱེད་ཅིང་། ལོག་པར་ཡོངས་སུ་བརྟགས་ནས་ཀྱང་ཚུལ་བཞིན་མ་ཡིན་པས་འདོད་པར་བྱེད་སྟོན་པར་བྱེད་འདོགས་པར་བྱེད་པར་ཟད་ངོ་།། དེ་ལ་ཇི་ལྟར་ན་བདག
་མེད་པའི་ཕྱིར་དང་། ཡོད་པ་མ་ཡིན་པ་ཁོ་ནའི་ཕྱིར་དམིགས་ཤིང་མི་སྣང་བར་ཁོང་དུ་ཆུད་པར་བྱ་ཞེ་ན། བདག་ཡོད་ན་རིང་དུ་ཕ་རོལ་ཏུ་སོང་ཡང་རུང་རྣམ་པ་བཞིས་རྟོག་པར་འགྱུར་ཏེ། ཕུང་པོ་ཙམ་འམ། ཕུང་པོ་རྣམས་ལས་གཞན་ཏེ་ཕུང་པོ
་རྣམས་ལ་གནས་པའམ། ཕུང་པོ་ཙམ་ཡང་མ་ཡིན་ཕུང་པོ་རྣམས་ལས་གཞན་ཏེ། ཕུང་པོ་རྣམས་ལ་གནས་པ་ཡང་མ་ཡིན་མོད་ཀྱི་འོན་ཀྱང་ཕུང་པོ་རྣམས་ལས་གཞན་པ་ཕུང་པོ་རྣམས་ལས་དོན་གཞན་དུ་གྱུར
་པའི་ཆོས་གང་དག་ཡིན་པ་དེ་དྲག་ལ་གནས་པའམ། ཕུང་པོ་ཙམ་ཡང་མ་ཡིན་ཕུང་པོ་རྣམས་ལས་གཞན་ཏེ་ཕུང་པོ་རྣམས་ལས་གནས་པ་ཡང་མ་ཡིན་ཕུང་པོ་རྣམས་ལས་གཞན་པ་ཕུང་པོ་ལས་དོན་གཞན་དུ་གྱུར་པའི་ཆོས་གང་དག་ཡིན་པ
་དེ་དག་ལ་གནས་པ་ཡང་མ་ཡིན་མོད་ཀྱི་འོན་ཀྱང་ཕུང་པོ་མེད་པ་ཕུང་པོའི་ཆོས་ཐམས་ཅད་དང་མི་ལྡན་པ་ཞིག་གྲང་སྟེ་བདག་ཡོད་པ་ཉིད་ལས་བརྩམས་ནས་རྟོག་པར་འགྱུར་བ་ནི་རྣམ་པ་བཞི་པོ་དེ་དག་ལས་གོང་ནས་ཡང་མེད་ལ་དེ་ལས
་ལྷག་པར་ཡང་མེད་དེ། བདག་རྫས་སུ་ཡོད་པ་ཉིད་ནི་རྣམ་པ་ཐམས་ཅད་ཀྱིས་མི་རུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བདག་ཕུང་པོ་ཙམ་ཞིག་ཡིན་ན་ནི་ཕུང་པོ་རྣམས་ལས་གཞན་མ་ཡིན་ཏེ། བདག་ཕུང་པོ་རྣམས་ལ་གདགས་པ་ཙམ་དུ
་ཟད་པར་དེ་ལྟར་འགྱུར་བའི་རིགས་ན། འདི་ལྟར་ཕུང་པོ་རྣམས་ནི་མི་རྟག་པ་དང་རང་གི་མཚན་ཉིད་གཞན་དང་ལྡན་པ་ཡིན་ཏེ། དེའི་ཕྱིར་དེ་མི་འཐད་དེ། གལ་ཏེ་བདག་ཕུང་པོ་རྣམས་ལས་གཞན་པ་ཞིག་ཡིན་ན་ནི། དེ་ཡང་མི་རྟག་པའམ། རྟག
་པ་ཞིག་ཡིན་གྲང་ན། གལ་ཏེ་མི་རྟག་ན་ནི་སྐད་ཅིག་རེ་རེ་ལ་བདག་གཞན་སྐྱེ་ཞིང་གཞན་འགག་པར་འགྱུར་ཏེ། འདིར་གཞན་འཆི་ཞིང་དེར་གཞན་སྐྱེ་བ་དང་། གཞན་བྱེད་ཅིང་གཞན་གྱིས་མྱོང་བ་དེ་ལྟར་འགྱུར་བའི་རིགས་ན། ཕུང་པོ་རྣམས
་ལས་གཞན་པའི་བདག་སྐྱེ་ཞིང་འགག་པ་ནི་ནང་ངམ་ཕྱི་རོལ་ལམ་གཉི་ག་མེད་པར་ཡང་ཅི་ཡང་མི་དམིགས་ཏེ། དེའི་ཕྱིར་དེ་མི་འཐད་དོ།། གལ་ཏེ་རྟག་ན་ནི་རྟག་པའི་མཚན་ཉིད་ནི་འདི་ཡིན་ཏེ། འགྱུར་བ་མེད་པ་གང་ཡིན་པའོ།། བདག་དེ་འགྱུར་བ།
་མེད་པ་ཡིན། རྒྱུ་གཉིས་ཀྱིས་འགྱུར་བ་མི་རུང་སྟེ། ཕྱིར་མ་ལ་ཡང་མི་རུང་བ་དང་། ཚེ་འདི་ཉིད་ལ་ཡང་མི་རུང་བའོ།། བདུག་འགྱུར་བ་མེད་པ་ཡིན་ན་ཕྱི་མ་ལ་ཡང་སྐྱེ་བར་མི་འགྱུར་རྒ་བར་མི་འགྱུར་འཆི་བར་མི་འགྱུར་བས། རེས་འགའ་ལྷར
་སྐྱེ་བ་དང་། རེས་འགའ་མི་དང་། རེས་འགའ་དུང་འགྲོ་དང་། རེས་འགའ་ཡི་དྭགས་དང་། རེས་འགའ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་ཡང་མི་རུང་ངོ་།། འགྱུར་བ་མེད་པ་ཡིན་ན་ཚེ་འདི་ལ་ཡང་ཡུལ་འདོད་པ་དང་མི་འདོད་པ་དག་གིས་བདེ་བར
་ཡོཡང་མི་འགྱུར། སྡུག་བསྔལ་བར་ཡང་མི་འགྱུར། ཆགས་པར་ཡང་མི་འགྱུར་སྡང་བར་ཡང་མི་འགྱུར་རྨོངས་པར་ཡང་མི་འགྱུར་ཏེ། མདོར་ནུ་བདེ་བ་དང་། སྡུག་བསྔལ་བདག་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་ཡང་རུང
་བདག་གིས་ཀྱང་འགྱུར་བར་མི་བྱེད་དོ།། དེ་དེ་ལྟར་འགྱུར་བ་མེད་ཅིང་ཚེ་ཕྱི་མ་ང་ང་། ཚེ་འདི་ལ་བདེ་བས་ཕན་འདོགས་པ་མེད་ན། དེ་དང་འབྲེལ་བའི་ཉོན་མོངས་པས་ཀྱང་ཉེ་བར་མི་འགྱུར་ལ། གཞི་དེས་ཆོས་དང་ཆོས་མ་ཡིན་པ་སྤྱོད་པར་ཡང་མི
་འགྱུར་རོ།། དེ་སྡུག་བསྔལ་བས་གནོད་པ་མེད་ན་ཡང་། དེ་དག་འབྲེལ་བའི་ཉོན་མོངས་པས་ཀྱང་ཉེ་བར་ཉོན་མོངས་པར་མི་འགྱུར་ལ། གཞི་དེས་ཆོས་དང་ཆོས་མ་ཡིན་པ་སྤྱོད་པར་ཡང་མི་འགྱུར་རོ།། དེ་ལྟར་ཚེ་འདི་ལ་ཆོས་དང་ཆོས་མ་ཡིན་པ
་དང་མི་ལྡན་པ་དེ། ཕྱི་མ་ལ་ཡང་གང་ལས་བརྟེན་ནས་དེ་རྟག་བཞིན་དུ་དེའི་སོ་སོའི་བདག་གི་ལུས་མི་རྟག་པ་འགྱུར་བ་ལས་གྱུར་པ་ཕྱི་མ་ལ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པས་འགྱུར་བར་རྟོག་པའི་འདོད།
་པ་དང་མི་འདོད་པའི་ལུས་ཀྱང་རྒྱུ་མེད་པ་ལ་འགྲུབ་པར་མི་འགྱུར་རོ།། དེ་ལྟ་ན་བདག་འདི་སོ་སོའི་བདག་དང་ལུས་ལས་སྐྱེ་བ་ཡང་མེད་ལ་རྒ་བ་དང་ན་བ་དང་འཚོ་བ་དང་བདེ་བ་དང་སྡུག་བསྔལ་བ་དང་ཉེ་བར་ཉོན་མོངས་པ་ཡང་མེད་པས་གཏན
་གྲོལ་བ་ཁོ་ནར་འགྱུར་བས་དྲོའི་ཕྱིར་ཡང་དུ་མི་འཐང་ངོ་།། གལ་ཏེ་ཕུང་པོ་རྣམས་ལས་གཞན་པ་རྣམས་ལས་དོན་གཞན་དུ་གྱུར་པའི་ཆོས་གང་དག་ཡིན་པ་དེ་དག་ལ་བདག་གནས་སོ།། ཞེ་ན། དེས་ན་ཕུང་པོ་ལས་དོན་གཞན་དུ་གྱུར
་པའི་ཆོས་དེ་དག་ནི་རང་གི་མཚོན་ཉིད་ཀྱིས་མི་དམིགས་ན་དེ་དག་ལ་བདག་གནྡྷ་པར་ལྟ་ག་ལྔ་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་ལཱ་ལ་ཞིག་འདི་སྐད་ཅེས་མོ་གཤམ་གྱི་བུའི་མགོ་ལུ་ནུ་མཁའི་མེ་ཏོག་གཱི་ཕྲེང་བ་བཅིངས་པ
་བདག་གིས་མཐོང་ངོ་ཞེས་ཟེར་བ་དེ་དང་འདྲ་བར་འདི་ཡང་རྟོགས་པར་བྱ་སྟེ། དེའི་ཕྱིར་དེ་ཡང་མི་འཐོང་ངོ་།། གལ་ཏེ་བིང་ག་ཐམས་ཅད་ཀྱི་ཐམས་ཅད་དུ་ཕུང་པོ་ཐམས་ཅད་དང་མི་ལྡན་པའི་ཕྱིར་ཕུང་པོ་མེད་པ་ཡིན་པར་འགྱུར་ན། དེ
་ཕུང་པོ་མེད་པ་ཡིན་པས་གཟུགས་ཅན་ཡང་མ་ཡིན་ལ། ལུས་དང་ཡང་མི་ལྡན་བདེ་བ་དང་སྡུག་བསྔལ་བ་དག་དང་ཡང་མི་ལྡན་ལ། མིང་མང་པོ་རྣམ་པ་སྣ་ཚོགས་དང་ཡང་མི་ལྡན། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི
་སེམས་པ་དང་ཡང་མི་ལྡན། གཟུགས་ལ་སོགས་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ཡིད་ཀྱི་རྣམ་པར་རྟོག་པ་དག་དང་ཡང་མི་ལྡན་པས། དེ་ལྟར་ནཱ་བདག་ནི་ལུས་མེད་པ་དང་། ཚོར་བ་མེད་པ་དང་། མིང་མེད
་པ་དང་། སེམས་པ་མེ་པ་དང་། རྣམ་པར་རྟོག་པ་མེད་པར་འགྱུར་ཏེ། དེ་ལྟར་ན་ཀུ་ན་ནས་ཉོན་མོངས་པ་ཅན་མ་ཡིན་པས་བདག་ནི་ཚིགས་ཆུང་ངུས་གྲོལ་བ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་དེ་ཡང་མི་འཐད་ངོ་།། གང་གི་ཕྱིར
་དེ་ལྟར་བདག་རྟག་པ་རྣམ་པ་ཐམས་ཅད་ཀྱིས་བརྟགས་ན་མི་འཐོད་པ་དེའི་ཕྱིར་བདག་ནི་ཕུང་པོ་རྣམས་ལ་གདགས་པ་ཙམ་དུ་ཟད་ཀྱི་རྫས་སུ་མེད་པར་ཁོང་དུ་ཆུད་པར་བྱའོ།། གང་གི་ཕྱིར་དེ་ལྟར་བདག་ནི་མིང་ལ་ཕུང་པོ་ཙམ
་ནི་ཡོད་ན་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རང་བཞིན་རུང་བར་འགྱུར་ཏེ། འདི་ལྟ་སྟེ་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་བྱུང་ཞིང་སྐྱེས་པ་ཡོད་ན་ཚེ་འདི་ལ་མི་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལུས
་ལ་ཕན་འདོགས་པ་དང་། གནོད་པ་བྱེད་པ་འཐུང་བར་འགྱུར་ལ། དེའི་རྐྱེན་གྱིས་ཕྲད་པ་དང་། འབྲལ་བར་སྲིང་པོ་དང་། དེ་དོང་འབྲེལ་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་འབྱུང་བར་འགྱུར་ཞིང་། དེའི་དོན་དུ
་དགེ་བ་དང་མི་དགེ་བའི་ལས་ཀྱི་འཇུག་པ་ཡང་སྣང་ལ་དེ་ལྟར་ཉོན་མོངས་པ་དང་ལས་གྲུབ་ན་ཕྱི་མ་ལ་སྐྱེ་བ་དང་རྒ་བ་ལ་སོགས་པ་ཡང་འབྱུང་བའི་སྡུག་བསྔལ་གྱི་ཆོས་རྣམས་ཀྱང་འབྱུང་བར་འགྱུར་ཏེ། དེ་ལྟར་ན་རེ
་ཞིག་ཕུང་པོ་རྣམས་མི་རྟག་ཅིང་བདག་མེད་ཀྱང་ཀུན་ནས་ཉོན་མོངས་པར་འགྱུར་རོ།། གཞན་གྱི་སྒྲའི་རྒྱུ་ལས་བྱུང་བ་དང་། བདག་ཉིད་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བས་མ་རིག་པ་འགག
་ཅིང་རིག་པ་སྐྱེ་བར་འགྱུར་བས། རྨོངས་པ་མེད་པ་ཚོར་བ་ཐམས་ཅད་སྡུག་བསྔལ་ལས་སོ་སོར་རྟོགས་པ་དེའི་ཚོར་བ་རྣམས་ལ་སྲིད་པ་དེ་དང་འབྲེལ་པའི་ཉོན་མོངས་པ་གང་ཡིན་པ་དེ་ཡང་སྤོང་བར་འགྱུར་ལ། གཞིས་ངེས་ཡང
་འབྱུང་བ་འཕོལ་བར་བྱེད་པའི་ལས་དགེ་བ་དང་། མི་དགེ་བ་ཡང་འཇུག་པར་མི་འགྱུར་ཏེ། དེ་ལྟར་ལས་དང་ཉོན་མོངས་པ་སྤངས་པའི་ཕྱིར་ཡང་འབྱུང་བ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང་བཅས་ཏེ་འབྱུང་བར་མི་འགྱུར་རོ།། གཞི
་དེས་ཡང་འབྱུང་བ་འཕེལ་བར་བྱེད་པའི་ལས་དགེ་བ་དང་། མི་དགེ་བ་ཡང་འཇུག་པར་མི་འགྱུར་ཏེ། དེ་ལྟར་ལས་དང་ཉོན་མོངས་པ་སྤོངས་པའི་ཕྱིར་ཡང་འབྱུང་བ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང་བཅས་ཏེ་འབྱུང་བར་མི
་འགྱུར་རོ།། དེ་ལྟར་ན་བདག་མེད་ཅིང་ཕུང་པོ་ཙམ་ཡོད་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱུང་བ་རུང་བར་འགྱུར་རོ།། དེ་ལ་སེམས་ཅན་དུ་གྲདགས་པ་ནི་འདི་ཡིན། འདི་ལྟ་སྟེ། སེམས་ཅན་རྐང་མེད་དང་། རྐང་གཉིས་པ
་དང་། རྐང་བཞི་པ་དང་། རྐང་མངས་རྣམས་དང་། སེམས་ཅན་གཟུགས་ཅན་རྣམས་དང་། སེམས་ཅན་གཟུགས་ཅན་མ་ཡིན་པ་རྣམས་དང་། སེམས་ཅན་འདུ་ཤེས་ཅན་རྣམས་དང་། སེམས་ཅན་འདུ་ཤེས་མེད་པ
་རྣམས་དང་། སེམས་ཅན་འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པའི་སྐྱེ་གནས་སུ་སྐྱེས་པ་རྣམས་སོ།། དེ་ལ་སེམས་ཅན་དུ་གདགས་པ་རྣམ་པ་དགུ་པོ་དེ་དག་ཐམས་ཅད་ནི་མདོར་བསྡུ་ན་རྒྱུ་གསུཾ
་གྱིས་རིག་པར་བྱ་སྟེ། འགྲོ་བ་དང་། ལྡོག་པ་དང་། ལུས་གཡོ་བའི་རབ་ཏུ་དབྱེ་བས་ནི་རྐང་མེད་རྣམས་ནས་རྐང་མོངས་ཀྱི་བར་ངག་གི་རྣམ་པར་གཞག་པར་རིག་པར་བྱའོ།། ལུས་ཀྱི་རབ་ཏུ་དབྱེ་བས་ནི་སེམས་ཅན་གཟུགས
་ཅན་དང་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་གདགས་པར་རིག་པར་བྱའོ།། སེམས་ཀྱི་རབ་ཏུ་དབྱེ་བས་ནི་སེམས་ཅན་འདུ་ཤེས་ཅན་དང་། འདུ་ཤེས་མེད་པ་དང་འདུ་ཤེས་ཡོད་པ་ཡང་མེ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན
་པའི་སྐྱེ་གནས་སུ་སྐྱེས་པ་རྣམས་ཀྱི་གདགས་པར་རིག་པར་བྱའོ།། རབ་ཏུ་བྱུང་བ་གཅེར་བུ་པོ་ཞེས་བྱ་བ་ཡོད་དེ། དེ་ནང་གི་ཆོས་སྲོག་དང་ལྡན་པར་བགྲང་བ་རྣམས་ཀྱི་སྐྱེ་བ་དང་མཐུན་པ་ཉིད་དུ་ཡང་དག་པར་རྗེས་སུ
་མཐོང་ནས། འདི་སྐྲོད་ཅེས་ཤིང་ལྗོན་པ་རྣམས་ལ་ཡང་སྲོག་ཡོད་དོ་ཞེས་ཟེར་རོ།། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ཤིང་ལྗོན་པ་རྣམས་ཀྱི་སྐྱེ་བ་གང་ཡིན་པ་དེ་སྲོག་གི་རྒྱུ་ལས་བྱུང་བ་ཡིན་ནམ། འོན་ཏེ་དེ་ལས
་གཞན་པའི་སྐྱེ་བའི་རྒྱུ་ལས་བྱུང་བ་ཡིན་པར་འདོད། གལ་ཏེ་སྲོག་གི་རྒྱུ་ལས་བྱུང་བ་ཡིན་ན་ནི་དེས་ན་དེ་དག་གི་སྲོག་ཉིད་ལྡོག་པར་མི་འགྱུར་བའི་ཕྱིར་ནོམ་ཡང་མི་སྐྱེ་བར་མི་འགྱུར་བས་མི་རུང་ངོ་།། གལ་ཏེ་དེ་ལས་གཞན
་པའི་སྐྱེ་བའི་རྒྱུ་ལས་བྱུང་བ་ཡིན་ན་ནི་ངེས་ན་སྲོག་ཉིད་མེད་པར་རང་གི་རྒྱུས་སྐྱེ་བ་ཡིན་པས་མི་རུང་ངོ་།། དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་སྲོག་མེད་པའི་དངོས་པོ་རྣམས་ཀྱི་མི་སྐྱེ་བ
་རྒྱུ་དང་བཅས་པར་བརྗོད་དམ། འོན་ཏེ་རྒྱུ་མེད་པར་བརྗོད་པར་འདོད། གལ་ཏེ་རྒྱུ་དང་བཅས་པར་བརྗོད་དུ་ནི་རྒྱུར་བརྗོད་པ་མི་དམིགས་པས་མི་རུང་ངོ་།། གལ་ཏེ་རྒྱུ་མེདྨོ་པར་བརྗོད་པ་ནི། རྒྱུ་མེད་པར་བརྗོད་པས་དེ་ལྟ་བུ
་ཡིན་པར་མི་རུང་ངོ་།། དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་ཤིང་ལྗོན་པ་རྣམས་དང་སྲོག་རྣམས་གཅིག་ཏུ་མཐུན་པ་ཡིན་ནམ། འོན་ཏེ་གཅིག་ཏུ་མཐུན་པ་མ་ཡིན་པར་འདྲོད། གོལ་ཏེ་གཅིག་ཏུ་མཐུན་པ་ཡིན་ན
་ནི་ངེས་ན་ཤིང་ལྗོན་པ་རྣམས་ནི་སའི་འོག་ཏུ་ནུབ་པ་དངངོ་སིའི་སྟེང་དུ་སྐྱེ་བ་དང་། རང་གི་ལུས་ཀྱིས་མི་གཡོ་བ་དང་། བརྗོད་ན་ཡང་མི་བརྗོད་པ་དང་། ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་ལ་འཇུག་པར
་ཡང་མི་སྣང་བ་དང་། ཡལ་ག་དང་ཡལ་ག་གྱེས་པ་དག་བཅད་ན་ཡོད་དེ་ལས་གཞན་པ་དག་ཏུ་སྐྱེ་བས་མི་རུང་ངོ་།། གལ་ཏེ་གཅིག་ཏུ་མཐུན་པ་མ་ཡིན་ན་ནི་དེས་ནོ་མཐུན་ན་ནི་སྲོག་ཡོད་ལ་མི་མཐུན་ན་ནི་སྲོག་མེད
་པར་འགྱུར་བས་མི་རུང་ངོ་།། དེ་ལྟར་ན་སྐྱེ་བའི་རྒྱུ་དེ་ལས་གཞན་པ་ཡོད་པ་འམ་མེད་པ་དང་། སྲོག་མེད་པ་རྣམས་ཀྱི་མི་སྐྱེ་བའི་རྒྱུར་བརྗོད་པ་ཡོད་པ་འམ། མེད་པ་དང་། གཅིག་ཏུ་མཐུན་པ་འམ་མི་འཐུན་པས་ཀྱང
་མི་རུང་ངོ་།། ཅིའི་ཕྱིར་གཟུགས་དང་དྲི་དང་རོ་དང་རེག་བྱ་དེ་ལྟ་དེ་ལྟར་སོ་སོར་གྱུར་པ་དག་ལ་བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། རྒྱན་ལ་སོགས་པའི་མིང་དུ་བཏགས་པ་གང་ཡིན་པ་དེ་དག་བཏགས་པའི་ཡོད
་པ་ཡིན་པར་རིག་པོར་བྱ་ཞེ་ན། འདི་ལྟར་དེ་དག་གི་མིང་ནི་གཟུགས་ལ་སོགས་པའི་མིང་འདུས་པ་ལ་ལར་ནི་འབྱུང་ལ། ལ་ལར་ནི་ལྡོག་སྐྱེ། གཟུགས་ལ་སོགས་པའི་མང་འདུས་པ་གང་ལ་བཟའ་བའི་མིང་འབྱུང་བ་དེ་ལ
་བཏུང་བའི་མིང་ལྡོག་ལྀ། གང་ལ་བཏུང་བའི་མིང་འབྱུང་བ་དེ་ལ་གོས་ཀྱི་མིང་ལྡོག་པ་དང་། ལྷག་མ་དག་ལ་ཡང་བརྡར་བཏགས་པའི་མིང་དེ་དག་གིས་འཇུག་པ་དང་ལྡོག་པ་དེ་བཞིན་དུ་རིག་པར་བྱའོ།། གཟུགས་དང་དྲི་དང
་རོ་དང་རེག་པ་དྲག་གི་མིང་ནི་བཟའ་བ་དང་། བཏུང་བ་དང་། གོས་དང་། རྒྱན་ལ་སོགས་པའི་མིང་གི་དངོས་པོ་ཐམས་ཅད་ལྔ་ཁྱད་པར་མེད་པར་འབྱུང་བས། དྲིའི་ཕྱིར་བཟའ་བ་དང་བཏུང་བ་དང་བཞོན་པ་དང་གོས་དང་རྒྱུན
་ལ་སོགས་པ་ནི་བཏགས་པའི་ཡོད་པ་ཡིན་ལ། གཟུགས་དང་དྲི་དང་རོ་དང་རེག་བྱ་དག་ནི་རྫས་སུ་ཡོད་པ་ཡིན་པར་རིག་པར་བྱའོ།། གཏགས་པའི་ཡོད་པའི་ཆོས་རྣམས་ལ་བརྟེན་པའི་མིང་རྣམ་པ་དུ་མ་མྱུང་པོ
་སྣ་ཚོགས་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འདུས་པ་གཅིག་ལ་བརྟེན་པ་དང་། འདུས་པ་དུ་མ་ལ་བརྟེན་པའོ།། བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། རྒྱན་ལ་སོགས་པ
་སོ་སྣོར་བ་ལ་བརྟེན་པ་ནི་འདུས་པ་གཅིག་ལ་བརྟེན་པ་ཡིན་ནོ།། རི་མོའི་ལས་དང་འཇིམ་པའི་ལས་དང་། ཁང་ཁྱིམ་དང་གཞལ་མེད་ཁང་དང་ངམག་དང་ནགས་ཚལ་ལ་སོགས་པ་ལ་བརྟེན་པ་ནི
་འདུས་པ་དུ་མ་ལ་བརྟེན་པ་ཡིན་ནོ།། དེ་ལ་ཆོས་གཟུགས་ཅན་རྣམས་གང་ཞེ་ན། མདོར་བསྟ་ན་སྐྱེ་མཆེད་གཟུགས་ཅན་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ཏེ། གཟུགས་ཀྱི་རང་གི་མཚན་ཉིད་དང་ལྡན་པ
་ཡིན་པས་དི་ལ་དེ་ཉིད་ཉེ་བར་གདགས་པ་བྱས་ནས་ཆོས་གཟུགས་ཅན་རྣམས་ཞེས་བྱའོ།། ཆོས་གཟུགས་ཅེ་ནི་དེ་དག་གི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། དངོས་པོ་དང་། རང་གི་མཚན་ཉིད
་དང་། སྤྱིའི་མཚན་ཉིད་དང་། ཁམས་དང་། ལས་ཀྱིས་སོ།། དེ་ལ་གཟུགས་ཀྱི་དངོས་པོ་ནི་མདོར་བསྡུ་ན་གཟུགས་གང་ཡིན་པ་ཅི་ཡོང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར
་བྱས་པའོ་ཞེས་བྱ་བ་དེ་ཡིན་པར་རིག་པར་བྱ་སྟེ། དེ་ལས་གོང་དུ་ན་ཡང་མེད་ལ་དེ་ལས་ལྷག་པ་ཡང་མེད་དོ།། གཟུགས་ཀྱི་རང་གི་མཚན་ཉིད་ནི་རྣམ་པ་གསུམ་སྐྱེ། དང་བ་དང་། དང་བའི་གཟུང་བ་དང་། ཡིད་ཀྱི་གཟུང་བའོ།། །
་ངོ་ལ་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་མིག་ལ་སོགས་པའི་སྐྱེ་མཆེད་དུ་གཏོགས་པ་རྣམ་པར་ཤེས་པ་ལྔའི་རྟེན་གྱི་གཟུགས་དང་བ་རྣམ་པ་ལྔ་ནི་གཟུགས་དང་བ་ཞེས་བྱའོ།། མཚུངས་པའི་གཟུགས་དང་བ་ལྔ་པོ་ངག་གི་ཡུལ
་གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་ནི་དད་པས་གཟུང་བའི་གཟུགས་ཞེསྟེ་བྱའོ།། དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་གཟུགས་དང་བ་རྣམས་ནི་རྣམ་པར་ཤེས་པ་རྣམས་དང་ཡུལ་མཚུངས་པའི་ཕྱིར
་མཚུངས་པ་རྣམས་ཞེས་བྱའོ།། རྣམ་པར་ཤེས་པ་དང་བྲལ་བ་གང་དག་ཡིན་པ་དེ་དག་ནི་རིམ་གྱིས་རང་གི་རྒྱུན་དང་འདྲ་བར་འབྱུང་བའི་ཕྱིར་དེ་དག་དང་མཚུངས་པ་རྣམས་ཞེས་བྱའོ།། ཏིང་ངེ་འཛིན་གྱི་སྤྱོད
་ཡུལ་གྱི་གཟུགས་བརྙན་གྱི་གཟུགས་ནཱི་ཡིད་ཀྱི་སྤྱོད་ཡུལ་གྱི་གཟུགས་ཞེས་བྱའོ།། སྤྱིའི་མཚན་ཉིད་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། གཟུགས་ཐམས་ཅད་ནི་ཡུལ་མནན་ཏེ་གནས་པ་དང་། ཡུལ་ལོས
་རྟག་ཏུ་རུང་བ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་དང་པོ་ཡིན་ནོ།། དང་བའི་གཟུགས་དང་དང་བའི་གཟུང་བའི་གཟུགས་འཕེལ་བ་དང་འགྲིབ་པ་དང་ལྡན་པ་ཐམས་ཅད་ནི་སྤྱིའི་མཚན་ཉིད་གཉིས་པ་ཡིན
་ནོ།། ལག་པའི་འདུས་ཏེ་རེག་པ་བོང་པོ་དང་དབྱུག་པུ་དང་མཚོན་ཆ་དང་གྲང་བ་དང་དྲོ་བ་དང་བཀྲེས་པ་དང་སྐོམ་པ་དང་ཤ་སྦྲང་དང་སྦྲང་བུ་མ་ཆུ་རིངས་དང་རླུང་དང་ཉི་མ་དང་སྡིག་སྦྲུལ་གྱི་འདུས་ཏེ་རེག་པའི་རེག་པ
་ངག་གིས་རེག་པར་བྱར་རུང་བ་དེ་དག་ཐམས་ཅད་ནི་སྤྱིའི་མཚན་ཉིད་གསུམ་པ་ཡིན་པར་རིག་པར་བྱའོ།། དེ་ལ་མཉམ་པར་གཞག་པའི་ས་པའི་གཟུགས་ལ་སྲེད་བ་དང་ལས་ཀྱིས་མངོན་པར་བསྒྲུབས་པའི་གཟུགས
་གང་ཡིན་པ་དེ་ནི་གཟུགས་ན་སྤྱོད་པའི་གཟུགས་ཡིན་པར་རིག་པར་བྱའོ།། མཉམ་པར་མ་བཞག་པའི་ས་པའི་གཟུགས་ལ་སྐྱེད་པ་དང་ལས་ཀྱི་མངོན་པར་བསྒྲུབས་པའི་གཟུགས་གླང་ཡིན་པ་དེ་ནི
་འདོད་པ་ན་སྤྱོད་པའི་གཟུགས་ཞེས་བྱའོ།། ཁམས་ལས་གཟུགས་ཀྱི་རབ་ཏུ་དབྱེ་བ་ནི་མདོར་བསྡུ་ན་རྣམ་པ་གཉིས་པོ་དག་ཡིན་ཏེ། གཟུགས་མེད་པ་ན་སྤྱོད་པ་རྣམས་ལ་ནི་གཟུགས་མྱེད་དོ།། དེ་གཟུགས་ཀྱི་སྤྱིའི་མཚན་ཉིད
་འདི་ལྟ་སྟེ། ལག་པ་དང་བོང་བ་ལ་སོགས་པའི་འདུས་ཏེ་རེགས་པ་དག་གིས་རེག་པར་བྱར་རུང་བ་གང་ཡིན་པའི་སྤྱིའི་མཚན་ཉིད་དེ་ནི་ཐམས་ཅད་དུ་འགྲོ་བ་མ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ལྷ་རྣམས་མ་གཏོགས་པ་དེ་ལས
་གཞན་པའི་འདོད་པའི་ཁམས་ན་ནི་ཐམས་ཅད་དུ་འགྲོ་བ་ཡིན་ནོ།། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཟུགས་གང་ཡིན་པ་དེ་ནི་ལག་པ་དང་དབྱུག་པ་དང་མཚོན་ཆའི་འདུས་ཏེ་རེག་པ་དག་གིས་རེག་ན་གནོད་པར་ནི་འགྱུར
་མོད་ཀྱི། གྲང་བུ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་འདུས་ཏེ་རེག་པ་ས་ནི་མ་ཡིན་ཏེ། དེ་དག་གི་བཟའ་བ་དང་བཏུང་བ་ལ་སོགས་པ་ཡོ་བྱད་ཐམས་ཅད་ནི་འདུན་པ་བསྐྱེད་པ་ཙམ་གྱིས་ལེགས་པར་འགྲུབ་པ
་འགྱུར་བས། དེའི་ཕྱིར་དེ་དག་ལ་བཀྲེས་པ་དང་སྐོམ་པ་ངག་འབྱུང་ཡང་གནོད་པར་མི་འགྱུར་རོ།། གཟུགས་ན་སྤྱོད་པའི་གཟུགས་ནི་ལག་པ་དང་ངབྱུག་པོ་དང་མཚོན་ཆའི་འདུས་ཏེ་རེག་པ་དག་གིས་ཀྱང་རེག་ན་ཡང་གནོད་པ
་མི་འགྱུར་ལ། དེ་ལས་གཞན་པའི་འདུས་ཏེ་རེག་པ་དག་གིས་ཀྱང་གནོད་པར་མི་འགྱུར་རོ།། ལུས་ཀྱི་ལས་དང་ངག་གྲྀ་ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་གཟུགས་ཅན་ནི་གཟུགས་ཞེས་བྱ་སྟེ། དེ་ལྟར
་ན་དེ་ནི་ལས་ལས་གཟུགས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་བཞག་པ་ཡིན་པར་རིག་པར་བྱའོ།། ཆོས་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་རླབ་ཏུ་དབྱེ་བ་ནི་ངོ་ལས་བཟློག་པ་རྣམ་པ་ལྔ་པོ་དག་ཉིད་ཀྱིས་རྣམ་པར་གཞག
་པར་རིག་པར་བྱའོ།། གཟུགས་འདུས་པ་ནི་གཟུགས་འདུས་པ་རྣམ་པར་གཞག་པ་ལས་མདོར་བསྡུ་ན་རྣམ་པ་གཉིས་ཏེ། མ་འདྲེས་པའི་འབྱུང་བ་ལས་གྱུར་པ་དང་། མ་འདྲེས་པ་མེ་ཡིན་པའི་འབྱུང་བ་ལས་གྱུར་པའོ།། །
་དེ་ལ་མ་འདྲེས་པའི་འབྱུང་བ་ལས་གྱུར་པ་ནི་གང་ལ་འབྱུང་བ་ཆེན་པོ་གཅིག་ཁོ་ན་དམིགས་པ་ཡིན་ནོ།། མ་འདྲེས་པ་མ་ཡིན་པའི་འབྱུང་བ་ལས་གྱུར་པ་ནི་གང་ལ་འབྱུང་བ་ཆེན་པོ་གཉིས་སམ་དེ་བས་ལྷག་པ་དམིགས
་པ་དམིགས་པ་ཡིན་ནོ།། དེ་ལ་མ་འདྲེས་པའི་འབྱུང་བ་ལས་གྱུར་པའི་གཟུགས་འདུས་པ་ལ་ནི་རྡུལ་ཕྲ་རབ་མ་གཏོགས་པར་འབྱུང་བ་རྣམས་འདྲེས་ཤིང་ངདབྱེར་མེད་པ་ཡིན་པར་རིག་པར་བྱ་སྟེ། འབྱུང་བ་རྣམས་ཀྱི
་ཕྱོགས་གཅིག་དབྱེར་མེད་པ་ནི་མེད་པའི་ཕྱིར་རོ།། མ་འདྲེས་པ་མ་ཡིན་པའི་འབྱུང་བ་ལས་གྱུར་པའི་གཟུགས་འདུས་པ་ལ་ནི་རྡུལ་ཕྲ་རབ་གང་ཡིན་པ་དེ་རྒྱར་བྱས་པའི་གཟུགས་བཞིན་དུ་དེ་ལས་གཞན་པའི་འབྱུང་བ
་ཆེན་པོ་རྣམས་དང་། ཕྱོགས་གཅིག་དབྱེར་མེད་པ་ཡིན་པར་རིག་པར་བྱ་སྟེ། འབྱུང་བ་ཆེན་པོ་དེ་དག་ཀྱང་རྒྱུར་བྱས་པའི་གཟུགས་ཉིད་དུ་མི་འགྱུར་ཏེ། གཅིག་ལ་གཅིག་བརྟེན་ཅིང་འཇུག་པ་ཉིད་མ
་ཡིན་པ་དང་། ཡུལ་ཐ་དད་པ་གནོན་པའི་མཐུ་ཡོད་པའི་ཕྱིར་རོ།། དེ་ལས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ནི་ཕྱོགས་གཅིག་དབྱོར་མེད་པ་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། དཔེར་ན་ནོར་བུ་འོད་སྔོན་པོ་དང་སེར
་པོ་དང་དམར་པོ་དང་། དཀར་པོ་དང་ལྡན་པ་ཟེ་མ་ཏོག་ཏུ་བཅུག་པ་རྣམས་ཀྱི་འོད་སྣ་ཚོགས་དྲག་དེ་ན་འདྲེས་ཤིང་དྲོ་བྱེར་མེད་པ་དང་འདྲ་བར་དཔེའི་དོན་ཡང་སྔ་མ་བཞིན་དུ་རིག་པར་བྱའོ།། ཡང་ཏིལ་དང་སྲན་ཆུང་དང་།
་མོན་སྲན་གྲེའུ་ལ་སོགས་པ་དང་། ཕྱེ་མེ་ཞིབ་མོ་རྣམས་དང་། སྦྲང་རྩི་དང་བུ་ར་མ་ལ་སོགས་པ་བསྲེས་པས་བསྡུས་པའི་འདུས་པ་གང་ཡིན་པ་དེ་ནི་ཕྱོགས་གཅིག་དེ་བྱེར་མེད་པ་ཡང་མཱ་ཡིན་ལ། འདྲེས་པའི་དངོས་པོས
་དབྱེར་མེད་པ་ཡང་མ་ཡིན་པར་བལྟོ་བར་བྱ་སྟེ། འོན་ཀྱང་འདུས་པ་དེ་ནི་སྦྱོར་བས་དབྱེར་མེད་པ་དང་། མང་པོ་འདུས་པ་ལས་བྱུང་བ་ཡིན་པས་འདུས་པ་གཅིག་གི་མཚན་ཉིད་མ་ཡིན་ནོ།། དེ་ལ་གཞན་པ་ནི་འདུས་པ་གཅིག
་གི་མཚན་ཉིད་ཡིན་པར་བལྟ་བར་བྱ་སྟེ། ཕྱོགས་གཅིག་དབྱེར་མེད་པ་ལ་བརྟེན་པ་ནི་འདྲེས་པའི་དངོས་པོ་དབྱེར་མེད་པར་ཡང་བལྟ་བར་བྱ་སྟེ། གཞན་དུ་ན་དེ་མི་རུང་བའི་ཕྱིར་རོ།། དེ་ལ་ཆེས་བསྟན་དུ་ཡོད་པ་རྣམས་ཀྱི
་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་བཞག་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཁ་དོག་དང་དབྱིབས་དང་། རྣམ་པར་རིག་བྱེད་དང་། མིག་གི་ཡུལ་དང་། མིག་གི་རྣམ་པར་ཤེས་པའི་དམིགས་པས་སོ།། ཆོས
་བསྟན་དུ་མེད་པ་རྣམས་ཀྱི་རབ་ཏུང་བྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལ་ཆོ་སོ་ཐོགས་པ་དང་བཅས་པ་རྣམས་ཀྱི་རབ་ཏུ་ང་བྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར
་བཞག་སྟེ། ལྔ་གང་ཞེ་ན། ཡུལ་མོནན་ཏེ་གནས་པ་དང་། དེ་ལས་གཞན་པའི་གཟུགས་འདུས་པ་འགྲོ་བའི་གོ་སྟོབས་ལ་སྒྲིབ་པ་དང་། ལག་པ་དང་བོང་བ་དང་ངབྱུག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས
་ཟུགས་སུ་རུང་བ་དང་། དང་བའི་གཟུགས་ཐམས་ཅད་ཀྱི་གཟུང་བ་ཡིན་པ་དང་། དད་པའི་གཟུགས་ལ་བརྟེན་པོའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དམིགས་པ་ཡིན་པས་སོ།། ཆོས་ཐོགས་པ་མེད་པ་རྣམས་ཀྱི་རབ
་དབྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལ་ཆོས་བསྟན་དུ་མེད་ལ་ཐིགས་པ་མེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་རིག་པར་བྱ་སྟེ།
་ལྔ་གང་ཞེ་ན། རྒྱུ་དང་། ཡུལ་གནོན་པ་དང་། སྣང་བ་དང་། འགྱུར་བ་མེད་པ་དང་། ངོམིགས་པས་སོ།། དེ་ལ་མཐུ་དང་ལྡན་པའི་ཏིང་ངེ་འཛིན་དང་ལྡན་པའི་གཟུགས་ལ་མོས་པ་ནི་བསྟན་དུ་མེད་ལ་ཐོགས་པ་མེད་པ་འགཟུག
་སྐྱེ་བའི་རྒྱུ་ཞེས་བྱའོ།། དེ་སྐྱེས་ན་ཡུལ་ན་གནས་པར་སྣང་བས་དེའི་ཕྱིར་གཟུགས་ཞེས་བྱ་སྟེ། དེ་སྐྱེ་མཆེད་གཟུགས་ཅན་བཅུའི་རང་གི་མཚན་ཉིད་དང་ལྡན་པ་ནི་མ་ཡིན་ནོ།། དེའི་ངོ་བོ་ཉིད་དུ
་སྣང་ཡང་། དེ་ལས་གཞན་པའི་གཟུགསོ་འདུས་པོ་འགྲོ་བའི་ལུས་ཀྱི་གོ་སྐབས་ལ་ཡང་སྒྲིབ་པར་མི་གནས་ལོ། དང་བའི་གཟུགས་ཐམས་ཅད་དང་། དེ་ལ་བརྟེན་པའི་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་ཡང་མི
་ཡིན། དམིགས་པཱ་ཡུང་མ་ཡིན་པས། དེའི་ཕྱིར་བསྟུནྡ་དུ་མེད་ལ་ཐོགས་པ་མེད་པ་ཞེས་བྱའོ།། ལུག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་གནོད་པར་བྱར་མེད་པས། དེའི་ཕྱིར་གྱུར་པ་མེད་པ་ཞེས
་བྱའོ།། དངོས་གཞིའི་ཏིང་ངེ་འཛིན་ནི་མཐུ་དང་ལྗོན་པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། གཟུགས་ངོ་ནི་ངའི་དམིགས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ནི། སེམས་ཅང་ཐམས་ཅད་ཀྱིས་སྤྲུལ་པ
་སྩོལ་པར་མི་ནུས་ཀྱི་སེམྦས་གླང་མཱཐུ་དང་ལྡན་པ་དྷིས་སྤྲུལ་པར་ནུས་པ་དེ་བཞིན་དུ་མཉམ་པར་གཞག་པའི་སེམས་མཐུ་དང་ལྡན་པ་དེ་ལ་བརྟེན་ནས། བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་དེ། སྤྲུལ་པ
་བུར་འབྱུང་ཞིང་དེ་ཉིད་དེའི་དམིགས་པ་ཡིན་གྱི། མཉམ་པར་མི་བཞག་པ་མཐུ་དང་མི་ལྡན་པ་ལས་ནི་མ་ཡིན་ནོ།། ཆོས་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་དེ་ལས་བཟློག་པ
་རྣམ་པ་ལྔ་ཁོ་ནས་རྣམ་པར་བཞག་པར་རིག་པར་བྱའོ།། །། བམ་པོ་ཉི་ཤུ་རྩཝ་བསྐུམ་པ།། དེ་ལ་ཆོས་ཟག་པ་དང་བནྡྷས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་བཞུག་སྟེ། ལཱུ་གླང་ཞེ་ན། ན།
་དང་བག་ལ་ཉལ་དང་མཚུངས་པར་ལྡན་པ་དང་། དམིགས་པ་དང་། མངོན་པར་སྤྱི་བས་སོ།། ཆོས་ཟག་པ་དང་བཅས་པ་རྣམས་ཀྱི་གཞི་གང་ཞེ་ན། དང་བློའི་གཟུགས་དང་དེ་དང་འབྲེལ་བ་དང་། མ་འབྲེལ་བའི་ཕྱི་རོལ་གྱི་གཟུག
་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་དང་། སེམས་ཅན་སེམས་ལས་བྱུང་བའི་ཆོས་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་སོ།། དེ་ལྟ
་ཟག་པ་དང་བཅས་པའི་གཞི་དེ་ནི་རྣམ་པ་བཞི་པོ་བག་ལ་ཉལ་དང་མཚུངས་པར་ལྡན་པ་དང་། དམིགས་པ་དང་མངོན་པར་སྐྱེ་བ་དག་གིས་ཅི་རིགས་པར་ཟག་པ་དང་བཅས་པ་ཡིན་པར་རིག་པར་བྱའོ།། དེ་ལ་དང་བའི
་གཟུགས་དང་། སེམས་དང་སེམམས་ལས་བྱུང་བའི་ཆོས་ཇི་སྐད་བསྟོན་པ་ཐམས་ཅད་ལ་ཉོན་མོངས་པའི་ས་བོན་ཡང་དག་པོ་མ་བཅོམ་པ་དང་། མ་སྤངས་པ་གང་ཡིན་པ་དེ་ནི་བག་ལ་ཉུལ་ཞེས་བྱ་སྟེ། གནས་ངན་ལེན
་ཀྱང་དེ་ཡིན་ནོ།། དེའི་ཕྱིར་ཇི་སྐད་དུ་དེ་མ་ལུས་པར་མ་སྤངས་པའོ་བར་དུ་ངེས་ན་དེ་དག་བག་ལ་ཉལ་ལས་ཟག་པ་དང་བཅས་པ་ཞེས་བྱའོ།། སེམས་དང་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་གང་དག་ཡིན་པ་དེ
་ངག་ནི་མཚུངས་པར་ལྡན་པ་ལས་ཀྱང་ཟག་པ་དང་བཅས་པ་ཞེས་བྱའོ།། དངོས་པོ་ཡོད་པ་དང་། མངོན་སུམ་གྱི་སྤྱོད་ཡུལ་དང་། ཟག་པ་དང་བཅས་པའི་དབང་གིས་བྱུང་བ་གང་ཡིན་པ་དེ་ནི་ཟག་པའི
་དམིགས་པ་ལས་ཟག་པ་དང་བཅོས་པ་ཞེས་བྱའོ།། དེ་ལ་ད་ལྟར་གང་ཡིན་པ་དེ་ནི་ཡོད་པ་ཡིན་པ་ལ་འདས་པ་དང་མ་འོངས་པ་གང་ཡིན་པོ་དེ་ནི་མེད་པ་ཡིན་ནོ།། དང་བ་ལ་བརྟེན་པའི་རྣམ་པར་ཤེས་པའི་སྤྱོད་ཡུལ་གང་ཡིན།
་པ་དེ་ནི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ལ་དེ་ལྟོས་གཞན་པ་གང་ཡིན་པ་དེ་ནི་མངནགས་གྱི་སྤྱོད་ཡུལ་མ་ཡིན་པར་རིག་པར་བྱའོ།། ཟག་པ་དང་བཅས་པའི་དབང་གིས་བྱུང་བ་འདི་ལྟ་སྟེ། ནང་གི་སྐྱེ་མཆེད་ཀྱི་དཔྱོང་གིས་ཕྱི་རོལ
་གྱི་སྐྱེ་མཆེད་དག་བྱུང་བ་གང་ཡིན་པ་དེ་ཡང་དེའི་དམིགས་པ་ཁོ་ན་ལས་ཟག་པ་དང་བཅོས་པ་ཡིན་པར་རིག་པར་བྱའོ།། འདི་ལྟར་ཉོན་མོངས་པ་གང་འདས་པ་དང་མ་འོངས་པ་ལ་དམིགས་ནས་བྱུང་བའི་འདྲེས་པ་དང་མི་འོངས
་པ་དེ་ནི་མེད་པའི་ཕྱིར་དམིགས་པ་ལས་ཟག་པ་དང་བཅས་པ་ཞེས་མི་བྱའོ།། ད་ལྟར་གྱི་དངོས་པོ་ཡིན་ཡང་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་ཡང་ཡོད་དེ།། འདི་ལྟ་སྟེ། དྲང་བའི་གཟུགས་དང་། སེམས་དང་སེམས
་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་དང་། དགེ་བ་དང་ལུང་དུ་མ་བསྟོན་པ་ཐམས་ཅད་།། དེ་དག་ཀྱང་ཉོན་མོངས་པའི་དམིགས་པ་ལས་ཟག་པ་དང་བཅས་པ་ཞེས་ནི་མི་བྱ་སྟེ། འདི་ལྟར་རང་གིས་ཡོངས་སུ་བརྟགས
་པའི་མཚན་མས་དེ་ལ་ཉོན་མོངས་པ་འབྱུང་བ་དེའི་ཕྱིར་ཏེ། ཆོས་དེ་གསལ་བར་དྲིའི་སྤྱོད་ཡུལ་དུ་གྱུར་པ་ནི་མ་ཡིན་ནོ།། དེ་ལ་མངོན་པར་སྐྱེ་བ་ལས་ཟག་པ་དང་བཅས་པ་ནི་འདི་ལྟ་སྟེ། བག་ལ་ཉལ་ཡང་མ་སྤངས་ཤིང་། ཉོན
་ངས་པའི་གནས་དང་མཐུན་པའི་ཡུལ་ཡང་སྣང་བར་གྱུར་ལ། དེ་ལ་ཚུལ་བཞིན་མོ་ཡིན་པ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་གྱུར་ནོ།། རྒྱ་དང་རྐྱེན་དེས་ཆོས་གང་ལ་ལ་སྐྱེ་བའམ་སྐྱེས་པའམ། སྐྱེ་བར་འགྱུར་པ་དེ་དག་ཐམས
་ཅད་ནི་མངོན་པར་སྐྱེ་བ་ལས་ཟག་པ་དང་བཅས་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་མི་དགེ་བའི་ཉོན་མོངས་པ་དག་ལས་རྣམ་པར་སྨིན་པ་དང་། རྣམ་པར་སྨིན་པའི་དབང་གིས་འབྲས་བུའི་ཕྱི་རོལ་གྱོ་དངོས་པོ་གང་དག
་མངོན་པར་འགྲུབ་པོར་འགྱུར་བ་དེ་དག་ཐམས་ཅད་ཀྱང་མངོན་པར་སྐྱེ་བ་ལས་ཟག་པ་དང་བཅས་པ་ཡིན་པར་བལྟ་བར་བྱའོ།། གཞན་ཡང་ལུང་དུ་མ་བསྟན་པའི་ཉོན་མོངས་པ་གཟུགས་དང་གཟུགས་མེད་པ་དང་ལྡན་པ་དག
་གིས་དེར་ཉིང་མཚམས་སྦྱོར་བ་གང་ཡིན་པ་དེ་ཡང་ཉིང་མཚམས་སྦྱོར་ཞིང་མངོན་པར་སྐྱེ་བ་ལས་ཟག་པ་དང་བཅས་པ་ཡིན་པར་རིག་པར་བྱའོ།། དེ་ལྟར་ན་ཆོས་ཟག་པ་དང་བཅས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔ་པོ
་གཞི་དང་བག་ལ་ཉལ་དང་། མཚུངས་པར་ལྡན་པ་དང་། དམིགསོ་བ་དང་སྐྱེ་བ་ཁོ་ནས་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལ་ཆོས་ཟག་པ་མེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པོར་གཞག་སྟེ། ལས
་ལྔ་གང་ཞེ་ན། ཀུན་ནས་དཀྲིས་པ་དང་བྲལ་བའི་ཕྱིར་ཟག་པ་མེད་པ་ཞེས་བྱ་བའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི
་གནས་དང་། དམིགས་པའི་གཟུགས་དང་། དགེ་བ་དང་ལུང་དུ་མི་བསྟན་པོའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ།། བག་ལ་ཉལ་སྤངས་པའི་ཕྱིར་ཟག་པ་མེད་པ་ཞེས་བྱ་བའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ
་སྟེ། མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགེ་བ་གང་ཡིན་པ་དང་། རྒྱུར་བྱས་པའི་གཟུགས་ལུང་དུ་མ་བསྟན་པ་དེ་དག་ལ་ལ་གང་ཡིན་པ་དང་། འཇིག་རྟེན་པའི་ལུང་དུ
་མ་བསྟན་པ་གང་དག་ཡིན་པ་དང་། སེམས་དོང་སེམས་ལས་བྱུང་བའི་ཆོས་དགེ་བ་གང་དག་ཡིན་པ་རྣམས་སོ།། གང་དག་འགོག་པའི་ཕྱིར་ཟག་པ་མེད་པ་ཞེས་བྱ་བའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། སེམས་དང་སེམས
་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་དེ་དག་མི་འབྱུང་བས་ཟག་པ་མེད་པ་ཡིན་པ་དང་། དེ་དག་མི་འབྱུང་བས་རབ་ཏུ་ཕྱེ་བའི་མྱ་ངོན་ལས་འདས་པ་སྟེ། མྱ་ངན་ལས་འདས་པ་ཡང་ཟག་པ་མེད་པ་ཡིན་པར་བརྗོད
་པར་བྱའོ།། གང་དག་མཐོང་བས་སྤང་བར་བྱ་བ་སྤོང་བའི་གཉེན་པོ་དང་། ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཕྱིར་ཟག་པ་མེད་པ་ཞེས་བྱ་བའི་ཆོས་དག་ཀྱང་ཡོད་དོ། འདི་ལྟ་སྟེ། མཐོང་བའི་ལམ་ཐམས་ཅད་དོ།། བསྒོམ
་པས་སྤང་བར་བྱ་བ་སྤོང་བའི་གཉེན་པོ་དང་། ངོ་བོ་ཉིད་དང་རྒྱུད་རྣམ་པར་གྲོལ་བའི་ཕྱིར་ཟག་པ་ཞེས་བྱ་བའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་དང་མི་སློབ་པའི་ལམ་སྟེ། ཆོས་ཟག
་པ་མེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔ་པོ་དེ་དག་གིས་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལ་ཆོས་ཉོན་མོངས་པ་དང་བཅས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པར་བཞག་པའང་རྣམ་པ་ལྔས་བལྟ་བར་བྱ་སྟེ། ལྔ
་གང་ཞེ་ན། འདི་ལྟ་སྟེ། གནས་དང་། གཞི་དང་། ངོ་བོ་ཉིད་དང་། གྲོགས་དང་། ཀུན་ནས་སློང་བས་སོ།། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཆོས་ཉོན་མོངས་པ་དང་བཅས་པ་རྣམས་ཀྱི་གནས་ཞེས་བྱའོ།། དེ་ལ་རོ་མྱང་བ་ལ་ལྷག་པར
་ཆགས་པ་དང་། རོ་མྱང་བ་ལ་ཡོངས་སུ་ཞེན་པ་གང་ཡིན་པ་དེ་ནི་ཉོན་མྱོངས་པའི་གཞི་ཞེས་བྱའོ།། དེ་ལ་མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། འགྱུར་བའི་ཆོས་ཉིད་གང་ཡིན་པ་དེ་ནི་ཉོན་མོངས་པའི་ངོ་བོ་ཉིད་ཅེས་བྱའོ།། །
་ཉོན་མོངས་པ་དེ་ལ་མི་ཤེས་ཤིང་རྨོངས་པ་གང་ཡིན་པ་དེ་ནི་དེའི་གྲོགས་ཞེས་བྱའོ།། དེ་ལོ་བརྟེན་ནས་ནག་པོའི་ཕྱོགས་རྣམ་པ་ལྔ་འབྱུང་བ་ནི་དེ་ཀུན་ནས་སློང་བ་ཞེས་བྱ་སྟེ། དེ་ལ་འདོད་པ་དང་ལྟ་བ་ལ་ལྷག་པར་ཞེན་པ་ལས
་ཐབ་མོ་དང་། མཚང་འབྲུ་བ་དང་། རྩོད་པ་དང་། འགྱེད་པ་འམ། གཞན་གང་ཡང་རུང་བ་དག་འབྱུང་བ་ནི་ནག་པོའི་ཕྱོགས་དང་པོ་ཡིན་ནོ།། ཉོན་མོངས་པའི་ཀུན་ནས་དཀྲིས་ས་པ་གང་ཡང་རུང་བས་མི་འཛེམ་ཞིང་དེ་ལ་ཤས་ཆེར
་གནས་པ་གང་ཡིན་པ་དེ་ནི་ནག་པོའི་ཕྱོགས་གཉིས་པ་ཡིན་ནོ།། འདི་ལྟ་སྟེ། དཀའ་ཐུབ་དྲག་པོ་པ་རྣམས་སམ། དེ་ལས་གཞན་པའི་དགེ་སྦྱོང་དང་། བྲམ་ཟེ་ཟས་མི་ཟ་བ་དང་། མེར་འཇུག་པ་དང་།
་གཡང་སར་མཆོང་བ་ལ་སོགས་པ་ལ་མོས་པ་རྣམས་ཀྱི་བསྒོ་བའི་ལམ་གང་ཡིན་པ་དེ་ནི་ནག་པོའི་ཕྱོགས་གསུམ་པ་ཡིན་ནོ།། ལུས་དང་ངག་དང་ཡིད་ཀྱིས་ཉེས་པོར་སྤྱོད་པ་གང་ཡིན་པ་དེ་ནི་ནག་པོའི་ཕྱོགས་བཞི་པ་ཡིནོ།། །
་ཡུཡང་སྲིད་པ་འདོད་པ་གང་ཡིན་པ་དེ་ནི་ནག་པོའི་ཕྱོགས་ལྟ་བ་ཡིན་ནོ།། དེ་ལ་དང་པོས་ནི་ཁོ་ན་དང་བཅས་པ་དང་། ཉེས་རྩོམ་གྱི་སེམས་ཀྱིས་བདེ་བ་ལ་རེག་པར་མི་གནས་པ་བལྟ་བར་བྱའོ།། གཉིས་པས་ནི་ཉོན་མོངངས་པའི
་ཡོངས་སུ་གདུང་བས་བདག་ཉིད་བདེ་བ་ལ་རེག་པར་མི་གནས་པར་བལྟ་བར་བྱའོ།། གསུམ་བྱས་ནི་དོན་མེད་པའི་སྡུག་བསྔལ་དང་། ཡོངས་སུ་ངལ་བྷ་ཁས་བླངས་པས་བདེ་བ་ལ་རེག་པར་མི་གནས་པར་བལྟ་བར་བྱའོ།།
་བཞི་པས་ནི་ངན་སོང་གི་འགྲོ་བར་སྐྱེ་བས་བདེ་བ་ལ་རེག་པར་མི་གནས་པ་རོ་བལྟ་བར་བྱའོ།། ལྔ་པས་ནི་སྐྱེ་བ་དང་། རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་དང་མི་འབྲལ་བས་བདེ་བ་ལ་རེག་པར་མི་གནས་པར
་བལྟ་བར་བྱའོ།། དེ་ལ་ཉེ་བར་ལེན་པ་འི་ཕུང་པོ་ལྔ་པོ་གནས་སུ་གྱུར་པ་དེ་དག་ནི་གཞི་དང་བཅས་པ་དང་། གྲོགས་དང་བཅས་དང་། ཀུན་ནས་སློང་བ་དང་བཅས་པའི་ཉོན་མོངས་པ་དེ་དང་ལྡན་པས་ན་ཆོས་ཉོན་མོངས་པ་དང་བཅས་པ
་རྣམས་ཞེས་བྱའོ།། ཆོས་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་བཞག་པ་ཡིན་ནོ།། དེ་ལ་ཉེ་བར་ལེན་པའི་མ་ཡིན་པའི་ཕུང་པོ་དག་ནི་གནས་ཡིན་ཏེ། དེ་ལ་གཞི
་དང་བཅས་པོ་དང་། གྲོགས་དང་བཅས་པ་དང་། ཀུན་ནས་སློང་བ་དང་བཅས་པའི་ཉོན་མོངས་པ་དེ་མ་དེ་མིགས་པས། དེའི་ཕྱིར་དེ་དག་ནི་ཆོས་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཞེས་བྱའོ།། དེ་ལ་ཆོས་ཟང་ཟིང་དང་བཅས
་པ་རྣམས་ཀྱི་རབ་ཏུ་ང་བྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། གནས་དང་གཞི་ལ་སོགས་པ་རྣམ་པ་ལྔས་ཏེ་སྔ་མ་བཞིན་ནོ།། དེ་ལ་གནས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཉིད་དོ།། གཞི་ནི་དེ་ཉིད་ལ་བདེ་བ་དང་།
་ཡི་བང་བའི་གནས་དང་མཐུན་པ་རོ་མྱང་བའི་གཞིའི་ཆོས་ཡོད་པ་རྣམས་སོ།། ངོ་བོ་ཉིད་ནི་དེ་ལ་བརྟེན་ནས་རོ་མྱང་བས་བསྡུས་པའི་བདེ་བ་སྐྱེ་བའོ།། གྲོགས་ནི་རོ་མྱང་བ་དེ་ལ་ཀུན་ཏུ་འདོད་ཆགས་ཤིང་ལྷག་པར་ཞེན་པ་གང་ཡིན
་པའོ།། ཀུན་ནས་སློང་བ་ནི་ནག་པོའི་ཕྱོགས་རྣམ་པ་ལྟ་སྟེ། སྔ་མ་ཁོ་ན་བཞིན་དུ་རིག་པར་བྱའོ།། ཉེ་བར་ལེན་པོའི་ཕུང་པོ་ལྔ་པོ་གནས་སུ་གྱུར་པ་དེ་དག་ནི་གཞི་དོང་བཅས་པ་ནས་ཀུན་ནས་སློང་བ་དང་བཅས་པའི་བྱར་གྱི་ཟད
་ཟིང་དེ་དང་ལྡན་པའི་ཕྱིར་ཟང་ཟིང་དང་བཅས་པ་རྣམས་ཞེས་བྱའོ།། ཆོས་ཟང་ཟིང་མེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་བཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉོན་མོངས་པ་མེད
་པ་སྔར་བསྟན་པ་བཞིན་དུ་ཅི་རིགས་པར་བྱའོ།། ཆོས་ཞེན་པ་ལ་བརྟེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། ལྔ་གང་ཞེ་ན། གནས་དང་གཞི་ལ་སོགས
་པ་སྔ་མ་བཞིན་ནོ།། དེ་ལ་གནས་ནི་འདོད་པ་དང་ལྡན་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ། གཞི་ནི་འདོད་པའི་འདོད་ཆགས་ཀྱི་གནས་དང་མཐུན་པ་འདོད་པའི་ཡོན་ཏན་ལྔ་པོ་དག་གོ།། ཞེན་པའི་ངོ་བོ་ཉིད་ནི་རྐྱེན་དེ་དང
་དམིགས་པ་དེ་ལས་བྱུང་བའི་འདོད་པའི་འདོད་ཆགས་སོ།། གྲོགས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པའི་ལོག་པར་སྨོན་པ་འདོད་པ་ལ་ཀུན་ཏུ་རྟོག་པ་སྟེ། དེ་དང་འགྲོགས་ན་དེ་ཀུན་ཏུ་རྟོག་པའི་འདོད་ཆགས
་ཞེས་བྱའོ།། ཀུན་ནས་སློང་བ་ནི་ནག་པོའི་ཕྱོགས་རྣམ་པ་ལྔ་སྟེ། སྔ་མ་བཞིན་ནོ།། འདོད་པ་དང་ལྡན་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ནི་གཞི་དང་བཅས་པ་དང་། གྲོགས་དང་བཅས་པ་དང་། ཀུན་ནས་སློང་བ་དང
་བཅས་པའི་ཞེན་པ་དེས་ཡོངས་སུ་ཟིན་པོའི་ཕྱིར་ཚེས་ཞེན་པ་ལ་བརྟེན་པ་རྣམས་ཞེས་བྱའོ།། ཆོས་ངེས་པར་འབྱུང་བ་ལ་བརྟེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་རིག
་པར་བྱ་སྟེ། སྔ་མ་བཞིན་ནོ།། དེ་ལ་ཆོས་འཇིག་རྟེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣཾ་པོ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། འཇིག་རྟེན་པོའི་དང་བའི་གཟུགས་དང་། དང་བས་གཟུང་བའི་གཟུགས་ཐམས་ཅད
་དང་འཇིག་རྟེན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་ཐམས་ཅད་དང་། འཇིག་རྟེན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་ལུང་དུ་མ་བསྟན་པ་ཐམས་ཅད་དང་། འཇིག་རྟེན་པའི་སེམས་དང
་སེམས་ལས་བྱུང་བའི་ཆོས་དགེ་བ་དང་སྤང་བར་བྱ་བ་དང་སྤངས་པ་ཐམས་ཅད་དང་། འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་འཇིག་རྟེན་པའི་གཟུགས་བསྟན་དུ་མེད་ལ་ཐོགས་པ་མེད་པ་ཐམས་ཅད་དོ།། ཆོས་འཇིག་རྟེན་ལས
་འདྲདས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། མཐོང་བས་སྤང་བར་བྱ། བའི་གཉེན་པོ་རྣམས་དང་། བསྒོམ་པས་སྤང་བར་བྱ་བའི་གཉེན་པོ་རྣམས་དང་། འདུ་ཤེས་རྣམ་པར
་གྲོལ་བས་རྣམ་པར་གྲོལ་བ་འདི་ལྟ་སྟེ། ཉན་ཐོས་དང་རདི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲོས་པ་མེད་པའི་ཚུལ་ཞུགས་པའི་ཤེས་རབ་དང་། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས
་བྱུང་བའི་ཆོས་རྣམས་དང་། དེའི་དམིགས་པ་བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་དང་། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་རྣམ་པར་གྲོལ་བས་རྣམ་པར་གྲོལ་བ་འདི་ལྟ་སྟེ། སློབ་པ་རྣམས་དང་། མི་མཐུན
་པའི་ཕྱོགས་ཐམས་ཅད་རྣམ་པར་གྲོལ་བས་རྣམ་པར་གྲོལ་བ་འདི་ལྟ་སྟེ། མི་སློབ་པ་རྣམས་སོ།། དེ་ལས་འཇིག་རྟེན་པ་དེ་དག་ཀྱང་འཇིག་རྟེན་རྣམ་པ་ལྔ་ལས་བརྩམས་ནས་དེར་གཏོགས་པ་ཞེས་བྱ་སྟེ། འཇིག་རྟེན་རྣམ་པ
་ལྔ་ནི་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་དང་། འདོད་པའི་འཇིག་རྟེན་དང་། གཟུགས་ཀྱི་འཇིག་རྟེན་དང་། གཟུགས་མེད་པའི་འཇིག་རྟེན་ཡིན་པར་བལྟ་བར་བྱའོ།། འཇིག་རྟེན་ལས་འདས
་པའི་ཆོས་གང་ཡིན་པ་དེ་དག་ནི་འཇིག་རྟེན་རྣམ་པ་ལྔ་པོ་དེར་མ་གཏོགས་པ་ཞེས་བྱའོ།། དེ་ལ་ཆོས་འདུས་བྱས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ཕྱི་མའི་མཐོའ་ནས་མི་འབྱུང་བ་དང་།
་སྔོན་གྱི་མཐར་རྣམ་པར་ཞི་བ་དང་། དབུས་ཀྱི་མཐར་རང་གི་མཚན་ཉིད་ལ་གནས་པ་དང་། རྒྱུ་དང་རྐྱེན་གྱི་རྒྱུན་དང་། འབྲས་བུའི་རྒྱུན་གྱིས་སོ།། ཆོས་འདུས་མ་བྱས་རྣམས་ཀྱི་རབ་ཏུ་དེ་བྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར
་གཞག་སྟེ། ལྔ་གང་ཞེ་ན། དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ན་ཡིན་པར་རིག་པར་བྱའོ།། མྱ་ངན་ལས་འདས་པ་འདུས་བྱས་འགགས་པ་ལ་གུད་ན་ཡོད་དམ་ཞེས་འདྲི་བ་ཡང་ཚུལ་བཞིན་མ་ཡིན་པ་ཡིན་ལ། ལན་འདེབས་པ
་ཡང་ཚུལ་བཞིན་མ་ཡིན་པ་ཡིན། སེམས་པ་ཡང་ཚུལ་བཞིན་མ་ཡིན་པ་ཡིན་པར་རིག་པར་བྱའོ།། གུད་ན་མེད་པ་དང་། གུད་ན་ཡོད་ཀྱང་ཡིད་ལ་མེད་ཀྱང་མེད་པ་དང་། གུད་ན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནམ
་ཞེས་འདྲི་བ་ཡང་ཚུལ་བཞིན་མ་ཡིན་ལ། ལན་འདེབས་པ་ཡང་ཚུལ་བཞིན་མ་ཡིན་པ་ཡིན། སེམས་པ་ཡང་ཚུལ་བཞིན་མ་ཡིན་པ་ཡིན་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འགོག་པ་ནི་འདུས་བྱས་རྣམ
་པར་ཞི་བ་ཙམ་དང་། འདུས་བྱས་དང་མཚན་ཉིད་མི་འདྲ་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ཏེ། དེ་ལ་འདུས་བྱས་རྣམ་པར་ཞི་བ་ཙམ་ཡིན་པའི་ཕྱིར་ནི་གུད་ན་ཡོད་དམ་ཞེས་འདྲི་བ་འམ། ལན་འདེབས་པའམ། སེམས་པ་ནི་མ
་སྤྲོས་པ་སྤྲོས་པར་བྱས་པ་ཡིན་ནོ།། འདུས་བྱས་དང་མཚན་ཉིད་མི་འདྲ་བོའི་ཕྱིར་ནི་གུད་ན་མེད་དམ་ཞེས་འདྲི་བ་དང་། ལན་འདེབས་པ་དང་། སེམས་པ་ཡང་མ་སྤྲོས་པ་ཁོ་ན་སྤྲོས་པར་བྱས་པ་ཡིན་ནོ།། ཇི་སྐད་བསྟན་པའི་རྒྱུ་གཉིས
་པོ་བསྡུས་པ་དེ་གཉིས་ཀྱིས་ནི་གུད་ན་ཡོད་པ་དང་གུད་ན་མེད་པ་ཡིན་ནམོ་ཞེས་འདྲ་བ་དང་། ལན་འདེབས་པ་དང་། སེམས་པ་ཉིད་ཀྱང་མི་རུང་ངོ་།། མྱ་ངན་ལས་འདས་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡིན་ནོ།
་ཞེས་གང་འདི་སྙམ་དུ་མྱ་ངན་ལས་འདས་པ་ནི་འདུས་བྱས་འགགས་པ་ལས་གུད་ན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་སྙམ་དུ་སེམས་ཤིང་འདྲི་བ་དང་། ལན་འདེབས་པ་དང་། སེམས་པ་དེ་ཡང་མི་རུང་སྟེ། མྱ
་ངན་ལ་སྣ་འདས་པའི་དོན་དུ་དཀར་པོའི་ཆོས་ཐམས་ཅད་ལེགས་པར་རྩོམ་པའི་ཕྱིར་མྱ་ངན་ལས་འདས་པ་ནི་ཞི་བ་དང་སྤྲོས་པ་མེད་པ་དང་། སོ་སོར་རང་གི་རིག་པའི་མཚན་ཉིད་དུ་ཡོད་པ་ཡིན་པར་རིག་པར་བྱའོ།།
་དེ་ལ་དམིགས་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། དགེ་བ་ཡིད་ལ་བྱེད་པའི་དམིགས་པའི་ཆོས་དག་ཀྱང་ཡོད། མི་དགེ་བ་ཡིད་ལ་བྱེད་པའི་དམིགས་པོའི
་ཆོས་དག་ཀྱང་ཡོད། ལུང་དུ་མ་བསྟན་པ་ཡིད་ལ་བྱེད་པའི་དམིགས་པའི་ཆོས་དྲུག་ཀྱང་ཡོད། ཁམས་སུ་གཏོགས་པའི་ཡིད་ལ་བྱེད་པའི་དམིགས་པའི་ཆོས་དག་ཀྱང་ཡོད། རྣལ་འབྱོར
་དང་ལྡན་པའི་ཡིད་ལ་བྱེད་པའི་དམིགས་པའི་ཆོས་དག་ཀྱང་ཡོད་དོ།། དེ་ལ་དགེ་བ་ཡིད་ལ་བྱེད་པའི་དམིགས་པ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟེན་པའི་ཆོས་རྣམས་ཡིན་ནོ།། དགེ་བ་ཡིད་ལ་བྱེད་པོའི
་དམིགས་པ་ཇི་ལྟ་བ་བཞིན་དུ་མི་དགེ་བ་ཡིད་ལ་བྱེད་པ་དང་། ལུང་དུ་མ་བསྟན་པ་ཡིད་ལ་བྱེད་པའི་དམིགས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ།། དེ་ལ་འདོད་པ་དང་ལྡན་པའི་དགེ་བ་དང་ཉོན་མོངས་པ་ཅན་དང་། ལུང
་དུ་མ་བསྟན་པ་ཡིད་ལ་བྱེད་པའི་དམིགས་པ་ནི་ཁམས་གསུམ་པའི་ཆོས་ཐམས་ནད་དོ།། གཟུགས་དང་ལྡན་པ་དགེ་བ་ཡིད་ལ་བྱེད་པའི་དམིགས་པ་ཡང་ཁམས་གསུམ་ན་སྤྱོད་པའི་ཆོས་ཐམས་ཅད་ཡིན་ནོ།། འདི
་ལས་ཕྱི་རོལ་པའི་སོ་སོའི་སྐྱེ་བོ་གཟུགས་མེད་པ་ལ་སྙོམས་པར་འཇུག་པའམ། སྐྱེས་པ་རྣམས་ཀྱི་གཟུགས་མེད་པ་དང་ལྡན་པའི་དགེ་བ་ཡིད་ལ་བྱེད་པའི་དམིགས་པ་གང་ཡིན་པ་དེ་ནི་རང་གི་ས་པ་ཁོ་ནའི་ཆོས
་རྣམས་ཡིན་གྱི་ས་འོག་མ་པ་དགོ་ནི་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་དབང་མ་ཐོབ་པ་ལྐོག་མཐོང་གིས་སྤྱོད་པ་གང་དག་ཡིན་པ་དང་། ཉན་ཐོས་ཀྱི་ཐེག་པ་པ་བྱེ་བྲག་ཕྱེད་པ་རྒྱ་ཆེན་པོ་དང་ལྡན་པ་གང་དག་ཡིན་པ་དང་།
་སློབ་པ་གང་དག་ཡིན་པ་དང་། དགྲ་བཅོམ་པ་གང་དག་ཡིན་པ་དེ་དག་གི་གཟུགས་མེད་པ་དང་ལྡན་པའི་དགེ་བ་ཡིད་ལ་བྱེད་པའི་དམིགས་པ་ནི་ས་འོག་མ་པ་ཐམས་ཅད་ཀྱང་ཡིན་ནོ།། བྱང་ཆུབ་སེམས་དཔའ་དབང་ཐོབ་པ
་གང་དག་ཡིན་པ་དེ་དག་ནི་གཟུགས་མེད་པ་རྣམས་སུ་མི་སྐྱེ་སྟེ། དེ་དག་གིས་དེ་ན་སེམས་ཅན་ལ་ཕན་གདགས་པའི་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ
་རྒྱ་ཆེན་པོ་མ་མཐོང་བའི་ཕྱིར་ཏེ། དེ་ལྟར་ན་དེ་དག་ནི་ཁམས་སུ་གཏོགས་པའི་ཡིད་ལ་བྱེད་པའི་དམིགས་པའི་ཆོས་རྣམས་ཡིན་པར་རིག་པར་བྱའོ།། དམིགས་པ་བསམས་པ་ལས་བརྩམས་ནས། མིང་གིས་ཐམས
་ཅད་ཟིལ་གྱིས་གནོན།། མིང་ལས་ལྷག་པ་ཡོད་མ་ཡིན།། མིང་ཆོས་གཅིག་གི་དབང་རྗེས་སུ།། ཐམས་ཅད་འགྲོ་བ་ཁོ་ནར་འགྱུར།། ཞེས་གང་གསུངས་པའི་ཚིག་དེའི་དོན་གང་ཡིན་ཞེ་ན། སྨྲས་པ། མདོར་བསྡུ་ན་རྣམ་པར
་བྱང་བའི་རྒྱུ་བརྟག་པ་དང་། རང་གི་མཚན་ཉིད་བརྟག་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་བརྟགས་པས་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་དེ་ཡོངས་སུ་བསྟན་པ་ཡིན་ནོ།། དེ་ལ་གང་ཟག་ལ་བདག
་མེད་པ་ལས་ནི་མིང་གི་ཕུང་པོ་བཞི་པོ་དག་ཡོངས་སུ་ཤེས་པས་རང་གི་ཡུལ་གྱི་མཚན་མ་ཐམས་ཅད་སྤངས་པས་ཟིལ་གྱིས་གནོན་ལ། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་ཆོས་ལ་བདག་མེད་པར་ཡོངས་སུ་ཤེས་པ
་ལས་ནི་ཐ་སྙད་ལས་བྱུང་བའི་མིང་ཡོངས་སུ་ཤེས་པས་དེའི་རྟེན་གྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་ཏོ།། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་དག་ལས་ལོགས་ཤིག་ན་བདག་གི་མཚན
་ཉིད་ཀྱི་དངོས་པོ་མི་དམིགས་ལ། ཐ་སྙད་ལས་བྱུང་བའི་མིང་ལས་ལོགས་ཤིག་ན་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དངོས་པོ་ཡང་མི་དམིགས་སོ།། དེ་གཉི་ག་ཡོངས་སུ་མ་ཤེས་ན་ཡུལ་གྱི་མཚན་མ་ཀུན་ནས་ཉོན་མོངས
་པ་ཐམས་ཅད་ཀུན་ཏུ་སློང་བ་དང་། རྗེས་སུ་འཇུག་པར་འགྱུར་ཏེ་ཡུལ་གྱི་མཚན་མའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ནི་དེའི་དབང་གིས་འབྱུང་བ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལས་དགོངས་ནས
་ཆོས་ཀྱི་ངོ་བོ་ཉིད་དུ་འཛིན་པ་ལས་ནི་བདག་ཏུ་འཛིན་པ་འབྱུང་བར་འགྱུར་ལ། དེ་རྟོགས་པས་ནི་དེ་ཡང་རྟོགས་པར་འགྱུར་རོ།། དེ་རྟོགས་ན་དེ་ལྡོག་པར་འགྱུར་རོ་ཞེས་གསུངས་སོ།། རྣལ་འབྱོར་དང་ལྡན་པའི་ཡིད་ལ
་བྱེད་པའི་དམིགས་པ་ནི་མདོར་བསྟ་ནཱ་རྣམ་པ་བཞི་སྟེ། ཁྱབ་པའི་དམིགས་པ་དང་། སྤྱད་པ་རྣམ་པར་སྦྱོང་བའི་དམྱིགས་པ་དང་། མཁས་པའི་དམིགས་པ་དང་ཉོན་མོངས་པ་རྣམ་པར་སྤྱོང་པའོ་དམིགས་པའོ།། དམིགས
་པོ་དེ་དག་གི་རྣམ་པར་དབྱེ་བ་ནི་ཉན་ཐོས་ཀྱི་སར་བཤད་པོ་བཞིན་ནོ།། དེ་ལ་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ནི་བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་དང་།། དེ་བཞིན་ཉིད་ཡིན་པར་གསུངས།།
་དེ་ལ་སྡུག་བསྔལ་གསུམ་ཞེས་གང་གསུངས་པ་དེ་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་གང་ཞེ་ན། ཡང་འབྱུང་བའི་ལས་དང་། ཉོན་མོངས་པས་བསྐྱེད་པའི་འདུ་བྱེད་རྣམས་ཀྱི་ལུས་དེ་དང་དེ་དག་ལ་ཉོན་མོངས་པ་དང་།
་སྡུག་བསྔལ་ཐམས་ཅད་འབྱུང་བ་དང་མཐུན་པ་ཀུན་ཏུ་འགྲོ་བའི་གནས་ངན་ལེན་དུ་གཏོགས་པ་གནས་པ་གང་ཡིན་པ་དེ་ནི་གནས་ངན་ལེན་ཞེས་བྱ་སྟེ། དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན་ནོ།། འདུ་བྱེད་ཀྱི་སྡུག
་བསྔལ་ཉིད་དེའི་དབང་དུ་མཛོད་ནས་བཅོམ་ལྡན་འདས་ཀྱིས་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་སྡུག་བསྔལ་བ་ཞེས་གསུངས་ཏེ། དེ་ཡང་བདེ་བའི་ཚོར་བ་དང་། སྡུག་བསྔལ་གྱི་ཚོར་བ་དང་། སྡུག་བསྔལ་ཡང
་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ།། གནས་ངན་ལེན་དེ་ཡང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་ནི་གསལ་བ་དང་མངོན་པ་ཡིན་པས་དེའི་ཕྱིར་སྡུག
་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བཱི་ཅེས་བྱའོ།། བདེ་བ་དང་སྡུག་བསྔལ་བ་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དག་གིས་རྣམ་པར་དཀྲུགས
་པའི་སེམས་ཀྱིས་གནས་ངན་ལེན་གྱི་སྡུག་བསྔལ་དེ་ནི་ཡོངས་སུ་བཅད་པས་བླ་བ་མ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གིས་འབྲས་ཡོངས་སུ་གདུང་བ་དང་བཅས་པ་ལ། བསིལ་བའི་རེག་པ་དང་ཕྲད
་པས་ན་བང་པོའི་འདུ་ཤེས་སྐྱེད་པར་བྱེད་ལ། འགྱུར་བྱེད་ཀྱིས་རེག་པ་དང་ཕྲད་བས་ནི་སྡུག་བྱསྔལ་གྱི་འདུ་ཤེས་སྐྱེད་པར་བྱེད་དོ།། འབྲས་ཡོངས་སུ་གདུང་བ་དང་བཅས་པ་དེ་ལ་རེག་པར
་གཉི་མེད་ན་ན། རྡོནཅན་འབྲས་དེ་ཉིད་ཀྱི་སྡིག་པ་ལེ་ནཱ་མོ་གས་ལ་བ་དེ་མངོན་པར་འགྱུར་བ་ད་སྦྱིན་དུ་ཉོན་མོད་སྡེ་དང་ལྷས་ཀྱིས་པ་སྒྱི་བྱེད་གནས་ངན་ལེན་དུ་གཏོགས་པ་གནས་པ་འགྲམ
་ཡོངས་སུ་གདུང་བའི་གནས་ལྟ་བུ་དེ་ལ་ཡང་། རེག་པ་བསིལ་བ་དང་ཕྲད་པའི་གནས་ལྟ་བུར་ནི་བདེ་བའི་ཚོར་བཻར་བལྟ་བར་བྱའོ།། འགྱུར་བྱེད་ཀྱི་རེག་པ་དང་བྷྲིད་པའི་གནས་ལྟ་བུར་ནི་སྡུག་བསྔལ་གྱི་ཚོར་བར་བྱལླ
་བཔར་བྱའོ།། རིག་པ་དེ་གཉི་ག་མེད་པར་འབྲུས་ཙམ་གྱི་གནས་ལྟ་བུར་ནི་སྔགས་བསྔལ་ཡང་མེ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལྟ་བར་བྱའོ།། དེ་ལ་བདེ་བའི་ཚེར་བ་ལ་ནི་ལྷག་པར་ཚོགས་པར་འགྱུར་བས་དེའི་ཕྱིར
་དེ་ལ་ནི་འདོད་ཆགས་བག་ལ་ཉལ་ཞེས་བྱའོ།། སྡུག་བསྔལ་གྱི་ཚོར་བཱི་ལ་ནི་ཀུན་ནས་མནར་སེམས་སུ་འགྱུར་བས་དེའི་ཕྱིར་དེ་ལ་ནི་ཁོང་ཁྲོ་བོ་བག་ལ་ཉལ་ཞེས་བྱའོ།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན
་པས་རབ་ཏུ་ཕྱེ་བ་གནས་ངན་ལེན་དུ་གཏོགས་པ་འདུ་བྱེད་གནས་པའི་ལུས་མོ་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་དང་། སྡུག་བསྔལ་ལ་བདེ་བ་དང་། མི་གཙང་བ་ལོ་གཙང་བ་དང་། བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་ཏུ
་འགྱུར་བས། དེའི་ཕྱིར་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་ནི་མ་རིག་པ་བག་ལྔ་ཞེས་བྱའོ།། དེ་ལ་བདེ་བའི་ཚོར་བ་ལ་ལྷག་པར་ཆགས་པའི་བྱིས་པ་ནི་གཞི་དེས་ཚེ་འདི་ལ་ལུས་ཀྱིས་ཉེས་པར
་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱད་ནས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དང་། ཡང་བྱུང་བའི་སྲེད་པས་ཕྱི་མ
་ལོ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་དེ། དེ་ལྟར་ན་དེ་ནི་བདེ་བའི་ཚོར་བ་ལ་འདོད་ཆགས་ཀུན་ཏུ་གནས་པས་ཕྱི་མ་ལ་འགྲོ་བ་ལྔར་སྡུག་བསྔལ་སྐྱེད་པར་བྱེད་དོ།། སྡུག་བསྔལ་གྱི་ཚོར་བ
་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་ནི་མི་འདོད་པས་རེག་པས་ན་དེས་མྱ་ངན་བྱེད། སྒྱིད་ལུག་པར་བྱེད། སྨྲེ་སྔགས་འ་དོན་པར་བྱེད་པ་ནས་ཀུན་ཏུ་རྨོངས་པའི་བར་དུ་འགྱུར་ཞིང་། གཞི་དེས་ཉེས
་པར་སྤྱོད་པ་གསུམ་ཆར་སྤྱད་ནས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ལྟར་ན་དེ་ནི་སྡུག་བསྔལ་གྱི་ཚོར་བ་ལོ་ཁོང་ཁྲོ་བ་ཀུན་ཏུ་གནས་པས་ཚེ་འདྲི་པ་དང་། ཚེ་ཕྱི་མ་པའི་སྡུག་བསྔལ་མངོན་པར་འགྲུབ་པར
་བྱེད་དོ།། སྡུག་བསྔལ་ཡོང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་དེ་ལྟར་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་བདེ་བའི་ཚོར་བ་ལ་འདོད་ཆགས་ཀྱིས་བསྐྱེད་པ་དང་། སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བས
་བསྐྱེད་པའི་སྡུག་བསྔལ་རྣམ་པ་གཉིས་པོ་ཡོངས་སུ་མི་བཏང་བའི་ཕྱིར་སེམས་པ་དང་། ཡོངས་སུ་མི་བཏང་བའི་ཕྱིར་ཞུགས་པ་ཡིན་ནོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཉོན་མོངས
་པ་དང་། ཉེ་བའི་ཉོན་མོངས་པོ་མང་པོ་ཡོད་པ་དེ་དག་གི་རྩ་བ་ནི་འདི་ལྟ་སྟེ། འདོད་ཆགས་དང་ཞོ་སྡང་དང་གཏི་མུག་གསུམ་ཁོ་ན་ཡིན་པར་རློམ་པར་བཞུག་གོ། དེ་ཉིད་ལོས་དགོངས་ནས་བཅོམ་ལྡན་འདས་ཀྱིས
་བདེ་བའི་ཚོར་བ་ནི་སྡུག་བསྔལ་དུ་བལྟ་བར་བྱ། སྡུག་བསྔལ་གྱི་ཚོར་བ་ནི་ཟུག་རྔུར་བལྟ་བར་བྱ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་མི་རྟག་པ་དང་། འགོག་པའི་ཆོས་ཅན་དུ་བལྟ་བར་བྱའོ་ཞེས
་གསུངས་ཏེ། མི་རྟག་པར་ལྟ་བ་ནི་རིམས་གྱིས་ཕྱིན་ཅི་ལོག་ཐམས་ཅད་སྤོང་བར་འགྱུར་རོ།། དེ་ནི་ཡང་དགེ་པར་སྡུག་བསྔལ་གྱི་བདེན་པའི་དངོས་པོ་ཡིན་ཏེ། འཕགས་པ་འཕགས་པའི་ཡེ་ཤེས་ཀྱིས་དེ་གཟིགས
་པ་རྣམས་ནི་སྲིད་པའི་རྩེ་མོ་པའི་ཕུང་པོ་མཆོག་ཏུ་རབ་ཏུ་ཞི་བ་དག་ལ་ཡང་དགའ་བ་མི་འཐོབ་ན། ཤིན་ཏུ་དམན་པ་དག་ལ་ལྷ་སྨོས་ཀྱང་ཅི་དགོས། ཡང་འབྱུང་བ་པའི་ལས་དང་ཉོན་མོངས་པས་འདུ་བྱེད་དེ་སྐྱེད་པར
་བྱེད་པ་གང་དག་ཡིན་པ་དེ་དག་ནི་མཚན་ཉིད་ཀྱིས་ཚུལ་གྱིས་ཀུན་ཏུ་འབྱུང་བའི་བདེན་པ་ཡིན་མོད་ཀྱི། བཅོམ་ལྡན་འདས་ཀྱིས་མདོ་སྡེའི་ཚུལ་གྱིས་གཙོར་ནི་སྲེད་པ་ཉིད་ཡིན་པར་བསྟན་ཏོ།། ཉིན་མོངས་པའི
་ཕྱོགས་ཀྱི་གནས་ངན་ལེན་དེ་སྤངས་པ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་དྲན་ལས་འདས་པའི་དབང་དུ་བྱས་ནས་འགོག་པའི་བདེན་པ་ཡིན་ནོ།། མ་འོངས་པ་རྒྱུ་ཡང་དག་པར་ཆད་པ་རྣམས་ཀྱི་མི་འབྱུང་བ་དང་།
་དེདོ་ལྟར་བྱུང་བ་སྔོན་གྱི་རྒྱུ་དང་ལྡན་པ་རྣམས་ཀྱི་རང་གིས་འགག་པ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས་འགོག་པའི་བདེན་པ་ཡིན་ནོ།། དོན་དམ་པ་འཛིན་པར་བྱེད་པའི་ཡང་དག
་པའི་ལྟ་པ་དང་། ཡང་དག་པའི་ལྟ་བ་སྔོན་དུ་བཏང་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ལམ་གྱི་བདེན་པ་ཡིན་ནོ།། བདེན་པ་རྣམ་པར་གཞག་པ་འདི་ནི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང
་བ་སྤང་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་སྒོམ་པའི་ཕྱིར་མཚན་ཉིད་བསྡུས་ཏེ་རློམ་པར་གཞག་པས་རྣམ་པར་གཞག་པ་ཡིན་གྱི། རྒྱ་ཆེརྭ་རྣམ་པར་གཞག་པ་ནི་ཚད་མེད་པར་རིག་པར་བྱའོ།། སྡུག་བསྔལ
་གྱི་བདེན་པ་ཡོངས་སུ་ཤེས་པ་རགས་པ་ལ་བརྟེན་ནས་ཆ་ཕྲ་བོ་ལ་གཟུང་བའི་ཕྱིར་དང་པོར་སྐྱེ་བ་ལ་སོགས་པ་སྡུག་བསྔལ་ཉིད་དུ་བརྟགས་ཏེ། ཕྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་བསྟན་ཏོ།། གནས་པ
་གྲུབ་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། ཁམ་གྱི་ཟས་དང་། རེག་པའི་ཟས་དང་། ཡིད་ལ་སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་དང་། སྲོག་གི
་དབང་པོ་ལྔ་པ་ཡིན་ནོ།། དེ་ལ་ཁམ་གྱི་ཟས་ནི་རིགས་པ་ཡིན་པས་འདོད་པའི་ཁམས་ནཱ་འགྲོ་བ་ལྟ་ཅར་ན་ཡོད་དེ། ཉེ་ཚེ་བའི་སེམས་ཅན་དུ་མྱལ་བ་དེ་དག་ཁ་ཅིག་ན་ཡང་ཡོད་ལ། སེམས་ཅན
་དམྱལ་བ་ཆེན་པོ་དག་ན་ནི་མེད་དོ།། ཟས་ལྷག་མ་རྣམས་ནི་ཁམས་གསུམ་ཆར་ན་ཡང་དམིགས་སོ།། སྲོག་གི་དབང་པོ་ནི་འདུ་བྱེད་རྣམས་ལ་སེམས་ཅན་དུ་ཉེ་བོར་བཏགས་པ་མཛད་ནས། བཅོམ་ལྡན་འདས་ཀྱིས
་ཆོས་དེ་དག་ནི་སེམས་ཅན་རྣམས་ཀྱི་གནས་པ་བསྒྲུབ་པ་ཞེས་བཀའ་སྩལ་ཏོ།། གང་གི་ཚེ་རྒྱུ་བདུན་གྱིས་འདུ་བྱེད་རྣམས་གནས་པར་འགྱུར་ཏེ། བདུན་གང་ཞེ་ན། རེ་ཞིག་དང་པོ་ཁོ་ནར་སྐྱེ་བ་ནི་འདུ་བྱེད་རྣམས་ཀྱི
་གནས་པའི་རྒྱུ་ཡིན་ཏེ། འདི་ལྟར་འདུ་བྱེད་སྐྱེས་ན་གནས་ཀྱིས་མ་སྐྱེས་ན་མི་གནས་པའི་ཕྱིར་རོ།། སྲོག་གཽ་དབང་པོ་དང་། ཟས་ཀྱང་ཡིན་ནོ།། སེམས་ལ་དབང་བ་རྣམས་ཀྱིས་རྫུ་འཕྲུལ་ཡང་ཡིན་ཏེ། འདི་ལྟར་དེ
་དག་ནི་ཚེའི་འདུ་བྱེད་བསྲིངས་ནས་བསྐོལ་པོ་འམ་བསྐལ་བ་ལས་ལྷག་པར་གནས་པའི་ཕྱིར་རོ།། རྒྱུ་དང་རྐྱེན་ཚོགས་པ་ཡང་གནས་པའི་རྒྱུ་ཡིན་ཏེ། འདི་ལྟར་ཇི་སྲིད་དུ་རྒྱུ་དང་། རྐྱེནཱ་དང་མ་བྲལ་བ་དེ་སྲིད་དུ།། དགེ
་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་གནས་པའི་རྒྱུན་མི་འཆད་པོའི་ཕྱིར་རོ།། སྔོན་གྱི་ལས་ཀྱི་འཕེན་པ་ཡང་དགེ་བ་དང་མི་དགེ་བ་དང་། ལུང་དུ་མི་བསྟེན་པོ་ཡིད་ལ་བྱེད་པས་བསྒྲུབས་པའི
་འདུ་བྱེད་རྣམས་ཀྱི་གནས་པའི་རྒྱུ་ཡིན་ཏེ། འདི་ལྟར་ཕྱི་རོལ་གྱི་དངོས་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུས་ཀྱིས་བསྐྱེད་པ་རྣམས་ཀྱིའོ།། བར་དུ་གཅོད་པ་མེད་པ་ནི་འདུ་བྱེད་རྣམས་ཀྱི་གནས་པའི་རྒྱུ་བདུན་པ
་ཡིན་ཏོ། འདུ་བྱེད་གང་སྐྱེ་བ་ལ་གླེགས་མི་བྱེད་པ་དང་། སྐྱེས་པའི་འདྲ་བའི་རྒྱུན་དང་མི་མཐུན་པ་མ་ཡིན་པ་འཇིག་པའི་རྒྱུ་མ་ཡིན་པ་ནི་དེ་གནས་པའི་རྒྱུ་ཡིན་པའི་ཕྱིར་ཏེ། གཞིན་དུ་ནི་འཇིག་པ་ཁོ་ནར་འགྱུར་བ་ཡིན
་ན། ཅི་ཕྱིར་བ་ནོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ཟོས་དག་ཁོ་ནས་གནས་པ་ཡིན་པར་གསུངས་ཤེ་ན། འདུ་བྱེད་རྣམས་ནི་རྒྱུ་གཞན་བདུན་པོ་དེ་དག་གིས་གནས་པ་ཡང་ཡུན་མོད་ཀྱི། འོན་ཀྱང་གནས་པའི
་རྒྱུ་མང་པོ་འདི་ལྟ་སྟེ། ཟས་གཞི་པོ་དེ་དག་ནི་སྒྲོ་མང་པོ་སྣ་ཚོགས་པ་དག་གིས་འདུ་བྱེད་རྣམས་གནས་པར་བྱེད་པ་ཡིན་པའི་ཕྱིར་དང་། གཞན་ཡང་ཟས་ལས་གྱུར་པའི་གནས་པ་འདི་ནི་བྱིས་པ་གཞོན་ནུ་ཡན་ཅད་ཀྱིས
་ཀྱང་གཟུང་སླ་བ་དང་། འཇུག་སྨྲ་བ་དང་། རྟོག་པར་སླ་བ་ཡིན་གྱི། གཞན་དགེ་ནི་དཱི་ལྟ་མ་ཡིན་པའི་ཕྱིར་དང་། གཞན་ཡང་ཟོས་རྣམས་ནི་དབང་པོ་དང་། འབྱུང་བ་ཆེན་པོ་མ་འཕེལྔ་པ་རྣམས་འཕེལ་བར་བྱེད་པ་དང་། ནད
་ཀྱིས་ཐོབས་པ་རྣམས་ཀྱང་ན་དེ་མེད་པར་བྱེད་པ་ཡིན་གྱི། གཞན་དག་ནི་དེ་ལྟ་མ་ཡིན་པའི་ཕྱིར་དང་། གཞོན་ཡང་སེམས་ཅན་ཚེ་རིང་པོ་དག་ཀྱང་ཟས་མེ་རྙེད་ནི་དུས་མ་ཡིན་པར་འཆི་བར་འགྱུར་བའི་ཕྱིར་དང་།། འདི་ལྟ་སྟེ།
་སེམས་ཅན་ཐམས་ཅད་ཟས་ཀྱི་གནས་པ་ཡིན་ནོ་ཞེས་བྱ་བའི་ལྷམ་འདི་ནི། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྒོམ་པ་ལ་འཇུག་བླ་བ་ཡིན་པའི་ཕྱིར་ཏེ་དེ་ལྟ་བས་ན་རྒྱུ་ལྔ་པོ་དེ་དག་གིས་ན་སེམས་ཅན
་རྣམས་ཟས་དག་གིས་གནས་པ་ཁོ་ན་ཡིན་པར་གསུངས་སོ།། ཅིའི་ཕྱིར་སྲོག་གི་དབང་པོའི་དབང་དུ་མཛད་ནས་སེམས་ཅནྡ་འདུ་བྱེད་རྣམས་ཀྱིས་གནས་པར་གསུངས་ཤེ་ནཱ། གནས་གང་ན་ལན་འགའ་ཡང་ཟས་མ་ཚང་བ་མེད་པ་དང་།
་གང་ན་ཟས་ཚེགས་ཆེན་པོས་ཡོངས་སུ་བརྩ་ལྔ་མི་དགོས་པ་དེ་ལྟ་བུའི་གནས་ཀྱང་ཡོད་མོད་ཀྱི་གནས་དེ་ན་སྲོག་གི་དབང་པོའི་དབང་ཁོ་ནས་གནས་པར་འགྱུར་ཞིང་། གང་དག་གིས་ཚེ་ཇི་ལྟར་འཕངས་པ་དེ་དག་གིས་ཇི་ལྟར་འཕངས་པ་དེ་དག
་དུས་དེ་སྲིད་དུ་གནས་པར་འགྱུར་བས། དེའི་ཕྱིར་གནས་དེའི་དབང་དུ་མཛད་ནས། སྲོག་གི་དབང་པོ་སེམས་ཅན་རྣམས་འདུ་བྱེད་ཀྱིས་གནས་པར་གསུངས་སོ།། དེ་ལ་ཁམ་གྱི་ཟས་ནི་དྲི་དང་རོ་དང་། རེག་བྱའི་སྐྱེ་མཆེད་རྣམས་ཀྱིས་བསྡུས
་པ་ཡིན་པར་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དྲི་དང་རོ་དང་རེག་བྱ་རྣམས་ལེགས་པར་ཞུ་བས་ནི་འཕེལ་བར་བྱེད་ལ་མི་མཐུན་པར་ཞུ་བས་ནི་འགྲིབ་པར་བྱེད་ཀྱི། དེ་དག་ལྔས་གཞན་པ་གཟུགས་ལ་སོགས་པ་ནི་འཕེལ་བའི་ཕྱིར
་ཡང་མི་འཇུག་ལ། འགྲིབ་པའི་ཕྱིར་ཡང་མི་འཇུག་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་དག་ནི་ཁམ་གྱི་ཟས་ཞེས་མི་བྱའོ།། དེ་ལོ་ཁམ་ཟ་བའི་ཚེ་ན་ཡིད་དུ་འོང་བས་ཟ་བའི་དབང་པོ་རྣམས་ཚིམ་པར་བྱེད་པ་གང་ཡིན་པ་དེ་ནི་ཁམ་གྱི་ཟས་ཞེས་བརྗོད
་པར་མི་བྱ་མོད་ཀྱི། འོན་ཀྱང་དེ་ནི་རེག་པའི་ཟས་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་དེ་འཕྲོད་པས་བདེ་བ་དང་འཕེལ་བར་འགྱུར་བ་དེ་འཇུན་ནི་དེ་ཞུ་བ་ན་ཁམ་གྷི་ཟས་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་ཞུ་ཡང་བདེ་བ་དང་འཕེལ་བར་མི་འགྱུར
་ན་ནི་དེ་ཞུར་ཟིན་ཀྱང་ཁམ་གྱི་ཟས་ཡིན་པར་བརྗོད་པར་མི་བྱའོ།། ཁམ་ཟ་བའི་ཚེ་ན་ཡིད་དུ་མི་འོང་བས་ཟ་བ་པོའི་དབང་པོ་རྣམས་ཚིམ་པར་མི་བྱེད་པ་གང་ཡིན་པ་དེ་ནི་ཟས་འགའ་ཡང་མ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་དེ་ཉིད་འཕྲེང
་བཔས་ཞུ་བ་ན་བདེ་བ་དང་འཕེལ་བར་འགྱུར་ན་ནི་དེ་ཁམ་གྱི་ཟས་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་ཞུ་བ་ན་བདེ་བ་དང་འཕེལ་བར་མི་འགྱུར་ན་ནི་དེ་ཞུར་ཟིན་ཀྱང་ཟས་ཡིན་པར་བརྗོད་པར་མི་བྱའོ།། ཁམ་གང་ཡིན་པ་དེ་ཟས་ཀྱང་ཡིན
་ལ། ཟས་གང་ཡིན་པ་དེ་ཡང་ཁམ་ཡིན་ནམ་ཞེ་ན། མུ་བཞིར་ཅི་རིགས་པར་བརྗོད་པར་བྱ་སྟེ། དེ་ལ་ཁམ་ཡིན་ལ་ཟས་མ་ཡིན་པ་ནི་ཁམ་གང་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བར་མི་འགྱུར་བའོ།། ཟས་ཡིན་ལ་ཁམ་མ་ཡིན་པ་ནི
་རེག་པ་དང་ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པ་གང་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བར་འགྱུར་བའོ།། ཟས་ཀྱང་ཡིན་ལ་ཁམ་ཀྱང་ཡིན་པ་ནི་ཁམ་གང་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བ་ར་འགྱུར་བའོ།། ཁས་ཀྱང
་མ་ཡིན་ལ་ཟས་ཀྱང་མ་ཡིན་པ་ནི་རིག་པ་དང་ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པ་གང་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བར་མི་འགྱུར་བའོ།། རེག་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་མུ་བཞི་དེ་བཞིན་དུ་ཅི་རིགས་པར
་བརྗོད་པར་བྱའོ།། དེ་ལ་རྣམ་པར་སྨིན་པ་དང་བཅས་པའི་ཆོས་རྣམས་ཀྱང་རིག་པར་བྱ། རྣམ་པར་སྨིན་པ་ཡང་རིག་པར་བྱ། རྣམ་པར་སྨིན་པ་ལས་སྐྱེས་པའི་ཆོས་རྣམས་ཀྱང་རིག་པར་བྱའོ།། དེ་ལ་རྣམ་པར
་སྨིན་པ་དང་བཅས་པའི་ཆོས་རྣམས་ནི་མདོར་བསྡུ་ན་ཟག་པ་རྣམས་དང་། ཟག་པ་དང་བཅས་པ་རྣམས་སོ།། དེ་དག་ཀྱང་སྟོབས་དང་ལྡན་པ་དང་། ཉམས་པ་དང་མ་སྤྱད་པ་དག་ཡིན་ནོ།། དེ་ལ་ཟག་པ་རྣམས་ལས་ནི་མི་དགེ་བ་གང
་ངག་ཡིན་པ་དེ་དག་ནི་སྟོབས་དང་ལྡན་པ་ཞེས་བྱབའོ།། བསྒྲིབས་ལ་ལུང་དུ་མ་བསྟན་པ་གང་དག་ཡིན་པ་དེ་དག་ནི་མཐུ་ཆུང་བ་ཡིན་ནོ།། ཟག་པ་དང་བཅས་པ་རྣམས་ལས་ཀྱང་དགེ་བ་དང་། མི་དགེ་བ་གང་དགུ་ཡིན་པ་དེ་དག་ནི་སྟོབས
་དང་ལྡན་པ་ཡིན་ནོ།། དེ་དག་ལས་གཞན་པ་ནི་མཐུ་ཆུང་བ་ཡིན་ནོ།། ཟག་པ་དང་བཅས་པ་གང་དག་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་དག་གིས་སྤངས་པ་དེ་དག་ནི་ཉམས་པ་ཞེས་བྱའོ།། དེ་ལས
་བཟློག་པ་དག་ནི་མ་ཉམས་པ་ཞེས་བྱའོ།། འདས་པོའི་དུས་ལས་བརྟེན་ཏེ་རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པ་གང་དག་ནི་སྤྱད་ཟིན་པ་ཞེས་བྱ་སྟེ། འདི་ལྟར་དེ་དག་གི་རྣམ་པར་སྨིན་པ་ནི་འདས་ཟིན་པའི་ཕྱིར་མེད་དོ།། མ་འོངས
་པའི་དུས་སུ་རྣམ་པར་སྨིན་པ་པ་འོ་བྱིན་པར་འགྱུར་བ་གང་དག་ཡིན་པ་དང་། ད་ལྟར་རྣམ་པར་སྨིན་པ་ཉེ་བར་གནས་པ་གང་དག་ཡིན་པ་དེ་དག་ནི་མ་སྤྱད་པ་ཞེས་བྱའོ།། རྣམ་གྲངས་དེས་ན་དགེ་བ་དང་མི་དོག་པ་ཟག་པ་རྣམས་དང
་བཅས་པ་གང་དག་ཡིན་པ་དེ་དག་ནི་ཅི་རིགས་པར་ཟག་པ་དང་བཅས་པ་ཡིན་ཏེ། དེ་དག་ནི་མ་སྤངས་པ་དང་། དེ་དག་ནི་རྣམ་པར་སྨིན་པ་སྔོན་རྣམ་པར་མ་སྨིན་པ་དང་། དེ་དག་ནི་རྣམ་པར་སྨིན་པ་དང་བཅས་པ་དག་ཡིན་ནོ།།
་ཟག་པ་མེད་པ་དང་། ལུང་དུ་མ་བསྟན་པ་དང་། དགེ་བ་དང་། མི་དགེ་བ་ཟག་པ་དང་བཅས་པ་ཟག་པ་རྣམས་དང་བཅས་ཏེ་སྤངས་པ་དང་། རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པ་གང་དག་ཡིན་པ་དེ་དག་ནི་རྣམ་པར་སྨིན་པ
་མེད་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་འཆི་བའི་སེམས་ཐ་མ་ནི་རྣམ་པར་སྨིན་པ་ཡིན་ནོ།། ཉིང་མཚམས་སྦྱར་མ་ཐག་པའི་སེམས་ཀྱང་རྣམ་པར་སྨིན་པ་ཡིན་ནོ།། དེ་ཕན་ཆད་རང་བཞིན་དུ་གནས་པའི་སེམས་ཐམས་ཅད
་ཀྱང་རྣམ་པར་སྨིན་པ་ཡིན་ནོ།། དེ་ལ་དགེ་བ་དང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་དང་། ལུང་དུ་མ་བསྟོན་པའི་སེམས་མངོན་པར་འདུ་བྱེད་པ་དང་བཅས་པ་མེད་པ་གང་ཡིན་པ་དེ་ནི་རང་བཞིན་དུ་གནས་པ་ཞེས་བྱའོ།། །
་འདོད་ཆགས་དང་བྲལ་བ་ལས་འོག་མ་པའི་དགེ་བའི་སེམས་དང་། ལུང་དུ་མ་བསྟན་པའི་སེམས་མངོན་པར་འདུ་བྱེད་པ་དང་བཅས་པ་མེད་པ་འབྱུང་བ་གང་ཡིན་པ་དེ་ཡང་རྣམ་པར་སྨིན་པ་ཡིན་པར་རིག་པར་བྱའོ།། རྣམ
་པར་སྨིན་པ་དེ་ནི་ཐམས་ཅད་དུ་ཡང་མ་བསྒྲིངས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་པར་བརྗོད་པར་བྱའོ།། རྣམ་པར་སྨིན་པ་ས་བོན་ཐམས་ཅད་པ་དེ་ལས་སྤངས་པ་དང་། མ་ཐོབ་པ་མ་ག་ཏོགས་པ་དགེ་བའམ། མི་དགེ་བ
་འམ་ལྡང་དུ་མ་བསྟནྟ་པཱའི་ཆོས་གང་དག་རང་གི་ས་བོན་དང་ལྡན་བཱཪྵ་སྐྱེ་བ་དེ་དག་ཐམས་ཅད་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པར་བརྗོད་པར་བྱའོ།། ཁམས་གསུམ་ཐམས་ཅད་ནཱ་ཡང་འཆི་བའི་སེམས
་ཐ་མ་དང་། ཉིང་མཚམས་སྦྱོར་བའི་སེམས་དང་པོའི་འོག་མ་གཉིས་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་པ་ཡིན་པར་བལྟ་བར་བྱ་སྟེ། ཉིང་མཚམས་སྦྱོར་བའི་སེམས་དང་བྱེ་མ་གཏོགས་པ་དེ་དག
་ནི་ཐམས་ཅད་དུ་ཡང་རྣམ་པོར་སྨིན་པར་བསྡུས་པ་ཡིན་པར་བལྟ་བར་བྱའོ།། དེ་ལས་གཞན་པ་བདེ་བ་དང་། སྡུག་བསྔལ་གྱི་ཚོར་བ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པར་རིག་པར་བྱའོ།། དེའི་ས་བོན་རྣམ་པར་སྨིན་པས
་བསྡུས་པ་ཅི་འདྲ་བ་དེ་འདྲ་བའི་རྒྱུ་དེ་དག་དང་། རྐྱེན་དེ་དག་ལ་བརྟེན་ནས་རློམ་པར་སྨིན་པ་དེ་ལས་སྐྱེའོ།། དེ་ལ་སེམས་ཅན་ད་མྱལ་བུར་སྐྱེ་བའི་སེམས་ཅནི་རྣམས་ཀྱི་རྣམ་པར་སྨིན་པའི་མཇུག་ཐོགས་སུ་ནི་རྣམ་པར་སྨིན་པ་ལས་སྐྱེས
་པའི་སྡུག་བསྔལ་དང་། ཡིད་མི་བདེ་བའི་རྒྱུན་འབྲེལ་པར་འབྱུང་ངོ་།། སེམསཱ་ཅིན་དམྱལ་བར་སྐྱེས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་ཡི་དྭགས་དེ་དག་ཁ་ཅིག་ལ་ཡང་དེ་དང་འདྲའོ།། ཡི་དགས་དེ་དག་ཁ་ཅིག་དང་། དུད་འགྲོ་རྣམས
་དང་། མི་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ནི་རྣམ་པར་སྨིན་པའི་མཇུག་ཐོགས་སུ་རོས་འགའ་ནི་སྡུག་བསྔལ་དང་། ཡིད་མི་བདེ་བ་འབྱུང་། རེས་འགའ་ནི་བདེ་བ་དང་། ཡིད་མི་བདེ་བ་འབྱུང་། རེས་འགའ་ནི་སྡིག
་བསྔལ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འབྱུང་བས་གཅིག་ཏུ་མ་ངེས་སོ།། བསམ་གཏན་དང་པོ་དང་། གཉིས་པར་སྐྱེས་པ་རྣམས་ལྔ་ནི་རྣམ་པར་སྨིན་པའི་མཇུག་ཐོགས་སུ་རྣམ་པར་སྨིན་པ་ལས་སྐྱེས་པའི་ཡིད་བདེ་བཟོ
་ནནུ་རྒྱུན་ཏུ་འབྱུང་ངོ་།། བསམ་གཏན་གསུམ་པར་སྐྱེས་པ་རྣམས་ལ་ནི་སེམས་ལས་བྱུང་བའི་བདྨ་བ་རྒྱུན་ཏུ་འབྱུང་ངོ་།། བསམ་གཏན་བཞི་པ་ཡན་ཆད་ནི་སྡུག་བསྔལ་ཡང་མཱ་ཡིནཱི་བདེ་བ་ཡང་མ་ཡིན་པའི་ཚོ་རླ་བའི་རྣམ་པར
་སྨིན་པ་སྟེ། དེ་ཉིད་དེ་ན་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་དགེ་བའི་ཆོས་རྣམས་ནི་བདེ་བ་དང་ཡིད་བདེ་བ་རྒྱ་ཆེན་པོས་ཡོངས་སུ་བསྡུས་པ་ཡིན་པའི་ཕྱིར། སྡུག་བསྔལ་ཡང་མ་ཡིནྡ། བདེ་བ
་ཡིང་མ་ཡིན་པ་མངོན་དུ་གྱུར་ཀྱང་། རྣམ་པར་སྨིན་པ་འདོད་པ་ཞེས་བྱའོ།། དེ་ལས་བཟློག་པ་ནཱི་མི་འདོད་པ་ཡིན་པར་རིག་པར་བྱའོ།། དེ་ལ་ལས་དཀར་བྱ་རྣམ་བཱི་ར་སྨིནྡ་པ་ད་ཀ་རོ་བུའི་རྣམ་པར་སྨིན་པ་ནི་མ་བསྒྲིབས་ལ
་ལུང་དུ་མ་བསྟན་པ་ཡིན་ཏེ། གཅིག་ཏུ་འདོད་པའི་ཚོར་བའི་ས་བོན་གྱིས་ཡོངས་སུ་ཟིན་པ་ཡིན་པའི་ཕྱིར་གཅིག་ཏུ་འདོད་པ་དང་། གཅིག་ཏུ་ཡིད་དུ་འོང་བ་ཡིན་པར་རིག་པར་བྱའོ།། ལས་གནིག་པ་རྣམ་པར་སྨིན་པ
་གནག་པའི་རྣམ་པར་སྨིན་པ་ནི་དེ་ལས་བཟློག་པར་བལྟ་བར་བྱའོ།། ལས་དཀར་གནག་རྣམ་པར་སྨིན་པ་དཀོར་གནག་ཅན་གྱི་རྣམ་པར་སྨིན་པ་ནི་ས་བོན་རྣམ་པ་གཉིས་དང་ལྡན་པ་ཡིན་པས་རྣམ་པར་སྨིན་པ་ལས་སྐྱེས་པའི
་ཚོར་བ་ཡང་རྣམ་པ་གཉིས་ཁོ་ནར་བལྟ་བར་བྱའོ།། དེ་ལྔ་ལས་དཀར་གནག་ནི་རིགས་ཀྱིས་དབྱེ་བས་ཀྱང་རྣམ་པར་གཞག་སྟེ། གནས་གང་ན་དཀར་པོ་དང་། ནག་པོ་གཉི་གུ་སྲིད་པའི་གནས་དེ་པའི
་ལས་བསྡུས་པ་ནི་དཀར་གནག་ཅེས་བྱ་བར་རྣམ་པར་གཞུག་གོ། དངོས་པོའི་དབྱེ་བས་ཀྱང་རྣམ་པར་གཞག་སྟེ། འདི་ལྟར་འདི་ན་ལ་ལས་དངོས་པོ་གང་ཡང་རུང་བ་ཞིག་ལ། རེས་འགའ་ནི་ཕན་པའི་སེམས་ཉིད་ཉེ་བར
་གཞག་ལ་དངོས་པོ་དེ་ཉིད་ལས་རེས་འགའ་ནི་གནོད་པའི་སེམས་ཉིད་ཉེ་བར་གཞོག་པ་ལྟ་བུ་དང་། གཞན་དག་ལས་ཕྲོགས་ཏེ་སྦྱིན་པ་སྦྱིན་པར་བྱེད་པ་དེ་ལྟ་བུའི་དངོས་པོའི་དབྱེ་བས་རྣམ་པར་གཞག་པ་ཡིན་པར་བལྟ
་བར་བྱའོ།། ལས་དཀར་གནག་ནི་ངོ་བོ་ཉིད་ལས་ཀྱང་རྣམ་པར་གཞག་སྟེ། འདི་ལྟ་སྟེ། ལ་ལས་གཞན་གང་ཡང་རུང་བ་ཞིག་ལ་ཤོས་བཞིན་དུ་ཕན་པར་བྱས་པས་གཞན་དག་ལ་གནོད་པ་བྱས་པར་འགྱུར་བ་ལྟ
་བུ་དོང་། འདི་ལྟར་འདི་ན་ལྔ་ལས་སྐྱེས་བུ་དྲག་ཤུལ་ཅན་སྡིག་བྱེད་པ་དག་ལ་སྡིག་པ་ལ་དགའ་བར་མ་བྱེད་ཅེས་ཞེ་སྡང་དང་ལྡན་པའི་སེམས་སྐྱེ་ན། སེམས་དེ་ཞེ་སྡང་དང་མཚུངས་པརོ་ལྡན་པའི་ཕྱིར་ནི
་ནག་པོའི་ཆ་ལ་བརྟེན་པ་ཡིན་ལ། སྡིག་པ་ལ་མི་དགའ་བ་དང་མོཚུངས་པར་ལྡན་པའི་ཕྱིར་ནི་དཀར་པོའི་ཆ་ལ་བརྟེན་པ་ཡིན་པས་དེའི་ཕྱིར་ལས་དེ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་ནི་ངོ་ཀར
་གནག་ཡིན་པར་བརྗོད་པར་བྱའོ།། །། བམ་པོ་ཉི་ཤུ་རྩ་བཞི་པ།། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་གང་དག་གི་ས་བོན་ཡང་དག་པར་མ་བཅོམ་པ་དེ་དག་ཐམས་ཅད་ནི་སྐྱེད་པར
་བྱེད་པ་མངོན་པར་འགྲུབ་པའི་རྒྱུ་ངེས་རྒྱུ་དང་བཅས་པའི་ཆོས་རྣམས་ཞེས་བྱའོ།། སྔོན་བྱས་པའི་ལས་དང་ཉོན་མོངས་པ་རྣམས་ཀྱི་རྣམ་པར་སྨིན་པ་ཁམས་གསུམ་དུ་སྨིན་པར་འགྱུར་བ་གང་ཡིན་པའི་རྣམ་པར
་སྨིན་པ་དེ་ནི་འདྲེན་པ་འི་རྒྱུར་གྱུར་པ་ལས་དང་ཉོན་མོངས་པ་དེ་དག་གིས་རྒྱུ་དང་བཅས་པོ་ཞེས་བྱའོ།། དེ་བཞིན་དུ་མངལ་ནས་སྐྱེ་བའི་སྐྱེས་གནས་སུ་སྐྱེ་བ་གང་ཡིན་པ་དེ་ཡང་འདྲེན་པའི་རྒྱུ་གནས་གསུམ་པ་མངོན་དུ
་གྱུར་པ་དེས་རྒྱུ་དང་བཅས་པོ་ཡིན་པར་བལྟ་བར་བྱའོ།། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་སུ་སྐྱེ་བ་གང་ཡིན་པ་འདྲེན་པའི་རྒྱུ་དྲོང་ག་ཤེར་ཉེ་བར་གྱུར་པས། རྒྱུ་དང་བཅས་པ་དང་། སྒོ་ང་ལས་སྐྱེ་བའི་སྐྱེ་གནས་སུ
་སྐྱེ་བ་གང་ཡིན་པ་འདྲེན་པའི་རྒྱུ་སྒོ་ངའི་སྡུགསྡེ་ཆ་གསོ་བ་དང་། རྒྱུ་དྲུང་བཅས་པོ་ཡང་དེ་བཞིན་ནོ།། དེ་བཞིན་དུ་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ཀྱང་།། བདག་པོའི་རྐྱེན་དང་ལྷན་ཅིག་བྱེད་པོའི་རྒྱུརོ་གྱུར་པ།
་མིག་དང་གཟུགས་ལ་སོགས་པ་ནས། ཡིད་དང་ཆོས་རྣམས་ཀྱི་མཐར་ཐུག་པའི་བར་གྱིས་རྒྱུ་དང་བཅས་པ་ཡིན་པར་བལྟ་བར་བྱའོ།། དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་ལྷན་ཅིག་སྐྱེས་པ་རྣམས
་ཀྱང་ཅིག་ལ་གཅིག་ལྷན་ཅིག་བྱེད་པའི་རྒྱུས་རྒྱུ་དང་བཅས་པ་ཡིན་ནོ།། དེ་བཞིན་དུ་མི་དགེ་བའི་ཆོས་རྣམས་ཀྱང་འདྲེན་པའི་རྒྱུར་གྱུར་པ་སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང་། དམ་པའི
་ཆོས་མ་ཡིན་པ་ཉན་པ་དང་། ཚུལ་བཞིན་པ་མ་ཡིན་པ་ཡོད་ལ་བྱེད་པ་དག་གིས་རྒྱུ་དང་བཅས་པ་ཡིན་པར་བརྗོད་པར་བྱའོ།། དགྲ་བའི་ཆོས་རྣམས་ཀྱང་འདྲེན་པའི་རྒྱུར་གྱུར་པ་དེ་ལས་བཟློག་པ་གསུམ་པོ་དག་གིས
་དང་བཅས་པ་ཡིན་པར་བལྟ་བར་བྱའོ།། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་ལས་བྱུང་བ་དང་། ལོག་པར་རྩོལ་བའི་ཡོངས་སུ་ངེལ་བ་དོན་མེད་པ་ལས་བྱུང་བ་སྡུག་བསྔལ་དང་། ཡིང་མི་བདེ་བར་གནས
་པ་ཡང་འདྲེན་པའི་རྒྱུ་དེས་རྒྱུ་དང་བཅོས་པ་ཡིན་ནོ།། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་གནས་པ་ལས་བྱུང་བ་དང་། ཡང་དག་པར་རྩོལ་བའི་ཡོངས་སུ་ངལ་བ་འབྲས་བུ་དང་བཅས་པ་ལས་བྱུང་བ་བདེ
་པ་དང་ཡིད་བདེ་བར་གནས་པ་ཡང་འདྲེན་པའི་རྒྱུ་ངེས་རྒྱུ་དང་བཅས་པ་ཡིན་པར་བརྗོད་པར་བྱའོ།། འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་བསམ་གྲ་ཏཱན་དང་། གཟུགས་མེད་པ་མངོན་པར
་བསྒྲུབ་པ་གང་ཡིན་པ་དེ་ཡང་འདྲེན་པའི་རྒྱུ་དེས་རྒྱུ་དང་བཅས་པ་ཡིན་ནོ།། ཚེ་འདི་ལ་བསམོ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས། གོང་དུ་ཅི་རིགས་པར་སྐྱེ་བ་གང་ཡིན་པ་དེ་ཡང་འདྲེན
་པའི་རྒྱུ་དེས་རྒྱུ་དང་བཅས་པ་ཡིན་ནོ།། འཇིག་རྟེན་པའི་ཆོས་ཀྱིས་བསྒྲུབས་པ་འཇིག་རྟེན་ལས་འདས་པའི་ཆོས་གང་དག་ཡིན་པ་དེ་དག་ཀྱང་འདྲེན་པའི་རྒྱུ་དེས་རྒྱུ་དང་བཅས་པ་ཡིན་ནོ།། འཇིག་རྟེན་ལས་འདས་པའི་ཆོས
་འཕགས་པ་འི་ལམ་གྱིས་བསྡུས་པ་གང་དྲུག་གིས་མྱ་ངན་ལས་འདས་པ་སྔོན་དུ་བྱེད་པར་འགྱུར་བའི་མྱ་ངན་ལས་འདས་པ་མངོན་དུ་བྱ་བ་དེ་ཡང་འདྲེན་པའི་རྒྱུ་ངེས་རྒྱུ་དང་བཅས་པ་དག་ཡིན་ཏེ། ཇི་སྐད་བསྟན
་པའི་རྣམ་པ་དེ་དག་གིས་ནི་རྒྱུ་དང་བཅས་པའི་ཆོས་རྣམས་ཀྱིས་རྣམ་པར་གཞག་པར་རིག་པར་བྱའོ།། དེ་ལ་སྐྱེད་པར་བྱེད་མ་པ་མངོན་པར་འགྲུབ་པའི་རྒྱུ་ཇི་སྐད་བསྟན་པ་གང་ཡིན་པ་དེ་ནི་རང་གི་རྒྱུ་མཐུན་པའི་འབྲས
་བུ་ངེས་འབྲས་བུ་དང་བཅས་པ་ཡིན་པར་བརྗོད་པར་བྱའོ།། ཡང་འབྱུང་བ་པའི་ལས་དང་ཉོན་མོངས་པ་གང་དག་ཡིན་པ་དེ་དག་ནི་རང་གི་རྣམ་པར་སྨིན་པའི་འབྲས་བུ་དེས་འབྲས་བུ་དང་བཅས་པ་ཡིན་པར་བརྗེད་པར་བྱའོ།།
་གྲེ་ནས་གསུམ་མངོན་དུ་གྱུར་པ་གང་ཡིན་པ་དང་། དྲོང་གཤེར་ཉེ་བར་གནས་པ་གང་ཡིན་པ་དང་། སྒོ་ངའི་སྔགས་ཆགས་པ་གང་ཡིན་པ་དང་། མིག་དང་གཟུགས་ལ་སོགས་པ་གང་དག་ཡིན་པ་དང་། སེམསོ་དང
་སེམས་ལས་བྱུང་བའི་ཆོས་ལྷན་ཅིག་སྐྱེས་པ་གང་དག་ཡིན་པ་དང་། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་ལ་སོགས་པ་གང་དག་ཡིན་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་པ་ལ་སོགས་པ་ཆོས་གསུམ་པོ་གང་དག་ཡིན།
་པ་དེ་དག་ཐམས་ཅད་ནི་རང་རང་གི་དབང་གི་འབྲས་བུས་འབྲས་བུ་དང་བཅས་པ་ཡིན་པར་བརྗོད་པར་བྱའོ།། དེ་ལ་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་དང་། ལོག་བྱར་རྩོལ་བ
་ཡོངས་སུ་ངལ་བ་འབྲས་བུ་མེད་པས་ཚེ་འདི་ལ་སྡུག་བསྔལ་དང་། ཡིད་མི་བདེ་བར་གནས་པར་བྱེད་པ་གང་ཡིན་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་གནས་པ་དང་། ཡང་དག་པར་རྩོལ་བའི་ཡོངས་སུ
་ངལ་བ་འབྲས་བུ་དང་བཅས་པས་ཚེ་འདྲི་ལ་བདེ་བ་དང་ཡིད་བདྲེ་བར་གནས་པར་བྱེད་པ་གང་ཡིན་པོ་དེ་ནི་སྐྱེས་བུའི་བྱེད་པའི་འབྲས་བུ་དེས་འབྲས་བུ་དང་བཅས་པ་ཡིན་པར་བལྟ་བར་བྱའོ།། འཇིག་རྟེན་པའི་འདོད་ཆགས
་དང་བྲལ་བར་སྐྱེ་བར་འགྱུར་བའི་ལམ་ནི་བྲལ་བ་དང་། དབང་གི་འབྲས་དེས་འབྲོས་བུ་དང་བཅས་པ་ཡིན་པར་བལྟོ་བར་བྱའོ།། འཇིག་རྟེན་ལས་འདས་པ་འདྲེན་པ་འཇིག་རྟེན་པའི་ལོ་མ་དང་། མྱ་ངན་ལས་འདས་པ
་མངོན་དུ་བྱེད་པོའི་འཇིག་རྟེན་ལས་འདས་པའི་འཕགས་པའི་ལམ་ནི་བལ་བའི་འབྲས་བུས་འབྲས་བུ་དང་བཅས་པ་ཡིན་པར་བརྗོད་པར་བྱ་སྟེ། འདི་ནི་གཏན་དུ་ཐམས་ཅད་དང་བྲལ་བའི་འབྲས་བུས་འབྲས་བུ་དང་བཅས
་བ་ཡིན་ནོ།། འཇིག་རྟེན་པ་ནི་གཏན་དུ་ཐམས་ཅད་དང་བྲལ་བའི་འབྲས་བུས་འབྲས་བུ་དང་བཅུཔ་མ་ཡིན་པར་བལྟ་བར་བྱ་སྟེ། འདིར་དེ་གཉིས་ཀྱིས་བྱེ་བྲག་ནི་དེ་ཡོད་དོ།། དེ་ལྟར་ཇི་སྐད་བསྟན་པའི་རྣམ་པ་འདི་ལྟ་སྟེ།
་རྒྱུ་མཐུན་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུ་དང་། དབང་གི་འབྲས་བུ་དང་། སྐྱེས་བུའི་བྱེད་པའི་འབྲས་བུ་དང་། བྲལ་བའི་འབྲས་བུ་དེ་དག་གིས་ནི་འབྲས་བུ་དང་བཅས་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ
་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་ཡང་ཅི་རིག་པར་སྦྱར་རོ།། རྒྱུ་དང་བཅས་པ་མ་ཡིན་པ་དང་། འབྲས་བུ་དང་བཅས་པ་མ་ཡིན་པའི་ཆོས་རྣམས་ནི་དེ་ལས་བཟློག་པར་བྱའོ།། དེ་ལ་བརྟེན་ཅིང་འབྲེལ་པར་འབྱུང
་བའི་ཆོས་རྣམས་ཞེས་བྱ་བ་ནི་བདོག་མེད་པ་དང་བྱེད་པ་པོ་མེད་པོ་ཞེས་བྱ་བ་འདི་ལྟ་སྟེ། ཡིད་ཀྱིས་རྣམ་པར་གཏན་ལ་དབབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའི་སྐབས་སུ་གང་དག་སྔར་བསྟན་པ་བཞིན་ནོ།། །
་དེ་ལྔ་གང་གིས་ནད་རྣམས་ཞེས་བྱ་བའི་ནང་གི་ཆོས་རྣམས་ཀྱི་རབ་ཏུ་ངོ་བྱེ་བ་ཡང་མདོར་བསྡུ་ན་རྒྱུ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། ཉེ་བར་འདོགས་པ་དང་། མངོན་པར་ཞེན་པ་དང་།། དབང་དང་། ས་བོན་ཡོངས་སུ
་འཛིན་པ་དང་། དངོས་པོས་སོ།། དེ་ལ་རེ་ཞིག་གང་ལ་འདི་ལྟ་སྟེ། བདག་ཅི་བམ། སེམས་ཅན་ཞེ་འམ། འདི་ལྟར་དེའི་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་ཅེས་བྱ་བ་ལ་སོགས་པ་ནས། ཚེའི
་མཐའ་ནི་འདི་ཙམ་ཞིག་ཏུ་ཐུབ་ཅེས་བྱ་བའི་བར་དུ་དེ་ལྟར་ཉེ་བར་འདོགས་པ་གང་ཡིན་པ་དེ་ནི་ཉེ་བར་འདོགས་པ་ལས་ནང་ཞེས་བྱའོ།། གང་ལོ་ལ་འདི་ལྟ་སྟེ། ངར་འཛིན་པ་དང་། ངའོ་སྙོམ་པའི་ང་རྒྱལ་གྱིས་མངོན་པར་ཞེན་པ
་དེ་ལྟ་བུའི་མངོན་པར་ཞེན་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་མངོན་པར་ཞེན་པ་ལས་ནང་ཞེས་བྱའོ།། གང་གི་དབང་གིས་གཟུགས་དང་སྒྲ་ལ་སོགས་པ་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཉེ་བར
་སྤྱད་པའི་ཕྱིར་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་དབང་ལས་ནང་ཞེས་བྱའོ།། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་ཀྱི་ས་བོན་ཡོངས་སུ་འཛིན་པ་གང་ཡིན་པ་དེ་ནི་ས་བོན་ཡོངས་སུ
་འཛིན་པོ་ལས་ནིང་ཞེས་བྱའོ།། དང་བའི་གཟུགས་རྣམ་པ་ལྔ་པོ་གང་ཡིན་པ་དང་། སེམས་དང་ཡིད་དང་། རྣམ་པར་ཤེས་པ་དག་གང་ཡིན་པ་དེ་ནི་དངོས་པོ་ལས་ནང་ཞེས་བྱའོ།། དམིགས་པ་ལས་ནང་ཡིན་པར
་བརྡར་བཏགས་པའི་རྣམ་པོར་གཞག་པ་གཞན་ཡང་ཡོད་དེ། འདི་ལྟ་སྟེ། ཕྱི་རོལ་གྱི་སྐྱེ་མཆེད་དུ་གཏོགས་པ་ཡིན་ཡང་ནང་ན་དམིགས་པ་དེ་ན་ནང་ཞེས་བྱ་བ་ལྟ་བུའོ།། དེ་ལ་མིང་དང་གཟུགས་ནི་ཕུང་པོ་ལྔ་པོ་དག
་གྲིས་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་ནི་ཡུལ་དེ་དང་དེར་སྐྱེ་བོ་དང་། འཕེལ་བར་ཡང་སྣང་ལ་ལག་པ་དང་བོང་བ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་གཟུགས་སུ་ཡང་རུང་བས། དེའི
་ཕྱིར་དེ་ནི་གཟུགས་ཞེས་བྱའོ།། ཕུང་པོ་ལྷག་མ་བཞི་པོ་དག་ནི་སྣ་ཚོགས་སུ་འདོགས་པའི་དབང་དང་། སྣ་ཚོགས་སུ་འདོགས་པའི་གནས་ཀྱིས་ཕལ་ཆེར་དམིགས་པ་དེ་དང་དེ་ལ་འཇུག་ཅིང་གཞོལ་བར་བྱེད་པས།།
་དེའི་ཕྱིར་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དག་ནི་མིང་ཞེས་བྱའོ།། དེ་ལ་ཟིན་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་མདོར་བསྡུ་ན་རྣམ་པ་ལྔས་རྣམ་པར་གཞག་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རེ་ཞིག
་དང་པོར་གཟུགས་འབའ་ཞིག་ཟིན་པ་ཡིན་པར་བལྟ་བར་བྱ་སྟེ། དེའི་ཕྱིར་དེ་ནི་སེམས་དྲང་སེམས་ལས་བྱུང་བའི་ཆོས་རྣམས་ཟིན་པ་མི་ཡིན་པར་དེ་དག་བཙལ་བ་བྱས་པ་ཡིན་ནོ།། ནང་གི་དབང་པོ་དང་དབང་པོ
་དང་འབྲེལ་བའི་གཟུགས་གང་དག་ཡིན་པ་དེ་ཟིན་པ་ཡིན་པར་བ་ལྟ་བར་བྱ་སྟེ། དེའི་ཕྱིར་དེ་ནི་དབང་པོ་དང་མ་འོབྲེལ་བ་ཕྱི་རོལ་གྱི་གཟུགས་ཟིན་པ་མ་ཡིན་པར་དེ་བཙལ་བར་བྱས་པ་ཡིན་ནོ།། སེམས་དང་སེམས
་ལས་བྱུང་བའི་ཆོས་རྣམས་ཀྱི་སྐུ་གནས་སུ་བྱས་ཤིང་མ་སྤངས་པའི་གཟུགས་གང་ཡིན་པ་དེ་ནི་ཟིན་པ་ཡིན་པར་བལྟ་བ.རོ་བྱ་སྟེ། དེའི་ཕྱིར་དེས་ནི་དབང་པོ་དང་མ་འབྲེལ་པ་ནང་གི་སྒྲ་དང་། སྤུ་དང་སེན་མོ་དང་། སོ་ལ
་སོགས་པ་དང་ཤི་བའི་རོ་དག་ཟིན་པ་མ་ཡིན་པར་དེ་བཙལ་བར་བྱས་པ་ཡིན་ནོ།། ཟིན་པའི་གཟུགས་དེ་ཡང་རྒྱུ་བཞིས་རྣམ་པར་འགྱུར་བས་དེའི་ཕྱིར་ཟིན་པ་ཞེས་བྱ་སྟེ། བཞི་གང་ཞེ་ན། ཕྱི་རོལ་གྱི་གཟུགས་ཀྱི
་རེག་པ་དང་ཕྲད་པ་དང་ནང་གི་ཁམས་འཁྲུགས་པ་དང་མཉམ་པར་གྱུར་པ་དང་། འདོད་ཆགས་དང་། ཞེ་སྡང་ལ་སོགས་པ་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། དམིགས་པ་ལ་ཉེ་བར་གཏོང་པ་སྟེ། འདི་ལྟར་ཟིན་པའི
་གཟུགས་ལ་ཕྱི་རོལ་གྱི་གཟུགས་གནོད་པར་བྱེད་པས་གནོད་པར་གྱུར་པ་ནཱ། སྡུག་བསྔལ་བ་དང་། ན་བ་དང་། གནོད་པར་འགྱུར་ལ། ཕནྡ་འདོགས་པས་རེག་པ་ན་བདེ་བ་དང་། ཕན་པ་དང་། མི་གནོད
་པར་འགྱུར་བ་དང་། ཁམས་འཁྲུགསོ་པས་ཀྱང་སྡུག་བསྔལ་བ་དང་།། གནོད་པར་འགྱུར་ལ་སྙོམས་པར་ཕན་པར་འགྱུར་བ་དང་། འདོད་པ་ལ་འདུན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་སྡུག་བསྔལ་བ
་དང་། ཉེས་རྩོམ་དང་། ཡོངས་སུ་གདུང་བར་འགྱུར་བ་དང་། དམིགས་པ་ལ་ལོག་པར་ཉེ་བར་གཏོད་པ་དག་གིས་ཀྱང་སྡུག་བསྔལ་བ་དང་། ཉེས་རྩོམ་དང་། ཡོངས་སུ་གདུང་བར་འགྱུར་ལ། དམིགས་པ་ལ་ཤིན་ཏུ་སྦྱངས
་པས་ཡང་དག་པར་ཉེ་བར་གཏོད་པས་ནི་བདེ་བ་དང་ཕན་པར་འགྱུར་བའི་ཕྱིར་ཏེ་གནོད་པ་དང་། ཕན་འདོགས་པ་གང་ཡིན་པ་དེ་ནི་འགྱུར་པ་ཅེས་བྱའོ།། དེ་ལྟར་ནཱ་ནང་གི་ཡང་ཡིན་ལ་གཟུགས་ཀྱང་ཡིན་ཞིང་། སེམསོ་དང
་སེམས་ལྔས་བྱུང་བས་གནས་སུ་བྱས་པ་དང་།། དེ་ལྟར་འགྱུར་བ་གང་ཡིན་པ་དེ་ནི་ཟིན་པ་ཞེས་བྱའོ།། དེ་ལས་བཟློག་པ་ནི་མ་ཟིན་པོའི་ཆོས་རྣམོས་ཡིན་པར་རིག་པར་བྱའོ།། དེ་ལ་འབྱུང་བ་ཆེན་པོ་རྣམས་དང་། རྒྱུར
་བྱས་པའི་ཆོས་རྣམས་ནི་ཆོས་གཟུགས་ཅན་ཁོ་ན་ཡིན་པར་བརྗོད་པར་བྱའོ།། དེ་ལ་ཇི་ལྟར་འོ་བྱུང་བ་ཆེན་པོ་རྣམས་རང་གི་ས་བོན་ལས་སྐྱེ་བ་དེ་བཞིན་དུ་རྒྱུར་བྱས་པོའི་གཟུགས་ཀྱང་རང་གིས་ས་བོན་ལས་སྐྱེ་བ
་ཡིན་ན། ཅིའི་ཕྱིར་རྒྱུར་བྱས་པའི་གཟུགས་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་ཞེས་བྱ་ཞེ་ན། འབྱུང་བ་ཆེན་པོའི་ས་བོན་དབང་པོ་གཟུགས་ཅན་དང་། སེམས་དང་ལྡན་པ་གང་དག་ཡིན་པ་དེ་དག་ནི་རྒྱུར་བྱས་པའི་གཟུགས
་ཀྱི་ས་བོན་དག་དཔོ་ལྡན་པ་ཡིན་ཏེ། དེ་དག་གང་གི་ཚེ་འབྲས་བུ་མངོན་པརརོ་འགྲུབ་པར་བྱེད་པ་དེའི་ཚེ་ན། དེ་དག་དང་ལྡན་པ་རྒྱུར་བྱས་པའི་གཟུགས་ཀྱི་ས་བོན་དག་ཀྱང་རང་གི་འབྲས་བུ་ངེས་པར་མངོན་པོར་གྲུབ་པར
་བྱེད་དེ། དེའི་ཕྱིར་རྒྱུར་བྱས་པའི་གཟུགས་དེ་ཡང་འབྱུང་བ་ཆེན་པོ་དག་རྒྱུར་བྱིས་པ་ཞེས་བྱའོ།། དེ་ལ་འབྱུང་བ་ཆེན་པོའི་ས་བོན་དབང་པོ་གཟུགས་ཅན་དང་ལྡན་པ་གང་ཡིན་པ་དེ་ནི་ཕྱོགས་དང་ལྡན་བཅས་པ་ཡིན་ལ།
་དབང་པོ་གཟུགས་ཙཱ་ན་མྱི་ཡིན་པ་དང་ལྡན་པ་གང་ཡིན་པ་དེ་ནི་ཕྱོགས་མེད་པོ་ཡིན་པར་བརྗོད་པར་བྱའོ།། འབྱུང་བ་ཆེན་པོ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཁམས་ཙམ་གྱིས་བསྡུས་པ་དྲག་དང་། རང་གི
་ལས་བྱེད་པ་དྲག་ཡིན་ནོ།། དེ་ལ་ས་བོན་དུ་གྱུར་པ་གང་ཡིན་པ་དེ་དག་ནི་ཁམས་ཙམ་གྱིས་བསྡུས་པོ་དྲག་ཡིན་ནོ།། རང་གི་སྲ་བོནྡ་དེ་ལས་གྲུབ་པ་གང་དག་ཡིན་པ་དེ་དག་ནི་རང་གི་ལྔས་བྱེད་པ་དག་ཡིན་ནོ།། དེ་དག་ཀྱང
་རྒྱུར་བྱས་པའི་གཟུགས་དང་ལྷན་ཅིག་གི་དངོས་པོས་ཐ་མི་དང་བར་འཇུག་པ་དག་ཡིན་ཏེ། དེ་དང་འདྲ་བའི་རྒྱུ་ལས་གྲུབ་པ་ཡིན་པའི་ཕྱིར་རོ།། ཐམས་ཅད་དུ་ཡང་ཐམས་ཅད་འདྲེས་ཤིང་རོ་གཅིག་པའི་གོང་བུ་ལྟ་བུ་ཡིན་གྱི།
་ཕྱེ་དང་འབྲུ་དང་། ནོར་བུའི་ཕུང་པོ་ལྟ་བུ་ནི་མ་ཡིན་ནོ།། འདོད་པའི་ཁམས་ན་ནི་གཟུགས་འདུས་པ་གཅིག་ཏུ་སྲ་བ་གང་ཡིན་པ་དེ་ལ་སའི་ཁམས་དང་། གཟུགས་དང་དྲི་དང་རོའི་ཁྱམས་དྲུག་ལས
་བྱེད་པ་ཡིན་ནོ།། གཟུགས་ཀྱི་ཁམས་ན་ནི་གཟུགས་ཀྱི་ཁམས་ཁོ་ནུ་ལས་བྱེད་པ་ཡིན་ནོ།། ལྷག་མ་ཆུ་དང་། མེ་དང་། རླུང་དང་། སྒྲའི་ཁམས་ས་བོན་དུ་གྱུར་པ་དེ་དང་འབྲེལ་པ་དགེ་ནི་རྐྱེན་དག་ལ་བལྟོས་པ་ཡིན་ཏེ།
་དེ་ལྟར་ན་ཆུ་དང་། མེ་དང་། རླུང་གི་མིང་ཅན་འདུས་པ་དག་ལ་གོ་རིམས་ཅི་རིགས་པར་བལྟ་བར་བྱའོ།། དེ་ལ་ནང་གི་གཟུགས་འདུས་པ་ལ་ནི་སྐྲ་དང་། སྤུ་ལ་སོགས་པའི་རབ་ཏུ་དབྱེ་བས། ས་ལ་སོགས་པའི་ཁམས
་ཐམས་ཙཱད་ལས་བྱེད་པ་དང་བཅས་པར་སྣང་སྟེ། མདོ་ལས་ཇི་སྐད་གསུངས་པ་བཞིན་ནོ།། ཕྱི་རོལ་ལ་ནི་ས་ལ་སོགས་པའི་འདུས་པ་སོ་སོར་ཅི་རིགས་པར་བལྟ་བར་བྱའོ།། དེ་དག་ཀྱང་རྐྱེན་ཇི་ལྟ་ཇི་ལྟ་བུ་དག་དང
་ཕྲད་པའི་འབྲས་བུ་དེ་ལྟ་དེ་ལྟ་བུའི་རྒྱུར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་ཤིང་སྐམ་པོ་ལེགས་པར་གཙུབས་པ་ལས་མེ་འབྱུང་བ་དང་། ཚོན་མོ་སྟེང་དང་། རེ་ཉེ་དང་། ལྕགས་དང་། དངུལ་ལ་སོགས་པ་ཞུ་བར
་འགྱུར་བ་ལྟ་བུའོ།། རེག་བྱའི་སྐྱེ་མཆེད་དུ་གཏོགས་པ་འཇམ་པ་ཉིད་དང་། རྩུབ་པ་ཉིད་ལ་སོགས་པ་གང་དག་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་སེར་ཇི་སྐད་བསྟན་པ་དེ་དག་ཐམས་ཅད་ནི་འབྱུང་བ་ཆེན
་པོའུ་བྱེ་བྲག་ཁོ་ན་ཡིན་པར་རིག་པར་བྱ་སྟེ། དེ་ལྟ་བུར་གྱུར་པ་དེ་དང་འདྲ་བ་དེའི་གནས་སྐབས་པའི་འབྱུང་བ་ཆེན་པོ་དེ་དག་ནི་ཅི་རིགས་པར་འགྱུར་རོ།། དེ་དག་ལ་འཇམ་པ་ཉིད་ལ་སོགས་པ་གང་དག་ཉེ་བར་གདགས
་ཤིང་གདགས་པ་བྱེད་པ་དེ་དག་ནི་བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱའོ།། དེ་ལ་བཅོམ་ལྡན་འདས་ཀྱི་ཕྱི་རོལ་གྱི་རེག་བྱའི་སྐྱེ་མཆེད་ནི་འབྱུང་བ་ཆེན་པོ་བཞི་པོ་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ
་ཡིན་ནོ་ཞེས་བྱ་བ་དང་། གཟུགས་བསྟན་དུ་མེད་ལ་ཐོགས་པ་མེད་པ་ཞེས་གང་གསུང་བ་དེ་ལ་དགོངས་པ་གང་ཞེ་ནི། འདི་ལ་འབྱུང་བ་ཆེན་པོ་རྣམས་ནི་རྒྱུར་བྱས་པའི་གཟུགས་རྣམ་པ་གཉིས་སྐྱེད་པར་བྱེད་དེ། རང་གི་རིགས
་ཀྱི་ཁྱད་པར་ཙནྡ་དང་། གཞན་གྱི་རིགས་ཀྱིས་ཁྱད་པར་ཅན་ནོ།། དེ་ལ་རང་གི་རིགས་ཀྱི་ཁྱད་པར་ཅན་གྱི་རྒྱུར་བྱས་པའི་གཟུགས་ནིའིབྱུང་བ་ཆེན་པོ་རྣམས་ཀྱི་འཛེམ་པ་ཉིད་དང་། རྩུབ་པ་ཉིད་ལ་སོགས་པ་སྷོ། འདི་ལྟར་གང་དག
་ལོ་འཇམ་པ་ཉིད་དང་། རྩུབ་པ་ཉིད་ཅེས་རྒྱ་ཚོར་འབྱུང་བ་ཉེ་བར་གདགས་པའི་འབྱུང་བ་ཆེན་པོ་ཕན་ཚུ་ན་ཁྱད་པར་ཅན་དུ་གྱུར་པ་དེ་དག་ནི་རྒྱུ་དེ་དང་རྐྱེན་དེས་གྲུབ་པ་ཡིན་པའི་ཕྱིར་རོ།། གཞན་གྱི་རིགས་ཀྱིས་ཁྱད་པར་ཅན་གྱི
་རྒྱུར་བྱས་པའི་གཟུགས་ནི་མིག་དང་རྣ་བ་ལ་སོགས་པ་ནང་གི་སྐྱེ་མཆེད་ལྔ་དང་། རེག་བྱའི་སྐྱེ་མཆེད་མ་གཏོགས་པ་ཕྱི་རོལ་གྱི་སྐྱེ་མཆེད་བཞི་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་ཀྱི་གཟུགས་རྣམས་སོ།། བཅོམོ་ལྡན་འདས
་ཀྱིས་རང་གི་རིགས་ཀྱིས་ཁྱད་པར་ཅན་གྱི་རྒྱུར་བྱས་པའི་གཟུགས་ལས་དགོངས་ནས་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་གསུངས་སོ།། བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་ཞེས
་གང་གསུངས་པ་དེ་འབྱུང་བ་ཆེན་པོ་གང་དག་ལ་བརྟེན་པ་ཡིན་པར་བརྗོད་པར་བྱ་ཞེ་ན། གལ་ཏེ་མཉམ་པར་བཞག་པའི་སེམས་དང་ལྡན་པ་འདོད་པ་ན་སྤྱོད་པའི་ཆོས་གཟུགས་ཅན་ཡིད་ལ་བྱེད་པ་ལ་གཟུགས་བརྙན་སྐྱེ
་བར་གྱུར་ན། དེ་ནི་འདོད་པ་ན་སྤྱོད་པའི་འབྱུང་བ་ཆེན་པོ་དྲག་ལས་བརྟེན་པ་ཡིན་པར་བརྗོད་པར་བྱའོ།། གལ་ཏེ་གཟུགས་ན་སྤྱོད་པའི་ཆོས་གཟུགས་ཅན་ཡིད་ལ་བྱེད་པ་ལ་གཟུགས་བརྙན་སྐྱེ་བར་གྱུར་ན།། དེ་ནི་གཟུགས
་ན་སྤྱོད་པ་ཁོ་ནའི་འབྱུང་བ་ཆེན་པོ་དག་ལས་བརྟེན་པ་ཡིན་པར་བརྗོད་པར་བྱའོ།། འབྱུང་བ་ཆེན་པོ་དག་རྒྱུར་བྱས་པའི་ཆོས་རྣམས་ཀྱི་རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །། སྲིད
་པ་འི་ཆོས་རྣམས་ནི་འཇིག་རྟེན་པོའི་ཆོས་ཐམས་ཅད་ལ་བྱ་སྟེ། གལ་ཏེ་དགྲ་བཅོམ་པའི་འཇིག་རྟེན་པོའི་དགེ་བའི་ཆོས་གང་དག་ཡིནུ་པ་དེ་དག་འཇིག་རྟེན་པ་ཡིན་པའི་ཕྱིར་སྲིད་པར་གཏིགས་པ་ཡིན་པར་གྱུར་ན། ཅིའི
་ཕྱིར་ཟག་པ་མེད་པ་རྣམས་ཤེས་བྱ་ཞེ་ན། དེ་དག་ནི་སྲིད་པ་གསུམ་དུ་གཏོགས་པ་ཡིན་པའི་ཕྱིར་སྲིད་པར་གཏོགས་པ་ཞེས་བྱ་བར་ཟད་ཀྱི་དེ་དག་ནི་ཟག་པའི་བག་ལ་ཉལ་ལོས་རྣམ་པར་གྲོལ་བ་ཁོ་ནའི་ཕྱིར་ཟག་པ་མར
་པ་ཞེས་བྱའོ།། དེ་ལ་བཅོམ་ལྡན་འདས་ཀྱིས་ཟློག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། འཇིག་རྟེན་པའི་ཡིད་གང་ཡིན་པ་དང་། ཆོས་རྣམས་དང་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་གསུངས་པ་དེ་ལ་དགོངས
་པ་གང་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཡིད་དྲུང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྤང་བར་བྱ་བ་མ་སྤངས་པ་གང་ཡིན་པ་ལས་དགོངས་ཏེ་གསུངས་པ་ཡིན་ནོ།། དེ་ལ་བཅོམ་ལྡན
་འདས་ཀྱིས་སྲིད་པ་མང་པོ་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་ཞེས་གང་གསུངས་པོ་དེ་དག་གི་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། ཐོས་པ་ལས་བྱུང་བའི་སར་སངས་རྒྱས
་ཀྱི་བཀའ་ཤེས་བྱ་བའི་གནས་སུ་བསྟན་པ་བཞིན་ནོ།། དེ་ལ་བླ་ན་ཡོད་པའི་ཆོས་རྣམས་ནཱི་མྱ་ངན་ལས་འདས་པ་མ་གཏོགས་པའི་ཆོས་ཐམས་ཅད་ཡིན་པར་བལྟར་བར་བྱའོ།། མྱ་དཱ་ནུ་ལྀས་འདས་པ་ནི་རྒྱུ་ལྔས
་བླ་ན་མེད་པ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཀུན་ཏུ་འབྱུང་བའི་བདེན་པ་ཉེ་བར་ཞི་བ་དང་། སྡུག་བསྔལ་གྱི་བདེན་པ་ཉེ་བར་ཞི་བ་དང་། འཛེགས་པ་མེད་པ་དང་། ཡ་མོས་ཀྱི་ནད་མེད་པ་དང་།། གནོད་པ
་མེད་པ་དང་། འགོ་བའི་ནང་མེད་པས་བདེ་བ་དང་། ཚེ་འདི་ལ་བདེ་བར་གནས་པ་བླ་ན་མེད་པ་ལ་དམིགས་པ་འདི་ལྟ་སྟེ། མཚན་མ་མེད་པ་ལ་གནས་པའི་ཕྱིར་དང་། བདེ་བའི་དོན་དང་། སྐྱོད་པའི་དོན་ལ
་རྟག་པར་གཏན་དུ་མི་སླུ་བ་ཉིད་ཀྱི་ཕྱིར་ཏེ། རྒྱུ་ལྔ་པོ་འདུས་པ་དེ་དག་ཡིན་ནོ།། དེ་དག་གང་ལ་ཡོད་པ་ནི་མྱ་ངན་ལས་འདས་པ་ཁོ་ན་ཡིན་པས་དེའི་ཕྱིར་མྱ་ངན་ལས་འདས་པ་ནི་བླ་ན་མེད་པ་ཞེས
་བྱའོ།། བསྒོམ་པར་བྱ་བའི་ཆོས་རྣམས་ནིའི་དུས་བྱས་ཀྱི་དགེ་བ་ཐམས་ཅད་ཡིན་པར་རིག་པར་བྱའོ།། དེ་ལ་བསྒོམ་པ་ནི་མདོར་བསྡུ་ན། རྣམ་པ་བཞིར་བལྟ་བར་བྱ་སྟེ། འཐོབ་པ་བསྒོམ་པ་དང་། བརྟེན་པ་བསྒོམ
་པ་དང་། སྤང་བ་བསྒོམ་པ་དང་། གཉེན་པོ་བསྒོམ་པའོ།། དེ་ལ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཡིད་ལ་བྱེད་པ་བསྒོམ་པ་གང་ཡིན་པ་དེ་ནི་འཐོབ་པ་བསྒོམ་པ་ཞེས་བྱའོ།། དགེ་བའི་ཆོས་སྐྱེས་པ
་རྣམས་གནས་པ་དང་། མི་བརྗེད་པར་བྱ་བའི་ཕྱིར་དང་། རྒྱ་ཆེར་འབྱུང་བ་ནི་བསྟེན་པ་པོསྒོམ་པ་ཞེས་བྱའོ།། སྡིག་པོ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཡིད་ལ་བྱེད་པ་བསྒོ་པ་གང་ཡིན་པ་དེ་ནི་སྤོང་བ་བསྒོམ
་པ་ཞེས་བྱའོ།། སྡིག་པ་མི་དགེ་བའི་ཆོས་མ་སྨྱོས་པ་རྣམས་མི་བསྐྱེད་པའི་ཕྱིར་རྣམ་པར་སུན་འབྱིན་པ་ལ་སོགས་པ་གཉེན་པོ་ཡིད་ལཱྀ་བྱཱ་བ་གིམུས་པར་བྱེད་པོ་ག་ཡིན་པོ་དེ་ནི་གཉེན་པོ་བསྒོམ་པ་ཅེས་བྱའོ།། དེ་ལ
་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ནས་གཟུང་སྟེ། མོས་པ་ཡོད་ལ་བྱེད་པའི་བར་ནི་རྣམ་པར་སུན་འབྱིན་པ་གཉེན་པོ་བསྒོམ་པ་ཡིན་པར་རིག་པར་བྱའོ།། རབ་ཏུ་དབེན་པ་ཡིད་ལ་བྱེད་པ་ནས་གཟུང་སྟེ།
་སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པའི་བར་ནི་སྤོང་བ་གཉེན་པོ་བསྒོམ་པ་ཡིན་པར་རིག་པར་བྱའོ།། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པ་ནི་ཀུན་ཏུ་འཛིན་པ་གཉེན་པོ་བསྒོམ་པ་ཡིན་པར་རིག་པར་བྱའོ།། དེའི
་གོང་དུ་ཡིད་ལ་བྱེད་པ་བདུན་པོ་ཁྱད་པར་ཅན་དུ་གཏོགས་པ་གོང་མའི་ས་པ་དེ་དག་ཐམས་ཅད་ནི་ཐོག་བསྲིང་བ་གཉེན་པོ་བསྒོམ་པ་ཡིན་པོར་རིག་པར་བྱའོ།། བསྒོམ་པ་རྣམ་པ་བཞི་པོ་དེ་དག་ཐམས་ཅད་བསྡུས་ནས
་བསྒོམ་པ་རྣམ་པོ་གཉིས་སུ་བལྟ་བར་བྱ་སྟེ། སྡོམ་པ་ཡང་དགུ་པར་བླང་བ་བསྒོམ་པ་དང་། ཡིད་ལ་བྱེད་པ་བསྒོམ་པའོ།། དེ་ལ་ལུས་བསྒོམ་པ་ནི་སྡོམ་པ་བསྒོམ་པའོ།། ཚུལ་ཁྲིམས་བསྒོམ་པ་ནི་ཡང་དག་པར
་བླང་བྱ་བསྒོམ་པའོ།། བསམ་གཏན་གྱི་སོ་པའི་ཡིད་ལ་བྱང་བ་བསྒོམ་པ་དང་། བདེན་པ་ཤེས་པའི་ས་པའོ་ཡིད་ལ་བྱེད་པ་བསྒོམ་པ་ནི་ཡིད་ལ་བྱེད་པ་བསྒོམ་པ་ཡིན་པར་རིག་པར་བྱའོ།། དེ་ལ་ཡིད་ལ་བྱེད་པ
་བསྒོམ་པ་དང་པོ་ནི་སེམས་བསྒོམ་པ་ཅེས་བྱའོ།། གཉིས་པ་ནི་ཤེས་རབ་བསྒོམ་པ་ཅེས་བྱའོ།། དེ་ལ་དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བའི་ཐ་མ་མ་གཏོགས་པ་འོངས་པའི་ཆོས་རྒྱུ་སྤྱོད་ཟིན་པ་ངོ
་པོ་ཉིད་ཞིག་པ་པ་དེ་ལས་གཞན་པ་དག་བསྐྱེད་པའི་མཇུག་ཐོགས་སུ་ཀྱི་རྐྱེན་དུ་གྱུར་པ། སེམས་ཀྱི་རྒྱུད་ལ་ཡོངས་སུ་བསྒོས་པ་གང་དག་ཡིན་པ་དེ་དག་ནི་འགགས་ནས་བསྐུལ་པ་བརྒྱ་སྟོང་ལོན་དྲོ་ཟིན་ཀྱང
་འདོད་པ་དང་མི་འདོད་པའི་རྣམ་པར་སྨིན་པ་རྣམ་པར་སྨིན་པར་སྨིནྡ་པར་བྱེད་དོ།། འདས་པ་ཁ་ཅིག་ནི་ཇི་ལྟར་ཉམས་སུ་མྱོང་བ་དྲན་པ་ཁོ་ན་ཙམ་ཡིན་ལ། ཁ་ཅིག་ནི་མི་དྲན་ལ་འགགས་པར
་རབ་ཏུ་ཕྱེ་བ་ཁོ་ན་ཙམ་ཡིན་པས་བྱེད་པ་མེད་པར་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་ན་དེ་ནི་འདས་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡིན་པར་པོ་ལྟ་བར་བྱའོ།། འདས་པའི་ཆོས་དེ་དག་གི་དངོས་པོ་རབ་ཏུ་ང་བྱེ་བ
་ཡང་མདོར་བསྡུ་ན། རྣམ་པ་ལྔས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། ལྔ་གང་ཞེ་ན། སྐད་ཅིག་འདས་པའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདུ་བྱེད་སྐད་ཅིག་པ་ཐམས་ཅད་ཀྱི་ནང་ན། སྐད་ཅིག་ལས
་འདས་པའི་འདུ་བྱེད་ཐམས་ཅད་དོ།། ཤི་འཕོས་པས་འདས་པའི་ཆོས་ངག་ཀྱང་ཡོད་དེ། འདི་ལྟ་སྟེ། སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནུས་ཤི་འཕོས་ཞེས་བྱ་བ་ནས། ཤི་ཞིང་འདུ
་བྱེད་ཅེས་རྒྱ་ཆེ་རེ་འབྱུང་བའི་བར་དག་གོ། འཇིགས་པས་འདས་པའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། སྣོད་ཀྱི་འཇིག་རྟེན་དུ་གཏོགས་པ་དག་མེས་འཇིག་པ་ལ་སོགས་པས་ཞིག་པ་སོ་གང་དག་ཡིན་པའོ།།
་ཆོས་གང་དག་ཡོངས་སུ་ཉམས་པའི་འདས་པས་འདས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ལ་ལ་དགེ་བའི་ཆོས་དང་། ཡོན་ཏན་དང་། བདེ་བར་གནས་པ་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡིན་ནོ།། འགགས་པའི
་འདུས་པས་འདས་པའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགགས་པའོ།། མ་འོངས་པའི་ཆོས་རྒྱུ་མ་སྤྱད་པ།
་པོ་ཉིད་མ་སྤྱད་པ། སྐྱེ་བའི་རྐྱེན་ལ་ལྟོས་པ། སྐྱེ་བ་ལ་མངོན་དུ་ཕྱོགས་པ། སྐྱེ་བ་དང་ཐག་ཉེ་བ་འམ། སྐྱེ་བ་དང་ཐག་རིང་བ་ཡོང་རུང་སྟེ། དེ་དག་གི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་པར་པོལྟ་བར
་བྱ་སྟེ། སྐད་ཅིག་མ་འོངས་པ་རྣམས་དང་། སྐྱོ་བ་མ་འོངས་པ་རྣམས་དང་། འཆགས་པ་མ་འོངས་པོ་རྣམས་དང་། ཀུན་ཏུ་སྤྱོད་པ་མ་འོངས་པ་རྣམས་དང་། འཐོབ་པ་མ་འོངས་པ་རྣམས་སོ།། ད་ལྟར་བྱུང
་བའི་ཆོས་རྒྱུ་སྤྱད་ཟིན་པ་ངོ་བོ་ཉིད་མ་སྤྱད་པ། སྐད་ཅིག་གི་འོག་ཏུ་འཇིག་པར་ངེས་པ། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱིས་རབ་ཏུ་ཕྱེ་བ་དང་། དེ་དག་ལས་ཁ་ཅིག་རྣམ་པར་བྱང་བས་རབ་ཏུ་ཕྱེ་བ་ཡང་རུང་སྟེ།
་དེ་དག་གི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། སྐད་ཅིག་ད་ལྟར་བྱུང་བ་རྣམས་དང་། སྐྱེ་བ་དང་ང་ལྟར་བྱུང་བ་རྣམས་དང་། འཆགས་པ་ད་ལྟར་བྱུང་བ་རྣམས་དང་། ཀུན་ཏུ་སྤྱོད
་པ་དེ་ལྟར་བྱུང་བ་རྣམས་དང་། ཐ་མ་དཱ་ལྟར་བྱུང་བ་རྣམས་ཏེ། འདི་ལྟ་སྟེ། དཔེར་ན། དགྲ་བཅོམ་པོའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཐ་མི་ལྟ་བུའོ།། དེ་ལ་འདོད་པ་དང་ལྡན་པའི་ཆོས་རྣམས་གང་ནི་ནི
་འདོད་པའི་ཁམས་སུ་སྐྱེས་ཤིང་བྱུང་བ་འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བ། སེམས་མཉམ་པར་མ་གཞག་པའི་དེའི་གནས་སྐབས་ཀྱི་ཆོས་སྐྱེས་ནས་ཐོབ་པ་ལས་སམ?། ཡིད་ལ
་བྱེད་པ་ལས་ཀུན་ཏུ་སྤྱད་པ་དང་། ཀུན་ཏུ་སྤྱོད་པ་དང་། ཀུན་ཏུ་སྤྱོད་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི་འདོད་པ་དང་ལྡན་པའི་ཆོས་རྣམས་ཞེས་བྱའོ།། གཟུགས་དང་ལྡན་པའི་ཆོས་རྣམས་གང་ཞེ་ན། འདོད་པའི་ཁམས་ཉིད
་དུ་སྐྱེས་ཤིང་བྱུང་བ་བསམ་གཏན་གང་ཡང་རུང་བ་སྙོམས་པར་ཞུགས་པ་འདིང་པ་རྣམས་ལས་འདོད་ཆགས་དང་བྲལ་བ། གཟུགས་རྣམས་ལས་འདོད་ཆགས་དང་མ་བླལ་བ། དེའི་གོང་དུ་སྦྱོར་བ་མ་བརྩམས་པ། ཏིང་ངེ
་འཛིན་དེ་ལས་མ་ལྡངས་པའི་འཇིག་རྟེན་པའི་ཡིད་ཀྱི་ས་པའི་ཆོས་ཡིད་ལ་བྱེད་པ་ལས་ཀུན་ཏུ་སྤྱད་པ་དང་། ཀུན་ཏུ་སྤྱོད་པ་དང་། ཀུན་ཏུ་སྤྱོད་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི་གཟུགས་དང་ལྡན་པའི་ཆོས་རྣམས་ཞེས
་བྱའོ།། གཟུགས་ཀྱི་ཁམས་སུ་སྐྱེས་པ་དེ་ལས་འདོད་ཆགས་དང་མ་བྲལ་བ་གོང་དུ་སྦྱོར་བ་མ་བརྩ་མོས་པའི་སྐྱེས་ནས་ཐོབ་པ་ལས་སཱ་མ། ཡོད་ལ་བྱེད་པ་ལས་འཇིག་རྟེན་པའི་ཆོས་ཀུན་ཏུ་སྤྱད་པ་དང་། ཀུན་ཏུ་སྤྱོད་པ་དང་། ཀུན་ཏུ
་སྤྱོད་པར་འགྱུར་བ་གང་དག་ཡིན་པ་དེ་དག་ཀྱང་གཟུགས་དང་ལྡན་པའི་ཆོས་རྣམས་ཞེས་བྱའོ།། གཟུགས་དང་ལྡན་པའི་ཆོས་རྣམས་ཇི་ལྟ་བ་དེ་བཞིན་དུ་གཟུགས་མང་བ་དང་ལྡན་པའི་ཆོས་རྣམས་ཀྱང་ཅི་རིགས་པར་བལྟ་བར་བྱའོ།།
་དེ་ལ་ཆོས་དགེ་བ་རྣམས་གང་ཞེ་ན། ཆོས་དགེ་བ་རྣམས་ནི་མདོར་བསྡུ་ན། རྒྱུ་གཉིས་ཀྱིས་དགེ་བ་རྣམས་ཤེས་བྱ་སྟེ། ངོ་བོ་ཉིད་ཀྱིས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས་རྣམས་ཀྱི་གཉེན་པོ་དང་། བདེ་བས་ཏེ། འདི་ལྟར་དགེ་བའི
་ཆོས་རྣམས་ནི་ངོ་བོ་ཉིད་ཀྱིས་ཕྱིན་ཅི་མ་ལོག་པར་དམིགས་པ་ལ་འཇུག་པ་ཡིན་ཞིང་།། གང་དག་ཕྱིན་ཅི་ལོག་ཏུ་གྱུར་ལ། ཉོན་མོངས་པོ་ཅན་དུ་དམིགས་པ་ལ་འཇུག་པ་དེ་དག་གི་གཉེན་པོར་གྱུར་པ་ཡིན་པའི་ཕྱིར་དང་། བདེ
་འགྲོ་དང་། མྱ་ངན་ལས་འདས་པར་འགྲོ་བ་དང་མཐུན་པ་ཡིན་པའི་ཕྱིར་བདེ་བ་ཡིན་ནོ།། མི་དགེ་བ་རྣམས་ནི་དེ་ལས་བཟློག་པའི་རྒྱུ་གཉིས་ཁོ་ནས་བལྟ་བར་བྱ་སྟེ། ངོ་བོ་ཉིད་ཀྱི་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། མི་དགེ་བས་སོ།། །
་ལུང་དུ་མ་བསྟན་པ་རྣམས་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་ཡང་མ་ཡིན། ཕྱིན་ཅི་ལོག་གི་གཉེན་པོ་ཡང་མ་ཡིན་པ་དང་། བདེ་བ་ཡང་མ་ཡིན་པ་མི་བདེ་བ་ཡང་མ་ཡིན་པར་བལྟ་བར་བྱའོ།། དགེ་བ་དེའི་རབ་ཏུ་དབྱེ་བ་ཡང་རྣམ་པ
་ལྔས་རྣམ་པར་བཞག་པར་རིག་པར་བྱ་སྟེ། ཕྱི་མ་ལ་འབྲས་བུ་འདོད་བྱ་དང་། ཀུན་ནས་ཉོན་མོངས་པའི་གཉེན་པོ་ནི་འདི་ལྟ་སྟེ། མི་སྡུག་པ་ལ་སྩོགས་པ་འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པ་ནས། འཕགས
་བའི་ལམ་ཡན་ལག་བརྒྱད་པ་ཉོན་མོངས་པོ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་བར་དུའོ།། ཀུན་ནས་ཉོན་མོངས་པ་ཉེ་བར་ཞི་བས་རབ་ཏུ་ཕྱེ་བ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའོ།། རྣམ་པར་དག་པའི་གནས་པས་རབ་ཏུ
་ཕྱེ་བ་ནི་འདི་ལྟ་སྟེ། འདོད་ཆགས་དང་བྲལ་བ། ཚེ་འདི་ལ་བདེ་བར་གནས་པ་དགེ་བ་འཕགས་པ་ལ་སོགས་པས་གནས་པ་རྣམས་ཀྱིའོ།། སེམས་ཅན་ལ་ཕུན་འདོགས་པས་རབ་ཏུ་ཕྱེ་བ་ནི་འདི་ལྟ་སྟེ།། འདོད
་ཆགས་དང་བྲལ་བ་རྣམས་ཁོ་ནའི་སྟེ། གཞན་ལ་སྙིང་བརྩེ་བ་ཅན་གྱི་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་ག་ཤེགས་པ་རྣམས་ཀྱི་གཞན་གྱི་དོན་སྤྱོད་པའི་དགེ་བ་སྣ། ཚོགས་གང་དག་ཡིན་པ
་རྣམས་སོ།། མི་དགེ་བའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་བཞག་པར་རིག་པར་བྱ་སྟེ། ཕྱི་མ་ལ་འབྲས་བུ་མི་འདོད་པ་དང་། ཀུན་ནས་ཉོན་མོངས་པའི་གཉེན་པོའི་མི་མཐུན་པའི
་ཕྱོགས་དང་། ཀུན་ནས་ཉོན་མོངས་པ་ཉེ་བར་མ་ཞི་བས་རབ་ཏུ་ཕྱེ་བ་དང་། ཉོན་མོངས་པ་ཅན་གྱི་གནས་པས་རབ་ཏུ་ཕྱེ་བ་དང་། གཞན་ལྕེ་གནོད་པས་རབ་ཏུ་དབྱེ་བས་སོ།། དགེ་བའི་རྒྱུ་ལྷས་སྟོབས་དང་ལྡན་པ་ཡིན་ཏེ། ལྔ་གང
་ཞེ་ན། སྦྱོར་བ་དང་། སྟོན་གོམས་པ་དང་། ཡོན་ཏན་ཁྱད་པར་ཅན་ཡོངས་སུ་འཛིན་པ་དང་། ཞིང་དྲང་དངོས་པོ་དང་། གནས་དང་། ངོ་བོ་ཉིད་ཀྱིས་སོ།། རྟག་ཏུ་སྦྱོར་བ་དང་། གུས་པས་སྦྱོར་བས་བྱས་པ་དང་། རྣམ་པ་དུ་མ་བྱས
་པ་འདི་ལྟ་སྟེ། བདག་གིས་བྱས་པ་དང་། གཞན་དག་ངོ་ཉིད་ཡང་དག་པར་འཛིན་དུ་བཅུག་པ་དང་། དེའི་བསྔགས་པ་རྣམ་གྲངས་དུ་མར་བརྗོད་པ་དང་། ཆོས་མཐུན་པ་པ་མཐོང་ན་ཡིད་རབ་ཏུ་དགའ་བོ་བསྐྱེད་པ་གང་ཡིན་པའི་དགེ་པ
་དེ་ནི་སྦྱོར་བས་སྟོབས་དང་ལྡན་པ་ཡིན་པར་རིག་པར་བྱའོ།། དེ་ལ་སྔོན་གྱི་ཚེ་རབས་གཞན་དག་ཏུ་དགེ་བ་ཀུན་ཏུ་བསྟེན་བསྒོམ་པ་ལྡན་མང་དུ་བྱས་པའི་རྒྱུ་དང་རྐྱེན་ངེས། ད་ལྟར་རང་བཞིན་གྱིས་དགེ་བའི་ཆོས་རྣམས་ལ་སེམས།
་འཇུག་པ་དང་། མི་དགེ་བའི་ཆོས་རྣམས་ལ་སེམས་འཇུག་པ་དང་། མི་དགེ་བའི་ཆོས་རྣམས་ལ་སེམས་མི་འཇུག་པ་དང་། མི་དགེ་བའི་ཆོས་རྣམས་དང་མི་མཐུན་པ་ཉིད་དུ་ཀུན་ཏུ་གནས་པ་གང་ཡིན་པའི་དགེ་བ་དེ་ནི་སྔོན
་གོམས་པས་སྟོབས་དང་ལྡན་པ་ཡིན་པར་རིག་པར་བྱའོ།། དེ་ལ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་དང་། འཕགས་པ་བཞི་མཐོང་བ་རྣམས་ཀྱི་དགེ་བ་ས་འོག་མེ་པ་དང་། ཐར་པའམ། བླ་ན་མེད་པ་ཡང་དགེ
་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ། ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་པ་གླང་ཡིན་པ་དེ་ན་ཡོན་ཏན་ཁྱད་པར་ཅན་ཡོངས་སུ་འཛིན་པས་སྟོབས་དང་ལྡན་པ་ཡིན་པར་རིག་པར་བྱའོ།། དེ་ལ་སྦྱིན་པ་གནས
་ཆེན་པོའི་ཞིང་ལྔ། དངོས་པོ་གྱ་ནོམ་པ། བླ་མའི་གནས་ཀྱིས་ཕུལ་བ་གང་ཡིན་པའི་དགེ་བ་དེ་ནི་ཞིང་དང་། དངོས་པོ་དང་། གནས་ཀྱིས་སྟོབས་དང་ལྡན་པ་ཡིན་པར་རིག་བེ་རུ་བྱའོ།། དེ་ལྔ་སྦྱིན་པ་ལས་བྱུང་བའིའི་དགེ་བ
་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་བས་ཆེས་སྟོབས་ཆུང་བ་ཡིན་ནོ།། ཚུལ་ཁྲིམས་ལས་བྱུང་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་སྦྱིན་པ་ལ་སོ་བྱུང་བ་བས་ཆེས
་སྟོབས་དང་ལྡན་པ་ཡིན་ལ་བསྒོམས་པ་ལས་བྱུང་བ་བས་ནི་ཆེས་སྟོབས་ཆུང་བ་ཡིན་ནོ།། བསྒོམས་པ་ལས་བྱུང་བའི་དགེ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས
་ལས་བྱུང་བ་བས་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་ཏེ། དེ་ལྟར་ན་དགེ་བ་ངོ་བོ་ཉིད་ཀྱིས་སྟོབས་དང་ལྡན་པ་ཡིན་པར་རིག་པར་བྱའོ།། མི་དགེ་བ་ཡང་དེ་ལས་བརྗོད་པ་རྣམ་པ་ལྔ་ཁོ་ནས་སྟོབས་དང་ལྡན་པ་ཡིན་པར་རིག་པར
་བྱའོ།། ཆོས་ལུང་དུ་མ་བསྟེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། རྣམ་པར་སྨིན་པར་ལས་སྐྱེས་པ་དང་། སྤྱོད་ལ་མྱ་ལས་བྱུང་བ་དང་། བཟོའི་གནས་ལས་བྱུང་བ་དང་། སྤྲུལ་པ
་ལས་བྱུང་བ་དང་། ངོ་བོ་ཉིད་ལས་བྱུང་བས་སོ།། དེ་ལ་ངོ་བོ་ཉིད་ལས་བྱུང་བའི་ལུང་དུ་མ་བསྟན་པ་ནི་འོདི་ཡིན་ཏེ། རྒྱས་པ་ལས་བྱུང་བའི་དབང་པོ་གཟུགས་ཅན་ལྔ་པོ་གང་དག་ཡིན་པ་དང་། ཕྱི་རོལ་གྱི་སྐྱེ་མཆེད་གཟུགས་ཅན་རྣམ
་པར་སྦྱིན་པར་མ་བསྡུས་པ་དག་ལས། གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དགེ་བ་དང་། ཉོན་མོངས་པ་ཅན་མཱུ་གཏོགས་པ་གང་དག་ཡིན་པ་རྣམས་སོ།། དེ་ལ་སློབ་པའི་ཆོས་རྣམས་གང་ཞེ་ན། གང་ཟག་སློབ་པ་རྒྱུན་ཏུ
་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་ཆོས་འཇིག་རྟེན་ལས་འདས་པ་འདུས་བྱས་དང་། འཇིག་རྟེན་པའི་དགེ་བ་གང་གི་ངག་ཡིན་པ་དེ་དག་ནི་སློབ་པའི་ཆོས་རྣམས་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ
་ནི་ཆོས་དེ་དག་ལ་བརྟེན་ནས་དུས་དུས་སུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཡང་སློབ་པར་བྱེད། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ལ་ཡང་སློབ་པར་བྱེད་པའི་ཕྱིར་རོ།། མི་སློབ་པའི་ཆོས་རྣམས་གང་ཞེ་ན། དགྲ་བཅོམ
་པ་ཟག་པ་ཟད་པའི་ཆོས་འཇིག་རྟེན་ལས་འདས་པ་འདུས་བྱས་དང་འཇིག་རྟེན་པའི་དགེ་བ་གང་དག་ཡིན་པ་དེ་དག་ནི་མི་སློབ་པའི་ཆོས་རྣམས་ཞེས་བྱའོ།། སློབ་པ་ཡང་མོ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་རྣམས་གང་ཞེ་ན། རྒྱུན
་ཏུ་ཞུགས་པ་ལ་སོགས་པ་དགྲ་བཅོམ་པའི་མཐར་ཐུག་པ་རྣམས་ཀྱི་སློབ་པ་དང་མི་སློབ་པའི་ཆོས་ཇི་སྐད་བསྟན་པ་དེ་དག་མ་གཏོགས་པ་གང་དག་དེ་ལས་གཞན་པ་སོ་སོའི་སྐྱེ་བོའི་རྒྱུད་དུ་གཏོགས་པ་དང་། དེའི་དབང་གིས་བྱུང
་བའི་ཆོས་ཐམས་ཅད་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་རྣམས་ཡིན་པར་རིག་པར་བྱའོ།། དེ་ལ་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་དང་། ལྟ་བ
་དེ་དག་ལ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱ་ལ་གང་དག་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པ་དག་དང་། བུ་ན་པ་རྣམས་ལོ་མ་རིག་པ་མྱི་འདྲེས་པ་དང་། བདྲེན་པ་རྣམས་ལ་ཡིད་གཉིས་དང་། ངན་སོང་དུ་འགྲོ་བ
་དང་། མཐུན་པའི་ལས་མཐོང་བས་སྤང་བར་བྱ་བ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ཞེས་བྱའོ།། བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་གང་ཞེ་ན། དགེ་བའི་ཆོས་ཟག་པ་དང
་བཅས་པ་པ་ཐམས་ཅད་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་དང་། ཉོན་མོངས་པ་ཅན་གྱི་ཆོས་ཇི་སྐད་བསྟན་པ་རྣམས་མ་གཏོགས་པ་དེ་ལས་གཞན་པའི་ཆོས་ཉོན་མོངས་པ
་ཅན་ཐམས་ཅད་ནི་བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་ཞེས་བྱའོ།། སྤང་བ་བྱ་བ་མ་ཡིན་པའི་ཆོས་རྣམས་གང་ཞེ་ན། འཇིག་རྟེན་ལས་འདས་པ་སློབ་པ་ཐམས་ཅད་དང་། མི་སློབ་པའི་རྒྱུད་དུ་གཏོགས་པ་ཐམས་ཅད་དེ།
་དེ་ལ་འཇིག་རྟེན་ལས་འདས་པ་གང་དག་ཡིན་པ་དེ་དག་ནི་དུས་རྟག་པ་ཁོ་ནར་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་ནོ།། དེ་ལས་གཞན་པ་འཇིག་རྟེན་པ་རྣམས་ནི་སྤྲིངས་ཟིན་པའི་ཕྱིར་སྤང་བར
་བྱ་བ་མ་ཡིན་ནོ།། དེ་ལ་ཆོས་ཟ་བ་མོ་མཐོང་བར་དཀའ་བ་རྣམས་གང་ཞེ་ན། ཆོས་ཐམས་ཅད་ཟབ་མོ་མཐོང་བར་དཀའ་བོ་ཡིན་པར་བཽལྟ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བརྗོད་དུ་མེད་པའི་བདག་ཉིད་དང་། ཚིག་གི
་སྤྱོད་ཡུལ་ལས་འདས་པའི་ངོ་བོ་ཉིད་འདི་ནི་མཆོག་ཏུ་ཟབ་པ་ཡཱིནྡྲ་ཏེ། ཆོས་ཐམས་ཅད་ཀྱང་བརྗོད་དུ་མེད་པའི་བདག་ཉིད་དང་། ཚིག་གི་སྤྱོད་ཡུལ་ལས་འོངས་པའི་ངོ་བོ་ཉིད་པས། དེ་དག་ནི་བརྗོད་པ་ལས་བརྟེན་པས་གཟུང
་བོར་བྱ་བ་དང་། བལྟ་བར་བྱ་བ་དང་། རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་ཟབ་མོ་མཐིང་པོར་དཀའ་བ་ཡིན་པར་རིག་པར་བྱའོ།། ཆོས་གཟུགས་ཅན་རྣམས་དང་། གཟུགས་ཅན་མ་ཡིན་པ་རྣམས་དང་། བསྟན་རྫོ
་ཡོད་པ་རྣམས་དང་བསྟན་དུ་མེད་པ་རྣམས་དང་།། ཐོགས་པ་མེད་པ་རྣམས་དང་། བསྟན་དུ་མེད་ལ་ཐོགས་པ་མེད་པ་རྣམས་དང་། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་རྣམས་དང་། ཟག་པ་དང་བཅས་པ་རྣམས
་དང་། ཟག་པ་མེད་པ་རྣམས་དང་། ཉོན་མོངས་པ་དང་བཅས་པ་རྣམས་དང་། ཉོན་མོངས་ཅན་མ་ཡིན་པ་རྣམས་དང་། ཟིང་ཟིང་དང་བཅས་པ་རྣམས་དང་། ཟང་ཟིང་མེད་པ་རྣམས་དང་། ཞེན་པ་ལ་བརྟེན་པ་རྣམས
་དང་། མངོན་པར་འབྱུང་བ་ལ་བརྟེན་པ་རྣམས་དང་། འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། གཏོགས་པ་རྣམས་དང་། མ་གཏོགས་པ་རྣམས་དང་། འདུས་བྱས་རྣམས་དང་། འདུས་མ་བྱས
་རྣམས་དང་། ཤེས་པར་བྱ་བ་རྣམས་དང་། རྣམ་པར་ཤེས་པར་བྱ་བ་རྣམས་དང་། དམིགས་པ་དང་། གནས་པ་འདྲེན་པའི་ཆོས་རྣམས་དང་། རྣམ་པར་སྨིན་པ་དང་བཅས་པ་རྣམས་དང་། རྣམ་པར་སྨིན་པ་མྱེད་པ
་རྣམས་དང་། རྒྱུ་དང་བཅས་པ་རྣམས་དང་། རྒྱུ་མེད་པ་རྣམས་དང་། འབྲས་བུ་དང་བཅས་པ་རྣམས་དང་། འབྲས་བུ་མེད་པ་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་དང་། ནང་གི་གནས་དང་། ཕྱི་རོལ་གྱི
་རྣམས་དང་། མིང་དང་གཟུགས་ཀྱིས་བསྡུས་པ་རྣམས་དང་། ཟིན་པ་རྣམས་དང་། མ་ཟིན་པ་རྣམས་དང་། འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་དང་། འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་མ་ཡིན་པ་དང་། སྲིད་པ
་རྣམས་དང་། སྲིད་པ་མ་ཡིན་པ་རྣམས་དང་། བླ་ན་ཡོད་པ་རྣམས་དང་། བླ་ན་མེད་པ་རྣམས་དང་། བསྒོམ་པར་བྱ་བ་རྣམས་དང་། འདས་པ་རྣམས་དང་། མ་འོངས་པ་རྣམས་དང་། ད་ལྟར་བྱུང་བ་རྣམས
་དང་། འདོད་པ་དང་ལྡན་པ་རྣམས་དང་། གཟུགས་དང་ལྡན་པ་རྣམས་དང་། གཟུགས་མེད་པ་དང་ལྡན་པ་རྣམས་དང་། དགེ་བ་རྣམས་དང་། མི་དག་པ་རྣམས་དང་། ལུང་དུ་མ་བསྟན་པ་རྣམས་དང་། སློབ་པ་རྣམས་དང་། མི་སྒྲི་བྱ་པ
་རྣམས་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་དང་། མཐོང་བས་སྤང་བར་བྱ་བ་རྣམས་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་དང་། སྤང་བར་བྱ་བ་མེ་ཡིན་པ་རྣམས་དང་། ཟབ་མ་མཐོང་བར་དཀའ་བའི་ཆོས
་རྣམས་ཀྱི་དབྱེ་བ་རྣམ་པར་བཞག་པ་ནི་ཇི་སྐད་བསྟན་པ་དེ་དག་ཡིན་ཏེ། ལེགས་པར་བསམ་པོ་སེམས་བྱས་ཚུལ་བཞིན་ལ་རབ་ཏུ་བརྩོན་པས་ནི་དེ་ལྟར་ཆོས་རབ་ཏུ་རྣམ་པར་དབྱེ་བ་ལ་རྣལ་འབྱོར་དུ་བྱའོ།། བསམ་པ་ལས
་བྱུང་བྱའི་ས་པོའི་རྣམ་པར་གཏན་ལ་དབབ་པ་སྟེ། རྣམ་པར་གཏནྡ་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །། བམ་པོ་ཉི་ཤུ་རྩ་ལྔ་པ།། བསྒོམས་པ་ལས་བྱུང་བའི་ས་པའི་རྣམ་པར་གཏན་ལ་དབབ་པ་ནི
་མདོར་བསྡུ་ན་བསྒོམ་པ་རྣམ་པ་བཅུ་དྲུག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་དང་། ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་དང་། གཟུགས་བརྙན་བསྒོམ་པ་དང་།
་དངོས་པོའི་མཐའ་བསྒོམ་པ་དང་། དགོས་པ་ཡོངས་སུ་གྲུབ་པ་བསྒོམ་པ་དང་། འཐོབ་པ་བསྒོམ་པ་དང་། བསྟེན་པ་བསྒོམ་པ་དང་། སྤང་བ་བསྒོམ་པ་དང་། གཉེན་པོ་བསྒོམ་པ་དང་། ཉི་ཚེ་བསྒོམ་པ་དང་། ཀུན་ཏུ་འགྲོ་བ་བསྒོམ་པ་དང་། གཡོ
་བ་ཡོད་པའི་བསྒོམ་པ་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་བསྒོམ་པ་དང་། གྲུབ་པ་བསྒོམ་པ་དང་། བསྒོམས་པ་ལས་བྱུང་བ་མ་ཡིན་པའི་ཆོས་བསྒོམ་པ་དང་། བསྒོམས་པ་ལས་བྱུང་བའི་ཆོས་བསྒོམ་པའོ།། དེ་ལ་ཉན་ཐོས་ཀྱི
་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པོ་གང་ཞེ་ན། སྨྲས་པ། འདི་ལྟར་འདི་ན་ལ་ཉན་ཐོས་ཉན་ཐོས་ཀྱི་ཆོས་ཉིད་ལ་གནས་པ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ་འམ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་མ་ཞུགས་པ།
་སེམས་ཅན་གྱི་དོན་ལ་མི་ལྟོ་བ། བདག་གི་དོན་ལྟ་ལྟ་བ་ལ་རྣམ་པར་བཞག་པའི་བདེན་པ་ཡིད་ལ་བྱེད་པའི་སྒོ་ནས། དེ་བཞིན་ཉིད་ལ་རྗེས་སུ་ཞུགས་ནི་སོ་སོ་སོ་རང་གི་ཆོས་ཀྱི་དམིགས་པ་དཔག་ཏུ་ཡོད་ཅིང་ཡོངས་སུ་ཆུད་པ་སྐྱོ་བ་དང་།
་འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བའི་རྣམ་པ་ཡིད་ལ་བྱེད་པ་སྲེད་པ་ཟད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་པ་དེ་ནི། ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་ཞེས་བྱའོ།། ཐེག་པ་ཆེན་པོ་དང་ལྡན་པའི་ཡིད
་ལ་བྱེད་པ་བསྒོམ་པ་གང་ཞེ་ན། འདི་ལྟར་འདི་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ། ཡོང་དག་པ་ཉིད་དུ་སྐྱོན་མེད་པ་ལ་མ་ཞུགས་པ་འམ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ། བདག་གི་དོན་དང
་གཞན་གྱི་དོན་ལ་ལྟ་བ་ལ་རྣམ་པར་གཞག་པ་དང་། རྣམ་པར་མ་གཞག་པའི་བདེན་པ་ཡིད་ལ་བྱེད་པའི་སྒོ་ནས། དེ་བཞིན་ཉིད་ལ་རྗེས་སུ་ཞུགས་ནས། སོ་སོ་རང་གི་ཆོས་ཀྱི་དམིགས་པ་དཔག་ཏུ
་མེད་ཅིང་ཡོངས་སུ་མ་ཆུད་པ། སྙིང་རྗེའི་དབང་དུ་བྱས་ནས་སེམས་ཅན་གྱི་དོན་བྱ་བའི་ཐབས་ཀྱིས་ཡོངས་སུ་ཟིན་པའི་རྣམ་པ་བླ་ན་མེད་པའི་གོ་འཕང་གནོན་པའི་རྒྱུར་གྱུར་པའི་ཡིད་ལ་བྱེད་པ། བདག་དང་གཞན་གྱི་སྲེད་བཟང
་པར་བྱ་བའི་སྒོམ་པར་བྱེད་པ་དེ་ནི་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་ཅེས་བྱའོ།། གཟུགས་བརྙན་བསྒོམ་པ་གང་ཞེ་ན། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྲི་གཟུགས་བརྙན་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་རྣམ
་པར་རྟོག་པ་དང་བཅས་པ། ལྷག་མཐོང་གི་ཕྱོགས་དེང་མཐུན་པ་ཡོད་ལ་བྱེད་པ་འམ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་རྣམ་པར་མི་རྟོག་པ་ཞི་གནས་ཀྱི་ཕྱོགས་དང
་མཐུན་པ་ཡིད་ལ་བྱེད་པ་བསྒོམ་པ་གང་ཡིན་པ་ངོ་ནི་གཟུགས་བརྙན་བསྒོམ་པོ་ཞེས་བྱའོ།། དངོས་པོའི་མཐའ་བསྒོམ་པ་གང་ཞེ་ན། ནང་དང་ཕྱི་རོལ་གྱི་ཆོས་འདས་པ་དང་། མཱཾ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་རོགས་པ་དང
་ཆ་ཕྲ་བ་ཉིད་དང་། ངན་པ་དང་གྱ་ནོམ་པ་ཉིད་དང་། རྒྱང་རིང་བ་དང་། ཐག་ཉེ་བ་ཉིད་དམ། དེ་བཞིན་ཉིད་ལ་ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་ཡིད་ལ་བྱེད་པ་བསྒོམ་པ་གང་ཡིན་པ་དེ་ནི་དངོས་པོའི
་མཐའ་བསྒོམ་པ་ཅེས་བྱའོ།། དགོས་པ་ཡོངས་སུ་གྲུབ་པ་བསྒོམ་པ་གང་ཞེ་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་ནམ། སྙོམས་པར་འཇུག་པའི་དངོས་གཞི་ལ་སྙོམས་པར་ཞུགས་པའི་བསྒོམ་པ་གང་ཡིན་པ་དེ
་ནི་དགོས་པ་ཡོངས་སུ་གྲུབ་པ་བསྒོམ་པ་ཞེས་བྱའོ།། འཐོབ་པ་བསྒོམ་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་བསམ་གཏན་དང་པོ་ལ་བརྟན་ནས། གལ་ཏེ་མི་རྟག་པའི་འདུ་ཤེས་སྒོམ་པར་བྱེད་དམ། གལ་ཏེ་འཆི་བའི་འདུ་ཤེས་ཀྱི་བར་དུ
་སྒོམ་པར་བྱེད་པ་དེ། དེ་ལས་གཞན་པ་རང་གི་ས་པའམ། ས་འོག་མ་པའི་འདུ་ཤེས་མངོན་དུ་མ་གྱུར་པ་དག་གམ། དེས་དྲངས་པ་འཇིག་རྟེན་པ་འམ། འཇིག་རྟེན་ལས་འདས་པའི་ཡོན་ཏན་དེ་ལས་གཞན་པ་དག་གསལ་བ་དང་།
་ཆེས་འོད་གོསལ་བར་བསྐྱེད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་ཅིང་། དེ་དག་ལ་ཡང་དབང་དང་ལྡན་པ་འཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་འཐོབ་པ་བསྒོམ་པ་ཞེས་བྱའོ།། བསྟེན་པ་བསྒོམ་པ་གང་ཞེ་ན། སྨྲས་པ། འདི་ལྟར་འདི་ན་ལ་ལ
་མི་རྟག་པ་ལ་སོགས་པ་དགེ་བའོ་འདུ་ཤེས་སམ། དགེ་བོའི་ཆོས་གང་དང་གང་ཡིད་ལྟ་བྱེད་པ་དེའི་དེ་བསྟེན་པའི་བསྒོམ་པས་སྒོམ་པར་བྱེད་པ་གང་ཡིན་པ་དེ་ནི་བསྙོན་པ་བསྒོམ་པ་ཅེས་བྱའོ།། སྤང་བ་བསྒོམ་པ་གང་ཞེ་ན། སྨྲས་པ།
་འདི་ལྟར་འདི་ན་ལ་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གྱི་མཚན་མ་ཡིད་ལ་བྱེད་པས། རང་བཞིན་གྱི་མཚན་མ་ཁྱེའུ་ས་ཁྱེའུ་འབྱུང་བའི་ཚུལ་གྱིས་མངོན་པར་འབྱིན་པོར་བྱེད། མངོན་པར་སེལ་བར་བྱེད། མངོན་པར
་སྤོང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གིས་ཁྱེའུ་ཆེས་ཕྲ་བས་ཁྱེའུ་ཆེས་སྦོམ་པ་འབྱིན་པར་བྱེད་པ་དེ་བཞིན་དུ། ཤིན་ཏུ་སྦྱངས་པའི་ཚོགས་ཀྱིས་གནས་ངན་ལེན་གྱི་ཚོགས་མངོན་པར
་འབྱིན་པར་བྱེད། མངོན་པར་སེལ་པོར་བྱེད། མངོན་པར་སྤོང་བར་བྱེད་པ་གླང་ཡིན་པ་དེ་ནི་སྤང་བ་བསྒོམ་པ་ཞེས་བྱའོ།། གཽཉེན་པོ་བསྒོམ་པ་གང་ཞེ་ན། སྨྲས་པ། རྣམ་པར་སུན་འབྱིན་པ་གཉེན་པོ་འམ་སྤོང་བ་གཉེན་པོ་འམ།
་ཀུན་ཏུ་འཛིན་པ་གཉེན་པོ་འམ། ཐག་བསྲིང་བ་གཉེན་པོ་ཡིད་ལྟ་བྱེད་པའི་བསྒོམ་པ་གང་ཡིན་པ་དཱ་ནི་གཉེན་པོ་བསྒོམ་པ་ཞེས་བྱའོ།། དེ་ལ་རྣམ་པར་སུན་འབྱིན་པ་གཉེན་པོ་ནི་ཚད་མེད་པ་དྲག་མྲ་གཏོགས་པ་འཇིག
་རྟེན་པའི་དགེ་བའི་ལམ་ཐམས་ཅད་དང་། རྣལ་འབྱོར་བླ་རྣམས་ཀྱི་རྣམ་པར་འཕྲུལ་པ་དང་ལྡན་པའི་ཡིད་ལ་བྱེད་པ་གཞན་གང་ཡིན་པའོ།། དེ་ལ་སྤོང་བ་གཉེན་པོ་ནི་དེ་བཞིན་ཉིད་ལ་དམིགས་པའི་ཡིད་ལ་བྱེད་པའོ།། དེ་ལ
་ཀུན་ཏུ་འཛིན་པ་གཉེན་པོ་ནི། དེའི་རྗེས་ལས་ཐོབ་པོ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་མོ།། དེ་ལ་ཐག་སྲིད་པ་གཉེན་པོ་ནི་ཉོན་མོངས་པ་རྣམས་སྦྱངས་པའི་དེའི་གཉེན
་པོའི་ལམ་ལན་མང་དུ་བྱེད་པ་དང་། ས་གོང་མ་པའི་ལམ་ལན་མང་དུ་བྱེད་པ་གང་ཡིན་པའོ།། རྣམ་གྲངས་གཞན་ཡང་ཐོས་པ་དང་བསམས་པ་ལས་བྱུང་བའི་ལམ་ནི་སུན་འབྱིན་པ་གཉེན་པོ་ཡིན་ནོ།། འཇོག་རྟེན་ལས་འདས
་པའི་ལམ་ནི་སྤྱོད་པ་གཉེན་པོ་ཡིན་ནོ།། དེའི་འབྲས་བུ་གནས་གྱུར་པ་ནི་ཀུན་ཏུ་འཛིན་པའི་གཉེན་པོ་ཡིན་ནོ།། འཇིག་རྟེན་པའི་བསྒོམ་པའི་ལམ་ནི་ཐག་སྤྲིང་བ་གཉེན་པོ་ཡིན་ནོ།། ཉི་ཚེ་བསྒོམ་པ་གང་ཞེ་ན། སྨྲས་པ། མི་རྟག་པའི
་འདུ་ཤེས་ལ་སོགས་པ་དགེ་བའི་ཆོས་རྣམས་གང་ཡང་རུང་བ་ཡིད་ལ་བྱེད་པའི་བསྒོམ་པ་གང་ཡིན་པ་དེ་ནཱི་ཉི་ཚེ་བསྒོམ་པ་ཅེས་བྱའོ།། ཀུན་ཏུ་འགྲོ་བ་བསྒོམ་པ་གང་ཞེ་ན། སྨྲས་པ། ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རོ་གཅིག
་པར་ཡིད་ལ་བྱེད་པའི་བསྒོམ་པ་གང་ཡིན་པ་དེ་ནི་ཀུན་ཏུ་འགྲོ་བ་བསྒོམ་པ་ཞེས་བྱའོ།། གཡོ་བ་ཡོད་པའི་བསྒོམ་པ་གང་ཞེ་ན། མཚན་མ་མེད་པ་བསྒོམ་པ་ལ་ཞུགས་པའི་མཚན་མས་སྐབས་སྐབས་སུ་རྒྱུན་ཆད་པ་དང
་བཅས་པའི་བསྒོམ་པ་གང་ཡིན་པ་དེ་ནི་གཡོ་བ་ཡོད་པའི་བསྒོམ་པ་ཞེས་བྱའོ།། མངོན་པར་འདུ་བྱེད་པ་དང་བཅས་པ་བསྒོམ་པ་གང་ཞེ་ན། སྨྲས་པ། དེ་ཉིད་ལ་ཞུགས་པའི་མངོན་པར་འདུ་བྱེད་པ་ལས་མཚན་མས་རྒྱུན
་ཆད་པ་མེད་པར་བསྒོམ་པ་གང་ཡིན་པ་དེ་ནི་མངོན་པར་འདུ་བྱེད་པ་དང་བཅས་པ་བསྒོམ་པ་ཞེས་བྱའོ།། གྲུབ་པ་བསྒོམ་པ་གང་ཞེ་ན། སྨྲས་པ། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐོག་པ་འམ། ཐེག་པ་ཆེན་པོས
་ཐམས་ཅད་ཀྱི་ཐམས་ཅད་དུ་གནས་གྱུར་པ་ཆོས་ཐམས་ཅད་ལོ་དབང་ཐོབ་པའི་བསྒོམ་པ་གང་ཡིན་པ་དེ་ནི་གྲུབ་པ་བསྒོམ་པ་ཞེས་བྱའོ།། བསྒོམ་པ་ལས་བྱུང་བ་མ་ཡིན་པའི་ཆོས་བསྒོམ་པ་གང་ཞེ་ན། སྨྲས་པ། མཉམ་པར་མ
་བཞག་པའི་ས་པ་རྣམས་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་དགེ་བའི་ཆོས་རྣམས་ཀྱི་བསྒོམ་བྱ་གང་ཡིན་པ་དེ་ནི། བསྒོམས་པ་ལས་བྱུང་བ་མ་ཡིན་པའི་ཆོས་བསྒོམ་པ་ཞེས་བྱའོ།། བསྒོམས།
་པ་ལས་བྱུང་བའི་ཆོས་བསྒོམས་པ་གང་ཞེ་ན། སྨྲས་པ། མཉམ་པར་བཞག་པའི་སླུ་བ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཀྱི་བསྒོམ་པ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བའི་ཆོས་བསྒོམ་པ་ཞེས་བྱའོ།། བོ་སྒོམས་པ
་ལས་བྱུང་བའི་སའི་རྣམ་པར་གཏན་ལ་དབབ་པ་སྟེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། ། ཉན་ཐོས་ཀྱི་སའི་རྣམ་བྱར་གཏན་ལཱྀ་དབབ་པ་ནི་སྒྲའི་དངོས་གཞིར་གང་ཟག་རིགས་མེད་པ
་ལ་གནས་པ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཆོས་ཅན་ཞེས་གང་བཤད་པ་དེ་ལ་གལ་ཏེ་ལ་ལ་ཇི་ལྟར་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་སྙམ་དུ་ཡང་གཉིས་དང་། ཐེ་ཚོམ་སྐྱེ་བར་གྱུར་ན།
་དེ་ལ་ཇི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་སེམས་ཅན་ཁམས་སྣ་ཚོགས་པ་དང་། ཁམས་དཔག་ཏུ་མེད་པ་དང་། ཁམས་དམན་པ་དང་། ཁམས་གྱ་ནོམ་པ་པ་དག་ཡོད་པར་འདོང་ངམ། འོན་ཏེ་མི་འདོད། གཡོ་ཏེ་ཡོད་ན་ནི་དེས
་ན་གང་ཟག་གཏན་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་མེད་ཅེས་བྱར་མི་རུང་ངོ་།། གལ་ཏེ་མེད་ན་ནི་ངེས་ན་སེམས་ཅན་ཁམས་སྣ་ཚོགས་པ་ནས་ཁམས་གྱ་ནོམ་པ་པའི་བར་དག་ཡོད་ཅེས་བྱར་ཡང་མི་རུང་ངོ་།།
་དེ་སྐད་ལནཱ་བཏབ་ཀྱང་ཡང་ཡོངས་སུ་འདྲི་སྟེ། ཇི་ལྟར་སེམས་ཅན་རྣམས་ལ་ཁམས་སྣ་ཚོགས་པ་ཉིད་ནས། ཁམས་གྱ་ནོམ་པ་པ་ཉིད་ཀྱི་བར་དྲུག་ཡོད་ཀྱང་དབང་པོ་མེད་པའི་སེམས་ཅན་མེད་དེ་ཡོངས་སུ་མྱ་ངན་ལས
་མི་འདའ་བའི་ཆོས་ཅན་ཡང་དེ་བཞིན་ནོ།། ཡང་ན་དཔུང་པོ་མེད་པ་ཡང་སེམས་ཅན་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་དབང་པོ་མེད་པ་གང་ཡིན་པ་དེ་སེམས་ཅན་ཡིན་ནམ། འོན་ཏོ་སེམས
་ཅན་མ་ཡིན་པར་འདོད། གལ་ཏེ་སེམས་ཅན་ཡིནྡ་ན་ནི་དེས་ན་ཕྱི་རོལ་གྱི་དངོས་པོ་དབང་པོ་མྱོང་བ་རྣམས་ཀྱང་སེམས་ཅན་ཡིན་པར་འགྱུར་བས་མི་རུང་ངོ་།། གལྔ་ཏེ་སེམས་ཅན་མ་ཡིན་ནཱ་ནི་དེས་ན་དབང་པོ་མེད་པ་ཡང
་སེམས་ཅན་དུ་ཅིའི་ཕྱིར་མི་འགྱུར་ཞེས་བྱར་མི་རུང་ངོ་།། དེ་སྐད་ལན་བ་ཏབཱ་ཀྱང་ཡང་ཡོངས་སུ་འདྲི་སྟེ། འདི་ལྟ་སྟེ། དཔེར་ན་རྒྱལ་རིགས་སུ་གྱུར་པ་ལས་རེས་འགྲུའ་བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་སུ
་འགྱུར་བ་དང་། དེ་བོ་ཞིན་དུ་དམངས་རིགས་སུ་གྷུ་རཱུ་བ་ལས་རེས་འགའ་རྒྱ་ལ་རིགས་ཀྱི་བར་དུ་འགྱུར་བ་དང་། སེམས་ཅན་དུ་མྱ་ལྡོབ་པར་གྱུར་བྱེ་ལས་རེས་འགའ་ལྷའི་བུར་དུ་འགྱུར་བ་དང་། ལྷར་གྱུར་པཱ་ལས་རེས་འགྲུའ
་སེམས་ཅན་དམྱལ་བ་པའི་བར་དུ་འགྱུར་བ་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་མི་འདའི་བའི་ཆོས་ཅན་དུ་གྱུར་པ་ལས་ཀྱང་རེས་འགབ་ཡོངས་སུ་མྱ་ངན་ལས་མི་འདིའི་བའི་ཆོས་ཅན་དུ་ཅིའི་བྱོར་མི་འགྱུར་ཏེ། དེའི་ཕྱིར
་གཏན་ཡོངས་སུ་མྱ་ངན་ལས་མི་འདབ་ཐ་ཚུས་ཅན་ནི་འགའ་ཡང་མ་ཅན། ང་ལ་འང་སྐད་ཅེས་བཏང་བར་ཀྵ། ན་རྒྱལ་ཚིགས་ནས་དམངས་རིགས་ཀྱི་བར་དང་། སེམས་ནན་ནཱ
་བུ་པ་ནས་ལྷའི་བུར་གང་ཡིན་པ་དེ་ཁམས་ཐམས་ཅད་པ་ཡིན་ནམ། འོན་ཏེ་ཁམས་རེ་རེ་བ་ཡིན་པར་འདོད། གལ་ཏེ་ཁམས་ཐམས་ཅད་པ་ཡིན་ན་ནི་དེས་ན་དཔེ་མི་མཐུན་པས་མི་རུང་ངོ་།། གལ་ཏེ་ཁམས་རེ་རེ་བ་ཡིན་ན
་ནི་དེས་ནུ་རྒྱལ་རིགས་སུ་གྱུར་ནས་རེས་འགའ་ད་མངས་རིགས་ཀྱི་བར་དུ་འགྱུར་བ་དང་། སེམས་ཅན་དམྱལ་བ་པར་གྱུར་ནས། རེས་འགའ་ལྷའི་བར་དུ་འགྱུར་རོ་ཞེས་བྱར་མི་རུང་ངོ་།། དེ་སྐད་ལན་བཏབ་ཀྱང་ཡོངས
་སུ་འདྲི་སྟེ། ཇི་ལྟར་རྒྱལ་རིགས་ལ་སོགས་པ་ཁམས་ཐམས་ཅད་པ་དེ་ཁོ་ན་ཡིན་བཞིན་དུ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡང་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ཞེ་ན། དེ་ལ
་འདི་སྙེད་ཅེས་བརྗོད་པར་བྱ་སྟེ། ནི་ཡོངས་སུ་མྱ་ངན་ལས་མི་འངའ་བའི་ཆོས་ཅན་གྱི་ཁམས་གང་ཡིན་པ་དང་། ཡོངས་སུ་མྱ་དྲན་ལས་འདའ་བའི་ཆོས་ཅན་གྱི་སེམས་ཅན་གང་ཡིན་པའི་ཁམས་དེ་གཉིས་པན
་ཆུན་མོ་མཐུན་པ་ཡིན་ན་མོ། འོན་ཏེ་མི་མཐུན་པ་མེད་པར་འདིང་། གལ་ཏོ་མི་མཐུན་ན་ནི་ངེས་ན་ཡོངས་སུ་མྱ་ངན་ལ་ས་མོ་འདའ་བའི་ཆོས་ཅན་གྱི་ཁམས་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོ
་ཅན་གྱི་ཁམས་སུ་མི་འགྱུར་ཞེས་བྱར་མི་རུང་ངོ་།། གལ་ཏེ་མི་མཐུན་པ་མེད་ན་ནི་གང་ཟག་དེ་ཉིད་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡང་ཡིན་ལ། དེ་ཉིད་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས
་ཅན་ཡང་ཡིན་པར་འགྱུར་ཏེ་མི་རུང་ངོ་།། དེ་སྐད་ལྡན་བཏབ་ཀྱང་ཡང་ཡོངས་སུ་འདྲི་སྟེ། འདི་ལྟ་སྟེ། དཔེར་ན། སའི་ཕྱོགས་ལ་ལ་ན་རེས་འགའ་གསེར་གྱི་རིགས་མེད་པ་ལས་རེས་འགའ་གསེར་གྱི་རིགས་ཡོད་པ་དང་། རེས་འགག
་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་ལ་སོགས་པའི་རིགས་མེད་པ་ལས་རེས་འགུའ་དྲི་དག་གི་རིགས་ཡོད་པ་དང་། རོས་འགའ་ལན་ཚྭའི་རིགས་མེད་པ་ལས་རེས་འགའ་དེའི་རིགས་ཡོད་པ་དང་། རེས་འགའ་འབྱུང་ཁུང་རྣམ་པ་སྣ
་ཚོགས་ཀྱི་རིགས་མེད་པ་ལས་རེ་ས་འགྲུའ་དེ་ངག་གི་རིགས་ཡོད་པ་དེ་བཞིནྡྲ་དུ་ཊཱིའི་ཕྱིར་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དུ་གྱུར་པ་ལས་རེས་འགྲུའ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་མི་འགྱུར་ཞེ་ནི།
་དེ་ལ་འོད་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་དཔེར་ན་སའི་ཕྱོགས་དེ་ན་དེ་དྲུག་གི་དེརིགས་མེད་པར་གྱུར་པ་ལས་དེ་དག་གི་རིགས་ཡོད་པར་གྱུར་བའམ། དེ་དག་གི་རིགས་ཡོད་པར་གྱུར་པ་ལས་དེ་དག་གི་རྫོགས་མེད་པར་གྱུ
་པ་དེ་བཞིན་དུ། ཉན་ཐེམ་ཚོ་རིགས་སུ་ངེས་པར་གྱུར་པ་ལས་དེའི་རིགས་མེད་པར་གྱུར་པ་ནས། ཐེག་པ་ཆེན་པོའི་རིགས་སུ་ངེས་པར་འགྱུར་བ་ལས་དེའི་རིགས་མེད་པར་གྱུར་པ་དང་། མ་ངེས་པའི་རིགས་སུ་གྱུར་པ་མས
་ངེས་པའི་རིགས་ཀྱི་བར་དུ་གྱུར་པ་འམ། འོན་ཏེ་དེ་ལྟ་མ་ཡིན་པར་འདོད། གལ་ཏེ་ཡིན་ན་ནི་དེས་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འབྲས་བུ་མེད་པར་འགྱུར་ཏེ། དེ་ལྟར་ན་རིགས
་རྣམ་པར་གཞག་པ་ངེས་པ་མེད་པར་འགྱུར་བས་མི་རུང་ངོ་།། གལ་ཏེ་མ་ཡིན་ན་ནི་དེས་འདི་ལྟ་སྟེ། དཔེར་ན། སའི་ཕྱོགས་བཞིན་དུ་ཡོངས་སུ་མངན་ལས་མི་འདའ་བའི་ཆོས་ཅན་རིགས་མེད་པ་ལ་གནས་པར་གྱུར་ནས།
་རིགས་ལྔ་གནས་པར་འགྱུར་བ་དང་། འདི་ལྟ་སྟེ་དཔེར་ན། སའི་ཕྱོགས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཡང་རིགས་ལ་གནས་པར་གྱུར་ནས། རིགས་མེད་པ་ལ་གནས་པར་འགྱུར་བས་མི་རུང་ངོ་།།
་དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་ཡོངས་སུ་མྱ་ངན་ལས་མི་འདའ་བོ་འི་ཆོས་ཅན་ཁམས་དམན་ཕྲ་བ་ཁམས་དམན་པ་ཁོ་ན་ལས་གནས་པ་ཚེ་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བའི
་ཆོསྣ་ཅན་དུ་འགྱུར་རམྦ། འོན་ཏེ་དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འདོད།། གལ་ཏེ་ཚེ་དེ་ཉིད་ལ་ཡིན་ན་ནི་དེས་ན་ཅི་དེ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བརྟེན་ནས། ཚེ་དེ་ཉིད་ལ་ཐར
་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པའི་སྐལ་པོ་ཡང་ཡོད་པ་འམ། འོན་ཏེ་མེད་པར་འདོད་། གལ་ཏེ་སྐལ་བ་ཡོད་ན་ནི་དེས་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བརྟེན་ཏེ་ཚེ་འདི་ལ་ཐར་པའི་ཆ་དང
་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པའི་སྐལ་བ་ཡོད་པས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་བྱར་མི་རུང་ངོ་།། གལ་ཏེ་སྐལ་བ་མེད་ན་ནི་དེས་ན་སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་བརྟེན་ཏེ། ཚེ་འདི་ལ
་བྷུབྱུར་པའི་ཆུ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པའི་སྐལ་བ་མྱེད་པས་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་ཞེས་བྱར་མི་རུང་ངོ་།། གལ་ཏེ་ཕྱི་མའི་ཚེ་རབས་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་གྱུར་ན
་ནི་དེས་ནཱ་ཅི་སྔར་དགེ་བའི་རྩ་བ་བསྔགས་ནཱསཾ། དེའི་ཕྱི་མའི་ཚེ་རབས་ལ་སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་བརྟེན་ཏེ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེད་པའི་སྐལ་བ་ཡོད་པ་ཡིན་ནམ། འོ་ནཱི་ཏེ་སྔར
་དགེ་བའི་རྩ་བ་མ་བསགས་པར་དེའི་ཕྱི་མའི་ཚེ་རབས་ལོ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བརྟེན་ཏེ། ཐར་པའི་ཆུ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེད་པའི་སྐུ་ལོ་བ་ཡོད་པར་འདོད། གལ་ཏེ་སྔར་དགེ་བའི་རྩ་བ
་བསགས་ནཱ་ནི་དེས་ན་ཚེ་འདི་ཉིད་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བརྟེན་ཏེ། ཐར་པའི་ཆུ་དང་མཐུན་པའི་དགེ་བའི་རྩཝ་བྷ་སྐྱེད་ནས་དེའི་ཕྱི་མའི་ཚེ་རབོས་ལ་ཡོངས་སུ་མྱ་དཱན་ལས་འདའ་བའི་ཆོས་ཅན་དུ་འགྱུར
་ཞེས་བྱར་མི་རུང་སྟེ། འདི་ལྟར་རྒྱུ་མ་ཚང་བའི་ཕྱིར་རོ།། གལ་ཏེ་སྔར་དགེ་བའི་རྩ་བ་མ་བསགས་ན་ནི་དེས་ནི་སྔོན་དང་ཕྱིས་དགེ་བའི་རྩ་བ་མ་བསོགས་པར་འདྲ་བས། དེའི་ཕྱི་མའི་ཚེ་རབས་ལ་ཡོངས་སུ་མྱ་ངན
་ལུས་འདའ་བའི་ཆོས་ཅན་དུ་འགྱུར་ལ། དེ་ཉིད་ལ་མི་འགྱུར་ཞེས་བྱ་བ་མི་རུང་ངོ་།། ཉན་ཐོས་རྣམས་ནི་མདོར་བསྡུ་ན་བཅུ་པོ་འདི་དག་ཡིན་ཏེ། བཅུ་གང་ཞེ་ན། དགྲ་པའི་ཁམས་ཅན་དང་། རྐྱེན
་རྙེད་པ་དང་། ཀུན་ནས་ཉོན་མོངས་པ་ཅན་གྱི་ཁམས་སུ་སྐྱེས་པ་དང་། དག་པའི་ཁམས་སུ་སྐྱེས་པ་དང་། དུས་ཀྱི་མཐར་སྐྱེས་པ་དང་། དུས་བཟང་པོར་སྐྱེས་པ་དང་། མིག་མ་ཐོབ་པ་དང་། མིག་ཐོབ་པ་དང་། མིག་རྣམ་པོར
་དག་པ་དང་། མིག་ཤིན་ཏུ་རྣམ་པར་དག་པའོ།། དེ་ལ་དང་པོ་ནི་རིགས་ལ་གནས་པའོ།། གཉིས་པ་ནི་ཞུགས་པའོ།། ཉན་ཐོས་གང་འཇིག་རྟེན་གྱི་ཁམས་གང་ན་སྡུག་བསྔལ་མང་པོ་སྣ་ཚོགས་དམིགེ་བ་དེར་སྐྱེས་ཤིང
་དེ་ཡང་ཚེའི་སྙིགས་མ་ནས། སེམས་ཅན་གྱི་སྙིགས་མའི་མཐར་ཐུག་པའི་བར་གྱི་སྙིགས་མ་ལྔ་འབྱུང་བའི་གོ་སྐབས་ཡོད་པ་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་ཁམས་སུ་སྐྱེས་པ་ཞེས་བྱའོ།། ངེག་པའི་ཁམས་སུ
་སྐྱེས་པ་ནི་དེ་ལས་བཟློག་པར་རིག་པར་བྱའོ།། ཉན་ཐོས་དུས་ཀྱི་མཐར་སྐྱེས་པ་ཇི་ལྟར་བལྟ་བར་བྱ་ཞེ་ན། ཉན་ཐོས་དུས་ཀྱི་མཐར་སྐྱེས་པ་རྣམས་ནི་ཕལ་ཆེར་རྙེད་པ་དང་། བཀུ་སྟི་ལ་གདུ་བ། ཡང་དག་པར་མགུ་བར
་འགྱུར་བའི་ཆོས་རྣམ་ལ་མི་ཕྱོགས་པོ། འདོད་ཆགས་དང་། ཞེ་སྡང་དོང་། གཏི་མུག་དང་། དམ་པ་མ་ཡིན་པའི་ཆོས་མང་བ། ཕྲ་གོ་དོག་དང་། སེར་སྣའི་ཉེ་བའི་ཉོན་མོངས་པས་སེམས་ཡོངས་སུ་གཏུགས་པ། གནས
་ལ་སེར་སྣ་བྱེད་པ། ཁྱིམ་ལ་སེར་སྣ་བྱེད་པ། རྙེད་པ་ལ་སེར་སྣ་བྱེད་པ། བསྔགས་པ་ལ་སེར་སྣ་བྱེད་པ། ཆོས་ལ་སེར་སྣ་བྱེད་པ། གཡོ་དང་རྒྱུ་དང་ལྡན་པ་སྦྱོར་འབྱིན་པ། དོར་བྱེད་པ་ནས་རྒྱས་པར་འཚོ་བའི་བསམ་པས་རབ
་ཏུ་བྱུང་གི། མྱ་ངན་ལས་འདས་པོའི་བསམ་པས་མ་ཡིན་པོའི་བར་དང་། རྒོད་པ། ཁེངས་པ། མི་བརྟན་པ། མུ་ནོར་སྤྲོ་བ། སྨྱེ་བརྟོལ་ཆེ་བ། དེན་ག་ཡོ་དོང་ལྡན་པ། བརྗོད་ངས་པ། མཉམ་པར་མ་བཞག་པ།
་སེམས་རྣམ་པོར་འཁྲུལ་པ། དབང་པོ་ཡལ་བར་བོར་བ། ཉོན་མོངས་པ་མང་ཡང་ཉོན་མོངས་པ་ཀུན་ཏུ་འབྱུང་བ་ཡོངས་སུ་གཅོད་པར་མོ་བྱེད། སྡུག་བསྔལ་དང་ཡིད་མི་བདེ་བ་མང་ཡང་སྐྱོ་བ་མི་སྐྱེད་པ།། ཚོགས
་འདུ་བ་མང་བ། བས་མཐའ་གནས་མལ་དགོན་པ་དག་སྤངས་པ། ཚོགས་ཀྱི་ནང་དུ་འོང་བ། གྲོང་དང་ཉེ་བའི་མལ་ཆ་དང་། སྟན་ངག་ལ་བརྟེན་ཅིང་དེ་ལ་ཀུན་ཏུ་དགའ་བ་དེ་བཞིན་དུ་སྨྲ་བ་ལ་ཀུན་ཏུ་དགོའ་བ། འདུ་འཛིའི་གཏམ
་ལ་ཀུན་ཏུ་དགའ་བ། འདུ་འཛི་ལ་ཀུན་ཏུ་དགའ་བ། བདག་ཉིད་རབ་ཏུ་འཛིན་པ། བག་མེད་པ། ལུས་མ་བསྒོམས་པ། སེམས་དང་། ཚུལ་ཁྲིམས་དང་། ཤེས་རབ་མ་བསྒོམས་པ། དེ་བཞིན་གཤེགས་པས་གསུངས་པའི
་མདོ་སྡེ་ཆོས་ཟབ་མོ་སྟོང་པ་ཉིད་དང་ལྡན་པ། རྐྱེན་འདི་བ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཐུན་པ་གང་དག་ཡིན་པ་དེ་དག་སྤངས་ནས། སྟན་དངགས་མཁན་གྱིས་བྱས་པ་སྙན་དངགས་ཀྱི་ཡུལ་ཡི་གེ་སྣ་ཚོགས་པ།
་ཚིག་དང་ཡིག་འབྲུ་སྣ་ཚོགས་པ། འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་དང་ལྡན་པ་གང་དག་ཡིན་པ་དེ་དག་གུས་པར་བྱ་སྟེ། ལེན་ཅིང་དེ་ལ་མཆོག་ཏུ་དགའ་བ་སྐྱེད་པ་དམ་པའི་ཆོས་ལྟར་བཅོས
་པའི་ཆོས་དག་ལ་ཆོས་སུ་འདུ་ཤེས་ཤིང་། དེ་ལ་དག་ལ་དགའ་བ་དང་། སྟོན་པ་དང་། རབ་ཏུ་སྟོན་པར་བྱེད་པ། ཆོས་དང་འདུལ་བ་ལ་སྐུ་རེ་བ་འདེབས་པ། ཆོས་དང་འདུལ་བ་སྨྲ་བའི་གང་ཟག་རྣམས་ལ་དགྲར་འདུ་ཤེས་པ།
་ཕལ་ཆེར་ཚུལ་ཁྲིམས་འཚལ་པ། སྡིག་པའི་ཆོས་ཅན་ནང་རུལ་བ། ཉེས་འཛག་ཏུ་གྱུར་པ། ལུང་བོང་ལྟར་ཀུན་ཏུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པར་ཚང་པར་སྤྱོད་པར་ཁས
་འཆི་བ། བསམས་བཞིན་དུ་ལྟུང་བ་ལྕི་བ་དག་མ་སྨྲས་པར་འབྱིན་པ། ལྕི་བ་དག་ཀྱང་ལྷག་མ་མ་ལུས་པར་འབྱིནྡ་ནཱ། འབྲིང་དང་ཡང་བྱ་དགུ་ལྟ་སྨོས་ཀྱང་ཅི་དགོས་པ། ལྟུང་བ་བྱུང་ན་ཡོད་ཕལ་ཆེར་ཆོས་བཞིན་དུ་ཕྱིར་གསོ་བར
་མི་བྱེད་པ། གཞན་གོ་བར་བྱ་བའི་ཕྱིར་འཆགས་ཀྱི། བསོམ་པ་ཐག་པ་ནས་མོ་བྱེད་པ། མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་པོའི་ཁྱིམ་དག་ནན་གྱིས་ཡོངས་སུ་འཛིན་པར་བྱེད་པ། ཁྱིམ་ན་གནོས་པའི་བྱ་བ
་དང་། ཁྱིམ་ན་གནས་པའི་བྱེད་པ་དོན་མེད་པ་དང་ལྡན་པ་དག་ལ་རྩོལ་བ་མང་དུ་བྱེད་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཁྱིམ་པ་གོས་དཀར་བོ་ཅན་རྣམས་ལ་ཆེས་ཤས་ཆེར་བྱམས་པ་དང་། མཛའ་བ་དང་། གུས་པ་དང་།
་སྙིང་བརྩེ་བའི་སེམས་ཉེ་བར་འཇོག་པར་བྱེད་ཀྱི། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ནི་དེ་ལྟ་མི་བྱེད་དོ།། ཚུལ་འཆོས་པ་ལོག་པས་འཚོ་བར་བྱེད་པའི་ཆོས་རྣམས་ཀྱིས་ཤས་ཆེར་གནས་སོ།། གཅིག་ལ་གཅིག་འཁུ་བའི
་སེམས་ཉེ་བར་འཇོག་ཅིང་ཐབ་ཁྲོལ་བྱེད་པ་དང་། མཚང་འབྲུ་བ་དང་། རྩོད་པ་དང་། འགྱེད་པར་བྱེད་དོ།། སྣོད་སྤང་དང་། ཡོ་བྱད་མང་བ་དང་། སྤྱོད་ཚུལ་ཙམ་ལྷུར་ལེན་པར་བྱེད་དོ།། དེ་དག་གིས་གང་དག་རབ་ཏུ་ཕྱུང་བ
་དང་། བསྙེན་པར་རྫོགས་པར་བྱས་པ་དེ་དག་ཐམས་ཅད་ཀྱང་། ཟང་ཟིང་དང་བཅས་པའི་སེམས་ཀྱིས་བསྙེན་པོ་སྐུར་དང་ཡོངས་སུ་སྤྱོད་པའི་ཕྱིར་བྱེད་ལ། ཚིག་ཏུ་ནི་སྙིང་བརྩེ་བའི་ཕྱིར་ཁྱེད་རབ་ཏུ་ང་བྱུང་ངོ་།། བསྙེན་པར
་རྫོགས་པར་བྱའོ་ཞེས་སྒྲོགས་པར་བྱེད་དོ།། དེ་དག་དང་ལྷན་ཅིག་གནས་པ་དང་། སློབ་མ་གང་དག་ཡིན་པ་དེ་ཡང་རྟག་པར་རྒྱུན་ཏུ་བསྙེན་བཀུརརུ་དང་། ཡོངས་སུ་སྤྱད་པས་དེ་དག་གི་སེམས་སྲུང་དུ་འཇུག་གོ། དེ་དག
་དེ་གཡེལ་ནོ་དགའ་བ་དང་།། ཡིད་དུ་འོང་བ་དང་། ཕན་འདོགས་པར་བྱེད་པ། མི་གཡེལ་བ་གཞན་དག་ལྀ་ནི་དེ་ལྟ་མོ་བྱེད་དོ།། དེ་དག་དགེ་སློང་གང་རྨད་གྲགས་ཆེ་བ་ཆོས་གོས་ལ་སོགས་པ་རྙེད་པ་དང
་ལྡན་པ་དེ་ལ་བསྙེན་བཀུར་བྱེད། བླ་མར་བྱེད། རིམ་གྲོ་བྱེད།། མཆོད་པ་བྱེད་ཀྱི། དེ་དག་དགེ་སློང་གང་རྨད་གྲགས་མི་ཆེ་བ་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ལ་ནི་བརྙས་པར་བྱེད།།
་ཁྱང་དུ་གླུ་སོད་པར་བྱེད། གནོད་པ་བྱེད་དོ།། དགེ་འདུན་གྱི་འམ། གང་ཟག་ལོངས་སྤྱོད་ལ་ལོངས་སྤྱོད་པས་འགྱོད་པ་ཆུང་བ་དང་། གང་ཟག་ཚུལ་ཁྲིམས་འཆལ་པ་དགུ་ཡོངས་སུ་སྣད་པ
་དང་། ཕྱོགས་ལ་འཆགས་པར་བྱེད་དོ།། ཁ་ཅིག་ནི་འགྱོད་པ་ཆུང་བ་དང་། འགྱོད་པ་ཧྲ་ཅང་ཆེ་བར་བྱེད་དོ།། ཕལ་ཆེར་གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅུད་པ་དང་། རྙེད་པ་དང་། བསྐུར་སྟིའི་དོན་དུ་ཐོས་པ་འཛིན
་པར་བྱེད་ཀྱི། བདག་ཉིད་དུལ་བར་བྱ་བའི་དོན་དུ་མ་ཡིན་ཏེ། དུས་ཀྱི་མཐའི་ནི་ཉན་ཐོས་རྣམས་ནི་དེ་ལྟར་དེ་ལྟ་བུ་དང་མཐུན་པའི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་ལྡན་པར་འགྱུར་ཏེ། སྟོན་པ་ཡོངས
་སུ་མྱོ་ངན་ལས་འདས་ཤིང་། བསྟན་པ་ནུབ་ཏུ་ཉེ་བའི་ཚེ་ན་ནི་ཕལ་ཆེར་ལུས་ཞིགས་ཏེ་ཤི་བའི་འོག་ཏུ་ཡང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ།། སེམས་ཅན་དམྱལེ་བ་རྣམས་སུ་སྐྱེ་བར་འགྱུར་རོ།།
་ཉན་ཐོས་དུས་བཟང་པོར་སྐྱེས་པ་ནི་དེ་ལས་བཟློག་པ་ཀུན་ནུས་ཉོན་མོངས་པ་མེད་པའི་ཆོས་རྣམས་དང་ལྡན་པར་རིག་པར་བྱ་སྟེ།། སྟོན་པ་མངོན་དུ་གྱུར་ཅིང་བསྟན་པ་ལ་ཆུ་བུར་མ་བྱུང་ལ། དེ
་བཞིན་གཤེགས་པ་གསར་དུ་བྱུང་བའི་དུས་ཀྱི་ཚེ་ན་ནི་ཕོལ་ཆེར་ལུས་ཞིགས་ཏེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། ཁ་ཅིག་ནི་ཡོངས
་སུ་མྱ་ངན་ལས་ཀྱང་འདའོ།། སོ་སོའི་སྐྱེ་བོའི་ཉན་ཐོས་ནི་མིག་མ་ཐོབ་པ་ཞེས་བྱའོ།། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་ནི་མིག་ཐོབ་པ་ཞེས་བྱའོ།།
་དགྲ་བཅོམ་པ་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྣམས་ནི་མིག་རྣམ་པར་དག་པ་ཞེས་བྱའོ།། རོག་པ་གསུམ་དང་ལྡན་པ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དེ་དག་ནི་མཱིག་ཤིན་ཏུ་རྣམ
་བར་དག་པ་ཞེས་བྱའོ།། ཉན་ཐོས་གང་ཡིད་དག་པ་ཇི་ལྟ་བ་བཞིན་དུ་བརྩལ་ཀྱང་།། རྣོ་འདི་ལ་མིའི་ཆོས་ལ་སེ་བླ་མ་མི་འཐོབ་པ་ཡང་སྤོང་ངོ་།། ཉན་ཐོས་གང་ཚེ་འདི་ལ་མིའི་ཆོས
་ལས་བླ་མ་དགེ་སྦྱོང་གི་འབྲས་བུ་འཐོབ་པར་ནུས་ཤིང་མཐུ་ཡོད་ཀྱང་། ཐེག་མེད་པའི་རྒྱུས་མྱི་འཐོབ་པ་ཡང་ཡོད་དོ།། ཟླ་བ་ལྟ་བུའི་མདྨོའི་རྣམ་པར་བཤད་པ་ནི་བཞི་པོ་འདི་དག་ནི་ཉན་ཐོས
་རྣམས་ལ་དད་པར་འགྱུར་བའི་ཆོས་རྣམས་ཡིན་ཏེ། དེ་དག་སྐྱེ་བོའི་ཚོགས་ཀྱིས་མཐོང་ངམ་ཐོས་ན། ལུས་དང་། ངག་དང་། ཡིད་རྣམས་ཀྱིས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ།།
་བཞི་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མཐོ་བ་ཕྲ་རབ་ཙམ་དག
་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ། སློབ་པ་ཞེས་མདོ་ལས་ཇི་སྐད་གསུངས་པ་དེ་ནི་ཆོས་དང་པོ་ཡིན་ནོ།། གཞན་ཡང་འདོད་པ་ཆུང་བ་དང་། ཆོ་ག་ཤེས་པ་ཞེས་བྱ་བ་ནས། ཟག་པ
་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བའི་ཕྱིར་བསྔགས་པ་བརྗོད་པར་བྱེད་ཅེས་གསུངས་པའི་བར་དེ་ནི་ཆོས་གཉིས་པ་ཡིན་ནོ།། གཞན་ཡང་ངེས་པ་དང་། འགྲོགས་ན་བདེ་བ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་མི་འཚེ་བའི་རང
་བཞིན་ཅན་དང་། དགེ་སློང་རྣམས་ཀྱང་དེ་དང་ལྷན་ཅིག་གནས་པར་དགའ་བ་དང་། ཤེས་ནས་དད་པ་བཞི་དང་ལྡན་པ་ཞེས་གསུངས་པ་དེ་ནི་ཆོས་གསུམ་པ་ཡིན་ནོ།། གཞན་ཡང་རྙེད་པ་ལ་ཆགས་པ་མེད་པ་དང་། བཀུར་སྟི་ལ་ཆགས་པ་མེད་པ་དང་།
་གཞན་ལ་སྙིང་བརྩེ་བ་དང་། དགེ་བ་མི་སྤྱོམས་པ་དང་། སྡིག་པ་འཆགས་པ་དང་། ཡང་དག་པའི་ཡོན་ཏན་ཡོད་པ་དེ་དག་གིས་དེ་གཞན་དག་གིས་བདག་ལ་འདི་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ཡིན་ནོ།། ཞེས་ཤེས་པར་གྱུར་ན་ཅི་མ་རུང་སྙམ་དུ
་གཞན་ལས་ཤེས་ཀྱི་ཁེ་ཡོངས་སུ་མི་ཚོལ་བ་ཞེས་གསུངས་པ་ནི། ཆོས་བཞི་པ་ཡིན་ནོ།། ཉན་ཐོས་ཁྱིམ་རྣམས་སུ་འགྲོ་བར་འདོད་པས་ནི་ཉེ་བའི་ཉོན་མོངས་པ་གསུམ་སྤངས་པ་ཁྱིམ་རྣམས་སུ་འགྲོ་བར་བྱའོ།། གསུམ་གང་ཞེ་ན། མཛའ
་བཤེས་ཀྱི་ཁྱིམ་ཡོངས་སུ་འཛིན་པ་དང་། ཁྱིམ་ལ་སེར་སྣ་བྱེད་པ་དང་། ཟང་ཟིང་དང་བཅས་པའི་སེམས་ཀྱིས་ཆོས་སྦྱིན་པའོ།། དེ་ལ་ཉན་ཐོས་ནི་རྣམ་པ་དྲུག་གིས་མཛའ་བཤེས་ཀྱི་ཁྱིམ་ཡོངས་སུ་འཛིན་པའི་ཉེ་བའི་ཉོན་མོངས་པ་སྤངས་ནས
་ཁྱིམ་དུ་འགྲོ་བར་བྱེད་དེ། རེས་འགའ་འགྲོ་ཞིང་ཡང་དང་ཡང་དུ་མ་ཡིན་པ་དང་། ཆགས་པར་འགྱུར་པའི་དངོས་པོ་ལ་ཚུལ་བཞིན་མ་ཡིན་པས་མཚན་མར་གཟུང་བ་ལས་འདོད་ཆགས་སྐྱེས་པས་ངོ་ཚ་བ་དང་། ལོག་པས་ཆོས་གོས་ལ་སོགས
་པ་སྤོང་ཞིང་ཡོངས་སུ་ཚོལ་བ་ལས་བརྩམས་ནས་སྤྱི་རྟོལ་མེད་པ་དང་། མུ་ཅོར་མི་སྨྲ་བ་དང་། ཐུགས་ཐུབ་མི་བྱེད་པ་དང་། ལེགས་པར་བསྡམས་པ་དང་། ལུས་ལེགས་པར་སྤས་པ་དང་། ལུས་ཀྱི་རེག་པར་བྱ་བ་མ་ཡིན་པ་ལ་མི་རེག་པ
་དང་། འཇུག་པར་བྱ་བ་མ་ཡིན་པ་ལ་མི་འཇུག་པ་དང་། བཟའ་བར་བྱ་བ་མ་ཡིན་པ་མི་ཟ་བ་དང་། བཏུང་བར་བྱ་བ་མ་ཡིན་པ་མི་འཐུང་བ་དང་། བླང་བར་བྱ་བ་མ་ཡིན་པ་མི་ལེན་པ་དང་། དབེན་པ་ལ་གཞོལ་བ་དང་། དབེན་པ་ལ་འབབ་པ་དང་། དབེན
་པ་ལ་བབ་པའི་སེམས་ཀྱིས་དགེ་བ་རྣམ་པར་བརྟག་པ་ཁོ་ན་ལ་རྣམ་པར་རྟོག་པར་བྱེད་པ་དང་། རི་ཁྲོད་དང་། གཅོང་རོང་གི་གནས་ལྟ་བུའི་ཁྱིམ་མ་དད་པ་རྣམས་དད་པར་བྱ་བ་དང་། ཁྲོན་པ་རྙིང་པའི་གནས་ལྟ་བུའི་ཁྱིམ་དད་པ་རྣམས་ཕྱིར
་ཞིང་འཕེལ་བར་བྱ་བའི་ཕྱིར་འགྲོ་བར་བྱེད་དོ།། རྣམ་པ་དྲུག་ཁོ་ནས་ཁྱིམ་ལ་སེར་སྣ་བྱེད་པའི་ཉེ་བའི་ཉོན་མོངས་པ་སྤངས་ནས་ཁྱིམ་དུ་འགོ་བར་བྱེད་དེ། ཁྱིམ་དུ་སོན་པ་ན་སེམས་ཅན་གྱི་དངོས་པོ་ལ་ཆགས་པ་མེད་ཅིང་ལྷག་པར་ཆགས་པ
་མེད་པ་དང་། སེམས་ཅན་གྱི་དངོས་པོ་ལ་ཇི་ལྟ་བ་བཞིན་དུ་རྙེད་པའི་དངོས་པོ་དང་། བཀུར་སྟིའི་དངོས་པོ་ལ་ཡང་དེ་བཞིན་པ་དང་། མ་རྙེད་པས་སྡུག་བསྔལ་བར་མི་འགྱུར་ཞིང་། ཡིད་མི་བདེ་བར་མི་འགྱུར་བ་དང་། མ་རྙེད་པ་ལ་ཇི་ལྟ་བ་བཞིན
་དུ་བཀུར་སྟི་མེད་པ་ལ་ཡང་དེ་བཞིན་པ་དང་། བདག་དང་གཞན་གྱི་རྙེད་པ་ལ་སེམས་སྙོམས་པས། བདག་གི་རྙེད་པ་དང་། བཀུར་སྟིའི་ཕྱིར་བདག་གི་བསྔགས་པ་མི་བརྗོད་པ་དང་། གཞན་དག་གི་རྙེད་པ་དང་། བཀུར་སྟིའི་བར་ཆད
་བྱ་བའི་ཕྱིར་བསྔགས་པ་མ་ཡིན་པ་མི་བརྗོད་པར་འགྲོ་བའོ།། རྣམ་པ་དྲུག་ཁོ་ནས་ཟང་ཟིང་དང་བཅས་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པའི་ཉེ་བའི་ཉོན་མོངས་པ་སྤངས་ནས་ཁྱིམ་དུ་འགྲོ་སྟེ། དད་པར་གྱུར་ནས་ལྷག་པར་བྱེད་པར་རེ་བ་མེད་ཅིང་། ངེས
་པར་འབྱུང་བ་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་འགྲོ་བ་དང་། གཞན་དག་ལ་རྣམ་པ་གསུམ་གྱིས་དགེ་བོའི་ཆོས་བསམ་པ་ཉེ་བར་གཞག་ནས་འགྲོ་བར་བྱེད་དེ། གསུམ་གང་ཞེ་ན། བདེ་བ་ཉེ་བར་བསྒྲུབ་པ་དང་། སྡུག་བསྔལ
་བསལ་བ་དང་། གུས་པར་བྱས་ཏེ་ཉན་པ་དང་། འཛིན་པ་དང་ཆོས་ཀྱི་རྗེསུ་མཐུན་པའི་ཆོས་སྒྲུབ་པར་འདོད་པ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པ་རྣམས་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱ་བ་དང་། གྲོལ་བའི
་བདག་ཉིད་ཀྱི་ཆོས་ཀྱི་ཆོས་ཉིད་བཟང་པོ་ཁོ་ན་ལས་བརྟེན་ནས་མདོ་སྡེ་དང་། འདུལ་བ་དང་། མ་མོར་གཏོགས་པ་བརྡར་བཏགས་པའི་ཆོས་འཛིན་པར་འདོད་པའམ། ཀློག་པར་འདོད་པ་རྣམས་ལ་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར
་སྟོན་པར་བྱེད་པའོ།། དེ་ལ་ཉེ་བའི་ཉོན་མོངས་པ་དང་པོར་སྤངས་པས་ནི་མ་འདྲེས་པར་གནས་པར་འགྱུར་རོ།། གཉིས་པ་སྤངས་པས་ནི་ཟང་ཟིང་གི་ལོངས་སྤྱོད་ལེགས་པར་འཐོབ་པར་མི་འགྱུར་རོ།། གསུམ་པ་སྤངས་པས་ནི་ཆོས་ཀྱི་ལོངས
་སྤྱོད་ལགས་པར་འཐོབ་པར་འགྱུར་རོ།། བྱཱ་ཙ་ཀའི་མདོའི་རྣམ་པར་བཤད་པ་ནཱི་ཉན་ཐོས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱུང་བ་ལ་བརྩོན་པས་ནི་མདོར་བསྡུ་ན་གནས་གསུམ་ཡོངས་སུ་ཤེས་པར་བྱ་སྟེ། ཀུན་ནས་ཉོན་མོངས་པ
་དང་། རྣམ་པར་བྱང་བའི་གནས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གནས་ལས་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་ནས་ཉོན་མོངས་པ་ཀུན་ནས་ཉོན་མོངས་པ་ལས་ཡོངས་སུ་ཤེས་པར་བྱ་བ་དང་། རྣམ་པར་བྱང་བ་རྣམ་པར
་བ་ལས་ཡོངས་སུ་ཤེས་པར་བྱའོ།། དེ་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གནས་གང་ཞེ་ན། ལུས་འདི་ནི་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ཞེས་རྒྱས་པར་མདོ་ལས་གསུངས་པ་གང་ཡིན་པ་སྟེ།
་དོ་ནི་བྱིས་པ་མི་མཁས་པ་མ་རིག་པ་དང་ལྡན་པ་རྣམས་ཀྱི་ནི་ཀུན་ནས་ཉོན་མོངས་པའི་གནས་ཡིན་ནོ།། འཛངས་པ་མཁས་པ་རིག་པ་དང་ལྡན་པ་རྣམས་ཀྱི་ནི་རྣམ་པར་བྱུང་བའི་གནས་ཡིན་ནོ།། ཀུན་ནས་ཉོན་མོངས་པ་གང་ཞེ་ན། འདི་ལྟ
་སྟེ། བྱིས་པས་དགེ་བ་དང་། མི་དགེ་བ་བྱས་པའི་ཕྱིར་སྔར་རྗེས་སུ་བརྟགས་ཤིང་བསམས་ནས། ཕྱིས་ལུས་དང་། ངག་དང་སེམས་ཀྱིས་དགེ་བ་དང་མི་དགེ་བ་བྱེད་པས། འགྲོ་བ་ལྔའི་འཁོར་བར་ལུས་འདོད་པ་དང་། མི་འདོད་པ་གནོད་པ་དང
་བཅས་པ་དང་། གནོད་པ་མེད་པ་མངོན་པར་འགྲུབ་པར་བྱེད་པའོ།། རྣམ་པར་བྱང་བ་གང་ཞེ་ན། བསླབ་པ་གཉིས་ནི་རྣམ་པར་བྱང་བའི་ཕྱོགས་ལ་གཙོ་བོ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་བསླབ་པ་གཅིག་ནི་དེ་བཞིན་ཉིད་ཀྱི་ཤེས་པའི
་རྟེན་གྱི་བྱ་བ་བྱེད་ལ། ཅིག་ཤོས་ནི་ཉོན་མོངས་པ་དང་འབྲལ་བར་བྱེད་པའི་ཕྱིར་རོ།། རྣམ་པར་བྱང་བ་དེ་ཡང་མདོར་བསྡུ་ན། རྒྱུ་ལྔས་རབ་ཏུ་ཕྱེ་བ་ཡིན་ཏེ། རྒྱུ་ལྔ་གང་ཞེ་ན། སྟོན་པ་དང་། སྒྲུབ་པ་པོ་དང་། སྒྲུབ་པ་དང་། ལྷག་པའི
་སེམས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཉེ་བའི་ཉོན་མོངས་པ་སྤོང་བ་དང་། ལྷག་པའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཉེ་བའི་ཉོན་མོངས་པ་སྤོང་བས་སོ།། དེ་ལ་སྟོན་པ་ནི་དེ་བཞིན་གཤེགས་པའོ།། སྒྲུབ་པ་པོ་ནི་ཉན་ཐོས་དབང་པོ་ཡོངས་སུ
་སྦྱིན་པའོ།། དེ་ནི་ཤིན་ཏུ་ཡིད་གཞུངས་པ་ཡང་ཡིན་ནོ།། སྒྲུབ་པ་ནི་དབེན་པ་ཤེས་པས་བསྡུས་པའི་ཤེས་རབ་སྟེ། དེ་ནི་ཉོན་མོངས་པ་སྤོང་བའི་གཉེན་པོ་བླ་ན་མེད་པ་ཡིན་པའི་ཕྱིར་རོ།། ཆོས་བཞི་ནི་ལྷག་པའི་སེམས་ཀྱི་མི་མཐུན་པའི
་གས་ཀྱི་ཉེ་བའི་ཉོན་མོངས་པ་ཞེས་བྱ་སྟེ། རབ་ཏུ་དབེན་པ་ན་གནས་པའི་སྒྲིབ་པ་དང་། གདམས་ངག་དང་། རྗེས་སུ་བསྟན་པ་མི་བཟོད་པའི་ཁྲོ་བ་དང་། འཁྲུག་པ་དང་། རྙེད་པ་དང་། བཀུར་སྟི་ལ་ལྷག་པར་ཆགས་པའི་ཕྲག་དོག་དང་། སེར་སྣ
་དང་། སྔོན་སྤྱད་དེ་མྱོང་བའི་ཡུལ་རྣམས་རྗེས་སུ་དྲན་པའི་ཀུན་ཏུ་རྟོག་པའི་འདོད་ཆགས་བསླབ་པ་གཏོང་བ་དང་རྗེས་སུ་མཐུན་པའོ།། ལྷག་པའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཉེ་བའི་ཉོན་མོངས་པའི་ཕྱོགས་ནི་གསུམ་སྟེ། དང་པོ་ཁོ་ནུར་བརྡའི
་ཚུལ་གྱི་ཆོས་ཀྱི་དོན་མ་རྟོགས་པའི་མ་རིག་པ་དང་། ཆོས་ཀྱི་དོན་རྟོགས་ཀྱང་སོ་སོའི་སྐྱེ་བོར་གྱུར་པས་བདེན་པ་རྣམས་ལ་སོམ་ཉི་དང་། ཡིད་གཉིས་དང་། ཐེ་ཚོམ་མ་སྤངས་པ་གང་ཡིན་པ་དང་། སློབ་པ་བཞི་མཐོང་བའི་བསྒོམ་པའི་ལམ
་གྱིས་བསྡུས་པའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ངའོ་སྙམ་པའི་ང་རྒྱལ་ལོ།། ཉེ་བའི་ཉོན་མོངས་པ་དེ་དག་སྤངས་པས། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་རྣམ་པར་དག་པས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་འཐོབ
་པར་རིག་པར་བྱ་སྟེ། དགྲ་བཅོམ་པ་ཉིད་དེ་ནི་རྣམ་པར་བྱང་བའི་མཆོག་ཡིན་པར་བལྟ་བར་བྱའོ།། ཉན་ཐོས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གནས་དེ་ཡང་མདོར་བསྡུ་ན། རྒྱུ་གསུམ་གྱིས་ཡོངས་སུ་ཤེས་པར་བྱ་སྟེ། ངོ་བོ
་ཉིད་དང་། རྒྱུ་དང་། ཉེས་དམིགས་ཀྱིས་སོ།། མིའི་ལུས་འདིའི་ངོ་བོ་ཉིད་ནི་མཚན་ཉིད་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། གཟུགས་ཅན་གྱིས་ནི་དེ་ལས་གཞན་པའི་ལུས་ཐམས་ཅད་སྤྱིའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ།། རགས་པས་ནི་སོ་སོ
་རང་གི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། མི་གསལ་བ་ཉིད་ཀྱིས་ལྷའི་ལུས་དང་མི་འདྲ་བའི་ཕྱིར་རོ།། དེའི་རྒྱུ་ཡང་རྣམ་པ་གསུམ་སྟེ། ལུས་ཀྱི་སྤྱིའི་མཚན་ཉིད་ཀྱི་རྒྱུ་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་བཞི་པ་དག་གོ།། མིའི་ལུས་དེའི་སོ་སོའི་རང
་གི་མཚན་ཉིད་ཀྱི་རྒྱུ་ནི་རྣམ་པ་གཉིས་ཏེ། མ་སྐྱེས་པ་སྐྱེ་བའི་རྒྱུ་ནི་འདི་ལྟ་སྟེ། ཕ་མྲའི་མི་གཙང་བ་མེར་མེར་པོའོ།། སྐྱེས་པ་གནས་པའི་རྒྱུ་ནི་འདི་ལྟ་སྟེ། འབྲས་ཆན་དང་། ཟིན་དྲོན་ལ་སོགས་པས་རྒྱས་པའོ།། དེའི་ཉེས་དམིགས་ཀྱང་རྣམ་པ་གཉིས
་ཏེ། སྡུག་བསྔལ་བ་ཉིད་དང་། མི་རྟག་པ་ཉིད་དོ།། དེ་ལ་སྡུག་བསྔལ་བ་ཉིད་གྲང་བའི་ཚེ་ན། གྲང་བའི་སྡུག་བསྔལ་གྱི་གཉེན་པོ་གོས་ཀྱིས་གཉེན་པོ་དང་བཅས་པ་དང་། ཚ་བའི་ཚེ་ན་ཚ་བའི་སྡུག་བསྔལ་གྱི་གཉེན་པོ་ཁྲུས་ཀྱིས་གཉེན་པོ་དང་བཅས
་པ་དང་། ལམ་དང་ལས་ཀྱི་མཐས་ཡོངས་སུ་ངལ་བའི་ཚེ་ན། ཡོངས་སུ་ངལ་བའི་སྡུག་བསྔལ་གྱི་གཉེན་པོ་དང་བཅས་པས་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱའོ།། མི་རྟག་པ་ཉིད་ནི་ལག་པ་དང་། བོང་པོ་དང་། དབྱུག་པའི
་འདུས་ཏེ་རེག་པ་དག་གིས་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་དང་། མཚོན་ཆའི་འདུས་ཏེ་རེག་པ་དག་གིས་ཆོད་པའི་ཆོས་ཅན་ཡིན་པའི་ཕྱིར་དང་། འཆི་བའི་དུས་བྱས་པ་ནི་དོང་དུ་གཞུག་པའམ། མེར་བསྲེག་པའམ། དུད་འགྲོའི་སྐྱེས་གནས་སུ
་སྐྱེས་པའི་སྲོག་ཆགས་རྣམ་པ་སྣ་ཚོགས་དག་གིས་ཀུན་ཏུ་བཟའ་བའི་ཕྱིར་དང་། དེ་ཉིད་ནི་ཉི་མ་དང་། རླུང་གིས་ཡོངས་སུ་སྐམ་པར་འགྱུར་བའི་ཕྱིར་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར་མི་རྟག་པ་ཉིད
་ཡིན་པར་རིག་པར་བྱའོ།། དེ་ལ་འདུས་པ་རྣམ་པར་འབྲལ་བ་ནི་རྣམ་པར་འཐོར་བ་ཡིན་ནོ།། རྣམ་པར་འཐོར་བ་ཉིད་གྱུར་ནས། མཐར་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་བྲལ་བ་ནི་རྣམ་པར་འཇིག་པ་ཡིན་ནོ།། དམིགས་པའི་སེམས
་ལས་བརྩམས་ནས། མིང་གིས་ཐམས་ཅད་ཟིལ་གྱིས་གནོན།། མིང་ལས་ལྷག་པ་ཡོད་མ་ཡིན།། མིང་ཆོས་གཅིག་གི་དབང་རྗེས་སུ།། ཐམས་ཅད་འགྲོ་བ་ཁོ་ནར་འགྱུར། ཞེས་གང་གསུངས་པའི་ཚིག་དེའི་དོན་གང་ཞེ་ན། སྨྲས་པ། མདོར
་བསྡུ་ན་རྣམ་པར་བྱང་བའི་རྒྱུ་བརྟག་པ་དང་། རང་གི་མཚན་ཉིད་བརྟག་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་བརྟག་པས་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་དེ་ཡོངས་སུ་བསྟན་པ་ཡིན་ནོ།། དེ་ལ་གང་ཟག་བདག་མེད་པ
་ལས་ནི་མིང་གི་ཕུང་པོ་བཞི་པ་དག་ཡོངས་སུ་ཤེས་པས། རང་གི་ཡུལ་གྱི་མཚན་མ་ཐམས་ཅད་སྤངས་པས། ཟིལ་གྱིས་གནོན་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་ཆོས་ལ་བདག་མེད་པར་ཡོངས་སུ་ཤེས་པ་ལས་ནི་ཐ་སྙད་ལས་བྱུང་བའི་མིང་ཡོངས་སུ
་ཤེས་པས། དེ་ལ་རྟེན་གྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་ཏོ།། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་དག་ལས་ལོགས་ཤིག་ན་བདག་གི་མཚན་ཉིད་ཀྱི་དངོས་པོ་མི་དམིགས་ལ་ཐ་སྙད་ལས་བྱུང་བའི་མིང་ལུས་ལོགས་ཤིག་ན
་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དངོས་པོ་ཡང་མི་དམིག་སོ།། དྲ་གཉིས་ག་ཡོངས་སུ་མ་ཤེས་ན་ཡུལ་གྱི་མཚན་མ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀུན་ནས་ལྡང་བ་དང་། རྗེས་སུ་འཇུག་པར་འགྱུར་ཏེ། ཡུལ་གྱི་མཚན་མའི་ཀུན
་ནས་ཉོན་མོངས་པ་ཐམས་ཅད་ནི་དེའི་དབང་གིས་འབྱུང་བ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལས་དགོངས་ནས། ཆོས་ཀྱི་ངོ་བོ་ཉིད་དུ་འཛིན་པ་ལས་ནི་བདག་ཏུ་འཛིན་པ་འབྱུང་བར་འགྱུར་ལ། དེ་རྟོགས་པས་ནི་དེ་ཡང
་རྟོགས་པར་འགྱུར་རོ།། དེ་རྟོགས་ན་དེ་ཡང་ལྡོག་པར་འགྱུར་རོ་ཞེས་གསུངས་སོ།། །། བམ་པོ་ཉི་ཤུ་རྩ་དྲུག་པ།། བཅོམ་ལྡན་འདས་ཀྱིས་ཉན་ཐཱཾ་ས་རྣམས་ཀྱི་ཉོན་མོངས་པ་རྣམ་པ་སྦྱོང་བའི་དམིགས་པ
་ནི་བདེན་པ་བཞི་པོ་འདི་དག་ཡིན་པར་གསུངས་ཏེ། སྡུག་བསྔལ་ལ་སོགས་པ་སྔ་མ་བཞིན་ནོ།། གལ་ཏེ་བདེན་པ་ཡང་དག་པ་ཉིད་ཡིན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཡིན་ན་དེ་ལྟར་ན་ཕྱི་རོལ་པ་རྣམས་ཀྱི་ལྟ་བའི་རྣམ་པ་ལོག་པར
་མོས་པ་གང་དག་ཡིན་པ་དང་། ལོག་པར་སྨྲ་བ་གང་དག་ཡིན་པ་དེ་དག་ཡང་དག་པ་མ་ཡིན་པ་དང་། དེ་ཁོ་ན་མ་ཡིན་པ་དང་། ལོག་པ་དང་། ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་པས་དེ་དག་ཇི་ལྟར་ན་བདེན་པས་བསྡུས་པ་ཡིན
་པར་རིག་པར་བྱ། གལ་ཏེ་མ་བསྡུས་ན་ནི་དེས་ན་དེ་དག་ཕྱི་མ་ལ་ཡང་འབྱུང་བ་མངོན་པར་འགྲུབ་པར་བྱེད་པ། སྡུག་བསྔལ་གྱི་རྒྱུར་གྱུར་པས་མི་འགྱུར་རོ་ཞེ་ནི། འདི་ལྟར་དེ་དག་ནི་ཡང་དག་པ་མ་ཡིན་པ་དང་། དེ་ཁོ་ན་མ་ཡིན་པ་དང་། ལོག་པ
་དང་། ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་མོད་ཀྱི་འོན་ཀྱང་དེ་དག་ནི་སྡུག་བསྔལ་དང་། ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་པ་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ལོག་པ་ཉིད་ཀྱིས་བསྡུས་པ་ཡིན་མོད་ཀྱི། འོན་ཀྱང་ལོག་པ
་ཉིད་ཀྱི་མཚན་ཉིད་དེ་ཁོ་ནས་དེ་དག་ནི་སྡུག་བསྔལ་གྱི་བདག་ཉིད་དང་། སྡུག་བསྔལ་གྱི་རྒྱུ་ཡིན་པས་ཡང་དག་པ་དང་། དེ་ཁོ་ན་དང་མ་ལོག་པ་དང་། ཕྱིན་ཅི་ལོག་ཏུ་མ་གྱུར་པ་ཡིན་ནོ།། མི་རྟག་པའི་དོན་ནི་རྣམ་པ་གཉིས་ཀྱིས་རིག་པར
་བྱ་སྟེ། འདི་ལྟ་སྟེ། ཐེག་པ་ཆེན་པོའི་ཚུལ་དང་། ཉན་ཐོས་ཀྱི་ཐེག་པའི་ཚུལ་ལས་བརྩམས་ནས། མེད་པའི་དོན་དང་། མཚན་མ་རྣམ་པར་འཇིག་པའི་དོན་གྱིས་སོ།། སྡུག་བསྔལ་གྱི་དོན་ཡང་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། མེད་པ་ལ
་མངོན་པར་ཞེན་པའི་བག་ཆགས་ཀྱི་གནས་ངན་ལེན་གྱི་དོན་དང་། ཚོར་བ་རྣམ་པ་གསུམ་དང་། རྗེས་སུ་འབྲེལ་པའི་སྐྱེ་བ་ལ་སོགས་པའི་མཚན་མ་འབྱུང་བའི་དོན་གྱིས་སོ།། སྟོང་པའི་དོན་ཀྱང་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། གང
་ཟག་གི་ངོ་བོ་ཉིད་དང་བྲལ་བའི་མཚན་མའི་དོན་དང་། ཆོས་ཀྱི་ངོ་བོ་ཉིད་དང་བྲལ་བའི་མཚན་མའི་དོན་གྱིས་སོ།། བདག་མེད་པའི་དོན་ཀྱང་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། འདི་ལྟ་སྟེ། ཐེག་པ་ཆེན་པོའི་ཚུལ་དང་། ཉན་ཐོས་ཐེག་པའི་ཚུལ
་ལས་བརྩམས་ནས། ཆོས་ཀྱི་ངོ་བོ་ཉིད་ལ་བདག་མེད་པའི་མཚན་མའི་དོན་དང་། གང་ཟག་གི་ངོ་བོ་ཉིད་ལ་བདག་མེད་པའི་མཚན་མའི་དོན་གྱིས་སོ།། བསྟན་པ་ནི་རྣམ་པ་གཉིས་ཏེ། མི་རྟག་པར་བསྟན་པ་དང་། ཐོགས་པ་མེད་པར་བསྟན
་པའོ།། རྟོགས་པ་ཡང་རྣམ་པ་གཉིས་ཏེ། འདུས་བྱས་ཀྱི་ཁམས་རྟོགས་པ་དང་། འདུས་མ་བྱས་ཀྱི་ཁམས་རྟོགས་པའོ།། གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ནི་རྒྱུ་ལྔས་རིག་པར་བྱ་སྟེ། ཡོངས་སུ་འཛིན་པ་ལས་ཀྱང་ཡིན་ཏེ།
་འདུ་བྱེད་མི་རྟག་པ་རྣམས་ཀྱི་གནས་ངན་ལེན་ཡོངས་སུ་འཛིན་པའི་ཕྱིར་རོ།། ཆོས་ཉིད་ལུས་ཀྱང་ཡིན་ཏེ། སྐྱེ་བ་ལ་སོགས་པ་སྡུག་བསྔལ་གྱི་ཆོས་ཉིད་ཡིན་པའི་ཕྱིརརོ།། རྗེས་སུ་འབྲེལ་པོ་ལས་ཀྱང་ཡིན་ཏེ། སྡུག་བསྔལ་གསུམ་དང
་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་རོ།། རྒྱུ་ལས་ཀྱང་ཡིན་ཏེ། རྨོངས་པའི་སྤྱོད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། མངོན་པར་ཞེན་པ་ལས་ཀྱང་ཡིན་ཏེ། ཕྱིན་ཅི་ལོག་ཏུ་དམིགས་པའི་གཞི་ཉིད་ཡིན་པའི་ཕྱིར་རོ།། གང་སྡུག་བསྔལ་བ་དེ་ནི་བདག
་མེད་པའོ་ཞེས་བྱ་བ་ཡང་རྒྱུ་ལྔས་རིག་པར་བྱ་སྟེ། འདུ་བྱེད་སྡུག་བསྔལ་བདག་ལས་དེ་དོན་གཞན་དུ་གྱུར་པར་མི་དམིགས་པའི་ཕྱིར་དང་། དེ་དག་གི་རྐྱེན་གཞན་གྱི་དབང་ཉིད་ཡིན་པའི་ཕྱིར་དང་། གཡོ་བ་མེད་པ་ཉིད་ཀྱི་ཕྱིར་དང་། ཟད
་པ་དང་སྐྱེ་བའི་རྒྱུན་གྱི་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར་དང་། ཕན་ཚུན་གཞན་གྱི་དབང་ཉིད་ཡིན་པའི་ཕྱིར་རོ།། གང་སྡུག་བསྔལ་བ་དེ་ཐམས་ཅད་མི་འདོད་པ་དང་། མི་སྡུག་པ་དང་། སྡུག་བསྔལ་བ་དང་། གནོད་པ་དང
་མི་མཐུན་པ་ཡིན་ལ། མི་འདོད་པ་དང་། མི་སྡུག་པ་དང་། སྡུག་བསྔལ་བ་དང་། གནོད་པ་དང་། མི་མཐུན་པ་གང་ཡིན་པ་དེ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་བདེན་པ་ཡིན་ནམ་ཞེ་ན། རེ་ཞིག་མི་འདོད་པ་དང་། མི་སྡུག་པ་དང་། སྡུག་བསྔལ་བ
་དང་། གནོད་པ་དང་། མི་མཐུན་པ་གང་ཡིན་པ་དེ་སྡུག་བསྔལ་གྱི་བདེན་པ་ཡང་ཡིན་པར་བལྟ་བར་བྱའོ།། སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཡིན་ལ་དེ་ལ་མི་འདོད་པ་དང་། མི་སྡུག་པ་ནས་རྒྱས་པར་མི་མཐུན་པའི་བར་མ་ཡིན་པ
་ཡང་ཡོད་དེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་བསྡུས་པའི་འདུ་བྱེད་རྣམས་མ་གཏོགས་པ། དེ་ལས་གཞན་པ་འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་བསྡུས་པའི་འདུ་བྱེད་རྣམས་སོ།། བཅོམ
་ལྡན་འདས་ཀྱིས་སྡུག་བསྔལ་གྱི་བདེན་པ་ནི་སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་ཞེས་བྱ་བ་ནས་རྒྱས་པར་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བྱ་བའི་བར་གྱི་རྣམ་པ་བརྒྱད་ཀྱིས་རྣམ་པར་དབྱེ་བ་མཛད་པ
་དེ་ལ་རྣམ་པ་དུ་དག་གིས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ལ། དུ་དག་གིས་ནི་འགྱུར་བའི་སྡུག་བསྔལ་ཉིད་ཡོངས་སུ་བསྟན། དུ་དག་གིས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཅེ་ན། དང་པོ་ལྔས་ནི
་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ།། བར་མ་གཉིས་ཀྱིས་ནི་འགྱུར་བའི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏེ། སྡུག་པ་དང་བྲལ་བས་ནི་སྡུག་པ་དང་ཕྲད་པར་འགྱུར་ལ། འདོད་པས་ཕོངས་པས་ནི་མ་ཐོབ་པ་ཉིད་ཀྱིས
་འགྱུར་བའི་ཕྱིར་རོ།། ཐ་མ་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཅེས་བྱ་བ་གཅིག་པུས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ།། གང་མི་རྟག་པ་དེ་ན་སྡུག་བསྔལ་ཡང་ཡིན་ལ། གང་སྡུག་བསྔལ་བ་དེ་ཡང
་མི་རྟག་པ་ཡིན་ནམ་ཞེ་ན། རེ་ཞིག་སྡུག་བསྔལ་བ་གང་ཡིན་པ་དེ་མི་རྟག་པའང་ཡིན་མོད་ཀྱི། མི་རྟག་པ་ཡིན་ལ་སྡུག་བསྔལ་བ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། ལམ་གྱི་བདེན་པའོ།། འདི་ལྟར་ལམ་ནི་སྡུག་བསྔལ་གྱི་ཚོར
་བས་བསྡུས་པ་ཡང་མ་ཡིན་ལ། ལམ་ནི་འགྱུར་བ་ཡང་མ་ཡིན་ན། འགྱུར་བས་སྡུག་བསྔལ་བསྐྱེད་པར་ལྟ་ག་ལ་འགྱུར་བ་དང་། ལམ་ནི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་ལས་རྣམ་པར་གྲོལ་བ
་དང་། སྐྱེ་བའི་རྒྱུན་ཐམས་ཅད་མི་མཐུན་པ་ཡིན་པས། དེས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡང་མ་ཡིན་པའི་ཕྱིར་རོ།། གང་མི་རྟག་པ་དང་། སྡུག་བསྔལ་བ་དེ་ཐམས་ཅད་སྟོང་པ་དང་བདག་མེད་པ་ཡིན་ནམ
་ཞེ་ན། དེ་ལྟ་ཡིན་ནོ་ཞེས་བརྗོད་པར་བྱའོ།། སྟོང་པ་དང་། བདག་མེད་པ་གང་ཡིན་པ་དེ་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་ཡིན་ནམ་ཞེ་ན། དེ་ལ་ཀུན་འབྱུང་བའི་བདེན་པ་ནི་རྣམ་པ་བཞི་ཆར་རོ།། ལམ་གྱི་བདེན་པ་ཡང་རྣམ
་པ་གསུམ་མོ།། འགོག་པའི་བདེན་པ་རྣམ་པ་གཉིས་ཏེ། མི་རྟག་པ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ནོ།། མི་རྟག་པ་དང་སྡུག་བསྔལ་བ་གང་ཡིན་པ་དེ་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་བ
་ཡིན་ནམ་ཞེ་ན། མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་བ་ཡང་ཡོད། རང་བཞིན་གྱིས་སྡུག་བསྔལ་བ་ཡང་ཡོད་དེ། འདུ་བྱེད་གང་དག་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དེ་དག་ནི་མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ
་བ་ཡིན་ནོ།། གང་དག་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དེ་དག་ནི་རང་བཞིན་གྱིས་སྡུག་བསྔལ་བ་ཡིན་ཏེ། གནོད་པའི་བདག་ཉིད་ཡིན་པ་དང་། སྡུག་བསྔལ་བར་གནས་པ་ཡིན
་པའི་ཕྱིར་རོ།། སྡུག་བསྔལ་གྱི་བདེན་པ་གང་ཡིན་པ་དེ་ཀུན་འབྱུང་བའི་བདེན་པ་ཡང་ཡིན་ནམ། ཀུན་འབྱུང་བའི་བདེན་པ་གང་ཡིན་པ་དེ་ཡང་སྡུག་བསྔལ་གྱི་བདེན་པ་ཡིན་ནམ་ཞེ་ན། རེ་ཞིག་ཀུན་འབྱུང་བའི་བདེན་པ་གང་ཡིན་པ
་དེ་ནི་སྡུག་བསྔལ་གྱི་བདེན་པ་ཡང་ཡིན་མོད་ཀྱི། སྡུག་བསྔལ་གྱི་བདེན་པ་ཡིན་ལ་ཀུན་འབྱུང་བའི་བདེན་པ་མ་ཡིན་པ་ཡང་ཡོད་དེ། དགྲ་བཅོམ་པའི་རྒྱུད་རྣམ་པར་དག་པ་ལས་བྱུང་བ་འཇིག་རྟེན་པའི་ཆོས་དགེ་བ་དང་། ལུང་དུ་མ
་བསྟན་བ་ཐམས་ཅད་དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་ལུང་དུ་མ་བསྟན་པའི་ཆོས་འབྲས་བུར་གྱུར་པ་རྣམ་པར་སྨིན་པར་བསྡུས་པ་ཐམས་ཅད་དང་། དེ་ལྟར་བྱུང་བ་སྐྱེས་བུའི་བྱེད་པ་ལས་སྐྱེས་པ་བདེ་བ་དང་། སྡུག་བསྔལ་བ
་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པའི་འདུ་བྱེད་ལུང་དུ་མ་བསྟན་པ་ཐམས་ཅད་དེ། དེ་ལྟར་འདུ་བྱེད་དེ་དག་ཐམས་ཅད་ནི་སྡུག་བསྔལ་གྱི་བདེན་པ་ཁོ་ནས་བསྡུས་པ་ཡིན་པར་བལྟ་བར་བྱའོ།། འཇིག་རྟེན་པའི
་ཆོས་གང་དག་ཡང་འབྱུང་བའི་སྲིད་པ་སུན་འབྱིན་ཅིང་། དེ་ལ་མི་ཕྱོགས་པ་འཇིག་རྟེན་ལས་འདས་པའི་ལམ་བསྐྱེད་པར་བྱེད་པ་དེ་དག་ཅིའི་ཕྱིར་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་ཞེ་ན། དེ་དག་ནི་ངོ་བོ་ཉིད་ཀྱིས་ཡང་འབྱུང་བའི
་སྲིད་པ་ལས་མི་ཕྱོགས་པ་ཡིན་མོད་ཀྱི། འོན་ཀྱང་ཡང་འབྱུང་བ་པའི་ལུས་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་དང་། རྗེས་སུ་མཐུན་པ་ཡིན་པས་དེའི་ཕྱིར་དེ་དག་ཀྱང་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་པར་རིག་པར
་བྱའོ།། གང་གི་ཚེ་ཡང་འབྱུང་བ་པའི་ལས་དང་ཉོན་མོངས་པ་ཐམས་ཅད་མཚན་ཉིད་ལས་ཀུན་འབྱུང་བའི་བདེན་པ་ཡིན་པའི་ཚེ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་སྲེད་པ་ཁོ་ན་གདགས་པ་མཛད་ཅེ་ན། སྲིད་པ་དེ་ནི་ཉེ་བར་ལེན་པ་ཀུན
་ནས་སློང་བར་བྱེད་པ་དང་། ལས་ཀུན་ནས་སློང་བར་བྱེད་པ་དང་། དངོས་པོ་ལ་ཁྱད་པར་བྱེད་པ་ཡང་ཡིན་ལ། དེ་སྐྱེ་བ་ན་གནོད་པ་རྣམ་པ་བཅོ་ལྔ་རྒྱས་པར་བྱེད་པ་ཡང་ཡིན་པའི་ཕྱིར་རོ།། དེ་ལ་ཇི་ལྟར་ཡང་འབྱུང་བ་པ་ཡིན་པ་དང་། དགའ
་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བ་ཡང་ཡིན་པ་དེ་ལྟར་དངོས་པོ་ལ་ཁྱབ་པར་བྱེད་པ་ཞེས་བྱའོ།། དེ་ལ་ཡང་འབྱུང་བ་པའི་སྲིད་པ་ནི་རྣམ་པ་གཉིས་ཏེ། ཡང་འབྱུང་བ་ལ་དམིགས་པ་དང་། ཡང་འབྱུང་བའི་རྒྱུར
་གྱུར་པའོ།། དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་ནི་ཡུལ་ཡིད་དུ་འོང་བ་ཐོབ་པ་དག་ལ་ཡོངས་སུ་ལོངས་སྤྱོད་པ་འམ། མི་འབྲལ་ཞིང་ཡུན་རིང་དུ་གནས་པ་ཉིད་དུ་སྲེད་པ་གང་ཡིན་པའོ།། དེ་དང་དེར་མངོན་པར་དགའ
་བ་ནི་ཡུལ་མ་ཐོབ་པ་འདོད་པ་དག་དང་ཕྲད་པའམ། ཕྱིར་ཞིང་འབྱུང་བར་སྲེད་པ་གང་ཡིན་པའོ།། སྲེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཡང་འབྱུང་བ་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བ་ཡིན་ཞེ་ན།
་མུ་བཞི་སྟེ། སྲེད་པ་ཡིན་ལ་ཡང་འབྱུང་བ་པ་ཡང་མ་ཡིན། དགའ་བའི་འདོད་ཆགས་དང་ལྡན་པ་ཡང་མ་ཡིན། དེ་དང་དེར་མངོན་པར་དགའ་བ་ཡང་མ་ཡིན་པ་ཡང་ཡོད་དེ། གོང་མའི་རྣམ་པར་ཐར་པ་ལ་འདོད་ཅིང་སྨོན་པ་གང་ཡིན་པའོ།། ཡང
་འབྱུང་བ་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བ་ཡིན་ལ། སྲེད་པ་མ་ཡིན་པ་ཡང་ཡོད་དེ། ཡང་འབྱུང་བ་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བའི་སྲེད་པ་དེ
་དང་། དེ་ལས་གཞན་པའི་ཉོན་མོངས་པ་རྣམས་དང་མཚུངས་པར་ལྡན་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། མ་རིག་པའོ།། སྲེད་པ་དེ་ཉིད་རྣམ་པ་གསུམ་ཡིན་པ་ནི་མུ་གསུམ་པའོ།། རྣམ་པ་དེ་དག་མ་གཏོགས་པ་ནི་མུ་བཞི་པ
་ཡིན་པར་བལྟ་བར་བྱའོ།། ཡང་འབྱུང་བ་པའི་སྲེད་པ་གང་ཡིན་པ་དེ་དགའ་བའི་འདོད་ཆགས་དང་ལྡན་པ་ཡང་ཡིན་ལ། དགའ་བའི་འདོད་ཆགས་དང་ལྡན་པ་གང་ཡིན་པ་དེ་ཡང་འབྱུང་བ་པ་ཡིན་ནམ་ཞེ་ན། རེ་ཞིག་དགའ་བའི་འདོད་ཆགས
་དང་ལྡན་པ་གང་ཡིན་པ་དེ་ནི་ཡང་འབྱུང་བ་པ་ཡང་ཡིན་མོད་ཀྱི། ཡང་འབྱུང་བ་པ་ཡིན་ལ་དགའ་བའི་འདོད་ཆགས་དང་ལྡན་པ་མ་ཡིན་པ་ཡང་ཡོད་དེ། ཉོན་མོངས་པ་ཅན་དང་། ཡིད་མི་བདེ་བ་དང་ལྡན་པའི་སྲེད་པ་དང་། འབྲལ་བར་སྲེད་པ་དང་།
་མི་ཕྲད་པར་སྲེད་པ་གང་ཡིན་པའོ།། ཡང་འབྱུང་བ་པའི་སྲེད་པ་གང་ཡིན་པ་དེ་དེ་དང་དེར་མངོན་པར་དགའ་བ་ཡང་ཡིན་ལ་དེ་དང་དེར་མངོན་པར་དགའ་བ་གང་ཡིན་པ་དེ་ཡང་། ཡང་འབྱུང་བ་པ་ཡིན་ནམ་ཞེ་ན། རེ་ཞིག་དེ་དང་དེར་མངོན་པར
་དགའ་བ་གང་ཡིན་པ་དེ་ནི་ཡང་འབྱུང་བ་པ་ཡིན་མོད་ཀྱི་ཡང་འབྱུང་བ་པ་ཡིན་ལ་དེ་དང་དེར་མངོན་པར་དགའ་བ་མ་ཡིན་པ་ཡང་ཡོད་དེ། ཡང་འབྱུང་བ་ལ་དམིགས་པ་གང་ཡིན་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ
་གང་ཡིན་པའོ།། དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་གང་ཡིན་པ་དེ། དེ་དང་དེར་མངོན་པར་དགའ་བ་ཡང་ཡིན་ལ་དེ་དང་དེར་མངོན་པར་དགའ་བ་གང་ཡིན་པ་དེ་ཡང་། དགའ་བའི་འདོད་ཆགས་དང་ལྡན་པ་ཡང་ཡིན་ནམ
་ཞེ་ན། མུ་བཞི་སྟེ། ཡུལ་ཡིད་དུ་འོང་བ་ཐོབ་པ་དག་ལེ་ཡོངས་སུ་སྤྱོད་པར་སྲེད་པ་ནི་མུ་དང་པོའོ།། ཡིད་དུ་འོང་བ་མ་འོངས་པ་ཐོབ་པར་མ་ངེས་པ་དེ་དག་ཉིད་ལ་སྲེད་པ་ནི་མུ་གཉིས་པའོ།། དེ་དག་ཉིད་འཐོབ་པར་ངེས་པ་དག་ལ་སྲེད་པ་ནི
་མུ་གསུམ་པའོ།། རྣམ་པ་དེ་དག་མ་གཏོགས་པ་ནི་མུ་བཞི་པ་ཡིན་པར་བལྟ་བར་བྱའོ།། གང་འདོད་པ་དང་ལྡན་པའི་ཚོར་བ་དང་ལྡན་པ་དེ་གཟུགས་དང་ལྡན་པའི་ཚོར་བ་དང་ལྡན་པ་ཡིན་ལ། གང་གཟུགས་དང་ལྡན་པའི་ཚོར་བ
་དང་ལྡན་པ་དེ་ཡང་འདོད་པ་དང་ལྡན་པའི་ཚོར་བ་དང་ལྡན་པ་ཡིན་ནམ་ཞེ་ན། མུ་བཞི་སྟེ། འདོད་པ་དང་ལྡན་པའི་ཚོར་བ་དང་ལྡན་ལ་གཟུགས་དང་ལྡན་པའི་ཚོར་བ་དང་མི་ལྡན་པ་ཡོད་དེ། འདོད་པའི་ཁམས་སུ་སྐྱེས་ཤིང
་བྱུང་བ་དེའི་གཉེན་པོ་གཟུགས་ན་སྤྱོད་པ་མྱ་ཐོབ་པའོ།། གཟུགས་དང་ལྡན་པའི་ཚོར་བ་དང་ལྡན་ལ། འདོད་པ་དང་ལྡན་པའི་ཚོར་བ་དང་མི་ལྡན་པ་ཡང་ཡོད་དེ། གཟུགས་ཀྱི་ཁམས་སུ་སྐྱེས་ཤིང་འབྱུང་བའོ།། འདོད་པ་དང་ལྡན་པའི་ཚོར་བ་དང
་ཡང་ལྡན་ལ། གཟུགས་དང་ལྡན་པའི་ཚོར་བ་དང་ལྡན་པ་ཡང་ཡོད་དེ། འདོད་པའི་ཁམས་སུ་སྐྱེས་ཤིང་བྱུང་བ་དེའི་གཉེན་པོ་གཟུགས་ན་སྤྱོད་པ་ཐོབ་པའོ།། གཉི་ག་དང་མི་ལྡན་པ་ཡང་ཡོད་དེ། གཟུགས་མེད་པའི་ཁམས་སུ་སྐྱེས་པ་དང་།
་འཕགས་པ་བྱ་བ་བྱས་པ་འཇིག་རྟེན་ལས་འདས་པའི་ལ་གནས་པ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དག་ཏུ་སྐྱེས་ཤིང་བྱུང་བ་དང་། འགོག་པ་ལ་སྙོམས་པར་ཞུགས་པའོ།། འདོད་པ་དང་ལྡན་པ་དང་། གཟུགས་དང་ལྡན་པའི
་ཚོར་བའི་མུ་བཞི་ཇི་ལྟ་བ་དེ་བཞིན་དུ། འདོད་པ་དང་ལྡན་པ་དང་། གཟུགས་མེད་པ་དང་ལྡན་པའི་ཚོར་བ་དང་། འདོད་པ་དང་ལྡན་པ་དང་། ལྡན་པ་མ་ཡིན་པའི་ཚོར་བ་དང་། གཟུགས་མེད་པ་དང་ལྡན་པའི་ཚོར་བ་དང་། གཟུགས་དང་ལྡན་པ་དང
་ལྡན་པ་མ་ཡིན་པའི་ཚོར་བ་དང་། གཟུགས་མེད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པའི་ཚོར་བའི་མུ་བཞི་ཡང་ཅི་རིགས་པར་རིག་པར་བྱའོ།། འདོད་པའི་ཡོན་ཏན་གང་དག་ཡིན་པ་དེ་དག་ཉེས་དམིགས་ཀྱི་སྐྱོན་དང་ལྡན་པའི་འདོད་པ་ངག་ཀྱང་ཡིན
་ལ། ཉེས་དམིགས་ཀྱི་སྐྱོན་དང་ལྡན་པའི་འདོད་པ་གང་དག་ཡིན་པ་དེ་དག་ཀྱང་འདོད་པའི་ཡོན་ཏན་དག་ཡིན་ནམ་ཞེ་ན། སྨྲས་པ། མུ་བཞིས་ཏེ། འདོད་པའི་ཡོན་ཏན་ཡིན་ལ་ཉེས་དམིགས་ཀྱི་སྐྱོན་དང་ལྡན་པའི་འདོད་པ་མ་ཡིན་པ་དག་ཀྱང
་ཡོད་དེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་གང་དག་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་ཀུན་ཏུ་སྤྱོད་ནུས་པའི་འཚོ་བ་དང་། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོབ་མེད་པ་དང་། བདེ་བ་ལ་རེག་པར་གནས་པ་ཉིད་ཀྱིས
་ཚངས་པར་སྤྱོད་པ་ལ་ཕན་པ་དང་། ལམ་གྱི་ཚོགས་དང་། དགེ་བ་ཉེ་བར་སྩོགས་པའི་ཕྱིར་འཇུག་པར་འགྱུར་བ་དག་གོ།། ཉེས་དམིགས་ཀྱི་སྐྱོན་དང་ལྡན་པ་ངག་ཡིན་ལ། འདོད་པའི་ཡོན་ཏན་མ་ཡིན་པ་དག་ཀྱང་ཡོད་དེ། གཟུགས
་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་གང་དག་གཅིག་ཏུ་མི་འདོད་པ་ཉིད་དང་། མི་སྡུག་པ་ཉིད་དང་། མི་དགའ་བ་ཉིད་དང་། ཡིད་དུ་མི་འོང་བ་ཉིད་ཀྱི་ཕྱིར་འཇུག་པར་འགྱུར་བ་རྣམས་དང་། ཉོན་མོངས་པའི་འདོད་པ་གང་དག་ཡིན་པ
་རྣམས་སོ།། ཉེས་དམིགས་ཀྱི་སྐྱོན་དང་ལྡན་པ་ཡང་ཡིན་ལ་འདོད་པའི་ཡོན་ཏན་ཡང་ཡིན་པ་དག་ཀྱང་ཡོད་དེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་གང་དགེ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་ཀུན་ཏུ་སྤྱོད་མི་ནུས
་ལ། འདོད་པ་ཉིད་དང་། སྡུག་པ་ཉིད་དང་། དགའ་བ་ཉིད་དང་། ཡིད་དུ་འོང་བ་ཉིད་དུ་འགྱུར་བའོ།། འདོད་པའི་ཡོན་ཏན་ཡང་མ་ཡིན་ལ། ཉེས་དམིགས་ཀྱི་སྐྱོན་དང་ལྡན་པའི་འདོད་པ་མ་ཡིན་པ་དག་ཀྱང་ཡོད་དེ། གཟུགས་དང་། གཟུགས་མེད
་པ་དང་ལྡན་པའི་ཉོན་མོངས་པ་དང་། གཞི་ཐམས་ཅད་དོ།། བཅོམ་ལྡན་འདས་ཀྱིས་ཉེས་དམིགས་ཀྱི་སྐྱོན་དང་ལྡན་པའི་འདོད་པའི་ཡོན་ཏན་ལས་དགོངས་ནས། ཀུན་རྟོག་འདོད་ཆགས་སྐྱེས་བུའི་འདོད་པ་ཡིན་ཞེས
་གསུངས་སོ།། སྲེད་པ་གསུམ་པོ་དེ་དག་ཀྱང་མདོར་བསྡུ་ན། རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། དང་པོ་ནི་སྲིད་པའི་སྲེད་པའོ།། གཉིས་ནི་ལོངས་སྤྱོད་ཀྱི་སྲེད་པའོ་དེ་ལ་ལོངས་སྤྱོད་ཀྱི་སྲེད་པ་ནི་སྲིད་པ་གཉིས་ཏེ། ལོངས་སྤྱོད་ཐོབ་པ་དང་། མ་ཐོབ
་པའི་གནས་ཀྱི་བྱེ་བྲག་གིས་སོ།། སྲེད་པ་དེ་དག་ཀྱང་ཁམས་ཀྱི་རབ་ཏུ་དབྱེ་བས་ནི་རྣམ་པ་གསུམ་དུ་འགྱུར་ཏེ་འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲེད་པའོ།། འདོད་པའི་ཁམས་སུ་སྐྱེས་པ་འདོད་པ་ན་སྤྱོད
་པའི་ཡང་འབྱུང་བ་མངོན་པར་འདོད་པ་དང་། ལོངས་སྤྱོད་འཐོབ་པ་དག་གིས་དགའ་བ་དང་། མ་ཐོབ་པ་དག་ལ་མངོན་པར་དགའ་བའི་སྲེད་པ་གང་ཡིན་པ་དེ་ནི་འདོད་པའི་སྲེད་པ་ཡིན་ནོ།། འདོད་པའི་ཁམས་སུ་སྐྱེས་པ་འམ། གཟུགས་ཀྱི
་ཁམས་སུ་སྐྱེས་འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བའི། གཟུགས་ན་སྤྱོད་པའི་ཡང་འབྱུང་བ་མངོན་པར་འདོད་པ་དང་། གཟུགས་ཀྱི་སྙོམས་པར་འཇུག་པ་ཐོབ་པས་དགའ་བ་དང་། སྙོམས་པར་འཇུག་པའི་ཁྱད་པར་གཞན་དག
་འཐོབ་པ་ལ་མངོན་པར་དགའ་བའི་སྲེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྲེད་པོ་ཡིན་ནོ།། གཟུགས་ཀྱི་སྲེད་པ་ཇི་ལྟ་བ་བཞིན་དུ། གཟུགས་མེད་པའི་སྲེད་པ་ཡང་ཅི་རིགས་པར་རིག་པར་བྱའོ།། ཡང་འབྱུང་བ་པའི་སྲེད་པ་དེ་ཉིད་རྟག་པ
་དང་ཆད་པར་ལྟ་བ་ལ་བརྟན་ནས་འབྱུང་བར་སྲེད་པ་དང་། འཇིག་པར་སྲེད་པར་འགྱུར་བས།། དེའི་ཕྱིར་སྲེད་པ་དེ་ནི་དངོས་པོ་ལ་ཁྱབ་པར་བྱེད་པ་ཞེས་བྱའོ།། ཇི་ལྟར་ན་སྲེད་པ་སྐྱེ་བ་ན་གནོད་པ་རྣམ་པ་བཅོ་ལྔ་རྒྱས་པར་བྱེད་ཅེ་ན། བག
་ལ་ཉལ་བརྟན་པར་བྱེད་པ་དང་། ཀུན་ནས་དཀྲིས་པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། སེམས་ཀྱི་རྒྱུད་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་འཇུག་པར་བྱེད་པ་དང་། ཉེ་བར་ལེན་པས
་བསྡུས་པ་དེ་ལས་གཞན་པའི་ཉོན་མོངས་པ་རྣམས་འདྲེན་པར་བྱེད་པ་དང་། རང་གི་རྒྱུན་གནས་པར་བྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བ་དང་མཐུན་པར་འགྱུར་བ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས
་འཕེལ་ཞིང་རྒྱས་པ་དང་མཐུན་པར་འགྱུར་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བའི་བར་ཆད་བྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་ཕྱིར་ཞིང་འབྱུང་བ་དང་། འཕེལ་ཞིང་རྒྱས་པར་འགྱུར་བའི
་བར་ཆད་བྱེད་པ་དང་། ཉེས་པར་སྤྱོད་པ་ཀུན་ཏུ་སྤྱོད་པས་ངན་སོང་བའི་སྡུག་བསྔལ་དང་། ཀུན་ཏུ་སྦྱོར་བར་བྱེད་པ་དང་། ཡང་འབྱུང་བར་འདོད་པས་སྐྱེ་བ་དང་། རྒ་བ་དང་། ན་བའི་སྡུག་བསྔལ་དང་ཀུན་ཏུ་སྦྱོར་བར་བྱེད་པ་དང་། མྱ་ངན་ལས
་འདས་པ་ལི་སྐྲག་པར་བྱེད་པ་དང་། འཁོར་བ་ལ་ཡོན་ཏན་དང་ཕན་ཡོན་དུ་ལོག་པར་འཛིན་པས་དགའ་བར་བྱེད་པ་དང་། འཁོར་བ་ལ་ཇི་ལྟ་བ་བཞིན་དུ་ཡུལ་རྣམས་ལ་ཡང་དེ་བཞིན་པ་དང་། བདག་ལ་གནོད་པ་དང་། གཞན་ལ་གནོད་པའི
་ཕྱིར་སེམས་པར་བྱེད་པ་ནས་རྒྱས་པར་དེ་དང་འབྱུང་བའི་སེམས་ལས་བྱུང་བའི་ཡིད་མི་བདེ་བ་སོ་སོར་མྱོང་བར་བྱེད་དོ་ཞེས་བྱ་བའི་བར་དུ་མདོ་ལས་ཇི་སྐད་གསུངས་པ་བཞིན་ནོ།། འདུ་བྱེད་ཉེ་བར་ཞི་བ་གང་ཡིན་པ་དེ
་ག་པའི་བདེན་པ་ཡང་ཡིན་ལ། འགོག་པའི་བདེན་པ་གང་ཡིན་པ་དེ་ཡང་འདུ་བྱེད་ཉེ་བར་ཞི་བ་ཡིན་ནམ་ཞེ་ན། རེ་ཞིག་འགོག་པའི་བདེན་པ་གང་ཡིན་པ་དེ་འདུ་བྱེད་ཉེ་བར་ཞི་བ་ཡང་ཡིན་མོད་ཀྱི་འདུ་བྱེད་ཉེ་བར་ཞི་བ་ཡིན་ལ། དེ་འགོག་པའི
་བདེན་པ་མ་ཡིན་པ་ཡང་ཡོད་དེ། མི་རྟག་པ་ཉིད་ཀྱིས་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པས་འདུ་བྱེད་རྣམས་ཉེ་བར་ཞི་བ་གང་ཡིན་པའོ།། ཆོས་གང་དག་འགོག་པས་འགོག་པའི་བདེན་པ་ཞེས་བྱ་ཞེ་ན། མདོར་བསྡུ།
་ན་གཉིས་ཀྱིས་ཏེ། ཉོན་མོངས་པ་འགོག་པ་དང་། ཕུང་པོ་འགོག་པས་སོ།། ཉོན་མོངས་པ་འགོག་པས་ནི་ཕུང་པོའི་ལྷག་མ་དང་བཅས་པའི་འགོག་པའི་བདེན་པ་བསྟན་ལ། ཕུང་པོ་འགོག་པས་ནི་ཕུང་པོའི་ལྷག་མ་མེད་པའི་འགོག་པའི་བདེན
་པ་བསྟན་ཏོ།། གལ་ཏེ་འགོག་པའི་བདེན་པ་སྔོན་མ་བྱུང་བ་ལས་བྱུང་བ་ཡིན་ན། ཇི་ལྟར་རྟག་པ་ཡིན་པར་འགྱུར། གལ་ཏེ་དུས་རྟག་པ་ཁོ་ནར་ཡོད་པ་ཡིན་ན་ནི་ཅིའི་ཕྱིར་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་མ་འདས་ཤེ་ན། འགོག
་པའི་བདེན་པ་ནི་འཇུག་པ་མེད་པའི་མཚན་ཉིད་དང་། རྒྱུ་བ་མེད་པའི་མཚན་ཉིད་ཡིན་པས་དེ་ལ་ནི་སྔོན་མ་བྱུང་བ་ལས་ཕྱིས་འབྱུང་བར་འགྱུར་བ་ཅི་ཡང་མེད་དེ། གང་ལ་འབྱུང་བ་དང་། འཇིག་པ་མེད་པ་དེ་ནི་རྟག་པ་ཡིན་ནོ།། འགོག་པའི
་བདེན་པ་དེ་རྟག་པ་ཡིན་ཡང་གང་དག་གིས་གནས་ངན་ལེན་ཐམས་ཅད་རྒྱུན་བཅད་པས་མངོན་དུ་བྱས་པ་དེ་དག་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ལ། གང་དག་གིས་མངོན་དུ་མ་བྱས་པ་དེ་དག་ནི་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡིན་ནོ།། །
་འགོག་པའི་བདེན་པ་ཡོད་ན་སེམས་ཅན་རྣམས་ཀྱི་མྱ་ངན་ལས་འདས་པོ་ནི་དེ་མངོན་དུ་བྱས་པས་རབ་ཏུ་ཕྱེ་བ་ཡིན་གྱི། བསྐྱེད་པས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ།། ཉེས་པ་བཞི་རྣམ་པར་སྤངས་པས་འགོག་པའི་བདེན་པའི་ལན་འདེབས་པ་ནི་ཡང
་དག་པར་ལྡན་འདེབས་པ་ཡིན་པར་རིག་པར་བྱ་སྟེ། སྒྲོ་འདོགས་པའི་ཉེས་པ་དང་། རང་གི་མཚན་ཉིད་ལོག་པར་ཡོངས་སུ་རྟོག་པའི་ཉེས་པ་དང་། མཚན་ཉིད་འདྲེས་པའི་ཉེས་པ་དང་། སྐུར་པ་འདེབས་པའི་ཉེས་པ་རྣམ་པར་སྦྱངས་པས་སོ།། །
་དེ་ལ་འདུ་བྱེད་རྣམས་ཟད་པ་ལས་ལོགས་ཤིག་ན་འགོག་པ་ཡོད་དོ་ཅེས་ཟེར་བ་ནི་སྒྲོ་འདོགས་པའི་ཉེས་པ་ཡིན་ནོ།། ལོགས་ཤིག་ན་མེད་དོ་ཅེས་ཟེར་བ་ནི་རང་གི་མཚན་ཉིད་ལོག་པར་ཡོངས་སུ་རྟོག་པའི་ཉེས་པ་ཡིན་ནོ།། ལོགས་ཤིག་ན
་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་ཟེར་བ་ནི་མཚན་ཉིད་འདྲེས་པའི་ཉེས་པ་ཡིན་ནོ།། ལོགས་ཤིག་ན་ཡོད་པ་ཡང་མ་ཡིན་པ་ཡང་མ་ཡིན་ཞེས་ཟེར་བ་ནི་སྐུར་པ་འདེབས་པའི་ཉེས་པ་ཡིན་ནོ།། གང་གི་ཚེ་འཇིག་རྟེན་ལས་འདས་པའི
་ཕུང་པོ་ལྔ་པོ་ཐམས་ཅད་ལམ་གྱིས་བསྡུས་པ་ཡིན་པའི་ཚེ། ཅིའི་ཕྱིར་ཡང་དག་པའི་ལྟ་བ་སྔོན་དུ་བཏང་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལམ་གྱི་བདེན་པ་ཞེས་བྱ་ཞེ་ན། བསླབ་པ་གསུམ་གྱི་དབང་དུ་བྱས་པའི་ཕྱིར
་ཏེ། སློབ་པ་ནི་འདི་ལྟར་དུས་དུས་སུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཡང་སློབ་པར་བྱེད་ཅིང་། དུས་དུས་སུ་ལྷག་པའི་སེམས་ཀྱི་བསླབ་པ་ལ་ཡང་སློབ་པར་བྱེད། དུས་དུས་སུ་ལྷག་པའི་ཤེས་རབ་ཀྱི་བསླབ་པ
་ལ་ཡང་སློབ་པར་བྱེད་ལ། ཕུང་པོ་གསུམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་པས། དེའི་ཕྱིར་ལམ་གྱི་བདེན་པ་ཅེས་བྱའོ།། ཅིའི་ཕྱིར་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དག་ཚུལ་ཁྲིམས་ཀྱི་ཕུང་པོར་རྣམ
་པར་གཞག་ཅེ་ན། སྨྲས་པ། ཡང་དག་པའི་ཆོས་ཀྱི་ལོངས་སྤྱོད་དང་། ཟང་ཟིང་གི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའི་རྒྱུ་གཉིས་ཀྱིས་ཏེ། ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ་ནི་རྩ་བའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་ནི
་ཆོས་ཀྱི་ལོངས་སྤྱོད་ཐམས་ཅད་ཀྱི་གཞི་ཡིན་པས་ཡང་དག་པའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའོ།། ཡང་དག་པའི་འཚོ་བ་ནི་ཚུལ་འཆོས་ལ་སོགས་པ་ལོག་པས་འཚོ་བར་བྱེད་པའི་ཆོས་རྣམས་ལ་མི་རྟེན་པར་ཆོས་གོས་ལ
་སོགས་པ་ཡོངས་སུ་ཚོལ་བའི་རྩ་བ་ཡིན་ཞིང་གཞི་ཡིན་པས་ཡང་དག་པའི་ཟང་ཟིང་གི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའོ།། བཅོམ་ལྡན་འདས་ཀྱིས་གང་དུ་ཡིད་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་དག་པ་ལྷག་པར་གསུངས་པ་དེར་ནི
་འདོད་ཆགས་ལ་སོགས་པ་ལ་བརྟེན་ནས་འཆལ་པའི་ཚུལ་ཁྲིམས་ཀྱི་ཕྱིར་སེམས་པ་གང་ཡིན་པ་དང་། ཚུལ་འཆོས་པ་ལ་སོགས་པ་ལ་བརྟེན་ནས་ཆོས་གོས་ལ་སོགས་པ་ཡོངས་སུ་ཚོལ་བའི་སེམས་པ་གང་ཡིན་པ་དེ་ནི་ཡིད
་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པ་ཉིད་ཡིན་པར་རིག་པར་བྱའོ།། ཅིའི་ཕྱིར་ཡང་དག་པའི་ལྟ་བ་གང་ཡིན་པ་དང་། ཡང་དག་པའི་རྟོག་པ་གང་ཡིན་པ་དང་། ཡང་དག་པའི་རྩོལ་བ་གང་ཡིན་པ་དེ་དག་ཤེས་རབ་ཀྱི་ཕུང་པོ་ཞེས་བྱ་ཅེ་ན། ཤེས་རབ
་ཀྱི་ལས་ནི་མདོར་བསྡུ་ན་རྣམ་པ་གསུམ་ཡོད་ལ། དེ་དག་ནི་ཆོས་གསུམ་པོ་འདི་དག་གིས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཏེ། ཆོས་ཀྱི་དེ་ཁོ་ནའི་དོན་རྟོགས་པར་བྱེད་པ་ནི་ལས་དང་པོ་ཡིན་ནོ།། དེ་ཁོ་ནའི་དོན་རྟོགས་ནས་དེ་ཁོ་ནའི
་དོན་དེ་ཉིད་གཞན་དག་ལ་བརྗོད་པ་དང་འདོད་པ་དང་། འཛེག་པ་དང་། རྣམ་པར་འབྱེད་པ་དང་། རྣམ་པར་འགྲེལ་པ་དང་། གསལ་བར་བྱེད་པ་ནི་ལས་གཉིས་པ་ཡིན་ནོ།། ཀུན་ཏུ་སྦྱོར་བ་ལྷག་མ་རྣམས་སྤངས་པའི་ཕྱིར་ཆོས་ཀྱི་རྗེས་སུ
་མཐུན་པའི་ཆོས་སྒྲུབ་པར་བྱེད་པ་ནི་ལས་གསུམ་པ་ཡིན་ཏེ། ལས་དེ་དག་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པཱ་དང་། ཡང་དག་པའི་རྩོལ་བ་དག་གིས་གོ་རིམས་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ།། ཅིའི
་ཕྱིར་ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གྱི་ཕུང་པོ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པ་གཉིས་ཀྱིས་ཏེ། ངོ་བོ་ཉིད་དང་། རྟེན་གྱིས་སོ།། ཏིང་ངེ་འཛིན་ནི་ངོ་བོ་ཉིད་ཡིན་ནོ།། དྲིན་པ་ནི་རྒྱུ་བཞིས་ཏིང་ངེ་འཛིན་གྱི་རྟེན་གྱི་བྱ
་བ་བྱེད་པ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་སེམས་དམིགས་པོ་ལ་ཉེ་བར་གཏོང་བར་བྱེད་པ་དང་། དབང་པོའི་སྒོ་བསྡམ་པ་དང་། ཤེས་བཞིན་དུ་གནས་པ་དང་། དགའ་བའི་གནས་ལྟ་བུའི་དྲན་པ་ཡིད་ལ་བྱ་བ་ལ་ཏིང་ངེ་འཛིན་གྱི
་རྗེས་སུ་མཐུན་པ་དང་། སྒྲིབ་པའི་གཉེན་པ་མི་སྡུག་པ་ལ་སོགས་པ་ཡིད་ལ་བྱེད་པ་དག་ལ་ལམ་ལ་སྒྲིབ་པ་སྤོང་བ་དང་། རབ་ཏུ་དབེན་པའི་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་རྟག་ཏུ་བྱེད
་པ་དང་གུས་པར་བྱེད་པའི་སྦྱོར་བ་དག་ལ་མཚན་མ་ཡིད་ལ་བྱེད་པས་ལན་མང་དུ་བྱེད་པ་སྟེ། དེའི་ཕྱིར་དྲན་པ་ནི་ཏིང་ངེ་འཛིན་གྱི་རྟེན་ཡིན་ནོ།། དེ་ལ་ཡང་དག་པའི་ལྟ་བ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཅིག་ཏུ་བལྟ་བར་བྱ་སྟེ།
་ནང་དུ་ལྟ་བ་དང་། འབྲས་དང་ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པ་ཉིད་དང་། ཀུན་ཏུ་སྦྱོར་བར་བྱེད་པ་དང་། བྲལ་བ་དང་། འབྲལ་བར་བྱེད་པར་བལྟ་བའོ།། དེ་ལ
་འདུ་བྱེད་རྣམ་པ་བཞི་པོ་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང་ལྡན་པ་རྣམས་དང་། ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པ་རྣམས་དང་། རོ་མྱང་བ་དང་ལྡན་པ་རྣམས་དང་། ཉེས་དམིགས་དང་ལྡན་པ་རྣམས་ལ་ནི་ཡང་དག
་བའི་ལྟ་བ་བཞི་པོ་ནང་དང་འབྲས་དང་། ཟུག་རྔུ་དང་། སྡིག་པར་ལྟ་བ་དག་གོ་རིམས་བཞིན་དུ་རིག་པར་བྱའོ།། འདུ་བྱེད་རྣམས་ལ་འབྱུང་བ་དང་འཇིག་པར་ལྟ་བ་ནི་མི་རྟག་པ་ཉིད་དུ་ལྟ་བ་ཡིན་ནོ།། སྡུག་བསྔལ་གསུམ་དང་རྗེས་སུ
་འབྲེལ་པར་ལྟ་བ་ནི་སྡུག་བསྔལ་ཉིད་དུ་ལྟ་བ་ཡིན་ནོ།། དེ་ལས་གཞན་པ་བདག་དང་བདག་གི་དང་བྲལ་བ་ནི་སྟོང་པ་ཉིད་དུ་ལྟ་བ་ཡིན་ནོ།། འདུ་བྱེད་དེ་དག་ཉིད་ལ་བདག་དང་བདག་གི་མཚན་ཉིད་མེད་པར་ལྟ་བ་ནི་བདག་མེད་པ་ཉིད་དུ་ལྟ་བ
་ཡིན་ཏེ། དེ་ལྟར་འདི་ནི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་ཡང་དག་པའི་ལྟ་བ་ཡིན་ནོ།། ཀུན་འབྱུང་བའི་བདེན་པ་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་ཏུ་ལྟ་བ་གང་ཡིན་པ་དེ་ནི་ཀུན་ཏུ་སྦྱོར་བར་བྱེད་པར་ལྟ་བ་ཞེས་བྱ
་སྟེ། འདི་ལྟར་ཀུན་འབྱུང་བའི་བདེན་པ་ནི་སྡུག་བསྔལ་གྱི་བདེན་པ་ཀུན་ནས་ཉོན་མོངས་པ་དང་། ཀུན་ཏུ་སྦྱོར་བར་བྱེད་པ་ཡིན་པའི་ཕྱིར་རོ།། འགོག་པའི་བདེན་པ་ལ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པ་རོ་འབྱུང་བར་ལྟ་བ
་གང་ཡིན་པ་དེ་ནི་བྲལ་བར་ལྟ་བ་ཞེས་བྱ་སྟེ། འདི་ལྟར་འགོག་པའི་བདེན་པ་ནི་ཉོན་མོངས་པ་དང་། ཕུང་པོ་ཐམས་ཅད་དང་བྲལ་པོས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ།། ལམ་གྱི་བདེན་པ་ལ་ལམ་དང་། རིགས་པ་དང་། བསྒྲུབ་པ་དང་། ངེས
་པར་འབྱིན་པར་ལྟ་བ་གང་ཡིན་པ་དེ་ནི་འབྲེལ་བར་བྱེད་པ་ལྟ་བ་ཞེས་བྱ་སྟེ། འདི་ལྟར་ལམ་གྱི་བདེན་པ་ནི་འབྲལ་བར་བྱ་བའི་ཕྱིར་འགྲོ་བ་ཡིན་པའི་ཕྱིར་རོ།། གང་གི་ཚེ་སྔར་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག
་མེད་པར་ལྟ་བ་སྐྱེ་ལ། ཕྱིས་ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པར་ལྟ་བ་སྐྱེ་བར་འགྱུར་བའི་ཚེ་ཅིའི་ཕྱིར་སྔར་ན་ལ་སོགས་པ་སྟོན་ཅེ་ན། སྨྲས་པ། གང་ཟག་ལམ་ཐོབ་པ་ལས་དགོངས་ནས་ནད་ལ་སོགས་པ་སྔར་སྟོན་ཏེ། འདི
་ལྟར་སློབ་པ་པོ་ལམ་མཐོང་བ་ནི་ལྷག་པའི་བསམ་པས་ཕུང་པོ་རྣམས་ལ་སྡིག་པའི་བར་དུ་ལྟ་ལ། དེ་ལྟར་ལྟེ་བ་དེའི་ཀུན་ཏུ་སྦྱོར་བ་ལྷག་མ་རྣམས་སྤང་བའི་ཕྱིར། གོང་དུ་མི་རྟག་པར་ལྟ་བ་དང་། བདག་མེད་པར་ལྟེ་བའི་བར་དག
་ཆོས་ཡོངས་སུ་དག་པར་འགྱུར་བའི་ཕྱིར་རོ།། མི་རྟག་པ་ལ་སོགས་པར་ལྟ་བ་དེ་ཡང་། མདོར་བསྡུ་ན། རྣམ་པ་གཉིས་ཏེ། ནང་ལ་སོགས་པ་ལྟ་བར་ཐོབ་པར་བྱ་བའི་ཕྱིར་དེའི་སྔོན་དུ་འགྲོ་བ་དང་། དེ་འདྲེན་པར་བྱེད་པ་ནང
་ལ་སོགས་པར་ལྟ་བའི་གནས་སུ་གྱུར་པ་ཡོངས་སུ་མ་དག་པ་དང་། ནད་ལ་སོགས་པར་ལྟ་བ་ཐོབ་པའི་ཕྱིར་ཞིང་འབྱུང་བ་དང་། སེམས་ཤིན་ཏུ་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ནང་ལ་སོགས་པར་ལྟ་བ་ལ་བརྟེན་པ་ཡོངས་སུ་དག་པའོ།། རྣམ
་པ་བཅུ་གཅིག་པོ་དེ་དག་ལས་སྟོང་པ་ཉིད་ཀྱི་རྣམ་པ་དང་། བདག་མེད་པ་ཉིད་ཀྱི་རྣམ་པ་གཉིས་ནི་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ནོ།། ལྷག་མ་བརྒྱད་ནི་སྨོན་པ་མེད་པའི་རྣམ་པ་ཡིན་ནོ།། འགོག་པའི་བདེན་པ་ལ་བྲལ་བའི་རྣམ་པ་གང་ཡིན་པ་གཅིག་པུ
་ནི་མཚན་མ་མེད་པའི་རྣམ་པ་ཡིན་ནོ།། བསྒོམ་པའི་ལམ་ལ་ནི་འཇིག་རྟེན་ལས་འདས་པའི་ལམ་ཐམས་ཅད་བདེན་པ་བཞི་ལ་དམིགས་པ་ཡིན་དུ་ཟིན་ཀྱང་། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོ་ཡིན་པར་རིག་པར་བྱ་སྟེ།
་འདི་ལྟར་སློབ་པ་བཞི་མཐོང་བས་སྔོན་ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པ་གཉིས་ཀྱིས་མངོན་སུམ་དང་། ལྐོག་ཏུ་གྱུར་པའི་འདུ་བྱེད་ཐམས་ཅད་མངོན་པར་རྟོགས་ནས། བསྒོམ་པའི་ལམ་ལ་འདུ་བྱེད་ཐམས་ཅད་གཅིག་ཏུ
་བསྡུས་ཤིང་ཆ་གཅིག་ཏུ་བྱས། ཚོམས་གཅིག་ཏུ་བྱས་ནས། མི་རྟག་པ་ལ་སོགས་པའི་རྣམ་པ་ངག་གིས་ལྟ་བར་ཟད་ཀྱི། འདི་དག་ནི་འདོད་པ་ན་སྤྱོད་པའོ།། འདི་དག་ནི་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའོ།། འདི་དག་ནི་མངོན་སུམ
་མོ། འདི་དག་ནི་ལྐོག་ཏུ་གྱུར་པའོ།། ཞེས་རྣམ་པར་རྟོག་པར་མི་བྱེད་དེ། དེ་ལྟ་བས་ན་འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པའི་ལམ་གྱིས་བསྡུས་པ་ཐམས་ཅད་ནི་ས་འོག་མ་དང་། ས་གོང་པའི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ
་ཡིན་པར་བལྟ་བར་བྱའོ།། འཕགས་པ་ནི་ཕལ་ཆེར་བསྒོམ་པའི་ལམ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་རྗེས་སུ་འཇུག་པ་ན། མཚན་མ་མེད་པའི་རྣམ་པ་དག་གིས་མཚན་མ་མེད་པའི་དམིགས་པ་མང་དུ་ཡིད་ལ་བྱེད་དོ།། དེ
་ཅིའི་ཕྱིར་ཞེ་ན། ཡིད་ལ་བྱེད་པ་དེ་ནི་ཚེ་འདི་ལ་ཤིན་ཏུ་བདེ་བར་གནས་པར་བྱ་བ་དང་། ཉོན་མོངས་པ་སྤོང་བར་འགྱུར་བའི་ཕྱིར་རོ།། མངོན་པར་ཤེས་པ་ལྔ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པ་རིག
་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིག་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ལམ་གྱི་རྗེས་ལས་འཐོབ་ཅིང་རྣམ་པར་དག་པ་དང་ལམ་ལ་བརྟེན་པ་ཡིན་མོང་གྱི། དེ་དག་ནི་ལམ་གྱི་བདེན་པས་བསྡུས
་པ་མ་ཡིན་ནོ།། གང་གི་ཚེ་བདེན་པ་བཞི་པོ་ཐམས་ཅད་ཀྱང་ཡོངས་སུ་ཤེས་པར་བྱ་བ་དག་ཡིན་པའི་ཚེ་ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཁོ་ན་ཡོངས་སུ་ཤེས་པར་བྱ་ཞེས་གསུངས་ཤེ་ན། སྨྲས་པ། འདི་ལྟར་སྡུག་བསྔལ་གྱི་བདེན་པ་ནི
་མཚན་ཉིད་གཉིས་ཀྱིས་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ཀྱིས་སོ།། དེ་ལས་གཞན་པ་དག་ནི་རང་གི་མཚན་ཉིད་ཁོ་ནས་ཏེ། ཀུན་འབྱུང་བའི་བདེན་པ་ལ་རྒྱུ་ལ་སོགས་པའི་རྣམ་པ་དག་གིས
་ཡོངས་སུ་ཤེས་པར་བྱ་བ་དེ་ཡང་དེའི་རང་གི་མཚན་ཉིད་ཡིན་ལ། འགོག་པའི་བདེན་པ་ལ་འགོག་པ་ལ་སོགས་པའི་རྣམ་པ་དག་གིས་ཡོངས་སུ་ཤེས་པར་བྱ་བ་དེ་ཡང་དེའི་རང་གི་མཚན་ཉིད་ཡིན། ལམ་གྱི་བདེན་པ་ལ
་ལམ་ལ་སོགས་པའི་རྣམ་པ་ངག་གིས་ཡོངས་སུ་ཤེས་པར་བྱ་བ་དེ་ཡང་དེའི་རང་གི་མཚན་ཉིད་ཡིན་ཏེ། དེའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཁོ་ན་ཡོངས་སུ་ཤེས་པར་བྱ་ཞེས་གསུངས་སོ།། གང་གི་ཚེ་སྡུག་བསྔལ་གྱི་བདེན་པ་ཡང་སྤང་བར་བྱ
་བ་ཡིན་པའི་ཚེ་ཅིའི་ཕྱིར་ཀུན་འབྱུང་བའི་བདེན་པ་ཁོ་ན་སྤང་བར་བྱ་ཞེས་གསུངས་ཤེ་ན། སྡུག་བསྔལ་གྱི་བདོན་པ་སྤོང་བ་ནི་ཀུན་འབྱུང་བའི་བདེན་པ་སྤང་བས་རབ་ཏུ་ཕྱེ་བ་ཡིན་ཏེ། དེའི་ཕྱིར་ཀུན་འབྱུང་བའི་བདེན་པ་ཁོ་ན་སྤང་བར་བྱ་ཞེས
་གསུངས་སོ།། བདེན་པ་རྣམས་ཀྱི་མངོན་པར་རྟོགས་པ་ནི་རྣམ་པ་གཉིས་ཏེ། ཤེས་པ་མངོན་པར་རྟོགས་པ་དང་། སྤོང་བ་མངོན་པར་རྟོགས་པའོ།། དེ་ལ་ཤེས་པ་མངོན་པར་རྟོགས་པོ་ནི་བདེན་པ་མཚན་ཉིད་མི་འདྲ་བ་དག་ལ་ཤེས་པ
་འབྱུང་བས་གོ་རིམ་གྱིས་འབྱུང་ངོ་།། སྤོང་བ་མངོན་པར་རྟོགས་པ་སྤང་མཐར་གྱིས་འགྱུར་བ་ཉིད་དེ། ཉོན་མོངས་པ་སྤང་བ་མངོན་དུ་བྱ་བ་ནི་ཤེས་པ་འབྱུང་བ་ལ་རག་ལས་པའི་ཕྱིར་རོ།། །། བམ་པོ་ཉི་ཤུ་རྩ་བདུན་པ།།
་ཡང་དག་པར་བརྩོན་འགྲུས་རྩོམ་པའི་རྒྱུ་མཚན་ནི་ལྔ་སྟེ། དམ་པའི་ཆོས་སྟོན་པ་དང་། རིགས་པ་དང་ལྡན་པ་དང་འགྲོགས་པ་དང་། ལེ་ལོ་དང་བརྩོན་འགྲུས་རྩོམ་པ་ལ་ཉེས་དམིགས་སུ་ལྟ་བ་དང་ཕན་ཡོན་དུ་ལྟ་བའི་སོ་སོར་རྟོག་པའི་སྟོབས
་དང་། རྒྱུད་ཡོངས་སུ་སྨིན་པ་དང་། སྔ་ཕྱིའི་ཁྱད་པར་འཐོབ་པའོ།། སྤོང་བ་མངོན་དུ་བྱ་བ་ནི་གཉིས་ཏེ། ས་བོན་ཉམས་པར་བྱེད་པའི་སྤོང་བ་མངོན་དུ་བྱ་བ་དང་། ས་བོན་གཏན་ནས་འཇོམས་པའི་སྤོང་བ་མངོན་དུ་བྱ་བའོ།། བྲལ་བ་ནི་གཉིས་ཏེ། ཉོན
་མོངས་པའི་རྣམ་པ་དང་བྲལ་བ་དང་། ཉོན་མོངས་པའི་གཞིའི་འཆིང་བ་དང་བྲལ་བའོ།། དགེ་སློང་གཡོ་མེད་པ་དང་། སྒྱུ་མེད་པ་ཚུར་ཤོག་ཅེས་གང་གསུངས་པ་དེ་ལ། དེ་བཞིན་གཤེགས་པས་གཡོའི་ཉེས་དམིགས་དུ་ཞིག་ཡང་དག
་པར་རྗེས་སུ་གཟིགས་ན། གཡོན་ཅན་ལ་ཡང་དག་པར་རྗེས་སུ་སྟོན་པར་མི་མཛད་ཅེ་ན། སྨྲས་པ། བཅུ་གཉིས་ཏེ། གཡོན་ཅན་ནི་གཡོའི་གཞིའི་རྒྱུས་དེ་ཁོ་ནའི་ཤེས་པ་མི་འཐོབ་པ་དང་། སྙན་པ་ལས་ཡོངས་སུ་ཉམས་པར་འགྱུར
་བ་དང་། གཞན་ཡིད་ཆེས་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། ཡོན་ཏན་བརྩེགས་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། དམ་པ་རྣམས་ལས་ཡོངས་སུ་མཉན་པ་དང་གདམས་ངག་ལས་ཡོངས་སུ་ཉམས་པར་འགྱུར
་བ་དང་། སྡིག་པ་ནང་དུ་བྱེད་པ་དང་། སེམས་ཀྱི་རྒྱུད་དགེ་བ་ལས་ཐག་རིང་དུ་བྱེད་པ་དང་། གཡོའི་མི་མཉམ་པའི་གནོད་པས་སེམས་སྡུག་བསྔལ་ཞིང་རེག་པར་མི་གནས་པ་དང་། གཞན་ལས་སྡུག་བསྔལ་གྱི་ཆོས་རྣམས་ཀྱི་ངོགས་པ
་འབྱུང་བ་དང་། འཕགས་པའི་ཆོས་རྣམས་ཀྱི་སྣོད་དུ་མི་འགྱུར་བ་དང་། འགྱོད་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བ་དང་། ལུས་ཞིགས་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ
་པར་འགྱུར་བའོ།། གཡོ་ནི་རྣམ་པ་བརྒྱད་དང་། གཞི་བདུན་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། དེ་ཡང་འདོད་པ་ན་སྤྱོད་པ་ཡིན་ནོ།། རྣམ་པ་བརྒྱད་གང་ཞེ་ན། རྨོངས་པར་བྱ་བ་གཡོ་བྱེད་པ་དང་། འཆབ་པ་དང་། སྒྲོགས་པ
་དང་། འཇོག་པ་དང་། འདུད་པ་དང་། འཁུ་བ་དང་། འདོར་བ་དང་། སྙིང་རྗེ་བར་སྟོན་པ་ལ་གཡོ་བྱེད་པའོ།། གཞི་བདུན་གང་ཞེ་ན། ཐ་སྙད་ཀྱི་གཞི་དང་། བསྐུལ་བའི་གཞི་དང་། རྩོད་པའི་གཞི་དང་། མཛའ་བཤེས་ཉིད་དུ་སྟོན་པའི་གཞི་དང་།
་ཡིད་གཅུགས་པར་སྟོན་པའི་གཞི་དང་། བྱ་བ་ལ་གཡོ་མེད་པའི་གཞི་དང་། གནོད་པའི་གཞིའོ།། ང་ལ་གཞི་དང་པོས་ནི་གཡོ་ཅན་འཇིག་རྟེན་པ་རྣམས་དང་ལྷན་ཅིག་ཐ་སྙད་བྱེད་པ་ན། དོན་མེད་པ་ལ་དོན་དུ་སྟོན་པ་དང་། དོན་ལ་དོན་མེད་པར
་སྟོན་པ་དང་། དོན་མེད་པ་ལ་དོན་དུ་སྟོན་པ་དང་། དོན་ལ་དོན་མེད་པར་སྟོན་པ་ཇི་ལྟ་བ་དེ་བཞིན་དུ། དོན་མེད་པ་ལ་ཡོད་པར་སྟོན་པ་དང་། ཡོད་པ་ལ་མེད་པར་སྟོན་པས་རྨོངས་པར་བྱེད་དོ།། དེ་ལ་གཞི་གཉིས་པས་ནི་གཡོན་ཅན་གཡོའི་སྤྱོད
་བྱས་ཀུན་ནས་བསླང་བའི་ཉེས་པར་སྤྱད་པའི་ལས་ངག་ལ་གཞན་དག་གིས་བསྐུལ་བ་ན་དེ་ཉེས་པ་ཡང་དག་པ་ནི་འཆབ་པར་བྱེད་ལ། ཡོན་ཏན་ཡང་དག་པ་མ་ཡིན་པ་ནི་སྒྲོགས་པར་བྱེད་དོ།། དེ་ལ་གཞི་གསུམ་པས་ནི་གཡོན་ཅན་པས
་རྒོལ་པོ་དག་དང་ལྷན་ཅིག་ཏུ་ཡོན་ཏན་དང་སྐྱོན་ཡོངས་སུ་བརྟག་པ་ལས་བརྩམས་ཏེ་རྩོད་པ་ན་ཕྱོགས་བཟང་པོ་མ་ཡིན་པ་ཡང་འཇོག་པར་བྱེད་དོ།། དེ་ལ་བཞི་བཞི་པས་ནི་གཡོན་ཅན་ཆེས་སྟོབས་དང་། ལྡན་ཞིང་གཏུམ་པ་གང་ལས
་འཇིགས་པ་ཡང་དག་པར་རྗེས་སུ་མཐོང་བ་དེ་ལ་ལུས་དང་ངག་གིས་ཆེས་ཤིན་ཏུ་དམན་པར་བྱེད་ཅིང་། འདུད་པ་དེས་མཛའ་བཤེས་ཉིད་དུ་སྟོན་པར་བྱེད་དོ།། དེ་ལ་གཞི་ལྔ་པས་ནི་གཡོན་ཅན་གནམ་པོ་གཉེན་པོའི་རང་བཞིན་ཅན་གང
་ལས་ཆུང་ཟད་འཁུས་པས་རྙེད་པ་འཐོབ་པ་ཡང་དག་པར་རྗེས་སུ་མཐོང་བ་དེ་ལ་ཡིད་མི་བཙུགས་ཤིང་ཡིད་མི་ཆེས་པ་ཉིད་ཡིན་བཞིན་དུ། འདི་ལྟ་སྟེ། རྣམ་པར་བསྒྲུབ་པའི་རྒྱུ་བ་དང་། གནས་པ་རྣམ་པར་དག་པ་ཉིད་དུ་བསྟན་པའི་ཕྱིར
་བདག་ཉིད་མཆོག་ཏུ་ཡིད་བཙུགས་པ་ཉིད་དང་། མཆོག་ཏུ་ཡིད་ཆེས་པ་ཉིད་དུ་སྟོན་པར་བྱེད་དོ།། དེ་ལ་གཞི་དྲུག་པས་ནི་གཡོན་ཅན་མཛའ་བཤེས་སྙིང་དུ་སྡུག་པ་ཡིད་བཙུགས་པ་དག་གི་མ་འོངས་པའི་བྱ་བ་རྒྱ་ཆེན་པོ་དག་ལ་གྲོགས
་བྱ་བར་ཁས་བླངས་ལ་བྱ་བ་དེའི་དུས་ལ་བབ་པའི་ཚེ་ན་འདི་ལྟ་སྟེ། བདག་ཉིད་ཡོངས་སུ་ངལ་བ་རྗེས་སུ་བསྲུང་བ་ཉིད་ཀྱི་ཕྱིར་གཡོ་སྣ་ཚོགས་ཉེ་བར་སྟོན་པས་འདོར་བར་བྱེད་དོ།། དེ་ལ་གཞི་བདུན་པས་ནི་གཡོན་ཅན་གནོད་པ་གང
་ཡང་རུང་བ་ཞིག་བྱུང་བ་ནི། གང་ལས་དེའི་གནོད་པ་བྱུང་བའི་དགྲ་བ་དེ་ལ། འདི་ལྟ་སྟེ། མྱ་ངན་དང་། སྒྱིད་ལུག་པ་དང་། རྨོངས་པའི་བར་དག་བསྐྱེད་པའི་ཕྱིར་བདག་ཉིད་དེ་ལྟར་ཉམ་ཐག་པ་དང་། སྡུག་བསྔལ་བ་མ་ཡིན་ཡང་ཅི་ནས་ཀྱང
་ཉམ་ཐག་པ་དང་། སྡུག་བསྔལ་ལྟ་བུར་སྟོན་པར་བྱེད་དོ།། ཉན་ཐོས་བཀའ་བློ་མི་བདེ་བ་ནི་རེ་ཞིག་བདེན་པ་རྣམས་ལས་བརྩམས་ནས། གདོམས་ངག་དང་རྗེས་སུ་བསྟན་པ་ཉིད་འཐོབ་པར་འོས་པ་ཡང་མ་ཡིན་ན། བདེན་པ་རྣམས
་མངོན་པར་རྟོགས་པར་འགྱུར་བ་དང་རྣམ་པར་བྱུང་བར་འགྱུར་བའི་སྤྲུལ་བ་ལྟ་ག་ལྔ་ཡོད། ཉན་ཐོས་བཀའ་བློ་མི་བདེ་བའི་རྟགས་ནི་དགུ་པ་འདི་དག་ཡིན་ཏེ། དེ་དག་དང་ལྡན་པའི་ཉན་ཐོས་ན་ཚིག་མི་བཟོད་པ་དང་།
་བཀའ་བློ་མི་བདེ་བ་ཡིན་པར་རིག་པར་བྱའོ།། དགུ་གང་ཞེ་ན། གླེང་བ་པོའི་གང་ཟག་གིས་གླེངས་པ་ན། ཚིག་མི་འཇམ་པ་ཉིད་ལས་བརྩམས་ནས་སྐབས་ལས་བྱུང་བས་ལན་འདེབས་པ་དང་། མུ་འབྲེལ་བ་དང་། མ་རྫོགས་པ་དང་། གཞན
་དུ་ཡོངས་སུ་བརྟགས་ནས་ལན་འདེབས་པ་དེ་ནི་རྟགས་དང་པོ་ཡིན་ནོ།། རྣམ་པར་གཡེངས་པའི་ཚིག་ཉིད་ལས་བརྩམས་ནས། གཏམ་གཞན་གྱིས་གླེང་བ་འདོར་བར་བྱེད། སྤོང་བར་བྱེད་པ་འདི་ནི་རྟགས་གཉིས་པ་ཡིན་ནོ།། ཁོང་ཁྲོ
་བའི་ཀུན་ནས་དཀྲིས་པས་རང་གི་སེམས་འཁྲུག་པར་བྱེད་པ་དང་། སློང་བར་བྱེད་པ་དང་། རྙོག་པ་ཅན་དུ་བྱེད་པ་དེ་ནི་རྟགས་གསུམ་པ་ཡིན་ནོ།། ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་ཉིད་ཀྱིས་མི་མཐུན་པའི་ཚིག་དང་། ཉེས་རྩོམ་གྱི་ཚིག
་དང་། ངག་རྩུབ་པོའི་ཚིག་རྗོད་པར་བྱེད་པ་དེ་ནི་རྟགས་བཞི་པ་ཡིན་ནོ།། འདི་དག་ལ་སྨྲ་ན། བདག་གིས་ཀྱང་འདྲི་ལ་ཅིའི་ཕྱིར་སྨྲ་བར་མི་བྱ་སྙམ་དུ་ཁེངས་པས་རྗོད་པར་བྱེད་པ་དེ་ནི་རྟགས་ལྔ་པ་ཡིན་ནོ།། ཁ་ནཱ་མ་ཐོ་བ་འཆབ་པར་བྱེད་པ
་དེ་ནི་རྟགས་དྲུག་པ་ཡིན་ནོ།། ཁོན་གྱི་བསམ་པ་འཛིན་པར་བྱེད་པ་དེ་ནི་རྟགས་བདུན་པ་ཡིན་ནོ།། ལན་བྱ་བའི་སེམས་མང་དུ་བྱེད་པ་དེ་ནི་རྟགས་བརྒྱད་པ་ཡིན་ནོ།། གཞན་དག་གིས་གླེང་བ་པོའི་ཡང་དག་པའི་ཡོན་ཏན་བརྗོད་པ་དང་།།
་ཡང་དག་པར་བཤད་པ་ན་མོས་པར་མི་བྱེད་ཅིང་། ཕྱིར་བཟློག་པ་དང་། སྟོང་བ་དང་། ཕྱིར་ག། ཤེ་བུར་བྱེད་པ་དེ་ནི་རྟགས་དགུ་པ་ཡིན་ནོ།། གང་ཟག་གླེང་བ་པོ་ནི་མདོར་བསྡུ་ན་གཉིས་པོ་འདི་དག་ཡིན་ཏེ། བླ་མའི་གནས་ལྟ་བུ་ཡང་ཡིན་ལ
་གྲགས་པ་དང་། བླ་མའི་གནས་ལྟ་བུ་ཡང་མ་ཡིན་ལ་མ་གྲགས་པའོ།། དེ་ལ་རྟགས་དང་པོ་གཉིས་ནི་གླེང་བ་པོའི་གང་ཟག་དང་པོ་ལས་བརྩམས་ཏེ་བལྟ་བར་བྱའོ།། རྟགས་ལྷག་མ་བདུན་ནི་གླེང་བ་པོའི་གང་ཟག་གཉིས་པ་ལས
་བརྩམས་ཏེ་བལྟ་བར་བྱའོ།། སའི་དངོས་གཞིར་ཚུལ་ཁྲིམས་ཀྱི་སྡོམ་པ་ལས་བརྩམས་ནས། འདུལ་བ་དང་ལྡན་པའི་རྣམ་པར་གཏན་ལ་དབབ་པའི་སྡོམ་ནི། བསྡུ་དང་བཅས་དང་ཚུལ་ཁྲིམས་དང་།། བག་ཡོད་སྒྲིབ་དང་སློབ་གཞུག་དང་།། བརྟག
་བརྟེན་དང་བླང་བ་དང་།། ལོངས་སྤྱོད་དང་ནི་ཟབ་པ་དང་།། མོས་དང་དཔེ་ཡི་དངོས་པོའོ།། དེ་ལ་འདུལ་བ་དང་བཅས་པའི་སོ་སོར་ཐར་པ་ནི་གནས་བདུན་གྱིས་བསྡུ་བ་ཡིན་ཏེ། གནས་བདུན་གང་ཞེ་ན། སྨྲས་པ། བཀའ་དང་རྗེས་སུ་གནས
་པ་དང་། དགག་པ་དང་། ལྟུང་བའི་གཞི་དང་། ལྟུང་བ་དང་། ལྟུང་བ་མེད་པ་དང་། ལྟུང་བ་ལས་བསླང་བའོ།། དེ་ལྔ་བཀའ་ནི་བཅོམ་ལྡན་འདས་ཀྱིས་མི་དགེ་བའི་ཆོས་ཡོངས་སུ་ཉམས་པ་དང་། དགེ་བའི་ཆོས་མངོན་པར་འཕེལ་བར
་འགྱུར་བ་གང་ཡིན་པ་དེ་ལ་འདུལ་བར་བཀའ་སྩལ་པ་སྟེ། དེ་ནི་བཀའི་མཚན་ཉིད་མདོར་བསྡུས་པ་ཡིན་གྱི། རྒྱ་ཆེར་རྣམ་པར་དབྱེ་བ་ནི་དཔག་ཏུ་མེད་དོ།། དེ་ལ་རྗེས་སུ་གནང་བ་ནི་བཅོམ་ལྡན་འདས་ཀྱིས་ཉེ་བར་སྟོན་པའི་རྒྱུ
་དང་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་ཀུན་ཏུ་སྤྱོད་ནུས་པ་གང་ཡིན་པ་དེ་འདུལ་བར་རྗེས་སུ་གནང་བར་མཛད་པའོ།། དེ་ལ་འགག་པ་ནི་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་ཁ་ན་མ་ཐོབ་པ་དང་བཅས
་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། མི་མཐུན་པ་གང་ཡིན་པ་དེ་འདུལ་བ་ལ་དགོག་པ་མཛད་པའོ།། དེ་ལ་ལྟུང་བའི་གཞི་ནི་མདོར་བསྡུ་ན། རྣམ་པ་བཅཝོ་བརྒྱད་དེ་འདི་ལྟ་སྟེ། མི་དགེ་བ་དང་། དགེ་བ་དང་། མི་མཐུན་པ་དང་། ལུས་ཀྱི་ལས་དང་།
་ངག་གི་ལས་དང་། ཡིད་ཀྱི་ལས་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། གཞན་གྱི་སེམས་རྗེས་སུ་བསྲུང་བ་དང་། གཞན་ལ་གནོད་པ་རྗེས་སུ་བསྲུང་བ་དང་། ཡིད་མི་ཆེས་པའི
་གནས་རྗེས་སུ་བསྲུང་བ་དང་། འཁྲི་ག་པ་དང་། ལྷུང་བཟེད་དང་། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོ་སྨན་དང་ཡོ་བྱད་དོ།། དེ་ལ་མི་དགེ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་གང་ཅི
་ཡང་རུང་བའོ།། དེ་ལ་དགེ་བ་དང་མི་མཐུན་པ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་གང་ཅི་ཡང་རུང་བའོ།། དེ་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་ལ་བརྟེན་ནས་ནི། ལྟུང་བ་སྡེ་ལྔ་པོ་ཐམས་ཅད་ཅི་རིགས་པར་རིག་པར་བྱའོ།། དེ
་བཞིན་དུ་ལྟུང་བའི་གཞི་དེ་ལས་གཞན་པ་དག་ཀྱང་ལྟུང་བ་སྡེ་ལྔ་པོ་དག་ལ་ཅི་རིགས་པར་རིག་པར་བྱའོ།། དེ་ལ་ལྟུང་བ་ནི་མདོར་བསྡུ་ན་ལྟུང་བ་སྡེ་ལྔ་པོ་དག་གོ། ལྟུང་བ་སྡེ་ལྔ་པོ་དེ་དག་ལ་ལྟུང་བ་ཇི་ལྟར་འབྱུང་ཞེ་ན། སྨྲས་པ།
་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། གཞི་དང་། ཀུན་ནས་སློང་བ་དང་། དངོས་པོ་དང་། སྦྱོར་བ་དང་། མཐའ་སྟེ། དེ་དག་གི་རབ་ཏུ་དབྱེ་བ་ནི་གཞི་བསྡུ་བའི་འདུལ་བའི་མ་མོ་ལས་རྒྱ་ཆེར་བཤད་པར་བྱའོ།། ཡང་ལྟུང་བ་ནི་རྣམ་པ་དགུ་སྟེ། དགེ་བསྙེན་གྱི་ལྟུང
་བ་དང་། དགེ་བསྙེན་མའི་ལྟུང་བ་དང་། དགེ་ཚུལ་གྱི་ལྟུང་བ་དང་། དགེ་ཚུལ་མོའི་ལྟུང་བ་དང་། དགེ་སློབ་མའི་ལྟུང་བ་དང་། དགེ་སློང་མའི་ལྟུང་བ་དང་། དགེ་སློང་གི་ལྟུང་བ་དང་། སོ་སོའི་སྐྱེ་བོའི་ལྟུང་བ་དང་། སློབ་པའི་ལྟུང་བའོ།། མི་སློབ་པ་ལ
་ནི་ལྟུང་བ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་ནི་བྱ་བ་མེད་པའི་ཕྱིར་ཆོས་ཉིད་ཀྱིས་ཐོབ་པ་ཁོ་ནས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་ཐམས་ཅད་རྒྱུན་བཅད་པ་ཡིན་ལ། དེ་ནི་ཉོན་མོངས་པ་ཅན་གྱི་ལྟུང་བ་འབྱིན་མི་སྲིད་པའི་ཕྱིར་རོ།། །
་དེ་ལ་ལྟུང་བ་མེད་པ་ནི་རྣམ་པ་བཞིས་རིག་པར་བྱ་སྟེ། འདི་ལྟ་སྟེ། ལས་དང་པོ་པ་དང་། སྨོས་པ་དང་། སེམས་རྣམ་པར་གཡེངས་པ་དང་། ཚོར་བས་ཉེན་པོའོ།། དེ་ལ་ལྟུང་བ་ལས་བསླང་བ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། འདི་ལྟ་སྟེ། བདག
་ལས་དང་། གཞན་ལས་དང་། བདག་དང་གཞན་ལས་དང་། ལུས་གྱུར་པ་ལས་དང་། ལུས་སྦྱངས་པ་ལྔས་སོ།། དེ་ལ་བདག་ལས་ནི་འདི་ལྟ་སྟེ། བསྡམ་པར་བྱ་བ་ལས་སོ།། དེ་ལ་གཞན་པ་ལས་ནི། འདི་ལྟ་སྟེ། བདེན་པ་མཐོང་བའི་ལྟུང་བ
་ཉོན་མོངས་པ་ཅན་མ་ཡིན་པ་ལས་སོ།། དེ་ལ་བདག་དང་གཞན་ལས་ནི་འདི་ལྟ་སྟེ། སོ་སོའི་སྐྱེ་བོའི་ལྟུང་བ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མོ་ཡིན་པ་ལས་སོ།། དེ་ལ་ལུས་གྱུར་པ་ལས་ནི་འདི་ལྟ་སྟེ། དགེ་སློང་གི་ལུས
་སྤངས་ནས། དགེ་སློང་མའི་ལུས་སུ་གྱུར་པའམ། དགེ་སློང་མའི་ལུས་སྤངས་ནས་དགེ་སློང་གི་ལུས་སུ་གྱུར་པའམ། དེ་བཞིན་དུ་དགེ་སློང་དང་། དགེ་སློང་མ་གཉི་གའི་ལུས་སྤངས་ནས། དེ་ལས་གཞན་པའི་མཚན་དུ་གྱུར་པ
་འམ། མཚན་མེད་པར་གྱུར་པ་ལས་སོ།། དེ་ལ་ལུས་སྤངས་པ་ལས་ནི་འདི་ལྟ་སྟེ། ཤི་བའི་དུས་བྱས་པའོ།། བསླབ་པའི་གཞི་བཅའ་བ་རྣམ་པར་དག་པ་ནི་བཅུ་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ། རིགས་པས་རྣམ་པར་དག་པ་དང་། འབྲས་བུས
་རྣམ་པར་དག་པ་དང་། ཕན་འདོགས་པས་རྣམ་པར་དག་པ་དང་། ཕྱི་རོལ་གྱིས་རྣམ་པར་དག་པ་དང་། ནང་གིས་རྣམ་པར་དག་པ་དང་། མཐའ་དག་གིས་རྣམ་པར་དག་པ་དང་། བྱམས་ཤིང་གུས་པས་རྣམ་པར་དག་པ་དང་། རྣམ་པར
་གནོན་པའི་གཉེན་པོ་བསྒོམ་པས་རྣམ་པར་དག་པ་དང་། བག་ལ་ཉོལ་སྤངས་པའི་གཉེན་པོ་བསྒོམ་པས་རྣམ་པར་དག་པ་དང་། རྒྱུན་རྒྱུན་མི་འཆད་པས་རྣམ་པར་དག་པའོ།། རྣམ་གྲངས་གཞན་ཡང་གཞི་དང་བཅས་པའི་བསླབ་པའི
་གཞི་བཅས་པས་རྣམ་པར་དག་པ་དང་། འདོད་པའི་བསོད་ནམས་ཀྱི་རྗེས་སུ་བརྩོན་པའི་མཐའ་ཡོངས་སུ་སྤངས་པས་རྣམ་པར་དག་པ་དང་། བདག་ཉིད་ངལ་བའི་རྗེས་སུ་བརྩོན་པའི་མཐའ་ཡོངས་སུ་སྤངས་པས་རྣམ་པར་དག་པ་དང་།
་ལྷག་པའི་ཆོ་གས་རྣམ་པར་དག་པ་དང་། ལྷག་པའི་འཚོ་བས་རྣམ་པར་དག་པ་དང་། ཆོས་མཐུན་པ་དང་འགྲོགས་པས་རྣམ་པར་དག་པ་དང་། འཐབ་པ་མེད་པ་དང་། རྩོད་པ་མེད་པས་རྣམ་པར་དག་པ་དང་། ཉོན་མོངས་པ་ཟིལ་གྱིས
་གནན་པས་རྣམ་པར་དག་པ་དང་། ཉོན་མོངས་པ་དང་བྲལ་བས་རྣམ་པར་དག་པ་དང་། དམ་པའི་ཆོས་ཡང་དག་པར་འཛིན་པས་རྣམ་པར་དག་པའོ།། ཚུལ་ཁྲིམས་ཀྱི་ཉེས་པ་ནི་བཅུ་སྟེ། བསླབ་པ་དྲལ་བའི་ཉེས་པ་དང་། མངོན་པར་མི་དགའ་བའི
་ཉེས་པ་དང་། གྲོགས་དང་བྲལ་བའི་ཉེས་པ་དང་། སྨོན་ལམ་གྱི་ཉེས་པ་དང་། བགྲ་མེད་པའི་ཉེས་པ་དང་། མངོན་པའི་ང་རྒྱལ་གྱི་ཉེས་པ་དང་། བག་ལ་ཉལ་རྣམ་བཱ་ར་མ་དག་པའི་ཉེས་པ་དང་། བསམ་པ་རྣམ་པར་མ་དག་པའི་ཉེས་པ་དང་། ངེས
་པར་འབྱིན་པ་མ་ཡིན་པའི་ཉེས་པ་དང་། བརྟུལ་ཞུགས་གྱི་ཉེས་པའོ།། ཚུལ་ཁྲིམས་ཀྱི་ཡོན་ཏན་ནི་བཅུ་སྟེ། མཐུན་པའི་ཚུལ་ཁྲིམས་ཉིད་དང་། རྒྱུན་ཆགས་ཀྱི་ཚུལ་ཁྲིམས་ཉིད་དང་། འགྲན་ཟླ་མེད་པའི་ཚུལ་ཁྲིམས་ཉིད་དང་། གནོད་པ་མེད
་པའི་ཚུལ་ཁྲིམས་ཉིད་དང་། བརྟན་པའི་ཚུལ་ཁྲིམས་ཉིད་དང་། ངེས་པར་འབྱིན་པའི་ཚུལ་ཁྲིམས་ཉིད་དང་། མི་མཐུན་པའི་ཕྱོགས་ལས་རྒྱལ་བའི་ཚུལ་ཁྲིམས་ཉིད་དང་། མི་ལྡོག་པའི་ཚུལ་ཁྲིམས་ཉིད་དང་། ཐུན་མོང་མ་ཡིན་པའི་ཚུལ
་ཁྲིམས་ཉིད་དང་། བླ་ན་མེད་པའི་ཚུལ་ཁྲིམས་ཉིད་དང་། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་བཅུ་དག་ཏུ་བག་ཡོད་པར་བྱ་སྟེ། བཅུ་པོ་གང་དག་ཏུ་ཞེ་ན། ལྟུང་བ་ལས་བརྩམས་པ་དང་། སྙོམས་པར་འཇུག་པ་ལས་བརྩམས་པ་དང་།
་སྐྱེ་བ་ལས་བརྩམས་པ་དང་། བསོད་སྙོམས་སྤྱོད་པ་ལས་བརྩམས་པ་དང་། འཕྲལ་གྱི་བྱ་བ་ལས་བརྩམས་པ་དང་། རྙེད་པ་དང་བཀུར་སྟིའི་ལོངས་སྤྱོད་ལས་བརྩམས་པ་དང་། ཐོས་པ་ཡོངས་སུ་ཚོལ་བ་ལས་བརྩམས་པ་དང་། དམ་པའི
་ཆོས་བསམ་པ་ལས་བརྩམས་པ་དང་། རབ་ཏུ་དབེན་པ་ལས་བརྩམས་པ་དང་། རྟོགས་པའི་མཐའ་ལས་བརྩམས་པའི་དུས་སུའོ།། ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་ལྟུང་བ་ལས་བརྩམས་ནས།
་དུས་དང་པོ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་སྔོན་གྱི་མཐའ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་ཡན་ལག་ལྔས་བསྡུས་པའི་བག་ཡོད་པ་དང་ལྡན་པ་དེ་ལྟར། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། ལྟུང
་བ་ལས་བརྩམས་ནས། དུས་དང་པོ་འདི་ལ་བག་ཡོད་པར་བྱའོ།། ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། སྙོམས་པར་འཇུག་པ་ལས་བརྩམས་ནས། དུས་གཉིས་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདྲི་ན་དགེ་སློང་དགོན
་བ་ནཱ་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་སྟེ། འདོད་པ་ལ་འདུན་པའི་སྒྲིབ་པ་ནས། ཐེ་ཚོམ་གྱི་བར་གྱི་སྒྲིབ་པ་བྱུང་ངོ་ཅོག་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་ཅིང་། དེའི་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན
་མོངས་པར་བྱེད་པ། མྱ་ངན་ལས་འདའ་བར་མི་འགྱུར་བའི་བར་དགེ་སྤངས་ནས། དུས་དུས་སུ་ཞི་གནས་ཀྱི་མཚན་མ་ཡང་སྒོམ་པར་བྱེད། དུས་དུས་སུ་རབ་ཏུ་འཛིན་པའི་མཚན་མ་ཡང་སྒོམ་པར་བྱེད། དུས་དུས་སུ་བཏང་སྙོམས་ཀྱི
་མཚན་མ་ཡང་སྒོམ་པར་བྱེད་ཅིང་། དེ་དེ་ལྟར་ཞི་གནས་ཀྱི་མཚན་མ་ལ་མཁས་པ་དང་། རབ་ཏུ་འཛིན་པའི་མཚན་མ་ལ་མཁས་པ་དང་། བཏང་སྙོམས་ཀྱི་མཚན་མ་ལ་མཁས་པས། སེམས་ཞུམ་པོ་འམ། ཞུམ་དུ་དོགས་པར་རིག་པ་ན།
་ལེགས་པ་ཁོ་ནར་རབ་ཏུ་འཛིན་པར་ཡང་བྱེད། སེམས་རྒོད་དམ། རྒོད་དུ་དོགས་པར་རིག་པ་ན། ལེགས་པ་ཁོ་ནར་ནང་དུ་ཡང་དག་པར་ཞི་བར་ཡང་བྱེད། སེམས་མཉམ་པར་གྱུར་པ་ན། བཏང་སྙོམས་སུ་འཇོག་པར་ཡང་བྱེད་ལ། དེ་ལྟར
་ཏིང་ངེ་འཛིན་ཐོབ་པ་ན། རོ་མྱང་བར་ཡང་མི་བྱེད་ཅིང་། མཇུག་སྡུད་པར་ཡང་མི་བྱེད། ལྷག་པར་ཆགས་པར་ཡང་མི་བྱེད། ལྷག་པར་ཆགས་ཤིང་གནས་པར་ཡང་མི་བྱེད་པ། དེ་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས
་དུས་གཉིས་པ་དེ་ལ་བག་ཡོད་པར་བྱའོ།། ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་སྐྱེ་བ་ལས་བརྩམས་ནས་དུས་གསུམ་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ནི་དགེ་སློང་འཆི་བའི་དུས་ལ་བབ་པའི་ཚེ། འདི་ལྟར་མངོན
་པར་འདུ་བྱ་བའི་སེམས་དྲག་པོ་མངོན་པར་འདུ་བྱེད་དེ། ཅི་བདག་སངས་རྒྱས་ལ་དམིགས་པོའི་དྲན་པས་འཆི་བའི་དུས་བྱེད་པར་འགྱུར་རམ། ཆོས་ལ་དམིགས་པ་དང་། དགེ་འདུན་ལ་དམིགས་པ་དང་། དགེ་བ་ལ་དམིགས་པས
་དགེ་བའི་སེམས་དང་ལྡན་པའི་འཆི་བའི་དུས་བྱེད་པར་འགྱུར་རམ་སྙམ་དུ་སེམས་མངོན་པར་འདུ་བྱེད་དེ། དེ་ལྟ་དེ་ལྟར་དེའི་སེམས་ཀུན་ཏུ་བསྲུང་བ་དང་། དྲན་པ་ཉེ་བར་གནས་པར་འགྱུར་རོ།། གང་གི་ཕྱིར་སངས་རྒྱས་ལ་དམིགས་པའི
་དྲན་པས། འཆི་བའི་དུས་བྱེད་པ་ནས། རྒྱས་པར་དགེ་བའི་སེམས་དང་ལྡན་པའི་བར་གྱིས་འཆི་བའི་དུས་བྱེད་པ་ནི་སངས་རྒྱས་ལ་དམིགས་པའི་དྲན་པས་འཆི་བའི་དུས་བྱེད་པ་ནས་རྒྱས་པར་དགེ་བའི་སེམས་དང་ལྡན་པའི་བར་གྱི
་འཆི་བའི་དུས་བྱེད་པ་དེའི་འཆི་བ་ནི་བཟང་བ་ཡིན། འཆི་བའི་དུས་བྱེད་པ་ཡང་བཟང་བ་ཡིན། ཚེ་ཕྱི་མ་ཡང་བཟང་བ་ཡིན་ཏེ། དེ་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་གསུམ་པ་དེ་ལ་བག་ཡོད་པར
་བྱའོ།། ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། བསོད་སྙོམས་སྤྱོད་པ་ལ་བརྩམས་ནས་དུས་བཞི་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་གྲོང་ངམ། གྲོང་རྡལ་གང་ན་ཉེ་བར་བརྟེན་ཅིང་གནས་པའི་གྲོང་ངམ་གྲོང་རྡལ
་དེ་ཉིད་དུ་དེ་བསོད་སྙོམས་ཡོངས་སུ་དག་པའི་མདོ་ལས། ཇི་སྐད་གསུངས་པ་ཐམས་ཅད་སྤྱོད་པར་བྱེད་པ་དེ་ལྟར། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་བཞི་པ་དེ་ལ་བག་ཡོད་པར་བྱའོ།། ཇི་ལྟར་དགེ་སློང་འདུལ་བའི་བསླབ
་པ་ལ་བརྩོན་པས་འཕྲལ་གྱི་བྱ་བ་ལས་བརྩམས་ནས། དུས་ལྔ་པ་འདི་ལ་བག་ཡོད་པ་བྱ་ཞེ་ན། འདི་ན་དགེ་སློང་ལྷུང་བཟེད་ཀྱི་ལས་དང་ཆོས་གོས་ཀྱི་ལས་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ཞལ་ཏ་བྱ་བའི་ལས
་སམ། འཕྲལ་གྱི་བྱ་བ་གཞན་གང་ཡང་རུང་བ་དེ་ལ་བག་ཡོད་པ་བྱེད་ཅིང་། ཅི་ནས་ཀྱང་མི་ཚོགས་པ་དང་། མི་རུལ་པ་དང་། མི་བརླག་པ་དང་། མི་ཞིགས་པ་དང་། ཆུད་མི་ཟོས་པར་བྱེད་པ་དང་། ཧ་ཅང་བྱ་བ་མི་བྱེད་པ་དང་། ངན་པར་བྱ
་བ་མི་བྱེད་པ་དང་། ཉེས་པར་བྱ་བ་མི་བྱེད་པ་དང་། ཧ་ཅང་བརྫུན་སྟི་མི་བྱེད་པ་དང་། ཧ་ཅང་བསྐྱངས་ཏེ་མི་བྱེད་པ་དང་། རྒོད་བག་མེད་པ་དང་། ཉོན་མོངས་པ་ཅན་མ་ཡིན་པ་དང་། འཇིག་རྟེན་དང་འགལ་བ་དང་། འདུལ་བ་དང་འགལ
་བའི་སྤྱོད་པས་མི་བྱེད་འདེ་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་ལྔ་པ་དེ་ལ་བག་ཡོད་པར་བྱའོ།། ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་རྙེད་པ་དང་བཀུར་སྟིའི་ལོངས་སྤྱོད་ལས་བརྩམས་ནས། དུས་དྲུག་པ
་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་རྙེད་པ་དང་བཀུར་སྟི་གང་དང་གང་རྙེད་ཀྱང་རུང་སྟེ། དེ་རྙེད་པ་དེ་ལ་ཆགས་པ་མེད་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དང་། ཞེན་པ་མེད་པ་དང་། འཆུམ་པ་མེད་པ་དང་། མདུད་པ་བོར་བ
་མེད་པ་དང་། བརྒྱལ་པོ་མེད་པ་དང་། ལྷག་པར་ཆགས་པ་མེད་པ་དང་། ལྷག་པར་ཆགས་ཤིང་གནས་པ་མེད་པ་དང་། ཉེས་དམིགས་སུ་ལྟ་བ་དང་། ངེས་པར་འབྱུང་བ་རབ་ཏུ་ཤེས་ཤིང་། ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དང་། དེ་རྙེད་པ
་དང་། བཀུར་སྟི་བྱུང་བ་ཟིལ་གྱིས་གནོན་པར་བྱེད་པ་དང་། རྙེད་པ་དང་བཀུར་སྟིའི་སེམས་སྐྱེས་པས་དེ་སེམས་ཡོངས་སུ་གཏུགས་ཤིང་མི་གནས་པ་དེ་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་དྲུག་པ་དེ་ལ་བགེ
་ཡོད་པར་བྱའོ།། ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་ཐོས་པ་ཡོངས་སུ་བཙལ་བ་ལས་བརྩམས་ནས་དུས་བདུན་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ནི་དགེ་སློང་སྙན་དངགས་མཁན་གྱིས་བྱས་པའམ། སྙན
་དངགས་མཁན་གྱིས་བསམ་པ་དང་། ཡི་གེ་སྣ་ཚོགས་པ་ཚིག་དང་། ཡིག་འབྲུ་སྣ་ཚོགས་པ་འཇིག་རྟེན་རྒྱང་འཕན་པ་དང་ལྡན་པ་དེ་ལྟ་བུའི་ཐོས་པ་སྤངས་ནས། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་པ་ཟབ
་བར་སྣང་བ། སྟོང་པ་ཉིད་དང་ལྡན་པ། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཐུན་པ་གང་དག་ཡིན་པ་དེ་དག་གུས་པར་བྱ་སྟེ། ལེན་པར་བྱེད་ཀུན་ཆུབ་པར་བྱེད་པ་དང་། དེ་ཀླན་ཀ་དང་། ཕན་ཡོན
་ལ་ལྟ་ཞིང་། ཆོས་ཀུན་ཆུབ་པར་མི་བྱེད། རྩོད་པ་འདི་ལྟ་བུ་ལས་ཐར་པའི་ཕན་ཡོན་ལ་ལྟ་ཞིང་ཆོས་ཀུན་ཆུབ་པར་མི་བྱེད། རྙེད་པ་དང་བཀུར་སྟིའི་དོན་དུ་ཆོས་ཀུན་ཆུབ་པར་མི་བྱེད་པར་འདི་ལྟ་སྟེ། བདག་ཉིད་དུལ་བར་བྱ།།
་བ་དང་། བདག་ཉིད་ཞི་བར་བྱ་བ་དང་། བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་དང་། དགེ་སྦྱོང་གི་ཚུལ་གྱི་དོན་དང་། བྲམ་ཟེའི་དོན་དང་། དོན་གྱི་མཆོག་ཐོབ་པར་བྱ་བ་ལས་བརྩམས་ཏེ། ཆོས་ཀུན་ཆུབ་པར་བྱེད་པ་དང་། དེས
་ཆོས་དེ་དག་ལེགས་པར་མཉན་པ་དང་། ལེགས་པར་བཟུང་བ་དང་། ཁ་ཏོན་ཡོངས་སུ་བྱང་བ་དང་། ཡིད་ཀྱིས་རྗེས་སུ་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པ་དེ་ལྟར། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན
་པས། དུས་བདུན་པ་དེ་ལ་བག་ཡོད་པར་བྱའོ།། ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། དམ་པའི་ཆོས་བསམ་པ་ལས་བརྩམས་ནས། དུས་བརྒྱད་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ནི་དགེ་སློང་གཅིག་པུ་དབེན
་པར་སོང་སྟེ། ཇི་སྐད་ཐོས་པ་དང་། ཇི་སྐད་བསྟན་པ་དང་། ཇི་སྐད་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་ཀྱི་དོན་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་ཅིང་། བསམ་པར་མི་བྱ་བ་ནི་སྤོང་བར་བྱེད། ལ་ལ
་ལ་ནི་དད་པས་ཀྱང་མོས་པར་བྱེད། ལ་ལ་ལ་ནི་ཤེས་རབ་ཀྱིས་རྣམ་པར་དཔྱོད་པར་བྱེད་ཅིང་། དོན་ལ་རྟོན་པ་སེམས་པར་བྱེད་ཀྱི། ཚིག་འབྲུ་ལ་རྟོན་པ་སེམས་པར་མི་བྱེད་ལ། ནག་པོ་བསྟན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ
་ཤེས་ལ་ཆེན་པོ་བསྟན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་སྙིང་པོར་སེམས་པར་བྱེད། བསྟན་པར་སེམས་པར་བྱེད། རྒྱས་པར་སེམས་པར་བྱེད་དེ། བསམ་པ་དེ་ཡང་མཐར་ཐུག་པར་བྱེད་ཀྱིས་བར་མ་དོར
་སྒྱིད་ལུག་པར་མི་བྱེད་པ་དེ་ལྟར། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། དུས་བརྒྱད་པ་དེ་ལ་བག་ཡོད་པར་བྱའོ།། ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས།། རབ་ཏུ་དབེན་པ་ལས་བརྩམས་ནས། དུས་དགུ
་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་། འདྲེས་པར་མི་གནས་ཤིང་། ལྷན་ཅིག་དགའ་བར་ཡང་མི་བྱེད། ལྷན་ཅིག་མྱ་ངན་ཡང་མི་བྱེད་པ་ནས། རྒྱས་པར་ཅི་བྱ་བ་བྱུང་ངོ་།།
་ཅིག་གི་བར་དག་ཡང་དག་པར་བླངས་ཏེ། མཐར་ཐུག་པར་རྗེས་སུ་མི་འཇུག་པ་དང་། དགོན་པ་ནགས་འདབ་དང་། བས་མཐའི་གནས་མལ་དག་ཏུ་གནས་པར་བྱེད་པ་དང་། སེམས་ཅན་ལས་དབེན་པ་དང་། ཡུལ་དང་རྣམ་པར
་གཡེང་བ་དང་། ལེ་ལོ་དང་། ཞི་གནས་དང་། ལྷག་མཐོང་དང་། ཞི་གནས་དང་ལྷག་མཐོང་གི་ཉེ་བའི་ཉོན་མོངས་པ་ལས་དབེན་པར་བྱེད་པ་དེ་ལྟར། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། དུས་དགུ་པ་དེ་ལ་བག་ཡོད་པར་བྱའོ།། ཇི
་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། རྟོགས་པའི་མཐའ་ལས་བརྩམས་ནས། དུས་བཅུ་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ལ་དགེ་སློང་ཡོད་པ་ཡང་ཡོད་པར། མེད་པ་ཡང་མེད་པར། བླ་ན་ཡོད་པ
་ཡང་བླ་ན་ཡོད་པར། བླ་ན་མེད་པ་ཡང་བླ་ན་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཡོད་པ་ཡང་ཡོད་པར། མེད་པ་ཡང་མེད་པར། བླ་ན་ཡོད་པ་ཡང་བླ་ན་ཡོད་པར། བླ་ན་མེད་པ་ཡང་བླ་ན་མེད་པར། ཡང་དག་པ་ཇི་ལྟ་བ་བཞིན་དུ
་རབ་ཏུ་ཤེས་ནས་ཀྱང་། མ་ཐོབ་པ་ལ་ཐོབ་པར་འདུ་ཤེས་མེད་པ་དང་། མ་རྟོགས་པ་ལ་རྟོགས་པར་འདུ་ཤེས་མེད་པ་དང་། མངོན་པའི་དེ་རྒྱལ་མེད་པ་དང་། མངོན་པའི་ང་རྒྱལ་གྱིས་ཟིལ་གྱིས་ནོན་པ་མེད་པར། ཤེས་པ་བརྡ་སྤྲོད་པར
་བྱེད་པ་དེ་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། དུས་བཅུ་པ་དེ་ལ་བག་ཡོད་པར་བྱའོ།། རབ་ཏུ་འབྱུང་བའི་སྒྲིབ་པ་ནི་བཞི་པོ་འདི་དག་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བསམ་པའི་སྒྲིབ་པ་དང་། ལུས་ཀྱི་སྒྲིབ་པ་དང་། རང
་ལས་ཀྱི་སྒྲིབ་པ་དང་། རང་དབང་མེད་པའི་སྒྲིབ་པའོ།། དེ་ལ་བསམ་པའི་སྒྲིབ་པ་ནི་འདི་ལྟ་སྟེ། རྒྱལ་པོས་གཙེས་པས་རབ་ཏུ་འབྱུང་བར་འདོད་པ་ཡིན་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་ལུས་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། ལོང་བ་འམ།
་འོན་པ་འམ། ཟ་མ་འམ། མ་ནིང་དུ་གྱུར་པ་འམ། གཡའ་བ་འམ། མཛེའམ། ཕོལ་མིག་གམ། སྐྱིགས་པུ་ལ་སོགས་པའི་ནད་སྐྱོན་ཆགས་པ་གང་ཡང་རུང་བས་ལུས་ལ་གནོད་པར་གྱུར་པ་ཡིན་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་ལས
་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། ཕ་བསད་པ་དང་། མ་བསད་པ་ཡིན་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་རང་དབང་མེད་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཕ་མས་མ་གནང་བ་དང་། རྒྱལ་པོས་བཀྲབས་པ་དང་། ཕྲོགས་པ་དང་། རྙེད་བརྩོན་དང་། རྗོད་པ་ཡོད་པ
་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་རབ་ཏུ་བྱུང་བས་འདུལ་བ་ལ་གནས་ལྔ་ངེས་པརརྭ་སློབ་དུ་གཞུག་པར་བྱ་སྟེ། འདི་ལྟ་སྟེ། ལྟུང་བ་སློབ་ཏུ་གཞུག་པ་དང་། ལྟུང་བ་མེད་པ་དང་། ལྕི་བ་དང་། ཡང་བ་དང་། སོ་སོར་ཐར་པའི་མདོ་འདོན་པ་སློབ་ཏུ
་གཞུག་པའོ།། དེ་ལ་ལྟུང་བ་དང་། ལྟུང་བ་མེད་པ་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ་ནི་ལྕི་བ་བྱེ་བྲག་དྲུག་གིས་འགྱུར་ཏེ། བཅའ་བའི་བྱེ་བྲག་གིས་ལྕི་བ་ནི་འདི་ལྟ་སྟེ། བསླབ་པའི་གཞི་བཅས་པ་ལའོ།། དངོས་པོའི་བྱེ་བྲག་གིས་ལྕི་བ་ནི་འདི
་ལྟ་སྟེ། ལྟུང་བྱེད་དུ་འདྲ་བ་ལས་སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་བྱེ་བྲག་ཏུ་གྱུར་པའོ།། ཉེས་པའི་བྱེ་བྲག་གིས་ལྕི་བ་ནི་འདི་ལྟ་སྟེ། ལ་ལ་ཡང་དང་ཡང
་དུ་ལྟུང་བ་འབྱིན་པའོ།། ཉོན་མོངས་པའི་བྱེ་བྲག་གིས་ལྕི་བ་ནི་འདི་ལྟ་སྟེ། ལཱ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་དཀྲིས་པ་ཤིན་ཏུ་དྲག་པོས་ལྟུང་བ་འབྱིན་པའོ།། མི་ཤེས་པའི་བྱེ་བྲག་གི་སཾ་ལྕི་བ་ནི་འདི་ལྟ་སྟེ།
་ལ་ལ་དགེ་བའི་ཕྱོགས་ཆུང་བ་དང་། ཤོས་རབ་ཞན་པ་དེ་ལ་ནི་ལྟུང་བས་ཆེས་ཤིན་ཏུ་སྒྲིབ་པར་འགྱུར་བ་སྟེ། དེ་ལས་བཟློག་པ་གཞན་ལ་ནི་བཅས་པ་འདྲ་བ་དང་། དངོས་པོ་དྲི་བ་དང་། ཉེས་པ་འདྲ་བ་དང་། ཉོན་མོངས་པ་འདྲ་བ་ལ
་ཡང་ལྟུང་བས་སྒྲིབ་པར་མི་བྱེད་དོ།། འདི་ལྟ་སྟེ། དཔེར་ན་ཆུ་འབབ་པ་ཆུང་ངུ་ནི་རྩཝ་རྩམ་གྱིས་ཀྱང་དགག་པར་ནུསཱ་ལ་རྩཝ་རྩམ་ཡང་དེད་པར་མི་ནུས་ཀྱི། ཆུ་འབབ་པ་ཆེན་པོ་ནི་རྩཝ་ཁུར་དང་ཤིང་ཁུར་གྱིས་ཀྱང་དགུག་པར
་མི་ནུས་ལ། རྩ་དང་ཤིང་མང་པོ་ཡང་དེད་པར་ནུས་པ་བཞིན་དུ། འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། དུས་ཀྱི་བྱེ་བྲག་གིསྣ་ལྕི་བོ་ནི་འདི་ལྟ་སྟེ། ལ་ལ་ལྟུང་བ་བྱུང་ནས་མྱུར་བ་མྱུར་བ་ཁོ་ནར་ཆོས་བཞིན་དུ་ཕྱིར་གྲོས་པར་མི་བྱེད་པར
་དུས་གཞན་དུ་ཡོངས་སུ་གནས་ནས་གསོ་བར་བྱེད་པའོ།། ལྟུང་བ་ཡང་བ་ནི་དེ་དག་ལས་བཟློག་པར་རིག་པར་བྱའོ།། འདུལ་བ་འཛིན་པས་ལྟུང་བ་བྱུང་བ་ལ་རྣམ་པ་ལྔས་བརྟོགས་ནས། ལྟུང་བ་སྦྱིན་པར་བྱ་སྟེ། གཅིག་ཏུ་ཀུན་ནས་ཉོན
་མོངས་པ་དང་། གཅིག་ཏུ་ལྷག་པར་མ་སྤྱད་པ་དང་། གཞི་ལས་བཅའ་བ་དང་། དེ་ལ་ཉེས་པ་བྱུང་བ་དང་མ་བྱུང་བ་བསྟན་པ་དང་། གཅིག་ཏུ་ཀུན་ཏུ་སྤྱད་པ་མ་ཡིན་པས་སོ།། དེ་ལ་གཅིག་ཏུ་ཀུན་ནས་ཉོན་མོངས་པ་ཅན་གྱི་ལྟུང་བ་ནི་འདི་ལྟ་སྟེ།
་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའོ།། དེ་ལ་གཅིག་ཏུ་ལྟུང་བ་ལྷག་པར་མ་སྤྱད་པ་ལ་ནི་བསྟན་པར་བྱའོ།། ལྟུང་བ་བྱུང་བ་ལ་ནི་ལྟུང་བ་ཕྱིར་གསོ་བའི་ལས་ཅི་རིགས་པར་ཡོངས་སུ་བསྟན་པར་བྱའོ།། དེ་ལ་བཅོམ་ལྡན་འདས་ཀྱིས
་གང་ཟག་གང་ལས་བརྟེན་པ་དང་། ཡུལ་གང་དང་དུས་གང་ལས་བརྟེན་ནས། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་བསླབ་པའི་གཞི་བཅས་པ་ལས། གལ་ཏེ་གང་ཟག་གཞན་ཞིག་ཡུལ་གཞན་དང་། དུས་གཞན་དུ་ཉེས་པ་དེ་ཉིད་ལ
་རྟེན་པར་བྱེད་ན། དེས་དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་ཉེས་པ་གང་གཟིགས་ནས་བཅས་པ་དེ་ཁོ་ན་བཞིན་དུ་ལྟུང་བ་ཕྱིར་གསོ་བའི་ལུས་ཡོངས་སུ་བསྟན་པར་བྱའོ།། གལ་ཏེ་ཉེས་པ་དེ་ལ་རྟེན་པར་མི་བྱེད་ན་ནི་དེ་ལ་ལྟུང་བ་སྦྱིན་པར་མི་བྱ་སྟེ། ཕྱིར
་གསོ་བའི་ལས་ཀྱང་ཡོངས་སུ་བསྟན་པར་མི་བྱའོ།། དེ་ལྟར་དེ་ནི་ལྟུང་བ་ཡོངས་སུ་བརྟག་པ་མདོར་བསྟན་པ་ཡིན་པར་རིག་པར་བྱའོ།། དགེ་སློང་འདུལ་བ་ལ་བརྩོན་པས་གནས་བདུན་ལ་བརྟེན་ནས། གནས་དྲུག་ལ་བརྩོན་པར་བྱ་སྟེ། གནས
་བདུན་པོ་གང་དག་ལ་བརྟེན་ནས། གནས་དྲུག་པོ་གང་དག་ལ་བརྩོན་པར་བྱ་ཞེ་ན། སྨྲས་པ། སྟོན་པ་ལ་བརྟེན་པ་དང་། མཁན་པོ་དང་། སློབ་དཔོན་དང་། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོ་སྨན་ཡོ་བྱད་ལ
་བརྟེན་ནས། ཆོས་ལ་བརྩོན་པར་བྱ་བ་དང་། བསླབ་པ་དང་། གདམས་ཤིང་རྗེས་སུ་བསྟན་པ་དང་། ཏིང་ངེ་འཛིན་དང་། བགོ་བཤའ་དང་། བག་ཡོད་པ་ལ་བརྩོན་པར་བྱའོ།། དེ་ལ་ཆོས་ནི་སོ་སོར་ཐར་པའི་མདོ་དང་། དེ་རྣམ་པར་འབྱེད་པའོ།།
་དེ་ལ་བསླབ་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ།། དེ་ལྟ་གདུམས་ཤིང་རྗེས་སུ་བསྟན་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གདམས་ཤིང་རྗེས་སུ་བསྟན་པ་དང་། ལྷག་པའི
་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་གདམས་ཤིང་རྗེས་སུ་བསྟན་པའོ།། དེ་ལ་ཏིང་ངེ་འཛིན་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ།། དེ་ལ་བགོ་བཤའ་ནི་ཟང་ཟིང་གི་བགོ་བཤའ་དང་། ཆོས་ཀྱི་བགོ
་བ་ཤའོ།། དེ་ལ་ཟང་ཟིང་གི་བགོ་བཤའ་ནི་ཡང་དག་པར་མགུ་བར་འགྱུར་བའི་ཆོས་དྲུག་ལས་གཅིག་གིསོ།། ཆོས་ཀྱི་བགྲོ་བཤན་ནི་ལྕུག་མ་ལྔས་སོ།། དེ་ལ་བག་ཡོད་པ་ནི་མཁས་པ་ལྔ་པོ་ཕུང་པོ་ལ་མཁས
་བ་ནས། གནས་དང་གནས་མ་ཡིན་པའི་བར་དག་ལ་རྟག་ཏུ་བྱེད་པ་དང་། སྒོམ་པའི་རྗེས་སུ་བརྩོན་པ་གང་ཡིན་པའོ།། འདུལ་བ་ལ་བླང་བ་ནི་ལྔ་པོ་འདི་དག་ཡིན་ཏེ། བདག་གིར་བྱ་བ་བླང་བ་དང་། བྱིན་ལེན་བླང་བ་དང་། བཏམས་པ་བླང
་བ་དང་དབུལ་བ་བླང་བ་དང་གཞན་གྱི་ཕྱིར་བླང་བའོ།། དེ་ལ་བདག་གིར་བྱ་བ་བླང་བ་ནི་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། ལྷག་པར་ཆགས་པ་དང་། གསོགས་འཇོག་བྱེད་པ་ལ་གདུ་བའོ།། དེ་ལས་བཟློག་པས་ནི་ཡོངས་སུ
་དག་པ་ཡིན་ནོ།། བྱིན་ལེན་བླང་བ་ཡང་རྒྱུ་གཉིས་ཀྱི་ཡོངས་སུ་མ་དག་པ་ཡིན་ཏེ། གནིས་མ་ཡིན་པ་ལས་ལེན་པ་དང་། ཚོད་མ་ཟིན་པ་དང་། ཆོ་ག་བཞིན་མ་ཡིན་པར་ལེན་པས་སོ།། དེ་ལས་བཟློག་པས་ནི་ཡོངས་སུ་དག་པ་ཡིན་ནོ།། །
་བཏམས་པ་བླང་བ་ཡང་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། གང་ཟག་མ་བརྟགས་པ་ལ་གཏམས་པ་དང་། རུང་བ་མ་ཡིན་པའི་དངོས་པོ་དང་། འབྲེལ་པའི་སེམས་ཀྱིས་སོ།། དེ་ལས་བཟློག་པས་ནི་ཡོངས་སུ་དག་པ
་ཡིན་ནོ།། དབུལ་བ་བླང་བ་ཡང་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། ཞིང་ངན་པ་ལ་དབུལ་བ་བླང་བ་དང་། མི་ལྟོས་པ་མ་ཡིན་པར་དབུལ་བ་བླང་བས་སོ།། དེ་ལ་ཞིང་གསུམ་པོ་ཡོན་ཏན་གྱི་ཞིང་དང་། སྙིང་བརྩེ་བའི་ཞིང
་དང་། ཕན་འདོགས་པའི་ཞིང་མ་གཏོགས་པ་དེ་ལས་གཞན་པའི་ཞིང་དག་ནི་ཞིང་ངན་པ་ཡིན་པར་རིག་པར་བྱའོ།། དེ་ལས་བཟློག་པས་ནི་ཡོངས་སུ་དག་པ་ཡིན་ནོ།། གཞན་གྱི་ཕྱིར་བླང་བ་ཡང་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ
་ཡིན་ཏེ། མ་འདྲིས་པ་འམ་མ་བཅོལ་བའམ། ངོ་མི་ཤེས་པའི་ཕྱིར་ལེན་པ་དང་། ཟང་ཟིང་དང་བཅས་པའི་སེམས་ཀྱིས་ལེན་པས་སོ།། དེ་ལ་བཟློག་པས་ནི་ཡོངས་སུ་དག་པ་ཡིན་ནོ།། འདུལ་བ་ལ་ང་དངོས་པོའི་ལོངས་སྤྱོད་ནི་རྒྱུ་ལྔས་རུང
་བ་མ་ཡིན་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་དང་། རྐྱེན་དུ་འབབ་པ་མ་ཡིན་པ་དང་། ལོངས་སྤྱོད་པར་འོས་པ་མ་ཡིན་པ་དང་། གཏོགས་པ་མ་ཡིན་པ་དང་། རུང་བ་མ་བྱས་པས་སོ།། དེ་ལ་རང་བཞིན་གྱིས་ཁ་ན་མ་ཐོ་བ
་དང་བཅས་པ་ནི་འདི་ལྟ་སྟེ། བླུགས་གཞལ་ལ་སྒྱུ་བྱེད་པ་དང་། སྲང་ལ་སྒྱུ་བྱེད་པ་དང་། གཞན་པ་ལ་སྒྱུ་བྱེད་པ་དང་། གསད་པ་དང་། བཅིང་བ་དང་། གཅད་པ་དང་། བརྡེག་པ་དང་། ནན་གྱིས་གནོད་བ་ལ་སོགས་པ་ལ་བརྟེན་ནས་དངོས
་པོའི་ལོངས་སྤྱོད་ཐོབ་པ་གང་ཡིན་པ་དེ་ནི་རུང་བ་མ་ཡིན་ནོ།། དེ་ལ་རྐྱེན་དུ་འབབ་པ་མ་ཡིན་པ་ནི་ཞིང་གི་དངོས་པོ་དང་། ཁང་ཁྱིམ་གྱི་དངོས་པོ་དང་། ཚོང་ཁང་གི་དངོས་པོ་ཡོངསུ་འཛིན་པའི་ལོངས་སྤྱོད་དང་། རྟ་དང་གླང་པོ་ཆེ་དང་།
་བ་ལང་དང་། ལུག་དང་། བྱ་གག་དང་། ཕག་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང་། བུད་མེད་དང་སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང་། བྲན་དང་། བྲན་མོ་དང་། ལསོ་བྱེད་པ་དང་། ཞོ་ཤས་འཚོ་བ
་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང་། གསེར་དང་། དངུལ་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང་། འབྲུ་ཙམ་པ་ཡོངས་སུ་འཛིན་པའི་ལོངས་སྤྱོད་ལ་སོགས་པའོ།། དེ་ལ་ལོངས་སྤྱོད་པར་འོས་པ་མ་ཡིན་པ་ནི
་འདི་ལྟ་སྟེ། བཤང་པ་ལས་བྱས་པ་འམ། གཅི་བ་ལསོ་བྱས་པ་འམ། མཚལ་མ་ལས་བྱས་པ་འམ། སྣབས་ལས་བྱས་པ་འམ། ཁྲག་གིས་གོས་པ་འམ། རྣག་གིས་གོས་པ་འམ། རྣག་ཁྲག་གིས་གོས་པ་འམ། ཞུག་དང་ཆུ་སེར
་ལ་སོགས་པས་གོས་པ་འམ། གཞན་ཡང་གང་དེ་ལྟ་བུ་དང་མཐུན་པ་དང་། བཅོམ་ལྡན་འདས་ཀྱིས་བཤང་གཅི་ལ་སོགས་པའི་བུམ་པ་ནི་ལོངས་སྤྱད་པར་རུང་བ་མ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་དག་གོ།། དེ་ལ་རྟོགས་པ་མ
་ཡིན་པ་ནི་འདི་ལྟ་སྟེ། དགེ་འདུན་གྱི་ལོངས་སྤྱོད་མ་བསྒོ་བ་དང་། ལྷུང་བཟེད་དུ་མ་ཆུད་ཅིང་། ལྷུང་བཟེད་དུ་མ་གཏོགས་པ་དང་། གང་ཟག་གི་ལོངས་སྤྱོད་མ་བྱིན་པ་དང་། མ་བཏང་བ་དང་། ལྷུག་པར་མ་བྱས་པ་དང་། ཡིད་བཅུགས
་པའི་གནས་མ་ཡིན་པ་དང་། ཚོང་མ་ཟིན་པས་སོ།། དེ་ལ་རུང་བར་མ་བྱས་པ་ནི་རུང་བ་རྣམ་པ་ལྔས་རུང་བར་མ་བྱས་པ་སྟེ། རུང་བ་ལྔ་གང་ཞེ་ན། འདི་ལྟ་སྟེ། བྱིན་ལོན་གྱིས་རུང་བ་དང་། ཉམས་པར་བྱས་པས་རུང་བ་དང་། གཞག་པས
་རུང་བ་དང་། དུས་ཀྱི་ཆོ་གས་རུང་བ་དང་། རྣམ་པར་རྟོགས་པས་བཏང་བས་རུང་བའོ།། དེ་ལས་བཟློག་པ་ནི་རུང་བ་མ་ཡིན་ནོ།། །། བམ་པོ་ཉི་ཤུ་རྩ་བརྒྱད་པ།། འདུལ་བ་ནི་བཅའ་བ་ལྔས་ཟབ་པར་རིག་པར་བྱ་སྟེ། བཅའ
་བ་ལྔ་གང་ཞེ་ན། བསླབ་པ་བཅའ་བ་དང་། ལྟུང་བ་བཅའ་བ་དང་། ངེས་པར་འབྱུང་བ་བཅའ་བ་དང་། བག་ཡངས་བཅའ་བ་དང་། ལས་བཅའ་བས་སོ།། དེ་ལ་བསླབ་པ་བཅའ་བ་ནི་གནས་ལྔས་ཟབ་པར་རིག་པར་བྱ་སྟེ། རང་དབང་མེད་པ
་དང་། ཚུལ་ཁྲིམས་ཉམས་པའི་ཉེས་པ་ཡང་དག་པར་བསྟན་པ་དང་། ལས་ངན་པ་ལ་མངོན་པར་དགའ་བའི་ཉེས་པ་ཡང་དག་པར་བསྟན་པ་དང་། དེ་གཉི་གའི་ཉེས་པ་ལྷག་པར་སྤྱད་པ་དང་ལྡེག་པར་མ་བྱས་པས་སོ།། དེ་ལ་རང་དབང་ཡོད
་པ་ནི་འདི་ཡིན་ཏེ། གང་གི་ཚེ་འདུལ་བ་རྣམས་ཉོན་མོངས་པའི་དབང་དུ་མ་སོང་ཞིང་། ཉོན་མོངས་པ་རྣམས་ཀྱིས་རང་དབང་མེད་པར་མ་བྱས་པ་དེའི་ཚེ། འདུལ་བ་རང་དབང་ཅན་དེ་ལྟ་བུ་དག་བསླབ་པ་ལྷག་པར་སྤྱད་པ་ལ་རང་དབང
་ཡོད་པ་ཁོ་ནར་མཛད་པའོ།། དེ་ལ་རང་དབང་མེད་པ་ནི་འདི་ཡིན་ཏེ། གང་གི་ཚེ་གདུལ་བ་རྣམས་ཉོན་མོངས་པའི་དབང་དུ་སོང་ཞིང་ཉོན་མོངས་པ་རྣམས་ཀྱིས་རང་དབང་མེད་པར་བྱས་པ་དེའི་ཚེ། གདུལ་བ་རང་དབང་མེད་པ་དེ་ལྟ་བུ་དག
་བསླབ་པ་ལྷག་པར་སྤྱད་པ་ལ་རང་དབང་མེད་པར་མཛད་ཅིང་བསླབ་པའི་གཞི་འཆའ་བར་མཛད་པའོ།། དེ་ལ་ཚུལ་ཁྲིམས་ཉམས་པའི་ཉེས་པ་ཡང་དག་པར་སྟོན་པ་ནི་འདི་ཡིན་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་གང
་ཡིན་པ་དེ་གཅིག་ཏུ་ལྷག་པར་སྤྱང་པར་མི་བྱའོ།། ཞེས་ཡང་དག་པར་གཟིགས་ནས། ཚུལ་ཁྲིམས་རྗེས་སུ་བསྲུང་བའི་ཕྱིར་བསླབ་པའི་གཞི་འཆའ་བར་མཛད་པའོ།། དེ་ལ་ལས་ངན་པ་ལ་མངོན་པར་དགའ་བའི་ཉེས་པ་ཡང
་དག་པར་སྟོན་པ་ནི་འདི་ཡིན་ཏེ། དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་གགས་སུ་ཡང་དག་པར་གཟིགས་པ་གང་ཡིན་པ་དེའི་གཉེན་པོར་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་བསླབ་པའི་གཞི་འཆའ
་བབར་མཛད་པའོ།། དེ་ལ་དེ་གཉི་གའི་ཉེས་པ་ལྷག་པར་སྤྱད་པ་དང་། མ་སྤྱད་པ་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པས་རང་དབང་ཡོད་པ་དག་ལ་ནི་ཉེས་པ་དེ་ལྷག་པར་མི་སྤྱོད་པར་གཟིགས་ནས། བསླབ་པའི་གཞི་འཆའ་བར་མི
་མཛད་ལ། རང་དབང་མེད་པ་དག་ལ་ནི་ཉེས་པ་དེ་ལྷག་པོར་སྤྱོད་པར་གཟིགས་ནས་བསླབ་པའི་གཞི་འཆའ་བར་མཛད་པ་གང་ཡིན་པའོ།། དེ་ལ་ལྟུང་བ་བཅའ་བ་ཡང་གནས་ལྔས་ཟབ་པར་རིག་པར་བྱ་སྟེ། དེ་ལ་ལྟུང་བ་གང་ཞེ་ན། དགེ
་ཆོས་རྣམས་སྐྱེ་བ་ལ་སྒྲིབ་པ་གང་ཡིན་པའོ།། སྒྲིབ་པ་དེ་ཡང་རྣམ་པ་ལྔ་སྟེ། ལྷོང་པའི་སྒྲིབ་པ་དང་། ཁ་ནུ་མ་ཐོ་བའི་སྒྲིབ་པ་དང་། ཁྱད་དུ་གསོད་པའི་སྒྲིབ་པ་དང་། འགྱོད་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པའོ།། དེ་ལ་ལྷོང་པའི་སྒྲིབ
་པ་ནི་དགེ་བའི་ཆོས་རྣམས་ལ་ལེ་ལོ་བྱེད་ཅིང་མངོན་པར་མི་བརྩོན་པ་གང་ཡིན་པའོ།། དེ་ལ་ཁ་ན་མ་ཐོ་བའི་སྒྲིབ་པ་ནི་འདི་ལྟར་འདི་ན་ལ་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པའམ། ཞེ་སྡང་གི་ཀུན་ནས་དཀྲིས་པ་འམ། གཏི་མུག་གི་ཀུན
་ནས་དཀྲིས་པའམ། སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་ན། དེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་སྐྱེས་པ་དེ་དང་དུ་ལེན་པར་བྱེད་པའོ།། དེ
་ལ་ཁྱད་དུ་གསོད་པའི་སྒྲིབ་པ་ནི་འདི་ལྟར་འདི་ན་ལ་ལ་བསླབ་པ་ལ་མི་འདུ་ཞིང་བསླབ་པ་ལ་གུས་པ་དྲག་པོ་མེད་པ་དང་། ལྟུང་བ་ལ་འཇིགས་པར་མི་ལྟ་ཞིང་ལྷག་པར་འབྱིན་པ་དང་། ལྷག་པར་བྱུང་ན་ཡང་ཕྱིར་འཆགས་པར་མི་བྱེད་པ
་དང་། སྟོན་པ་བསླབ་པ་ལ་མི་གུས་པའི་རང་བཞིན་ཅན་ཡིན་ནོ།། དེ་ལ་འགྱོད་པའི་སྒྲིབ་ནི་འདི་ལྟར་འདི་ན་ལ་ལ་ཉོན་མོངས་པ་ཅན་གྱི་འགྱོད་པའི་རྒྱུན་གྱིས་རེག་ཅིང་། འགྱོད་པ་དེ་ཡང་ལེགས་པར་རབ་ཏུ་སེལ་བར་མི་ནུས་ལ། ཀུན་ཏུ
་འགྱོད་པ་དང་བཅས། རྣམ་པར་འགྱོད་པ་དང་བཅས། ཡིད་ལ་གཅགས་པ་དང་བཅས་པའོ།། དེ་ལ་ཤེས་བྱའི་སྒྲིབ་པ་ནི་འདི་ཡིན་ཏེ། འདི་ལྟར་འདི་ན་ཡིད་ལ་གཅགས་པ་དང་། བཅས་པ་ལ་ལ་བསླབ་པ་རྣམ་པར་མ་དག་པའི་གཞིའི
་རྒྱུས་མཆོག་ཏུ་དགའ་བ་མི་སྐྱེ་ལ། རབ་ཏུ་མི་དགའ་བ་ལ་ནི་དགའ་བ་མི་སྐྱེ་བ་ནས། སེམས་མཉམ་པར་མ་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་མཐོང་བས། དེའི་ཕྱིར་ཤེས་བྱའི
་པ་ཞེས་བྱའོ།། དེ་ལ་ལྷོད་པའི་སྒྲིབ་པས་རེག་པ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་དུ་ལེན་པའི་རང་བཞིན་ཅན་དུ་འགྱུར་ལེ། དང་དུ་ལེན་པའི་རང་བཞིན་ཅན་ནི་ཁ་ན་མ་ཐོ་བའི་སྒྲིབ་པས་རེག་པར་འགྱུར་རོ།། ཁ་ན་མ་ཐོ་བའི
་སྒྲིབ་པས་རེ་གོ་ན། བསླབ་པ་དག་ལ་གུས་པ་དྲག་པོ་མེད་ཅིང་ལྟུང་བ་འབྱིན་འདོད་པར་འགྱུར་ལ། དེ་ལྟར་ལྟུང་བ་འབྱིན་འདོད་པ་ནི་ཁྱད་དུ་གསོད་པའི་སྒྲིབ་པས་རེག་པར་འགྱུར་རོ།། ཁྱད་དུ་གསོད་བའི་སྒྲིབ་པས་རེག་ན་ཉོན་མོངས་པ་ཅན་གྱི།
་ཡིད་ལ་གཅགས་པ་བསྐྱེད་ཅིང་། ཡིད་ལ་གཅགས་པ་སྐྱེས་པ་སེལ་བར་ཡང་མི་ནུས་པར་འགྱུར་བས། དེ་ནི་འགྱོད་པའི་སྒྲིབ་པས་རེག་པར་འགྱུར་རོ་འགྱོད་པའི་སྒྲིབ་པས་རེག་པ་ནི་ཡིད་ལ་གཅགས་པ་དང་བཅས
་པ་ཡིན་པས་དེས་ན་དེའི་སེམས་མཉམ་པར་འཇོག་པའི་བར་དུ་མི་འགྱུར་ལ། སེམས་མཉམ་པར་མ་གཞག་པ་ཤེས་བྱའི་སྒྲིབ་པས་རེག་པར་འགྱུར་ཏེ། དེ་ནི་སྒྲིབ་པས་དེ་དག་གི་གོ་རིམས་ཡིན་ནོ།། དེ་དག་ལས་བཟློག་པ་སྒྲིབ་པ་མེད་པ
་ལྔས་ནི་ལྷོང་པའི་སྒྲིབ་པ་མེད་པ་དང་། ཁ་ན་མ་ཐོ་བའི་སྒྲིབ་པ་མེད་པ་དང་། ཁྱང་དུ་གསོད་བའི་སྒྲིབ་པ་མེད་པ་དང་། འགྱོད་པའི་སྒྲིབ་པ་མེད་པ་དང་། ཤེས་བྱའི་སྒྲིབ་པ་མེད་པ་ཡིན་པར་རིག་པར་བྱའོ།། དེ་ལ་ལྷག་པའི་བསམ་པ་ཉམས་པས་ནི
་རེ་ཤིག་ལྟུང་བ་ལ་སློང་བར་ཡང་མི་འགྱུར་ན། ལྟུང་བ་མེད་པར་ལྟ་ག་ལ་འགྱུར། ལྷག་པའི་བསམ་པ་ཉམས་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔས་བལྟ་བར་བྱ་སྟེ། བརྩོན་འགྲུས་རྩོམ་མི་འདོད་པ་ཡིན། ཉོན་མོངས་པ་དང་དུ་ལེན་འདོད་པ
་ཡིན། ལྟུང་བ་ལྷག་པར་འབྱིན་འདོད་པ་ཡིན། འགྱོད་པ་སེལ་བར་མི་འདོད་པ་ཡིན། ཏིང་ངེ་འཛིན་སྒྲུབ་པར་མི་འདོད་པ་ཡིན་ནོ།། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ་ནི་ལྟུང་བ་ཡང་མེད་ན། ལྟུང་བ་ལས་བསླང་བ་ལྟ་སྨོས་ཀྱང་ཅི་དགོས།།
་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔས་བལྟ་བར་བྱ་སྟེ། བརྩོན་འགྲུས་རྩོམ་འདོད་པ་ཡིན། ཉོན་མོངས་པ་དང་དུ་ལེན་མི་འདོད་པ་ཡིན། ལྟུང་བ་འབྱིན་པ་མི་འདོད་པ་ཡིན། འགྱོད་པ་སེལ་འདོད་པ་ཡིན།།
་ཏིང་ངེ་འཛིན་བསྒྲུབ་པར་འདོད་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་ང་ནི་བསམ་པ་ཐག་པས་ལྟུང་བ་ལས་ལྡང་བར་སྨྲའི་ཆང་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་དེ་ལ་ལྟུང་བ་ནི་གནས་བཅུ་ལས་ཡོངས་སུ་བཙལ་བར
་བྱ་སྟེ། སོ་སོར་ཐར་པའི་ཆོས་དང་། དེ་རྣམ་པར་འབྱེད་པའི་འདུལ་བ་དང་། ལྟུང་བ་སྡེ་ལྔ་པོ་དག་གི་ལྟུང་བར་རང་གི་མཚན་ཉིད་དང་། ལྕི་བའི་མཚན་ཉིད་གྱི་བྱེ་བྲག་དྲུག་པོ་བཅའ་བའི་བྱེ་བྲག་དང་། དངོས་པོའི་བྱེ་བྲག་དང་། ཉོན
་མོངས་པའི་བྱེ་བྲག་དང་། ཉེས་པའི་བྱེ་བྲག་དང་། གང་ཟག་གི་བྱེ་བྲག་དང་། དུས་ཀྱི་བྱེ་བྲག་དང་། འཛེམ་པ་མེད་པའི་ཕམ་པ་མ་གཏོགས་པར་དེ་ལས་གཞན་པ་ལྷག་མ་དང་བཅས་པའི་མཚན་ཉིད་དང་། ལས་དང་པོ་པ་དང་། ལས
་དང་པོ་པ་མ་ཡིན་པ་ལྷག་པར་སྤྱོད་པ་དང་། ལྷག་པར་སྤྱོད་པ་དེ་དགེ་སློང་རྣམས་ཀྱི་སྟོན་པ་ལ་བསྙད་པ་དང་། བསྙད་ནས་སྟོན་པས་ལྟུང་བ་བཅའ་བའི་ཕྱིར་དགེ་འདུན་བསྡུ་བ་དང་། བསྡུས་ནས་དགེ་འདུན་ལ་ལྟུང་བ་བཅས་པ་དང་། ལྟུང
་བ་བཅས་པ་ལ་ཕྱིས་རྗེས་སུ་གནང་བ་དང་། བཀག་པ་ལས་སོ།། དེ་ལ་ངེས་པར་འབྱུང་བ་བཅས་པ་ཡང་གནས་ལྔས་ཟབ་པར་རིག་པར་བྱ་སྟེ། ཀུན་ནས་ཉོན་མོངས་པ་མེད་པ་ངེས་པར་འབྱུང་བ་དང་། གནོད་པས་ངེས་པར་འབྱུང་བ་དང་།
་བར་ཆད་ཀྱིས་ངེས་པར་འབྱུང་བ་དང་། གཉེན་པོ་མེད་པས་ངེས་པར་འབྱུང་བ་དང་། བཤགས་པས་ངེས་པར་འབྱུང་བས་སོ།། དེ་ལ་ཀུན་ནས་ཉོན་མོངས་པ་མེད་པས་ངེས་པར་འབྱུང་བ་ནི་འདི་ལྟར་འདི་ན་ལྟུང་བའི་གནས་དང
་མཐུན་པའི་ཆོས་ཕྲན་ཚེགས་ཕྲུ་བ་གང་ཡང་རུང་བ་ལྷག་པར་སྤྱད་པ་ལ་ལ་ཞིག་ལ་གུལ་ཏེ་དགེ་བའི་ཆོས་རྣམས་ནི་མངོན་པར་འཕེལ་ལ། མི་དགེ་བའི་ཆོས་རྣམས་ནི་ཡོངས་སུ་ཉམས་པར་འགྱུར་ན། དེས་དེ་ཀུན
་ནས་ཉོན་མོངས་པར་ཡང་མི་འགྱུར་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ངེས་པར་འབྱུང་བའི་ཕྱིར་དེ་ནི་དེའི་ཀུན་ནས་ཉོན་མོངས་པ་མེད་པ་ངེས་པར་འབྱུང་བ་ཡིན་ནོ།། དེ་ལ་གནོད་པས་ངེས་པར་འབྱུང་བ་ནི་གལ་ཏེ་གནོད་པ་དང་།
་སྡུག་བསྔལ་པ་དང་། ནད་ཚབས་ཆེ་བས། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་རྣམས་མ་གཏོགས་པ། ལྟུང་བའི་གནས་དང་མཐུན་པའི་ཆོས་གཞན་དག་ལྷག་པར་སྤྱོད་ན། དེ་ལ་གནོད་པ་ཁོ་ནས་ངེས་པར་འབྱུང་བའི
་ཕྱིར་དེ་ནི་དེའི་གནོད་པས་ངེས་པར་འབྱུང་བ་ཡིན་ནོ།། དེ་ལ་བར་ཆད་ཀྱིས་ངེས་པར་འབྱུང་བ་ནི་གལ་ཏེ་སྲོག་གི་བར་ཆད་དམ། ཚངས་པར་སྤྱོད་པའི་བར་ཆད་མཐོང་ནས་ལྟུང་བའི་གནས་དང་མཐུན་པའི་ཆོས་ཕྲན་ཚེགས་ཕྲ་བ་གང
་ཡང་རུང་བའི་ལྟུང་བ་བྱུང་བར་གྱུར་ན། དེ་ལ་བར་ཆད་ཁོ་ནས་ངེས་པར་འབྱུང་བའི་ཕྱིར་དེ་ནི་དེའི་བར་ཆད་ཀྱིས་ངེས་པར་འབྱུང་བ་ཡིན་ནོ།། དེ་ལ་གཉེན་པོ་མེད་པས་ངེས་པར་འབྱུང་བ་ནི་གལ་ཏེ་གུས་པའི་རང་བཞིན་ཅན་ཡུལ་སྨྱནྡྷ
་ན་འདུག་གས། འབྲོག་དགོན་པ་ནི་འདུག་པ་ཞིག་གིས་ཡོངས་སུ་ལོངས་སྤྱོང་བར་བྱ་བའི་དངོས་པོ་གང་ཡང་རུང་བ་ཞིག་ལ་ཡོངས་སུ་ལོངས་སྤྱད་པོའི་ཆོག་མ་རྙེད་དམ། ཁར་མིང་ཀྱི་གནས་ལྟ་བུའི་ཆོས་གང་ཡང་རུང་ངོས།
་པོ་དེ་ཡོངས་སུ་ལོངས་སྤྱད་དེ། ལྟུང་བའི་གནས་དང་མཐུན་པའི་ཆོས་ཕྲན་ཚེགས་ཕྲ་བའི་ལྟུང་བ་བྱུང་བར་གྱུར་ན། དེ་ལ་གཉེན་པོ་མེད་པ་ཁོ་ནས་ངེས་པར་འབྱུང་བའི་ཕྱིར། དེ་ནི་དེའི་གཉེན་པོ་མེད་པས་ངེས་པར་འབྱུང་བ་ཡིན་ནོ།། དེ
་ལ་བཤགས་པས་ངེས་པར་འབྱུང་བ་ནི་འདི་ལྟར་འདི་ན་ལ་ལ་ལྟུང་བ་སྡེ་ལྔ་པོ་དག་ལས་ལྷག་མ་དང་བཅས་པའི་ལྟུང་བ་བྱུང་བ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱི་མདུན་དུ་འདུལ་བའི་གསང་བས་འཆགས་པར་བྱེད།།
་འཐོལ་བར་བྱེད། ཆོས་བཞིན་དུ་ཕྱིར་གསོ་བར་བྱེད་པའོ།། དེ་ལ་ལྟུང་བ་ཕྲིན་ཚེགས་ཕྲ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་མ་གཏོགས་པའོ།། དེ་ལ་བག་ཡངས་བཅའ་བ་ཡང་གནས་ལྔས་ཟབ་པར་རིག་པར
་བྱ་སྟེ། རྣམ་པར་དག་པ་དང་། དབྱེན་སྤང་བ་དང་། གང་ཟག་རླབས་པོ་ཆེ་དོན་ཆེན་པོ་དང་ལྡན་པ་གཞུག་པ་དང་། བསྟན་པ་འཕེལ་བར་བྱ་བ་དང་། དཀའ་བས་འཚོ་བ་སྤང་བས་སོ།། དེ་ལ་རྣམ་པར་དག་པ་ནི་འདི་ཡིན་ཏེ། དགྲ་བཅོམ་དག་བྱ
་བ་བྱས་པ་རྣམས་ཀྱི་དགེ་འདུན་དུ་གྱུར་ན། དེ་དག་གི་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་ཐམས་ཅད་ནི་རྣམ་པར་དག་པ་དེས་བག་ཡོངས་སུ་གྱུར་པ་ཡིན་པར་རིག་པར་བྱའོ།། དེ་ལ་དབྱེན་སྤང་བ་ནི་འདི་ཡིན་ཏེ། དགེ་འདུན་གྱི་ནང་ན
་དགེ་སློང་ཁ་ཅིག་ནི་ལྟུང་བ་འབྱུང་བ་ལ་བྱུང་བར་འདུ་ཤེས་པ་དང་། ལྟུང་བ་མ་བྱུང་བ་ལ་བྱུང་བར་འདུ་ཤེས་ལ། ཁ་ཅིག་ནི་ལྟུང་བ་བྱུང་ལ་བྱུང་བར་འདུ་ཤེས་པ་དང་། ལྟུང་བ་མ་བྱུང་ལ་མ་བྱུང་བར་འདུ་ཤེས་པས། གཞི་དེས་ཐབ
་མོ་དང་། མཚང་འདུ་བ་དང་། རྩོད་པ་དང་། འགྱེད་པ་འབྱུང་བར་འགྱུར་ཞིང་དེས་དགེ་འདུན་མི་བདེ་བར་འགྱུར་བས། དེའི་ཕྱིར་རྩོད་པ་དེ་ཉིད་ཞི་བར་བྱ་བའི་ཕྱིར་དགེ་འདུན་མཐུན་བྱས་གསོལ་བ་དང་བཞིའི་ལས
་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པའོ།། དེ་ལ་གང་ཟག་རླབས་པོ་ཆེ་དོན་ཆེན་པོ་དང་ལྡན་པ་གཞུག་པ་ནི་འདི་ཡིནོ་ཏེ། འདི་ལྟ་སྟེ། དགེ་འདུན་གྱིས་གང་ཟག་རིགས་མཐོན་པོ་བསྟན་པ་ལ་གཅེས
་སྤྲས་བྱེད་པ་ཞིག་རྙེད་ལ། དེ་ཡང་དེ་ལྟར་མ་བྱས་ན་འཇུག་པར་མི་འགྱུར་ན། དེ་གཞུག་པའི་དོན་དུ་དགེ་འདུན་མཐུན་པས་གསོལ་བ་དང་། གཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པའོ།། དེ་ལ
་བསྟན་པ་འཕེལ་བར་བྱ་བ་ནི་འདི་ཡིན་ཏེ། དུས་ཀྱིས་མཐའ་རྩོད་པའི་དུས་ཀྱིས་དུས་དྲན་པ་བྱུང་བའི་ཚེ། སེམས་ཅན་ངག་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་མང་པོ་དག་ལ་སློབ་པར་མི་འདོད་ཅིང་། མ་ཞུག་པ་ནི་མི་འཇུག་ལ།
་ཞུགས་པ་སྒྱིད་ལུག་པོར་འགྱུར་ཏེ། དེས་བསྟན་པ་ཡོངས་སུ་ཉམས་པར་འགྱུར་ཞིང་། འཕེལ་བར་མི་འགྱུར་བས། གཞི་དེའི་ཕྱིར་དགེ་འདུན་མཐུན་པས་བསྟན་པ་འཕེལ་བར་བྱ་བའི་ཕྱིར་གསོལ་བ་དང་གཞིའི་ལས་ཀྱི
་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པའོ།། དེ་ལ་དཀའ་བས་འཚོ་བ་སྤང་བ་ནི་འདི་ཡིན་ཏེ། དུས་ཀྱི་མཐའ་རྩོད་པའི་དུས་ངན་པ་བྱུང་བའི་ཚེ། དགེ་སློང་དག་བསློབ་པའི་གཞི་ཕྲན་ཚགས་ཕྲ་བའི་རྒྱུས་དཀའ
་བས་འཚོ་བར་བྱེད་པས་དེའི་ཕྱིར་དཀའ་བས་འཚོ་བ་དེ་ཉིད་བག་ཡངས་སུ་བྱ་བའི་ཕྱིར་དགེ་འདུན་མཐུན་པས་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པའོ།། ལས་བཅའ་ནི་ལས་བཅུ་ལ
་གང་ཟག་གང་ལྔས་ཟབ་པར་རིག་པར་བྱ་སྟེ། ལས་བཅུ་གང་ཞེ་ན། བསྙེན་པར་རྫོགས་པའི་ལས་དང་། ས་ཚིགས་ཀྱི་ལས་དང་། གསོ་སྦྱོང་གི་ལས་དང་། གནང་བའི་ལས་དང་། གནས་པར་ཁས་བསླང་བ་དང་། དགག་དབྱེའི་ལས
་དང་། ཆད་པའི་ལས་དང་། ཕན་གདགས་པའི་ལས་དང་། གསོལ་བ་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་སོ།། གང་ཟག་ལྔ་གང་ཞེ་ན། གང་ཟག་ཅང་ཤེས་ལྟ་བུ་དང་། གང་ཟག་ནེ་ཚེ་ལྟ་བུ་དང་། གང
་ཟག་སྐར་མདའ་ལྟ་བུ་དང་། གང་ཟག་གློག་ལྟ་བུ་དང་། གང་ཟག་རི་མོ་བྲི་བ་ལྟ་བུའོ།། གང་ཟག་ཅང་ཤེས་ལྟ་བུ་གང་ཞེ་ན། ལས་བཅུ་པོ་དེ་དག་ལ་དོན་ལ་རྟོན་པ་ཡིན་གྱི། ཚིགས་འབྲུ་ལ་རྟོན་པ་མ་ཡིན་པ་དང་། དོན་ལ་བརྟེན་ནས་འཇུག
་བྱེད་ཀྱི། སྒྲ་ལ་མ་ཡིན་པ་དང་། ཚིག་གི་ལས་དེ་མ་བྱས་ཀྱང་དོན་གང་ལ་ཚིག་ངེ་འཇུག་པའི་དོན་དེ་ཀུན་ཏུ་སྤྱོད་པ་གང་ཡིན་པའོ།། གང་ཟག་ནེ་ཙོ་ལྟ་བུ་གང་ཞེ་ན། ཚིག་འབྲུ་ལ་རྟོན་པ་ཡིན་གྱི། དོན་ལ་རྟོན་པ་མ་ཡིན་པ་དང་། ཚིག
་འབྲུ་ལ་བརྟེན་ནས་འཇུག་པར་བྱེད་ཀྱི། དོན་གང་ལ་ཚིག་དེ་འཇུག་པ་ལ་མི་འཇུག་པ་གང་ཡིན་པའོ།། གང་ཟག་སྐོར་མདའ་ལྟ་བུ་གང་ཞེ་ན། འདི་ལྟར་འདི་ན་གང་ཟག་ལ་ལ་ལས་ཀྱི་གཞི་ཆུང་ངུ་ཞིག་དང་ཕྲད་ན་ཡང་སྒྲོ་གདགས་པ
་མང་དུ་བྱས་ནས་ཀུན་ཏུ་སྤྱོད་པར་བྱེད་པ་སྟེ། དཔེར་ན་སྐར་མངའ་ལྟ་བུའོ།། གང་ཟག་གློག་ལྟ་བུ་གང་ཞེ་ན། འདི་ལྟར་འདི་ན་གང་ཟག་ལ་ལ་རེས་འགའ་ནི་ལས་ལེགས་པར་བསླབས་པར་ཀུན་ཏུ་སྣང་ལ།
་རེས་འགའ་ནི་ཀུན་ཏུ་མི་སྣང་སྟེ། དཔེར་ན་གློག་ལྟ་བུའོ།། གང་ཟག་རི་མོ་བྲི་བ་ལྟ་བུ་གང་ཞེ་ན། འདི་ལྟར་འདི་ན་གང་ཟག་ལ་ལ་ཇི་སྐད་སྨྲས་པའི་ལས་ལ་དེ་ཁོ་ན་བཞིན་དུ་འཇུག་པར་བྱེད་ཅིང་། ལྷག་ཚད་མེད་པར་བྱེད་པ་སྟེ། དཔེར་ན
་རི་མོ་བྲི་བ་ལྟ་བུའོ།། འདུལ་བ་ལྷང་ཅན་ནི་ལྔ་སྟེ། བསླབ་པའི་གཞི་བཅའ་བ་ལྷང་ཅན་དང་། ལྟུང་བ་བཅའ་བ་ལྷང་ཅན་དང་། ངེས་པར་འབྱུང་བ་བཅའ་པ་ལྷད་ཅན་དང་། བག་ཡངས་བཅའ་བ་ལྷང་ཅན་དང་། ལས་བཅའ་བ་ལྷུང
་ཅན་ནོ།། བསླབ་པའི་གཞི་བཅའ་བ་ལྷད་ཅན་གང་ཞེ་ན། བསླབ་པའི་གཞི་བཅའ་བ་མདོ་སྡེ་ལ་ཡང་མི་འཇུག། འདུལ་བ་ལ་ཡང་མི་སྣང་། ཆོས་ཉིད་དང་ཡང་མི་མཐུན་པའོ།། དེ་ལ་ཆོས་ཉིད་དང་མི་མཐུན་པ་ནི་འདི་ཡིན་ཏེ། མི
་དགེ་བའི་ཆོས་རྣམས་ནི་མངོན་པར་འཕེལ་བར་བྱེད་ལ། དགེ་བའི་ཆོས་རྣམས་ནི་ཡོངས་སུ་ཉམས་པར་བྱེད་པ་གང་ཡིན་པའོ།། ལྟུང་བ་བཅའ་བ་ལྷད་ཅན་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་ལྟུང་བ་ནི་ལྟུང་བ་མ་ཡིན་པར་འཆའ
་བར་བྱེད་ལ། ལྟུང་བ་མ་ཡིན་པ་ནི་ལྟུང་བར་འཆའོ་བར་བྱེད་པའོ།། ངེས་པར་འབྱུང་བ་བཅའ་བ་ལྷང་ཅན་གོང་ཞེ་ན། འདི་ལྟར་འདི་ནི་ལ་ལ་ངེས་པར་འབྱུང་བ་མ་ཡིན་པ་ནི་ངེས་པར་འབྱུང་བར་འཆའ་བར་བྱེད་ལ་ངེས་པར་འབྱུང
་བ་ནི་ངེས་པར་འབྱུང་བ་མ་ཡིན་པར་འཆའ་བར་བྱེད་པའོ།། བག་ཡངས་བཅའ་བ་ལྗང་ཅན་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་བག་ཡངས་མ་ཡིན་པ་ནི་བག་ཡངས་སུ་འཆའ་བར་བྱེད་ལ། བག་ཡངས་ནི་བག་ཡངས་མ་ཡིན་པར་འཆིའ་བར
་བྱེད་པའོ།། ལས་བཅའ་བ་ལྷང་ཅན་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་ཆོས་མ་ཡིན་པའི་ལས་ནི་ཆོས་ཀྱི་ལས་སུ་འཆའ་བར་བྱེད་ལ། ཆོས་ཀྱི་ལས་ནི་ཆོས་མ་ཡིན་པའི་ལས་སུ་འཆའ་བར་བྱེད་པའོ།། གཞི་བཅུ་མ་གཏོགས་པ་དགེ་སློང་གི
་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དགེ་སློང་གིས་གཞན་དག་ལ་རྗོད་པར་བྱེད། སྟོན་པར་བྱེད། རབ་ཏུ་སྟོན་པར་བྱེད་ན། རྗོད་པ་ཡོངས་སུ་མ་དག་པ་ཡིན་པར་བརྗོད་པར་བྱའོ།། གཞི
་བཅུ་གང་ཞེ་ན། སངས་རྒྱས་དཀོན་མཆོག་ལ་བསྣུན་པར་འདོད་པ་འམ། རྐུ་བུར་འདོད་པ་དང་། སངས་རྒྱས་དཀོན་མཆོག་ལ་ཇི་ལྟ་བ་བཞིན་དུ་ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་ལ་ཡང་དེ་བཞིན་པ་དང་། ཚུལ་ཁྲིམས
་ཉམས་པའི་ཕྱོགས་སམ། ལྟ་བ་དང་། ཆོ་ག་དང་། འཚོ་བ་ཉམས་པའི་ཕྱོགས་འཕེལ་ཞིང་རྒྱུས་པ་དང་། ཡངས་པར་འགྱུར་བར་མཐོང་ངམ། ཐོས་སམ། དོགས་པ་དང་། ཚུལ་ཁྲིམས་ཉམས་པ་འམ། ལྟ་བ་དང་། ཆོ་ག་དང་། འཚོ་བ
་ཉམས་པ་དམ་པའི་ཆོས་མ་ཡིན་པ་སྟོན་པར་མཐོང་ངམ། ཐོས་སམ། དོགས་པ་དང་། ཚུལ་ཁྲིམས་ཉམས་པ་འམ། ལྟ་བ་དང་། ཆོ་ག་དང་། འཚོ་བ་ཉམས་པ་མི་དགེ་བའི་གནས་ནས་བསླངས་སྟེ། དགེ་བའི་གནས་སུ་གཞག་པར་འདོད་པ
་དང་། དགེ་སློང་ཚུལ་ཁྲིམས་ཉམས་པ་འམ། ལྟ་བ་དང་། ཆོ་ག་དང་། འཚེ་བ་ཉམས་པ་འཆབ་པར་བྱེད་པ་དག་གཞན་གྱིས་ཤེས་པར་གྱུར་ན་མི་རུང་ངོ་སྙམ་ནས་གཞན་དག་གིས་སེམས་རྗེསུ་བསྲུང་བའི་ཕྱིར་དང་། སྦྱིན
་བདག་དགེ་བསྙེན་བཙུག་ལག་ཁང་གི་བདུག་པོས་དགེ་འདུན་ལ་བདག་ནི་དགེ་སློང་ཚུལ་ཁྲིམས་ཉམས་པའམ། ལྟ་བ་དང་། ཆོ་ག་དང་། འཚེ་བ་ཉམས་པ་འདིར་གནས་པར་མོས་པ་མ་མཆིས་ཀྱིས་ཁྱེད་ཅག་ལས་གང་གིས་སུའི་ཚུལ་ཁྲིམས
་ཉམས་པའམ། ལྟ་བ་དང་། ཆོ་ག་དང་། འཚེ་བ་ཉམས་པར་མཁྱེན་པ་དེས་བདག་ལ་མོས་པར་མཛོད་ཅིག་ཅེས་མཁྱེན་པར་གསོལ་ལ། དགེ་འདུན་གྱིས་ཀྱང་དེའི་ལྟར་མཉན་པ་དང་། མཚམས་ཀྱི་ནང་དུ་གཞན་དག་ལ་གནོད་པ་སྐྱེད་པར
་འདོད་པ་མཐོང་ངམ། ཐོས་སམ། དོགས་པ་དང་། དགེ་འདུན་གྱི་ཚུལ་ཁྲིམས་ཉམས་པ་འམ། ལྟ་བ་དང་། ཆོ་ག་དང་། འཚོ་བ་ཉམས་པ་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ། དེ་ཆད་པས་བཅད་པ་འམ། སྤང་བར་མི་ནུས་པའོ།། གང་གིས
་བརྗོད་པ་ཡོངས་སུ་མ་དག་པར་འགྱུར་བའི་རྒྱུ་གཅིག་དང་། རྐྱེན་གཅིག་ཁོ་ན་ཡང་ཡོད་དེ། གལ་ཏེ་ཕྲག་དོགས་གི་ཕྱིར་རམ། ཞེ་སྡང་གི་ཕྱིར་རམ། ཟང་ཟིང་གི་ཕྱིར་སྨད་པ་འམ། དགོད་པ་འམ། ཉམས་པར་འགྱུར་བ་དེ་ལྟ་བུའི་རྐྱེན་ཉིད་ཀྱི
་དབང་དུ་བྱས་ནས། རྗོད་པ་དེ་ནི་རྗོད་པ་ཡོངས་སུ་མ་དག་པ་ཡིན་པར་བརྗོད་པར་བྱའོ་འདུལ་བ་ལ་ཆོས་དང་དོན་ཡོངས་སུ་བྱང་བར་བྱེད་པའི་དཔེའི་དངོས་པོ་ནི་ལྔ་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ། སྐྱེས་པའི་རབས་དང་། བྱུང་བ་དང་། འདྲ་བ
་དང་། སྦྱར་བ་དང་། རྟོགས་པ་བརྗོད་པའོ།། དེ་ལ་སྐྱེས་པའི་རབས་ནི་བྱང་ཆུབ་སེམས་དཔའི་སྔོན་གྱི་སྤྱོད་པ་ལས་བརྩམས་པའོ།། དེ་ལ་བྱུང་བ་ནི་སྔོན་གྱི་ཚུལ་དང་ལྡན་པ་གང་ཅི་ཡང་རུང་བའོ།། དེ་ལ་འདྲ་བ་ནི་འདི་ལྟ་སྟེ། འོ་མ་དང་། ཞོ་དང་།
་མར་སར་དང་། མར་གྱི་སྙིང་ཁུའི་དཔེས་གང་ཟག་མཆོག་དང་འདྲ་བ་དང་། འཇིག་རྟེན་པའི་གང་ཟག་གི་ཆུ་བདུན་གྱི་དཔེས་ཆོས་འདི་པའི་གང་ཟག་བདུན་དང་འདྲ་བ་དང་། དེ་ལྟ་བུ་དང་མཐུན་པའི་འདྲ་བ་གཞན་དག་ཀྱང་རིག་པར་བྱའོ།། དེ
་ལ་སྦྱར་བ་ནི་འདི་ལྟ་སྟེ། གཞུ་ཆེན་པོའི་དཔེ་དང་། སྨན་པའི་དཔེ་དང་། དེ་ལྟ་བུ་དང་མཐུན་པའི་དཔེ་གཞན་གྱིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱུང་བ་དང་། རྗེས་སུ་མཐུན་པར་སྦྱར་བ་དང་། འཇིག་རྟེན་པའི་དཔེ་མཐོང་བའི་འབྲེལ་པ་གང
་ཡང་རུང་བས་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པར་སྦྱར་བའོ།། དེ་ལ་རྟོགས་པ་བརྗོད་པ་ནི་ཡ་མཚན་ཆེ་ཞིང་། རྒྱ་ཆེ་བ་མང་བའི་དཔེ་གང་ཡིན་པ་དེའང་། འདི་ལྟ་སྟེ། རིང་པོ་ལེན་གྱི་རྟོགས་པ་བརྗོད
་པ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་གོ།། ཤེས་བྱའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔས་རྣམ་པར་གཞག་ཏེ། ལྔ་གང་ཞེ་ན། དངོས་པོ་དང་། རྣམ་པའི་ལམ་གྱི་རབ་ཏུ་དབྱེ་བ་དང་། ཤེས་པའི་རྟེན་དང་། ཤེས་པའི་རབ་ཏུ
་དབྱེ་བ་དང་། དེ་ལས་གཞན་པའི་ཤེས་པ་བསྡུས་པས་སོ།། དེ་ལ་མདོར་བསྡུ་ན། འདུས་བྱས་དང་། འདུས་མ་བྱས་ནི་ཤེས་བྱའི་དངོས་པོ་ཞེས་བྱའོ།། དེ་ཡང་རྣམ་པ་ལྔ་སྟེ། ཤེས་བྱ་རྣམ་པ་ལྔ་པ་དེའི་ལས་ཀྱང་རྣམ་པ་ལྔར་བལྟ་བར་བྱའོ།། །
་ཤེས་བྱ་རྣམ་པ་ལྔ་གང་ཞེ་ན། ཤེས་བྱ་ནི་བཏགས་པ་ལས་ཤེས་བྱ་ཡང་ཡོད་དོ།། དོན་དམ་པ་ལས་ཤེས་བྱ་ཡང་ཡོད་དོ།། བྱ་བའི་མཐའ་ཡས་ཤེས་བྱ་ཡང་ཡོད་དོ།། གཞན་དག་གི་སེམས་ཀྱི་རྒྱུ་དགེ་བ་དང་། མི
་དགེ་བ་ལས་ཤེས་བྱ་ཡང་ཡོད་དོ།། རྣམ་པ་ཐམས་ཅད་ལས་ཤེས་བྱ་ཡང་ཡོད་དོ།། དེ་ལ་ཀུན་རྫོབ་ཤེས་པ་ནི་བཏགས་པ་ལས་ཤེས་བྱ་རབ་ཏུ་ཤེས་ཤིང་། བཏགས་པ་ལས་རབ་ཏུ་ཤེས་ནས་ཀྱང་བརྡའི་ཚུལ་གྱིས་ཆོས་དགེ་བ་དང་།
་མི་དགེ་དང་། ཁ་ན་མ་ཐོ་བ་དང་། བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་ནས་རྒྱས་པར་རྟེན་ཅིང་འབྲེལ་པར་འབྱུང་བའི་བར་གྱི་ཆོས་རྣམས་ཀྱང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་ཁ་ཅིག་ནི་ཡོངས་སུ་སྤང་བར་བྱེད། ཁ
་ཅིག་ལ་ནི་སོ་སོར་རྟེན་པར་བྱེད་དོ།། དེ་བཞིན་དུ་འཇིག་རྟེན་གྱི་ཐ་སྙད་ཀྱང་རབ་ཏུ་ཤེས་ཏེ། འཇིག་རྟེན་པའི་སྤྱོད་པས་རྒྱུ་ཇི་ལྟ་བ་དང་། རྐྱེན་ཇི་ལྟ་བ་བཞིན་དུ་སྒྲུབ་པར་ཡང་བྱེད་དོ།། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པ་དང་།
་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པ་དག་གིས་ནི་དོན་དམ་པ་རབ་ཏུ་ཤེས་ཤིང་། དོན་དམ་པ་རབ་ཏུ་ཤེས་ནས་ཀྱང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་ཀྱི་སྤོང་བ་མངོན་སུམ
་དུ་བྱེད་དོ།། ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱིས་ནི་བྱ་བའི་མཐའ་རབ་ཏུ་ཤེས་སོ།། བྱ་བའི་མཐའ་རབ་ཏུ་ཤེས་ནས་ཀྱང་། ངེས་པ་དང་། ཐེ་ཚོམ་མེད་པ་དང་། རང་གི་སྤངས་པ་ལ་མངོན་པའི་ང་རྒྱལ་མེད་དོ།། ཕ་རོལ་གྱི་སེམས་ཤེས
་པས་ནི་གཞན་དག་གི་སེམས་ཀྱི་རྒྱུ་བ་དགེ་བ་དང་མི་དགེ་བ་རབ་ཏུ་ཤེས་སོ།། དེ་རབ་ཏུ་ཤེས་ནས་ཀྱང་གཞན་དག་གི་བསམ་པ་དང་ཁམས་དང་བག་ལ་ཉལ་ཤེས་སོ།། སྟོབས་བཅུའི་ཤེས་པས་ནི་ཤེས་བྱ་རྣམ་པ་ཐམས་ཅད་རབ་ཏུ་ཤེས་སོ།།
་རབ་ཏུ་ཤེས་ནས་ཀྱང་གཞན་དག་ལྔ་ཡང་དག་པར་གདམས་ཤིང་རྗེས་སུ་བསྟན་པ་རྣམ་པ་ཐམས་ཅད་འཇུག་པར་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་ཐམས་ཅད་གཅོད་པར་བྱེད། སེམས་ཅན་རྣམས་མཐོ་རིས་དང་བདེ་བའི
་འབྲས་བུ་ལ་འགོད་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ལ་མཐུ་ཡོད་པ་ཡིན་ཏེ། དེ་ནི་ཤེས་བྱ་རྣམ་པ་ལྔ་པོ་དེའི་ལས་རྣམ་པ་ལྔ་ཡིན་ནོ།། དེ་ལ་ཤེས་པའི་རྟེན་ནི་རྣམ་པ་གཉིས་ཏེ། རང་ལ་ཕན་པ་བསྒྲུབ་པ་དང་། གཞན་ལ
་པ་བསྒྲུབ་པའོ།། དེ་ལ་སྤོང་བ་དང་རྗེས་སུ་མཐུན་པ་ཀུན་རྫོབ་ཤེས་པ་གང་ཡིན་པ་དང་། སྤང་པ་ལ་དོན་དམ་པ་ཤེས་པ་གང་ཡིན་པ་དང་། སྤངས་པ་ལ་བྱ་བའི་མཐའ་ཤེས་པ་གང་ཡིན་པ་དེ་དག་ནི་རང་ལ་ཕན་པའི་རྟེན་དང་ལྡན་པ་ཡིན
་པར་རིག་པར་བྱའོ།། དེ་ལ་གཞན་དག་གིས་བསམ་པ་དང་། ཁམས་དང་། བག་ལ་ཉལ་དག་ལ་ཕ་རོལ་གྱི་སེམས་ཤེས་པ་གང་ཡིན་པ་དང་། ཤེས་བྱ་རྣམ་པ་ཐམས་ཅད་ལ་སྟོབས་བཅུའི་ཤེས་པ་གང་ཡིན་པའི་ཤེས་པ་དེ་གཉིས་ནི
་གཞན་ལ་ཕན་པའི་རྟེན་དང་ལྡན་པ་ཡིན་པར་བལྟ་བར་བྱ་སྟེ། ཤེས་པའི་རྟེན་གྱི་རབ་ཏུ་དབྱེ་བ་ནི་འདི་ཡིན་པར་རིག་པར་བྱའོ།། ཤེས་པའི་རབ་ཏུ་དབྱེ་བས་ཀུན་རྫོབ་ཀྱི་ཤེས་པ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བརྟན་པ་དང་། ཟག
་པ་དང་བཅས་པ་དང་། ཟག་པ་མྱེད་པར་འཇིག་རྟེན་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་ཟག་པ་མེད་པ་ནི་སྤངས་པ་མི་སློབ་པའི་རྒྱུད་ལ་དམིགས་པ་གང་ཡིན་པ་སྟེ། དེ་དང་གཞན་དེ་དག་ཐམས་ཅད་ནི་ཀུན་རྫོབ་ཤེས
་པ་འཇིག་རྟེན་པ་ཡིན་པར་བརྗོད་པར་བྱའོ།། ལྷག་མ་ཆོས་དང་རྗེས་སུ་རྟོགས་པའི་ཤེས་པ་ལ་སོགས་པ་ནི་འཇིག་རྟེན་ལས་འདས་པ་དང་། ཟག་པ་མེད་པ་ཡིན་པར་རིག་པར་བྱའོ།། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ཡང་ཟག་པ་ཟད
་པ་དག་ལ་སྐྱེ་ཞིང་། བདག་གི་ཟག་པ་རྣམས་ནི་ཟད་དོ།། བདག་ལ་ནི་ཚེ་ཕྱི་མར་སྡུག་བསྔལ་མངོན་པར་འགྲུབ་པར་མི་འགྱུར་རོ་སྙམ་དུ་ཟད་པ་དང་མི་སྐྱེ་བ་དེ་ལ་ཡོངས་སུ་གཅོད་པར་མི་བྱེད་པ་གང་ཡིན་པ་དེ་ནི་ཟག་པ་མེད་པ་དང་། འཇིག
་ལས་འོདས་པ་ཡིན་ནོ།། ཡོངས་སུ་གཅོད་པར་བྱེད་པ་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཁོ་ན་ཡིན་ཏེ། དེ་ནི་འཇིག་རྟེན་པ་སྟེ། ཀུན་རྫོབ་ཤེས་པས་བསྡུས་པ་ཡིན་ནོ།། མ་འདྲིས་པ་ཡིན་ཞིང་དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཡིན་པར
་ཡང་བལྟ་བར་བྱའོ།། ཕ་རོལ་གྱི་སེམས་ཤེས་པ་ནི་འཇིག་རྟེན་པ་ཁོ་ན་སྟེ། སོ་སོའི་སྐྱེ་བོ་དང་། སློབ་པའི་རྒྱུད་ལ་ཡོད་པ་གང་ཡིན་པ་དེ་ནི་ཟག་པ་དང་བཅས་པ་ཡིན་ནོ།། མི་སློབ་པའི་རྒྱུད་ལ་ཡོད་པ་གང་ཡིན་པ་དེ་ནི་ཟག་པ་མྱེད
་པ་ཡིན་ནོ།། ཅིའི་ཕྱིར་ཀུན་རྫོབ་ཤེས་པ་དག་པའི་རྒྱུད་ལ་ཡོད་པ་གང་ཡིན་པ་དེ་ཟག་པ་མེད་པ་ཞེས་བྱ་ཞེ་ན། འདི་ལྟར་དེ་དག་གིས་ཟག་པའི་བག་ལ་ཉལ་གང་ཡིན་པ་དེ་ཡང་དག་པར་བཅོམ་པ་དང་། ཤེས་པ་དེ་ཡང་ཕ་རོལ
་གྱི་སེམས་ཤེས་པ་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ལ། ཕ་རོལ་གྱི་སེམས་ཤེས་པ་དེ་ཡང་ཉོན་མོངས་པ་ཅན་མ་ཡིན་ཏེ། དེ་ནི་ཉོན་མོངས་པ་ཅན་གཞན་གྱི་སྤྱོད་ཡུལ་མ་ཡིན་པ་དང་། དེ་ནི་རང་བཞིན་གྱིས་ཀྱང་ཉོན་མོངས་པ
་རྣམས་དང་།། མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་ནི་བག་ལ་ཉལ་དང་། དམིགས་པ་དང་མཚུངས་པར་ལྡན་པ་ལས་ཀྱང་ཟག་པ་མེད་པ་ཡིན་པར་རིག་པར་བྱའོ།། སྟོབས་བཅུའི་ཤེས་པ་ནི་དེ་བཞིན
་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་མངའ་བའི་མཁྱེན་པ་མི་འདྲེས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟར་ཤེས་པ་དེ་དག་ཐམས་ཅད་ནི་སྤྲོས་པ་དང་བཅས་པར་རྒྱུ་བ་ཡིན་པའི་ཕྱིར་རོ།། དེ་ལ་དེ
་ལས་གཞན་པའི་ཤེས་པ་བསྡུས་པའི་རབ་ཏུ་དབྱེ་བ་གང་ཞེ་ན། མངོན་པརུ་ཤེས་པའི་ཤེས་པ་དང་། རྣམ་པར་ཐར་པའི་སྒོའི་ཤེས་པ་དང་། སོ་སོར་ཡང་དག་པར་རིག་པའི་ཤེས་པ་དང་། ཉོན་མོངས་པ་མེད་པའི་ཤེས་པ་དང་། སྨོན་ནས
་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། སྟོབས་དང་། མི་འཇིགས་པ་དང་། དྲན་པ་ཉེ་བར་གཞག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དག་སྟེ། ཤེས་པ་དེ་དག་ཀྱང་སྔར་བསྟན་པའི་ཤེས་པ་རྣམས་ཀྱིས་ཅི་རིགས་པར
་བསྡུས་པར་རིག་པར་བྱའོ།། དེ་ལ་མངོན་པར་ཤེས་པ་ལྔ་ནི་ཀུན་རྫོབ་ཤེས་པས་བསྡུས་ཏེ། སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པ་དང་། སློབ་པོའི་རྒྱུད་ལ་ཡོད་པ་དག་ནི་ཟག་པ་དང་བཅས་པས་བསྡུས་སོ།། མི་སློབ་པའི་རྒྱུད་ལ་ཡོད
་ངག་ནི་ཟག་པ་མེད་པས་བསྡུས་སོ།། མངོན་པར་ཤེས་པ་དྲུག་པ་ནི་ཟད་པ་དང་། མི་སྐྱེ་བ་ཤེས་པ་གཉིས་ཀྱིས་བསྡུས་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་གཉིས་ནི་སྔ་མ་ཁོ་ན་བཞིན་དུ་རིག་པར་བྱའོ།། རྣམ་པར་ཐར
་པའི་སྒོ་སྟོང་པ་ཉིད་ཀྱིས་ཤེས་པ་ནི་ཤེས་པ་བརྒྱད་ཀྱིས་བསྡུས་ཏེ། ཆོས་དང་། རྗེས་སུ་རྟོགས་པའི་ཤེས་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་ཤེས་པ་རྣམས་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་འཇིག
་རྟེན་ལས་འདས་པ་དག་གིས་བསྡུས་སོ།། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཤེས་པ་ནི་ཤེས་པ་དྲུག་གིས་བསྡུས་ཏེ། ཆོས་ཤེས་པ་དང་། རྗེསུ་རྟོགས་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། ཟད་པར་མི་སྐྱེ་བ་ཤེས་པ་རྣམས
་གྱིས་སོ།། རྣམ་པར་ཐར་པའི་སྒྲོ་མཚན་མ་མེད་པའི་ཤེས་པ་ནི་ཤེས་པ་ལྔས་བསྡུས་ཏེ། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། འགོག་པ་ཤེས་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ཀྱིས་སོ།། སོ་སོ་ཡང་དག་པར
་རིག་པའི་ཤེས་པ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། མ་འདྲེས་པ་སྟོབས་བཅུ་ལ་སོགས་པའི་ཤེས་པ་ཐམས་ཅད་ནི་ཀུན་རྫོབ་ཤེས་པས་བསྡུས་ཏེ། དགྲ་བཅོམ་པོ་ཉིད་དང་། དེ་བཞིན་གཤེགས་པས་ཐུགས་ཀྱི་རྒྱུད་ལ
་མངའ་བ་དག་ནི་ཟག་པ་མེད་པ་ཡིན་པར་རིག་པར་བལྟ་བར་བྱའོ།། དེ་ལ་རྣམ་པར་ཐར་པའི་སྒོ་རྣམས་ནི་སའི་དངོས་གཞིར་མཚན་ཉིད་རྣམ་པར་གཞག་པ་ལས་བསྟན་ཟིན་ཏོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། སོ་སོ་ཡང
་དག་པར་རིག་པ་ཡང་བྱང་ཆུབ་སེམས་དཔའི་སར་བསྟན་ཟིན་ཏོ།། དེ་ལ་རྫུ་འཕྲུལ་གྱི་ཡུལ་ནི་གང་། རྫུ་འཕྲུལ་གྱི་ཡུལ་ཤེས་པ་ནི་གང་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞེས་བྱ་བ་ལ
་སོགས་པ་ནུས། རྒྱས་པར་ཚངས་པའི་འཇིག་རྟེན་གྱི་བར་ཏུ་ལུས་ཀྱིས་དབང་སྒྱུར་བར་བྱེད་དོ་ཞེས་བྱ་བ་གང་ཡིན་པ་དེ་ནི་རྫུ་འཕྲུལ་གྱི་ཡུལ་ཞེས་བྱ་སྟེ། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དེས་ཡུལ་དེ་ཉམས་སུ་མྱོང་བ་དང་། ཉེ་བར་སྟོན་པར་བྱེད
་པས་ན་དེའི་ཕྱིར་རྫུ་འཕྲུལ་གྱི་ཡུལ་ཞེས་བྱའོ།། མཐུ་དེ་དང་ལྡན་པའི་ཤེས་པ་བསྒོམས་པ་ལས་བྱུང་བ་བསྒོམས་པའི་འབྲས་བུ་གང་ཡིན་པ་དེ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཞེས་བྱ་སྟེ་ཤེས་པ་དེ་ནི་ཡུལ་དེ་ཉམས་སུ་མྱོང་བ་དང་། ཉེ་བར
་སྟོན་པར་འགྱུར་བས་ན་ངའི་ཕྱིར་དེ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཞེས་བྱའོ།། ཤེས་པ་དེ་ཉིད་ཀྱི་ས་བོན་སྐྱེ་བའི་རྐྱེན་གྱིས་ཡོངས་སུ་ཟིན་ཅིང་། ཡོངས་སུ་རྟག་པ་དེའི་རྒྱུད་ཀྱི་རྗེས་སུ་འཇུག་པ་གང་ཡིན་པ་དེ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ
་མངོན་དུ་བྱ་བ་ཞེས་བྱ་སྟེ། དེ་དོག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི། རྫུ་འཕྲུལ་གྱི་ཡུལ་ཤེས་པ་མ་དོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ།། དེ་ལ་ལྷའི་རྣ་བ་ནི་གང་། ལྷའི་རྣ་བའི་ཤེས་པ་ནི་གང་། ལྷའི་རྣ་བའི་ཤེས་པ་མངོན་དུ
་བྱ་བ་ནི་གང་ཞེ་ན། དེ་ལ་བསྒོམས་པའི་འབྲས་བུ་རྣམས་བསྡུས་པའི་གཟུགས་དང་བ་གང་ཡིན་པ་དེ་ནི་ལྷའི་རྣ་བ་ཞེས་བྱའོ།། རྣ་བ་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་པ་གང་ཡིན་པ་དེ་ནི་ལྷའི་རྣ་བ་ཤེས་པ
་ཞེས་བྱའོ།། ཤེས་པ་དེ་མངོན་དུ་བྱ་བ་ནི་སྔ་མ་བཞིན་དུ་རིག་པར་བྱ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ།། ཚུལ་དེ་ཉིད་ཀྱིས་མངོན་པར
་ཤེས་པ་ལྷག་མ་ཐམས་ཅད་ཀྱི་བསྟན་པ་ཡང་རིག་པར་བྱའོ།། བཤད་པ་ནི་ཅི་རིགས་པར་བརྗོད་པར་བྱ་སྟེ། གཞན་གྱི་སེམས་འདོད་ཆགས་ལ་སོགས་པ་དང་། བཅས་པར་འཇུག་པ་གང་ཡིན་པ་དེ་ནི་སེམས་ཀྱི་རྣམ་གྲངས་ཤེས་བྱའོ།། དེ
་ལ་དམིགས་པའི་ཤེས་པ་མཐུ་དང་ལྡན་པ་བསྒོམས་པ་ལ་བྱུང་བ་བསྒོམས་པའི་འབྲས་བུ་གང་ཡིན་པ་དེ་ནི་སེམས་ཀྱི་རྣམ་གྲངས་ཤེས་པ་ཞེས་བྱའོ།། ཤེས་པ་དེ་མངོན་དུ་བྱ་བ་ནི་སྔ་མ་བཞིན་དུ་བལྟ་བར་བྱ་སྟེ། དེ་དག་ཐམས་ཅད་གཅིག
་ཏུ་བསྡུས་པ་ནི་སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པ་ཞེས་བྱའོ།། འདས་པའི་ཚེ་རབས་དག་གི་ལུས་ཀྱི་རྣམ་པ་མངོན་པར་བརྗོད་པ་ནི་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པ་ཞེས་བྱའོ།། དེ་ལ་རྟེན་ཅིང་ངོ་དང་མཚུངས་པར་ལྡན་པའི
་ཤེས་པ་མཐུ་དང་ལྡན་པ་བསྒོམས་པ་ལས་བྱུང་བ། བསྒོམས་པའི་འབྲས་བུ་གང་གིས་དེ་ལ་དྲན་པ་འཇུག་དེ་ནི་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པ་ཤེས་པ་ཞེས་བྱའོ།། ལྕུག་མ་ནི་སྔ་མ་བཞིན་ནོ།། དེ་ལ་སེམས་ཅན་རྣམས་ཀྱི་ཁ་དོག་བཟང་བ
་དང་། ཁ་དོག་ངན་པ་ལ་སོགས་པའི་རབ་ཏུ་དབྱེ་བས་སེམས་ཅན་གྱི་རིས་དེ་ནས་ཤི་འཕོས་ནས། སེམས་ཅན་གྱི་རིས་དེ་ལས་གཞན་པར་སྐྱེ་བ་ནི་འཆི་འཕོ་དང་སྐྱེ་བ་ཞེས་བྱའོ།། འཆི་འཕོ་དང་སྐྱེ་བ་ལ་དམིགས་པའི་ཤེས་པ་མིག་གི
་གཟུགས་རབ་ཏུ་དང་བ་ལ་བརྟེན་པ་བསྒོམས་པའི་འབྲས་བུ་དེ་དང་མཚུངས་པར་ལྡན་པའི་ཤེས་པ་གང་ཡིན་པ་དེ་ནི་འཆི་འཕོ་དང་སྐྱེ་བ་ཤེས་པ་ཞེས་བྱའོ།། ལྷག་མ་ནི་སྔ་མ་བཞིན་ནོ།། ཀུན་ཏུ་སྦྱོར་བ་མ་ལུས་པར་ཡོངས་སུ་གཏུགས་པ
་གང་ཡིན་པ་དེ་ནི་ཟག་པ་ཟད་པ་ཞེས་བྱའོ།། འཇིག་རྟེན་པའི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་གང་ཡིན་པ་དེ་ནི་ཟག་པ་ཟད་པ་ཤེས་པ་ཞེས་བྱའོ།། ལྷག་མ་ནི་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ།། དེ་དག་དང་ལྡན་པའི་རྣལ་འབྱོར་པ་ནི
་དུས་ལ་བབ་ན་ཉེ་བར་སྟོན་པའམ། གནས་པའམ། གཞན་དག་གི་དོན་ཀུན་ཏུ་སྤྱད་པའམ། དེ་ལ་དྲི་བ་དྲིས་པའི་ལན་གདབ་པ་མངོན་པར་ཤེས་པར་འགྱུར་བས་ན། དེའི་ཕྱིར་མངོན་པར་ཤེས་པ་ཞེས་བྱའོ།། དེ་ལ་མངོན་པར་ཤེས་པ
་དང་པོ་གསུམ་ནི་མངོན་པར་ཤེས་པ་ཁོ་ན་ཡིན་གྱི་རིག་པ་ནི་མ་ཡིན་ནོ།། ཐ་མ་གསུམ་ནི་མངོན་པར་ཤེས་པ་ཡང་ཡིན་ལ་རིག་པ་ཡང་ཡིན་ཏེ། དུས་གསུམ་ལ་ཀུན་ཏུ་རྨོངས་པའི་གཉེན་པོར་གྱུར་པའི་ཕྱིར་རོ།། དེ་ལ་དང་པོས་ནི།
་གཞན་དགེ་འདུན་པར་བྱེད་དེ། བདག་ལ་གཞན་དག་གུས་པ་དང་། རི་མོ་ཆེར་སྐྱེད་པར་ཡང་བྱེད་དོ།། གཉིས་པས་ནི་གཞན་དག་གི་ངག་གི་སྤྱོད་པ་དགེ་བ་དང་མི་དགེ་བ་ཤེས་ཏེ། དེ་ལ་སྐུལ་བར་བྱེད། རངས་པར་བྱེད་དོ།། གསུམ
་པས་ནི་གཞན་དག་གི་སེམས་ཀྱི་རྒྱུ་བ་དགེ་བ་དང་། མི་དགེ་བ་ཀུན་ཤེས་པར་བྱས་ནས། ལོགས་པར་འདོམ་པར་བྱེད་དོ།། ཐ་མ་གསུམ་གྱིས་ནི་རྟག་པའི་མཐའ་དང་། ཆད་པའི་མཐའ་སྤངས་ནས་ཟག་པ་ཟད་པ་ལ་མངོན་པའི
་ང་རྒྱལ་མེད་པར་དབུ་མའི་ལམ་ལེགས་པར་སྟོན་ཅིང་། དེ་ལ་འདོམས་པར་ཡང་བྱེད་དོ།། དགེ་སློང་དགྲ་བཅོམ་པ་གཉི་གའི་ཆུ་ལས་རྣམ་པར་གྲོལ་བ་དབང་པོ་རྣོན་པོ་ནི་དོན་གྱི་དབང་གསུམ་ཡང་དག་པར་རྗེས་སུ
་མཐོང་ནས་ཉོན་མོངས་པ་མེད་པ་ལ་གནས་པར་འགྱུར་ཏེ། དེས་སྔོན་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གྱི་ཕན་ཡོན་དགེ་རྣམ་གྲངས་དུ་མར་ཐོས་ཤིང་ཡིད་ཆེས་པར་ཡང་གྱུར་ནས། དེས་བསམ་པ་དྲག་པོས་དེ་ལ་དམིགས
་པའི་སྨོན་ལམ་ཡང་དང་ཡང་དུ་ཡོངས་སུ་བསྒོམས་པས་རྒྱུ་དེ་དང་རྐྱེན་དེས་ན་དགྲ་བཅོམ་པ་ཉིད་ཐོབ་པ་དེའི་སེམས་དེ་ཉིད་ལ་འཇུག་པར་འགྱུར་པས། དེའི་ཕྱིར་ཉོན་མོངས་པ་མེད་པ་ལ་གནས་པར་འགྱུར་བ་དང་། གཞན
་ཡང་འདི་ན་ལ་ལ་ནི་སྔོན་སོ་སོའི་སྐྱེ་བོར་གྱུར་པ་ན་སེམས་ཅན་མང་པོ་དག་ལ་ཉོན་མོངས་པ་སྐྱེད་ཅིང་། རྣམ་པར་འཚེ་བ་དང་། གནོད་སེམས་ཀྱང་སྐྱེད་པ་ཡིན་པས། དེ་ནི་དགྲ་བཅོམ་པ་ཉིད་ཐོབ་པ་ན། སྔོན་གྱི་བྱིས་པའི་སྤྱོད་པ་ངེས
་ངོ་ཚ་བས་ཉོན་མོངས་པ་མེད་པ་ལ་གནས་པར་འགྱུར་བ་དང་། གཞན་ཡང་འདི་ན་ལ་ལ་ནི་དགྲ་བཅོམ་པ་ཉིད་ཐོབ་པ་ན། སྐྱེ་བོའི་ཚོགས་མང་པོ་ཆེ་འདི་ལ་འབྲས་བུ་འདོད་པ་མྱོང་བར་འགྱུར་བའི་ལས་བྱེད་དུ་གཞུག་པར་འདོད་པ་དང་།
་ཚེ་འདིའི་འབྲས་བུ་འདོད་པ་ལ་ཡང་དག་པར་སྦྱར་བར་འདོད་པས། དེའི་ཕྱིར་ཉོན་མོངས་པ་མེད་པ་ལ་གནས་པར་འགྱུར་བའོ།། དེ་ཡང་བསམ་གཏན་བཞི་པའི་མཐའ་ཡོངས་སུ་བསྒོམས་པ་ལ་བརྟེན་ནས། ཉོན་མོངས་པ་མེད་པ
་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་། ཅི་ནས་ཀྱང་དེ་ལ་གཞན་དག་ཉོན་མོངས་པའི་ཉོན་མོངས་པ་ཇི་ལྟར་ཡང་རྣམ་པ་ཐམས་ཅད་དུ་སྐྱེད་པར་མི་འགྱུར་བར་གཞན་དག་གི་སེམས་རྗེས་སུ་སྲུང་བར་བྱེད་པས་ན། དེའི་ཕྱིར
་ཉོན་མོངས་པ་མེད་པ་ཞེས་བྱའོ།། དེ་ནི་འདི་ལྟར་སེམས་རྗེས་སུ་སྲུང་བར་བྱེད་དེ། དེ་གྲོང་ངམ། གྲོང་རྡལ་གང་དང་གང་ན་ཉེ་བར་རྟེན་ཅིང་གནས་པའི་གྲོང་དང་། གྲོང་རྡལ་དེ་ན་གནས་པ་ཐམས་ཅད་ཀྱི་སེམས་ངག་ལ་མཐུར་གྱིས་རྣམ
་པར་ལྟ་བར་བྱེད་ཅིང་། འདི་ལྟར་ལམ་པོ་ཆེ་ཐམས་ཅད་དང་། ཁྱིམ་ཐམས་ཅད་ཀྱི་སོ་སོའི་གང་ཟག་རྣམས་ཀྱི་མ་འོངས་པའི་སེམས་དག་ལ་ཡང་རྣམ་པར་ལྟ་བར་བྱེད་དེ། དེ་དེ་ལྟར་རྣམ་པར་ལྟ་བར་བྱེད་པ་ན། གལ་ཏེ་གྲོང་འདི་དང་གྲོང
་དང་དེ་དང་། གྲོང་འདི་དང་། ཁྱིམ་འདིའི་གང་ཟག་འདིས་བདག་མཐོང་བ་ཙམ་གྱིས་ཉོན་མོངས་པ་སྐྱེད་པར་འགྱུར་རམ། གལ་ཏེ་མཐོང་བ་ཙམ་གྱིས་མ་ཡིན་ན་ཡང་རྗེས་སུ་བསྒྲུབ་པས་ཉོན་མོངས་པ་སྐྱེད་པར་འགྱུར་བར་ཤེས་ན། དེ་སེམས
་ཅན་དེ་དག་གིས་མཐོང་བ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཡོངས་སུ་སྤོང་བར་བྱེད་དོ།། གལ་ཏེ་དེའི་རྗེས་སུ་བསྒྲུབ་པ་རུང་བར་མཐོང་ན་ནི་དེ་དེའི་ཚེ་གཞི་དེས་སེམས་ཅན་དེ་དག་གིས་ཏེ་པོར་མཐོང་བར་རྗེས་སུ་སྒྲུབ་པར་བྱེད་དོ།། །
་གལ་ཏེ་དེའི་རྗེས་སུ་སྒྲུབ་པ་མི་རུང་བར་མཐོང་ཞིང་སྒྲུབ་པ་བྱས་ན། གཞན་གྱི་རྒྱུད་ལ་ཉོན་མོངས་པ་སྐྱེ་བར་མཐོང་ན་ནི་དེ་ངའི་ཚེ་ན་གཞི་དེས་སེམས་ཅན་དེ་དག་གིས་ཡེ་མི་མཐོང་བར་བྱེད་དོ།། ངག་ཀུན་ཏུ་རྗོད་པ་ཇི་ལྟ་བུ་དང་། སྤྱོད
་ལམ་ཇི་ལྟ་བུ་དང་། ཆོས་གོས་ལ་སོགས་པ་བླང་བའི་ལོངས་སྤྱོད་ཇི་ལྟ་བུ་དང་། ཆོས་སྟོན་པ་ཇི་ལྟ་བུ་དང་། ཡང་དག་པར་འཛིན་དུ་གཞུག་པ་ཇི་ལྟ་བུས་གཞན་དག་གི་རྒྱུད་ལ་ཉོན་མོངས་པ་སྐྱེ་བར་མཐོང་བའི
་ཚིག་རྗོད་པ་དེ་ལྟ་བུ་ནས། རྒྱས་པར་ཡང་དག་པ་འཛིན་དུ་གཞུག་པ་དེ་ལྟ་བུའི་བར་དག་ཀྱང་། ཡོངས་སུ་སྤོང་བར་བྱེད་པ་དེ་ལྟར་གཞན་དག་སེམས་རྗེས་སུ་སྲུང་བར་བྱེད་དེ། ཤས་ཚོར་དེ་ལྟར་གནས་ཤིང་དེ་ལྟར་སྤྱོད་པས
་ན། དེའི་ཕྱིར་ཉོན་མོངས་པ་མེད་པར་གནས་པ་ཞེས་བྱའོ།། དེ་ལ་སྨོན་ནས་ཤེས་པ་གང་ཞེ་ན། འདི་ན་དགེ་སློང་དགྲ་བཅོམ་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ། དཔུང་པོ་རྣོན་པོས་བསམ་གཏན་བཞི་པའི་མཐའ་ཡོངས
་སུ་བསྒོམས་པ་ལས་བརྟེན་ནས། ཉན་ཐོས་ཀྱིས་ཉན་ཐོས་ཀྱི་ཤེས་པའི་སྤྱོད་ཡུལ་ཇི་ཙམ་པ་དང་། རང་སངས་རྒྱས་ཀྱིས་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ཇི་ཙམ་པའི་ཤེས་བྱ་དེ་ལ་འདི་ལྟར་འདི་ལྟར་ཤེས་པར་བྱའོ་ཞེས
་སྨོན་ལམ་བཏབ་ནས། བསམ་གཏན་བཞི་པའི་མཐའ་ཡོངས་སུ་བསྒོམས་པ་དེ་ལ་ཉོན་མོངས་པར་འཇུག་པར་བྱེད་ཅིང་། དེ་ལྟར་སྙོམས་པར་ཞུགས་པས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་ཐམས་ཅད་ཤེས་པོའོ།། དེ
་བཞིན་གཤེགས་པ་རྣམས་ཀྱི་མཁྱེན་པ་ནི་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའོ།། དེ་བཞིན་གཤེགས་པོ་རྣམས་ནི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་མི་འཇུག་སྟེ། འདི་ལྟར་དེ་བཞིན
་གཤེགས་པ་རྣམས་ལ་ཉོན་མོངས་པ་སྐྱེ་བ་བཅས་པས་སེམས་ཅན་གྱི་དོན་དུ་འགྱུར་བ་ཡང་ཡོད་པས་དེ་ནི་དེ་བཞིན་གཤེགས་པ་བཏང་སྙོམས་སུ་གཞག་པར་མི་རིགས་པའི་ཕྱིར་རོ།། ཇི་ལྟར་ཉོན་མོངས་པ་མེད་པ་དང་།
་སྨོན་ནས་ཤེས་པ་དག་བསམ་གཏན་བཞི་བའི་མཐའ་ཡོངས་སུ་བསྒོམས་པ་ལ་བརྟེན་ནས་མངོན་པར་བསྒྲུབ་དགོས་པ་བཞིན་དུ། དེ་བཞིན་གཤེགས་པའི་མཁྱེན་པ་མ་འདྲེས་པ་རྣམས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། །
་མངོན་པར་ཤེས་པ་ལ་སོགས་པ་ལྷག་མ་རྣམ་ནི་བསམ་གཏན་ཐམས་ཅད་ལ་བརྟེན་ནས་ཀྱང་། མངོན་པར་བསྒྲུབ་ཏུ་རུང་བར་རིག་པར་བྱའོ།། བདེན་པ་མངོན་པར་རྟོགས་པ་ནི་བསམ་གཏན་རྣམས་ཁོ་ན་དང་། བསམོ་གཏན
་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཀྱང་མངོན་པར་རྟོགས་པར་འགྱུར་གྱི། འདི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་ནི་མ་ཡིན་ཏེ། འདི་ལྟར་གཟུགས་མེད་པའི་སྙོམས
་པར་འཇུག་པའི་ལམ་ནི་ཞི་གནས་ཤས་ཆེ་བ་ཡིན་ལ་ལྷག་མཐོང་ཆུང་བ་ཡིན་པས། ལྷག་མཐོང་ཆུང་བའི་ལམ་གྱིས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་མི་ནུས་པའི་ཕྱིར་རོ།། གཟུགས་ཀྱི་ཁམས་སམ། གཟུགས
་མེད་པའི་ཁམས་གོང་མར་སྐྱེས་པས་ཀྱང་དང་པོར་བདེན་པ་རྣམས་མངོན་པར་མི་རྟོགས་ཏེ། འདི་ལྟར་གནས་དེ་དག་ནི་སྐྱོ་བར་འགྱུར་དཀའ་བ་ཡིན་པས། རེ་ཞིག་སྐྱོ་བ་ཆུང་ངུས་ཀྱང་བདེན་པ་རྣམས་མངོན་པར་མི་རྟོགས
་ན། གང་ན་སྐྱོ་བ་ཆུང་ངུ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ།། །། བམ་པོ་ཉི་ཤུ་རྩ་དགུ་པ།། འང་མན་ཆད་ནི་ཀུན་རྫོབ་ཤེས་པ་དང་། འཇིག
་རྟེན་ལས་འདས་པ་ཟག་པ་མེད་པའི་ཤེས་པ་དང་པོ་དང་། བར་དང་། ཐ་མ་དག་ཏུ་ཇི་ལྟར་འབྱུང་བ་དེ་ལྟར་བརྗོད་པར་བྱའོ།། དངོས་པོར་སོ་སོའི་སྐྱེ་བོར་གྱུར་པའི་ཉོན་མོངས་པ་ཅན་གྱི་ལྟ་བ་ལྔ་པོ་ཇི་སྐད་བསྟན་པ་དག་དང་།
་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་ལོག་པའི་ཤེས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཤེས་པ་ཉོན་མོངས་པ་ཅན་ཡིན་ཏེ། སྤང་བར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ།། དེའི་གཉེན་པོ་བསྐྱེད་པའི་ཕྱིར
་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དད་པ་ལ་སོགས་པས་ཡོངས་སུ་ཟིན་པ་སྐྱེད་པར་བྱེད་དེ། དེ་ནི་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ།། དེ་ཡང་དག་པའི་ལྟ་བ་དེ་ལས་བརྟེན་ནས་ཐོས་པ་དང་། བསམས
་པ་ལས་བྱུང་བའི་ཤེས་རབ་ཀྱི་དྲན་པ་ཉེ་བར་གཞག་པ་དག་ལ་བརྩོན་པར་བྱེད་དོ། དེ་ཡང་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ།། དེ་དེ་ལ་བརྟན་པས་ངེས་པར་འབྱུང་བའི་ཆ་དང་མཐུན་པའི་སྦྱོར་བ་བསྒོམས་པ
་ལས་བྱུང་བའི་དྲན་པ་ཉེ་བར་གཞག་པ་དག་ལ་བརྩོན་པར་བྱེད་དེ། དེ་ཡང་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ།། དེ་དེ་ལ་བརྟེན་ནས་མཐོང་བའི་ལམ་གྱི་སྦྱོར་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང
་ལྡན་པའི་དྲན་པ་ཉེ་བར་གཞག་པ་དག་ལ་བརྩོན་པར་བྱེད་དེ། དེ་ཡང་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ།། དེ་དེ་ལ་བརྟེན་ནས་མཐོང་བའི་ལམ་གྱི་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་འཇིག་རྟེན་པའི་ཆོས
་ཀྱི་མཆོག་སྐྱེད་པར་བྱེད་དེ། དེ་ཡང་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ།། དེ་ནི་རེ་ཤིག་དང་པོར་སོ་སོའི་སྐྱེ་བོའི་ས་ལ་ཀུན་རྫོབ་ཤེས་པའི་གོ་རིམས་ཡིན་པར་རིག་པར་བྱའོ།། དེ་འཇིག་རྟེན་པའི་ཆོས་ཀྱི་མཆོག
་གིས་བསྡུས་པའི་ཀུན་རྫོབ་ཤེས་པ་དེ་ཉིད་ལ་བརྟེན་ནས་མཐོང་བའི་ལམ་ལ་འཇུག་པར་བྱེད་ཅིང་། མཐོང་བའི་ལམ་ལ་ཡང་དག་པར་ཞུགས་པ་དེ་ས་བོན་རྣམ་པར་དག་པས་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ
་སྔར་ཡོངས་སུ་བསྒོམས་པ་དེ་ཉིད་སྒོམས་པར་བྱེད་དོ།། མངོན་པར་རྟོགས་པའི་མཐའ་ལ་མཐོང་བའི་ལམ་ལས་ལངས་པ་དེའི་མཐོང་བས་སྤངས་པར་བྱ་བའི་ཆོས་གང་དག་ལས་སྔོན་རྣམ་པར་གྲོལ་བར་མ་གྱུར་པ་དེ་དག་ལས
་རྣམ་པར་གྲོལ་བ་ཡིན་པ་དེ་ཡང་སྐྱེ་བར་འགྱུར་རོ།། དེ་སྐྱེས་པས་འཕགས་པའི་གང་ཟག་དེ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ལ་ཡོངས་སུ་གཅོད་པར་བྱེད་དེ། བདག་གི་སེམས་ཅན་དམྱལ་བ
་རྣམས་དང་། ངན་སོང་གི་བར་དག་ནི་ཟད་དོ།། བདག་ནི་རྒྱུན་ཏུ་ཞུགས་པ་ཡིན་ནོ་སྙམ་དུ་ཡང་ཡང་དག་པར་རིག་པར་བྱེད་དོ།། བདག་ཉོན་མོངས་པ་རྣམས་ནི་འདི་ལྟ་འདི་ལྟར་སྤངས་སོ་སྙམ་དུ་ཡང་ཡང་དག་པར་རིག་པར་བྱེད།།
་འདོད་ན་གཞན་དག་ལ་ཡང་ཇི་ལྟར་ལན་གདབ་པར་བྱ་བ་དེ་ལྟར་འདོགས་པར་བྱེད་ཅིང་། ལེགས་པར་བརྟགས་ནས་ལན་འདེབས་པར་ཡང་བྱེད་དོ།། བདེན་པ་རྣམས་མངོན་པར་རྟོགས་པ་དེ་ཡང་ཤེས་རབ
་ཀྱིས་རྣམ་པར་འཇོག་པར་བྱེད་དོ།། དེ་འཇིག་རྟེན་པའི་ལམ་གྱིས་དེའི་གོང་དུ་གང་དང་གང་ལས་འདོད་ཆགས་དང་མ་བྲལ་བ་དེ་དང་དེ་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་བརྩོན་པར་བྱེད་ཅིང་། ཅི་ཡང་མེད་པའི་སྐྱེ་མཆེད
་ཀྱི་བར་ལས་འདོད་ཆགས་དང་བྲལ་བར་ཡང་མངོན་དུ་བྱེད་དོ།། འཕགས་པའི་གང་ཟག་གིས་འཇིག་རྟེན་ལས་འདས་པའི་ཤེས་པའི་རྗེས་ལས་ཐོབ་པ་ཀུན་རྫོབ་ཤེས་པའི་ཚུལ་དེས་འདོད་ཆགས་དང་བྲལ་བར་བྱེད་པ་གོང
་ཡིན་པ་དེ་དང་། འཕགས་པ་མ་ཡིན་པའི་ལམ་གྱིས་འདིད་ཆགས་དང་བྲལ་བར་བྱས་པ་གང་ཡིན་པ་ནི་མཚུངས་པར་རིག་པར་བྱ་སྟེ། ཉོན་མོངས་པའི་ས་བོན་ཉམས་པར་ནི་བྱེད་ལ། ཡང་དག་པར་འཇོམས་པར་ནི་མི་བྱེད་པ་ཡང
་དེ་ཁོ་ན་བཞིན་ནོ།། ཀུན་རྫོབ་ཤེས་པ་དེ་ཡང་འཇིག་རྟེན་ལས་འདས་པའི་ཤེས་པའི་རྗེས་ལས་ཐོབ་པ་གང་ཡིན་པ་དེ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཡིན་པར་བརྗོད་པར་བྱའི། གཅིག་ཏུ་འཇིག་རྟེན་པ་ནི་མ་ཡིན་ནོ།།
་དེ་ལ་བརྩོན་པ་དེའི་ལམ་ནི་བཞི་ཡོད་པར་རིག་པར་བྱ་སྟེ། སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལམ་རྣམས་སོ།། དེ་ལ་ཐམས་ཅད་དུ་གཏོགས་པའི་བསྒོམ་པས་སྤང
་བར་བྱ་བའི་ཉོན་མོངས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་རྣམ་པ་དགུ་པོ་དག་ལས་རྣམ་པ་གང་ཡང་རུང་བ་སྤོང་བ་དང་རྗེས་སུ་མཐུན་པ་ནི་ལམ་དང་པོ་ཡིན་ནོ།། དེ་མ་ཐག་ཏུ་སྤོང་བ་ནི་ལམ་གཉིས་པ་ཡིན་ནོ།། སྤངས་མ
་ཐག་པ་ནི་ལམ་གསུམ་པ་ཡིན་ནོ།། དེའི་འོག་ཏུ་སྤངས་པ་ནི་ལམ་བཞི་པ་ཡིན་ནོ།། ཁྱད་པར་གྱི་ལམ་དེ་ཡང་རྣམ་པ་གཉིས་ཏེ། རེས་འགའ་གལ་ཏེ་དེ་མ་ཐག་ཏུ་རྣམ་པ་གཞན་སྤང་བའི་ཕྱིར་བརྩོན་པར་བྱེད་ན་ནི་རྣམ་པ་གཞན་གྱི
་སྦྱོར་བའི་ལམ་གང་ཡིན་པ་དེ་སྔ་མའི་ཁྱད་བར་གྱི་ལམ་ཡིན་ནོ།། ལན་འགའ་གལ་ཏེ་དེ་མ་ཐག་ཏུ་དེ་ཙམ་གྱིས་ཆོག་པར་འཛིན་ཅིང་གོང་དུ་རྩོལ་བར་མི་བྱེད་དམ། བག་མེད་པར་གནས་སམ། སྤོང་བ་དེ་ཉིད་ལ་སོ་སོར་རྟོག
་པོའི་ཤེས་པས། སོ་སོར་རྟོག་པར་བྱེད་དམ། དཔྱོད་པའི་ཡིད་ལ་བྱེད་པས་དཔྱོད་པར་བྱེད་ན་ནི་ཁྱད་པར་གྱི་ལམ་ཁོ་ན་ཡིན་ནོ།། དེའི་མི་ལྕོགས་པ་མེད་པ་མི་གཏོགས་པ་ཉེར་བསྡོགས་ཐམས་ཅད་ལ་ནི་ཀུན་རྫོབ་ཤེས་པ་ཁོ་ན
་ཡིན་གྱི། འཇིག་རྟེན་ལས་འདས་པ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མི་ལྕོགས་པ་མེད་པ་ནི་སེམས་མཉམ་པར་གཞག་པ་དང་པོ་ཡིན་ལ། བསམ་གཏན་དང་པོ་ཡན་ཅད་ཀྱི་བསྡམ་གཏན་དང་། ཏིང་ངེ་འཛིན་དེ་ནི
་ཏིང་ངེ་འཛིན་སྔོན་དུ་བཏང་བ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ནི་འཕགས་པ་ཉན་ཐོས་ནི་དེ་ཡན་ཆད་དངོས་གཞི་ལས་བྱུང་བའི་འཇིག་རྟེན་ལས་འདས་པའི་ཤེས་པ་ཁོ་ནས་བརྩོན་པར་བྱེད་ཀྱི། ཉེར་བསྡོགས་ལས་བྱུང་བ་ནི་མ
་ཡིན་ནོ།། སྲིད་པའི་རྩེ་མོ་པའི་ཤེས་པ་ཡང་གཅིག་ཏུ་ཀུན་རྫོབ་ཤེས་པས་བསྡུས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གནས་དེ་ལ་ཡིད་ལ་བྱེད་པ་དེ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེད་མཆེད་ཀྱི་རྣམ་པ
་ཉིད་ཡིན་པས། འཇིག་རྟེན་ལས་འདས་པའི་ཡིད་ལ་བྱེད་པ་དང་ཆ་མི་མཐུན་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ཡིད་ལ་བྱེད་པ་ནི་འདུ་ཤེས་ལ་སྙོམས་པར་འཇུག་པས་བསྡུས་པ་ཡིན་པའི་ཕྱིར་ཏེ། དེ་ནི་སློབ་པའི་ས་ལས
་བརྩམས་ནས་ཀུན་རྫོབ་ཤེས་པ་རབ་ཀྱི་མཐའ་དང་ལྡན་པ་ཡིན་པར་བལྟ་བར་བྱའོ།། དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཟོད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་ནས་བཟུང་སྟེ། ཀུན་རྫོབ་ཤེས་པས་བསྡུས་པ། མངོན་པར་ཤེས
་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་བར་ནི་དུས་ཕྱི་མའི་མཐའ་བ་ཤིན་ཏུ་རྣམ་པར་དག་པ་ཟག་པ་མེད་པ་ཀུན་ཏུ་སྦྱོར་བ་ཐམས་ཅད་ལས་རྣམ་པར་གྲོལ་བ་འཇིག་རྟེན་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས
་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ། མཐར་ཐུག་པའི་འགྲོ་བའི་སའི་བར་དུ་དང་པོ་དང་། བར་མ་དང་། ཐ་མ་དག་ལ་ནི་ཐམས་ཅད་དུ་ཡང་ཀུན་རྫོབ་ཤེས་པ་ཁོ་ན་ཡིན་པར་རིག་པར་བྱའོ།། དེ་ལ་དང་པོ་ནི་མོས་པས་སྤྱོད་པའི
་སའོ། བར་མོ་ནི་ལྷག་པའི་བསམ་པ་དག་པའི་ས་ནས་བཟུང་སྟེ། སྤྱོད་པ་ངེས་པོའི་སའི་བར་རོ།། ཐ་མ་ནི་མཐར་ཐུག་པར་འགྲོ་བའི་སའོ།། ས་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་རྣམ་པ་གཉིས་འབྱུང་སྟེ།
་སྤྲོས་པ་དང་བཅས་པའི་འདུ་ཤེས་ཀྱིས་སྤྱོད་པའི་རྣམ་པ་དང་། སྤྲོས་པ་མེད་པའི་འདུ་ཤེས་ཀྱིས་སྤྱོད་པའི་རྣམ་པའོ།། དེ་ཤིན་ཏུ་ཡོངས་སུ་བསྒོམས་པའི་ཕྱིར་དེ་བཞིན་གཤེགས་པར་གྱུར་ནས་ནི་དེའི་རྗེས་ལ་འཇིག་རྟེན
་ལས་འདས་པ་དང་འདྲ་བའི་སྒྲིབ་པ་མི་མངའ་བའི་མཁྱེན་པ་ཀུན་རྫོབ་ཤེས་པས་བསྡུས་པ་བརྙེས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་སྨོན་ནས་ཤེས་པ་དང་འདྲ་བའི་ཤེས་པ་ཡོད་དེ། དེ་ཡང་ཉན་ཐོས
་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྨོན་ནས་ཤེས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ།། མངོན་པར་ཤེས་པ་ལ་སོགས་པ་དང་། སྟོང་པ་ཉིད་ལ་སོགས་པའི་ཤེས་པ་ལ་སོགས་པ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། བྱང
་ཆུབ་སེམས་དཔའ་རྣམས་ནི་སྟོབས་བཅུའི་རིགས་དག་ལ་འཇོག་གི། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མ་ཡིན་པའི་ཕྱིར་རོ།། དེ་ནི་རེ་ཤིག་ཀུན་རྫོབ་ཤེས་པ་དང་པོ་དང་། བླ་ར་མ་དང་། ཐ་མ་དག་ཏུ་འབྱུང་བ་ཡིན་པར
་བལྟ་བར་བྱའོ།། འཇིག་རྟེན་ལས་འདས་པའི་ཤེས་པའི་དང་པོ་དང་། བ་ར་མ་དང་། ཐ་མ་དག་ནི་མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། སློབ་པའི་ལམ་མོ།། དེ་ལ་མཐོང་བའི་ལམ་གྱི་ཆོས་ཤེས་པའི་ཕྱོགས་དང་མཐུན
་པ་ནི་འདོད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་ཡིན་ནོ།། རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་དང་མཐུན་པ་ནི་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི
་གཉེན་པོ་ཡིན་ནོ།། གང་ལ་ལ་རྗེས་སུ་རྟོགས་པའི་ཤེས་པ་མངོན་དུ་བྱེད་པ་དེ་ཐམས་ཅད་ཤེས་པ་དེས་གཟུགས་དང་། གཟུགས་མེད་པའི་ཁམས་ངག་ལ་རྟོག་པར་བྱེད་དམ་ཞེ་ན། སྨྲས་པ། དེས་གལ་ཏེ
་སྔོན་གཟུགས་དང་། གཟུགས་མེད་པ་དག་ཐོས་པ་དང་། བསམས་པ་དང་། གཟུང་བར་གྱུར་ན་ནི་རྟོག་པར་བྱེད་དོ།། དེ་ལྟ་མ་ཡིན་ན་ནི་རྟོག་པར་མི་བྱེད་དོ།། ཤེས་པ་ལྷག་མ་རྣམས་ནི་ལྷག་མཐོང་གི་ཕྱོགས་དང་ཞི་གནས་ཀྱི
་ཕྱོགས་ལ་ཆོས་ཤེས་པ་དང་རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་དང་མཐུན་པ་དག་ཡིན་པར་རིག་པར་བྱའོ།། དེ་ལ་མཐོང་བའི་ལམ་གྱི་ཤེས་པ་དང་པོ་སྐྱེས་ན་དེ་ལས་གཞན་པའི་ཤེས་པ་རྣམས་ཀྱི་སྐྱེ་བའི་རྐྱེན་ཡོངས་སུ
་ཟིན་པ་དང་། རྒྱུ་ཡོངས་སུ་རྟག་པར་འགྱུར་ཞིང་། སྐད་ཅིག་དེ་ཉིད་ལ་མཐོང་བའི་ལམ་ཐམས་ཅད་ཀྱང་འཐོབ་པར་འགྱུར་རོ།། ཐོབ་ནས་དེའི་རིམ་གྱིས་མངོན་དུ་འགྱུར་བར་བལྟ་བར་བྱ་སྟེ། མཐོང་བའི་ལ་མོ་དེ་ནི་མྱུར་ཏུ་འགྲོ་བ
་ཡིན་པར་རིག་པར་བྱའོ།། བསྒོམ་པའི་ལམ་ནི་གལ་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་བརྩོན་པར་བྱེད་ན་སྟེ། དེའི་འཇིག་རྟེན་ལས་འདས་པ་དག་ནི་སྦྱོར་བའི་ལམ་ལ་སོགས་པ
་སྔ་ས་བཞིན་དུ་བལྟ་བར་བྱའོ།། དེ་ལ་སྡུག་བསྔལ་ལ་སོགས་པའི་བདེན་པ་དག་ལ་སྤྲོས་པ་དང་བཅས་པའི་འདུ་ཤེས་ཀྱིས་སྤྱོང་ན་ནི་ཀུན་རྫོབ་ཤེས་པ་འབྱུང་ལི། སྤྲོས་པ་མེད་པའི་འདུ་ཤེས་ཀྱིས་སྤྱོད་ན་ནི་འཇིག་རྟེན་ལས་འདས་པའི
་ཤེས་པ་འབྱུང་ངོ་།། མཚན་མ་དང་བཅས་པའི་འདུ་ཤེས་ཀྱིས་ནི་བདེན་པ་ཇི་ལྟར་མཐོང་བ་དང་། ཇི་ལྟར་རྟོགས་པ་རྣམས་ཀྱི་མཚན་མ་ལེགས་པར་ཟིན་པར་འགྱུར་ཞིང་ཤེས་པ་སྣ་ཚོགས་ལ་གོམས་ཤིང་མཁས་པར་ཡང་འགྱུར་རོ།། འཇིག
་རྟེན་པའི་སྦྱོར་བའི་རྣམ་པ་དག་གིས་སེམས་སྐྱེ་བར་ཡང་འགྱུར་ཞིང་། ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་བྱས་པར་ཡང་འགྱུར་ཏེ། དེའི་ཕྱིར་འཕགས་པའི་གང་ཟུག་འཇིག་རྟེན་པའི་ལམ་གྱིས་ཀྱང་འདོད་ཆགས་དང་བྲལ་བར་བྱ་བའི
་ཕྱིར་བརྩོན་པར་བྱེད་དོ།། མི་སློབ་པའི་ས་ལ་འཇིག་རྟེན་ལས་འདྲེས་པའི་ཤེས་པ་དེ་ཉིད་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་དང་། འཇིག་རྟེན་པའི་ཡོན་ཏན་ཐམས་ཅད
་ཀྱི་གནས་དང་གཞོ་རུ་གྱུར་པ་དང་། ས་འོག་མ་དང་། ས་གོང་མའི་ཡོན་ཏན་ཐམས་ཅད་ལ་དབང་སྒྱུར་བར་བྱེད་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་པ་ཡིན་ཏེ། དེ་ལྟར་འཇིག་རྟེན་ལས་འདས་པའི་ཤེས་པ་དང་པོ་དང་། བར་མ་དང་། ཐ
་དག་ཏུ་འབྱུང་བ་ཡིན་པར་བལྟ་བར་བྱའོ།། དེ་ལ་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ནི་སྦྱོར་བ་ལས་བྱུང་བ་ཡང་ཡོད་དོ།། སྐྱེས་ནས་ཐོབ་པ་ཡང་ཡོད་དོ།། དེ་ལ་སྦྱོར་བ་ལས་བྱུང་བ་ནི་འདི་ལྟ་སྟེ། འདིར་སྐྱེས་པའི་སོ་སོའི་སྐྱེ་བོ་རྣམས་དང་། སློབ
་པ་རྣམས་དང་། མི་སློབ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམས་པའི་འབྲས་བུ་ཡིན་ནོ།། སྐྱེས་ནས་ཐོབ་པ་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ཀྱི་སྔོན་བསྒོམས་པ་ལོ་བརྟེན་ནས་ཕྱིས་སྐྱེས་ནས་ཐོབ་པ
་གང་ཡིན་པ་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། མི་ཁ་ཅིག་གིས་བསོད་ནམས་ཀྱི་སྟོབས་ཀྱིས་ཐོབ་པ་གང་ཡིན་པ་སྟེ། འདི་ལྟ་སྟེ་དཔེར་ན་རྒྱལ་པོ་ང་ལས་ནུའི་ལྟ་བུའོ།། རྫུ་འཕྲུལ་ནི་རིས་མཐུན་པས
་བསྡུས་པའི་བྱ་བ་རྣམས་དང་། ཡི་དགས་ཁ་ཅིག་གི་ཡོང་ཡིན་ནོ།། ནོར་བུ་དང་། གསང་སྔགས་དང་། སྨན་དག་གི་མཐུ་ཡང་འདི་ལྟ་སྟེ། གཤེད་བྱེད་དང་། བྱུང་སྟེ་མ་དང་། རོ་ལངས་དང་། རོ་ལངས་ཕྱེད་པ་ལ་སོགས་པ་ལ་རྫུ་འཕྲུལ་ཞེས
་བྱའོ།། རབ་ཏུ་དབྱེ་བའི་ཚུལ་དེ་ཉིད་ཀྱིས་དེ་ལས་གཞན་པའི་མངོན་པར་ཤེས་པ་བཞི་པོ་དག་ལ་མཐུ་ཡང་ཅི་རིགས་པར་རིག་པར་བྱའོ།། དེ་ལ་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ནི་ཆོས་ཐམས་ཅད་ཡིན་པར་བལྟ་བར་བྱ་སྟེ། དེ
་ངག་ཀྱང་རྣམ་པར་ཤེས་པས་ཅི་རིགས་པར་རྣམ་པར་ཤེས་པར་བྱ་བ་དག་ཡིན་ནོ།། རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་རྣམ་པར་ཤེས་པར་བྱ་བའི་ཕྱིར། རྣམ་པར་ཤེས་པའི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་སྟེ།
་ལྔ་གང་ཞེ་ན། གནས་དང་དམིགས་པའི་རབ་ཏུ་དབྱེ་བ་དང་། ཡོངས་སུ་ཉམས་པ་དང་། ཡོངས་སུ་མ་ཉམས་པའི་རབ་ཏུ་དབྱེ་བ་དང་། དམན་པ་དང་། གྱ་ནོམ་པའི་རབ་ཏུ་དབྱེ་བ་དང་། སེམས་ལས་བྱུང་བའི་ཆོས་ཀྱི་རབ་ཏུ་དབྱེ་བ་དང་།
་མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། སྐྱེ་བོའི་རབ་ཏུ་དབྱེ་བས་སོ།། དེ་ལ་གནས་དང་དམིགས་པའི་རབ་ཏུ་དབྱེ་བས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དྲུག་པོ་དག་ཡིན་ཏེ། དེ་ལ་མིག་གི་རྣམ་པར
་ཤེས་པས་ནི་གཟུགས་དག་རྣམ་པར་ཤེས་པར་བྱེད་དོ།། ལྷག་མ་རྣམས་ཀྱིས་ཀྱང་རང་རང་གི་ཡུལ་སོ་སོར་རྣམ་པར་ཤེས་པར་བྱེད་དོ།། ཡིད་ཀྱི་རྣམ་པར་ཤེས་པས་ནི་མིག་དང་གཟུགས་རྣམས་ནས། རྒྱས་པར་ཡིད་དང་ཆོས་རྣམས་ཀྱི་བར
་ཡང་རྣམ་པར་ཤེས་པར་བྱེད་དོ།། དེ་ལ་སྡུག་བསྔལ་གྱི་ཚོར་བ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་དེ་ནི་ཡོངས་སུ་ཉམས་པ་ཞེས་བྱ་སྟེ། དེས་ནི་སྡུག་བསྔལ་དང་ཡིད་མི་བདེ་བའི་གནས་ལྟ་བུའི་ཆོས་ཡིད་དུ་མི་འོང་བ་རྣམས
་རྣམ་པར་ཤེས་པར་བྱེད་དོ།། བདེ་བའི་ཚོར་བ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡོངས་སུ་མ་ཉམས་པ་ཞེས་བྱ་སྟེ། དེས་ནི་བདེ་བ་དང་ཡིད་བདེ་བའི་གནས་ལྟ་བུའི་ཆོས་ཡིད་དུ་འོང་བ་རྣམས་རྣམ་པར
་ཤེས་པར་བྱེད་དོ།། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡོངས་སུ་ཉམས་པར་ཡང་མ་ཡིན་ཡོངས་སུ་མ་ཉམས་པ་ཡང་མ་ཡིན་པ་ཞེས་བྱ་སྟེ། ངེས
་ནི་བཏང་སྙོམས་ཀྱི་གནས་ལྟ་བུའི་ཆོས་རྣམས་རྣམ་པར་ཤེས་པར་བྱེད་དེ། དེ་ལྟར་དེ་ནི་ཡོངས་སུ་ཉམས་པ་དང་། ཡོངས་སུ་མ་ཉམས་པའི་རབ་ཏུ་དབྱེ་བ་ཡིན་ནོ།། དེ་ལ་མི་དགེ་བའི་ཆོས་རྣམས་སམ། བསྒྲིབས་པའི་ཆོས་རྣམས
་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དམན་པ་ཞེས་བྱ་སྟེ། དེས་ནི་ཉོན་མོངས་པ་ཅན་གྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་གྱི་ཆོས་རྣམས་རྣམ་པར་ཤེས་པར་བྱེད་དོ།། དགེ་བའི་ཆོས་རྣམས་དང་མཚུངས་པར
་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་གྱ་ནོམ་པ་ཞེས་བྱ་སྟེ། དེས་ནི་དགེ་བ་དང་ལྡན་པའི་རྣམ་པར་ཤེས་པའི་སྤྱོད་ཡུལ་གྱི་ཆོས་རྣམས་རྣམ་པར་ཤེས་པར་བྱེད་དོ།། ལུང་དུ་མ་བསྟན་པའི་ཆོས་རྣམས་དང
་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དམན་པ་ཡང་མ་ཡིན། གྱ་ནོམ་པ་ཡང་མ་ཡིན་པ་ཞེས་བྱ་སྟེ། དེས་ཀྱང་དེའི་སྤྱོད་ཡུལ་གྱི་ཆོས་རྣམས་རྣམ་པར་ཤེས་པར་བྱེད་དོ།། དེ་ལྟར་དེ་ནི་རྣམ་པར་ཤེས་པའི་དམན་པ་དང་།
་གྱ་ནོམ་པའི་རབ་ཏུ་དབྱེ་བ་ཡིན་ནོ།། སེམས་ཐམས་ཅད་དང་འབྱུང་བའི་སེམས་ལས་བྱུང་བ་རྣམས་དང་། དགེ་བའི་སེམས་ཐམས་ཅད་དང་འབྱུང་བ་རྣམས་ནི་སེམས་ལས་བྱུང་བའི་ཆོས་ཀྱི་རབ་ཏུ་དབྱེ་བ་ཞེས་བྱའོ།། ལྷག་མ་ནི་འདི་ལྟ
་སྟེ། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་སྐབས་སུ་སྔར་བསྟན་པ་བཞིན་དུ་བལྟ་བར་བྱའོ།། དེ་ལ་སེམས་ཐམས་ཅད་དང་། འབྱུང་བ་ནི་ལྔ་སྟེ། ཡིད་ལ་བྱེད་པ་དང་། རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པའོ།། དེ་དག
་གི་མཚན་ཉིད་ནི་ཡིད་ཀྱི་སར་བསྟན་ཟིན་ཏོ།། དགེ་བའི་སེམས་ཐམས་ཅད་དང་། འབྱུང་བ་ནི་བཅུ་སྟེ། འདི་ལྟ་སྟེ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། དད་པ་དང་། བརྩོན
་འགྲུས་དང་། བག་ཡོད་པ་དང་། རྣམ་པར་མི་འཚེ་བ་དང་། བཏང་སྙོམས་སོ།། དེ་དག་ནི་མཉམ་པར་གཞག་པའི་ས་པའི་སེམས་ལ་ཡང་འབྱུང་། མཉམ་པར་མ་གཞག་པའི་ས་པའི་སེམས་ལ་ཡང་འབྱུང་སྟེ། མཉམ་པར་གཞག་པའི
་ས་པའི་སེམས་ལ་ནི་ཤིན་ཏུ་སྦྱངས་པར་ལྷག་པར་རིག་པར་བྱའོ།། དེ་ལ་བག་ཡོད་པ་ནི་གཏགས་པའི་ཆོས་ཡིན་པར་བལྟ་བར་བྱའོ།། དེ་དག་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པས་ནི་ཆོས་ཐམས་ཅད་རྣམ་པར་ཤེས་པར་བྱེད་དེ།།
་དེ་ལྟར་དེ་ནི་སེམས་ལས་བྱུང་བའི་ཆོས་ལས་གྱུར་པའི་རྣམ་པར་ཤེས་པར་བྱ་བའི་ཆོས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ།། དེ་ལ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ནི་སེམས་བཅོ་ལྔ་སྟེ། འདོད་པ་དང་ལྡན་པའི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་།
་འགོག་པ་དང་། ལམ་མཐོང་བ་དང་། བསྒོམས་པས་སྤང་བར་བྱ་བ་ལྔ་དང་། འདོད་པ་དང་ལྡན་པ་ཇི་ལྟ་བ་བཞིན་དུ། གཟུགས་དང་ལྡན་པ་ལྔ་དང་། གཟུགས་མེད་པ་དང་ལྡན་པ་ལྔའོ།། གཉེན་པོར་གྱུར་པ་ནི་སེམས་བཅུ་དྲུག་པ་སྟེ།
་ཟག་པ་མེད་པ་དང་། སློབ་པ་དང་། མི་སློབ་པའི་འོ།། མི་མཐུན་པའི་ཕྱོགས་དང་གཉེན་པོར་གྱུར་པའི་རྣམ་པར་ཤེས་པ་དེ་དག་གིས་ཀྱང་སྤྱོད་ཡུལ་ཇི་ལྟ་བའི་ཆོས་རྣམས་རྣམ་པར་ཤེས་པར་བྱེད་དོ།། སྐྱེ་བའི་རབ་ཏུ་དབྱེ་བ་ནི་མདོར
་བསྡུ་ན་རྣམ་པ་ལྔ་སྟེ། འདོད་པར་སྐྱེ་བའི་རྒྱུ་དང་། གཟུགསུ་སྐྱེ་བའི་རྒྱུ་དང་། གཟུགས་མེད་པར་སྐྱེ་བའི་རྒྱུ་དང་། གོང་དུ་འགྲོ་བ་དང་། འོག་ཏུ་ཕྱིར་འོང་བའོ།། དེ་ལ་འདོད་པ་དང་ལྡན་པའི་སེམས་དགེ་བ་དང་། ཉོན་མོངས་པ་ཅན་དང་།
་མ་བསྒྲིབས་ལ་ལུང་དུ་མ་བསྟན་པོ་རྣམས་ཀྱི་མཇུག་ཐོགས་སུ་འདོད་པ་དང་ལྡན་པ་ཐམས་ཅད་འབྱུང་སྟེ། དེ་ལྟར་དེ་ནི་འདོད་པར་སྐྱེ་བའི་རྒྱུ་བ་ལས་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བའི་རབ་ཏུ་དབྱེ་བ་ཡིན་ནོ།། འདོད་པ་དང་ལྡན་པ་རྣམས
་ཇི་ལྟ་བ་བཞིན་དུ་གཟུགས་དང་ལྡན་པ་དང་། གཟུགས་མེད་པ་དང་ལྡན་པའི་རང་རང་གི་ས་པའི་རྣམ་པར་ཤེས་པ་གསུམ་པོ་དག་གི་མཇུག་ཐོགས་སུ་ཡང་རང་རང་གི་ས་པའི་སེམས་གསུམ་པོ་ཐམས་ཅད
་འབྱུང་ངོ་།། སྔོན་བསམ་གཏན་དང་། གཟུགས་མེད་པ་དག་མ་སྐྱེད་པ་སྐྱེད་པར་བྱེད་པ་ལ་ནི་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་ཀྱིས་མཇུག་ཐོགས་སུ་བསམ་གཏན་དང་པོའི་དགེ་བའི་སེམས་འབྱུང་ཞིང་། བསམ་གཏན་དང་པོའི
་ས་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ཡང་བསམ་གཏོན་གཉིས་པའི་ས་པཱའི་དགེ་བའི་སེམས་འབྱུང་ལ། དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་སྲིད་པའི་རྩེ་མོ་པའི
་དགེ་བའི་སེམས་ཀྱི་བར་དུ་འབྱུང་བར་འགྱུར་རོ།། གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ནི་སློབ་པའི་སེམས་ཀྱང་འབྱུང་ལ། སློབ་པའི་སེམས་ཀྱི་མཇུག་ཐོགས་སུ་ནི་མི་སློབ་པའི་སེམས་ཀྱང་འབྱུང
་ངོ། གལ་ཏེ་དེསྣ་སྔོནྡ་བསམ་གཏན་དང་། གཟུགས་མེད་པ་དག་སྐྱེད་ན་ནི་དེ་དག་ལས་ཡོངས་སུ་ཉམས་པར་ཡང་མི་འགྱུར་ལ། དེ་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་ཀྱི་མཇུག་ཐགས་སུ་ས་གོང་མ་པ་དང་། སློབ་པ
་དང་མི་སློབ་པའི་གཞི་སེམས་གང་དང་གང་མངོན་དུ་བྱེད་པར་འདོད་པ་དེ་ལ། རྣམ་པ་དང་མཚན་མ་དག་ལེགས་པར་བཟུང་བའི་ཕྱིར་རྣམ་པར་ཤེས་པ་དེ་དང་དེ་ཉིད་སྐྱེད་པར་བྱེད་དོ།། དེ་བཞིན་དུ་གོང་མ་པ་ལྷག་མ་རྣམས་ཀྱི
་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ས་གོང་མ་པའི་སེམས་དག་ཀྱང་སྐྱེ་བར་བལྟའོ།། འདོད་པ་ན་སྤྱོད་པའི་ལུང་དུ་མ་བསྟན་པའི་སེམས་ཀྱི་མཇུག་ཐོགས་སུ་ཡང་གཟུགས་ན་སྤྱོད་པའི་དགེ་བའི་སེམས་འབྱུང་སྟེ། འདི་ལྟ་སྟེ། འདོད
་པ་ན་སྤྱོད་པའི་སྤྲུལ་པའི་སེམས་གཟུགས་ན་སྤྱོད་པའི་འབྲས་བུ་དང་ལྡན་པའི་མཇུག་ཐོགས་ལྟ་བུའོ།། གཟུགས་ན་སྤྱོད་པའི་དགེ་བའི་སེམས་དེའི་མཇུག་ཐོགས་སུ་ཡང་འདོད་པ་ན་སྤྱོད་པའི་ལུང་དུ་མ་བསྟན་པའི་སེམས
་འབྱུང་བར་རིག་པར་བྱའོ།། དེ་ནི་འདོད་པ་ན་སྤྱོད་པ་ཉིད་ཡིན་པར་རིག་པར་བྱ་སྟེ། དེའི་གཟུགས་བརྙན་གྱི་རིགས་འདྲ་བ་ཉིད་ཀྱི་ཕྱིར་ཡིན་གྱི། ངོ་བོ་ཉིད་ལ་ནི་མ་ཡིན་པའི་ཕྱིར་རོ།། འདོད་པ་ན་སྤྱོད་པའི་སེམས་དགེ་བ་དང་། ལུང
་དུ་མ་བསྟན་པ་དང་ལྡན་པ་འདི་ནས་ཤི་འཕྲོས་པའི་མཇུག་ཐོགས་སུ་བསྡམ་གཏན་དང་པོར་སྐྱེ་བ་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བ་ལ་ནི་གོང་མའི་ས་པའི་ཉོན་མོངས་པ་ཅན་གྱི་སེམས་འབྱུང་སྟེ། འདི་ལྟར་ཐམས་ཅད
་དུ་ཡང་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཉིང་མཚམས་སྦྱོར་བར་བྱེད་པའི་ཕྱིར་རོ།། དེ་ལྟར་དེ་ནི་གོང་དུ་འགྲོ་བ་ལས་རྣམ་པར་ཤེས་པ་རང་གི་སྤྱོད་ཡུལ་ངེས་པ་རྣམས་ཀྱི་སྐྱེ་བའི་རབ་ཏུ་དབྱེ་བ་ཡིན་པར་བལྟ་བར
་བྱའོ།། སོ་སོའི་སྐྱེ་བོ་འཇིག་རྟེན་པའི་བསམ་གཏན་དང་། གཟུགས་མེད་པ་དག་ལས་ཡོངས་སུ་ཉམས་པ་ན་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཡོངས་སུ་ཉམས་པར་འགྱུར་ཏེ། ས་གོང་མ་པའི་དགེ་བ་དང་ཉོན
་མོངས་པ་ཅན་གྱི་སེམས་དེའི་མཇུག་ཐོགས་སུ་ས་འོག་མ་པའི་ཉོནམ་མོངས་པ་ཅན་གྱི་སེམས་དེ་འབྱུང་ངོ་།། ས་གོང་མ་དག་ནས་ཤི་འཕོས་ནས་འོག་མ་དག་ཏུ་སྐྱེ་བ་ནི་ས་གོང་མ་པའི་དགེ་བ་དང་། ཉོན
་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་སེམས་ཐམས་ཅད་ཀྱི་མཇུག་ཐོག་སུ། ས་འོག་མ་པའི་ཉོན་མོངས་པ་ཅན་གྱི་སེམས་ཁོ་ན་འབྱུང་སྟེ། དེ་ལྟར་དེ་ནི་འོག་ཏུ་ཕྱིར་འོང་བ་ལས་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བའི་རབ་ཏུ་དབྱེ།
་བ་ཡིན་པར་རིག་པར་བྱའོ།། དེ་ལྟར་མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། སྐྱེ་བའི་རབ་ཏུ་དབྱེ་བ་ལས་རྣམ་པར་ཤེས་པས་རང་གི་སྤྱོད་ཡུལ་དུ་ངེས་པའི་ཆོས་རྣམ་པར་ཤེས་པར་བྱ་བ་རྣམས་རྣམ་པར་ཤེས་པར་བྱེད་དོ།། །
་ཤེས་པའི་སྣང་བ་ལ་ཕན་ཡོན་ལྔ་ཡོད་དེ། ཤེས་བྱ་ལས་མུན་པ་ཐམས་ཅད་སེལ་བར་བྱེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་དག་གིས་ལུས་ལ་ཕན་འདོགས་ཤིང་ཚིམ་པར་བྱེད་པ་དང་། དོན
་མ་མཐོང་བ་སྟོན་པར་བྱེད་པ་དང་། ཚེ་འདི་ལ་དགའ་བ་མཆོག་སྦྱིན་པར་བྱེད་པ་དང་། ལུས་ཞིག་ནས་གོ་འཕང་མཆོག་སྦྱིན་པར་བྱེད་པའོ།། ཤེས་པའི་སྣང་བའི་ཡོན་ཏན་ནི་རྣམ་པ་བཅོ་ལྔས་ཕྱི་རོལ་གྱི་སྣང་བ་ལས་ཁྱུད
་བར་དུ་འཕགས་པར་རིག་པར་བྱ་སྟེ། བཅོ་ལྔ་གང་ཞེ་ན། ཕྱི་རོལ་པའི་སྣང་བ་ནི་གཟུགས་ཀྱི་རང་བཞིན་ཡིན་ལ། ཤེས་པའི་སྣང་བ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པ་དང་། ཕྱི་རོལ་པའི་སྣང་བ་ནི་ཕྱི་རོལ་གྱི་རབ་རིབ་འཇོམས
་པ་ཡིན་ལ། ཤེས་པའི་སྣང་བ་ནི་ནང་གི་རབ་རིབ་འཇོམས་པ་དང་། དེ་བཞིན་དུ་རྟག་ཏུ་དགའ་བ་མ་ཡིན་པ་དང་། རྟག་ཏུ་དགའ་བ་དག་དང་། སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་མི་འབྱེད་པ་དང་། སེམས་ཅན་རྣམས་ལ་ཡང་དག
་པར་རབ་ཏུ་འབྱེད་པ་དང་། ཤར་ནས་ནུབ་པར་འགྱུར་བ་དང་། ཤར་ནས་ནུབ་པར་མི་འགྱུར་པ་དང་། གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་དང་། རགས་པ་དང་། ཆ་ཕྲ་བ་དང་། དགྲ་བོ་མུན་པ་ཡོད་པ་དང་། དགྲ་བོ་མེད་པ་དང་།
་གཡོ་བ་དང་། མི་གཡོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་མི་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང་། འདྲིས་པའི་གནས་སུ་ཁྲིད་པ་དང་། མ་འདྲིས་པའི་གནས་སུ་ཁྲིད་པ་དང་། སྒྲིབ་པ་ཐམས་ཅད་སེལ་བར་མི
་བྱེད་པ་དང་། སྒྲིབ་པ་ཐམས་ཅད་སེལ་བར་བྱེད་པ་དང་། ཆོད་པ་སེལ་བར་མི་བྱེད་པ་དང་། ཆོད་པ་སེལ་བར་བྱེད་པ་དང་། ཚད་མེད་པ་སྣང་བར་མི་བྱེད་པ་དང་། ཚད་མེད་པ་སྣང་བར་བྱེད་པ་དང་། མཐོང་བ་དང་མི་མཐུན་པ་དང་། མཐོང་བ
་དང་མཐུན་པས་སོ།། དུལ་བ་ཉིད་ནི་རྣམ་པ་གསུམ་སྟེ། རྩེ་འཇིལ་བ་དང་། རྣམ་པར་གནོན་པ་དང་། བག་ལ་ཉལ་ཡང་དག་པར་འཇོམས་པ་ལས་སོ།། ཞི་བ་ཉིད་ཀྱང་རྣམ་པ་གསུམ་སྟེ། རྣམ་པར་རྟོག་པའི་ཀུན་ཏུ་འཁྲུག་པ་མེད་པ
་དང་། མཚན་མའི་ཀུན་ཏུ་འཁྲུག་པ་མེད་པ་དང་། རང་གི་ངང་གིས་ནང་དུ་མངོན་པར་དགའ་བ་ལས་སོ།། ལེགས་པར་སྡོམ་པ་ཡང་རྣམ་པ་གསུམ་སྟེ། ལུས་ལེགས་པར་སྡོམ་པ་དང་། ངག་ལེགས་པར་སྡོམ་པ་དང་། ཡིད
་ལེགས་པར་སྡོམ་པ་ལས་སོ།། བྲམ་ཟེའི་ཚུལ་ཡང་རྣམ་པ་གསུམ་སྟེ། ཞུགས་པ་བྲམ་ཟེའི་ཚུལ་དང་། འབྲས་བུ་ལ་གནས་པ་བྲམ་ཟེའི་ཚུལ་དང་། མཐར་ཐུག་པ་བྲམ་ཟེའི་ཚུལ་ལོ།། དགེ་སྦྱོང་གི་ཚུལ་ཡང་རྣམ་པ
་གསུམ་སྟེ། ཞུགས་པ་དགེ་སྦྱོང་གི་ཚུལ་དང་། འབྲས་བུ་ལ་གནས་པ་དགེ་སྦྱོང་གི་ཚུལ་དང་། མཐར་ཐུག་པ་དགེ་སྦྱོང་གི་ཚུལ་ལོ།། བྲམ་ཟེ་ཡང་རྣམ་པ་གསུམ་སྟེ། མིང་བྲམ་ཟེ་དང་། རིགས་བྲམ་ཟེ་དང་། སྒྲུབ་པ་བྲམ་ཟེའོ།། ཚུལ
་ཁྲིམས་ཉམས་པ་ནི་རྒྱུ་བཞེས་འགྱུར་ཏེ། ཉམས་པ་དེ་ཡང་ཚུལ་ཁྲིམས་ལ་བརྟེན་ནས། དགེ་བ་སྐྱེད་པར་འགྱུར་བ་གང་ཡིན་པ་དེ་མི་སྐྱེད་པ་སྟེ། ལྟུང་བ་ལྷག་མ་མ་ལུས་པར་འབྱིན་པ་དང་། ལྷག་མ་དང་བཅས་པ་མི་འཆགས་པ་དང་། ལྟུང
་བ་བྱུང་བ་བརྗེས་པ་དང་། ལྟུང་བ་མེད་པ་ལ་ལྟུང་བར་མངོན་པར་ཞེན་ལ་ལྟུང་བ་ལ་ལྟུང་བ་མེད་པར་མངོན་པར་ཞེན་པས་སོ།། དེ་ལས་བཟློག་པའི་རྒྱུ་བཞིས་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་རིག་པར་བྱའོ།། ཚུལ་ཁྲིམས་ཡང་དག་པར
་བླང་བ་ནི་རྒྱུ་གཉིས་ཀྱི་རྣམ་པར་དག་པ་དང་། ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། གྲོགས་རྣམ་པར་དག་པ་དང་། ངོ་བོ་ཉིད་རྣམ་པར་དག་བྱས་སོ།། གྲོགས་རྣམ་པར་དག་པ་གང་ཞེ་ན། ལྟ་བ་རྣམ་པར་དག་པ་དང་། ཆོ་ག་རྣམ་པར་དག
་བ་དང་། འཚོ་བ་རྣམ་པར་དག་པའོ།། ངོ་བོ་ཉིད་རྣམ་པར་དག་པ་གང་ཞེ་ན། གུས་པར་རྗེས་སུ་སློབ་པ་དང་། མཐའ་དག་ལ་རྗེས་སུ་སློབ་པའོ།། རྣམ་གྲངས་གཞན་ཡང་ཚུལ་ཁྲིམས་ཡང་དག་པར་བླང་བ་ནི་རྒྱུ་གསུམ་གྱིས་རྣམ་པར
་དག་པ་དང་། ཕུན་སུམ་ཚོགས་པར་རིག་བྱར་བྱ་སྟེ། བསམ་པ་རྣམ་པར་དག་པ་དང་། འཚོ་བ་རྣམ་པར་དག་པ་དང་། སྒྲུབ་པ་རྣམ་པར་དག་པས་སོ།། བསམ་པ་རྣམ་པར་དག་པ་གང་ཞེ་ན། ཐར་པའི་ཕྱིར་ཚངས་པར་སྤྱད་པ་སྤྱོད་པར་བྱེད་ཀྱི།།
་མཐོ་རིས་ཀྱི་ཕྱིར་ཡང་མ་ཡིན་པའོ།། འཚོ་བ་རྣམ་པར་དག་པ་གང་ཞེ་ན། ཚུལ་དང་མཐུན་པར་ཡོངས་སུ་ཚོལ་བར་བྱེད་དེ། ཇི་ལྟར་ཡོངས་སུ་བཙལ་བར་བྱ་བ་དང་། གང་ནས་ཡོངས་སུ་བཙལ་བར་བྱ་བ་དེ་ལྟར་དེ་ནས་ཡོངས་སུ་བཙལ
་ཏེ། འཚོ་བར་བྱེད་པ་གང་ཡིན་པའོ།། དེ་ལ་ཇི་ལྟར་ཡོངས་སུ་བཙལ་བར་བྱ་ཞེ་ན། ཚུལ་འཆོས་པས་ཡོངས་སུ་ཚོལ་བར་མི་བྱེད་པ་དང་། ཁ་གསག་གི་མི་བྱེད་པ་དང་། གཞོགས་སློངས་ཀྱིས་མི་བྱེད་པ་དང་། ཐོབ་ཀྱིས་འཇལ་གྱིས
་མི་བྱེད་པ་དང་། རྙེད་པས་རྙེད་པར་བྱེད་འདོད་པས་ཡོངས་སུ་ཚོལ་བར་མི་བྱེད་པ་དེ་ལྟར་ཡོངས་སུ་ཁཙལ་བར་བྱའོ།། གང་ནས་ཡོངས་སུ་བཙལ་བར་བྱ་ཞེ་ན། སྤྱོད་ཡུལ་མ་ཡིན་པ་ལྔ་མ་གཏོགས་པ་ནས་ཡོངས་སུ་བཙལ་བར
་བྱའོ།། སྒྲུབ་པ་རྣམ་པར་དག་པ་གང་ཞེ་ན། ལྟུང་བའི་འབྲས་བུ་མི་འདོད་པ་ལ་མངོན་པར་ཡིད་ཆེས་པས་རྒྱུ་ཡང་རུང་གནས་ཀྱང་རུང་སྟེ། བསམས་བཞིན་དུ་ལྷུང་པོ་མི་འབྱིན་པ་དང་། བྱུང་ན་ཡང་གཞན་ལས་ཕྱིན་ཆད་སྡོམ་པ་ཡང
་དག་པར་ལེན་པ་དང་། ཆོས་བཞིན་དུ་ཕྱིར་བྱེད་པའོ།། དགེ་སློང་དབང་པོ་རྣམས་ཀྱི་སྒོ་བསྡམས་པ་ཉིད་ལ་བརྩོན་པས་དྲན་པའི་སྐྱོན་རྣམ་པ་བཞི་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྣམ་པ་བཞི་ཡོངས་སུ་ཤེས་པར་བྱ་སྟེ།
་དྲན་པའི་སྐྱོན་རྣམ་པ་བཞི་གང་ཞེ་ན། དྲན་པ་མེད་པ་དང་། དྲན་པ་མཐུ་ཆུང་བ་དང་། བརྗེད་ངས་པ་དང་། དྲན་པ་འཁྲུལ་པའོ།། དེ་ལ་དྲན་པ་མེད་པ་ནི་དབང་པོ་རྣམས་ཀྱི་སྒོམ་བསྡམས་པ་ཉིད་ལས་བརྩམས་ནས་ཆོས
་མ་མཉན་པ་དང་། མ་བཟུང་བ་དང་། མ་བརྟགས་པའོ།། དེ་ལ་དྲན་པ་མཐུ་ཆུང་བ་ནི་ཐོས་པ་དང་། གཟུང་བ་དང་། བརྟགས་སུ་ཟིན་ཀྱང་། རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའི་སྦྱོར་བས་ཀུན་ཏུ་མ་བརྟེན་ཅིང་། གོམས་པར་མ་བྱས།
་ལན་མང་དུ་མ་བྱས་པའོ།། དེ་ལ་བརྗེས་ངས་པ་ནི་འདི་ལྟ་སྟེ། ཀུན་ཏུ་བརྟན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ཀྱང་། བརྒྱ་ལ་བརྒྱ་ལམ་ན་ཤེས་བཞིན་མེད་པར་སྤྱོད་པར་འགྱུར་བའོ།། དེ་ལ་དྲན་པ་འཁྲུལ་པ་ནི་འདི་ལྟ་སྟེ།
་ཀུན་ནས་ཉོན་མོངས་པ་མ་ཡིན་པ་ལ་ཀུན་ནས་ཉོན་མོངས་པར་འདུ་ཤེས་པ་དང་། ཀུན་ནས་ཉོན་མོངས་པ་ལ་ཀུན་ནས་ཉོན་མོངས་མ་ཡིན་པར་འདུ་ཤེས་པའོ།། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྣམ་པ་བཞི་གང་ཞེ་ན།
་ཉོན་མོངས་པ་སྐྱེ་བའི་རྒྱུ་མཚན་དང་། ཀུན་ནས་ཉོན་མོངས་པ་སྐྱེ་བ་དང་། མཚུངས་པར་ལྡན་པ་དང་། འཛེམ་པ་ཉམས་པ་དང་། ལྟུང་བ་དང་འཁྲུལ་པ་ཀུན་ནས་སློང་བར་བྱེད་པའོ།། དེ་ལ་ཉོན་མོངས་པ་སྐྱེ་བའི་རྒྱུ་མཚན་ནི་འདི
་ལྟ་སྟེ། མཚན་མོར་འཛིན་པ་དང་། མངོན་རྟགས་སུ་འཛིན་པའི་གཞི་དེ་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བའོ།། དེ་ལ་ཀུན་ནོས་ཉོན་མོངས་པ་སྐྱེ་བ་དང་མཚུངས་པར་ལྡན་པ་ནི
་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་དང་། ཀུན་ཏུ་སྤྱོད་པ་ལས་ལྡན་པ་གང་ཡིན་པའོ།། དེ་ལ་འཛེམ་པ་ཉམས་པ་ནི་འདི་ལྟ་སྟེ། བཟློག་པར་བྱ་བས་ཟློག་པར་མི་བྱེད་པ་སྟེ། སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཀུན་ཏུ་སྤྱོད་པས་མི
་བཟློག་པའོ།། དེ་ལ་ལྟུང་བ་དང་འཁྲུལ་པོ་ཀུན་ནས་སློང་བར་བྱིད་པ་ནི་འདི་ལྟ་སྟེ། འཛེམ་པ་མེད་པའི་གཞིའི་རྒྱུས་ལྟུང་བ་འབྱིན་པར་བྱེད་པ་དང་བསླབ་པ་འབུལ་བར་སེམས་པའོ།། ཟས་ཀྱི་ཚོད་རིག་པ་ཉིད་ལ་བརྩོན་པའི་ཟས་ཀྱི
་ཚད་རིག་པ་ཉིད་ནི་གནས་བརྒྱུད་སྤང་སྣ་བས་ཕུན་སུམ་ཚོགས་པ་ཡིན་ཏེ། བརྒྱུད་གང་ཞེ་ན། ཟས་ལ་ལྷག་པར་ཆགས་པོ་དང་། ལུས་ལ་ལྷུག་པར་ཆགས་པ་དང་། སྲོག་གི་དབང་པོ་འགོག་པ་དང་། བཀྲེས་ཤིང་ཉམ་ཆུང་བ
་དང་། ལུས་ལྕི་བ་དང་། ནད་མེད་པ་མ་ཡིན་པ་དང་། འཚོ་བ་ཡོངས་སུ་མ་དག་པ་དང་། བྱ་བ་མང་པོ་ལྔ་རྣམ་པར་གཡེང་བ་ཉིད་དོ།། མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ནི་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཡང་གནས
་བརྒྱད་སྤངས་པས་ཕུན་སུམ་ཚོགས་པ་ཡིན་ཏེ། བརྒྱུད་གང་ཞེ་ན། སྤྱོད་ལམ་གྱིས་ལུས་ངལ་བ་ཉིད་དང་། གཉིད་དང་གློས་འབེབས་པ་དང་། ཉལ་བའི་བདྲེ་བའི་རོ་མྱང་བ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་གྱི་རྗེས་སུ
་འབྲང་བ་དང་། ཀུན་ནས་ཉོན་མོངས་པའི་གཉེན་པོ་བསྒོམ་པ་ལ་མི་བརྩོན་པ་དང་། དུས་མེ་ཡིན་པར་མི་ཉལ་བ་དང་། དོན་མེད་པར་མི་ཉལ་བ་དང་། དུས་མ་ཡིན་པར་ཉལ་བ་དང་། དོན་མེང་བར་ཉལ་བའོ།། མངོན་པར་འབྱུང་བའི
་ས་ནི་མངོན་པར་འབྱུང་བ་རྣམ་པ་དྲུག་གི་དབང་དུ་བྱས་ནས། རྣམ་པར་གཞག་པར་རིག་པར་བྱའོ།། མི་མཐུན་པ་ལས་མངོན་པར་འབྱུང་བ་དང་། མེད་པ་ལས་མངོན་པར་འབྱུང་བ་དང་། ཁྱིམ་ནས་མངོན་པར།
་འབྱུང་བ་དང་། མ་རྫོགས་པ་ལས་མངོན་པར་འབྱུང་བ་དང་། ས་འོག་མ་པ་ལས་མངོན་པར་འབྱུང་བ་དང་། འཇིག་ཚོགས་ལས་ངེས་པར་འབྱུང་བའོ།། དེ་ལ་ལུས་ཀྱི་མི་མཐུན་པ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། འགྲོ་བ་དང་མི་མཐུན
་པ་དང་། སྐྱེ་བ་དང་མི་མཐུན་པ་དང་། བརྩོན་འགྲུས་རྩོམ་པ་དང་མི་མཐུན་པ་དང་། སྒྲིབ་པ་མེད་པ་དང་མི་མཐུན་པ་དང་། འདོད་པ་དང་མི་མཐུན་པ་པའོ།། རྐྱེན་མེད་པ་ནི་རྣམ་པ་བཞི་སྟེ། བཤེས་གཉེན་མེད་པ་དང་། མཉན་པ་མེད་པ་དང་།
་ལུས་དང་། རྟོགས་པ་ནུབ་པའི་ཕྱིར་ནུབ་པས་མེད་པ་དང་། སྦྱིན་བདག་དང་། མལ་ཆ་དང་སྟན་མེད་པའོ།། དགེ་བའི་ཆོས་ལ་འདུན་པ་ནི་སྟོབས་བཞིས་རིག་པར་བྱ་སྟེ། རྐྱེན་གྱིས་སྟོབས་དང་། རྒྱུ་ཡི་སྟོབས་དང་། ཤེས་པའི་སྟོབས་དང་།
་སྒྲུབ་པའི་སྟོབས་ཀྱིས་སོ།། ལེགས་པར་བསྲུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་ནི་ཕུན་སུམ་ཚོགས་པ་བཞིས་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། ཀུན་ནས་ཉོན་མོངས་པ་མེད་ཅིང་ཡོངས་སུ་ཉོན་མོངས་པ་དང་མི
་མཐུན་པའི་ཕྱིར་རྟགས་ཕུན་སུམ་ཚོགས་དང་། སངས་རྒྱས་ཀྱིས་གསུངས་པའི་སྒྲུབ་པ་རྗེས་སུ་སྒྲུབ་པའི་ཕྱིར་ལས་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། འགྲོགས་པ་ཕུན་སུམ་ཚོགས་པའོ།། ཚུལ
་ཁྲིམས་ཀྱི་སྡོམ་པ་ཡང་རྒྱུ་ལྔས་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། ལོག་པར་མི་ལྟུང་བ་དང་། ངེས་པར་འབྱིན་པ་དང་། མི་ཁྲོ་བ་དང་། སྐྱོན་མེད་པ་དང་། ཆོ་ག་མི་ཤེས་པའོ།། གཉེན་པོ་རྣམ་པ་གཉིས་ལ་བརྟེན་ནས། དབང་པོ་སྡོམ
་བ་རྣམ་པ་བཞི་འབྱུང་བར་རིག་པར་བྱ་སྟེ། གཉེན་པོ་རྣམ་པ་གཉིས་གང་ཞེ་ན། སོ་སོར་རྟོག་པའི་སྟོབས་དང་བསྒོམ་པའི་སྟོབས་སོ།། དབང་པོ་སྡོམ་པ་རྣམ་པ་བཞི་གང་ཞེ་ན། ཡུལ་སྡོམ་པ་དང་། ཀུན་ནས་ཉོན་མོངས་པ་སྡོམ་པ་དང་།
་ཀུན་ནས་དཀྲིས་པ་སྡོམ་པ་དང་། བག་ལ་ཉལ་སྡོམ་པའོ།། དེ་ལ་ཡུལ་སྡོམ་པ་ནི་ནང་དུ་ཡང་དག་འཇོག་ལ་བརྩོན་པ་དྲན་པས་ཡིད་ཀུན་ཏུ་གསུངས་པ་ཉིད་ཡིན་ཏེ། ཡུལ་རྣམས་ལ་མི་འཕྲོ་བའི་ཕྱིར་རོ།། ཀུན་ནས་ཉོན་མོངས
་བ་སྡོམ་པ་ནི་རྒྱུ་བར་གྱུར་པ་གནས་སྐབས་མཉམ་པར་སྤྱོད་པ་ཉིད་ཡིན་ཏེ། ཡུལ་རྣམས་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་ཡོངས་སུ་སྦྱངས་པའི་ཕྱིར་རོ།། དེ་ཉིད་ཀྱི་རྣམ་པར་དཔེ་བ་ནི། མཚན་མར་མི་འཛིན་པ་ནས།
་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་མི་འགྱུར་བའི་བར་དང་། མཚན་མར་བཟུང་བ་ལ་རྗེས་སུ་རྟོགས་པས། དེའི་ཚེ་མངོན་རྟོགས་སུ་འཛིན་པ་དེ་དག་བསྡམ་པའི་ཕྱིར་སྒྲུབ་པར་བྱེད་ཅེས་བྱ་བ
་ཡིན་ནོ།། ཀུན་ནས་དཀྲིས་པ་སྡོམ་པ་ནི་བསྒོམ་པའི་སྟོབས་ཀྱིས་མིག་གི་དབང་པོ་སྲུང་བར་བྱེད་ཅེས་བྱ་བ་ཡིན་ནོ།། བག་ལ་ཉལ་སྡོམ་པ་ནི་མིག་གི་དབང་པོས་སྡོམ་པ་སྒྲུབ་པར་བྱེད་ཅེས་བྱ་བ་ཡིན་ནོ།། ཟས་ཀྱི་ཚེང་རིག་པ་ཉིད
་ཀྱང་རྒྱུ་ལྔས་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། གཉེན་པོ་ལ་བརྟེན་པ་དང་། མི་མཐུན་པའི་ཕྱོགས་སྤོང་བ་དང་། རང་གི་ལས་བྱེད་པ་དང་། གཏོགས་པ་དང་། དེ་རྣམ་པར་འབྱེད་པས་སོ།། ཚོར་བ་རྙིང
་རྣམས་ནི་བཀྲེས་པས་ཀུན་ནས་བསླང་བའམ། ཟས་ཀྱིས་ཀུན་ནས་བསླང་བའི་སྡུག་བསྔལ་གྱི་ཚོར་བའོ།། འཚོ་བ་ནི་ཚངས་པར་སྤྱོད་པ་འཕེལ་བའོ།། སྟོབས་ནི་མི་མཐུན་པའི་ཕྱོགས་འཇོམས་པར་ནུས་པའོ།། བདེ་བ་ནི
་ཚེ་འདི་ལ་བདེ་བར་གནས་པའོ།། ཁ་ན་མ་ཐོ་བ་མེད་པ་ནི་ཡོན་ཡོངས་སུ་སྦྱོང་བྱའོ།། བདེ་བ་ལ་རེག་པར་གནས་པ་ནི་ཉོན་མོངས་པ་དང་སྡུག་བསྔལ་སྤོང་བ་མངོན་དུ་བྱེད་པའོ།། མཽ་ཉལ་བ་ནི་རྟག་ཏུ་བྱེད་པ་དང་། གུས་པར
་བྱེད་པའི་སྦྱོར་བ་དག་གིས་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ཕུན་སུམ་ཚོགས་པར་རིག་པར་བྱའོ།། དེ་ལ་གུས་པར་བྱེད་པའི་སྦྱོར་བ་ནི་འཆག་པ་དང་འདུག་པའི་དུས་ན་དེའི་རྗེས་སུ་བསྒྲུབ་པ་ལས་རིག་པར་བྱ་སྟེ། འདུག
་བའི་དུས་ན་ནི་སྒྲིབ་པ་དང་པོ་དང་། གཉིས་པ་དང་། བཞི་པ་དག་ལའོ།། འཆག་པའི་དུས་ན་ནི་གསུམ་པའོ།། གཉི་གའི་དུས་ན་ནི་ལྦུ་པ་ལའོ།། རྟག་ཏུ་བྱེད་པའི་སྦྱོར་བ་ནི་ཉིན་མོ་དང་། མཚན་མོ་ཐུན་གཉིས་ལ་མི་ཉལ་བའི་ཕྱིར་དང་།
་གུང་ཐུན་ལ་སྲོག་ཆགས་སེང་གེ་དང་། ཆོས་མཐུན་པས་ལེགས་པར་ཉལ་བའི་ཕྱིར་རོ།། ཡུན་རིང་བ་དང་། ལྷུན་སྡུག་པ་དང་། བརྗེད་པ་དང་། རྒྱུན་འཆགས་པའི་གཉིད་སྤངས་པའི་ཕྱིར་རྐང་པའི་སྟེང་དུ་རྐང་པ་གཞག་པ་ནས།
་ལྡང་བའི་འདུ་ཤེས་ཡིད་ལ་བྱེད་པའི་བར་དུ་རིག་པར་བྱའོ།། ཤེས་བཞིན་དུ་སྤྱོད་པ་ཉིད་ནི་གནས་ལྟ་བ་ཚོད་རན་པ་ཉིད་ཀྱི་དབང་དུ་བྱས་ནས། ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། འགྲོ་བ་དང་། བལྟ་བ་དང་། རྙེད་པ
་དང་བཀུར་སྟི་བདག་གིར་བྱ་བ་དང་། ཡོ་བྱད་ལ་ལོངས་སྤྱད་པ་དང་། དགེ་བའི་ཕྱོགས་ལ་སྦྱོར་བའོ།། དང་པོས་ནི་སྤྱོད་ཡུལ་མ་ཡིན་པར་ཡེ་མི་འགྲོ་བ་དང་། སྤྱོད་ཡུལ་དུ་ཡང་ཤིན་ཏུ་ནམ་སྲོས་ནས་ལྡོག་པར་མི་བྱེད་དོ།། གཉིས
་པས་ནི་བློ་སྔོན་ཏུ་མ་གཏོང་བའི་ལྟ་བ་ལཾ་ནི་དབང་པོ་ཕྱིར་རློན་པ་རོ་བྱེད་ལ། བློ་སྔོན་དུ་བཏང་བའི་ལྟ་བ་ལ་ནི། དྲན་པ་ཉེ་བར་འཇོག་པར་བྱེད་དོ།། གསུམ་པས་ནི་བླང་བ་དང་། ཕྱག་འཚལ་བ་དག་ལ་ལེག་པ་དང་། རྐང་པ་ཧ་ཅང་རྐྱོང
་བ་དང་། ཧ་ཅང་བསྐུམ་པར་མི་བྱེད་།། བཞི་པས་ནི་ཆོས་གོས་དང་། ལྷུང་བཟེད་དང་། བསོད་སྙོམས་ཀྱིས་ལོངས་སྤྱོད་ལ་ཚོད་རིག་པར་བྱེད་དོ།། ལྔ་པས་ནི་ནང་དུ་ཡང་དག་འཇོག་ལ་བརྩོན་པས་ཉིན་མོ་འཆག་པ་དང་། འདུག
་པ་དག་གིས་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། མི་ཉལ་བ་དང་། མཚན་མོ་ཉལ་བ་ལ་ཚིད་ཤེས་པར་བྱེད་པ་དང་། འབེལ་པའི་གཽ་ཏམ་རྣམ་པར་གཏན་ལ་འབེབས་པ་ལ་བརྩོན་པས་སྨྲ་བ་དང་། མི་སྨྲ་བ་ལ་ཚོང་ཤེས
་བར་བྱེད་པ་དང་། དེ་གཉིས་ཀ་ལ་ལུས་ལས་སུ་རུང་བར་བྱ་བའི་ཕྱིར་གཉིས་ཀྱི་སྙོམ་པ་བསང་བ་ལ་ཚེང་ཤེས་པར་བྱེད་དོ།། །། བམ་པོ་སུམ་ཅུ་པ།། དགེ་སློང་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་ལ་བརྩོན
་པའི་སྤོང་བའི་འདུ་བྱེད་ནི་ཡན་ལག་བཞིས་བསྡུས་པ་ཡིན་ཏེ། བསྒོམ་པའི་ཡན་ལག་དང་། ཁྱད་པར་རྟོགས་པའི་ཡན་ལག་དང་། ཉེ་བའི་ཉོན་མོངས་པ་རྗེས་སུ་བསྲུང་བ་རྟོགས་པའི་ཡན་ལག་དང་། ཉེ་བའི་ཉོན
་མོངས་པ་རྣམས་པར་དག་པའི་ཕྱིར་སྡུད་པའི་ཡན་ལག་གིས་སོ།། དེ་ལ་སྐོམ་པའི་ཡན་ལག་ནི་འདུན་པ་དང་རྩོལ་བ་སྟེ། འདི་ལྟར་འདུན་པ་དང་། རྩོལ་བ་གཉིས་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྐང་བ་སྒོམ་པར་བྱེད་དོ།། ཁྱད་པར་རྟོགས་པའི
་ཡན་ལག་ནི་ངང་པ་དང་ཤིན་ཏུ་སྦྱངས་པ་སྟེ། འདི་ལྟར་དད་པས་ནི་ཁྱད་པར་རྟོགས་ནས་གོང་མའི་རྣམ་པར་ཐར་པ་ལ་མངོན་པར་དང་པར་བྱེད་ལ། ཤིན་ཏུ་སྦྱངས་པས་ནི་ལུས་དང་སེམས་ཀྱི་གནས་ངན་ལེན་ཤིན་ཏུ་སྦྱོང་བར་བྱེད་དོ།། ཉེ
་བའི་ཉོན་མོངས་པ་རྗེས་སུ་བསྲུང་བ་རྟོགས་པའི་ཡན་ལག་ནི་དྲན་པ་དང་ཤེས་བཞིན་ཏེ། འདི་ལྟར་དྲན་པས་ནི་ཞི་གནས་དང་ལྷག་མཐོང་གི་ཉེ་བའི་ཉོན་མོངས་པ་མ་བྱུང་བ་སྲུང་བར་བྱེད་ལ། ཤེས་བཞིན་གྱིས་ནི་བྱུང་བ་རྟོགས་པར
་བྱེད་དོ།། ཉེ་བའི་ཉོན་མོངས་པ་རྣམ་པར་དག་པ་ཕྱིར་སྡུད་པའི་ཡན་ལག་ནི་སེམས་པ་དང་བཏང་སྙོམས་ཏེ། འདི་ལྟར་སེམས་པས་ནི་སེམས་ཞུམ་པ་ཕྱིར་འཛིན་པར་བྱེད་ལ། བཏང་སྙོམས་ཀྱིས་ནི་རྒོད་པ་ནང་དུ་སྤྱད་པར་བྱེད་དོ།། །
་ཏིང་ངེ་འཛིན་ཐོབ་པ་ལ་དབང་བྱེད་པའི་ཆོས་ནི་བཞི་སྟེ། རྣ་བ་གཏོང་བ་དང་། ལེགས་པར་འདོམས་པ་དང་། སྔོན་གོམས་པ་དང་། མང་དུ་ཐོས་པའོ།། དེ་ལ་རྣ་བ་གཏོང་བ་ནི་འདི་ཡིན་ཏེ། འདུན་པ་སྐྱེས་ཤིང་དང་བ་སྐྱེས་ནས་དམ་པའི
་ཆོས་ཉན་པར་བྱེད་པ་སྟེ། དེས་རྒྱུ་དེ་དང་རྐྱེན་དེས་སེམས་རྩེ་གཅིག་པ་ཉིད་ཐོབ་པར་འགྱུར་རོ།། དེ་ལ་ལེགས་པར་འདོམས་པ་ནི་འདི་ཡིན་ཏེ། གོ་རིམས་བཞིན་དུ་འདོམས་པ་དང་། ཕྱིན་ཅི་མ་ལོགས་པར་འདོམས་པ་ལ་བརྟེན་ནས། བརྩོན
་འགྲུས་བ་ཙམས་ཏེ་གནས་ཤིང་བརྩོན་པས། རྫོགས་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ལ་རྒྱུན་ཏུ་ཆུང་པ་དང་། རྟག་འགྲུས་ཀྱིས་སྒོམ་པར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པ་སྟེ། དེས་རྒྱུ་དེ་དང་རྐྱེན་དེས་ཀྱང
་སེམས་རྩེ་གཅིག་པ་ཉིད་འཐོབ་པར་འགྱུར་རོ།། དེ་སྔོན་གོམས་པ་ནི་འདི་ཡིན་ཏེ། བསམ་གཏན་དང་སྙོམས་པར་འཇུག་པ་དག་ལ་དུས་ཉེ་བ་དང་། ཁང་ཉེ་བར་སྙོམས་པར་ཞུགས་པ་ཡིན་ཏེ། དེས་རྒྱུ་དེ་དང་རྐྱེན་དེས་ཀྱང་སེམས་རྩེ
་གཅིག་པ་ཉིད་འཐོབ་པར་འགྱུར་རོ།། དེ་ལ་མང་དུ་ཐོས་པ་ནི་འདི་ཡིན་ཏེ། ཐོས་པ་མང་བ་དང་། ཐོས་པ་འཛིན་པ་དང་། ཐོས་པ་བསག་པ་ཡིན་ཞིང་། དེ་གཅིག་པུ་དབེན་པར་སོང་ནས་ཆོས་དེ་དག་ལ་སེམས་པར་བྱེད། འཇལ་བར་བྱེད།།
་ཉེ་བར་རྟོགས་པར་བྱེད་པ་དེ། དེས་རྒྱུ་དེ་དང་རྐྱེན་དྲིས་ཀྱང་སེམས་རྩེ་གཅིག་པ་ཉིད་འཐོབ་པར་འགྱུར་རོ།། ཏིང་ངེ་འཛིན་ཐོབ་པར་བྱ་བ་ལ་བརྩོན་པས་ཆོས་བདུན་རིག་པར་བྱ་སྟེ། ནང་གི་ཏིང་ངེ་འཛིན་ཉམས་པའི་རྒྱུ་དང་། ཕྱི་རོལ་གྱི་ཏིང
་ཏིང་ངེ་འཛིན་ཉམས་པའི་རྒྱུ་དང་། ནང་གི་ཏིང་ངེ་འཛིན་ཉམས་པ་དང་། ཕྱི་རོལ་གྱི་ཏིང་ངེ་འཛིན་ཉམས་པ་དང་། ནང་གི་ཏིང་ངེ་འཛིན་རྒྱུ་དང་བཅས་པ་ཉམས་པའི་གཉེན་པོ་དང་། ཕྱི་རོལ་གྱི་ཏིང་ངེ་འཛིན་རྒྱུ་དང་བཅས་པ་ཉམས་པའི་གཉེན
་པོ་དང་། དེ་གཉིས་ཀའི་གཉེན་པོའི་བཞིའོ།། དེ་ལ་ནང་གི་ཏིང་ངེ་འཛིན་ཉམས་པའི་རྒྱུ་ནི་ལེ་ལོའོ།། དེ་ལ་ཕྱི་རོལ་གྱི་ཏིང་ངེ་འཛིན་ཉམས་པའི་རྒྱུ་ནི་རྒོད་པའོ།། དེ་ལ་ནང་གི་ཏིང་ངེ་འཛིན་ཉམས་པ་ནི་རྨུགས་པ་དང་གཉིད་དོ།། །
་དེ་ལ་ཕྱི་རོལ་གྱི་ཏིང་ངེ་འཛིན་ཉམས་པ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་རྗེས་སུ་རྣམ་པར་གཡེང་བའོ།། དེ་ལ་ནང་གི་ཏིང་ངེ་འཛིན་རྒྱུ་དང་བཅས་པ་ཉམས་པའི་གཉེན་པོ་ནི་སོ་སོར་རྟོག་པའི་མཚན་མ་ལེགས་པར་གཟུང་བ་ཉིད་དོ།། དེ་ལ
་ཕྱི་རོལ་གྱི་ཏིང་ངེ་འཛིན་རྒྱུ་དང་བཅས་པ་ཉམས་པའི་གཉེན་པོ་ནི་ལུས་འདི་ཉིད་ལ་མི་སྡུག་པར་སོ་སོར་རྟོག་པའོ།། དེ་ལ་དེ་གཉི་གའི་གཉེན་པོའི་གཞི་ནི་སྣང་བའི་འདུ་ཤེས་སོ།། ཇི་ལྟར་ལུས་ལ་ཀུན་འབྱུང་བའི་ཆོས་ཅན་དུ་རྗེས་སུ་ལྟ་ཞིང
་གནས་ཤེ་ན། ད་ལྟར་གྱི་ལུས་ནི་འདས་པའི་དུས་ནས་ཟས་ལས་ཀུན་ཏུ་འབྱུང་བ་ཉིད་དུ་ཡང་དག་པར་རྗེས་སུ་བལྟ་བའོ།། ཇི་ལྟར་ལུས་ལ་འཇིག་པའི་ཆོས་ཅན་དུ་རྗེས་སུ་ལྟ་ཞིང་གནས་ཤེ་ན། ད་ལྟར་གྱི་ལུས་ནི་མ་འོངས་པའི་དུས་སུ
་འཆི་བའི་ཆོས་ཉིད་ཡང་དག་པར་རྗེས་སུ་བལྟ་བའོ།། ཇི་ལྟར་ལུས་ལ་ཀུན་འབྱུང་བ་དང་། འཇིག་པའི་ཆོས་ཅན་དུ་རྗེས་སུ་ལྟ་ཞིང་གནས་ཤེ་ན། ལུས་ཟས་ཀྱི་རྐྱེན་ལས་བྱུང་བ་ནི་ད་ལྟར་གྱི་དུས་སུ་གནས་པ་དང་། འཇིག་པ་དང་།
་ཉམས་པ་དང་། ཡང་འབྱུང་བ་ཉིད་དུ་ཡང་དག་པར་བལྟ་བའོ།། ལུས་ཡོད་པར་དེའི་དྲན་པ་ཤིན་ཏུ་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི། དེ་བཞིན་ཉིད་ཀྱི་ལུས་ལ་འཇིག་རྟེན་ལས་འདས་པའི་དྲན་པའོ།། ཤེས་པ་ཙམ་ཞེས་བྱ་བ་ནི་སོ
་སོར་ནང་གི་ཞི་གནས་གྱི་ལམ་གྱིས་སོ།། མཐོང་བ་ཙམ་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱིས་སོ།། ཡང་དྲན་པ་ཙམ་ཞེས་བྱ་བ་ནི་དེའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་སོ།། ཇི་ལྟར་ལུས་ལ་མི
་རྟེན་པར་གནས་ཤེ་ན། སྙོམས་པར་འཇུག་པ་གང་ལ་བརྟེན་ནས། དྲན་པ་ཉེ་བར་གཞག་པ་དག་སྒོམ་པར་བྱེད་པའི་སྙོམས་པར་འཇུག་པ་དེ་ལ་རོ་མྱང་བར་མི་བྱེད་པ་ནས་ལྷག་པར་ཆགས་ཤིང་མི་གནས་པའི་བར་རོ།། ཇི་ལྟར་འཇིག་རྟེན
་ལ་ཅི་ཡང་མི་འཛིན་པ་ཡིན་ཞེ་ན། ཕྱིན་ཅི་ལོག་བཞི་སྤངས་པ་ཡིན་ཏེ། དེ་དག་སྤངས་པའི་ཕྱིར་ལུས་ལ་སོགས་པ་གཙང་བ་འམ། བདྲི་བ་འམ་བདག་གམ། རྟག་པར་མི་འཛིན་པའོ།། མཆོག་ཏུ་གདགས་པ་ལས་བརྩམས་ནས་གང་ཟག
་ལྔ་རྣམ་པར་གཞག་པར་རིག་པར་བྱ་སྟེ། གང་ཟག་ལྔ་གང་ཞེ་ན། སོ་སོའི་སྐྱེ་བོ་དགའ་བ་དང་བདེ་བ་ལ་མངོན་པར་དགའ་བ་དང་། གཞི་མཐོང་བ་ལ་ཞུགས་པ་སྒྲིབ་པ་སྤངས་པ་ལ་མངོན་པར་དགའ་བ་དང་། ལྟ་བའི་རྣམ་པ་ལ་ཞུགས
་བ་ཐར་པ་ལ་མངོན་པར་དགའ་བ་དང་། ལྟ་བའི་རྣམ་པ་ལ་ཞུགས་པ་མཐར་ཐུག་པར་འགྱུར་བ་དང་། གཞི་མཐོང་བ་ལ་ཞུགས་པ་མཐར་ཐུག་པར་འགྱུར་བའོ།། དེ་ལ་གང་ཟག་སོ་སོའི་སྐྱེ་བོ་དགའ་བ་དང་། བདེ་བ་ལ་མངོན་པར་དགའ་བ
་གང་ཞེ་ན། དེ་ནི་གསུམ་དུ་བལྟ་བར་བྱ་སྟེ། འདོད་པ་ལས་སྐྱེས་པའི་དགའ་བ་དང་། འདེ་བ་ལ་མངོན་པར་དགའ་བ་དང་། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ལ་མངོན
་པར་དགའ་བ་དང་། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ལ་མངོན་པར་དགའ་བའོ།། གང་ཟག་བཞི་མཐོང་བ་ལ་ཞུགས་པ་སྒྲིབ་པ་སྤང་བ་ལ་མངོན་པར་དགའ་བ
་གང་ཞེ་ན། དེ་ནི་གཉིས་སུ་བལྟ་བར་བྱ་སྟེ། ཉོན་མོངས་པའི་སྒྲིབ་པ་སྤྱོང་བ་ལ་མངོན་པར་དགའ་བ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་སྦྱང་བ་ལ་མངོན་པར་དགའ་བའོ།། དེ་ལ་གང་ཟག་ཉོན་མོངས་པའི་སྒྲིབ་པ་སྤང་བ་ལ་མངོན
་པར་དགའ་བ་ནི་ཚེ་འདི་ལ་བདེ་བར་གནས་པ་རྣམས་མ་ཐོབ་པ་དང་། ཐོབ་པ་དང་། འདུ་ཤེས་ཀྱི་སྙོམས་པར་འཇུག་པ་རྣམ་པ་ཐམས་ཅད་མ་ཐོབ་པ་དང་། ཐོབ་པ་སྟེ། འདི་ལྟ་སྟེ། གནས་པ་ལས་བརྩམས་པ་དང་། ཤེས་བྱ་ཡོངས་སུ
་བརྟགས་པ་ལས་བརྩམས་ནས་སོ།། དེ་ལ་གང་ཟག་སྙོམས་པར་འཇུག་པའི་སྒྲིབ་པ་སྤང་བ་ལ་མངོན་པར་དགའ་བ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཐམས་ཅད་ཐོབ་པ་དང་མ་ཐོབ་པ་དང་། ཟད་པར་གྱི་སྐྱེ་མཆེད་ཐམས་ཅད་མ་ཐོབ
་པ་དང་ཐོབ་པའོ།། དེ་ལ་གང་ཟག་ལྟ་བའི་རྣམ་པ་ལ་ཞུགས་པ་ཐར་པ་ལ་མངོན་པར་དགའ་ཞེ་ན། འདི་ལས་ཕྱི་རོལ་པའི་མུ་སྟེགས་ཅན་བདག་མེད་དོ།། བདག་གི་མེད་དོ།། བདག་འབྱུང་བར་མི་འགྱུར་རོ།། བདག་གི་འབྱུང་བར་མི
་འགྱུར་རོ་སྙམ་པ་སྟེ། དེ་ཡང་མ་ཐོབ་པ་དང་ཐོབ་པ་ཡིན་ནོ།། དེ་ལ་གང་ཟག་ལྟ་བའི་རྣམ་པ་ལ་ཞུགས་པ་མཐོར་ཐུག་པར་འགྱུར་བ་གང་ཞེ་ན། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མ་ཐོབ་པ་དང་། ཐོབ་པའོ།། དེ་ལ་གང་ཟག
་བཞི་མཐོང་བ་ལ་ཞུགས་པ་མཐར་ཐུག་པར་གྱུར་པ་གང་ཞེ་ན། རེག་པའི་སྐྱེ་མཆེད་དྲུག་པོ་དག་མ་ལུས་པར་སྤངས་པ་མྱོང་བར་བྱེད་པ་གང་ཡིན་པ་སྟེ། མཆོག་ཏུ་གདགས་པ་ལ་བརྩམས་ནས། གང་ཟག་ལྔ་པོ་དེ་དག་རྣམ་པར་བཞག
་པ་ཡིན་ནོ།། དགེ་བསྙེན་གྱི་ཡོན་ཏན་ནི་གསུམ་སྟེ། དག་པ་དང་། བྱེད་པ་དང་། བསྒྲུབ་པ་ཡིན་ནོ།། དེ་ལ་དག་པ་ནི་བསམ་པ་དག་པ་དང་། ཚུལ་དག་པ་དང་། རྟོགས་པ་དག་པའོ།། དེ་ལ་བསམ་པ་དག་པ་ནི་སངས་རྒྱས་ལ་སོགས་པ་ལ་ཐེ
་ཆོམ་མེད་པ་དང་། ངོ་མཚར་དང་། བཀྲ་ཤིས་དང་ལྡན་པ་ཡིན་པའོ།། དེ་ལ་ཚུལ་དག་པ་ནི་བསླབ་པ་དག་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ།། དེ་ལ་རྟོགས་པ་དག་པ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ
་རྟོགས་པའི་ཕྱིར་རོ།། དེ་ལ་བྱེད་པ་ནི་དཀོན་མཆོག་གསུམ་གྱི་བྱ་བ་བྱེད་པའི་ཕྱིར་རོ།། དེ་ལ་བསྒྲུབ་པ་ནི་ཆོས་མཐུན་པ་པ་དང་། ཆོས་མཐུན་པ་པ་མ་ཡིན་པ་རྣམས་ལ་ཤེས་པ་ཉེ་བར་བསྒྲུབ་པའི་ཕྱིར་རོ།། དེ་ལ་ཆོས་ནི་རྣམ་པ
་གསུམ་སྟེ། མཉན་པའི་ཆོས་དང་། བསྒྲུབ་པའི་ཆོས་དང་། མཐར་ཐུག་པའི་ཆོས་སོ།། ཕྱི་རོལ་པ་རྣམས་ཀྱི་བསྟན་པ་ནི་ཕྱིན་ཅི་ལོག་ཡིན་ཏེ། སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པའི་ཕྱིར་ཚུལ་ཁྲིམས་ཡང་དག་པར
་མཐོང་བ་མ་ཡིན་པ་དང་། སྙོམས་པར་འཇུག་པ་དང་། ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར། གཏན་ཏུ་ཉེ་བར་གཏོང་བ་མ་ཡིན་པ་དང་། དེ་ལས་གཞན་པའི་མུ་སྟེགས་ཅན་དང་ཐུན་མོངས་དང་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་ཡིན་ནོ།། །
་ལེགས་པར་གསུངས་པའི་ཆོས་འདི་ནི་དེ་ལས་བཟློག་པ་ཡིན་པས་ཡང་དག་པར་མཐོང་བ་ནས། མཁས་པ་རྣམས་ཀྱི་སོ་སོར་རང་གིས་རིག་པའི་བར་དག་ཡིན་ནོ།། འདོད་པ་རྣམས་ཀྱིས་འཐོབ་པ་དང་། གཏོང་བའི
་གོ་རིམ་ནི་སྔར་བྱས་པའི་གཏམ་གྱིས་ཏེ། གང་གིས་འཐོབ་ཅེ་ན། སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་སོ།། གང་དུ་ཞེ་ན། མཐོ་རིས་སུའོ།། གང་གིས་ལོངས་སྤྱད་ཅེ་ན། རོ་མྱང་བས་སོ།། གང་གིས་གཏོང་ཞེ་ན། ཉེས་དམིགས་ཀྱིས་སོ།། ཇི་ལྟར་དངོས
་པོའི་འདོད་པ་དང་། ཉོན་མོངས་པའི་གཏོང་བ་གཏོང་ཞེ་ན། མངོན་པར་འབྱུང་བ་དང་། རབ་ཏུ་དབེན་པའི་ཕན་ཡོན་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱིས་དེ་ཡོངས་སུ་བསྟན་ཏོ།། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི
་པོ་དག་ནི་ཡང་ཕུལ་ཡིན་ཏེ། དེ་དག་ལས་ལྟུང་བ་མེད་པའི་ཕྱིར་དང་། འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་རོ།། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཚོགས་པའི་རྒྱུ་གསུམ་གྱིས། ཚུལ་ཁྲིམས་འཆལ་པ་བསྐྲད་པར་བྱ་སྟེ།
་གཞན་རྗེས་སུ་བསྲུང་བ་ཉིད་ཀྱི་ཕྱིར་དང་། བླ་མའི་སྣོད་མ་ཡིན་པ་ཉིད་ཀྱི་ཕྱིར་དང་། དགེ་འདུན་མི་བརྗོད་པོ་ཉིད་ཀྱི་ཕྱིར་རོ།། རྒྱུ་བཞིས་ཚུལ་ཁྲིམས་ལ་མངོན་པར་དགའ་བ་སྐྱེ་སྟེ། སྟོན་པ་ལས་ནི་མཐའ་གཉིས་ཡོངས་སུ་སྤངས་པའི
་བསླབ་པ་བཅས་པའི་ཕྱིར་རོ།། བདག་ཉིད་ལས་ནི་འདོད་ཆགས་ལ་སོགས་པ་ཤས་མི་ཆེ་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ།། གྲོགས་ལས་ནི་དེ་དག་ངེས་པ་དང་འགྲོགས་ན་བདེ་བ་ཡིན་པའི་ཕྱིར་རོ།། མངོན་པར་བརྩོན་པ་ལས་ནི
་ལེ་ལོ་མེད་པར་གནས་པའི་ཕྱིར་རོ།། ཚུལ་ཁྲིམས་བརྟག་པ་ནི་རྣམ་པ་བཞི་སྟེ། འགྲོགས་པས་ཡོད་པ་ཉིད་དུ་ཡིད་ཆེས་པ་དང་། ཕོངས་པ་ན་ཡང་བརྟན་པས་ཡིད་ཆེས་པ་དང་། ཐ་སྙད་ལ་སྐྱོན་མེད་པས་ཡིད་ཆེས་པ་དང་། གཏམྦྷ་དང
་འབེལ་པའི་གཏམ་རྣམ་པར་གཏན་ལ་དབབ་པས་མ་ཉམས་པར་ཡིད་ཆེས་པ་སྟེ། ལྟ་བ་མ་ཉམས་པའི་ཕྱིར་རོ།། མི་དགེ་བ་ལྔས་བཟློག་པའི་ཚེ་ནི་ཚ་རཱ་གཙང་དཀའོ།། དགེ་བ་ལ་གཞག་པའི་ཚེ་ནི་མྱུར་དུ་ཡོངས་སུ་འགྱུར་རོ།།
་གཅིག་པ་ཉིད་ལ་བཞག་པའི་ཚེ་ནི་གང་དུ་འདོད་པར་འགྲོའོ།། ཡང་མི་སྐྱེ་བུ་སྐྱེས་པ་སྤང་བ་དང་། དགེ་བ་མི་སྐྱེས་པ་བསྐྱེད་པའི་ཕྱིར་སྦྱོར་བའི་ཚེ་དང་། མི་དགེ་བ་མ་སྐྱེས་པ་མི་སྐྱེད་པ་དང་། དགེ་བ་སྐྱེས་པ་གན་པ་བྱ་བའི་ཕྱིར་སྦྱོར་བའི
་ཚེ་དང་། མཉམ་པར་གཞག་པའི་དགེ་བ་མི་སྐྱེས་པ་སྐྱེད་པའི་ཕྱིར་སྦྱོར་བའི་ཚྭ་ནའོ།། ཡང་ཚུལ་ཁྲིམས་ལ་བཅོན་པ་རྣམས་ཀྱི་དད་ཐོས་པ་དང་། བསམ་པ་ལས་བརྩོན་པ་རྣམས་ཀྱི་དང་། བསྒོམ་པོ་ལ་བརྩོན་པ་རྣམས་ཀྱིའོ།། ཡང་རབ
་ཏུ་འབྱུང་བ་དང་། མངོན་པར་དགའ་བ་དང་། རྟག་ཏུ་བསྒོམ་པོ་ལ་བར་ཆང་བྱེད་པའི་ཕྱིར་རོ།། དུལ་བ་ནི་དེ་ལས་ཟློག་པར་བྱེད་པ་སྟེ། དེའི་གགས་ཀྱི་ཉོན་མོངས་པ་སྤོང་བའི་ཕྱིར་རོ།། ལེགས་པ་ཞེས་བྱ་བ་ནི་དུལ་བའི་བསྔགས་པ
་བསྟན་པའོ།། བདེ་བ་སྐྱེད་པ་ཞེས་བྱ་བ་ནི་བཤད་པ་ཡིན་ནོ།། ཇི་ལྟར་སེམས་དབེན་པ་ལ་གཞོལ་བ་ཡིན་ཞེ་ན། གནས་པ་ལ་འདུ་འཛི་དང་ལྡན་པའི་འོ།། ཇི་ལྟར་སེམས་མངོན་པོར་འབྱུང་བ་ལ་གཞོལ་བ་ཡིན་ཞེ་ན། གྲོང་དུ་རྒྱུ་བ་དང་ལྡན
་པའི་འོ།། ཇི་ལྟར་སེམས་མྱ་ངན་ལས་འདས་པ་ལ་གཞོལ་བ་ཡིན་ཞེ་ན། ནང་དུ་ཡང་དག་འཇོག་ལ་ཞི་གནས་ལ་སོགས་པའི་མཚན་མ་དང་ལྡན་པའི་འོ།། རྣམ་གྲངས་གཞན་ཡང་ཉོན་མོངས་པ་ལས་དབེན་པ་ལས
་རྩམས་ནས་ནི་དབེན་པ་ལ་གཞོལ་བ་ཡིན་ནོ།། འཁོར་བ་ལས་ངེས་པར་འབྱུང་བ་ལས་བརྩམས་ནས་ནི་མངོན་པར་འབྱུང་བ་ལ་གཞོལ་བ་ཡིན་ནོ།། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པས་ལས་བརྩམས་ནས་ནི་མྱ་ངན་ལས
་འདས་པ་ལ་གཞོལ་བ་ཡིན་ནོ།། ཚོར་བ་ཉིད་མཚམས་སྦྱོར་བ་དང་བཅས་པ་ཐམས་ཅད་འགགས་པའི་ཕྱིར་གྲིབ་མ་མེད་པ་དང་། མྱ་ངན་ལས་འདས་པ་ཡིན་ནོ།། སྡུག་བསྔལ་གསུམ་དང་གཏན་བྲལ་བའི་ཕྱིར་ཞི་བ་ཡིན་ནོ།། ཉོན་མོངས
་པའི་རིམས་ནད་ཀྱི་གདུང་བ་དང་གཏན་བྲལ་བའི་ཕྱིར་བསོལི་བར་གྱུར་པ་ཡིན་ནོ།། བླ་ན་མེད་པའི་གོ་འཕང་ཐོབ་པའི་ཕྱིར་ཚངས་པར་གྱུར་པ་ཡིན་ནོ།། དམ་པའི་ཆོས་ཉེན་པའི་སྐྱོན་ནི་གསུམ་སྟེ། རྣམ་པར་གཡང་བ་དང་། རྨོངས་པ
་དང་། མི་གུས་པའོ།། ཉན་པའི་སྣོད་ནི་རྣམ་པ་ལྔ་སྟེ། དམན་པའི་སེམས་ཉིད་དང་། ཀུན་ཤེས་པའི་སེམས་ཉིད་དང་། དོན་གཟུང་བའི་སེམས་ཉིད་དང་། དོན་ལེགས་པར་བཟུང་བའི་སེམས་ཉིད་དང་། གུས་པའི་སེམས་ཉིད་དོ།། ལེགས
་པར་གསུངས་པའི་ཆོས་འདུལ་བ་ལ་སྟོན་པའི་ཡོན་ཏན་ནི་ལྔ་པོ་འདི་དག་ཡིན་ཏེ། དེ་དག་དང་ལྡན་པའི་སྟོན་པ་ནི་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཟིལ་གྱིས་ནོན་པ་ཡིན་ནོ།། ལྔ་གང་ཞེ་ན། ཚུལ་འཁྲུག་པ་མེད་པར
་ཀུན་ཏུ་སྤྱོད་པ་དང་། ཆོས་ཉིད་ལེགས་པར་བཅས་པ་དང་། བསླབ་པ་ལེགས་པར་བཅས་པ་དང་། ཆོས་ལེགས་པར་བཅས་པ་དང་། བསླབ་པ་ལེགས་པར་བཅས་པ་དག་ལ་ཐེ་ཚོམ་སྐྱེས་སོ་ཅོག་པ་ཉིད་དང་། ངེས་པར་འབྱིན་པ་ཉིད་འདོམས
་པའོ།། ལོམ་འདི་ཉིད་ནི་རྒྱུ་གསུམ་གྱིས་ངེས་པར་འབྱིན་པ་ཡིན་ཏེ། འདི་ལྟ་སྟེ། བདག་མེད་པར་བལྟ་བས་འདྲིས་པ་མ་ཡིན་པའི་ཕྱིར་དང་། འཕྲལ་དུ་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་དང་། འཕྲལ་དུ་ཐར་པས་སྐྲག་པར་མི་བྱེད
་པའི་ཕྱིར་རོ།། དགའ་བ་ནི་རྣམ་པ་བཞི་སྟེ། ཡོ་བྱད་བསྙུངས་པའི་དགའ་བ་དང་། ཚངས་པར་སྤྱོད་པ་ལ་གནས་པའི་དགའ་བ་དང་། ཡིད་ལ་གཅགས་པ་མེད་པའི་དགའ་བ་དང་། སྤོང་བ་བསྒོམ་པ་ཉིད་ཀྱི་དགའ་བ་ལ་དགའ་བའོ།། དགའ་བོ་དང
་པོས་ནི་སྙིང་ལས་ཆུང་བ་ཉིད་ཀྱི་བདེ་བ་འདྲེན་པར་བྱེད་དོ།། གཉིས་པས་ནི་མངོན་པར་འབྱུང་བའི་བདེ་བའོ།། གསུམ་པས་ནི་ཏིང་ངེ་འཛིན་གྱི་བདེ་བའོ།། བཞི་པས་ནི་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་འདྲེན་པར་བྱེད་དོ།། བཅོམ་ལྡན་འདས
་ཀྱིས་ཆོས་ནི་རྒྱུ་གཉིས་ཀྱིས་ལེགས་པར་གསུངས་པ་ཡིན་ཏེ། ཚིགས་འབྲུ་ལེགས་པར་རྣམ་པར་ཕྱེ་བ་ཉིད་དང་། ལེགས་པར་རབ་ཏུ་རྟོགས་པ་ཉིད་ཀྱིས་སོ།། རྒྱུ་གཉིས་ཀྱིས་ཚིགས་འབྲུའི་དོན་ལེགས་པར་རྟོགས་པ་ཡིན་ཏེ། ལེགས
་པར་མངོན་པར་རྫོགས་པར་རྟོགས་པ་ཉིད་དང་། ངེས་པར་འབྱིན་པ་མངོན་པར་རྫོགས་པར་རྟོགས་པས་སོ།། རྒྱུ་གཉིས་ཀྱིས་ངེས་པར་འབྱིན་པ་ཡིན་ཏེ། བདེ་འགྲོར་འགྲོ་བས་ངེས་པར་འབྱིན་པ་ཉིད་དང་། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བས་ངེས
་པར་འབྱིན་པ་ཉིད་དོ།། རྒྱུ་གཉིས་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ་ཡིན་ཏེ། སོམ་ཉི་མེད་པ་དང་མི་ཕྱེད་པས་སོ།། རྒྱུ་གཉིས་ཀྱིས་མི་ཕྱེད་པ་ཡིན་ཏེ། ལྟ་བ་མི་ཕྱེད་པ་དང་། འདུས་པ་དང་ལྡན་པས་སོ།། རྒྱུ་གཉིས
་ཀྱིས་འདུས་པ་དང་ལྡན་པ་ཡིན་ཏེ། རྟོགས་པ་བརྟན་པ་དང་། རྟེན་པ་ཡོད་པས་སོ།། རྒྱུ་གཉིས་ཀྱིས་རྟེན་པ་ཡོད་པ་ཡིན་ཏེ། ཡེ་ཤེས་ལ་རྟོན་ཀྱིས་རྣམ་པར་ཤེས་པ་ལ་མི་རྟོན་པ་དང་། སྟོན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
་རྫོགས་པའི་སངས་རྒྱས་ཡིན་པས་སོ།། རྒྱུ་གཉིས་ཀྱིས་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། སོམ་ཉི་ཐམས་ཅད་གཅོད་པ་དང་། ལོག་པར་བསྒྲུབ་པ་མི་དམིགས་པའོ།། སྤོང
་བའི་གགས་ཀྱི་ཆོས་ནི་བཞི་སྟེ། སྐྱོ་བ་མེད་པ་དང་། ཤེས་པ་ཡོངས་སུ་མ་སྨིན་པ་དང་། རྣམ་པར་གཡེང་བ་དང་། བྱིང་བའོ།། སྡིག་པ་བྱེད་པ་དག་ལ་ནི་ཤེས་རབ་ཀྱི་མིག་ལྡོངས་པར་རིག་པར་བྱའོ།། བསོད་ནམས་བྱེད་པ་དག་ལ་ནི་དྲི
་མ་ཅན་དུའོ།། གཞན་མུ་སྟེགས་ཅན་ལ་ནི་རབ་རིབ་ཅན་དུའོ།། ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་པས་ནི་ཀུན་ནས་ཉོན་མོངས་པའི་ཆོས་བཅུ་གཅིག་ཡོངས་སུ་ཤེས་པར་བྱ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མྱིག་དང་། སྡུད་པ་དང
་རམ་པར་གཡེང་བ་དང་། བྱིང་བ་དང་། རྒོད་པ་དང་། ཉེ་བའི་ཉོན་མོངས་པའི་རྒྱུ་མཚན་དང་། རབ་ཏུ་དབེན་པ་ལ་མངོན་པར་མི་དགའ་བ་དང་། རོ་མྱང་བར་མི་བྱེད་པ་དང་། མངོན་པའི་ང་རྒྱལ་ལོ།། འཇིག་རྟེན་པའི་ལམ་ནི་རྒྱུ་བཞིས་འཇིག
་རྟེན་ལས་འདས་པའི་ལམ་གྱི་གྲོགས་ཀྱི་བྱ་བ་བྱེད་དེ། སྒྲིབ་པ་སེལ་བ་དང་། ཐག་བསྲིང་བས་རྣམ་པར་གནོན་པ་དང་། སྐྱོ་བས་ཤིག་ཤིག་པར་བྱེད་པ་དང་། ཆོས་ཀྱི་ཤུགས་ཀྱིས་མངོན་པར་བརླན་པར་བྱེད་པས་སོ།། དེ་བཞིན་གཤེགས་པའི
་ལྷའི་སྤྱན་ནི་རྒྱུ་བཞིས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་ཅན་ཡིན་པར་རིག་པར་བྱ་སྟེ། འགྲོ་བ་ཐམས་ཅད་འགྲུབ་པ་དང་། མཐུན་པའི་ལས་མངོན་པར་འདུ་བྱེད་པ་ལ་གནས་པའི་སེམས་ཅན་ཀུན་ཏུ་གཟིགས་པ་དང་། སྐྱེ་བའི་གནས
་སྣ་ཚོགོས་མང་པོ་ན་གནས་པའི་སེམས་ཅན་ཀུན་ཏུ་གཟིགས་པ་དང་། བར་མ་དོའི་སྲིད་པ་དང་བཅས་པའི་འཆི་འཕོ་དང་། སྐྱེ་བ་དང་ལྡན་པའི་སེམས་ཅན་ཀུན་ཏུ་གཟིགས་པ་དང་། བར་མ་དོའི་སྲིད་པ་མེད་པའི་འཆི་འཕོ་དང་། སྐྱེ་བ་དང
་ལྡན་པའི་སེམས་ཅན་ཀུན་ཏུ་གཟིགས་པས་སོ།། རྣལ་འབྱོར་པ་ཆོས་རྟོགས་པར་བྱ་བ་དང་། ཆོས་རབ་ཏུ་རྟོགས་པར་བྱ་བ་ལ་བརྩོན་པའི་ཆོས་རྟོགས་པར་བྱེ་བ་དང་། ཆོས་རབ་ཏུ་རྟོགས་པར་བྱ་བའི་གོ་རིམས་ནི་བདུན་ཏེ། འདི་ལྟ་སྟེ། སྟོན
་པ་པོ་ལ་གུས་ཤིང་བསྙེན་བཀུར་བྱ་བ་དང་། བསྙེན་བཀུར་བྱས་ནས་རྣ་བ་གཏོང་པོ་དང་། རྣ་བ་བསྟད་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་ནས་སེམས་གནས་པར་བྱ།
་བའི་ཕྱིར་ཡང་དག་པའི་ཐབས་ཡོངས་སུ་གཟུང་བ་དང་། ཐོབས་ཡོངས་སུ་གཟུང་ནས་བརྩོན་འགྲུས་བརྩམས་པ་དང་། བརྩོན་འགྲུས་བརྩམས་ནས་ནང་དང་ཕྱི་རོལ་ལ་སེམས་མི་མཉམ་པ་སྐྱེ་བའི་གཞི་སོ་སོར་སྤང་བའི་ཚུལ
་གྱིས་ཟང་ཟིང་དང་། ཆོས་ཀྱི་སྒྲིབ་པ་རྣམ་པར་དག་པར་བྱེད་པ་དང་། སྒྲིབ་པ་རྣམ་པར་དག་ནས་ཏིང་ངེ་འཛིན་གྱི་རོ་མྱང་བ་མི་བྱེད་ཅིང་མངོན་པའི་ང་རྒྱལ་མེད་པའོ།། མི་མཐུན་པའི་ཕྱོགས་རྣམ་པ་དགུའི་གཉེན་པོར
་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱ་སྟེ། དགུ་གང་ཞེ་ན། དེ་ནི་སྐྱོ་བ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་དང་། ཞི་གནས་དང་ལྷག་མཐོང་གི་ཉེ་བའི་ཉོན་མོངས་པ་དང་། བྱིང་བ་དང་འཁྲུག་པ་ལ་མི་མཛོད་པ་མེད་པ་ཉིད་དང་། ངན་དོན
་ཙམ་གྱིས་ཆོག་པར་འཛིན་པ་དང་། གདམས་ངག་བརྗེད་པ་དང་། ལྟུང་བ་དང་། བརྩོན་པ་བཏང་བ་ཉིད་དོ།། ཁྱིམ་མེད་པ་པའི་སྐྱོན་ནི་ལྔ་སྟེ། མངོན་པར་མི་དགའ་བའི་སྐྱོན་དང་། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པའི་སྐྱོན་དང་།
་ཤེས་ཀྱི་ཁེ་ཚོལ་བའི་སྐྱོན་དང་། ཁྱད་དུ་གསོད་པའི་སྐྱོན་དང་། མངོན་པའི་ང་རྒྱལ་གྱི་སྐྱོན་ནོ།། ཁྱིམ་པའི་སྐྱོན་ཡང་ལྔ་སྟེ། ལྷག་པོར་ཆགས་པའི་སྐྱོན་དང་། བར་དུ་གཅོང་པོའི་འདོད་པ་ལ་བསྟེན་པའི་སྐྱོན་དང་། ཡོངས་སུ་འཛིན་པའི་སྐྱོན
་དང་། ཉེས་པར་སྤྱོད་པ་ལོ་སྦྱོར་བའི་སྐྱོན་དང་། ལེགས་པོར་སྤྱོད་པ་ལ་མི་སྦྱོར་བའི་སྐྱོན་ནོ།། བྱིས་པའི་རྟགས་ནི་བཞི་པོ་འདི་དག་ཡིན་ཏེ། ལེགས་པར་བྱ་བ་མི་བྱེད་པ་དང་། ཉེས་པར་བྱ་བ་བྱེད་པ་དང་། འདྲེན་མར་བྱེད་པ་དང་། གཅིག་ཏུ
་ལེགས་པར་བྱ་བ་དེ་ཉིད་ཡང་དག་པོ་ཇི་ལྟ་བ་བཞིན་ཡོངས་སུ་མི་ཤེས་པའོ།། གཞན་ཡང་བྱིས་པའི་རྟགས་བཞི་སྟེ། འདི་ལྟ་སྟེ། བློ་གྲོས་མ་ངེས་པ་དང་། བློ་གྲོས་ལོག་པར་རྣམ་པར་ངེས་པ་དང་། སྦྱོར་བ་མི་རྩོམ་པ་དང་། ཚུལ
་འཆོས་པའོ། གཞན་ཡང་བྱིས་པའི་རྟགས་བཞི་སྟེ། འདི་ལྟ་སྟེ། གནས་མ་ཡིན་པ་ལ་དགའ་བ་དང་། གནས་མ་ཡིན་པ་ལ་མྱ་ངན་བྱེད་པ་དང་། ཞུགས་པ་ལ་ངེས་པ་དང་དང་པོ་ནས་མི་རྟོག་པའོ།། གཞན་ཡང་བྱིས་པའི་རྟགས་ལྔ་སྟེ། ལྕོག་པར
་མངོན་པར་རྟོག་པ་དང་། ལོག་པར་བཅོམ་པ་དང་། དེའི་ངལ་བ་ཕལ་ཆེར་འབྲས་བུ་མེད་པ་དང་། དེས་མྱ་ངན་བྱེད་པ་དང་། བྱིས་པ་ཕལ་ཆེར་བསོད་ནམས་ཆུང་ཞིང་ཁ་རྗེ་ཆུང་བའོ།། འཁོར་བ་ནི་རྒྱ་མཚོ་དང་ཆོས་མཐུན་པ་ལྔས་རྒྱ་མཚོའི་མིང
་འཐོབ་སྟེ། སྤྱོད་ཡུལ་ཚད་མེད་པར་ཆོས་མཐུན་པ་དང་། གཏིང་སླེབ་ས་དཀའ་བར་ཆོས་མཐུན་པ་དང་། བཏུང་དུ་མི་རུང་བར་ཆོས་མཐུན་པ་དང་། རིན་པོ་ཆེ་ཆེན་པོའི་གནས་ཡིན་པར་ཆོས་མཐུན་པས་སོ།། ཆོས་ཀྱི་སྦྱིན་པ་ནི་རྒྱུ་ལྔས་ཟང་ཟིང
་གི་སྦྱིན་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་ཡིན་གྱི་ཆོས་ཀྱི་སྦྱིན་པ་ནི་ལེགས་པར་སྤྱོད་པ་ངེས་པར་ཀུན་ནས་སློང་བར་བྱེད་པའི་ཕྱིར
་དང་། ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་ཡིན་གྱི། ཆོས་ཀྱི་སྦྱིན་པ་ནི་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་དང་། ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་སེམས་ཀྱི་རྒྱུ་ལ་རྒྱུན་ཏུ་ཁ་ན
་མ་ཐོ་བ་དང་བཅས་པའི་བདེ་བ་སྐྱེད་པར་བྱེད་པ་ཡིན་གྱི་ཆོས་ཀྱི་སྦྱིན་པ་ནི་རྒྱུན་ཏུ་ཁ་ན་མ་ཐོ་བ་མེད་པའི་བདེ་བ་བསྐྱེད་པའི་ཕྱིར་དང་། ཟང་ཟིང་གི་སྦྱིན་པ་ནི་སངས་རྒྱས་རྣམས་འབྱུང་བ་ཡོད་ཀྱང་རུང་། མེད་ཀྱང་རུང་མོད་པ་ཡིན་གྱི
་ཆོས་ཀྱི་སྦྱིན་པ་ནི་སངས་རྒྱས་འབྱུང་བ་མེད་ན་དཀོན་པའི་ཕྱིར་དང་། ཟང་ཟིང་གི་སྦྱིན་པ་ནི་བྱིན་ན་ཟད་པའི་ཆོས་ཅན་ཡིན་གྱི་ཆོས་ཀྱི་སྦྱིན་པ་ནི་མི་ཟད་པའི་ཆོས་ཅན་ཡིན་པའི་ཕྱིར་རོ།། སེམས་ལྔ་ལ་ནི་དབང་སྒྱུར
་བར་བྱའི་སེམས་དེ་དག་གི་དབང་དུ་ནི་མི་འགྱུར་བར་བྱ་བ་ཡིན་ཏེ། ཉེས་པར་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་ཉེས་པར་སྤྱོད་པ་ལ་འཇུག་པ་དང་། ལེགས་པར་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་ལེགས་པར་སྤྱོད་པ་ལེ་མི
་འཇུག་པ་དང་། འདོད་པ་ཡོངས་སུ་ཚོལ་བའི་སྦྱོར་བ་ལས་བྱུང་བའི་སེམས་ཆོས་མ་ཡིན་པས་བབ་ཚོལ་དུ་འདོད་པ་ཡོངས་སུ་ཚོལ་བ་ལ་འཇུག་པ་དང་། འདོད་པ་ལ་ལོངས་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་ཆགས་པ་ནས
་ཉེས་དམིགས་སུ་མི་ལྟ་བ་དང་། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པའི་བར་གྱིས་ལོངས་སྤྱོད་པ་ལ་འཇུག་པ་དང་། མངོན་པར་འབྱུང་བ་དང་། རབ་ཏུ་དབེན་པའི་སྦྱོར་བ་ལས་བྱུང་བའི་སེམས་མངོན་པར་འབྱུང་བ་དང་། རབ་ཏུ
་དབེན་པ་ལ་ཕྱིར་ལྡོག་ཅིང་འདོད་པ་རྣམས་དང་། བསམ་གཏན་གྱི་རོ་མྱང་བ་ལ་འཇུག་པའོ།། ཉོན་མོངས་པའི་གདོན་ནི་རྒྱུ་ལྔས་འབྱུང་པོའི་གདོན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། འབྱུང་པོའི་གདོན་གྱིས་ཟིན་པ་ནི་གཅིག
་ལ་གདོན་གཅིག་གིས་ཟིན་པ་ཡིན་གྱིས་ཉོན་མོངས་པའི་གདོན་གྱིས་ཟིན་པ་ནི་གཅིག་ལ་ཉོན་མོངས་པའི་གདོན་དུ་མས་ཟིན་པ་ཡིན་པ་དང་། གཞན་ཡང་འབྱུང་པོའི་གདོན་གྱིས་ཟིན་པའི་འབྱུང་པོའི་གདོན་ནི་གསང་སྔགས་དག
་གམ་སྨན་དག་གམ། ཡོ་བྱད་དག་གིས་བསྒྲུབ་སླ་བ་ཡིན་གྱི་ཉོན་མོངས་པའི་གདོན་གྱིས་ཟིན་པའི་ཉོན་མོངས་པའི་གདོན་ནི་བསྒྲུབ་ཏུ་མི་རུང་བ་ཡིན་པ་དང་། གཞན་ཡང་འབྱུང་པོའི་གདོན་གྱིས་ཟིན་པའི་འབྱུང་པོའི་གདོན་ནི་ཟིན་པ་ཙམ
་ཁོ་ནས་བྱིས་པ་དང་ཁྱེའུ་དག་ཡན་ཅད་ཀྱིས་ཀྱང་རྣམ་པར་ཤེས་པ་སླ་བ་ཡིན་གྱི། ཉོན་མོངས་པའི་གདོན་གྱིས་ཟིན་པའི་ཉོན་མོངས་པའི་གདོན་ནི་འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་རྣམ་པར་ཤེས་པ་དཀའ་བ་ཡིན་པ་དང་།
་གཞན་ཡང་འབྱུང་པོའི་གདོན་གྱིས་ཟིན་པའི་གདོན་གློ་བུར་བ་སྟེ། ལྷན་ཅིག་སྐྱེས་པ་མ་ཡིན་པ་དང་། དེས་དེའི་ངང་ཚུལ་དུ་མི་འགྱུར་བ་ཡིན་གྱི། ཉོན་མོངས་པའི་གདོན་གྱིས་ཟིན་པའི་ཉོན་མོངས་པའི་གདོན་ནི་གློ་བུར་པ་མ་ཡིན་པ་སྟེ།
་ལྷན་ཅིག་སྐྱེས་པ་དང་། དེ་སྔ་དེའི་ངང་ཚུལ་དུ་འགྱུར་བ་དང་། གཞན་ཡང་འབྱུང་པོའི་གདོན་གྱིས་ཟིན་པའི་འབྱུང་པོའི་གདོན་ནི་དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཡིན་གྱི། ཉོན་མོངས་པའི་གདོན་གྱིས
་ཟིན་པའི་ཉོན་མོངས་པའི་གདོན་ནི་དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་ཡིན་པས་སོ།། དགེ་སློང་ཚུལ་བཞིན་མ་ཡིན་པ་སེམས་པ་ལ་ཞུགས་པ་བདེན་པ་དང་། གནས་པ་ལས་བདག་ཉིད་དམིགས་ནས། འདོགས་པར
་བྱེད་པའི་བསླུ་བ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། མུ་སྟེགས་ཅན་གྱི་བསྟན་པ་ལ་འཇུག་པ་དང་། མུ་སྟེགས་ཅན་གྱི་ལྟ་བ་འཛིན་པ་དང་། གལ་ཏེ་མི་འཇུག་ན་ཡང་མུ་སྟེགས་ཅན་རྣམས་དང་། ཆོས་མཐུན་པར་འགྱུར་བ་དང་། ཞུགས་ན་ཡང
་ངེས་པར་འབྱིན་པ་མ་ཡིན་པའི་ལམ་དུ་ཞུགས་པར་འགྱུར་བ་དང་། མ་ཞུགས་ན་ཡང་རྒྱུ་གཉིས་ཀྱིས་ཆོས་འདི་པ་རྣམས་དང་རིས་མི་མཐུན་པའི་ཆོས་ཅན་དུ་གྱུར་པ་སྟེ། བདེན་པ་མངོན་པར་རྟོགས་པའི་གཞི་ལོག
་པར་བསྒྲུབ་པ་དང་། བདེན་པ་མངོན་པར་རྟོགས་པ་ལོག་པར་བསྒྲུབ་པས་སོ།། འདོད་པ་སྤྱོད་པ་དང་། བསོད་ནམས་སྤྱོད་པ་དང་། ཕན་ཚུན་གནས་པའི་སྤྱོད་པ་ལས་བརྩམས་ནས། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་ཀུན་ནས་ཉོན་མོངས
་བླ་དྲུག་དང་། གཞི་བཞི་དང་། གཉེན་པོ་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་དྲུག་གང་ཞེ་ན། ཡུལ་ལ་འདོད་ཆགས་པ་སྟེ། ངེས་པར་དུ་གཅོད་པའི་འདོད་པ་རྣམས་ལ
་བརྟེན་པར་བྱེད་པ་དང་། དགྲ་ལ་ཞེ་སྡང་བ་སྟེ། དེས་གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་གནོད་སེམས་སྒྲུབ་པར་འགྱུར་བ་དང་། ངག་ལ་འདོད་ཆགས་པ་སྟེ། དེས་ངག་གིས་ཡོངས་སུ་བསྡུས་པའི་སེམས་ཅན་གཞན་གྱི་དབང
་དུ་གྱུར་པ་རྣམས་ལ་རྣམ་པར་འཚེ་བ་དང་། རྣམ་པར་འཐོ་འཚམ་པ་སྒྲུབ་པར་བྱེད་པ་དང་། ལྷག་པ་ལ་ཞེ་སྡང་བ་སྟེ། དེས་བདེ་བ་ལྷག་པ་དང་། དགའ་བ་ལྷག་པའི་སེམས་ཅན་རྣམས་ལ་འབྱོར་བ་དེ་མི་འདོད་ཅིང་བདག་ཉིད་འདོད
་པས་ཕྲག་དོག་གི་རང་བཞིན་གྱིས་མི་དགའ་བ་དང་། མངོན་པར་འདྲེ་བར་བྱེད་པ་དང་། ཡོན་ཏན་དང་ལྡན་པ་ལ་འདོད་ཆགས་པ་དང་། སྐྱོན་དང་ལྡན་པ་ལ་ཞེ་སྡང་བ་སྟེ། དེས་སེམས་མི་མཉམ་པས་དགེ་འདུན་ལ་སྦྱིན་པ་དག
་སྦྱིན་ཞིང་། བསོད་ནམས་དགུ་བྱེད་པ་དང་། གཅིག་ལ་གཅིག་ལེགས་པར་བྱས་བུ་དང་། ཉེས་པར་བྱས་པ་བྱས་པ་དང་། མ་བྱས་པ་ལ་ཀླན་ཀ་ཚོལ་བས་སྡུག་བསྔལ་བ་དང་། བདེ་བ་ལ་རེག་པར་མི་གནས་པའོ།། གཞི་བཞི་གང
་རྣམ་པ་དང་པོའི་གཞི་ནི་ཡུལ་བཞིན་ནོ།། རྣམ་པ་ལྷག་མ་རྣམས་ཀྱི་གཞི་ནི་སེམས་ཅན་ཡིན་ནོ།། རྣམ་པ་དང་པོ་གཉིས་ཀྱི་གཞི་ནི་ཀུན་ནས་ཉོན་མོངས་པ་ཆ་གཅིག་པ་ཉིད་ཡིན་ནོ།། རྣམ་པ་ལྷག་མ་རྣམས་ཀྱི་གཞི་ནི་ཀུན་ནས
་ཉོན་མོངས་པ་ཆ་གཉིས་པ་ཉིད་ཡིན་ནོ།། གཉེན་པོ་རྣམ་པ་ལྔ་གང་ཞེ་ན། མི་སྡུག་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ།། རྣམ་གྲངས་གཞན་ཡང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་ཀུན་ནས་ཉོན
་མོངས་པ་རྣམ་པ་དྲུག་དང་། གཉེན་པོ་རྣམ་པ་ལྔ་ཡོད་པར་རིག་པ་སྟེ། རྣམ་པ་དྲུག་གང་ཞེ་ན། འདོད་ཆགས་ཀྱི་དངོས་པོ་དང་། ཞེ་སྡང་གི་དངོས་པོ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ཉོན་མོངས་པ་ལ་འདོད་ཆགས
་པ་དང་། ཀུན་ཏུ་འདོད་ཆགས་པ་མེད་པ་དང་། ཀུན་ཏུ་ཞེ་སྡང་བ་མེད་པ་དང་། ཀུན་ཏུ་གཏི་མུག་པ་མེད་པའི་ཀུན་ནས་ཉོན་མོངས་པ་མེད་པ་ལ་འདོད་ཆགས་པ་དང་། ཀུན་ཏུ་འདོད་ཆགས་པ་མེད་པ་དང་། ཀུན་ཏུ་ཞེ་སྡང་བ་མེད་པ་དང་།
་ཀུན་ཏུ་གཏི་མུག་པ་མེད་པའི་ཀུན་ནས་ཉོན་མོངས་པ་མེད་པ་ལ་ཞེ་སྡང་བ་མེད་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ཉོན་མོངས་པ་ལ་ཞེ་སྡང་བའོ།། གཉེན་པོ་རྣམ་པ་ལྔ་གང་ཞེ་ན། མི་སྡུག་པ་དང་། བྱམས
་པ་དང་། ཡིད་ལ་བྱེད་པ་གསུམ་སྟེ། ཀུན་ནས་ཉོན་མོངས་པ་ཕྱིན་ཅི་ལོག་པར་ཡིད་ལ་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་ཕྱིན་ཅི་མ་ལོག་པར་ཡིད་ལ་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། ཀུན
་ནས་ཉོན་མོངས་པ་མེད་པ་གཉིས་ལ་སེམས་ཕྱིན་ཅི་ལོག་ཏུ་མ་གྱུར་པའི་དེ་ལ་འདོད་ཆགས་དང་། ཞེ་སྡང་ཡལ་བར་འདོར་བ་ཡིད་ལ་བྱེད་པའོ།། གང་ཟག་བཞིའི་རབ་ཏུ་འབྱུང་བ་ལ་ཡོན་ཏན་ལྔ་ཡོད་པར་རིག་པར་བྱ་སྟེ། གང་ཟག
་བཞི་གང་ཞེ་ན། རང་དབང་ཅན་དང་། གཞན་གྱི་དབང་དུ་གྱུར་པ་དང་། ཡོངས་སུ་སྨིན་པ་དང་། ཡོངས་སུ་མ་སྨིན་པའོ།། རབ་ཏུ་འབྱུང་བའི་ཡོན་ཏན་ལྔ་ཇི་ལྟར་རིག་པར་བྱ་ཞེ་ན། གང་ཟག་རང་དབང་ཅན་རབ་ཏུ་བྱུང་ན་རྒྱལ་པོ་ལ་སོགས
་པ་དང་། ཐུན་མོངས་པའི་ལོངས་སྤྱོད་དག་སྤངས་ནས། དེ་དག་དང་ཐུན་མོང་མ་ཡིན་པའི་ཚུལ་ཁྲིམས་དག་ལ་གནས་པར་འགྱུར་ཏེ། དེ་ནི་ཡོན་ཏན་དང་པོ་ཡིན་ནོ།། གང་ཟག་གཞན་གྱི་དབང་དུ་གྱུར་པ་རབ་ཏུ་བྱུང་ན་གཞན་གྱི་དབང་དང་། ཚིག
་འོག་ན་འདུག་པ་སྤངས་ནས། དབང་དང་ཚིག་འོག་ན་འདུག་པ་ལ་རང་དབང་ཡོད་པར་ཁས་བླངས་པར་འགྱུར་ཏེ། དེ་ནི་ཡོན་ཏན་གཉིས་པ་ཡིན་ནོ།། གང་ཟག་ཡོངས་སུ་སྨིན་པ་རབ་ཏུ་བྱུང་ན་གལ་ཏེ་ཀུན་ཏུ་སྦྱོར་བ་ལྷག་མ་མ་ལུས་ཤིང
་སྡུག་བསྔལ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཐོབ་པར་གྱུར་ན། དེ་ནི་ཡོན་ཏན་གསུམ་པ་ཡིན་ནོ།། གལ་ཏེ་ཀུན་ཏུ་སྦྱོར་བ་ལྷག་མ་བཅས་ཤིང་། ངན་སོང་བའི་སྡུག་བསྔལ་གྱི་མཐར་ཕྱིན་པ་རྗེས་སུ་ཐོབ་པར་གྱུར་ན། དེ་ནི་ཡོན་ཏན་བཞི་པ
་ཡིན་ནོ།། གང་ཟག་ཡོངས་སུ་མ་སྨིན་པ་རབ་ཏུ་བྱུང་ན་ཚེ་འདི་ལ་ཁྱིམ་གྱི་གནོད་པ་དང་། སྡུག་བསྔལ་རྣམ་པ་དུ་མ་དག་ལས་ཡོངས་སུ་གྲོལ་ཞིང་འདི་ལྟ་སྟེ། ཕྱི་མ་ལ་རྒྱུད་ཡོངས་སུ་སྨིན་པར་འགྱུར་བའི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ
་བ་རྣམ་པ་དུ་མ་དག་སོགས་པར་འགྱུར་ཏེ། དེ་ནི་ཡོན་ཏན་ལྔ་པ་ཡིན་ནོ།། ཟག་པ་དང་བཅས་པའི་འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་ཉིད་རྣམ་པ་གསུམ་གྱི་རྣམ་པ་དགུ་དང་རྗེས་སུ་འབྲེལ་པར་རིག་པར་བྱ་སྟེ། སྡུག་བསྔལ་ཉིད་རྣམ
་པ་གསུམ་གང་ཞེ་ན། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དོ།། རྣམ་པ་དགུ་གང་ཞེ་ན། སྡུག་བསྔལ་ཉིད་གསུམ་པོ་རེ་རེའི་རྣམ་པ་གསུམ་གསུམ་དང་། ཟག་པ་དང
་བཅས་པའི་འདུ་བྱེད་ཐམས་ཅད་རྗེས་སུ་འབྲེལ་པར་གྱུར་པ་དེ་དག་ནི་རྣམ་པ་དགུ་ཡིན་ཏེ། འཆི་འཕོ་དང་རྗེས་སུ་འབྲེལ་པ་དང་། ངན་སོང་བའི་རྒྱུ་ཀུན་ནས་སློང་བ་དང་རྗེས་སུ་འབྲེལ་པ་དང་། ངན་སོང་དུ་སྐྱེ་བ་དང་རྗེས་སུ་འབྲེལ་པ
་དང་། མི་རྟག་པའི་ཆོས་ཉིད་ཀྱིས་མི་རྟག་པ་དང་། རྗེས་སུ་འབྲེལ་པ་དང་། སྡུག་བསྔལ་གྱི་ཆོས་ཉིད་ཀྱིས་སྡུག་བསྔལ་དང་རྗེས་སུ་འབྲེལ་པ་དང་། བདག་མེད་པའི་ཆོས་ཉིད་ཀྱིས་བདག་མེད་པ་དང་རྗེས་སུ་འབྲེལ་པ་དང་། རོ་མྱང
་བའི་གནས་ལྟ་བུའི་འདུ་བྱེད་རྣམས་ཀྱི་བདེ་བ་འབྱུང་བ་དང་། གནས་པ་དང་རྗེས་སུ་འབྲེལ་པ་དང་། འགྱུར་བའི་སྡུག་བསྔལ་དེ་ཉིད་ལ་བརྟེན་ནས་མཁས་པ་རྣམས་ཀྱིས་ཀྱང་ངེས་པར་འབྱུང་བ་ཡོངས་སུ་མ་ཟིན་པ་ཉིད་དང
་རྗེས་སུ་འབྲེལ་པའོ།། དགེ་སློང་འཁོར་གྱི་ནང་དུ་རྒྱུ་བ་ནི་ཡན་ལག་བཞི་དང་ལྡན་ན། འཁོར་ལ་ཡང་དག་པར་རྗེས་སུ་སྟོན་པ་དང་། འཁོར་ཡོངས་སུ་སྡུད་པར་འོས་པ་དང་། བདག་ལ་ཕན་པ་དང་།
་གཞན་ལ་ཕྲན་པའི་ཕྱིར་ཞུགས་པ་ཡིན་ཏེ། བཞི་གང་ཞེ་ན། ཉེ་བའི་ཉོན་མོངས་པ་དབེན་པ་དང་། ཤེས་པས་མི་དབེན་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པར
་བྱ་བ་དང་། ཕྱིར་ཞིང་འཕེལ་བ་དང་ཡངས་པར་བྱ་བའི་ཕྱིར་ཉེ་བར་རྟོན་པ་ཉེ་བར་བསྒྲུབ་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཉེ་བར་སྟོན་པ་བསྒྲུབ་པའོ།། ཇི་ལྟར་ན་དགེ་སློང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས
་དབེན་པ་ཡིན་ཞེ་ན། ཉེ་བའི་ཉོན་མོངས་པ་ནི་ལྔ་པོ་འདི་དག་ཡིན་ཏེ། ཁྱིམ་ན་འདུག་ན་ཆགས་པ་དང་། ཚུལ་ཁྲིམས་ཉམས་པ་དང་། སྔོན་ཉམས་སུ་མྱོང་བ་རྗེས་སུ་དྲན་པའི་ཀུན་ཏུ་རྟོག་པ་དང་ལྡན་པའི་ཚུལ་བཞིན་མ་ཡིན་པ
་ཡིད་ལ་བྱེད་པ་དང་། མ་འོངས་པའི་ཡུལ་ལ་ཡོངས་སུ་འཆུམས་པའི་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། ཆོས་ལ་སེར་སྣ་བྱེད་པའོ།། བྱིས་པ་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་གཟུགས་རང་གི་མཚན་ཉིད་ལས
་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་གང་ཡིན་པ་ནི་ཕ་དང་། མ་དང་བུ་དང་། ཆུང་མ་ནས། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། རྒན་རབས་ཀྱི་བར་དག་ཡིན་ནོ་སྙམ་དུ་རློམ་སེམས་བྱེད་པས། གཞི་དེས་ཁྱིམ་ན
་འདུག་ན་ཆ་གས་པ་སྐྱེད་པར་བྱེད་དོ།། མཁས་པ་གཟུགས་རང་གི་མཚན་ཉིད་ཙམ་དུ་སེམས་ཅན་གྱི་འདུ་ཤེས་མེད་པ་ལ་ནི་དེ་མི་འབྱུང་སྟེ། དེ་ལྟ་བས་ན་དེ་ནི་ཉེ་བའི་ཉོན་མོངས་པ་དང་པོ་དེས་དབེན་པ་ཡིན་ཏེ། འདི་ལྟར་གཟུགས
་ཀྱི་རང་བཞིན་རྣམ་པར་གཞག་པ་སོ་སྦྱོར་གནས་པ་རྣམ་པ་སྣ་ཚོགས་ལ་བརྟེན་ནས། ཤིན་ཏུ་ཡུན་རིང་བར་མཐོང་ངམ། གཞན་དག་དད་འདྲེས་པར་མཐོང་ནས་འདི་སྙམ་དུ་སེམས་ཏེ། བདག་གི་ཕ་དང་མ་དང་བུ་དང་ཆུང་མ་ནས
་རྒྱས་པར་འཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། རྒན་རབས་ཀྱི་བར་དག་ནི་གཞན་ཡིན་ནོ་སྙམ་པ་དང་། གཟུགས་མེད་པར་སྐྱེས་པའི་སེམས་ཅན་རྣམས་ལ་ནི་མེད་དོ་སྙམ་དུ་སེམས་པའི་ཕྱིར་རོ།། གཞན་ཡང་བྱིས་པ་ནི
་བྱིས་པའི་མཚན་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ལ། མཁས་པའི་མཚན་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཏེ། དེས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་པས། ཉེས་པར
་བསམ་པ་སེམས་པ་དང་། ཉེས་པར་སྨྲ་བ་བརྗོད་པ་དང་། ཉེས་པར་བྱ་བའི་ལས་བྱེད་པ་དང་། ལུས་དང་ངག་དང་ཡིད་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པ་དང་། ཚུལ་ཁྲིམས་དང་འཚེ་བ་ཡོངས་སུ་མ་དག་པ་ཡིན་གྱི་མཁས
་པས་ནི་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པས་དེ་ལས་བཟློག་པ་ཡིན་པར་རིག་པར་བྱ་སྟེ། དེ་ལྟ་བས་ན་ཉེ་བའི་ཉོན་མོངས་པ་གཉིས་པའི་དབེན་པ་ཡིནོ།། གཞན་ཡང་བྱིས་པ་ནི་ཚུལ་བཞིན་མ་ཡིན་པ་ཡང་དག
་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ལ། ཚུལ་བཞིན་ཡང་ཚུལ་བཞིན་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་པས་འདོད་པའི་འདོད་ཆགས་ཀྱི་གནས་ལྟ་བུའི་ཆོས་ཡིད་དུ་འོང་བ་སྔོན་ཉམས་སུ་མྱོང་བ་དག་ལ
་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་ཅིང་འདོད་པའི་རྣམ་པར་རྟོག་པས་རྣམ་པར་རྟོག་པར་བྱེད་དང་དུ་ལེན་པར་བྱེད་དེ། སྤོང་བར་མི་བྱེད་སེལ་བར་མི་བྱེད་བྱང་བར་མི་བྱེད་པ་དང་། གནོད་སེམས་ཀྱིས་གནས་ལྟ་བུའི་ཡོད་དུ་མི་འོང
་དག་ལ་གནོད་སེམས་ཀྱི་རྣམ་པར་རྟོག་པས་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་གནས་ལྟ་བུ་ཡིད་དུ་མི་འོང་བ་དག་ལ་རྣམ་པར་འཚེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་པར་བྱེད་དེ། ལྷག་མ་རྣམས་ནི་སྔ་མ་བཞིན
་དུ་ཤེས་པར་བྱ་སྟེ། མཁས་པ་ནི་ཚུལ་བཞིན་མ་ཡིན་པ་ཡང་ཚུལ་བཞིན་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ལ། ཚུལ་བཞིན་ཡང་ཚུལ་བཞིན་དུ་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པས། ཇི་སྐད་བསྟེན་པའི
་སྔོན་ཉམས་སུ་མྱོང་བ་དེ་དག་རྗེས་སུ་དྲན་པར་ཡང་མི་བྱེད་ལ་ཚུལ་བཞིན་དུ་ཡང་ཡིད་ལ་བྱེད་དོ།། བརྗེད་ངས་པས་བརྒྱ་ལ་འདོད་པའི་རྣམ་པར་རྟོག་པ་ནས་རྣམ་པར་འཚེ་བའི་རྣམ་པར་རྟོག་པའི་བར་གང་ཡིན་པ་དེ་ལ
་དམིགས་པ་སྐྱེས་ན་ཡང་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད་བྱང་བར་བྱེད་དེ། དེ་ལྟ་བས་ན་དེ་ནི་ཉེ་བའི་ཉོན་མོངས་པ་གསུམ་པ་དེས་དབེན་པ་ཡིན་ནོ།། གཞན་ཡང་བྱིས་པ་ནི་དབང་པོ་སྡོམ་པའི་ཕན་ཡོན་ཡང་ཡང
་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ལ། མ་བསྡམས་པའི་ཉེས་དམིགས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས། སོ་སོའི་ཡུལ་ད་ལྟར་བྱུང་བ་མངོན་དུ་གྱུར་པ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དག་གིས་སེམས
་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། གཟུགས་ལ་སོགས་པ་ཡུལ་ཡིད་དུ་འོང་བ་དག་ལ་ལྟ་བར་འདོད་པ་དེ་ལ་ཡིད་དུ་མི་འོང་བ་ནི་མི་མཐུན་པ་ཡིན་པས་དེ་ལྟར་ཡིད་དུ་འོང་བ་འདོད་པ་གང་ཡིན་པ་དེ་ནི་དེའི་བརྣབ་སེམས་ཡིན་པར
་རིག་པར་བྱ་ལ། དེ་ལྟར་བརྣབ་སེམས་དང་ལྡན་པ་ནི་ཡུལ་གཞན་ཉེ་བར་གྱུར་པ་ན་ཡིད་མི་དགའ་བས་ཡིད་མི་བདེ་བར་ཡང་འགྱུར་གྱི། མཁས་པ་ནི་དེ་ལས་བཟློག་བས་སྔ་མའི་ཚུལ་བཞིན་དུ་བལྟ་བར་བྱ་སྟེ། དེ་ལྟ་བས་ན་དེ་ནི་ཉེ
་བའི་ཉོན་མོངས་པ་བཞི་པ་དེས་དབེན་པ་ཡིན་ནོ།། གཞན་ཡང་བྱིས་པ་ནི་ཆགས་པ་དམ་པ་མ་ཡིན་པའི་ཆོས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཤིང་། དེ་ལས་གཞན་པའི་སར་སྣ་བཞིས་དད་པ་ན་ཆོས་ལ
་ཡང་སེར་སྣ་བྱེད་པ་ཡིན་གྱི། མཁས་པ་ནི་དེའི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དེ་ལས་གཞན་པའི་སེར་སྣ་བཞི་སྐྱེས་ན་ཡང་དང་དུ་མི་ལེན་ན། ཆོས་ལ་སེར་སྣ་བྱེད་པར་ལྟ་ག་ལ་འགྱུར་ཏེ། དེ་ལྟར་ཆོས
་ལ་སེར་སྣ་དང་བྲལ་བ་དེ་ནི་གང་ཟག་ཆོས་འདོད་པ་རྣམས་ལ་སྟོན་པའི་བསྟན་པ་མདོ་སྡེ་དང་འདུལ་བ་དང་མ་མོ་དང་ལྡན་པའི་ལུང་འབོག་པར་བྱེད། འཛིན་དུ་འཇུག་པར་བྱེད་པ་ནས་རྒྱས་པར་རྒྱུན་མི་འཆད་པར་སྟོན་པའི་བར
་དུ་བྱེད་ཅིང་། སྒྲིབ་པན་གྱི་པེ་མཐུང་ཀྱད་མི་བྱེད་དེ་དེ་ལྟ་བསྟན་དུནི་ཉེ་བའི་ཉོན་མོངས་པ་ལཱུ་བྷྱོ་ས་དབེན་པ་ཡིན་ནོ།། དྷེཥྚཥྚ་ནུ་། སྒྱུ་བའི་ཉོན་མོངས་པ་སྨྲ་བྱེ་བླའི་སྤྱནྡྷ་ལག་དང་པོ་དང་ལྡ
་བཱ་ཡིན་ནཱ་། བུམ་སནྟ།། ཊཱིགྶ་། སྟྲཻ་ནི་དགེ་སློ་ཤྲཱིས་རྣམས་ཀྱིས་སྒྲ་བྱེན་པོ་སམ་ནྡྲ་ན། ཤེས་པ་ནི་ཟིན་པ་འདིདུག་ན། མ་པ་ཉི་མོངས་པ་ས
་རྨཱ་མྦྷ་ཕྲུགྶ་ས་ན་ག་བརྗིད་བཙུགས་པ་ལས་པ་ས་ནས་ས་ད་པ་།། འཕགས་པའི་སུམ་ཡན་ལག་ང་འི་པར་བྱ་གྲུབ་བ་ཧཱུ~ཾ་ཧཱུ~ཾ་མྦྷ་མྨཱ་ཙྪ་བའི་ན
་གསུམ་མོ།། དགེ་སྲུངས་པའི་སྤྱི་བྱོར་གྱུར་བླན་འདི་སྙམ་དུ་སེམས། འཕགས་པའི་ལས་སུན་ལག་བརྒྱད་པ་ན་སུ་མྦྷ་རྒྷས་བཅོམ་ལྡན་འདུས་ནམས་ཀྱི་འདུས་པ་ཕགས་པ་འ་ལ་སྤྱོང་ཀྱེ+ེ་ལ་པ་ཕྱི་རོལ་པ་སུ་སྟེག
་ཅན་ཐམསྣ་ཅད་ཀྱི་གནང་རྣམ་མོ་ལ་ནི་མེད་དེ། གངྒཱ་མྦྷི་འབིགས་པའི་ལས་ཡན་ལག་བརྒྱུད་པ་ཡོད་པ་དྨ་ལ་ནི་དགེ་སྦྱོང་ཚུལ་སྟེ་འབྲ་སྟེ་བུ་དང་། དགེ་སྦྱོང་གི་ཧཱུ~ཾལ་དང་། དགེ་སྦྱོང་གི་ཚུལ་གྱི་ངདྲན་མྱ་ངན་ལས་འདུས་པ་ཡང་མང
་བ་བདག་གིས་ངོག་སྦྱོང་གི་འབྲས་བུ་དང་། དགེ་སྦྱོང་གི་ཚུལ་དང་། དགེ་སྦྱོང་གི་ཚུལ་གྱི་དོན་རྣམས་ཐོབ་པར་བྱ་བའི་ཕྱིར་འཕགས་པའི་ལོ་མི་ཡན་ལོག་བསྒྱིང་བ་བསྒྲེང་བར་བྱ་ཞིང་རྣམ་པར་སྦྱང་བར་བྱ་གྲི་རིམ་ཆག་སྣམ
་དུ་སེམས་ཏེ། དེས་རྣམ་པ་དེ་དག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པ་གང་ཡིན་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྟོགས་པ་ལས་བརྩམས་ནས་ཤེས་པ་དང་པོའི་ཞེས་བྱའོ།། དེས་ཤེས་པ་དེ་ཉིད
་ལེ་བརྟེན་ཅིང་གནས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ལྟར་རིག་པ་དེ་ཐོབ་པར་བྱ་ཞིང་གྲུབ་པར་བྱ་བའི་ཕྱིར་ཤེས་པ་གཞན་གསུམ་པོ་ཐོས་པ་ལས་བྱུང་བའི་ཤེས་པ་དང་། བསམས་པ་ལས་བྱུང་བའི་ཤེས་པ་དང་།
་བསྒོམས་པ་ལས་བྱུང་བའི་ཤེས་པ་དག་གི་སྤྲོ་བར་བྱེད། རྩོལ་བར་བྱེད། འབད་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྩོན་པར་བྱེད་པ་ནས་ཐོས་པ་ལས་བྱུང་བའི་ཤེས་པ་རྣམ་པར་དག་པར་བྱ་བའི་ཕྱིར། དེ
་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་རྟོན་པའི་ཚེ། དམ་པའི་ཆོས་མཉན་པའི་སྐབས་སུ་བབ་པ་ན་སོང་ཞིང་བསྙེན་བཀུར་བྱས་ཏེ་ཉན་པར་བྱེད་ཅིང་། དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་མངོན་པར
་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་དོ།། དེ་ལ་རང་གི་མཚན་ཉིད་ཆོ་ག་ཡིན་པས་ན་རྒྱ་ཆེ་བའོ།། ཁ་ན་མ་ཐོ་བ་མེད་པས་ན། དགེ་བའོ།། མྱ་ངན་ལས་འདས་པ་དང་ལྗོན་པས་ན་མངོན་པར་འབྱུང་བ་དང་ལྡན་པ་ཡིན་ནོ།། བསམས་པ་ལས
་བྱུང་བའི་ཤེས་པས་བརྩོན་པར་བྱེད་པའི་ཚེ་ན་ནི། བསམས་པ་ལས་བྱུང་བའི་ཤེས་པ་ཉིད་རྣམ་པར་དག་པར་བྱ་བའི་ཕྱིར་གང་ན་དགེ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ། མདོ་སྡེ་དང་འདུལ་བ་དང་མ་མོའི་འབྲེལ་བའི
་གཏམ་རྣམ་པར་གཏན་ལ་འབེབས་པར་བྱེད་པ་དག་འདུས་ཏེ། འཁོད་པར་གྱུར་པ་དེར་སོང་ཞིང་དེ་དག་ལ་བདེན་པ་དག་ལ་བརྩམས་ཏེ་ཡོངས་སུ་འདྲི་བར་བྱེད་དོ།། དེ་དག་གིས་ཀྱང་དེ་ལ་བདེན་པ་དེ་དག་གི་རང་གི
་མཚན་ཉིད་རྟོགས་པར་བྱ་བའི་ཐབས་རྣམ་པར་གཞག་པ་ལས་དང་པོ་ཁོ་ནར་མ་རྟོགས་པ་རྣམས་ནི་རྟོགས་པར་བྱེད་ལ་རྟོགས་པ་རྣམས་ནི་མི་བརྗེད་པར་བྱ་བའི་དོན་གཅིག་གིས་ཚིག་འབྲུ་ཐ་དད་བྱེ་བྲག་ཏུ་རྟོགས་པར་བྱ་བས་ཡོངས
་སུ་བྱང་བར་བྱེད་ཅིང་། བདག་མེད་པ་དང་ལྡན་པ་བདེན་པ་མངོན་པར་རྟོགས་པར་བྱེད་པ་དོན་གྱི་ཚིག་ཟབ་པ་ཤེས་རབ་ཀྱི་རྟོགས་པར་བྱས་ནས། དེ་བཞིན་གཤེགས་པས་གསུངས་པའི་ཆོས་དང་ཚིག་སྟོང་པ་ཉིད་དང་ལྡན་ཡང་སྟོན་པར
་བྱེད་དོ།། དེ་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བའི་ཤེས་པ་རྣམ་པར་དག་པའི་ཕྱིར། བསྒོམས་པ་ལས་བྱུང་བའི་ཤེས་པ་ཡང་དག་པར་བརྩམས་པའི་ཕྱིར་དང་། རྣམ་པར་དག་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས
་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ནས་རྒྱས་པར་དྲན་པ་ཉེ་བར་གཞག་པ་བཞིའི་བར་དག་བསྒོམ་པར་རིག་པར་བྱ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པར་བྱ་ཞིང་གྲུབ་པར་བྱ་བ་ལས་བརྩམས་ནས
་ཤེས་པ་གསུམ་པོ་དེ་དག་ཡིན་ཏེ། དེ་ལྟར་ན་དགེ་སློང་ཤེས་པ་རྣམས་ཀྱིས་མི་དབེན་པ་ཡིན་ནོ།། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཕྱི་རེ་ཞིང་འཕེལ་བ་དང་།
་ཡངས་པར་བྱ་བའི་ཕྱིར་ཉེ་བར་རྟོན་པ་གང་ཞེ་ན། ཟང་ཟིང་གི་ལོངས་སྤྱོད་ལ་བརྩམས་ནས། སྦྱིན་པ་པོ་དང་སྦྱིན་བདག་དད་པ་དག་ལས་ཆོས་གོས་ལ་སོགས་པ་བླང་བ་ལ་ཚོད་རིག་པ་གང་ཡིན་པ་དེ་ནི་དེ་དག་གི་ཉེ་བར་རྟོན་པ་ཞེས
་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཞི་ངེས་དགེ་སློང་ལུས་མི་དྲལ་བ་དང་། སེམས་ལས་སུ་རུང་བ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་སྐྱེ་བར་འགྱུར་ལ། དགེ་བའི་ཆོས་དེ་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར།
་ཞིང་། མངོན་པར་འཕེལ་བར་འགྱུར་བའི་ཕྱིར་རོ།། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཉེ་བར་རྟོན་པ་གང་ཞེ་ན། དགེ་སློང་ནས་རྒན་པ་ཚུལ་ཁྲིམས་ཀྱིས་རྒན་པ། དགའ་བ་ཐམས་ཅད་ཀྱི་ནང་ན་མྱ་ངན་ལས་འདས་པ
་ལ་དགའ་བ་མཆོག་ཡིན་པར་ཤེས་པ། ལམ་ཤིན་ཏུ་བསྒོམ་པ། མངོན་པའི་ང་རྒྱལ་མེད་པ་གང་དག་ཡིན་པ་དེ་དག་ལ་འདུད་པ་དང་། རིམ་གྲོ་བྱེད་པ་དང་ལེགས་པར་སྨྲས་པའི་རྗེས་སུ་ཡི་རུང་བར་བྱེད་པ་དང་། གཡོ་མི་བྱེད་པ་དང་།
་ཀླན་ཀ་ཚོལ་བའི་སེམས་མེད་པ་ཉིད་གང་ཡིན་པ་དེ་ནི་དེ་དག་བསྐྱེད་པའི་ཕྱིར་ཉེ་བར་རྟོན་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་དེ་ལྟར་ལེགས་པར་འཇུག་པའི་དགེ་སློང་ནི་དེ་དག་ལས་དགེ་བའི་ཆོས་བྱང་ཆུབ་ཀྱི
་ཕྱོགས་དང་མཐུན་པ་མ་སྐྱེས་པ་རྣམས་མྱུར་བ་ཁོ་ནར་བསྐྱེད་པར་བྱ་བའི་ཕྱིར་དུས་དུས་སུ་རྗེས་སུ་མཐུན་པའི་གདམས་ངག་དང་རྗེས་སུ་བསྟན་པ་ཐོབ་པར་འགྱུར་བའི་ཕྱིར་རོ།། དེ་ལྟར་ན་ཡན་ལག་བཞི་པོ་དེ་དག་ཡོད་ན་བཅུ
་གཅིག་ཏུ་འགྱུར་ལ། བཅུ་གཅིག་ཡོད་ན་ཡང་བཞིར་འགྱུར་རོ།། དོན་ནི་རྣམ་པ་བདུན་ཏེ། རྣམ་པར་དཔྱད་བར་བྱ་བ་དང་། བླང་བར་བྱ་བ་དང་། གསལ་བར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། བཟློག་པར་བྱ་བ་དང་།
་ཏུ་གཟུང་བར་བྱ་བ་དང་། བསྡུ་བར་བྱ་བའོ།། ཡིད་བདེ་བ་ནི་རྣམ་པ་བདུན་ཏེ། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། སྒྲིབ་པ་མེད་པ་ལས་བྱུང་བ་དང་། འབྲེལ་པའི་གཏམ་ལས
་བྱུང་བ་དང་། རང་གི་ཡོན་ཏན་རྗེས་སུ་དྲན་པ་ལས་བྱུང་བ་དང་། དམན་པས་ཆོག་མི་ཤེས་པ་ལས་བྱུང་བའོ།། ཆོས་ནི་རྣམ་པ་ལྔ་སྟེ། བཤད་པའི་ཆོས་དང་ཚུལ་གྱི་ཆོས་དང་། གཟུང་བའི་ཆོས་དང་། ལོངས་སྤྱོད་ཀྱི་ཆོས་དང་།
་ཐོབ་པའི་ཆོས་སོ།། མདའ་འཕང་བ་ནི་ཡོན་ཏན་གསུམ་གྱི་ཕུན་སུམ་ཚོགས་པ་ཡིན་ཏེ། གཞུའི་ཡོན་ཏན་དང་། མདའི་ཡོན་ཏན་དང་། འཕེན་པའི་ཡོན་ཏན་གྱིས་སོ།། དེ་ལ་གཞུའི་ཡོན་ཏན་ནི་གཉིས་ཏེ། རྒྱུ་བཟང་པོ་དང་ལྡན
་བ་དང་། ལེགས་པར་མཐར་ཕྱིན་པར་བྱས་པའོ།། མངའི་ཡོན་ཏན་གཅིག་སྟེ། ལེགས་པར་མཐར་ཕྱིན་པར་བྱས་པ་ཉིད་དོ།། འཕེན་པའི་ཡོན་ཏན་ནི་གསུམ་སྟེ། འཕོང་མཐར་ཕྱིན་པ་དང་། འཕོང་ལ་གོམས་པ་དང་། འཕོང
་སློབ་དཔོན་ལས་བསླབ་པའོ།། དེ་བཞིན་གཤེགས་པ་རྟོན་པ་ནི་རྣམ་པ་གསུམ་སྟེ། དུས་ཡུན་རིང་དུ་སྟོན་པ་དང་། རྒྱུན་མི་འཆད་པར་སྟོན་པ་དང་། མི་ཟློས་པར་སྟོན་པའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྟོན་པ་ནི།
་ཚུལ་གསུམ་གྱིས་དཔག་ཏུ་མེད་པ་ཡིན་ཏེ། དོན་སྣ་ཚོགས་པ་ཉིད་ཀྱི་ཚུལ་དང་། ཚིག་འབྲུ་སྣ་ཚོགས་པ་ཉིད་ཀྱི་ཚུལ་དང་། རྒོལ་བའི་ལན་སྣ་ཚོགས་པ་ཉིད་ཀྱི་ཚུལ་གྱིས་སོ།། ལམ་དུ་ཞུགས་པའི་གཉེན་པོ་ནི་རྣམ་པ་ལྔར་རིག་པར
་བྱ་སྟེ། ཉི་མའི་གཉེན་པོ་དང་བགྲོད་དཀའ་བའི་གཉེན་པོ་དང་། ཆུ་རླུང་གི་གཉེན་པོ་དང་། སྐོམ་པའི་གཉེན་པོ་དང་། ལུས་ངལ་བའི་གཉེན་པོའོ།། ཚུལ་ཁྲིམས་རྣམ་པ་གཉིས་ནི་བདེ་འགྲོར་འགྲོ་བར་འགྱུར་བ་ཡིན་ཏེ། ཚུལ
་མས་ཡང་དག་པར་བླངས་པ་ཉིད་དང་། ཚུལ་ཁྲིམས་མ་རལ་བ་ཉིད་དོ།། འདོད་པ་ལ་ལོངས་སྤྱོད་པའི་ཚེ་འདིའི་དོན་ནི་གསུམ་སྟེ། ལོངས་སྤྱོད་རྣམས་བསྒྲུབ་པ་དང་། ཀུན་ཏུ་བསྲུང་བ་དང་། ལོངས་སྤྱོད་དེ་ལ་ཆགས་པ་མེད
་པའོ།། ཚེའི་ཚད་ན་རྣམ་པ་གཉིས་ཏེ། རིང་བ་དང་ཐུང་བའོ།། གནས་སྐབས་འགྱུར་བ་ཡང་རྣམ་པ་གཉིས་ཏེ། རགས་པ་དང་ཕྲ་བའོ།། ཤེས་པའི་ཡོན་ཏན་ཡང་གཉིས་ཏེ། དོན་ཡང་དག་པར་རྟོགས་པའི་ཡོན་ཏན་དང་། ངོ་བོ
་ཉིད་ཀྱི་ཡོན་ཏན་ནོ།། དེ་ལ་དོན་ཡང་དག་པར་རྟོགས་པའི་ཡོན་ཏན་ནི་མྱུར་དུ་ཡང་དག་པར་རྟོགས་པ་དང་། ངེས་པར་ཡང་དག་པར་རྟོགས་པ་དང་། ཆ་ཕྲ་བ་ཡང་དག་པར་རྟོགས་པའོ།། དེ་ལ་ངོ་བོ་ཉིད་ཀྱི་ཡོན་ཏན་ནི་མཉམ
་པར་གཞག་པའི་ས་པ་དང་། ཡོངས་སུ་མི་ཉམས་པ་དང་། འཇིག་རྟེན་ལས་འདས་པ་དང་། ལེགས་པར་བསྒོམས་པ་དང་། རང་གི་སྤྱོད་ཡུལ་ལ་ཉམས་པ་མེད་པ་དང་། རང་གི་རིགས་དང་མཐུན་པའི་དགེ་བའི་རྩ་བས་ཁྱང་བར་དུ
་འཕགས་པ་དང་། གཞན་གྱི་རིགས་དང་མཐུན་པའི་དགེ་བའི་རྩ་བས་ཁྱད་པར་དུ་འཕགས་པའོ།། བལྟོས་པ་རྣམ་པ་གསུམ་གྱི་གཉེན་པོ་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་སྟེ། གྲོགས་ལ
་བལྟོས་པ་དང་། རྙེད་པ་ལ་བལྟོས་པ་དང་། ཡང་འབྱུང་བའི་སྲིད་པ་གཞན་ལ་བལྟོས་པའི་འོ།། སྦྱོར་བ་དང་མངོན་པར་རྟོགས་པ་དང་། རྒྱུད་ལས་ཏེ། འདོད་པའི་འདོད་ཆགས་དང་། མ་རིག་པའི་གཉེན་པོས་སྦྱོར་བ་དང་། རྣམ་པར
་མ་གཞག་པ་དང་། རྣམ་པར་གཞག་པའི་བདེན་པ་རྣམས་མངོན་པར་རྟོགས་པ་དང་། འདོད་ཚོགས་དང་བྲལ་བ་དང་། འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་རྒྱུད་དོ།། ལུས་དངས་དང་གཉེན་པོ་ལས་ཏེ། ཏིང་ངེ་འཛིན་ལ་མི
་བརྩོན་པ་དང་། བརྩོན་པ་དང་ཐོབ་པ་དང་། མ་ཐོབ་པ་ལས་ལུས་རྣམ་པར་དག་པ་ལ་སྒྲིབ་པ་དང་། ཡིད་ལ་བྱེད་པ་རྣམ་པར་དག་པ་ལ་སྒྲིབ་པ་དང་། དེ་ལ་སྒྲིབ་པའི་གཉེན་པོ་ལས་སོ།། མངོན་པར་རྟོགས་པ་རྣམ་པ་དྲུག་པོ
་བསམས་པ་མངོན་པར་རྟོགས་པ་ནས་མཐར་ཐུག་པའི་མངོན་པར་རྟོགས་པའི་བར་དུ་གང་གསུངས་པ་དེ་ལ། བསམ་པ་མངོན་པར་རྟོགས་པའི་རྟགས་གང་ཞེ་ན། སྨྲས་པ་བསམ་པ་མངོན་པར་རྟོགས་པ་དང་ལྡན་པ་ནི
་སོ་སོའི་སྐྱེ་བོར་གྱུར་པ་ཉིད་ནས་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བའོ་ཞེས་བྱ་བ་ལ། ཇི་ནས་ཀྱང་དེ་ལས་གཞན་པའི་དགེ་སྦྱོང་ངམ
་བྲམ་ཟེ་འམ་ལྷ་འམ་བདུད་དམ་ཚངས་པ་འམ་སུས་ཀྱང་འཇིག་རྟེན་ན་ཆོས་དང་མཐུན་པས་མི་འཕྲོགས་པ་དེ་ལྟར་ངེས་པར་གྱུར་པ་ཡིན་ནོ།། དང་བ་མངོན་པར་རྟོགས་པའི་རྟགས་གང་ཞེ་ན། སྨྲས་པ། དད་པ་མངོན་པར
་རྟོགས་པ་དང་ལྡན་པ་ནི་སོ་སོའི་སྐྱེ་བོར་གྱུར་པ་ཡང་རུང་། སོ་སོའི་སྐྱེ་བོར་གྱུར་པ་མ་ཡིན་པར་ཡང་རུང་སྟེ། ཚེ་འདིའམ་ཚེ་འདི་དང་ཕྱི་མ་ལ་སྟོན་པ་གཞན་དང་ལེགས་པར་གསུངས་པའི་ཆོས་གཞན་དང་དགེ་འདུན
་ལེགས་པར་ཞུགས་པ་གཞན་ཡོད་དོ་ཞེས་སྙད་འདོགས་མི་སྲིད་པ་ཡིན་ནོ།། ཚུལ་ཁྲིམས་མངོན་པར་རྟོགས་པའི་རྟགས་གང་ཞེ་ན། སྨྲས་པ། ཚུལ་ཁྲིམས་མངོན་པར་རྟོགས་པ་དང་ལྡན་པ་ནི་བསམས་བཞིན་དུ་དུང
་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཀྱི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་རྣམས་ལ་ལོག་པར་གཡེམ་པ་དང་། ཤེས་བཞིན་དུ་བརྫུན་སྨྲ་བ་དང་། ཆང་དང་བཅོས་པའི་ཆང་དང་། སྦྱར་བའི
་ཆང་དང་། བག་མེད་པའི་གནས་ལ་བརྟེན་མི་སྲིད་པ་ཡིན་ནོ།། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པའི་རྟགས་གང་ཞེ་ན། སྨྲས་པ། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ
་དང་ལྡན་པ་ནི་ལྟ་བའི་གནས་བྱེད་དང་། རང་གི་རྟོགས་པ་ལ་སོམ་ཉི་དང་ཐེ་ཚོམ་ཟ་བ་དང་། སྐྱེ་བའི་གནས་ཐམས་ཅད་ལ་དགའ་བ་དང་། མཚན་མ་སྤྱོད་པས་རྣམ་པར་དག་པར་ཡིད་ཆེས་པ་དང་། ཉན་ཐོས་ཀྱི་ཐེག་པ་འམ
་རང་སངས་རྒྱས་ཀྱི་ཐེག་པ་འམ་ཐེག་པ་ཆེན་པོ་ལ་སྐུར་པ་འདེབས་ཤིང་སྤོང་བ་དང་། ངན་སོང་བའི་ལས་བྱེད་པར་ཡང་མི་སྲིད་པ་ཡིན་ན། ཕ་དང་མ་གསོད་པ་ལ་སོགས་པ་མཚམས་མེད་པ་བྱེད་པ་ལྟ
་ག་ལ་སྲིད་དེ། སྲིད་པ་བརྒྱད་བ་མངོན་པར་བསྒྲུབ་པའི་བར་དུ་མི་སྲིད་པ་ཡིན་ནོ།། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པའི་རྟགས་གང་ཞེ་ན། སྨྲས་པ། མངོན་པར་རྟོགས་པའི་མཐའ
་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་དང་ལྡན་པ་ནི་དེ་ལ་དྲི་བ་དྲིས་པ་ན། འཇིགས་པ་དང་བག་ཚ་བ་སྐྱེད་མི་སྲིད་པ་ཡིན་ནོ།། མཐར་ཐུག་པའི་མངོན་པར་རྟོགས་པའི་རྟགས་གང་ཞེ་ན། སྨྲས་པ། མཐར་ཐུག་པའི
་མངོན་པར་རྟོགས་པ་དང་ལྡན་པ་ནི་གནས་ལྔ་ལ་སྤྱོད་མི་སྲིད་པ་ཡིན་ཏེ། བསམས་བཞིན་དུ་སྲོག་ཆགས་ཀྱི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་ལ་བརྟེན་པ་དང་། ཤེས་བཞིན་དུ
་རྫུན་གྱི་ཚིག་སྨྲ་བ་དང་། གསོགས་འཇོག་གི་ལོངས་སྤྱོད་ཀྱིས་འདོད་པ་རྣམས་ལ་ལོངས་སྤྱོད་པ་དང་། ལུང་དུ་མ་བསྟན་པའི་དངོས་པོ་དག་གིས་སྐྲག་པ་དང་། བདེ་བ་དང་སྡུག་བསྔལ་རང་གིས་བྱས་པ་འམ་གཞན་གྱིས་བྱས་པའམ།
་རང་དང་གཞན་གྱིས་བྱས་པར་ཡིད་ཆེས་པ་དང་། བདེ་བ་དང་སྡུག་བསྔལ་རང་གིས་ཀྱང་མ་བྱས་གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བར་ཡིད་ཆེས་མི་སྲིད་པ་ཡིན་ཏེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་མངོན་པར
་རྟོགས་པ་དེ་དག་གི་རྟགས་དག་ཡིན་པར་རིག་པར་བྱའོ།། བསམ་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། བསམས་པ་ལས་བྱུང་བའི་ཤེས་རབ་ཆེན་པོའི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན
་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ།། དད་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དད་པ་ཆེན་པོ་དཀོན་མཆོག་ལ་དམིགས་པའི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི
་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ།། ཚུལ་ཁྲིམས་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། འཕགས་པ་དགྱེས་པའི་ལུས་དང་ངག་གི་ལས་ཀྱི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང
་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ།། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། རྣམ་པར་མ་གཞག་པའི་བདེན་པ་ལ་དམིགས་པའི་ཤེས་རབ་ཀྱི་ངོ་བོ་ཉིད་དང་། དེ་དང་ལྡན་པའི
་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ།། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། རྣམ་པར་བཞག་པའི་བདེན་པ་ལ་དམིགས་པའི
་ཤེས་རབ་ཀྱི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ།། མཐར་ཐུག་པའི་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ངོ་བོ་ཉིད་དང་། དེ
་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ཏེ། དེ་ལྟར་དེ་ནི་མངོན་པར་རྟོགས་པ་དེ་དག་གི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ།། མངོན་པར་རྟོགས་པ་དྲུག་པོ་དེ་དག་ལས། དུ་ནི་འདོད
་པ་དང་ལྡན་པ་ཡིན། དུ་ནི་གཟུགས་དང་ལྡན་པ་ཡིན། དུ་ནི་གཟུགས་མེད་པ་དང་ལྡན་པ་ཡིན། དུ་ནི་ལྡན་པ་མ་ཡིན་པ་ཡིན་ཞེ་ན། སྨྲས་པ། གཅིག་ནི་འདོད་པ་དང་ལྡན་པ་ཡིན་ནོ།། གཅིག་གི་ཕྱོགས་གཅིག་ནི་འདོད་པ་དང་ལྡན་པ་ཡང
་ཡིན། གཟུགས་དང་ལྡན་པ་ཡང་ཡིན། གཟུགས་མེད་པ་དང་ལྡན་པ་ཡང་ཡིན་ནོ།། ལྡན་པ་མ་ཡིན་པ་ཡང་ཡིན་ནོ།། གཅིག་པོ་དེ་ཉིད་ཀྱི་ཕྱོགས་གཅིག་དང་ལྷག་མ་གསུམ་ནི་ལྡན་པ་མ་ཡིན་པ་ཡང་ཡིན་ནོ།། གཅིག་ནི་ལྡན་པ་ཡང
་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ།། མངོན་པར་རྟོགས་པ་དྲུག་པོ་དེ་དག་ལས་དུ་ནི་མི་ལྕོགས་པ་མེད་པའི་གནས་ལ་བརྟེན་ཏེ་དམིགས་པ་ཡིན། དུ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་གནས་ལ་བརྟེན་ཏེ། དམིགས་པ་ཡིན་ཞེ་ན།
་སྨྲས་པ། གཅིག་ནི་གནས་གང་ལས་ཀྱང་མི་བརྟེན་པར་དམིགས་པ་ཡིན་ནོ།། ལྷག་མ་རྣམས་ནི་གནས་ཐམས་ཅད་ལས་བརྟེན་ནས་དམིགས་པ་ཡིན་ཏེ། གསུམ་དང་གཅིག་གི་ཕྱོགས་གཅིག་ནི་གནས་ལྔ་ལས་བརྟེན་ཏེ་སྐྱེའོ།།
་གལ་ཏེ་མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་མཚན་མ་མེད་པའི་ཕྱིར་རྣམ་པར་མི་རྟོགས་པ་ཡིན་ན། ཇི་ལྟར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་གནས་ལ་བརྟེན་ཏེ་དམིགས་པ་ཡིན་ཞེ་ན་སྨྲས་པ།
་རྟོག་པ་དང་དཔྱོད་པ་ལ་སོགས་པ་བསམ་གཏན་མཐའ་དག་ཏུ་དེ་བཞིན་ཉིད་ཡིད་ལ་བྱེད་པ་ན་སྙོམས་པར་འཇུག་སྟེ། དེའི་ཕྱིར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་བསམ་གཏན་ལ་བརྟེན་ཏེ་དམིགས་པ་ཡིན་ལ། དེའི་མཚན་མས
་མཚན་མ་མེད་པ་དང་རྣམ་པར་རྟོག་པ་མེད་པ་ཡིན་པར་ཡང་རིག་པར་བྱའོ།། མངོན་པར་རྟོགས་པ་དེ་དག་ལས་དུ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པ་ཡིན། དུ་ནི་དོན་དམ་པའི་བདེན་པ་ལ་དམིགས་པ་ཡིན་ཞེ་ན། སྨྲས་པ། གཅིག
་དང་གཅིག་གི་ཕྱོགས་གཅིག་ནི་ཀུན་རྫོབ་ལ་དམིགས་པ་ཡིན་ནོ།། གཅིག་ནི་དམིགས་པ་མེད་པ་ཡིན་ནོ།། གཉིས་དང་གཅིག་ནི་རྣམ་པར་བཞག་པའི་དོན་དམ་པའི་བདེན་པ་ལ་དམིགས་པ་ཡིན་ནོ།། གཅིག་ནི་རྣམ་པར་མ
་གཞག་པའི་དོན་དམ་པའི་བདེན་པ་ལ་དམིགས་པ་ཡིན་ནོ།། མངོན་པར་རྟོགས་པ་དེ་དག་ལས་དུ་ནི་མཚན་མ་དང་བཅས་པ་ཡིན། དུ་ནི་མཚན་མ་མེད་པ་ཡིན་ཞེ་ན། སྨྲས་པ། བཞི་ནི་མཚན་མ་དང་བཅས་པ་ཡིན་ནོ།། གཅིག
་ནི་མཚན་མ་མེད་པ་ཡིན་ནོ།། གཅིག་ནི་མཚན་མ་དང་བཅས་པ་དང་མཚན་མ་མེད་པ་ཡིན་ནོ།། མངོན་པར་རྟོགས་པ་དེ་དག་ལས་དུ་ནི་རྣམ་པར་རྟོགས་པ་དང་བཅས་པ་ཡིན། དུ་ནི་རྣམ་པར་རྟོག་པ་མེད་པ་ཡིན་ཞེ་ན། སྨྲས་པ།
་མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དག་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པ་དག་ཀྱང་དེ་བཞིན་དུ་རིག་པར་བྱའོ།། མངོན་པར་རྟོགས་པ་དེ་དག་ལས་དུ་ནི་ཡིད་བདེ་བ་དང
་ལྡན་པ་ཡིན། དུ་ནི་བདེ་བ་དང་ལྡན་པ་ཡིན། དུ་ནི་བཏང་སྙོམས་དང་ལྡན་པ་ཡིན་ཞེ་ན་སྨྲས་པ། དང་པོ་ནི་ཡིད་བདེ་བ་དང་ལྡན་པ་ཁོ་ན་ཡིན་ནོ།། ལྷག་མ་རྣམས་ནི་ཡིད་བདེ་བ་དང་། བདེ་བ་དང་བཏང་སྙོམས་དང
་ལྡན་པ་ཡིན་ནོ།། མངོན་པར་རྟོགས་པ་དེ་དག་ལས་དུ་ནི་རྣམ་པར་སུན་འབྱིན་པ་ཡིན་ནོ།། དུ་ནི་སྤོང་བ་གཉེན་པོ་ཡིན། དུ་ནི་ཀུན་འཛིན་པ་གཉེན་པོ་ཡིན། དུ་ནི་ཐག་སྲིད་པ་གཉེན་པོ་ཡིན་ཞེ་ན། སྨྲས་པ། གཉིས་ནི་རྣམ་པར་སུན
་འབྱིན་པ་གཉེན་པོ་ཁོ་ན་ཡིན་ནོ།། གཅིག་ནི་སྤོང་བ་དང་ཀུན་འཛིན་པ་དང་ཐག་སྲིད་པ་གཉེན་པོ་ཡིན་ནོ།། གཅིག་ནི་ཀུན་འཛིན་པ་དང་ཐག་སྲིད་བ་གཉེན་པོ་ཡིན་ནོ།། གཉིས་ནི་གཉེན་པོ་མ་ཡིན་ནོ།། མངོན་པར་རྟོགས་པ་དེ་དག་ལྔས་དུ
་ནི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་གཉེན་པོ་ཡིན། དུ་ནི་བག་ལ་ཉལ་ཡང་དག་པར་འཇོམས་པའི་གཉེན་པོ་ཡིན་ཞེ་ན། སྨྲས་པ། གསུམ་ནི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་གཉེན་པོ་ཡིན་ནོ།། གཅིག་ནི་དེ་གཉི་གའི
་གཉེན་པོ་ཡིན་ནོ།། གཉིས་ནི་དེ་གཉི་གའི་གཉེན་པོ་མ་ཡིན་ནོ།། མངོན་པར་རྟོགས་པ་དེ་དག་ལས་དུ་ཞིག་ས་དང་ས་ལ་ཉོན་མོངས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་སྤང་བའི་གཉེན་པོ་ཡིན་ཞེ་ན། སྨྲས་པ་གཅིག་གོ། ལྷག་མ་རྣམས
་ནི་དེ་དང་མཐུན་པ་དང་དེའི་གྲོགས་དག་ཡིན་གྱི་སྤོང་བའི་གཉེན་པོ་ནི་མ་ཡིན་ནོ།། མངོན་པར་རྟོགས་པ་དྲུག་དང་ཡོངས་སུ་ཤེས་པ་དགུ་ལ། ཡོངས་སུ་ཤེས་པ་དགུ་གང་ཞེ་ན། འདོད་པ་དང་ལྡན་པའི་སྡུག་བསྔལ་དང་ཀུན་འབྱུང་བ
་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དང་པོའོ།། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར
་ནི་ཡོངས་སུ་ཤེས་པ་གཉིས་པའོ།། འདོད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་གསུམ་པའོ།། འདོད་པ་དང་ལྡན་པའི་ལམ་མཐོང་བས་སྤང་བར་བྱ་བའི
་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་བཞི་པའོ།། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་ལྔ་པའོ།། གཟུགས
་དང་གཟུགས་མེད་པ་དང་ལྡན་པའི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དྲུག་པའོ།། ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་སྤངས་པ་ནི་ཡོངས་སུ་ཤེས་པ་བདུན་པའོ།། གཟུགས
་ཀྱི་འདོད་ཆགས་སྤངས་པ་ནི་ཡོངས་སུ་ཤེས་པ་བརྒྱད་པའོ།། གཟུགས་མེད་པའི་འདོད་ཆགས་སྤངས་པ་ནི་ཡོངས་སུ་ཤེས་པ་དགུ་པའོ།། མངོན་པར་རྟོགས་པ་དྲུག་པ་དེ་དག་ལས་དུ་ཞིག་ཡོངས་སུ་ཤེས་པ་གང་གི་འབྲས་བུ
་ཡིན་ཞེ་ན། སྨྲས་པ། གཅིག་ནི་ཡོངས་སུ་ཤེས་པ་དགུའི་འབྲས་བུ་ཡིན་ནོ།། ལྷག་མ་རྣམས་ནི་འབྲས་བུ་མ་ཡིན་ནོ།། མངོན་པར་རྟོགས་པ་དེ་དག་ལས་སྤོང་བ་གཉེན་པོ་གང་ཡིན་པ་དེ་ཅི་སྐྱེས་ནས་སྤོང་བ་གཉེན་པོ་ཡིན་ནམ།
་འོན་ཏེ་མ་སྐྱེས་པས་ཡིན་ཞེ་ན། སྨྲས་པ། མ་སྐྱེས་པས་མ་ཡིན་ནོ།། སྐྱེས་ན་ཡང་དུས་ཕྱིས་ནི་མ་ཡིན་ཏེ། འདི་ལྟར་ཉོན་མོངས་པ་སྤོང་བ་དང་། གཉེན་པོ་སྐྱེ་བ་ནི་མགོ་མཉམ་དུ་བལྟ་བར་བྱའོ།། དེ་ལ་གཉེན་པོ་སྐྱེས
་བབས་ཉོན་མོངས་པ་སྤོང་ངོ་ཞེས་བྱ་བར་ནི་ཉེ་བར་གདགས་པ་ཐ་སྙང་གདགས་པ་དང་། བརྡ་གདགས་བུ་ལས་བྱ་བ་ཡིན་ནོ།། མངོན་པར་རྟོགས་པ་དེ་དག་ལས་དུ་དག་གིས་འབྲས་བུ་གང་འཐོབ་ཅེ་ན། སྨྲས་པ། གཅིག་གིས་ནི་འབྲས་བུ
་བཞི་པོ་ཐམས་ཅད་འཐོབ་པོ།། གཅིག་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་པ་ཡོངས་སུ་རྫོགས་པའི་ཚེ་འབྱུང་ངོ་།། ལྷག་མ་རྣམས་ནི་གཅིག་པོ་འཐོབ་པའི་གྲོགས་ཡིན་ཏེ། འཐོབ་པའི་སྔོན་དུ་འགྲོ་བ་ཡིན་ནོ།། མངོན་པར་རྟོགས་པ་དེ
་དངག་ལས་དུ་དག་གིས་དབང་པོ་རྣམས་འཕོ་བར་བྱེད་ཅེ་ན། སྨྲས་པ། གཅིག་མ་གཏོགས་པ་ལྷག་མ་ཐམས་ཅད་ཀྱིས་སོ།། མངོན་པར་རྟོགས་པ་དེ་དག་ལས་དུ་དག་གིས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་དག
་མངོན་པར་སྒྲུབ་པར་བྱེད་ཅེ་ན། སྨྲས་པ། གཅིག་མོ་གཏོགས་པ་ལྷག་མ་ཐམས་ཅད་ཀྱིས་སོ།། དེ་ལ་བསམ་པ་མངོན་པར་རྟོགས་པ་ཇིའི་ལས་ཅན་དུ་བརྗོད་པར་བྱ། དེ་བཞིན་དུ་མཐར་ཐུག་པའི་མངོན་པར་རྟོགས་པའི་བར་ཡང་ཇིའི་ལས
་ཅན་དུ་བརྗོད་པར་བྱ་ཞེ་ན། སྨྲས་པ། བསམ་པ་མངོན་པར་རྟོགས་པ་ནི་ཡང་དག་པར་རྟོགས་པས། བསྡུས་པ་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་དགེ་བའི་ཆོས་སྐྱེད་པའི་ལས་ཅན་དང་ཁ་ན་མ་ཐོ་བ་མེད་པའི་དགའ་བ་དང་མཆོག
་ཏུ་དགའ་བ་སྐྱེད་པའི་ལུས་ཅན་དང་། ཐེ་ཚོམ་རྣམ་པར་ཟློག་པའི་ལས་ཅན་དང་། བསྒོམ་པའི་རྗེས་སུ་འཇུག་པའི་ལས་ཅན་དང་། དེ་ལས་གཞན་པའི་མངོན་པར་རྟོགས་པ་དག་སྐྱེད་པའི་ལས་ཅན་དང་། བདེ་འགྲོར་འགྲོ་བའི་ལས་ཅན
་ཡིན་པར་རིག་པར་བྱའོ།། དད་པ་མངོན་པར་རྟོགས་པ་ནི་དཀོན་མཆོག་རྣམས་ལ་བསམ་པ་དག་པ་ནས་མོས་པ་མི་གཡོ་བ་བསྐྱེད་པའི་ལས་ཅན་དང་། ཡང་དག་པར་རྟོགས་པས་རྣམ་པར་བྱང་བར་བྱེད་པའི་ལས་ཅན་དང་། དེ་དག་ལས་ལ་ལ
་བདེ་འགྲོར་འགྲོ་བར་བྱེད་པའི་ལས་ཅན་ནོ།། ཚུལ་ཁྲིམས་མངོན་པར་རྟོགས་པ་ནི་ངན་སོང་བའི་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱེད་པའི་ལས་ཅན་ཡིན་ནོ།། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ནི་དགེ
་སྦྱོང་གི་ཚུལ་གྱི་འབྲས་བུ་ཐམས་ཅད་འཐོབ་པ་དང་ཡོན་ཏན་ཐམས་ཅད་མངོན་པར་བསྒྲུབ་པས་རྣམ་པར་བྱུང་བར་བྱེད་པའི་ལས་ཅན་དང་། དེ་ལས་གཞན་པའི་མངོན་པར་རྟོགས་པ་དག་བསྐྱེད་པའི་ལས་ཅན་དང་། བདེ་འགྲོར་རྣམ་པར
་སྨོན་པའི་འབྲས་བུ་ཆེས་འོད་གསལ་བ་མངོན་པར་འགྲུབ་པར་བྱེད་པའི་ལུས་ཅན་ཡིན་ནོ།། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ནི་རྣམ་པོར་གཞག་པའི་བདེན་པ་དག་ལ་དྲིས་པའི
་ལན་གདབ་པ་ལ་མཁས་པའི་ལས་ཅན་དང་། མངོན་པར་ཤེས་པ་མྱུར་བ་ཉིད་ཀྱི་ལས་ཅན་དང་། དེའི་གོང་མའི་མངོན་པར་རྟོགས་པ་དག་སྐྱེད་པའི་ལས་ཅན་ཡིན་ནོ།། མཐར་ཐུག་པའི་མངོན་པར་རྟོགས་པ་ནི་ཚེ་འདི་ལ་མཆོག་ཏུ
་བདེ་བར་གནས་པ་སྐྱེད་པའི་ལས་ཅན་དང་། སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་པར་བྱེད་པའི་ལས་ཅན་དང་། ལུས་ཐ་མ་འཛིན་པའི་ལས་ཅན་ཡིན་ནོ།། བསམ་པ་མངོན་པར་རྟོགས་པ་ལ་རྣམ་པ་དུ་ཡོད།
་དེ་བཞིན་དུ་མཐར་ཐུག་པའི་མངོན་པར་རྟོགས་པའི་བར་ལ་ཡང་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། བསམ་པ་མངོན་པར་རྟོགས་པ་ནི་རྣམ་པ་དུ་མ་ཡོད་དེ། འདི་ལྟ་སྟེ། མདོའི་སྡེ་ལ་སེམས་པ་དང་། དབྱངས་ཀྱིས་བསྐྱེད་པའི་སྡེ་དང་། ལུང་བསྟན
་པའི་སྡེ་ནས་ཤན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེའི་བར་ལ་སེམས་པ་དང་། སྡུག་བསྔལ་ལ་སེམས་པ་དང་། ཀུན་འབྱུང་བ་དང་འགོག་པ་དང་། ལམ་ལ་སེམས་པ་དང་། དེ་བཞིན
་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ལ་སེམས་པ་དང་། ཕུང་པོ་དང་ཁམས་དང་སྐྱེད་མཆེད་ལ་སོགས་པ་ལ་སེམས་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་སེམས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་པ་དང་། ཐེག
་པ་ཆེན་པོ་ལ་སེམས་པ་དང་། དེ་ལྟ་དེ་ལྟ་བུ་དང་མཐུན་པ་ལ་སེམས་པ་དཔག་ཏུ་མེད་པར་རིག་པར་བྱའོ།། དད་པ་མངོན་པར་རྟོགས་པ་ནི་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དྲང་དེ་དག་གི་ཆོས་དང་དེ་དག་གི་དགེ་འདུན
་ཡང་དག་པར་རྗེས་སུ་དྲན་པ་དང་། འདས་པའི་ཇི་ལྟ་བ་དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བ་དང་། འཇིག་རྟེན་གྱི་ཁམས་འདི་དང་དེ་ལས་གཞན་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ངག་གི་ཡང་དག་པར་རྫོགས་པའི་སངས
་རྒྱས་རྣམསྣ་དང་། དེ་དག་གི་ཆོས་དང་དེ་དག་གི་དགེ་འདུན་ཡང་དག་པར་རྗེས་སུ་དྲན་པའི་དད་པ་མངོན་པར་རྟོགས་པ་གང་ཡིན་པའོ།། ཚུལ་ཁྲིམས་མངོན་པར་རྟོགས་པ་ནི་རང་བཞིན་གྱིས་མི་དགེ་བའི་ལས་ཀྱི་ལམ་བཅུ་སྤང་བའི་རབ་ཏུ་དབྱེ་བ
་དང་། དེ་བཞིན་དུ་སེམས་ཀྱི་རྒྱུད་ཀྱི་རབ་ཏུ་དབྱེ་བ་རྒྱུན་ཏུ་ཞུགས་པའི་སེམས་ཀྱི་རྒྱུད་ནས། དགྲ་བཅོམ་པ་ཉིད་ཀྱི་བར་གྱི་སེམས་ཀྱི་རྒྱུད་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་སེམས་ཀྱི་རྒྱུད་ཀྱི
་རབ་ཏུ་དབྱེ་བས་རྣམ་པ་དུ་མ་ཡོད་དོ།། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་།
་ལམ་གྱི་ཡན་ལག་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་རབ་ཏུ་དབྱེ་བས་རྣམ་པ་དུ་མ་ཡོད་དོ།། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་དུ། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ
་བདེན་པ་མངོན་པར་རྟོགས་པ་དང་། མཐར་ཐུག་པའི་མངོན་པར་རྟོགས་པ་ཡང་དེ་བཞིན་དུ་རིག་པར་བྱའོ།། མངོན་པར་རྟོགས་པ་དེ་དག་མིང་གང་དང་མངོན་པར་བརྗོད་པ་གང་གིས་རྣམ་པར་འཇོག་པ་དེའི་ངོ་བོ་ཉིད་ཡིན་པར་བརྗོད་པར་བྱ།
་འམ། འོན་ཏེ་དེའི་ངོ་བོ་ཉིད་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཐ་སྙད་ལས་ནི་དེའི་ངོ་བོ་ཉིད་ཡིན་པར་བརྗོད་པར་བྱའོ།། དོན་དམ་པར་ནི་དེའི་ངོ་བོ་ཉིད་མ་ཡིན་པར་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཉིད་ཀྱིས་ཆོས
་ཐམས་ཅད་ཀྱི་དོན་བརྗོད་དུ་མེད་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་བསམ་པ་མངོན་པར་རྟོགས་པ་རྒྱུ་གང་ལས་བྱུང་། འབྲས་བུ་གང་ཡིན། དེ་བཞིན་དུ་མཐར་ཐུག་པའི་མངོན་པར་རྟོགས་པའི་བར་ཡང་རྒྱུ་གང་ལས་བྱུང
་འབྲས་བུ་གང་ཡིན་ཞེ་ན། སྨྲས་པ། བསམ་པ་མངོན་པར་རྟོགས་པ་ནི་སངས་རྒྱས་འབྱུང་བ་དང་། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། སེམས་ཀྱི་རྒྱུད་ཡོངས་སུ་སྨིན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ
་ཡིན་ནོ།། ལས་གང་དང་ལྡན་པ་དེའི་འབྲས་བུ་ཅན་ནོ།། བསམ་པ་མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པ་ཐམས་ཅད་ཀྱང་དེ་བཞིན་དུ་རིག་པར་བྱའོ།། དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དད་པ་མངོན་པར་རྟོགས་པ་ནི་དེ་ལས་གཞན་པའི
་མངོན་པར་རྟོགས་པའི་རྒྱུ་ལས་བྱུང་བ་ཡང་ཡིན་ནོ།། དེ་བཞིན་དུ་ཚུལ་ཁྲིམས་མངོན་པར་རྟོགས་པ་དང་། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ཡང་བསམ་པ་མངོན་པར་རྟོགས་པའི་རྒྱུ་ལས་བྱུང་བ་ཡང་ཡིན་ལ།
་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་རྒྱུ་ལྔས་བྱུང་བ་ཡང་ཡིན། རང་གི་རིགས་ཀྱི་རྒྱུ་ལས་བྱུང་བ་ཡང་ཡིན་ནོ།། དེ་བཞིན་དུ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ཡང་མངོན
་པར་རྟོགས་པོའི་ཤེས་པ་བདེན་པ་ཡང་མངོན་པར་རྟོགས་པའི་རྒྱུ་ལས་བྱུང་བ་ཡང་ཡིན་ནོ།། མཐར་ཐུག་པའི་མངོན་པར་རྟོགས་པ་ཡང་དེ་བཞིན་ནོ།། མངོན་པར་རྟོགས་པ་དྲུག་དང་། མཚན་ཉིད་སོ་སོར་རིག་པ་ལ་སོགས་པའི་ཡིད་ལ་བྱེད་པ
་བདུན་པོ་དག་ཅི་མངོན་པར་རྟོགས་པ་དྲུག་གིས་ཡིད་ལ་བྱེད་པ་བདུན་བསྡུས་སམ། འོན་ཏེ་ཡིད་ལ་བྱེད་པ་བདུན་གྱིས་མངོན་པར་རྟོགས་པ་དྲུག་བསྡུས་ཤེ་ན། སྨྲས་པ། མངོན་པར་རྟོགས་པ་གཉིས་ནི་ཡིད་ལ་བྱེད་པ་གང་གིས་ཀྱང་མ་བསྡུས
་སོ།། གཅིག་ནི་དགའ་བ་སྡུད་པས་བསྡུས་སོ།། གཅིག་ནི་དགའ་བ་སྡུད་པ་དང་། དཔྱོད་པའི་ཡིད་ལ་བྱེད་པས་བསྡུས་སོ།། གཅིག་ནི་རབ་ཏུ་དབེན་པ་ལས་བྱུང་བ་དང་། དགའ་བ་སྡུད་པ་དང་། སྦྱོར་བ་མཐར་ཐུག་པས་བསྡུས་སོ།། གཅིག་ནི་སྦྱོར
་མཐར་ཐུག་པའི་འབྲས་བུས་བསྡུས་སོ།། ཡིད་ལ་བྱེད་པ་ལྷག་མ་འདི་ལྟ་སྟེ་མཚོན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་དང་། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ནི་མངོན་པར་རྟོགས་པའི་རྒྱུ་མཐུན་པས་བསྡུས་པ་ཡིན་པས་མངོན་པར
་རྟོགས་པས་མ་བསྡུས་པར་རིག་པར་བྱའོ།། ཤེས་པ་མཐའ་ཡས་པ་དང་། ངེས་པར་འབྱེང་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་མངོན་པར་རྟོགས་པ་གང་གིས་བསྡུས་ཤེ་ན། སྨྲས་པ། གང་གིས་ཀྱང་མ་བསྡུས་ཏེ། དེ་དག་ཀྱང་མངོན
་པར་རྟོགས་པའི་རྒྱུ་མཐུན་པ་ཡིན་པར་རིག་པར་བྱའོ།། བསམ་པ་མངོན་པར་རྟོགས་པ་གང་ཡིན་པ་དེ་དད་པ་མངོན་པར་རྟོགས་པ་ཡང་ཡིན་ལ། དད་པ་མངོན་པར་རྟོགས་པ་གང་ཡིན་པ་དེ་ཡང་བསམ་པ་མངོན་པར་རྟོགས་པ་ཡིན
་ནམ་ཞེ་ན། སྨྲས་པ། མུ་བཞི་སྟེ། དེ་ལ་བསམ་པ་མངོན་པར་རྟོགས་པ་ཡིན་ལ་དད་པ་མངོན་པར་རྟོགས་པ་མ་ཡིན་པ་ནི། དཀོན་མཆོག་ལ་དམིགས་པའི་ངེས་པར་སེམས་པ་མ་གཏོགས་པ། དེ་ལས་གཞན་པ་ལ་དམིགས་པའི་ངེས
་པར་སེམས་པའོ།། དད་པ་མངོན་པར་རྟོགས་པ་ཡིན་ལ་བསམ་པ་མངོན་པར་རྟོགས་པ་མ་ཡིན་པ་ནི་དཀོན་མཆོག་ལ་དམིགས་པའི་དད་པ་ཐོབ་པ་དང་བསྒོམས་པ་ལས་བྱུང་བ་གང་ཡིན་པའོ།། བསམ་པ
་མངོན་པར་རྟོགས་པ་ཡང་ཡིན་ལ་དད་པ་མངོན་པར་རྟོགས་པ་ཡང་ཡིན་པ་ནི་དཀོན་མཆོག་ལ་དམིགས་པའི་ངེས་པར་སེམས་པ་གང་ཡིན་པའོ།། རྣམ་པ་དེ་དག་མ་གཏོགས་པ་ནི་མུ་བཞི་པ་ཡིན་ནོ།། ཚུལ་དེ་ཉིད་ཀྱིས་དེ་ལས
་གཞན་པའི་མུ་བཞི་དག་ཀྱང་རིག་པར་བྱ་སྟེ། ཉན་ཐོས་ཀྱི་ས་ལས་བརྩམས་ནས། རྣམ་པར་གཏན་ལ་དབབ་པའི་ལམ་ལ་གཅིག་པུ་སྤྱོད་པ་དང་། ཚིག་གོང་མ་དང་སྦྱོར་བ་དང་། ཆོག་འོག་མ་དང་སྦྱོར་བ་དང་། མུ་བཞིའི་ཚུལ་ནི
་དཔག་ཏུ་མེད་པར་རིག་པར་བྱའོ།། སེར་སྣ་དང་དྲི་མ་དེ་གཉིས་ཀ་ལ་སེར་སྣའི་དྲི་མ་ཞེས་བྱ་སྟེ། དྲི་མ་ནི་བརྒྱད་དེ། དེ་དག་གིས་དྲི་མ་ཅན་དུ་གྱུར་པའི་སེམས་ཀྱི་རྒྱུད་ནི་སེར་སྣའི་གཞིའི་གནས་སུ་གྱུར་པ་ཡིན་པས། དེའི་ཕྱིར
་དེ་དག་ནི་སེར་སྣའི་དྲི་མ་ཞེས་བྱའོ།། བརྒྱད་གང་ཞེ་ན། སྔོན་སྦྱིན་པ་ལ་མ་གོམས་པེས་ཚེ་འདི་ལ་ཟང་ཟིང་ལ་གདུ་བ་ཉིད་དང་། ལུས་དང་སྲོག་ལ་ཤས་ཆེར་ལྟ་ཞིང་འཇིག་རྟེན་ཕ་རོལ་ལ་མི་ལྟ་བ་ཉིད་དང་། གང་ཟག་སེར་སྣ་ཅན
་རྣམས་དང་ལྷན་ཅིག་འགྲོགས་ཤིང་དེ་དག་གི་རྗེས་སུ་འཇུག་པ་ཉིད་དང་། ཞིང་མི་མཐུན་པར་ལྟ་ཞིང་ཞིང་ཡོངས་སུ་ཚོལ་བ་ཉིད་དང་། སྔོན་སྙིང་རྗེ་ལ་གོམས་ཤིང་དེ་ལ་ཕན་ཡོན་དུ་བལྟ་བ་ཉིད་དང་། ཚོགས་ཆེན་པོས
་ས་སྤྱོད་བསྒྲུབས་ཤིང་ངེ་ལ་ཡོངས་སུ་གོམས་པའི་འདུ་ཤེས་ཀྱིས་ལེ་ལོ་དང་སྙོམས་ལས་བྱེད་པ་ཉིད་དང་། ལྟ་བ་མཆོག་ཏུ་འཛིན་ཅིང་གཏོང་བ་ལ་ཀུན་ནས་ཉོན་མོངས་པ་དང་བཅས་པ་ཉིད་དང་། ལོངས་སྤྱོད་ཀྱི་བསམ་པས
་སྦྱིན་ཞིང་དེར་ཡོངས་སུ་བསྔོ་བ་ཉིད་དོ།། དགེ་ལེགས་ཀྱི་ལམ་ནི་རྣམ་པ་ལྔ་སྟེ། ལོངས་སྤྱོད་འགྲུབ་པ་དང་། བདེ་འགྲོ་འགྲུབ་པ་དང་། སྡུག་བསྔལ་མེད་པ་འགྲུབ་པ་དང་། བདག་གི་དོན་འགྲུབ་པ་དང་། སེམས་ཅན་གྱི་དོན་འགྲུབ
་པོའོ།། དེ་ལ་ལོངས་སྤྱོད་འགྲུབ་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ།། དེ་ལ་བདེ་འགྲོ་འགྲུབ་པ་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ།། དེ་ལ་སྡུག་བསྔལ་མེད་པ་འགྲུབ
་པའི་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ།། དེ་ལ་བདག་གི་དོན་འགྲུབ་པ་ནི་ཉན་ཐོས་དང་རིང་སངས་རྒྱས་ཀྱི་ལྡུམ་མོ།། དེ་ལ་སེམས་ཅན་གྱི་དོན་འགྲུབ་པ་ནི་བྱང་ཆུབ་སེམས་དཔའི་ལམ་མོ།། དེ་ཐོབ
་པར་བྱ་བའི་ཕྱིར་འདུ་ཤེས་ལྔ་བསྒོམས་པར་བྱ་སྟེ། འདོད་པ་རྣམས་ལ་མི་གཙང་བའི་འདུ་ཤེས་དང་། ལུས་རྣམས་ལ་འཚེ་བ་ངན་པའི་འདུ་ཤེས་དང་། འདོད་པའི་ཁམས་ལ་འཇིག་པ་དང་བཅས་པའི་འདུ་ཤེས་དང་། འདུ་བྱེད
་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་འདུ་ཤེས་སོ།། མར་གྱི་ཉིང་ཁུ་ལྟ་བུའི་མདོའི་རྣམ་པར་བཤད་པ་ཡིན་ནོ།། །། བམ་པོ་སུམ་ཅུ་གཉིས་པ།
་ཇི་ལྟར་མུ་དོའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེའི་བར་དག་རབ་ཏུ་ཤེས་ཤེ་ན། མདོར་བསྡུ་ན་རྣམ་པ་ལྔ་སྟེ། བརྡ་དང་གཟུང་བ་དང་། གོ་རིམས་དང་། ལུང་དང་། བྱེད
་པས་སོ།། ཇི་ལྟར་བརྡ་ལ་རབ་ཏུ་ཤེས་ཤེ་ན། ཆོས་ཀྱི་རྣམ་གྲངས་གང་གི་མིང་དང་བརྡར་གདགས་པ་གང་ཡིན་པ་དེ་དག་རབ་ཏུ་ཤེས་པ་ཡིན་ནོ།། ཇི་ལྟར་གཟུང་བ་ལས་རབ་ཏུ་ཤེས་ཤེ་ན། མིང་གི་ཚོགས་དང་། ཚིག་གི་ཚོགས
་དང་། ཡི་གེའི་ཚོགས་གང་དག་གིས། དེས་ཆོས་ཀྱི་རྣམ་གྲངས་དེ་དག་བསྟན་པ་དེ་དག་རབ་ཏུ་ཤེས་པ་ཡིན་ནོ།། ཇི་ལྟར་གོ་རིམས་ལས་རབ་ཏུ་ཤེས་ཤེ་ན། ཆོས་ཀྱི་རྣམ་གྲོངས་ཀྱི་ཆོས་ཀྱི་རྣམ་གྲངས་དང་། ཚིག་གིས་གོ།
་རིམས་རབ་ཏུ་ཤེས་པ་ཡིན་ནོ།། ཇི་ལྟར་ལུང་ལས་རབ་ཏུ་ཤེས་ཤེ་ན། འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་འམ། ཉན་ཐོས་ཀྱི་བཤད་པ་འམ། ཁྱིམ་པས་བཤད་པ་འམ། རབ་ཏུ་བྱུང
་བས་བཤད་དོ།། ཞེས་རབ་ཏུ་ཤེས་པའོ།། ཇི་ལྟར་བྱེད་པ་ལས་རབ་ཏུ་ཤེས་ཤེ་ན། འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་དག་ནི་བདག་ལ་ཕན་པ་དང་། གཞན་ལ་ཕན་པ་དང་། ལྷ་དང་མི་རྣམས་ལ་ཕན་པའི་བར་གྱི་ཕྱིར་བཤད་དོ།།
་ཞེས་རབ་ཏུ་ཤེས་པ་སྟེ། རྣམ་པ་ལྔ་པོ་དེ་དག་གིས་མདོའི་སྡེ་ཡང་རབ་ཏུ་ཤེས་ལ། གཏན་ལ་དབབ་པར་བསྟན་པའི་སྡེའི་བར་ཡང་རབ་ཏུ་ཤེས་སོ།། ཇི་ལྟར་བཤད་པས་དེའི་དོན་རབ་ཏུ་ཤེས་ཤེ་ན། རྣམ་པ་ལྔ་ཁོ་ནས་སློང་བ་དང་།
་ཚིག་རབ་ཏུ་དབྱེ་བ་དང་། མཚམས་སྦྱར་བ་དང་། རིགས་པ་དང་། དོན་མདོར་བསྡུ་བས་སོ།། ཇི་ལྟར་ཀུན་ནས་སློང་བ་ལས་རབ་ཏུ་ཤེས་ཤེ་ན། གདུལ་བ་དེ་དག་ཁ་ཅིག་ལ་ཡང་དག་པར་བསྟན་པ་དང་། དེ་དག་ཁ་ཅིག་ཡང་དག
་བར་རབ་ཏུ་དགོའ་བར་བྱ་བའི་བར་གྱི་ཕྱིར་བཤད་པ་རབ་ཏུ་ཤེས་པའོ།། ཇི་ལྟར་ཚིག་རབ་ཏུ་དབྱེ་བ་ལས་རབ་ཏུ་ཤེས་ཤེ་ན། རྣམ་གྲངས་དང་མཚན་ཉིད་དང་ངེས་པའི་ཚིག་དང་རྣམ་པར་དབྱེ་བ་རབ་ཏུ་ཤེས་པའོ།། ཇི་ལྟར་མཚམས
་སྦྱར་བ་ལས་རབ་ཏུ་ཤེས་ཤེ་ན། རྣམ་པོ་བཤད་པའི་མཚམས་སྦྱར་བ་དང་། བསྒྲུབ་པའི་མཚམས་སྦྱར་བ་དང་། ཡོངས་སུ་རྫོགས་པའི་མཚམས་སྦྱར་བ་རབ་ཏུ་ཤེས་པའོ།། ཇི་ལྟར་རིགས་པ་ལས་རབ་ཏུ་ཤེས་ཤེ་ན། རིགས
་པོ་བཞི་པོ་ལྟོས་པའི་རིགས་པ་དང་། འཐད་པས་བསྒྲུབ་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པས་རབ་ཏུ་ཤེས་པའོ།། ཇི་ལྟར་དོན་མདོར་བསྡུ་བ་ལས་རབ་ཏུ་ཤེས་ཤེ་ན། འདི་ནི་ཕུང་པོ་དང་ལྡན་པའི
་གཏམ་མོ།། འདི་ནི་ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་དང་། བདེན་པ་དང་། ལྡན་པའི་གཏམ་མོ།། འདི་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང་ལྡན་པ་ནས། འཕགསྟེ་པཱའི་ལམ
་ཡན་ལག་བརྒྱད་པ་དང་ལྡན་པའི་བར་གྱི་གཏམ་མོ།། འདི་ནི་ལས་དང་ལྡན་པའི་གཏམ་མོ།། འདི་ནི་ཉོན་མོངས་པ་དང་ལྡན་པའི་གཏམ་མོ།། འདི་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་དང་ལྡན་པའི་གཏམ་མོ་ཞེས
་རབ་ཏུ་ཤེས་པའོ།། ཇི་ལྟར་དུས་ཤེས་བྱ་ཡིན་ཞེ་ན། རྣམ་པ་ལྔ་ཁོ་ནས་ཏེ། ཀུན་ནས་ཉོན་མོངས་པ་མངོན་དུ་གྱུར་པ་རབ་ཏུ་རྟོགས་པ་དང་། ཀུན་ནས་ཉོན་མོངས་པ་མངོན་དུ་ཕྱོགས་པ་རབ་ཏུ་རྟོགས་པ་དང་། ཀུན
་ནས་ཉོན་མོངས་པ་ཅན་མ་ཡིན་པའི་གནས་སྐབས་རབ་ཏུ་རྟོགས་པ་དང་། གཉེན་པོ་ཡིད་ལ་བྱེད་པ་སྐྱེད་པ་དང་། གཉེན་པོ་ཡིད་ལ་བྱེད་པས་སོ།། ཇི་ལྟར་ཚོད་ཤེས་པ་ཡིན་ཞེ་ན། བཟའ་བ་དང་། བཏུང་བ་ལ་སོགས་པ་རྒྱས་པར་བྱ་སྟེ།
་དེ་ཡང་མདོར་བསྡུ་ན་སྤོང་བ་དང་། རྗེས་སུ་མཐུན་པ་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཉེ་བར་རྟོན་པ་དང་རྗེས་སུ་མཐུན་པ་དང་། བརྩོན་འགྲུས་བརྩམས་པ་དང་རྗེས་སུ་མཐུན་པའོ།། དེ་ལ་ཉེ་བར་རྟོན་པ་དང་རྗེས་སུ་མཐུན་པ་ནི། བཟའ་བ
་དང་། བཏུང་བ་དང་། བཅའ་བ་དང་། མྱང་བའི་ཚེད་ཤེས་པར་བྱེད་པ་གང་ཡིན་པའོ།། བརྩོན་འགྲུས་བརྩམས་པ་དང་རྗེས་སུ་མཐུན་པ་ནུ་འགྲོ་བ་དང་སྡོད་པ་ལ་སོགས་པའི་ཚེང་ཤེས་པར་བྱེང་པ་གང་ཡིན་པའོ།། དེ་ལ་ཇི་ལྟར
་བཟའ་བ་ལ་སོགས་པའི་ཚོད་ཤེས་པར་བྱེད་ཅེ་ན། འདི་ལྟ་སྟེ། བླང་བ་དང་། ཡོངས་སུ་ལོངས་སྤྱོད་པའི་ཚོད་ཤེས་པ་སྟེ། དེ་ལ་བླང་བའི་ཚོད་ཤེས་པ་ནི་དུས་གང་གི་ཚེ་བླང་བར་བྱ་བ་དང་། གང་ནས་བླང་བར་བྱ་བ་དང་། གང་བླང་བར་བྱ
་བ་དང་། ཅི་ཙམ་བླང་བར་བྱ་བའི་ཚོང་ཤེས་པའོ།། དུས་གང་གི་ཚེ་བླང་བར་བྱ་ཞེ་ན། སྔ་དྲོ་ཡོངས་སུ་ལོངས་སྤྱོད་པའི་དུས་གང་ཡིན་པ་དེའི་ཚེའོ།། གང་ནས་བླང་བར་བྱ་ཞེ་ན། སྤྱོད་ཡུལ་མ་ཡིན་པ་ལྔ་མ་གཏོགས་པ་ནས་སོ།། གང་བླང
་བར་བྱ་ཞེ་ན། དེ་བཞིན་གཤེགས་པས་རྗེས་སུ་གནང་བ་ཆང་ལ་སོགས་པ་བཏུང་བ་མ་ཡིན་པ་དང་། བཟའ་བ་མ་ཡིན་པ་མ་གཏོགས་པ་རུང་བའོ།། ཅི་ཙམ་བླང་བར་བྱ་ཞེ་ན། བདག་ཉིད་ལ་མི་གནོད་པ་དང་གཞན་ལ་མི་གནོད་པར་བླང་བར་བྱ
་བའི་ཚོད་རན་པ་གང་ཡིན་པའོ།། དེ་ལ་ཡོངས་སུ་ལོངས་སྤྱོད་པའི་ཚོང་ཤེས་པ་ཡང་དུས་གང་གི་ཚེ་ཡོངས་སུ་ལོངས་སྤྱད་པར་བྱ་བ་དང་། གང་དུ་ཡོངས་སུ་ལོངས་སྤྱད་པར་བྱ་བ་དང་། གང་ཡོངས་སུ་ལོངས་སྤྱད་པར་བྱ་བ་དང་། ཇི་ཙམ་ཡོངས
་སུ་ལོངས་སྤྱད་པར་བྱ་བའོ།། དེ་ལ་དུས་གང་གི་ཚེ་ཡོངས་སུ་ལོངས་སྤྱད་པར་བྱ་ཞེ་ན། སྔ་མ་བཞིན་དུ་སྔ་དྲོ་ཡོངས་སུ་ལོངས་སྤྱད་པའི་དུས་གང་ཡིན་པ་དེའི་ཚེའོ།། གང་ཡོངས་སུ་ལོངས་སྤྱད་པར་བྱ་ཞེ་ན། གཙུག་ལག་ཁང་ངམ། གྲོང་ཁྱེར
་དུ་འབབ་པའི་ཕྱོགས་སུའོ།། གང་ཡོངས་སུ་སྤྱད་པར་བྱ་ཞེ་ན། སྔ་མ་བཞིན་དུ་རུང་བའོ།། ཇི་ཙམ་ཡོངས་སུ་ལོངས་སྤྱད་པར་བྱ་ཞེ་ན། སྔ་མ་བཞིན་དུ་རུང་བའོ།། ཇི་ཙམ་ཡོངས་སུ་ལོངས་སྤྱད་པར་བྱ་ཞེ་ན། གང་གིས་བཀྲེས་པར་མི་འགྱུར་བ
་དང་། སྤོང་མི་བཟོད་པར་མི་འགྱུར་བ་དང་། ཁམས་མི་མཉམ་པ་སྐྱེད་པ་མི་འགྱུར་བར་དྲོད་རན་པར་ཡོངས་སུ་ལོངས་སྤྱད་པར་བྱའོ།། དེ་ལ་བརྫུན་འགྲུས་བརྩམས་པའི་ཚེ་ཤེས་པ་ཡང་དུས་གང་གི་ཚེ་བརྩོན་འགྲུས་བརྩམས་པར
་བྱ་བ་དང་། གང་དུ་དང་གང་དང་། ཇི་ཙམ་བརྩམ་པར་བྱ་བའོ།། དེ་ལ་དུས་གང་གི་ཚེ་བརྩོན་འགྲུས་བརྩམས་པར་བྱ་ཞེ་ནི། འགྲོ་བའི་དུས་སུ་འགྲོ་བ་དང་། གཉིད་ཀྱི་སྒོམ་པ་བསང་བར་བྱ་བའི་དུས་ཀྱི་བར་དུ། གཉིད་ཀྱི་སྙོམ་པ་བསང
་@པར་བྱ་བའི་དུས་སུའོ།། གང་དུ་བརྩམ་པར་བྱ་ཞེ་ན། ཀུན་དགའི་ར་བ་འམ། གཙུག་ལག་ཁང་ངམ། ཁང་ཁྱིམ་ངམ། འཆག་སར་རོ།། གང་བརྩམ་པར་བྱ་ཞེ་ན། འགྲོ་བ་དང་སྡོང་པ་ནས། གཉིད་ཀྱི་སྡོམ་པ་གསང
་བར་བྱ་བའི་བར་དག་བརྩམ་པར་བྱའོ།། ཇི་ཙམ་བརྩམ་པར་བྱ་ཞེ་ན། གང་གིས་བརྩོན་འགྲུས་ཧ་ཅང་བུམ་པར་ཡང་མི་འགྱུར་ལ། ཧ་ཅང་རབ་ཏུ་འཛིན་པར་ཡང་མི་འགྱུར་བར་དྲོང་རན་པར་བརྩམ་པར་བྱའོ།། ཇི་ལྟར་རྒྱལ་རིགས
་ཀྱི་འཁོར་རབ་ཏུ་ཤེས་ཤེ་ན། རྒྱལ་རིགས་ཀྱི་འཁོར་འདིའི་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཚེའི་མཐའ་ནི་འདི་ཙམ་ཞིག་ཐུབ་ཅེས་བྱ་བར་རབ་ཏུ་ཤེས་པའོ།། ཁྱིམ་བདག་གི་འཁོར་གྱི
་བར་དུ་ཡང་དེ་བཞིན་དུ་རབ་ཏུ་ཤེས་སོ།། ཇི་ལྟར་དགེ་སྦྱོང་གི་འཁོར་རབ་ཏུ་ཤེས་ཤེ་ན། མིང་ཤེས་པ་དང་། འདི་དག་ནི་གསར་བུའོ།། འདི་དག་ནི་བར་མའོ།། འདི་དག་ནི་རྒན་རབས་སོ།། འདི་དག་ནི་མདོ་སྡེ་འཛིན་པའོ།། དེ་ག་ནི་དུ་བ་ཛིན་པའོ།། དི
་དག་ནི་མ་མོ་འཛིན་པའོ།། འདི་དག་ནི་རྣལ་འབྱོར་སྤྱོད་པའོ་ཞེས་རབ་ཏུ་ཤེས་པའོ།། བདག་འདིར་ཇི་ལྟར་འགྲོ་བར་བྱ་བ་ནས། ཇི་ལྟར་མི་སྨྲ་བར་བྱ་བའི་བར་དུ་རབ་ཏུ་ཤེས་པ་ནི་མདོར་བསྡུ་ན། གང་གི་དོན་དང་། ཇི་ལྟར་འགྲོ་བར་བྱ་བ་ནས
་མི་སྨྲ་བར་བྱ་བའི་བར་རོ།། དེ་ལ་གོང་གི་དོན་དུ་ཞེ་ན། ཁྱིམ་པའི་ཕྱོགས་སུ་འགྲོ་བ་དང་། ཡོ་བྱད་ཀྱི་དོན་དང་། མ་དད་པ་རྣམས་དད་པར་བྱ་བ་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བ་དང་། ནང་པ་དང་ནང་ཚབས་ཆེ་པོ་རྣམས
་ཡོངས་སུ་དྲི་བ་དང་། སྡུག་བསྔལ་བར་གནས་པ་རྣམས་ཀྱི་མྱ་ངན་བསང་བ་དང་། ཕན་ཚུན་འཁུ་ཞིང་མི་མཐུན་པར་གནས་པ་རྣམས་མཐུན་པར་བྱ་བ་དང་། གཞན་གྱི་བྱ་བ་དང་རྗེས་སུ་མཐུན་པའི་དོན་དང་། གཞན་གྱིས་གསོལ་བ་བཏབ
་པ་དང་། མཁན་པོ་དང་སློབ་དཔོན་དང་། ཚངས་པ་མཚུངས་པར་སྤྱོད་པའི་རྗེས་སུ་བསྒྲུབ་པའི་དོན་དང་། དགེ་འདུན་གྱི་བྱ་བའི་དོན་དུ་འགྲོ་བ་ནས་མི་སྨྲ་བའི་བར་དུ་བྱེད་པའོ།། ཇི་ལྟར་འགྲོ་བར་བྱེད་ཅེ་ན། ཉན་ཐོས་ཀྱི་སར་ཇི་སྐད
་ན་པ་བཞིན་ནོ།། ཇི་ལྟར་སྡོད་ཅེ་ན། སོང་ནས་ཁང་ཁྱིམ་དེར་ཚམ་ཚོམ་མེད་པར་མི་འཇུག་པར་ང་རྒྱལ་མེད་པ་དང་། ཡོངས་སུ་ཡི་ཆད་པ་མེད་པ་དང་། འཁྲུག་པོ་མེད་པར་སྒོ་དྲུང་ན་སྡོད་པ་དང་། ཁང་ཁྱིམ་གྱི་ནང་དུ་ཞུགས
་ནས་ཀྱང་། མངོན་དུ་ཕྱོགས་པ་དང་། གསོང་པོར་སྨྲ་བ་དང་། འཛུམ་པ་སྔར་གཏོང་བ་དང་། ཁྲོ་གཉེར་མེད་པ་དང་། སྙན་པར་སྨྲ་ཞིང་སྡོང་པར་བྱེད་པའོ།། ཇི་ལྟར་འདུག་པར་བྱ་བ་རབ་ཏུ་ཤེས་ཤེ་ན། བསྒོ་བ་སྟན་ཅི་བཏིང་པ་ལ
་ཚུལ་དང་མཐུན་པའི་སྤྱོད་ལམ་གྱིས་འདུག་པའོ།། ཇི་ལྟར་དེ་ལྟར་སྨྲ་བར་བྱ་བ་རབ་ཏུ་ཤེས་ཤེ་ན། དུས་སུ་དང་། རིགས་པ་དང་། རན་པ་དང་། ཞི་བ་དང་། གནམ་པར་སྨྲ་བར་བྱ་བ་རབ་ཏུ་ཤེས་པའོ།། དེ་ལ་དུས་ནི་གསུམ་སྟེ། ཉན
་འདོད་ཅིང་ཉན་མི་འདོད་པ་མ་ཡིན་པ་སྟེ། དེ་ལ་ཉན་མི་འདོད་པ་ནི་འདི་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་བཀྲེས་པ་འམ། སྐོམ་པ་འམ། ལུས་ཆད་པ་འམ། ངལ་བ་འམ། རླུང་དང་། ཉི་མས་ཡོངས་སུ་གདུངས་པ་སྟེ། དེ་ནི་དུས་དང་པོ
་ཡིན་ནོ།། སྤྱོད་ལམ་གྱི་གནས་ཀྱི་སྤྱོད་ལམ་མ་ཡིན་པས་མི་གནས་པ་ཡིན་ནོ།། འདི་ནཱ་ལ་ལ་ཉན་འདོད་ཀྱང་སྤྱོད་ལམ་མ་ཡིན་པས་གནས་སོ།། དེ་ལ་སྤྱོད་ལམ་མ་ཡིན་པ་ནི་འདི་ཡིན་ཏེ། མི་ན་བར་འདུག་པ་ལ
་འགྲེང་སྟེ་ཆོས་བཤད་པར་མི་བྱའོ་ཞེས་སོ་སོར་ཐར་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་ནི་དུས་གཉིས་པ་ཡིན་ནོ།། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་དང་ལྡན་པ་ཡིན་གྱི། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས
་དང་ལྡན་པ་མ་ཡིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ནི་འདི་ཡིན་ཏེ། འདི་ལྟ་སྟེ་བྲལ་པ་འམ། འཕྲུལ་གྱི་བྱ་བ་དེ་དང་དེ་དག་ལ་ཤས་ཆེར་བརྩོན་པ་དང་། བྲན་དང་། ལས་མི་འམ། གསོད་པ་འམ། ཕྱིར་རྒོལ་བ་འམ། དགྲ་བོས
་སེམས་འཁྲུགས་པ་འམ། ཁྲོས་པ་འམ། རྙོག་མ་ཅན་དུ་གྱུར་པ་སྟེ། དེ་ནི་དུས་གསུམ་པ་ཡིན་ནོ།། དེ་ལ་རིག་པ་རྣམ་པ་གསུམ་སྟེ། སློང་བ་ན་རུང་བ་སློང་བ་དང་། ཚོང་རླན་པར་སློང་བ་དང་། གཏམ་ཟེར་བ་ནི་ཆོས་ཀྱི་གཏམ་དོན་དང
་ལྡན་པ་ཟེར་བའོ།། དེ་ལ་རན་པ་ཡང་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། རྣམ་པར་འཁྲུག་པ་མ་ཡིན་པ་དང་། ཚིག་དང་ཡི་གེ་འདུས་པ་དག་གིས་རྣམ་པར་མ་འཕྲོས་པར་ཆོས་སྟོན་པ་དང་། ཟློས་བུ་མ་ཡིན་པར་སྨྲ་བ་སྟེ། ཚིག་ཟློས
་བུ་དགོས་པ་མེད་པ་དོན་དང་མི་ལྡན་པ་ནི་ཆུང་ཟད་ཙམ་ཡང་བརྗོད་པར་མི་བྱེད་ན། མང་པོ་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་ཞི་བ་ཡང་རྣམ་པ་གསུམ་སྟེ། སྤྱོད་ལམ་ཞི་བ་དང་། སྒྲ་ཞི་བ་དང་། སེམས་ཞི་བའོ།། དེ་ལ་སྤྱོད་ལམ་ཞི་བ་ནི་འདི
་ཡིན་ཏེ། དབང་པོ་རྣམས་རབ་ཏུ་ཞི་བ་དང་། མི་གཡོ་བ་དང་། མི་རྒོད་པ་དང་། ཡན་ལག་ཉིད་ལག་ངག་མི་འགྱུར་བས་གཏམ་ཟེར་བའོ།། དེ་ལ་སྒྲ་ཞི་བ་ནི་འདི་ཡིན་ཏེ། ཧ་ཅང་སྐད་ཆེན་པོ་མ་ཡིན་པ་དང་། བརྟང་པ་མ་ཡིན་པར་ཚིག་རྗོད་པར
་བྱེད་པའོ།། དེ་ལ་སེམས་ཞི་བ་ནི་འདི་ཡིན་ཏེ། གནོད་པ་བྱས་ཀྱང་མི་འཁྲུགས་པར་ཚིག་སྨྲ་ན། གནོད་པ་མ་བྱས་ན་ལྟ་སྨོས་ཀྱང་ཅི་དགོས་པ་དང་། ཟང་ཟིང་མེད་པའི་སེམས་ཀྱི་སྨྲའོ།། དེ་ལ་ཚིག་གནམ་པོ་ཡང་རྣམ་པ་གསུམ་སྟེ།
་དུས་སུ་སྨྲ་བ་ནས་ཞི་བའི་བར་དུ་སྨྲ་བ་ན་སྔོན་གོམས་པའི་ཚུལ་གྱིས་སམ། ཚེ་འདི་ལ་གོམས་པའི་ཚུལ་གྱི་ཐ་མལ་པར་སྨྲ་བ་དང་། ཚིག་དེ་ལ་བསླབ་པར་འདོད་པས་སོ་སོར་རྟོག་པའི་སྟོབས་ཀྱིས་ཟིན་པ་དང་། དེའི་ཚིག་དེ་ལྐོག་གམ།
་མིག་སྔར་དེ་ཐམས་ཅད་དུ་མི་སླུ་བ་ཡིན་པའོ།། དེ་ལ་ཇི་ལྟར་མི་སྨྲ་བར་བྱ་ཞེ་ན། དུས་སྔར་ཏེ། གལ་ཏེ་གཏམ་ཟེར་བ་ནི་ཉན་པ་པོ་མི་ཉན་ཅིང་གཏམ་རླུང་སྐུར་བ་དང་། རྣམ་པར་གཡེང་བ་སྟོན་པར་བྱེད་ན། དེ་ལ་སྨྲ་བ་པོས་མི་སྨྲ
་བར་བྱ་བ་དང་། གལ་ཏེ་གཏམ་ཟེར་བ་ན་ཉན་པ་པོ་ཆོ་ག་གི་མི་ཉིན་ཏེ་ཞེས་གཏམ་སྤོང་བརྱ་བྱེད་ན། དེ་ལ་ཡང་སྨྲ་བ་པོས་མི་སྨྲ་བྱར་བྱ་བ་དང་། གལ་ཏི་གཏུམ་ཟེར་བ་ན་ཉན་པ་པོ་སྨྲ་བ་པོ་ལ་ཀླན་ཀ་ཚོལ་བའི་སེམས་ཀྱིས་རྩོད་པ
་དང་། ཉེས་རྩོམ་གྱི་ཚིག་གིས་ཉེ་བར་གནས་ན། དེ་ལ་ཡང་སྨྲ་བ་པོས་མི་སྨྲ་བར་བྱ་བ་དང་། སྦྱིན་པ་པོ་དང་སྦྱིན་བདག་གིས་ཆོས་གོས་དང་བསོད་སྙོམས་ལ་སོགས་པས་འགྲོན་དུ་བོས་པ་ན་ཡང་མི་སྨྲ་བས་འགྲོན་དུ་བོས་པ
་བདག་གིར་བྱ་བ་དང་། ཕས་ཀྱི་རྒོལ་བ་ཉེ་བར་འོངས་ཏེ་གཏམ་ཟེར་བ་དང་། སྨྲ་བ་པོས་གཏམ་མཇུག་ཏུ་མ་ཕྱིན་གྱི་བར་དུ་ཡང་མི་སྨྲ་བར་བྱའོ།། བདག་གི་དང་བ་ནས་རིགས་ཀྱི་བུ་ཉིད་ཇི་ཙམ་པ་ནི་རྒྱུ
་གསུམ་གྱིས་རིག་པར་བྱ་སྟེ། གནས་དང་ངོ་བོ་ཉིད་དང་དུས་ཀྱིས་སོ།། དེ་ལ་ཇི་ལྟར་གནས་ལས་དང་པར་རིག་པར་བྱ་ཞེ་ན། དད་པའི་གནས་ཀྱི་དངོས་པོ་གང་ཡིན་པ་དང་། དམིགས་པ་གང་ལས་དད་པ་སྐྱེ་བ་དང་། བདག་གི
་དད་པ་ནི་འདི་ཙམ་མོ།། ངང་པའི་གནས་ནི་འདི་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ།། ཇི་ལྟར་ངོ་བོ་ཉིད་ལས་དད་པ་རིག་པར་བྱ་ཞེ་ན། དད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན
་དུ་རབ་ཏུ་ཤེས་པའོ།། ཇི་ལྟར་དུས་ལས་དད་པར་རིག་པར་བྱ་ཞེ་ན། བདག་གིས་དད་པ་ནི་དུས་འདི་ཙམ་ནས་སྐྱེས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ།། ངང་པ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ནས།
་སྤོབས་པའི་མཐར་ཐུག་པའི་བར་ཡང་དེ་བཞིན་དུ་རིག་པར་བྱའོ།། དེ་ལ་དད་པ་ནི་འཇུག་པའི་ཡན་ལག་ཡིན་ནོ།། ཚུལ་ཁྲིམས་ནི་ཞུགས་པའི་ཞི་གནས་ཀྱི་ལྷག་མཐོང་ཡིན་ནོ།། ཐོས་པ་ནི་ལྷག་མཐོང་གི་ཡན་ལག་ཡིན་ནོ།།
་གཏོང་བ་ནི་ཞི་གནས་དང་ལྷག་མཐོང་གི་ཚོགས་ཀྱི་ཡན་ལག་ཡིན་ནོ།། བདག་ཉིད་ཀྱི་བསམས་པ་ལས་བྱུང་བའི་ཤེས་རབ་དང་གཞན་ལས་རྗེས་སུ་མཐུན་པའི་གདམས་ངག་དང་རྗེས་སུ་བསྟན་པ་ནི་ཞི་གནས་དང་ལྷག་མཐོང
་སྡུད་པའི་ཡན་ལག་ཡིན་ནོ།། དེ་ལ་བརྟེན་ན་ཞི་གནས་དང་ལྷག་མཐོང་ཐོབ་པ་དང་། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡང་ཐོབ་པར་འགྱུར་བའི་ཕྱིར་རོ།། བདག་གི་དོན་རྟོགས་ན་ཤེས་པར་འདོད་པ་ཐེ་ཚོམ་ཅན་རྣམས་ཀྱི་ཇི་ལྟར་རྟོགས་པ་ལ
་རྣམ་པར་བཟློག་པའི་ཕྱིར་སྤོབས་སོ།། རིགས་ཀྱི་བུ་ཉིད་ནི་རྒོལ་བ་མི་མཐུན་པ་ལུས་དང་ངག་གིས་ལོག་པར་བསྒྲུབ་པ་དག་ལ་བཟོད་པ་དང་ངེས་པས་བསྡུས་པ་ཡིན་ནོ།། དེ་ལ་མ་དད་པ་ནི་རྒྱུ་གསུམ་གྱི་འགྱུར་ཏེ། དཀོན་མཆོག་གསུམ
་གྱི་ཡོན་ཏན་མི་ཤེས་པ་དང་། མུ་སྟེགས་ཅན་གྱི་ལྟ་བ་སྤྱོང་བ་དང་། སངས་རྒྱས་རྣམས་སམ་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་ཆོ་འཕྲུལ་གསུམ་པོ་གང་ཡང་རུང་བས་མ་བཏུལ་བས་སོ།། ཡང་དང་ཡང་དུ་ཀུན་དགའི་ར་བར་མི
་འགྲོ་བ་ནི་རྒྱུ་གསུམ་གྱིས་ཏེ། བྲག་མེད་པ་དང་། ལེ་ལོའི་དབང་དུ་སོང་བ་དང་། བྱ་བ་མང་བ་དང་། གང་ཟག་ལ་མངོན་པར་དད་པས་སོ།། ཉེ་བར་མི་འགྲོ་བའི་རང་བཞིན་ཅན་ཡང་རྒྱུ་གསུམ་གྱིས་ཏེ། རང་བཞིན་གྱི་མི་འཇིགས་པ་དང་།
་ང་རྒྱལ་གྱིས་ཁེངས་པ་དང་། ཚིག་འབྲུ་ལ་རྟོན་པས་སོ།། བསྙེན་བཀུར་མི་བྱེད་པོའི་རང་བཞིན་ཅན་ཡང་རྒྱུ་གསུམ་གྱིས་ཏེ། མི་མཁས་པ་དང་། འཐུན་པར་མི་བྱེད་པ་དང་། འདུན་པ་དྲག་པོ་མེད་པས་སོ།། ཡོངས་སུ་མི་འདྲི་བའི་རང
་བཞིན་ཅན་ཡང་རྒྱུ་གསུམ་གྱིས་ཏེ། ཆོས་ལ་མི་མཁས་པ་དང་། དོན་ལ་མི་མཁས་པ་དང་། དེ་གཉི་ག་ལ་མི་མཁས་པས་སོ།། རྣ་མི་གཏོང་བ་ཡང་རྒྱུ་གསུམ་གྱིས་ཏེ་རྣམ་པར་རྟོག་པ་སྤྱོད་པ་དང་། འདུ་འཛི་མང་བ་དང་། སྒྲིབ་པ་དག་གིས
་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པས་སོ།། མི་འཛིན་པའི་རང་བཞིན་ཅན་ཡང་རྒྱུ་གསུམ་གྱིས་ཏེ། མི་ཉན་པ་དང་ངན་པར་མཉན་པ་ཉན་པ་དང་། ཤེས་རབ་མ་རྒྱས་ཤིང་ཤེས་རབ་ཁུམ་པས་སོ།། ཆོས
་ལ་མི་རྟོག་པ་ཡང་རྒྱུ་གསུམ་གྱིས་ཏེ། སྨྲ་བ་ལ་དགའ་བ་དང་། འདུ་འཛི་ལ་དགའ་བ་དང་། དཔྱོད་པའི་ཤེས་རབ་དང་མི་ལྡན་པས་སོ།། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་མི་སྒྲུབ་པ་ཡང་རྒྱུ་གསུམ་གྱིས་ཏེ། ལུས་དང་སྲོག་ལ་ལྟ་བ་དང་། དེ
་ཉིད་ཀྱི་དབང་དུ་བྱས་ནས་རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པས་སོ།། གཞན་ལ་ཕན་པའི་ཕྱིར་མ་ཞུགས་པ་ཡང་རྒྱུ་གསུམ་གྱིས་ཏེ། རང་བཞིན་གྱིས་རིགས་དམན་པ་དང་། སྙིང་རྗེ་ཆུང་བ་དང་། མཐུ་མེད་པས་སོ།། དཀར་པོའི
་ཕྱོགས་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ།། ཉན་ཐོས་རྣམས་ལ་སྤྱོད་པ་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་དམིགས་ཏེ། འདི་ལྟ་སྟེ། ཆུ་ཀླུང་གི་སྤྱོད་པ་དང་། རིའི་སྤྱོད་པ་དང་། རི་དྭགས་ཀྱི་སྤྱོད་པ་དང་། དེ་ལྟ་བུའི་སྤྱོང་བ་དག
་དམིགས་པ་དེ་ལ། ཅིའི་ཕྱིར་ཉན་ཐོས་མངོན་པར་ཤེས་པ་ཐོབ་པ་ཡི་དོགས་རྣམས་ཀྱི་སྤྱད་པ་སྤྱོད་པ་ནི་ཡི་དྭགས་རྣམས་ཀྱི་བདག་ཉིད་ཀྱི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པོ་ཡོངས་སུ་འདྲི་བར་བྱེད། ཡོངས་སུ་ཞུ་བར་བྱེད། ཅི
་བདག་ཉིད་ཀྱི་ངོ་མཚར་ཙོམ་བཙལ་བར་བྱ་བའི་ཕྱིར་རམ། འོན་ཏེ་སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཡིན། གལ་ཏེ་བདག་ཉིད་ཀྱི་ངོ་མཚར་ཙམ་བཙལ་བའི་ཕྱིར་ཞེས་བྱར་ནི་མངོན་པར་ཤེས་པ་ཐོབ་པ་ལ་དེ་མི་རུང་ངོ་།། །
་གལ་ཏེ་སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཡིན་ན་ནི་དེས་ཇི་ལྟར་སེམས་ཅན་ལྔ་ཕན་འདོགས་པར་བྱེད་པ་བརྗོད་དགོས་སོ་ཞེ་ན་སྨྲས་པ། སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཡིན་ཏེ། དེ་དག་དང་སེམས་ཅན་གཞན་དག་ལ་ཕན
་གདགས་པའི་ཕྱིར་ཏེ། འདི་ལྟར་དེས་རང་གི་མངོན་པར་ཤེས་པའི་སྟོབས་ཀྱིས་ཡི་དྭགས་དེ་དག་གི་སྔོན་གྱི་གནས་རྗེས་སུ་དྲན་པར་བྱེད་ཅིང་དེས་ན་དེ་དག་གིས་བདག་ཉིད་ཀྱི་སྔོན་ཉེས་པར་བྱ་བའི་ལས་དྲན་ནས། སྟོན་པ་དང་། སྐྱོ
་བར་བྱེད་ལ་ཆོས་བསྟན་པ་ལ་ཡང་སེམས་གཏོད་པར་བྱེད་དེ། རྒྱུ་དེས་མྱུར་བ་མྱུར་བ་ཁོ་ནར་ཡི་དགས་ཀྱི་སྐྱེ་གནས་ལས་ཡོངས་སུ་ཐར་པར་འགྱུར་བའི་ཕྱིར་ཏེ་དེ་ལྟར་དེ་ནི་ཡི་རིགས་དེ་དག་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ།། །
་དེ་དག་གི་སྔོན་གྱི་ལས་ཀྱིས་འབྲས་བུ་མི་འདོད་པ་སྣ་ཚོགས་བསྟན་པ་དེ་དག་ཐོས་ནས། ཉན་ཐོས་མངོན་པོར་ཤེས་པ་ཐོབ་པ་དེས་གཞན་དག་ཀྱང་མོས་པར་བྱེད་ཅིང་། གཞན་དག་གིས་ཀྱང་དེ་དེ་ལས་ཐོས་ནས་ཡིད་སྐྱོ་ཞིང་མི
་དགེ་བ་སྤངས་ནས། དགེ་བ་ཡང་དག་པར་བླང་བ་ལ་འཇུག་པར་འགྱུར་ཏེ། དེ་ལྟར་དེ་ནི་དེ་ལས་གཞན་པའི་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ།། འདོད་པ་ན་སྤྱོད་པའི་གཟུགས་ནི་རྣམ་པ་དྲུག་གིས་རགོས་པ་ཉིད
་ཡིན་པར་བལྟ་བར་བྱ་སྟེ། རགས་པ་ཉིད་རྣམ་པ་དྲུག་གང་ཞེ་ན། མང་བ་ཉིད་ཀྱིས་རགས་པ་ཉིད་དང་། མི་གཙང་བ་ཉིད་ཀྱིས་རགས་པ་ཉིད་དང་། རྩུབ་པ་ཉིད་ཀྱིས་རགས་པ་ཉིད་དང་། ལྕི་བ་ཉིད་ཀྱིས་རགས་པ་ཉིད་དང་། འགྱུར་བ་ཉིད
་ཀྱིས་རགས་པ་ཉིད་དང་། སེམས་ཀྱི་རྗེས་སུ་མི་འཇུག་པ་ཉིད་ཀྱིས་རགས་པ་ཉིད་དོ།། ཉན་ཐོས་ཀྱི་སའི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། རང་སངས
་རྒྱས་ཀྱི་སའི་རྣམ་པར་གཏན་ལ་དབབ་པའི་གཞུང་ནི་མི་སྣང་ངོ་།། བྱང་ཆུབ་སེམས་དཔའི་སའི་རྣམ་པར་གཏན་ལ་དབབ་པ་ཉན་ཐོས་ཀྱི་རིགས་སྒྲུབ་པ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་ཀྱང་འགྲུབ་པར་རིག་པར་བྱའོ།། སེམས
་ད་པ་ནི་རྣམ་པ་བཅུ་སྟེ། འདི་ལྟ་སྟེ་ཡང་དག་པར་བླང་བ་བརྡ་ལས་བྱུང་བ་དང་། ཆོས་ཉིད་ཀྱིས་ཐོབ་པ་དང་། མ་ངེས་པ་དང་། ངེས་པ་དང་། ཡོངས་སུ་མ་དག་པ་དང་། སོ་སུ་དག་ད་། སྟོཿཆུ་སྟོབས་དང་ལྡན་པ་དང་། འབྲས་བུ་ཡོངས་སུ་མ
་གྲུབ་པ་དང་། འབྲས་བུ་ཡོངས་སུ་གྲུབ་པའོ།། དེ་ལ་ཡང་དག་པར་བླང་བ་བརྡ་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་མ་ཞུགས་པ་ཐམས་ཅད་ཀྱིའོ།། དེ་ལ་ཆོས་ཉིད་ཀྱིས་ཐོབ་པ་ནི་བྱང་ཆུབ་སེམས
་དཔའ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ་རྣམས་དང་། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་པ་རྣམས་ཀྱིའོ།། མ་ངེས་པ་ནི་ངོའི་རིགས་ཅན་མ་ཡིན་པ་རྣམས་དང་། དེའི་རིགས་ཅན་སེམས་སྐྱེད་པ་ལས་ཕྱིར་ལྡོག་པའི
་ཆོས་ཅན་རྣམས་ཀྱི་གང་ཡིན་པའོ།། སེམས་སྐྱེད་པ་ངེས་པ་ནི་དེ་ལས་བཟློག་པ་ལས་རིགས་པར་བྱའོ།། དེ་ལ་ཡོངས་སུ་མ་དག་པ་འདི་ལྟར་འདི་ན་ལ་ལ་གཞན་གྱི་རྗེས་སུ་ཞུགས་པའམ། རྒྱལ་པོས་འཇིགས་པའམ། རྐུན་པོས
་འཇིགས་པ་འམ། འཛིན་འཁྲིས་འཇིགས་པའམ། ཆུ་ཀླུང་གིས་འཇིགས་པའམ། འཚོ་བའི་ཕྱིར་རམ། རྙེད་པ་དང་བཀུར་སྟིའི་ཕྱིར་རམ། ཁ་གསག་དང་། གཞོག་སློངས་ཀྱི་ཕྱིར་ངེས་པར་མ་བརྟགས། ཡོངས་སུ་མ་བརྟགས།
་གཟུ་ལུམ་སུ་སེམས་སྐྱེད་པར་བྱེད་པ་དང་། དེ་ལྟ་བུ་དང་མཐུན་པར་སེམས་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་ཡོངས་སུ་མ་དག་ཡིན་པར་རིག་པར་བྱའོ།། ཡོངས་སུ་དག་པ་ནི་ངོ་ལས་བཟློག་པ་ལས་རིག་པར་བྱའོ།། དེ་ལ་སྟོབས
་ཆུང་བ་ནི་འདི་ལྟར་འདི་ན་བྱང་ཆུབ་སེམས་དཔའ་ལ་ལ་སེམས་བསྐྱེད་པ་ལས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་ཀུན་ནས་དཀྲིས་པ་དག་གིས་ཟིལ་གྱིས་གནོན་པར་བྱེད་ཅིང་། ཡང་དག་པའི་སྒྲུབ་པ་ལས་རབ་ཏུ
་ཉམས་པར་བྱས་ནས། ལོག་པའི་སྒྲུབ་པ་ལ་ཀུན་ཏུ་སྦྱོར་བར་བྱེད་པའོ།། སྟོབས་དང་ལྡན་པ་ནི་དེ་ལས་ཟློག་པ་ལས་རིག་པར་བྱའོ།། དེ་ལ་འབྲས་བུ་ཡོངས་སུ་མ་གྲུབ་པ་ནི་མོས་པས་སྦྱོང་བའི་ས་ནས་བཟུང་སྟེ། ས་བཅུ་པའི
་བར་གྱིའོ།། དེ་ལ་འབྲས་བུ་ཡོངས་སུ་གྲུབ་པ་ནི་དེ་བཞིན་གཤེགས་པའི་ས་ལ་སྟེ། བཅོམ་ལྡན་འདས་ཀྱིས། ད་ནི་དཀའ་བ་སྤྱོད་པ་དེ་ལས་ཐར་ཅིང་། བདག་ཉིད་ཀྱི་ཡང་དག་པའི་སྨོན་ལམ་དང་། བྱང་ཆུབ་དམ་པ་ཡང་ཐོབ་པ་ཡིན་ནོ།
་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། སེམས་སྐྱེད་པ་བཅུ་པོ་དེ་དག་ལས་དུ་ནི་ཉོན་མོངས་པ་ཅན་ཡིན་དུ་ནི་ཉོན་མོངས་པ་ཅན་མོ་ཡིན་པ་དང་། དེ་ལྟ་བུ་ལ་སོགས་པའི་རྣམ་པར་གཏན་ལ་དབབ་པའི་གཞུང་ནི་མི་སྣང་ངོ་།། བྱང
་ཆུབ་སེམས་དཔའི་སེམས་བཞི་ནི་རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་བསྲུང་བར་བྱ་བ་ཡིན་ཏེ། ཐོས་པ་དང་བསམ་པ་ལས་བྱུང་བ་དང་། སྙིང་རྗེའི་སེམས་དང་། ཚོགས་སུ་འགྱུར་བ་དང་། བསྒོམས་པ་ལས་བྱུང
་བའོ།། བྱང་ཆུབ་སེམས་དཔས་བདག་གི་དོན་དང་གཞན་གྱི་དོན་ལས་བརྩམས་ནས་སྒྲུབ་པ་ནི་དགུ་པོ་འདི་དག་ཡིན་ཏེ། འཁོར་བ་ལས་བསྒྲུབ་པ་དང་། སེམས་ཅན་རྣམས་ལ་སྒྲུབ་པ་དང་། བདག་ཉིད་ལ་སྒྲུབ་པ་དང་། འདོད་པ
་རྣམས་ལ་བསྒྲུབ་པ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་ལ་བསྒྲུབ་པ་དང་། སེམས་ཅན་ལ་ཐོ་མི་འཚམ་པར་བསྒྲུབ་པ་དང་། དགེ་བའི་ཆོས་རྣམས་རྟག་ཏུ་བསྒོམ་པ་ལ་སྒྲུབ་པ་དང་། ནང་གི་སེམས་ཀྱི་ཞི་གནས་ལ་བསྒྲུབ་པ་དང་།
་ལྷག་པའི་ཤེས་རབ་ཆོས་རྣམ་པར་མཐོང་བ་ལ་སྒྲུབ་པའོ།། བྱང་ཆུབ་སེམས་དཔས་འཁོར་བ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ་དཔེར་ན་ནད་པས་སྨན་ཚ་བ་ལ་བྱ་བ་ལྟར་རོ།། སེམས་ཅན་རྣམས་ལ་ཇི་ལྟར་བསྒྲུབ་པར་བྱ།
་ཞེ་ན། འདི་ལྟ་སྟེ་དཔེར་ན་སྨན་པས་ནང་པ་ལ་བྱ་བ་ལྟར་རོ།། བདག་ཉིད་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ་དཔེར་ན་རྗེ་བོ་མཁས་པས་བྲད་ཡོངས་སུ་མ་བྱང་བ་ལ་བྱ་བ་ལྟར་རོ།། འདོད་པ་རྣམས་ལ་ཇི་ལྟར་བསྒྲུབ་པར་བྱ་ནོམ
་འདི་ལྟ་སྟེ་དཔེར་ན་ཚོང་པ་ཚོང་བའི་ལམ་དུ་སྐྱབས་ཟོང་ལ་བྱ་བ་ལྟར་རོ།། ལུས་དང་ངག་དང་ཡིད་ཀྱི་ལས་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ་དཔེར་ན་བཙོ་བླག་གིས་གོས་བཀ་ལ་བྱ་བ་ལྟར་རོ།། སེམས་ཅན་རྣམས་ལ
་ཐོ་མི་འཚམ་པར་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ་དཔེར་ན་ཕས་བུ་གཞོནུ་ཕང་བར་བཤང་གཅི་བོར་བ་ལ་བྱ་བ་ལྟར་རོ།། དགེ་བའི་ཆོས་རྟག་ཏུ་བསྒོམ་པ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ་དཔེར་ན་མེ་འདོད་པ་བས
་གཙུབས་ཤིང་གཙུབས་པ་ལ་བྱ་བ་ལྟར་རོ།། ནང་གི་སེམས་ཞི་གནས་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ་དཔེར་ན་རྗེ་བོས་ཡིད་གཅུགས་པ་ནོར་འབུལ་བ་ལ་བྱ་བ་ལྟར་རོ།། ལྷག་པའི་ཤེས་རབ་ཆོས་རྣམ་པར་མཐོང
་བ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དཔེར་ན་སྒྱུ་མ་མཁན་མཁས་པས་སྒྱུ་མའི་བྱ་བ་ལ་བྱ་བ་ལྟར་རོ།། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། སེམས་ཅན་གྱི་རིས་ལྔ་ལ་ལོག་པར་སྒྲུབ་པ་ནི་སྙིང་རྗེ
་མེད་པ་དང་། སྙིང་བརྩེ་བ་མེད་པ་དང་། རྗེས་སུ་བརྩེ་བ་མེད་པ་ཡིན་པར་བརྗོད་པར་བྱའོ།། ལྔ་གང་ཞེ་ན། འདོད་པ་དང་། ཕོངས་པ་དང་། ཕན་འདོགས་པར་འདོད་པ་དང་། བདེ་བ་འདོད་པ་དང་། ཆོས་འདོད་པ་ལའོ།། །
་དེ་ལ་འདོད་པ་ནི་ལྔ་སྟེ། ཟས་འདོད་པ་དང་། གོས་འདོད་པ་དང་། གནས་འདོད་པ་དང་། ན་བའི་གསོ་སྨན་དང་། ཡོ་བྱད་འདོད་པ་དང་། སྐྱབས་འདོད་པའོ་ཕོངས་པ་ལྔ་སྟེ། སྡུག་བསྔལ་བར་གནས་པ་དང་། འཁྲུལ་པ་དང་།
་སྐྱབས་སུ་འོངས་པ་དང་། ཡིད་བརྟན་པ་དང་། རབ་ཏུ་བརྟད་པའོ།། ཕན་འདོགས་པ་ཡང་ལྔ་སྟེ། ཕ་མ་དང་། བུ་དང་། ཆུང་མ་དང་། བྲན་དང་བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚེ་བ་དང་། མཛའ་བཤེས་དང་།
་@གྲོས་གྲོགས་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་སོ།། བདེ་བ་འདོད་པ་ཡང་ལྔ་སྟེ། ལས་ཀྱི་མཐའ་འབྱོར་པའི་བདེ་བ་འདོད་པ་དང་། ལས་ཀྱི་མཐའ་འབྱོར་པ་དང་། མི་འབྲལ་བའི་བདེ་བ་འདོད་པ་དང་།
་དུས་ཚིགས་འགྱུར་བ་ལས་བྱུང་བའི་སྡུག་བསྔལ་དང་བྲལ་བའི་བདེ་བ་འདོད་པ་དང་། ངལ་གསོ་བའི་བདེ་བ་འདོད་པ་དང་། ཁྱད་པར་སྒྲུབ་པའི་བདེ་བ་འདོད་པའོ།། ཆོས་འདོད་པ་ཡང་ལྔ་སྟེ། དམ་པའི་ཆོས་སྟོན་པར་འདོད་པ་དང་།
་ལུང་མནོད་པ་དང་ཁ་ཏོན་འདོད་པ་དང་། འབྲེལ་པའི་གཏམ་རྣམ་པར་གཏན་ལ་དབབ་པར་འདོད་པ་དང་། གདམས་ངག་དང་རྗེས་སུ་བསྟན་པ་འདོད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་འདོད་པའོ།། དེ་ལ་ལོག།
་པར་བསྒྲུབ་པ་ནི་བྱེད་པའི་སྦྱོར་བ་ལས་སམ། མི་བྱེད་པའི་སྦྱོར་བ་ལས་སམ། གནོད་པ་བྱེད་པའི་སྦྱོར་བ་ལས་སམ། ཐ་མལ་བའི་སྦྱོར་བ་ལས་རིག་པར་བྱའོ།། སེམས་ཅན་རྣམས་ལ་སྐུལ་པ་མེང་བ་ཉིད་ནི་རྣམ་པ་ལྔ་སྟེ། དེ
་དང་ལྡན་པའི་སེམས་ཅན་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་གདུལ་བ.རོ་དཀའ་བོ་ཡིན་ན། བྱང་ཆུབ་སེམས་དཔའ་རྣམས་སམ། དེ་ལས་གཞན་པ་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ལ་ནི་དེ
་བཞིན་གཤེགས་པ་དོན་དུ་བཞེད་པ། ཕན་པར་བཞེད་པ། བདེ་བར་བཞེད་པ་རྣམས་ཀྱིས་ཀྱང་དོན་དང་། ཕན་པོ་དང་། བདེ་བའི་བྱ་བ་དེ་དག་སྐུ་ཉམས་སུ་ལྟ་བར་མི་འགྱུར་ཞིང་། དེ་ལ་རྩོམ་པ་ཡང་ཉམས་པར་འགྱུར་བ་ཡིན་ན།།
་བྱང་ཆུབ་སེམས་དཔའ་རྣམས་སམ། དེ་ལས་གཞན་པ་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྔ་གང་ཞེ་ན། རྣམ་པར་དག་པའི་སྐལ་པ་མེད་པ་ཉིད་དང་། སྦྱོར་བའི་སྐལ་པ་མེད་པ་ཉིད་དང་། དེའི་འབྲས་བུ་ཡོངས་སུ་གྲུབ་པའི
་སྐལ་བ་མེད་པ་ཉིད་དང་། སྦྱོར་བ་དང་དེའི་འབྲས་བུ་ཡོངས་སུ་འགྲུབ་པའི་སྐལ་པ་མེད་པ་ཉིད་དང་། ཕན་གདགས་པའི་སྐལ་པ་མེད་པ་ཉིད་དོ།། དེ་ལ་རྣམ་པར་དག་པའི་སྐལ་པ་མེད་པ་ཉིད་ནི་འདི་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་རང
་བཞིན་གྱིས་ཡོངས་སུ་མྱ་ངན་ལས་མྱི་འདའ་བའི་ཆོས་ཅན་ཉིད་ཡིན་པའོ།། དེ་ལ་སྦྱོར་བའི་སྐལ་པ་མེད་པ་ནི་འདི་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཉིད་ཡིན་ཞིང་། སེམས་ཀྱི་རྒྱུད་ཀྱང་ཡོངས
་སུ་སྨིན་པ་ཡིན་མོད་ཀྱི། དེས་དེའི་མོད་ལ་ཡང་དག་པའི་སྦྱོར་བ་ལ་སྒྲིབ་པར་འགྱུར་བའི་ལས་བྱས་ཤིང་བསགས་པར་གྱུར་པས་དེས་ཚེ་འདི་ལ་སྦྱོར་བའི་སྐལ་པ་མེད་པ་ཡིན་པའོ་དེ་ལ་དེའི་འབྲས་བུ་ཡོངས་སུ་འགྲུབ་པའི་སྐལ
་པ་མེད་པ་ཉིད་ནི་འདི་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་ཡིན་ཡང་། སེམས་ཀྱི་རྒྱུད་ཡོངས་སུ་མ་སྨིན་པ་ཡིན་པས།། དེ་ཡང་དག་པའི་སྦྱོར་བ་ལ་སྒྲིབ་པར་འགྱུར་བའི་ལས
་བྱས་ཤིང་བསགས་པ་མ་ཡིན་ཡང་། དེས་ན་དེའི་འབྲས་བུ་ཡོངས་སུ་འགྲུབ་པའི་སྐལ་པ་མེད་པ་ཡིན་པའོ།། དེ་ལ་སྦྱོར་བ་དང་དེའི་འབྲས་བུ་ཡོངས་སུ་འགྲུབ་པའི་སྐལ་བ་མེད་པ་ཉིད་ནི་འོད་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་རྒྱུད
་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་ཉིད་ཡིན་ཡང་། རྒྱུད་ཡོངས་སུ་སྨིན་པ་ཡང་མ་ཡིན་ལ། དེས་དེའི་མོད་ལ་ཡང་དག་པའི་སྦྱོར་བ་ལ་སྒྲིབ་པར་འགྱུར་བའི་ལས་ཀྱང་བྱས་ཤིང་བསགས་པས།།
་དེས་གཉི་གའི་སྐལ་པ་མེད་པ་ཡིན་ནོ།། དེ་ལྔ་ཕན་གདགས་པའི་སྐལ་པ་མེད་པ་ཉིད་ནི་འདི་ཡིན་ཏེ། འདི་ལྟར་འདི་ན་ལ་ལས་དེའི་མོད་ལ་དབུལ་པོར་འགྱུར་བ་འམ། ཕོངས་པར་འགྱུར་བ་འམ། སྡུག་བསྔལ་བར་འགྱུར་བ
་ངེས་པར་མྱོང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས། དེས་ན་དེའི་ཚེ་འདི་ལ་ཕྱུག་པོ་ཉིད་དམ། འབྱོར་པ་འམ། བདེ་བར་འགྱུར་བའི་སྐལ་པ་མེད་པ་ཡིན་ནོ།། སྐལ་པ་ཡོད་པ་ཉིད་རྣམ་པ་ལྔ་ནི་དེ་ལས་བཟློག་པ་ལས
་རིག་པར་བྱའོ་དེ་ཁོ་ནའི་དོན་རྣམ་པར་ཤེས་པར་འདོད་པས་མདོར་བསྡུས་ན་དངོས་པོ་ལྔ་རྣམ་པར་ཤེས་པར་བྱ་བའི་སྡོམ་ནི། བསྟན་དང་རྣམ་པར་དབྱེ་བ་དང་།། ཡོང་དང་རྫས་དང་ཀུན་རྫོབ་དང་།། རབ་ཏུ་སྐྱེད་དང་གཞན་ཉིད་དང་།
་མཚན་ཉིད་རྣམ་པ་གཟུགས་ཅན་ཡིན།། དངོས་པོ་གང་ཞེ་ན། རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཤེས་པའོ།། རྒྱུ་མཚན་གང་ཞེ་ན། མདོར་བསྣུ་ན། མངོན་པར་བརྗོད་པའི་ཚིག་གི
་གནས་སུ་གྱུར་པའི་དངོས་པོ་གང་ཡིན་པའོ།། མིང་གང་ཞེ་ན། རྒྱུ་མཚན་དེ་ཉིད་ལ་ཚིག་བླ་དགས་གང་ཡིན་པའོ།། རྣམ་པར་རྟོག་པ་གང་ཞེ་ན། ཁམས་གསུམ་ན་སྤྱོད་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ།། །
་དེ་བཞིན་ཉིད་གང་ཞེ་ན། ཆོས་བདག་མེད་པས་རབ་ཏུ་ཕྱེ་བ། འཕགས་པའི་ཡེ་ཤེས་སྤྱོད་ཡུལ་མངོན་པར་བརྗོད་པ་ཐམས་ཅད་ཀྱི་གཞིའི་གནས་སུ་མ་གྱུར་པའི་དངོས་པོ་གང་ཡིན་པའོ།། ཡང་དག་པའི་ཤེས་པ་གང་ཞེ་ན། དེ་ནི་མདོར
་བསྡུ་ན་རྒྱུ་གཉིས་སུ་བལྟ་བར་བྱ་སྟེ། གཅིག་ཏུ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ།། ཡང་དག་པའི་ཤེས་པ་གཅིག་ཏུ་འཇིག་རྟེན་ལས་འདས་པ་གང་ཞེ་ན། གང་གིས་ཉན་ཐོས་དང་། རང
་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་ཉིད་རབ་ཏུ་རྟོགས་པར་བྱེད་པའོ།། དེས་བྱང་ཆུབ་སེམས་དཔའ་རྣམས་རིག་པའི་གནས་ལྔ་པོ་དག་ལ་སྦྱོར་བར་བྱེད་པ་ན། དེ་བཞིན་ཉིད་ཤེས་པ་ཐམས་ཅད་དུ
་འགྲོ་བས་དེ་ལ་ལན་མང་དུ་གནས་ཤིང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་འཐོབ་པར་བྱེད་པའོ།། ཡང་དག་པའི་ཤེས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གང་ཞེ་ན། གང་གིས་ཉན་ཐོས་དང་རང་སངས་རྒྱས
་རྣམས་ཀྱིས་ཡང་དག་པའི་ཤེས་པ་དང་པོས་དེ་བཞིན་ཉིད་རབ་ཏུ་རྟོགས་ནས། འཇིག་རྟེན་ལུས་འདས་པའི་ཤེས་པ་དང་པོའི་རྗེས་ལས་འཐོབ་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པས་རྣམ་པར་གཞག་པའི་བདེན་པ
་དག་ལ་ཁམས་གསུམ་པ་ལས་ཡིད་སྐྲག་པར་བྱེད་པ་དང་། ཁམས་གསུམ་པ་རབ་ཏུ་ཞི་བའི་རོ་མྱང་བར་བྱེད་ཅིང་། དེ་ལ་ལན་མང་དུ་གནས་པ་ཉིད་ཀྱིས་མྱུར་བ་མྱུར་བ་ཁོ་ནས་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ
་ཡང་དག་པར་འཐོབ་པར་བྱེད་པའོ།། དེ་ཡང་མ་འདྲིས་པའི་དོན་གྱིས་ནི་འཇིག་རྟེན་ལས་འདས་པ་ཡིན་ལ། ཐ་སྙད་ཀྱི་མཚན་མ་ལ་དམིགས་པའི་དོན་གྱིས་འཇིག་རྟེན་པ་ཡིན་པས། དེའི་ཕྱིར་འཇིག
་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཞེས་བྱ་བའོ།། བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་དགོངས་ནས། ངས་ནི་འཇིག་རྟེན་པའི་ཤེས་པ་ཡང་ཡོད་པར་གསུངས་སོ།། ངས་ནི་འཇིག་རྟེན་ལས་འདས་པའི་ཤེས་པ་ཡང་ཡོད་པར་གསུངས
་སོ།། ངས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལྔས་འདས་པའི་ཤེས་པ་ཡང་ཡོད་པར་གསུངས་སྔོ་ཞེས་བཀའ་སྩལ་ཏོ།། དེ་ལ་རྣམ་པར་རྟོགས་པས་བསྡུས་པའི་ཤེས་པ་གང་ཡིན་པ་དེ་ནི་འཇིག་རྟེན་པ་ཁོ་ན་ཡིན་ནོ།། ཡང་དག་པའི་ཤེས
་པ་དང་པོས་བསྡུས་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པ་ཁོ་ན་ཡིན་ནོ།། ཡང་དག་པའི་ཤེས་པ་གཉིས་པས་བསླུས་པ་གང་ཡིན་པ་དེ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡིན་ནོ།། རྒྱུ་མཚན་ཡོད་པར་བརྗོད་པར
་བྱའམ་མེད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཡོད་པར་བརྗོད་པར་བྱའོ།། ཅི་ངོ་བོ་ཉིད་དང་བྱེ་བྲག་གདགས་པ་ལས་འདོགས་པ་ཇི་ལྟ་བ་དེ་ལྟར་ཡོད་པར་བརྗོད་པར་བྱ་འམ་ཞེ་ན། སྨྲས་པ། དེ་ལྟར་མེད་པར་བརྗོད་པར་བྱའོ།། ཅི་རྣམ
་བར་རྟོག་པའི་སྤྱོད་ཡུལ་རི་ལྟོ་བ་དེ་ལྟར་ཡོང་བར་བརྗོད་པར་བྱའམ་ཞེན། སྨྲས་པ། དེ་ལྟར་ཡང་བར་བརྗོད་པར་བྱའོ།། རྒྱ་མཚན་དེ་ལྟ་རཾ་ལོང་པ་ཉིད་ལི་མེ་ཁས་པའི་བྱང་ཆུ་བ~ཾ་སེམས་དཔེའི་ནི་སྐྱེ་མཚན་མེང་ཕ་རོལ་ན་འ
་ལ་ཡང་མཁས་པ་ཡིན་ལ། མེད་པར་ལན་འདེབས་པ་ཡང་མཁས་པ་ཡིན། ཡོད་པ་དང་མེད་པར་ལན་འདེབས་པ་ལ་ཡང་མཁས་པ་ཡིན། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་ལན་འདེབས་པ་ལ་ཡང་མཁས་པ་ཡིན་ནོ།། དེ
་ལྟར་ལན་འདེབས་པ་ལ་ཡང་མཁས་པ་དེ་ནི་སྒྲོ་འདོགས་པའི་མཐའ་དང་སྐུར་པ་འདེབས་པའི་མཐའ་སྤངས་ནས། དབུ་མའི་ལམ་གྱིས་ཆོས་ཀྱི་དབྱིངས་སྟོན་པར་བྱེད་དོ།། ཅི་རྒྱུ་མཚན་བརྗོད་པའི་དོན་གྱིས་ཡོད་པར་བརྗོད་པར་བྱའམ།
་བརྗོད་དུ་མེད་པའི་དོན་གྱིས་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཉི་ག་ལྟར་ཡོད་པར་བརྗོད་པར་བྱའོ།། ཅིའི་ཕྱིར་ཞེ་ན། འདི་ལྟར་བརྗོད་པའི་གཞིའི་གནས་སུ་གྱུར་པ་དེ་ལྟར་གནས་པ་བརྗོད་པའི་དོན་གྱིས་ནི་ཡོད་པར་བརྗོད
་པར་བྱ་ལ། ཇི་ལྟར་ངོ་བོ་ཉིད་དང་བྱེ་བྲག་ཏུ་འདོགས་པ་ཡོངས་སུ་མ་གྲུབ་པ་དེ་ལྟར་བརྗོད་དུ་མེད་པའི་དོན་གྱིས་ནི་མྱེད་པར་བརྗོད་པར་བྱ་བའི་ཕྱིར་རོ།། རྒྱུ་མཚན་ཇི་ལྟ་བ་བཞིན་དུ་མིང་དང་རྣམ་པར་རྟོག་པ་དེ་དེ་བཞིན་ཉིད་དང་། ཡང
་དག་པའི་ཤེས་པ་ཡང་དེ་བཞིན་དུ་ཡོད་པར་བརྗོད་པར་བྱ་འམ་ཞེ་ན། སྨྲས་པ། དེ་བཞིན་དུ་ཡོད་པར་བརྗོད་པར་བྱའོ།། རྒྱུ་མཚན་རྫས་སུ་ཡོད་པོར་བརྗོད་པར་བྱ་འམ། བཏགས་པའི་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། འདུ་བྱེད
་རྫས་སུ་ཡོད་པ་རྣམས་ཀྱིས་ནི་རྫས་སུ་ཡོང་པར་བརྗོད་པར་བྱའོ།། བཏགས་པའི་ཡོད་པ་རྣམས་ཀྱི་ནི་བཏགས་པོའི་ཡོད་པར་བརྗོད་པར་བྱ་སྟེ། རྒྱུ་མཚན་ཡོད་པའི་འདུ་བྱེད་གང་དག་ཡིད་པ་དེ་དག་ཀྱང་རྣམ་པ་གཉིས་སོ།།
་མིང་རྫས་སུ་ཡོད་པར་བརྗོད་པར་བྱའམ། བཏགས་པའི་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། བཏགས་པའི་ཡོད་པར་བརྗོད་པར་བྱ་སྟེ། དེ་ནི་རྒྱུ་མཚན་ཙམ་ལ་ཉེ་བར་གདགས་པ་ཙམ་ཡིན་པའི་ཕྱིར
་རོ།། རྣམ་པར་རྟོག་པ་རྫས་སུ་ཡོད་པར་བརྗོད་པར་བྱ་འམ། བཏགས་པའི་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྫས་སུ་ཡོད་པར་བརྗོད་པར་བྱ་སྟེ། དོན་དམ་པས་བསྡུས་པ་ཡིན་པའི་ཕྱིར་རོ།། ཡང་དོག
་བའི་ཤེས་པ་རྫས་སུ་ཡོད་པར་བརྗོད་པར་བྱ་འོམ། བཏགས་པའི་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཉི་གརཱ་བརྗོད་པར་བྱ་སྟེ། ཇི་ལྟར་ཤེས་པ་གང་ཡིན་པ་དེ་ནི་རྫས་སུ་ཡོད་པ་ཡིན་ལ། ཤེས
་བའི་འཁོར་སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་ཡིན་པ་དེ་དག་ཀྱང་ཡང་དག་པའི་ཤེས་པ་ཡིན་པའི་ཕྱིར་རྣམ་པ་གཉིས་སོ།། རྒྱུ་མཚན་ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱ་འམ། དོན་དམ་པར་ཡོད
་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱའོ།། རྒྱུ་གཉིས་ཀྱིས་ཏེ། ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར་དང་། གདགས་པའི་གཞི་ཡིན་པའི་ཕྱིར་རོ།། མིང་ཀུན་རྫོབ
་ཏུ་ཡོད་པར་བརྗོད་པར་བྱ་འམ། དོན་དམ་པར་ཡོང་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱའོ།། རྒྱུ་གསུམ་གྱིས་ཏེ། ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར་དང་།
་གདགས་པའི་གཞི་ཡིན་པའི་ཕྱིར་དང་། ཐ་སྙད་ཀྱི་གནས་ཡིན་པའི་ཕྱིར་རོ།། རྣམ་པར་རྟོག་པ་ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱཱའམ། དོན་དམ་པར་ཡོང་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཀུན་རྫོབ་ཏུ
་ཡོད་པར་བརྗོད་པར་བྱའོ།། སྨྲས་པ། རྒྱུ་བཞི་སྟེ། ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར་དང་། གདགས་པའི་གཞི་ཡིན་པའི་ཕྱིར་དང་། ཐ་སྙད་བག་ལ་ཉལ་བའི་ཕྱིར་དང་། ཐ་སྙད་རྗེས་སུ་སད
་པའི་ཕྱིར་རོ།། དེ་བཞིན་ཉིད་ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱའམ། དོན་དམ་པར་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དོན་དམ་པོར་ཡོད་པར་བརྗོད་པར་བྱ་སྟེ། རྣམ་པར་དག་པའི་དམིགས་པའི་དངོས
་པོ་ཡིན་པའི་ཕྱིར་རོ།། ཡང་དག་པའི་ཤེས་པ་ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱ་འམ། དོན་དམ་པར་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དང་པོ་ནི་དོན་དམ་པར་ཡོད་པར་བརྗོད་པར་བྱའོ།། གཉིས
་བ་ནི་གཉི་གར་བརྗོད་པར་བྱའོ།། རྒྱུ་མཚན་གང་ལ་རབ་ཏུ་སྐྱེ་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྒྱུ་མཚན་ལས་རབ་ཏུ་སྐྱེ་བ་དང་། སྔོན་གྱི་རྣམ་པར་རྟོགས་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ།།
་མིང་གང་ལས་རབ་ཏུ་སྐྱེ་བ.རོ་བརྗོད་པར་བྱ་ཞེ་ན། སྨྲས་པ། གང་ཟག་གི་འདུན་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ།། རྣམ་པར་རྟོག་པ་གང་ལས་རབ་ཏུ་སྐྱེ་བར་བརྗོད་པར་བྱ་ཞེ་ན། སྨྲས་པ།
་རྣམ་པར་རྟོག་པ་ལས་རབ་ཏུ་སྐྱེ་བ་དང་། རྒྱུ་མཚོན་ལས་རབ་ཏུ་སྐྱོ་བ་ཡིན་ནོ།། དེ་བཞིན་ཉིད་གང་ལས་རབ་ཏུ་སྐྱེ་བར་བརྗོད་པར་གྱུན་ན། སྨྲས་པ། སྐྱེ་བ་མེད་པར་བརྗོད་པར་བྱའོ།།
་ཡང་དག་པའི་ཤེས་པ་གང་ལས་རབ་ཏུ་སྐྱེ་བར་བརྗོད་པར་བྱ་ཞོ་ན། སྨྲས་པ། ཡང་དག་པའི་ཤེས་པ་དང་། དམ་པའི་ཆོས་མཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ།། །
་དགེའོ།། ། བཀྲ་ཤིས།།
་བསོད་ནམ་པ་སྐྱོབས་རྒྱས་ཀྱིས་མཚོན་མར་གྱུར་འགྲོ་བ་ཡིས།། ཚེ་རབས་དུ་མར་བསགས་པའི་སྡིག་གྲིབས་ས་སུམ།། དགེ་འདིས་དུག་ལྔའི་མེ་ཀྱེ་སུའིས་བཅིལ་བ་བཞིན།། རང་མིན་བྱང་ཆུབ་ང་བ་གོའཡང་གྱུར་མ་ཅ་ནན། བམ་མེ་དབང་པོ་ལྟ་བསས
་གསུམ་ཚིག་དྲིལ་གྱི་སྨོན་ལམ་བཏབ་པའོ།།་