| Wylie | e-texts produced with BDRC’s OCR application |
རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ ་སེམས་དཔའི་ས། བམ་པོ་དང་པོ།། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ།། ཆོས ་བཅུ་པོ་འདི་དག་ནི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལོམ་འབྲས་བུ་དང་བཅས་པ་བསྡུད་པར་བྱེད་པ་ཡིན་ནོ།། བཅུ་གང་ཞེ་ན།། ་གཞི་དང་། རྟགས་དང་། ཕྱོགསོ་དང་། ལྷག་པའི་བསམ་པ་དང་། གནས་པ་དང་། སྐྱེ་བ་དང་། ཡོངས་སུ་འཛིན་པ་དང་། ས་དང་། ་སྤྱོད་པ་དང་། རབ་ཏུ་གནས་པའོ།། སྡོམ་ལ། གཞི་དང་རྟགས་དང་ཕྱོགས་རྣམས་དང་།། ལྷག་པའི་བསམ་དང་གནས་པ་དང་།། སྐྱེ་དང་ཡོངསུ་འཛིན་དང་ས།། སྤྱོད ་དང་རབ་གནས་ཐ་མ་ཡིན།། དེ་ལ་གཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའི་རང་གི་རིགས་དང་། དང་པོ་སེམས་བསྐྱེད་པ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད ་ནི་གཞི་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་རིགས་ལ་བརྟེན་ཅིང་གནས་ནས། བླ་ན་མེད་པ་ཡང་དོག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བའི་སྐལ་བཙོན་དུ་འགྱུར་ཞིང་། མཐུ་ཡོད་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་རིགས་ནི་སྐལ་བ་དང་ལྡན་པའི་གཞི་ཞེས་བྱའོ།། འདི་ལ་བྱང་ཆུབ་སེཾདཾའ་ནི་དང་པོ ་སེམས་བསྐྱེད་པ་ལ་བརྟེན་ཅིང་གནས་ནས། སྦྱིན་པ་ལ་སྦྱོར་བར་བྱེད། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྦྱོར་བར་བྱེད ་ངོ་།། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་སྦྱོར་བར་བྱེད་པའི་ཕྱིར་ཏེ། དེ་ལྟ་བས་ན་དང་པོ་སེམས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའི ་སྤྱོད་པ་ལ་སྦྱོར་བ་དེ་ནི་གཞི་ཞེས་བྱའོ།། འདི་ལ་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་དེ་ཉིད་ལ་བརྟེན་ཅིང་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངསུ་རྫོགས་པར ་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་དེ་ནི། བྱང་ཆུབ་ཆེན་པོ་ཡོངསུ་རྫོགས་པ་དེའི་གཞི་ཞེས་བྱའོ།། གང་ཟག་རིགས་ལ་གནས་པ་མ་ཡིན་པ་རིགས་མེད་པ་ནི་སེམས་ཀྱང་སྐྱེད ་ཅིང་འབད་པ་ལ་ཡང་དག་པར་གནས་པ་ཡོད་དུ་ཟིན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བའི་སྐལ་པ་མེདོ།། དེ་ལྟ་བས་ན་རྣམ་གྲངས་འདིས་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི ་སེམས་ཀྱང་མ་བསྐྱེད་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་མ་བྱས་ཀྱང་། རིགས་ནི་གཞི་ཡིན་པར་རིག་པར་བྱའོ།། གལ་ཏེ་རིགས་ལ་གནས་ཀྱང་སེམས་བསྐྱེད་པར་མི་བྱེད་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ ་དག་ལ་ཡང་སྦྱོར་བར་མི་བྱེད་ན་ནི་སྐལ་པ་ཡོད་ཀྱང་བྱང་ཆུབ་མྱུར་དུ་འགྲུབ་པར་མི་འགྱུརརོ།། དེ་ལས་ཟློག་པ་ནི་མྱུར་དུ་འགྲུབ་པར་འགྱུར་བར་རིག་པར་བྱའོ།། རིགས་དེ་ནི་གཞི་ཞེས་ཀྱང་བྱ། རྟོན་པ་དང་། རྒྱུ་དང་། རྟེན་དང་། ་ཉེར་གནས་དང་། སྔོན་དུ་འགྲོ་བ་དང་། གནས་ཞེས་ཀྱང་བྱའོ།། རིགས་ཇི་ལྟ་བ་བཞིན་དུ་དང་པོ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ།། དེ་ལ་རིགས་གང་ཞེ་ན། མདོར་བསྡུ་ན་རྣམ ་པ་གཉིས་ཏེ། རང་བཞིན་གྱི་གནས་པ་དང་། ཡང་དག་པར་བསྒྲུབས་པའོ།། དེ་ལ་རང་བཞིན་གྱི་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག། ་ཏུ་རྒྱུད་དེ་འོངས་པ་ཐོགས་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ།། དེ་ལ་ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། དོན་གྱི་སྐབས ་འདིར་ནི་རྣམ་པ་གཉི་ག་ཡང་འདོད་དོ།། རིགས་དེ་ནི་ས་བོན་ཞེས་ཀྱང་བྱ། ཁམས་དེ་ནི་རང་བཞིན་ཞེས་ཀྱང་བྱའོ།། དེ་ཡང་འབྲས་བུ་ཡང་དག་པར་མ་གྲུབ་པ་ནི་འབྲས་བུ་མེད་པས་ཆ་ཕྲ་བ་ཡིན།། འབྲས་བུ་ཡང་དག་པར ་གྲུབ་པ་ནི་འབྲས་བུ་དང་བཅས་པ་རགས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའི་རིགས་དེ་དང་ལྡན་པ་རྣམས་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཀྱང་འདས་པ་ཡིན་ནོ།། སེམས་ཅན་གཞན་ཐམས་ཅད་ལྟ་ལས ་ཅི་སྨོས་ཏེ། བླ་ན་མེད་པའི་ཁྱད་པར་ཅན་ཡིན་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མདོར་ན་རྣམ་པར་དག་པ་ནི་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ ་ཡིན་ནོ།། དེ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རིགས་དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་འགྱུར་གྱི། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་ནི་མ་ཡིན་ནོ།། བྱང་ཆུབ་སེམས་དཔའི་རིགས་ན་ཉོན་མོངས་པའི་སྒྲུབ ་པ་རྣམ་པར་དག་པ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་ཀྱང་། རྣམ་པར་དག་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་ཞེས་བྱའོ།། གཞན་ཡང་བྱང་ཆུབ་སེམས་དང། ་ནི་རྣམ་པ་བཞིས་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཁྱད་པར་དུ་འཕགས་པ་རིག་པར་བྱ་སྟེ། བཞི་གང་ཞེ་ན། དབང་པོ་ལས་གྱུར་པ་དང་། སྒྲུབ་པ་ལས་གྱུར་པ་དང་། མཁས་པ་ལས་གྱུར་པ་དང་། འབྲས་བུ་ལས ་གྱུར་པའོ།། དེ་ལ་དབང་པོ་ལས་གྱུར་པའི་ཁྱད་པར་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་དབང་པོ་རྣོ་བ་ཡིན་ལ། རང་སངས་རྒྱས་ནི་དབང་པོ་འབྲིང་ཡིན། ཉན་ཐོས་ནི་དབང་པོ་རྟུལ་བ་ཡིན་ནོ།། དེ་ལ་སྒྲུབ ་པ་ལས་གྱུར་པའི་ཁྱད་པར་ནི་འདི་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ནི་བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་བདག་ལ་ཡང་ཕན་པ་དང་། གཞན་ལ་ཡང་ཕན་པ་སྐྱེ་བོ་མང་པོ་ལ་ཕན་པ་དང ་སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྒྲ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཡིན་ནོ།། དེས་མཁས་པ་ལས་གྱུར་པའི་ཁྱང་བ་ན་འདི་ཡིན་ཏེ། ཉན་ཐོས་དང་རང་སངས ་རྒྱས་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་དུ་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་དང་། བདེན་པ་ལ་མཁས་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་ནི་དེ་དག་དང་། རིགས་པའི་གནས་གཞན་ཐམས ་ཅད་ལ་ཡང་མཁས་པར་བྱེད་དོ།། དེ་ལ་འབྲས་བུ་ལས་གྱུར་པའི་ཁྱད་པར་ནི་འདི་ཡིན་ཏེ། ཉན་ཐོས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱེད་དོ།། རང་སངས་རྒྱས་ནི་རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱེད་དོ།། ་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱེད་དོ།། གང་དག་གིས་ན་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་གཞན་དག་གིས་དེ་ལྟར་ཤེས་པར་འགྱུར་བ་བྱང་ཆུབ་སེམས ་དདེཔའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་ཡོད་པ་ནི་དྲུག་པོ་འདི་དག་ཡིན་ཏེ། སྦྱིན་པོའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟག་སོ།། དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ཏུ་ཕྱིན་རིགས་ཀྱི་རྟགས་ནི་འདི་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱི་སྦྱིན་པ ་དཀའ་དུ་ཡིན་ཏེ། སྦྱིན་པར་བྱ་བའི་ཆོས་རྣམས་ཡོད་དེ། བདོག་ན་རྟག་ཏུ་རྒྱུན་མི་འཆད་པར་གཞན་དག་ལ་ཐོག་བ་ཤའ་བྱེད་པའི་ངང་ཚུལ་ཅན་ཡིན་ནོ།། རབ་ཏུ་དགའ་བའི་སེམས་ཀྱི་སྦྱིན་པར་བྱེད་ཀྱི ་ཡིད་མི་དགའ་བས་ནི་མ་ཡིན་ནོ།། ཉུང་ངུ་ལས་ཀྱང་བགོ་བ་ཤའི་བྱེད་པ་ཡིན་ཏེ། བཟང་པོ་སྦྱིན་པར་བྱེད་ཀྱི། ངན་པ་ནི་མ་ཡིན་ནོ།། སྦྱིན་པ་མི་བྱེད་མ་བྱིན་པར་ལེན་པ་ལ་ཡང་འཛེམ་པར་བྱེད་དོ།། ཟེར་རོ།། གཞན་དག་ལ ་ཡང་སྦྱིན་པའི་བསྔགས་པ་བརྗོད་པར་བྱེད་དོ།། དེ་དག་ཀྱང་སྦྱིན་པ་ལ་འདུན་པ་སྐྱེད་དུ་འཇུག་པར་བྱེད་དོ།། སྦྱིན་ཕོད་པ་མཐོང་ན་ཡང་ཡི་རངས་པ་དང་། ཡིད་བདེ་བར་འགྱུར་རོ།། བླ་མ་རྣམས་དང་། རྒན་རབས་རྣམས་དང་། ཡོན ་གནས་རྣམས་དང་། བཀུར་སྟི་བྱེ་བར་འོས་པ་རྣམས་ལ་ཡང་ལངྐ་ནྟ་སྟན་སྟོབས་པར་བྱེད་དོ།། སེམས་ཅན་གྱི་བྱ་བ་དག་ལ་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་སྟེ། དེ་དང་དེ་དག་ལ་འཇིག་རྟེན་འདྲི་དང་འཇིག་རྟེན་ཕ་རོལ་ཏུ་བདེ་བར་འགྱུར ་འི་རིགས་པའི་མན་ངག་སྦྱིན་པར་བྱེད་དོ།། རྒྱལ་པོ་དང་། དགུ་ང། ཆོམ་རྐུན་དང་། མེ་དང་། ཚུལ་སོགས་པས་འཇིག་སྐྲགས་པའི་སེམས་ཅན་རྣམས་ལ་མི་འཇིགས་པ་སྦྱིན་པར་བྱེད་ཅིང་། དེ་དག་ལ་འཇིགས་པ་སྣ་ཚོགས ་མང་པོ་དྲག་པོ་དེ་ལས་ཀྱང་ཅི་ནུས་ཀྱིས་ཡོངསུ་སྐྱོབ་པར་བྱེད་དོ།། དེའི་ལག་ཏུ་གཞན་གྱི་ནོར་གཏམས་ན་ཡང་དོར་མི་བྱེད་དོ།། གཞན་གྱི་བུ་ལོན་ཆགས་ན་ཡང་སླུ་བར་མི་བྱེད་ཅིང་ངོར་མི་བྱེད། རང་གི་རིགས་རྒྱུད་ལ་ཡང་གཡོ་མི་བྱེད ་ཅིང་། ཀླན་ཀ་མི་ཚོལ་ལོ།། ནོར་བུ་དང་། མུ་ཏིག་དང་། བེ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྷུ་རུ་དང་། གསེར་དང་། དངུལ་དང་། རྡོའི་སྙིང་པོ་དང་། སྤུག་དང་། རིན་པོ་ཆེ་དམར་པོ་དང་། གཡས་སུ་འཁྱིལ་བ ་ལ་སོགས་པ་ཡོ་བྱད་ཀྱི་རྣམ་པ་དག་ལ་རྨོངས་ཤིང་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ཡང་། དེ་ཅི་ནས་གཞན་གྱིས་ཀྱང་སླུ་བར་མི་འགྱུར་བར་ཡང་དག་པར་ཁོང་དུ་ཆུད་པར་བྱེད་ན། དེ་ལ་ཡང་དག་ཉིད་ཀྱིས་སླུ་བར་ལྟ་ག་ལ་བྱེད། རང ་བཞིན་གྱིས་ལོངས་སྤྱོད་རྒྱ་ཆེན་པོ་ལ་མོས་པ་མ་ཡིན་ལ། དེ་ལ་ལོངས་སྤྱོད་དང་ཡོངསུ་སྤྱོད་པ་རྒྱ་ཆེན་པོ་ཐམས་ཅད་ལ་ཡང་སེམས་འཇུག་པར་བྱེད་དོ།། ལས་ཀྱི་མཐའ་རྒྱ་ཆེན་པོ་དག་ལ་མོས་པ་ཡིན་གྱི་འདུ་བའི་སྒོ་ཆུང་ངུ་དག་ལ ་མ་ཡིན་ནོ།། འཇིག་རྟེན་ན་ཞུགས་པ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། བུད་མེད་ལ་ཞུགས་པ་དང་། ཆང་ལ་ཞུགས་དང་། རྒྱན་པོ་ལ་ཞུགས་པ་དང་། ཟློས་གར་མཁན་དང་། བྲོ་གར་མཁན་དང་། བཞད་གང་བྱེད་པ་དང་། འཇོ ་གེག་བྱེད་པ་ལ་སོགས་པ་ལ་ལྟ་བ་ལ་ཞུགས་པ་དང་། དེ་ལྟ་བུ་དག་ལས་ཞུགས་པ་ལས་མྱུར་བ་མྱུར་བར་འདོད་ཆགས་དང་བྲལ་བར་ཐོབ་པར་འགྱུར་ཏེ། དྲོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་སྟོན་ཏོ།། ལོངས་སྤྱོད་རྒྱ་ཆེན་པོ་དག་རྙེད་ན་ཡང ་ཤས་ཚོར་སྐམ་པར་མི་འགྱུར་ན། ཆུང་ངུ་ལྟ་ལ་ཅི་སྨོས་ཏེ། དེ་ལྟར་འདི་ལྟ་བུ་དག་དང་མཐུན་པའི་དེ་དག་ནི། བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་ལུས་དང་ངག་གི་ལས་མི་དགེ་བ་ཆུང་ངུ་དང་ལྡན་པ་ཡིན་གྱི། ཤིན་ཏུ་དྲག་པོ་དང་། སེམས ་ཅན་ལ་ཤིན་ཏུ་གནོད་པ་དང་ལྡན་པ་མ་ཡིན་ཏེ། སྡིག་པའི་ལས་ཤིག་བྱས་ཟིན་ཀྱང་མྱུར་བ་མྱུར་བར་འགྱེད་པར་འགྱུར་ལ། དེ་ལ་ཡང་འཛེམ་བཞིན་དུ་སྤྱོད་ཀྱི་དགའ་བཞིན་པས་མ་ཡིནོ།། སེམས་ཅན་རྣམས་ལ་ལག་པ་དང་། ་བོང་བ་དང་། དབྱུག་པ་དང་། མཚོན་ཆ་ལ་སོགས་པས་རྣམ་པར་མི་འཚོ་བའི་རང་བཞིན་ཅནོ།། རང་བཞིན་གྱིས་མཉེས་གཤིན་པ་དང་། སེམས་ཅན་རྣམས་ལ་དགའ་བ་ཡིན་ནོ།། བཀུར་སྟི་བྱ་བར་འོས་པར་རྣམས་ལ་ཡང་དུས ་སུ་གུས་པར་སྨྲ་བ་དང་། ཕྱག་བྱ་བ་དང་། ལྡང་བ་དང་། ཐལ་མོ་སྦྱོར་བ་དང་། འདུད་པའི་ལས་ཀྱི་བསྙེན་བཀུར་བྱེད་པ་ཡིན། འཐུན་པར་འཛིན་པ་དང་། ཤེས་གཉེན་ཅན་དང་། ཕ་རོལ་གྱི་སེམས་དང་མཐུན་པར་འཇུག་པ་ཡིན།། ་འཛུམ་པ་སྔོན་དུ་གཏོང་བ་དང་། བཞིན་གྱི་མདངས་འབྱིན་པ་དང་། ཁྲོ་གཉེར་མེད་པ་དང་། གསོད་པར་སྨྲ་བ་ཡིན་ནོ།། སེམས་ཅན་རྣམས་ལ་ཕན་འདོགས་འདོགས་པ་རྣམས་ལ་བྱས་པ་གཟོ་ཞིང་བྱས་པ་ཤེས་པ་ཡིན། སེམས ་ཅན་སློང་བ་རྣམས་ལ་དྲང་པོར་བྱེད་ཀྱི། དེ་དག་ལ་གཡོ་དང་རྒྱུས་སླུ་བར་མི་བྱེད་དོ།། ཆོས་ཀྱི་བབ་ཆོལ་མ་ཡིན་པར་ལོངས་སྤྱོད་སྒྲུབ་པར་བྱེད་ཀྱི་ཆོས་མ་ཡིན་པས་ནི་མ་ཡིན་ནོ།། རང་བཞིན་གྱིས་ཀྱང་བསོད་ནམས་ལ་དགའ་བ་ཡིན ་ཏེ། གཞན་བསོད་ནམས་བྱེད་པ་དག་ལ་ཡང་བསྟོད་པར་བྱེད་ན། བདག་ཉིད་བྱེད་པ་ལྟ་ཅི་སྨོས། འདི་ལྟ་སྟེ་གཞན་དག་ལ་གསོད་པ་དང་། འཆིང་བ་དང་། གཅོད་པ་དང་། བརྡེག་པ་དང་། སྨོད་པ་དང་། བསྡིགས་པ་ལ་སོགས་པ་བྱེད ་པ་མཐོང་ཡང་རུང་། ཐོས་ཀྱང་རུང་སྟེ། གཞན་ལ་གནོད་པས་ཤིན་ཏུ་གནོད་པར་འགྱུར་རོ།། ཆོས་ཡང་དག་པར་སླང་བ་ཆེད་ཆེར་འཛིན་པ་དང་། ཚེ་ཕྱི་མ་ཆེད་ཆེར་འཛིན་པ་ཡིན། ཁ་ན་ཨ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་ན ་མང་པོ་ལྟ་ལ་ཅི་སྨོས། གཞན་གྱི་ལས་དང་གཞན་གྱི་བྱ་བ་དག་ལ་གྲོགས་བྱེད་དུ་འགྲོ་སྟེ། འདི་ལྟ་སྟེ་ཞིང་ལས་དང་། ཆོང་བྱ་བ་དང་། བ་ལང་འཚོ་བ་དང་། རྒྱལ་པོའི་ཞ་འབྲིང་བྱ་བ་དང་། ཡི་གེ་བྲི་བ་དང་། རྩིས་བྱ་བ་དང་། ཤོ་དགོད ་ང་། གྲངས་བཟུང་བ་དང་། ལག་རྩིས་བྱ་བ་དང་། རྗེ་བོ་དང་བསྡམས་པ་དང་། ཁྱིམ་མི་དང་བསྡུམ་པ་དང་། མཛའ་བཤེས་དང་མི་འཛའ་བ་བསྡུམ་པ་དང་། རྒྱལ་པོ་དང་བསྡུམ་པ་དང་། ལོངས་སྤྱོད་རྣམས་སྒྲུབ་པ་དང་། བསྲུང་བ་དང་། བསྡུ ་བ་དང་། ཕྱིར་འགྱེད་པ་དང་། གཏོང་བ་དང་། བག་མ་གཏོང་བ་དང་། བག་མ་ལེན་པ་དང་། ལྷག་པར་ཟ་བ་དང་། འདུས་ཤིང་ཟ་བ་རྣམས་དང་། དེ་ལྟ་བུ་ལ་མཐུན་པ་ལ་གྲོགས་བྱེད་དུ་འགྲོ་བར་བྱེད་ཀྱི། བདོག་དང་གཞིན་དག་ལ་གནོད་པ་དང་སྡུག ་བསྔལ་དང་། ཕན་པར་མི་འགྱུར་བ་གང་དག་ཡིན་པའི་ཐབ་མོ་དང་། འཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པ་རྣམས་དང་། ཕ་རོལ་ལ་རྣམ་པར་འཚེ་བའི་ལས་གཞན་དག་ལ་ནི་མ་ཡིན་ནོ།། བྱ་བ་མ་ཡིན་པ་འདི་ལྟ་སྟེ། སྡིག་པ་མི ་དགེ་བ་བཅུའི་ལས་ཀྱི་ལམ་དག་ལས་ཀྱང་དེ་དག་ཟློག་པར་བྱེད་དོ།། གཞན་གྱི་དབང་དུ་བྱེད་ཅིང་། གཞན་ལ་རག་ལས་པར་བྱེད་དེ་བཟོད་པ་དང་། ཚུལ་ཁྲིམས་མཚུངས་པའི་ཕྱིར། གཞན་དག་གིས་བདག་གི་དོན་འདོར་དུ ་བཅུག་ནས་རང་གི་དོན་ལ་ཅི་དགའ་མགུར་བསྐོ་བར་བྱེད་དོ།། སེམས་མཉེན་ཞིང་སེམས་ངེས་པ་ཡིན་ལ། ཀུན་ནས་མནར་སེམས་དང་། ཁོང་ཁྲོ་བའི་སེམས་ཡུན་རིང་དུ་འཛིན་པར་མི་བྱེད་དེ། གཞན་དུ་ན་དེའི་མོད་ལ་དེའི་སེམས་བཟང་པོར ་འགྱུར་རོ།། བདེན་པ་ཆེད་ཆེར་འཛིན་པ་ཡིན་ཏེ། ཡང་དག་པར་མ་ཡིན་པའི་ཚིག་གིས་གཞན་ལ་སླུ་བར་མི་བྱེད་དོ།། གཞན་དག་གི་མཛའ་བ་ཤེས་ལ་དབྱེན་བྱ་བར་མི་དགའ་ཞིང་མི་བྱེད་དོ།། མ་གཙིགས་པ་དང་། མི་དགོས་པ་དང་། ་དོན་མེད་པ་དང་། བབ་ཚོལ་དུ་ཡང་སྨྲ་བར་མི་བྱེད་དོ།། བདག་གི་བྲན་ལ་སོགས་པ་གཡོག་འཁོར་རྣམས་ལ་ཡོད་སྙན་པར་སྨྲ་ཞིང་ཕ་རོལ་གྱི་ཞེ་གཅོད་པ་མི་སྨྲ་ན་གཞན་དང་། ལྟ་ཡ་ཅི་སྨོས་སྟོན་ལ་དགའ་བ་ཡིན་ཏེ། གཞན་དག་གི་ཡང་དག་པའི ་བསྔགས་པ་བརྗོད་པར་བྱེད་དེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི ་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་གཞན་དག་གིས་གནོད་པ་བྱས་ཀྱང་རང་བཞིན་གྱིས་ཀུན་ནས་མནར་སེམས་སུ་མི་བྱེད་ལ། གནོད་པར་ཡང་མི་བྱེད་དོ།། གྲོས་བཏབ་ན་ཡང་མྱུར་དུ་ཉན་པོར་བྱེད་ལ ་ཞེ་ལ་མི་འཛིན་ཅིང་། ཡུན་རིང་དུ་མཁོན་དུ་འཛིན་པར་མི་བྱེད་དེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་བརྩོན ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་འབད་པ་དང་ལྡན་པ་ཡིན་ཏེ། ནང་པར་སྔར་ལྡང་ཞིང་རྨོངས་ཀར་ཉལ་བར་བྱེད་པ་དང་། གཉིད་ཀྱི་བདེ་བ་དང་། ཉལ ་བའི་བདེ་བ་དང་། ལོགས་ཀྱིས་འབབ་པའི་བདེ་བ་ཧ་ཅང་ཉམ་སུ་ལེན་པར་མི་བྱེད་པ་དང་། བྱ་བ་ཞིག་བྱུང་ན་དོན་དེ་འགྲུབ་པར་བྱ་བའི་ཕྱིར་བྱེད་མི་འདོད་པ་ཟིལ་གྱིས་མནན་ཏེ། ལེ་ལོ་ལ་སོ་སོར་བརྟགས་ནས་རྩོམས་པར་བྱེད་པ་དང་། བྱ་བ་ཐམས ་ཅད་རྩོལ་བ་ལ་ཡང་ངེས་པར་བརྟན་པ་ཡིན་ཏེ། མ་བྱས་སམ་མ་ཟིན་གྱི་བར་དུ། ཐམས་ཅད་ཀྱི་ཐམས་ཅད་དུ་བརྩོན་པ་མི་འདོར་ཞིང་། བར་མ་དོར་ཡང་སྒྱིད་ལུག་པར་མི་བྱེད་པ་དང་། དོན་གྱི་མཆོག་རྒྱ་ཆེན་པོ་དག་ལ་ཡང་སེམས་ཞུམ་པར་མི་བྱེད ་ཅིང་། བདག་ལ་ཁྱད་དུ་གསོད་པར་མི་བྱེད་པ་དང་། བདག་གིས་ནི་འདི་དག་རྟོགས་པར་ནུས་ཏེ། ཞོ་ཤ་དང་ལྡན་ནོ་སྙམ་དུ་སྤྲོ་བ་བསྐྱེད་པ་དང་། ཚོགས་པ་ཆེན་པོའི་ནང་དུ་འགྲོ་བ་འམ། གཞན་དག་དང་འགྱེད་པར་རམ། ཕྱིར་རྒོལ ་བ་འམ། དེ་ལས་གཞན་པའི་ལས་དཀའ་བདག་ལ་ཡང་བརྟན་པ་ཡིན་ཞིང་། དོན་དང་ལྡན་པའི་རྩོལ་བ་ཆེན་པོ་དག་ལ་ཡང་ཤས་ཆེར་སྐྱེ་བར་མི་བྱེད་ན། ཆུང་ངུ་དག་ལྟ་ལ་ཅི་སྨོས་ཏེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པརྡ་རིགས་ཀྱི་རྟགས་མིན་པར་རིག་པར་བྱའོ།། དེ་ལ་བྱུང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་དྲན་པ་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ན ་ཆོས་ཀྱི་དོན་ལ་ངེས་པར་སེམས་པ་ནི་རང་བཞིན་གྱིས་གཡེང་བ་མི་མང་བ་ཡིན་པ་དང་། དགོན་པ་ནགས་ཚལ་གྱི་གནས་པས་མཐའི་གནས་མལ་མི་རྣམས་ཀྱིས་དབེན་པར་གྱུར་པ་སྡིག་པའི་སྐྱེ་བོ་མེད་པ། ནང་དུ་ཡང་དག་འཇོག་དང་འཚམ ་པ་དག་མཐོང་ངམ་ཐོས་པ་ན། ཀྱེ་མ་མངོན་པར་འབྱུང་བ་དང་། བར་དུ་དབེན་པ་ནི་བདེའོ་ཞེས་མངོན་པར་འབྱུང་བ་དང་། རབ་ཏུ་དབེན་པ་ལ་ཤིན་ཏུ་སྤྲོ་བ་སྐྱེད་དོ།། རང་བཞིན་གྱིས་ཀྱང་ཉོན་མོངས་པ་ཤས་ཆུང་ཞིང་། སྒྲིབ་པ་ཤས་ཆུང་ལ ་གནས་ངན་ལེན་ཤས་ཆུང་བ་ཡིན།། དེ་རབ་ཏུ་དབེན་པ་ན་གནས་ཤིང་། རང་གི་དོན་ལ་ཡོངསུ་རྟོག་པ་ན། སྡིག་པ་ཅན་གྱི་རྟོག་པ་རུང་བ་མ་ཡིན་པ་དག་གིས་ཤིན་ཏུ་སེམས་འཁྲུག་པར་མི་འགྱུར་ཞིང་ཡོངསུ་བཟུང་ནས་མི་གནས་སོ།། མི ་འཛའ་བུའི་ཕྱོགས་ལ་ཡང་མྱུར་བ་མྱུར་བར་བྱམས་པའི་སེམས་ཉེ་བར་འཇོག་པར་བྱེད་ན། མཛའ་བོ་དང་ཐ་མལ་པའི་ཕྱོགས་ལྟ་ལ་ཅི་སྨོས། སེམས་ཅན་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བ་དག་མཐོང་ངམ་ཐོས་ན ་སྙིང་རྗེའི་ཆེན་པོའི་སེམས་སྐྱེད་དེ། སེམས་ཅན་དེ་དག་གི་སྡུག་བསྔལ་བསལ་བའི་ཕྱིར། ཅི་ནུས་ཅི་ལྕོགས་ཀྱིས་ཉམ་སུ་ལེན་པར་བྱེད་དོ།། རང་བཞིན་གྱིས་ཀྱང་སེམས་ཅན་རྣམས་ལ་ཕན་པར་འདོད་པ་དང་། བདེ་བར་འདོད་པ་ཡིན།། ་རྒུད་པར་གྱུར་པ་ཉེ་དུས་སྡུག་བསྔལ་བའམ། ལོངས་སྤྱོད་ཀྱིས་སྡུག་བསྔལ་བ་འམ། བསད་པ་འམ། བཅིངས་པ་འམ། སྐྱུག་པ་འམ། དེ་ལྟ་བུ་དང་མཐུན་པའི་རྒུད་པ་དག་ལ་ཡང་མི་དགའ་བ་མེད་པ་ཡིན། ཡིད་ཀྱང་གཞུངས་ཏེ། ཆོས་རྣམས ་བླངས་པ་དང་། བཟུང་བ་དང་། ཤིན་ཏུ་འཛིན་པར་ནུསོ།། དྲན་པའི་སྟོབས་དང་ལྡན་པ་ཡིན་ཏེ། དེས་བྱས་ནས་ཡུན་རིང་དུ་ལོན་པ་དང་། བཤད་ནས་ཡུན་རིང་དུ་ལོན་པ་ཡང་རྗེསུ་དྲན་ལ། གཞན་དག་ལ་ཡང་རྗེ་སུ་དྲན་པར་བྱེད་དོ།། དེ་ལྟར ་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་དག་ཡིན་ཏེ། འདི ་ལ་བྱང་ཆུབ་སེམས་དཔའ་ནི་རིག་པའི་གནས་ཞེས་བྱ་བ་ཐམས་ཅད་ལ་འཇུག་པར་བྱ་བའི་ཕྱིར་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་ཡིན། ཡིད་མི་རྟུལ་བ་ཡིན། བློ་མི་ཞན་པ་ཡིན། རྨོངས་པའི་རང་བཞིན་མ་ཡིན་ནོ།། བག་མེད ་པའི་གནས་དེ་དང་དེ་དག་སྤོང་བ་ལ་སོ་སོར་རྟོག་པའི་མཐུ་དང་ལྡན་པ་ཡིན་ཏེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་བྱང་ཆུབ ་སེམས་དཔའི་རིགས་ཀྱི་རྟགས་རགས་པ་དང་། རྗེསུ་དཔག་ཏུ་རུང་བ་ཡིན་པར་རིག་པར་བྱའོ།། ཡང་དག་པར་དོན་དུ་ངེས་པར་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཉིད་ཀྱིས་མངོན་སུམ་དུ་གཟིགས་པར་ཟད་དོ།། གང་གི་ཕྱིར་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་རིགས་དེ་ནི་རང་བཞིན་གྱིས་དེ་ལྟར་ཡོན་ཏན་དང་ལྡན་ཞིང་བཟང་ལ་དགེ་བ་དང་། དཀར་པོའི་ཆོས་དང་ལྡན་པ་དེའི་ཕྱིར་དེ་བཞིན་གཤེགས་པའི་གོ་འཕང་དེ་ཙམ་དུ་བསྐྱེད་པར་དགྱུའ་བ། གཙོ་བར་གྱུར་པ། ་བྱསས་ཀྱིས་མྱི་ཁྱབ་པ། མི་གཡོ་བ། བླན་མེད་པ་དེ་འཐོབ་པའི་རྒྱུར་རུང་གི། དྲི་མ་ཡིན་དུ་ཟིན་ནན་མི་རུང་ངོ་།། བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་གུར་པོའི་ཆོས་དང་མི་མཐུན་པ་ཉེ་བའི་ཉོན་མོངས་པ་བཞི་ལས། ཟད་པར་རམ། ཁ་ཅིས ་གིས་ཉེ་བའི་ཉོན་མོངས་པ་ཅན་དུ་མ་གྱུར་པ་དེ་སྲིད་དུ། རང་བཞིན་གྱི་འདི་ལྟར་དགེ་བའི་ཆོས་དེ་དག་དང་ལྡན་པར་འགྱུར་རོ།། གང་གི་ཚེ་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པ་དེའི་ཚེ། དེ་དཀར་པོའོ་ཆོས་འདི་དག་ལ་ཡང་མི་སྣང་ལ་ངན་སོང ་ངག་ཏུ་ཡང་སྐབས་འགའ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེཾ་ལ་ནི་ངན་སོང་དུ་སྐྱེས་ན་ཡང་། རིགས་ཀྱིས་བསྒྱུར་བས་དེ་ལས་གཞན་པའི་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་ལས་ཤས་ཆེར་ཁྱད་པར་འཕགས་པར་རིག་པར་བྱའོ།། འདི་ལ ་བྱང་ཆུབ་སེམས་དཔའ་ནི་ཡུན་རིང་མོ་ཞིག་ནས་བརྒྱ་ལམ་བརྒྱ་ལམ་ན་ངན་སོང་དུ་སྐྱེ་བར་ཟད་དེ། སྐྱེས་པར་གྱུར་ན་ཡང་ངན་སོང་དག་ནས་མྱུར་དུ་ཡོངསུ་ཐར་པར་འགྱུར་ལ། ཇི་ལྟར་སེམས་ཅན་གཞན་དག་ངན་སོང་དུ་སྐྱེས་པ་དེ་བཞིན་དུ་ངན་སོང ་དུ་སྡུག་བསྔལ་དྲག་པོ་ཚོར་བ་མྱོང་བར་མི་འགྱུར་ཏེ། སྡུག་བསྔལ་གྱི་ཚོར་བ་ཤིན་ཏུ་ཆུང་ངུ་དེས་རིག་ན་ཡང་ཤས་ཆེར་སྐྱོ་བ་སྐྱེས་པར་འགྱུར་རོ།། དེར་སྐྱེས་པའི་སེམས་ཅན་སྡུག་བསྔལ་དེ་དག་ལ་ཡང་འདི་ལྟར་སངས་རྒྱས་ཀྱི་སྙིང་རྗེ་ཆེན ་6་བྱུ་5། མས་སྐྱེ་བྱར་དྡྷ་། ན་པདག་ཧཱ། བྱུང་སེམས་འདུན་སོང་སྒྱུས་ཅན་ད་ལ་ས་གཞན་པ་སེམས་ཅན་ངན་སྟོང་དུ་བྱས་པ་རྣམས་ལས་ད་པར་དུ་མ། ་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་དཀར་པོའི་ཆོས་དང་མོ་མཐུན་པའི་ཉེ་བའི་ཉོན་མོངས་པ་བཞི་པོ་དེ་དག་གང་ཞེ་ན། སྔོན་བག་མེད་པར་གྱུར་ཅིང་། ཉོན་མོངས་པ་ལ་གོམས་པས་ཉོན་མོངས་པ་དྲག་པོ་དང་། ཉོན་མོངས ་པ་ཡུན་རིང་པོ་འདི་ནི་ཉེ་བའི་ཉོན་མོངས་པ་དང་པོའོ།། བླུན་ཞིང་མི་མཁས་ལ་སྡིག་པའི་གྲོགས་པོ་ལ་བརྟེན་པ་འདི་ནི་ཉེ་བའི་ཉོན་མོངས་པ་གཉིས་པའོ།། བླ་མ་དང་། རྗེ་བོ་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། ཕྱིར་རྒོལ་བ ་སོགས་པས་ནན་གྱིས་མནན་ཏེ། བདག་ལ་དབང་མེད་པ་དང་། སེམས་ཀྱི་འཁྲུལ་པ་འདི་ནི་ཉེ་བའི་ཉོན་མོངས་པ་གསུམ་པའོ།། ཡོ་བྱད་མེད་ཅིང་འཚོ་བ་ལ་ལྟ་བ་འདི་ནི་ཉེ་བའི་ཉོན་མོངས་པ་བཞི་པའོ།། བྱང་ཆུབ་སེམས་དཔའི་རིགས ་དང་ལྡན་པ་ཡང་རྒྱུ་བཞིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ།། བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དང་པོ་ཉིད་ནས་ཀྱང་དགེ་བའི་བཤེས་གཉེན་སངས་རྒྱས་བྱང་ཆུབ ་སེམས་དཔའ་བྱང་ཆུབ་ཀྱི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པ་དང་མ་ཕྲད་པ་འདི་ནི་རྒྱུ་དང་པོའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་ཕྲད་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་ཕྱིན་ཅི་ལོག་ཏུ ་འཛིན་ཅིང་། ཕྱིན་ཅི་ལོག་ཏུ་སློབ་པ་འདི་ནི་རྒྱུ་གཉིས་པའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བླ་ཤེས་གཉེན་དང་ཡང་ཕྲད་ལ། བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་ཕྱིན་ཅི་ལོག་ཏུ་མི་སློབ་ཏུ། ་ཟིན་ཀྱང་། སྦྱོར་བ་དེ་ལ་སྦྱོར་བ་གཡེལ་ཞིང་ལེ་ལོ་བྱེད་པ་ཡིན་ཏེ། ཤས་ཆེར་རྒྱུན་དུ་བརྩོན་པ་དང་མི་ལྡན་པ་འདི་ནི་རྒྱུ་གསུམ་པའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་ཡང་ཕྲད་ལ་བྱང་ཆུབ་སེམས་དཔའི ་བསླབ་པ་དག་ལ་ཡང་ཕྱིན་ཙ་མ་ལོག་པར་སློབ་ཅིང་། སྦྱོར་བ་དེ་ལ་བརྩོན་འགྲུས་བརྩམ་སུ་ཟིན་ཀྱང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡུན་རིང་དུ་ཉམས་འོག་ཏུ་ཆུད་པར་མ་བྱས་པས་དབང་པོ་ཡོངསུ་མ་སྨིན་པ་དང་། བྱང་ཆུབ་ཀྱི ་ཚོགས་ཡོངསསུ་རྫོགས་པ་འདི་ནི་རྒྱུ་བཞི་པ་སྟེ། རིགས་ཡོད་དུ་ཟིན་ཀྱང་རྒྱུ་འདི་དག་དང་ལྡན་པའི་ཕྱིར་བྱང་ཆུབ་མི་ཐོབ་ལ། མི་ལྡན་ན་ནི་ཐོབ་པར་འགྱུར་རོ།། རིགས་མེད་ན་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་བྱང ་ཆུབ་ཐོབ་པར་མི་འགྱུར་བ་ཁོ་ནར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གཽནས་ལས་རིགས་ཀྱི་ལེའུ་སྟེ་དང་པོའོ།། ། ་འདི་ལ་བྱང་ཆུབ་སེམས་དཔའི་དང་པོའི་སེམས་བསྐྱེད་པོ་ནི་བྱང་ཆུབ་སེམས་དཔའི་ཡང་དགེ་པའི་སྨོན་ལམ་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་སྨོན་ལམ་གྱི་དང་པོ་ནི་ཏེ། དེ་ལས་གཞན་པའི་ཡང་དག་པའི་སྨོན་ལམ་རྣམས་སྤྱད་པ་ཡིན་ནོ།། ། ་དེ་ལྟ་བས་ན་དེ་ནི་ཡང་དག་པའི་སྨོན་ལམ་དང་པོའི་ངོ་བོ་ཉིད་ཡིན་ནོ།། བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཏུ་སེམས་ཀྱིས་སྨོན་ལམ་འདེབས་པ་ན། འདི་ལྟར་སེམས་མངོན་པར་འདུ་བྱེད་ཅིང་། ཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། ཀྱེ་མ་བདག་བླ་ན་མེད ་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱི་དོན་ཡང་བྱེད་ཅིང་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འགོད་པར་གྱུར་ཅིག་ཅེས་དེ་དེ་ལྟར་བདག་གི ་བྱང་ཆུབ་དང་སེམས་ཅན་གྱི་དོན་སྒྲུབ་པ་ན། སེམས་བསྐྱེད་པར་བྱེད་དོ།། དེ་ལྟོ་བས་ན་སེམས་བསྐྱེད་པ་ནི་སྒྲུབ་པོའི་རྣམ་པ་ཡིན་ནོ།། སེམས་བསྐྱེད་པ་དེ་ཡང་བྱང་ཆུབ་དེ་དང་། སེམས་ཅན་གྱི་དོན་ལ་དམིགས་ནས་སྒྲུབ་པར ་ཁྱོད་ཀྱི། དམིགས་པ་མེད་པར་ནི་མ་ཡིན་ཏེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་ལ་དམིགས་པ་དང་། སེམས་ཅན་གྱི་དོན་ལ་དམིགས་པ་ཡིན་ནོ།། སེམས་བསྐྱེད་པ་དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བའི་རྩ་བ་ཐམས། ་ཙོད་སྡུད་པའི་ཐོག་མར་འགྲོ་བའི་ཕྱིར། དགེ་བ་དང་། མཆོག་ཏུ་དགེ་བ་དང་། བཟང་བ་དང་། མཆོག་ཏུ་བཟང་བ་དང་། ལེགས་པ་དང་། མཆོག་ཏུ་ལེགས་པའི་ཡོན་ཏན་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ལ་བརྟེན ་པའི་ལུས་དང་། ངག་དང་། ཡིད་ཀྱི་ཉེས་པ་སྤྱོད་པ་དང་མི་མཐུན་པ་ཡིན་ནོ།། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་དང་པོ་སེམས་བསྐྱེད་པ་དེ་ནི་དེ་ལས་གཞན་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དོན་དག་ལ་ཡང་དག་པའི ་སྨོན་ལམ་དགེ་བ་དེ་དག་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་སྨོན་ལམ་གྱི་མཆོག་བླ་ན་མེད་པ་ཡིན་ནོ།། དེ་ལྟར་ན་དང་པོ་སེམས་བསྐྱེད་པ་དེ་ནི་ངོ་བ་ཉིད་ལས་ཀྱང་རིག་པར་བྱ། རྣམ་པ་དང་། དམིགས་པ་དང་།། ་ཡོན་ཏན་དང་། ཁྱད་པར་དུ་འཕགས་པ་ལས་ཀྱང་མཚན་ཉིད་ལྔར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་ནི་སེམས་དེ་བསྐྱེད་མ་ཐག་ཏུ་བླ་ན་མེད་པའི་བྱང་ཆུབོ་ཐེག་པ་ཆེན་པོ་ལ་ཞུགས་པ་དང་། འདི་ལྟ་སྟེ། བརྡ་དང་། ཐ་སྙད་ཀྱི་ཚུལ ་གྱིས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངསུ་འགྲོ་བ་ཡང་ཡིན་ཏེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་འཇུག་པར་བསྡུས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སེམས་དེ་བསྐྱེད་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་འཆིང་རྒྱ་བར་འགྱུར་གྱི། མ་བསྐྱེད་པར་ནི་མ་ཡིན་ཏེ། དེ་ལྟ་བས་ན་སེམས་བསྐྱེད་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག ་བསྔལ་རྣམས་ལ་སྙིང་རྗེ་དང་ལྡན་ཞིང་། ཡོངསུ་བསྒྲུབ་པར་སེམས་པ་ཡང་སེམས་དེ་བསྐྱེད་པར་བྱེད་དེ། དེ་ལྟོ་བས་ན་སེམས་བསྐྱེད་པ་དེ་ནི་སྙིང་རྗེའི་རྒྱུ་མཐུན་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ནི་སེམས་བསྐྱེད་པ་དེ་ལ་རྟེན་ཅིང ་གནས་ནས། བྱང་ཆུབ་སེམས་དཔའི་འསྲབ་པ་ཀྱི་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སེམས་ཅན་གྱི་ངོན་བྱ་དག་ལ་སྦྱོར་བར་བྱེད་དེ། དེ་ལྟ་བས་ནི་སེམས་བསྐྱེད་པ་དོན་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ཀྱི་རྟེན་ཡིན ་དེ་ལྟར་དྲང་པོ་སེམས་བསྐྱེད་པ་དེ་ནི་བསྡུ་བ་དང་། རྩ་བ་དང་། རྒྱུ་མཐུན་པ་དང་། རྟེན་དུ་གྱུར་པ་ལས་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་དང་པོ་སེམས་བསྐྱེད་པ་དེ་ཡང་མདོར་ན་རྣམ་པ་གཉིས་ཏེ། ངེས་པར་འབྱིན་པ་དང་། ངེས ་པར་འབྱིན་པ་མ་ཡིན་པོའོ།། དེས་ངེས་པར་འབྱིན་པ་ནི་གང་སྐྱེས་ནས་གཏན་དུ་འཇུག་ལ་ཕྱིར་ལྡོག་པར་མི་འགྱུར་བའོ།། ངེས་པར་འབྱིན་པ་མ་ཡིན་པ་ནི་གང་སྐྱེས་ནས་གཏན་དུ་མི་འཇུག་ལ་ཕྱིར་ལྡོག་པར་འགྱུར་བའོ།། སེམས་བསྐྱེད ་པ་དེའི་ལྡོག་པ་ལ་ཡང་རྣམ་པ་གཉིས་ཏེ། གཏན་དུ་བ་དང་། གཏན་དུ་བ་མ་ཡིན་པའོ།། དེ་ལ་གཏན་དུ་བ་ནི་འདི་ལྟར་སེམས་ལན་ཅིག་ལོག་ནས་ཕྱིས་བྱང་ཆུབ་ཀྱི་ཕྱིར་མི་སྐྱེ་བའོ།། གཏན་དུ་བ་མ་ཡིན་པ་ནི་འདི་ལྟར་སེམས་ལོག ་ཀྱང་བྱང་ཆུབ་ཀྱི་ཕྱིར་ཡང་དང་ཡང་སྐྱེ་བར་འགྱུར་བའོ།། སེམས་སྐྱེ་བ་དེ་ཡང་རྐྱེན་བཞི་དང་། རྒྱུ་བཞི་དང་། སྟོབས་བཞིས་སྐྱེ་བར་རིག་པར་བྱའོ།། དེ་ལ་རྐྱེན་བཞི་གང་ཞེ་ན། འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས ་པ་འམ། བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་དང་། མཐུ་བསམ་གྱིས་མི་ཁྱབ་པ་དང་། རྨད་དུ་བྱུང་བ་མཐོང་ངམ། ཡིད་བརྟན་པ་ལས་ཐོས་ཀྱང་རུང་སྟེ། དེས་མཐོང་ངམ་ཐོས་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་གང་ལ་གནས་པར ་འགྱུར་བ་འམ། ཞུགས་པར་གྱུར་པའི་མཐུ་དེ་ལྟ་བུ་དེ་དང་། ཆོ་འཕྲུལ་དེ་ལྟ་བུ་དེ་མཐོང་བ་དང་ཐོས་པའི་བྱང་ཆུབ་དེ་ནི་མཐུ་ཆེ་བ་ཡིན་ནོ་སྙམ་ནས། དེ་མཐུ་མཐོང་བ་དང་ཐོས་པ་ཉིད་ཀྱི་དབང་དུ་བྱས་ཏེ། བྱང་ཆུབ་ཆེན་པོར་མོས་ཤིང ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་དང་པོའོ།། དེ་མཐོང་བ་འམ་ཐོས་པ་མེད་དུ་ཟིན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། བྱང་ཆུབ་ཀྱི་སྡེ་སྣོད ་སྟོན་པ་ན་དམ་པའི་ཆོས་ཉན་པར་བྱེད་དོ།། མཉན་ནས་ཀྱང་མངོན་པར་དད་པར་བྱེད་དོ།། མངོན་པར་དད་ནས་ཀྱང་དམ་པའི་ཆོས་ཐོས་པའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མོས་ཤིང་། དེ་བཞིན་གཤེགམ། ་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། སེམས་བསྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་གཉིས་པའོ།། དེས་ཆོས་མ་ཐོ་སུ་ཟིན་ཀྱང་བྱང་ཆུབ་སེམས་དཔའི་དམ་པའི་ཆོས་ནུབ་ཏུ་ཆེ་བར་ཉེ་བར་གྱུར་པ་དག་མཐོང་ངོ་།། མཐོང་ནས་ཀྱང ་ཡང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའི་དམ་པའི་ཆོས་གནས་པ་ནི་སེམས་ཅན་དཔག་ཏུ་མེད་པ་དག་གི་སྡུག་བསྔལ་སེལ་བར་བྱེད་པ་ཡིན་གྱིས། བདག་གིས་འདི་ལྟ་སྟེ། སེམས་ཅན་འདི་དག་ཉིད་ཀྱི་སྡུག ་བསྔལ་བའི་ཕྱིར། བྱང་ཆུབ་སེམས་དཔོའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་སེམས་བསྐྱེད་པར་བྱ་གོར་མ་ཆག་སྙམྱ་ནས། དེ་དམ་པའི་ཆོས་གཟུང་བ་ཉིད་ཀྱི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མོས་ཤིང་། ་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། སེམས་བསྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བོའི་རྐྱེན་གསུམ་པའོ།། དེས་དམ་པའི་ཆོས་ནུབ་ཏུ་ཉེ་བར་གྱུར་པ་མ་མཐོང་དུ་ཟིན་ཀྱང་། དུས་ཀྱི་ཐ་མ་དུས་ཀྱི་འཇུག་ཏུ་བབ་པའི་ཚེ། ་དུས་ངན་པའི་སེམས་ཅན་རྣམས་ཀྱི་ལུས་འདི་ལྟར་ཉེ་བའི་ཉོན་མོངས་པ་བཅུ་པོ་འདི་ལྟ་སྟེ། གཏི་མུག་ཤས་ཆེ་བ་དང་། ངོ་ཚ་མེད་ཅིང་ཁྲེལ་མེད་པ་ཤས་ཆེ་བ་དང་། ཕྲག་དོག་དང་སེར་སྣ་ཤས་ཆེ་བ་དང་། སྡུག་བསྔལ་ཤས་ཆེ་བ་དང་། ་གན་ངན་ལེན་ཤས་ཆེ་བ་དང་། ཉོན་མོངས་པ་ཤས་ཆེ་བ་དང་། ཉེས་པར་སྤྱོད་པ་ཤས་ཆེ་བ་དང་། བག་མེད་པ་ཤས་ཆེ་བ་དང་། ལེ་ལོ་ཤས་ཆེ་བ་དང་། མ་དད་པ་ཤས་ཆེ་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པ་མཐོང་ངོ་།། མཐོང ་ནས་ཀྱང་ཡང་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སྙིགས་མའི་དུས་ཆེན་པོ་དེ་ནི་བྱུང་གིས་ཡད་དོ།། ཉེ་བའི་ཉོན་མོངས་པ་ཅན་གྱི་དུས་འདིའི་སྐབསུ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དམན་པ་ལ་སེམས་བསྐྱེད་པ་ཡང་རྙེད་པར་སླ་བ་མ ་ཡིན་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྟ་ཅི་སྨོས་ཏེ། རེ་ཞིག་བདག་གིས་སེམས་བསྐྱེད་དང་། དེ་དག་ཀྱང་འདི་ལྟར་བདག་གིས་རྗེསུ་སློབ་ཅིང་། གཞན་དག་གིས་ཀྱང་སེམས་བསྐྱེད་པར་འགྱུརོ་སྙམ་ནས། ་དེས་དུས་ཀྱི་ཐ་མའོ་ཚེ། སེམས་བསྐྱེད་པ་རྙེད་པར་དཀའ་བོའི་དབང་དུ་བྱས་ཏེ། བྱང་ཆུབ་ཆེན་པོ་ལ་མོས་ཤིང་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བྱེད་འཛི་ནི་སེམས་བསྐྱེད་པའི་རྐྱེན་བཞི་པའོ།། དེ་ལ་རྒྱུ་བཞི་གང་ཞེ་ན། རིགས ་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམ་པའི་སེམ་སྐྱེ་བའི་རྒྱུ་དང་པོའོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངསུ་ཟིན་པ་ནི་བྱང་ཆུབ་སེམྦ་དཔའི་ས་སྐྱེ་བའི་རྒྱུ་གཉིས་པའོ།། སེམས་ཅན་རྣམས་ལ་སྙིང་རྗེ་བ་ནི་བྱང ་ཆུབ་སེམས་དཔའ་སེམས་སྐྱེ་བའི་རྒྱུ་གསུམ་པའོ།། འཁོར་བའི་སྡུག་བསྔལ་དང་། དཀའ་བ་སྤྱད་པའི་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་པ་དྲག་པ་བར་ཆད་མེད་པས་ཀྱང་མི་འཇིགས་པ་དེ་ནི་བྱང་ཆུབ་སེམས་དཔའི ་སེམས་སྐྱེ་བའི་རྒྱུ་བཞི་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་རིགས་ཕུན་སུམ་ཚོགས་པ་ནི། ཆོས་ཉིད་ཀྱིས་ཐོབ་པ་ཉིད་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་བཤེས་གཉེན་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ་འདི་ལ་བྱང་ཆུབ་སེམས་དཔའི་བཤེས་གཉེན་ནི་ཐོག་མ་ནས་ཀྱང་། བླུན་པོ་མ་ཡིན་ཞིང་། ཡིད་བརྟུལ་བའི་རང་བཞིན་ཅན་མ་ཡིན་ཏེ། མཁས་ཤིང་མཛངས་ལ་ལྟ་བ་ངན་པ་ལ་ཞུགས་པ་ཡང་མ་ཡིན་པ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ ་དང་པོའོ།། བག་མེད་པ་ལ་ཡང་དེ་འཇུག་པར་མི་བྱེད་ལ། བག་མེད་པའི་གནས་ཀྱང་དེ་ལ་སྒྲུབ་པར་མི་བྱེད་པ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ་གཉིས་པའོ།། ཉེས་པར་སྤྱོད་པ་ལ་ཡང་དེ་འཇུག་པར་མི་བྱེད་ལ་ཉེས་པར་སྤྱོད་པའི ་གནས་ཀྱང་དེ་ལ་སྒྲུབ་པར་མི་བྱེད་པ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ་གསུམ་པའོ།། དེ་དད་པ་དང་། འདུན་པ་དང་། ཡང་དག་པར་བླང་བ་དང་། བརྩོན་འགྲུས་དང་། ཐབས་ཀྱི་སྟོན་ཆེས་ཁྱད་པར་འཕགས་པ་དག་ལས ་འདུན་པ་བཟློག་ལ། དད་པ་དང་། འདུན་པ་དང་། ཡང་དག་པར་བླང་བ་དང་། བརྩོན་འགྲུས་དང་། ཐབས་ཀྱི་ཡོན་ཏན་ཆེས་དམན་པ་དག་ལ་འཇུག་པར་མི་བྱེད་དེ། འདི་ལྟ་སྟེ། ཐེག་པ་ཆེན་པོ་ལས་འདུན་པ་བཟློག་ལ། ཉན་ཐོས་ཀྱི་ཐེག ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་འཇུག་པར་མི་བྱེད་པ་དང་། བསྒོམས་པ་ལས་བྱུང་བ་ལས་འདུན་པ་བཟློག་ལ། བསམ་པ་ལས་བྱུང་བ་ལས་འཇུག་པ་འམ། བསམས་པ་ལས་བྱུང་བ་ལས་འདུན་པ་བཟློག་ལ། ཐོས་པ་ལས་བྱུང་བ་ལ ་འཇུག་པར་བྱེད་པ་འམ། ཐོས་པ་ལས་བྱུང་བ་ལས་འདུན་པ་བཟློག་ལ། ཞལ་ཏ་བྱེད་པ་ལ་འཇུག་པར་བྱེད་པ་འམ། ཚུལ་ཁྲིམས་ལས་བྱུང་བ་ལས་འདུན་པ་བཟློག་ལ། སྦྱིན་པ་ལས་བྱུང་བ་ལ་འཇུག་པ་འམ། དེ་ལྟར་འདི་ལྟ་བུ་དང་མཐུན་པའི་ཡོན ་ཏན་ཆེས་ཁྱད་པར་དུ་འཕགས་པ་དག་ལས་འདུན་པ་བཟློག་ལ། འདི་ལྟ་བུ་དང་མཐུན་པའི་ཡོན་ཏན་ཆེས་དམན་པ་དག་འཛིན་དུ་འཇུག་པར་མི་བྱེད་པ་འདི་ནི་བཤེས་གཉེན་ཕུན་སུམ་ཚོགས་པ་བཞི་པའོ།། བྱང་ཆུབ་སེམས་དཔའ་ནི་རྒྱུ་རྣམ་པ ་བཞིས་ན། སེམས་ཅན་རྣམས་ལ་སྙིང་རྗེ་བའི་ཤས་ཆེ་བ་ཡིན་ཏེ། ཕྱོགས་བཅུའི་སྦྱིན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་འཇིག་རྟེན་གྱི་ཁམས་གང་ན་སྡུག་བསྔལ་མེད་པ་དེ་ལྟ་བུ་དག་ཀྱང་ཡོད་ན། བྱང་ཆུབ་སེམས་དཔའ ་དེ་ནི་གང་ན་སྡུག་བསྔལ་ཡོད་ཅིང་སྡུག་བསྔལ་དང་བཅས་པའི་ཁམསུ་སྐྱེ་བར་བྱེད་ཀྱི། སྡུག་བསྔལ་མེད་པར་ནི་མ་ཡིན་ཏེ། གཞན་སྡུག་བསྔལ་ཅི་ཡང་རུང་བས་ཐིབས་ཤིང་གནོད་པར་གྱུར་ཏེ། ནོན་པ་ཐ་མར་མཐོང་བ་དང་། བདག ་ཀྱང་སྡུག་བསྔལ་ཅི་ཡང་རུང་བས་ཐེབས་ཤིང་གནོད་པར་གྱུར་ཏེ་ནོན་པ་མཐོང་པོ་དང་། གཞོན་ནམ་བདག་གམ་གཉིས་ཀ་ཡང་རུང་སྟེ། སྡུག་བསྔལ་ཡུན་རིང་བ་རྣམ་པ་སྣ་ཚོགས་པ་དྲག་པོ་བར་ཆད་མེད་པས་ཐེབས་ཤིང་གནོད་པར ་འགྱུར་ཏེ། ནོན་པ་མཐོང་ན་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་རང་གི་རིགས་ལ་བརྟེན་ཅིང་། རང་བཞིན་གྱིས་དགེ་བས་ན་གོམས་པ་མེད་པར་ཡང་དམིགས་པ་རྟེན་བཞི་པོ་འདི་དག་གིས་སྙིང་རྗེ་ཆུང་ངུ་དང་། འབྲིང ་པོ་དང་། ཆེན་པོ་སྐྱེ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་ཡང་དག་པར་མངོན་དུ་བཏང་ནས་རྒྱུ་བཞི་པོ་འདི་དག་གིས་འཁོར་བའི་སྡུག་བསྔལ་ཡུན་རིང་བ་རྣམ་པ་སྣ་ཚོགས་པ་དྲག་པོ་བར་ཆད་མེད་པས་ཀྱང་མི་འཇིགས། ་ཤིང་མི་སྐྲག་ན་ཆུང་ངུས་ལྟ་ཅི་སྨོས་ཏེ། རང་བཞིན་གྱིས་སྙིང་སྟོབས་ཆེ་ཞིང་བརྟེན་པ་དང་ལྡན་པ་ཡིན་ཏེ། འདི་ནི་རྒྱུ་དང་པོའོ།། མཁས་པ་དང་། ཡང་དག་པར་སེམས་དཔའི་ངང་ཚུལ་ཅན་དང་། སོ་སོར་རྟོག་པའི་སྟོབས་དང་ལྡན་པ་ཡིན་ཏེ། ་འདི་ནི་རྒྱུ་གཉིས་པའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མོས་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། འདི་ནི་རྒྱུ་གསུམ་པའོ།། སེམས་ཅན་རྣམས་ལ་ཡང་ཆེར་སྙིང་རྗེ་བ་དང་ལྡན་པ་ཡིན་ཏེ། འདི་ནི་རྒྱུ་བཞི་པའོ།། སྟོབས་བཞི་གང ་ཞེ་ན། རང་གི་སྟོབས་དང་། གཞན་གྱི་སྟོབས་དང་། རྒྱུའི་སྟོབས་དང་། སྦྱོར་བའི་སྟོབསོ།། དེ་ལ་རང་གི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པར་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་སེམས་སྐྱེ་བའི ་རང་གི་སྟོབས་ཞེས་བྱའོ།། གཞན་གྱི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་སྐྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་གཞན་གྱི་སྟོབས་ཞེས་བྱའོ།། སྔོན་ཐེག་པ་ཆེན་པོ་དང་ལྗོན་པོའི་དགེ་བའི་ཆོས་ལ ་གོམས་པས་ད་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་ཙམ་མམ། དེ་དག་གི་བསྔགས་པ་ཐོས་པ་ཙམ་གྱིས་ཀྱང་མྱུར་དུ་སེམས་སྐྱེ་བར་འགྱུར་ན། དམ་པའི་ཆོས་ཐོས་པ་འམ། མཐུ་མཐོང་བས་ལྟ་ཅི་སྨོས་ཏེ། དེ་ནི་བྱང་ཆུབ་སེམ་སྟེ།། ་དཔའི་སེམས་སྐྱེ་བའི་རྒྱུའི་སྟོབས་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་མཉོན་པ་དང་། སེམས་པ་ལ་སོགས་པ་དགེ་བའི་ཆོས་ཡུན་རིང་དུ་གོམས་པར་བྱས་པ་གང་ཡིན་པ་དེ ་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་སྦྱོར་བའི་སྟོབས་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྐྱེན་བཞི་དང་། རྒྱུ་བཞི་པོ་དག་ཚོགས་པ་འམ། སོ་སོ་ལ་བརྟེན་ནས་གལ་ཏེ་སྟོབས་གཉིས་པོ་ནང་གི་སྟོབས་དང་། རྒྱུའི་སྟོབས་འདི་གཉིས ་ཚོགས་པ་འམ། སོ་སོ་ལས་སེམས་དེ་སྐྱེས་ན་ནི་དེས་ན་དེ་བརྟན་པ་དང་། སྙིང་པོར་གྱུར་པ་དང་། མི་གཡོ་བར་འགྱུར་རོ།། གཞན་གྱི་སྟོབས་དང་། སྦྱོར་བའི་སྟོབས་གཉིས་ལས་སྐྱེས་པའི་སེམས་དེ་མི་བརྟན་པར་རིག་པར་བྱའོ།། ་བྱང་ཆུབ་སེམས་དཔའ་སེམས་ལྡོག་པའི་རྒྱུ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། རིགས་དང་མི་ལྡན་པ་ཡིན། སྡིག་པའི་གྲོགས་པོས་ཡོངསུ་ཟིན་པ་ཡིན། སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་བ་ཡིན། འཁོར་བའི་སྡུག་བསྔལ་ཡུན ་རིང་པོ་རྣམ་པ་སྣ་ཚོགས་པ་དྲག་པོ་བར་ཆད་མེད་པས་འཇིགས་ཏེ། ཤིན་ཏུ་འཇིགས་ཤིང་སྐྲག་ལ་དངངས་པར་འགྱུར་བ་ཡིན་ཏེ། སེམས་ལྡོག་པར་འགྱུར་བའི་རྒྱུ་བཞི་པོ་འདི་དག་ནི་སེམས་སྐྱེ་བའི་རྒྱུ་བཞི་པོ་འདི་དག་བཟློག་པ་ལས་སྔ་མ་བཞིན ་དུ་རྒྱས་པར་རིག་པར་བྱའོ།། འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱོད་པ་བརྟན་པའི་ངོ་མཚོར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དང་ཐུན་མོང་མ་ཡིན་པ་སྟེ། གཉིས་གང་ཞེ་ན། སེམས་ཅན་ཐམས་ཅད ་ཆུང་མའི་ཚུལ་དུ་ཡོངསུ་འཛིན་པ་དང་། ཆུང་མ་ཡོངསུ་འཛིན་པའི་ཉེས་པས་ཀྱང་གོས་པ་འགྱུར་བ་མ་ཡིན་ནོ།། དེ་ལ་ཆུང་མ་ཡོངསུ་འཛིན་པའི་ཉེས་པ་ནི་འདི་ཡིན་ཏེ། ཆུང་མ་ལ་ཕན་འདོགས་པ་དང་། གནོད་པ་བྱེད་པ་ལས་མཐུན་པ་དང་། ་མི་མཐུན་པས་ཉོན་མོངས་པ་ཅན་དུ་འགྱུར་བ་སྟེ། དེ་གཉིས་ནི་བྱང་ཆུབ་སེམས་དཔའ་ལ་མེད་དོ།། འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བརྟན་པའི་སེམས་ཅན་རྣམས་ལ་ལྷག་པའི་བསྡམ་པ་བཟང་པོ་འཇུག་པར་འགྱུར ་བ་ཡིན་ཏེ། གཉིས་གང་ཞེ་ན། ཕན་པ་བྱ་བའི་ལྷག་པའི་བསམ་པ་དང་། བདེ་བ་བྱ་བའི་ལྷག་པའི་བསམ་པའོ།། དེ་ལ་ཕན་པར་བྱ་བའི་ལྷག་པའི་བསམ་པ་ནི་མི་དགེ་བའི་གནས་ནས་བཏོན་ནས། དགེ་བའི་གནསུ་འགོད་པར་འདོད་པ ་གང་ཡིན་པའོ།། བདེ་བར་བྱ་བའི་ལྷག་པའི་བསམ་པ་ནི་སེམས་ཅན་འཕོངས་པ་དང་། མགོན་མེད་པ་དང་། རྟེན་མེད་པ་རྣམས་ལ་ཉོན་མོངས་པ་ཅན་སྤངས་ཏེ། ཕན་པའི་དངོས་པོ་སྒྲུབ་པར་འདོད་པ་གང་ཡིན་པའོ།། འདི་གཉིས་ནི་བྱང་ཆུབ ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བསྟན་པའི་སྦྱོར་བ་ཡིན་ཏེ། ལྷག་པའི་བསམ་པའི་སྦྱོར་བ་དང་། སྒྲུབ་པའི་སྦྱོར་བའོ།། དེ་ལ་ལྷག་པའི་སྦྱོར་བ་ནི་ཕན་པ་བྱ་བ་དང་། བདེ་བ་བྱ་བའི་ལྷག་པའི་བསམ་པ་དེ་ཉིད་ཉིན་གཅིག་བཞིན་དུ་ཡང ་དག་པར་སྤེལ་བའོ།། སྒྲུབ་པའི་སྦྱོར་བ་ནི་ཉིན་ཅིག་བཞིན་དུ་བདག་གོས་སངས་རྒྱས་ཀྱིས་ཆོས་ཡོངསུ་སྨོན་པར་བྱེད་པའི་སྦྱོར་བ་དང་། ལྷག་པའི་བསམ་པའི་སྦྱོར་བ་ཉིད་ལ་བརྩོན་ནས་ཅོ་ནུས་ཙོ་ལྕོགས་ཀྱིས་སེམས་ཅན་རྣམས་ལ་ཕན་པ་དང་། ་བདེ་བ་སྒྲུབ་པའི་སྦྱོར་བའོ།། འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་བརྟན་པའི་དགེ་བའི་ཆོས་ཆེན་པོ་འདུ་བའི་སྒོ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་པའི་ཕྱིར་བདག་གི་དོན་ལ ་སྦྱོར་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བསྔལ་བའི་ཕྱིར་གཞན་གྱི་དོན་ལ་སྦྱར་བར་རོ།། འདུ་བའི་སྒོ་གཉིས་ཇི་ལྟ་བ་བཞིན་དུ་དགེ་བའི་ཆོས་ཀྱི་ཚོགས་ཆེན་པོ་གཉིས་དང་། དགེ་བའི་ཆོས་ཀྱི་ཕུང་པོ་དཔག་ཏུ ་མེད་པ་གཉིས་ཀྱང་དེ་བཞིན་དུ་སྦྱར་རོ།། འདི་གཉིས་ནི་བྱང་ཆུབ་སེདེའ་དང་པོ་སེམས་བསྐྱེད་པ་བརྟན་པའི་སེམས་བསྐྱེད་པ་ནཱ་བཟུང་སྟེ། བྱང་ཆུབ་ཀྱི་ཕྱིར་དགེ་བའི་ཡོངསསུ་འཛིན་པ་ནི་དེ་ལས་གཞན་པའི་དགེ་བ་ཡོངསུ་འཛིན་པ་ལས་ཁྱད་པར་དུ ་འཕགས་པ་ཡིན་ཏེ། རྒྱུ་ཁྱད་པར་དུ་འཕགས་པ་དང་། འབྲས་བུ་ཁྱད་པར་དུ་འཕགས་པའོ།། བྱང་ཆུབ་སེམས་དཔའི་དག་པོ་ཡོངསུ་འཛིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ། དེ་ཡང་དེའི་འབྲས་བུ་ཡིནོ།། ་དེ་ལས་གཞན་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བ་ཡོང་སུ་འཛིན་པ་ཡང་དེ་ལྟ་མ་ཡིན་ན། དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱི་ལྟ་ཅི་སྨོས། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཡོངསུ་འཛིན་པ་ནི་དེ་ལསྟེ།། ་གཞན་པའི་དགེ་བ་ཡོངསུ་འཛིན་པ་ཐམས་ཅད་ལས་རྒྱུ་དང་འབྲས་བུའི་ངོ་བོས་ཁྱད་པར་དུ་འཕགས་པ་ཡིནོ།། འདི་གཉིས་ནི་བྱང་ཆུབ་སེམས་དཔའི་དང་པོའི་སེམས་བསྐྱེད་པ་བརྟན་པའི་སེམས་བསྐྱེད་པའི་ཕན་ཡོན ་ཡིན་ཏེ། སེམས་བསྐྱེད་མ་ཐག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཡོན་གནསུ་གྱུར་པ་དང་། བླ་མར་གྱུར་པ་དང་། བསོད་ནམས་ཀྱི་ཞིང་དང་། སྐྱེ་དགུ་རྣམས་ཀྱི་ཕ་དང་འདྲ་བར་གྱུར་པ་དང་། གནོད་པ་མེད་པའི་བསོད་ནམས་ཡོངསུ ་འཛིན་པར་བྱེད་དོ།། དེ་ལས་གནོད་པ་མེད་པའི་བསོད་ནམས་ནི་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བ་ཀུན་ནས་བསྲུང་བའི་ཉིས་འགྱུར་གྱིས་བསྲུང་བ་ཡིན་ཏེ། ཀུན་ནས་བསྲུང་བ་དེ་དག་དེ་ལ་རྟག་ཏུ་ཉེ་བར་གནས་པས། གཉིད་ལོགས ་གམ། མྱོས་པར་གྱུར་པ་འམ། བག་མེད་པར་གྱུར་པ་ན་ཡང་། གདུག་པ་འམ་གནོད་སྦྱིན་ནམ། མི་མ་ཡིན་པ་གཉུག་མར་གནས་པ་རྣམས་ཀྱིས་གཙེ་བར་མི་ནུསོ།། ཚེ་མ་རྗེས་པའི་འོག་ཏུ་ཡང་བྱང་ཆུབ་སེམས་དཔའ་དེ་ནི་བསོད་ནམས ་ཡོངསུ་བཟུང་བ་དེས་ན། གནོད་པ་ཉུང་ཞིང་རང་བཞིན་གྱིས་ནད་མེད་པ་ཡིན་ཏེ། གནོད་པ་ཡུན་རིང་བ་དང་། དྲག་པོས་འདེབས་པར་མི་འགྱུར་རོ།། དེ་ལུས་དང་ངག་གིས་སེམས་ཅན་གྱི་དོན་དང་། སེམས་ཅན་གྱི་བྱ་བ་དག་ལ་བརྩོལ་བ་དང་ཆོས ་སྟོན་པ་ན་ཤས་ཆེར་ལུས་ངལ་བར་མི་འགྱུར་ཞིང་། བརྗེད་ངས་པར་མི་འགྱུར་ལ། སེམས་ཉམས་པར་མི་འགྱུར་རོ།། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ནི་རང་བཞིན་གྱིས་ཀྱང་གནས་ངན་ལེན་ཤས་ཆུང་བ་ཡིན་ལ། སེམས་བསྐྱེད་ན་འདི་ལྟ་སྟེ། ་ལུས་ཀྱི་གནས་ངན་ལེན་དང་། སེམས་ཀྱི་གནས་ངན་ལེན་གྱི་གནས་ངན་ལེན་ཤིན་ཏུ་ཆུང་བར་འགྱུརརོ།། གསང་སྔགས་ཀྱི་ཚིག་དང་། རིག་སྔགས་ཀྱི་ཚིག་སེམས་ཅན་རྣམས་ཀྱི་ཡམས་ཀྱི་ནད་དང་། གནོད་པ་དང་། ནད་འགྲོ་བ་ཞི་བར་བྱེད་པ ་ངག་དེ་ལས་གཞན་པའི་སེམས་ཅན་གྱི་ལག་ན་འདུག་པ་མ་གྲུབ་པ་རྣམས་ཀྱང་དེའི་ལག་ཏུ་འོངས་ན་འགྲུབ་པར་འགྱུར་ན། གྲུབ་པ་དག་ཅི་སྨོས། ལྷག་པར་ཡང་བཟོད་པ་དང་། ངེས་པ་དང་ལྡན་ཏེ། ཕ་རོལ་གྱི་གནོད་པ་བྱས་པ་བཟོད་པ་ཡིན་ནོ།། ་གཞན་ལ་ཡང་གནོད་པ་མི་བྱེད་ལ། གཞན་གནོད་པ་བྱེད་དམ། གཞན་གྱིས་གཞན་ལ་གནོད་པ་བྱེད་པ་མཐོང་ངམ་ཐོས་ན་ཡང་ཤིན་ཏུ་མི་དགའ་བར་འགྱུརརོ།། དེའི་ཉེ་བའི་ཉོན་མོངས་པ་ཁོང་ཁྲོ་བ་དང་། ཕྲག་དོག་དང་། གཡོ་དང ་འཆབ་པ་ལ་སོགས་པ་རྣམས་ཀྱང་བཅོམ་སྟེ། ཉམས་སྨད་པས་བརྒྱ་ལ་སྤྱོད་པར་གྱུར་ན་ཡང་མྱུར་དུ་འབྲལ་བར་འགྱུརརོ།། དེ་གྲོང་གི་གནས་པ་དེ་ཡང་འཇིགས་པ་དང་། འཇིགས་པར་འགྱུར་བ་དང་། མུ་གེའི་ཉེས་པ་རྣམས་དང་། མི་དང་མི ་མ་ཡིན་པས་བྱས་པའི་གནོད་པ་མ་བྱུང་བ་རྣམས་ནི་འབྱུང་བར་མི་འགྱུར་ལ། བྱུང་བ་རྣམས་ནི་རྣམ་པར་ཞི་བར་འགྱུར་རོ།། གལ་ཏེ་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་དེ་ལན་འགའ་ཞིག་ངན་སོང་གི་སེམས་ཅན་དམྱལ་བ་རྣམསུ ་སྐྱེསུ་ཟིན་ཀྱང་དེ་ནི་གནོད་པ་མེད་པའི་བསོད་ནམས་ཡོངསུ་འཛིན་པའི་རྒྱུས་ཆེས་ཆར་ཤིན་ཏུ་མྱུར་བར་ཐར་པར་འགྱུར་ལ། སྡུག་བསྔལ་གྱི་ཚོར་བ་ཡང་ཤིན་ཏུ་ཚབས་ཆུང་བ་མྱོང་བར་འགྱུར་ཏེ། སྐྱེ་བ་ཡང་ཤིན་ཏུ་སྐྱེ་བར་འགྱུརརོ།། སེམས ་ཅན་དེ་དག་ལ་སྙིང་རྗེའི་སེམས་བསྐྱེད་པར་འགྱུརརོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པས་ནི་གནོད་པ་མེད་པའི་བསོད་ནམས་ཡོང་སུ་འཛིན་པ་ལས་འདི་ལྟ་བུ་དང་མཐུན་པའི་ཕན་ཡོན་མང་པོ་ཉམས ་མྱོང་བར་འགྱུརརོ།། བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་སེམས་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །། བམ་པོ་གཉིས་པ། ་འདི་ལྟར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཞེ་ན། དེ་ལ་རྣམ་པ་གསུམ་དུ་རིག་པར་བྱའོ་ཞེས་སྟོན་པ། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་གང་ལ་སློབ་པ་དང་། ཇི་ལྟར་སློབ་པ་དང་། ་གང་དག་སློབ་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་གང་ལ་སློབ་ཅ་ན། གནས་བདུན་ལ་སློབ་སྟེ། གནས་བདུན་པོ་དག་གང་ཞེ་ན། བདག་གི་དོན་དང་། གཞན ་གྱི་དོན་དང་། དེ་ཁོ་ནའི་དོན་དང་། མཐུ་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བ་དང་། རང་གི་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱ་བ་དང་། གནས་བདུན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ།། སྡོམ་ནི། བདག ་དང་གཞན་དོན་དེ་ཉིད་དོན།། མཐུ་དང་སེམས་ཅན་སྨིན་བྱེད་དང་།། རང་གི་སངས་རྒྱས་ཆོས་རྣམས་སྨིན།། བྱང་ཆུབ་མཆོག་ནི་བདུན་པ་ཡིན།། བདག་དང་གཞན་གྱི་དོན་གང་ཞེ་ན། མདོར་བསྡུ་ན་བདག་དང་གཞན་གྱི་དོན་ནི་རྣམ་པ་བཅུར་རིག ་པར་བྱའོ།། འབའ་ཞིག་དང་། གཞན་དང་འབྲལ་བ་དང་། ཕན་པའི་རྒྱུ་དང་། བདེ་བའི་རྒྱུ་དང་། རྒྱུར་བསྡུས་པ་དང་། འབྲས་བུར་བསྡུས་པ་དང་། ཚེ་འདི་པ་དང་། ཚེ་རབས་གཞན་པ་དང་། གཏན་དུ་བ་དང་། གཏན་དུ་བ་མ་ཡིན་པའོ།། ་དེ་ལ་བདག་གིས་དོན་དང་གཞན་གྱི་དོན་འབའ་ཞིག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བྱ་བ་ལས་ཐལ་ཞིང་། འཚམ་པ་མ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔས་ཡོངསུ་ཤེས་པར་བྱས་ལ་སྤང་བར་བྱའོ།། ལྷག་མ་རྣམས་ནི་བསླབ ་པར་བྱའོ།། དེ་ལ་དེས་ཡོངསུ་ཤེས་ནས་སྤང་བར་བྱ་བ་གང་ཡིན་པའི་བདག་གི་དོན་ནི་འདི་ཡིན་ཏེ། བདག་ཉིད་བདེ་བར་འདོད་པ་ལོངས་སྤྱོད་པ་དང་། ཉེ་བར་སྤྱད་པ་རྣམས་ཡོངསུ་ཚོལ་བ་དང་། ཆོས་ལ་སེར་སྣ་བྱེད་པ་དང་། སངས ་རྒྱས་དང་བྱང་ཆུབ་སེམས་དཔས་བཤད་པ་རྣམས་ཡོངསུ་ཚོལ་ཞིང་འཛིན་པར་བྱེད་པ་དང་། མཐོ་རིས་འདོད་པ་མཐོ་རོས་ཀྱི་དོན་དུ་ཚུལ་ཁྲིམས་དང་། བརྩོན་འགྲུས་རྩོམ་ཞིང་བསམ་གཏན་དང་ཤེས་རབ་ཡང་དག་པར་བླངས་ནས་འདུག ་པ་དང་། འཇིག་རྟེན་གྱི་ཟང་ཟིང་གི་འབྲས་བུ་འདོད་པ་འཇིག་རྟེན་གྱི་ཟང་ཟིང་འཐོབ་པའི་རྒྱུར་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་པ་དང་། རྙེད་པ་འདོད་པ་རྙེད་པའི་རྒྱུ་དང་། རྙེད་པ་འགྲུབ་པའི་ཡང་དག་པ་མ་ཡིན་པའི ་ཡོན་ཏན་སྣ་ཚོགས་དོན་མེད་པ་གཞན་དག་གི་སྤྲོ་བ་སྐྱེད་པ་དག་སྟོན་པ་དང་། བདག་ལ་བསྙེན་བཀུར་བྱ་བ་བདག་གིར་བྱ་བར་འདོད་པ་བསྙེན་བཀུར་བྱ་བ་བདག་གིར་བྱ་བའི་དོན་དུ་ཆོས་མ་ཡིན་པས་ཚོགས་སྡུད་པར་བྱེད་ཀྱི། ཆོས་ཀྱིས་མ ་ཡིན་པ་དང་། གཞན་གྱི་བྲན་དུ་གྱུར་པའི་སེམས་ཅན་རྣམས་བདག་གི་བྲན་དུ་བྱ་བའི་ཆེང་ཀ་ཙམ་གྱི་ཕྱིར་བྲན་བྱེད་པ་ལས་ཐར་བར་བྱེད་པ་དང་། སེམས་ཅན་བཅིང་བས་བཅིངས་པ་རྣམས་བདག་གི ་བྱ་བ་བསྒྲུབ་པའི་ཆེད་ཙམ་གྱི་ཕྱིར། བཅིངས་པ་ལས་ཐར་བར་བྱས་ཏེ། བདག་ཉིད་ཀྱིས་འཆིང་བར་བྱེད་པ་དང་། སེམས་ཅན་ཆད་པ་ལ་སོགས་པའི་འཇིགས་པས་སྐྲག་པ་རྣམས་བདག་ཉིད་ཀྱིས་འཇིགས་པར་བྱ་བའི་ཆེད་ཙམ་གྱིས་ཕྱིར། ་གཞན་གྱི་ཆད་པ་ལ་སོགས་པའི་འཇིགས་པ་ལྔས་ཐར་བར་བྱེད་པ་དང་། ཚེ་འདིའི་བདེ་བ་ལ་གནས་ཤིང་། སེམས་ཅན་གྱི་དོན་ལ་ངེས་པར་སེམས་པ་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་བདག་གི་དོན་འབའ་ཞིག་ཡིན་པར་རིག་པར ་བྱ་སྟེ། དེ་ལྟར་འདི་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔས་ཡངས་ཤེས་པར་བྱས་ནས་སྤང་བར་བྱ་བ་གང་ཡིན་པ། བྱང་ཆུབ་སེམས་དཔའི་བདག་གི་དོན་འབའ་ཞོག་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་སྦྱིན་པ ་དང་། བཟོད་པ་དང་། སྙིང་རྗེ་སྔོན་དུ་འགྲོ་བ་འམ། བྱང་ཆུབ་ཏུ་ཡོངསུ་བསྔོས་པ་འམ། མཐོ་རིས་ཀྱི་ཕྱིར་བསྔོས་པ་ནི་དུས་ཐམས་ཅད་དུ་བདག་གི་དོན་གཞན་དང་འབྲེལ་པ་ཁོ་ན་ཡིན་པར་རིག་པར་བྱའོ།། དེ་ལྟར་ཇི་སྐད་བསྟན་པའི ་རྣམ་པ་དེ་དག་ལ་མ་གཏོགས་པར་དེ་མ་ཡིན་པ་དེ་ལས་བཟློག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་གི་དོན་ཐམས་ཅད་ནི་གཞན་གྱི་དོན་དང་འབྲེལ་པ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་གཞན་གྱི་དོན་འབའ་ཞིག ་ཡིན་པས། བྱང་ཆུབ་སེམས་དཔས་ཡོངསུ་ཤེམ་པར་བྱས་ནས་སྤང་བར་བྱ་བ་ནི་འདི་ཡིན་ཏེ། ལྟ་བ་ལོག་པར་ཞུགས་པ་དང་། འོང་བ་མ་མཐོང་བ་དང་། འབྲས་བུ་མ་མཐོང་བའི་སྦྱིན་པ་དང་། ཚུལ་ཁྲིམས་ཉམས་པ་དང་། སྒྲུབ་པ་མེད་པ ་གཞན་དག་ལ་ཆོས་སྟོན་པ་དང་། ས་འོག་མ་ལས་ཡང་དག་པར་འདས་པ། ས་འོག་མའི་དགེ་བའི་ཆོས་སྒྲུབ་པ་དང་། བསམ་གཏན་པ་སྒྱུར་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དེ་འདི་ལྟར་བསམ་གཏན་དྲག་གིས་གནས་ནས་བསྒྱུར་ཏེ། ་སྨོན་ལམ་བཏབ་ན་འདོད་པའི་ཁམས་གང་དུ་སྐྱེ་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་དབང་ཐོབ་པ་ཕྱོགས་བཅུ་དག་ཏུ་སྤྲུལ་པ་སྣ་ཚོགས་དག་གིས་སེམས་ཅན་སྣ་ཚོགས་དག་གི་དོན་བྱེད་པ་དང་། ཐུབ་པ་དེ་དེ་བཞིན་གཤེགས་པ་རང་གི ་དོན་མཛད་ཟིན་པ་སྟོབས་དང་། མི་འཇིགས་པ་ལ་སོགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ལ་བསྟོན་ནས། སེམས་ཅན་ཚད་མེད་པ་དག་ལ་དོན་ཚད་མང་པ་དེ་ཡང་གཞན་དོན་འབའ་ཞིག་ཡིན་པར་རིག་པར་བྱའོ།། ་དེ་ལ་གཞན་གྱི་དོན་འབའ་ཞིག་ཡིན་པ་ཇི་སྐད་བསྟན་པ་སྔ་མ་གཉིས་ནི་བྱང་ཆུབ་སེམས་དཔས་ཡོངསུ་ཤེས་པར་བྱས་ནས་སྤང་བར་བྱ་བ་ཡིནོ།། དེ་མ་ཡིན་པའི་གཞན་གྱི་དོན་འབའ་ཞིག་པ་ནི་ལྷུར་བསླབ་པར་བྱའོ།། རྣམ་པ་དེ་དག་ལ ་ལས་མ་གཏོགས་པ་དང་། དེ་དག་ལས་བཟློག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དོན་ཐམས་ཅད་ནི་བདག་གི་དོན་དང་འབྲེལ་པ་ཡིན་ཏེ། དེ་ལ་ཡང་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ།། བྱང་ཆུབ་སེམས་དཔའི་བདག་དང ་གཞན་གྱི་དོན་ཕན་པའི་སྒྲ་གང་ཞེན། མདོར་བསྟན་ལ་ཡོད་པར་རིག་པ་ཏྱཱ་སྟེ། ཁ་ན་མ་ཐོ་བ་མེང་པའི་མཚན་ཉི་དང་། ཕན་འདོགས་པའི་མཚན་ཉིད་དང་། ཆུ་འདི་པ་དང་། ཚེ་གཞན་པ་དང་། ཞི་ར ་བྱེད་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི་བདག་ཀྱང་དགེ་བ་ཡོངསསུ་བཟུང་བ་དང་། དགེ་བ་སོགས་པ་ཆེ་ཡང་རུང་ཆུང་ཡང་རུང་སྟེ། གང་ཅི་ཡང་རུང་བྱེད་པ་དང་། གཞན་ཡང་དགེ་བའི་ཡོངསུ་བཟུང་བ་དང་། དགེ་བ་སོགས་པ་ཆེ ་ཡང་རུང་ཆུང་ཡང་རུང་བ་ཡང་དག་པར་འཛིན་དུ་འཇུག། འདུལ་བར་བྱེད། འཛུམ་པར་བྱེད། འཇོག་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་དོང་གཞན་གྱི་དོན་ཕན་པའི་རྒྱུ་ཁ་ན་མ་ཐོ་བ་མེད་པའི་མཚན་ཉིད་ཡིན་པར་རིག་པར ་བྱའོ།། བྱང་ཆུབ་སེམས་དཔའ་བདག་གམ་གཞན་ལ་ཡོ་བྱད་ཀྱི་བདེ་བ་འམ། བསམ་གཏན་ལ་གནས་པའོ་བདེ་བ་ཡང་རུང་སྟེ། ཉོན་མོངས་པ་ཅན་སྤངས་པའི་བདེ་བ་གང་ཅི་ཡང་རུང་ཉེ་བར་སྒྲུབ་པ་དེ་ནི་བྱང་ཆུབ་སེམས་དཔའི ་བདག་དང་གཞན་གྱི་དོན་ཕན་པའི་རྒྱུ་ཕན་འདོགས་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱི་དོན་ཚེ་འདི་ལ་ཕན་པ་ལ། ཚེ་གཞན་ན་དེ་ལྟ་བུ་མྱ་ཡིན་པ་ཡང་ཡོད། ཚེ་གཞན་ན ་ཕན་ལ་ཚེ་འདི་ལ་དེ་ལྟ་མ་ཡིན་པ་ཡང་ཡོད། ཚེ་གཞན་ལ་ཡང་ཕན་ལ་ཚེ་འདི་ལ་ཡང་ཕན་པ་ཡང་ཡོབ་ཆེ་གཞན་ན་ཡང་གནོད་ལ། ཚེ་འདི་ལ་ཡང་གནོད་པ་ཡང་ཡོད་དེ། བདག་དང་གཞན་གྱི་དོན་རྣམ་པ་བཞི་པོ་དེ་ཡང་ཆོས་ཡང་དག ་པར་བླང་བ་བཞི་པོ་དག་ཏུ་གོ་རིམས་བཞིན་དུ་ཅི་རིགསུ་བལྟ་བར་བྱའོ།། ཆོས་ཡང་དག་པར་བླང་བ་བཞི་པོ་གང་ཞེ་ན། ཆོས་ཡང་དག་པར་བླང་བ་ད་ལྟར་བྱུང་བ་ན་བདེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་ཡང་ཡོད། ཆོས ་ཡང་དག་པར་བླང་བ་ད་ལྟར་བྱུང་བ་ན་སྡུག་བསྔལ་ལ། ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བྱ་ཡང་ཡོད། ད་ལྟར་བྱུང་བ་ན་ཡང་བདེ་ལ། ཕྱི་མ་ལ་ཡང་རྣམ་པར་སྨིན་པ་བདེ་བ་ཡང་ཡོད། ད་ལྟར་བྱུང་བ་ན་ཡང་སྡུག་བསྔལ་ལ། ཕྱི་མ ་ལ་ཡང་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡང་ཡོད་དེ། དེ་དག་གི་རྣམ་པར་དབྱེ་བ་ནི་མདོ་ལས་ཇི་སྐད་འབྱུང་བ་ཁོ་ན་བཞིན་དུ་བལྟ་བར་བྱའོ།། དེ་ལ་མྱ་ངན་ལས་འདས་པ་དང་། མྱ་ངན་ལྔས་འདས་པ་ཡང་དག་པར་ཐོབ་པར་བྱེད་པ་དག་དང་། ་མྱ་ངན་ལས་འདས་པའི་ཕྱོགས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་དེ་དག་ནི་མདོར་བསྡུ་ན། བྱང་ཆུབ་སེམས་དཔའི་བྱདག་དང་གཞན་གྱི་དོན་ཕན་པའི་རྒྱུ་ཞུ་བར་བྱེད་ཅེས་བྱ་བ་ཡིན་ཏེ། ཐམས་ཅད་ལས་ཁྱད ་བར་དུ་འཕགས་པ་བླ་ན་མེད་པ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དདའི་བདག་དང་གཞན་གྱི་དོན་བདེ་བའི་རྒྱུ་གང་ཞེ་ན། མྱདོར་བསྡུ་ན་བདེ་བ་རྣམ་པ་ལྔར་བསྡུ་བར་རིག་པར་བྱ་སྟེ། དེ་ལ་བདེ་བ་རྣམ་པ་ལྔ་པོ་ནི་འདི་དག ་ཡིན་ཏེ། བྷུ་བདེ་བ་དང་། ཚོར་བ་བདེ་བ་དང་། སྡུག་བསྔལ་གྱི་གཉེན་པོའི་བདེ་བ་དང་།། ཚོར་པོའི་རྒྱུན་ཆེད་པོའི་ཐ་དེ་བ་དང་། གནོད་པ་མེད་པའི་བདེ་བ་དང་ལྔའོ།། དེ་ལ་བདེ་བའི་ཕྱོགས་ཀྱི་དབང་པོ་དང་། ཡུལ་གཉིས་དང་། རྒྱ ་དེ་ལས་བྱུང་བའི་བདེ་བའི་ཚོར་བར་འགྱུར་རེག་པ་གང་ཡིན་པ་དང་། ཚེ་ཕྱི་མ་འམ་ཚེ་རབས་གཞན་དུ་འདོད་པའི་འབྲས་བུ་བྱུང་བའི་ལས་གང་ཡིན་པ་ཅི་ཡང་རུང་། དེ་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རྒྱུ་བདེ་བ ་ཞེས་བྱ་སྟེ། འདི་ལས་གོང་ན་ཡང་མེད། འདི་ལས་ལྷག་པ་ཡང་མེད་དོ།། སྡུག་བསྔལ་རབ་ཏུ་ཞི་བ་ལ་མི་ལྟོས་པར་རྒྱུ་བདེ་བར་བསྡུས་པའི་རྒྱུ་གསུམ་པོ་དེ་དག་ཉིད་ལས་བྱུང་བ་ལུས་དང་སེམས་ལ་ཕན་འདོགས་པའི་མྱོང་བ་ནི་ཚར་བ ་བདེ་བ་ཞེས་བྱ་སྟེ། དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ།། དེ་ལ་ཟག་པ་མེད་པ་གང་ཡིན་པ་དེ་ནི་སློབ་པ་དང་། མི་སློབ་པའི་ཟག་པ་དང་བཅས་པ་ནི་ཁམས་གསུམ་པའི་སྟེ། ་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དང་ལྡན་པའོ།། དེ་ཡང་ཅི་རིགས་པར་ཁམས་གསུམ་པ་ཐམས་ཅད་ཀྱི་སྐྱེ་མཆེད་རྣམ་པ་དྲུག་གི་བྱེ་བྲག་ལས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་ནས། ཡིད་ཀྱི་འདུས་ཏེ་རེག་པ ་ལས་བྱུང་བའི་བར་དག་གོ། རྣམ་པ་དྲུག་པོ་དེ་དག་ཀྱང་རྣམ་པ་གཉིསུ་འགྱུར་ཏེ། ལུས་ཀྱི་དང་སེམས་ཀྱིའོ།། དེ་ལ་རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པའི་ལུས་ཀྱིའོ།། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས ་པར་ལྡན་པ་ནི་སེམས་ཀྱིའོ།། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་དུ་མ་དང་། སྣ་ཚོགས་པ་མང་པོ་འབྱུང་ཅོག་ལ། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་ལ ་སོགས་པ་སྡུག་བསྔལ་གཉེན་པོས་ཞི་བར་བྱས་ཏེ། སྡུག་བསྔལ་ཞི་བར་གྱུར་པ་ཙམ་པོ་དེ་ཉིད་ལ་བདེ་བའི་བློ་སྐྱེ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་གཉེན་པོའི་བདེ་བ་ཞེས་བྱའོ།། འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར ་འཇུག་པ་ནི་ཚོར་བའི་རྒྱུན་ཆད་པའི་བདེ་བ་ཞེས་བྱའོ།། གནོད་པ་མེད་པའི་བདེ་བ་ནི་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། མངོན་པར་འབྱུང་བའི་བདེ་བ་དང་། རབ་ཏུ་དབེན་པའི་བདེ་བ་དང་། ཉེ་བར་ཞི་བའི་བདེ་བ་དང་། ་རྫོགས་པར་བྱང་ཆུབ་པའི་བདེ་བའོ།། དེ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་སྟེ། ཁྱིམ་སོའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ལས་ངེས་པར་ཐར་པ་ནི་མངོན་པར་བྱུང་བའི་བདེ་བ་ཞེས་བྱའོ།། འདོད་པ ་དང་། སྡིག་པ་མ་དགེ་བའི་ཆོས་སྤངས་ཏེ། དབེན་པས་བསམ་གཏན་དང་པོ་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ནི་རབ་ཏུ་དབེན་པའི་བདེ་བ་ཞེས་བྱའོ།། བསམ་གཏན་གཉིས་པ་ལ་སོགས་པ་ལ་རྟོག་པ་དང་། ་དཔྱོད་པ་ཉེ་བར་ཞི་བ་ནི་ཉེ་བར་ཞི་བའི་བདེ་བ་ཞེས་བྱའོ།། ཉོན་མོངས་པ་ཐམས་ཅད་དང་གཏན་བྲལ་བ་དང་། ཤེས་བྱའི་དངོས་པོ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་བདེ་བ་གང་ཡིན་པ་དེ་ནི་རྫོགས ་པབའི་བྱང་ཆུབ་པའི་བདེ་བ་ཞེས་བྱའོ།། དེ་ལ་རྒྱུ་བདེ་བ་ནི་བདེ་བའི་རྒྱུར་གྱུར་པའི་ཕྱིར་བདེ་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ།། ཚོར་བའི་བདེ་བ་ནི་རྒྱུའི་དངོས་པོས་ནི་མ་ཡིན་གྱི་ངོ་བོ་ཉིད་ཁོ་ནས་སོ།། སྡུག་བསྔལ་གྱི་གཉེན ་པོའི་བདེ་བ་ནི་རྒྱུའི་དངོས་པོས་ཀྱང་མ་ཡིན་ལ། རྔ་ཟ་ཉིད་ཀྱིས་ཀྱང་མ་ཡིན་ཏེ། སྡུག་བསྔལ་ཞི་བར་གྱུར་པ་ཙམ་དང་། སྡུག་བསྔལ་བསྔལ་བས་བདེ་བ་ཡིན་ནོ།། ཚོར་བའི་རྒྱུན་ཆང་པའི་འདེ ་ནི། རྒྱུའི་དངོས་པོས་ཀྱང་མ་ཡིན། ངོ་བོ་ཉིད་ཀྱིས་ཀྱང་མ་ཡིན། སྡུག་བསྔལ་བསལ་བས་ཀྱང་མ་ཡིན་གྱི། འདི་ལ་ཚོར་བ་གང་ཅི་ཡང་རུང་བ་དེ་ནི་སྡུག་བསྔལ་བ་ཡིན་ལ། ཡང་དག་པར་སྡུག་བསྔལ་བ། དུས་དེ་ཙམ་ཞིག ་གནས་པས་ཞི་བར་གྱུར་པ་ནི་བདེ་བ་སྟེ།། གནོད་པ་མེད་པའི་བདེ་བར་གཏིག་སོ།། ཐ་མ་རྫོགས་པར་བྱང་ཆུབ་ཀྱི་བདེ་བ་ནི་ཕྱི་མ་ཡང་དག་པར་སྡུག་བསྔལ་བཱ་དཱི་ནི་གཏན་དུ་ཞི་བར་གྱུར་ལ་ཚེ་འདི་ལ་ཡང་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན ་ལེན་རྟེན་ལ་ཡོད་པ་ཐམས་ཅད་གཏན་མེད་པར་གྱུར་པའི་ཕྱིར་བདེ་བ་ཡིནོ།། གནོད་པ་མེད་པ་དེའི་ལྷག་མ་རྣམས་ཀྱང་ཐ་མོ་དེ་དང་མཐུན་པ་དྲང་། དེའི་ཕྱོགས་ཡིན་པ་དང་། དེ་འདྲེན་པ་ཡིན་པའི་ཕྱིར་གནོད་པ་མེད་པའི་བདེ་བ ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི་ཕན་པའི་ཕྱོགས་ཀྱི་བདེ་བ་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ལ་སྒྲུབ་པར་བྱེད་ཀྱི། གནོད་པའི་ཕྱོགས་ནི་མ་ཡིན་ནོ།། གནོད་པའི་ཕྱོགས་ཀྱི་བདེ་བ་ནི་ཡང་དག་པ་ཇི་ལྟ་བ ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱི་ཡོངསུ་ཤེས་པར་བྱས་ཤིང་ཡོངསུ་ཤེས་པར་བྱས་ལ། དེ་ལ་སེམས་ཅན་རྣམས་འདུན་པ་བཟློག་པར་བྱ་སྟེ། ཅི་ནུས་ཀྱིས་དེ་ལས་བཟློག་ཅིང་བསལ་བའི་ཕྱིར་འབད་པར་བྱའོ།། ཕན་པར་འགྱུར ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་དང་འབྲེལ་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ལ་བརྟེན་ནས་སྡུག་བསྔལ་དང་བཅས་པ་དང་། ཡིད་མི་བདེ་བ་བཅས་པར་སེམས་ཅན་རྣམས་ལ་མི་འདོད་བཞིན་དུ་སྒྲུབ་པར་བྱའོ།། མི་ཕན ་པར་འགྱུར་བ་གང་ཡིན་པ་དེ་ནི་བདེ་བ་དང་འབྲེལ་དུ་ཟིན་ཀྱང་ཐབས་མཁས་པ་ལ་བརྟེན་ནས་བདེ་བ་དང་བཅས་པ་དང་། ཡིད་བདེ་བ་དང་བཅས་པར་སེམས་ཅན་རྣམས་མི་དགའ་བཞིན་དུ་བཟློག་པར་བྱ་ཞིང་དྲང་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྡུག ་བསྔལ་དང་བཅས་པའི་བདེ་བ་སྒྲུབ་པ་གང་ཡིན་པ་དེ་དང་བདེ་བ་དང་བཅས་པའི་མི་ཕན་པ་ལས་བཟློག་པ་དེ་ནི་སེམས་ཅན་རྣམས་ལ་ཕྱིས་བདེ་བ་ཁོ་ན་ཡིན་པར་ངེས་པར་རིག་པར་བྱ་བའི་ཕྱིར་རོ།། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན ་རྣམས་ལ་ཕན་པར་འདོད་པ་གང་ཡིན་པ་དེ་ནི་དོན་གྱིས་ན་བདེ་བ་འདོད་པ་ཡིན་པར་ཤེས་པར་བྱའོ།། ཕན་པ་སྦྱིན་པ་གང་ཡིན་པ་དེ་ནི་བདེ་བ་སྦྱིན་པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་ཕན་པ་ནི་རྒྱུ་ལྟ་བུ་ཡིན་ལ། བདེ་བ་ནི་འབྲས་བུ ་ལྟ་བུ་ཡིན་པའི་ཕྱིར་རོ།། དེ་ལྟ་བས་ན་གང་ལ་ལ་སེམས་ཅན་རྣམས་ལྔ་ཕན་པ་དང་ལྡན་པ་དེ་ནི་བདེ་བ་དང་ལྡན་པ་ཉིད་ཡིན་པར་རིག་པར་བྱའོ།། དེ་ལ་ཚེ་འདི་དང་ཚེ་རབསྲ་གཞན་དུ་འདོད་པའི་འབྲས་བུར་འགྱུར་བའི་ལས་རྒྱུ་བདེ་བར ་གཏོགས་པ་གང་ཡིན་པ་དང་། སྡུག་བསྔལ་གྱིས་གཉེན་པོའི་བདེ་བ་གང་ཡིན་པ་དང་། ཚོར་བའི་རྒྱུན་ཆད་པའི་བདེ་བ་གང་ཡིན་པ་དང་། གནོད་པ་མེད་པའི་བདེ་བ་གང་ཡིན་པ་དེ་དག་ནི་ཕན་འདོགས་པ་དང་། ཁ་ན་མ་ཐོ་བ་མེད་པ ་ཡིན་པས་དེ་དག་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ལ་སྤྱད་མི་དགོས་པར་ངེས་པར་བསྒྲུབ་པར་བྱའོ།། ཚོར་བའི་བདེ་བ་དང་། རྒྱུ་བདེ་བ་དབང་པོ་དང་། ཡུལ་དང་རེག་བྱས་བསྡུས་པ་ཀུན་ནས་ཉོན ་མོངས་པར་འགྱུར་བ་དང་། ཉོན་མོངས་པ་ཅན་དང་། ཁ་ན་མ་ཐོ་བ་དང་བཅས་པ་མི་ཕན་པ་དང་མི་འཕྲོད་པ་གང་ཡིན་པ་དེ་ནི་བསྒྲུབ་པར་མི་བྱའོ།། ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། ཀུན་ནས་ཉོན་མོངས་པ་ཅན ་མ་ཡིན་པ་དང་། ཁ་ན་མ་ཐོ་བ་མེད་པ་ཕན་པ་དང་། འཕྲོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ལ་ཅི་ནུས་ཅི་ལྕོགས་པ་བཞིན་དུ་བསྒྲུབ་པར་བྱའོ།། བདག་ཉིད་ཀྱིས་ཀྱང་དེ་བཞིན་དུ་ཡང་དག་པར་སྤྱང ་པར་བྱའོ།། བསླབ་པར་བྱ། ཉམསུ་མྱོང་བར་བྱའོ།། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན་གྱི་དོན་ཕན་པ་དང་བདེ་བའི་རྒྱུ་ཡིན་པར་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མིང་འདི་ལས་ལྷག་པ་ཡང་མེད་དོ།། དོ ་ལ་བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱི་དོན་རྒྱུ་དང་འབྲས་བུར་བསྡུས་པ་གང་ཞེ་ན། མདོར་བསྡུས་ན་རྒྱུ་ཡང་རྣམ་པ་གསུམ་ཡོད་ལ། འབྲས་བུ་ཡང་རྣམ་པ་གསུམ་ཡོད་པར་རིག་པར་བྱ་སྟེ། རྣམ་པར་སྨིན་པའི་རྒྱུ་དང ་རྣམ་པར་སྨིན་པའི་འབྲས་བུ་དང་། བསོད་ནམས་ཀྱི་རྒྱུ་དང་། བསོད་ནམས་ཀྱི་འབྲས་བུ་དང་། ཡེ་ཤེས་ཀྱི་རྒྱུ་དང་། ཡེ་ཤེས་ཀྱི་འབྲས་བུའོ།། དེ་ལ་རྣམ་པར་སྨིན་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་སྨིན་པ་ནི་བརྒྱད་དེ། ཚེ་ཕུན་སུམ ་ཚོགས་པ་དང་། ཁ་དོག་ཕུན་སུམ་ཚོགས་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། དབང་ཕྱུག་ཕུན་སུམ་ཚོགས་པ་དང་། ཚིག་བཙུན་པ་དང་། དབང་ཆེ་བར་གྲགས་པ་ཉིད་དང་། སྐྱེས་པ་ཉིད་དང་། བརྒྱད་པ་སྟོབས་ཕུན་སུམ་ཚོགས་པ ་ཉིད་དོ།། དེ་ལ་བྱང་ཆུབ་སེམས་དཔའི་ཚེ་ཕུན་སུམ་ཚོགས་པ་ནི་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་ཉིད་དོ།། ཁ་དོག་ཕུན་སུམ་ཚོགས་པ་ནི་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཉིད་དོ།། རིགས་ཕུན་སུམ་ཚོགས་པ་ནི་རིགས་མཐོན ་པོ་རྣམསུ་སྐྱེ་བའོ།། དབང་ཕྱུག་ཕུན་སུམ་ཚོགས་པ་ནི་ལོངས་སྤྱོད་ཆེ་བ་དང་། རྩ་ཞིང་ཆེ་བ་དང་། འཁོར་ཕལ་ཆེ་བ་ཡིན་ནོ།། ཚིག་བཙུན་པ་ནི་ཡིད་བརྟན་དུ་རུང་ཞིང་ཡིད་ཆེས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་རྩོད་པ་བྱུང་ངོ་ཅོག ་དུ་ཚད་མར་གཞག་པར་འོས་ལ། གཞལ་གླུགས་ལ་གཡོ་མོ་བྱེད་པ་དང་། འཇལ་བ་ལ་གཡོ་བྱེད་པ་ལ་སོགས་པ་དང་། གཡོ་དང་སྒྲ་དང་ནེར་བཏམས་པ་ལ་དོར་མི་བྱེད་ཅིང་སླུ་བར་མི་བྱེད་དེ་གཞི་དེས་སེཾན་རྣམས་ཀྱིས་ཚིག་འཛིན་པར་འགྱུར ་དེ་ནི་ཚིག་བཙུན་པ་ཞེས་བྱའོ།། དབང་ཆེ་བར་གྲགས་པ་ནི་དེའི་གྲོགས་པ་ཆེན་པོ་དང་སྙན་པ་འདི་ལྟོ་སྟེ། དཔའ་བ་འམ། བརྩོན་པ་འམ། བརྟན་པ་འམ། མ་བྱས་པ་འམ། བོ་ཤེས་གཉེན་ཆེ་བ་འམ། ངང་ཚུལ་བཟང་བ ་འམ། བཟོ་དང་ལས་ཀྱི་གནས་རྣམ་པ་སྣ་ཚོགས་དག་ལ་ལྷག་པར་རབ་དང་ཕུལ་དུ་མཁས་པ་ཡན་ཆད་ཀྱིས་འཇིག་རྟེན་དུ་གྲགས་པ་ཡིན་ཏེ། གཞི་དེས་སྐྱེ་བོའི་ཚོགས་ཆེན་པོའི་བླ་མར་གྱུར་ཞིང་། བཀུར་སྟི་བྱ་བ་དང་། བཙུན་པ ་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བའི་གནསུ་གྱུར་པ་དེ་ནི་དབང་ཆེ་བར་གྲགས་པ་ཞེས་བྱའོ།། སྐྱེས་པ་ཉིད་ནི་ཕོའི་དངོས་པོ་དང་། ཕོའི་དབང་པོ་དང་ལྡན་པ་ཡིན།། རང་བཞིན་གྱིས ་སྟོབས་ཕུན་སུམ་ཚོགས་པ་ནི་གནོད་པ་ཆུང་བ་དང་། ནད་མེད་པའི་རང་བཞིན་ཅན་དང་། སྤྲོ་བ་ཆེ་བ་ཡིན།། རྣམ་པར་སྨིན་པའི་རྒྱུ་གང་ཞེ་ནོ།། སེམས་ཅན་རྣམས་ལ་མི་འཚེ་བ་དང་། མི་འཚེ་བའི་བསམ་པ་ནི་ཚེ་ཕུན་སུམ་ཚོགས ་པའི་རྒྱུ་ཡི་ནོ།། སྣང་བ་དང་གོས་སར་པ་སྦྱིན་པ་ནི་ཁ་དོག་ཕུན་སུམ་ཚོགས་པའི་རྒྱུ་ཡིནོ།། སེམས་ཅན་རྣམས་ལ་ང་རྒྱལ་ལེགས་པར་བཅོམ་པ་ནི་རིགས་ཕུན་སུམ་ཚོགས་པའི་རྒྱུ་ཡིནོ།། སློང་བ་རྣམས་དང་ཡོ་བྱད་མི ་བདོག་པ་རྣམས་ལ་སྦྱིན་པ་ནི་དབང་ཕྱུག་ཕུན་སུམ་ཚོགས་པའི་རྒྱུ་ཡིནོ།། བདེན་པའི་ཚིག་དང་ལྡན་ཞིང་ཕྲ་མ་མེད་པ་དང་། ཚིག་རྩུབ་པོ་མེད་པ་དང་། ཚིག་བཀྱིལ་པ་མེད་པ་ལ་གོམས་པ་ནི་ཚིག་བཙུན་པའི་རྒྱུ་ཡིནོ།། ་ཚེ་ཕྱི་མ་བདག་ཉིད་ལ་ཡོན་ཏན་རྣམ་པ་སྣ་ཚོགས་སྒྲུབ་པར་སྨོན་ལམ་འདེབས་ཤིང་། དཀོན་མཆོག་གསུམ་ལ་མཆོད་པར་བྱེད་པ་དང་། བླ་མ་ལ་མཆོད་པ་བྱེད་པ་ནི་དབང་ཆེ་བར་གྲགས་པ་ཉིད་ཀྱི་རྒྱུ་ཡིནོ།། སྐྱེས་པའི་དངོས ་པོ་ལོ་མངོན་པར་དགའ་ཞིང་བུད་མེད་ཀྱིས་དངོས་པོ་ལོ་མི་དགའི་སྟེ། དེ་ལ་ཉེས་དམིགསུ་ལྟ་བ་དང་། བུད་མེད་རྣམས་ཀྱི་བུད་མོད་ཀྱི་དངོས་པོ་ལ་མངོན་པར་དགའ་བ་རྣམས་ཀྱང་བུད་མེད་ཀྱི་དངོས་པོ་ལ་འདུན་པ་བཟློག་པ་དང་། ་དབང་པོ་བཅད་པའི་ཕྱིར་བཟུང་སྟེ། ཁྲིད་པའི་མི་རྣམས་ཆོས་དང་མཐུན་པས་ངེས་པར་རྣམ་པར་ཐར་བར་བྱེད་པའི་རྒྱུ་གཉིས་ཀྱིས་གཞན་དག་ལ་སྐྱེས་པ་ཉིད་སྒྲུབ་པ་ནི་སྐྱེས་པ་ཉིད་ཀྱི་རྒྱུ་ཡིནོ།། ལུས་ཀྱིས་སེམས་ཅན་རྣམས་ཀྱི་བྱ་བ་བྱུང་ཅོག་ལ་ཆོས ་དང་མཐུན་པ་དང་རྡོ། གཟུ་ལུམས་མེད་པར་ཅི་ནུས་ཅི་ལྕོགས་པ་བཞིན་དུ་ཞལ་ཏ་བྱེད་པ་དང་། གྲོགས་བྱེད་པ་དང་། འབྲས་ཆན་དང་། སྐྱོ་མ་དང་། ཐུབ་པ་བཏུང་བ་དང་། རྟས་པར་འགྱུར་བ་དང་། སྤྲོ་བ་སྐྱེད་པར་བྱེད་པའི་ཟས ་དང་། སྒྲོམ་དག་སེམས་ཅན་རྣམས་ལ་སྒྲུབ་པ་ནི་སྟོབས་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ཏེ། དེ་ལྟར་དེ་དྲོག་གི་རྣམ་པར་སྨིན་པ་རྣམ་པ་བརྒྱད་ཀྱི་རྒྱུ་རྣམ་པ་བརྒྱད་ཡིན་པར་རིག་པར་བྱའོ།། རྒྱུ་དེ་དག་ཀྱང་མདོར་བསྡུ་ན་རྒྱུ་གསུམ་གྱིས ་རྣམ་པར་སྨིན་པ་ཡོངསུ་རྫོགས་པ་དང་། རྟས་པ་དང་། རྒྱ་ཆེ་བ་མངོན་པར་འགྲུབ་པར་འགྱུར་བའི་ཕྱིར་རྒྱས་པར་འགྱུར་ཏེ། རྒྱུ་གསུམ་པོ་གང་ཞེ་ན། སེམས་རྣམ་པར་དག་པ་དང་། སྦྱོར་བ་རྣམ་པར་དག་པ་དང་། ཞིང་རྣམ ་པར་དག་པའོ།། དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་དེ་དག་ཡོངསུ་བསྔོས་པས་བསམ་པ་དག་པར་གྱུར་པ་གང་ཡིན་པ་དང་། སྙིང་ཐག་པ་ནས་ལྷག་པའི་བསོམ་པ་རྒྱ་ཆེ་ཞིང་དང་བས་སྤྱོད་པའི་ཕྱིར། ་བསམ་པ་དྲག་པོར་གྱུར་པ་གང་ཡིན་པ་དང་། དེ་དག་ཆོས་མཐུན་པར་སྤྱོད་པ་མཐོང་ན། མངོན་པར་དགའ་བ་གང་ཡིན་པ་དང་། ཉིན་གཅིག་བཞིན་དུ་སྐད་ཅིག་རེ་རེ་ལ་དེ་དང་མཐུན་པའི་ཆོས་ཁོ་ན་ལ་ལན་མོང་དུ་རྟོག་ཅིང་སྤྱོད་པ་གང་ཡིན་པ ་དེ་ནི་སེམས་རྣམ་པར་དག་པར་ཞེས་བྱའོ།། དེ་ལ་ཡུན་རིང་པོར་གོམས་པར་བྱེད་ཅིང་། རྒྱུན་ཏུ་བྱེད་ལ་གྲིམས་པར་བྱེད་པ་དང་། དགེ་བ་དེ་ཡང་དག་པར་མ་བླངས་པ་གཞན་དག་ལ་ཡང་ཡང་དག་པར་ལེན ་དུ་གཞུག་པའི་ཕྱིར་བསྔགས་པ་བརྗོད་པ་དང་། ཡང་དག་པར་བླངས་པ་རྣམས་ལ་ཡང་ཡང་དག་པར་དགའ་བ་བསྐྱེད་པའི་ཕྱིར་བསྔགས་པ་བརྗོད་པ་དང་། དེ་དག་ཉིད་དགེ་བའི་རྩ་བ་དེ་ལ་འཛུད་པ་དང་། འགོད་པར་བྱེད་པ་གང་ཡིན་པ་དེ་ནི ་སྦྱོར་བ་རྣམ་པར་དག་པ་ཞེས་བྱའོ།། དེ་ལ་མདོར་བསྡུ་ན་སྦྱོར་བ་ཡང་དག་པར་བསྒྲུབ་པ་དང་། ཡང་དག་པར་སྦྱོར་བ་དེ་ཉིད་ཀྱི་འབྲས་བུ་ལ་གནས་པའི་ཕྱིར། ཞིང་རྣམ་པར་དག་པ་ཡིན་པར་རིག་པར་བྱའོ།། དེ་ལ་རྣམ་པར་སྨིན ་པོའི་འབྲས་བུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཚེ་ཕུན་སུམ་ཚོགས་པར་གྱུར་ན། བདག་གི་དོན་དང་། གཞན་གྱི་དོན་ལས་བརྩམས་ནས་ཡུན་རིང་པོར་དགེ་བའི་ཕྱོགས་ལ་སྦྱོར་བ་དང་། དགེ་བའི་རྩ་བ་མང་པོ་སོགས་པར་བྱེད ་པ་འདི་ནི་ཚེ་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཁ་དོག་ཕུན་སུམ་ཚོགས་པར་གྱུར་ན། སྐྱེ་བོའི་ཚོགས་ཆེན་པོའི་སྙིང་སྡུག་པར་འགྱུར་ཏེ། སྙིང་དུ་སྡུག་ན་དྲུང་དུ་འདུ་བར་འགྱུར་ལ། གཟུགས་ཡིད ་དུ་འོང་བ་དང་། མངོན་དུ་ཕྲད་པར་གྱུར་པས་སྐྱེ་བོའི་ཚོགས་ཆེན་པོ་དག་དེའི་ཚིག་མཉན་པ་དང་བྱ་བར་སེམས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ཁ་དོག་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ ་རིགས་ཕུན་སུམ་ཚོགས་པར་གྱུར་ན། སྐྱེ་བོའི་ཚོགས་ཆེན་པོས་བཀུར་བ་དང་། མཆོད་པ་དང་བསྔགས་པར་འགྱུར་རོ།། བཀུར་ཞིང་མཆོད་ལ་བསྔགས་ན་སེམས་ཅན་རྣམས་དོན་གང་དང་གང་ལ་འཛུད་པ་དེ་དང་དེ་ལ་དེ་དག་གཟི་བྱིན་གྱིས་ནོན་པས ་མྱུར་དུ་འཇུག་པར་འགྱུར་ཏེ། མི་བྱའོ་ཞེས་ཟློག་པར་མི་བྱེད། ལོག་པར་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་རིགས་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་དབང་ཕྱུག་ཕུན་སུམ་ཚོགས ་པར་གྱུར་ན། སྦྱིན་པས་སེམས་ཅན་རྣམས་སྡུད་ཅིང་ཡོངསུ་སྨིན་པར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའི་དབང་ཕྱུག་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་ཚིག་བཙུན་པར་གྱུར་ན།། སྙན ་པར་སླ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་སེམས་ཅན་རྣམས་སྡུད་ཅིང་ཡོངསུ་སྨིན་པར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བཙུན་པའི་འབྲས་བུ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་དབང་ཆེ་བར ་གྲགས་པར་གྱུར་ན། བྱ་བ་བྱེད་པ་རྣམ་པ་སྣ་ཚོགས་དག་གིས་སེམས་ཅན་གྱི་གྲོགས་བྱེད་དུ་འགྲོ་ཞིང་ཕན་འདོགས་པར་བྱེད།། ཕན་བཏགས་པའི་དེས་ན། སེམས་ཅན་རྣམས་ཀྱི་སེམས་དང་འབྲེལ་པར་འགྱུར་བས་དེ་ལ་གུས་པ་དང་། བྱས ་པ་གཟོ་བར་གྱུར་ན། བཀུར་སྟི་དང་། གུས་པ་དང་བཅས་པས་མྱུར་བ་མྱུར་བར་བསྒོ་བ་བཞིན་དུ་ཉན་པར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའི་དབང་ཆེ་བར་གྲགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་སྐྱེས་པ་ཉིད ་དུ་གྱུར་ན། ཕོའི་དབང་པོ་དང་ལྡན་པས། ཡོན་ཏན་ཐམས་ཅད་དང་། རྩོལ་བ་ཐམས་ཅད་དང་། ཤེས་བྱ་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ་དག་གི་སྣོད་དུ་གྱུར་པ་ཡིན་ཏེ། འཇིགས་པ་མེད་པར ་གྱུར་ལ། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་དང་འགྲོ་བ་འམ། སྨྲ་བ་འམ། འགྲོགས་པ་འམ། ལོངས་སྤྱོད་པ་འམ། དབེན་པ་དབེན་པར་གནས་པ་རྣམས་ལ་འཇུག་ལ། སྒྲིབ་པ་མེད་པ་དེ་ནི་བྱང་ཆུབ་སེམས ་དཔའི་སྐྱེས་པ་ཉིད་ཀྱི་འབྲས་བུ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་སྟོབས་ཕུན་སུམ་ཚོགས་པར་གྱུར་ན། དགེ་བའི་ཆོས་སྒྲུབ་པའི་སྦྱོར་བ་དང་། སེམས་ཅན་ཕན་གདགས་པའི་སྦྱོར་བས་མི་སྐྱོ་བར་འགྱུར་ལ། ་བརྩོན་འགྲུས་རྩོན་པར་འགྱུར་ཞིང་། བརྩོན་འགྲུས་བརྟན་པ་དང་། མངོན་པར་ཤེས་པ་མྱུར་བར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་སྟོབས་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ།། དེ་ལྟར་འདི་ནི་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་རྣམ་པར་སྨིན་པ་རྣམ་པ་བརྒྱད་ཀྱི་འབྲས་བུ་རྣམ་པ་བརྒྱད་ཡིན་ཏེ། དེ་ཡོད་ན་སེམས་ཅན་རྣམས་ལ་ཡང་ཕན་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བ་ལ་ཡང་ཐུན་ཞིང་འཕྲོད་པ་ཡིན་ཏེ། བྱང་ཆུབ་སེམས ་དཔའ་རྣམ་པར་སྨིན་པའི་འབྲས་བུ་འདི་ལ་གནས་ན། བདག་ཉིད་ཀྱང་སེམས་ཅན་རྣམས་ཀྱི་དོན་སྣ་ཚོགས་མང་པོ་བྱ་བ་ལ་ནུས་ཤིང་ལྕོགས་པར་འགྱུར་ལ། དེས་གདུལ་བར་བྱ་བོ་དེ་དག་ཀྱང་འདི་ལྟ་སྟེ། རང་གི་དོན་བྱ་བ་ཡན་ཆད་ལ ་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་དག་ལ་བསྒོ་བ་བཞིན་དུ་ཉན་པར་འགྱུརརོ།། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བདག་ཉིད་ཀྱིས་ལྕོགསུ་ཟིན་ཀྱང་གདུལ་བྱ་བ་དེས་བསྒོ་བ་བཞིན་དུ་མི་ཉན་པར་གྱུར་ན། དེ་ལྟ་ན་ཡང་དེའི་གཞན་གྱི་དོན་བྱ་བ ་ལས་དོན་ཆེ་བ་མ་ཡིན་མཐུན་པ་མ་ཡིན་ཏེ། དེས་ན་དེས་གཞན་གྱི་དོན་བྱེད་མི་ནུས་སོ།། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བདག་ཉིད་ཀྱིས་ནི་མི་ནུས་མི་ལྕོགས་ལ། དེས་གདུལ་བར་བྱ་བ་རྣམས་ནི་རང་གི་དོན་བྱ་བ་ཡན་ཆད་ལ་བསྒོ ་བ་བཞིན་དུ་ཉན་པར་གྱུར་ན། དེ་ལྟར་ན་ཡང་བྱང་ཆུབ་སེམས་དཔའི་གཞོན་གྱི་བྱ་བ་ལས་དོན་ཆེ་བ་མོ་ཡིན་མཐུན་པ་མ་ཡིན་ཏེ། དེས་ན་གཞན་གྱི་དོན་བྱེད་མི་ནུས་སོ།། དེ་ལྟ་བས་ན་དེ་གཉི་ག་ཚོགས་ལ་གཉི་ག་འབྱེར་པར་གྱུར ་ན། བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་བྱ་བ་ལ་ལས་དོན་ཆེ་ཞིང་མཐུན་པར་འགྱུར་ཏེ། ས་ན་གཞན་གྱི་དོན་བྱེད་ནུས་པར་འགྱུར་རོ།། དེ་ལྟར་གྱུར་ན་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་ཀྱང་སངྱས་ཀྱི་ཆོས་རྣམས་དང་། སེན་རྨི ་ཀྱང་ཐེག་པ་གསུམ་ལ་མྱུར་བ་ཉིད་དུ་སྨིན་པར་བྱེད་ལ། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། སེམས་ཅན་ཡོངསུ་སྨིན་པ་རྣམས་ཀྱང་རྣམ་པར་གྲོལ་བར་བྱེད།། ་ས་ན་རྣམ་གྲངས་ངེས་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་བརྒྱད་པོ་དག་སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བར་འགྱུར་བ་དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཚེ་འབྲས་བུ ་མེད་ཅིང་དོན་མེད་པ་དེ་ཡང་དེ་དག་ལ་འབྲས་བུ་ཡོད་པ་དང་དོན་ཆེ་བར་འགྱུརརོ།། དེ་ལ་བསོད་ནམས་ནི་གང་ཡིན། ཡེ་ཤེས་ནི་གང་ཡིན་ཞེ་ན། བསོད་ནམས་ཞེས་བྱ་བ་ནི་མདོར་བསྡུ་ན་ཕ་རོལ་ཏུ ་ཕྱིན་པ་གསུམ་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། ཡེ་ཤེས་ནི་ཕ་རོལ་ཏུ་ཕྱིན་པ་གཅིག་པུ་སྟེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསོད་ནམས་ཀྱི་ཕྱོགས་དང་། ཡེ་ཤེས་ཀྱི་ཕྱོགསུ་རིག་པར་བྱ་སྟེ། བརྩོན་འགྲུས་ལ་བརྟན་ནས་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས ་ཡང་དག་པར་ལེན་ཅིང་བསྲུང་བ་དང་། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམ་པ་འམ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཕྱོགས་ཀྱི་བརྩོན་འགྲུསོ།། བརྩོན་འགྲུས་ལ་བརྟེན་ནས་ཐོས་པ་དང་། ་བསམ་པ་དང་། བསྒོམ་པའི་ཤེས་རབ་ལ་སྦྱོར་བར་བྱེད་ཅིང་ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་པ་དང་གནས ་མ་ཡིན་པ་ལ་མཁས་པར་བྱེད་པ་དང་། སྡུག་བསྔལ་ལ་ནི་སྡུག་བསྔལ་བར། ཀུན་འབྱུང་བ་ལ་ནི་ཀུན་འབྱུང་བར། འགོག་པོ་ལ་ནི་འགོག་པར། ལམ་ལ་ནི་སོ་སོར་རྟོག་པ་འམ། དགེ་བ་དང་མི་དགེ་བའི་ཆོས་རྣམས་དང་། ཁ་ན་མ ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པ་དང་། ངན་པ་དང་། བཟང་པོ་དང་། ནག་པོ་དང་། དཀར་པོ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྣམ་པར་དབྱེ་བ་དང ་བཅས་པའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྣམ་པར་འབྱེད་ཅིང་། སོ་སོར་རྟོག་པ་འདི་ནི་ཡེ་ཤེས་ཀྱི་ཕྱོགས་ཀྱི་བརྩོན་འགྲུས་ཞེས་བྱའོ།། བསམ་གཏན་ལ་བརྟེན་ནས་སྦྱིན་པ་བྱིན་པ་འམ། ཚུལ་ཁྲིམས་ཡང་དག་པར ་ལེན་ཅིང་བསྲུང་བ་འམ། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམ་པ་འམ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཕྱོགས་ཀྱི་བསམ་གཏན་ཡིནོ།། བསྡོམ་གཏན་ལ་བརྟེན་ནས་ཐོས་པ་དང་། ་བསམ་པ་དང་། སྒོམ་པའི་ཤེས་རབ་ལ་སྦྱོར་བར་བྱེད་ཅིང་། ཕུང་པོ་ལ་མཁས་པ་ནས། སྔར་བརྩོན་འགྲུས་ཀྱི་སྐབསུ་ཇི་སྐད་བསྟན་པ་དེ་བཞིན་དུ་ཐམས་ཅད་བརྗོད་པར་བྱ་སྟེ། འདི་ནི་ཡེ་ཤེས་ཀྱི་ཕྱོགས་ཀྱི་བསམ་གཏན་ཡིནོ།། ་བསོད་ནམས་དང་། ཡེ་ཤེས་དེ་ཡང་མངོར་བསྡུ་ན། རྣམ་པ་དྲུག་ཡོད་དོ།། དེ་རེ་རེའི་རྣམ་པར་དབྱེ་བ་ནི། ཚད་མེད་པར་རིག་པར་བྱའོ།། བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་གང་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་ནི་མདོར ་བསྡུ་ན་རྣམ་པ་གསུམ་ཡོད་པར་རིག་པར་བྱ་སྟེ། བསོད་ནམས་དང་། ཡེ་ཤེས་ཐོབ་པ་དང་། གནས་པ་དང་འཕེལ་བར་འགྱུར་བ་ལ། འདུན་པ་གང་ཡིན་པ་དང་། མཐུན་ལ་མི་མཐུན་པ་མེད་པའི་རྐྱེན་དང་། སྔོན་ཡང་བསོད་ནམས ་དང་ཡེ་ཤེས་ལ་གོམས་པའོ།། དེ་ལ་མི་མཐུན་པ་མེད་པའི་རྐྱེན་ནི་འདི་ཡིན་ཏེ། ཕྱིན་ཅི་ལོག་གི་རྐྱེན་ནི་ཉེ་བར་མི་གནས་ཤིང་ཉེ་བར་མ་གྱུར་ལ། ཕྱིན་ཅི་མ་ལོག་པའི་རྐྱེན་ནི་ཉེ་བར་གནས་ཤིང་། ཉེ་བར ་གྱུར་པ་གང་ཡིན་པའོ།། དེ་ལ་སྡིག་པའི་གྲོགས་དང་ཕྲད་ནས་བསོད་ནམས་དང་ཡེ་ཤེས་ཕྱིན་ཅི་ལོག་ཏུ་བསྟན་པ་འམ། ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པས། ཕྱིན་ཅི་ལོག་ཏུ་བཟུང་བ་དེ་ནི་ཕྱིན་ཅི་ལོག་གི་རྐྱེན་ཉེ་བར་གྱུར་པ་ཞེས་བྱའོ།། ་དེ་ལ་བཟློག་པ་དཀར་པོའི་ཕྱོགས་ནི་ཕྱིན་ཅི་མ་ལོག་པའི་རྐྱེན་ཉེ་བར་གྱུར་པ་མ་ཡིན་པར་རིག་པར་བྱའོ།། བསོད་ནམས་དང་། ཡེ་ཤེས་འཐོབ་པ་དང་། གནས་པ་དང་འཕེལ་བར་བྱ་བའི་ཕྱིར་སྦྱོར་བ་ལ་བར་དུ་གཅོད་པ་གང་ཡིན་པ་དེ ་དག་སྤོང་ཞིང་མི་སྐྱེད་པ་འདི་ཡང་བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་མི་མཐུན་པ་མེད་པའི་རྐྱེན་ཅེས་བྱའོ།། རྒྱུ་གསུམ་པོ་འདི་དག་ལས་གང་ཡང་རུ་བ་ཅིག་ཚང་ན་ཡོང་བསོད་ནམོས་ཀྱང་སྐྱེ་བར་མི་འགྱུར་ལ། ཡེ ་ཤེས་ཀྱང་སྐྱེ་བར་མི་འགྱུར་བར་རིག་པར་བྱའོ།། བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་གང་ཞེ་ན། བསོད་ནམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་གནོད་པ་མེད་པར་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་དག་གིས་ཤིན་ཏུ་གཟིར་བ ་མེད་པ་དང་། ཅི་དགའ་མགུར་སེམས་ཅན་གྱི་དོན་དང་། སེམས་ཅན་ལ་ཕན་འདོགས་ནུས་པར་འགྱུརརོ།། ཡེ་ཤེས་ལ་བརྟེན་ན་བྱང་ཆུབ་སེམས་དཔའ་ཡང་དག་པར་བསོད་ནམས་ཡོངསུ་འཛིན་པར་བྱེད་ཀྱི། ལོག་པས་མ་ཡིན་པ ་དང་མཁས་པར་བྱ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ།། དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ནི་མདོར་བསྡུ་ན་ཅི་རིགས་པར ་རྣམ་པ་བཞིར་རིག་པར་བྱའོ།། དེ་དག་གི་རྣམ་པ་རབ་ཏུ་དབྱེ་བ་ནི་ཚད་མེདོ།། དེ་ལ་རྣམ་པར་སྨིན་པ་གང་ཡིན་པ་དང་། རྣམ་པར་སྨིན་པའི་རྒྱུ་གང་ཡིན་པ་དང་། རྣམ་པར་སྨིན་པའི་འབྲས་བུ་གང་ཡིན་པ་དེ་དག་ཐམས་ཅད་ནི་བསོད ་ནམས་ལ་བརྟེན་ཅིང་། བསོད་ནམས་ལས་བྱུང་བ་ཡིན།། བསོད་ནམས་ཀྱང་ཡེ་ཤེས་ལ་བརྟེན་ཅིང་ཡེ་ཤེས་ལས་བྱུང་བ་ཡིན་ནོ།། དེ་བས་ན་འདི་གཉིས་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར ་བའི་གཙོ་བོ་ཡིན་ཏེ། བསོད་ནམས་ནི་གཙོ་བོ་ཡིན་ལ་ཡེ་ཤེས་ནི་བླ་ན་མེད་པ་ཡིནོ།། བསོད་ནམས་དང་ཡེ་ཤེས་ལས་གང་ཡང་རུང་བ་ཞིག་མེད་ན་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཐོབ་སྟེ། དེ་ལྟར་ན ་འདི་ནི་བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱི་དོན་རྒྱུ་དང་འབྲས་བུར་བསྡུས་པ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཚེ་འདིའི་བདག་དང་གཞན་གྱི་དོན་ནི་གང་ཡིན། ཚེ་རབས་གཞན་གྱི་བདག་དང་གཞན་གྱི་དོན་ནི ་གང་ཡིན་ཞེ་ན། སྐྱེས་བུའི་བྱེད་པ་རིགས་པའི་བཟོའི་གནས་དང་། ལས་ཀྱི་གནས་ཀྱིས་ལོངས་སྤྱོད་བསྒྲུབ་པ་གང་ཡིན་པ་དང་། བསྒྲུབས་པ་དེ་དག་ཀྱང་ཚོད་ཟིན་པར་ལོངས་སྤྱོད་པ་དང་། འདོད་པའི་འབྲས་བུ་རྣམ་པར ་སྨིན་པར་འགྱུར་བའི་སྔོན་གྱི་ལུས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཚེ་འདི་ལ་ལོངས་སྤྱད་པར་འགྱུར་བ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་བསམ་གཏན་སྒྱུར་བ་ལ་མཁས་པས་ཚེ་འདི་ཉིད་ལ་བདེ་བའི ་དོན་དུ་བྱ་བ་དང་། དེ་ལ་བརྟེན་ནས་ཚེ་འདི་ཉིད་ལ་གཞན་གྱི་དོན་སྒྲུབ་པའི་ཕྱིར། བསམ་གཏན་ལ་བསྟེན་པ་དང་། ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པར་གྱུར་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དང་། ཚེ་འདི་ཉིད་ལ་མྱ་ངན ་ལས་འདས་པ་ཐོབ་པར་བྱེད་པའི་ཆོས་འདུས་བྱས་དང་འདུས་མ་བྱས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚེ་འདི་ཉིད་ལ་བདག་གི་དོན་དུ་འགྱུར་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཇི་ལྟ་བ ་བཞིན་དུ། སེམས་ཅན་གཞན་གང་དག་བྱང་ཆུབ་སེམས་དཔས་བཏུལ་བ་རྣམས་ཀྱི་གཞན་གྱི་དོན་ཡང་ཡིན་པར་རིག་པར་བྱའོ།། དེ་ལ་ཕྱི་མ་ལ་འདོད་པའི་ཁམསུ་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་བ་གང་ཡིན་པ་དང ་ཕྱི་མ་ལ་ལུས་ཕུན་སུམ་ཚོགས་པར་འགྱུར་བ་གང་ཡིན་པ་དང་། ཕྱི་མ་ལ་བསམ་གཏན་དང་། གཟུགས་མེད་པར་སྐྱེ་བ་གང་ཡིན་པ་དང་། ཚེ་འདྲི་སྡུག་བསྔལ་དང་བཅས་། ཡིད་མི་བདེ་བ་དང་བཅས་པས། སོ་སོར་བརྟགས ་ཤིང་ཕྱི་མ་ལ་ལོངས་སྤྱོད་དང་། ལུས་ཕུན་སུམ་ཚོགས་པར་འགྱུར་བ་དང་། བསམ་གཏན་དང་། གཟུགས་མེད་པར་སྐྱེ་བ་དེའི་རྒྱུ་ལ་བརྟེན་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་ཚེ་རབས་གཞན་གྱི་བདག་དང་གཞན་གྱི་དོན ་ཁོ་ན་ཡིན་པར་རིག་པར་བྱའོ།། ཚེ་འདི་ལ་བདེ་བ་དང་བཅས་པ་དང་། ཡིད་བདེ་བ་དང་བཅས་པས་ལོངས་སྤྱོད་དང་། ལུས་ཕུན་སུམ་ཚོགས་པར་འགྱུར་བའི་རྒྱུ་ལ་བརྟེན་པ་གང་ཡིན་པ་དང་། འདིར་ཉམས་པར་འགྱུར་བའི་ཆ་དང ་མཐུན་པ་མ་ཡིན་པའི་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་གང་ཡིན་པ་དེ་ནི་ཚེ་འོད་ཉིད་དང་། ཚེ་རབས་གཞན་གྱི་བདག་དང་གཞན་གྱི་དོན་ཡིན་པར་རིག་པར་བྱའོ།། བདག་དང་གཞན་གྱི་དོན་གཏན་དུ་བ ་ནི་གང་། གཏན་དུ་བ་མ་ཡིན་པ་ནི་གང་ཞེ་ན། འདོད་པའི་ཁམསུ་ལོངས་སྤྱོད་དང་། ལུས་ཕུན་སུམ་ཚོགས་པར་འགྱུར་བ་རྒྱུ་དང་འབྲས་བུར་བཅས་པ་དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་འཇིག་རྟེན་པའི་དག་པ་རྒྱུ་དང་འབྲས་བུར་བཅས་པ ་ནི་བདག་དང་གཞན་གྱི་དོན་གཏན་དུ་བ་མ་ཡིན་ནོ།། ཉོན་མོངས་པ་ཐམས་ཅད་གཏན་སྤངས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་ལ་བརྟེན་ནས་འཇིག་རྟེན་པའི་བདེ་བའི་ཆོས་རྣམས་ཐོབ་པ་གང་ཡིན་པ་དེ ་ནི་བདག་དང་གཞན་གྱི་དོན་གཏན་དུ་བ་ཡིན་ནོ།། དེ་ལ་ངོ་བོ་ཉིད་དང་། ཡོངསུ་ཉམས་པ་དང་། འབྲས་བུ་ལོངས་སྤྱོད་པས་ཡོངསུ་ཟད་པ། རྒྱུ་རྣམ་པ་གསུམ་གྱིས་ན་གཏན་དུ་བ་དང་། གཏན་དུ་བ་མ་ཡིན་པར་རིག་པར་བྱའོ།། ་དེ་ལ་མྱ་ངན་ལས་འདས་པ་ནི་ངོ་བོ་ཉིད་ཀྱིས་གཏན་དུ་བ་ཡིན།། འདུས་བྱས་ནི་ཐམས་ཅད་ཀྱང་གཏན་དུ་བ་མ་ཡིན་ནོ།། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོང་སུ་ཉམས་པ་མ་ཡིན་པ་དང་། འབྲས་བུ་ལོངས་སྤྱད་པས་ཡོངསུ ་ཟད་པར་མི་འགྱུར་བའི་ཕྱིར་གཏན་དུ་བ་ཡིནོ།། དེ་ལས་གཞན་པ་དགེ་བའི་ཟག་པ་དང་བཅས་པའི་ཆོས་རྣམས་ནི་ཡོངསུ་ཉམས་པ་དང་། འབྲས་བུ་ལོངས་སྤྱད་ནས་ཡོངསུ་ཟད་པར་འགྱུར་བའི་ཕྱིར་གཏན་དུ ་མ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན་གྱི་དོན་བསྡུས་པ་དང་། རྒྱས་པ་རྣམ་པ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཅི་ནུས་ཅི་ལྕོགས་ཀྱིས་གང་ལ་བསླབ་པར་བྱ་བ་ཡིན་ཏེ། འདི་ལས་གོང་ན ་ཡང་མེད། འདི་ལས་ལྷག་པ་ཡང་མེདོ།། འདས་པ་དང་མ་འོངས་པའི་དུས་ན་བདག་དང་གཞན་གྱི་དོན་ལ་བསླབས་པ་དང་། སློབ་པར་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བདག་དང་གཞན་གྱི་དོན་རྣམ་པ་བཅུ་པོ་འདི་ཉིད་ལ་ཏེ། འདི་ལས ་གོང་ན་ཡང་མེད། འདི་ལས་ལྷག་པ་ཡང་མེདོ།། བྱང་ཆུབ་སེམས་དཔའ་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བདག་དང་གཞན་གྱི་དོན་གྱི་ལེའུ་སྟེ་གསུམ་པའོ།། ། ་དེ་ཁོ་ནའི་དོན་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཇི་ལྟར་ཡོད་པ་ལས་བརྩམས་ཏེ། ཆོས་རྣམས་ཀྱི་ཡང་དགུ་པ་ཉིད་གང་ཡིན་པ་དང་། ཇི་སྙེད་ཡོད་པ་ལས་བརྩམས་ཏེ་ཆོས་རྣམས་ཀྱི་ཐམས་ཅད་ཉིད་གང་ཡིན་པ་སྟེ། ་དེ་ལྟར་ཡང་དག་པ་ཉིད་དང་། ཐམས་ཅད་ཉིད་ནི་ཆོས་རྣམས་ཀྱི་དེ་ཁོ་ནའི་དོན་མཐའ་དག་ཡིན་པར་རིག་པར་བྱའོ།། དེ་ཁོ་ནའི་དོན་དེ་ཡང་རབ་ཏུ་དབྱེ་ན་རྣམ་པ་བཞི་སྟེ། འཇིག་རྟེན་གྱི་གྲགས་པ་དང་། ཉོན་མོངས་པའི་སྒྲིབ་པ་རྣམ ་པར་དག་པའི་ཤེས་པའི་སྤྱོད་ཡུལ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལོ།། དེ་ལ་བརྡ་དང་། ཀུན་རྫོབ་ལ་འདྲིས་པའི་རྗེསུ་འགྲོ་བས་ཞུགས་པའི་བློས་དངོས་པོ་གང་ལ་འཇིག་རྟེན་པ་ཐམས་ཅད་ཀྱི་ལྟ་བ་མཚུངས ་པར་གྱུར་པ་འདི་ལྟ་སྟེ། ས་ལ་འདི་ནི་ས་ཁོ་ན་ཡིན་གྱི་མེ་མ་ཡི་ནོ་ཞེས་བྱ་བ་དང་། ས་ལོ་ཇི་ལྟ་བ་བཞིན་དུ་མ་དང་། ཆུ་དང་། རླུང་དང་། གཟུགས་རྣམས་དང་། སྒྲ་རྣམས་དང་། དྲི་རྣམས་དང་། རོ་རྣམས་དང་། རེག་བྱ་རྣམས ་དང་ཟས་དང་། སྐོམ་དང་། བཞོན་པ་དང་། གོས་དང་། རྒྱན་དུ་བྱ་བ་དང་། སྣོད་སྤྱད་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། བྲོ་གར་དང་། གླུ་དང་། རོལ་མོ་དང་། སྣང་བ་དང་། སྐྱེས་པ་དང་། བུང་མེད་ཀྱི་དགའ ་མགུར་སྤྱོད་པ་དང་། ཞིང་དང་། ཚོང་ཁང་དང་། ཁྱིམ་གྱི་དངོས་པོ་དང་། བདེ་བ་དང་། སྡུག་བསྔལ་བ་ཡང་དེ་བཞིན་ཏེ། འདི་ནི་སྡུག་བསྔལ་བ་ཡིན་གྱི། བདེ་བ་མ་ཡིནོ།། འདི་ནི་བདེ་བ་ཡིན་གྱི་སྡུག་བསྔལ་བ་མ་ཡི་ནོ་ཞེས ་བྱ་བ་ལྟ་བུ་སྟེ། མདོར་བསྡུ་ན་འདི་ནི་འདི་ཡིན་གྱི། འོདི་མ་ཡིནོ།། འདི་ནི་འདི་ལྟ་བུ་ཡིན་གྱི་གཞན་དུ་མ་ཡི་ནོ་ཞེས་འཇིག་རྟེན་པ་ཐམས་ཅད་ཀྱིས་ངེས་པར་མོས་པའི་སྤྱོད་ཡུལ་གཅིག་ནས་གཅིག་ཏུ་འོངས་པའི་མིང་གིས་རང་གི ་རྣམ་པར་རྟོག་པ་ལས་གྲགས་པ། མ་བསམས་མ་དཔྱད་མ་བརྟགས་པར་བཟུང་བའི་དངོས་པོ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་ཞེས་བྱའོ།། རིགས་པས་གྲག་པའི་དེ་ཁོ་ན་གང་ཞེ་ན། དམ་པའི་རིགས་པའི་དོན་ལ ་མ་བྱས་པ། མཛངས་པ། རྟོག་གེ་བ་དང་། དཔྱོད་པ་དང་ལྡན་པ། རྟོག་གེར་རྟོགས་པའི་ས། རླུང་གི་སྤོབས་པ་ལས་བྱུང་བའོ།། སོ་སོའི་སྐྱེ་བོ་བླ། དཔྱོད་པའི་རྗེསུ་དཔྱོད་པ་ལ་གནས་པ་རྣམས་ཀྱི་ཤེས ་བ་ཤིན་ཏུ་རྣམ་པར་ཕྱེ་བ་ངེས་པའི་སྤྱོད་ཡུལ་ཤེས་བྱའི་དངོས་པོ་མངོན་སུམ་དང་།། རྗེསུ་དཔག་པ་དང་། ཡིད་ཆེས་པའི་ལུང་གི་ཚང་མ་ལ་བརྟེན་ནས། འཐད་པ་བསྒྲུབས་པའི་རིགས་པས་རབ་ཏུ་བསྒྲུབས་ཤིང་རྣམ་པར་བཞག་པ ་ནིགྲི་པས་གྲ་ལའི་དེ་ཁོ་ན་ཞེས་བྱའོ།། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་མེད་པ་དང་། ཟག་པ་མེད་པ་ཐོབ་པར ་བྱེད་པ་དང་། ཟག་པ་མེད་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཤེས་པས་སྤྱོད་ཡུལ་དུ་བྱ་བའི་ཡུལ་དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཞེས་བྱ་སྟེ། དེ་ལ་དམིགས་པས་ཉོན ་མོངས་པའི་སྒྲིབ་པ་ལས་ཤེས་པ་རྣམ་པར་དག་པར་འགྱུར་ཞིང་། ཕྱིས་སྒྲིབ་པ་མེད་པ་ཉིད་དུ་ཡང་དག་པར་གནས་པར་འགྱུར་ཏེ། དེ་བས་ན་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཞེས ་བྱའོ།། དེ་ཁོ་ན་དེ་ཡང་གང་ཞེ་ན། འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ།། ཤེས་པ་དེ་ནི་འཕགས་པའི་བདེན་པ་བཞི་པོ་དེ་དག་ལ་རབ་ཏུ་རྣམ་པར་འབྱེད ་པ་དང་། མངོན་པར་རྟོགས་པ་དང་། མངོན་པར་རྟོགས་པར་གྱུར་པ་ན་སྐྱེ་བར་འགྱུར་རོ།། བདེན་པ་མངོན་པར་རྟོགས་པ་དེ་ཡང་ཉན་ཐོས་དང་། རང་སངས་རྒྱས་ཕུང་པོ་ཙམ་དུ་དམིགས་ཤིང་། ཕུང་པོ་རྣམས་ལས ་གུད་ན་དོན་གཞན་དུ་གྱུར་པའི་བདག་མི་དམིགས་པ་རྣམསུ་གྱུར་པ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་སྐྱེ་བ་དང་། འཇིག་པ་དང་ལྡན་པའི་ཤེས་རབ་ཀྱིས་ཕུང་པོ་ལ་མ་གཏོགས་པའི་གང་ཟག་མེད་པར ་ལྟ་བ་གོམས་པར་བྱས་པ་ལས་འབྱུའོ།། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་གང་ཞེ་ན། ཤེས་བྱ་ལ་ཤེས་པའི་བགེགས་བྱེད་པ་ནི་སྒྲིབ་པ་ཞེས་བྱ་སྟེ། ཤེས་བྱའི་སྒྲིབ་པ་དེ་ལས་རྣམ་པར ་གྲོལ་བའི་ཤེས་པའི་སྤྱོད་ཡུལ་གྱི་ཡུལ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཡིན་པར་རིག་པར་བྱའོ།། དེའང་གང་ཞེ་ན། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ལས ་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཆོས་བདག་མེད་པ་ལ་འཇུག་པ་དང་། ཞུགས་པར་གྱུར་པ་ཤིན་ཏུ་རྣམ་པར་དག་པ་འདོགས་པའི་ཚིག་གིས་ངོ་བོ་ཉིད ་རྣམ་པར་མི་རྟོག་པ་དང་། མཚུངས་པས་སྤྱོད་ཡུལ་གྱི་ཡུལ་དུ་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མཆོག་བླ་ན་མེད་པ། ཤེས་བྱའི་མཐའ་ཐུག་པ་ཡིན་ལ། དེ་ལས་ཡང་དག་པར་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ ་འགྲུབ་པར་འགྱུར་ཏེ། འདྲང་བར་མྱི་འགྱུརརོ།། དེ་ཁོ་ནའི་མཚན་ཉིད་དེ་ཡང་རྣམ་པར་བཞག་པས་ནི་གཉིས་མེད་པསྣ་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱའོ།། གཉིས་ཞེས་བྱ་བ་ནི་དངོས་པོ་དང་། ་དངོས་པོ་མེད་པའོ།། དེ་ལ་དངོས་པོ་ནི་འདོགས་པའི་ཚིག་གི་ངོ་བོ་ཉིད་དུ་རྣམ་པར་བཞག་པ་གང་ཡིན་པ་སྟེ། དེ་ཁོ་ན་བཞིན་དུ་ཡུན་རིང་པོ་ནས་འཇིག་རྟེན་གྱིས་མངོན་པོར་ཞེན་པར་བྱས་པ་དོང་། འཇིག་རྟེན་གྱི་རྣམ ་པར་རྟོག་པ་དང་། སྤྲོས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་སྟེ། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་འམ། མིག་ཅེས ་བྱ་བ་འམ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅེས་བྱ་བ་འམ། ས་ཞེས་བྱ་བ་འམ། ཆུ་དང་། མེ་དང་། རླུང་ཞེས་བྱ་བ་འམ། གཟུགས་ཞེས་བྱ་བ་འམ། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཞེས་བྱ་བ ་འམ། དགེ་བ་ཞེས་བྱ་བ་འམ། མི་དགེ་བ་ཞེས་བྱ་བ་འམ། ལུང་དུ་མི་བསྟན་པ་ཞེས་བྱ་བ་འམ། སྐྱེ་བ་ཞེས་བྱ་བ་འམ། འཇིག་པོ་ཞེས་བྱ་བ་འམ། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་འམ། འདས་པ་ཞེས་བྱ ་བ་འམ། མ་འོངས་པོ་ཞེས་བྱ་བ་འམ། ད་ལྟར་བྱུང་བ་ཞེས་བྱ་བ་འམ། འདུས་བྱས་ཞེས་བྱ་བ་འམ། འདུས་མ་བྱས་ཞེས་བྱ་བ་འམ། འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་དང་། ཉི་མོ་དང་ཟླ་བ་འདི་གཉིས་དང་། ་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། ཐོབ་པ་དང་། ཡོངསུ་ཚོལ་བ་དང་། ཡིད་ཀྱིས་རྗེ་སུ་རྟོག་པ་དང་། རྗེསུ་དཔྱོད་པ་ཞེས་བྱ་བ་འམ། ཐ་ན་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར ་དུ་སྟེ། དེ་ལྟ་བུ་དང་མཐུན་པ་འདོགས་པའི་ཚིག་གི་གྲགས་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ནི་འཇིག་རྟེན་གྱི་དངོས་པོ་ཞེས་བྱའོ།། དེ་ལ་དངོས་པོ་མེད་པ་ནི་གཟུགས་ཞེས་བྱ་བར་འདོགས་པའི་ཚིག་ནས། ཐ་ན་མྱ་ངན་ལས་འདའ་བ་ཞེས་བྱ ་བུའི་བར་དུ་འདོགས་པའི་ཚིག་དེ་ཉིད་དངོས་པོ་མེད་པ་ཉིད་དང་། མཚན་མ་མེད་པ་ཉིད་དེ་གང་ལ་བརྟེན་ནས་འདོགས་པའི་ཚིག་བླ་དགས་འཇུག་པར་འགྱུར་བའི་འདོགས་པའི་ཚིག་གི་རྟེན་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་དང་། ་ཡོད་པ་མ་ཡིན་པ་ཉིད་དེ་ནི་དངོས་པོ་མེད་པ་ཞེས་བྱའོ།། དངོས་པོ་སྔ་མ་གང་ཡིན་པ་དེ་དང་། དངོས་པོ་མེད་པ་འདི་གཉིས་ཀྱི་ཡོད་པ་དང་། མེད་པ་ལས་རྣམ་པར་གྲོལ་བའི་ཆོས་ཀྱི་མཚན་ཉིད་ཀྱིས་བསྡུས་པའི་དངོས་པོ་དེ་ནི ་གཉིསུ་མེད་པ་ཡིན།། གཉིསུ་མེད་པ་གང་ཡིན་པ་དཱི་ནི་དབུ་མཱའི་ལམ་མཐའ་གཉིས་སྤངས་པ། བླ་ན་མེད་པ་ཞེས་བྱ་སྟེ། དེ་ཁོ་ན་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ནི་ཤིན་ཏུ་རྣམ་པར་དག་པ་རིག་པར་བྱའོ།། ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་ནི་སློབ་པའི་ལམ་གྱི་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱས་ཏེ། ཤེས་རབ་དེ་ཡང་བྱང་ཆུབ་སེམས་དཔའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ཆེན་པོ་ཡིནོ།། ། ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ལ་མོས་པ་དེས་ན། སྐྱེ་བ་དེ་དང་དེ་དག་ཏུ་སྦྱོར་བ་ན་སེམས་ཅན་དང་རང་གི་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱ་བའི་ཕྱིར་འཁོར་བ་ན ་འཁོར་ཏེ། འཁོར་བ་དེ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། འཁོར་བ་དེ་ལས་ཀྱང་མི་རྟག་པ་ལ་སོགས་པའི་རྣམ་པ་དག་གིས་ཡོད་སྤྲོ་བར་མི་བྱེདའོ།། གལ་ཏེ་འཁོར་བ་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངསུ་མ་ཤེས ་ན་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ལ་སེམས་ལྷག་པར་བཏང་སྙོམསུ་འཇོག་པར་མི་ནུསོ།། ལྷག་པར་བཏང་སྙོམས་སུ་མ་བྱས་ན་ནི།། སེམས་ཀུན་ནས་ཉོན་མོང ་པ་ཅན་དུ་གྱུར་པས། འཁོར་བ་ནི་འཁོར་བར་འགྱུར་རོ།། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་འཁོར་ན་ནི། སངས་རྒྱས་ཀྱི་ཆོས་རྣམས་དང་། སེམས་ཅན་རྣམས་ཡོངསུ་སྨོན་པར་བྱེད་པར་མི་ནུས།། གལ ་ཏེ་མི་རྟག་པ་ལ་སོགས་པའི་རྣམ་པ་དག་པའི་འཁོར་བ་ལས་སེམས་སྐྱོ་བར་གྱུར་ན། དེ་ལྟ་ན་ནི་བྱང་ཆུབ་སེམས་དཔའ་མྱུར་བ་མྱུར་བར་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་མྱུར་བ་མྱུར་བར་ཡོངསུ ་མྱ་ངན་ལས་འདས་ན། དེ་ལྟ་ན་ཡང་སངས་རྒྱས་ཀྱི་ཆོས་རྣམས་དང་།། སེམས་ཅན་རྣམས་ཀྱང་ཡོངསུ་སྨིན་པར་བྱེད་མི་ནུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར ་ལྟ་ག་ལ་འགྱུར།། ། བམ་པོ་གསུམ་པ། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དུ་མོས་པ་དེས་སྦྱོར་བ་ན། མྱ་ངན་ལས་འདས་པས་སྐྲག་པར་ཡང་མི་འགྱུར་ལ། མྱ་ངན ་ལས་འདས་པ་དོན་དུ་གཉེར་བར་ཡང་མི་བྱེད།། གལ་ཏེ་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པས་སྐྲག་པར་གྱུར་ན་ནི། འདི་ལྟར་ཡིད་སྐྲག་པས་མྱ་ངན་ལས་འདས་པའི་ཕན་ཡོན་མ་མཐོང་བ་དང་། དེ་ལ་ཡོད་པའི་ཡོན་ཏན ་མཐོང་བའི་དད་པ་དང་། མོས་པ་སྤངས་པའི་བྱང་ཆུབ་སེམས་དཔའ་དེ་གོང་དུ་མྱ་ངན་ལས་འདས་པའི་ཚོགས་ཡོངསུ་རྫོགས་པར་མི་འགྱུརརོ།། གལ་ཏེ་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ལ་ཤས་ཆེར ་གནས་པར་གྱུར་ན་ནི། མྱུར་བ་ཉིད་དུ་ཡོངསུ་མྱ་ངན་ལས་འདའ་བར་འགྱུརརོ།། མྱུར་དུ་ཡོངསུ་མྱ་ངན་ལས་འདས་ན་སངས་རྒྱས་ཀྱི་ཆོས་རྣམས་དང་། སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད་པར་མི་འགྱུརརོ།། དེ་ལ་འཁོར ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་མ་ཤེས་ཏེ། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་འཁོར་བ་ན་འཁོར་བ་གང་ཡིན་པ་དང་། འཁོར་བ་ལས་ཡིད་སྐྱོ་སྟེ། མྱུར་དུ་མྱ་ངན་ལས་འདའ་བ་གང་ཡིན་པ་དང་། མྱ ་ངན་ལས་འདས་པས་ཡིད་སྐྲག་སྟེ། དེའི་ཚོགས་ཡོང་སུ་རྫོགས་པར་མི་འགྱུར་བ་གང་ཡིན་པ་དང་། མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ལས་ཤས་ཆེར་གནས་ཏེ། མྱུར་དུ་ཡོངསུ་མྱ་ངན་ལས་འདར་བ་གང་ཡིན་པ་དེ་ནི་བྱུང ་ཆུབ་སེམས་དཔའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་ཐབས་མི་མཁས་པ་ཡིན་པར་རིག་པར་བྱའོ།། འཁོར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་ཏེ། ཀུན་ནས ་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བ་ན་འཁོར་བ་གང་ཡིན་པ་དང་། འཁོར་བ་ལོ་མི་རྟག་པ་ལ་སོགས་པ་རྣམ་པ་གང་གིས་ཡིད་མི་སྐྱོ་སྟེ། མྱུར་དུ་ཡོངསུ་མྱ་ངན་ལས་མི་འདའ་བ་གང་ཡིན་པ་དང་། ་མྱ་ངན་ལས་འདས་པས་ཡིད་མི་སྐྲག་སྟེ། དེའི་ཚོགས་ཡོངསུ་རྫོགས་པར་འགྱུར་བ་གང་ཡིན་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་དང་། ཕན་ཡོན་མཐོང་སྟེ། ཧ་ཅང་སྤྲོ་བར་མི་འགྱུར་ཅིང་མྱུར་དུ་མྱ ་ངན་ལྔས་འདའ་བ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་ཆེན་པོ་ཡིནོ།། ཐབས་དེ་ཡང་སྟོང་པ་ཉིད་ཀྱི་མཆོག་ལ་མོས་པ་འདི་ལ་བརྟེན་པ ་ཡིན་ཏེ། དེ་བས་ན་སྟོང་པ་ཉིད་ཀྱི་མཆོག་ལ་མོས་པ་བསྒོམ་པ། བྱང་ཆུབ་སེམས་དཔའི་སློབ་པའི་ལམ་གྱིས་བསྡུས་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཡེ་ཤེས་ཐོབ་པར་བྱ་བའི་ཐབས་ཆེན་པོ་ཞེས་བྱའོ།། ་བྱང་ཆུབ་སེམས་དཔའ་དེ་ནི་ཆོས་བདག་མེད་པའི་ཡེ་ཤེས་རིང་དུ་ཞུགས་པ་དེས་ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པས་དངོས་པོ་ཙམ་མམ། དེ་བཞིན་ཉིད་ཙམ་དུ་འཛིན ་པ་མ་གཏོགས་པར་ཆོས་གང་ལ་ཡང་རུང་སྟེ། ཇི་ལྟ་བུར་ཡང་རྣམ་པར་རྟོག་པར་མི་བྱེད།། འོན་ཀྱང་འདི་སྙམ་དུ་འདི་ནི་དངོས་པོ་ཙ་མོ།། འདི་ནི་དེ་བཞིན་ཉིད་ཙམོ་སྙམ་དུ་ཡང་དེ་མི་སེམས་ལ། བྱང་ཆུབ་སེམས ་དཔའ་དེ་དོན་ནི་སྤྱོད་པར་བྱེད།། དོན་གྱི་དམ་པ་ལ་སྤྱོད་ན། ཆོས་ཐམས་ཅད་དེ་བཞིན་ཉིད་དེ་དང་མཚུངས་མཉམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཤེས་རབ་ཀྱིས་མཐོང་སྟེ། ཐམས་ཅད་ལ་མཉམ་པར་ལྟ་ཞིང ་སེམས་སྙོམས་པོས་བཏང་སྙོམས་ཀྱི་མཆོག་ཐོབ་པར་འགྱུརརོ།། དེ་ལ་བརྟེན་ན་བྱང་ཆུབ་སེམས་དཔའི་རིག་པའི་གནས་ཐམས་ཅད་ལ་མཁས་པར་བྱ་བ་ལ་སྦྱོར་བ་ན། ཡོངསུ་ངལ་བ་ཐམས་ཅད་དང་། སྡུག་བསྔལ་གྱིས ་ཐེབས་པ་ཐམས་ཅད་ཀྱིས་སྒྱིད་ལུག་པར་མི་འགྱུར་ལ། ལུས་ངལ་བ་མེད་པ་དང་། སེམས་ངལ་བ་མེད་པས་དེ་ལ་མཁས་པ་མྱུར་དུ་ཡང་དག་པར་སྒྲུབ་པར་བྱེད་དེ། དྲན་པའི་སྟོབས་བསྐྱེད་པ་ཆེན་པོ་ཡང་ཐོབ་པར ་འགྱུརརོ།། མཁས་པར་གྱུར་པ་དེས་ཀྱང་ཁེངས་པར་མི་འགྱུར་ལ། གཞན་དག་ལ་ཡང་སློབ་དཔོན་གྱི་དཔེ་མཁྲུང་མི་བྱེད་དོ།། མཁས་པར་བྱ་བ་ཐམས་ཅད་ལ་ཡང་སེམས་ཞུམ་པར་མི་འགྱུར་ཞིང་། སྤྲོ་བ་དང ་ལྡན་ཏེ། འཇུག་པ་ཡང་ཐོགས་པ་མེད་པར་འགྱུརརོ།། གོ་ཆའི་སྦྱོར་བ་ཡང་བརྟན་པར་འགྱུར་ཏེ། ཇི་ལྟ་ཇི་ལྟར་འཁོར་བ་ན་འཁོར་བའི་ཚེ། སྡུག་བསྔལ་བའི་ཁྱད་པར་རྙེད་པ་དེ་ལྟ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ལ་སྤྲོ་བ་སྐྱེ་བར་འགྱུར་རོ།། ཇི་ལྟ་ཇི་ལྟར་ལུས་ཀྱི་ཁྱད་པར་ཐོབ་པར་གྱུར་པ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ལ་ཤིན་ཏུ་ང་རྒྱལ་མེད་པར་འགྱུར།། ཇི་ལྟ་ཇི་ལྟར་ཤེས་པའི་ཁྱད་པར། ་ཐོབ་པ་དེ་ལྟ་དེ་ལྟར་གཞན་ལ་ཀླན་ཀཱ་ཚོལ་བ་དང་། རྩོད་པ་དང་། སྨྲ་བ་མང་བ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་དང་། ཚུལ་འཁྲུལ་པ་ཀུན་ཏུ་སྤྱོད་པ་རྣམས་ཡོངསུ་ཤེས་པར་བྱས་ཤིང་ཡོངསུ་ཤེས ་པར་བྱས་ནས་ཤས་ཆེན་སེམས་ཀྱིས་ལྷག་པར་བཏང་སྙོམསསུ་བྱེད། ཇི་ལྟ་ཇི་ལྟར་ཡོན་ཏན་དག་གིས་སྐྱེ་བ་དེ་ལྟ་དེ་ལྟར་དགེ་བ་མི་བཅོམ་པར་འགྱུར་ཞིང་། གཞན་ལས་ཤེས་ཀྱི་ཁེ་དང་། རྙེད་པ་དང་། བཀུར་སྟི་མི་ཚོལ ་ཏེ། བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལ་བརྟེན་པ་ལ་ནི་དེ་ལྟ་བུ་འདི་དག་དང་མཐུན་པའི་ཕན་ཡོན་མང་པོ་བྱང་ཆུབ་ཀྱི་ཕྱོགས་དང་། བྱང་ཆུབ་དང་མཐུན་པ་དག་འབྱུང་བར་འགྱུར་རོ།། དེ་བས་ན་གང་ལ་ལ་དག་བྱང་ཆུབ་ཐོབ ་པར་གྱུར་པ་དང་། གང་ལ་ལ་དག་ཐོབ་པར་འགྱུར་བ་དང་། གང་དག་ཐོབ་པ་དེ་དག་ཐམས་ཅད་ནི་ཡེ་ཤེས་དེ་ཉིད་ལ་བརྟེན་ནས་ཏེ། དམན་པ་འམ། ཁྱད་པར་ཅན་གཞན་ལས་མ་ཡིནོ།། བྱང་ཆུབ་སེམས་དཔའ་དེ ་ལྟར་སྤྲོས་པ་མེད་པའི་ཚུལ་ལ་ཞུགས་ཤིང་། དེ་ལྟར་ཕན་ཡོན་མང་པོ་དང་ལྡན་པ་ནི། བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱ་བ་དང་། གཞན་དག་ཀྱང་ཐེག་པ་གསུམ་གྱི་ཆོས་ཡོངསུ་སྨིན་པར་བྱ་བའི་ཕྱིར ་ཡང་དག་པར་ཞུགས་པ་ཡིནོ།། འདི་ལྟར་ཡང་ཡང་དག་པར་ཞུགས་པ་ཡིན་ཏེ། ལོངས་སྤྱོད་རྣམས་དང་། ལུས་ལ་ཡང་སྲེད་པ་མེད་ལ། སེམས་ཅན་རྣམས་ལ་ལོངས་སྤྱོད་དང་། ལུས་ཡོངསུ་གཏོང་བའི་ཕྱིར་ཡང་སྲེད་པ་མེད་པར ་སློབ་པོ།། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ལུས་དང་ངག་བསྡམས་ཤིང་། ཤིན་ཏུ་བསྡམས་པ་ཡང་ཡིན་ལ། རང་བཞིན་གྱིས་སྡིག་པ་ལ་མི་དགའ་བ་དང་། རང་བཞིན་གྱིས་བཟང་ཞིང་དགེ་བའི་ཕྱིར་སྡོམ་པ་ལ་ཡང་སློབ་པའོ།། ་གཞན་ལས་གནོད་པ་དང་། ལོག་པར་སྒྲུབ་པ་བྱུང་བ་ཐམས་ཅད་ལ་ཡང་བཟོད་པ་ཡིན་ལ། ཁྲོ་བ་ཆུང་བར་བྱ་བ་དང་། གཞན་ལ་གནོད་པ་མི་བྱ་བའི་ཕྱིར་བཟོད་པ་ལ་ཡང་སློབ་པོ།། སེམས་ཅན་རྣམས་ཀྱི་ཐེ་ཚོམ་བསལ ་བ་དང་། ཕན་གདགས་པ་བསྒྲུབ་པ་དང་། བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡོངསུ་གཟུང་བའི་ཕྱིར་རིག་པའི་གནས་ཐམས་ཅད་ལ་ཡང་བརྩོན་པ་འོམ་མཁས་པ་ཡིནོ།། སེམས་ཅན་ནང་ན་གནས་ཤིང་སེམས་ཤིན ་ཏུ་མཉམ་པར་བཞག་པ་ཡང་ཡིན་ལ། སེམས་གནས་པར་བྱ་བ་དང་། ཚངས་པའི་གནས་པ་བཞི་ཡོངསུ་དག་པར་བྱ་བ་དང་། མངོན་པར་ཤེས་པ་ལྔས་རྣམ་པར་རྩེ་བས་སེམས་ཅན་གྱི་བྱ་བ་སྒྲུབ་པ་དང་། མཁས ་པར་བྱ་བ་ཐམས་ཅད་ལ་མངོན་པར་བརྩོན་པ་ལས་བྱུང་བའི་ངལ་བ་བསལ་བའི་ཕྱིར་ཡང་སློབ་པོ།། མཛངས་ཤིང་དེ་ཁོ་ན་ཆོག་ཤེས་པ་ཡང་ཡིན་ལ། ཕྱི་མ་ལ་བདག་ཉིད་ཐེག་པ་ཆེན་པོས་ཡོངསུ་མྱ་ངན་ལས་འདའ་བར་བྱ ་བའི་ཕྱིར། དེ་ཁོ་ན་ཆོག་ཤེས་པ་ལ་ཡང་སློབ་པོ།། བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པའི་སྦྱོར་བ་བྱེད་བྱེད་པ་དེ་ནི་སེམས་ཅན་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་མཆོད་པ་དང་། རྙེད་པ་དང་། ་བཀུར་སྟི་བྱེད་པར་ཉེ་བར་གནས་པ་ཡིན་ནོ།། སེམས་ཅན་སྐྱོན་ཅན་རྣམས་ལ་ནཱི། མཆོག་ཏུ་སྙིང་རྗེ་བའི་སེམས་དང་། སྙིང་བརྩི་བའི་སེམས་ཀྱིས་ཉེ་བར་གནས་པ་ཡིན་ཏེ། ཅི་ནུས་ཅི་ལྕོགསུ་དེ་དག་གི་སྐྱོན་བསལ་བའི་ཕྱིར ་ཡང་སྦྱོར་བར་བྱེད་དོ།། སེམས་ཅན་གནོད་པ་བྱེད་པ་རྣམས་ལ་ནི་བྱམས་པའི་སེམས་ཀྱིས་ཉེ་བར་གནས་པ་ཡིན་ཏེ། གནོད་པར་བྱེད་པ་དེ་དག་གི་རང་གི་བསམ་པ་དང་། སྦྱོར་བའི་ཉེས་པས་ཁོན་གྱི་སེམསུ་གྱུར་པ་སྤང་བའི་ཕྱིར། ་གཡོ་དང་སྒྱུ་མྱེད་པར་ཅི་ནུས་ཅི་ལྕོགསུ་ཕན་པ་དང་། བདེ་བ་ཉེ་བར་སྒྲུབ་པོ།། སེམས་ཅན་ཕན་འདོགས་པ་རྣམས་ལ་ནི་བྱས་པ་གཟོ་བས་ལན་དུ་ཕན་གདགས་པ་དེ་དང་མཉམ་པ་འམ། ལྷག་པར་ཉེ་བར་གནས་པ་ཡིན་ཏེ། ་དེ་དག་གི་ཆོས་དང་མཐུན་པའི་བསམ་པ་ཡང་ཅི་ནུས་ཅི་ལྕོག་སུ་ཡོང་སུ་རྫོགས་པར་བྱེད་དོ།། མཐུ་མེད་ན་ཡང་མ་བཅོལ་བར་དོན་དུ་བྱ་བ་དེ་དང་དེ་དག་ལ་གུས་པར་རྩོལ་བ་སྟོན་པར་བྱེད་དེ། ལན་འགའ་བྱས་པ་ཙམ་གྱིས ་མི་གཏོང་ཞིང་། ཅི་ནས་བདག་གིས་མ་ནུས་པ་ཡིན་གྱི། བྱེད་མི་འདོད་པ་ནི་མ་ཡིནོ་སྙམ་དུ་དེས་ཤེས་པར་བྱེད་དེ། དེ་ལྟ་བུ་དང་མཐུན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སྤྲོས་པ་མེད་པའི་ཚུལ་ལ་ཞུགས་ཤིང་དེ་ཁོ་ན་ཆོག་ཤེས ་པ་ལ་བརྟེན་པའི་ཡང་དག་པའི་སྦྱོར་བ་ཡིན་པར་རིག་པར་བྱའོ།། དེ་ལ་རིགས་པ་གང་གིས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། ཆོས་རྣམས་ཀྱི་རང་གི་མཚན་ཉིད་དུ་འདོགས ་པ་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འམ། ཚོར་བ་ཞེས་བྱ་བ་འམ། འདུ་ཤེས་ཞེས་བྱ་བ་འམ། འདུ་བྱེད་རྣམས་ཤེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཐ་ན་མྱ་ངན་ལས་འདས་པ ་ཞེས་བྱ་བའི་བར་གང་ཡིན་པ་དེ་ནི་བཏགས་པ་ཙམ་དུ་ཟད་པར་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱང་མ་ཡིན་དེ་ལས་མ་གཏོགས་པ་དང་དེ་ལས་གུད་ན་ཡང་ངག་གི་སྤྱོད་ཡུལ་དང་ངག་གི་ཡུལ་མེད་དོ།། དེ་ལྟར་ན་ཆོས་ཐམས ་ཅད་ཀྱི་ངོ་བོ་ཉིད་ནི་ཇི་ལྟར་བརྗོད་པ་དེ་བཞིན་དུ་ཡོད་པར་མི་འགྱུར་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ནོ།། དེ་དེ་ལྟར་ཡོད་པ་ཡང་མ་ཡིན་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ན ་ཇི་ལྟར་ཡོད་ཅེ་ན། རང་གི་མཚན་ཉིད་ཀྱི་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པའི་ལེགས་པར་མ་ཟིན་པ་སྤངས་པ་དང་། ཡང་དག་པ་ལ་བསྐུར་པ་བཏབ་པའི་ལེགས་པར་མ་ཟིན་པ་སྤངས་པ་ཡོད་དོ།། ཆོས་ཐམས ་ཅད་ཀྱི་དོན་དམ་པའི་ངོ་བོ་ཉིད་དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན་པར་རིག་པར་བྱའོ།། གལ་ཏེ་ཆོས་གང་དག་དང་། དངོས་པོ་གང་ལ་ཇི་ལྟར་བརྗོད་པ་འཇུག་པ་བཞིན་དུ་ཆོས་དེ་དག་དང་དངོས་པོ་དེ་དེའི ་བདག་ཉིད་དུ་འགྱུར་ན་ནི། དེ་ལྟར་ན་ནི་ཆོས་གཅིག་པུ་དང་། དངོས་པོ་གཅིག་པུའི་ངོ་བོ་ཉིད་རྣམ་པ་སྣ་ཚོགས་མང་པོར་འགྱུར་བར་རིག་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་གཅིག་པུ་དང་། ་པོ་གཅིག་པུ་ལ་མང་པོ་དག་གིས་རྣམ་པ་སྣ་ཚོགས་མང་པོར་བརྗོད་ཅིང་འདོགས་ཏེ་ཉེ་བར་འདོགས་པར་བྱེད་ལ། འདོགས་པའི་ཚིག་རྣམ་པ་སྣ་ཚོགས་མང་པོ་དག་ལས་འདོགས་པའི་ཚིག་གང་ཡང་རུང་བ་གཅིག་ཅིག་ཆོས་དེ་དང་དངོས ་པོ་དེ་ལ་དེའི་བདག་ཉིད་དང་དེའི་རང་བཞིན་གྱི་ངོ་བོ་ཉིད་དུ་འགྱུར་ལ། འདོགས་པའི་ཚིག་ལྷག་མ་གཞན་དག་ནི་མ་ཡིནོ་ཞེས་བྱ་བའི་ངེས་པ་ཅི་ཡང་མི་དམིགས་ཏེ། དེ་བས་ན་འདོགས་པའི་ཚིག་ཐམས་ཅད་ནི་མཐའ་དག་གམ ་ཁ་ཅིག་ཀྱང་རུང་སྟེ། ཆོས་ཐམས་ཅད་དང་དངོས་པོ་ཐམས་ཅད་ཀྱི་དེའི་བདག་ཉིད་འགྱུར་བ་ཡང་མེད་ལ། དེའི་རང་བཞིན་གྱི་ངོ་བོ་ཉིད་དུ་འགྱུར་བ་ཡང་མེད་དོ།། གཞན་ཡང་གལ་ཏེ་གཟུགས་ལ་སོགས་པའི་ཆོས་སྔར་ཇི་སྐད ་བསྟན་པ་རྣམས་འདོགས་པའི་ཚིག་གི་ངོ་བོ་ཉིད་མ་ཡིན་དུ་ཟིན་ན། དེ་ལྟ་ན་ཇེ་དངོས་པོར་སྔར་བྱུང་ལ། ཕྱིས་དེ་ལ་དགའ་མགུར་འདོགས་པའི་ཚིག་ཉེ་བར་འདོགས་ན་ནི། འདོགས་པའི་ཚིག་གིས་ཉེ་བར་འདོགས་པའི ་སྔ་རོལ་འདོགས་པའི་ཚིག་གིས་ཉེ་བར་མ་བཏགས་པའི་ཚེ། ཆོས་དེ་དང་དངོས་པོ་དེ་ངོ་བོ་ཉིད་མེད་པ་ཁོ་ནར་འགྱུརརོ།། ངོ་བོ་ཉིད་མེད་པར་གྱུར་ན་ཡང་དངོས་པོ་མེད་པ་ལ་ནི་འདོགས་པའི་ཚིག་གིས་ཉེ་བར་གདག་སུ་མི་རུང་ངོ་།། ་འདོགས་པའི་ཚིག་གིས་ཉེ་བར་འདོགས་པ་མེད་ན་ཡང་། ཆོས་དང་དངོས་པོ་འདོགས་པའི་ཚིག་གི་ངོ་བོ་ཉིད་དུ་ཡོད་པར་མི་རུང་།། གལ་ཏེ་འདོགས་པའི་ཚིག་ཉེ་བར་འདོགས་པའི་སྔ་རོལ་ནས། གཟུགས་དེ་གཟུགས་ཀྱི་བདག ་ཉིད་ཡིན་ཏེ། ཕྱིས་ཀྱང་གཟུགས་ཀྱི་བདག་ཉིད་ལ་གདགས་པའི་ཚིག་གིས་བསྡུས་པའི་གཟུགས་ཉེ་བར་འདོགས་པར་བྱེད་ན་ཡང་། དེ་ལྟ་ན་ནི་གཟུགས་ཞེས་འདོགས་པའི་ཚིག་ཉེ་བར་འདོགས་པ་དེ་མེད་བཞིན་དུ་ཡང་གཟུགས ་ཞེས་བྱ་བར་འགྱུར་བའི་ཆོས་དང་། གཟུགས་ཞེས་བྱ་བར་འགྱུར་བའི་དངོས་པོ་དེ་ལ་གཟུགས་ཀྱི་བློ་འཇུག་པར་འགྱུར་བའི་རིགས་ན་མི་འཇུག་སྟེ། དེ་བས་ན་གཏན་ཚིགས་འདི་དང་། རིགས་པ་འདིས་ཆོས་ཐམས་ཅད ་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པར་བྱའོ།། གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་ལ་སོགས་པ་ནས། ཐ་ན་མྱ་ངན་ལས་འདས་པའི་བར་དུ་ཇི་སྐད་བསྟན་པའི་ཆོས་རྣམས་ལ་ཡང་དེ་བཞིན་དུ་རིག་པར ་བྱའོ།། གཟུགས་ལ་སོགས་པའི་ཆོས་རྣམས་གཟུགས་ལ་སོགས་པའི་དངོས་པོ་ལ་འདོགས་པའི་ཚིག་གི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ཡོད་པ་མ་ཡིན་ལ་སྒྲོ་བཏགས་ནས་མངོན་པར་ཞེན་པ་གང་ཡིན་པ་དང་། ་འདོགས་པའི་ཚིག་གི་མཚན་མའི་གཞི་འདོགས་པའི་ཚིག་གི་མཚན་མའི་རྟེན་དུ་གྱུར་པ། བརྗོད་དུ་མེད་པའི་བདག་ཉིད་ཀྱིས་དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེ་དོ་ཞེས་སྐུར་པ ་འདེབས་ཤིང་ཆུད་གཟོན་པར་བྱེད་པ་གང་ཡིན་པ་འདི་གཉིས་ནི་ཆོས་འདུལ་བ་འདི་ལ་ར་ཏུ་ཉམས་པ་ཡིན་པར་རིག་པར་བྱའོ།། ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པའི་ཉེས་པ་གང་ཡིན་པ་དེ་དང་། ་ནི་ཐོག་མ་ཉིད་དུ་དཔྱད་ཅིང་བསལ་བར་བྱས་ལ། བཀྲོལ་ཞིང་བསྟན་ཟིན་ཏེ་ཉེས་པ་དེ་དག་གིས་གཟུགས་ལ་སོགས་པའི་དངོས་པོ་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པས་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་པར་རིག་པར ་བྱའོ།། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་ཡང་སྐུར་པ་འདེབས་ཤིང་། ཐམས་ཅད་ཆུད་གཟོན་པ་དེ་དག་ཆོས་འདུལ་བ་འདི་ལས་ཇི་ལྟར་རབ་ཏུ་ཉམས་པར་འགྱུར་བ་དེ་ལྟར་བཤད་པར་བྱ་སྟེ། གཟུགས ་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་སྐུར་པ་འདེབས་པ་ལ་ནི་དེ་ཁོ་ན་ཡང་མེད་པ་ལ་འདོགས་པ་ཡང་། དེ་གཉིས་ཀ་ཡང་མི་རིགས་སོ།། འདི་ལྟ་སྟེ་དཔེར་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཡོད་ན། ་གང་ཟག་གདགསུ་རུང་གི། མེད་དུ་ཟིན་ན་ནི་དངོས་པོ་མེད་པ་ལ་གང་ཟག་གདུག་སུ་མདོ།། དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ཡོད་ན། གཟུགས་ལ་སོགས་པའི་ཆོས་འདོགས་པའི་ཚིག་ཉེ་བར ་གངག་སུ་རུང་གི། མེད་དུ་ཟིན་ན་དངོས་པོ་མེད་པ་ལ་གདགས་པའི་ཚིག་གིས་ཉེ་བར་འདོགས་པ་མདོ།། དེ་ལ་འདོགས་པའི་གཞི་མེད་དུ་ཟོན་ན་ནི། གཞི་མེད་པར་གྱུར་པས་འདོགས་པའང་མེད་པར་འགྱུརརོ།། དེ་བས་ན་གང་དག ་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ། དགོངས་པའི་དོན་བསྟན་པ་དག་ཐོས་ན་བཤད་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ན་ཚུལ་བཞིན་མ་ཡིན་པ་རྣམ་པར་བརྟགས ་ཏེ། རིགས་པ་མ་ཡིན་པས་བསྐྱེད་པའི་རྟོགས་པ་ཙམ་གྱིས་འདི་ཐམས་ཅད་ནི་བརྟགས་པ་ཙམ་དུ་ཟད་དེ། འདི་ནི་དེ་ཁོ་ན་ཡིནོ།། སུ་འདི་ལྟར་ལྟ་བ་དེ་ནི་ཡང་དག་པར་ལྟ་བ་ཡིནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ།། དེ་དག ་གི་ལྟར་ན་འདོགས་པའི་གཞི་དངོས་པོ་ཙམ་ཡང་མེད་པས། འདོགས་པ་དེ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ན། བཏགས་ཙམ་གྱི་དེ་ཁོ་ན་ལྟ་ཡོད་པ་རཱ་ག་ལ་འགྱུར་ཏེ། དེ་བས་ན་རྣམ་གྲངས་དེས་ན་དེ་དག ་གིས་ནི་དེ་ཁོ་ན་དང་། བཏགས་པ་དེ་གཉི་ག་ལ་ཡང་སྐུར་པ་བཏབ་པར་འགྱུར་ཏེ། བཏགས་པ་དང་དེ་ཁོ་ན་ལ་སྐུར་པ་བཏབ་པས་ན། མེད་པར་ལྟ་བའི་གཙོ་བོ་ཡིན་པར་རིག་པར་བྱའོ།། དེ་ལྟར་མེད་པ་དེ་ནི་ཚངས་པ་མཚུངས ་པར་སྤྱོད་པ་མཛངས་པ་རྣམས་ཀྱིས་སྨོས་པའི་འོས་མ་ཡིན་པ་དང་། འགྲོགས་པར་མི་བྱ་བ་ཡིན་ཏེ། དེ་ནི་བདག་ཉིད་ཀྱང་འཕུང་བྱར་བྱེད་ལ། འཇིག་རྟེན་གང་དེའི་ལྟ་བ་ལ་ཕྱོགས་པ་ཡང་འཕུང་བར་བྱེད་དོ།། བཅོམ ་ལྡན་འདས་ཀྱིས་འདི་ལ་དགོངས་ནས། འདི་ན་ལ་ལ་གང་ཟག་ཏུ་ལྟ་བ་ནི་བློའི། ལ་ལ་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་དེ་ལྟ་མ་ཡིནོ་ཞེས་བཀའ་སྩལ་ཏེ། དེ་ཅིའི་ཕྱིར་ཞེ་ན། གང་ཟག་ཏུ་ལྟ་བ་ཅན་གྱི་སྐྱེ་བ་ནི་ཤེས་བྱ་ལ ་རྨོངས་པ་འབའ་ཞིག་ཏུ་ཟད་དོ།། ཤེས་བྱ་ཐམས་ཅད་ལ་སྐུར་པ་འདེབས་པ་མ་ཡིན་ཏེ། གཞི་ངེས་སེམས་ཅན་དམྱལ་བ་རྣམསུ་སྐྱེ་བར་མི་འགྱུར་ལ། གཞན་ཆོས་འདོད་པ་དང་། སྡུག་བསྔལ་ལས ་རྣམ་པར་ཐར་བར་འདོད་པ་དག་ཀྱང་ཕུང་པོར་མི་བྱེད་ཅིང་སླུ་བར་མི་བྱེད་ལ། ཆོས་དང་བདེན་པ་ལ་ཡང་འགོད་པར་བྱེད་དོ།། བསླབ་པའི་གཞི་དག་ལ་ཡང་གཡེལ་བར་མི་འགྱུརརོ།། སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་ཤེས་བྱའི་དངོས་པོ་ལ ་ཡང་རྨོངས་ལ། ཤེས་བྱ་ཐམས་ཅད་ལ་སང་སྐུར་པ་འདེབས་ཏེ། གཞི་དེས་སེམས་ཅན་དམྱལ་བ་རྣམསུ་ཡང་སྐྱེ་བར་འགྱུར་ལ། གཞན་ཆོས་འདོད་པ་དང་། སྡུག་བསྔལ་ལས་རྣམ་པར་ཐར་བར་འདོད་པ་རྣམས་ཀྱང་ཕུང་བར ་བྱེད་དོ།། བསླབ་པའི་གཞི་དག་ལ་ཡང་གཡེལ་བར་འགྱུར་ཏེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱིས་དངོས་པོ་ལ་སྐུར་པ་འདེབས་པ་ནི་ཆེས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིནོ།། ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་འཛིན ་བ་ཡིན་ཞེ་ན། དགེ་སློང་ངམ། བྲམ་ཟེ་གང་ལ་ལ་དྲུག་གང་གིས་སྟོང་པ་དེ་ཡང་མི་འདོད་ལ་གང་གིས་གང་སྟོང་པ་དེ་ཡ་མཱི་འདོད་པ་འདི་ལྟ་བུ་འདི་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གང ་གིས་སྟོང་པ་དེ་མེད་པ་དང་། གང་སྟེང་པ་དེ་ཡོད་པའི་སྟོང་པ་ཉིད་ནི་རིགས་པའི་ཕྱིརརོ།། ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ། དེས་ན་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་ནི་མི་རུང་།། དེ་བས་ན་དེ་ལྟ་བུ ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིནོ།། ཇི་ལྟར་ན་སྟོང་པ་ཉིད་ལ་ལེགས་པར་ཟིན་པ་ཡིན་ཞེ་ན། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་མཐོང་ལ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདི་ན་ཡང་དག་པར་ཡོད ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱ་སྟེ། འདི་ལྟ་སྟེ་གཟུགས་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པའི་དངོས་པོ་རྣམས་ལ ་གཟུགས་ཞེས་བྱ་བ་ལ་སོགས་པར་འདོགས་པའི་ཚིག་གི་བདག་ཉིད་ཀྱི་ཆོས་མེད་དེ་བས་ན་གཟུགས་ཞེས་བྱ་བ་ལ་སོགས་པའི་དངོས་པོ་གཟུགས་ཞེས་བྱ་བ་ལ་སོགས་པར་འདོགས་པའི་ཚིག་གིས་བདག་ཉིད་དེས་སྟོང་ངོ་།། གཟུགས ་ཞེས་བྱ་བ་ལ་སོགས་པའི་དངོས་པོ་དེའི་ལྷག་མ་གང་ཞེ་ན། འདི་ལྟ་སྟེ།། གཟུགས་ཞེས་པ་ལ་སོགས་པར་འདོགས་པའི་ཚིག་ཙམ་པོ་འདི་ཡིན་ཏེ། འདི་གཉི་ག་ཡང་འདི་ལྟ་སྟེ། དངོས་པོ་ཙམ་ཡོད་པ་དང་།། དངོས་པོ་ཙམ ་དུ་འདོགས་པ་ཙམུ་ཡོད་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཡོད་པ་མ་ཡིན་པ་ལ་ཡང་སྒྲོ་མི་འདོགས་ལ། ཡང་དག་པ་ལ་ཡང་སྐུར་པ་མི་འདེབ་སོ།། ལྷག་པར་ཡང་མི་བྱེད་ལ་ཉུ་ངུར་ཡང་མི་བྱེད་དོ།། ་འདོར་བར་ཡང་མི་བྱེད་ལ། སྨོན་པར་ཡང་མི་བྱེད་དེ། ཡང་དག་པ་ཇི་ལྟ་བ་དེ་བཞིན་ཉིད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལེགས་པོར་ཟིན་པ་ཞེས་བྱ་སྟེ། ཡང་དག་བྲི ་ཤེས་རབ་ཀྱིས་ཤིན་ཏུ་རྟོགས་པ་ཞེས་བྱའོ།། འདི་ནི་རེ་ཞིག་འཐད་པས་སྒྲུབ་པའི་རིགས་པ་དང་རྗེ་སུ་མཐུན་པ་ཡིན་ཏེ། འདིས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ།། ་ཡིད་ཆེས་པའི་ལུང་གིས་ཀྱང་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་སྲིད་པ་འཕོ་བོའི་མདོ་ལས། དོན་འདི་ཉིད་ཚིགསུ་བཅད་པའི་དབྱངས་ཀྱིས་འདི་སྐད་དུ། མིང་ནི་གང་དང ་གང་གིས་སུ།། ཆོས་རྣམས་གང་དང་གང་བརྗེད་པ།། དེ་ལ་དེ་ནི་ཡོད་མ་ཡིན།། འདི་ནི་ཆོས་རྣམས་ཆོས་ཉིད་དོ་ཞེས་གསུངས་ཏེ། ཚིགསུ་བཅད་པ་འདིས་དོན་ཇི་ལྟར་བསྟན་ཅི་ན། གཟུགས་ལ་སོགས་པར་མིང་བརྟགས་པའི་ཆོས ་ཀྱི་གཟུགས་ཞེས་བྱ་བ་ལ་སོགས་པའི་མིང་གང་ཡིན་པ་གཟུགས་ཞེས་བྱ་བ་ལ་སོགས་པའི་མིང་དེས་གཟུགས་ལ་སོགས་པར་མིང་བཏགས་པའི་ཆོས་དེ་དག་ལ་གཟུགས་ཞེས་བྱ་བ་འམ། ཚོར་བ་ཞེས་བྱ་བ་ནས་རྒྱས་པར་མྱ་ངན་ལས ་འདས་པ་ཞེས་བྱ་བའི་བར་དུ་བརྗོད་ཅིང་བསྙད་པ་དེ་ལ་གཟུགས་ཞེས་བྱ་བ་ལ་སོགས་པའི་ཆོས་རྣམས་བདག་ཉིད་ཀྱིས་ཀྱང་གཟུགས་ཀྱི་བདག་ཉིད་མ་ཡིན་ལ། དེ་དག་ལ་ཡང་དེ་ལས་གཞན་པ་གཟུགས་ལ་སོགས་པའི་བདག་ཉིད་ཀྱི ་ཆོས་མེད་དེ། གཟུགས་ལ་སོགས་པར་མིང་བཏགས་པའི་ཆོས་དེ་དག་གིས་བརྗོད་དུ་མེད་པའི་དོན་དུ་ཡོད་པ་ཉིད་གང་ཡིན་པ་དེ་ནི། ཡང་དག་པར་ངོ་བོ་ཉིད་ཀྱི་ཆོས་ཉིད་ཡིན་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱི་དོན་གྱི་སྡེ ་ཚུན་དག་ལས་ཀྱང་། འཇིག་རྟེན་དག་ནས་ཀུན་རྫོབ་གང་ཅི་ཡོད།། དེ་ཀུན་ཐུབ་པས་ཞལ་གྱིས་མི་བཞེས་ཏེ།། གཟིགས་དང་གསན་ལ་བཞེད་པར་མི་མཛད་པས།། དེ་ནི་ཞལ་གྱིས་མི་བཞེས་གང་གིས་འཛིན་ཅེས་གསུངས་ཏེ།། ་ཚིགསུ་བཅད་པ་འདིས་དེའི་དོན་ཇི་ལྟར་བསྟན་ཅེ་ན། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་བཏགས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། བཏགས་པ་དེ་དག་ནི་དངོས ་པོ་དེའི་བདག་ཉིད་ཡིནོ་ཞེས་བྱ་བར་དེ་ལྟར་མི་བཞེད་དེ། དེ་དག་ཀུན་རྫོབ་ཡིན་པའི་ཕྱིརརོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་བསྐྱོད་པ་དང་བསྐུར་བའི་ལྟ་བ་ནི་མི་མངའ་སྟེ། དེ་ལྟ་བས་ན་དེ་ལ་ཕྱིན་ཅི་ལོག་ཉེ་བར་འཇོག་པའི ་ལྟ་བ་དེ་མི་མངའ་བའི་ཕྱིར། ཞལ་གྱིས་མི་བཞེས་ཞེས་བྱའོ།། དེ་དེ་ལྟར་ཞལ་གྱིས་མི་བཞེས་པས་ལྟ་བ་དེ་མེད་པར་དངོས་པོ་དེ་ལ་སྒྲོ་འདོགས་པ་འམ། སྐུར་པ་འདེབས་པར་གང་གིས་འཛིན། འཛིན་པ་མི་མངའ་ན ་ཤེས་བྱ་ཡང་དག་པར་གཟིགས་པ་ཡིན་ཏེ། དེ་ནི་དེའི་གཟིགས་པ་ཡིན།། ཤེས་བྱ་དེ་ཉིད་ཀྱིས་བརྗེད་པ་གསན་པ་གང་ཡིན་དེ་ནི་དེའི་གསན་པ་ཡིན་ཏེ། གཟིགས་པ་དང་གྲསན་པ་དེ་ལ་སྲེད་པ་སྐྱེད་པར་མི་མཛད་འཕེལ་བར་མི ་མཛད་ཀྱི། དམིགས་པ་དེ་སྤོང་ཞིང་བཏང་སྙོམས་ཅན་དུ་གནས་ཏེ། དེ་ལྟར་ན་བཞེད་པར་མི་མཛད་དོ།། ཡང་བཅོམ་ལྡན་འདས་ཀྱིས་སྡུམས་བྱེད་ཀ་ཏའི་བུ་ལས་བརྩམས་ཏེ། བཀའ་སྩལ་པོ་འདི་ན་དགེ་སློང་སྡུམས་བྱེད་ནི ་ས་ལ་བརྟེན་ཅིང་བསམ་གཏན་མི་བྱེད་དོ།། ཆུ་དང་། མེ་དང་། རླུང་དང་། ན་མཁའ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། ་འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་དང་། ཉི་མ་དང་། ཟློ་བ་འདི་གཉིས་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། རྙེད་པ་དང་། བཙལ་བ་དང་། ཡོད་ཀྱི་རྗེསུ ་བཏགས་པ་དང་། རྗེསུ་དཔྱད་པ་དེ་དག་ཐམས་ཅད་ལ་བརྟེན་ཅིང་བསམ་གཏན་མི་བྱེད་དོ།། བསམ་གཏན་པ་ཇི་ལྟར་ས་ལ་བརྟན་ཅིང་བསམ་གཏན་མི་བྱེད་ལ། རྒྱས་པ་ཐམས་ཅད་ཀྱི་བར་ལ་བརྟེན་ཅིང་བསམ་གཏན་མི ་བྱེད་ཅེ་ན། འདི་ནི་དགེ་སློང་སྡོམས་བྱེད་ནི་ས་ལ་སར་འདུ་ཤེས་པ་གང་ཡིན་པ་དེ་བསལ་བ་ཡིནོ།། ཆུ་ལ་ཆུར་འདུ་ཤེས་པ་ནས་རྒྱས་པར་ཐམས་ཅད་ལ་ཐམས་ཅད་དུ་འདུ་ཤེས་པ་གང་ཡིན་པ་དེ་བསལ་བ་ཡིན་ཏེ། དེ ་ལྟར་དགེ་སློང་བསམ་གཏན་པོ་ནི་ས་ལ་བརྟེན་ཅིང་བསམ་གཏན་མི་བྱེད་ལ། རྒྱས་པར་ཐམས་ཅད་ལ་ཐམས་ཅད་ཅེས་བྱ་བའི་བར་དུ་རྟེན་ཅིང་བསམ་གཏན་མི་བྱེད་དོ།། དགེ་སློང་བསམ་གཏན་པ་དེ་དག་ལྟ་བུ་ལ་ནི་དབང་པོ་དང ་བཅས་པའི་ལྷ་རྣམས་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས། སྐྱེས་བུ་ཅད་ཤེས་ཁྱོད་ལ་ཕྱག་འཚལོ།། སྐྱེས་བུ་དམ་པ་ཁྱོད་ལ་ཕྱག་འཚལོ།། ཅི་ལ་ཁྱོད་རྟེན་བསམ་གཏན ་མཛད་པ་ཡི།། ཁྱོད་ཀྱི་དེ་ནི་བདག་ཅག་མ་འཚལ་ཏོ་ཞེས་རྒྱད་མ་ནས་ཕྱག་འཚལ་བར་བྱེདའོ།། མདོའི་ཚིག་དེར་དོན་འདི་ཇི་ལྟར་སྟོན་ཅེ་ན། ས་ལ་སོགས་པར་མིང་བཏགས་པའི་དངོས་པོ་ལས་ཞེས་བྱ་བ་ལ་སོགས་པའི་མིང་དུ ་བརྡར་བཏགས་པ་གང་ཡིན་པ་དེ་ནི་ས་ལ་སོགས་པའི་འདུ་ཤེས་ཞེས་བྱའོ།། འདུ་ཤེས་དེ་ཡང་ས་ལ་སོགས་པར་མིང་བཏགས་པའི་དངོས་པོ་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་ཡིན་ཏེ། དེའི་ངོ་བོ་ཉིད་ཀྱི་དངོས ་པོར་འཛིན་པ་ནི་སྒྲོ་འདོགས་པ་ཡིནོ།། དངོས་པོ་ཙམ་གྱི་ཡང་དག་པ་འཇིག་པར་འཛིན་པ་ནི་སྐུར་པ་འདེབས་པའི་འདུ་ཤེས་བྱ་སྟེ། དེའི་འདུ་ཤེས་དེ་བསལ་བ་ཡིནོ།། བསལ་ཅེས་བྱ་བ་ནི་སྤངས་པ་དང་བཏང་བའོ།། ་དེ་བས་ན་ལུས་ཀྱིས་ཀྱང་དེ་བཞིན་གཤེགས་པ་མཆོག་ཏུ་ཡིད་ཆེས་པའི་ལུང་ལས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ།། དེ་ལྟར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་ན། ་རྩེ་ཕྱིར་བརྗོད་པ་སྦྱོར་བར་བྱེད་ཅེ་ན། འདི་ལྟར་བརྗོད་པ་མེང་ན་ཡང་བརྗོད་དུ་མྱེད་པའི་ཆོས་ཉིད་དེ་གཞན་དག་ལ་བརྙེས་པ་དང་། ཐོས་པར་བྱེད་ཀྱང་མི་ནུས་ལ། ཚིག་དང་ཐོས་པ་མེད་ན་ཡང་བརྗིད་དུ་མེད་པའི་ངོ་བོ་ཉིད་དེ་ཤེས ་པར་མི་ནུསོ།། དེ་བས་ན་ཐོས་པ་དང་ཤེས་པར་བྱ་བའི་ཕྱིར་བརྗོད་པར་ཡང་སྦྱོར་བར་བྱེད་དོ།། དེ་བཞིན་ཉིད་དེ་དེ་ལྟར་ཡོངསུ་མ་ཤེས་པས། གཞི་དེ་ལས་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པ་གཞི་གསུམ་བསྐྱེད་པ་དང་། ་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་ཐམས་ཅད་སྒྲུབ་པ་རྣམ་པ་བརྒྱད་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ངོ་བོ་ཉིད་དུ་རྣམ་པར་རྟོག་པ་དང་། བྱེ་བྲག་ཏུ་རྣམ་པར་རྟོག་པ་དང་། རིལ་པོར་འཛིན ་པའི་རྣམ་པར་རྟོག་པ་དང་། བདག་གོ་སྙམ་པའི་རྣམ་པར་རྟོག་པ་དང་། བདག་གི་སྙམ་པའི་རྣམ་པར་རྟོག་པ་དང་། སྡུག་པར་རྣམ་པར་རྟོག་པ་དང་། མི་སྡུག་པར་རྣམ་པར་རྟོག་པ་དང་། དེ་གཉི་ག་ལས་བཟློག་པའི་རྣམ ་པར་རྟོག་པའོ།། རྣམ་པར་རྟོག་པ་རྣམ་པ་བརྒྱད་པོ་དེ་གཞི་གསུམ་པོ་གང་དག་གིས་བསྐྱེད་པ་ཡིན་ཞེ་ན། ངོ་བོ་ཉིད་དུ་རྣམ་པར་རྟོག་པ་གང་ཡིན་པ་དང་། བྱེ་བྲག་ཏུ་རྣམ་པར་རྟོག་པ་གང་ཡིན་པ་དང་། རིལ་པོར་འཛིན་པ ་རྣམ་པར་རྟོག་པ་གང་ཡིན་པའི་རྣམ་པར་རྟོག་པ་གསུམ་པོ་འདི་དག་ནི་རྣམ་པར་རྟོག་པ་སྤྲོས་པའི་གནས་དང་། རྣམ་པར་རྟོག་པ་སྤྲོས་པའི་དམིགས་པའི་དངོས་པོ་གཟུགས་ལ་སོགས་པར་མིང་བཏགས་པར་བསྐྱེདདོ།། དངོས་པོ་དེ་ལ ་བརྟེན་ནས་སྤྲོས་པར་བྱེད་ན། མིང་གི་འདུ་ཤེས་ཀྱི་བརྗོད་པ་ཡོངསུ་བཟུང་བ། མིང་གི་འདུ་ཤེས་ཀྱི་བརྗོད་པས་ཡོངསུ་བསྒོམས་པའི་རྣམ་པར་རྟོག་པ་སྣ་ཚོགས་མང་པོ་རྣམ་པ་དུ་མ་དངོས་པོ་དེ་ཉིད་ལས་འབྱུང་བར་འགྱུར་རོ།། དེ་ལ ་བདག་གོ་སྙམ་པའི་རྣམ་པ་གང་ཡིན་པ་དང་། བདག་གི་སྙམ་པའི་རྣམ་པར་རྟོག་པ་འདི་གཉིས་ནི་འཇིག་ཚོགས་ལ་ལྟ་བ་དེ་ལས་གཞན་པའི་ལྟ་བ་ཐམས་ཅད་ཀྱི་རྩ་བར་གྱུར་པ་དང་། ང་རྒྱལ་གྱི་རྩ་བ་ངའོ་སྙམ་པའི་ང་རྒྱལ་དེ ་ལས་གཞན་པོ་རིང་རྒྱལ་ཐམས་ཅད་ཀྱི་རྩ་བར་གྱུར་པ་བསྐྱེད།། དེ་ལ་སྡུག་པར་རྣམ་པར་རྟོག་པ་དང་། མི་སྡུག་པར་རྣམ་པར་རྟོག་པ་དང་། དེ་གཉི་ག་ལས་བཟློག་པའི་རྣམ་པར་རྟོག་པ་ནི་ཅི་རིགས་པར་འདོད་ཆགས་དང་། ཞེ་སྡང་དང་། ་གཏི་མུག་རྣམས་བསྐྱེད།། དེ་ལྟར་ན་རྣམ་པར་རྟོག་པ་རྣམ་པ་བརྒྱད་པོ་འདི་ནི་འདི་ལྟ་སྟེ། རྣམ་པར་རྟོག་པའི་གནས་སྤྲོས་པའི་གཞི། ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས ་དང་། དངོས་པོ་འདི་གསུམ་བསྐྱེད་པར་འཇུག་པ་ཡིན།། དེ་ལ་རྣམ་པར་རྟོག་པའི་སྤྲོས་པའི་དངོས་པོ་ལ་ནི་འཇིག་ཚིགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་བརྟནོ།། འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ཕ ་རྒྱལ་ལ་ནི་འདོད་ཆགས་དང་།། ཞེ་སྡང་དང་། གཏི་མུག་རྣམས་བརྟན་ཏེ། གཞི་གསུམ་པོ་འདི་དག་གིས་འཇིག་རྟེན་ཐམས་ཅད་ཀྱི་འཇུག་པའི་ཕྱོགས་མ་ལུས་པར་བསྟན་པ་ཡིནོ།། དེ་ལ་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་གང་ཞེ ་ན། གཟུགས་ལ་སོགས་པར་མིང་བྱེཏགས་པའི་དངོས་པོ་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ཞེས་བྱའོ།། བྱེ་བྲག་ཏུ་རྣམ་པར་རྟོག་པ་གང་ཞེ་ན། གཟུག ་ལ་སོགས་པར་མིང་བཏགས་པའི་དངོས་པོ་དེ་ཉིད་ལ་འདི་ནི་གཟུགས་ཅནོ།། འདི་ནི་གཟུགས་ཅན་མ་ཡིན།། འདི་ནི་བསྟན་དུ་ཡོད་པའོ།། འདི་ནི་བསྟན་དུ་མེད་པའོ།། དེ་བཞིན་དུ་ཐོགས་པ་དང་བཅས་པ་དང་། ཐོགས ་པ་མེད་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང ་བ་དང་། དེ་ལྟ་བུ་དང་མཐུན་པའི་ཚུལ་གྱི་དབྱེ་བ་ཚད་མེད་པས། ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ལ་བརྟེན་པ་དེ་བྱེ་བྲག་ཏུ་བྱ་བའི་ཕྱིར་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་བྱེ་བྲག་ཏུ་རྣམ་པར་རྟོག་པ་ཞེས་བྱའོ།། རིལ་པོར་འཛིན་པའི་རྣམ ་པར་རྟོག་པ་གང་ཞེ་ན། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་དེ་ཉིད་ལ་བདག་དང་།། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོའི་མིང་གི་བརྡ་དང་ལྡན་པ། ཁྱིམ་དང་། དམག་དང་། ནགས་ལ་སོགས་པ ་དང་། ཟས་དང་། སྐོམ་དང་། བཞོན་པ་དང་། གོས་ལ་སོགས་པ་དེ་དག་ལ་དེ་དག་གི་མིང་གི་བརྡ་དང་ལྡན་པ། ཆོས་མང་པོ་བསྡུས་པོ་དྲག་ལ་རིལ་པོར་འཛིན་པའི་རྒྱུ་ལས་བྱུང་བ་འཇུག་པ་གང་ཡིན་པ་དེ་ནི་རིལ་པོར་འཛིན ་པའི་རྣམ་པར་རྟོག་པ་ཞེས་བྱའོ།། བདག་གོ་སྙམ་པ་དང་། བདག་གི་སྙམ་པའི་རྣམ་པར་རྟོག་པ་གང་ཞེ་ན། དངོས་པོ་གང་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་མཐུན་པར་བཅས་པ་གང་ལ་ཡུན་རིང་པོ་ནས་བདག་ཏུ་འམ། ་བདག་གིར་འདྲིས་ཤིང་མངོན་པར་ཞེན་པ་ལ་གོམས་པས། ལོག་པར་འཛིན་ཅིང་འདྲིས་པ་དེ་ལས་རང་གི་ལྟ་བའི་གནས་དང་མཐུན་པའི་དངོས་པོ་ལ་བརྟེན་ནས་འབྱུང་བ་ལོག་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་བདག་གོ་སྙམ་པ ་དང་། བདག་གི་སྙམ་པའི་རྣམ་པར་རྟོག་པ་ཞེས་བྱའོ།། སྡུག་པར་རྣམ་པར་རྟོག་པ་གང་ཞེ་ན། མཛེས་པ་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་པའི་རྣམ་པར་རྟོག་པ་གང་ཡིན་པའོ།། མི་སྡུག་པར་རྣམ་པར་རྟོག་པ་གང་ཞེ་ན། མི་མཛེས ་པ་ཡི་དུ་མི་འོང་བའི་དངོས་པོ་ལ་དམིགས་པའི་རྣམ་པར་རྟོག་པ་གང་ཡིན་པའོ།། སྡུག་པ་དང་མི་སྡུག་པ་གཉི་ག་ལས་བཟློག་པའི་རྣམ་པར་རྟོག་པ་གང་ཞེ་ན། མཛེས་པ་དང་མི་མཛེས་པ་ཡི་དུ་འོང་བ་དང་ཡིད་དུ་མི་འོང་བ་དེ་གཉིས ་ལཱ་མ་གཏོགས་པའི་དངོས་པོ་ལ་དམིགས་པའི་རྣམ་པར་རྟོག་པ་གང་ཡིན་པ་སྟེ། དེ་ཡང་མདོར་བསྡུ་ན་རྣམ་པ་གཉིསུ་འགྱུར་ཏེ། རྣམ་པར་རྟོག་པ་དང་། རྣམ་པར་རྟོག་པའི་རྟེན་རྣམ་པར་རྟོག་པའི་དམིགས་པའི་དངོས ་པོའོ།། དེ་གཉི་ག་ཡང་ཐོག་པ་མེད་པ་དང་། གཅིག་གི་རྒྱུ་ལས་གཅིག་བྱུང་བ་ཡིན་པར་རིག་པར་བྱ་སྟེ། རྣམ་པར་རྟོག་པ་སྔ་མ་ནི་ང་ལྟར་བྱུང་བའི་རྣམ་པར་རྟོག་པའི་དམྱིགས་པའི་དངོས་པོ་འབྱུང་བའི་རྒྱུ་ཡི་ནོ།། ་ད་ལྟར་བྱུང་བའི་རྣམ་པར་རྟོག་པའི་དམིགས་པའི་དངོས་པོ་བྱུང་བ་ནི། ད་ལྟར་བྱུང་བ་དེ་ལ་དམིགས་པའི་རྣམ་པར་རྟོག་པ་འབྱུང་བའི་རྒྱུ་ཡིན་ནོ།། དེ་ལ་ད་ལྟར་གྱི་རྣམ་པར་རྟོག་པ་ཡོངསུ་མ་ཤེས་པ་ནི་ཕྱི་མ་ལ་དེའི་དམིགས་པའི ་དངོས་པོ་འབྱུང་བའི་རྒྱུའོ།། དེ་བྱུང་ན་དེ་ལ་གནས་པ་དེ་ལ་བརྟེན་པའི་རྣམ་པར་རྟོག་པ་ཡང་ངེས་པར་འབྱུང་བར་འགྱུར་རོ།། རྣམ་པར་རྟོག་པ་དེ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། ཡོངསུ་ཚོལ་བ་རྣམ་པ་བཞི་དང་། ཡང་དག་པ ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་རྣམ་པ་བཞིས་འགྱུར་ཏེ། ཡོངསུ་ཚོལ་བ་རྣམ་པ་བཞི་གང་ཞེ་ན། མིང་ཡོངསུ་ཚོལ་བ་དང་། དངོས་པོ་ཡོངསུ་ཚོལ་བ་དང་། ངོ་བོ་ཉིད་དུ་བཏགས་པ ་ཡོངས་ཚོལ་བ་དང་། བྱེ་བྲག་ཏུ་བཏགས་པ་ཡོངསུ་ཚོལ་བའོ།། དེ་ལ་མིང་ཡོངས་ཚོལ་བ་ནི་བྱང་ཆུབ་སེམས་དཔའ་གང་མིང་ལ་མིང་ཙམ་དུ་ལྟ་བའོ།། དེ་བཞིན་དུ་དངོས་པོ་ལ་དངོས་པོ་ཙམ་དུ་ལྟ་བ་ནི། དངོས་པོ་ཡོངསུ་ཚོལ་བའོ།། ་ངོ་བོ་ཉི་དུ་བཏགས་པ་ལ་ངོ་བོ་ཉིད་དུ་བཏགས་པ་ཙམ་དུ་ལྟ་བ་ནི་ངོ་བོ་ཉི་དུ་བཏགས་པ་ཡོངསུ་ཚོལ་བའོ།། བྱེ་བྲག་ཏུ་བཏགས་པ་ལ་བྱེ་བྲག་ཏུ་བཏགས་པ་ཙམ་དུ་ལྟ་བ་ནི་བྱེ་བྲག་ཏུ་བཏགས་པ་ཡོངསུ་ཚོལ་བ་སྟེ། དེས་མིང་དང ་དངོས་པོའི་མཚན་ཉིད་ཐ་དད་པ་དང་། འབྲེལ་པར་ཡང་མཐོང་ལ། མིང་དང་དངོས་པོ་འབྲེལ་པ་ལ་རྟེན་པ་ངོ་བོ་ཉི་དུ་བཏགས་པ་དང་བྱེ་བྲག་ཏུ་བཏགས་པ་ཡང་ཁོང་དུ་ཆུདདོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་བཞི་པོ ་ངག་གང་ཞེ་ན། མིང་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་དང་། དངོས་པོ་ཚོལ་བར་གྱུར་པ་དང་། ངོ་བོ་ཉི་དུ་བཏགས་པ་ཚོལ་བར་གྱུར་པ་དང་། བྱེ་བྲག་ཏུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ ་ཇི་ལྟ་བ་བཞིན་དུ་ཡོངསསུ་ཤེས་པའོ།། མིང་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསསུ་ཤེས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་དེས་མིང་ལ་མིང་ཙམ་དུ་ཡོངསུ་བཙལ་ནས། མིང་དེ་ལ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ ་ཡོངསུ་ཤེས་ཏེ། འདི་ལྟར་མིང་འདི་ནི་འདི་ལྟ་བུའི་དོན་དུ་དངོས་པོ་ལ་རྣམ་པར་འཇོག་སྟེ། འདི་ལྟར་འདུ་བྱེད་ཀྱི་དོན་དང་། ལྟ་བའི་དོན་དང་། ཉེ་བར་འདོགས་པའི་དོན་དུའོ།། གལ་ཏེ་གཟུགས་ལ་སོགས་པར་མིང་དུ་བཏགས་པའི་དངོས ་པོ་ལ་གཟུགས་ཞེས་བྱ་བའི་མིང་རྣམ་པར་མི་འཇོག་ན་ནོ།། སུས་ཀྱང་དངོས་པོ་དེ་ལ་གཟུགས་ཞེས་བྱ་བར་ཤེས་པར་མི་འགྱུརརོ།། མི་ཤེས་ན་ནི་སྒྲོ་འདོགས་ཤིང་མངོན་པར་ཞེན་པར་མི་འགྱུརརོ།། མངོན་པར་ཞེན་པ་མེད་ན་བརྗོད་པར་མི ་འགྱུར་ཏེ། གང་གིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་མིང་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་ཞེས་བྱའོ།། དངོས་པོ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་གང ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་དངོས་པོ་ལ་དངོས་པོ་ཙམ་དུ་ཡོངསུ་བཙལ་ནས། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་དེ་བརྗོད་པ་ཐམས་ཅད་དང་མ་འདྲེས་ཤིང་བརྗོད་པར་མཐོང་སྟེ། འདི་ནི་དངོས་པོ་ཚོལ་བར ་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་གཉིས་པའོ།། ངོ་བོ་ཉི་དུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པར་མིང་བཏགས ་པའི་དངོས་པོ་ལ་ངོ་བོ་ཉིད་དུ་བཏགས་པ་ལ་བཏགས་པ་ཙམ་དུ་ཡོངསུ་བཙལ་ནས། ངོ་བོ་ཉི་དུ་བཏགས་པ་དེས་དེའི་ངོ་བོ་ཉིད་མ་ཡིན་པའི་དངོས་པོ་ལ་དེའི་ངོ་བོ་ཉིད་དུ་སྣང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ཅིང་རབ་ཏུ་ཤེས་ཏེ། དེས་དེའི ་ངོ་བོ་ཉིད་སྤྲུལ་པ་དང་། གཟུགས་བརྙན་དང་། བྲག་ཆ་དང་། མིག་ཡོར་དང་། ཆུ་ཟླ་དང་། རྨི་ལམ་དང་། སྒྱུ་མ་ལྟ་བུར་མཐོང་སྟེ། དེར་སྣང་བ་ནི་དེའི་བདག་ཉིད་མ་ཡིན་པར་མཐོང་ན་དེ་ནི་ཤིན་ཏུ་ཟབ་པ ་དོན་སྤྱོད་ཡུལ་དུ་གྱུར་པ་ངོ་བོ་ཉི་དུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་གསུམ་པའོ།། བྱེ་བྲག་ཏུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་གང་ཞེ་ན། འདི་ལྟར ་བྱང་ཆུབ་སེམས་དཔའ་བྱེ་བྲག་ཏུ་བཏགས་པ་ལ་བཏགས་པ་ཙམ་དུ་བཙལ་ནས། གཟུགས་ལ་སོགས་པར་མེང་བཏགས་པའི་དངོས་པོ་དེ་ལ་བྱེ་དྲག་ཏུ་བཏགས་པ་རྣམས་ལ་གཉིསུ་མེད་པའི་དོན་དུ་མཐོང་ལ། དངོས་པོ་དེ་ཡང་ཡོད ་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཏེ། བརྗོད་པའི་བདག་ཉིད་ཀྱིས་ཡོངསུ་གྲུབ་པ་མ་ཡིན་པའི་ཕྱིར། ཡོད་པ་མ་ཡིན་ལ་བརྗོད་དུ་མེད་པའི་བདག་ཉིད་དུ་རྣམ་པར་གནས་པའི་ཕྱིར་མེད་པ་ཡང་མ་ཡིནོ།། དེ་བཞིན་དུ་དོན ་དམ་པའི་བདེན་པས་ནི། གཟུགས་ཅན་མྱ་ཡིན་ལ། ཀུན་རྫོབ་ཀྱི་བདེན་པས་ནི་དེ་ལ་གཟུགསུ་ཉེ་བར་འདོག་སོ་པས་གཟུགས་ཅན་མ་ཡིནོ།། དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་དང་། གཟུགས་ཅན་དང་། གཟུགས ་ཅན་མ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་ལ་སོགས་པར་བྱེ་བྲག་ཏུ་བཏགས་པའི་རྣམ་གྲངས་ཐམས་ཅད་ལ་ཡང་ཚུལ་འདིས་དེ་ལྟར་རིག་པར་བྱ་སྟེ། དེ་ལྟར་གང་གིས་བྱེ་བྲག་ཏུ་བཏགས་པ་དེ་གཉིསུ ་མེད་པའི་དོན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་བྱེ་བྲག་ཏུ་བཏགས་པ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་ཞེས་བྱའོ།། དེ་ལ་བྱིས་པ་རྣམས་ཀྱི་ལོག་པར་རྟོག་པ་རྣམ་པ་བརྒྱད་པོ་གཞི་གསུམ་སྐྱེད་པ ་འཇིག་རྟེན་འགྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་རྣམ་པ་བཞི་པོ་དེ་མེད་ཅིང་། མི་གནས་ན་འབྱུང་བར་འགྱུར་རོ།། ལོག་པའི་རྣམ་པར་རྟོག་པ་དེ་ལས་ནི་ཀུན་ནས་ཉོན་མོངས་པ་འབྱུང་བར་འགྱུར་རོ།། ། ་ཀུན་ནས་ཉོན་མོངས་པ་ལས་ནི་འཁོར་བ་ན་འཁོར་བར་འགྱུརརོ།། འཁོར་བ་ན་འཁོར་བ་ལས་ནི་འཁོར་བའི་རྗེསུ་སོང་བ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་འགྱུརརོ།། གང་གི་ཚེ་བྱང་ཆུབ ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་རྣམ་པ་བཞི་པོ་ལ་བརྟེན་ནས། རྣམ་པར་རྟོག་པ་རྣམ་པ་བརྒྱད་པོ་དེ་ཡོངསུ་ཤེས་པར་གྱུར་པ་ན། ཚེ་འདི་ཉིད་ལ་དེ་ཡོངསུ་ཤེས་པར་གྱུར་པས་ཕྱི་མ་ལ་དེའི་རྟེན་དང་དེའི ་དམིགས་པ་སྤྲོས་པར་ལྟུང་བའི་དངོས་པོ་འབྱུང་བར་མི་འགྱུར་རོ།། དེ་མ་སྐྱེས་ཤིང་མ་བྱུང་བས་དེ་ལྔ་དམིགས་པའི་རྣམ་པར་རྟོག་པ་ཡང་ཕྱི་མ་ལ་འབྱུང་བར་མི་འགྱུརརོ།། དེ་ལྟར་ན་དངོས་པོ་དང་བཅས་པའི་རྣམ་པར་རྟོག་པ་དེའི་འགོག་པ་གང ་ཡིན་པ་དེ་ནི་སྤྲོས་པ་ཐམས་ཅད་འགོག་པ་ཡིན་པར་རིག་པར་བྱའོ།། སྤྲོས་པ་འགོག་པ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡོངསུ་མྱ་ངན་ལས་འདས་པ་ཡིན་པར་རིག་པར་བྱའོ།། ཚེ་འདི་ཉིད་ལ་དེ་ཁོ་ནའི་དོན་གྱི་མཆོག ་སྤྱོད་ཡུལ་བའི་ཡེ་ཤེས་དེ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་དེས་ཐམས་ཅད་ལ་དབང་ཐོབ་པ་རྙེད་པར་འགྱུར་ཏེ། འདི་ལྟ་སྟེ་སྤྲུལ་པ་སྣ་ཚོགས་ལ་ཡང་སྤྲུལ་པའི་རྫུ་འཕྲུལ་གྱིསོ།། ཡོངསུ་བསྒྱུར་བ་སྣ་ཚོགས ་ལ་ཡང་ཡོངསུ་བསྒྱུར་བའི་རྫུ་འཕྲུལ་གྱིསོ།། ཤེས་བྱ་ཐམས་ཅད་ཤེས་པ་ཡངངོ་།། ཇི་སྲི་དུ་འདོད་པ་དེ་སྲིད་དུ་གནས་པ་དང་། གནོད་པ་མེད་པར་དགའ་མགུར་འཆི་འཕོ་བ་ཡངངོ་།། དེ་དེ་ལྟར་དབང་ཐོབ་པས་ན་སེམས་ཅན་ཐམས ་ཅད་ཀྱི་གཙོ་བོ་བླ་ནི་མེད་པ་ཡིན།། དེ་ལྟར་ཐམས་ཅད་ལ་དབང་བའི་བྱང་ཆུབ་སེམས་དཔའ་དེ་ལ་ཕན་ཡོན་གྱི་མཆོག་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། གནས་པ་རབ་ཏུ་ཞི་བས་མཆོག་ཐོབ་པར་འགྱུར་ཏེ། ཉོན་མོངས་པ་རབ ་ཏུ་ཞི་བས་ནི་མ་ཡིན་པ་དང་། རིག་པའི་གནས་ཐམས་ཅད་ལ་དེའི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པ་ཡོང་སུ་དག་པ། ཡོངསུ་བྱང་བ་འཇུག་པ་དང་། སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ན་འཁོར་བས་མི་སྐྱོ་བར་འགྱུར་བ ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ལྡེམ་པོའི་ངག་ཐམས་ཅད་ལ་འཇུག་པ་དང་། གཞན་གྱི་དྲིང་མི་འཇོག་པའི་ཕྱིར་ཐེག་པ་ཆེན་པོ་ལ་མོ་ས་པ་མི་ཟློག་པ་ཡིནོ།། ཕན་ཡོན་རྣམ་པ་ལྔ་པོ་དེ་དག་གི་ལས་ཀྱང་རྣམ ་པ་ལྔ་ཁོ་ནར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཕྱིར་སྦྱོར་བ་ཚར་ཕྱིན་པའི་ལུས་དང་སེམས་ཀྱིས་འབད་པོ་དང་། ངལ་བ་མེད་པའི་ཕྱིར་ཚེ་འདི་ལ་བདེ་བར་གནས་པའི་མཆོག་དེ་ནི་སེམས་ཞི་བའི་ཕན་ཡོན་གྱི ་ལས་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངསུ་སྨིན་པར་བྱེད་པ་དེ་ནི་རིག་པའི་གནས་ཐམས་ཅད་ལ་ཤེས་པ་ཐོགས་པ་མེད་པའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱའོ།། ། ་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངསུ་སྨིན་པར་བྱེད་པ་དེ་ནི་འཁོར་བས་མི་སྐྱོ་བའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱའོ།། གདུལ་བ་རྣམས་ཀྱི་ཐེ་ཚོམ་སྐྱེ་སོ་ཅོག་སེལ་བ་དང་། བསྟན་པ་ནུབ་པར་བྱེད་པ་དམ་པའི་ཆོས ་ལྟོར་བཅོས་པ་རྣམས་ཡོངསུ་ཤེས་པ་དང་། བསྟན་པ་དང་བསལ་བས་ཆོས་ཀྱི་ཚུལ་ཡུན་རིང་པོར་ཡོངསུ་སྡུད་ཅིང་། ཡང་དག་པར་འཛིན་པ་དེ་ནི་ལྡེམ་པོའི་ངག་ཐམས་ཅད་ལ་འཇུག་པའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར ་བྱའོ།། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པ་དང་། བརྩོན་འགྲུས་བརྟན་པ་དང་། སྨོན་ལམ་མི་ཉམས་པ་དེ་ནི་གཞན་གྱི་དྲིང་མི་འཇོག་པས་མོ་འཕྲོགས་པའི་ཕན་ཡོན་གྱི་ལས་ཡིན་པར་རིག་པར་བྱའོ།། དེ་ལྟར་ན་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བྱ་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཕན་ཡོན་གྱི་ལས་རྣམ་པ་ལྔ་པོ་འདི་དག་གིས་ཡོངསུ་བསྡུས་པ་ཡིནོ།། བྱ་བ་དེ་དག་ཀྱང་གང་ཞེ་ན། བདག་གི་བདེ་བ་ལ་ཀུན་ནས ་ཉོན་མོངས་པ་མེད་པ་དང་། སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་བཟུང་བ་དང་། སྨོན་ལམ་མི་འགྱུར་ཞིང་བརྩོན་འགྲུས་དྲག་པོས་ཕས་ཀྱི་རྒོལ་བ་རྣམ་པར ་ཚར་གནོད་པའོ།། དེ་ལྟ་དེ་ཁོ་ནའི་དོན་རྣམ་པ་བཞི་ལ་དང་པོ་གཉིས་ནི་ཐ་མའོ།། གསུམ་པ་ནི་འབྲིང་། བཞི་པ་ནི་མཆོག་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་སའི་གཞིའི ་རྣལ་འབྱོར་གྱི་གནས་ལས་དེ་ཁོ་ནའི་ལེའུ་སྟེ་བཞི་པའོ།། །། བམ་པོ་བཞི་པ།། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་གང་ཞེ་ན། མདོར ་བསྡུ་ན་སེམས་ལ་སུ་རུང་བ། སེམས་ཤིན་ཏུ་ཡོངསུ་བསྒོམ་པ། ཏི་འཛིན་ལ་དབང་ཐོབ་པ། ཏིང་འཛིན་ལ་བརྟེན་ན་འདོད་པ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་ནི་འཕགས་པའི་མཐུ་ཞེས་བྱའོ།། ཆོས་རྣམས་ཀྱི་འབྲས་བུ་ཆེན་པོ་དང་། ་ཕན་ཡོན་ཆེན་པོ་གང་ཡིན་པ་ཡང་དེ་དག་གི་མཐུ་ཞེས་བྱའོ།། སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཆེན་པོ་སྔོན་བསགས་པ་ལས་ལྷན་ཅིག་སྐྱེས་པའི་ངོ་མཚར་རྨད་དུ་བྱུང ་བའི་ཆོས་དེ་ཡང་དག་གི་ལྷན་ཅིག་སྐྱེས་པའི་མཐུ་གཞན་ཡིན་པར་རིག་པར་བྱའོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དེ་ཡང་རྣམ་པའི་རབ་ཏུ་དབྱེ་བས་རྣམ་པ་ལྔར་འགྱུར་ཏེ། མངོན་པར་ཤེས་པ། ་མཐུ་དང་། ཆོས་ཀྱི་མཐུ་དང་། ལྷན་ཅིག་སྐྱེས་པའི་མཐུ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ།། དེ་ལ་མངོན་པར་ཤེས་པ་དྲུག་པོ་རྫུ་འཕྲུལ་གྱི་ཡུལ ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་རྗེསུ་དྲན་པ་དང་། འཆི་འཕོ་དང་། སྐྱེ་བ་མཐོང་བ་དང་། ཟག་པ་ཟད་པ་ཞེས་པ་མངོན་སུམ་དུ་བྱ་བ་ནི་མངོན་པར་ཤེས་པའི་མཐུ་ཞེས་བྱའོ།། དེ་ལ་ཕ་རོལ་ཏུ ་ཕྱིན་པ་དྲུག་པོ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་།། ཤེས་རབ་ནི་ཆོས་རྣམས་ཞེས་བྱ་སྟེ། ཆོས་དེ་དག་གི་མཐུ་གང་ཡིན་པ་དེ་ནི་ཆོས་ཀྱི་མཐུ་ཞེས་བྱའོ།། དེ་ལ་རྫུ་འཕྲུལ ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཡོངསུ་བསྒྱུར་བ་དང་། སྤྲུལ་པའོ།། རྣམ་པ་དེ་གཉིས་ལ་ཡང་རྣམ་པའི་རབ་ཏུ་དབྱེ་བས་ནི་རྣམ་པ་དུ་མ་ཡོད་དོ།། དེ་ལ་ཡོངསུ་བསྒྱུར་བའི་རྫུ་འཕྲུལ་གྱི་རྣམ་པའི་རབ་ཏུ་དབྱེ་བ་གང་ཞི ་ན། འདི་ལྟ་སྟེ། གཡོ་བར་བྱེད་པ་དང་། འབར་བར་བྱེད་པ་དང་། ཁྱབ་པར་བྱེད་པ་དང་། རྣམ་པར་སྟོན་པ་དང་། གཞན་དུ་འགྱུར་བར་བྱེད་པ་དང་། འགྲོ་བ་དང་། འོང་བ་དང་། སྟོད་པ་དང་། རྒྱས་པར་བྱེད་པ་དང་། གཟུགས ་ཐམས་ཅད་ལུསུ་འཇུག་པར་བྱེད་པ་དང་། སྐལ་པ་སྙམ་པའི་གན་དུ་འགྲོ་བ་དང་། སྣང་བར་བྱེད་ཅིང་མི་སྣང་བར་ཡང་བྱེད་པ་དང་། དབང་བྱེད་པ་དང་། གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་པ་དང་། སྤོབས་པ་སྦྱིན་པ་དང་། ་དྲན་པ་སྦྱིན་པ་དང་། བདེ་བ་སྦྱིན་པ་དང་། འོད་ཟེར་འབྱིན་པ་དང་། དེ་ལྟ་བུ་དང་མཐུན་པའི་རྫུ་འཕྲུལ་ནི་ཡོངསུ་བསྒྱུར་བ་ཞེས་བྱའོ།། དེ་ལ་གཡོ་བར་བྱེད་པ་ནི་འདི་ལ་དེ་བཞིན་གཤེགས་པ་འམ། ཏིང་འཛིན་ལ་དབང་ཐོབ་པ་སེམས ་ལསུ་རུང་བའི་བྱང་ཆུབ་སེམས་དཔས་གཙུག་ལག་ཁང་གཡོ་བར་བྱེད། ཁྱིམ་དང་། གྲོང་དང་། གྲོང་ཁྱེར་དང་། ཞིང་དང་། སེམས་ཅན་དམྱལ་བའི་འཇིག་རྟེན་དང་། དུད་འགྲོའི་འཇིག་རྟེན་དང་། ་ཡི་དགས་ཀྱི་འཇིག་རྟེན་དང་། མིའི་འཇིག་རྟེན་དང་། ལྷའི་འཇིག་རྟེན་དང་། གླིང་བཞི་པ་དང་། སྟོང་གི་འཇིག་རྟེན་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ་སྟོང་གསུམ་པ་བརྒྱ་དང་། སྟོང་གསུམ་པ་སྟོང་དང་། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་འབུམ་ནས། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད་པའི་བར་དུ་ཡང་སེམས་ཅན་ཐམས་ཅད་བདག་ལ ་གཡོ་བར་བྱེད།། དེ་ལ་འབར་བར་བྱེད་པ་ནི་རོ་སྟོང་ནས་མི་འབར་བར་བྱེད་ལ། རོ་སྨད་ནས་ཆུ་གྲང་མོའི་རྒྱུན་འབྱིན་པ་དང་། རོ་སྨད་ནས་མྱེ་འབར་བར་བྱེད་ལ། རོ་སྟོང་ནས་ཆུ་གྲང་མོའི་རྒྱུན་འབྱིན་པ་དང་། མེའི་ཁམས་ལ་ཡང ་སྙོམས་པར་འཇུག་ཅིང་ལུས་ཐམས་ཅད་ནས་མེ་འབར་བར་བྱེད།། ལུས་ཐམས་ཅད་ནས་མེ་འབར་བ་ན། ལུས་ལས་འོད་ཟེར་སྣ་ཚོགས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོང་ཁ་དང་། ་ཤེལ་གྱི་ཁ་དོག་ལྟ་བུ་འབྱུང་བའོ།། དེ་ལ་ཁྱབ་པར་བྱེད་པ་ནི་འདི་ལྟ་སྟེ། ཁྱིམ་ཡང་འོད་ཀྱིས་ཁྱབ་པར་བྱེད། གཙུག་ལག་ཁང་ནས་སྔ་མ་བཞིན་དུ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པའི་བར་དུ་ཡང་ཁྱབ་པར ་བྱེད་པ་ལྟ་བུ་སྟེ། སྔ་མ་བཞིན་དུ་འདི་ལྟ་སྟེ། གཡོ་བར་བྱེད་པ་དང་འདྲའོ།། དེ་ལ་རྣམ་པར་སྟོན་པ་ནི་འདི་ལྟ་སྟེ། དགེ་སྦྱོང་དང་། བྲམ་ཟེ་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ ་ཡོན་དང་། ནམ་མཁའ་ལྡིང་དང་། མི་འམ་ཙཾ་དང་། ལྟོ་འཕྱེ་ཆེན་པོ་ལྷགས་ཤིང་བདེ་བར་འཁོད་པའི་འཁོར་དུ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔའ་འོག་ཏུ་ནི་ངན་སོང་དག་ཀྱང་རྣམ་པར་སྟོན། སྟེང་དུ་ནི་ལྷ་དང་མི་རྣམས་ཀྱང ་རྣམ་པར་སྟོན་པ་དང་། དེ་མ་ཡིན་པ་སངས་རྒྱས་ཀྱི་ཞིང་དོག་ཀྱང་རྣམ་པར་སྟོན་པ་དང་། དེ་དག་ཏུ་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་སྟོན་ཏེ། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེ་དག་ལྔ་ཀྱང་འདའ་ཞིང་། སངས ་རྒྱས་ཀྱི་ཞིང་མིང་ཇི་སྐད་གྲགས་པ་དང་། སངས་རྒྱས་ཀྱི་ཞིང་ད་ནི་དེ་བཞིན་གཤེགས་པའི་མཚན་གང་ཡིན་པའི་སངས་རྒྱས་ཀྱི་ཞིང་དེ་དང་། དེ་བཞིན་གཤེགས་པ་དེ་ཡང་སྟོན་ལ། སངས་རྒྱས་ཀྱི་ཞིང་དེའི་མིང་དེ་དང་། དེ་བཞིན ་གཤེགས་པའི་མཚན་དེ་ཡང་སྟོན་པ་དང་། དེའི་ཚུ་རོལ་དང་། དེའི་ཕ་རོལ་དག་ཀྱང་གང་འདོད་པ་དང་། ཇི་སྲིད་འདོད་པར་རྣམ་པར་སྟོན་ཅིང་བརྗོད་པར་བྱེད་པའོ།། དེ་ལ་གཞན་དུ་འགྱུར་བར་བྱེད་པ་ནི་གྲལ་ཏེ་ས་ལ་ཆུར་མོས་ན ་ཡང་དེ་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མི་འགྱུར་བ་དང་། མེ་དང་རླུང་དུ་མོས་ན་ཡང་དེ་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མི་འགྱུར་བ་དང་། གལ་ཏོ་ཆུ་ལ་སར་མོས་སམ། མེ་དང་རླུང་དུ་མོས་ན་ཡང་དེ་དེ་ཁོ་ན་བཞིན་དུ་འགྱུར ་གྱི་གཞན་དུ་མི་འགྱུར་བ་དང་། གལ་ཏེ་མེ་ལ་སར་མོས་སམ། ཆུ་འམ་རླུང་དུ་མོས་སམ། གལ་ཏེ་རླུང་ལ་སར་མོས་སམ། ཆུ་དང་མེར་མོས་ན་ཡང་དེ་དེ་ཁོ་ན་བཞིན་དུ་འགྱུར་གྱི། གཞན་དུ་མི་འགྱུར་བ ་དང་། ཇི་ལྟར་འབྱུང་བ་ཆེན་པོ་རྣམས་ཕན་ཚུན་དུ་བསྒྱུར་ཞིང་གཞན་དུ་འགྱུར་བར་བྱེད་པ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ།། གལ་ཏ་རྩཝ་དང་། ལོ་མ་དང་། ་བ་ལང་གི་ལྕི་བ་དང་། ས་ལ་སོགས་པའི་རྫས་རྣམས་ལས། ཟས་དང་། སྐོམ་དང་། བཞོན་པ་དང་། གོས་དང་། རྒྱན་དང་། སྣོད་དཔྱད་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པར་མོས་སམ། རྡོ་དང་། གསེག ་མ་དང་། གྱོ་དུམ་དང་། གྱོ་མོ་ལ་སོགས་པ་ལ་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྷུ་རུར་མོས་སམ། རིའི་རྒྱལ་པོ་གངས་ལ་སོགས་པ་རི་ཐམས་ཅད་ལ་གསེར་དུ་མོས་ན་ཡང་དེ་དག་ཐམས ་ཅད་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མི་འགྱུར་བ་དང་། དེ་བཞིན་དུ་སེམས་ཅན་མདོག་བཟང་པོ་རྣམས་ལ་མདོག་ངན་པ་དག་ཏུ་མོས་སམ། མདོག་ངན་པ་རྣམས་ལ་མདོག་བཟང་པོ་དག་ཏུ་འམ། དེ་གཉི་ག་ལ་མ་གཏོགས ་པ་རྣམས་ལ་མདོག་བཟང་པོ་དག་ཏུ་འམ། མདོག་ངན་པ་དག་ཏུ་འམ། དེ་གཉི་གར་རམ། མདོག་བཟང་པོ་དང་། མདོག་ངན་པ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ། ཡན་ལག་མ་ཚང་བ་དང་། ཡན་ལག་ཚང་བ་དང་། རིང་བ་དང་འཚོ་བ ་ལ་སོགས་པ་རང་གི་མཚན་ཉིད་དུ་ཡོད་པ་ལས་གཞན་དུ་བསྒྱུར་བ་ཅི་ཡང་རུང་བ་དང་། ནུས་པའི་ངོ་བོ་ལྔ་གཞན་དུ་མོས་པ་དེ་དག་ཐམས་ཅད་ཇི་ལྟར་མོས་པ་དེ་བཞིན་དུ་འགྱུར་བ་ཡིན།། དེ་ལ་འགྲོ་བ་དང་འོང་བ་ནི་རྩིག་པ་ལ་ཡང ་ཐད་ཀར། རི་བྲག་ལ་ཡང་ཐད་ཀཱ་ར། ར་བ་ལ་ཡང་ཐད་ཀར། ལུས་ཀྱིས་ཐོགས་པ་མེད་པར་འགྲོ་སྟེ། རྒྱས་པར་ཚངས་པའི་འཇིག་རྟེན་དུ་ཡང་འགྲོ་ཞིང་ཕྱིར་ཡང་འོང་བ་ནས། གོང་དུ་འོག་མིན་ལ་ཐུག་པ་དང་། ཕད་ཀར ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པའི་བར་དུ་ཡང་འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་ལུས་རགས་པས་འགྲོ་ཞིང་ཕྱིར་ཡང་འོང་བ་དང་། རྒྱང་རིང་པོ་ལ་ཉེ་བར་མོས་ན་ཡིད་ལ་དང་འདྲ ་བར་མགྱོགས་པར་འགྲོ་བ་དང་འོང་བ་ཡིནོ།། དེ་ལ་སྡུད་པ་དང་རྒྱས་པར་བྱེད་པ་ནི་རིའི་རྒྱལ་པོ་གངས་ཀྱང་རྡུལ་ཕྲ་རབ་ཙམ་དུ་སྡུད་ལ། རྡུལ་ཕྲ་རབ་ཀྱང་རིའི་རྒྱལ་པོ་གངས་ཙམ་དུ་སྐྱེད་པ་ཡི་ནོ།། དེ་ལ་གཟུགས་ཐམས་ཅད ་ལུསུ་འཇུག་པར་བྱེད་པ་ནི། འཁོར་ཆེན་པོ་སྣ་ཚོགས་ཀྱི་མདུན་དུ། གྲོང་དང་། གྲོང་ཁྱེར་དང་། གྲོང་བརྡལ་དང་། རྩཝ་དང་། ནགས་ཚལ་དང་། ས་གཞི་དང་། རིའི་གཟུགས་ཀྱི་ཚོགས་བདག་གི་ལུསུ་འཇུག་པར་བྱེད།། ་འཁོར་དེ་ཐམས་ཅད་ཀྱིས་ཀྱང་བདག་ཅག་ལུས་དེ་ཉིད་ཀྱི་ནང་དུ་སོང་བར་ཤེས་པ་ཡོན།། དེ་ལ་སྐལ་པ་མཉམ་པའི་གན་དུ་འགྲོ་བ་ནི། རྒྱལ་རིགས་ཀྱི་འཁོར་གྱི་ནང་དུ་སོང་སྟེ། ཕྱིན་ན་དེ་དག་གི་ཁ་དོག་རྒྱས་པ་ཇི་ལྟ་བུར་འདུག་པ ་དེ་བཞིན་དུ། དེའི་ཡང་དེ་དང་འདྲ་བ་དང་། དེ་དག་གི་ཆུ་ཞེང་ཇི་ལྟ་བ་དང་། སྨྲ་བའི་སྟངས་ཇི་ལྟ་བ་བཞིན་དུ་དེའི་ཡང་དེ་དང་འདྲ་བ་དང་། དེ་དག་དོན་གང་སྨྲ་བར་བྱེད་པ་དེ་ནི་དེ་ཡང་སྨྲ་བར་མི་བྱེད་པ་དེ་ནི་དེ་ཡང ་སྨྲ་བར་མི་བྱེད་པ་དང་། མཇུག་ཏུ་དེ་དག་ལ་ཆོས་དང་མཐུན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་མི་སྣང་བར ་བྱེད་ལ། དེ་མི་སྣང་བར་གྱུར་པ་ལ་མི་སྣང་བར་གྱུར་པ་འདི་ལྷ་འམ། མི་འམ། སུ་ཞིག་སྙམ་དུ་མི་སེམསོ།། རྒྱལ་རིགས་ཀྱི་འཁོར་ལ་ཇི་ལྟ་བ་བཞིན་དུ་བྲམ་ཟེ་དང་། ཁྱིམ་བདག་དང་། དགེ་སྦྱོང་གི་འཁོར་དང ་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། དེ་བཞིན་དུ་ཚངས་རིས་དོང་། ཚངས་པ་མདུན ་ནོན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། མི་ཆེ་བ ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་དུ་ཡང་དེ་བཞི་ནོ།། དེ་ལ་སྣང་བར་ཡང་མི་བྱེད་མི་སྣང་བར་ཡང་མི་བྱེད་པ་ནི་འཁོར་ཆེན་པོའི་མདུན་དུ་ལན་བརྒྱ་འམ། ལན་སྟོང་ངམ། དེ ་བས་ལྷག་པར་ཡང་མི་སྣང་བར་བྱེད་ལ། ཕྱིར་ཡང་དེ་བཞིན་དུ་བདག་ཉིད་སྟོན་ཅིང་སྣང་བར་བྱེད་པ་ཡི་ནོ།། དེ་ལ་དབང་བྱེད་པ་ནི་སེམས་ཅན་གྱི་ཁམས་གང་ཇི་སྙེད་ཡོད་པ་དེ་ཐམས་ཅད་འགྲོ་བ་དང་། འོང་བ་དང་། གནས་པ་ལ་སོགས ་པའི་བྱ་བ་རྣམས་ལ་ཡང་དབང་བྱེད་པ་སྟེ། གལ་ཏེ་དེས་འདི་སྙམ་དུ་སོང་ཞིག་སྙམ་ན་ནི་འགྲོ་བར་འགྱུར། སྡོད་ཅིག་སྙམ་ན་ནི་སྡོད་པར་འགྱུར། འོངས་ཤིག་སྙམ་ན་ནི་འོངས་པར་འགྱུར། སྨྲོས་ཤིག་སྙམ་ན་སྨྲ་བར་འགྱུར་བ ་ཡིན།། དེ་ལ་གཞན་གྱི་རྫུ་འཕྲུལ་ཟིལ་གྱིས་གནོན་པ་ནི་དེ་བཞིན་གཤེགས་པ་ནི་དེ་ལས་གཞན་པ་རྫུ་འཕྲུལ་དང་ལྡན་པ་ཐམས་ཅད་ཀྱི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་ཟིལ་གྱིས་མྱནན་ནས་ཅི་དགྱེས་པར་དོན་སྒྲུབ་པར་མཛད་པ ་དང་། མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོག་པ་དང་། སྲིད་པ་ཐ་མ་པ་ནི་དེ་བཞིན་གཤེགས་པ་དང་མཚུངས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པར་དེ་ལས་གཞན་པ་ཐམས་ཅད་ཀྱི་རྫུ ་འཕྲུལ་མངོན་པར་འདུ་བྱེད་པ་ཟིལ་གྱིས་གནོན་པ་དང་། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་མཆོག་ཏུ་གྱུར་པའི་ས་ལ་ཞུགས་པ་རྣམས་དང་མཚུངས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས ་པར་དེ་ལས་གཞན་པ་རྫུ་འཕྲུལ་དང་ལྡན་པ་ཐམས་ཅད་ཀྱི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་ཟིལ་གྱིས་གནོན་པ་ཡིན།། དེ་ལ་སྤོབས་པ་སྦྱིན་པ་ནི་སྤོབས་པ་ཡོངསུ་གཏུགས་པ་ལ། སྤོབས་པ་ཉེ་བར་སྒྲུབ་པ་ཡིནོ།། དེ་ལ ་དྲན་པ་སྦྱིན་པ་ནི་ཆོས་རྣམས་ལ་དྲན་པ་བརྗོད་པ་ལ་དྲན་པ་ཉེ་བར་སྒྲུབ་པ་ཡིནོ།། དེ་ལ་བདེ་བ་སྦྱིན་པ་ནི་དེ་སྟོན་པ་ན། གང་དག་ཆོས་ཉན་པ་དེ་དག་ལ་ཤིན་ཏུ་སྦྱངས་པའི་བདེ་བ་གང་གིས་དེ་དག ་སྒྲིབ་པ་མེད་པར་ཆོས་ཉན་པར་འགྱུར་བ་དེ་ལྟ་བུའི་ལུས་དང་སེམས་ལ་ཕན་འདོགས་པ་ཉེ་བར་སྒྲུབ་པར་བྱེད་དེ། དེ་ཡང་དེ་ཙམ་གྱི་ཚུལ་གྱིས་བྱེད་ཀྱིས་གཏན་དུ་ནི་མ་ཡིན།། ཁམས་མ་སྙོམས་པ་དང་། གནོད་པ་ལས ་བྱུང་བ་དང་། མི་མ་ཡིན་པས་བཏང་བའི་ནང་འགྲོ་བ་ཡང་ཞི་བར་བྱེད་པ་ཡིནོ།། དེ་ལ་འོད་ཟེར་འབྱོན་པ་ནི་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་འོད་ཟེར་འདི་ལྟ་བུ་ལུས་ལས་འབྱིན་ཏེ། ་གྲང་དག་ཁ་ཅིག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་དོང་ན། སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བ་པའི་སྡུག་བསྔལ་རྒྱུན་གཅོད་པར་བྱེད་པ་དང་། ཁྲོ་ཅིག ་ནི་ལྷའི་འཇིག་རྟེན་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྒྱ་ཆེན་པོ་རྣམས་ཀྱི་རང་གི་གན་སུ་དོང་ནས་འདིར་འོང་བར་བྱ་བའི་ཕྱིར ་སྐུལ་བར་བྱེད་དོ།། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་བྱང་ཆུབ་སེམས་དཔའ་དག་འདིར་འོངས་པར་བྱ་བའི་ཕྱིར་སྐུལ་བར་བྱེད་དོ།། ་མདོར་བསྡུ་ན་དེ་བཞིན་གཤེགས་པས་འོད་ཟེར་སྣ་ཚོགས་དཔག་ཏུ་མེད་པ་དག་གིས་སེམས་ཅན་ཚད་མེད་པ་དག་གིས་དོན་དཔག་ཏུ་མེད་པ་དག་མཛད་པའོ།། ཡོངསུ་བསྒྱུར་བའི་རྫུ་འཕྲུལ་དེ་དག་ཐམས་ཅད་ཀྱི་རྣམ་པ་ནི་རེ་རེ་ནས་དབྱེ་ན ་དཔག་ཏུ་མེད་གྲངས་མེད་པར་རིག་པར་བྱ་སྟེ། རང་བཞིན་དེ་མཱ་ཡིན་དེ་མ་ཡིན་པའི་དངོས་པོ་དེ་ལས་གཞན་དུ་བསྒྱུར་ཞིང་བསྒྲུབ་པ་ལ་ནི་ཡོངསུ་བསྒྱུར་བ་ཞེས་བྱ་སྟེ། དེ་ལྟ་བས་ན་འདི་ནི་ཡོངསུ་བསྒྱུར་བའི་རྫུ་འཕྲུལ་ཞེས་བྱའོ།། ་དེ་ལ་སྤྲུལ་པའི་རྫུ་འཕྲུལ་གང་ཞེ་ན། མདོར་བསྡུ་ན། དངོས་པོ་མེད་པ་ལས་སྤྲུལ་པ་སྟེ། སྤྲུལ་པའི་སེམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ། མངོན་པར་འདུས་བྱས་ནས་འགྲུབ་པར་འགྱུར་བ་དེ་ནི་སྤྲུལ་པའི་རྫུ་འཕྲུལ་ཞེས་བྱའོ།། ་དེ་ཡང་ལུས་སྤྲུལ་པ་དང་། ངག་སྤྲུལ་པ་དང་། ཡུལ་སྤྲུལ་པ་རྣམ་པ་དུ་མ་ཡོད་དེ། ལུས་སྤྲུལ་པ་དེ་ཡང་བདག་དང་འདྲ་བ་འམ། མི་འདྲ་བ་འམ། གཞན་དང་འདྲ་བ་འམ། མི་འདྲ་བར་སྤྲུལ་པ་སྟེ། ལུས་སྤྲུལ་པ་བདག་དང་། ་གཞན་དང་འདྲ་བ་དང་། མི་འདྲ་བ་དེ་ཡང་དབང་པོ་དང་འདྲ་བ་དང་། དབང་པོའི་རྟེན་སྤྲུལ་པར་བྱེད་ཀྱི་དབང་པོ་ཉིད་ནི་མ་ཡིནོ།། ཡུལ་དང་འདྲ་བའི་སྤྲུལ་པ་སྤྲུལ་པར་བྱེད་པ་ནི། འདི་ལྟ་སྟེ། ཟས་དང་སྐོམ་ལ་སོགས་པ་དང་།། ་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་ལ་སོགས་པ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱར་གཏོགས་པའི་ཕྱི་རོལ་གྱི་ཡོ་བྱད་གང་ཅི་ཡང་རུང་བ་དེ་དང་འདྲ་བ་དེ་མ་ཡིན་པ་ཐམས་ཅད་ཇི་ལྟར་འདོད་པ ་བཞིན་དུ་སྤྲུལ་པར་བྱེད།། བདག་དང་འདྲ་བ་དེ་ཡང་རྣམ་པ་དུ་མ་མང་པོ་སྣ་ཚོགས་ཡོད་དེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ ་ཆེན་པོའི་བྱད་གཟུགས་དང་། མིའི་བྱེད་གཟུགས་དང་། དུད་འགྲོ་དང་། ཡི་དྭགས་དང་། སེམས་ཅན་དམྱལ་བ་པའི་བྱང་གཟུགས་དང་། ཉན་ཐོས་ཀྱི་བྱད་གཟུགས་དང་། རང་སངས་རྒྱས་ཀྱི་བྱད་གཟུགས་དང་། བྱང་ཆུབ ་སེམས་དཔའི་བྱང་གཟུགས་དང་། དེ་བཞིན་གཤེགས་པའི་བྱེད་རྣམསོ།། དེ་གལ་ཏེ་བྱང་ཆུབ་སེམས་དཔའ་ཉིད་ཅི་འདྲ་བ། དེ་འདྲ་བ་ཉིད་དུ་སྤྲུལ་པ་སྤྲུལ་པ་ན། དེའི་སྤྲུལ་པ་འདི་ནི་བདག་དང་འདྲ་བ་ཡིན།། དེ་ལྟ་མ་ཡིན ་པ་ནི་སྤྲུལ་པ་བདོག་དང་མི་འདྲ་བར་འགྱུར་རོ།། གལ་ཏེ་གཞན་དོག་ལྷར་གྱུར་པ་དེ་དང་འདྲ་བར་སྤྲུལ་ན་ནི། དེའི་གཞན་དང་འདྲ་བའི་སྤྲུལ་པ་ཡིནོ།། གལ་ཏེ་མི་འདྲ་བར་སྤྲུལ་ན་ནི་གཞན་དང་མི་འདྲ་བ་ཡི་ནོ།། ལྷར་གྱུར་པ་ཇི ་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པར་གྱུར་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ།། དེ་ལ་ལུས་ཀྱི་སྤྲུལ་པ་མང་པོ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔས་ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་སེམས་ཅན་དཔག་ཏུ་མེདོ་གྲངས་མེད་པ་དག་གི་དོན་སྤྲུལ་པ་བྱད་གཟུགས་སྣ་ཚོགས་དེ་དག་གིས་ཅིག་ཅར་མཛད་པ་དང་། བྱང་ཆུབ་སེམས་དཔའོ་འམ། དེ་བཞིན ་གཤེགས་པ་འདས་པའི་འོག་ཏུ་ཡང་སྤྲུལ་པ་ལ་ལ་གནས་པ་ཁོ་ནར་བྱིན་གྱིས་རློབ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པ་ལ་ལ་ནི་སེམས་རྣམས་ལ་རྣམ་པར་བསྟན་པ་ཙམ་དུ་ཟད་དེ། སྒྱུ་མ ་ལྟ་བུ་ཡིན་པ་དང་། ལ་ལ་ནི་ནོར་རྫས་གང་གིས་ནོར་རྫས་ཀྱི་བྱ་བ་ཡང་དག་པའི་ཟས་དང་། སྐོམ་དང་། བཞོན་པ་དང་། གོས་ལ་སོགས་པ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན ་ཤེལ་དང་། བྱུ་རུ་ལ་སོགས་པར་སྤྲུལ་པ་དེ་ཁོ་ན་བཞིན་དུ་འབྱུང་བ་ཡིན་ཏེ། གཞན་དུ་མི་འགྱུར་པ་འདི་ནི་རེ་ཞིག་ལུས་ཀྱི་སྤྲུལ་པ་ཡིནོ།། ངག་གི་སྤྲུལ་པ་ནི་གདངས་སྙན་པ་དང་ལྡན་པ་ཡང་ཡོད། སྐད་གསལ ་བ་དང་ལྡན་པ་དང་། བདག་དང་འབྲེལ་པ་དང་། གཞན་དང་འབྲེལ་པ་དང་། འབྲེལ་པ་མ་ཡིན་པ་དང་། ཆོས་སྟོན་པར་གཏོགས་པ་དང་། བག་མེད་པ་ལས་བསྐུལ་བར་གཏོགས་པ་ཡང་ཡོད།། དེ་ལ་གདངས་སྙན་པ ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བརྗོད་པའི་སྤྲུལ་པ་ཟབ་པ་ཡིན་ཏེ། འབྲུག་སྒྲ་ལྟ་བུ་དང་། ཀ་ལ་པིངྒའི་སྐད་ཡི་དུ་འོང་བ་འདྲ་བ་དང་། དགའ་བར་བྱེད་པས་སྙིང་དུ་འཐད་པ་དང་། ངག་སྤྲུལ་པ་དེ་གྲོང ་ཁྱེར་དུ་འགྲོ་བ་ཡིན་པ་དང་། སྙན་ཅིང་འཇེབས་པ་དང་། རྣར་སྙན་པ་དང་། ཟུར་ཕྱིན་པ་དང་། བརྡ་ཕྲད་པ་དང་། སྙན་པ་དང་། མི་མཐུན་པ་མེད་པ་དང་། མི་རྟེན་པ་དང་། མི་ཐད་པ་ཡིནོ།། དེ་ལ་སྐད་གསལ་བ ་ནི་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔའ་བཞེད་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཉན ་ཐོས་དང་། བྱང་ཆུབ་སེམས་དཔའི་འཁོར་སྣ་ཚོགས་འདུས་ཤིང་ཁོང་པའི་འཁོར་གྱི་དཀྱིལ་འཁོར་དཔག་ཚད་གཅིག་གི་བར་གྱི་མཐར་ཐུག་པར་གང་དག་ཐག་རིང་པོ་ན་འདུག་པ་འམ། གང་དག་དྲུང་ན་འདུག་པ་ཡང་རུང་སྟེ། ཐམས་ཅད ་ལ་ཡང་གསུང་ཤིན་ཏུ་ཡོངསུ་རྫོགས་པས་གོ་བར་མཛད་པ་དང་། བཞེད་ན་སྟོང་ཆུ་ངུའི་འཇིག་རྟེན་གྱི་ཁམསུ་གསུང་གོ་བར་མཛད་པ་དང་། སྟོང་གཉིས་པ་འམ། སྟོང་གསུམ་པ་འམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག ་ཏུ་མེད་གྲངས་མེད་པ་དག་ཏུ་གསུང་གིས་གོ་བར་མཛད། སྒྲ་དེ་ལས་ཀྱང་སེམས་ཅན་རྣམས་ལ་ཆོས་སྟོན་པ། སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་གང་ཡིན་པ་རྣམ་པ་དུ་མ་འབྱུང་བར་འགྱུར་བ་ཡིནོ།། དེ་ལ་བདག་དང་འབྲེལ་པའི ་ངག་གི་སྤྲུལ་པ་ནི་བདག་ཉིད་ཀྱིས་སྤྲུལ་པའི་ཚིག་གིས་ཆོས་སྟོན་པ་འམ། བག་མེད་པ་ལས་བསྐུལ་བ་གང་ཡིན་པའོ།། གཞན་དང་འབྲེལ་པ་ནི་གཞན་སྤྲུལ་པའི་ཚིག་གིས་ཆོས་སྟོན་པ་བླམ། བག་མེད་པ་ལས་བསྐུལ་བ་གང་ཡིན ་པའོ།། དེ་ལ་འབྲེལ་པ་མ་ཡིན་པའི་ངག་གི་སྤྲུལ་པ་ནི་ནམ་མཁའ་དང་། སྤྲུལ་པ་སེམས་ཅན་གྱི་སེམས་ཀྱི་རྒྱུད་མ་ཡིན་པ་ལས་ཚིག་འབྱུང་བ་གང་ཡིན་པའོ།། དེ་ལ་ཆོས་སྟོན་པའི་སྤྲུལ་པ་ནི་དེ་དང་དེར་རྨོངས་པ་རྣམས་ལ ་རིགས་པས་ཡང་དག་པར་སྟོན་པའི་ཆེད་གང་ཡིན་པའོ།། དེ་ལ་སྐུལ་བའི་སྤྲུལ་པ་ནི་རྨོངས་པ་མེད་ཅིང་དད་པ་རྙེད་པ་བག་མེད་པར་གྱུར་པ་རྣམས་བག་མེད་པ་ལ་ངོ་ཚ་བ་སྐྱེད་པ་དང་། བག་ཡོད་པ་ཡང་དག་པར་འཛིན་དུ་འཇུག་པའི་ཚད་གང་ཡིན ་པའོ།། སྤྲུལ་པ་རྣམ་པ་དུ་མ་དེ་ཡང་མདོར་བསྡུ་ན་ལུས་ཀྱི་སྤྲུལ་པ་དང་། ངག་གི་སྤྲུལ་པ་དང་། ཡུལ་གྱི་སྤྲུལ་པ་ཡིན་པར་རིག་པར་བྱའོ།། དེ་ལྟར་ན་སྤྲུལ་པའི་རྫུ་འཕྲུལ་དེ་དག་ཀྱང་རེ་རེ་ནས་རྣམ་པར་དབྱེ་ན་དཔག་ཏུ་མེད་གྲངས ་མེད་པར་རིག་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་རྣམ་པ་དེ་གཉིས་ཀྱང་མདོར་བསྡུ་ན། དོན་རྣམ་པ་གཉིས་སྒྲུབ་པ་ཡིན་ཏེ། སེམས་ཅན་རྣམས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུན་པར་བྱས་ནས ་སངས་རྒྱས་ཀྱི་བསྟོན་པ་ལ་འཇུག་པོར་བྱེད་པོ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཕན་གདགས་པ་རྣམ་པ་དུ་མ་མང་པོ་སྣ་ཚོགས་ཉེ་བར་སྒྲུབ་པ་ཡིནོ།། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་གནས ་མཁྱེན་པ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་བདག་ཉིད་ཀྱི་སྔོན་གྱི་གནས་ཡང་དག་པར་དགོངས་ཏེ། གང་དུ་སེམས་ཅན་ཆེ་གེ་མོ་ཞེས་བྱ་བ་དེ་དག་གི་ནང་དུ་བདག་འབྱུང་བ་ན་མིང ་ཞེས་བྱ་བའོ་ཞེས་རྒྱ་ཆེར་མདོ་ལས་འབྱུང་བ་བཞིན་དུ་སེམས་ཅན་གྱི་ལུས་ཚོགས་ལ་སོགས་པ་ཐ~ཾད་ཀྱང་རྗེསུ་དགོངས།། ཇི་ལྟར་བདག་ཉིད་ཀྱིས་བདག་ཉིད་ཀྱི་ཡང་དག་པར་རྗེསུ་དགོངས་པ་དེ་བཞིན་དུ། གཞན་དག་ལ་ཡང་དྲན་པར་མཛད། ་བདག་ཉིད་ཀྱིས་གཞན་དག་གི་ཡང་དགེངསོ།། སྔོན་གྱི་མཐའ་སེམས་ཅན་གྱི་ཚོགས་གང་ཡིན་པ་དེ་དག་གི་བདག་ཉིད་ཀྱིས་དགོངས་ཤིང་། གཞན་དག་ལ་ཡང་དྲན་པར་མཛད་། གང་དུ་སེམས ་ཅན་ཆེ་གེ་མོ་ཞེས་བྱ་བ་དེ་དག་གི་ནང་དུ་བདག་བྱུང་བ་ནི་མིང་འདི་ཞེས་བྱའོ་ཞེས་རྒྱ་ཆེར་སྦྱར་བར་བྱའོ།། སེམས་ཅན་དེ་དག་གི་སྔོན་གྱི་གནས་ཐམས་ཅད་ཀྱང་བདག་གི་ཚེ་འདི་ཉིད་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་ཡང་དག་པར་དགོདངསོ།། ། ་མཕྲ་བ་ཡང་ཡང་དག་པར་རྗེསུ་དགོངསོ།། སྔོན་གྱི་སྤྱོད་པ་ཉུང་ངུའམ། མང་པོ་སྔོན་དྲན་པོ་ལས་བརྗེད་པ་གང་ཅི་ཡང་རུང་བ་ཡང་།། སྐད་ཅིག་བར་ཆད་མེད་པའི་ཚུལ་གྱིས་གོ་རིམས་གང་གིས་རྒྱུན་མ་ཆང་པར་བྱས་པར ་རྒྱུན་ཆགས་པ་ཡང་ཡང་དག་པར་རྗེསུ་དགོངསོ།། གང་བསྐལ་པ་བགྲང་བའི་ཚུལ་གྱིས་གྲངསུ་བྱར་ནུས་པའི་ཚད་ཀྱང་རྗེ་སུ་དགོདངསོ།། གང་བསྐལ་པ་བགྲང་བའི་ཚུལ་གྱིས་གྲངསུ་བྱར་མི་ནུས་པ་དཔག་ཏུ་མེད་གྲངས་མེད ་པ་ཡང་རྗེསུ་དགོངསོ།། དེ་སྔོན་གྱི་གནས་མཁྱེན་པ་ནི་མདོར་བསྡུ་ན་གང་བཞེད་པ་དང་། ཇི་ལྟར་བཞེད་པ་དང་། ཇི་ཙམ་བཞེད་པར་ཐོགས་པ་མེད་པར་འཇུག་སྟེ། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས ་པའི་སྔོན་གྱི་གནསུ་གཏོགས་པའི་མཐུ་ནི་དེ་ལྟ་བུ་ཡི་ནོ།། དེ་སྔོན་གྱི་གནས་རྗེསུ་དྲན་པ་མཁྱེན་པ་དེས་སེམས་ཅན་རྣམས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དད་པ་བསྐྱེད་པ་དང་། གུས་པ་བསྐྱེད་པ་དང་། སྤྲོ་བ་སྐྱེད ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྔོན་གྱི་སྤྱོད་པའི་མཆོག་ཏུ་རྨད་དུ་བྱུང་བའི་སྤྱོད་པའི་སྐྱེས་པའི་རབས་སྣ་ཚོགས་རྣམ་པ་དུ་མ་སྟོན་ཏོ།། སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལས་བརྩམས་ཏེ། སྔོན་གྱི་ཚུལ་དང་ལྡན་པའི ་དེ་ལྟ་བུ་བྱུང་བ་དག་ཀྱང་སྟོན་ཏོ།། འདི་ལྟ་སྟེ། སྔོན་གྱི་མཐར་རྟོག་པའི་རྟག་པར་སྨྲ་བ་རྣམས་དང་། ཁ་ཅིག་རྟག་པར་འཛིན་པའི་སེམས་ཅན་རྟག་པར་ལྟ་བ་རྣམས་ཀྱི་རྟག་པར་ལྟ་བ་ཡང་སེལ་བར་མཛདདོ།། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ལྷའི་རྣ་བ་མཁྱེན་པ་གང་ཞེ་ནཱ། འདི་ལ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔས་ལྷའི་རྣ་བས་ལྷ་དང་མིའི་སྒྲ་དང་། འཕགས་པ་རྣམས་དང་། འཕགས་པ་མ་ཡིན་པ་རྣམས་དང་། སྒྲ་ཆེན་པོ་རྣམས་དང་། ་སྒྲ་ཆུ་ངུ་རྣམས་དང་། གསལ་བ་རྣམས་དང་། མི་གསལ་བ་རྣམས་དང་། སྤྲུལ་པ་རྣམས་དང་། སྤྲུལ་པ་མ་ཡིན་པ་རྣམས་དང་། རྒྱང་རིང་པོ་དང་། དྲུང་ན་འདུག་པ་རྣམས་ཐོས་པ་ཡིན་ཏེ། དེ་ལྷ་རྣམས་ཀྱི་སྒྲ་ནི་གལ་ཏེ་ལྡན་ཆདུ ་འཇུག་པར་མི་མཛད་ན། གོང་དུ་འོག་མིན་གྱི་གནས་མན་ཆད་སེམས་ཅན་སྐྱེས་པ་རྣམས་ཀྱིའོ།། ཇི་སྟེ་འཇུག་པ་མཛད་ན་ནི་གྱེན་དུ་དེ་ལས་འདས་པའི་འཇིག་རྟེན་གྱི་ཁམས་གཞན་གྱི་ཡང་གསན་ཏོ།། དེ་ལ་མི་རྣམས་ཀྱི་སྒྲ་ནི་ཐད ་ཀར་གླིང་བཞི་པ་ཐམས་ཅད་དུ་སེམས་ཅན་སྐྱེས་པ་རྣམས་ཀྱིའོ།། དེ་ལ་སྒྲ་འཕགས་པ་རྣམས་ཀྱི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་སྒྲ ་དང་། དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དེ་དག་ཐོས་ནས་རྗེས་སྒྲོགས་པར་བྱེད་དེ། འདི་ལྟ་སྟེ། དགེ་བ་ཡང་དག་པར་བླང་བ་དང་། མི་དགེ་བ་སྤང་བ་ལས་བརྩམས་ནས་ཡང་དག་པར་སྟོན་པ ་དང་། ཡང་དག་པར་ལེན་དུ་འཇུག་པ་དང་། ཡང་དག་པར་གཟེངས་བསྟོད་པ་དང་། ཡང་དག་པར་དགའ་བར་བྱེད་པ་རྣམས་ཀྱི་གང་དག་ཡིན་པའོ།། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ལུང་ནོད་པ་དང་། ་ཁ་ཏོན་བྱེད་པ་དང་། གཏན་ལ་འབེབས་པ་དང་། ལེགས་པར་བསྐུལ་བ་དང་། དྲན་པར་བྱེད་པ་དང་། འདོམས་པ་དང་། རྗེསུ་སྟོན་པ་ཡང་།། གཞན་ཡང་ལེགས་པར་སྨྲས་པ་དང་། ལེགས་པར་བརྗོད་པ་དང་། དོན་དང་ལྡན ་པ་གཞན་དང་ཅི་ཡང་རུང་བ་དེ་དག་ནི་སྒྲ་འཕགས་པ་རྣམས་ཞེས་བྱའོ།། སྒྲ་འཕགས་པ་མ་ཡིན་པ་རྣམས་ནི་སེམས་ཅན་རྣམས་ཀྱི་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངགྲ་རྩུབ་པོ་དང་། ཚིག་ཀྱལ་པའི་སྒྲ་གང་ཡིན་པ་རྣམས་དང་། ་འོག་ཏུ་ངན་སོང་དུ་སྐྱེས་པ་རྣམས་དང་། གོང་དུ་ལྷའི་ནང་དུ་སྐྱེས་པ་རྣམས་དང་། ཐད་ཀར་མིའི་ནང་དུ་སྐྱེས་པ་རྣམས་ཀྱིའོ།། དེ་ལ་སྒྲ་ཆེན་པོ་རྣམས་ནི་སེམས་ཅན་གྱི་ཚོགས་ཆེན་པོའི་སྒྲ་རྣམས་སམ། གནོད་པ་རྣམ་པ ་སྣ་ཚོགས་ཀྱིས་གནོད་པར་གྱུར་ནས། ཉམ་ཐག་པའི་སྐད་ཀྱིས་ངུ་ཞིང་། ཀུ་ཅོ་འདོན་པ་རྣམས་ཀྱི་འམ། འདྲུག་སྒྲ་གྲགས་པ་འམ། དུང་དང་། རྔ་བོ་ཆེ་དང་། རྔ་པ་ཊ་ཧའི་སྒྲ་རྣམས་ཡིནོ།། སྒྲ་ཆུ་ངུ་རྣམས་ཐ་ན་རྣ་བར་གཤུབ ་བའི་སྒྲ་ཡན་ཆདདོ།། སྒྲ་གསལ་བ་རྣམས་ནི་གང་དག་གིས་དོན་གོ་བ་ཡིནོ།། སྒྲ་མི་གསལ་བ་རྣམས་ནི་གང་དག་གིས་དོན་གོ་བར་མི་འགྱུར་བ་སྟེ། འདི་ལྟ་སྟེ། འགྲོ་ལྡིང་བའི་གསང་སྔགས་རྣམས་སམ། རླུང་དང་། ནགས་ཚལ་དང་། ་ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤབཤང་ཏེའུ་ལ་སོགས་པ་རྣམས་ཀྱི་སྒྲ་ཡིནོ།། དེ་ལ་སྒྲ་སྤྲུལ་པ་རྣམས་ནི་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་རྣམས་ཀྱིས་རྫུ་འཕྲུལ་མངོན་པར་འདུས་བྱས་པ་གང་ཡིན ་པ་རྣམསོ།། རྒྱང་རིང་པོའི་སྒྲ་རྣམས་ནི་གོང་གི་གནས་སམ། གཙུག་ལག་ཁང་གང་ན་དེ་བཞིན་གཤེགས་པའིམ། བྱང་ཆུབ་སེམས་དཔའ་བཞུགས་པ་དེར་སྒྲ་བྱུང་བ་གང་ཡིན་པ་དེ་དག་མ་གཏོགས་པར་དེ་ལས་གཞན་པ་འཇིག ་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་རབ་ཏུ་བྱུང་བ་ཡིན།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆི་འཕོ་བ་དང་། སྐྱེ་བ་མཁྱེན་པ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས ་དཔས་ལྷའི་མིག་རྣམ་པར་དག་པ་མྱིའི་ལས་འདས་པས་སེམས་ཅན་འཆི་འཕོའི་ཚེ་དང་། ཤི་འཕོས་པ་ནུ་ཡང་གཟིགས་ཏེ། མདོག་སྡུག་པ་དང་། མདོག་མི་སྡུག་པ་དང་། ངན་པ་དང་། བཟང་པོ་དང་། ཕྱི་མའི་མཐར ་སྐྱེས་ཤིང་རྒས་པའི་རྒྱུས་དབང་པོ་རྣམས་ཡོངསུ་སྨིན་པས་ལུས་ཀྱི་སྤྱོད་པ་སྣ་ཚོགས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་འཇུག་པ་རྣམས་དང་། དེ་བཞིན་དུ་སྣང་བ་ཡང་གཟིགས་ཤིང་མཁྱེན་ཏོ།། ཆ་ཕྲ ་ཡང་གཟིགས་ཤིང་མཁྱེན་ཏོ།། གཟུགས་སྤྲུལ་པ་གང་ཡིན་པ་དང་། ལྷའི་གཟུགས་དང་བ་གང་ཡིན་པ་གཟིག་སྷོ།། གལ་ཏེ་འོག་དང་སྟེང་གི་འཇིག་རྟེན་གྱི་ཁམས་དགུ་ཏུ་གཟུགས་གཟིགས ་པ་དག་ལས་བརྩམས་ཏེ། འཇུག་པ་མི་མཛད་ན་ནི་འོག་ཏུ་མནར་མེད་པ་ལ་ཐུགས་པ་ཡན་ཆད་གོང་དུ་འོག་མིན་གྱི་གནས་ལ་ཐུག་པ་མན་ཆད་གཟིག་སོ།། ཇི་སྟེ་ཆེ་དུ་གཟིགས་ན་ནི་དེ་ལས་འདས་པའི་འོག་ཏུ་སྟེང་དང་ཐང ་ཀར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད་པ་དག་ན་གཟུགས་ཡོད་པ་ཐམས་ཅད་གཟིགས་ཏེ། ཆེར་ན་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ན་དེ་བཞིན་གཤེགས་པ་འཁོར་སྣ་ཚོགས་ཀྱི་དཀྱིལ་འཁོར་ཆེན ་པོའི་ནང་ན་ཆོས་སྟོན་ཅིང་བཞུགས་པ་དེ་དང་དེ་དག་ཀྱང་གཟིགསོ།། དེ་ལ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔས་ལྷའི་མིག་གིས་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱིས་ལུས་ཀྱི་སྤྱོད་པ་དགེ་བ་དང་། ་མི་དགེ་བ་དག་གཟིགས་ནས་ཅི་རིགས་ཅི་འོས་པར་དེ་དག་ལ་ནན་ཏན་མཛདདོ།། ལྷའི་རྣ་བས་ཀྱང་ངག་གི་སྤྱོད་པ་དགྲ་དགེ་བ་དང་། མི་དགེ་བ་བས་ན་ནས་སེམས་ཅན་དེ་དག་ལ་ཅི་རིགས་ཅི་འོས་པར་ནན་ཏན་མཛདདོ།། ་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ནི་ལྷའི་མིག་དང་། ལྷའི་རྣ་བ་འདིས་འཕྲིན་ལས་མཛད་དོ།། དེ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་རྣམ་གྲངས ་མཁྱེན་པ་གང་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་སེམས་ཅན་འཁོད་པ་གཞན་དག་གི་སེམས་ཉོན་མོངས ་པས་ཀུན་ནས་དཀྲིས་པ་དང་། ཉོན་མོངས་པས་ཀུན་ནས་དཀྲིས་པ་དང་བྲལ་བ་དང་། ཉོན་མོངས་པ་དང་འབྲེལ་པར་བཅས་ཤིང་བག་ལ་ཉལ་བ་དང་བཅས་པ་དང་། ཉོན་མོངས་པ་དང་འབྲེལ་པ་མ་ཡིན་ཞིང་བག་ལ་ཉལ ་མེད་པ་ཡང་མཁྱེན་ཏོ།། སྨོན་ལམ་ལོག་པར་བཏབ་པའི་སེམས་འདི་ལྟ་སྟེ། མུ་སྟེགས་ཅན་གྱི་སེམས་དང་། ཟང་ཟིང་དང་བཅས་པའི་བསམ་པ་ཅན་གྱི་ཉོན་མོངས་པ་མ་ཡིན་པའི་སེམས་གང་ཡང་རུང་བ་ཡང་མཁྱེན་ཏོ།། ་དེ་ལ་བཟློག་པ་སྨོན་ལམ་ལེགས་པར་བཏབ་པའི་སེམས་ཀྱང་མཁྱེན་ཏོ།། དམན་པའི་སེམས་འདི་ལྟ་སྟེ། འདོད་པའི་ཁམསུ་སྐྱེས་པའི་སེམས་ཅན་ཐ་ན་རི་དགས་དང་བྱ་ཡན་ཆད་ཐམས་ཅད་ཀྱི་སེམས་ཀྱང་མཁྱེན་ཏོ།། བར ་མའི་སེམས་འདི་ལྟ་སྟེ། གཟུགས་ཀྱི་ཁམསུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ཡང་མཁྱེན་ཏོ།། གྱ་ནོམ་པའི་སེམས་འདི་ལྟ་སྟེ། གཟུགས་མེད་པར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ཡང་མཁྱེན་ཏོ།། བདེ་བ་དང་། ་ལྡན་པ་དང་། སྡུག་བསྔལ་དང་ལྡན་པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་པའི་སེམས་ཀྱང་མཁྱེན་ཏོ།། ཕ་རོལ་གྱི་སེམས་མཁྱེན་པ་གཅིག་གི་སེམས་གང་ཡིན་པ་དང་། ཇི་ལྟ་བུ ་དང་། ཇི་འདྲ་བ་དང་། ཇི་སྙེད་ཉེ་བར་གནས་པ་དེ་ཡང་གཅིག་ཅར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ།། ཕ་རོལ་གྱི་སེམས་མཁྱེན་པ་གཅིག་ཁོ་ནས་སེམས་ཅན་མང་པོ་གང་དག་གིས་སེམས་གང ་ཡིན་པ་དང་། ཇི་ལྟ་བུ་དང་། ཅི་འདྲ་བ་དང་། ཇི་སྙེད་ཉེ་བར་གནས་པ་དེ་ཡང་གཅིག་ཅར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་དེ་ཡང་སེམས་ཅན་རྣམས ་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་། མོས་པ་སྣ་ཚོགས་མཁྱེན་པ་དང་། ཁམས་དང་། སྤྱོད་པ་སྣ་ཚོགས་མཁྱེན་པ་དང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་སྣ་ཚོགས་དག་ཏུ་ཅི་རིགས་པར་ཡང ་དག་པར་སྦྱོར་བར་བྱེད་པ་སྟེ། དེ་ནི་དེའི་ལས་ཡིན་པར་རིག་པར་བྱའོ།། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་ཟད་པ་མཁྱེན་པ་གང་ཞེ་ན། དེ་ལ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔས ་ཉོན་མོངས་པ་རྣམས་ཟད་པ་ཐོབ་པ་ཟག་པ་ཟད་པ་འདག་གིས་སམ། གཞན་དག་གིས་ཐོབ་པ་འམ། མ་ཐོབ་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ།། བདག་དང་གཞན་དག་གི་ཟག་པ་ཟད་པ་འཐོབ་པའི་ཐབས ་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། ཐབས་ཇི་ལྟ་བ་བཞིན་དུ་ཐབས་མ་ཡིན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ར་ཏུ་མཁྱེན་ཏེ།། གཞན་དག་གི་ཟག་ཟད་པ་ཐོབ་པའི་མངོན་པའི་ང་རྒྱལ་ཡང་ཡང་དག ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། མངོན་པའི་ང་རྒྱལ་མེད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། བྱང་ཆུབ་སེམས་དཔའ་ནི་དེ་དག་ཐམས་ཅད་ནི་མཁྱེན་ཀྱང་ཟག་པ་ཟད་པ་ཡང་བདག་ཉིད་ཀྱིས་མངོན་སུམ་དུ་མི ་མཛད།། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཟག་པ་དང་བཅས་པའི་དངོས་པོ་ཟག་པ་རྣམས་དང་ལྷན་ཅིག་ཏུ་མི་འདོར་རོ།། ཟག་པ་དང་བཅས་པའི་དངོས་པོ་དེ་ལ་ཡང་སྤྱོད་ལ་ཀུན་ནས་ཉོན་མོངས་པ་ཅན་དུ་ཡང་མི་འགྱུར་ཏེ།། དེ ་ནི་དེའི་མཐུ་ཐམས་ཅད་ཀྱི་ནང་ན་ཆེས་མཐུ་ཆེ་བ་ཡིན་པར་རིག་པར་བྱ་སྟེ། ཟག་པ་ཟད་པ་མཁྱེན་པ་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་ལ། གཞན་དག་ལ ་ཡང་སྟོན་ཅིང་མངོན་པའི་ང་རྒྱལ་ཡང་སེལ་བར་མཛད་པ་འདི་ནི་དེའི་ལས་ཡིན་པར་རིག་པར་བྱའོ།། དེ་ལ་ཆོས་ཀྱི་མཐུ་གང་ཞེ་ན། སྦྱིན་པའི་མཐུ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ ་གཏན་དང་། ཤེས་རབ་ཀྱི་མཐུའོ།། སྦྱིན་པ་ལ་སོགས་པའི་ཆོས་འདི་དག་གི་མཐུ་དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། མི་མཐུན་པའི་ཕྱོགས་སྤོང་བ་དང་། ཚོགས་ཡོངསུ་སྨིན་པར་བྱེད་པ་དང་། བདག་དང ་གཞན་ལ་ཕན་འདོགས་པ་དང་། ཕྱི་མ་ལོ་འབྲས་བུ་འབྱིན་པར་བྱེད་པའོ།། བྱང་ཆུབ་སེམས་དཔའ་སྦྱིན་པ་ན་སྦྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་སྤོང་ངོ་།། དེའི་སྦྱིན་པ་དེ་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཚོགསུ་གྱུར་པ་ཡང་ཡིན ་ལ། བསྡུ་བའི་དངོས་པོ་སྦྱིན་པས་ཀྱང་སེམས་ཅན་ཡོངསུ་སྨིན་པར་བྱེད།། སྦྱིན་པའི་སྔ་རོལ་ཏུ་ཡང་ཡིད་དགའ་ལ། སྦྱིན་པའི་ཚེ་ཡང་སེམས་དང་བར་བྱེད་ཅིང་བྱིན་པའི་འོག་ཏུ་ཡང་འགྱོད་པ་མེད་དེ། ་དུས་གསུམ་དུ་རབ་ཏུ་དགའ་བའི་སེམས་ཀྱིས་བདག་ཉིད་ལ་ཕན་འདོགས་པ་དང་། གཞན་དག་གི་དཀྲིས་པ་དང་། སྐོམ་པ་དང་། གྲང་བ་དང་། ཆེ་བ་དང་། ན་བ་དང་། འདོད་པས་འཕོངས་པ་དང་། འཇིགས་པའི་སྡུག་བསྔལ ་སེལ་བས་གཞན་ལ་ཕན་འདོགས་པ་དང་། ཕ་རོལ་ཏུ་ཡང་གང་དང་གང་དུ་སྐྱེས་པས་ཕྱུག་པ་དང་། ལོངས་སྤྱོད་ཆེ་བ་དང་། རྩ་འཇིང་ཆེ་བ་དང་། གཡོག་འཁོར་མང་བར་འགྱུར་ལ། སྦྱིན་པ་ལ་ཡང་མོས་པར་འགྱུར་ཏེ། དེ་ལྟར་ན ་རྣམ་པ་བཞི་པོ་འདི་དག་ནི་སྦྱིན་པའི་མཐུ་ཡིན་ཏེ། འདི་ལས་ལྷག་པ་ཡང་མེད་དོ།། བྱང་ཆུབ་སེམས་དཔའ་ལུས་དང་ངག་གི་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་ལེན་པ་ན། ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་འཆལ་པའི་ཚུལ ་ཁྲུམས་ཀྱང་སྤོང་།། དེའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་དེ་བྱང་ཆུབ་ཀྱི་ཚོག་སུ་འགྱུར་བ་ཡང་ཡིན་ལ། དོན་མཐུན་པའི་བསྡུ་བའི་དངོས་པོས་ཀྱང་སེམས་ཅན་རྣམས་ཡོང་སུ་སྨིན་པར་བྱེའོ།། འཆལ་པའི་ཚུལ་ཁྲིམས ་ཀྱི་རྐྱེན་གྱིས་འཇིགས་པ་དང་། ཁ་ན་མ་ཐོ་བ་དང་། ཁོན་དུ་འཛིན་པོ་སྤོང་བ་ན་བདག་ཉིད་ལ་ཕན་འདོགས་ཏེ། བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་ལ། དེ་བཞིན་དུ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་འགྱོད་པ་མེད ་ཅིང་མཆོག་ཏུ་དགའ་བ་ནས། སེམས་ཀྱི་ཏིང་འཛིན་པའི་བར་དུ་འགྱུར་ཏེ། དེ་ལྟར་བདག་ཉིད་ལ་ཕན་འདོག་སོ།། སེམས་ཅན་ཐམས་ཅད་ལ་ཡང་རྣམ་པ་ཐམས་ཅད་ཀྱིས་རྣམ་པར་པོ་མི་འཚམས་པས་མཱི་འཇིགས་པ་སྦྱིན་པར་བྱེད།། ་དེ་ལྟར་གཞན་ལ་ཕན་འདོག་སོ།། ལུས་ཞིག་ནས་ཀྱང་གཞི་དེས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཞིང་། ཚུལ་ཁྲིམས་ལ་ཡང་མོས་པར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་ཚུལ་ཁྲིམས་ཀྱི་མཐུ ་ཡིན་ཏེ། འདི་ལས་གོང་ན་ཡང་མདོ།། འདི་ལས་ལྷག་པ་ཡང་མདོ།། བྱང་ཆུབ་སེམས་དཔའ་བཟོད་པ་དང་ལྡན་པ་ནི་བཟོད་པའི་མི་མཐུན་པའི་ཕྱོགས་མི་བཟོད་པ་ཡང་སྤོང་།། དེའི་བཟོད་པ་དེའི་བྱང་ཆུབ་ཀྱི་ཕྱོགསུ་གྱུར་པ་ཡང་ཡིན་ལ། ་དྲོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེདའོ།། བདག་དང་གཞན་ཡང་འཇིགས་པ་ཆེན་པོ་ལས་ཡོངསུ་སྐྱོབ་པར་བྱེད་པས་ན། བཟོད་པ་དེས་བདག་དང་གཞན་ལ་ཡང་ཕན་འདོག་སོ།། གཞི་དེས་བྱང་ཆུབ ་སེམས་དཔའ་ཕྱི་མ་ལ་འཁོན་པ་མེང་པར་འགྱུར་ཞིང་། འབྱེད་པ་མི་མང་ལ་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་མང་བར་མི་འགྱུར་ཏེ། ཚེ་འདི་ཉིད་ལ་ཡང་འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་ལ།། ལུས་ཞིག ་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཞིང་། བཟོད་པ་ལ་མོས་པར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་བཟོད་པའི་མཐུ་ཡིན་ཏེ། འདི་ལས་གོང་ན་མདོ།། འདི་ལས་ལྷག་པ ་ཡང་མེད།། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་ཏེ། གནས་པ་ནཱ་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ལ་ལོ་ཡང་སྤང་།། བརྩོན་འགྲུས་དེ་ནི་བྱང་ཆུབ་ཀྱི་ཚོགས་གྱུར་པ་དང་།། རྟེན ་ཡང་ཡིན་ལ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེདའོ།། བརྩོན་འགྲུས་བརྩམས་པ་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པར་བདེ་བ་ལ་རེག་པར་གནས་པ་ན། སྔོན་ལས་གོང་དུ་བོགས་པར་གྱུར ་མཐོང་ནས། དགའ་ཞིང་མཆོག་ཏུ་དགའ་བས་བདག་ཉིད་ལ་ཡང་ཕན་འདོག་སོ།། དགེ་བའི་ཕྱོགས་ལ་བརྩོན་པས་གཞན་ལ་ལུས་དང་ངག་གིས་རྣམ་པར་མི་འཚེ་བ་དང་། གཞན་དག་ཀྱང་བརྩོན་འགྲུས་རྩོམ་པ་ལ་འདུན་པ ་སྐྱེད་དེ། དེ་ལྟར་གཞན་ལ་ཡང་ཕན་འདྲོག་སོ།། ཕྱི་མ་ལ་ཡང་རྒྱུའི་སྟོབས་དང་ལྡན་ཞིང་སྐྱེས་བུའི་རྩལ་ལ་མངོན་པར་དགའ་བར་འགྱུར་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་འདི་དག་ནི་བརྩོན་འགྲུས་ཀྱི་མཐུ་ཡིན་ཏེ། འདི་ལས་གོ ་ནོ་ཡང་མེདོ།། འདི་ལས་ལྷག་པ་ཡང་མེདདོ།། བྱང་ཆུབ་སེམས་དཔས་བསམ་གཏན་ལ་སྙོམས་པར་འཇུག་པ་ན། བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པའི་ཚིག་གི་རྟོག་པ་དང་། དགའ་བ་དང་། ་བདེ་བ་དང་། གཟུགས་ཀྱི་འདུ་ཤེས་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་སྦེང་ངོ་།། དེའི་བསམ་གཏན་དེ་བྱང་ཆུབ་ཀྱི་ཚོགསུ་འགྱུར་བའི་རྟེན་དུ་གྱུར་པ་ཡང་ཡིན་ལ་དོན་མཐུན་པས་ཀྱང་སེམས་ཅན་རྣམས་ཡོངས ་སྨིན་པར་བྱེད།། ཚེ་འདི་ཉིད་ལ་བདེ་བར་གནས་པས་བདག་ལ་ཕན་འདོག་སོ།། ཞི་ཞིང་རབ་ཏུ་ཞི་བ་ལ་སེམས་འདོད་ཆགས་དང་བྲལ་བས་སེམས་ཅན་རྣམས་ཀྱི་ནང་ན་གནོད་པ་མེད་ཅིང་རྣམ་པར་མི་འཁྲུག་པས་གཞན་ལ་ཕན་འདོག་སོ།། ། ་བསམ་གཏན་གྱི་འབྲས་བུ་ཕྱི་མ་ལ་ཡེ་ཤེས་རྣམ་པར་དག་པ་དང་། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་དང་། རྣམ་པར་དག་པའི་ལྷར་སྐྱེ་བར་འགྱུར་ཏེ། དེ་ལྟར་རྣམ་པ་བཞི་པོ་འདི་དག་ནི་བསམ་གཏན་གྱི་མཐུ་ཡིན་ཏེ། ་འདི་ལས་གོང་ན་ཡང་མེདདོ།། འདི་ལས་ལྷག་པ་ཡང་མེདོ།། བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པ་ནི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་མ་རིག་པ་ཡང་སྤྱོད་།། དེའི་ཤེས་རབ་དེ་བྱང་ཆུབ་ཀྱི་ཚོགསསུ་གྱུར་པ་ཡང་ཡིན ་ལ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་སྤྱོད་པས་ཀྱང་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེདདོ།། ཤེས་བྱའི་དངོས་པོ་དོན་ཇི་ལྟ་བ་བཞིན་དུ། སོ་སོར་རྟོགས་པ་དང་ལྡན་པའི་དགའ་བ་དང་། ་མཆོག་ཏུ་དགའ་བ་རྒྱ་ཆེན་པོས་བདག་ཉིད་ལ་ཕན་འདོག་སོ།། ཐམས་ཅད་དུ་རིགས་པས་ལུང་འབོག་པས་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པ་དང་། བདེ་བས་སེམས་ཅན་རྣམས་ལ་ཡང་ཕན་འདོག་སོ།། ཕྱི་མ་ལ་དེས་དགེ ་བའི་རྩ་བ་ཐམས་ཅད་ཀྱང་ཡང་དག་པར་བསྡུད་པར་བྱེད་ཅིང་། སྒྲིབ་པ་རྣམ་པ་གཉིས་དང་བྲལ་བ་དང་། ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། རྣམ ་པ་བཞི་པོ་འདི་དག་ནི་ཤེས་རབ་ཀྱི་མཐུ་ཡིན་ཏེ། འདི་ལས་གོང་ན་ཡང་མེདོ།། འདི་ལས་ལྷག་པ་ཡང་མེད་དེ། འདི་ནི་ཆོས་ཀྱི་མཐུ་ཞེས་བྱའོ།། སངས་རྒྱས་དང་བྱང་ཆུབ་སྙོམས་དཔའ་རྣམས ་ཀྱི་ལྷན་ཅིག་སྐྱེས་པའི་མཐུ་གང་ཞེ་ན། རང་བཞིན་གྱི་ཚེ་རབས་དགོངས་པ་དང་། སེམས་ཅན་རྣམས་ཀྱི་ཕྱིར་སོ་སོར་བཏགས་ནས་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་མི་ཟད་པ་རྒྱུན་མི་འཚོད་པས་མི་མཛད་པ་དང་། ་སེམས་ཅན་རྣམས་ཀྱི་དོན་ཁོ་ནའི་ཕྱིར་སེམས་ཅན་གྱི་དོན་སྒྲུབ་པའི་སྡུག་བསྔལ་བས་དགའ་བ་དང་། དགའ་ལྡན་དུ་སྐྱེས་ནས་ཚེའི་ཚད་ཇི་སྲིད་པར་དགའ་ལྡན་ན་གནས་པ་དང་། དགའ་ལྡན་དུ་སྐྱེས་པའི་ལྷའི་བུ་གཞན་རྣམས ་གནས་གསུམ་པོ་ལྷའི་ཚེ་དང་། ལྷའི་མདོག་དང་། ལྷའི་གྲགས་པས་ཟིལ་གྱིས་གནོན་པ་དང་། ཡུམ་གྱི་ལྷུམསུ་གཤེགས་པ་ན་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་ཁྱབ་པར་མཛད་པ་དང་། ཡང་དག་པར་མཁྱེན་བཞིན་དུ ་ཡུམ་གྱི་ལྷུམསུ་གཤེགས་པ་དང་། གནས་པ་དང་། བལྟམ་ཁ་དང་། བལྟམ་པ་དང་། བལྟམས་མ་ཐག་ཏུ་ཡང་སུས་ཀྱང་མ་རྟེན་པར་ས་ལ་གོམ་པ་བདུན་མདོར་ཞིང་ཚིག་ཀྱང་གསུང་བ་དང་། བལྟམས་པ་ན་ལྷ་དང་། ཀླུ་དང་། ་གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་ཆེ་བ་དག་གིས་ལྷའི་མེ་ཏོག་ཕྲེང་དང་། རོལ་མོའི་སྒྲ་དང་། བདུག་པ་དང་། ན་བཟའ་འབུལ་བ་དང་། གདུགས་དང་། རྒྱལ་མཚན་དང་། ་བ་དན་ལ་སོགས་པ་དམ་པ་རབ་མཆོག་གིས་མཆོད་པའི་ལས་བྱེད་པ་དང་། སྐྱེས་བུ་ཆེན་པོའི་མཚན་བླ་ན་མེད་པ་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལ་མཚན་ལོགས་པར་བཏབ་པ་དང་། སྲིད་པ་ཐ་མ་སྐུ་ཚེ་ཐ་མ་ལྔ་ཕྱིར་རྒོལ་བ་དང་། བདུད་ཀྱི་སྣ ་ཐམས་ཅད་དང་། གནོད་པ་ཐམས་ཅད་ཀྱིས་མི་རྫི་བ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས། བདུད་ཀྱི་དཔུང་ཐམས་ཅད་བྱམས་པས་ཕམ་པར་མཛད་པ་དང་། སྐུའི་ཚོགས་ཐམས་ཅད་ཀྱི་ཚོགས་རེ་རེ་ལ་ཡང་སྲེད་མེད ་བུའི་སྟོབས་མངའ་བ་དང་། སྐུ་ནས་གཞོན་ཏེ་བདག་ཉིད་ཀྱིས་མཁས་པ་ལ་བྱང་བར་སྦྱངས་པ་མ་མཛད་བཞིན་དུ་འཇིག་རྟེན་གྱི་གཟོ་དང་། ལས་ཀྱི་གནས་ཐམས་ཅད་མྱུར་བ་མྱུར་བར་ཐུགསུ་ཆུད་པ་དང་། གཅིག་པུ་སློབ་དཔོན ་མེད་པར་བདག་ཉིད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོར་བྱང་ཆུབ་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། མི་མཛད་ཀྱི་བདག་པོ་ཚངས་པ་ཡང་རང་འོངས་ནས། འཇིག་རྟེན་དུ་དམ་པའི་ཆོས་བཤད་པར་སྐུལ་བ་དང་། འབྲུལ ་སྒྲ་ཆེན་པོ་ཡང་མི་གསན་ཅིང་མི་བཞེངས་པས་སྙོམས་པོར་འཇུག་པ་ཞི་བ་དང་། བྱང་ཆུབ་སེམས་དཔའ་ལྔ་རི་དྭགས་དང་། བྱ་དང་།། རི་དགས་ཕྲ་མོ་རྣམས་ཀྱང་མཆོག་ཏུ་ཡིད་སྟོན་ཏེ། རྟག་ཏུ་འོང་ཞིང་དེའི་དྲུང་དུ་ཅི་དགའ་བར ་འཁོད་པ་དང་། དེ་བཞིན་གཤེགས་པ་ལ་ནི་ཐ་ན་དུད་འགྲོ་རྣམས་ཀྱང་མཆོད་པ་བྱེད། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྤྲེའུས་སྦྲང་རྩི་མ་སྐོལ་བ་ཕུལ་ཏེ། བཅོམ་ལྡན་འདས་ཀྱིས་དེ་བཞེས་ནས། སྤྲེའུ་དེ་ཡིད་དགའ ་བར་གྱུར་ཏེ། གྲཝར་བྱེད་ཅིང་ཕྱིར་ལོག་མྱུར་དུ་སོང་བ་ལྟ་བུ་དང་། སྤྲིན་ཡང་དེ་བཞིན་གཤེགས་པ་ཁྲུས་མཛད་ཀྱིས་འདི་ལ་ཁྲུས་གསོལ་སྙམ་སྟེ། བཅོམ་ལྡན་འདས་འབར་ཞིག་གི་ཕྱིར་སྡོད་པ་དང ་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པའི་ཤིང་དྲུང་ན་བཞུགས་ན། ཤིང་ཐམས་ཅད་ཀྱི་གྲིབ་མ་ཤར་ཕྱོགསུ་སོང་ཡང་། ཤིང་དེའི་གྲིབ་མ་སྐུ་ལས་མི་ཡོལ་བ་དང་། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ ་བཞིན་གཤེགས་པ་ལ་བདུད་ཀྱི་གླགས་བཙལ་ཀྱང་ལོ་དྲུག་གི་བར་དུ་གླགས་མ་རྙེད་པ་དང་། རྟག་ཏུ་དྲན་པ་དང་ལྡན་པས་རྟག་པར་རྒྱུན་ཏུ་ཉེ་བར་གནས་པ་དང་། དྲན་པ་དང་ལྡན་པས་ཚོར་བ་རྣམས་དང་། འདུ་ཤེས་རྣམས་དང་། རྟོག ་བ་རྣམས་སོ་སོར་ཡང་དག་པར་མཁྱེན་བཞིན་དུ། འབྱུང་བ་དང་། གནས་པ་དང་། འགག་པར་འགྱུར་བ་དང་། དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་མཐུ་ནི་མཐོང་བ་དང་། འཕགས་པའི་སྤྱོད་པ་དང་། གནས ་པས་བསྡུས་པས་ཀྱང་ཕན་འདོགས་པར་མཛད་དེ། དེ་མཐོང་བས་ཕན་འདོགས་པར་མཛད་པ་ནི་འདི་ལྟ་སྟེ། སྨྱོས་པ་དང་། སེམས་འཁྲུགས་པ་རྣམས་ཀྱི་དེ་བཞིན་གཤེགས་པ་མཐོང་ན་རང་གི་སེམས་ཐོབ་པར་འགྱུར་བ་དང་། ་བུད་མེད་མེངལ་མི་མཐུན་པར་གནས་པ་རྣམས་མངལ་མཐུན་པར་གནས་པར་འགྱུར་བ་དང་། ལོང་བ་རྣམས་མིག་ཐོབ་པར་འགྱུར་བ་དང་། འོན་པ་རྣམས་རྣ་བས་ཐོས་པར་འགྱུར་བ་དང་། ཆགས་པ་རྣམས་འདོད་ཆགས་ཀྱིས་ཀུན ་ནས་དཀྲིས་པ་དང་བྲལ་བར་འགྱུར་བ་དང་། ཞེ་སྡང་བ་རྣམས་ཞེ་སྡང་གིས་ཀུན་ནས་དཀྲིས་པ་དང་བྲལ་བར་འགྱུར་བ་དང་། རྨོངས་པ་རྣམས་གཏི་མུག་གིས་ཀུན་ནས་དཀྲིས་པ་དང་བྲལ་བར་འགྱུར་བ་དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི ་མཐོང་བས་ཕན་འདོགས་པར་མཛད་པའི་ལྷན་ཅིག་སྐྱེས་པའི་མཐུ་ཡིན་པར་རིག་པར་བྱའོ།། དེ་ལ་འཕགས་པའི་སྤྱོད་པ་དང་། གནས་པས་བསྡུས་པ་ལྷན་ཅིག་སྐྱེས་པའི་མཐུ་ནི་འདི་ལྟ་སྟེ། གློ་གཡས་ཕྱོགས་ཀྱིས་སེང་གེའི་ཉལ ་ཐབས་ཀྱིས་གཟིམས་ཏེ། དེའི་རྩ་དང་ལོ་མ་བཏིང་བ་དེ་ཡང་ཕྱོགས་གཅིག་ཏུ་འདུག་པ་ཡིན་ཏེ། དེ་བཞིན་གཤོགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟིམས་མལ་མི་འཁྲུགས་པ་དང་། དེའི་ཆོས ་གོས་ལུས་ལས་རླུང་གིས་མི་སྐྱོད་པ་དང་། སེང་གེའི་སྟབསུ་གཤེགས་པ་དང་། ཁྱུ་མཆོག་གི་སྟབསུ་གཤེགས་པ་དང་། ཐོག་མ་ཞངས་གཡས་པ་འདེགས་ལ། དེའི་འོག་ཏུ་ཞབས་གཡོན་པ་དེའི་ཕྱི་བཞིན་གཏོད་པ་དང་། ་དེ་བཞིན་གཤེགས་པ་ནས་ཕྱོགས་བཅུའི་མཐོན་པོ་ནི་དམའ་བར་འགྱུར་ལུ། དམའ་བ་ནི་མཐོན་པོར་འགྱུར་ཏེ། ལག་མཐིལ་ལྟར་མཉམ་པར་གྱུར་པ་དང་། རྡོ་དང་། གསེག་མ་དང་། གྱོ་མོ་མེད་པ་དོང་། དབེན་བྱ་ལ ་གཞོལ་བའི་སེམས་ཀྱིས་གྲོང་དུ་གཤེགས་པ་དང་། གཤེགས་པའི་ཚེ་ཡང་སྒོ་དམའ་བ་རྣམས་མཐོན་པོར་འགྱུར་བ་དང་། ཞལ་ཟས་གསོལ་བ་ན་འབྲས་ཆན་འབྲུམ་བུ་གཅིག་ཀྱང་ལེགས་པར་མ་བཅས་པར་མི་གསོལ་བ་དང་། ་ཞལ་ཁམ་ཕྱི་མ་གསོལ་བ་ཙམ་ན་ལྷག་མ་མི་ལུས་པ་དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི་འཕགས་པའི་སྤྱོད་པ་དང་གནས་པས་བསྡུས་པའི་མཐུ་ཡིན་པར་རིག་པར་བྱའོ།། ཡོངསུ་མྱ་ངན། ་ལས་འདའ་བའི་ཚེ་ཡང་ས་ཆེན་པོ་གཡོ་བ་དང་། སྐར་མདའ་ལྟུང་བ་དང་། ཕྱོགས་མེ་འབར་བ་ལྟ་བུ་དང་། བར་སྣང་ལས་ལྷའི་རྔ་སྒྲ་དགེ་སྒྲོགས་ཏེ། དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་མཐུ་ཁོ ་ན་ཡིན་གྱི། མངོན་པར་ཤེས་པས་མངོན་པར་འདུ་བྱས་པ་ནི་མ་ཡིན་ཏེ། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་མཐུ་ཞེས་བྱའོ།། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་རྣམས་ཀྱི་མཐུ་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། ཐུན་མོང་མ་ཡིན་པ་ནི་གང་། ཐུན་མོང་པ་ནི་གང་ཞེ་ན། ཐུན་མོང་མ་ཡིན་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆ་ཕྲ་བ་དང་། རྣམ་པ ་དང་། ཁམསོ།། འདྲི་ལ་དེ་བཞིན་གཤེགས་པ་འམ་བྱང་ཆུབ་སེམས་དཔའ་ནི་མཐུའི་ཐབས་དཔག་ཏུ་མེད་གྲངས་མེད་པས་ཇི་ལྟར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་མཛད་པ་དེ་ཡང་དག་པ་ཇི་ལྟ ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དེ་ལྟ་བུ་ནི་ཆ་ཕྲ་བའོ།། མངོན་པར་ཤེས་པའི་མཐུ་དང་། ཆོས་ཀྱི་མཐུ་དང་། ལྷན་ཅིག་སྐྱེས་པའི་མཐུ་རྣམ་པ་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་ནི་རྣམ་པའོ།། འཇིག་རྟེན་གྱི ་ཁམས་ཐམས་ཅད་དང་། སེམས་ཅན་གྱི་ཁམས་ཐམས་ཅད་དེའི་མཐུའི་ཡུལ་ཡིན་ཏེ། དེ་ལྟ་བུ་ནི་ཁམསོ།། ཉན་ཐོས་ཀྱི་མངོན་པར་ཤེས་པའི་ཡུལ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་སེམས་ཅན་གྱི་ཁམས་དང་བཅས་པ ་ཡིནོ།། རང་སངས་རྒྱས་ཀྱི་མངོན་པར་ཤེས་པའི་ཡུལ་ནི་སྟོང་གསུམ་པ་ཐམས་ཅད་ཁོ་ནའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་བདག་གཅིག་པུ་འདུལ་བའི་ཕྱིར་ཞུགས་པ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི ་ཕྱིར་མ་ཡིན་ཏེ། དེ་བས་ན་དེ་དག་གི་མཐུའི་ཡུལ་ནི་འཇིག་རྟེན་གྱི་ཁམས་གཅིག་པུར་ཟད།། རྣམ་པ་འདི་དག་ལ་མ་གཏོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དེ་ལས་གཞན་པ་ནི་ཉན་ཐོས་དང་། ་རླུང་སངས་རྒྱས་རྣམས་དང་ཐུན་མོང་པ་ཡིན་པར་རིག་པར་བྱའོ།། དེའི་ཕྱིར་དེ་ལྟར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། མངོན་པར་ཤེས་པ་མཉམ་པ་མ ་ཡིན་ན།། ལྷ་དང་མི་དང་། མུ་སྟེགས་ཅན་སོ་སོའི་སྐྱེ་བོ་ཐམས་ཅད་དང་ལྷ་མཚུངས་རེ་སྐན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་དང་། ཀུན་བརྗོད་པ་དང་། རྗེ་སུ་བསྟན་པར་གཏོགས་པའི་ཆོ་འཕྲུལ་གྱི་མཐུ་གང ་ཡིན་པ་དེ་ཡང་མངོན་པར་ཤེས་པའི་མཐུ་རྫུ་འཕྲུལ་གྱི་ཡུལ་དང་། སེམས་ཀྱི་རྣམ་གྲངས་དང་། ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པའི་མཐུ་རྣམསུ་ཅི་རིགས་པར་འདུས་པ་ཁོ་ནར་རིག་པར་བྱའོ།། བྱང་ཆུབ་སེམ་། ་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་མཐུའི་ལེའུ་སྟེ་ལྔ་པའོ།། ། བམ་པོ་ལྔ་པ། དེ་ལ་ཡོངསུ་སྨིན་པ་གང་ཞེ་ན། ཡོངསུ ་སྨིན་པ་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། ངོ་བོ་ཉིད་དང་། ཡོངས་སྨིན་པར་བྱ་བའི་གང་ཟག་དང་། ཡོངསུ་སྨིན་པའི་རྣམ་པའི་དབྱེ་བ་དང་། ཡོངསུ་སྨིན་པར་བྱ་བའི་ཐབས་དང་། ཡོངསུ་སྨིན་པར་བྱེད་པའི་གང་ཟག་དང་། ་ཡོངསུ་སྨིན་པའི་གང་ཟག་གི་མཚན་ཉིད་དོ།། དེ་ལ་ཡོངསུ་སྨིན་པའི་ངོ་བོ་ཉིད་ནི་འདི་ཡིན་ཏེ། དགེ་བའི་ཆོས་ཀྱི་ས་བོན་ཡོད་ན། དགེ་བའི་ཆོས་རྣམས་ལ་ཀུན་ཏུ་བསྟེན་པའི་རྒྱུས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤང་བ ་རྣམ་པར་དག་པ་དང་མཐུན་པའི་ལུས་དང་སེམས་ལ་སུ་རུང་བ་དང་། ཉམས་བདེ་བ་ཡང་དག་པའི་སྦྱོར་བ་མཐར་ཕྱིན་པ་དེ་ལ་གནས་ན་སྟོན་པ་དང་ཕྲད་ཀྱང་རུང་། སྟོན་པ་དང་མ་ཕྲད་ཀྱང་རུང་སྟེ། དེའི་མོད་ལ་ཉོན་མོངས་པའི ་སྒྲིབ་པ་སྤང་བ་རྣམས། ཤེས་བྱའི་སྒྲིབ་པ་སྤང་བ་མངོན་སུམ་དུ་བྱ་བའི་སྐལ་པ་དང་ལྡན་ཞིང་མཐུ་ཡོད་པར་འགྱུར་རོ།། འདི་ལྟ་སྟེ། རྨ་ནི་གང་གི་ཚེ་བརྟོལ་ལ་རག་པར་མཐར་ཐུག་པར་གྱུར་པ་ན། དེའི་མོད་ལ་བརྟོལ་བའི ་འོས་ཡིན་ཏེ། དེ་ནི་ཡོངསུ་སྨིན་པ་ཞེས་བྱའོ།། བུམ་པ་དང་། རྗེའུ་དང་། ཁམ་ཕོར་ལ་སོགས་པ་ཁམ་སའི་སྣོད་ནི་གང་གི་ཚེ་སྤྱང་ལ་རག་པར་སྦྱོར་བ་མཐར་ཐུག་པར་གྱུར་པ་ན་དེའི་མོད་ལ་སྤྱད་པའི་འོས་ཡིན་ཏེ། དེའི་ཚེ་ཆོས ་བ་ཞེས་བྱའོ།། ཤིང་ཐོག་ཨ་འབྲའམ། པྲ་ན་ས་ལ་སོགས་པའི་ནི་གང་གི་ཚེ་ཡོངསུ་ལོངས་སྤྱད་ལ་རག་པར་མཐར་ཐུག་པར་གྱུར་པ་ན། དེའི་མོད་ལ་ཡོངསུ་ལོངས་སྤྱད་པར་འོས་པ་ཡིན་ཏེ། དེའི་ཚེ་ཡོངསུ་སྨིན་པ་ཞེས་བྱའོ།། ་དེ་བཞིན་དུ་དགེ་བའི་ཆོས་རྣམས་ལ་ཀུན་ཏུ་བསྙེན་པའི་རྒྱུས་ཡང་དག་པའི་སྦྱོར་བ་གྲང་ཡིན་པའོ་མཐར་ཐུག་པ་ན། དེའི་མོད་ལ་རྣམ་པར་དག་པར་འགྱུར་ཏེ། དེ་ནི་ཡོངསུ་སྨིན་པའི་ངོ་བོ་ཉིད་ཡིནོ།། དེ་ལ་ཡོངསུ་སྨིན་པར་བྱ ་བའི་གང་ཟག་རྣམས་ནི་སྒྲུབ་པ་དང་འབྲས་བུའི་དབྱེ་བས་མདོར་བསྡུ་ན་རྣམ་པོ་བཞི་སྟེ། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཉན་ཐོས་ཀྱི་རིགས་ནི་ཉན་ཐོས་ཀྱི་ཐེག་པ་ལ། ་རང་སངས་རྒྱས་ཀྱི་རིགས་ནི་རང་སངས་རྒྱས་ཀྱི་ཐོག་པ་ལ། སངས་རྒྱས་ཀྱི་རིགས་ནི་ཐོག་པ་ཆེན་པོ་ལ་ཡོངསུ་སྨོན་པར་མཛད་པ་དང་། གང་ཟག་རིགས་མེད་པ་ཡང་བདེ་འགྲོར་འགྲོ་བར་བྱ་བའི་ཕྱིར་ཡོངསུ་སྨིན་པར་མཛད ་པ་ཡིན་ཏེ། གང་ཟག་རྣམ་པ་བཞི་པོ་དེ་དག་ནི་གཞི་རྣམ་པ་བཞི་པོ་འདི་དག་ཏུ་ཡོངསུ་སྨིན་པར་བྱ་བ་ཡིནོ།། དེ་ལྟར་ན་ཡོངསུ་སྨིན་པར་བྱ་བའི་གང་ཟག་ལསྲ་ཡོང་སུ་སྨིན་པར་རིག་པར་བྱའོ།། དེ་ལ་ཡོངསུ ་སྨིན་པའི་རྣམ་པའི་དབྱེ་བ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་དྲུག་སྟེ། དབང་པོ་ཡོངསུ་སྨིན་པ་དང་། དགེ་བའི་རྩ་བ་ཡོངསུ་སྨིན་པོ་དང་། ཤེས་པ་ཡོངསུ་སྨིན་པ་དང་། ཡོངསུ་སྨིན་པ་ཆུ་ངུ་དང་། འབྲིང་དང་། ་ཆེན་པོའོ།། དེ་ལ་དབང་པོ་ཡོངསུ་སྨིན་པ་ནི་ཚེ་དང་། མདོག་དང་། རིགས་དང་། དབང་ཕྱུག་ཕུན་སུམ་ཚོགས་པ་དང་། ཚིག་བཙུན་པ་དང་། དབང་ཆེ་བར་གྲགས་པ་དང་། སྐྱེས་པ་ཉིད་དང་། ་སྤྲོ་བ་ཆེན་པོ་གང་ཡིན་པ་སྟེ། རྣམ་པར་སྨོན་པའི་འབྲས་བུ་ཕུན་སུམ་ཚོགས་པའི་ལུས་དེ་ལ་བརྟན་ནས་བརྟུལ་བ་དང་། རྗེསུ་སྦྱར་བའི་སྐལ་པ་ཅན་དུ་འགྱུར་ཏེ། རིག་པའི་གནས་ཐམས་ཅད་ལ་ཡང་དག་པར་སྒྲུབ་པར ་བརྩོན་པར་བྱ་བ་རྣམས་ལ་ཡིད་ཡོངསུ་སྐྱོ་བར་མི་འགྱུར་བ་ཡང་ཡིནོ།། དགེ་བའི་རྩ་བ་ཡོངསུ་སྨིན་པ་གང་ཞེ་ན། རང་བཞིན་གྱིས་ཉོན་མོངས་པ་ཆུང་བ་དེ་ལ་གནས་ན་དེ་རང་བཞིན་གྱིས་སྡིག་པ་མི་དགེ་བའི་ཆོས་རྣམས་ལ ་སེམས་མི་འཇུག་ཅིང་། སྒྲིབ་པ་ཆུང་བ་དང་། རྟོག་པ་ཉུང་བ་དང་། དྲང་ཞིང་མཐུན་པར་འཛིན་པ་ཡིན།། ཤེས་པ་ཡོངསུ་སྨིན་པ་གང་ཞེ་ན། དྲན་པ་དང་ལྡན་པ་དང་། ཡིད་གཞུངས་པ་དང་། ལེགས་པར་བཤད ་པ་དང་། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཏུ་ཤེས་པར་བྱ་བ་དང་། བླང་བར་བྱ་བ་དང་། གཟུང་བར་བྱ་བ་དང་། རབ་ཏུ་རྟོག་པར་བྱ་བར་ནུས་པ་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་ཡིན་ཏེ། ཤེས་རབ་དེ ་ལ་བརྟེན་ན་ཐམས་ཅད་ནས་ཉོན་མོངས་པ་ཐམས་ཅད་ལས་སེམས་གཏན་དུ་རྣམ་པར་གྲོལ་བར་བྱེད་པའི་སྐལ་པ་དང་ལྡན་ཞིང་ནུས་པ་ཡིནོ།། དེ་ལ་དབང་པོ་ཡོངསུ་སྨིན་པས་ནི་རྣམ་པར་སྨིན་པའི་སྒྲིབ་པ་ལས་རྣམ་པར ་གྲོལ་བར་འགྱུརརོ།། དགེ་བའི་རྩ་བ་ཡོངསུ་སྨིན་པས་ནི་ལས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུརརོ།། ཤེས་པ་ཡོངསུ་སྨིན་པས་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུརརོ།། ཡོངསུ་སྦྱིན་པ་ཆུང ་གང་ཞེ་ན། རྒྱུ་རྣམ་པ་གཉིས་ཀྱིས་ཡོངསུ་སྨིན་པ་ཆུ་ངུ་འགྱུར་ཏེ། དབང་པོ་དང་། དགེ་བའི་རྩ་བ་དང་། ཤེས་པ་ཡོངསུ་སྨིན་པའི་རྒྱུ་ལ་ཡུན་རིང་པོ་ནས་མ་གོམས་པ་དང་། རྒྱུ་ཡོངསུ་རྟས་པ་དང་། ཆུང་ངུ་ལ་གོམས་པའོ།། ། ་ཡོངསུ་སྨིན་པ་འབྲིང་ནི་རྒྱུ་དེ་གཉིས་ལས་གང་ཡང་རུང་བ་ཞིག་མེད་ལ། གང་ཡང་རུང་བ་ཞིག་ཡོད་པ་ཡིན་པར་རིག་པར་བྱའོ།། ཡོངསུ་སྨིན་པ་ཆེན་པོ་ནི་རྒྱུ་དེ་གཉིས་ཀ་ཡོད་པ་ཡིན་པར་རིག་པར་བྱའོ།། དེ་ལ་ཡོངསུ་སྨིན་པར ་བྱ་བའི་ཐབས་གང་ཞེ་ན། རྣམ་པ་ཉི་ཤུ་རྩ་བདུན་དུ་རིག་པར་བྱ་སྟེ། ཁམས་རྟས་པ་དང་། ད་ལྟར་གྱི་རྐྱེན་ཉེ་བར་སྒྲུབ་པ་དང་། འཇུག་པ་དང་། དགའ་བར་འཛིན་པ་དང་། དང་པོ་འཇུག་པ་དང་། དང་པོ་འཇུག་པ་མ་ཡིན་པ ་དང་། རྣམ་པར་དག་པ་ཐག་རིང་བ་དང་། རྣམ་པར་དག་པ་ཐག་ཉེ་བ་དང་། སྦྱོར་བ་དང་། བསམ་པ་དང་། ཟང་ཟིང་ཉེ་བར་བསྒྲུབ་པ་དང་། ཆོས་ཉེ་བར་སྒྲུབ་པ་དང་། རྫུ་འཕྲུལ་གྱིས་འདུན་པར་བྱེད་པ་དང་། ཆོས་སྟོན་པ་དང་། ་གསང་སྟེ་ཆོས་བརྗོད་པ་དང་། རྣམ་པར་ཕྱེ་སྟེ་ཆོས་བརྗོད་པ་དང་། སྦྱོར་བ་ཆུང་དང་། སྦྱོར་བ་འབྲིང་དང་། སྦྱོར་བ་ཆེན་པོ་དང་། ཐོས་པ་དང་། སེམས་པ་དང་། སྒོམ་པ་དང་། སྡུད་པ་དང་། ཚར་གཅོད་པ་དང་། བདག་ཉིད ་ཀྱིས་བྱེད་པ་དང་། གཞན་ལ་བཅོལ་བ་དང་། དེ་གཉི་གའོ།། དེ་ལ་ཁམས་རྟས་པ་གང་ཞེ་ན། རང་བཞིན་གྱིས་དགེ་བའི་ཆོས་ཀྱི་ས་བོན་ཕུན་སུམ་ཚོགས་པ་ལ་བརྟེན་ནས། སྔོན་དགེ་བའི་ཆོས་ལ ་གོམས་པ་ལས་དགེ་བའི་ཆོས་ཀྱི་ས་བོན་རྣམས་ཕྱིར་ཞིང་རབ་ཏུ་རྟས་ལ། ཕུལ་དུ་རྟས་པ་སྐྱེ་ཞིང་གནས་པ་འདི་ནི་ཁམས་རྟས་པ་ཞེས་བྱའོ།། དེ་ལ་ད་ལྟར་གྱི་རྐྱེན་ཉེ་བར་བསྒྲུབ་པ་གང་ཞེ་ན། ཚེ་འདི་ཉིད་ལ་ཕྱིན་ཅི་མ་ལོག་པའི ་ཆོས་སྟོན་ལ། དེ་ལ་ཡང་ཕྱིན་ཅི་མ་ལོག་པར་འཛིན་པ་དང་། ཇི་ལྟ་བ་བཞིན་དུ་ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་སྒྲུབ་པའོ།། དེ་ལ་ཁམས་རྟས་པ་ནི་སྔོན་གྱི་རྒྱུས་ད་ལྟར་གྱི་ཡོངསུ་སྨིན་པ་འགྲུབ་པ་ཡིནོ།། ད་ལྟར་གྱི་རྐྱེན ་ཉེ་བར་བསྒྲུབ་པ་ནི་རྒྱུ་ཡང་ད་ལྟར་གྱི་ཉིད་ཡིན་ལ། ཡོངསུ་སྨིན་པ་ཡང་ད་ལྟར་གྱི་ཉིད་ཡིན་པར་རིག་པར་བྱའོ།། འཇུག་པ་གང་ཞེ་ན། དད་པ་ཐོབ་པའི་དབང་དུ་བྱས་ནས། ཁྱིམ་ན་གནས་ན་ཉེས་པར་སྤྱོད་པ་ལས་དབེན ་པའི་བསླབ་པའི་གཞི་ཡང་དག་པར་ལེན་པ་དང་། ཁྱིམ་ན་གནས་པ་མ་ཡིན་ཏེ། རབ་ཏུ་བྱུང་ན་འདོད་པ་ལས་དབེན་པའི་བསླབ་པའི་གཞི་ཡང་དག་པར་ལེན་པ་ཡིནོ།། དགའ་བར་འཛིན་པར་གང་ཞེ་ན། སྡུག་བསྔལ ་ཐམས་ཅད་ལས་ངེས་པར་འབྱིན་པའི་ལམ་དང་། འདོད་པའི་བདེ་བ་དང་། བདག་ཉིད་དུབ་པར་བྱེད་པའི་མཐའ་སྤངས་པ་དེ་བའི་ལམ་ལ་བརྟེན་ནས། ལེགས་པར་གསུངས་པའི་ཆོས་འདུལ་བ་བསྟན་པ་ལ་མངོན་པར་དགའ་བ ་གང་ཡིན་པའོ།། དེ་ལ་དང་པོར་འཇུག་པ་གང་ཞེ་ན། ཐོག་མ་ཁོ་ནར་སྨྱོ་བར་བྱ་བའི་ཆོས་རྣམས་ལ་ཡོད་བྱུང་བ་ལ་བརྟེན་ནས། རིགས་པས་དོན་སྒྲུབ་པའི་ཕན་ཡོན་ཡང་ཁོང་དུ་ཆུད་ནས། འཇུག་པ་གང་ཡིན་པ་དེ་ནི་དང་པོ་འཇུག ་ཞེས་བྱའོ།། དང་པོ་འཇུག་པ་མ་ཡིན་པ་གང་ཞེ་ན། གང་ཞུགས་ཟིན་པོ་ཡོངསུ་སྨིན་པར་བྱ་བ་ལ་རག་ལས་པར་གྱུར་པ། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་རྣམས་ཀྱིས་བཏང་སྙོམས་མི་མཛད་པར་གྱུར་པ་ལ ་བརྟན་ཅིང་དཀྲོལ་བའི་གནས་རྣམས་ཡང་དང་ཡང་དུ་གསལ་བར་བྱེད་པ་ལ་ཡང་བརྟེན་ནས། ཕྱིར་ཞིང་ཕྱིར་ཞིང་ཡོང་སུ་སྨིན་པར་འགྱུར་བ་གང་ཡིན་པའོ།། དེ་ལ་རྣམ་པོར་དག་པ་ཐག་རིང་བ་གང་ཞེ་ན། ལེ་ལོ་འམ་རྐྱེན་དང་མི ་ལྡན་པ་ལ་བརྟན་དུས་རིང་པོ་འགྲངས་པ་ཚེ་རབས་བརྗེས་པ་འམ། བསྐལ་པ་བརྗེས་པ་མང་པོ་ཞིག་གིས་རྣམ་པར་དག་པར་འགྱུར་བའི་སྐལ་པ་ཅན་དུ་འགྱུར་བ་གང་ཡིན་པའོ།། དེ་ལས་བཟློག་པ་ནི་རྣམ་པར་དག་པ་ཐག་ཉེ་བ ་ཡིན་པར་རིག་པར་བྱའོ།། དེ་ལ་སྦྱོར་བ་གླང་ཞེ་ན། རང་གི་དོན་ཐོབ་པར་བྱ་བ་ལ་འདུན་པ་དྲག་པོ་ལ་ཡིད་རྟེན། ཕྱི་མ་ལ་ཡང་ལོག་པར་ལྟུང་བའི་འཇིགས་པ་དང་། ཚེ་འདི་ཉིད་ལ་གཞན་པ་ལ་མི་སྙན་པར་གྲགས་པའི ་འཇིགས་པ་ལ་ཡང་བརྟན་ནས། བསླབ་པའི་གཞི་དག་ལ་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པར་བསྲུང་བ་གང་ཡིན་པའོ།། དེ་ལ་བསམ་པ་གང་ཞེ་ན། ཆོས་འདུལ་བ་འདི་ལས་མི་འཕྲོག་པར་བྱ་བའི་ཕྱིར། ཆོས་རྣམས ་ལ་ཡང་དག་པར་རྟོག་པའི་བཟོད་པ་ལ་ཡང་བརྟེན་ཅིང་། ཡོན་ཏན་སྲིད་པ་ལ་ཡང་བརྟེན་ནས། གཞན་དག་གི་ཐོབ་པ་ལ་ཡིད་ཆེས་པ་དང་། དཀོན་མཆོག་གསུམ་དང་བདག་གི་དོན་ཐོབ ་བར་བྱ་བ་ལ་དད་པ་མི་གཡོ་བ་གང་ཡིན་པའོ།། ཟང་ཟིང་ཉེ་བར་སྒྲུབ་པ་གང་ཞེ་ན། ཟས་དང་སྐོམ་ལ་སོགས་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་པ་རྣམས་ལ། ཟས་དང་སྐོམ་ལ་སོགས་པ་ཉེ་བར་སྒྲུབ་པ་དང་། ་མཐུན་པའི་ཟས་དང་སྐོམ་ལ་སོགས་པ་མེད་པ་རྣམས་ལ་ཡང་། མཐུན་པའི་ཟས་དང་སྐོམ་ལ་སོགས་པ་ཉེ་བར་བསྒྲུབ་པ་གང་ཡིན་པའོ།། དེ་ལ་ཆོས་ཉེ་བར་བསྒྲུབ་པ་གང་ཞེ་ན། ལུང་འབོགས་པས་སམ། དོན ་ཡང་དག་པར་འབྲེལ་པས་ཆོས་རྣམས་སྦྱིན་པར་བྱེད་པ་གང་ཡིན་པའོ།། དེ་ལ་རྫུ་འཕྲུལ་གྱིས་འདུན་པར་བྱེད་པ་གང་ཞེ་ན། རྫུ་འཕྲུལ་དང་ལྡན་པས་སེམས་ཅན་འདི་དག་ནི་རྫུ་འཕྲུལ་མཐོང་ངམ། ཐོས་ན་བསྟན་པ་ལ ་བསམ་པ་དག་པ་ཐོབ་པར་འགྱུར་ཞིང་། ཡང་དག་པར་སྦྱོར་བར་འགྱུར་རོ་སྙམ་སྟེ། སེམས་ཅན་རྣམས་ཀྱི་བསམ་པ་དག་པ་འམ། སྦྱོར་བ་དག་པའི་དབང་དུ་བྱས་ནས་ནི། སེམས་ཅན་རྣམས་ལ་སྙིང་རྩེ་བས་རྫུ ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པར་སྟོན་ཏེ། དེ་དག་ཀྱང་ཆོ་འཕྲུལ་དེས་འདུན་པར་བྱས་པའི་ཡིད་ཀྱིས་བསམ་པ་དག་པ་ཐོབ་པ་འམ། ཡང་དག་པར་སྦྱོར་བར་འགྱུར་བ་གང་ཡིན་པའོ།། དེ་ལ་ཆོས་སྟོན་པ་གང་ཞེ་ན། བདག་ཉིད་ཀྱིས ་རང་གི་དོན་འཐོབ་པར་མི་ནུས་པ་ལ་ཡང་དག་པར་སྒྲུབ་པའི་གྲོགསུ་གྱུར་པའི་དམ་པའི་ཆོས་སྟོན་པ་དང་། ནུས་པ་ལ་ཡང་མྱུར་དུ་མངོན་པར་ཤེས་པར་འགྱུར་བ་དང་། མཐུན་པའི་དམ་པའི་ཆོས་སྟོན་པའོ།། དེ་ལ་གསང་སྟེ། ་ཆོས་བརྗོད་པ་གང་ཞེ་ན། སེམས་ཅན་བྱིས་པའི་ཤེས་རབ་ཅན་རྣམས་ལ་ཤིན་ཏུ་རྒྱ་ཆེ་ཞིང་ཟབ་པའི་དོན་བཅས་ཏེ། གསལ་ཞིང་འཇུག་པར་སླ་ལ། ཐབས་སླ་བས་འཇུག་པའི་ཆོས་སྟོན་པ་གང་ཡིན་པའོ།། རྣམ་པར་ཕྱེ ་སྟེ་ཆོས་བརྗོད་པ་གང་ཞེ་ན། སེམས་ཅན་ཤེས་རབ་རྒྱ་ཆེ་ཞིང་སངས་རྒྱས་ཀྱི་བསྟན་པའི་ཚུལ་ལ་ལེགས་པར་ཞུགས་པ་རྣམས་ལ། ཤིན་ཏུ་རྒྱ་ཆེ་ཞིང་ཟབ་པའི་གནས་རྣམ་པར་འགྲེལ་པ་གང་ཡིན་པའོ།། དེ་ལ་སྦྱོར་བ ་ཆུང་གང་ཞེ་ན། རྟག་ཏུ་སྦྱོར་བ་མེད་པ་དང་། གུས་པར་སྦྱོར་བ་མེད་པ་གང་ཡིན་པའོ།། སྦྱོར་བ་འབྲིང་གང་ཞེ་ན། རྟག་ཏུ་སྦྱོར་བ་མེད་པ་དང་། གུས་པར་སྦྱོར་བ་མེད་པའི་སྦྱོར་བ་འདི་གཉིས་ལས་གང་ཡང་རུང་བ་མེད་པ་གང་ཡོན ་པའོ།། སྦྱོར་བ་ཆེན་པོ་གང་ཞེ་ན། སྦྱོར་བ་དེ་གཉིས་ཀ་དང་ལྡན་པ་སྟེ། རྟག་ཏུ་སྦྱོར་བ་དང་ལྡན་པ་དང་། གུས་པས་སྦྱོར་བ་དང་ལྗོན་པ་གང་ཡིན་པའོ།། སངས་རྒྱས་ཀྱི་གསུང་རབ་ལ་མོས་པས་མདོ་ལ་སོགས་པའི་ཆོས་རྣམས་ལེན ་པ་དང་། འཛིན་པ་དང་། ཁ་ཏོན་བྱེད་པ་ལ་མངོན་པར་བརྩོན་པ་གང་ཡིན་པའོ།། སེམས་དཔའ་གང་ཞེ་ན། རབ་ཏུ་དབེན་པར་ཆོས་ངེས་པར་སེམས་པ་ལ་མངོན་པར་དགའ་བས་དོན་ལ་མངོན་པར་རྟོགས་པ་དང་། ཀུན་ཏུ་སྤྱོད ་པ་དང་། གཏན་ལ་འབེབས་གང་ཡིན་པའོ།། སྒོམ་པ་གང་ཞེ་ན། ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་རྣམས་ཡང་དག་པར་རྟོགས་པ་སྔོན་དུ་འགྲོ་བ་ཞི་གནས་ནས། ལྷག ་མཐོང་བ་དང་། བཏང་སྙོམས་ལ་གོམས་པར་བྱེད་པར་དགའ་བའོ།། སྡུད་པ་གང་ཞེ་ན། ཡང་དག་པར་ཟང་ཟིང་མེད་པའི་སེམས་ཀྱིས་སློབ་དཔོན་དང་། མཁན་པོའི་ཚུལ་དུ་རྟེན་སྦྱིན་པར་བྱེད་པ་དང་། བསྙེན་བཀུར་རྣམ་པ་སྣ ་ཚོགས་ཀྱང་བྱེད། འདི་ལྟ་སྟེ། ནད་པ་ལ་རིམ་གྲོས་བསྙེན་བཀུར་བྱེད་པ་དང་། ཆོས་དང་མཐུན་པར་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་གྱིས་བསྙེན་བཀུར་བྱེད་པ་དང་། མྱ་ངན་དང་འགྱོད ་པ་བསལ་བྱས་བསྙེན་བཀུར་བྱེད་པ་དང་། ཉོན་མོངས་པ་བསལ་བས་བསྙེན་བཀུར་བྱེད་པ་དང་། དེ་ལྟ་བུ་དང་མཐུན་པ་དག་ནི་བསྙེན་བཀུར་རྣམ་པ་སྣ་ཚོགས་བྱེད་པ་ཡིན་པར་རིག་པར་བྱའོ།། ཚར་གཅོད་པ་གང་ཞེ་ན། ་བདག་ལ་ཡོད་པའི་ཀུན་ནས་ཉོན་མོངས་པ་རྣམས་ཀུན་ཏུ་བསྲུངས་ནས། ཉེས་པ་ཆུངངུ་བྱེད་པ་ལ་ནི་འཁྲུལ་པ་གླེང་བར་བྱེད། ཉེས་པ་འབྲིང་བྱེད་པ་ལ་ནི་སྐྱོ་བར་བྱེད། ཉེས་པ་ཆེན་པོ་བྱེད་པ་ལ་ནི་སྐྲོད་པར་བྱེད། དེ་ལ་གླང ་བ་གང་ཡིན་པ་དང་། སྐྱོ་བ་གང་ཡིན་པ་དེ་ནི་དེ་དག་ཉོད་དང་། དེ་ལས་གཞན་པ་དག་ལ་ཕོན་པ་དང་། བདེ་བའི་དོན་དུ་འགྱུར་བ་ཡི་ནོ།། སླར་དགུག་པའི་ཕྱིར་བསྐྲོད་པ་གང་ཡིན་པ་དེ་ཡང་དེ་དག་ཉིད་དང་། གཞན་དག་ལ་ཕན ་པ་དང་བདེ་བར་འགྱུར་རོ།། སླར་མི་དགུག་པར་བསྐྱེད་པ་གང་ཡིན་པ་དེ་ནི་གཞན་དག་ཁོ་ན་ལ་ཕན་པ་དང་བདེ་བར་གྱུར་པ་ཡིན་ཏེ། འདི་ལྟར་གཞན་དག་གིས་ཉེས་པར་བྱས་པའི་གཞིས་བསྐྲད། གཞན་དག་ལ་མཐོང་ནས་ཉེས ་པ་མི་བྱ་བར་སེམས་པའི་ཕྱིརརོ།། ཇི་ལྟར་ན་བདག་ཉིད་ཀྱིས་ཡོངསུ་སྨིན་པར་བྱེད་ཅེ་ན། མི་དགེ་བའི་གནས་ནས་བླངས་ཏེ། དགེ་བའི་གནསུ་བཞག་པའི་ཕྱིར་མཐུན་པའི་ཆོས་སྟོན་ཏོ།། ཇི་སྐད་དུ་སྨྲ་བ་དེ་བཞིན་དུ་བྱེད་པ་ཡང ་ཡིན་ཏེ། རང་གི་ཚིག་དང་མཐུན་པར་རང་ཉིད་རྗེ་སུ་ཞུགས་པ་ནི་ཆོས་ཀྱི་རྗེསུ་མཐུན་པའི་ཆོས་ལ་ཞུགས་ནས། དེ་དང་མཐུན་པར་འཇུག་སྟེ། ཇི་ནས་གཞན་དག་ཇི་སྐད་དུ་ཁྱོད་བདག་ཉིད་ཀྱང་ད་དུང་མི་དགེ་བའི་གནས་ནས་མ ་ལངས་ཤིང་། དགེ་བའི་གནས་ལ་ཡང་གནས་པར་མ་གྱུར་ན། ཅིའི་ཕྱིར་ཁྱོད་ཀྱིས་གཞན་དག་དེ་ལ་ཡང་དག་པར་ལེན་དུ་འཇུག་ཅིང་བསྐུལ་བ་དང་། དྲན་པར་བྱེད་པར་སེམས། ཁྱོད་བདག་ཉིད་ཀྱང་ད་དུང་གཞན་དག། ་གིས་བསྐུལ་བར་དང་། དྲན་པར་བྱ་བ་དང་། ཡང་དག་པར་ལེན་དུ་གཞུག་དགོསོ་ཞེས་ཟེར་བར་མི་འགྱུར་བར་བྱ་བ་ཡིནོ།། ཇི་ལྟར་གཞན་ལ་བཅོལ་བ་ཡིན་ཞེ་ན། སེམས་ཅན་རྣམས་གོང་ལ་ཤས་ཆེར་དགའ་ཞིང་གུས ་པ་ཡོད་པར་གྱུར་ལ། དེ་ཡང་ཆོས་བསྟན་པའི་ཐབས་ཤེས་ཤིང་ལེགས་པར་བསླབ་པར་གྱུར་པ་དེ་ལ་བཅོལ་ཅིང་ཡོངསུ་སྨིན་པར་བྱ་བའི་ཕྱིར་བྱེ་དུ་འཇུག་པ་ཡིནོ།། གཉི་གས་བྱ་བ་ནི་དེ་གཉིས་འདུས་པ་སྟེ། བདག་ཀྱང ་བྱེད་ཅིང་གཞན་དག་ལ་ཡང་བཅོལ་ནས་ཡོངསུ་སྨིན་པར་བྱེད་པ་སྦྱིན་པར་རིག་པར་བྱ་སྟེ། དེ་ལྟར་ན་ཡོངསུ་སྨིན་པར་བྱ་བའི་ཐབས་ཚུལ་རྣམ་པ་ཉི་ཤུ་རྩ་བདུན་པོ་འདས་སྐྱོངསུ་སྦྱིན་པའི་རབ་ཏུ་དབྱུ ་རྣམ་པ་དྲུག་པོ་དབང་པོ་ཡོངསུ་སྨིན་པ་དང་། དགེ་བའི་རྩ་བ་ཡོངསུ་སྨིན་པ་དང་། ཤེས་པ་ཡོངསུ་སྨིན་པ་དང་། ཡོངསུ་སྨིན་པ་ཆུ་ངུ་དང་། འབྲིང་དང་། ཆེན་པོ་དེ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱའོ།། དེ་ལོ ་ཡོངསུ་སྨིན་པར་བྱེད་པའི་གང་ཟག་རྣམས་གང་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ས་དྲུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་དྲུག་པོ་དག་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད། མོས་པ་སྤྱོད་པའི་ས་ལ་གནས ་བའི་བྱང་ཆུབ་སེམས་དཔའ་མོས་པར་སྤྱོད་པ་དང་། ལྷག་པའི་བསམ་པ་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་དང་། སྤྱོད་པ་ལ་འཇུག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ ་ཞུགས་པ་དང་། ངེས་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངེས་པར་གྱུར་པ་དང་། ངེས་པར་སྤྱོད་པ་སྒྲུབ་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངེས་པར་སྤྱོད་པའི་ས་ལ་ཞུགས་པ་དང་། མཐར་ཐོག་པར ་འགྱུར་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཐར་ཐུག་པར་འགྱུར་བ་ཡིན་ནོ།། དེ་ལ་རིགས་མེད་པོར་གནས་པའི་གང་ཟག་རྣམས་ཀྱི་བདེ་འགྲོར་འགྲོ་བའི་ཡོངསུ་སྨིན་པོ་ནི་ཡང་དང་ཡང་དུ་ཕྱིར་ལྡོག་ཅིང་ཡང་དང་ཡང་དུ ་བྱ་དགོས་པ་ཡིནཱ~ཾ།། རིགས་ལ་གནས་པ་རྣམས་ཀྱི་ཡོངསུ་སྨིན་པ་ནི་ཕྱིར་མི་ལྡོག་ཅིང་ཡང་དང་ཡང་དུ་བྱ་མི་དགོས་པ་ཡིནོ།། དེ་ལ་ཡོངསུ་སྨིན་པའི་གང་ཟག་གི་མཚན་ཉིད་མཚན་མ་དང་རྟགས་གང་གིས་སེམས་ཅན་རྣམས ་ཀྱི་ཡོངསུ་སྨིན་པའི་བྱེ་བྲག་གཅོད་ཅིང་ཉེ་བར་མཚོན་པར་བྱེད་པ་ནི་སྨིན་པའི་མཚན་ཉིད་དེ་བརྗོད།། ཡང་མདོར་བསྡུ་ན་རྒྱུ་དང་འབྲས་བུའི་བྱེ་བྲག་གིས་རྣམ་པ་གཉིས།། རྒྱུར་རྟོགས་པའི་མཚན་ཉིད་ཀྱང་གཉིས་ཏེ། བསམ་པ་དང་ལུས ་ཀྱི་བྱེ་བྲག་གིསོ།། དེས་ན་སྨྲས་པ། མཚན་ཉིད་ཡང་ཞེ་ན། ཉན་ཐོས་ནི་སྔོན་དགེ་བ་ལ་གོམས་པས་གང་གི་ཚེ་སྨོན་པ་ཆུང་ངུ་ལ་གནས་པར་གྱུར་པ་དེ་ནི་འདུན་པ་ཆུང་བ་དང་། སྦྱོར་བ་ཆུང་བ་ཡིན་ཏེ། ངན་སོང་རྣམསུ་ཡང་འགྲོ་ལ ་ཚེ་དེ་ཉིད་ལ་དགེ་སྦྱོང་གི་འབྲས་བུ་ཡང་མི་ཐོབ་ཅིང་ཚེ་འདྲི་ཉིད་ལ་མྱ་ངན་ལས་འདས་པ་ཡང་མི་འཐོབ་པོ།། གང་གི་ཚེ་སྦྱིན་པ་འབྲིང་ལ་གནས་པར་གྱུར་པ་དེ་ནི་འདུན་པ་འབྲིང་དང་སྦྱོར་བ་འབྲིང་ཡིན་ཏེ། ངན་སོང་རྣམསུ་ཡང་མི་འགྲོ ་ལ་ཚེ་དེ་ཉིད་ལ་དགེ་སྦྱོང་གི་འབྲས་བུ་འཐོབ་པར་འགྱུར་ཏེ། ཚེ་དེ་ཉིད་ལ་ཡོངསུ་མྱ་ངན་ལས་འདའ་བར་མི་འགྱུར་རོ།། ཡོངསུ་སྨིན་པ་ཆེན་པོ་ལ་གནས་པ་འདི་ནི་འདུན་པ་ཆེ་བ་དང་། སྦྱོར་བ་ཆེ་བ་ཡིན་ཏེ། ངན་སོང་རྣམསུ་ཡང ་མི་འགྲོ་ལ་ཚེ་འདི་ཉིད་ལ་ཡང་དགེ་སྦྱོང་གི་འབྲས་བུ་ཐོབ་པར་འགྱུར་ཞིང་། ཚེ་དེ་ཉིད་ལ་ཡོངསུ་མྱ་ངན་ལས་འདའ་བར་ཡང་འགྱུ་རོ།། རང་སངས་རྒྱས་ནི་ཉན་ཐོས་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཉན་ཐོས ་རྣམས་དང་། ལམ་གྱི་རང་བཞིན་མཚུངས་པའི་ཕྱིརརོ།། ཉན་ཐོས་རྣམས་ལས་རང་སངས་རྒྱས་ཀྱི་བྱེ་བྲག་ནི་འདི་ཡིན་ཏེ། སྲིད་པ་ཐ་མ་པ་ལུས་ཐ་མ་ཐོབ་པར་འགྱུར་བ་ནི་སློབ་དཔོན་མེད་པར་སྔོན་གོམས ་བའི་དབང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་བསྒོམས་ནས། ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། ད་ལྟ་བས་ན་རང་སངས་རྒྱས་ཞེས་བྱའོ།། བྱང་ཆུབ་སེམས ་དཔའ་མོས་པས་སྤྱོད་པའི་ས་ལ་གནས་པ་ནི་ཡོངསུ་སྨིན་པ་ཆུ་ངུ་ཡིན་པར་རིག་པར་བྱའོ།། ལྷག་པའི་བསམ་པ་དག་ནི་སྨིན་པ་འབྲིང་པོ་ཡིནནོ།། ངེས་པ་དང་མཐར་ཐུག་པར་གྱུར་པ་ནི་སྨིན་པ་ཆེན་པོ་ཡིནོ།། དེ་ལ་སྨིན་པ་ཆུང་ངུ་ལ ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདུན་པ་ཆུ་ངུ་དང་སྦྱོར་བ་ཆུ་ངུ་ཡིན་ཏེ། ངན་སོང་རྣམསུ་ཡང་འགྲོ་ལ། བསྐལ་པ་གྲངས་མེད་པ་དང་པོར་གཏོགས་པར་རིག་པར་བྱ་སྟེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་སྦྱངས་པ་དང་། ་མི་གཡོ་བ་དང་། ཤིན་ཏུ་རྣམ་པར་དག་པ་ཐམས་ཅད་དང་མི་ལྡན་པ་ཁོ་ན་ཡིནོ།། སྦྱིན་པ་འབྲིང་གིས་བྱང་ཆུབ་སེམས་དཔའ་ནི་འདུན་པ་འབྲིང་དང་སྦྱོར་བ་འབྲིང་ཡིན་ཏེ། ངན་སྲོང་རྣམསུ་ཡང་མི་འགྲོ་ལ། བསྐལ་པ་གྲངས་མེད ་པ་གཉིས་པར་གཏོགས་ཏེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་སྦྱངས་པ་དང་། མི་གཡོ་བ་རྣམས་དང་ནི་ལྡན་ལ་ཤིན་ཏུ་རྣམ་པར་དག་པ་རྣམས་དང་མི་ལྡན་པ་ཡིནོ།། ཡོངསུ་སྨིན་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི ་འདུན་པ་ཆེ་བ་ཡིན་ཏེ། ངན་སོང་རྣམསུ་ཡང་མི་འགྲོ་ལ། བསྐལ་པ་གྲངས་མེད་པ་གསུམ་པར་གཏོགས་ཏེ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་སྦྱངས་པ་དང་། མི་གཡོ་བ་དང་། ཤིན་ཏུ་རྣམ་པར་དག་པ་རྣམས་དང་ལྡན་པ་ཡིནོ།། ་དེ་ལ་རང་བཞིན་གྱིས་བརླིང་བ་དང་། གསལ་བ་དང་འབྲས་བུ་ཤིན་ཏུ་ཆེ་བ་དང་། ཕན་ཡོན་ཤིན་ཏུ་ཆེ་བའི་ཕྱིར་སྦྱངས་ཞེས་བྱའོ།། ཕྱིར་མི་ལྡོག་པ་དང་། ཡོངསུ་མི་ཉམས་པ་དང་། ཁྱད་པར་དུ་འགྲོ་བའི་ཕྱིར་མི་གཡོ་བ ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་སའི་ནང་ན་མེད་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ།། དེ་ལ་ཟོང་ཟོང་ལས་གྱུར་པའི་ཡོངསུ་སྨིན་པ་གང་ཡིན་པ་དང་། རྫུ་འཕྲུལ་གྱིས་འདུན་པར་བྱས་པ་ལས་བྱུང་བ་གང་ཡིན་པ་དང་། ་གསང་སྟེ་ཆོས་བརྗོད་པ་ལས་བྱུང་བ་གང་ཡིན་པ་དང་། སྦྱོར་བ་ཆུང་ངུ་ལས་བྱུང་བ་གང་ཡིན་པ་དང་། ཐོས་པ་ཙམ་ལས་བྱུང་བའི་ཡོངསུ་སྨིན་པ་གང་ཡིན་པ་དང་། ཡོངསུ་སྨིན་པ་རྣམ་པ་ལྔ་པོ་འདི་དག་ནི་དགེ་བའི་ཆོས་དེ་དག་ཡུན་རིང ་བོར་གོམས་པར་བྱས་ཀྱང་ཆུ་ངུ་ཁོ་ན་ཡིན་ལ། ཡུན་ཐུང་ངུར་གོམས་པར་བྱས་པ་ལྟ་ཅི་སྨོས། ཡོངསུ་སྨིན་པའི་རྒྱུ་དེ་ལས་གཞན་པ་ཐམས་ཅད་ནི་ཡོངསུ་སྨིན་པ་རྣམ་པ་གསུམ་གྱི་ཚུལ་དུ་རིག་པར་བྱ་སྟེ། ཆུ་ངུ་གོམས་པས་ནི ་ཆུ་ངུར་འགྱུར་རོ།། འབྲིང་དུ་གོམས་པས་ནི་འབྲིང་། ཆེར་གོམས་པས་ནི་ཡོངསུ་སྨིན་པ་ཚོ་བར་རིག་པར་བྱའོ།། ཡོངསུ་སྨིན་པ་ཆུ་ངུ་དང་། འབྲིང་དང་། ཆེ་བ་དེ་དག་རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་གྱི་ཚུལ་དུ་རིག་པར་བྱ་སྟེ། ་ཆུ་ངུལ་ཡང་ཆུ་བུའི་ཆུང་དང་། ཆུདུའི་འབྲིང་པོ་དང་། ཆུང་བྱི་ཆེན་པོ་དང་། འབྲིང་པོ་ལ་ཡང་འབྲིང་པོའི་ཆུང་བྱུང་། འབྲིང་པོའི་འབྲིང་བློ་དང་། འབྲིང་པོའི་ཆེན་པོ་དང་། ཆེན་པོ་ལ་ཡང་ཆེན། ་པོའི་ཆུ་ངུ་དང་། ཆེན་པོའི་འབྲིང་པོ་དང་། ཆེན་པོའི་ཆེན་པོའོ།། དེ་ལྟ་བུ་དང་མཐུན་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གོང་ནས་གོང་དུ་རབ་ཏུ་དབྱེ་བའི་ཚུལ་གྱིས་སེམས་ཅན་རྣམས་ཀྱིས་ཡོངསུ་སྨིན་པའི་རབ་ཏུ ་དབྱེ་བ་ཚད་མེད་པར་མཛད་པར་རིག་པར་བྱའོ།། ཇི་སྐད་བསྟན་པའི་ཐབས་དེ་དག་གིས་གཞན་གསོལ་བ་འདེབས་པ་མ་གཏོགས་པའི་བདེ་བ་གཉིས་ལ་རྒྱུད་ལ་དབང་པོ་ཡོངསུ་སྨིན་པ་ནས་ཉེས་པ་སྦྱིན་པའི་བར་དད་།། སྨིན་པ་ཆུངུ་ནས ་ཆེན་པོའི་བར་གྱིས་བུདྡྷའི་ཆོས་རྣམས་རྒྱུ་འབྲས་སྨིན་པ་ནི་གང་སྨིན་པ་ནི་བདག་ཅེས་པ་དང་། སེམས་ཅན་གཞན་རྣམས་ཐམས་ཅད་ཅེས་པ་དང་། གང་ཟག་གཞན་རྣམས་ཞེས་པ་གསུམ།། དེ་བཞིན་སེམས་ཅན་གཞན ་དང་གང་ཟག་གཞན་ཡིད་དབང་པོ་ལ་སོགས་པ་ཐོབ་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི་ཡོངསུ་སྨིན་པའི་རྒྱུ་ཇི་སྐད་བསྟན་པ་འདི་དག་གི་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱ་བ་དང་། སེམས་ཅན་གཞན་རྣམས་དང་། ་གང་ཟག་གཞན་རྣམས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བར་བྱ་བོའི་ཕྱིར་དབང་པོ་ཡོངསུ་སྨིན་པ་དང་། དགེ་བའི་རྩ་བ་ཡོངསུ་སྨིན་པ་དང་། ཤེས་པ་ཡོངསུ་སྨིན་པོ་དང་། ཡོངསུ་སྨིན་པ་ཆུང་དང་། འབྲིང་དང་། ཆེན་པོ ་ཡང་དག་པར་སྒྲུབ་པར་བྱེའོ།། བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་ཡོངསུ་སྨིན་པའི་ལེའུ་སྟེ་དྲུག་པའོ།། ། དེ་ལ་བྱང་ཆུབ་གང་ཞེ་ན། མདོར ་བསྡུ་ན་སྤངས་པ་རྣམ་པ་གཉིས་དང་། ཡེ་ཤེས་རྣམ་པ་གཉིས་ལ་ནི་བྱང་ཆུབ་ཅེས་བྱ་སྟེ། དེ་ལྔ་སྤངས་པ་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པའོ།། ཡེ་ཤེས་རྣམ་པ་གཉིས་ནི། ཉོན ་མོངས་པའི་སྒྲིབ་པ་སྤངས་ནས་དྲི་མ་མེད་ཅིང་། ཉོན་མོངས་པ་ཐམས་ཅད་དང་རྗེ་སུ་མེད་པའི་ཡེ་ཤེས་གང་ཡིན་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་ཅིང་སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པའོ།། ། ་རྣམ་གྲངས་གཞན་ཡང་ཡང་དག་པའི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པ་དང་། ཆགས་པ་མྱེད་པའི་ཡེ་ཤེས་དང་། ཉོན་མོངས་པའི་བག་ཆགས་ཐམས་ཅད་ཡང་དག་པར་བཅོམ་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི ་མ་རིགས་པ་མ་ལུས་པར་སྤངས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ།། དེ་ལ་ཉོན་མོངས་པ་བག་ཆགས་དང་བཅས་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་གཏན་སྤངས་པའི་ཡེ་ཤེས་གང་ཡིན་པ་དེ་ནི། ་དག་པ་ཞེས་བྱའོ།། ཁམས་ཐམས་ཅད་དང་། དངོས་པོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་དང་། དུས་ཐམས་ཅད་དུ་མཁྱེན་པ་ཐོགས་པ་མེད་པར་འཇུག་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ།། དེ་ལ་ཁམས ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཁམས་དང་། སེམས་ཅན་གྱི་ཁམྦྷ་སོ།། དེ་ལ་དངོས་པོ་ནི་རྣམ་པ་གཉིས་ཏེ། འདུས་བྱས་དང་། འདུས་མ་བྱསོ།། འདུས་བྱས་དང་། འདུས་མ་བྱས་ཀྱི་དངོས ་པོ་དེ་གཉིས་ལ་ཡང་རང་གི་མཚན་ཉིད་ཀྱི་ཕྱི་མ་ཕྱི་མའི་རྣམ་པའི་རབ་ཏུ་དབྱེ་བ་དང་། སྤྱིའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། རྒྱུ་དང་འབྲས་བུའི་རབ་ཏུ་དབྱེ་བ་དང་། ཁམས་དང་། འགྲོ་བ་དང་། དགེ་བ་དང་། མི་དགེ་བ་དང་། ་ལུང་དུ་མ་བསྟན་པ་ལ་སོགས་པའི་རབ་ཏུ་དབྱེ་བས་རྣམ་པའི་རབ་ཏུ་དབྱེ་བ་ཚད་མེདདོ།། དེ་ལ་དུས་ནི་རྣམ་པ་གསུམ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའོ།། དེ་ལྟར་ཁམས་ཐམས་ཅད་དང་། དངོས་པོ ་ཐམས་ཅད་དང་། རྣམ་པ་ཐམས་ཅད་དང་། དུས་ཐམས་ཅད་མཁྱེན་པ་ཞེས་བྱའོ།། དེ་ལ་ཆགས་པ་མེད་པའི་ཡེ་ཤེས་ནི་དགོངས་པ་ཙམ་ཁོ་ནས་ཐམས་ཅད་དུ་ཐོགས་པ་མེད་ཅིང་། མྱུར་བར་ཡེ་ཤེས་ཆགས་པ་མེད་པར་འཇུག ་པ་གང་ཡིན་པ་སྟེ། ཡེ་ཤེས་དེ་ཡང་དང་ཡང་དུ་དགོངས་པར་མཇེད་པ་ནི་མ་ཡིན་གྱི། ལན་ཅིག་དགོངས་པ་དང་འབྲེལ་པ་ཁོ་ན་ཡི་ནོ།། རྣམ་གྲངས་གཞན་ཡང་སྤངས་རྒྱས་ཀྱི་ཆོས་མྱ་འདྲེས་པ་བརྒྱ་བཞི་བཅུ་དང་། ་བཞིན་གཤེགས་པའི་ཉོན་མོངས་པ་མེད་པ་དང་། སྨོན་ནས་མཁྱེན་པ་དང་། སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ།། དེ་ལ་སངས་རྒྱས་ཀྱི་ཆོས་བརྒྱ་ནི ་བཅུ་ནི་འདི་དག་ཡིན་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། རྣམ་པ་ཐམས་ཅད་ཡོངསུ་དག་པ་བཞི་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། དྲན་པ་ཉེ་བར་གཞག ་པ་གསུམ་དང་། བསྲུང་བ་མེད་པ་གསུམ་དང་། སྙིང་རྗེ་ཆེན་པོ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ།། སངས་རྒྱས་ཀྱི་ཆོས ་དེ་དག་གི་རྣམ་པར་དབྱེ་བ་ནི་རྣམ་པར་རབ་ཏུ་གནས་པའི་ལེའུ་ལས་འབྱུང་བའོ།། དེ་ལ་བྱང་ཆུབ་སེམས་དཔའ་དམ་པ་འདི་ནི་དམ་པ་བདུན་དང་ལྡན་པ་ཡིན་ཏེ། དེས་ན་འདི་ནི་བྱང་ཆུབ་ཐམས་ཅད་ཀྱི་དམ་པ་ཞེས་བྱའོ།། ་དམ་པ་བདུན་གང་ཞེ་ན། སྐུ་དམ་པ་དང་། བསྒྲུབ་པ་དམ་པ་དང་། ཕུན་སུམ་ཚོགས་པ་དམ་པ་དང་། ཡེ་ཤེས་དམ་པ་དང་། མཐུ་དམ་པ་དང་། སྤངས་པ་དམ་པ་དང་། གནས་པ་དམ་པའོ།། གང་དེ་བཞིན ་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པའི་སྐུ་དང་ལྡན་པ་དེ་ནི་དེའི་སྐུ་དམ་པ་ཞེས་བྱའོ།། གང་དེ་བཞིན་གཤེགས་པ་བདག་ལ་ཕན་པ་དང་། གཞན་ལྔ་ཕན་པ་དང་། སྐྱེ་བོ་མང ་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་རྣམས་དང་། མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་དེ་ནི་དེའི་སྦུབས་པ་དམ་པ་ཞེས་བྱའོ།། གང་དེ་བཞིན ་གཤེགས་པ་ཕུན་སུམ་ཚོགས་པ་གོང་ན་མྱེད་པ། ཟླ་མེད་པ་བཞི་པོ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ལྟ་བ་ཕུན་སུམ་ཚོགས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། འཚོ་བ ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དེའི་ཕུན་སུམ་ཚོགས་པ་དམ་པ་ཞེས་བྱའོ།། གང་དེ་བཞིན་གཤེགས་པ་སོ་སོ་ཡང་དག་པར་རིག་པ་གོང་ན་མེད་པ་ཟླ་མེད་པ་བཞི་པོ་ཆོས་སོ་སོར་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང ་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་ལྡན་པ་དེ་ནི་ཡེ་ཤེས་དམ་པ་ཞེས་བྱའོ།། གང་དེ་བཞིན་གཤེགས་པ་མངོན་པར་ཤེས་པ་གོད་ན་མེད་པ། ་བླ་མེད་པ་དྲུག་པོ་སྔར་ཇི་སྐད་བསྟན་པ་རྣམས་དང་ལྡན་པ་དེ་ནི་དེ་བཞིན་གཤེགས་པའི་མཐུ་དམ་པ་ཞེས་བྱའོ།། གླེང་དེ་བཞིན་གཤེགས་པ་ཉོན་མོངས་པ་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་པ་དང་། ཤེས་བྱའི་སྒྲིབ་པ ་སྒྲས་བགོང་ན་མེད་པ་དང་ལྡན་པ་དེ་ནི་དེའི་སྤངས་པ་དམ་པ་ཞེས་བྱའོ།། གྲང་དེ་བཞིན་གཤེགས་པའི་གནས་པ་གོང་ན་མེད་པ་ཟླ་མེད་པ་གསུམ་པོ་འཕགས་པའི་གནས་པ་དང་། ལྷ་དང་ཚངས་པའི་གནས་པས་མང་དུ་གནས་པ་དེ ་ནི་དེའི་གནས་པ་དམ་པ་ཞེས་བྱའོ།། དེ་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་གནས་པ་དང་། འགོག་པའི་སྙོམས་པར་འཇུག་པས་གནས་པ་ནི་འཕགས་པའི་གནས་པ་ཞེས་བྱའོ།། བསམ་གཏན་པ ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ལྷའི་གནས་པ་ཞེས་བྱའོ།། ཚད་མེད་པ་བཞི་ནི་ཚངས་པའི་གནས་པ་ཞེས་བྱའོ།། གནས་པ་གསུམ་པོ་དེ་དག་ཀྱང་གཞི་ནི་གནས་པ་དམ་པ་ཡིན་ཏེ། གནས་པ་དེ་དག་གིས ་དེ་བཞིན་གཤེགས་པ་མང་དུ་གནས་པར་མཛད་དེ། འཕགས་པའི་གནས་པོ་ལས་སྟོང་པ་ཉིད་ཀྱི་གནས་པ་དང་། འགོག་པའི་སྙོམས་པར་འཇུག་པས་གནས་པ་དང་། ལྷའི་གནས་པ་ལས་བསམ་གཏན་བཞི་པ་མི་གཡོ་བས ་གནས་པ་དང་། ཚངས་པའི་གནས་པ་ལ་སྙིང་རྗེ་གནས་པ་སྟེ། དེས་དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཀྱི་སྤྱན་གྱིས་སུ་འཕེལ་སུ་འགྲིབ་སུའི་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་བསྐྱེད་པར་བྱ་ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། ་སུ་ཞིག་འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ལ་གཞག་པར་བྱ་ཞེས་བྱ་བའི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ། ཉིན་མཚན་ལན་དྲུག་འཇིག་རྟེན་ལ་རྣམ་པར་གཟིགས་པར་མཛོདདོ།། དེ་ལ་སྐུ་དམ་པས་ནི་དེ་བཞིན ་གཤེགས་པ་རྣམས་སྐྱེས་བུ་ཆེན་པོ་ཞེས་བྱའོ།། སྒྲུབ་པ་དམ་པས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱའོ།། ཕུན་སུམ་ཚོགས་པ་དམ་པས་ནི་ཚུལ་ཁྲིམས་ཆེན་པོ་དང་། ཆོས་ཆེན་པོ་ཞེས་བྱའོ།། ཡེ་ཤེས་དམ་པས ་ནི་ཤེས་རབ་ཆེན་པོ་ཞེས་བྱའོ།། མཐུ་དམ་པས་ནི་མངོན་པར་ཤེས་པ་ཆེན་པོ་ཞེས་བྱའོ།། སྤངས་པ་དམ་པས་ནི་རྣམ་པར་གྲོལ་བ་ཆེན་པོ་ཞེས་བྱའོ།། གནས་པ་དམ་པས་ནི་གནས་པ་ཆེན་པོས་མང་དུ་གནས་པ་ཞེས་བྱའོ།། ་རྣམ་པ་བཅུས་དེ་བཞིན་གཤེགས་པ་དེ་དག་གི་ཡོན་ཏཱན་བརྗོད་པ་དང་། ཡོན་ཏཱན་རྗེསུ་དྲན་པ་ཡིན་ཏེ། བཅུ་པོ་གང་དག་ཞེ་ན། འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོ ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབསུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མོ་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ ་ལྡན་འདས་ཞེས་བྱ་སྟེ། དེ་ལ་ཕྱིན་ཅི་མ་ལོག་པར་གསུངས་པས་ན། དེ་བཞིན་གཤེགས་པ་ཞེས་བྱའོ།། ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པ་དང་། བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཡིན་པའི་མཆོད་པར་འོས་པ་ཡང ་ཡིན་པས་ན་དགྲ་བཅོམ་པ་ཞེས་བྱའོ།། ཆོས་རྣམས་ཇི་ལྟ་བ་བཞིན་དུ་དོན་དམ་པར་ཐུགསུ་ཆུད་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ།། རིག་པ་གསུམ་དང་། མདོ་ལས་ཇི་སྐད་གསུངས་པའི་ཞབས ་ལྷག་མཐོང་དང་ཏྲ། ཞི་གནས་དང་། དེ་གཉིས་ཀའི་ཕྱོགས་དང་ཤིན་ཏུ་ལྡན་པས་ནཱ། རིག་པ་དང་ཞབསུ་ལྡན་པ་ཞེས་བྱའོ།། མཆོག་ཏུ་ཁྱད་ཞུགས་པར་གཤེགས་པ་དང་། ཡང་ཕྱིར་མི་ལྡོག་པར་གཤེགས་པས ་ན། བདེ་བར་གཤེགས་པ་ཞེས་བྱའོ།། སེམས་ཅན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྣམ་པ་ཐམས་ཅད་མཁྱེན་པས་ན། འཇིག་རྟེན་མཁྱེན་པ་ཞེས་བྱའོ།། ་སེམས་ཅན་འདུལ་བའི་ཐབས་དམ་པ་མཁྱེན་པ་དང་། འཇིག་རྟེན་དུ་སྐྱེས་བུར་གྱུར་པ་གཅིག་པུ་བྱུང་བས་ན། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱའོ།། མིག་ལྟ་བུར་གྱུར་པ་དང་། ཡེ་ཤེས་དང་། དོན་དང་ཆོ་སུ་གྱུར ་པའི་ཕྱིར། དོན་གསལ་བ་གཏན་ལ་འདེབས་པའི་ཕྱིར་དང་། དྲོན་ཐམས་ཅད་སྟོན་པ་དང་། མི་རྟོག་པའི་དོན་རྟོགས་པར་མཛད་པ་དང་། ཐེ་ཚོམ་སྐྱེས་པོ་གཅོད་པར་མཛད་པ་དང་། ཟབ་མེའི་གནས་རྣམ་པར་འགྲེལ་པ་དང་། ་ཡོངསུ་བྱང་བར་མཛད་པ་དང་། དེ་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པ་དང་། དེ་འདྲེན་པ་ཡིན་པ་དང་། དེ་སྟོན་པ་ཡིན་པས་ན་ལྷ་དང་མི་རྣམས་ལ་སྡུག་བསྔལ་ཐམས་ཅད་ལས་བྱུང་བ་ཡང་དག་པར་སྟོན་ཅིང་། རྣམ་པར ་བརྗོད་པས་ན་དེའི་ཕྱིར་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱའོ།། དོན་དང་ལྡན་པའི་ཆོས་ཀྱི་ཚོགས་དང་། དོན་དང་མི་ལྡན་པའི་ཆོས་ཀྱི་ཚོགས་དང་། དོན་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པའི་ཆོས་ཀྱི ་ཚོགས་མཐའ་དག་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ཐུགསུ་ཆུད་པས་ན་སངས་རྒྱས་ཞེས་བྱའོ།། བདུད་དཔུང་དང་བཅས་པ་ཐམས་ཅད་ཀྱི་གཡུལ་ཆེན་པོ་བཅོམ་པས་ན། བཅོམ་ལྡན་འདས་ཞེས་བྱའོ།། དེ་ལ ་བསྐལ་པ་དུ་མར་སངས་རྒྱས་གཅིག་ཀྱང་མི་འབྱུང་ལ། བསྐལ་པ་གཅིག་ལ་ཡང་སངས་རྒྱས་མང་པོ་འབྱུང་བར་འགྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད་པ་དེ་དང་དེ་དག་ཏུ་སངས་རྒྱས ་དཔག་ཏུ་མེད་གྲངས་མེད་པ་དག་འབྱུང་བར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུའི་དག་ན་བྱང་ཆུབ་སངའ་དཔག་ཏུ་མེད་གྲངས་མེད་པ་གང་དགེ་དུས་གཅིག་ཏུ་སྨོན་ལམ་བཏབ་པ་དང་། ་ཚོགས་ཡང་དག་པར་བསྒྲུབས་པ་མཚུངས་པ་དག་ཡོད་པའི་ཕྱིར་ཏེ། ཞག་དང་། ཟླ་བ་ཕྱེད་པ་དང་། ཟླ་བ་དང་། ལོ་གང་ཁོ་ན་ལ་བྱང་ཆུབ་སེམས་དཔའ་གཅིག་གིས་བྱང་ཆུབ་སེམས་ཀྱིས་སྨོན་ལམ་བཏབ་པ་དེའི་ཉིན་མོ་དང་། ཟླ་བ ་ཕྱེད་དང་། ཟླ་བ་དང་། ལོ་དེ་ཁོ་ན་ལ་ཐམས་ཅད་ཀྱིས་སྨོན་ལམ་བཏབ་སྟེ། གཅིག་གོས་ཇི་ལྟར་སྤྲོ་བ་བསྐྱེད་པ་དང་། བསྒྲུབས་པ་དང་། བཙལ་བ་དེ་བཞིན་དུ་ཀུན་གྱིས་ཀྱང་བཙལ་ཏེ། འདི་ལྟར་འཇིག་རྟེན་གྱི་ཁམས་འདི ་ཉིད་ན་ཡང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་དུ་མ་གང་དག་དུས་གཅིག་ཏུ་སྨོན་ལཱམ་འདེབས་པ་དང་། སྟོང་པ་མཚུངས་པ་དང་། ཚུལ་ཁྲིམས་མཚུངས་པ་དང་། བཟོད་པ་མཚུངས་པ་དང་། བརྩོན་འགྲུས་མཚུངས་པ་དང་། ་ཏིང་འཛིན་མཚུངས་པ་དང་། ཤེས་རབ་མཚུངས་པ་དག་སྣང་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་ལྟ་ཅི་སྨོས། སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོ་ཡང་ཕྱོགས་བཅུ་དག ་ན་དཔག་ཏུ་མེད་གྲངས་མེད་པ་དག་ཡོད་དོ།། བྱང་ཆུབ་སེམས་དཔོའི་ཚོགས་ཡང་དག་པར་སྒྲུབས་པ་མཚུངས་པ་གཉིས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ཅིག་ཅར་བྱུང་བའི་སྐབས་ཀྱང་མེད་ན། དཔག་ཏུ་མེད་གྲངས ་མེད་པ་དག་ལྟ་ཅི་སྨོས། ཚོགས་མཚུངས་པ་རྣམས་རིམ་གྱིས་གོ་རིམསུ་བྱུང་བ་ཡང་མི་རིགས་ལ། ཐམས་ཅད་ཀྱིས་ཐམས་ཅད་འབྱུང་བར་འགྱུར་བར་ཡང་མི་རིགས་ཏེ། དེ་ལྟ་བས་ན་ཕྱོགས་བཅུ་དཔག་ཏུ་མེད་གྲངས་མེད་པ ་ཇི་ལྟར་ཡོང་སུ་དག་པར་བྱས་པ། དེ་བཞིན་གཤེགས་པས་སྟོང་པ་དེ་དག་ཏུ་བྱང་ཆུབ་སེམས་དཔའ་ཚོགས་མཚུངས་པ་རྣམས་སངས་རྒྱས་ཀྱི་ཞིང་ཐ་དད་པ་འབྱུང་བར་རིག་པར་བྱའོ།། དེའི་ཕྱིར་རྣམ་གྲངས་འདིས་འཇིག་རྟེན་གྱི ་ཁམས་མང་པོ་དག་ཏུ་སངས་རྒྱས་མང་པོ་འབྱུང་བ་དག་རིགས་ཀྱི། སངས་རྒྱས་ཀྱི་ཞིང་གཅིག་ཏུ་དེ་བཞིན་གཤེགས་པ་གཉིས་ཅིག་ཅར་འབྱུབ་བར་མི་འགྱུརརོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས ་འདི་སྐདདུ་ཇི་ནས་བདག་ཡོངསུ་འདྲེན་པ་མེད་པའི་འཇིག་རྟེན་དུ་ཡོངསུ་འདྲེན་པར་གྱུར་ནས་སེམས་ཅན་རྣམས་འདུལ་ཞིང་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བར་བྱས་ཏེ། ཡོངསུ་མྱ་ངན་ལས་ཟློ་བར་གྱུར་ཅིག་ཅེས ་སྨོན་ལམ་བསྐྱེད་པའི་ཕྱིར་ཏེ། དེ་ལྟར་ཡུན་རིང་པོ་ནས་སྨོན་ལམ་བསྐྱེད་པ་ཡང་དག་པར་བསྒྲུབ་པའི་ཡོངསུ་བཟུང་བ་དེ་འགྲུབ་པ་ཉིད་དུ་འགྱུརརོ།། ཡང་དེ་བཞིན་གཤེགས་པ་གཅིག་གིས་ཀྱང་སྟོང་གསུམ་གྱི་སྟོང ་ཆེན་པོ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་པར་སྤྱོད།། དེའི་ཕྱིར། དེ་བཞིན་གཤེགས་པ་གཉིས་པ་འབྱུང་བ་འདི་ནི་དོན་མེད་པ་ཉིད་འགྱུརརོ།། ཡང་དེ་བཞིན་གཤེགས་པ་གཅིག་འཇིག ་རྟེན་དུ་བྱུང་ན་སེམས་ཅན་རྣམས་ཀྱི་རང་གི་དོན་བྱ་བ་འགྲུབ་པ་ཆེས་མང་བར་འགྱུར་ཞིང་ཆེས་མཐུན་པར་འགྱུརརོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་འགྲོ་བ ་མ་ལུས་པ་ལ་འདི་གཅིག་པུར་ཟད། གཉིས་མེད་ན་ལྗོངས་རྒྱུ་ཞིང་གཤེགས་སམ། ཡོངསུ་མྱ་ངན་ལས་འདས་པར་གྱུར་ན་ནི། གཞན་གང་གིས་ཐ་དུ་བདག་ཅག་གིས་ཞེ་ན། དེ་དག་འདི་སྙམ་དུ་སེམས་ཏེ། དེ་བཞིན ་གཤེགས་པ་ནི་འགྲོ་བ་མ་ལུས་པ་ལ་གཅིག་པུར་ཟད། གཉིས་མྱེད་ན་ལྗོངས་རྒྱུ་ཞིང་གཤེགས་སམ། ཡོངསུ་མྱ་ངན་ལས་འདས་པར་གྱུར་ན་ནི། གཞན་གང་གིས་ཐ་དུ་བདག་ཅག་གིས་ཚངས་པར་སྤྱོད་པར་སྤྱད་པར་བྱ་བའི ་མཉན་པར་བྱ་བ་གཉིསུ་ཡང་མདོ་སྙམ་དུ་རིག་ནས་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བ་དང་། དམ་པའི་ཆོས་མཉན་པའི་ཕྱིར་འདུན་པ་དང་། རྩོལ་བ་ཤིན་ཏུ་དྲག་པོ་མྱུར་དུ་བྱེད་པར་འགྱུར་གྱི། དེ་དག་གིསོ་སངས་རྒྱས ་མང་པོ་མཐོང་དུ་ཟིན་ན་སྐྱེན་པར་མི་བྱེད། དེ་ལྟར་ན་སངས་རྒྱས་གཅིག་བྱུང་ན་དེ་དག་ནི་རང་གི་དོན་གྱི་བྱ་བ་འགྲུབ་པ་ཆེས་མང་བར་འགྱུར་ཞིང་ཆེས་མཐུན་པར་འགྱུར་རོ།། དེ་ལ་སངས་རྒྱས་ཐམས་ཅད་ནི་གནས་བཞི་པོ་སྐུ་ཚེ་དང་། ་མཚན་དང་། གདུང་དང་། སྐུ་མ་གཏོགས་པར་ཐམས་ཅད་མཚུངས་མཉམ་སྟེ། ཁྱད་པར་མདོ།། སངས་རྒྱས་རྣམས་ནི་ཆོས་བཞི་པོ་འདི་དག་གིས་སྙིང་འབྲིར་འགྱུར་ཞིང་མི་མཐུན་པར་ཟད་ཀྱི་གཞན་གང་གིས་ཀྱང་མ་ཡིན། ་བུད་མེད་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པ་དང་པོ་འདས་པ་ཉིད་ནས་བུད་མེད་ཀྱི་དངོས་པོ ་སྤངས་པས་ན། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་རྣམས་ཀྱང་བུད་མེ་དུ་མི་འགྱུར་བ་དང་། བུད་མེད་ཐམས་ཅད་ནི་རང་བཞིན་གྱིས་ཉོན་མོངས་པ་མང་བ་དང་། ཤེས་རབ་འཆལ་པ་ཡིན་ལ་རང་བཞིན་གྱི་ཉོན ་མོངས་པ་མང་བའི་རྒྱུད་དང་། ཤེས་རབ་འཆལ་པའི་རྒྱུད་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་པའི་ཕྱིརརོ།། དེ་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་འདི་ངོ་བོ་ཉིད་ཀྱིས་ཀྱང་ཇི་སྐད་བསྟན་པ་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ།། དམ་པར་གྱུར་པ་དང་། ཡོན་ཏན་བརྗོད་པ་དང་། རྗེ་སུ་དྲན་པ་དང་། འབྱུང་བ་དང་། ཁྱད་པར་གྱིས་ཀྱང ་ཇི་སྐད་བསྟན་པ་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ།། ཡང་རྟོགས་པའི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཉིད།། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི ་ཕྱིར་དཔག་ཏུ་མེད་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་རྣམས་མངོན་པར་འགྲུབ་པར་བྱེད་པ་ཡིན།། དེ་ལྟ་བས་ན་བྱང་ཆུབ་འདི་ནི། ་མཆོག་དང་། གཙོ་བོ་དང་། གྱ་ནོམ་པ་ཡིན།། བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བྱང་ཆུབ་ཀྱི་ལེའུ་སྟེ་བདུན་པའོ།། ། ་རེ་ཞིག་བྱང་ཆུབ་སེམས་དཔའ་གང་ལ་བསླབ་པར་བྱ་བ་ནི་བསྟན་ཟིན་ཏོ།། ཇི་ལྟར་བསླབ་པར་བྱ་བ་དེ་བསྟན་པར་བྱའོ།། སྡོམ་ནི། མོས་པ་མང་བ་ཉིད་དང་ནི།། ཆོས་ཚོལ་བ་དང་སྟོན་པ་དང་།། སྒྲུབ་པ་དང་ནི་དེ་བཞིན་དུ། ་ལེགས་པར་བདམས་དང་རྗེས་བསྟན་དང་།། ལུས་དང་ངག་དང་ཡིད་ཀྱི་ལས།། ཐངས་དང་བཅོས་པ་ཕྱི་མ་ཡིན།། འདི་ལ་བྱང་ཆུབ་སེམས་དཔའ་བསླབ་པ་དག་ལ་བསླབ་པར་འདོད་པས་ཐོག་མ་ཁོ་ནར་མོས་པ་མང་བར་བྱའོ།། ་ཡོངསུ་ཚོལ་བ་དང་། ཆོས་སྟོན་པ་དང་། ཆོས་ཀྱི་རྗེ་སུ་འཇུག་པའི་ཆོས་བསྒྲུབ་པ་དང་། ལེགས་པར་གདམས་པ་དང་། རྗེ་སུ་བསྟན་པ་ལ་གནས་པ་དང་། ཐབས་ཀྱིས་ཡོང་སུ་ཟིན་པའི་ལུས་དང་། ངག་དང་ཡིད་ཀྱི་ལས ་ཅན་དུ་བྱའོ།། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མོས་པ་མང་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མོས་པའི་གནས་བརྒྱད་པོ་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཡོན་ཏན་དཀོན་མཆོག་གསུམ་གྱི་ཡོན་ཏན ་རྣམས་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་མཐུ་ཇི་སྐད་བསྟན་པ་དང་། དེ་ཁོ་ནའི་དོན་ཇི་སྐད་བསྟན་པ་དང་། རྒྱུ་དང་འབྲས་བུ་སྣ་ཚོགས་ཅི་རིགས་པར་གྱུར་པ་དང་། ཐོབ་པར་བྱ་བའི་དོན་ཕྱིན་ཅི་མ་ལོག་པ་ལ་བདག་གིས ་ཐོབ་པར་ནུསོ་ཞེས་བྱ་བ་དང་། ཐོབ་པར་བྱ་བའི་དོན་ལ་ཇི་ལྟ་བར་ཐོབ་པའི་ཐབས་ལ་ཡང་དེ་བཞིན་ཏོ།། ཐོབ་པར་བྱ་བའི་དོན་གྱི་འཐོབ་པའི་ཐབས་དོན་ཡོད་ཞེས་པ་སྟེ། དེ་ལ་ཐོབ་པར་བྱ་བའི་དོན་ནི་བླ་ན་མེད་པའི་བྱང་ཆུབ་བོ།། ་འཐོབ་པའི་ཐབས་ནི་བྱང་ཆུབ་སེམས་དཔོའི་སློབ་པའི་ལམ་ཐམས་ཅད།། དེ་བཞིན་དུ་ལེགས་པར་གསུངས་པ། ལེགས་པར་བསྙད་པ། ལེགས་པར་བརྗོད་པ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ་ལུང་བསྟན་པའི་སྡེ་ལ་སོགས་པའི་ཆོས་རྣམས་ལ་དད་པ་དང་། དང་བ་སྔོན་དུ་འགྲོ་བའི་ངེས་པ་དང་འདོད་པ་དང་ལྡན་པ་ཡིནོ།། དེ་ལ་མོས་པའི་གནས་རྣམ་པ་བརྒྱད་པོ་འདི་ལ་རྒྱུ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་མོས་པ ་མང་བར་འགྱུར་བར་རིག་པར་བྱ་སྟེ། མོས་པ་ལ་བྱམས་པ་ལན་མང་དུ་བྱེད་པ་དང་། བཟོད་པ་དྲག་པོ་ཡོད།། དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཚོལ་བས་ཅི་ཞིག་ཚོལ། ཇི་ལྟར་ཚོལ་ཅིའི་ཕྱིར་ཚོལ་ཞེ་ན། མདོར་བསྡུ་ན་བྱུང ་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཚོལ་བའོ།། ཉན་ཐོས་ཀྱི་སྡེ་སྣོད་དང་། ཕྱི་རོལ་གྱི་བསྟན་བཅོས་རྣམས་དང་། འཇིག་རྟེན་པའི་བཟོ་དང་། ལས་ཀྱི་གནས་རྣམས་ཚོ་ལོ།། དེ་ལ་དེའི་གཞི་དབྱེ་བ་སྟོན་ཏེ་གསུང ་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་སྔ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡིནོ།། ལྷག་མ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཡིན་པར་རིག་པར་བྱའོ།། ཕྱི་རོལ་གྱི་བསྟན་བཅོས་རྣམས་ནི་མདོར་བསྡུ ་ན་རྣམ་པ་གསུམ་སྟེ། གཏན་ཚིགས་ཀྱི་བསྣུན་བཅོས་དང་། སྒྲའི་བསྟན་བཅོས་དང་། གསོ་བའི་བསྟན་བཅོསོ།། དེ་ལ་འཇིག་རྟེན་པའི་བཟོ་དང་། ལུས་ཀྱི་གནས་ནི་རྣམ་པ་སྣ་ཚོགས་མང་པོ ་ཡོད། གསེར་མགར་དང་། ལྕགས་མགར་དང་། ནོར་བུ་མཁན་གྱི་ལས་ཞེས་པ་ལ་སོགས་པ་སྟེ། རིག་པའི་གནས་ཀྱིས་ཡོངསུ་བསྡུས་པ་དེ་དག་ཐམས་ཅད་ནི་རིག་པའི་གནས་ལྔ་པོ་དག་ཡིན་ཏེ། ནང་གི་རིག་པ་དང་། ་གཏན་ཚིགས་ཀྱི་རིག་པ་དང་། སྒྲའི་རིག་པ་དང་། ནད་གསོ་བའི་རིག་པ་དང་། བཟོ་དང་ལུས་ཀྱི་གནས་ཀྱི་རིག་པའོ།། བྱང་ཆུབ་སེམས་དཔས་བཙལ་བ་གང་ཡིན་པ་དེ་ནི་རིག་པའི་གནས་ལྔ་པོ་འདི་དག་ཡིན་ཏེ། དེ་ལྟར་ན ་དེས་རིག་པའི་གནས་ཐམས་ཅད་བཙལ་བ་ཡིནོ།། དེ་ལ་སངས་རྒྱས་ཀྱི་གསུང་རབ་ནི་ནང་གི་བསྟན་བཅོས་ཞེས་བྱ་སྟེ། དེ་ཡང་རྣམ་པ་དུས་འཇུག། དེ་བཞིན་དུ་འཇིག་རྟེན་པའི་བཟོ་དང་། ལས་ཀྱི་གནས་ཀྱི་བར་དུ་རྣམ་པ ་དུས་འཇུག་ཅེ་ན། སངས་རྒྱས་ཀྱི་གསུང་རབ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཀྱིས་འཇུག་སྟེ། རྒྱུ་དང་འབྲས་བུ་ཡང་དག་པར་སྟོན་པའི་རྣམ་པ་དང་། བྱས་པ་ཆུད་མི་ཟ་ཞིང་མ་བྱས་པ་དང་། འཕྲད་པར་མི་འགྱུར་བར་སྟོན ་བའི་རྣམ་པའོ།། གཏན་ཚིགས་ཀྱི་བསྟན་བཅོས་ཀྱང་རྣམ་པ་གཉིས་ཏེ། ཕ་རོལ་ཀླན་ཀ་ཚོལ་བ་བརྗོད་པའི་ཕན་ཡོན་སྟོན་པའི་རྣམ་པ་དང་། གཞན་ལོས་བྱུང་བའི་དེ་ལྟ་བུ་སྨྲ་བོ་ལས་ཐར་པའི་ཕན་ཡོན་སྟོན་པའི་རྣམ་པའོ།། ། ་སྒྲའི་བསྟན་བཅོས་ཀྱང་རྣམ་པ་གཉིས་ཏེ། སྐད་ཀྱི་དབྱིངས་ཀྱི་ངོ་བོ་སྒྲུབ་པ་རྣམ་པར་བཞག་པ་སྟོན་པའི་རྣམ་པ་དང་། ཚིག་ལེགས་པར་སྦྱོར་བར་ཕན་ཡོན་སྟོན་པའི་རྣམ་པའོ།། གསྔོ་བའི་བསྟན་བཅོས་ནི་རྣམ་པ་བཞིས་འཇུག ་སྟེ། ནད་ལ་མཁས་པའི་རྣམ་པ་དང་། ཙ་ལས་བྱུང་བ་ལ་མཁས་པ་སྟོན་པའི་རྣམ་པ་དང་། ནད་བྱུང་བ་གསལ་བ་ལ་མཁས་པོའི་སྟོན་པའི་རྣམ་པ་དང་། ནད་བསལ་ནས་ཕྱིས་མི་འབྱུང་བར་བྱ་བ་ལ་མཁས་པ་སྟོན་པའི ་རྣམ་པའོ།། འཇིག་རྟེན་པའི་བཟོ་དང་། ལུས་ཀྱི་གནས་ཞེས་པ་རྣམས་རང་རང་གི་བཟོ་དང་། ལས་ཀྱི་གནས་སྒྲུབ་པའི་འབྲས་བུ་ཡོངསུ་གྲུབ་པ་སྟོན་པའི་རྣམ་པའོ།། ཇི་ལྟར་ན་སངས་རྒྱས་ཀྱི་གསུང་རབ་རྒྱུ་དང་འབྲས ་བུ་ཕྱིན་ཅི་མ་ལོག་པ་སྟེ་ཅེ་ན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཇིག་རྟེན་པ་རྣམས་ཀྱི་ལོག་རྟོག་ལ་སོགས་པ་ལུང་དུ་མ་བསྟན་པ་དེ་དང་། དེ་དག་བྱུང་བའི་རྒྱུ་བཅུ་པོ་འདི་དག་ནི་ཕྱིན་ཅི་མ་ལོག་པའི ་རྒྱུ་རྣམ་པར་གཞག་པ་དང་། རྒྱུ་ཐམས་ཅད་བསྡུས་པ་ཡིན་པར་རིག་པར་བྱའོ།། རྒྱུ་བཅུ་པོ་དག་གང་ཞེ་ནཱ། རྗེ་སུ་ཐཱ་སྙད་འདོག་སྣ་པའི་རྒྱུ་དང་། བལྟོས་པའི་རྒྱུ་དང་། འཕེན་པོའི་རྒྱུ་དང་།། ཡོངསུ་འཛིན་པའི་རྒྱུ་དང་། ་མངོན་པར་འགྲུབ་པའི་རྒྱུ་དང་། འདྲེན་པའི་རྒྱུང་ངོ་། སོ་སོ་ངེས་པའི་རྒྱུ་དང་།། ལྷན་ཅིག་བྱེད་པའི་རྒྱུ་དང་། མི་མཐུན་པའི་རྒྱུ་དང་། མི་མཐུན་པ་མེད་པའི་རྒྱུའོ།། དེ་ལ་ཆོས་ཐམས་ཅད་ཀྱི་མིང་དང་། མང་སྔོན་དུ་འགྲོ་བའི ་འདུ་ཤེས་དང་། འདུ་ཤེས་སྔོན་དུ་འགྲོ་བའི་བརྗོད་པ་གང་ཡིན་པ་དེ་ནི་ཆོས་དེ་དང་དེ་དག་གི་རྗེ་སུ་ཐ་སྙད་འདོགས་པའི་རྒྱུ་ཡིནོ།། དེ་ལ་གང་ལ་བལྟོས་ཤིང་རྒྱུ་གང་ལས་བྱུང་བ་དངོས་པོ་གང་ལྔ་འདོད ་པ་དང་ལོན་པར་གྱུར་པ་དེ་ནི་དེའི་བལྟོས་པའི་རྒྱུ་ཞེས་བྱ་སྟེ། འདི་ལྟ་སྟེ། ལག་པ་ལ་བལྟོས་ཤིང་ལག་པའི་རྒྱུ་ལས་བྱུང་བ་ནི་ལེན་པའི་ལསོ།། རྐང་པ་ལ་བལྟོས་ཤིང་རྐང་པའི་རྒྱུ་ལས་བྱུང་བ་ནི་འགྲོ་བ་དང་འོང་བའི་ལསོ།། ཚིགས ་ལས་བལྟོས་ཤིང་ཚིགས་ཀྱི་རྒྱུ་ལས་བྱུང་བ་ནི་བརྐུམ་པ་དང་བརྐྱང་བའི་ལསོ།། བཀྲེས་པ་དང་སྐོམ་པ་ལ་བལྟོས་ཤིང་བཀྲེས་པ་དང་བསྒོམ་པའི་རྒྱུ་ལས་བྱུང་བ་ནི་ཟས་དང་སྐོམ་ལེན་པ་དང་། ཚོལ་བ་ཡིན་ཏེ། དེ་ལྟ་བུ་དང་མཐུན ་པའི་ཚད་མེད་པའི་ཡུལ་དང་ལྡན་པ་ནི་བལྟོས་པའི་རྒྱུ་ཡིན་པར་རིག་པར་བྱའོ།། དེ་ལ་ས་བོན་ནི་རང་གི་འབྲས་བུ་ཐ་མའི་བར་གྱི་འཕེན་པའི་རྒྱུ་ཡི་ནོ།། ས་བོན་མ་གཏོགས་པར་དེ་ལས་གཞན་པའི་རྐྱེན་ནི་ཡོངསུ་འཛིན་པའི་རྒྱུ ་ཡིནོ།། ས་བོན་དེ་ཉིད་ནི་རང་གི་འབྲས་བུ་མངོན་པར་འགྲུབ་པའི་རྒྱུ་ཡིན།། ས་བོན་ལས་གྲུབ་པའི་འབྲས་བུ་དེ་ནི་ས་བོན་གྱིས་འཕངས་པའི་འབྲས་བུ་ཕྱི་མའི་འདྲེན་པའི་རྒྱུ་ཡིནོ།། རྣམ་པ་སྣ་ཚོགས་རྣམ་པ་ཐ་དད་པའི ་རྒྱུ་ཉིད་སོ་སོ་ངེས་པའི་རྒྱུ་ཡིནོ།། ལྟོས་པའི་རྒྱུ་གང་ཡིན་པ་དང་། ཡོངསུ་འཛིན་པའི་རྒྱུ་གང་ཡིན་པ་དང་། མངོན་པར་འགྲུབ་པའི་རྒྱུ་གང་ཡིན་པ་དང་། འདྲེན་པའི་རྒྱུ་གང་ཡིན་པ་དང་། སོ་སོར་ངེས་པའི་རྒྱུ་གང་ཡིན་པའི། ་རྒྱུ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ།། སྐྱེ་བ་ལ་རབ་ཏུ་གཅོད་པའི་རྒྱུ་ནི་མི་མཐུན་པའི་རྒྱུ་ཡིན།། བར་དུ་གཅོད་པ་མེད་པ་ནི་མི་མཐུན་པ་མེད་པའི་རྒྱུ་ཡི་ནོ།། དེ་ལ་མི་མཐུན་པའི་རྒྱུ་ནི་མདོར ་བསྡུ་ན་རྣམ་པ་དྲུག་སྟེ། ཚིག་མི་མཐུན་པ་ནི་འདི་ལྟ་སྟེ། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གི་བསྟན་བཅོས་སྔ་ཕྱི་མི་མཐུན་པ་རྣམས་ལྟ་བུ་ཡིན།། རིག་པ་འགལ་བའི་སྒྲུབ་པར་བྱེད་པ་ཤེས་པར་བྱ་བའི་དོན་སྒྲུབ་པ་ལི་འཐད ་པ་སྒྲུབ་པའི་རིགས་པ་མི་རུང་བ་ཡིནོ།། སྐྱེ་བ་དང་མི་མཐུན་པ་ནི་འདི་ལྟ་སྟེ། སྐྱེ་བའི་རྐྱེན་མེད་པ་དང་། སྐྱོ་བ་ལ་བར་དུ་གཅོད་པའི་ཆོས་ཡོད་ན། སྐྱེ་བར་མི་འགྱུར་བ་ལྟ་བུ་ཡིནོ།། ལྷན་ཅིག་གནས་པ་མི་མཐུན་པ ་ནི་འདི་ལྟ་སྟེ། སྣང་བ་དང་མུན་པ་གཉིས་དང་། འདོད་ཆགས་དང་ཞེ་སྡང་གཉིས་དང་། བདེ་བ་དང་སྡུག་བསྔལ་གཉིས་ལྟ་བུ་ཡིནོ།། མི་འཕྲོད་པོའི་མི་མཐུན་པ་ནི་འདི་ལྟ་སྟེ། སྦྲུལ་དང་སྲེ་མོང་གཉིས་དང་། བྱི་ལ ་དང་། བྱེ་བ་གཉིས་དང་། གཅིག་ལ་གཅིག་ཕྱིར་རྒོལ་ཞིང་དགྲར་གྱུར་པ་གཉིས་ལྟ་བུ་ཡིནོ།། མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་མི་མཐུན་པ་ནི་འདི་ལྟ་སྟེ། མི་སྡུག་པ་བསྒོམ་པ་དང་། འདོད་ཆགས་གཉིས ་དང་། བྱམས་པ་བསྒོམས་པ་དང་། གནོད་སེམས་གཉིས་དང་། སྙིང་རྗེ་བསྒོམས་པ་དང་། རྣམ་པར་འཚེ་བ་གཉིས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ཡན་ལག་བརྒྱད་པ་བསྒོམ་པ་དང་། ཁམས་གསུམ་ན་སྤྱོད་པའི ་ཉོན་མོངས་པ་ཐམས་ཅད་ཝཱ་ང་ཡིན།། དོན་གྱི་སྐབས་འདོད་ནི་སྐྱེ་བ་དང་མི་མཐུན་པ་ཉི་འང་།། ཡང་རྒྱུ་འདི་དག་ཐམས་ཅང་ནི་རྒྱུ་གཉིས་ཀྱིས་བསྡུས་ཏེ་བསྐྱེད་པའི་རྒྱུ་དང་། ཐབས་ཀྱི་རྒྱལ་ན།། ་དེ་ལ་འཕེན་པ་དང་མངོན་པར་འགྲུབ་པར་བྱེད་པའི་ས་བོན་གང་ཡིན་པ་དེ་ནི་བསྐྱེད་པའི་རྒྱུ་ཡིན།། རྒྱུ་ལྷག་མ་རྣམས་ནི་ཐབས་ཀྱི་རྒྱུ་ཡིན་པར་རིག་པར་བྱའོ།། ་བམ་པོ་དྲུག་པ། རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དང་། མཚུངས་པ་དེ་མ་ཐག་པའི་རྒྱུན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ཏོ།། དེ་ལ་སྐྱེས་པའི་རྒྱུ་གང་ཡིན་པ་དེ་ནི་རྒྱུའི་རྐྱེན་ཏོ།། ཐབས་ཀྱི ་རྒྱུ་གང་ཡིན་པ་དེ་ནི་བདག་པོའི་རྐྱེན་ཡིན་པར་རིག་པར་བྱའོ།། མཚུངས་པ་དེ་མ་ཐགས་པའི་རྐྱེན་དང་། དམིགས་པའི་རྐྱེན་ནི། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་ཡིན་ཏེ། འདི་ལྟར་སེམས་དང་སེམས་ལས ་བྱུང་བའི་ཆོས་སྔ་མ་སྐྱེས་པ་རྣམས་སྐབས་འབྱེད་པས་ཡོངསསུ་ཟིན་པ་དང་། དམིགས་པས་ཡོངསསུ་ཟིན་པ་འབྱུང་ཞིང་འཇུག་པར་འགྱུརརོ།། དེ་ལྟ་བས་ན་དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་ནི་ཡོངསུ་འཛིན་པའི ་རྒྱུས་བསྡུས་པར་རིག་པར་བྱའོ།། དེ་ལ་རྒྱུ་བཅུ་པོ་འདི་དག་གིས་འཇིག་རྟེན་པའི་དངོས་པོ་ཐམས་ཅད་ནི་ཇི་ལྟར་འབྱུང་བར་འགྱུར། ཀུན་ནས་ཉོན་མོངས་པ་ནི་ཇི་ལྟར་འགྱུར། རྣམ་པར་བྱང་བ་ནི་ཇི་ལྟར་འགྱུར་ཞེ་ན། འདི་ལྟར ་འཇིག་རྟེན་ན་འབྲུའི་གྲངསུ་གཏོགས་པའི་ལོ་རྟོག་གང་དག་གིས་འཇིག་རྟེན་འདི་འཚོ་བར་བྱེད་པ་གང་ཡིན་པ་དེ་དག་གི་མིང་དང་། འདུ་ཤེས་དང་། ཚིག་ཏུ་བརྗོད་པ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ནས་དང་། འབྲས་སཱ་ལུ་དང་། ་གྲོ་དང་། ཏིལ་དང་། མོན་སྲན་སྡེའུ་དང་། མོན་སྲན་གྲེའུ་དང་། རྒྱ་སྲན་ཞེས་བྱོ་བ་ལ་སོགས་པ་འདི་ནི་དེ་དག་གི་ཐ་སྙད་ནས་ཁྱེར་ཏེ་ཤོག། ཁྱེར་ཅིག་ཐོགས་ཤིག་ཞོགས་ཤིག་ཅེས་བྱ་བ་ལ་སོགས་པའི་རྗེསུ ་ཐ་སྙད་འདོགས་པའི་རྒྱུ་ཡིནོ།། ནས་ལྔ་ཇི་ལྟ་བ་བཞིན་དུ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ།། བཀྲེས་པ་དང་། སྒོམ་པ་དང་། ཉོམ་ཆུང་བ་དང་། ལུས་གནས་པར་བྱ་བ་ལོ་བལྟོས་པ་དང་། ཁམ ་གྱི་ཟས་མྱང་བར་བྱེད་པ་ལ་བལྟོས་ནས། དེ་དག་འདོད་པ་དང་། ཚེལ་བ་དང་། ལོངས་སྤྱོད་པར་བྱེད་པ་འདི་ནི་དེ་དག་གི་བལྟོས་པའི་རྒྱུ་ཡིནོ།། རང་གི་ས་བོན་གང་དང་གང་འབྱུང་བའི་ས་བོན་དེ་ནི་དེའི་འཕེན་པའི་རྒྱུ་ཡིནོ།། ་ས་དང་ཆར་པ་ལ་སོགས་པའི་རྐྱེན་ལས་མྱུ་གུ་འབྱུང་བར་གྱུར་པ་དེ་ནི་ཡོངསུ་འཛིན་པའི་རྒྱུ་ཡིན་ནོ།། ས་བོན་དེ་ནི་མྱུ་གུ་དེའི་མངོན་པར་འགྲུབ་པའི་རྒྱུ་ཡིན།། མྱུ་གུ་དང་སྡོང་པོ་དང་ལོ་མ་གཅིག་ནས་གཅིག་ཏུ་བརྒྱུད ་པའི་རྒྱུན་དེ་ནི་ལོ་ཏོག་དེ་ཡོངསུ་སྨོན་པའི་འདྲེན་པོའི་རྒྱུ་ཡིནོ།། ནས་ཀྱི་ས་བོན་ལས་ཀྱང་ནས་ཀྱི་མྱུ་གུ་དང་། ནས་ཀྱི་ལོ་ཏོག་འབྱུང་བར་འགྱུར་གྱི་གཞན་ནི་མ་ཡིན།། དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་རིང་། ར་བྱ་སྟེ། འདི ་ནི་དེ་དག་གི་སོ་སོར་ངེས་པའི་རྒྱུ་ཡི་ནོ།། བལྟོས་པའི་རྒྱུ་ནཱས་བཟུང་སྟེ། སོ་སོར་ངེས་པའི་རྒྱུ་དེ་དག་ཐམས་ཅད་ནི་ལོ་ཏོག་འགྲུབ་པའི་ལྷན་ཅིག་བྱེད་པའི་རྒྱུ་ཡི་ནོ།། འབྲུ་དེ་རྒྱུ་གང་ཡང་རུང་། ་ཚང་ན་འགྲུབ་པར་མི་འགྱུར་ཏེ། དེ་ལྟ་བས་ན་དེ་དག་ཐམས་ཅད་ཚོགས་པ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ།། སེར་པོ་དང་ལོ་ཏོག་ལ་གནོད་པ་བྱུང་བ་ལ་སོགས་པ་བར་དུ་གཅོད་པ་རྣམས་ནི་མི་མཐུན་པའི་རྒྱུ་ཡིནོ།། དེ ་དག་མེད་བར་དུ་གཅོད་པ་མེད་པ་ནི་མི་མཐུན་པ་མེད་པའི་རྒྱུ་ཡིནོ།། དེ་ལྟར་རྒྱུ་བཅུ་པོ་དེ་དོག་ནི་འབྲུ་བསྡུས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་དེ་ལས་གཞན་འཇིག་རྟེན་པའི་དངོས་པོ་དག་ལ་ཡང་ཅི་རིགས་པར་སྦྱར་བར་རིག་པར་བྱའོ། ་དེ་ལ་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་ཀྱི་མིང་དང་། འདུ་ཤེས་དང་ཚིག་ཏུ་བརྗོད་པ་འདི་ལྟ་སྟེ། མ་རིག་པ་དང་། འདུར་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་ནོས ་རྒྱས་པར་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདྲེ་བ་དང་། འཁྲུག་པ་ཞེས་བྱ་བ་འདི་ན་རཱི་ཤིག་ཀུན་ནས་ཉོན་མོངས་པའི་ཐ་སྙད་མ་རིག་པའི་རྐྱེན་གྱིས་འདུ ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྐེ་ཤི་ཞེས་བྱ་བ་ལ་སོགས་པའི་རྗེ་སུ་ཐ་སྙད་འདོགས་པའི་རྒྱུ་ཡི་ནོ།། ཡུལ་མྱོང་བ་ལ་ལྟོས་ནས་སྲིད་པའི་ཡན་ལག་འདི་དག་འཇུག་པ་དེ་ནི་དེའི་ཀུན་ནས་ཉོན་མོངས་པའི ་ལྟོས་པའི་རྒྱུ་ཡིནོ།། ཚེ་འདི་ལ་སྐྱེས་ཤིང་བྱུང་བའི་མ་རིག་པ་ལ་སོགས་པའི་ཆོས་རྣམས་ཀྱི་ས་བོན་གང་དགྲ་ཡིན་པ་དེ་དག་ནི་སྐྱེ་བ་དང་། རྒ་ཤིའི་འཕེན་པའི་རྒྱུ་ཡིནོ།། སྐྱེས་བུ་དམ་པ་མ་ཡིན་པ་ལ་བསྟེན་པ་དང་། དམ་པའི ་ཆོས་མ་ཡིན་པ་ཐོས་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། སྔོན་གོམས་པའི་འཕེན་པ་ནི་མ་རིག་པ་ལ་སོགས་པ་དག་འབྱུང་བའི་ཡོངསུ་འཛིན་པའི་རྒྱུ་ཡིན་ནོ།། མ་རིག་པ་ལ་སོགས་པའི་རང་རང་གི་ས་བོན་ནི ་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ།། མ་རིག་པ་ལ་སོགས་པ་སྲིད་པ་ལ་ཐུག་པ་དེ་དག་ནི་ཕྱི་མ་ཕྱི་མ་འདྲེན་ཅིང་གཅིག་ནས་གཅིག་ཏུ་བརྒྱུད་པས་ཚེ་གཞན་གྱི་སྐྱེ་བ་དང་། རྒ་ཤི་དེའི་འདྲེན་པའི་རྒྱུ་ཡིནོ།། མ་རིག་པ་ལ་སོགས ་པ་སྲིད་པའི་མཐར་ཐུག་པ་རང་གི་ས་བོན་རྣམས་དང་བཅས་པ་གཞན་དག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་དང་། གཞན་དག་དུད་འགྲོ་དང་། ཡོ་དགས་དང་། ལྷ་དང་མིར་འགྱུར་བ་དེ་ནི་ཀུན་ནས་ཉོན་མོངས་པའི་སོ ་སོར་ངེས་པའི་རྒྱུ་ཡིན་ནོ།། བལྟོས་པའི་རྒྱུ་ལ་སོགས་པ་སོ་སོར་ངེས་པའི་རྒྱུ་ལ་ཐུག་པ་ཡན་ཆད་རྒྱུ་དེ་དག་ཐམས་ཅད་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ།། ཀུན་ནས་ཉོན་མོངས་པ་དེའི་མི་མཐུན་པའི་རྒྱུ་ནི་རིགས་དང་ལྡན་པ ་དང་། སངས་རྒྱས་རྣམས་འབྱུང་བ་དང་། དམ་པའི་ཆོས་བསྟན་པ་དང་། སྐྱེས་བུ་དམ་པ་ལ་བསྟེན་པ་དང་། དམ་པའི་ཆོས་མཉན་པ་དང་། ཚུལ་བཞིན་ཡིད་ལ་བྱ་བ་དང་། ཆོས་ཀྱི་རྗེ་སུ་འཐུན་པའི་ཆོས་སྒྲུབ་པ་དང་། བྱང ་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད།། མི་མཐུན་པ་མེད་པའི་རྒྱུ་ནི་ཇི་སྐད་བསྟན་པའི་ཆོས་འདི་དག་ཉིད་མེད་པ་བྲལ་བ་ཉིད།། དེ་ལྟར་བཅུ་པོ་འདི་དག་གིས་སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན ་མོངས་པ་ཐམས་ཅད་རིག་པར་བྱའོ།། དེ་ལ་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ཐཾད་དང་། འགོག་པ་མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པའི་མིང་དང་། འདུ་ཤེས་དང་། ཚིག་ཏུ་བརྗོད་པ་གང་ཡིན་པ་དེ་ནི་རྣམ་པར་བྱང ་རྗེསུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ནས ་རྒྱས་པར་སྐྱེ་བ་འགགས་པས་རྒ་ཤི་འགགས་པའི་བར་དེ་དག་དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི་རྗེ་སུ་ཐ་སྙད་འདོགས་པའི་རྒྱུ་ཡིནོ།། དེ་ལ་འདུ་བྱེད་ཀྱི་ཉེས་དམིགས་ལ་བལྟོས་ནས་རྣམ་པར་བྱང་བ་ཚོལ་བ་དང་། རྣམ ་བར་བྱང་བ་ཡོངསུ་འཛིན་པ་དང་། རྣམ་པར་བྱང་བ་ཡོངསུ་གྲུབ་པ་གང་ཡིན་པ་དེ་ནི་དྲིའི་བལྟོས་པའི་རྒྱུ་ཡིན་ནོ།། གང་ཟག་རིགས་ལ་གནས་པའི་རིགས་དང་ལྡན་པ། ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ ་མེད་པ་འཐོབ་པའི་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་རྣམ་པར་བྱང་བ་འཕེན་པའི་རྒྱུ་ཡིནོ།། སྐྱེས་བུ་དམ་པ་ལ་བསྟེན་པ་དང་། དམ་པའི་ཆོས་མཉན་པ་དང་། ཚུལ་བཞིན་ཡིད་ལ་བྱ་བ་དང་། སྔོན་དབང་པོ་ཡོངསུ་སྨིན་པར་བྱས་པ་ནི ་ཡོངསུ་འཛིན་པའི་རྒྱུ་ཡིནོ།། རིགས་ཀྱིས་བསྡུས་པ་ན་ཟག་པ་མེད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ས་བོན་དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དེ་དག་གི་མངོན་པར་འགྲུབ་པའི་རྒྱུ་ཡིན།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་རང་གི ་ས་བོན་ལས་མངོན་པར་འགྲུབ་པ་དེ་དག་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རིམ་གྱིས་འདྲེན་པའི་རྒྱུ་ཡིནོ།། དེ་ལ་ཉན་ཐོས་ཀྱི་རིགས་གང་ཡིན་པ་དེ་ནི་ཉན ་ཐོས་ཀྱི་ཐེག་པས་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་བ་དང་། རང་སངས་རྒྱས་ཀྱི་རིགས་ནི་རང་སངས་རྒྱས་ཀྱི་ཐེག་པས་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་པ་དང་། ཐེག་པ་ཆེན་པོའི་རིགས་ནི་ཐེག་པ་ཆེན་པོས་ཡོངསུ ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ནི་རྣམ་པར་བྱང་བའི་སོ་སོར་ངེས་པའི་རྒྱུ་ཡིན།། བལྟོས་པའི་རྒྱུ་རྣམ་པར་བྱང་བའི་ཕྱོགས་གང་ཡིན་པ་ནས། སོ་སོར་ངེས་པའི་རྒྱུ་གང་ཡིན་པའི་བར་དེ་ནི་དེའི་ལྷན་ཅིག་བྱེད་པའི་རྒྱུ་ཞེས ་བྱའོ།། རིགས་དང་མི་ལྡན་པ་དང་། སངས་རྒྱས་མི་འབྱུང་བ་དང་། མི་ཁོམ་པར་སྐྱེས་པ་དང་། སྐྱེས་བུ་དམ་པ་མ་ཡིན་པ་ལ་བསྟེན་པ་དང་། དམ་པའི་ཆོས་མ་ཡིན་པ་མཉན་པ་དང་། ཚུལ་བཞིན་མ་ཡིན་པ ་ཡིད་ལ་བྱེད་པ་དང་། ལོག་པར་སྒྲུབ་པ་ནི་མི་མཐུན་པའི་རྒྱུ་ཡིནོ།། མི་མཐུན་པའི་རྒྱུ་དེ་ཉིད་མེད་པ་དང་བྲལ་བ་ཉིད་གང་ཡིན་པ་དེ་ནི་མི་མཐུན་པ་མེད་པའི་རྒྱུ་ཞེས་བྱའོ།། དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་མི་མཐུན་པའི ་རྒྱུ་གང་ཡིན་པ་དེ་ནི་རྣམ་པར་བྱུང་བའི་རྒྱུ་ཡིན་པར་ལྟ་བར་བྱའོ།། རྣམ་པར་བྱང་བའི་ཕྱོགས་ལ་མི་མཐུན་པའི་རྒྱུ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པར་བལྟ་བར་བྱའོ།། དེ་ལྟར་རྒྱུ་བཅུ་པོ་དེ་དག ་གིས་ཀུན་ནས་ཉོན་མོངས་པར་འགྱུར་ལ། བཅུ་པོ་དེ་དག་ཉིད་ཀྱིས་རྣམ་པར་བྱང་བར་འགྱུར་ཏེ། འདས་པའི་དུས་ན་བྱུང་བ་དང་། མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བའི་རྒྱུ ་བཞན་ནི་འདི་ལས་གོང་ན་ཡང་མདོ།། འདི་ལས་ལྷག་པ་ཡང་མེདདོ།། འདི་ལ་འབྲས་བུ་གང་ཞེ་ན། མདོར་བསྡུ་ན་འབྲས་བུ་ནི་ལྔ་སྟེ། རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུ་དང ་སྐྱེས་བུ་བྱེད་པའི་འབྲས་བུ་དང་། བདག་པོའི་འབྲས་བུའོ།། མི་དགེ་བའི་ཆོས་རྣམས་ནི་རྣམ་པར་སྨིན་པ་ངན་སོང་དག་ཏུ་རྣམ་པར་སྨིན་པར་འགྱུར་བ་དང་། དགེ་བ་ཟག་པ་དང་བཅས་པ་རྣམས་ཀྱི་བདེ་འགྲོར་རྣམ་པར་སྨིན་པར ་འགྱུར་བ་དེ་ནི་རྣམ་པར་སྨིན་པའི་འབྲས་བུའོ།། མི་དགེ་བ་ལ་གོམས་པས་མི་དགེ་བ་ལ་དགའ་ཞིང་མི་དགེ་བ་མང་བར་གནས་པ་དང་། དགེ་བ་ལ་གོམས་པས་དགེ་བ་ལ་དགའ་ཞིང་དགེ་བ་མེང་བ་དང་། སྔོན་གྱི་ལས་དང་མཐུན ་པས་ཕྱིས་འབྲས་བུ་རྗེ་སུ་མཐུན་པ་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུ་ཡིནོ།། འཕགས་པའི་ལམ་ཡན་ལག་བརྒྱད་པོས་ཉོན་མོངས་པ་འགོག་པ་ནི་བྲལ་བའི་འབྲས་བུའོ།། སོ་སོའི་སྐྱེ་བོ་རྣམས་ཀྱི་འཇིག་རྟེན་པའི ་ལམ་གྱིས་ཉོན་མོངས་པ་འགོག་པ་གང་ཡིན་པ་དེ་ནི་གཏན་དུ་རྗེ་སུ་འཇུག་པ་ཡིན་ཏེ། དེ་ལྟ་བས་ན་དེ་ནི་བྲལ་བའི་འབྲས་བུ་མ་ཡིནོ།། ཚེ་འདི་ལ་ལ་ལ་གཟོ་དང་ལས་ཀྱི་གནས་གང་ཡང་རུང་བ་ལ་བརྟེན་ནས། སྐྱེས་བུ་བྱེད ་པས་ཡང་ན་ཞིང་རྨེད་པ། ཡང་ན་ཚོང་བྱེད་དམ། ཡང་ན་རྒྱལ་པོའི་ཞ་འབྲིང་བྱེད་དམ། ཡི་གེ་དང་། རྩིས་དང་། ཤོང་རྒོད་པ་དང་། བགྲང་བ་དང་། ལག་རྩིས་ཀྱི་ལོ་ཏོག་ལ་སོགས་པ་དང་། རྙེད་པ་ལོ་སོགས་པའི ་འབྲས་བུ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་སྐྱེས་བུའི་བྱེད་པའི་འབྲས་བུ་ཞེས་བྱའོ།། མིག་གི་རྣམ་པར་ཤེས་པ་ནི་མིག་གི་དབང་པོའི་བདག་པོའི་འབྲས་བུའོ།། དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་དབང་པོ་ཡིནོ།། ་དེ་བཞིན་དུ་སྲོག་དང་མ་བྲལ་བ་ནི་སྲོག་གི་དབང་པོ་ཡིནོ།། དེ་ལྟར་ན་དབང་པོའི་ཉི་ཤུ་རྩ་གཉིས་པོ་ཐམས་ཅད་ཀྱི་སོ་སོའི་དབང་གིས་འབྲས་བུ་གང་གྲུབ་པ་དེ་ནི། བདག་པོའི་འབྲས་བུ་ཡིན་པར་རིག་པར་བྱའོ།། དབང་པོ་ཉི་ཤུ ་རྩ་གཉིས་པོ་རྣམས་ཀྱི་དབང་པོ་དེ་ནི་འདི་ལྟ་སྟེ། བཞི་བསྡུ་བ་ལས་རིག་པར་བྱའོ།། དེ་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་གསུང་རབ་རྒྱུ་དང་འབྲས་བུ་ཡང་དག་པར་སྟོན་པའི་རྣམ་པར་རྟོགས་ནས་གནས་དང་གནས་མ ་ཡིན་པ་ཤེས་པའི་སྟོབས་ཀྱི་རིགས་ཀུན་ཏུ་བསྟེན་པའི་རྒྱུས་རིམ་གྱིས་རྣམ་པར་དག་པར་བྱེད་ཅིང་རྣམ་པར་འཕེལ་བར་བྱེད།། མ་བྱས་པ་དང་། གཞན་གྱིས་བྱས་པ་ནི་སུ་ལ་ཡང་རྣམ་པར་སྨིན་པར་མི་འགྱུར་ལ། བྱས ་པ་དང་བདག་གིས་བྱས་པའི་ལས་རྣམས་ནི་འབྲས་བུ་འབྱིན་ཅིང་བསྐལ་པ་བརྒྱར་ཡང་ཆུང་ཟ་བར་མི་འགྱུར་རོ།། དེ་བཞིན་དུ་མ་བྱས་པ་དང་། ཕྲད་པར་མི་འགྱུར་བ་དང་། བྱས་པ་ཆུང་མི་ཟླ་བ་སངས ་རྒྱས་ཀྱི་གསུང་རབ་བསྟན་པ་ཡང་བྱང་ཆུབ་སེམས་དཔས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་ནས། ལས་བདག་གིར་བྱ་བ་ཤེས་པའི་སྟོབས་ཀྱིས་རིགས་རིམ་གྱིས་རྣམ་པར་དག་པར་བྱེད་ཅིང་རྣམ་པར་འཕེལ་བར་བྱེདདོ།། དེ ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཐོས་པ་ཚོལ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གུས་པ་ཆེན་པོས་ཉེ་བར་གཞག་ནས་ལེགས་པར་གསུངས་པ་ལེགས་པར་བསྙད་པའི་ཆོས་ཚོལ་ཏེ། དེ་ནི་མདོར་ན་འདི་བུའི་ཚུལ་གྱིས ་ཀྱང་ལེགས་པར་གསུངས་པ་ལ་གུས་པ་ཉེ་བར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ལེགས་པར་གསུངས་པ་གཅིག་མཉན་པའི་ཕྱིར་ཡང་གལ་ཏེ་དེ་ལྟར་མ་བྱས་ན་ལེགས་པར་གསུངས་པ་ཐོས་པར་མི་འགྱུར་བ ་ལྟ་ན་ལྕགས་ཀྱི་ས་གཞ་ཚ་ཞིང་འབར་བ་ལ་ཡང་མཆོག་ཏུ་དགའ་བ་དང་། གུས་པའི་མཆོག་གིས་འགྲོ་བར་བྱེད་ན། ལེགས་པར་གསུངས་པ་མང་པོའི་ཕྱིར་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའི་ལུས་ཀྱི་ཡོ་བྱད་ཟས ་དང་། སྐོམ་ལ་སོགས་པ་གཞན་དག་ལ་ལྟ་ཅི་སྨོས་ཀྱི། བདག་གི་ལུས་ཀྱི་ཁོག་པ་ལ་དགའ་བ་དང་། གུས་པ་གང་ཡིན་པ་དང་། ལེགས་པར་གསུངས་པ་མཉན་པ་ལ་དགའ་བ་དང་། གུས་པ་གང་ཡིན་པ ་ལས་དགའ་བ་དང་། གུས་པ་སྔ་མ་ནི་དགའ་བ་དང་། གུས་པ་ཕྱི་མ་དང་། སྦྱར་ན་བརྒྱའི་ཆར་ཡང་མི་ཕོ་དོ།། སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། རྒྱུར་ཡང་མི་ཕོད་དོ།། དེ་དེ་ལྟར་ལེགས་པར་གསུང། ་པ་ལ་གུས་པར་གྱུར་ནས། ལེགས་པར་གསུངས་པ་ཉན་པ་ན་སྐྱོ་བར་ཡང་མི་འགྱུར། ཆོག་ཤེས་པར་ཡང་མི་འགྱུར་ཏེ། དད་པ་དང་ལྡན་ཞིང་དད་པ་མང་བ་དང་། རྒྱུ་དེ་མཉེན་ཅིང་གྲང་བ་དང་། ལྟ་བ་དྲང་པོ་ཡིནོ།། ་དེ་ཡོན་ཏན་འདོད་པས་ཆོས་སྨྲ་བའི་ཐུ་དུ་འགྲོ་བར་བྱེད་ཀྱི། ཀླན་ཀ་ཚོལ་བའི་སེམས་ཀྱིས་ནི་མ་ཡིན།། གུས་པ་དང་བཅས་པས་འགྲོའི་ང་རྒྱལ་གྱིས་ཁེངས་པས་ནི་མ་ཡིནོ།། དགེ་བ་ཇི་ལྟ་བུ་ཞིག་བཙལ་སྙམ་པས་འགྲོའི ་བདག་ཉིད་བསྒྲགས་པའི་ཕྱིར་ནི་མ་ཡིནོ།། བདག་དང་གཞན་དག་དགེ་བྱའི་རྩ་བ་ལ་ཡང་དག་པར་སྦྱོར་བར་བྱའོ་སྙམ་གྱི་རྙེད་པ་དང་བཀུར་སྟིའི་ཕྱིར་མ་ཡིནོ།། དེ་དེ་ལྟར་འགྲོ་བ་དང་ལྡན་པས་ཀུན་ནས་ཉོན་མོངས་པ་མེད་པ་དང་།། ་རྣམ་པར་གཡེང་བ་མེད་པར་ཆོས་ཉན་ཏོ།། ཇི་ལྟར་ཀུན་ནས་ཉོན་མོངས་པ་མེད་པར་ཉན་ཅེ་ན། ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང་། ཁྱ་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང་།། ཞུམ ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བས་སོ།། དེ་ལ་རྣམ་པ་དྲུག་གིས་ནི་ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར། རྣམ་པ་བཞིས་ནི་ཁྱད་བསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར། རྣམ ་བཱ་གཅིག་གིས་ནི་ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ་དུས་ཉན་པ་དང་། བཀུར་སྟི་བྱེད་པ་དང་། སྲིད་ཞུ་བྱེད་པ་དང་། མི་ཁྲོ་བ་དང་། རྗེསུ་སྒྲུབ་པ་དང་། ཀླན་ཀ་མི་ཚོལ་བྱ ་དང་། རྣམ་པ་དྲུག་པོ་དེ་དག་གིས་ནི་ཁེངས་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུརརོ།། ཆོས་ལ་གུས་པ་ཉེ་བར་གཞག་པ་དང་། ཆོས་སྨྲ་བའི་གང་ཟག་ལ་གུས་པ་དང་ཉེ་བར་གཞག་པ་དང་། ཆོས་ལ་ཁྱདདུ་མི་གསོད ་པ་དང་། ཆོས་སྨྲ་བའི་གང་ཟག་ལ་ཁྱ་དུ་མི་གསོད་པ་དང་། རྣམ་པ་བཞི་པོ་དེ་དག་གིས་ནི་ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་ཉནོ།། བདག་ཉིད་ལ་ཁྱ་དུ་མི་གསོད་པར་ཉན་པར་བྱེའོ།། རྣམ་པ་གཅིག་པོ་འདིས ་ཞུམ་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་བྱེད། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཀུན་ནས་ཉོན་མོངས་པ་མེད་པར་ཆོས་ཉན་པ་ཡིན།། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམ་པར་མི་གཡེང་བར་ཆོས་ཉན་ཅེ་ན། རྣམ ་པོ་ལྔ་སྟེ། ཀུན་ཤེས་པར་བྱ་བའི་སེམས་དང་ལྡན་པ་དང་། སེམས་རྩེ་གཅིག་པ་དང་། རྣ་བླགས་པ་དང་། ཡིད་བཏུད་པ་དང་། སེམས་ཀུན་གྱིས་བསམས་ནས་ཆོས་ཉན་པ་ཉན་ནུས་ཏེ། བྱང་ཆུབ་སེམས་དཔའ་ནི ་དེ་ལྟར་ཐོས་པ་ཚོལ་བར་བྱེའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་ཐོས་པ་ཚོལ་བར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་ཀྱི་ནན་ཏན་གྱིས་ཡང་དག་པར་སྒྲུབ་པར་བྱ་བའི་ཕྱིར་དང་། གཞན་དག་ལ་ཡང ་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་བཀའ་ཡོངསུ་ཚོལ་བར་བྱེད།། བྱང་ཆུབ་སེམས་དཔའ་ནི་གཏན་ཚིགས་ཀྱི་རིགས་པ་ཚོལ་བར་བྱེད། བསྟན་ཆོས་དེ་ཉིད་ལ་ཉེས་པ་བཤད་པ་དང་། ཉེས་པར་བརྗོད ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པར་བྱ་བའི་ཕྱིར་དང་། ཕས་ཀྱི་རྒོལ་བ་ཚོར་བཅད་པའི་ཕྱིར་དང་། བསྟན་པ་འདི་ལ་མ་དང་བུ་རྣམས་དད་པར་བྱ་བའི་ཕྱིར་ངོང་། དད་པ་རྣམས་ཀྱང་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིརརོ།། བྱུང ་ཆུབ་སེམས་དཔའ་ནི་སྤུའི་རིག་པོ་ཚོལ་བར་བྱེད། ཚིག་དང་ཡི་གེ་ངེས་པའི་ཚིག་བཟང་པོ་སྤྱོད་པས་ལེགས་པར་སྦྱར་ཏེ། བརྗོད་པ་ལ་མོས་པ་རྣམས་བདག་ལོ་ཡིད་ཆེས་བྱ་བསྐྱེད་པའི་ཕྱིརརྱ་དང་། དོན་གཅིག་ལ་ཡང་ངེས་པའི ་ཚིག་རྣམ་པ་སྣ་ཚོགས་ཀྱིས་རྗེ་སུ་ཐ་སྙད་གདགས་པ་ལ་འཇུག་པར་བྱ་བའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་ནི་གསོ་བའི་བསྟན་ཆོས་འཆོལ་བར་བྱེད་དེ། སེམས་ཅན་རྣམས་ཀྱི་ནད་རྣམ་པ་སྣ་ཚོགས་རྣམ་པར་ཞི་བར་བྱ་བའི་ཕྱིར་དང་། ་སྐྱེ་བོའི་ཚོགས་ཆེན་པོ་ལ་ཕན་གདགས་པར་བྱ་བའི་ཕྱིར།། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པའི་བཟོ་དང་། ལས་ཀྱི་གནས་ཤེས་པ་རྣམས་ཚོལ་བར་བྱེད།། སེམས་ཅན་རྣམས་ཀྱི་དོན་དུ་ཚེགས་ཆུ་དུས་ལོངས་སྤྱོད་སྒྲུབ་པའི་ཕྱིར། ་དོང་། སེམས་ཅན་རྣམས་ཀྱིས་གཅེས་པར་བྱ་བ་བསྐྱེད་པའི་ཕྱིར་དང་། གཟོ་དང་ལས་ཀྱི་གནས་ཤེས་པ་སྦྱིན་པའི་ཕན་འདོགས་པས་བསྡུས་པའི་ཕྱིར།། བྱང་ཆུབ་སེམས་དཔས་རིག་པའི་གནས་ལྔ་པོ་འདི་དག་ཐམས་ཅད་ཚོལ ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་ཏེ། ཐམས་ཅད་ལ་དེ་ལྟར་མ་བསླབས་ན་རིམ་གྱིས་ཐམས་ཅང་མཁྱེན་པའི ་ཤེས་སྒྲིབ་པ་མེད་པ་ཐོབ་པར་མི་འགྱུརརོ།། བྱང་ཆུབ་སེམས་དཔའ་གང་ཚེ་ལོ་བ་དང་། ཇི་ལྟར་ཚོལ་བ་དང་། གང་གི་ཕྱིར་ཚོལ་བ་དོ་ན་བཤོད་ཟིན་ཏོ།། དེ་ལ་བྱང་ཆུབ་སེམས་དཔས་གཞན་དག་ལ་ཅི་ཞིག་སྟོན་ཅིང་ཇི་ལྟར་སྟོན།། ་ཅིའི་ཕྱིར་སྟོན་ཅེ་ན། དེ་ལ་གང་བཙལ་བ་དེ་ཉིད་སྟོན་ཏོ།། གང་གི་ཕྱིར་བཙལ་བ་དེ་ཉིད་ཀྱི་ཕྱིར་གཞན་དག་ལ་སྟོན་ཏོ།། རྣམ་པ་གཉིས་ཀྱིས་སྟོན་ཏེ། མཐུན་པའི་ཕྱིར་གཏམ་བརྗོད་པ་དང་། ཡོངསུ་དག་པསོ།། དེ་ལ་ཇི་ལྟར ་མཐུན་པའི་གཏམ་བརྗོད་ཅེ་ན། སྤྱོད་ལམ་གྱི་ཚུལ་དང་། མཐུན་པའི་གནས་པ་ལ་སྟོན་གྱི། ཚུལ་དང་མི་མཐུན་པ་ལ་མ་ཡིན་ཏེ། མི་ན་བུར་སྟན་ཆེས་མཐོ་བ་ལ་འདུག་པ་ལ་མ་ཡིན། མགོ་གཡོགས་པ་ལ་མ་ཡིན། མདུན ་དུ་འགྲོ་བ་ལ་མ་ཡིན་ཏེ། རྒྱས་པར་མདོ་ལས་ཇི་སྐད་བྱུང་བ་བཞིན་དུ་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་མ་ཡིན་པའི་ཕྱིར་ཏེ། ཆོས་ལ་བཀུར་སྟི་བྱས་ན་གཞན་དག ་ཀྱང་ཤས་ཆེར་ཆོས་ལ་གུས་པ་བསྐྱེང་བར་འགྱུར་ལ། ཉན་པའི་ཚེ་ཡང་གུས་པ་བསྐྱེད་པར་འགྱུར་ལ། ཉན་པའི་ཚེ་ཡང་གུས་པོར་བྱེད་ཅིང་ཁྱད་དུ་གསོད་པར་མི་བྱེད།། ཆོས་ལ་སེར་སྣ་མི་བྱེད་པ་དང་། ཆོས་རྣམས་ལ ་སློབ་དཔོན་གྱིས་དཔེ་མཁྱུད་མེད་པར་ཐམས་ཅད་ལ་སྟོན་ཅིང་རྒྱུན་མི་འཆད་པར་ཐམས་ཅད་ལ་སྟོན་ཏོ།། ཚིག་དང་ཡི་གེ་གོ་རིམ་བཞིན་དུ་སྟོན་ཅིང་། ཚིག་དང་ཡི་གེ་གོ་རིམ་བཞིན་དུ་བསྟན་ནས་ཀྱང་། གྲོ་རིམ་ཁོ་ན་བཞིན་དུ་དོན་རྣམ་པར ་འབྱེདའོ།། ཆོས་ཀྱང་དོན་དང་ལྡན་པ་དང་། དོན་ཡང་ཆོས་དང་ལྡན་པར་སྟོན་ཅིང་འཆད་ཀྱི། དོན་དང་མི་ལྡན་པ་ནི་མ་ཡིན་ནོ།། ཡང་དག་པར་བསྟན་པར་འོས་པ་རྣམས་ལ་ནི་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ ་གཞུག་པར་འོས་པ་རྣམས་ལ་ནི་ཡང་དག་པར་འཛིན་དུ་འཇུག། ཡང་དག་པར་གཟེངས་བསྟོད་པར་འོས་པ་རྣམ་ལ་ནི་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱ་བར་འོས་པ་རྣམས་ལ་ནི། ཡང་དག་པར་དགའ་བར ་བྱེ།། མངོན་སུམ་དང་། རྗེསུ་དཔག་པ་དང་། ཡིད་ཆེ་ས་པའི་ལུང་དང་ལྡན་པའི་གཏམ་བྱེད་ཀྱི། ཚད་མ་དང་ནི་ལྡན་པ་ནི་མ་ཡི་ནོ།། ཁང་འགྲོར་འགྲོ་བ་དང་། མཐུན་པོ་དང་། འཇུག་སླ་ཞིང་ཀླགས་དཀའ་བ་མ་ཡིན་པས ་རྣམ་པར་མ་འཁྲུགས་པ་དང་། འཕགས་པའི་བདེན་པ་བཞི་དང་ལྡན་པ་ལ་ཡ་།། འཁོར་ཐོམས་ཅད་འཁོར་གང་ལ་གཏམ་གང་བྱ་བྱར་འོས་པ་དེ་ཉིད་ལ་གཏམ་གང་བྱ་དར་འོས་པ་ཉིད་ལ་གཏམ་དེ་བྱེད། བྱང་ཆུབ་སེམས ་དཔའ་རྣམས་ཀྱི་གཏམ་ནི་རེ་ཞིག་རྣམ་པ་བཅོ་ལྔ་པོ་དེ་དག་གིས་སེམས་ཅན་རྣམས་ལ་གཞན་གྱི་དོན་ཐམས་ཅད་ལ་མཐུན་པ་ཡིན་པར་བྱའོ།། ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གནོད་པ་བྱེད་པ་དོག་ལ་ནི་བྱམས་པའི ་སེམས་ཉེ་བར་གཞག་སྟེ་གཏམ་བྱེད།། སེམས་ཅན་ཉེས་པར་སྤྱོད་པ་རྣམས་ལ་ནི་ཕན་པའི་སེམས་ཉེ་བར་གཞག་སྟེ་གཏམ་བྱེདདོ།། སེམས་ཅན་སྐྱིད་པ་དང་། སྡུག་བསྔལ་པ་དང་། ངག་མེད ་པ་རྣམས་དང་། ཞུམ་པ་རྣམས་ལ་ཕན་པ་དང་། བདེ་བ་དང་སྙིང་བརྩེ་བའི་སེམས་ཉེ་བར་གཞག་སྟེ་གཏམ་བྱེདདོ།། ཕྲག་དོག་གིས་ཀུན་ནས་དཀྲིས་པའི་དབང་དུ་བྱས་ཏེ། བདག་ལ་བསྟོད་པར་མི་བྱེད། གཞན་ལ་སློད ་པར་མི་བྱེད།། ཟང་ཟིང་མེད་པའི་སེམས་ཀྱིས་རྙེད་པ་དང་། བཀུར་སྟི་དང་ཚིགསུ་བཅད་པ་ལ་མི་རེ་བར་གཞོན་དག་ལ་ཆོས་སྟོན་ཏེ། བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔ་པོ་དག་གིས་ཡོངསུ་དག་པའི་གཏམ་བྱེད།། ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་ཉི་ཤུར་འགྱུར་ཏེ། དུས་དང་། བཀུར་སྟི་དང་། གོ་རིམས་དང་། མཚམས་སྦྱོར་བ་དང་། རྗེ་སུ་འཐུན་པ་དང་། དགའ་བར་བྱེད་པ་དང་། འདོད་པར་བྱེད་པ་དང་། མགུ་བར་བྱེད་པ་དང་། ་སྤྲོ་བར་བྱེད་པ་དང་། སྨ་མི་འབེབས་པ་དང་། རིག་པ་དང་། འཚམ་པ་དང་། མ་འདྲེས་པ་དང་། ཆོས་དང་ལྡན་པ་དང་། འཁོར་བ་ཇི་ལྟ་བ་དང་། བྱམས་པའི་སེམས་དང་། ཕན་པའི་སེམས་དང་། སྙིང་རྩེ་བཱི ་སེམས་དང་། རྙེད་པ་དང་བཀུར་སྟི་དང་ཚིག་སུ་བཅད་པ་ལས་མི་གནས་པ་དང་། བདག་ལ་མི་སྟོང་གཞན་ལ་མི་སྨོད་པ་སྟེ། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་གཞན་དག་ལ་ཆོས་སྟོན་པར་བྱའོ།། དེ་ལ་བྱང་ཆུབ ་སེམས་དཔའ་ཆོས་ཀྱི་རྗེསུ་མཐུན་པའི་ཆོས་བསྒྲུབ་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ། ཇི་ལྟར་ཡོངསུ་བཙལ་བ་དང་། ཇི་ལྟར་གཟུང་བའི་ཆོས་དེ་དག་ཉིད་ལུས་དང་ངག་དང་ཡིད་ཀྱིས་རྗེསུ་བསྒྲུབ་པ་དང་། ་གས་པར་སེམས་པ་དང་། སྒོམ་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་ཆོས་གང་དག་ལུས་དང་ངག་དང་ཡིད་ཀྱིས་བྱེ་དུ་མ་གནང་བ་དག་དང་། གང་དག་ལུས་དང་ངག་དང་ཡིད་ཀྱིས་བྱེ་དུ་མ་གནང་པོ་ལུས་དང་དགྲ ་དུདང་ཡིད་ཀྱི་ལས་དེ་ཁོ་ན་བཞིན་དུ་ཡོངསུ་སྤོང་བ་དང་། སོ་སོར་སྟེན་ཅིང་ཡང་དག་པར་སྡུད་ལ། ལུས་དང་ངག་དང་ཡིད་ཀྱིས་རྗེསུ་སྒྲུབ་པ་ནི་ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་སྒྲུབ་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི ་ལེགས་པར་སེམས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཇི་སྐད་ཐོས་པའི་ཆོས་རྣམས་བསམས་པར་འདོད་པ་དང་། གཞལ་བར་འདོད་པ་དང་། ཉེ་བར་འདོད་པ་དང་།། ཉེ་བར་བརྟག་པོར་འདོད་པ་ནི་གཅིག ་བུ་དབེན་པར་སོང་སྟེ། ཐོག་མ་ཁོ་ནར་བསམ་པར་བྱ་བ་མ་ཡིན་པའི་གནས་རྣམས་སྤངས་ནས། ཆོས་རྣམས་བསམ་པ་བརྩོན་པར་བྱེད།། རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའི་སྦྱོར་བས་རྒྱུན་དུ་སེམས་པར་བྱེད། ་ལྷོད་པར་མི་བྱེད།། བྱང་ཆུབ་སེམས་དཔའ་སེམས་པ་ལ་ཞུགས་པ་ནི། ལ་ལ་ལ་ནི་རིགས་པས་དཔྱད་ཅིང་རྗེསུ་འཇུག་པར་བྱེད།། ལོ་ལ་ལ་ནི་མོས་པོ་ཁོ་ནར་བྱེད།། སེམས་པ་ན་ཡང་དོན་ལ་རྟོན་པར་བྱེད་ཀྱི། ཚིག་འབྲུ ་ལ་རྟོན་པ་མ་ཡིནོ།། ནག་པོ་བསྟན་པ་དང་། ཆེན་པོ་བསྟན་པ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། ཐོག་མ་འཇུག་པ་ནས་ཀྱང་སེམས་པ་ལ་འཇུག།། ཞུགས་ནས་ཀྱང་ཡང་དང ་ཡང་དུ་ཡིད་ལ་བྱེད་པས་སྙིང་པོ་ཉིད་ཐོབ་པར་བྱེདདོ།། བྱང་ཆུབ་སེམས་དཔའ་བསམ་པར་བྱ་བ་མ་ཡིན་པ་སྤོང་བ་ན་རྨོངས་པ་དང་སེམས་གཡེང་པར་མི་འགྱུརརོ།། རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་སྦྱོར་བས་རྒྱུན་ཏུ་སེམས ་བར་བྱེད་ན་སྔོན་མ་གཏོགས་པའི་དོན་ཁོངསུ་ཆུད་ཅིང་ཐོབ་པར་འགྱུར་ལ། རྟོགས་ཤིང་ཐོབ་པར་འགྱུར་བའི་དོན་ཡང་ཆུད་ཟ་བར་མི་འགྱུར་ཏེ། བརྗེད་པར་མི་འགྱུར་རོ།། ལོ་ལ་ནི་རིགས་པས་རྣམ་པར་དབྱེ་ཞིང་བརྟགས་ན་རིགས ་པའི་བརྟགས་པའི་ཆོས་དེ་དག་ལ་གཞན་གྱི་དྲིང་མི་འཇོག་པར་འགྱུརརོ།། ལ་ལ་ཞིག་མོས་པའི་ཚེ་ཆོས་ཟབ་མོ་གང་དག་ལ་དེའི་བློ་འཇུག་པར་མ་གྱུར་ན་ཡང་ཆོས་དེ་དག་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡིན་གྱི། བདག་གི་བློའི་སྤྱོད ་མ་ཡིན་ཞེས་དེ་ལྟར་དེས་དེ་དག་མི་སློང་ན་བདག་ཉིད་མ་སྨྲས་མ་ཉམས་པར་བསྲུང་ཞིང་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་ན་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོངས ་ཏེ་གསུངས་པ་ཐམས་ཅད་ཀྱི་རྗེསུ་འཇུག་པར་འགྱུརརོ།། བྱང་ཆུབ་སེམས་དཔའ་ནག་པོ་བསྟན་པ་དང་། ཆེན་པོ་བསྟན་པ་ལ་མཁས་པ་ནི་དེ་ཁོ་ནའི་དོན་ལ་སུས་ཀྱང་རྣམ་པར་བསྐྱོད་པ་འམ། རྣམ་པར་བསྐུལ་བར་ཇི་ལྟར ་ཡང་མི་ནུསོ།། བྱང་ཆུབ་སེམས་དཔའ་ཐོག་མ་ནས་སེམས་པ་ལ་འཇུག་པ་བཟོད་པ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་དེ་ཉིད་སྙིང་པོར་བྱེད་པ་ནི་སྒོམ་པ་ལ་རྗེ་སུ་འཇུག་པ་སྟེ། བསམ ་བར་བསྡུས་པ་རྣམ་པ་བརྒྱད་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་སྒྲུབ་པ་ལ་ཞུགས་པ་ཡིན།། སྒོམ་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། ཞི་གནས་དང་། ལྷག ་མཐོང་དང་། ཞི་གནས་དང་ལྷག་མཐོང་ལ་གོམས་པ་དང་། ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བའོ།། དེ་ལ་ཞི་གནས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པ་བརྒྱད་པོ་དག ་ཤིན་ཏུ་རྫོགས་པའི་ཕྱིར་བརྗོད་དུ་མེད་པའི་དངོས་པོ་ཙམ་དང་། དོན་ཙམ་གྱི་དམིགས་པ་ལྔ་སེམས་པ་ངེས་པར་གཏད་ནས། སྤྲོས་པ་ཐམས་ཅད་དང་བྲལ་བ་དང་། སེམས་ཡོངསུ་གཡེང་བ་ཐམས་ཅད་དང་བྲལ་བའི་འདུ ་ཤེས་ཡིད་ལ་བྱེད་པས་དམིགས་པ་ཐམས་ཅད་ལ་མྱོས་པས་ན། ནུང་གཱི་ཏིང་འཛིན་གྱི་མཚན་མ་རྣམས་ལ་སྙེམས་འཇོག་པར་བྱེད་པ་དང་། ཡང་དག་པར་འཇོག་པར་བྱེད་པ་ནས། རྒྱས་པར་རྒྱུད་གཅིག་ཏུ་བྱེད་པ་དང་། ་ཏིངེ་འཛིན་དུ་ཁྱོད་རྩེ་གཅིག་ཏུ་བྱེད་ཅིང་མཉམ་པར་འཇོག་པའི་བར་འདི་ནི་ཞི་གནས་ཞེས་བྱའོ།། ལྷག་མཐོང་གང་ཞེ་ན། ཞི་གནས་ཡོངསུ་བསྒོམས་པའི་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་ཇི་ལྟར་བསམ་པའི་ཆོས་དེ་དག ་ཉིད་ཀྱི་མཚན་མ་ཡིད་ལ་བྱེད་ཅིང་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ནས། རྒྱས་པར་མཁས་པ་དང་། ཤེས་རབ་ཀྱི་འཇུག་པའི་བར་གང ་ཡིན་པ་འདི་ནི་ལྷག་མཐོང་ཞེས་བྱའོ།། ཞི་གནས་དང་། ལྐོག་མཐོང་ལ་གོམས་པ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་ལ་རྟག་ཏུ་སྦྱོར་ཞིང་གུས་པར་སྦྱོར་བ་གང་ཡིན་པའོ།། ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ ་བ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་གི་མཚན་མ་དེ་དག་གཉིས་ལས་སེམས་མི་གཡོ་ལ་རང་གི་ངང་གིས་མངོན་པར་འདུ་ཤེས་པ་མེད་པར་འཇུག་ཅིང་གནས་པ་དང་། སྡུད་ཅིང་མྱི་འཕྲོ་བ་གང་ཡིན་པ་འདི་ནི་ཞི་གནས་དང་། ་ལྷག་མཐོང་ལ་མངོན་པར་དགའ་བ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་ཇི་ལྟར་ཞི་གནས་དང་ལྷག་མཐོང་ལ་གོམས་པར་བྱེད་པ་དེ་ལྟ་དེ་ལྟར་ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བར་གནས་པར་འགྱུར།། ་ཇི་ལྟ་ཇི་ལྟར་ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བ་གནས་པ་དེ་ལྟ་དེ་ལྟར་ཞི་གནས་དང་ལྷག་མཐོང་ཡོངསུ་དག་པར་འགྱུར་རོ།། ཇི་ལྟ་ཇི་ལྟར་ཞི་གནས་རྣམ་པར་དག་པ་དེ་ལྟ་དེ་ལྟར་ལུས་ཤིན་ཏུ་སྦྱངས་པ་དང་། ་སེམས་ཤིན་ཏུ་སྦྱངས་པ་ཆེ་བ་དང་། འཕེལ་བ་དང་རྒྱས་པར་འགྱུརརོ།། ཇི་ལྟ་ཇི་ལྟར་ལྷག་མཐོང་རྣམ་པར་དག་པ་དེ་ལྟ་དེ་ལྟར་ཡེ་ཤེས་མཐོང་བ་ཆེ་བ་དང་འཕེལ་བ་དང་རྒྱས་པར་འགྱུརརོ།། བསྒོམ་པའི་བྱ་བ་ནི་འདི ་ཟད་དེ། འདི་ལྟ་སྟེ། རྟེན་ལ་ཡོད་པའི་གནས་ངན་ལེན་བསལ་བར་བྱ་བ་དང་། ཤེས་བྱ་ཐམས་ཅད་ལ་ཡང་ཡེ་ཤེས་མཐོང་བ་རྣམ་པར་དགུ་པ་དུ་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་བསྒོམ་པ་མས་དེ་དག་རྣམས ་ཅད་ཀྱང་བསྒོམ་པ་རྣམ་པ་བཞི་པོ་འདིས་འགྲུབ་པར་འགྱུརརོ།། གདམས་ངག་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་གང་དྲུག་ལ་འདོམས་པར་འདོད་པ ་འམ། བྱང་ཆུབ་སེམས་དཔའ་གཞན་ནུམ། དེ་བཞིན་གཤེགས་པ་དེ་ལ་འདོམས་པར་མཛད་པ་གང་ཡང་རུང་སྟེ། དེས་ཐོག་མ་ཉིད་དུ་ཏིང་འཛིན་ལ་བརྟེན་ཏམ། འགྲོགས་པའི་རྒྱུས་སེམས་བཙལ་ནས་མཁྱེན ་ཏོ།། སེམས་བཙལ་ནས་དབང་པོ་བཙལ་ཏེ་མཁྱེན་ཏོ།། དབང་པོ་བཙལ་ནས་བསམ་པ་བཙལ་ཏེ་མཁྱེན་ཏོ།། བསམ་པ་བཙལ་ནས་བག་ལོ་ཉལ་བཙལ་ཏེ་མཁྱེན་ཏོ།། བག་ལ་ཉལ་བཙལ་ནས་ཅི་རིགས་ཅི་འོས་པོར ་འཇུག་པའི་སྒོ་སྣ་ཚོགས་དག་ཏུ་ཡང་ན་ནི་མི་སྡུག་པ་འམ། ཡང་ན་ནི་བྱམས་པ་འམ། ཡང་ན་རྐྱེན་འདི་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་འམ། ཡང་ནཱ་ནི་ཁ་མོས་རབ་ཏུ་དབྱེ་བ་འམ། ཡང་ན་ནི་དབུགས་དབྱུང་བ་དང ་རྔུབ་པ་དྲན་པས་འཛུད་པར་མཛད།། ཅི་རིགས་ཅི་འོས་པར་འཇུག་པོའི་སྒོ་དག་ལ་བཙུད་ནས་ལེགས་པར་བཟུང་བ་མ་ཡིན་པའི་རྟག་པའི་མཐའི་གཉེན་པོར་དབུ་མའི་ལམ་སྟོན་པ་དང་། ལེགས་པར་བཟུང་བ་མ་ཡིན་པའི ་ཆད་པའི་མཐའི་གཉེན་པོར་དབུ་མའི་ལམ་སྟོན་པ་དང་། མ་བྱས་པ་ལ་བྱས་སྙམ་པའི་མངོན་པའི་ང་རྒྱལ་མདོར་དུ་གཞུག་པ་དང་། མ་ཐོབ་པ་དང་། མ་རེག་པ་དང་། མངོན་སུམ་དུ་མ ་བྱས་པ་ལ་མངོན་སུམ་དུ་བྱསོ་སྙམ་པའི་ང་རྒྱལ་འདོར་དུ་འཇུག་པའོ།། གདམས་ངག་རྣམ་པ་བརྒྱད་པོ་དེ་དག་ཀྱང་མདོར་བསྡུ་ན་གནས་གསུམ་གྱིས་བསྡུས་པར་རིག་པར་བྱའོ།། གནས་གསུམ་པོ་དག་གང་ཞེ་ན། སམ ་མི་གནས་པ་གནས་པར་བྱ་བའི་ཕྱིར་ཐོག་མར་དམིགས་པ་ལ་ལེགས་པར་གཏོང་པ་དང་། སེམས་གནས་པ་ལ་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་ཐབས་ཀྱི་ལམ་ཡང་དག་པར་སྟོན་པ་དང་། རང་གི་དགོས་པ་མཐར་མ་ཕྱིན ་པ་ལ་བར་མ་དོའི་གནས་མདོར་འཇུག་པའོ།། དེ་ལ་སེམས་དང་། དབང་པོ་དང་། བསམ་པ་དང་། བག་ལ་ཉལ་ཤེས་པ་དང་། ཅི་རིགས་པ་ཤེས་པ་སྒོར་འཛུད་པས་ནི་སེམས་གནས་པར་བྱ་བའི་ཕྱིར་དམིགས་པ་ལ ་སེམས་ལེགས་པར་གཏོད་པར་རིག་པར་བྱའོ།། དེ་ལ་ལེགས་པར་བཟུང་བ་མ་ཡིན་པའི་རྟག་པ་དང་ཆད་པའི་མཐའི་གཉེན་པོར་དབུ་མའི་ལམ་གྱིས་ནི་སེམས་གནས་པའི་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་ཐོབས་ཀྱི་ལམ་ཡང ་དག་པར་སྟོན་པ་ཡིན་པར་རིག་པར་བྱའོ།། དེ་ལ་མ་བྱས་པ་ལས་མངོན་སུམ་དུ་མ་བྱས་པའི་བར་དག་ལ་མངོན་སུམ་དུ་བྱསོ་སྙམ་པའི་མངོན་པའི་ང་རྒྱལ་འདོར་དུ་བཅུག་པས་ནི་རང་གི་དགོས་པོ་མཐར་མ་ཕྱིན་པའི་བར་མ་དོའི ་གནས་ཡོངསུ་སྤོང་བར་རིག་པར་བྱ་སྟེ། དེ་ལྟར་ན་གནས་གསུམ་པོ་འདི་དག་གིས་གདམས་དག་རྣམ་པ་བརྒྱད་པོ་བསྡུས་པ་ཡིན་པར་རིག་པར་བྱའོ།། དེ་ལྟར་ན་བྱང་ཆུབ་སེམས་དཔས་གདམས་ངག་གཞན་ལས་ཟློས་པ་འམ། གཞན ་ངག་ལ་སྦྱིན་པས་སྟོབས་བརྒྱད་པོ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་མཁྱེན་པའི་སྟོབས་དང་།། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རིགས་རིམ་གྱིས་རྣམ་པར་སྦྱོང་ཞིང་རྣམ་པར་འཕེལ་བར་བྱེད་དོ།། དེ་ལ་རྗེསུ་བསྟན་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད་པ་དགག་པ་དང་། ་ཁ་ན་མ་ཐོ་བ་མེད་པ་ཀུན་ཏུ་སྤྱོད་པ་སྣང་བ་དང་། དགག་པ་དང་། གནང་བའི་ཆོས་རྣམས་ལ་འཁྲུལ་པར་ཀུན་ཏུ་སྤྱོད་པ་བསྐུལ་བ་དང་། ཡང་དང་ཡང་དུ་མ་གུས་པར་གྱུར་ཏེ། འཁྲུལ་པ་ལ་རྙོག་པ་མེད་པ་དང་། མི་མཐུན ་པ་མེད་པ་དང་། སྣུམ་པའི་བསམ་པས་སྨ་དབབ་པས་དྲན་པར་བྱེ་དུ་གཞུག་པ་དང་། ཡང་དག་པར་ཞུགས་པ་ལ་དགོག་པ་དང་། གནང་བའི་ཆོས་རྣམས་ལས་ཡོན་ཏན་ཡང་དག་པ་དང་། དགའ་བ་བསྙད་པས་ཡང་དག་པར་དགའ ་བར་བྱའོ།། བྱང་ཆུབ་སེམས་དཔའི་རྗེསུ་བསྟན་པ་འདི་ནི་མདོར་བསྡུ་ན། རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ། དགག་པ་དང་། གནང་བ་དང་། བསྐུལ་བ་དང་། སྨྲ་དབབ་པ་དང་། ཡང ་དྲག་པར་དགའ་བར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་ངག་དང་དང་ཡིད་ཀྱི་ལས་ཐབས་ཀྱིས་ཟིན་པ་གདོ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་ནི་ཐབས་ཞེས་བྱ ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བསྡུ་བའི་དངོས་པོ་བཞིས་བསྡུས་པའི་ཐབས་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། ཅིའི་ཕྱིར་བསྡུ་བའི་དངོས་པོ་བཞི ་ལ་ཐབས་ཤེས་བྱ་ཞེ་ན། མདོར་བསྡུ་ན་སེམས་ཅན་རྣམས་གདུལ་བ་དང་། བསྡུ་བའི་ཐབས་ནི་རྣམ་པ་བཞི་སྟེ། འདི་ལས་གོང་ནཱ་ཡང་མདོ།། འདི་ལས་ལྷག་པ་ཡང་མེདོ།། འདི་ལྟ་སྟེ། ཕན་འདོགས་པ་དང ་འཛིན་དུ་འཇུག་པོ་དང་། འཇུག་པར་བྱེད་པ་དང་། མཐུན་པར་སྒྲུབ་པའོ།། དེ་ལ་སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་ཐབས་ཡིན་ཏེ། འདི་ལྟར་ཟང་ཟིང་གི་སྦྱིན་པ་སྣ་ཚོགས་ཀྱིས་ཕན་བཏགས་ན། ་སེམས་ཅན་རྣམས་ཚིག་མཉན་པ་དང་བྱེད་པར་སེམ་སོ།། དེའི་འོག་ཏུ་བྱང་ཆུབ་སེམས་དཔས་སྙན་པར་སྨྲ་བས་དེ་དང་དེར་ཀུན་ཏུ་རྨོངས་པ་རྣམས་ཀྱིས་ཀུན་ཏུ་རྨོངས་པ་མ་ལུས་པོ་བསལ་བའི་ཕྱིར་རིགས་པ་འཛིན་དུ་འཇུག ་ཅིང་ཡང་དག་པར་སྟོན་པར་བྱེད། དེ་ལྟར་ན་དེའི་སྙན་པར་སྨྲ་བ་ནི་འཛིན་དུ་འཇུག་པའི་ཐབས་ཡིན།། དེ་ལྟར་རིགས་པས་འཛིན་དུ་འཇུག་ཅིང་ཡང་དག་པར་བསྟན་པའི་སེམས་ཅན་རྣམས་མི་དགེ་བའི་གནས་ལས་བསླངས་ནས ་དགེ་བའི་གནས་ཡང་དག་པར་འཛིན་དུ་འཇུག་ཅིང་འདུལ་བ་དང་། འཇོག་པ་དང་། འགོད་པ་དེ་ནི་དེའི་དོན་སྤྱོད་པ་སྟེ། འཇུག་པར་བྱེད་པའི་ཐབས་ཡིནོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་དེ་དག་བཅུད་ནས ་དེ་དག་དང་མཐུན་པའི་ཚུལ་ཀུན་ཏུ་སྤྱད་པས་མཐུན་པར་སྨྲ་བ་སྟེ། གང་གིས་ན་དེ་ལ་ད་དུང་ཁྱེད་བདག་ཉིད་དད་པ་དང་ལྡན་པ་མ་ཡིན། ཚུལ་ཁྲིམས་དང་ལྡན་པ་མ་ཡིན་ཏེ། གཏོང་བ་དང་ལྡན་པ་མ་ཡིན། ཤེས་རབ ་དང་ལྡན་པ་མ་ཡིན། ཅིའི་ཕྱིར་ཁྱོད་ཀྱིས་གཞན་དག་དེ་ལ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་ལ། དེས་བསྐུལ་བར་བྱེད་ཅིང་དྲན་པར་བྱས་ནས། འདུལ་བ་རྣམས་སྨྲ་བར་མི་འགྱུར་བར་བྱེད།། དེ་ལྟ་བས་ན་དོན་མཐུན ་བ་ནི་བྱང་ཆུབ་སེམས་དཔའ་མཐུན་པར་སྒྲུབ་པའི་ཐབས་ཏེ། བཞི་པ་ཡིན་པར་རིག་པར་བྱའོ།། དེ་ལྟར་བྱང་ཆུབ་སེམས་དཔའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཐབས་བཞི་པོ་དེ་དག་བསྡུས་པ་འམ། ་སོ་སོ་བས་ཡོངསུ་ཟིན་པའི་གང་ཡིན་པ་དེ་ནི་སེམས་ཅན་རྣམས་ཡང་དག་པར་བསྡུ་བ་དང་། གདུལ་བ་དང་། ཡོངསུ་སྨིན་པར་བྱ་བ་ལ་ཐབས་ཀྱིས་ཡོངསུ་ཟིན་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ ་འབྱོར་གྱི་གནས་ལས་སྟོབས་ཀྱི་རིགས་ཀྱི་ལེའུ་སྟེ་བརྒྱུང་བའོ།། ། སྡོམ་ན། ངོ་བོ་ཉིད་དང་ཐམས་ཅད་དང་།། དཀར་བ་དང་ནཱཾ་སྒོ་ཀུནྡ་དང་། ་སྐྱེས་བུ་དམ་པ་ལྡན་པ་དང་།། དེ་བཞིན་རྣམ་པ་ཐམས་ཅད་དང་།། འཕོངས་ཤིང་འདོད་དང་ལྡན་པ་དང་།། འདི་དང་གཞན་དུ་བདེ་འགྱུར་དང་།། དེ་བཞིན་རྣམ་དག་དེ་མདོར་ན།། བྱང་ཆུབ་སེམས་དཔའི་སྦྱིན་པ་ཡིན།། འདི ་ལོ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་ཡོང་སུ་རྫོགས་པར་བྱས་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སྦྱིན་པའོ་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། སྦྱིན་པ་རྣམ་པ་དགུ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སྦྱིན་པའི་ངོ་བོ་ཉིད་དང་། ཐམས་ཅད་སྦྱིན་པ་དང་།། དཀའ་བ་སྦྱིན་པོ་དང་། ཐམས་ཅད ་ཀྱི་སྒོ་ནས་སྦྱིན་པ་དང་། སྐྱེས་བུ་དམ་པའི་སྦྱིན་པ་དང་། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་དང་། འཕོངས་ཤིང་འདོད་པ་ལ་སྦྱིན་པ་དང་། འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་དང་། རྣམ་པར་དག་པའི་སྦྱིན་པའོ།། ་སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། ཡོ་བྱད་ཐམས་ཅད་དང་། རང་གི་ལུས་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའ་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང་། དེས་ཀུན་ནས་བསླང་བའི་སྦྱིན་པར་བྱ་བའི་དངོས ་པོ་ཡོངསུ་གཏོང་བའི་ལུས་དང་། རང་གི་ལས་དང་། སྦྱིན་པར་བྱ་བའི་དངོས་པོ་ཁཱ་ན་མ་ཐོ་བོ་མེད་པ་ཐམས་ཅད་ཡོངསུ་གཏོང་བ་དང་། སྡོམ་པ་ལ་གནས་པ་དང་། འོད་བ་མཐོང་ཞིང་འབྲས་བུ་ལ་ལྟ་བ་དང་། སུ་གང ་འདོད་པ་དེ་ལ་དངོས་པོ་དེ་སོ་སོར་སྦྱིན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ།། དེ་ལ་ཐམས་ཅད་སྦྱིན་པ་གང་ཞེ་ན། ཐམས་ཅད་ཅེས་བྱ་བ་ནི་མདོར་བསྡུ་ན། སྦྱིན་པར་བྱ་བའི ་དངོས་པོ་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱི་རོལ་གྱིའོ།། དེ་ལ་རྐང་ཡན་ཆད་རང་གི་ལུས་ཡོངསུ་གཏོང་པོ་ནི་བྱང་ཆུབ་སེམས་དཔའི་ནང་གི་དངོས་པོ་ཡོངསུ་གཏོང་བ་འབའ་ཞིག་པུ་ཞེས་བྱའོ།། སེམས་ཅན ་སྐྱུགས་པ་ཟ་བས་འཚོ་བ་རྣམས་ཀྱི་ཕྱིར་བྱང་ཆུབ་སེམས་དཔྱས་ཟས་སྐོམ་ཟོས་འཐུངས་ཤིང་སྐྱུགས་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ནང་ད་ཕྱི་རོལ་གྱི་དངོས་པོ་འདྲེས་པའི་སྦྱིན་པ་ཞེས་བྱའོ།། ཇི་སྐད་སྨྲས ་པ་འདི་ལ་མ་གཏོགས་པ་ལྷག་མའི་སྦྱིན་པ་བྱ་བའི་དངོས་པོ་ཡོངསུ་གཏོང་བ་ནི་ཕྱི་རོལ་གྱི་སྦྱིན་པར་བྱ་བའི་དངོས་པོ་ཡོངསུ་གཏོང་བ་ཁོ་ན་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་འདོད་པ་དག་ལ་མདོར་ན་རྣམ ་པ་གཉིས་ཀྱིས་རང་གི་ལུས་སྦྱིན་པར་བྱེད། ཅི་དགའ་མགུར་བྱེ་དུ་འཇུག་པས་གཞན་ལ་དབང་ཡོད་པ་དང་། གཞན་ལ་རག་ལས་པར་བྱེད་ཅིང་བདག་ཉིད་གཞན་དག་ལ་སྦྱིན་པར ་བྱེའོ།། དཔེར་ན་ལ་ལ་ཞིག་ཟས་དང་སྐོམ་གྱི་ཕྱིར་གཞན་དག་ལ་བླན་གྱི་དངོས་པོར་ཁས་ལོན་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ཟང་ཟིང་མེད་པའི་སེམས་དང་ལྡན་པ་ཡང་བྱང་ཆུབ་དམ་པ་འདོད་དོ།། ཕ་རོལ ་ལ་ཕན་པ་དང་། བདེ་བར་བྱ་བར་འདོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱེད་འདོད་དེ། ཅི་དགའ་མགུར་བྱེ་དུ་འཇུག། མི་གཞན་དག་ལ་དབང་ཡོད་པ་དང་། རག་ལུས་པར་བྱེད་ཅིང་། བདག ་ཉིད་སྦྱིན་པར་བྱེད་པ་དང་། ལག་པ་དང་། རྐང་པ་དང་། མིགོ་དང་། མགོ་དོ་དང་། ཡོན་ལག་དང་། ཉིང་ལག་རྣམས་འདོད་པ་དག་དང་། ཤ་དང་། ཁྲག་དང་། རྒྱུས་པ་འདོད་པ་དང་། རྐང་གི ་བྱར་དུ་འདོད་པ་དག་ལ་རྐང་གི་བར་དུ་སྦྱིན་པར་བྱེད།། བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཀྱིས་ཕྱི་རོལ་གྱི་དངོས་པོ་སེམས་ཅན་ལ་ཡོངསུ་གཏོང་སྟེ། ཅི་བདེར་ལོངས་སྤྱོད་དུ་གཞུག་པའི་ཕྱིར་བརྙན ་པོར་སྦྱིན་པ་དང་། དེ་དབང་བར་བྱ་བའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་གཏོང་བའི་སེམས་ཀྱིས་སྦྱིན་པར་བྱེད། ཅི་ཞག་སྦྱིན་པར་བྱད།། འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་ནོང་དང་ཕྱི་རོལ་གྱི་དངོས་པོ་ཐམས ་ཅད་བྱེ་བྲག་མེད་པར་རྣམ་པ་ཐམས་ཅད་སེམས་ཅན་རྣམས་ལ་ནི་སྦྱིན་པར་ནི་མི་བྱེད།། འོ་ན་བྱང་ཆུབ་སེམས་དཔའ་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་རྣམ་པ་གཉིས་ལས་ཅི་ཞིག་ནི་སེམས་ཅན་རྣམས་ལ་སྦྱིན་པར ་བྱེད། ཅི་ཞིག་སྦྱིན་པར་མི་བྱེད། ཇི་ལྟར་ན་སྦྱིན་པར་བྱེད། ཇི་ལྟར་ནུ་སྦྱིན་པར་མི་བྱེད་ཅེ་ན། ནང་དང་ཕྱི་རོལ་གྱི་དངོས་པོ་དྲི་ལ་སོ་སྦྱིན་པར་གང་སེམས་ཅན་རྣམས་ལ་བདེ་བ་ཁོ་ནར་འགྱུར་གྱི། ཕན་པོར་མི ་འགྱུར་བ་འམ། ཡང་ན་བདེ་བར་མི་འགྱུར་ལོ།། ཕན་པར་ཡང་མི་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔེས་གཞན་དག་ལ་སྦྱིན་པ་རི་མོ་བྱེདདོ།། སྦྱིན་པ་གང་ཕན་པར་ནི་འགྱུར་ལ། བདེ་བར་ནི་མ་ངེས་པ་འམ། ་ཡང་བདེ་བར་ཡང་འགྱུར་ལ་ཕན་པར་ཡང་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔས་གཞན་ལྕེ་སྦྱིན་པར་བྱེའོ།། དེ་ལྟར་འདི་ནི་སྦྱིན་པ་དང་། མི་སྦྱིན་པའི་མདོར་བསྟན་པ་ཡིན་ནོ།། འདི་མན་ཆད་ནི་རྒྱས་པར་རྣམ་པར ་དབྱེ་བ་ཡིན་པར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ལ་གནོད་པར་བྱ་བ་དང་། ཕ་རོལ་བྲིད་པ་དང་། མྱི་རིགས་བསྐྱེད་པས་བྱེ་དུ་བཅུག་ན་ཕ་རོལ་དབང་ཡོད་པ་དང་། ཕ་རོལ་ལ་རག་ལས ་པར་བྱེད་པར་བདག་ཉིད་སྦྱིན་པར་མི་བྱེད། བྱང་ཆུབ་སེམས་དཔའ་ནི་གཞན་དག་ལ་བདག་ཉིད་ཀྱི་སྲོག་ལན་བརྒྱའམ། ལན་སྟོང་འམ། ལན་འབུམ་དུ་ཡོངསུ་གཏོང་བར་ཁས་ལེན་མོད་ཀྱི། འོན་ཀྱང་ཕ་རོལ་གྱིས་བསྐོ ་བ་དང་། ཕ་རོལ་དགའ་བར་བྱ་བའི་ཕྱིར་ཕ་རོལ་ལ་གནོད་པ་འམ། ཕ་རོལ་གསད་པ་འམ། ཕ་རོལ་འདྲིད་པར་མི་བྱེད།། གལ་ཏེ་བྱང་ཆུབ་སེམས་དཔའ་སྦྱིན་པ་ལས་བརྩམས་ཏེ། ་བསམ་པ་དག་པ་ཡིན་དུ་ཟིན་ཀྱང་། དེ་ཡང་སེམས་ཅན་གྱི་དོན་མང་པོ་བྱ་བ་ཉེ་བར་གནས་པར་གྱུར་ན་རང་གི་ལུས་དང་། ཡན་ལག་དང་ཉིང་ལག་སློང་དུ་བྱུང་ཡང་། རང་གི་ལུས་དང་ཡན་ལག་དང་ཉིང་ལག ་རྣམས་སྦྱིན་པར་མི་བྱེད།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའོ་སྦྱིན་པ་ལས་བརྩམས་ཏེ། བསམ་པ་དག་པ་དེ་ནི་རྣམ་གྲངས་གང་གིས་ཀྱང་འདི་ནི་སྦྱིན།། འདི་ནི་མོ་སྦྱིན་སྙམ་དུ་སེམས་ཞུམ་པ་མེད ་པའི་ཕྱིར་ཏཱཾ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་ནི་གང་གི་ཚེ་བསམ་པོ་དག་པར་བྱ་བའི་ཕྱིར། སེམས་ཅན་གྱི་དགོས་པ་འབྱུང་བ་བཏང་སྙོམསུ་བྱས་ཏེ།། སྦྱིན་པར་མི་བྱེད་ན། དེ་ནི་དེའི་བསམ་པ་དག ་ཡིན་པོའི་ཕྱིར་སེམས་ཅན་གྱི་དགོས་པ་བྱུང་བ་བཏང་སྙོམས་བྱས་ཏེ་སྦྱིན་པར་མི་བྱེད།། བདུད་ཀྱི་རིགས་ཀྱི་ལྷ་རྣམས་རྣམ་པར་ཐོ་འཚམ་པའི་བསམ་པས་སློང་དུ་འོངས་པ་རྣམས་ལ་ཡང་དེ་དག་ཉིད་ལ་གནོད ་པ་དང་། ཕུང་བ་ཆེན་པོར་མི་འགྱུར་བར་བྱ་བའི་ཕྱིར། རང་གི་ལུས་དང་ཡོན་ལག་གསོ་ཞིང་སྲིན་པོར་མི་བྱེ་།། བདུད་ཀྱི་རིགས་ཀྱི་ལྷ་རྣམས་ལ་ཇི་ལྟ་བ་བཞིན་དེས་བྱིན་གྱིས་བརླབས་པའི་སེམས་ཅན་རྣམས་ལ་ཡང ་དེ་དང་འདྲ་བར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་ནི་སྨྱོས་པ་དང་། སེམས་འཁྲུགས་པ་རྣམས་ལ་ཡང་རང་གི་ལུས་དང་ཡན་ལག་གསེ་ཞིང་སྦྱིན་པར་མི་བྱེད།། དེ་དག་ནི་རང་གི་སེམས་ལ་གནས་པ་ཡང་མ ་ཡིན་ལ། འདོད་པའི་ཕྱིར་སློང་བ་མ་ཡིན་ཏེ། དེ་ནི་དེ་དག་གིས་སེམས་ལ་རང་དབང་མེད་པའི་ཕྱིར། བརླ་རྡོལ་ཙམ་དུ་ཟད་པས་དེའི་ཕྱིར་སྦྱིན་པར་མི་བྱེའོ།། རྣམ་པ་དེ་དག་མ་གཏོགས་པར་དེ་ལས་བཟློག་པའི་འདོད། ་པ་རྣམས་ལ་ནི་བྱང་ཆུབ་སེམས་དཔས་རང་གི་ལུས་ཕ་རོལ་དབང་བར་བྱས་པ་ཙམ་གྱི་ཕྱིར་རམ། ཡན་ལག་དང་ཉིང་ལག་གསེ་ཞིང་ཡོངསུ་གཏོང་བར་ཡང་བྱེད་དོ།། བྱང་ཆུབ་སེམས་དཔའི་ནང་གི་དངོས་པོ་སྦྱིན་པ་དང་། ་མི་སྦྱིན་པ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ།། ཕྱི་རོལ་གྱི་དངོས་པོ་ལས་ནི་བྱང་ཆུབ་སེམས་དཔས་དུག་དང་། མེ་དང་། མཚོན་ཆ་དང་། ཆང་སེམས་ཅན་རྣམས་ལ་གནོད་པར་འགྱུར་བ་གང་ཡིན་པ་དེ་དག་ནི ་བདག་ལ་གནོད་པར་བྱ་བ་འམ། ཕ་རོལ་ལོ་གནོད་པར་བྱ་བའི་ཕྱིར་འདོད་དེ་སློང་ན། སློང་བ་རྣམས་ལ་སྦྱིན་པར་མྱི་བྱེད།། དུག་དང་། མེ་དང་། མཚོན་དང་། ཆང་སེམས་ཅན་རྣམས་ལ་ཕྲན་པར་འགྱུར་བ་གང ་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔས་བདག་ལ་ཕོན་པར་བྱ་བ་འམ། ཕ་རོལ་ལ་ཕན་པར་བྱ་བའི་ཕྱིར་འདོད་དོ།། སློང་ན་སློང་བ་རྣམས་ལ་སྦྱིན་པར་མི་བྱེད།། བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཡིད་བརྟན་པ་མ ་ཡིན་པའི་རྫས་ཀྱང་གཞན་དག་ལ་སྦྱིན་པར་མི་བྱེད།། བྱང་ཆུབ་སེམས་དཔའ་ནི་སྨྱན་བྱེད་ཅིང་ཕ་རོལ་གྱི་ཆུང་མ་བཀུག་སྟེ། གཞན་དག་ལ་ཡང་སྦྱིན་པ་མི་བྱེད།། བཟའ་བ་དང་བཏུང ་བ་སྲོག་ཆགས་དང་བཅས་པ་ཡང་སྦྱིན་པར་མི་བྱེའོ།། བྱང་ཆུབ་སེམས་དཔའི་སྦྱིན་པར་བྱ་བའི་དངོས་པོ་གང་དགའ་བ་དང་། རྩེ་བ་དང་ལྡན་པ་སེམས་ཅན་རྣམས་ལ་གནོད་པ་དང་ལྡན་པ་དེ་ཡང་བྱང་ཆུབ་སེམས ་དཔེས་སློང་བ་རྣམས་ལ་སྦྱིན་པར་མི་བྱེདའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བྱིན་ན་དེ་དག་བྱང་ཆུབ་སེམས་དཔའ་ལ་སེམས་དགའ་བ་ཙམ་སྐྱེ་བར་འགྱུར་མོད་ཀྱི། འོན་ཀྱང་སྦྱིན་པ་དེ་ནི་དེ་ལ་གནོད་པ་ཆེས་ཆེ་བ་བྱེད་པ་ཡིན་ཏེ། ་དེའི་རྒྱུས་དེ་དག་རྒྱགས་པ་དང་། བག་མེད་པ་དང་། ཉེས་པ་སྤྱོད་པ་ལ་ཞུགས་པས་ལུས་ཞིག་ནས་ངན་སོང་དག་ཏུ་སྐྱེ་བར་འགྱུར་བའི་ཕྱིརརོ།། གལ་ཏེ་དགའ་བ་དང་། རྩང་མོ་ལ་སོགས་པའི་དངོས་པོ་ཡིན་ལ།། ངན ་སོང་དུ་འགྲོ་བར་བྱེད་པ་ཡང་མ་ཡིན། མི་དགེ་བྱའི་རྩ་བ་ལ་སོགས་པར་འགྱུར་བ་ཡང་མ་ཡིན་ན་ནི། དེ་ལྟ་བུའི་དགའ་བའི་རྩེད་མོ་ལ་སོགས་པའི་དངོས་པོ་སེམས་དགའ་བར་བྱ་བའི་ཕྱིར། སློང་བ་རྣམས་ལ་སྦྱིན ་པར་བྱེད། དངོས་པོ་དེས་ཀྱང་སྡུད་པ་དང་། ཡོངསུ་སྨིན་པར་བྱེད་པའི་ཕྱིར།། བྱང་ཆུབ་སེམས་དཔའ་སློང་བ་རྣམས་ལ་དགའ་བ་དང་། རྩེད་མོའི་དངོས་པོ་ཇི་ལྟ་བུ་ནི་སྦྱིན་པར་མི་བྱེད། ཇི་ལྟ་བུ་ནི་སྦྱིན་པར་བྱེད་ཅེ་ན། ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་རི་དགས་གསད་པའི་ཐབས་བསླབ་པ་སྦྱིན་པར་མི་བྱེད།། མཆོད་སྦྱིན་ངན་པ་ཡོ་ལང་ཆེན་པོར་གུང་དུ་སྲོག་ཆགས་མང་པོ་བསོགས་ནས་གསོད་པར་འགྱུར་བ་དེ་ལྟ་བུའི་མཆོད ་སྦྱིན་དག་བདག་ཉིད་ཀྱང་མི་བྱེད་ལ། གཞན་དག་ཀྱང་མཆོད་སྦྱིན་བྱེད་དུ་མི་འཇུག། ལྷ་རྟེན་རྣམསུ་ཕྱུགས་གསོད་པ་སྦྱིན་པར་ཡང་མི་བྱེད།། སྲོག་ཆགས་མང་པོ་གནས་པའི་ས་ཕྱོགས་སྲོག་ཆགས་ཆུ་ནས་སྐྱེས་པ ་སྐམ་ལས་སྐྱེས་པ་རྣམས་གནས་པ་ལྟ་བུ། སྲོག་ཚོགས་དེ་དག་ལ་གནོད་པར་བྱ་བའི་ཕྱིར་སློང་ན་སྦྱིན་པར་མི་བྱེད་དོ།། རྒྱུ་དང་རྔོན་གྱི་འཁྲུལ་འཁོར་བསླབ་པ་ཡང་སྲོག་ཆགས་རྣམས་གནོད་པར་བྱ་བའི ་ཕྱིར་སློང་ན་སྦྱིན་པར་མི་བྱེད།། སྤྲོ་བ་དང་། བསད་པ་དང་། བཅིང་བ་དང་། ཆད་པས་བཅད་པ་དང་། གནོད་པ་བྱེདདུ་གཞུག་པའི་ཕྱིར་ཡང་དགྲ་རྣམས་ཀྱི་དགྲ་སྦྱིན་པར་མི་བྱེད། མདོར་བསྡུ་ན་བྱང་ཆུབ ་སེམས་དཔའོ་ནི་སེམས་ཅན་རྣམས་ཀྱི་དགའ་བ་དང་། རྩེད་མོའི་དངོས་པོ་སེམས་ཅན་ཕ་རོལ་ལ་གནོད་པར་འགྱུར་བ་དང་། སེམས་ཅན་ཕ་རོལ་ལ་སྡུག་བསྔལ་བར་འགྱུར་བ་གང་ཅི་ཡང་རུང་དེ་ཐམས་ཅད་སློང ་བ་རྣམས་ལ་སྦྱིན་པར་མི་བྱེད།། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། འདེག་པ་དང་། གཞོན་པ་རྣམས་དང་། གོས་དང་རྒྱན་རྣམས་དང་། བཟའ་བ་དང་། བཏུང་བ་དང་། གསོད་པ་རྣམས་དང་། གར ་དང་། གླུ་དང་། རོལ་མོའི་སྒྲ་བསྒྲུབ་པ་རྣམས་དང་། གར་དང་། གླུ་དང་། རོལ་མོའི་སྒྲའི་ཆ་བྱད་རྣམས་དང་། སྤོས་དང་། མེ་ཏོག་འཕྲེང་བ་དང་། བྱུག་པ་དང་། ཚོགས་དང་། ་སྣོད་སྤྱད་སྣ་ཚོགས་དང་། བསྐྱེད་མོས་ཚུལ་དང་། ཁང་ཁྱིམ་དང་། དགའ་མགུར་སྤྱོད་པའི་བུད་མེད་རྣམསྣ་དང་། བཟོ་དང་ལས་ཀྱི་གནས་རྣམ་པ་སྣ་ཚོགས་བསླབ་པ་གང་ཡིན་པ་དེ་དག་དང་། དེ་ལྟ་བུའི ་དགའ་བ་དང་། རྩེད་མོའི་དངོས་པོ་གང་ཡིན་པ་རྣམས་ནི་བྱང་ཆུབ་སེམས་དཔས་སེམས་དགའ་བར་བྱ་བའི་ཕྱིར་སློང་བ་རྣམས་ལ་སྦྱིན་པར་བྱེད།། བྱང་ཆུབ་སེམས་དཔའ་ནི་ནད་པ་སློད་དུ་ཟིན་ཀྱང་ཁ་ཟས་དང་བཏུ ་ཚོད་མ་ཟིན་པ་འམ། གནོད་པར་འགྱུར་བ་སྦྱིན་པར་ཡང་མི་བྱིང་།། སེམས་ཅན་བརྐམ་པའི་ར་ངོ་བཞིན་ཅོནྱ་འདྲངས་པ་རྣམས་ལ་བཟའ་བ་དང་བིཏུ་བ་བསོད་པ་སྦྱིན་པར་ཡང་མོ་བྱེད་དོ།། སེམས་ཅན ་མྱ་ངན་གྱིས་གདུངས་པ་རྣམས་རང་འགེག་པར་ད་པ་འམ། རྡེག་པར་བྱེད་པ་དུག་མཐུང་བ་འམ། གྲཝ་ཡང་དུ་མཆོད་པ་ལ་ཡང་དགའ་དགུར་བྱེད་མི་འཇོག། ་རིམ་པོ་བདུན་། བྱང་ཆུབ་སེམས་དཔའ་ནི་སྤོང་བ་རློམས་ལ་ཕ་མ་ཐམས་ཅད་ཀྱི་ཐམས་ཅདདུ་སྦྱིན་པར་ཡང་མི་ཙྱཻ་། འདི་ལྟར་བྱང་ཆུབ་སེམས་དཔའི་ཕ་མ་ནི་བླ་མ་ལྟ་བུ་མཆོག་ཡིན་ཏེ། ་ནུམ་སྣུན་པ་དང་། གསོ་བ་དང་། སྐྱེད་པ་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔས་ཡུན་རིང་པོར་སྤྱི་བོ་ལ་ཁྱེར་ཡང་སྐྱོ་བར་མི་བྱ་སྟེ། སྤུ་གཏའ་དང་། གཏར་གཞུག་པ་དང་། གཅོང་བའི་ཚུལ་གྱིས་བདག ་ཉིད་དེ་གཉིས་ལ་སྦྱིན་ཞིང་དབང་བ་དང་། རག་ལུས་པར་བྱ་བ་ཡིན་ནུ། བྱང་ཆུབ་སེམས་དཔས་གཞིན་ལ་སྦྱིན་པར་ཇི་ལྟར་སེམས་ཏེ། སྦྱིན་པར་ལྟ་ག་ལ་བྱེད། བྱང་ཆུབ་སེམས་དཔའ་ནི་རྒྱལ་པོ་སྤྱི་བོ་ནས ་དབང་བསྐུར་བའི་བདྲུག་པོར་གྱུར་ན་ཡང་བདག་གི་རི་སུ་གཏོགས་པའི་སེམས་ཅན་ཡོངསུ་འཛིན་པ་དང་བཅུས་པོ་རྣམས་ཀྱི་གཞན་གྱི་བུ་དང་ཆུང་མ་གཞན་དག་ལུས་ཕྲོགས་ཏེ། གཞན་དག་ལས་སྦྱིན་པར་མི ་བྱེད་ཀྱི། ང་ལ་ཇི་ལྟར་གྱུར་པ་ལྟར་དེ་དག་ལྔ་དེ་བཞིན་དུ་གྱུར་ཅིག་སྙམ་ནས་གྲོང་རིལ་པོ་འམ། གྲོང་གི་ཕྱོགས་འགའ་འམ། ལྗོངས་རིལ་པོ་འམ། ལྗོངས་ཀྱི་ཕྱོགས་འགའ་ལོངས་སྤྱོད་དུ་བྱ་བར་སྦྱིན ་པོར་ཟདདོ།། བྱང་ཆུབ་སེམས་དཔའ་ནི་བདག་གི་བུ་དང་། ཆུང་མ་དང་། བྲནྡ་དང་། བྲནཱ་མོ་དང་། ལུས་བྱེད་པོ་དང་། ཞོ་ཤས་འཚོ་བ་དང་། ཡོངསུ་ཟིན་པ་རྣམོས་ལེགས་པར་བརྡ་མོ་སྤྲང་པོ་འམ ་མི་འདོད་བཞིན་དུ་ཡང་ཡིད་མི་དགའ་བཞིན་དུ་གཞན་འདོད་པ་རྣམས་ལ་ཡང་སྦྱིན་པར་ཡང་མི་འདོད།། ལེགསོ་པར་བརྡ་སྤྲད་ཡིད་དགའ་ཞིང་འདུན་པར་རྒྱུར་ཏུ་ཟིན་ཀྱང་མི་བཟའ་བ་རྣམས་དང་། གནོད་སྦྱིན་དང་།། ་སྲིན་པོ་རྣམས་དང་། བརྗེད་ངས་པ་སྦྱིན་པར་མི་བྱེད།། བུ་དང་ཆུང་མ་སྐྱེད་པར་འདུག་པ་རིགས་ཀྱི་མི་ནི་བྲན་དུ་སྦྱིན་པར་ཡང་མི་བྱེད།། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ཤས་ཆེར་གཞན ་ལ་གནོད་པར་བྱེད་པར་ཞུགས་ཤིང་བརྗེད་པ་རྣམས་ལ་རྒྱལ་སྲིད་སྦྱིན་པར་ཡང་མི་བྱེ་།། གལ་ཏེ་དབྱུང་བའི་མཐུ་ཡོད་ན་དེ་འདྲ་བའི་གང་ཟག་ན་རྒྱལ་སྲིད་ལས་ཀྱང་འབྱིན་པར་བྱེདདོ།། བྱང་ཆུབ་སེམས་དཔའ་ནི་ཕ་མའི ་ལོངས་སྤྱོད་ཕྲོགས་ཏེ། སློང་བ་རྣམས་ལ་སྦྱིན་པར་མི་བྱེད།། ཕོ་མ་ཇི་ལྟ་བ་བཞིན་དུ་བུ་དང་། ཆུང་མ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བོ་རྣམས་ཀྱི་ཡང་དེ་དང་འདྲའོ།། ཕ་མ་ལ ་གནོད་པ་བྱས་པ་ནས། རྒྱས་པ་ལ་བྱེད་པ་དངོ་ཞོ་ཤས་འཚོ་བའི་བར་དག་ལྔ་གནོད་པ་བྱས་ནས་ཕ་རོལ་སློང་བ་རྣམས་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངསུ་གཏོང་བར་ཡང་མི་བྱེད།། བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་བབ ་ཆོལ་མ་ཡིན་པར་ལོངས་སྤྱོང་རྣམས་བསྒྲུབས་ནས་སྦྱིན་པ་སྦྱིན་པར་བྱེད་ཀྱི། ཆོས་མ་ཡིན་པས་མ་ཡིན། བབ་ཚོལ་དུ་མ་ཡིནྡ། ཕ་རོལ་ལ་གནོད་པ་བྱས་ཤིང་ཉམ་ངོ་བར་བྱས་པས་ཀྱང་མ་ཡིནོ།། སངས་རྒྱས ་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཇི་ལྟ་བུར་ཡང་བསླབ་པ་ལས་འགལ་བར་བྱས་ཏེ་སྦྱིན་པ་སྦྱིན་པར་མི་བྱའོ།། བྱང་ཆུབ་སེམས་དཔོའ་ནི་སྦྱིན་པ་བྱིན་ན་ཡང་མཛའ་བཤེས ་དང་། དགྲ་དང་ཐ་མལ་པ་རྣམས་དང་། ཡོན་ཏན་ཅན་རྣམས་དང་། སྐྱོན་ཅན་རྣམས་དང་། དམའ་བ་རྣམས་དང་། མཚུངས་པ་རྣམས་དང་། ཁྱད་པར་དུ་འཕགས་པ་རྣམས་དང་། སྐྱེད་པ་རྣམས་དང་། སྡུག་པ ་རྣམས་ལ་ཡོན་གནས་ཡིན་པའི་བློ་ཉེ་བར་གཞག་སྟེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེདའོ།། བྱང་ཆུབ་སེམས་དཔའ་ནི་ཇི་སྐད་སྨྲས་པ་དང་། ཇི་ལྟར་དམ་བཅས་པ ་ལས་བསྙུངས་ཏེ། སློང་བ་ལ་སྦྱིན་པ་སྦྱིན་པར་ཡང་མི་བྱེད་ཀྱི། མཚུངས་པ་འམ་ལྷག་མ་ཁོ་ནར་བྱེདའོ།། བྱང་ཆུབ་སེམས་དཔའ་ནི་དངོས་པོ་སྦྱིན་པར་དམ་བཅས་པ་ན། ངན་པ་དང་ཐ་ཅད་སྦྱིན་པར་མི་བྱེད། ངན ་པ་དང་། ཐུ་ཅད་སྦྱིན་པར་དེས་དྲམ་བཅསུ་ཟིན་ཀྱང་། བཟང་པོ་ཡོད་ན་བཟང་པོ་འབའ་ཞིག་སྦྱིན་པར་བྱེདདོ།། བྱང་ཆུབ་སེམས་དཔའ་ཡིད་མི་དགའ་བ་དང་། ཁྲོས་པ་དང་། ཡིད་འཁྲུགས་པས་སྦྱིན་པ་སྦྱིན ་པར་ཡང་མི་བྱེདདོ།། སྦྱིན་པ་བྱིན་ནས་ཀྱང་ཡང་དང་ཡང་དུ་བརྗོད་ཅིང་ཁྱོད་ནི་འདི་དང་འདི་ལྟ་བུར་ངས་སྦྱིན་པས་ཕྱན་བཏགསོ་ཞེ་འམ། བསྐྱེདདོ་ཞེ་འམ། དྲངསོ་ཞེས་སྨོད་པར་ཡང་མི་བྱེད།། བྱང་ཆུབ་སེམས ་དཔའ་ནི་མི་ངན་པ་ལ་སྦྱིན་པ་བྱིན་ན་ཡང་བརྙས་ཤིང་མ་གུས་པར་སྦྱིན་པ་བྱིན་པར་མི་བྱེད་ན་ཡོན་ཏན་ཅན་ལྟ་ལ་ཅི་སྨོས། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལོག་པར་སྒྲིབ་པ་རྣམས་རྣམ་པ་སྣ་ཚོགས་དག་ལ ་གནས་པ། རྒོད་པ་བདག་ཉིད་མ་བསྡམས་པ། གཱ་ཤེ་བ། ཁྲོ་བ། སྤྱོད་འདེམས་བྱེད་པ་རྣམས་ཀྱི་ལོག་པར་སྒྲུབ་པས་སྐྱོ་བའི་ཡིད་ཀྱིས་སྦྱིན་པ་སྦྱིན་པར་ཡང་མི་བྱེད་ཀྱི། བྱང ་ཆུབ་སེམས་དཔའ་ནི་དེ་དག་ཉིད་ལ་ཤས་ཆེར་ཉོན་མོངས་པས་བརླམས་པའི་རང་བཞིན་ཅན་ཡིན་པར་རྟོགས་ནས། སྙིང་རྩེ་བའི་སེམས་ཁོ་ན་ཉེ་བར་གཞག་སྟེ། སྦྱིན་པ་སྨྱོན་པར་བྱེད།། ལྟ་བ་དྲན་མ་མཆོག ་ཏུ་འཛིན་ཅིང་སྦྱིན་པ་སྦྱིན་པར་མི་བྱེད།། འདི་ལྟ་སྟེ། གནོད་པ་ཆེན་པོའི་མཆོད་སྦྱིན་རྣམས་དང་། འཚེ་བའི་སྦྱིན་པས་ཆོསུ་འགྱུར་བར་མི་འཛིན་པ་དང་། དགེ་མཚན་དང་བཀྲ་ཤིས་དང་སྦྱར་ཏེ། སྦྱིན་པ ་སྦྱིན་པར་ཡང་མི་བྱེདདོ།། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ཙམ་ཤིན་ཏུ་རྣམ་པར་དག་པས་ཀྱང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་རྣམ་པར་དག་པར་འགྱུར་བར་ཡང་མི ་འཛིན་ཏེ། སྦྱིན་པ་ནི་རྣམ་པར་དག་པར་འགྱུར་བའི་ཚོགས་ཙམ་འབའ་ཞིག་ཡིན་པར་འཛིན་ཏོ།། འབྲས་བུ་ལ་ལྟ་ཞིང་སྦྱིན་པར་ཡང་མི་བྱེད།། སྦྱིན་པ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པ ་བྱང་ཆུབ་ཏུ་ཡོང་སུ་བསྔོ་བར་བྱེད།། སྦྱིན་པ་རྣམ་པ་ཐམས་ཅད་ཀྱི་འབྲས་བུ་རྣམ་པ་ཐམས་ཅད་རྣམ་པར་སྨིན་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཐོང་ཞིང་མངོན་པར་ཡིད་ཆེས་པ་སྐྱེས་པའི་བྱང་ཆུབ ་སེམས་དཔའ་ནི་གཞན་གྱི་དྲིང་མི་འཇོག་ཅིང་། གཞན་གྱིས་དཀྲི་བ་མེད་པར་སྦྱིན་པ་སྦྱིན་པར་བྱེད།། དཔེར་ན་ཟས་སྦྱིན་པས་ནི་སྟོབས་ཅན་འགྱུར། གོས་བྱིན་པས་ནི་ཁ་དོག་ལྡན།། གཞོན་པ་བྱིན་པ་སྐུ་ད་འགྱུ ་བསྟན།། མར་མེ་བྱིན་པས་མྱིག་དང་ལྡན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་ནི་དབུལ་པོར་འགྱུར་དུ་དོགས་པོའི་འཇིགས་པས་སྦྱིན་པ་སྦྱིན་པར་མོ་བྱེད།། སྙིང་རྗེའི ་བསམ་པ་འབའ་ཞིག་གིས་བྱེད།། བྱང་ཆུབ་སེམས་དཔའ་ནི་སློང་བ་རྣམས་དང་མི་མཐུན་པའི་སྦྱིན་པ་སྦྱིན་པར་མི་བྱེད། འདི་ལྟ་སྟེ། སྡོམ་པ་ལ་བརྩོན་པ་རྣམས་ལ་ཟས་དང་། སྐོམ་ལྷག་མར་གྱུར་པ་འམ། ་ཕྱིས་ས་དང་། གཅིན་དང་། མཆིལ་མུ་དང་། སྣབས་དང་། སྐྱུགས་པ་དང་། དམྱང་བུ་དང་། རྣོག་དང་། ཁྲག་གིས་འབྲགས་པ་དང་། ཞག་ལོན་པའི་ཁེངས་བུ་མ་བསྙད་མ་སྦྲན་པ། འབྲས་ཆན ་དོང་། ཟན་དྲོན་དྲོར་བར་འོས་པ་རྣམས། དེ་བཞིན་དུ་སྒྲོག་བཙོང་མི་ཟ་བ་དག་ལ་སྒྲོག་བཙོད་གི་འབུག་པ་ལ། དེ་བཞིན་པུ་ཤ་མི་ཟ་བ་དང་། ཆང་མི་འཐུང་བ་དག་ལ་ཆུང་དང་འདྲེས་ཤིང་ཆུད་དང་འབགས་པ་འམ། དེ་བཞིན་དུ་མི ་མཐུན་པའི་ལས་བྱེ་དུ་མི་འཇུག་ཅིང་། བྱང་ཆུབ་སེམས་དཔའ་གཞན་དག་ལ་སྦྱིན་པ་སྦྱིན་པར་མི་བྱེད། འདི་ལྟ་བུ་དང་མཐུན་པ་རྐྱེན་དུ་མི་འབབ་པའི་སྦྱིན་པ་སྦྱིན་པར་མི་བྱེད།། བྱང་ཆུབ་སེམས་དཔའ་ནི ་སློང་བ་པོ་ཡང་དང་བསླང་དགོས་པ་དང་། སོང་ཞིང་ཕྱིར་འོང་དུ་གཞུག་པ་དང་། བསྙེན་པས་འཚོ་བའི་ཚུལ་གྱིས་སྟོན་རྨོངས་ཤིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད། བསླངས་མ་ཐག་ཁོ་ནར ་སྦྱིན་པར་བྱེད།། བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང་། སྒྲ་དང་ཚིགསུ་བཅད་པ་ལ་བརྟེན་ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེདདོ།། ཕ་རོལ་ལྔ་ལན་འོང་བ་ལ་བཱརྟིན་པོ་དང་། བརྒྱ་བྱིན་དང་། བདུད་ཉིད་དང་། ་འཁོར་ལོས་སྒྱུར་བ་ཉིད་དང་། དབང་ཕྱུག་ལ་བརྟེན་ཅིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད། ཕ་རོལ་རྒྱལ་པོ་དང་། ཞང་བློན་ཆེན་པོ་དང་། གྲོང་བརྡལ་གྱི་མི་འམ། ལྗོངས་ཀྱི་མི་རྣམས་དང་། བྲམ་ཟེ་རྣམས་དང་། ཁྱིམ་བདག ་རྣམས་དང་། ཕྱུག་པོ་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་ཀྱིས་གཏོང་ཕོད་པ་དང་། སྦྱིན་བདག་ཡིན་པར་ཤེས་ནས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་པར་འགྱུར་ཀྱང་བཅི ་མ་རུང་སྙམ་སྟེ། གཞན་དག་ལ་ཚུལ་འཆོས་པའི་ཕྱིར་སྦྱིན་པ་ཡང་མི་བྱེད་པའི་ཕྱིརརོ།། བཀྲེན་པའི་ཚུལ་དུ་སྦྱིན་པ་སྦྱིན་པར་ཡང་མི་བྱེད། ཉུང་ལས་ཀྱང་ཕལ་ཆེརཱི་སྦྱིན་པར་བྱེད་ན། མང་པོ་ལྟ་ཅི་སྨོས། འདི་སྦྱིན ་པ་དེས་བྲིང་དེ་ཡིད་ཆེས་པར་བྱས་ལ། དེའི་འོག་ཏུ་བསླ་བར་བྱའོ་སྙམ་སྟེ། གཞོན་དག་ལ་གླགས་བཙལ་པོའི་ཕྱིར་སྟོན་པ་སྦྱིན་པར་ཡང་མི་བྱེདདོ།། འདི་ལྟ་སྟེ། སྤྲིན་པས་གྲོང་ངམ། གྲོང་གི་ཕྱོགས་གཅིག་གམ། ་ལྗོངས་སམ། ལྗོངས་ཀྱི་ཕྱོགས་གཅིག་གི་དབྱེན་བྱས་ཏེ། བདག་པོ་དག་ལས་ཕྲོགས་ལ་བཀུར་བར་བྱའོ་སྙམ་དུ། གཞན་དག་དང་དབྱེ་བའི་ཕྱིར། གཞན་དག་ལ་དབྱེ་བ་སྦྱིན་པ་སྦྱིན་པར་མི་བྱེད།། བྱང་ཆུབ་སེམས ་དཔའ་ནི་མཁས་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་ཕོད་ཅིང་བདག་ཉིད་ཀྱིས་ལྟ་གོན་དུ་བསྡོགས་པ་ཡིན་ཏེ། སྦྱིན་པར་བྱ་བྲུའི་དངོས་པོ་ཡོངསུ་གཏོང་བའི་སྔོན་དུ་འགྲོ་བས། རང་གིས་ཀྱང་སྦྱིན་པར་བྱེད་ལ། ་གཞན་དག་ཀྱང་སྦྱིན་དུ་འཇུག་ཅིང་། བདག་ཉིད་སྙོམ་ལས་མེད་པར་བསྟན་ཏེ། གཞན་དག་སྐྱོན་དུ་འཇུག་ཅིང་མངག་པོར་ཡང་མི་བྱེད། སློང་བའི་ཚོ་གས་ཆེན་པོ་འདུས་པ། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས ་འཆལ་པ་རྣམས་འདུས་ཤིང་འཁོད་པར་ཤེས་ནས། རྒན་རིམ་ནས་གཞོན་རིམ་གྱི་བར་དུ་གྲལ་རིམ་བཞིན་དུ་ཡང་དང་ཡང་འགྲེ་ཞིང་འོང་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཐམས་ཅད་སྦྱིན་པར་བྱེདདོ།། བྱང་ཆུབ ་སེམས་དཔའ་ནི་ལོངས་སྤྱོད་མང་པོ་རྒྱ་ཆེ་ཞིང་རྒྱས་པ་ཡོད་བཞིན་དུ་སྤྲིན་པ་ཉུ་དུ་སྦྱིན་པར་མི་བྱེད།། གཞན་པ་དག་ལ་རྩེ་བའི་ཕྱིར། གཞན་དག་ལ་སྦྱིན་པ་སྦྱིན་པར་མི་བྱེད།། གཤེ་བ་འམ། ཁྲོ་བོ་འམ། རྡེག་པ ་འམ། བསྡིགས་པ་འམ། གླང་པོ་འམ། གསད་པ་འམ། བཅིང་བ་འམ། གཅོད་པ་འམ། གོ་རར་གཞུག་པ་འམ། བསྐྲང་བའི་ཕྱིར་སྦྱིན་པར་མི་བྱེད།། བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་སྔ་རོལ་ཉིད་ནས ་ཀྱང་ཡད་དག་དྷཱ་སྦྱིན་པ་སྦྱིན་པའི་ཚེ་དང་སྦྱིན་དགྱུ་བྱུར་བྱེད་རྙིང་སྦྱིན་ནས་ཏྱཱ་འགྱོད་པ་མེདོ།། ནོར་། སཱུ་ཀ་དང་། ནྣནྟ་དང་། ད་། རྒྱུན་ཤྨངྐ་དང་། བྲུ་རུ ་སོགས་པ་འདྲ་བར་བཅོས་པ་རྣམས་ཀྱང་དེ་འདོད་པའི་སེམས་ཅན་རྣམས་ལ་གཡོ་རྒྱུའི་སྦྱིན་པ་སྦྱིན་པར་མི་བྱེད།། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་དངོས་པོ་ཉུ་ང་འམ། མང་པོ་ཅི་ཡང་རུང་སྟེ། སྔ་ནས ་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་མ་བཏང་བ་མེད། ཕྱིས་སློང་བ་པོས་བདག་གི་ནོར་བརྣོན་པོར་བཏང་བ། བྱང་ཆུབ་སེམས་དཔའ་ལས་ཕྱིར་འགུགས་པ་བཞི་ནོ།། བྱང་ཆུབ་སེམས་དཔའ་ནི་དུས་དུསུ་སྦྱིན ་པབར་བྱེད་ཀྱི། དུས་མ་ཡིན་པར་ནི་མ་ཡིན།། བདག་དང་ཕ་རོལ་ལ་རུང་བ་སྦྱིན་པར་བྱེད་ཀྱི། མི་རུང་བ་ནི་མཱ་ཡི་ནོ།། ཚུལ་བཞིན་དུ་ཡིད་ལ་བྱེད་ཀྱི། ཚུལ་བཞིན་མ་ཡིན་པར་མི་བྱེད།། སེམས་མ་གཡེངས་པས ་སྦྱིན་པར་བྱེད་ཀྱི། སེམས་གཡེངས་པས་ནི་མ་ཡིནོ།། བྱང་ཆུབ་སེམས་དཔའི་ནི་སློང་བ་ལཱ་འཕྱ་བར་མི་བྱེད་ཀྱི། བསྒྱིང་བར་མོ་བྱེད་ཅིང་། དེ་སླེ་བཀོང་བར་ཡང་མི་བྱེད།། ཁྲོ་གཉེར་ཅན་དུ་ཡང་མི་བྱེད།། ་བཞིན་གྱི་མདངས་གསལ་ཞིང་སྔར་འཛུམ་ལ་གསོང་པོར་སྤྲོ་བར་བྱེད།། སྦྱིན་པ་བརྒྱངས་ཏེ་སྦྱིན་པར་མི་བྱེད་ཀྱི། ལ་གོར་སྦྱིན་པར་བྱེད།། བྱང་ཆུབ་སེམས་དཔའ་ནི་མ་མོངས་པར་བདག་ཉིད་ཀྱིས་སྐབས་ཕྱེན ་གཞན་དག་ལ་སུ་ཅི་འདོད་པ་དེ་ལ་སྦྱིན་པར་བྱེའོ།། རདྭ་རང་གིས་བླངས་པ་དེ་དག་ལའང་རྗེ་སུ་གནང་བར་བྱེདའོ།། བྱང་ཆུབ་སེམས་དཔའ་ནི་འཆལ་པའི་ཤེས་རབ་ཀྱིས་སྦྱིན་པར་མི་བྱེད།། སྦྱིན་པ་ནི་ཤེས་རབ་ཅན་གྱི ་སྦྱིན་པ་ཁོ་ན་སྦྱིན་པར་བྱེད།། བྱང་ཆུབ་སེམས་དཔའི་ཤེས་རབ་ཅན་གྱི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ཡོད། བདོག་ན་སློང་བ་མ་འོངས་པའི་སྔ་རོལ་ཉིད ་ནོས། སེམས་ཅན་འདི་སྙམ་དུ་མངོན་པར་འདུ་བྱེད། སྦྱིན་པར་བྱ་བའི་ཆོས་བདོག་ཀྱང་རུང་། མ་བདོག་ཀྱང་རུང་ཟང་ཟིང་གི་སྦྱིན་པ་ཁྱིམ་པ་དབང་དུ་བྱས་པ། གལ་ཏེ་སྐྱིད་ཅིང་བཀྲེན་པ་མ་ཡིན ་ལ། འཕོངས་པ་མ་ཡིན་པ། མགོན་དང་བཅས། རྟེན་དང་བཙོས་པ་དང་། སྡུག་ཅིང་བཀྲེན་ལ་འཕོངས་ལ་མགོན་མེད་པ། རྟེན་མེད་པ་རྣམ་པ་གཉིས་ཤིག། བདག་ལ་སློང་དུ་འོངས་ན་དེ་ལ་བདག་གིས ་གལ་ཏེ་གཉི་ག་ཡང་ཡིད་ཚིམ་པར་ཡང་བྱ་བ་དང་། འདོད་པ་བཞིན་དུ་ཡོངསུ་བསྐང་བའི་ལོངས་སྤྱོད་འབྱོར་ན་ནི་དེའི་ཚེ་བདག་གིས་གཉི་ག་ཡང་ཚིམ་པར་བྱ་ཞིང་གཉི་གའི་འདོད་པ་ཡོངསུ་བསྐང་བར་བྱའོ།། ་གལ་ཏེ་བདག་གིས་གཉི་ག་ཚིམ་པར་བྱ་བ་འོམ། འདོད་པ་བཞིན་དུ་ཡོངསུ་བསྐང་བར་བྱ་བའི་ལོང་སྤྱོད་མི་འབྱོར་ན་ནི་སྐྱིད་པ་ཤོས་བཏང་སྟེ། སྡུག་པོ་ཤོསོ་ལ་སྦྱིན་པ་སྦྱིན།། བཀྲེན་པ་མ་ཡིན་ཞིང་ཕོངས ་པ་མ་ཡིན་ལ་མགོན་དང་བཅས། བརྟེན་དང་བཅས་པ་བཏང་སྟེ། བཀྲེན་ཞིང་ཕོངས་པ་མགོན་མེད་པ་དང་། རྟེན་མེད་པ་ལ་སྦྱིན་པ་སྦྱིན་པར་བྱའོ་སྙམ།། དེ་དེ་ལྟར་ན་སེམས་མངོན ་བར་འདུ་བྱས་ནས། ཇི་ལྟར་མངོན་པར་འདུ་བྱས་པ་ཁོ་ན་བཞིན་དུ་ལསུ་སྒྲུབ་པར་བྱེད།། གལ་ཏེ་སློང་བ་སྐྱིད་པ་ཤོས་ཀྱི་འདོད་པ་བཞིན་དུ་ཡོངསུ་བཀང་བ་མ་ནུས་ན་ཡོད་དེས་བདག་གི་གནོད་སེམས་མངོན་པར་འདུ ་བྱེད་པའི་རྟོག་པ་སྔ་མ་དེ་ཉིད་ལ་བརྟེན་ཏེ། སློང་པོ་དེ་ལ་འདི་སྐད་དུ་སྡུག་པ་འདི་ལ་སྦྱིན་པར་བྱ་བའི་དངོས་པོ་འདི་ངས་བཏང་ཟིན་ཏེ། སྔ་ནས་ཡི་དམ་དུ་བཅས་པའི་ཕྱིར་རམ། འདི་ལ་བྱིན་པ་ཡིན་གྱི། ཁྱོད་ལ་སྦྱིན་མི་འདོད ་པོ་མ་ཡིན།། དེ་བས་ན་བཞིན་བཟངས་ཁྱོད་དོ་བཟློགོ་སྙམ་དུ་དུ་ལ་མ་སེམས་ཤོག་ཅེས་ཤད་ཀྱིས་བྱང་བར་བྱས་ཏེ། གཏོང་བར་བྱེད།། གཞན་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པར་བྱ་བའི་ཆོས་དག་ཡོད། བདོག ་ན་སེར་སྣ་ཅན་གྱི་ཁྱིམ་དང་། མཆོག་ཏུ་སོར་སྣ་ཅན་གྱི་ཁྱིམ་ཡོ་བྱད་རྣམས་ཀུན་ཏུ་འཛིན་ཅིང་འཇུང་སོ་ལ། ལན་འགའ་ཡང་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་སྟོན་པར་བྱ་བའི་ཆོས་རྣམས་བཏོང་མ་མྱོང་བའི་ཁྱིམ་དེ་དག་ཏུ ་བྱང་ཆུབ་སེམས་དཔའ་སོང་ནས། ཡང་དག་པར་མགུ་བོར་བྱས་ཤིང་བག་ཕེབས་པར་བྱས་ཏེ། འདི་སྐད་དུ། ཀྱེ་ཚུར་ཤོག། ཁྱོད་ནོར་གོད་པ་མེད་པར་དེ་ལ་ཕོན་གདགས་པ་ཆེན་པོས་ཉེ་བོར་གནས་པར་གྱིས་ཤིག ་ངའི་ཁྱིམ་ན་ལོངས་སྤྱོད་རྒྱ་ཆེན་པོ་དང་། སྦྱིན་པར་བྱ་བའི་ཆོས་རྒྱ་ཆེན་པོ་དག་ཡོད། ངའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་སློང་བ་པོ་འདོད་ཀྱིས་གལ་ཏེ་ཁྱོད་སློང་བ་དང་ཕྲད་ན་བཟློག་སྟེ། མ ་བཏང་བར་ཡང་ནུ་ནི། དའི་ནོར་སྦྱིན་པར་བྱ་བློའི་ཆོས་ལས་ལོང་ལ་དེ་དག་ལ་ཅི་བདེར་བྱིན་ཅིག། ཡང་ན་ནི་སློང་པོ་དེ་དག་ངའི་ཐད་དུ་ཁྲིད་དེ་ཤོག་ཤིག། ངས་སྦྱིན་པ་སྦྱིན་པ་རྗེ་སུ་ཡི་རང་བར་ཡང་གྱོས་ཤིག་ཅེས་བསྒོའོ།། ་དེ་དག་གིས་ཀྱང་དེ་ལས་ཐོས་ནས། ནོར་མི་འགོད་ཅིང་དགའ་བར་བྱ་བས་རིགས་ཀྱི་བུ་འདི་དག་ལ་སེམས་དགའ་བར་འགྱུར་སྙམ་སྟེ། དེ་བཞིན་དུ་བྱེད་པར་འགྱུ་རོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དེས་དེ་དག་ལ་ཕྱི་མ ་སེར་སྣའི་དྲི་མ་བསྲེལ་བའི་ས་བོན་བཏབ་པ་ཡིན་ཏེ། རིམ་གྱིས་གོམས་པར་བྱས་པ་དེ་དག་ཤེས་རབ་སྔོན་དུ་འགྲོ་བའི་ཐབས་ལ་མཁས་པ་དེས་ན་རང་རང་གིས་ཀྱང་ནོར་ཉུ་ངུ་སྦྱིན་པར་བྱེད་ཅིང་མ་ཆགས་པ་ཉུ་དུ་ལ་བརྟེན ་ནས་འབྲིང་པོ་ཐོབ་པར་འགྱུར་ལ། འབྲིང་ལ་བརྟེན་ནས་ཆེན་པོ་ཐོབ་པར་འགྱུརརོ།། གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་མཁན་པོ་དང་། སློབ་དཔོན་དང་། ལྷན་ཅིག་གནས་པའི་སློབ་མ་དང་། ཚངས་པ་མཚུངས ་པར་སྤྱོད་པ་གང་སྤྱོད་པ་གང་དག་ཆགས་པའི་རང་བཞིན་ཅན་དང་། བརྐམ་པའི་རང་བཞིན་ཅན་ཡིན་ནམ། གང་དག་བརྐམ་པའི་རང་བཞིན་ཅན་མ་ཡིན་ཡང་སྦྱིན་པར་བྱ་བའི་ཆོས་མེད། འདོད་པས་འཕོངས་པར་གྱུར་ན།། ་དེ་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་བརྟེན་པ་འམ། ཆོས་དང་དགེ་འདུན་ལ་བརྟེན་ཏེ། སྦྱིན་པ་ལས་བྱུང་བའི་བསྐྱོད་ནམས་བྱ་བའི་དངོས་པོ་བྱེད་པར་འདོད་པས་སྦྱིན་པར་བྱ་བའི་ཆོས་དེ ་རྣམས་དེ་དག་ཉིད་ལ་སྦྱིན་ཞིང་དེ་དག་བྱེད་དུ་འཇུག་ཏེ། བདག་ཉིད་མི་བྱེད།། དེ་ལྟར་བྱས་པས་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་ཀྱིས་ཀྱང་བསོད་ནམས་ཤིན་ཏུ་མང་དུ་བསྐྱེད་པ་ཡིན། ཆོངས་པ་མཚུངས་པར ་སྤྱོད་པ་དེ་ཁ་ཅིག་གིས་ཉོན་མོངས་པ་ཡང་བརྟུལ་བ་ཡིན། དེ་ཁ་ཅོག་གི་ཆོས་འདོད་པོ་ཡང་ཡོངསུ་རྫོགས་པར་བྱ་བ་ཡིན་ཏེ། སེམས་ཅན་བསྡུས་པ་དང་། སེམས་ཅན་ཡོངས་སྨིན་པར་བྱས་པར་ཡང་འགྱུར་རོ།། ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ཡོད། བདོག་ན་སློང་བ་པོའི་བསམ་པ་མཚན་མོ་ཙམ་གྱིས་རྟོགས་ན་ཡང་ཅི་འདོད་པ་སྦྱིན་པར་བྱ་བའི་ཆོས་རྣམས་སྦྱིན་པར་བྱེད།། གང་ཞིག་འདི་སྒྱུ་ཚོ ་གི་བྲིད་པར་བྱའོ་སྙམ་སྟེ། དེའི་ཐད་དུ་འོངས་ན་ཡང་དེའི་བསམ་པ་རྟོགས་ན་ཡང་དེའི་ཉེས་པར་སྤྱོད་པ་གཞན་དག་ལ་ཡང་འཆབ་པར་བྱེད་ན། དེ་ཉིད་ལྟ་ལ་ཅི་སྨོས། དེའི་འདོད་པ་ཡོངསུ་རྫོགས་པར་བྱེད་ལ་ཅི་ནས ་ཀྱང་དེའི་སྐྱེད་པར་མི་འགྱུར་བ་དང་། མགུ་ཞིང་འཇིགས་པ་མེད་པ་དང་། ཡིད་དགའ་བར་འགྱུར་བསོ་ཕྱིར་འགྲོ་བར་བྱེདའོ།། གང་གིས་བྱང་ཆུབ་སེམས་དཔའ་གཡི་སྒྱུས་བྲིད་པར་གྱུར་ལ། བྲོང་པ་དེ་ཡང་དེས་སྔར་མ ་རྟོགས་ཏེ། ཕྱིས་རྟོགས་པར་གྱུར་ན་ཡང་འདྲིད་པའི་གང་ཟག་དེ་ལ་གཞི་དེས་གླེང་བ་འམ། དྲན་པར་མི་བྱེད་ལ། དེའི་རྒྱུ་ཐབས་ཀྱིས་མ་བྱིན་པར་ལེན་པ་དེ་དག་ཐམས་ཅད་ལ་ཡང་བསམ་པས་རྗེ་སུ་དགའ་བར་བྱེད། དེ་ལྟ་བུ ་ང་མཐུན་པ་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཡོདདེ། བདོག་པ་རྣམས་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྨྱོན་པར་བྱ་བའི་ཆོས་དག་མེ། ་མི་བདོག་ན་ཡང་བྱང་ཆུབ་སེམས་དཔའ་བཟོ་དང་ལས་ཀྱི་གནས་དེ་དང་དེ་དག་ལ་སྦྱངས་པ་དེ་བཟོ་དང་ལས་ཀྱི་གནས་དེ་ལྟ་བུ་མངོན་དུ་བྱེད་ཅིང་། དེས་ཚུགསོ་ཆུ་ངས་ནོར་གྱི་ཕུང་པོ་ཆེན་པོ་བསྒྲུབས་ཏེ་གནསོ།། ཡང་ན ་བྱང་ཆུབ་སེམས་དཔའ་གཏམ་སྣ་ཚོགས་དང་། སྙན་པའི་གཏམ་དང་། སྤོབས་པ་དགེ་བ་དང་ལྡན་པ་ཅི་ནས་སེམས་ཅན་དངུལ་པོ་རྣམས་ཀྱང་སྦྱིན་པར་བྱེད་འདོད་པར་གྱུར་ན། ཕྱུག་པོ་རྣམས་ལྟ་སྨོས་ཀྱང་ཅི ་འཚལ་བ་དང་། སེར་སྣ་ཅན་རྣམས་ཀྱང་སྦྱིན་པར་བྱེད་པར་འདོད་པར་གྱུར་ན། གཏོང་བའི་རང་བཞིན་ཅན་རྣམས་ལྷ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུར་གཞན་དགོ་ལ་ཆོས་སྟོན་པར་བྱེདདོ།། ཡང་ན་སློང་བ་པོ་ལྷག་ཤིང་སྐྱུགས། ་རྣམས་དད་པ་དང་ལྡན་པའི་ཁྱིམ་གང་དག་ནོ་ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་པས་ཉིན་གཅིག་བཞིན་དུ་སྦྱིན་པར་བྱ་བའི་ཆོས་ཁོ་ན་ལ་འཇུག་པའི་ཁྱིམ་དེ་དག་ཏུ་གཏོང་བར་བྱེའོ།། བདག་ཉིད་ཀྱང་སྦྱིན་པ་སྦྱིན་ཞིང་བསོད། ་ནམས་བྱེད་པ་དག་ཏུ་སོང་ནས་མཁས་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་པོདྲ་པས་སེམས་མངོན་པར་དགའ་བར་བྱས་ནས། ལུས་དང་ངག་གིས་ཅི་ནུས་ཅི་ལྕོགས་ཀྱིས་ཉམ་སུ་ལེན་པར་བྱེད ་ན། སྦྱིན་པ་དེ་ཡང་སློང་བ་རྣམས་ལ་ལོགས་པར་སྦྱིན་པར་བྱེདའོ།། དེ་ལྟར་ན་ངོ་མ་སྙོམས་པ་དང་། ཚུལ་མ་ཡིན་པ་འམ། བརྗེད་ངས་པས་ཞལ་ལྷ་བྱེད་པ་དང་། མི་མཐུན་པའི་ཕྱིར་སྦྱིན་པ་དེ་ཉེས་པར་བྱིན་པར་འགྱུར་བ ་གང་ཡིན་པ་དེ་མེད་པར་འགྱུར།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་བསམ་པ་རྣམ་པར་དག་པ་མ་ཐོབ་ཀྱི་བར་དུ་ལོངས་སྤྱོད་དག་མེད། མི་བ་དོག་བཞིན་དུ་ཤེས་རབ་ཅན་གྱི་སྦྱིན་པ་སྦྱིན་པར་བྱེད་པ་ཡིནོ།། བྱང ་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་ནི་ཇི་ལྟ་བུར་ངན་སོང་ལས་ཡང་དག་པར་འདས་པ་ཐོབ་པར་འགྱུར་བ་དེ་ལྟ་བུར་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཟད་མི་ཤེས་པ་ཐོབ་པར་འགྱུར་རོ།། གཞན་ཡང་བྱང་ཆུབ ་སེམས་དཔའ་ནི་མུ་སྟེགས་ཅན་གླེགས་བམ་འཚོལ་བ་ལ་ཆོས་ཁས་འཆད་པ་འམ། གླེགས་བམ་དུ་བྱས་པ་ལ་ཡང་སྦྱིན་པར་མི་བྱེད།། ཆགས་པའི་རང་བཞིན་ཅན་གླེགས་བུམ་འཚོང་བར་འདོད་པ་འམ། སྦེད ་བར་འདོད་པ་འམ། དེ་ཤེས་པས་དོན་དུ་གཉེར་བ་མ་ཡིན་པ་ལས་ཡང་སྦྱིན་པར་མི་བྱེད།། ཤེས་རབ་འདོད་པ་ལ་ནི་གལ་ཏེ་གླེགས་པོམ་བདག་ལ་དགོས་པའི་དོན་བྱས་ཟིན་ན། དེ་ལ་ཅི་བདེར་སྦྱིན་པར་བྱེ།། གལ་ཏེ ་དེས་གང་གི་དོན་དུ་གླེགས་བམ་དེ་བསྒྲུབ་པའི་དོན་མ་གྲུབ་ན་ནི། འདི་ལྟར་བྱང་ཆུབ་སེམས་དཔའ་དེས་དཔེ་གཞན་མཐོང་ནུ་སྦྱིན་པར་བྱེད།། ཡང་ན་ནི་གཞན་བྲིས་ཏེ་སྦྱིན་པར་བྱེད།། གལ་ཏེ་དཔེ་གཞན་ཡང་མ་མཐོང་ངམ། འདྲི་ཡང ་མི་ནུས་ན་ནི་དེས་ཐོག་མ་ཁོ་ནར་བདག་གི་སེམས་ལ་བརྟག་པར་བྱ་སྟེ། བདག་གི་སེམས་ཆོས་ལ་སེར་སྣ་བྱེད་པའི་དྲི་མོས་ཀུན་ནས་དཀྲིས་པར་མ་གྱུར་གྲང་། བོདག་ཆོས་བྲིས་པ་སྙིང་ནས་སྦྱིན་པར་མི་འདོད་པ་ཁོ་ན་མ་ཡིན་གྲང ་སྙམ་དུ་བརྟག་པར་བྱའོ།། གལ་ཏེ་དེ་ལྟར་བརྟགས་པ་ན་བདག་ལ་ཆོས་ལ་སེར་སྣ་བྱེད་པ་ཆུང་ཟད་ཀུན་ཏུ་སྤྱོད་པ་ཡང་ཡོད་སྙམ་དུ་ཤེས་ན་ནི། བྱང་ཆུབ་སེམས་དཔའ་དེས་འདི་སྙམ་དུ་གལ་ཏེ་བདག་ཆོས་ཀྱི་སྦྱིན་པ་འདིས་ཚེ་འདི ་ལ་ལྐུག་པ་ཁོ་ནར་འགྱུར་ན་ཡང་བདག་གིས་ཉོན་མོངས་པ་དང་དུ་བླང་བར་མི་བྱ་སྟེ། ཆོས་ཀྱི་སྦྱིན་པ་ངེས་པར་སྦྱིན་དགེས་ན། ཡེ་ཤེས་ཀྱི་ཚོགས་མེད་པར་འགྱུར་བ་ལྟ་ཅི་སྨོས་སྙམ་དུ་སེམས་མངོན་པར་འདུ་བྱས་ཏེ།། ་ཆོས་ཀྱི་སྦྱིན་པ་དེས་ངེས་པ་ཁོ་ནར་སྦྱིན་པར་བྱའོ།། གལ་ཏེ་དེ་ལྟར་རྟོག་པ་ན་བདག་ལ་ནཱི་ཚྭ་སོ་ལ་སེར་སྣ་བྱེད་པོའི་དྲི་མ་ཆུང་ཟད་ཙམ་དུ་ཀུན་ཏུ་སྤྱོད་པ་ཡང་མདོ་སྙམ་དུ་ཤེས་ན་ནི། བྱང་ཆུབ་སེམས་དཔའ་དེས་འདི ་ལྟར་བསླབ་པར་བྱ་སྟེ། བདག་གིས་ནི་ཉོན་མོངས་པ་གཞོམ་པའི་ཕྱིར་རམ། ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པར་བྱ་བའི་ཕྱིར་རམ། སེམས་ཅན་དགའ་བར་བྱ་བའི་ཕྱིར་ཆོས་ཀྱི་སྦྱིན་པ་འདི་སྦྱིན་པར་བྱ་བ་ཡིན་ན། ་ངས་ཉོན་མོངས་པ་ཡང་མ་མཐོང་ལ། མ་བྱིན་ན་ཚེ་འདི་དང་ཕྱི་མ་ལ་ཡེ་ཤེས་ཀྱི་ཚོགས་ཆེས་མང་དུ་མཐོང་ལ། བྱིན་ན་ནི་རྟོགས་པ་ཆེན་པོར་མི་འགྱུར་ཞིང་ཚེ་ཕྱི་མ་ལ་ཆོས་ཀྱི་རྙེད་པ་ཆེན ་པོར་འགྱུར་གྱི། ཆུང་བ་མ་ཡིན་ལ། མ་བྱིན་ན་ནི་ངས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བའི་ཕྱིར་ཡེ་ཤེས་བསྒྲུབས་པས་སེམས་ཅན་གཞན་ཐམས་ཅད་དགའ་བར་བྱེད་པར་འགྱུར་གྱི། བྱིན་དུ ་ཟིན་ན་ནི་སེམས་ཅན་འདི་གཅིག་པུ་དགའ་བར་འགྱུ་རོ་སྙམ་སྟེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་གལ་ཏེ་བྱང་ཆུབ་སེམས་དཔའ་མ་བྱིན་ན་ནཱི། ཁ་ན་མྱ་ཐོ་བཱར་ཡང་མི་འགྱུར། འགྱེད་པར་ཡང་མི་འགྱུར། ་བྱང་ཆུབ་སེམས་དཔའི་ཚུལ་ལས་ཀྱང་འགལ་བར་ཡང་མི་འགྱུརརོ།། ཇི་ལྟར་མྱི་སྦྱིན་ཅེ་ན། བྱང་ཆུབ་སེམས་དཔའི་ནི་སློང་བ་ལ་ཁྱོད་ལ་མི་སྦྱི་ན་ཞེས་ཚིག་བརླང་པོས་ཕྱིར་ཟློག་པར་མི་བྱེད་མོད་ཀྱི། འོན་ཀྱང་ཐབས ་མཁས་པས་བརྡ་སྤྱད་ཏེ། གཏོང་བར་བྱེད།། དེ་ལས་ཐབས་མཁས་པ་ནི་འཛི་ཡིན་ཏེ། བྱང་ཆུབ་སེམས་དཔས་ནི་ཡོ་བྱད་ཐམས་ཚོད་དང་སྦྱིན་པར་བྱ་བའོ་ཆོས་ཐམས་ཅད་ཐོག་མ་ནུས་ཕྱོགས་བཅུའི་སངས་རྒྱས ་དང་། བྱང་ཆུབ་སེམས་དཔའ་རྣམས་ལོ་བསམ་པ་རྣམ་པར་དག་པས་ཕུལ་ཞིང་བསྔོས་ཟིན་ཏེ། དཔེར་ན་དགེ་སློང་གིས་སློབ་དཔོན་ནམ། མཁན་པོ་ལ་ཆོས་གོས་བསྔོས་པ་བཞིནོ།། དེས་ངོ་ལྟར་བསྔོས་པའི་ཕྱིར ་ཡོ་བྱད་དང་སྦྱིན་པར་བྱ་བའི་ཆོས་སྣ་ཚོགས་རྒྱ་ཆེན་པོ་ཐམས་ཅད་བསྔགས་པར་གྱུར་དུ་ཟིན་ཀྱང་འཕགས་པའི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། བསོད་ནམས་དཔག་ཏུ་མེད་པ་ཡང་འཕེལ་བར ་འགྱུརརོ།། དེའི་བསོད་ནམས་དེ་ཡང་རྟག་ཏུ་དུ་ལན་མང་དུ་ཡིད་ལ་བྱེད་པས། དུས་ཐམས་ཅད་ལྡན་པར་མངོན་པར་འཕེལ་བར་འགྱུརརོ།། དེས་སྦྱིན་པར་བྱའི་ཆོས་དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་རྣམས་ཀྱི་གཏམས་ཏེ། གཞག་པ་དང་འཕྲོ་བར་འཆང་བར་བྱེད།། གལ་ཏེ་སློང་བ་པོ་མཐོང་ལ་དེ་ལ་སྦྱིན་པའི་ཆོས་ཅི་འདོད་པ་སྦྱིན་པར་འོས་པོ་ཞིག་མཐོང་ན་ནི། དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་རྣམས་ཀྱི་སེམས་ཅན་རྣམས་ལ་ཡོངསུ་མྱུ་བཏང་བ་དེ་གྲད་ཡོང་མེ་དོ་སྙམ་དུ་ཤེས་པར་བྱས་ནས། སློང་བ་པོའི་འདོད་པ་ཡོངསུ་རྫོགས་པར་བྱེད།། གལ་ཏེ་འོས་པ་མ་ཡིན་པརྱ་མཐོང་ན་ན་དེས་རྟོག་པ་དེ་ཉིད ་ལ་རྟེན་ནས། བཞིན་བཟངས་དག་འདི་ནི་གཞན་གྱི་ཡིན་ཏེ། ཁྱེད་ལ་སྦྱིན་པ་གནང་པོ་མེ་དོ་ཞེས་དེ་ལ་ཚིག་འཇམ་པོ་སྤུ་གོ་བར་བྱས་ཏེ་གཏོང་བུར་བྱེདདོ།། ཡང་ན་དེ་གཞན་དེའི་ཉིས་འགྱུར་རམ། སུམ ་འགྱུར་སྦྱིན་ཞིང་རིམ་གྲོ་དང་། བཀུར་སྟི་བྱས་ནས་གཏོང་བར་བྱེད།། ཅི་ནས་དེ་བྱང་ཆུབ་སེམས་དཔའ་འདི་ནི་ཆགས་པའི་རང་བཞིན་ཅན་དུ་གྱུར་ཏེ། བདག་ཅག་ལ་སྦྱིན་པར་མི་འདོད་པ་མ་ཡིན་གྱི། འདི་ནི་གླེ ་བམ་གྱི་ཆོས་འདི་ནི་སྦྱིན་པའི་དབང་མེད་པ་ཞིག་གོར་མ་ཆགས་ཏེ། དེའི་ཕྱིར་སྦྱིན་པར་མི་བྱེད་སྙམ་དུ་ཤེས་པར་བྱེད། འདི་ཡང་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྦྱིན་པས་བརྩམས ་ཏེ། ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་དང་ཟང་ཟིང་གི་རང་བཞིན་གྱི་སྦྱིན་པ་ཐམས་ཅད་རྣམ་གྲངས་དང་། མཚན་ཉིད་དང་། ངེས་པའི་ཚིག་དང་། རྒྱུ་དང ་འབྲས་བུ་དང་། རབ་ཏུ་དབྱེ་བ་ལས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་སྦྱིན་པར་བྱེད། འདི་ཡང་བྱང་ཆུབ་སེམས་དཔའི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ནི ་སེམས་ཅན་ལ་གནོད་པ་བྱེད་པ་རྣམས་ལ་བྱམས་པའི་བསམ་པས་སྦྱིན་པ་སྦྱིན་པར་བྱའོ།། སྡུག་བསྔལ་བ་རྣམས་ལ་ནི་སྙིང་རྗེའི་བསམ་པ་དང་། ཡོན་ཏན་ཅན་རྣམས་ལ་དགའ་བའི་བསམ་པ་དང་། ཕན་འདོགས་པ་རྣམས ་དང་། མཛའ་ཤེས་རྣམས་དང་། སྙིང་དུ་སྡུག་པ་རྣམས་ལ་ནི་བཏང་སྙོམས་ཀྱི་བསམ་པས་སྦྱིན་པ་སྦྱིན་པར་བྱེད། འོད་ཡང་བྱང་ཆུབ་སེམས་དཔའི་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་བྱང ་ཆུབ་སེམས་དཔའ་ནི་སྦྱིན་པའི་གེགས་བྱེད་པ་དང་། སྦྱིན་པའི་གེགས་བྱེད་པའི་གཉེན་པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། དེ་ལ་སྦྱིན་པའི་གེགས་བྱེད་པ་ནི་བཞི་སྟེ། བཞི་གང་ཞེ་ན། སྔོན་མ་གོམས ་པ་དང་། སྦྱིན་པར་བྱ་བའི་ཆོས་ཉུངས་ཏེ་མི་ལྡན་པ་དང་། དངོས་པོ་མཆོག་དང་ཡི་དུ་འོང་བ་ལ་ཞེན་པ་དང་། ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་འབྲས་བུ་ལ་ལྟ་ཞིང་མངོན་པར་དགའ་བའོ།། གང་གི་ཕྱིར་བྱང་ཆུབ ་སེམས་དཔོའི་སྦྱིན་པར་བྱ་བའི་ཆོས་དག་ཡོད་བཞིན་དུ་སློང་བ་པོ་ལེགས་པར་འོངས་པ་ནི་སྦྱིན་པ་མི་སེམས་མི་འཇུག་ན་དེ་ཉེས་པ་འདི་ནི་བདག་མ་གོམས་པའི་ལནོ་སྙམ་དུ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་པར་འགྱུར ་ཞིང་འདི་ལྟར་ཡང་བདག་གིས་ནི་སྔོན་སྦྱིན་པ་བྱིན་པར་གོར་མ་ཆུག་སྟེ། དེས་ན་བདག་དེ་ལྟར་ལོངས་སྤྱོད་རྣམས་ཀྱང་ཡོད་ལ། སློང་བ་པོ་ཡང་དག་པར་གནས་བཞིན་དུ་སྦྱིན་པ་ལ་སེམས་མི་འཇུག། གལ་ཏེ་ད་ལྟར ་སོ་སོར་བརྟགས་ནུས་སྦྱིན་པ་མ་བྱས་ནི་ཕྱི་མ་ལ་ཡང་བདུག་སྦྱིན་པ་ལ་ཞེ་སྡང་བར་འགྱུརརོ་སྙམ་དུ་རྟོགས་པར་བྱེད། དེས་དེ་ལྟར་རྟོགས་པ་ནས་ཀྱང་སྦྱིན་པའི་གེགས་བྱེད་པའི་གཉེན་པོ་ལ་བརྟེན་ནས་སོ་སོར་བརྟགས ་ཏེ་སྦྱིན་པར་བྱེད་ཀྱི། མ་གོམས་པའི་ལས་གྱུར་པའི་ཉེས་པའི་རྗེསུ་འབྲེང་ཞིང་དེའི་དབང་དུ་འགྲོ་བ་མ་ཡིན།། གཞན་ཡང་གལ་ཏེ་སློང་བ་པོ་ལེག་སྔོ་བར་འོངས་པ་ནི། ལོངས་སྤྱོད་ཆུང་བས་སྦྱིན་པ་ལ་བྱང་ཆུབ་སེམས ་དཔའོ་སེམས་མོ་འཇུག་ན་དེས་སྦྱིན་པའི་གེག་བྱེད་པའི་རྒྱུ་འཕོངས་པ་ལས་གྱུར་པ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས་འཕོངས་པ་ལས་གྱུར་པའི་སྡུག་བསྔལ་དེ་དང་དུ་བླངས་ཏེ། སོ་སོར་བརྟགས་ནས་སྙིང་རྗེས་སྦྱིན ་པ་སྦྱིན་པར་བྱེད། དེ་འདི་སྙམ་དུ་འཁོར་བ་ན་ཕ་རོལ་ལ་ཕན་བཏགས་པ་སྔོན་གྱི་ལས་ཀྱི་ཉེས་པ་འམ། གཞན་གྱི་དབང་དུ་བྱས་པས་བདག་གིས་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི ་སྡུག་བསྔལ་བཟོད་བརླག་མེད་པ་མང་དུ་མྱོང་བར་གྱུར་གྱིས། གལ་ཏེ་ཚེ་འདིའི་སྡུག་བསྔལ་གཞན་ལ་ཕན་འདོགས་པའི་རྒྱུ་ལས་བྱུང་བའི་སྦྱིན་པ་དེས་བདག་འཆི་ཞིང་དུས་བྱེད་པར་འགྱུར་དུ་ཟིན་ནས་ཀྱང་བདག་ནི་སྦྱིན་པ་ཁོ ་ན་ལེགས་པར་འགྱུར་གྱི། སློང་བ་པོ་ཕྱིར་ཟློག་པ་ནི་དེ་ལྟ་མ་ཡིན་གྱི། དེ་མེ་དུ་ཟིན་ཀྱང་ཁ་ཅིག་སྔོ་དང་ཅི་ཡང་རུང་བ་ཙམ་གྱིས་འཚོའོ་སྙམ་དུ་སེམས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔས་འཕོངས་པ་ལས་གྱུར་པོའི་སྡུག ་བསྔལ་དེ་དང་དུ་བླངས་ནས་སྦྱིན་པ་སྦྱིན་པར་བྱེད།། གཞན་ཡང་སློང་བ་པོ་ལེགས་པར་འོངས་ན། གལ་ཏེ་སྦྱིན་པར་བྱ་བའི་དངོས་པོ་ཤས་ཚར་ཡི་དུ་འོང་ཞིང་མཆོག་ཏུ་གྱུར་པའི་ཕྱིར་སྦྱིན་པ་ལ་བྱང་ཆུབ་སེམས་དཔས ་སེམས་མྱི་འཇུག་ན། བྱང་ཆུབ་སེམས་དཔས་ཞེན་པ་ལས་གྱུར་པའི་ཉེས་པ་དེ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས་བདག་སྡུག་བསྔལ་ལ་བདེའོ་སྙམ་དུ་བདག་གི་འདུ་ཤོས་ཕྱིན་ཅི་ལོག་པ་འདི་ནི་ཕྱིར་ལོག་པ། ་འདི་ནི་ལོག་པ། འདི་ཕྱི་མོ་ལ་ཙི་ལ་སྡུག་བསྔལ་བསྐྱེད་པ་ཡིན་སྙམ་དུ་ཕྱིན་ཅི་ལོག་ཏུ་ཡོངསུ་ཤེས་ནས། དེ་སྤངས་ཏེ་ཡོངསུ་སོ་སོར་བརྟགས་ནས་དངོས་པོ་དེ་སྦྱིན་པར་བྱེད།། གཞན་ཡང་བྱང་ཆུབ་སེམས་དཔའ་གལ ་ཏེ་སྦྱིན་པ་སྦྱིན་ནས། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོའི་ཕན་ཡོན་ལ་ལྟ་བར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕན་ཡོན་ལ་མྱི་ལྟ་བར་གྱུར་ན། བྱང་ཆུབ་སེམས་དཔའ་ལོག་པའི་འབྲས་བུ ་ལ་ལྟ་བ་ལས་གྱུར་པའི་ཉེས་པ་དེ་མྱུར་བ་མྱུར་བར་ཤེས་རབ་ཀྱིས་རྟོགས་ནས། འདུ་བྱེད་ཐམས་ཅད་སྙིང་པོ་མེད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་ཏེ། འདུ་བྱེད་ཐམས་ཅད་ནི་སྐད་ཅིག་ལ་འཇིག་པའི ་ངང་ཅན་དང་། འབྲས་བུ་ལོངས་སྤྱོད་པ་རྣམས་ནི་ཡོངསུ་ཟད་ནས། འཇིག་པའི་ངང་ཅན་དང་བྲལ་བས་འཇིག་པའི་ངང་ཅནོ་སྙམ་སྟེ། དེ་དེ་ལྟར་སོ་སོར་རྟོག་པ་ན་འབྲས་བུ་ལ་ལྟ་བ་སྤངས་ནས། སྦྱིན་པ་གང་ཅི་ཡང ་རུང་སྟེ། དེ་ཐམས་ཅད་བྱང་ཆུབ་ཆེན་པོར་ཡོངསུ་བསྔོས་པ་ཁོ་ནས་སྦྱིན་པར་བྱེད། འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་གགས་བྱེད་པ་རྣམ་པ་བཞི་། སྦྱིན་པ་ལ་གླེགས་བྱེད་པའི་གཉེན་པོ་རྣམ་པ་བཞི་ཤེས ་པ་ཡིན་པར་རིག་པར་བྱ་སྟེ། རྟོགས་པ་དང། སྡུག་བསྔལ་དྲང་དུ་ལན་པོ་དང་། ཕྱིན་ཅི་ལོག་ཡོངསུ་ཤེས་པ་དང་། འདུ་བྱེད་ལ་སྙིང་པོ་མེད་པ་ཉིད་དུ་ལྟ་བའོ།། དེ་ལ་གཉེན་པོ་ཤེས་པ་སྔ་མ་རྣམ་པ་གསུམ ་གྱིས་ནི་བྱང་ཆུབ་སེམས་དཔའ་ངེས་པ་དང་། ལེགས་པར་སྦྱིན་པ་སྦྱིན་པར་བྱེདདོ།། གཉེན་པོ་ཤེས་པ་ཐ་མ་གཅིག་གིས་ནི་ཡང་དག་པའི་བསོད་ནམས་ཀྱི་འབྲས་བུ་ཡོངསུ་འཛིན་པར་བྱེད། འདི་ཡང་བྱང་ཆུབ་སེམས་དཔའི ་ཤེས་རབ་ཀྱི་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དབེན་པར་སོང་སྟེ། ནང་དུ་བསྡུས་ནས་བསམ་པ་དག་ཅིང་། སྙིང་ཐག་པ་ནས་དང་བྱས ་ཀུན་ཏུ་རྟོག་པ་ངག་གིས་སྦྱིན་པར་བྱ་བའི་ཆོས་རྣམ་པ་སྣ་ཚོགས་པ་རྒྱ་ཆེན་པོ་དཔོག་ཏུ་མེད་པ་དགྲ་མོས་ཤིང་སེམས་ཅན་རྣམས་ལ་སྦྱིན་པ་སྟོབས་པར་འདོད།། དེས་བྱང་ཆུབ་སེམས་དཔའ་ཚེགས་ཆུ་ངུས་བསོད ་ནམས་དཔག་ཏུ་མེད་པ་འཕེལ་བར་འགྱུརརོ།། འདི་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པར་རིག་པར་བྱའོ།། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་དང་ལྡན་པའི་ཤེས་རབ་ཚུན་པ ་དང་ལྡན་པའི་ཤེས་རབ་ཅན་གྱི་སྦྱིན་པོ་ཡིནྡོ།། དེ་ལྟར་ན་མདོར་བསྡུ་ན་ཟང་ཟིང་གི་སྦྱིན་པར་གཏོགོས་པའི་སྦྱིན་པར་བྱ་བའི་ཆོས་བདོག་པ་རྣམས་དྲང་། མི་བདོག་པ་རྣམས་དང་། དེ་བཞིན་དུ་ཆོས་ཀྱི་སྦྱིན་པ ་ལུས་བརྟེན་ནས། སོ་སོ་ཡང་དག་པར་རིག་པ་ལ་བརྟེན་པ་དང་། ལྷག་པའི་བསམ་པའི་སྦྱིན་པ་ལ་བརྟེན་པ་དང་། སྦྱིན་པ་ལ་གེགས་བྱེད་པའི་གཉེན་པོའི་ཤེས་པ་ལ་བརྟེན་པ་དང་། ལྷག་པའི་བསམ་པས ་མོས་པའི་སྦྱིན་པ་ལ་བརྟེན་པ་ན། བྱང་ཆུབ་སེམས་དཔའ་ཁོ་ནའི་མ་འདྲེས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ན་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་སྦྱིན་པའི་རབ་ཏུ་དབྱེ་བ་རྒྱས་པ་ནི་དེ་ལྟ་བུ་ཡིན ་པར་རིག་པར་བྱའོ།། འདི་མན་ཆད་དཀའ་བའི་སྦྱིན་པ་ལ་སོགས་པ་ཐམས་ཅད་ན་སྦྱིན་པ་ལ་སོགས་པ་ཐམས་ཅད་ནི་སྦྱིན་པ་འདི་ཉིད་ཀྱི་རབ་ཏུ་དབྱེ་བར་བྱ་བར་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི ་དཀའ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པར་བྱེད་པའི་དངོས་པོ་ཆུ་ངུ་བདོག་ན་བདག་ཉིད་ལ་གནོད་པར་བྱས་ཏེ། སྡུག་བསྔལ་དང་དུ་བླངས་ནས་གཞན་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི ་བྱང་ཆུབ་སེམས་དཔའ་དཀའ་བོའི་སྦྱིན་པ་དང་པོའོ།། བྱང་ཆུབ་སེམས་དཔའ་སྡུག་པའི་དངོས་པོ་རང་བཞིན་གྱི་བྱམས་པ་འམ།། ཡུན་རིང་པོ་ནས་འདྲིས་པར་རམ། ཤས་ཆེར་ཕན་པ་འམ། སྦྱིན་པར་བྱ ་བའི་དངོས་པོ་མཆོག་དང་མཆོག་ཏུ་གྱུར་པ་ལ་ཞེན་པ་བསོལ་ནས། གཞན་དག་ལ་སྦྱིན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་སྦྱིན་པ་གཉིས་པའོ།། བྱང་ཆུབ་སེམས་དཔའི་སྦྱིན་པར ་བྱ་བའི་ཆོས་ཚེགས་ཆེན་པོས་སྒྲུབས་པ་རྣམས། གཞན་དེ་དག་ལ་སྦྱིན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བོའི་སྦྱིནི་པ་གསུམ་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སྒོ་ནས་སྟོན་པ ་གང་ཞེ་ན། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་འམ། ཡང་ན་གཞོན་དག་ལས་བསླངས་ནས་སྦྱིན་པར་བྱ་བའི་དངོས་པོ་བདོག་གི་ཚལ་ཟ་དང་། ཕ་མ་དང་། བུ་དང་། ཆུང་མ་དང་། བྲན་དང་། བྲན་མོ་དང་། ་ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བ་ཤེས་དང་། གྲོས་འགྲོགས་དང་། ཉེ་དུ་དང་། རྒན་རབས་རྣམས་སམ། ཡང་ན་གཞན་འདོད་པ་རྣམས་ལ་སྦྱིན་པར་བྱེད་པ་གང་ཡིན། ་པ་རྣམ་པ་བཞི་པོ་འདི་ནི་མདོར་བསྡུ་ན། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པ་རྣམས་ཀྱི་དམ་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ ་ནི་དད་པ་དང་། བཀུར་སྟི་དང་། རང་གི་ལྡོག་པ་དང་། དུས་ལ་བབ་པ་དང་། གཞན་ལ་མི་གནོད་པ་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པོ་འདི་ནི། བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ ་བྱའི་སྦྱིན་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་གང་ཞེ་ན། མི་བརྟེན་པར་སྦྱིན་པ་དང་། མི་བསྲི་བར་སྦྱིན་པ་དང་། དགའ་བས་སྦྱིན་པོ་དང་།། རྒྱུན་མི་འཆད་པརོ་སྦྱིན་པ་དང་། ་སྣོད་ལོ་སྦྱིན་པ་དང་། སྣོད་མ་ཡིན་པ་ལ་སྦྱིན་པ་དང་། ཐམས་ཅད་སྦྱིན་པ་དང་། ཀུན་ལ་སྦྱིན་པ་དང་། དུས་ཐམས་ཅད་དུ་སྦྱིན་པ་དང་། ཁ་ནི་མ་ཐེ་བ་མེད་པའི་སྦྱིན་པ་དང་།། སེམས་ཅན་གྱི་དངོས་པོ་སྦྱིན་པ་དང་། ་ཡུལ་གྱི་དངོས་པོ་སྦྱིན་པ་དང་། ནོར་དང་འབྲུའི་དངོས་པོ་སྦྱིན་པ་དང་། སྦྱིན་པ་རྣམ་པ་བཅུ་གསུམ་པོ་ནི་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཕོངས་ཤིང ་འདོད་པ་ལ་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཟས་དང་སྐོམ་གྱིས་ཕོངས་ཤིང་འདོད་པ་རྣམས་ལ་ཟས་དང་སྐོམ་སྦྱིན་པར་བྱེད་པ་དང་། བཞོན་པ་འདོད་པ་རྣམས་ལ་བཞོན་པ་དང་། གོས་འདོད་པ་རྣམས་ལ་གོས ་དང་། རྒྱན་འདོད་པ་རྣམས་ལ་བརྒྱན་དང་། སྣོད་སྤྱད་རྣམ་པ་སྣ་ཚོགས་འདོད་པ་རྣམས་ལ་སྣོད་སྤྱང་རྣམ་པ་སྣ་ཚོགས་སྦྱིན་པར་བྱེད་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་འདོད་པ་རྣམས་ལ་མེ་ཏོག་ཕྲེང་དང་། ་བྱུག་པ་དང་། གནས་འདོད་པ་རྣམས་ལ་གནས་དང་། སྣང་བས་ཕོངས་ཤིང་འདོད་པ་རྣམས་ལ་སྣང་བ་སྦྱིན་པར་བྱེད་པ་དང་། རྣམ་པ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཕོངས་ཤིང་འདོད་པ་རྣམས་ལ་སྦྱིན་པ ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་འདི་དང་། གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་གང་ཞེ་ན། ཟང་ཟིང་གྲོ་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་ནི་མདོར་བསྡུ་ན། ་སེམས་ཅན་རྣམས་ཀྱི་འདི་དང་། གཞན་དག་ཏུ་བདེ་བར་འགྱུར་བའི་སྦྱིན་པ་ཡིན་པར་རིག་པར་བྱའོ།། ཟུང་ཟིང་གི་སྦྱིན་པ་དེ་ནི་སོར་སྣའི་དྲི་མ་དང་། སོག་འཇོག་གི་དྲི་མ་བསལ་ནས་བཟང་པོ་དང་། གཅིང་བ་དང་། ་སྦྱིན་པར་བྱེད་པའོ།། དེ་ལ་སར་སྣའི་དྲི་མ་བསལ་བ་ནི། སེམས་ཀྱིས་ཀུན་ཏུ་འཛིན་པ་ཡོངསུ་བཏང་བའི་ཕྱིརརོ།། གསོག་འཇོག་གི་དྲི་མ་བསལ་བ་ནི་ལོངས་སྤྱོད་ཀུན་ཏུ་འཛིན་པ་ཡོངསུ་བཏང་བ་ཡིན་པར་རིག་པར་བྱའོ ་མི་འཇིགས་པ་སྦྱིན་པ་ནི་སེང་གེ་དང་། སྟག་དང་། ཆུ་སྲིན་འཛིན་ཁྲི་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་ལ་སོགས་པའི་འཇིགས་པ་ལས་ཡོངསུ་སྐྱོབ་པ་ཡིན་པར་རིག ་པར་བྱའོ།། ཆོས་ཀྱི་སྦྱིན་པ་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང་། རིག་པར་ཆོས་སྟོན་པ་དང་། བསླབ་པའི་གཞི་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པའི་རྣམ་པ་དགུ་པོ་དེ་དག ་ཐམས་ཅད་གཅིག་ཏུ་བསྡུས་པ་ནི། སེམས་ཅན་རྣམས་ཀྱི་འདི་དང་གཞན་དུ་བདེ་བར་འགྱུར་བའོ།། དེ་ལ་ཟང་ཟིང་དང་། མི་འཇིགས་པའི་སྦྱིན་པ་རབ་ཏུ་དབྱེ་བ་དང་བཅས་པ་ནི་ཚེ་འདིའི་བདེ་བའོ།། ཆོས་ཀྱི ་སྦྱིན་པ་གང་རབ་ཏུ་དབྱེ་བ་དང་བཅས་པ་ནི་གཞན་ན་བདེ་བའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྦྱིན་པ་གང་ཞེ་ན། དེ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། ཐོགས་པ་མེད་པ་དང་། མཆོག་ཏུ་འཛིན ་པོ་མེད་པ་དང་། བྱསགས་པ་མྱེད་པ་དང་། ཁེངས་པ་མེད་པ་དང་། མྲི་རྟེན་པ་དང་།། ཞུམ་པ་མེད་པ་དང་།། ངན་པ་མ་ཡིན་པ་དང་། རྒྱབ་ཀྱིས་ཕྱོགས་པ་མེད་པ་དང་། ལནུ་ལ་མི་ལྟ་བ་དང་། རྣམ་པར ་སྨིན་པ་ལ་མི་ལྟ་བའོ།། དེ་ལ་ཐོགས་པ་མེད་པའི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལེགས་པར་འོངས་ནས་མི་སྐྱོང་བར་ལ་གོར་སྐྱེན་པར་སྦྱིན་པར་བྱེད། བྱང་ཆུབ་སེམས་དཔའ་ནི ་འདི་ལྟར་སྦྱིན་པ་ལས་བརྩམས་ཏེ། སྦྱིན་དུ་བྱེད་པ་ལྟ་བུར་ནི་སྦྱོང་བ་པོས་རྙེད་པ་ལས་བརྩམས་ཏེ། དེ་ལྟར་སྐྱེན་པར་མི་བྱེདདོ།། མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་འདི་ལྟར་སྤྱན། ་པ་འདིའི་འབྲས་བུ་མདོ་ཞེ་འམ། འཚོ་བོའི་སྦྱིན་པས་ཆོ་སུ་འགྱུར་ཞེ་འམ། སྦྱིན་པ་ཤིན་ཏུ་རྫོགས་པ་ཙམ་གྱིས་འཇིག་རྟོན་པ་དང་། འཇིག་རྟེན་ལས་འདུས་པའི་རྣམ་པར་དག་པར་འགྱུ་རོ་ཞེས་ལྟ་བས་མཆོག་ཏུ་འཛིན ་པར་མི་བྱེད།། བསགསུ་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྦྱིན་པར་བྱ་བའི་ཆོས་ཡུན་རིང་པོར་བསྔགས་ཤིང་ཚོགས་བྱས་ནས། ཕྱིས་གཅིག་ཅར་སྨིན་པ་སྦྱིན་པར་མི་བྱེད།། དེ་ཅིའི་ཕྱིར་ཞེ་ན། ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་གང་དག་ཡོད་བཞིན་དུ་སློང་བ་པོ་ལེགས་པར་འོངས་པ་ཕྱིར་བཟློག་པར་མི་བྱེད་ལ། གང་གི་ཕྱིར་བཟློག་པར་བྱ་བའི་འོས་ཀྱང་མི་མཐོང་ན། རྩོགས་པ་ལྟ་ག་ལ་བྱེད། ་བྱང་ཆུབ་སེམས་དཔས་ནི་བསགས་པའི་སྦྱིན་པ་ལས་བསོད་ནམས་འདུ་བའི་སྒོ་ལྷག་པར་འགྱུར་བར་མི་མཐོང་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཡང་མཚུངས་ལ། སློང་བ་པོ་སྔ་ཕྱི་དང་མགོ་མཉམ་དུ་འོངས་པ་དང་། ་མཚུངས་པ་རྣམས་ལ་མཐར་གྱིས་སྦྱིན་པ་དང་། ཅིག་ཅར་སྦྱིན་པ་ན། ཅིའི་ཕྱིར་བསོད་ནམས་ཁྱད་པར་ཡོད་པར་ཡོང་སུ་འཛིན་པར་འགྱུར་སྙམ་དུ་མཐོང་བའི་ཕྱིར།། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་བསགས ་བའི་སྦྱིན་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་གྱི། ལོངས་སྤྱོད་ཇི་ལྟར་བྱུང་བ་བཞིན་དུ་སྦྱིན་པ་ནི་ཁ་ན་མ་ཐོ་བ་མེད་པར་མཐོང་།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བསགས་པའི་སྦྱིན་པ ་སྦྱིན་པས་ནི། སློང་བ་པོ་རྣམས་ཀྱིས་བསླངས་པ་ན་སྔར་སློང་བ་བརྒྱ་ཕྱིར་ཟློག་ནས། དེ་དག་གིས་ཀུན་ནས་མནར་སེམས་དང་། མི་བཟོད་པ་དང་། ཡིད་མི་ཆེས་པ་བསྐྱེད་པའི་འོག་ཏུ་མ་སྤངས་པར་ཡང་ཁ་ཙོག་ལ ་བསགས་པའི་སྦྱིན་པ་སྦྱིན་པར་བྱེད་པའི་ཕྱིར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་བསྩགས་ཏེ་སྦྱིན་པ་སྦྱིན་པར་མི་བྱེད།། ཁེངས་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་ལ་དམའ་བའི ་སེམས་ཀྱིས་སྦྱིན་པ་སྦྱིན་པར་མི་བྱེདདོ།། གཞན་ལ་འགྲན་པའི་ཕྱིར་ཡང་སྦྱིན་པར་མི་བྱེད།། སྦྱིན་པ་བྱིན་ནས་ཀྱང་བདག་ཉིད་ནི་གཏོང་ཕོད་ཅིང་སྦྱིན་པའི་བདག་པོ་ཡིན་གྱི། གཞན་དག་ནི་དེ་ལྟ་མ་ཡིནནོ་སྙམ་དུ་སྟོན ་པ་དེས་རློམ་སེམ་སུ་མི་བྱེདདོ།། མི་རྟེན་པའི་སྦྱིན་པ་གང་ཞེ་ནཱ། བྱང་ཆུབ་སེམས་དཔའི་ནུ་གྲགས་པོ་དང་། སྒྱུ་དང་ཚིགསུ་བཅད་པ་ལ་བརྟན་ཅིང་སྦྱིན་པ་སྦྱིན་པར་མི་བྱེད།། གྲགས་པ་ནི་རྣམ་པར་རྟོག་པའི་ཡི་གྲེ ་ལས་བྱུང་བ་དང་། སྒྲ་ཙམ་དང་འབྲེལ་པ་དང་། ལོ་མ་སྐམ་པོ་ལྟ་བུ་ཡིན་པར་འཛིན་པའི་ཕྱིརརོ།། ཞུམ་པ་མེད་པའི་སྦྱིན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་སྔ་རོལ་ནས་ཡིད་དགའ་ཞིང་སྦྱིན་གྱི ་ཚེ་སེམས་དང་བས་བྱེད་ལ། བྱིན་ནས་ཀྱང་འགྱོད་པ་མེད་པ་ཡིནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡངས་ཤིང་མཆོག་ཏུ་རྒྱ་ཆེ་བ་དག་ཐོས་ན་ཡང་བདག་ཉིད་ལ་ཁྱད་གསོད་ཅིང་ཞུམ་པར་མི་བྱེད།། ངན་པ་མ ་ཡིན་པ་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པར་བྱ་བའི་ཆོས་དག་ལས་ནན་ཏན་དུ་གདགསོ་ཤིང་གདམས་ཤིང་ཟས་དང་། སྐོམ་དང་། བཞོན་པ་དང་། གོས་ལ་སོགས་པ་མཆོག་དང་། རང་མཆོག ་གང་ཡིན་པ་དེ་དག་སྦྱིན་པར་བྱེདདོ།། རྒྱབ་ཀྱིས་ཕྱོགས་པ་མེད་པའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྙོམས་པའི་སེམས་ཀྱིས་མཛའ་བོ་དང་། དགྲ་དང་། ཐ་མལ་པ་རྣམས་ལ་ཕྱོགསུ་འབྱེད་པ་མེད་པར་སྙོམས ་པའི་སྙིང་རྗེས་སྦྱིན་པ་སྦྱིན་པར་བྱེད་།། ལན་ལྀ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་སེམས་དང་། སྙིང་བརྩེ་བའི་སེམས་དང་ལྡན་པར་སྦྱིན་པ་སྦྱིན་པ་ནི། ཕ་རོལ་ལས་ལོན་དུ་ཕན་འདོགསུ ་རེ་བ་མེདདོ།། སྐྱེ་བོ་བདེ་བར་འདོད་པ་དང་། སྲེད་པའི་མྱེས་ཆོག་པ་དང་། མཐུ་མེད་པ་དང་། རང་བཞིན་གྱིས་སྡུག་བསྔལ་བ་དག་མཐོང་བའི་ཕྱིརརོ།། རྣམ་པར་སྨིན་པ་ལོ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ ་སེམས་དཔའ་ནི་སྦྱིན་པ་བྱིན་ནས། ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འམ། ལུས་ཕུན་སུམ་ཚོགས་པར་གྱུར་པར་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་རེ་བ་མེདདོ།། འདུ་བྱེད་ཐམས་ཅད་ནི་སྙིང་པོ་མེད་པར ་ལྟ་ལ། བྱང་ཆུབ་མཆོག་ནི་ཕན་ཡོན་དུ་ལྟ་བའི་ཕྱིར།། རྣམ་པ་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་རྣམ་པར་དག་ཅིང་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ།། དེ་ལྟར ་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་རྣམ་པོ་དགུ་པོ་འདི་དག་ལ་རྟེན་ཏེ། སྦྱིན་པོའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར ་འགྱུརརོ།། བྱང་ཆུབ་སེམས་དཔེའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་སྦྱིན་པའི་ལེའུ་སྟེ་དགུ་པའོ།། །། བམ་པོ་བརྒྱད་པ།། སྡོམ་ནི། ངོ་བོ་ཉིད་དང ་ཐམས་ཅད་དང་།། དཀའ་བུ་དང་ནི་སྒོ་ཀུན་དང་།། སྐྱེས་བུ་དང་ནི་ལྡན་པ་དང་།། དེ་བཞིན་རྣམ་པ་ཐམས་ཅད་དང་།། ཕོངས་ཤིང་འདོད་པ་ལྡན་པ་དང་།། འདི་དང་གཞན་དུ་བདེ་འགྱུར་དང་།། རྣམ་པར་དག་དང་རྣམ་དགུ་སྟེ།། ་མདོར་ན་ཚུལ་ཁྲིམས་དེ་ཡིན།། དེ་ལ་བྱང་ཆུབ་སྙོམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་དང་། ཚུལ་ཁྲིམས་ཐམས་ཅད་དང་། དཀའ་བོའི ་ཚུལ་ཁྲིམས་དང་། ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་དང་། སྐྱེས་བུ་དམ་པའི་ཚུལ་ཁྲིམས་དང་། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། འཕོངས་ཤིང་འདོད་པ་ལ་ཚུལ་ཁྲིམས་དང་། འདི་དང་གཞན་དུ ་བདེ་བར་འགྱུར་བའི་ཚུལ་ཁྲིམས་དང་། རྣམ་པར་དག་པའི་ཚུལ་ཁྲིམ་སོ།། དེ་ལ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་གང་ཞེ་ན། མདོར་བསྡུ་ན་ཡོན་ཏན་རྣམ་པ་བཞི་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ ་ཉིད་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ་དང་། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང་། ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང་། མི་ཉམས་པར ་བྱ་བའི་ཕྱིར་གུས་པ་སྐྱེས་ནས་དྲན་པ་ཉེ་བར་གནས་པའོ།། དེ་ལ་ཕ་རོལ་ལས་ཚུལ་ཁྲིམས་ཡང་དག་པར་བླངས་པས་ནི་བྱང་ཆུབ་སེམས་དཔའ་བསླབ་པ་ལས་ཉམས་པར་བྱེད་པ་ན། ཕ་རོལ་བརྟེན་ཏེ་ཁྲེལ་ཡོད་པ་སྐྱེ ་བོཔོར་འགྱུརརོ།། བསྒོམ་པ་ཤིན་ཏུ་རྣམ་པར་དག་པས་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལས་རྣམ་པར་ཉམས་པར་བྱེད་པ་ན། བདག་ཉིད་ལ་བརྟེན་ནས་ངོ་ཚ་ཤེས་པ་སྐྱེ་བར་འགྱུརརོ།། བསླབ་པའི་གཞི ་ཉམས་པ་རྣམས་ཕྱིར་གསོ་བ་དང་། ཐོག་མ་ཉིད་ནས་ཉམས་པར་མི་འགྱུར་བར་གུས་པ་སྐྱེས་པའི་རྒྱུ་འདི་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའ་འགྱོད་པ་མེད་པར་འགྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ ་ཡང་དག་པར་བླངས་པ་དང་། བསམ་པ་རྣམ་པར་དག་པ་ལ་རྟེན་ནས། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་སྐྱེད་།། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པར་གྱུར་ན། ཚུལ་ཁྲིམས་ཡང་དག་པར་བླངས་པ ་བསྲུང་བར་འགྱུ་རོ།། བསྲུངས་ན་འགྱོད་པ་མེད་པར་འགྱུརརོ།། དེ་ལ་ཕ་རོལ་ལས་ཡང་དགྲ་པར་བླངས་པ་གང་ཡིན་པ་དང་། ལྷག་པའི་བསམ་པ་རྣམ་པར་དག་པའི་ཆོས་གང་ཡིན་པ་འདི ་གཉིས་ནི་ཉམས་པ་ལས་ཕྱིར་གསོ་བ་གང་ཡིན་པ་དང་། ཉམས་པར་མི་འགྱུར་བར་གུས་པར་བྱེད་པ་གང་ཡིན་པའི་ཆོས་འདི་གཉིས་འདྲེན་པ་ཡིནནོ།། དེ་ལ་ཕ་རོལ་ལས་ཡང་དག་པར་བླངས་པ་གང་ཡིན་པ་དང་། ་ལྷག་པའི་བསམ་པ་ཤིན་ཏུ་རྣམ་པར་དག་པ་གང་ཡིན་པ་དང་། ཉམས་པར་མྱི་འགྱུར་བར་གུས་པོར་བྱེད་པ་གང་ཡིན་པའི་ཆོས་འདི་གསུམ་གྱིས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཉམས་པར་མི་འགྱུར་བར་རིག ་པར་བྱའོ།། ཉམས་པ་ལས་ཕྱིར་གསོ་བར་བྱེད་པས་ནི་ཞིག་པ་ལས་ཕྱིར་འཆོས་ཤིང་སློང་བར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡོན་ཏན་བཞི་དང་ལྡན་པ་དེ་ནི་ཡང་དག ་པར་བླངས་པ་དང་། རྗེསུ་སློབ་པས་བདག་ལྔ་ཕོན་པ་དང་། གཞན་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལཱྀ་ཕནྡ་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལྔ་སྙིང་བརྩེ་བ་དང་། ལྕེ་དང་མི་རྣམས་ཀྱི ་དོན་དང་། ཕན་པ་དང་བདེ་བར་འགྱུར་བའི་ཕྱིར་དགེ་བར་རིག་པར་བྱའོ།། བྱང་ཆུབ་སེམས་དཔེའི་སླབ་པའི་གཞི་དཔག་ཏུ་མེད་པ་ཡོངསུ་བསྡུས་པས་དཔག་ཏུ་མེད་པར་རིག་པར་བྱའོ།། སེམས་ཅན་ཐམས་ཅད་ལ ་ཕན་པ་དང་། བདེ་བའི་ཕྱིར་ཉེ་བར་གནས་པས་སེམས་ཅན་ལ་ཕན་འདོགས་པ་ཡིན་པར་རིག་པར་བྱའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཡོང་སུ་འཛིན་ཅིང་སྦྱིན་པར་བྱེད་པས་འབྲས་བུ་དང ་ཕན་ཡོན་ཆེ་བར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་གང་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཁྱིམ་པའི་ཕྱོགསུ་གཏོགས་པ་དང་། རབ་ཏུ་བྱུང་བའི་ཕྱོགསུ ་གཏོགས་པ་ནི་ཚུལ་ཁྲིམ་སྒོ་ཐམས་ཅད་ཅེས་བྱའོ།། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང་། རབ་ཏུ་བྱུང་བའི་ཕྱིག་སོ་ལ་རྟེན་པའི་ཚུལ་ཁྲིམས་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་ཕན་འདོགས་པོའི་ཚུལ་ཁྲིམསོ།། དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་རིས་བདུན་པོ་དགེ་སློང་དང ་དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། དེ་ཡང་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པར་རིག་པར་བྱའོ།། དེ་ལ ་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔས་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླངས་པའི་འོག་ཏུ་བྱང་ཆུབ་ཆེན་པོའི་ཕྱིར་ལུས་དང་ངག་གིས་དགེ་བ་བསགས་པ་གང་ཅི་ཡང་རུང་བ་དེ་དག་ཐད་ནི ་མདོར་བསྡུ་ན། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱའོ།། དེ་ཡང་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་ལ་གནས་ནས་ཐོས་པ་དང་། བསམས་པ་དང་། ་ཞི་གནས་དང་། ལྷག་མཐོང་བསྒོམ་པ་དང་། གཅིག་ཏུ་དགའ་བ་ལ་བརྩོན་པར་བྱེད།། དེ་བཞིན་དུ་བླ་མ་རྣམས་ལ་དུས་དུ་སུ་གུས་པར་སྨྲ་བ་དང་། ཕྱག་འཚལ་བ་དང་། མྱུར་དུ་ལྡང་བ་དང་། ཐལ་མོ་སྦྱོར་བར་བྱེད་པ ་ཡི་ནོ།། དེ་བཞིན་དུ་དུས་དུས་བླ་མ་དེ་དག་ཉིད་ལ་གུས་པར་རིམ་གྲོ་བྱེད་པ་ཡིན།། ནད་པ་རྣམས་ལ་རིམ་གྲོ་བྱས་ཏེ། སྙིང་རྗེས་ནད་གཡོག་བྱེད་པ་ཡིནོ།། དེ་བཞིན་དུ་ལེགས་པར་སྨྲས་པ་ལ་ལག་སོ་ཞེས་བྱ་བ་སྦྱིན་པར ་བྱེད་པ་ཡིནོ།། གང་ཟག་ཡོན་ཏནཱ་དང་ལྡན་པ་རྣམས་ཀྱིས་ཡང་དགེ་བའི་བསྔགས་པ་ཀུན་རྗོད་པར་བྱེད་པ་ཡིནཱཾ།། དེ་བཞིན་དུ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅུད་ལ་བསམ་པ་ཐག་པ་ནས ་དགའ་བའི་སེམས་བསྐྱེད་ནས། ཚིག་ཏུ་བརྗོད་ཅིང་རྗེ་སུ་ཡི་རང་བར་བྱེད་པ་ཡིནོ།། དེ་བཞིན་དུ་གཞན་དག་གིས་ཉེས་པ་བྱསྟེ་པོ་ཐམསྱཱ་ཙེད་ལ་སོ་སོར་བརྟགས་ཏེ། བཟོད་པ་བྱེད་པ་ཡིན།། དེ་བཞིན་དུ་ལུས་དང ་དང་ཡོད་ཀྱིས་དགེ་བ་བྱས་པ་དང་། མ་བྱིས་པ་ཐམས་ཅད་བླ་ན་མེད་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོང་སུ་བསྔོ་བར་བྱེད་པ་ཡིན།། དུས་དུསུ་ཡང་དག་པར་སྨོན་ལམ་རྣམ་པོ་སྣ་ཚོགས་འདེབས་པ་དང་། དཀོན ་གསུམ་ལ་མཆོད་པ་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་བྱེད་པ་ཡིནོ།། རྟག་ཏུ་རྒྱུན་མི་འཆད་པར་དགེ་བའི་ཕྱོགས་རྣམས་ལ་བརྩོན་ཞིང་བརྩོན་འགྲུས་རྩོམ་པར་བྱེད། བག་ཡོད་པར་གནས་པ་ཡིནོ།། ལུས་དང་ངག་གིས་བསླབ་པའི ་བཞི་རྣམས་ལ་དྲན་པ་དང་ཤེས་བཞིན་དུ་སྤྱོད་པས་ཀུན་ནས་སྲུང་བར་བྱེད་པ་ཡིནོ།། དབང་པོ་རྣམས་ཀྱི་སྒོ་སྲུངས་ཤིང་ཟླ་ཀྱི་ཚོད་རིག་པ་ཡིནོ།། ནོམ་གྱི་ཆ་སྟོང་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བ་ལ་བརྩོན་པ ་ཡིནོ།། སྐྱེས་བུ་དམ་པ་ལ་བསྟེན་པ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་ཡིན།། བདག་གི་འཁྲུལ་པ་རྣམས་ཀྱང་ཡོངསུ་ཤེས་ཤིང་ཉེས་པར་ལྟ་བ་ཡིན་ཏེ། ཤེས་ཤིང་ཉེས་པར་མཐོང་ནས་ཀྱང་གཏོང ་བར་བྱེད་པ་ཡིན་ནོ།། འཁྲུལ་པ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཆོས་མཐུན་པ་རྣམས་ལ་ཉེས་པ་འཆགས་པར་བྱེད། དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་རྣམས་སྒྲུབས་པ་དང་། སྲུང་བ་དང་། ་རྣམ་པར་འཕེལ་བར་བྱེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཅན་ལྔ་ཕན་འདོགས་པའི་ཚུལ་ཁྲིམས་གང་ཞེ་ན། ་དེ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། རྣམ་པ་བཅུ་གཅིག་གང་ཞེ་ན། སེམས་ཅན་གྱི་བྱ་བ་དོན་དང་ལྡན་པ་རྣམ་པ་སྣ་ཚོགས་ལ་གྲོགས་བྱེད་ཅིང་། སེམས་ཅན་རྣམས་ལ་ནད་ལ་སོགས་པའི་སྡུག ་བསྔལ་བྱུང་ཅོག་ལ་ནད་གཡོག་ལ་སོགས་པས་གྲོགས་བྱེད་པ་དང་། དེ་བཞིན་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ལ་ཆོས་བསྟན་པ་སྔོན་དུ་གཏོང་བ་དང་། ཐབས ་བསྟན་པ་སྔོན་དུ་གཏོང་བའི་རིགས་པ་སྟོན་པ་དང་། ཕན་འདོགས་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་བཟོ་བ་རྗེ་སུ་བསྲུང་ཞིང་འཚམ་པར་ལན་དུ་ཕན་འདོགས་པས་ཉེ་བར་གནས་པ་དང་། སེང་གེ་དང་། སྟག་དང་། ་རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་དང་། མེ་ལ་སོགས་པའི་འཇིགས་པའི་གནས་རྣམ་པ་སྣ་ཚོགས་ལོས་སེམས་ཅན་རྣམས་ཀུན་ནས་བསྲུང་བ་དང་། ལོངས་སྤྱོད་དང་། གཉེན་གྱིས་སྡུག་བསྔལ་བར་གནས་པ་རྣམས་ལ་མ ་དྲན་སེལ་བ་དང་། སེམས་ཅན་ཡོ་བྱད་ཀྱིས་འཕོངས་པ་རྣམས་ལ་རིགས་པས་ཡོ་བྱད་ཐམས་ཅད་ཉེ་བྱར་སྒྲུབ་པ་དང་། ཡང་དག་པའི་རྟེན་སྦྱིན་པས་ཆོས་ཀྱི་ཚོགས་ཡོངསུ་སྤྱད་པ་དང་། སྨྲ་བ་དང་། ཀུན་ཏུ་སྨྲ་བ་དང་། ་སོ་སོ་ཡང་དག་པར་དགའ་བར་བྱས་བསྟེ་དུས་དུསུ་ཐ་དུ་འགྲོ་བ་དང་། གཞན་ལ་སྐྱོ་ཟས་དང་།། སྐོམ་ལྀ་སོགས་པ་ལེན་པ་དང་།། འཇིག་རྟེན་པའི་དོན་དང་མཐུན་པར་སྤྱོད་པ་དང་། བོས་ན་འོང་ཞིང་འགྲོ་བ་དང་། མདོར ་བསྡུ་ན་དོན་དང་ལྡན་པ་མ་ཡིན་པོ་ཡི་དུ་མི་འོང་བ་ཀུན་ཏུ་སྤྱོད་པ་ཐམས་ཅད་མ་གཏོགས་པ་ལ་སེམས་དང་མཐུན་པར་བྱེད་པ་དང་། དེ་ཉིད་ཀྱི་ཡང་དག་པའི་ཡོན་ཏན་རྣམས་ལྐོག་གམ། མིང་སྔར་བསྒྲགས་པས་ཡང་དག ་པར་དགའ་བར་བྱ་བ་དང་། འདི་ལྟ་སྟེ། མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་ལ་ཡང་དག་པར་གཟུང་བའི་ཕྱིར་ནང་གི་སེམས་འཇམ་ཞིང་ཕན་པ་དང་། ལྷག་པའི་བསམ་པ་དང་ལྡན་པས་ཚར་བཅད་པར་བྱ་བ ་དམའ་དབབ་པ་དང་། ཆད་པའི་ལུས་བྱེ་དུ་གཞུག་པ་འམ། བསྐྲད་པ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱི་སེམས་ཅན་དམྱལ་བུ་ལ་སོགས་པའི་འགྲོ་བ་མངོན་སུམ་དུ་བསྟན་པས་མི་དགེ་བ་ལས་སྐྱོ་བར་བྱེད་ཅིང་སངས་རྒྱས་ཀྱི ་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་བདུན་པར་བྱེད་། མགུ་བར་བྱེད། ཡེ་མཚན་དུ་འཛིན་པར་བྱེད་པའོ།། བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་དང་། དགེ་བ་ཆོས་སྤྱད་པའི་ཚུལ་ཁྲིམས་ལ ་གནས་པ་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ལ་གནས་པ་ཇི་ལྟར་ན་ལེགས་པོར་བསྡམས་པོའི་ཚུལ་ཁྲིམས་ཅན་དང་། དགེ་བ་ལེགས་པར་སྡུང་པའི་ཚུལ་ཁྲིམས་ཅན་གྱི་སེམས་ཅན་གྱི་དོན་གྱི་རྣམ་པ་ཐ ་བྱ་བའི་ཚུལ་ཁྲིམས་ཅན་དུ་འགྱུར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་སྡོམ་པ་ལི་གནས་པ། གལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་བོར་ཏཱཾ། རེག་ཏུ་བྱུང་བར་གྱུར་ན། དེ་འཁོར་ལོས་སྒྱུར ་བོའི་རྒྱལ་སྲིད་དེ་ལ་འདི་ལྟར་མི་བལྟ་བ་ཡིན་ཏེ། དེ་པེར་ན་རྫ་འམ། མི་གཙང་ལ་ཅི་ལྟ་བ་བཞི་ནོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་བརྟེན་ཏེ། རབ་ཏུ་བྱུང་བ་མིའི་འདོད་པ་ཐམས་ཅད་ཀྱི ་མཆོག་འཁོར་ལོས་སྒྱུར་བའི་འདོད་པ་རྣམས་ལ་མི་ལྟ་བ་དེ་ལྟར་ནི་མི་ངན་པ་འཚོ་བའི་བསམ་པ་ཅན་འདོད་པ་རྣམས་སྤངས་ཏེ། རབ་ཏུ་བྱུང་བ་འདོད་པ་ཐ་ཆད་དེ་དག་ལ་མི་ལྟ་བར་མི་འགྱུརརོ།། ་བྱང་ཆུབ་སེམས་དཔའ་ནི་འདོད་པ་དེ་དག་འཇིགས་པ་ཆེན་པོ་སྣ་ཚོགས་གཟིང་གཟིང་བར་འཇུག་པ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར་མི་འོངས་པ་དག་ན་བདུད་ཀྱི་གནསུ་གཏོགས་པའི་འདོད་པ་རྣམས་ལ ་ཡང་མངོན་པར་དགའ་བ་མ་ཡིན་ཏེ། དེ་དག་གི་དོན་དུ་སྨོན་ལམ་བཏབ་ནས། ཚངས་པར་སྤྱད་པར་སྤྱོད་པར་མི་བྱེད་ན། དེ་ལས་གཞན་པའི་ལྷ་རྫས་རྣམས་ལྟ་ལ་ཅི་སྨོས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ད་ལྟར་གྱི་དུས ་ན་ཡང་སེམས་ཅན་རྒྱ་ཆེན་པོ་དག་གི་རྙེད་པ་དང་བཀུར་སྟི་རྒྱ་ཆེན་པོ་ཡང་ཁ་ཟས་ཀྱི་སྐྱུགས་པ་དང་འདྲ་བར་ཡང་དག་པའི་ཤེས་རབ་ཀྱིས་མཐོང་སྟེ། རོ་མྱང་བར་མི་བྱེད་ནོ། སེམས་ཅན་ཐམས་ཅད་དག་གི་རྙེད་པ་དང ་བཀུར་སྟི་ཐ་ཆད་ལྟོ་ལ་ཅི་སྨོས། གཅིག་པུ་རབ་ཏུ་དབེན་པར་མངོན་པར་དགའ་བ་ཡིན་ལ།། དགེ་འདུན་ཚོགས་ཀྱི་ནང་ན་འདུག་ཀྱང་དུས་ཐམས་ཅད་སེམས་དབེན་པར་གནས་ཏེ། དེ་ཚུལ་ཁྲིམས་ཀྱི་སྡོམ་པ་ཙམ ་གྱིས་ཆོག་པར་མི་འཛིན་གྱི། ཚུལ་ཁྲིམས་ལ་བརྟན་ཅིང་གནས་ནས་བྱང་ཆུབ་སེམས་དཔའི་ཏིང་འཛིན་དཔག་ཏུ་མེད་པ་གང་ཡིན་པ་དེ་དགེ་མངོན་པར་སྒྲུབ་པ་དང་། དབང་ཐོབ་པའི་ཕྱིར་འབད་པར་བྱེའོ།། འདུ་འཛིའི ་ནང་ན་འདུག་ཀྱང་ངན་པའི་གཏམ་དང་། དྲན་པའི་ཚིག་ཅུང་ཟད་དང་དུ་ལེན་པར་མི་བྱེད་ལ། རབ་ཏུ་དབེན་པ་ན་འདུག་ཀྱང་རྟོག་པ་ངན་པ་ཅུང་ཟད་ཀྱང་མི་སེམསོ།། བརྗེད་ངས་པས་དེ་ཀུན་ཏུ་སྤྱོད་པའི་ཕྱིར་དུས་དུསུ་འགྱོད་པ ་དྲག་པོ་དང་ཉེས་དམིགསུ་ལྟ་བ་སྐྱེད་པར་བྱེད། རྒྱུན་མི་འཆད་པར་འགྱོད་པ་དང་ཉེས་དམིགསུ་ལྟ་བ་དེ་ལ་བརྟེན་ནས་ངན་པའི་གཏམ་དང་། རྟོག་པ་ངན་པ་བྱུང་མ་ཐོག་ཏུ་མྱུར་བ་མྱུར་བར་དྲན་པ་ཉེ་བར་གནས་ཤིང་མི་བྱ ་བའི་སེམས་ཀྱང་ཐོབ་པར་འགྱུར་ཏེ། དེས་ན་འདོར་བར་འགྱུར་རོ།། འདོར་བ་ལ་གོམས་ན་རིམ་གྱིས་སྔོན་ཇི་ལྟར་དེ་ཀུན་ཏུ་སྤྱོད་པ་ལ་དགའ་བར་འགྱུར་བ་དེ་ལྟར་དེ་ཀུན་ཏུ་མི་སྤྱོད་པ་ལ་དགའ་བ་དང་། ཀུན་ཏུ་སྤྱོད་པ ་དང་མི་མཐུན་པར་ཡང་གནསོ།། དེ་བྱང་ཆུབ་སེམས་དཔ་ས་ཆེན་པོར་ཆུད་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་བསླབ་པའི་གཞི་རྒྱ་ཆེ་ཞིང་དཔག་ཏུ་མེད་ལ་བསམ་གྱིས་མི་ཁྱབ་ཅིང་། དཱ་ལྟ་རིང་དུ་ལོན་པ་དང་། མཆོག ་ཏུ་དགའ་བ་ཐམས་ཅད་ཐོས་ན་ཡང་སེམས་སྐྲག་པ་འམ། ཞུམ་ཞིང་འགོང་བར་མི་འགྱུར་ཏེ། དེ་འདི་སྙམ་དུ་དེ་དག་ཀྱང་མིར་གྱུར་པ་ཡིན་ལ། བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་རིམ་གྱིས་བསླབས་པས ་ལུས་དང་ངག་གི་སྡོམ་པ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་དང་ལྡན་པར་གྱུར་དུ་ཟད་པས། བདག་ཀྱང་མིར་གྱུར་པ་ཡིན་ཏེ། རིམ་གྱིས་བསླབས་ན་ལུས་དང་ངག་གི་སྡོམ་པ་ཕུན་སུམ་ཚོགས་པ་དེ་དག་གདོན ་མི་ཟ་བར་ཐོབ་པར་འགྱུརརོ་སྙམ་དུ་སེམསོ།། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་ནི་བདག་གི་ཉེས་པ་དང་འཁྲུལ་པ་ལ་རྟོག་པར་བྱེད་ཀྱི། གཞན་གྱི་ཉེས་པ་དང་འཁྲུལ ་པ་ལ་རྟོག་པར་མི་བྱེད།། ཆོས་བཞིན་གྱི་སྙིང་རྗེ་ཆེན་པོ་ལྔ་བརྟེན་ནས་སེམས་ཅན་མ་རུངས་པ་དང་། ཚུལ་ཁྲིམས་འཆལ་པ་ཐམས་ཅད་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་། ཁོང་ཁྲོ་བའི་སེམས་མེད། དེ་དག་ལ ་བྱང་ཆུབ་སེ་དཾའ་ཤོས་ཆེར་སྙིང་བརྩེ་བའི་སེམས་དང་། བྱེད་འདོད་པའི་སེམས་ཉེ་བར་གནས་པ་ཡིནོ།། བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་ནི་ལག་པ་དང་། བོང་བ་དང་། དབྱུག་པ་དང་། ་མཚོན་ཆས་བསྣུན་ཀྱང་གཞན་དག་ལ་སེམས་ཀྱིས་ཀྱང་སྡང་བར་མི་བྱེད་ན། སྡིག་པའི་ཚིག་འབྱིན་པ་འམ། ཕྱིར་རྡེག་པར་ལྟ་ག་ལ་བྱེད། སྐྱོ་བ་འམ། ཁྲོ་བ་འམ། བརྒྱད་བཀག་པ་དག་གིས་སྡུག་བསྔལ་བར ་འགྱུར་བའི་གནོད་པ་ཆུ་ངུ་དག་གི་སྔ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པ་ནི་ཡོན་ལག་ལྔས་བསྡུས་པོའི་བགྲ་ཡོད་པ་དང་ལྡན་པ་ཡིན་ཏེ། སྔོན་གྱི་མཐའ་དང་ལྡན་པ་དང་། ཕྱི་མའི ་མཐའ་དང་ལྡན་པ་དང་། དབུས་ཀྱི་མཐའ་དང་ལྡན་པོ་དང་། སྔ་ནས་བྱེ་བ་དང་། ལྷན་ཅིག་རྗེསུ་སྤྱོད་པའོ།། བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས་དཔའི་སླེབ་པ་དག་ལ་སློབ་པ་ནི་འདས་པའི་དུས་ལ་བརྟེན་ནས ་ཉེས་པ་བྱུང་བ་གང་ཡིན་པ་དེ་དེས་ཆོས་བཞིན་དུ་ཕྱིར་བཅོས་པ་དེ་ནི་དེའི་སྔོན་གྱི་མཐའ་དང་ལྡན་པའི་བག་ཡོད་པའོ།། མ་འོངས་པའི་དུས་ལ་བརྟེན་ནས་ཉེས་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱི ་བཅོས་པར་འགྱུར་བ་དེ་ནི་དེའི་ཕྱི་ཨའི་མཐའ་དང་ལྗོན་པའི་བག་ཡོད་པའོ།། ད་ལྟར་བྱུང་བའི་དུས་ལ་བརྟེན་ནས། ཉེས་པ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱིར་འཆོས་པ་དེ་ནི་དེའི་དབུས་ཀྱི་མཐའ་དང་ལྡན་པའི ་བག་ཡོད་པའོ།། ཉེས་པ་མི་བྱུང་བ་ནི་སྔ་རོལ་ནས་བྱང་ཆུབ་སེམས་དཔའ་བདག་ཇི་ལྟ་ཇི་ལྟར་སྤྱོད་ཅིང་ཇི་ལྟ་ཇི་ལྟར་གནས་ན་ཉེས་པ་འབྱུང་བར་མི་འགྱུར་བ་དེ་ལྟར་སྤྱོད་ཅིང་དེ་ལྟ་དེ་ལྟར་གནས་ཀྱང་ཅི་མ་རུང་སྙམ་དུ་རབ་ཏུ ་སྒྲིམ་པར་བྱེད་པ་དྲི་ནི་བྱང་ཆུབ་སེམས་དཔའི་སྔ་ནས་བྱ་བའི་བག་ཡོད་པའོ།། དེ་སྔ་ནས་བྱས་པའི་བག་ཡོད་པ་ཉིད་ལ་བརྟེན་ནས་ཇི་ལྟ་ཇི་ལྟར་སྤྱོད་ཅིང་ཇི་ལྟ་ཇི་ལྟར་གནས་ན་ཉེས་པ་འབྱུང་བར་མི་འགྱུར་པ་དེ་དེ་ལྟར ་སྤྱོད་ཅིང་། དེ་ལྟ་དེ་ལྟར་གནས་པ་དེ་ནི་དེའི་ལྷན་ཅིག་རྗེསུ་སྤྱོད་པའི་བག་ཡོད་པའོ།། བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ལ་གནས་པོ་ནི་དགེ་བ་མི་སྙོམས་ཤིང་སྡིག་པ་རྣམ་པར་འབྱེད་པ་དང་། འདོད ་པོ་ཆུང་བ་དང་། ཚིག་ཤེས་པ་དང་། སྡུག་བསྔལ་ལ་རྔོ་མོ་སྙམ་པ་དང་། ཡོངསུ་གདུང་བ་མེད་པའི་རང་བཞིན་ཅན་དང་། རྒོད་པ་མེད་པ་དང་། ཡང་ཡེང་པོ་མ་ཡིན་པ་དང་། སྤྱོད་ལམ་རབ་ཏུ་ཞི་བ་དང་། ཚུལ ་འཆོས་པ་ལ་སོགས་པ་ལོག་པར་འཚོ་བར་བྱེད་པའི་ཆོས་ཐམས་ཅད་རྣམ་པར་སྤངས་པ་སྟེ། ཡན་ལག་བཅུ་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ལ་གནས ་པ་འདི་ལྟ་སྟེ། འདས་པའི་འདོད་པ་རྣམས་ལ་མི་ལྟ་བ་དང་། མ་འོངས་པ་རྣམས་ལ་མངོན་པར་དགའ་བ་མེད་པ་དང་། ད་ལྟར་བྱུང་བ་རྣམས་ལ་ལྷག་པར་ཞེན་པ་མེད་པ་དང་། རབ་ཏུ་དབེན་པར་གནས་པར་མངོན་པར་དགའ ་བ་དང་། ངག་དང་རྟོག་པ་ཡོང་སུ་དག་པར་བྱེད་པ་དང་། བདག་ཉིད་ལ་ཁྱད་དུ་མི་བསོད་པ་དང་། ངེས་པ་དང་། བཟོད་པ་དང་། བག་ཡོད་པ་དང་། ཆོ་ག་དང་། འཚོ་བ་རྣམ་པར་དག་པའི་ཕྱིར་ལེགས་པར་བསྡམས་པའི ་ཚུལ་ཁྲིམས་ཅན་ཡིན།། ཡང་བྱང་ཆུབ་སེམས་དཔའ་དགེ་བ་སྡུད་པའི་ཚུལ་ཁྲིམས་ལ་གནས་པ་ནི་ལུས་དང་ལོངས་སྤྱོད་ལ་ལྟ་བ་བྱུང་བ་ཆུང་ཡང་དང་ཡང་དུ་ལེན་པར་མི་བྱེད་ན་མང་པོ་ལྟ་ཅི་སྨོས། འཆལ་བའི་ཚུལ་ཁྲིམས ་ཀྱི་གཞིར་གྱུར་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཁྲོ་བཱ་དང་། ཁོན་དུ་འཛིན་པ་ལ་སོགས་པ་བྱུང་བ་ཐམས་ཅད་དང་དུ་ལེན་པར་མི་བྱེ་།། གཞན་དག་ལ་ཀུན་ནས་མནར་སེམས་དང་། ཁོང་ཁྲོ་བ་དང་། ཁོན་པའི ་སེམས་བྱུང་བ་དང་དུ་ལེན་པར་མི་བྱེད།། སྙོམ་ལས་དང་ལེ་ལོ་སྐྱེས་པ་དང་དུ་ལེན་པར་མི་བྱེའོ།། སྙོམས་པར་འཇུག་པའི་རོ་མྱོང་བ་དང་། སྙོམ་པར་འཇུག་པའི་ཉོན་མོངས་པ་བྱུང་བ་དང་དུ་ལེན་པར་མི་བྱེད།། གནས་ལྔ་ཡང ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུའི་ཕན་ཡོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། དགེ་བའི་རྒྱུ་དང་། དགེ་བའི་རྒྱུའི་འབྲས་བུ་ལ་ཕྱིན་ཅི་ལོག་པ་དང་། ཕྱིན་ཅི་མ་ལོག་པ་དང་། དགེ་བ་སྡུད་པ་ལ ་བར་དུ་གཅོད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། བྱང་ཆུབ་སེམས་དཔའ་ནི་དགེ་བོའི་འབྲས་བུ་ལ་ཕན་ཡོན་དུ་མཐོང་ནས། དགེ་བ་སྡུད་པའི་ཕྱིར་དགེ་བའི་རྒྱུ་ཡོངསུ་ཚེལོ།། བྱང་ཆུབ་སེམས་དཔས་ཕྱིན་ཅི་ལོག ་པ་དང་། ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བའི་འབྲས་བུ་ཐོབ་ནས་མི་རྟག་པ་ལ་རྟག་པར་ལྟ་བར་མི་འགྱུར། སྡུག་བསྔལ་བ་ལ་བདེ་བར་མི་འགྱུར། མི་གཙང་བ་ལ་གཙང་བར་ལྟ ་བར་མི་འགྱུར། བདག་མེད་པ་ལ་བདག་ཏུ་ལྟ་བར་མི་འགྱུརརོ།། དགེ་བ་སྡུད་པའི་བར་དུ་གཅོད་པ་ཡང་རབ་ཏུ་ཤེས་ནས་ཡོངསུ་སྤོང་བར་མ་བྱེད།། རྣམ་པ་བཅུ་གཉིས་པོ་འདི་དག་གིས་དགེ་བ་སྡུད་པའི་ཚུལ་ཁྲིམས་ལ ་གནས་པ་དེ་མྱུར་བ་ཁོ་ནར་དགེ་བ་སྡུད་པར་འགྱུར་ཞིང་། རྣམ་པ་ཐམས་ཅད་ཀྱང་སྡུད་པར་འགྱུར་ཏེ། འདི་ལྟ་སྟེ། སྦྱིན་པའི་ཉེར་གནས་དང་། ཚུལ་ཁྲིམས་ཀྱི་ཉེར་གནས་དང་། བཟོད་པའི་ཉེར་གནས་དང་། བརྩོན ་འགྲུས་ཀྱི་ཉེར་གནས་དང་། བསམ་གཏན་གྱི་ཉེར་གནས་དང་། ཤེས་རབ་ཀྱི་རྣམ་པ་ལྔས་སྡུད།། ཡང་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གཅིག་གིས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་ཐམས་ཅད་ལ་གནས་པ ་ནི་རེ་རེ་ཡང་རྣམ་པ་ཐམས་ཅད་དང་ལྡན་པ་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་བྱ་བ་དེ་དང་དེ་དག་ལ་གྲོགསུ་འགྲོ་བ་ན། བྱ་བ་སེམས་པ་དང་། བྱ་བ་གཏན་ལ་འབེབས ་པ་དང་། ལམ་དུ་འགྲོ་ཞིང་འོང་བ་དང་། ཡང་དག་པའི་ལས་ཀྱི་མཐའ་ལ་སྦྱོར་བ་དང་། ལོངས་སྤྱོད་རྣམས་བསྲུང་བ་དང་། བྱེ་བ་རྣམས་ཕན་ཚུན་བསྡུམ་པ་དང་། དགའ་སྟོན་དང་བསོད་ནམས་བྱ་བ་ལ་གྲོགསུ་འགྲོ་བའོ།། ་ཡང་བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་བ་རྣམས་ཀྱི་གྲོགསུ་འགྲོ་བར་བྱེད། སེམས་ཅན་ནད་ཀྱིས་ཐེབས་པ་རྣམས་ཀྱི་ནད་གཡོག་བྱེད།། ལོང་བ་རྣམས་ཁྲིད་ཅིང་ལམ་སྟོན་པར་བྱེད།། འོན་པོ་རྣམས་ལ་མིང་གི་མཚན་མ་སྟོན ་པའི་སྒོ་ནས་ལག་བརྡས་དོན་གོ་བོར་བྱེ་དྲོ།། རྐང་ལག་མེད་པ་རྣམས་ལ་མགོ་བོ་འམ། གཞོན་པས་བཏེགས་ཏེ་ཁྱེར་བར་བྱེདའོ།། སེམས་ཅན་འདོད་པའི་འདུན་པས་ཀུན་ནས་དཀྲིས་པས་སྡུག་བསྔལ་བ་རྣམས་ཀྱི་འདོད་པའི་འདུན ་པས་ཀུན་ནས་དཀྲིས་པའི་སྡུག་བསྔལ་སེལ་བར་བྱེདའོ།། སེམས་ཅན་གནོད་སེམས་དང་། རྨུགས་པ་དང་། གོ་ཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པས་སྡུག་བསྤྲུལ་པ་རྣམས་ཀྱི་ཐེ་ཚོམ ་གྱིས་ཀུན་ནས་དཀྲིས་པ་སེལ་བར་བྱེདའོ།། སེམས་ཅན་འདོད་པའི་རྟོག་པས་ཀུན་ནས་དཀྲིས་པས་སྡུག་བསྔལ་བ་རྣམས་ཀྱི་འདོད་པའི་རྟོག་པ་སེལ་བར་བྱེད།། འདོད་པའི་རྟོག་པ་ཅི་ལྟ་བ་བཞིན་དུ་གནོད་སེམས་དང་། རྣམ་པར ་འཚེ་བ་དང་། ཉེ་དུ་དང་། ཡུལ་གྱི་མི་དང་། མི་འཆི་བའི་རྟོག་པ་དང་། ཁྱདུ་གསོད་པ་དང་ལྡན་པ་དང་། ཁྱིམ་གྱིས་འབྱོར་པ་དང་ལྡན་པའི་རྟོག་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ།། སེམས་ཅན་གཞན་གྱིས་སྨ་ཕབ་ཅིང་ཕམ ་པར་བྱས་པའི་སྡུག་བསྔལ་གྱིས་སྡུག་བསྔལ་ཁྭ་རྣམས་ཀྱིས་གཞན་གྱིས་སྨྱོ་ཕབ་ཅིང་ཕམ་པར་བྱས་བྱའི་སྡུག་བསྔལ་སེལ་བར་བྱེདདོ།། ལམ་གྱི་ངལ་བར་གྱུར་པ་རྣམས་ལ་གནས་དང་སྟན་སྦྱིན་པ་དང་། ལུས་མཉེ་བྱས་ངལ་དུབ་པའི ་སྡུག་བསྔལ་སེལ་བར་བྱེད།། ཡིད་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་རིགས་པོས་སྟོན་པར་བྱེད།། སེམས་ཅན་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ཀྱི་ཉེས་པར་སྤྱད་པ་སྤང་བའི་ཕྱིར་ཚིག་འབྲུ་འབྱོར་པ་རྣམས་དང་། ་འབྲེལ་པ་རྣམས་དང་། རྗེསུ་མཐུན་པོ་རྣམས་དང་། རྗེསུ་འཕྲོད་བ་རྣམས་དང་། ཐ་བས་དང་ལྡན་པ་རྣམས་དང་། འཚམ་པ་རྣམས་དང་། མཐུན་པ་རྣམས་དང་། འགྲུས་སྦྱོང་གི་ཡན་ལག་གི་ཚོགས་རྣམས་ཀྱི་ཆོས་སྟོན ་ཏོ།། ཡང་ན་ཐབས་མཁས་པས་ཀྱང་སྟོན་པར་བྱེདདོ།། སེམས་ཅན་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ཀྱི་ཉེས་པར་སྤྱོད་པ་སྤང་བའི་ཕྱིར། ཇི་ལྟ་བ་བཞིན་དུ་སེར་སྣ་ཅན་རྣམས་ཀྱི་སེར་སྣ་སྤང་བ་དང་། ཚེ་འདི་ལ་ཡང་དག་པ ་པ་དང་། ཚེགས་ཆུ་ངས་ལོངས་སྤྱོད་རྣམས་སྒྲུབ་པོ་དང་། བསྲུང་བ་དང་། བསྟན་པ་འདི་ལ་ལྟ་བ་རྣམས་དད་པ་ཐོབ་པར་བྱ་བ་དང་། ལྟ་བ་རྣམ་པར་དག་པས་ངན་སོང་ལས་ཡང་དག་པར་འདའ་བར་བྱ་བ་དང་། ཀུན་ཏུ་སྦྱོར་བ་ཐད ་མཐར་ཐུག་པས་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བ་ཡང་དེ་དང་འདྲའོ།། ཡང་བྱང་ཆུབ་སེམས་དཔའ་ནི་ཕན་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་གཟ ་སྦྱིན་པའི་ཚེ་མཐོང་ན་གུས་པར་བྱས་ཏེ། ཚུར་སྤྱོན་ལེགས་པར་བྱོན་ཏོ་ཞེས་བརྗོད་པས་སྨྲ་ཞིང་ཀུན་ཏུ་སྒྲ་ལ། ཡང་དག་པར་དགའ་བར་བྱེད། སྟན་དང་གནས་སྦྱིན་པས་ཀྱང་བསུ་བར་བྱེདདོ།། དེའི་རྙེད་པ་དང་། བཀུར ་སྟེའི་ལན་དེ་དང་མཉམ་པ་འམ། ལྷག་པས་ཉེ་བར་གནས་པོར་བྱེད་ཀྱི། ཆུ་ངུས་ནི་མ་ཡིན།། དེའི་བྱེ་བ་རྣམས་ལ་ནི་མ་བཅོལ་བ་རོ་གྲོགསུ་འགྲོ་ལ་བཅོལ་ནི་ལྟ་ཅི་སྨོས། བྱ་བ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྡུག ་བསྔལ་བ་རྣམས་དང་། ཚུལ་བཞིན་དུ་བསྟན་པ་དང་། འཇིགས་པའི་སྐྱབས་བྱ་བ་དང་། སྡུག་བསྔལ་བར་གནས་པ་མྱ་ངན་བསལ་བ་དང་། ཡོ་བྱད་ཉེ་བར་སྒྲུབ་པ་དང་། གནས་སྦྱིན་པ་དང་། སེམས་དེ ་མཐུན་པར་བྱ་བ་དང་། ཡང་དག་པའི་ཡོན་ཏན་གྱིས་དགའ་བར་བྱ་བ་དང་། ནོང་གི་སེམས་འཇམ་པོས་ཚར་བཅད་པ་དང་། རྫུ་འཕྲུལ་གྱིས་སྐྱུག་པར་བྱ་བ་དང་། འདུན་པར་བྱ་བོ་ལ་ཡང་དེ་དང་འདྲ་བར་སྦྱར ་བར་བྱའོ།། ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་འཇིགས་པ་རྣམས་འཇིགས་པ་དག་ལས་སྲུང་བར་བྱེད།། གཅན་གཟན་གྱི་གནོད་པའི་འཇིགསོ་པ་ལས་ཀྱང་སེམས་ཅན་རྣམས་སྲུང་།། ཀློང་དང་ཆུ་སྲིན ་འཛིན་ཁྲིའི་འཇིགས་པ་དང་། རྒྱལ་པོའི་འཇིགས་པ་དང་། ཆོམ་རྐུན་གྱི་འཇིགས་པ་དང་། ཕྱིར་རྒོལ་བས་འཇིགས་བྱ་དང་། རྗེ་བོ་དང་བདག་པོའི་འཇིགས་པ་དང་། འཚོ་བ་མེད་པའི་འཇིགས་པ་དང་། མི་སྙན་པའི་འཇིགས་པ ་དང་། འཁོར་དུ་བག་ཚ་བའི་འཇིགས་པ་དང་། མི་མ་ཡིན་པ་དང་། རོ་ལངས་ཀྱི་འཇིགས་པ་ལས་ཀྱང་སྲུང་བར་བྱེདདོ།། ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་སྡུག་བསྔལ་ཅིང་འདུག་པ་རྣམས་ཀྱི་མྱ་ངན་སེལ་བར་བྱེད། ་གཉེན་པཤེས་ཀྱི་སྡུག་བསྔལ་ལས་བརྩམས་ཏེ། ཕ་མ་ཤིན་ཡང་མྱ་ངན་སེལ་བར་བྱེད།། བུ་དང་ཆུང་མ་ཤི་བ་དང་། བྲན་དང་བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤེས་འཚེ་བ་ཤི་བ་དང་། མཛའ་ཤེས་དང་། ་གྱོས་གྲོགས་དང་། ཉེ་དུ་དང་། རྒན་རབས་ཤི་བ་དང་། སློབ་དཔོན་དང་། མཁན་པོ་དང་། བླ་མ་ལྟ་བུ་ཤི་ན་ཡང་མྱ་ངན་སེལ་བར་བྱེད།། ཡང་ལོངས་སྤྱོད་ཀྱི་སྡུག་བསྔལ་ལས་བརྩམས་ཏེ། གལ་ཏེ་གཞན་དག་གི་ལོས ་སྤྱོད་རྒྱལ་པོས་ཕྲོགས་ན་ཡང་དེ་ལ་མྱ་ངན་སེལ་བར་བྱེདདོ།། ཆོམ་རྐུན་གྱིས་ཕྲོགས་པར་གྱུར་པ་འམ། མེས་ཚིག་གམ། ཆུས་ཁྱེར་རཱ་མ། གཏར་དག་ཏུ་ལེགོས་པར་མ་སྦས་པས་ཆུད་ཟོས་པ་འམ། ལས་རྣམས་ནན་ཏན་དུ ་མོ་བྱས་པས་མ་རུངས་པས་གྱུར་པའམ། བགོ་སྐོལ་ལ་སྤྱོད་པ་མི་མཛའ་བ་རྣམས་ཀྱིས་ཁྱེར་བར་གྱུར་པ་འམ། ཁྱིམ་དུ་ཁྱིམ་གྱི་ཕུང་ཁྲོལ་བྱུང་བར་གྱུར་པ་འམ། གང་གིས་ལོངས་སྤྱོད་དེ་དག་ལ་ཚུལ་མ་ཡིན་པས ་སྡུག་བསྔལ་བྱས་པར་གྱུར་ཏེ། གཞི་དྲི་ལྷས་སེམས་ཅན་རྣམས་ཀྱི་མྱ་ངན་ཆུང་དང་། འབྲིང་དང་། ཆེན་པོ་རྣམས་སྐྱེས་པ་ཡང་བྱང་ཆུབ་སེམས་དཔས་ཡང་དག་པར་སེལ་བར་བྱེད། ་ཡང་བྱང་ཆུབ་སེམས་དཔའ་ནི་ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྒྲུབ་པར་བྱེད།། ཟས་འདོད་པ་རྣམས་ལོ་ཟས་སྦྱིན་པར་བྱེད།། སྐོམ་འདོད་པ་རྣམས་ལ་སྐོམ་དང་། གཞོན་པ་འདོད་པ་རྣམས་ལ་གཞོན་པ་དང་། གོས ་འདོད་པ་རྣམས་ལ་གྲོས་དང་། ཚོན་འདོད་པ་རྣམས་ལ་རྒྱ་ནོ་དང་། སྣོད་སྤྱང་འདོད་པ་རྣམས་ལ་སྣོད་སྤྱང་དང་། སྤོས་དང། མེ་ཏོག་ཕྲེང་དང་། བྱུག་པ་འདོད་པ་རྣམས་ལ་སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ ་དང་། གནས་འདོད་པ་རྣམས་ལ་གནས་དངད། སྣང་བ་འདོད་པ་རྣམས་ལ་སྣང་བ་སྦྱིན་པར་བྱེད་དོ།། ཡང་བྱང་ཆུབ་སེམས་དཔའ་ནི་ཡོངསུ་སྡུད་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཚོགས་ཡོངསུ་བསྡུ་བའི ་ཚུལ་གྱིས་ཡོངསུ་སྤྱང་བར་བྱེད། སྙིང་བརྩེ་བའོ་སེམས་ཁོ་ན་སྔོན་དུ་བཏིང་སྟེ། ཟིང་ཟིང་མེད་པའོ་སེམས་ཀྱིས་ཐོག་མར་རྗེ་གནས་སྦྱིན་པར་བྱེ་།། དེའི་འོག་ཏུ་དེ་དག་གི་དོན་གྱི་ཕྱིར་བྲམ་ཟེ་དང་། ཁྱིམ་བདག་དད་པ ་ཅན་རྣམས་ལས་ཆོས་བཞིན་དུ་གོས་དང་། ཟས་དང་། མལ་མེ་དང་། སྤྱན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཚོལ་བར་བྱེད།། རང་གི་གོས་དང་། ཟས་དང་། མོལ་ཆ་དང་། སྟན་དང་། ན་བའི་གསོད ་སྨན་དང་། ཡོ་བྱད་ཆོས་དང་མཐུན་ཞིང་ཆོས་བཞིན་དུ་རྙེད་པ་རྣམས་ཀྱང་ཐུན་མོང་དུ་ལོངས་སྤྱོད་པར་བྱེད། སྦེད་ཅིང་སྤྱོད་པ་མ་ཡིནོ།། དུས་དུསུ་མཐུན་པའི་གདམས་ངག་རྣམ་པ་བརྒྱད་ཀྱང་སྦྱིན་པར་བྱེད་ལ། རྗེ་སུ་བསྟན་པ་རྣམ་པ ་ལྔ་ཡང་རྗེསུ་སྟོན་པར་བྱེད།། གདམས་ངག་རྗེསུ་བསྟན་པ་ནི་སྟོབས་ཀྱི་རིགས་ཀྱི་ལེའུ་ལོས་ཇི་སྐད་བསྟན་པ་ཡིན་ཏེ། འདིར་ཡང་དེ་བཞིན་དུ་རིག་པར་བྱའོ།། ཡང་བྱང་ཆུབ་སེམས་དཔའ་ནི་སེམས་དང་མཐུན་པར་བྱེད་པའི ་ཚུལ་ཁྲིམས་ཀྱི་སེམསོ་དང་མཐུན་པར་བྱེད་པ་ནི།། ཐོག་མ་ཁོ་ནར་སེམས་ཅན་རྣམས་ཀྱི་བསམ་པ་དང་། རང་བཞིན་དང་། ཁམས་ཤེསོ།། བསམ་པ་དང་། རང་བཞིན་དང་། ཁམས་ཤེས་ནས་སེམས་ཅན་གང ་དགྲ་དང་། ཇི་ལྟར་ལྷན་ཅིག་གནས་པོར་བྱ་བ་དེ་ལྟར་དེ་དག་གནསོ།། སེམས་ཅན་གང་དག་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་ལྟར་དེ་དག་སྒྲུབ་པར་བྱེདདོ།། བྱང་ཆུབ་སེམས་དཔའ་སེམས་ཅན་གང་གིས་སེམས་དང་མཐུན་པར་བྱེད ་འདོད་པར་གྱུར་པ་དེ་ལ་གལ་ཏེ་ལུས་དང་དག་གི་དངོས་པོ་ཀུན་ཏུ་སྤྱོད་པ་དེ་ལྟ་བུ་དེ་འདྲ་བས་དེའི་སྡུག་བསྔལ་དང་། ཡོང་མི་བདེ་བ་སྐྱེ་བར་མཐོང་ལ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དེས་ཀྱང་དེ་མི་དགེ་བའི་གནས་ནས ་བསླང་སྟེ། དགེ་བའི་གནསུ་འཇོག་པར་མི་འགྱུར་ན་ནི་བྱང་ཆུབ་སེམས་དཔས་སོ་སོར་བརྟགས་ནས་ལུས་དང་ངག་གིས་ཀུན་ཏུ་སྤྱོད་པ་དེ་བསྒྲིམས་ཏེ་ཡིངསུ་སྤོང་ཞིང་ཀུན་ཏུ་སྤྱོད་པར་མི་བྱེད།། གལ་ཏེ་སྡུག་བསྔལ་བ ་ཡིང་མི་བདེ་བ་དེས་ཀྱང་དེ་མི་དགེ་བའི་གནས་ནས་བསྲུང་སྟེ་དགེ་བྱའི་གན་སུ་འཇོག་པར་མཐོང་ན་ནི། བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། གཞན་སྒྱིད་བརྩེ་བ་ཁོ་ན་ཉེ་བར་བཟུང་ནས་སོ་སོར ་བརྟགས་ཏེ། གཞན་གྱི་སེམས་དང་མཐུན་པར་མི་བྱེད།། གཞན་དག་ལ་ལུས་དང་ངག་གི་དངོས་པོ་ཀུན་ཏུ་སྤྱོད་པ་གང་གིས་གཞན་དག་གི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་སྐྱེ་བར་འགྱུར་ལ། དེ་ཡོང་གཞན་དག་དང ་དེ་ལས་གཞན་པ་རྣམས་མི་དགེ་བའི་གནས་ནས་བསློང་སྟེ། དགེ་བའི་གནསུ་འཇོག་པར་མི་འགྱུར་ན་ཡང་། བྱང་ཆུབ་སེམས་དཔས་སོ་སོར་བརྟགས་ཏེ། དེ་ལས་གཞན་པ་རྣམས་ཀྱི་སེམས་པ་མཐུན་པ་མི་བྱ་བའི ་ཕྱིར། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་དེ་གཏོང་བར་བྱེད།། གལ་ཏེ་གཞན་དྲུག་དང་། དེ་ལས་གཞན་པ་རྣམས་སམ། དེ་གཉིས་ཀྭ་མི་དགེ་བའི་གནས་ནུས་བསླང་སྟེ། དགེ་བའི་གན་སུ་འཇོག་པར་མཐོང་ན་ནི། ་བྱང་ཆུབ་སེམས་དཔས་སྙིང་བརྩེ་ངའི་སེམས་ཁོ་ན་ཉེ་བོར་གཞག་སྟེ། སོ་སོར་བརྟགས་ནས་ལུས་དང་ངག་གི་ཀུན་ཏུ་སྤྱོད་པར་བྱེད། སེམས་ཅན་དེ་དག་གི་སེམས་དང་མཐུན་པར་མི་བྱེད།། བྱང་ཆུབ་སེམས་དཔའ་ནི ་བོདག་ཉིད་ཀྱི་ལུས་དང་ངག་གིས་དངོས་པོ་ཀུན་ཏུ་སྤྱོད་པ་གང་གིས་ཕ་རོལ་དག་གི་སྡུག་བསྔལ་བ་དང་། ཡིང་མི་འོད་པ་སྐྱོ་བར་ཡང་དག་པར་མཐོང་ལ། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ངོ་ཡང་བསླབ་པའི་གཞིར ་གཏོགས་པ་མ་ཡིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ཡང་མ་ཡིན་ལ། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དེས་ཀྱང་གཞན་དག་མི་དགེ་བའི་གནས་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ ་བཞིན་དུ་རིག་པར་བྱ་སྟེ། གཞན་གྱི་སེམས་བསྲུང་བའི་ཕྱིར་བྱང་ཆུབ་སེམས་དཔས་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གཏོང་བར་བྱེད།། དེ་ལས་བཟློག་པའི་ཀུན་ཏུ་སྤྱོད་པ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ།། ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཇི་ལྟ་བ་བཞིན་དུ། བདེ་བ་དང་ཡིད་བདེ་བ་ཡང་དེ་དང་འདྲ་སྟེ། ཅི་རིགས་པར་རྒྱས་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི ་གཞན་ཁྲོ་བའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པ་ལ་ཁྲོ་བའི་ཀུན་ནས་དཀྲིས་པ་མེད་པར་མ་གྱུར་གྱི་བར་དུ་མངོན་སུམ་དུ་བསྔགས་པ་ཡང་མི་བརྗོད་ན་བསྔགས་པ་མ་ཡིན་པ་ལྟ་ཅི་སྨོས་ཏེ། ཤད་ཀྱིས ་སྦྱང་བར་མི་བྱེད།། ཡང་བྱང་ཆུབ་སེམས་དཔའི་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི། གཞན་མི་སྨྲ་བ་ལ་ཡང་སྨྲ་ཞིང་ཡང་དག་པར་དགའ་བར་བྱེད་ན། སྨྲ་བ་དང་ཡང་དག་པར་དགའ་བར་བྱེད་ན། སྨྲ་བ་དང་། ་ཡང་དག་པར་དགའ་བར་བྱེད་པ་ལྟ་ལ་ཅི་སྨོས། བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི་གཞན་དག་ལ་འཁྲུག་པར་མི་བྱེད། དེ་དག་ཉིད་ལ་སྙིང་བརྩེ་བའི་ཕྱིར་དམོའི་དབབ་པར ་འདོད་པར་བྱེད། དབང་པོ་རྣམས་རབ་ཏུ་ཞི་བར་དམའ་འབེབས་པར་བྱེད།། བྱང་ཆུབ་སྟེམ་སྨྲ་དཔའ་གཞན་གྱི་སེམས་དཔའ་མཐུན་པར་བྱེད་པ་ནི་གཞན་ལ་འཕྱ་བར་ཡང་མི་བྱེད། བམྦྷི ་བར་མི་བྱེད་ལ། དེ་བག་ཁུམས་པར་མི་བྱེད།། བདེ་བ་ལ་རིག་པར་མི་གནས་པར་བྱ་བའི་ཕྱིར་ཐེ་ཚོམ་སློང་བར་ཡང་མི་བྱེད།། ཆད་པས་བཅད་ཅིང་སླ་བབ་ཟིན་པ་ལ་ཡོང་ཆད་པའི་གནས་ཀྱིས་གླེང་བར་མི་བྱེད།། དགེ ་བའི་ཤོས་ཆུང་བ་ལ་ཡང་བདག་ཉིད་མཐོ་བར་མི་སྟོན་ཏོ།། བྱང་ཆུབ་སེམས་དཔའོ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི་གཞན་དག་ལ་མི་སྟེན་པར་ཡང་མི་བྱེད། ཧཱ་ཅང་སྟེན་པར་ཡང་མི་བྱེད། དུས་མ་ཡིན་པར ་ཡང་སྟེན་པར་ཡང་མི་བྱེད། དེ་དག་གི་མཐུན་དུ་མཛའ་བོ་ལ་སྨོད་པར་ཡང་མྱི་བྱེད། མི་མཛའ་བའི་བསྔགས་པ་ཡང་མི་བརྗོད། མུ་འདྲིས་པ་ལ་ཡིད་རྟོན་པར་ཡང་མི་བྱེད། རྒྱུན་ཏུ་སློང་བར་ཡང་མི་བྱེད། བླང ་བ་ལ་ཡང་ཚོད་ཤེས་པོ་ཡིན། ཟས་དང་སྐོམ་ལ་སོགས་པ་ལ་བོས་ན་ཡང་སྤོང་བར་མི་བྱེད་།། ཡང་ནི་ཆོས་དང་མཐུན་པར་ཤད་ཀྱིས་བྱུང་བར་བྱེད།། ཡང་བྱང་ཆུབ་སེམས་དཔའ་ནི་ཡང་དག་པའི་ཡོན་ཏན་གྱིས ་ཡང་དག་པར་དགའ་བར་བྱ་བའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཡང་དག་པར་དགའ་བོར་བྱེད་པ་ན། དང་བའི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་དད་པའི་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ ་བར་བྱེད།། ཚུལ་ཁྲིམས་ཀྱི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་འབྲེལ་པའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད།། ཐོས་པའི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་ཐོས་པའི་ཡོན་ཏན་གྱི ་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད་དོ།། གཏོང་བའི་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་གཏོང་བའི་ཡོན་ཏན་གྱི་འབྲེལ་བའི་གཽ་ཏམ་གྱིས་ཡང་དག་པར་དགའ་བར་བྱེད།། ཤེས་རབ་ཀྱི་ཡོན་ཏན་དང ་ལྡན་པ་རྣམས་ལ་ནི་ཤེས་རབ་ཀྱི་ཡོན་ཏན་གྱི་འབྲེལ་བའི་གཏམ་གྱིས་ཡང་དག་པར་དགའ་བར་བྱེད།། ཡང་བྱང་ཆུབ་སེམས་དཔའ་ནི་ཚོར་བཅད་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཚར་གཅོད་པར་བྱེད། ཉེས་པ ་ཆུ་ངུ་དང་། འགལ་བ་ཆུ་ངུ་ལ་ནི་བསམ་པ་འཇམ་པོ་དང་སྡང་བ་མེད་པས་འཇམ་པོ་དང་སྡུང་བྱ་མེད་པ་སློ་དབབ་པ་ཆུ་ངུས་སླུ་འབེབས་པར་བྱེདདོ།། ཉེས་པ་འབྲིང་དང་འགལ་བ་འབྲིང་ལ་ནི་སྨ་དབབ་པ་འབྲིང་གིས་སྨ་འབེབས ་པར་བྱེད།། ཉེས་པ་ཆེན་པོ་དང་འགལ་བུ་ཆེན་པོ་ལ་སྨ་དབབ་པ་ཆེན་པོས་སྨྲ་འབེབས་པར་བྱེད།། སྨ་དབབ་པ་ཇི་ལྟ་བ་བཞིན་དུ་ཆད་པས་བཅད་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ།། ཉེས་པོ་ཆུ་ངུ་དང་། འབྲིང ་དང་། འགལ་བ་ཆུ་ངུ་དང་། འབྲིང་ལ་ནི་བྱང་ཆུབ་སེམས་དཔས་དེ་དག་ཉིད་དང་། གཞན་དག་ལ་ལེགས་པར་རྗེ་སུ་བསྟན་པའི་ཕྱིར། སྙིང་བརྩེ་བའི་སེམས་དང་། ཕན་པའི་སེམས་ཀྱིས་ཕྱིར་དགུག་པའི་ཕྱིར། ་རེ་ཞིག་པའི་ཚུལ་གྱིས་བསྐྱོད་པར་བྱེད།། ཉེས་པ་ཆེན་པོ་དང་འགལ་བ་ཆེན་པོ་ལྔ་ནི་དེ་དག་ཉིད་ལ་སྙིང་བརྩེ་བས་དེ་དག་བསྟན་པ་འདི་ལ་བསོད་ནམས་མ་ཡིན་པ་ཆེས་མུང་དུ་ཡོངསུ ་འཛིན་པར་མི་འགྱུར་བར་བྱ་བའི་ཕྱིར་དང་། གཞན་དག་ལ་ཡང་ཕན་པ་འདོད་པས་ལེགས་པར་རྗེསུ་བསྟན་པའི་ཕྱིར་ཕྱིན་ཆད་འགྲོགས་པར་མི་བྱ་བ་དང་། ལོངས་སྤྱོད་པར་མི་བྱ་བ་དང་། ཇི་སྲིད་འཚོའི་བར་དུ་ཡང ་ཕྱིར་མི་དགུག་པའི་ཚུལ་གྱིས་སྐྲོད་པར་བྱེདའོ།། ཡང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཅན་རྣམས་སྐྲག་པར་བྱེད་པ་འདོད་པས་དང་། འདུན་པོར་བྱེད་འདོད་པ་ནི་སེམས་ཅན་ཉེས་པར་སྤྱད་པ་སྤྱོད ་པོ་རྣམས་ལ་ཉེས་པར་སྤྱད་པ་སྤྱོད་པའི་རྣམ་པར་སྨིན་པའི་འབྲས་བུ་ངན་སོང་སེམས་ཅན་དམྱལ་བ་རྣམས་དང་། སེམས་ཅན་དམྱལ་བ་ཆེན་པོ་རྣམས་དང་། གྲང་བའི་སེམས་ཅན་དམྱལ་བ་རྣམས་དང་། ཉི་ཚེ ་བའི་སེམས་ཅན་དམྱལ་པོ་རྣམས་བསྙེན་ཅིང་སྟོན་པར་བྱེད། མིར་གྱུར་པ་དག་གིས་ཉེས་པར་སྤྱོད་པ་བྱས་ཤིང་བསགས་པའི་མི་སྡུག་པའི་འབྲས་བུ་རྣམ་པར་སྨིན་པ་མི་བཟང་ཅིང་། མཆོག་ཏུ་ཚ་བ་སོ་སོར ་ཉམ་སུ་མྱོང་བ་འདི་ལྟ་བུ་འདི་དག་ལ་ཁྱིད་ལྟོས་ཞེས་བསྒོ་ནས། དེ་དག་གིས་ཀྱང་དེ་མཐོང་སྟེ། སྒྲོག་ཅིང་སྐྱོ་བར་གྱུར་ནས་ཉེས་པར་སྤྱོད་པ་སྤོང་བར་བྱེདའོ།། སེམས་ཅན་ཁ་ཅིག་བྱང་ཆུབ་སེམས་དཔའ་འཁོར ་ཆེན་པོའི་ནང་ན་འདུག་པ་ལ་དྲི་བས་རྨ་དབབ་པས་ཚིག་མི་བཙུན་པར་བྱ་བར་འདོད་པ་དག་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་འམ། གནོད་སྦྱིན་ཁ་དོག་དཔའ་ཞིང་ལུས་ཆེལ་སྟོབས་ཆེ་བ་གང་ཡང་རུང་བ་ཞིག་ཏུ་མངོན་པར ་སྤྲུལ་ནས་འཇིགས་པར་བྱེད། སྐྲག་པར་བྱེད། རྒྱུ་དེས་ཡིད་ཆེས་པ་སྐྱེས་ཤིང་གཅེས་པར་འཛིན་པར་འགྱུར་ལ། གུས་པ་བྱེད་པར་གྱུར་པ་ལ་དྲི་བ་ལེགས་པར་ཁོ་ནར་ལུང་བསྟན་པར་བྱ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དེ ་དགེ་སོ་སོར་དྲིས་པ་ལུང་བསྟན་པ་དེས་གདུལ་བའི་ཕྱིར་རོ།། ཡང་ན་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང་། ་རྩིག་པ་ལས་ཡང་ཐད་ཀར་འགྲོ་བ་དང་། རི་བྲག་ལ་ཡང་ཐུད་ཀར་འགྲོ་བ་དང་། ར་བ་ལས་ཡང་ཐད་ཀར་འགྲོ་བ་ལ་ལུས་ཀྱིས་ཐོགས་པ་མེད་པར་འགྲོ་བ་ནས། རྒྱས་པར་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང ་བྱེད་པ་དང་། མེའི་ཁམས་ལ་ཡང་སྙོམས་པར་འཇུག་ཅིང་ཆོ་འཕྲུལ་ཕྲུགསུ་སྟོན་པ་དང་། ཡང་ན་ཉན་ཐོས་དང་ཐུན་མོང་བའི་རྫུ་འཕྲུལ་བསྟན་པས་འདུན་པར་བྱས། མགུ་བར་བྱས། ཡང་དག་པར་དགའ་བར་བྱས་ནས། ་མོ་དད་པ་ནི་དད་པ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད། ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་འགེང་བར་བྱེད། ཐོས་པ་ཉུ་ནི་ཐོས་པ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད། སེར་སྣ་ཅན་ནི ་གཏོང་བ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད། ཤེས་རབ་འཆལ་པ་ནི་ཤེས་རབ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་ཀྱིས་སེཾན ་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་གསུམ་པོ་སྡོམ་པའི་ཚུལ་ཁྲིམསུ་གཏོགས་པ་དང་། དགེ་བ་སྡུད་པའི་ཚུལ་ཁྲིམསུ་གཏོགས་པ་དང་། སེམས་ཅན ་གྱི་དོན་བྱ་བའི་ཚུལ་ཁྲིམསུ་གཏོགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡིནོ།། དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་འམ་རབ་ཏུ་བྱུང་བ་རྣམས་བྱང་ཆུབ་སེམས་དཔའི་བསླབ ་པ་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་འདི་དག་ལ་སློབ་པར་འདོད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྦྱིན་ལམ་བཏབ་པས། བྱང་ཆུབ་སེམས་དཔའ་སྨོན་ལམ་བཏབ་པའི་ཆོས་མཐུན་པ། སྡོམ ་བ་བླངས་པ་མཁས་པ། ངག་གི་རྣམ་པར་རིག་བྱེད་ཀྱི་དོན་འཛིན་པ་དང་། གོ་བར་ནུས་པ་དེ་ལྟ་བུའི་བྱང་ཆུབ་སེམས་དཔོའི་རྐང་པོ་གཉིས་ལ་ཐོག་མར་བྱས་ནས་གསལ་བ་གདབ་པར་བྱི་སྟེ། འདི་ལྟར་བདག་རིགས་ཀྱི་བུ་ཁྱོད་ལས ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ནོད་པར་འཚལ་གྱིས། དེ་ལས་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་ཅུང་ཟད་ཅིག་གསན་ཙོང་སྤྲུལ་བའི་རིག་སོ་ཞེས་བརྗོད་པར་བྱའོ།། ་དེ་ནས་བྱང་ཆུབ་སེམས་དཔའ་ནུས་པ་དེས། བྱང་ཆུབ་སེམས་དཔའ་འདོད་པ་དེ་ལ་བྱང་ཆུབ་སེམས་དཔའ་སྡོམ་པའི་ཕན་ཡོན་རྒྱ་ཆེར་བརྗོད་ནས། སྡོམ་པ་འདོད་པ་དེ་ལ་བསླབ་པའི་གཞི་ལྕི་ཡང་དག་ཀྱང་བརྗོད་ཅིང་སྤྲོ་བ ་བསྐྱེད་པར་ཡང་བྱ་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ།། རིགས་ཀྱི་བུ་ཁྱོད་ཉོན་ཅིག། ཁྱོད་འདི་ལྟར་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་སྒྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས ་དབུགས་དབྱུང་བ་དང་། ཡོངསུ་མྱ་ངན་ལས་མ་འདས་པ་རྣམས་ཡོངསུ་མྱ་ངན་ལས་འདའ་བ་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། དེ་ལ་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན་པ་དང ་ཡི་དམ་བརྟན་པར་ཡང་བྱའོ་ཞེས་དེ་ལྟར་མི་ཤེས་པའི་རིགས་མཐོང་ནས། སྤྲོ་བ་བསྐྱེད་པའི་ཕྱིར་བརྗོད་པར་བྱའོ།། དེ་ནས་འདོད་པ་དེས་ལེགས་པར་གསོལ་བ་བཏབ་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་ཡེ་ཤེས་དང་། མཐུ་ཆེན་པོ་ཐོབ་པ་ཕྱོགས་བཅུ་ན་བཞུགས་པ ་རྣམས་ལ་མཆོད་པ་བྱོས་ནས། དེ་དག་གི་ཡོན་ཏན་རྣམས་ཀྱང་མངོན་སུམ་དུ་བྱས་ལ་བསམ་པ་ཐག་པ་ནས་དང་བའི་སེམས་སམ། ཡང་ན་ངེས་ཅི་ནུས་པ་དང་། རྒྱུའི་སྟོབས་ཅི་ཡོད་པས་ཆུ་དུས་ཡང་བསྐྱེད ་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བཞག་སྟེ། ལེགས་པར་མཆོད་པར་བྱས་ནས་འདུད་པའི་ཚུལ་གྱིས་པུས་མོ་གྷ་ང་ས་ལ་བཙུགས་པ་འམ། ཅོག་ཙོག་པོར་འདུག་ཀྱང ་རུང་སྟེ། བྱང་ཆུབ་སེམས་དཔའ་མཁས་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་འམ། ཚེ་དང་ལྡན་པ་འམ། བཙུན་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བདག ་ལ་སྩལ་དུ་གསོལ་ཞེས་སྨྲས་ནས། དྲན་པ་རྩེ་གཅིག་ཏུ་གཞག་སྟེ། སེམས་དང་བ་ཁོ་ན་བསྐྱེད་ནས། ད་ནི་བདག་གིས་རིང་པོར་མི་ཐོགས་པར་བསོད་ནམས་ཀྱི་གཏེར་ཆེན་པོ་བླ་ན་མེད་པ་ཟད་མི་ཤེས་ཤོང། དཔག ་ཏུ་མེད་པ་ཐོབ་པར་འགྱུར་སྙམ་དུ་དོན་དེ་ཉིད་རྗེ་སུ་བསམ་ཞིང་ཅང་མི་སྨྲ་བར་བྱའོ།། དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱང་ཆུབ་སེམས་དཔའ་མཁས་པ་འགྲེང་ཡང་རུང་། སྟན་ལ་འདུག་ཀྱང་རུང་སྟེ། དེས ་སེམས་མ་ཡངས་པར་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་འམོ་ཆོས་ཀྱི་སྤུན་མིང་འདྲི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བླམ་ཞེས་སྨོས་ཤིག། དེས་ཀྱང་ལགསོ ་ཞེས་ཁས་ལོང་ཞིག། དེའི་འོག་ཏུ་དེ་ལ་ཡང་འདི་སྐད་ཅེས་རྗོད་པར་བྱ་སྟེ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས ་དང་། ཚུལ་ཁྲིམསུ་གྱུར་པ་གང་ཡིན་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང་། ཚུལ་ཁྲིམ་སུ་གྱུར་པ་གང་ཡིན་པ་དང་། ད་ལྟར་ན་ཕྱོགས ་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གང་ཡིན་པ་རྣམས་དང་། ཚུལ་ཁྲིམས་གང་ཡིན་པ་བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་ལ་འདས་པའི ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་གྱུར་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས ་ཅད་ད་ལྟར་ན་སློབ་པ་བྱང་ཆུབ་སེམས་དྲཔའི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལོ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ང་ལས་དོན་དམ་ཞེས་སྨོས་ཤིག། དེས་ཀྱང་ནོད་ལ་གསོ་ཞེས་ཁས་ལོང་ཞིག། བྱང་ཆུབ་སེམས་དཔའ་མཁས་པ་དེས་ཀྱང་དེ་ལྟར་ལན་གཉིས་གསུམ་དུ་བརྗོད་པར ་བྱའོ།། དྲིས་ན་ནོད་པའི་བྱང་ཆུབ་སེམས་དཔའ་དེས་ཀྱང་ལན་གསུམ་གྱི་བར་དུ་ཁས་བླངས་པར་བྱའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་མཁས་པ་དེས་ནོད་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱང་ཆུབ་སེམས་དའི། ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལན་གསུམ་གྱི་བར་དུ་ཕྱོག་སྟེ། ཁས་ལེན་དུ་ཡང་བཅུག་ནས་ནོད་པའི་བྱང་ཆུབ་སེམས་དཔའ་དེ་མ་ལངས་པར་དེ་བཞིན་གཤེགས་པར ་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་བཞུགས་ཤིང་འཚོ་བ་ཐམས་ཅད་ཀྱི་ཞབས་ལ་གཏུགས་ཏེ་ཐལ་མོ་སྦྱར་ནས་འདི་ལྟར་མཁྱེན་པར་མཛད་དུ་གསོལ་བ་བྱ་སྟེ། ་བྱང་ཆུབ་སེམས་དཔའ་མང་འདི་ཞེས་བགྱི་བ་འདིས། བདག་བྱང་ཆུབ་སེམས་དཔའི་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། ་བདག་མིང་འདི་ཞེས་བགྱི་བ་བྱང་ཆུབ་སེམས་དཔའི་མྱིང་འདི་ཞེས་བགྱི་བ་འདིའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བདག་དཔང་དུ་གྱུར་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ ་ཡས་མུ་མེད་པ་ན་བཞུགས་པོའི་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་རྣམས་ལ་མཁྱེན་པར་གསོལ་ཞེས་དེ་སྐད་ལན་གཉིས་ལན ་གསུམ་གྱི་བར་དུ་བརྗོད་པར་བྱའོ།། །། བམ་པོ་དགུ་པ། འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ལས་ཡོད ་སུ་རྫོགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན། དེ་བཞིན་གཤེགས་པ་རྣམས་དང་ས་ཆེན་པོར་བཞུགས་པའི་བྱང་ཆུབ་སེམས་དཔའ་བཞུགས་ཏེ། འཚོ་བ་རྣམས་གུང་གིས་དེ་དག ་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་དེས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ཡང་དག་པར་མནོསོ་སྙམ་དུ་དགོངས་པར་འགྱུར་བ་དེ་ལྟ་བུའི་ལྷས་འབྱུང་བར་འགྱུར་རོ།། དེའི་རྗེས་ལ་དེ་དག ་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་དགོངས་པར་འགྱུར་ཏེ། དགོངས་པར་གྱུར་ན་ཡེ་ཤེས་གཟིགས་པ་འཇུག། དེ་དག་གིས་ཡེ་ཤེས་གཟིགས་པ་དེས་འདི་ལྟར་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས་འཇིག་རྟེན ་གྱི་ཁམས་ག་གེ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལེགས་པར་མནོསོ་ཞེས་བྱ་བར་དེ་ལྟར་ཡང་དག་པར་ཇི་ལྟ་བ་བཞིན ་ཐུགསུ་ཆུད་པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་དེ་ལ་བུ་དང་འདྲ་བ་དང་། སྤུན་དང་འདྲ་བར་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར་མཛད་དོ།། དེ་ལྟར་དགོངས་པ་བཟང་པོས་སོ་སོ་ནས་ཐུགས་བརྩེ་བར ་མཛད་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་ཆོས་རྣམས་ནི་རྒྱ་ཆེར་འཕེལ་བར་འགྱུར་ཏེ། ཉམས་པར་མི་འགྱུར་པར་ཤེས་པར་བྱའོ།། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་མཁྱེན་པར་གསོལ་བ་དེ ་ཡང་དེ་དག་གི་ཐུགསསུ་ཆུད་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ལས་དེ་ཡོང་སུ་རྫོགས་ནས། བྱང་ཆུབ་སེམས་དཔའ་དེ་གཉིས་ཀས། ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་མཆོད་པ་བྱས་ལ། ཞབས་ལ་གཏུགས་ཏེ་ལྡོང་བར་བྱའོ།། བྱང་ཆུབ་སེམས ་དཔའ་དེའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བླ་ན་མེད་པ་དང་། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང ་ལྡན་པ་དང་། སེམས་ཀྱི་བསམ་པ་མཆོག་ཏུ་དགེ་བས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་ཉེས་པར་སྤྱོད་པ་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་ཡིནོ།། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླང ་ཐམས་ཅད་ནི་འདི་ལྟ་སྟེ། བསོད་ནམས་ཡོངསུ་བཟུང་བ་ལོ་བརྟན་ནས། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེ་ནི། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། གྲངས་དང་། ཆ་དང་། ་བགྲང་བ་དང་། དེ་བ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངེས་འདི་ལྟར་བདག་ཉིད་ཀྱིས་ཀྱང་བརྟག་ཅིང་བརྟག་ཅིང ་འདི་ནི་བྱང་ཆུབ་སེམས་དཔའ་བྱ་བའི་ཆ་ཡིནོ།། འདི་ནི་བྱ་བའི་ཆ་མ་ཡིནོ་སྙམ་ནས།། དེ་ཕྱིན་ཆད་དེ་ཁོ་ན་བཞིན་དུ་ལ་སུ་བསྒྲུབ་པར་བྱ་ཞིང་བསྲུང་བར་བྱའོ།། བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ལས་ཀྱང་བསྒྲིམས་ཏེ། མཉམ་པ ་འམ། ཡང་ན་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱིས་མ་མོ་བསྡུས་པ་འདི་ལས་ཀྱང་མཉན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱི་མདོ་སྡེ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པའི་གཞི་སྟོང་ཕྲག་དུ་མ་གསུངས ་པ་དག་བསྒྲུབ་པའི་ཕྱིར་དེ་ཁོ་ན་བཞིན་དུ་བསླབ་པར་བྱའོ།། མཁས་པ་ཡིན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེ་མནོད་པར་མི་བྱ་སྟེ། དད་པ་མེད ་པ་གང་ཐོག་མར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡེང་དྲག་པོར་བླང་བ་འདི་ལ་མ་མོས་ཤིང་མི་འཇུག་ལ་མི་རྟོག་པ་ལས་ཀྱང་གནོད་པར་མི་བྱའོ།། བརྐམ་ཆགས་ཅན་དང་། ཆགས་པས་ཟིལ་གྱིས་ནོན་པ་དང་། འདོད་པ་ཆེ་བ་དང་། ་ཆོ་ག་མི་ཤེས་པ་ལས་ཀྱང་མནོད་པར་མི་བྱའོ།། ཚུལ་ཁྲིམས་ཉམས་ཉམས་པ་དང་། བསླབ་པ་དག་ལ་གུས་པར་མི་བྱེ་། ལྷོད་པ་ལས་ཀྱང་མནོད་པར་མི་བྱའོ།། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། མི་བཟོད་པའི ་ཤས་ཆེ་བ་དང་། ཕ་རོལ་གྱི་ཉེས་པ་མི་བཟོད་པ་ལས་མནོད་པར་མི་བྱའོ།། སྙོམས་ལས་ཅན་དང་། ལ་ལོ་ཅན་དང་། ཤས་ཆེར་ཉིན་མཚན་དུ་གཉིད་ཀྱིས་བདེ་བ་དང་། གློས་འབབས་པའི་བདེ་བ་དང་། ཉལ་བའི་བདེ་བ་ཉམ་སུ ་ལེན་པ་དང་། འདུ་འཛིའི་གཏམ་གྱིས་དུས་ཡོལ་བར་བྱེད་པ་ལས་ཀྱང་མནོད་པར་མི་བྱའོ།། སེམས་རྣམ་པར་གཡེངས་ཏེ། ཐ་ན་བ་འཇོས་ཙམ་བར་དུ་ཡང་དག་པ་ལ་སེམས་རྩེ་གཅིག ་ཏུ་སྒོམ་མི་ནུས་པ་ལས་ཀྱང་མནོད་པར་མི་བྱའོ།། ཡིད་རྟུལ་བ་དང་། རྨོངས་པའི་རང་བཞིན་ཅན་དང་། ཧ་ཅང་སེམས་ཞུམ་པ་དང་། བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད ་ཀྱི་ཨ་མོ་ལ་སྐུར་པ་འདེབས་པ་ལས་ཀྱང་མནོད་པར་མི་བྱའོ།། བྱང་ཆུབ་སེམས་དཔའ་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་འདྲི་བཟུང་ཞིང་ཀུན་ཆུབ་པར་བྱས་ཀྱང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྡང་ཞིང་མ་དད ་པའི་སེམས་ཅན་རྣམས་ལ་གྱ་ཙོམ་དུ་བསྒྲག་པར་མི་བྱ་ཞིང་ཤེས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གིས་ཐོས་ན་མ་མོས་ཤིང་མཽ་ཤེས་པའི་སྒྲིབ་པ་ཆེན་པོས་བསྒྲིབས་པས་བསྐུར་པ་འདེབས ་པར་འགྱུར་བའི་ཕྱིར་ཏེ། དེ་ལ་སྐུར་པ་འདེབས་པ་དོན་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཇི་ཙམ་དང་ལྡན་པར་འགྱུར་བ་དེ་ཙམ་དུ། དེ་ནི་སྡིག་པའི་ཚིག་དང་། ་སྡིག་པའི་ལྟ་བ་དང་། སྡིག་པའི་ཀུན་ཏུ་རྟོགས་པ་དེ་དག་ཇི་སྲིད་ཐམས་ཅད་ཀྱི་ཐམས་ཅ་དུ་མ་སྤངས་ཀྱི་བར་དུ་བསོད་ནམས་མ་ཡིན་པའི་ཕུང་པོ་དཔག་ཏུ་མེད་པ་དེ་ཙམ་ཁོ་ན་དང་ལྡན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་འདོད་པ་ལ་སྔ་ནས་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི་མ་མོ་འདི་ལས་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་དྲང་། ཉེས་པའི་གནས་གང་དག་བསྟན་པ་དེ་དག ་བསྒྲགས་པར་བྱ་སྟེ། གལ་ཏེ་སྙིང་ནས་བརྟགས་ཤིང་ཤེས་རབ་ཀྱིས་སོ་སོར་བརྟགས་ན་སཱ།། སྤྲོས་པར་གྱུར་ལ་ཕ་རོལ་གྱིས་ཡང་དག་པར་འཛིན་དུ་བཅུག་པའི་ཕྱིར་ཡང་མཱ་ཡིན། ཕ་རོལ་དང་འགྲན་པའི ་ཕྱིར་ཡང་མ་ཡིན་ན། བྱང་ཆུབ་སེམས་དཔའ་བསྟན་པོ་ཡིན་པར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་འདི་ཆོ་ག་འདི་བཞིན་དུ་དེས་ཀྱང་མནོད་པར་བྱ་ཞིང་དེ་ལ་དབོག་པར་ཡང་བྱའོ།། ་དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་ཕམ་པོའི་གནས་ལྟ་བུའི་ཆོས་བཞི་ཡིད། བཞི་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་ཏོ།། བདག་ལ་བསྟོད་པ་དང་། གཞན ་ལ་སྨོད་པ་བྱང་ཆུབ་སེམས་དཔའ་ཕམ་པའི་གནས་ལྟ་བུའི་ཆོས་དང་། ལོངས་སྤྱོད་དག་ཡོད། བདོག་བཞིན་དུ་ཆགས་པའི་རང་བཞིན་གྱིས་སྡུག་བསྔལ་བ་དང་། བཀྲེན་པ་དང་། མགྲོན་མེད་པ་དང་། རྟེན་མེད ་པའི་སློང་བ་པོ་ལེགས་པར་འོངས་པ་རྣམས་ལ་སྙིང་སྲ་བས་ཟང་ཟིང་མི་གཏོང་བ་དང་། ཆོས་ལ་སེར་སྣ་བྱེད་པའི་ཕྱིར་དོན་དུ་གཉེར་བ་ལགས་པར་འོངས་པ་རྣམས་ལ་ཆོས་ཀྱི་སྒོ་བཤའ་མི་བྱེད་པ་ནི་བྱང་ཆུབ་སེམས ་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་དང་། གང་གིས་བྱང་ཆུབ་སེམས་དཔའི་ཚིག་རྩུབ་པོས་སྨྲས་པ་ཙམ་གྱིས་གཏོང་བར་མི་བྱེད། ཁྲོ་བའི་ཀུན་ནས་དཀྲིས་པ་དེ་ལྟ་བུ་འཕེལ་བར་བྱེད་ལ། ་ཁྲོ་བོའི་ཟིལ་གྱིས་ནོན་ནས་ལག་པ་འམ། བོང་བ་འམ། དབྱུག་པས་སེམས་ཅན་རྣམས་ལ་རྡེག་པ་བྱེད། རྣམ་པར་འཚེ་བར་བྱེད། རྣམ་པར་ཐོ་འཚམ་པར་བྱེད་པ་ལ། གཞན་དག་གིས་འགལ་བྱ་ཤད་ཀྱིས་སྦྱངས ་ཀྱང་ཁྲོ་བའི་བསམ་པ་བདོ་བའི་ཁོ་ན་ཞེ་ལ་བཟུང་སྟེ། གཞན་གྱིས་ཤད་ཀྱིས་སྦྱངས་ཀྱང་མི་ཉན་ཅིང་མི་བཟོད་ལ། བསམ་པས་མི་གཏོང་བ་འདི་ཡང་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་དང་། བྱང ་ཆུཆུབ་སེམས་དཔའི་སྤུ་སྣོད་ལ་སྐུར་པ་འདེབས་པ་དང་། བདག་ཉིད་དམ། གཞན་དྲག་གི་གཡམ་ལ། དམ་པའི་ཆོས་ལྟར་བཅོས་པ་ལྔ་མོས་ནས་དམ་པའི་ཆོས་ལྟར་བཅོས་པ་རྣམས་ལ་དགའ་བ་དང་། སྟོན་པ་དང ་འཇོག་པ་ནི་བྱང་ཆུབ་སེམས་དཔེའི་ཕམ་པའི་གནས་ལྟ་བུའི་ཆོསོ།། བཞི་པ་དེ་དག་ནི་ཕམ་པའི་གནས་ལྟ་བུའི་ཆོས་རྣམས་ཡིན་ཏེ། དེ་དག་ལས་བྱང་ཆུབ་སེམས་དཔའ་གང་ཡང་རུང་བ་བྱས་ན་ཚེ་འདི་ལ་བྱང་ཆུབ་ཀྱི ་ཚོགས་རྒྱ་ཆེན་པོ་གསོགས་པ་དང་། ཡོངསུ་འཛིན་པའི་སྐལ་བ་མེད་པར་འགྱུར་ན་ཐམས་ཅད་ལ་བྱས་ན་ལྟ་ཅི་སྨོས། ཚེ་འདི་ཉིད་ལ་བསམ་པ་རྣམ་པར་དག་པར་འགྱུར་བའི་སྐལ་པ་ཡང་མེད། དེ་ནི་བྱང་ཆུབ ་སེམས་དཔའ་ལྟར་བཅོས་པ་ཡིན་གྱི་ཡང་དག་པའི་བྱང་ཆུབ་སེམས་དཔའ་མ་ཡིནོ།། ཕམ་པའི་གནས་ལྟ་བུ་བཞི་པོ་འདི་དག་གི་ཀུན་ནས་དཀྲིས་པ་ཆུ་ངུ་དང་། འབྲིང་གིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག ་པར་བླངས་པ་དེ་བྱང་ཆུབ་སེམས་དཔས་བཏང་བར་མི་འགྱུར་རོ།། ཀུན་ནས་དཀྲིས་པ་ཆེན་པོས་ནི་བཏང་བར་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔས་ཕམ་པའི་གནས་པ་ལྟ་བུའི་ཆོས་བཞི་པོ་འདི ་དངག་རྒྱུན་མི་འཆད་པར་ཀུན་ཏུ་སྤྱོད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཆུ་ངུ་ཡང་མི་སྐྱེད་པ་དང་། དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང་། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་འདི་ནི་ཀུན ་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ།། འདི་ལྟ་སྟེ། ཕམ་པའི་ཆོས་རྣམས་བྱས་པའི་དགེ་སློང་གིས་སོ་སོར་ཐར་པའི་སྡོམ་པ་བཏང་བར་འགྱུར་པ་བཞིན་དུ། བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི ་ཆོས་ཅན་ལྷན་ཅིག་ཙམ་ཀུན་ཏུ་དཔྱད་པས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་མི་འགྱུར་རོ།། བྱང་ཆུབ་སེམས་དཔའ་ནི་ཡང་དག་པར་བླངས་པར་ཡོངསུ་བཏང་དུ་ཟིན ་ཀྱང་ཚེ་འདི་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཕྱིར་མནོད་པའི་སྐལ་བ་ཡོད། འདི་ལྟ་སྟེ། དགེ་སློང་སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ཕམ་པ་བྱུང་བ་བཞིན་དུ་སྐལ ་པ་མེད་པ་ཁོ་ནར་འགྱུར་བ་མ་ཡིནོ།། མདོར་བསྡུ་ན་རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངསུ་བཏང་བ་དང་། ཕམ་པའི་གནས་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ཏུ་སྤྱོད་པའོ།། བྱང་ཆུབ་སེམས་དཔའ་གང་གིས་སྨོན་ལམ་ཡང་མ་བཏཏྤ་ལ། ཕན་པའི ་གནས་ལྟ་བུའི་ཆོས་རྣམས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཡང་ཀུན་ཏུ་མ་སྤྱད་ན། ཚེ་རྗེ་སུ་ཟིན་ཀྱང་འོག་དང་སྟེང་དང་ཐད་ཀ་ཐམས་ཅད་དུ་སྐྱེས་པ་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི ་སྡོམ་པ་ཡང་དག་པར་བླངས་པ་སྤོང་བར་མི་འགྱུརརོ།། བྱང་ཆུབ་སེམས་དཔའ་ཚེ་བརྫེས་ཏེ་བརྗེས་ན་ཡང་དགེ་བའི་བཤེས་གཉེན་བསྟེན་པོ་ལ་བརྟེན་ནསོ།། དྲན་པ་གསོ་བའི་ཕྱིར་ཡང་དང་ཡང་ནོད་པར་བྱེད་པར་ཟད ་ཀྱི། གསར་དུ་ཡང་དག་པར་ལེན་པ་ནི་མ་ཡིན་ནོ།། དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཉེས་པ་དང་ཉེས་པ་མ་ཡིན་པ་དང་། ཉོན་མོངས་པོ་ཅན་དང་། ་ཉོན་མོངས་པ་ཅན་མ་ཡིན་པ་དང་། ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཡང་རིག་པར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའོ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པས་ཉིན་གཅིག་བཞིན་དུ ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། ཆོས་སམ། ཆོས་ཀྱི་གླེགས་བམ་དུ་བྱས་པ་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ངམ། བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཀྱི ་མ་མོ་འམ། དག་འདུན་ལ་ཡང་རུང་སྟེ། ཕྱོགས་བཅུ་དག་ན་ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་འདུན་གང་ཡིན་པ་ལ་མཆོད་པའི་བྱེ་བ་ཆུ་ངུ་འམ།། ཆེན་པོ་ཅི་ཡང་རུང་སྟེ། ཐ་ན་ལུས་ཀྱིས ་ཕྱག་གཅིག་ཙམ་འཚལ་བ་དང་། ཐ་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་ཀྱི་ཡོན་ཏན་རྣམས་ལས་བརྩམས་ཏེ་ཚིག་བཞི་པའི་ཚིགསུ་བཙོད་པ་གཅིག་ཙམ་ཞིག་ཚིག་ཏུ་བརྗོད་པ་དང་། ཐ་ན ་སེམས་ཀྱིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཡོན་ཏན་རྗེ་སུ་དྲན་པ་སྔོན་དུ་འགྲོ་བའི་དང་བ་གཅིག་ཙམ་ཡང་མ་བས་པར་ཉིན་མཚན་འདའ་བར་བྱེད་ན། ཉེས་པ་དང་བཅས་ཤིང་འགྲེལ་བ་དང་བཅས ་པར་འགྱུར་ཏེ། གལ་ཏེ་མ་གུས་པ་དང་། སྙོམ་ལས་དང་། ལེ་ལོས་ཉེས་པ་བྱུང་ན་ནི། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། གལ་ཏེ་བརྗེས་པས་ཉེས་པ་བྱུང་ན་ནཱ་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པ ་འབྱུང་བར་འགྱུརོ།། སེམས་འཁྲུགས་པ་ལ་ནི་ཉེས་པ་མདོ།། བསམ་པ་དག་པའི་སར་ཆུང་པ་ལ་ཉེས་པ་མེད། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བསམ་པ་དག་པའི་ཕྱིར་ཏེ། དཔེར་ན་དགེ་སློང་གིས་ཤེས ་ནས་དད་པ་ཐོབ་པ་ནི་དུས་ཐམས་ཅད་དུ་ཡང་ཆོས་ཉིད་ཀྱིས་སྟོན་པ་དང་། ཆོས་དང་དགེ་འདུན་ལ་བསྙེན་བཀུར་བྱེད་ཅིང་མཆོད་པ་དམ་པས་མཆོད་པ་བྱེད་པ་ལྟ་བུའོ།། བྱང་ཆུབ་སེམས ་དཔའ་འདོད་པ་ཆེ་བ་དང་། ཆོ་ག་མི་ཤེས་པ་དང་། རྙེད་པ་དང་། བཀུར་སྟི་ལ་ཆགས་པ་བྱུང་བ་དང་དུ་ལྡན་པར་བྱེད་ན། ཉེས་པ་དང་བཅྡོཾས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར ་འགྱུར་རོ།། དེ་སྤང་བའི་ཕྱིར་འདུན་པ་སྐྱེས་ཤིང་བརྩོན་འགྲུས་རྩོམ་ལ་དེའི་གཉེན་པོ་ཡོངསུ་འཛིན་པས་དེའི་གགསོ་ལ་གནས་པ་རང་བཞིན་གྱི་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་ཟིལ་གྱིས་མནན་ནས་ཡང་དང་ཡང་དུ་ཀུན ་ཏུ་སྤྱོད་པ་ལ་ཉེས་པ་མྱེདདོ།། བྱང་ཆུབ་སེམས་དཔའ་ཆེས་རྒན་ཞིང་ཡོན་ཏན་དང་ལྡན་ལ། བཀུར་སྟི་བྱ་བར་འོས་པ་ཆོས་མཐུན་པ་མཐོང་བ་ན། ང་རྒྱལ་གྱིས་ནོནྡ་ཏ་མ~ཾ། ཀུན་ནས་མ་ནཱར་སེམས་ཀྱི་སེམས་དང ་ལྡན་ན་མ། ཁོང་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། ལངས་ཤིང་སྟན་མི་སྟེབས་པ་དང་། གཞན་དག་ལ་སྨྲ་ཞིང་ཀུན་ཏུ་སྨྲེ་ལ། ཡང་དག་པར་དགའ་བར་བྱེད་ཅིང་འདྲི་བ་ལ་ང་རྒྱལ་ཁོ་ནས་ནོན་ཏམ། ཀུན ་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། རིགས་པའི་ཚུལ་གྱིས་ཚིག་སླར་བརྗོད་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན ་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། གལ་ཏེ་ང་རྒྱལ་གྱིས་ནོན་པ་མ་ཡིན། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་མ་ཡིན། ཁོང་ཁྲོ་བའི་སེམས་དང་ལྡན་པ་ཡིན་ཡང་རུང་སྟེ། སྙོམ་ལས་དང་། ལེ་ལོ ་འམ། ལུང་དུ་མ་བསྟན་པའི་སེམས་སམ། བརྗེད་པས་བྱས་ནས་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པ་ཁོ་ནར་འགྱུར་གྱི། ཉོན་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུརརོ།། ནང་ཚབས་ཆེ་བ་འམ། ་སེམས་འཁྲུགས་པ་ལ་ཉེས་པ་མེདོ།། དེ་གཉིད་ཀྱིས་ལོག་པ་ལ་སད་པའི་འདུ་ཤེས་ཀྱིས་འཁྱུད་པར་བྱེད་པ་དང་། སྨྲ་བ་དང་། ཀུན་ཏུ་སྨྲ་བ་དང་། ཡང་དག་པར་དགའ་བར་བྱེད་པ་དང་། འདྲི་བ་ལ་ཉེས་པ ་མེདོ།། གཞན་དག་ལ་ཆོས་སྟོན་པ་འམ། འབྲེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་བརྩོན་པ་ལ་ཉེས་པ་མདོ།། དེ་མ་ཡིན་པ་གཞན་དག་ཡང་དག་པར་དགའ་བར་བྱེད་ན་ཉེས་པ་མདོ།། གཞན ་དག་ཆོས་སྟོན་པ་འམ། འབྲལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་རྣ་བླགས་ཏེ་ཉན་ན་ཉེས་པ་མེདདོ།། ཆོས་ཀྱི་གཏམ་ལ་མི་དགའ་བར་འགྱུར་བ་དྲང་། ཆོས་སྨྲ་བའི་སེམས་བསྲུང་ན་ཉེས་པ་མདོ།། ་ཐབས་དེས་སེམས་ཅན་དེ་དག་དུལ་བར་བྱེད་ཅིང་འདུལ་ལ། མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་ལ་འགོད་ན་ཉེས་པ་མེདོ།། དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མདོ།། གཞན་ཆེས་མང ་བ་རྣམས་ཀྱི་སེམས་བསྲུང་ན་ཉེས་པ་མེད།། བྱང་ཆུབ་སེམས་དཔའ་གཞན་དག་གིས་ཁྱིམ་མམ?། གཙུག་ལག་ཁང་གཞན་ནམ། ཁྱིམ་གཞན་དུ་ཟས་དང་། སྐོམ་དང་། གོས་ལ ་སོགས་པཱ་ཡོ་བྱད་རྣམས་ལ་བོས་པ་ལས་ང་རྒྱལ་གྱིས་ནོན་ཏམ། ཀུནྡ་ནས་མོན་ར་སེམས་ཀྱི་སེམས་དང་ལྡན་ན་མུ། ཁོང་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། མཱི་འགྲོ་ཞིང་བོས་པ་བདག་གིར་མི་བྱེད་ནཱ། ཉེས་པ་དང ་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱིས་ཉེས་པར་འགྱུ་རོ།། སྙོམ་ལས་ལེ་ལོའི་དབང་གིས་མ་སོད་ན་ནི་ཉོན་མོངས་པ་ཅནྡ་མ་ཡིན་པའི་ཉེས་པར་འགྱུར་རོ།། ན་ཏི་མི་ནུས་པ་འམ། ་སེམས་འཁྲུགས་པ་ལ་ཉེས་པ་མེདོ།། ཡུལ་མཛད་མྱ་རིང་དུ་གྱུར་པ་འམ། ལམ་ན་འཇིགས་པ་ཡོད་ན་ཉེས་པ་མ་།། ཐབས་དེས་དེ་དུལ་བར་བྱེད་འདོད་ཅིང་འདུལ་བར་འདོད་ལ་མི་དགེ་བའི་གནས་ནས་བསླངས ་ཏེ། དགེ་བའི་གནསུ་འཇོག་པར་འདོད་ན་ཉེས་པ་མེདོ།། ཚོར་སྔར་གཞན་ལ་ཁྭས་བླངས་ན་ཉེས་པ་མེདོ།། རྒྱུན་ཏུ་དགེ་བའི་ཕྱོགས་ཀྱི་བར་ཆ་དུ་འགྱུར་བ་བསྲུང་བའི་ཕྱིར་མ་སོང་ན་ཉེས་པ་མདོ།། ཆོས་ཀྱི་དོན ་དང་ལྡན་པ་སྔོན་མ་ཐོས་པ་མཉན་པ་ལས་ཉམས་པར་འགྱུར་དུ་དོགས་པའི་ཕྱིར་མ་སོང་ན་ཉེས་པ་མདོ།། ཆོས་ཀྱི་དོན་མཉན་པ་ཇི་ལྟ་བ་བཞིན་དུ་འབྲེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་ཡང་དེ་དང ་འདྲུ་བར་རིག་པར་བྱའོ།། ཐོ་འཚམ་པའི་བསམ་པས་བོས་ན་ཉེས་པ་མེདདོ།། གཞན་ཆེས་མང་བ་དྲག་གིས་ཀུན་ནུས་མནར་སེམས་ཀྱི་སེམས་བསྲུང་ན་ཉེས་པ་མྱེ་དོ།། དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ ་མེདདོ།། བྱང་ཆུབོ་སེམས་དཔའ་གཞན་དག་ལས་གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་ལ་སོགས་པ་ནོར་གྱི་སྣ་གྲངས་རྣམ་པ་སྣ་ཚོགས་མང་པོ་མཆོག་རྣམས་ཐོབ་ཅིང་། དུས་ཀྱིས ་བསྟབས་པོ་ལས་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་པས་ལེན་དུ་མི་གཏུབ་ཅིང་སྤོང་བར་བྱེད་ནི་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། སེམས ་ཅན་ཡལ་བྱར་འདོད་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། སྙོམ་ལས་དང་ལེ་ལོས་ལེན་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ་ཉོན་མོངས་པ་ཅན་གྱི་ཉེས་པར ་ནི་མྱི་འགྱུར་རོ།། སེམས་འཁྲུགས་པ་ལས་ཉེས་པ་མདོ།། དེ་བླངས་པས་སེམས་ཆགས་པར་འགྱུར་བར་མཐོང་ན་ཉེས་པ་མེདདོ།། དེ་ཕྱིས་འགྱོད་པར་འགྱུར་དུ་དོགས་ན་ཉསྡེ་པ་མདོ།། དེས་སྦྱིན་པ་འཁྲུལ ་དུ་དོགས་ན་ཉེས་པ་མེདདོ།། ཀུན་ཏུ་འཛིན་པ་བཏང་བ་དེའི་རྒྱུས་སྦྱིན་བདག་དབུལ་ཞིང་འཕོངས་པར་འགྱུར་དུ་དོགས་ན་ཉེས་པ་མེད།། དགེ་འདུན་གྱི་འམ། མཆོད་རྟེན་གྱི་ཡིན་དུ་དོགས་ན་ཉོས་པ་མེདོ།། ་གཞན་ལས་མི་རིགས་པར་ཕྲོགས་པ་ཡིན་དུ་དོགས་ཏེ་རྒྱུ་དེས་བསད་པ་འམ། བཅིང་བ་འམ། ཆུང་པས་བཅད་པ་འམ། གནོད་པར་འགྱུར་བ་འམ། སྨད་པར་འགྱུར་བ་ཞིག་ཡིན་ན་ཉེས་པ ་མེདོ།། བྱང་ཆུབ་སེམས་དཔའ་གཞན་ཆོས་འདོད་པ་རྣམས་ལ་ཀུན་ནས་མེན་རུ་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་ནམ། རང་བཞིན་གྱིས་ཕྲག་དོག་ཅན་ཡིན་ཡང་རུང་སྟེ། ཆོས་སྦྱིན ་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བུ་དང་བཅས་པར་འགྱུར་ཏེ།། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། སྙོམ་ལས་དེང་ལ་ལོས་སྦྱིན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང ་བཅས་པར་ནི་འགྱུར་ལ། ཉོན་མོངས་པ་ཅན་གྱི་ཉེས་པར་མི་འགྱུར་རོ།། མུ་སྟེགས་ཅན་གླགས་ཚོལ་བ་ལ་མ་བྱིན་ནི་ཡང་ཉེས་པ་མེདོ།། ནང་ཚབས་ཆེ་བ་དང་།། སེམས་འཁྲུགས་པ་ལ་ཉེས་པ་མེ་།། ་ཐབས་དེས་འདུལ་བར་བྱེད་འདོད་ཅིང་འདུལ་བྱར་འདོད་ལ། མི་དགེ་བའི་གནས་ནས་བསླང་སྡེ་དག་བྱའི་གནསུ་འགོད་པར་འདོད་ན་ཉེས་པ་མེདོ།། གལ་ཏེ་མ་གུས་ཤིང་ཞེ་ས་མད་ལ་སྤྱོད་ལམ་ངན་པས་ནོད་པ་ལ ་མ་བྱིན་ན་ཉེས་པ་མེདོ།། དབང་པོ་རྟུལ་པོ་ཆོས་རྒྱ་ཆེན་པོ་བསྟན་པས། ཆོས་ཐོས་པས་སྒེག་ཅིང་ལོག་པར་ལྟ་བ་དང་། ལོག་པར་མངོན་པར་ཞེན་པ་དང་། གནོད་པ་དང་། ཉམས་པར་འགྱུར་དུ་དོགས་ན་ཉེས ་པ་མེདོ།། དེའི་ལག་ཏུ་སྟེང་ན་གཞན་སྣོ་དུ་མ་གྱུར་པ་རྣམས་ལ་ཆོས་འཕེལ་དུ་དོགས་ན་ཉེས་པ་མེདདོ།། བྱང་ཆུབ་སེམས་དཔའ་སེམས་ཅན་མ་རུངས་པ་རྣམས་དང་། ཚུལ་ཁྲིམས་འཆལ་པ་རྣམས་མ་རུངས་པ་ཡིན་པ་དང་། ་ཚུལ་ཁྲིམས་འཆལ་པ་ཡིན་པའི་རྐྱེན་གྱིས་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ནམ། ཁོང་ཁྲོ་བའི་སེམས་དང་ལྡན་པས་ཡལ་བར་འདོར་བ་འམ། ཁྱད་དུ་བསོད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར ་འགྱུར་ཏེ། ཉོན་མོངས་པ་ཅནི་གྱོ་ཉེས་པར་འགྱུར་རོ།། སྙོམ་ལས་དང་ལྕེ་ལོས་ཡལ་བར་འདོར་བ་དང་། བརྗེད་པས་ཁྱེ་དུ་བསད་ནས་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ། ཉོན་མོངས་པ་ཅན ་གྱི་ཉེས་པར་ནི་མྱི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་མ་རུངས་པ་རྣམས་དང་། ཚུལ་ཁྲིམས་འཆལ་པ་རྣམས་དང་། སྡུག་བསྔལ་གྱི་རྒྱུ་ལ་གནས་པ་རྣམས་ལ་ཇི་ལྟར་སྙིང་རྩེ་བའི་སེམས ་དང་། བྱེད་འདོད་པས་ཉེ་བར་གནས་པ་ལྟ་བུར་ཚུལ་ཁྲིམས་དང་ལྡན་ཞིང་། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་སྤྱོད་པ་ཞི་བ་ལ་ནི་དེ་ལྟར་མ་ཡིན་པའི་ཕྱིར།། སེམས་འཁྲུགས་པ་ལ་ནི་ཉེས་པ་མེདདོ།། ཐབས་དེས་དེ ་འདུལ་བར་བྱེད་འདོད་པ་ལས་སྔ་མ་བཞིན་ཏེ་ཉེས་པ་མེད།། གཞན་མང་པོ་དག་གི་སེམས་བསྲུང་ན་ཉེས་པ་མདོ།། དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེད།། བྱང་ཆུབ་སེམས་དཔའ་ནི་བཅོམ་ལྡན་འདས་ཀྱིས་གཞན ་ངག་གི་སེམས་བསྲུང་བའི་ཕྱིར་མ་དད་པ་རྣམས་ངང་པར་བྱ་བ་དང་། དད་པ་རྣམས་ཕྱིར་ཞིང་དབྱུང་བར་བྱ་བའི་ཕྱིར། སོ་སོར་ཐར་པའི་འདུལ་བ་ལས་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ ་རྣམ་པར་བཞག་པ་གང་ཡིན་པ་དེ་ལ་ཉན་ཐོས་རྣམས་དང་མཚུངས་པར་སློབ་སྟེ། ཐ་དད་པར་མི་བྱེད།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་རྣམས་ནི་བདག་གི་དོན་ལྷུར་ལེན་པ་ཙམ་དུ་ཟད་ན། དེ་དག་ཀྱང་མ་དད་པ་རྣམས་དད་པར ་བྱ་བ་དང་། དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་གཞན་གྱི་ཡིད་མི་སྲུང་བར་མི་བྱེད། བསླབ་པ་རྣམས་ལ་སློབ་ན། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ལྷུར་ལེན་རྣམས་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་ཉན ་ཐོས་རྣམས་ཀྱི་དོན་ཉུང་བ་དང་། བྱ་བ་ཉུང་བྱ་དང་། སྙིང་ལས་ཆུ་ངུར་གནས་པར་བྱ་བ་ལས་བརྩམས་ཏེ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་དེ་ལ་ནི། བྱང་ཆུབ་སེམས་དཔས་ཉན་ཐོས་རྣམས་དང་། མཚུངས་པར་སློབ ་པར་མི་བྱེད།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་བདག་གི་དོན་ལྷུར་བྱེད་ཅིང་གྲཞན་གྱི་དོན་ལཱ་མི་ལྟ་བས། གཞན་གྱི་དོན་ལས་བརྩམས་ཏེ། དོན་ཉུང་ཞིང་བྱེ་བ་ཉུང་ལ། སྙིང་ལས་ཆུ་ངུར་གནས་པ་ནི་མཛེས་ཀྱི། བྱང་ཆུབ ་སེམས་ངོ་བའི་གཞན་གྱི་དོན་ལྷུར་ལེན་པས། གཞན་གྱི་དོན་ལས་བརྩམས་ཏེ། དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུ་ངུར་གནས་པ་ནི་མཛེས་པ་མ་ཡིན་ཏོ།། འདི་ལྟར་བྱང་ཆུབ་སེམས་དཔས་གཞན་དག་གི་དོན་ཏུ་གོས་བརྒྱ ་སྤྱོང་དང་། གོས་སྦྱོང་སྐྱོད་བླ་མི་འོང་བའི་བྲམ་ཟོང་བ་ཁྱིམ་བདག་རྣམས་ལྔ་བཙལ་བར་བྱ་སྟེ། སྐབས་འབྱེད་པ་ཞིག་ཡོད་ན་ཡང་སེམས་ཅན་དེ་དག་གི་ཆོག་གུམ་མཆོག་ཇེ་བརྟགས་ནས། ཅི་ཙམ་དགོས་པ་བླང་བར ་བྱའོ།། གོས་རྣམས་ཇི་ལྟ་བ་བཞིན་དུ་ལྷུང་བཟེད་རྣམས་ཀྱང་དེ་དང་འདྲའོ།། ཇི་ལྟར་བཙལ་བར་བྱ་བ་དེ་བཞིན་དུ་བདག་ཉིད་ཀྱི་རྒྱུ་སྐུད་པ་བླངས་པ་ཉེ་དུར་མི་འོང་བའི་ཐ་ག་པ་ལ་འཐག་ཏུ་འཇུག་པ་ཡང་དེ་དང་འདྲའོ།། གཞན ་ངག་གི་དོན་དུ་མོན་དཱར་གྱི་མལ་སྟན་བརྒྱ་སྙེད་དང་། སྟན་དུ་གདིང་བ་བརྒྱ་སྙེད་ཀྱང་བསྟབས་པར་བྱའོ།། གསེར་དངུལ་སྲང་བྱེ་བ་ཕྲག་འབུམ་པས་ལྷག་པ་ཡང་བདག་གིར་བྱའོ།། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས ་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་དེ་ལ་སོགས་པ་ཉན་ཐོས་རྣམས་ཀྱི་དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུ་ངུར་གནས་པ་ལས་བརྩམས་ཏེ། བཅས་པའི་ཁ་ན་མོ་ཐོ་བ་དང་བཅས་པ་ལ་མཚུངས་པར་སློབ་ཅིང་སེནཾ ་གྱི་དོན་ལས་བརྩམས་ཏེ། ན་ནས་མནྡར་སེམས་ཀྱི་སེམས་དང་ལྡན་པ་དང་། ཁོང་ཁྲོ་བོའི་སེམས་དང་ལྡན་པས་དོན་ཉུང་ཞིང་བྱ་བ་ཉུང་བ་ལ་སྙིང་ལས་ཆུ་ངུར་གནས་པར་བྱེད་ན། ཉེས་པ་དང་བཙོས་ཤིང་འགལ་བ་དང ་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། སྙོམ་ལས་ངང་ལེ་ལོས་དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུ་ངུར་གོནས་པར་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་ནི་འགྱུར་ལ། ཉོན ་མོངས་པ་ཅན་གྱི་ཉེས་པར་ནི་མི་འགྱུརརོ།། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དེ་ལྟ་བུས་ཀུན་ཏུ་སྤྱད་ན་དེས་ཉེས་པར་ཡང་མི་འགྱུར་ལ། ་བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་བ་ཡང་ཡོད། འདི་ལྟར་ཆོམ་པོ་དང་རྐུན་པོས་སྲོག་ཆགས་ཆེ་བའི་བདག་ཉིད་ཅན་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དག་ཟ། ་ཟིང་ཅུང་ཟད་ཀྱི་ཕྱིར་བསད་པར་ཆད། མཚམས་མེད་པའི་ལས་མང་པོ་བྱེད་པ་ལ་ཞུགས་པ། བྱང་ཆུབ་སེམས་དཔས་མཐོང་ལ། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཀྱིས་སེམས་མངོན་པར་འདུ་བྱེད། སྲོག་ཆགས ་འདི་བསད་ན་བདོག་སེམས་ཅན་དམྱལ་བ་རྣམས་སྐྱེ་བར་འགྱུར་མོད་ཀྱི་བདོག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་ནི་འདོད་མོང་། སེམས་ཅན་འདིས་མཚམས་མེད་པའི་ལས་བྱས་ནས། སེམས་ཅན་དམྱལ་བར་འགྲོ ་ན་མི་རུང་སྙམ་སྟེ། དེ་ལྟ་བུའི་བསམ་པས་བྱང་ཆུབ་སེམས་དཔས་དགེ་བའི་སེམས་སམ། ལུང་དུ་མ་བསྟན་པའི་སེམསུ་རིག་ནས་འཛེམ་བཞིན་དུ། ཕྱི་མ་ལ་སྙིང་བརྩེ་བའི་སེམས་ཁོ་ནས་སྲོག་ཆགས་དེ་བསང་ན། ་ཉེས་པར་ཡང་མི་འགྱུར་ལ་བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ།། འདི་ལྟར་བྱང་ཆུབ་སེམས་དཔའི་ནི་ནུས་ན། སེམས་ཅན་རྒྱལ་པོ་འམ། བློན་པོ་ཆེན་པོ་གང་དག་ཤས་ཆེར་བསླངས་ཞིང་སེམས་ཅན ་རྣམས་ལ་སྙིང་བརྩེ་བ་མེད་ལ། གཅིག་ཏུ་ངེས་པར་ཕ་རོལ་ལ་གནོད་པ་བྱེད་པ་ལ་ཞུགས་པ་དག། གང་ལྔ་གནས་ནཱ་གཞི་ངེས་བསོད་ནམས་མ་ཡིན་པ་མང་དུ་འབྲེལ་པར་འགྱུར་བ་དེ་དག་སྐྱོང་བརྩེ་བའི་སེམས་དང་ཕན་པའོ། ་བསམ་པས་རྒྱལ་སྐྱིད་ཀྱི་དབང་ཕྱུག་ལ་དབང་བ་དེ་ལས་འབྱིན་པར་བྱེད།། ཆོམ་པོ་དང་རྐུན་པོ་གཞན་གྱི་ནོར་འཕྲོགས་པ་གང་དག་གིས་དགེ་འདུན་དང་མཆོད་རྟེན་གྱི་ནོར་མང་པོ་ཕྲོགས་ནས་བདག་གིས་བྱས་ཏེ། ་ལོངས་སྤྱོད་བུར་འདོད་པ་དེ་དག་ལུས་བྱང་ཆུབ་སེམས་དངོས་ནོར་ཕྱོར་ཕྲོགས་ཏེ། ནོར་ལོངས་སྤྱོད་པ་དེར་དག་ལ་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པ་ཁོ་ནར་འགྱུར་ནཱ་མི་རུང་སྙམ་ནས། རྐྱེན་དེ་ཁོ་ནའི་ཕྱིར ་སླར་ཕྲོགས་ཏེ་། དགེ་འདུན་གྱི་ནི་དགེ་འདུན་ལ་འབུལ་བར་བྱེད། མཆོད་རྟེན་གྱི་མཆོད་རྟེན་ལ་འབུལ་བར་བྱེད།། ཞལ་ཏ་བྱེད་པ་འམ། སྐད་མོས་ཚལ་བསྲུང་བ་གང་དག་གིས་དགེ་འདུན་ནམ། མཆོད་རྟེན་གྱི ་ནོར་མི་རིག་པར་ཆུད་གསོན་པ་དང་། གང་ཟག་བདག་ཉིད་ཀྱིས་སྤྱད་པར་བྱེད་པ་དེ་དྲག་ལ་བྱང་ཆུབ་སེམས་དཔས་སོ་སོར་བོརྟགས་ནས་ལས་དེ་དག་ལོག་པར་ལོངས་སྤྱད་པ་དེས་དེ་དག་ལ་ཡུན་རིང་པོར་གནོད ་པ་དང་། ཕན་པ་མ་ཡིན་པར་གྱུར་ན་མི་རུང་སྙམ་ནས་དབང་བྱེང་པ་དེ་ལས་འབྱོན་པར་བྱེད། དེ་ལྟར་རྣམ་གྲངས་དེས་བྱང་ཆུབ་སེམས་དཔའ་མ་བྱིན་པར་ལེན་བཞིན་དུ་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང ་མང་དུ་འཕེལ་བར་འགྱུརརོ།། འདི་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་བུད་མེད་མགོ་གཙང་མི་ཚངས་པར་སྤྱད་པར་འདོད་པས་གཟིར་བ་དང་། འབྲེལ་པའི་སེམས་དང་ལྡན་པ་ཞིག ་ལ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པར་གྱུར་ནས། བསོད་ནམས་མ་ཡིན་པ་མུང་དུ་འཕེལ་བར་འགྱུར་ན་མི་རུངངོ་སྙམ་ནས། ཅི་དགའ་དོ་གུར་དགེ་བའི་རྩ་བ་ལ་གཟུང་བ་དང་། མི་དགེ་བའི་རྩ་བ་ཡོངསུ་གཏོང་དུ ་གཞུག་པ་ལ་དབང་དུ་འགྱུརརོ་སྙམ་སྟེ། སྙིང་བརྩེ་བའི་སེམས་ཁོ་ན་ཉེ་བར་གཞག་ནས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟན་ཀྱང་ཉེས་པར་མི་འགྱུར་ལ་བསོད་ནམས་ཀྱང་ནང་དུ་འཕེལ་བར་འགྱུར་རོ།། བྱང་ཆུབ ་སེམས་དཔའ་རབ་ཏུ་བྱུང་བ་ཉན་ཐོས་ཀྱི་བསྟན་པ་མི་འཇིག་པར་རྗེ་སུ་བསྲུང་བས་ནི་མི་ཚངས་པར་སྤྱོད་པོ་བསྟེན་པ་རྣམ་པ་ཐམས་ཅ་དུ་མི་བྱའོ།། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་མང་པོ་སྲོག་ཐར་བར་བྱ་བ་དང་། ་བཅིངས་པ་ལས་ཐར་བར་བྱ་བ་དྲུང་། ལག་པ་དང་། རྐང་པ་དང་། སྣ་དང་། རྣ་བ་བཅད་པ་ལས་ཐར་བར་བྱ་བ་དང་། མིག་དབྱུང་བ་ལས་བསྐྱབ་པོའི་ཕྱིར། བྱང་ཆུབ་སེམས་དཔས་བདག་གི་སྲོག་གྲོ་ཕྱིར ་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་མི་སྨྲ་བ་གང་ཡིན་པ་དེ་སེམས་ཅན་དེ་དག་གི་དོན་གྱི་ཕྱིར་སོ་སོར་བརྟགས་ནས་སྨྲ་བར་བྱེད། དེ་ལྟར་མདོར་བསྡུ་ན་བྱང་ཆུབ་སེམས་དཔའོ་ནི་ཅི་དང་ཅིས་ཀྱང་སེམས་ཅན་རྣམས་ཀྱི་དོན་ཁོ ་ན་མཐོང་བའི་དོན་མ་ཡིན་པ་ནི་མ་ཡིན་ཏེ། བདག་ཉིད་ཀྱང་ཟུང་ཟིང་མེད་པའི་སེམས་དང་ལྡན་ལ། སེམས་ཅན་ལ་ཕན་པར་འདོད་པའི་གཞི་འབའ་ཞིག་གིས་འདུ་ཤེས་བསྒྱུར་ཏེ། ཤེས་བཞིན་དུ་ཚིག་གཞན་ལ་སྒྲ་ལ། ་སྨྲ་བཞིན་དུ་ཉེས་བུ་ཡང་མི་འགྱུར་ཏེ། བསོད་ནམས་མང་པོ་ཡང་འཕེལ་བུར་འགྱུརརོ།། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གང་དག་མི་དགེ་བའི་བཤེས་གཉེན་གྱིས་ཡོངསུ་ཟིན་པ་དེ་དག་ལ་སྙིང་བརྩེ་བའི ་སེམས་ཁོ་ན་ལ་བརྟེན་ནུས་སེམས་ཅན་འདི་དག་སྡིག་པའི་གྲོགས་པོ་དང་བསྟེན་པས་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པར་གྱུར་ན་མི་རུངོ་སྙམ་སྟེ། ཅི་ནུས་ཅི་ལྕོགས་ཀྱིས་མི་དགེ་བའི་བཤེས་གཉེན་དེ་དང་། ་དཔྲལ་བའི་ཚིག་སྨྲ་བར་བྱེད། དེས་དགའ་ཞིང་དབྲེལ་བར་ཀུན་ཏུ་དགའོ།། བྱང་ཆུབ་སེམས་དཔའ་རྣམ་གྲངས་དེས་མཛའ་བའི་དབེན་པས་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་མང་པོ་ཡང་འཕེལ་བར་འགྱུར་རོ།། ་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལམ་ལོག་པར་ཞུགས་ཤིང་མི་རིགས་པ་རྣམས་བྱེད་པ་དག་ལ་ཐབས་དེས་ཅི་ཙམ་དུ་མི་དགེ་བའི་གནས་ནས་བླང་སྟེ། དགེ་བའི་གནསུ་འགོད་པའི་ཕྱིར་རྟག་ཏུ་ཚིག་རྩུབ་མོ ་དྲག་པོས་སྒོ་འབེབས་པར་བྱེད། དེ་ལྟར་བྱང་ཆུབ་སེམས་དཔའ་ཚིག་ནུབ་པོ་སྨྲས་ཀྱང་ཉེས་པར་མི་འགྱུར་ལ། བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུརརོ།། འདི་ལྟར་བྱང་ཆུབ་སེམས་དཔའི་ནི་སེམས་ཅན་གར་དང་། གླུ་དང་། ་རོལ་མོའི་སྒྲ་ལ་མྱོས་པ་རྣམས་དང་། སེམས་ཅན་རྒྱལ་པོ་དང་། ཆོམ་རྐུན་དང་། ཟས་དང་། སྐོམ་དང་། སྨད་འཚོང་མ་དང་། ལམ་སྲང་གི་གཏམ་ལ་སོགས་པ་རྣམས་ལ་གར ་དང་། གླུ་དང་། རོལ་མོའི་སྒྲ་དང་། གཏམ་སྣ་ཚོགས་ལ་མཁས་ཏེ། སྙིང་བརྩེ་བའི་བསམ་པས་གར་དང་། ཀླུ་དང་། རོལ་མོའི་སྒྲ་དང་། ཚིག་བཀྱིལ་པ་དང་ལྡན་པའི་གཏམ་རྣམ་པ་སྣ་ཚོགས་ཀྱིས་མགུ་བར་བྱས་ཤིང ་འདུན་པར་བྱས་ཏེ། དབང་དུ་བྱེད་ཅིང་ངག་ཉན་དུ་བཅུག་ནས། མི་དག་པའི་གནས་ནས་བསླང་སྟེ། དགེ་བའི་གནསུ་འགོད་པར་བྱེད། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚིག་བཀྲལ་པ་སྨྲ་ཡང་ཉེས་པར་མི་འགྱུར་ལ ་བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོག་སློངས་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པར་བྱེད་འདོད་པ་ལོག་པས་འཚོ་བར ་བྱེད་པའི་ཆོས་བྱུང་བ་རྣམས་དང་དུ་ལེན་པར་བྱེད་ཅིང་དེ་དག་གིས་མྱི་འཛེམ་ལ་སེལ་བར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། དེ ་བསལ་བའི་ཕྱིར་འདུན་པ་སྐྱེས་ཤིང་འབད་པོ་རྩོམ་ལ། ཉོན་མོངས་པ་ཤས་ཆེ་བའི་སེམས་ཟིལ་གྱིས་མནན་ཏེ། ཀུན་ཏུ་སྤྱོད་ན་ནི་ཉེས་པ་མེ་།། བྱང་ཆུབ་སེམས་དཔའ་རྒོད་པས་ཡོངསུ་ཟིན་པའི་སེམས་ཀྱིས་རྣར ་མ་ཞི་ཞིང་། རྣམ་པར་མ་ཞི་བ་ལ་དགའ་བ་རྟ་སྐ་དུ་དགོད་པ་དང་། ཀུན་ཏུ་རྩེ་ཞིང་། ཀུན་ཏུ་ཅ་ཅོ་འདོན་པ། དགོད་ཅིང་གཡེང་བ་སྟོན་པ་དང་། གཞན་དག་གོང་དུ་གཞུག་པར་འདོད་ཅིང་དགའ་བར་བྱ་བར་འདོད་ན། རྐྱེན ་དེ་ཉིད་ཀྱིས་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། རྗེད་པས་བྱས་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པས་འགྱུར་རོ།། དེ་བསལ་བའི་ཕྱིར ་འདུན་པ་སྐྱེས་པ་ནི་ཉེས་པ་མེད་སྔ་མ་བཞི་ནོ།། གཞན་དག་གི་ཀུན་ནས་མནར་སེམས་སྐྱེས་པ་ཐམས་ཅད་ངེས་ཕྱིར་བསལ་བ་རཱི་འདོད་ན་ཉེས་པ་མེདོ།། གཞན་དག་གི་མྱ་ངན་སྐྱེས་པ་བསལ་བར་འདོད་ན་ཉེས་པ ་མདོ།། གཞན་དེའི་རང་བཞིན་ཅན་དེ་ལ་དགའ་བ་རྣམས་བསྡུ་བ་འམ། གཅུགས་པ་བསྲུང་བ་འམ། དེ་དང་མཐུན་པར་བྱ་བའི་ཕྱིར་བྱེད་ན་ཉེས་པ་མེ་།། གཞན་དག་བྱང་ཆུབ་སེམས་དཔའ་ལ་མི་དགའ་བར་གྱུར་དུ ་དོགས་པ་དང་། ཀུན་ནས་མནར་སེམས་དང་། རྒྱབ་ཀྱིས་ཕྱག་པར་གྱུར་དུ་དོགས་པ་རྣམས་ལ་དགའ་བའི་བཞིན་གྱིས་ནང་གྲི་བསྒོམ་པོ་དག་པར་བསྟན་པའི་ཕྱིར་བྱས་ན་ཉེས་པ་མདོ།། བྱང་ཆུབ་སེམས་དཔའ་གླང ་བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་ལ་མངོན་པར་དགའ་བས་གནས་པར་མི་བྱའི། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་ཏེ་གནས་པར་བྱའོ།། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་། ་འཇིགས་པར་མི་བྱའོ།། དེ་དག་ལས་སེམས་ཀྱང་ཤིན་ཏུ་དབེན་པར་མི་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་འཁོར་བ་ན་འཁོར་ཞིང་བྱང་ཆུབ ་སེམས་དཔའ་ཡང་དག་པར་བསྒྲུབ་པར་བྱ་དགོསོ་སྙམ་དུ་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ་བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ཀྱིས་ཇི་ལྟར་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ཀུན་ཏུ་བསྟེན་པར་བྱ་ཞིང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ལ་སེམས་སྐྱོ་བར་བྱ་བ་དེ་ལས་བྱེ་བོ་ཕྲག་འབུ ་འགྱུར་དུ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ཀུན་ཏུ་བསྟེན་པར་བྱ་ཞིང་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ལས་སེམས་སྐྱོ་བ་བསྒོམ་པར་བྱ་དགོས་ཏེ། འདི་ལྟར་ཉན་ཐོས་ནི་བདག་གཅིག ་པུའི་དོན་ལོ་བརྩོན་གྱི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པ་ཡིན་ལ། དེས་དེ་ལྟར་སེམས་ཀུན་ནས་ཉོན་མོངས་པ་མེད་པ་ལ་གོམས་པར་བྱ་བ་ཡང་དག་པར་སྒྲུབ་དགོས་ཏེ། དེ་ནི། ་འདི་ལྟར་དགྲ་བཅོམ་པོ་མ་ཡིན་དུ་ཟིན་ཀྱང་དེ་ལས་ཁྱད་པར་དུ་འཕགས་པར་ཀུན་ནས་ཉོན་མོངས་པ་མེད་པ་དང་ལྡན་པས་ཟག་པ་ཟད་པ་དང་བཅས་པའི་དངོས་པོ་ལ་སྤྱོད་པའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་བདག་གི ་ཚིག་མི་བཙན་པར་འགྱུར་བའི་དྲི་ངས་དང་། མི་སྙན་པ་དང་། གཏམ་ངན་འགྱུར་བ་བདེན་པའི་དངོས་པོ་མི་སྲུང་ཞིང་སེལ་བར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི ་ཉེས་པར་འགྱུརརོ།། བདེན་པའི་དངོས་པོ་མ་ཡིན་པ་མི་བསྲུང་ཞིང་སྤེལ་བ.རཱ་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་མི་འགྱུར་ལ། ཉོན་མོངས་པ་ཅན་གྱི་ནི་ཉེས་པར་མི་འགྱུར་རོ།། ཕ་རོལ་མུ ་སྟེགས་ཅན་ཡིན་ནམ། གཞན་གང་ཡང་རུང་མངོན་པར་ཞེན་པ་ཞིག་ཡིན་ནི་ཉེས་པ་མདོ།། རབ་ཏུ་བྱུང་བ་དང་། སློངས་མོ་སྤྱོད་པ་དང་། དགེ་པ་སྤྱོད་པའི་གཞིས་མི་སྙན་པར་བརྗོད་ན་ཉེས་པ་མེདདོ།། ཁྲོ ་བས་ཟིལ་གྱིས་གནོན་ཅིང་སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་བརྗོད་ན་ཉེས་པ་མ་།། བྱང་ཆུབ་སེམས་དཔའ་གནོད་པའི་ཐབས་དང་ཐོབས་དྲག་པོ་གྲང་གིས་སེམས་ཅན་གྱི་དོན་དུ་འགྱུར་བ་མཐོང་བཞིན་དུ་ཡང་མི ་དགའ་བར་འགྱུར་བ་བསྲུང་བའི་ཕྱིར་ཐབས་དེ་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ།། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུརརོ།། ཚེ་འདིའི་དོན་ཆུང་ངུ་ཞིག་ཏུ་འགྱུར་ལྔ། ་གཞི་དེས་ཡིད་མི་བདེ་བ་ཆེན་པོར་འགྱུར་ན་ཉེས་པོ་མེདོ།། བྱང་ཆུབ་སེམས་དཔའ་གཞན་དག་གཤེ་བ་ལ་ཕྱིར་གཤེ་བ་དང་། ཁྲོ་བ་ལ་ཆེར་ཁྲོ་བ་དང་། རྡེག་པ་ལ་ཕྱིར་རྡེག་པ་དང་། འཆང་འབྲུ་བ་ལ་ཕྱིར ་འཚང་འབྲུ་བར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། བྱང་ཆུབ་སེམས་དཔའ་གཞན་དག་ལ་ཉེས་པ་བྱས་སམ། ་ཉེས་པ་བྱསུ་ངོགས་ཀྱང་རུང་སྟེ། ཀུན་ནས་མནོར་སེམས་ཀྱི་སེམས་དང་ལྡན་པ་དང་། ང་རྒྱལ་གྱིས་རློན་པས་མཐུན་པར་བཤད་ཀྱིས་བྱང་བར་མི་བྱེད། ཡལ་བར་འདོར་ནི་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར ་འགྱུར་ཏོ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། སྙོམ་ལས་སེམ། ལེ་ལོ་འམ། བཱག་མེད་པས་ཤད་ཀྱིས་སྦྱང་བར་མ་བྱས་ན་ཉེས་པ་དང་བཅས་ཤིང་འགྲལ་བ་དང་བཅས་པར་མི་འགྱུར་ལ། ཉོན་མོངས ་པ་ཅན་གྱི་ཉེས་པར་ན་མི་འགྱུར་རོ།། ཐབས་ངས་དུལ་བར་བྱ་བར་འདོད་ཅིང་། འདུལ་བར་འདོད་ལ་མི་དག་པའི་གནས་ནས་བསླང་སྟེ།། དགེ་བའི་གན་སུ་འགྲོད་པར་འདོད་ན་ཉེས་པ་མདོ།། མུ་སྟགས་ཅན་གྱི་ཡིན་ན་ཉེས ་པ་མེ་དོ།། རུང་བ་མ་ཡིན་པ་ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད་པས་ཤད་ཀྱིས་སྦྱང་བ་བྱེདུ་འཇུག་པར་འདོད་པ་ཞིག་ནཱ་ཉེས་པ་མེདོ།། གལ་ཏཱི་རང་བཞིན་གྱིས་འཐབ་ཀྲོལ་ཙཱན་ཞིག་ཡིན་ཏེ། རྩོད་པ་བྱེད་ལ། ་ཤད་ཀྱིས་སྦྱང་བར་བྱས་ན་ཤས་ཆེར་འཁྲུགས་ཏེ། ཤད་སྐྱེ་བར་འགྱུར་ན་ཉེས་པ་མདོ།། ཕ་རོལ་བཟོད་པའི་ངང་ཚུལ་ཅན་ཡིན་ཞིང་ཀུན་ནས་མནར་སེམས་མེད་པའི་ངང་ཚུལ་ཅན་ཡིན་དུ་རེ་ལ། གཞན་ལ་ཉོས་པ ་ལས་བརྩམས་ཏེ། ཤད་ཀྱིས་སྦྱང་བ་བྱེད་པས་ཤིན་ཏུ་ངོ་ཚ་བར་བྱེད་པ་ཞིག་ཡིན་ན་ཉེས་པ་མདོ།། བྱང་ཆུབ་སེམས་དཔའ་རྩོད་པ་གང་ལ་གཞན་ཉེས་པ་བྱུང་བ་དག་ཆོས་བཞིན་དུ་མཐུན་པར་ཤད་ཀྱིས་སྦྱང ་བར་བྱེད་ཀྱང་། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་ཞིང་གཞན་ལ་ཐོ་འཚམ་པའི་བསམ་པས་ཤད་ཀྱིས་སྦྱང་བ་མི་ཉན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས ་པ་ཅན་གྱི་ཉེས་པར་འགྱུར་རོ།། གལ་ཏེ་ཀུན་ནས་མནར་སེམས་ཀྱི་སེམས་དང་མི་ལྡན་གྱི། མི་བཟོད་པའི་ངང་ཚུལ་ཅན་ཡིན་པས་མི་ཉན་ན། ཉོན་མོངས་པ་ཅན་གྱི་ཉེས་པ་ཉིད་འགྱུརརོ།། ཐབས་དེས་ཕ་རོལ ་འདུལ་བར་འདོད་ན་ཉེས་པ་མེདོ།། སྔ་མ་བཞིན་དུ་ཐམས་ཅད་རིག་པར་བྱའོ།། ཆོས་བཞིན་མ་ཡིན་པ་དང་། མཐུན་པ་མ་ཡིན་པར་ཤད་ཀྱིས་སྦྱོང་བར་བྱེད་ན་ཉེས་པ་མྱེ་།། བྱང་ཆུབ་སེམས་དཔའ་གཞན ་དག་ལ་ཁྲོ་བའི་བསམ་པ་འབྱུང་ཞིང་འཛིན་ལ་བྱུང་བ་དང་དུ་ལེན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། དེ་སློང་བའི་ཕྱིར་འདུན་པ་སྐྱེས ་ན་ཉེས་པ་མེད་དེ་སྔ་མ་བཞི་ནོ།། །། བམ་པོ་བཅུའོ།། བྱང་ཆུབ་སེམས་དཔའ་རིམ་གྲོ་བྱ་བ་དང་། བསྙེན་བཀུར་བྱ་བ་ལ་ཡོངསུ་ཞེན་པོའི་དབང་དུ་བྱོས ་ཏེ། ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་སྡུད་པར་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེ་སྣ་པར་འགྱུརརོ།། ཟང་ཟིང ་མད་པའི་བསམ་པས་རིམ་གྲོ་དང་། བསྙེན་བཀུར་བྱ་བ་བདག་གིར་བྱེད་ན་ཉེས་པ་མེདོ།། བྱང་ཆུབ་སེམས་དཔའ་སྙོམས་ལས་དང་ལེ་ལོ་སྐྱེས་ཏེ། གཱཉིད་ཀྱིས་བདེ་བ་དང་། ཉལ་བའི་བདེ་བ་དང་། གློས་འབབས ་པཱའི་བདེ་བ་དུས་མ་ཡིན་པ་དང་། ཚོད་མ་ཡིན་པར་བདག་གིར་བྱེད་ནོ་ཉེས་པ་དང་བཅས་ཤྲི་འགྲེལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པཱ་ནྡན་གྱི་ཉེས་པར་འགྱུརརོ།། ནཱ་ཏེ་མི་ནུས་ནཱ་ཉེས་པ་མྱེ་དོ།། ལམ ་གྱིས་དུབ་ན་ཉེས་པ་མདོ།། དེ་སྤང་བའི་ཕྱིར་འདུན་པ་སྐྱེས་པ་ལ་ཉེས་པ་མེདོ།། སྔ་མ་བཞིན་དུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་འདུ་འཛིའི་གཏམཱ་ལ་ཀུན་ཏུ་ཆགས་པའི་སེམས་ཀྱིས་དུས་ཡོལ་བར་བྱེད ་ནན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏཱ། ཉོན་མོངས་པ་ནྡན་གྱི་ཉེས་པར་འགྱུར་རོ།། བརྗེད་པས་ཡོལ་བར་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ།། ཕ་རོལ་སྨྲ་ཞིང་འདུག་ལ ་དེ་ཡང་དྲན་པ་ལ་གནས་བཞིན་དུ་ཕ་རོལ་གྱི་ངོར་སྐད་ཅིག་གཅིག་ཙམ་ཉན་པ་ལ་ནི་ཉེས་པ་མེདོ།། ཡོ་མཚན་དུ་འཛིན་ཏེ། འདྲི་བོ་ཙམ་དང་། དྲིས་པའི་ལན་འདེབས་པ་ཙམ་བྱེད་པ་ལ་ཉེས་པ་མདོ།། བྱང་ཆུབ་ས ་སེམས་གནས་པར་བྱ་བ་ལས་བརྩམས་ཏེ། སེམས་མཉམ་པར་བཞག་པར་འདོད་ལ། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང་། ང་རྒྱལ་གྱིས་ནོན་ཏེ། གདམས་ངག་ནོ་དུ་མི་འགྲོ་ན་ཉེས་པ་དང་བཅས ་ཤིང་འགལ་བ་དང་བཅས་པར་འགྱུར་ཏོ།། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། སྙོམ་ལས་དང་ལེ་ལོས་བྱས་ན། ཉོན་མོངས་ཅན་མ་ཡིན་པའི་ཉེས་པར་འགྱུརརོ།། ནཱ་ཏེ་མི་ནུས་ན་ཉེས་པ་མདོ།། གདམས ་དྲག་ལོག་པར་འབྱུང་དུ་དོགས་ན་ཉེས་པ་མེདོ།། བདག་ཉིད་མང་དུ་ཐོས་པ་ཡིན་ཏཱཾ། སེམས་མཉམ་པར་འཇོག་ནུས་སམ། དེས་གདམས་ངག་གིས་གདམས་པའི་བྱེ་བ་བྱས་ཟིན་ན་དེས་ཉེས་པ་མེ་དོ།། བྱང་ཆུབ ་སེམས་དཔའ་འདོད་པ་ལ་འདུན་པའི་སྒྲིབ་པ་བྱུང་བ་དང་དུ་ལེན་ཅིང་ས་ལྔ་བར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་ཅན་གྱི་ཉེས་པར་འགྱུར་རོ།། དེ་སྤང་བའི་ཕྱིར ་འདུན་པ་སྐྱེས་ཤིང་འབད་ཀྱང་ཉོན་མོངས་པ་དྲག་པོས་སེམས་ཟིལ་གྱིས་ནོན་ཏོ།། ཀུན་ཏུ་སྤྱོད་ན་ཉེས་པ་མདོ།། འདོད་པ་ལ་འདུན་པ་ཇི་ལྟ་བ་བཞིན་དུ་གཱནོད་སེམས་དང་། རྨུགས་པ་དང་། གཉིད་དོང་། ་རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་ཡང་དེ་དང་འདྲ་བར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་རོ་མྱང་བར་བྱེད་ཅིང་བསམ་གཏན་གྱི་རོ་མྱང་བ་ལ་ཡང་ཡོན་ཏན་དུ་ལྟ་ན་ཉེས་པ་དང་བཅས ་ཤཱིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར།། དེ་སྤང་བའི་ཕྱིར་འདུན་པ་བསྐྱེད་པ་ལ་ནི་ཉེས་པ་མདོ་སྔ་མ་བཞིན།། བྱང་ཆུབ་སེམས ་དཔའ་གང་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་མཉན་པར་མྱི་བྱའོ།། གཟུང་བར་མི་བྱའོ།། དེ་ལ་བསླབ་པར་ཡང་མི་བྱའོ།། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས ་མཉན་པ་དོང་། གཟུང་བས་ཅི་ཞིག་བྱ་སྟེ། དྲི་ལ་བསླབ་མྱི་དགོསོ་ཞེས་དེ་ལྟར་ལྟ་ཞོང་། དེ་སྐད་སྨྲ་ན་ཉེས་པོ་དང་བཅ་སཱ་ཤིང་འགལ་བ་དང་བཙོས་པར་འགྱུར་ལ་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་ཏེ། འདི ་ལྟར་བྱང་ཆུབ་སེམས་དཔས་ནི་མུ་སྟེགས་ཅན་གྱི་བསྟན་བཅོས་རྣམས་ལ་ཡང་བརྩོན་པར་བྱ་དགོས་ན། སངས་རྒྱས་ཀྱི་གསུང་རབ་ལྟ་ལ་ཅི་སྨོས། གཅིག་ཏུ་དྲིས་པར་དེ་ལྷུར་ལེན་པའི་འདུན་པ་ཟློག་པའི་ཕྱིར ་ན་ཉེས་པ་མདོ།། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོད་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བརྩོན་པར་མ་བྱས་པར་བྱང་ཆུབ་སེམས་དཔའ་སྡེ་སྣོད་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་ཡལ་བོར ་བོར་ནས། ཉན་ཐོས་ཀྱི་སྡེ་སྣོད་ལ་བརྩོན་པར་བྱེད་ན། ཉེས་པ་དང་བཅོས་ཤིང་འགལ་པོ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་གསུང་རབ་ཡོད་ལ ་སངས་རྒྱས་ཀྱི་གསུ་རབ་ལ་བརྩོན་པ་མ་བྱས་པར་མུ་སྟེགས་ཅན་གྱི་བསྟན་བཅོཾ་སྭཱ། ཕྱི་རོལ་གྱི་བསྟན་བཅོས་དག་ལྔ་བརྩོན་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས ་པར་འགྱུརརོ།། ཤིན་ཏུ་ཡིད་གཞུངས་པོ་དང་། ལྗོབ་སྦྱིན་པ་དང་། ཡུན་རིང་དུ་མི་བརྗོད་པར་ནུས་པ་དང་། དོན་སེམས་དཔའོ་དང་། རྟོག་པར་བྱེད་ནུས་པ་དང་། སངས་རྒྱས་ཀྱི་གསུང་རབ་ལ་རིགས་པས་རྟོགས་པ་དང ་ལྡན་པས་བློ་མི་འགྱུར་བ་དང་ལྡན་ཏེ། དེ་ལས་ཉིས་འགྱུར་དུ་ཉིན་ཅིག་བཞིན་དུ་སངས་རྒྱས་ཀྱི་གསུང་རབ་ལྔ་བརྩོན་པར་བྱེད་ན་ཉེས་པ་མེདོ།། བྱང་ཆུབ་སེམས་དཔའ་དྲོ་ལྟ་བུའི་ཚུལ་དང་ཡང་མ་འགལ་བར་མུ་སྟེགས ་ཅན་གྱི་བསྟན་བཅོས་ཕྱི་རོལ་གྱི་བསྟན་བཅོས་དག་ལ་མཁས་པར་བྱེད་པ་ན། དེར་མངོན་པར་དགའ་བའི་ཚུལ་གྱིས་བྱེད་ཅིང་དེས་དགའ་བར་འཛིན་པ་དེས་རངས་པར་བྱེད། སྨན་ཆེ་བ་བསྟན་པ་དེ་བཞིན་དུ་མི ་བྱེད་ན་ཉེས་པ་དང་བཅོས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྒོ་སྣོད་ལས་དེ་ཁོ་ནའི་དོན་ནམ། སངས་རྒྱས ་དང་བྱང་ཆུབ་སེམས་དཔའི་མཐུ་ལས་བརྩམས་ཏེ། ཟབ་པ་མཆོག་ཏུ་ཟབ་པའི་གནས་དག་ཐོབ་ནས། མ་མོས་ཤིང་སྐུར་པ་འདེབས་ཏེ། འདི་དག་ནི་དོན་དང་ལྡན་པ་མ་ཡིན། ཆོས་དང་ལྡན་པ་མ་ཡིན། ཆོས་དང ་ལྡན་པ་མ་ཡིན། དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བར་འགྱུར་བ་མ་ཡིན་ཞེས་ཟེར་ན། བདག་ཉིད་ཀྱིས་ཚུལ་བཞིན་མ་ཡིན་པ ་ཡིད་ལ་བྱེད་པ་འམ། གཞན་གྱི་རྗེ་སུ་ཞུགས་པས་སྐུར་པ་འདེབས་ཀྱང་རུང་།། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། བྱང་ཆུབ་སེམས་དཔའ་ཟབ་ཅིང ་མཆོག་ཏུ་ཟབ་པའི་གནས་དྲག་ཐོས་ནས། སེམས་མོས་པར་མ་གྱུར་ན། དེ་ལ་བྱང་ཆུབ་སེམས་དཔས་དད་པ་དང་གུཡོ་མེད་པས་འདི་ལྟར་བདག་ནི་ལོང་བྱར་གྱུར་ཏེ། མིག་མེད་ལ་དེ་བཞིན་གཤེགས་པའི་སྤྱན་གྱི་རྗེ་སུ ་སྤྱོད་པར་ཟད་པས། དེ་བཞིན་གཤེགས་པས་དགངས་ཏེ་དགོངས་ཏེ་གསུངས་པ་སྤངས་པ་ནི་བདག་གི་ཆ་མ་ཡིནོ་ཞེས་ཡང་དག་པར་བསླབ་པར་བྱའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དེས་བདག་ཉིད་མི་ཤེས་པར ་བརྩིས་ལ་དེ་བཞིན་གཤེགས་པ་ཉིད་ཆོས་དེ་དག་ལ་ལྐོག་ཏུ་མ་གྱུར་པར་ཡང་དགྲ་པར་ལྟ་ན། དེ་ལྟར་ན་ཡང་དག་པར་ཞུགས་པ་ཡིནོ།། མོས་པ་མ་དུ་ཟིན་ཀྱང་། སྐུར་པ་མི་འདེབས་ན་ཉེས་པ་མེདདོ།། བྱང ་ཆུབ་སེམས་དཔའ་ཟང་ཟིང་དང་བཅས་པའི་སེམས་དང་། ཁོང་ཁྲོ་བའི་སེམས་ཀྱིས་གཞན་དག་ལ་བདག་ལ་བསྟོད་ཅིང་གཞན་དག་ལ་སྨོད་པར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན ་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། བསྟན་པ་གནས་པར་བྱ་བར་འདོད་པའི་ཕྱིར། མུ་སྟེགས་ཅན་རྣམས་ཟིལ་གྱིས་མནན་པར་འདོད་པ་ལ་ཉེས་པ་མེད།། ཐབས་དེས་གང་ཟག་དེ་ཉིད་འདུལ་བར་འདོད་པ་ལ་ཉེས་པ་མེདདོ།། ་རྒྱས་པར་སྔ་མ་བཞིནོ།། མ་དད་པ་རྣམས་དད་པར་བྱ་བ་དང་། དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་བྱེད་ན་ཉེས་པ་མེ་དོ།། བྱང་ཆུབ་སེམས་དཔའ་ཆོས་སྒྲོགས་པ་དང་། དམ་པའི་ཆོས་ཀྱི་འབྲལ་བའི ་གཏམ་རྣམ་པར་གཏན་ལ་འབེབས་པ་ན། ང་རྒྱལ་གྱིས་ནོན་པ་དང་། ཀུན་ན་སྡོ་མནར་སེམས་ཀྱིས་སེམསོ་དང་ལྡན་པ་དང་། ཁོང་ཁྲོ་བའི་སེམས་དང་ལྡན་པས་མི་འགྲོ་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས ་བྱར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། སྙོམ་ལས་དང་ལ་ལྟོས་མི་འགྲོ་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུརརོ།། མ་ཚོར་ན་ཉེས་པ་མེད།། ན་ཏེ་མི་ནུས་ན་ཉེས་པ་མྱེ་དོ།། ་ལོག་པར་སྟོན་དུ་དོགས་ན་ཉེས་པ་མདོ།། ཆོས་སྨྲ་བའི་སེམས་བསྲུང་ན་ཉེས་པ་མེདོ།། ཡང་དང་ཡང་དུ་ཐོས་ཤིང་བཟུང་ལ་ཤེས་ཟིན་པའི་དོན་གྱི་གཏམ་ཡིན་པར་ཤེས་ན་ཉེས་པ་མེདོ།། མྱང་དུ་ཐོས་པ་དང ་ཐོས་པ་འཛིན་པ་དང་། ཐོས་པ་བསགས་པ་ཡིན་ན་ཉེས་པ་མེདདོ།། རྟག་ཏུ་དམིགས་པ་ལ་སེམས་གནས་ཏེ། བྱང་ཆུབ་སེམས་དཔའི་ཏིང་འཛིན་མངོན་པར་བསྒྲུབ་པ་ལ་བརྩོན་ན་ཉེས་པ་མེ་དོ།། ཤིན་ཏུ་ཤེས ་རབ་རྟུལ་ཏེ་ཆོས་ལེན་པ་ལ་ཞན། འཛིན་པ་ལ་ཞན་ཅིང་དམིགས་པ་ལ་སེམས་མཉམ་པར་འཇོག་པ་ཞན་པ་ཞིག་ཡིན་ན་ཉེས་པ་མེ་དོ།། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བའི་གང་ཟག ་ལ་བསམས་བཞིན་དུ་ཁྱ་དུ་བསོད་ཅིང་བཀུར་སྟི་མི་བྱེད་ལ། འཆད་ཞིང་སྟིང་པར་བྱེད་པ་དང་། ཚིག་འབྲུ་ལ་རྟོན་གྱི་དོན་ལ་རྟོན་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན ་མོངས་པ་ཅན་གྱི་ཉེས་པོར་འགྱུརརོ།། བྱང་ཆུབ་སེམས་དཔའ་སྡོམ་པ་ལ་གནས་པའི་སེམས་ཅན་གྱི་བྱ་བ་འདི་ལྟ་སྟེ། བྱ་བ་གཏན་ལ་འབེབས་པ་འམ། ལམ་དུ་འགྲོ་ཞིང་འོང་བ་འམ། ཡང་དག་པའི་ཐ་སྙད་དང་། ་ལས་ཀྱི་མཐའ་ལ་སྦྱོར་བ་འམ། ལོངས་སྤྱོད་བསྲུང་བ་འམ། བྱེ་བ་བསྡུམ་པ་འམ། དགའ་སྟོན་ནོམ། བསོད་ནམས་བྱེད་པ་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང་། ཁོང་ཁྲོ་བའི་སེམས་དང་ལྡན་པས ་གྲོགས་བྱེ་དུ་མི་འགྲོ་ན། ཉེས་པ་དང་བཅུ་སོ་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། སྙོམ་ལས་དང་ལེ་ལོས་གྲོགས་བྱེདུ་མི་འགྲོ་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར ་འགྱུ་རོ།། ན་ཏེ་མི་ནུས་ན་ཉེས་པ་མེ་།། རང་བྱེད་ནུས་པ་དང་། རྟེན་ཡོད་མི་འཆོལ་ན་ཉེས་པ་མེ་།། གནོད་པ་དང་ལྡན་པ་དང་། ཆོས་དང་ལྡན་པ་མི་ཡོན་པའི་བྱེ་བ་ལ་མ་སོང་ན་ཉེས་པ་མ་།། ཐབས་ངེས ་འདུལ་བར་འདོད་ན་ཉེས་བྱ་མེད་རྒྱས་པར་སྔ་མ་བཞིནོ།། གཞན་ལ་ཆེས་སྔར་ཁས་བླངས་ན་ཉེས་པ་མེདོ།། ནུས་པ་གཞན་ལ་བཅོལ་ན་ཉེས་པ་མེདོ།། རང་བཞིན་གྱིས་ཡིད་རྟུལ་ཞིང་ལུང་འབྲོག་མི་མཁས་ན ་ཉེས་པ་མ་དེ་སྔ་མ་བཞིནོ།། གཞན་ཆེས་མང་བ་དག་གི་སེམས་བསྲུང་བར་འདོད་ན་ཉེས་པ་མདོ།། དགེ་འདུན་གྱི་ནང་ཁྲིམས་བསྲུང་བར་འདོད་ན་ཉེས་པ་མདོ།། བྱང་ཆུབ་སེམས་དཔའ་ནད་པ་ནད་ཀྱིས་ཐེབས་པ ་དང་ཕྲད་པ་ན་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང་། ཁྱོང་ཁྲོ་བའི་སེམས་དང་ལྡན་པས་རིམ་གྲོ་དང་བསྙེན་བཀུར་མི་བྱེད་ན་ཉེས་པ་མདོ།། ཤིང་འགལ་བ་དང་བཅས་པར་འགྱུར་ཏེ་ཉོན་མོངས་པ་ཅན་གྱི ་ཉེས་པར་འགྱུར་རོ།། སྙོམས་ལས་དང་ལ་ལོས་མི་བྱེད་ན།། ཉོན་མོངས་པ་མ་ཡིན་པའི་ཉེས་པར་འགྱུར་རོ།། བདག་ཉིད་ནཱ་ཏོ་མི་ནུས་ན་ཉེས་པ་མེ་དོ།། ཕ་རོལ་ནུས་ཤིང་མཐུན་པ་ལ་བཅོལ་ན་ཉེས་པ་མེདྲོ།། ་ནད་པ་མགོན་ཡོད་ཅིང་རྟེན་ཡོད་ན་ཉེས་པ་མདོ།། བདོག་ཉིད་ཀྱིས་བདག་གི་རཱིམ་གྲོ་དང་བསྙེན་བཀུར་བྱེད་ནུས་ན་ཉེས་པ་མདོ།། ནོད་རྒྱུན་རིངས་ཀྱིས་ཐབས་ཏེ་སོ་ཙམ་དུ་འདུག་ན་ཉེས་པ་མ་དོ།། དགེ་བའི་ཕྱོགས ་རྒྱ་ཆེན་པོ་ལ་རྟག་ཏུ་བརྩོན་ཏེ་དགེ་བའི་ཕྱོགས་ཀྱི་བར་ཆ་དུ་འགྱུར་བ་བསྲུང་བའི་ཕྱིར་མི་བྱེད་ན་ཉེས་པ་མདོ་དོ།། ཤིན་ཏུ་ཤེས་རབ་བརྟུལ་ཞིང་ལེགས་པར་ཆོས་སྟོན་མི་ནུས་ལ། ལེགས་པར་འཛིན་མི་ནུས་ཤིང་དམིགས ་པ་ལ་སེམས་མཉམ་པར་འཇོག་མི་ནུས་ན་ཉེས་པ་མེད།། གཞན་ལ་ཆེས་སྔར་ཁས་བླངས་ན་ཉེས་པ་མེདོ།། ནད་གཡོག་ལ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བའི་སྡུག་བསྔལ་གསལ ་བའི་གྲོགས་བྱ་བ་ཡང་དེ་དང་འདྲ་བར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་ཚེ་འདི་དང་ཚེ་ཕྱི་མའི་དོན་ལ་ཚུལ་མ་ཡིན་པར་ཞུགས་པ་དག་མཐོང་ན། ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང་།། ཁོང ་ཁྲོ་བའི་སེམས་དང་ལྡན་པས་རིགས་པ་དང་ཚུལ་བཞིན་སྟོན་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། སྙོམ་ལས་དང་ལེ་ལོས་སྟོན ་བེར་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུརརོ།། བདག་མི་ཤེས་ཏེ་མྱི་ནུས་ན་ཉེས་བུ་མེ་དོ།། གཞན་ནུས་པ་ལ་བཅོལ་ན་ཉེས་པ་མེདོ།། དེ་ཉིད་ཀྱི་ནུས་ན་ཉེས་པ་མེདདོ།། དགེ་བའི ་བཤེས་གཉེན་གཞན་གྱིས་ཟིན་ཡོངསུ་ཟིན་ན་ཉེས་པ་མདོ།། ཐབས་དེས་འདུལ་བར་འདོད་ནི་ཉེས་པ་མེད་རྒྱས་པར་སྔ་མ་བཞིནོ།། གང་ལ་རིགས་པས་བསྟན་པར་བྱ་བ་དེ་ཀུན་ནས་མནར་སེམས་ཀྱི་སེམས་དང ་ལྡན་ཞིང་བཀའ་བློ་མི་བདེ་བས་ལོག་པར་འཛིན་པ་དང་། དགའ་ཞིང་གུས་པ་མེད་པས་རྨུ་རྒོད་ཀྱི་རང་བཞིན་ཅན་ཞིག་ཡིན་ན་ཉེས་པ་མེདདོ།། བྱང་ཆུབ་སེམས་དཔའ་སེམས་ཅན་ཕན་འདོགས་པ་རྣམས་ལ་བྱས ་པ་མི་གཟོ་ཤིང་བྱས་པ་མི་ཚོར་ཏེ། ཀུན་ནས་མནརུ་སེམས་ཀྱི་སེམས་དང་ལྡན་པས་མཐུན་པའི་ཕྲན་གདགས་པས་ལན་དུ་ཕན་མི་འདོགས་ན་ཉེས་པ་དང་བཅས། ཤིང་འགལ་བྱ་དང་བཅས་པར་འགྱུར་ཏེ། ཉོན་མོངས ་པ་ཅན་གྱི་ཉེས་པར་འགྱུརརོ།། སྙོམ་ལས་དང་ལེ་ལོས་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུརརོ།། བསྒྲིམས་བཞིན་དུ་མི་ནུས་ཤིང་མ་ཐོགས་ན་ཉེས་པ་མེདོ།། ཐབས་དེས་འདུལ་བར་འདོད་ན ་ཉེས་པ་མེ་སྔ་མ་བཞིནོ།། དེ་ཉིད་ལན་དུ་ཕན་འདོགས་པར་མི་འདོད་ན་ཉེས་པ་མེདོ།། བྱང་ཆུབ་སེམས་དཔའ་སེམས་ཅན་ཉེ་དུ་དང་ལོངས་སྤྱོད་ལས་གྱུར་པའི་སྡུག་བསྔལ་ལ་གནས་པ་རྣམས་ཀྱི་མྱ་དྲན ་བྱུང་བ་སྨན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་སེལ་བར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངསོ་པར་ཙནྡོ་གྱི་ཉེས་པར་འགྱུར་རོ།། སྙོམ་ལས་དང་ལེ་ལོས་སེལ ་བར་མྱི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པར་འགྱུརརོ།། ཉོས་པ་མི་འགྱུར་བ་ནི་འདི་ལྟ་སྟེ། བྱ་བ་དག་ལ་གྲོགས་མི་བྱེད་པ་ལས་བརྩམས་པ་སྔ་མ་བཞིན་དུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་ཟས ་དང་སྐོམ་ལ་སོགས་པ་འདོད་པ་རྣམས་ཡང་དག་པར་སློང་བ་ལ་ཟས་དང་སྐོམ་ལ་སོགས་པ་ཡོ་བྱད་རྣམས་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང་། ཁོང་ཁྲོ་བོའི་སེམས་དང་ལྡན་པས་མ་བྱིན་ན་ཉེས ་བ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། སྙོམ་ལས་དང་ལེ་ལོ་བག་མེད་པས་མ་བྱིན་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར ་འགྱུརརོ།། ལོངས་སྤྱོད་དག་མེད་འདོད་ན་ཉེས་པ་མདོ།། རུང་བ་མ་ཡིན་པ་དང་། མི་འཕྲོད་པ་སློང་བ་ན་ཉེས་པ་མེདོ།། ཐབས་དེས་འདུལ་བར་བྱ་བར་འདོད་ཅིང་འདུལ་བར་བྱ་བ་འདོད་ན་ཉེས་པ་མེ་དེ་སྔ་མ་བཞི་ནོ།། རྒྱལ ་པོ་ལ་གནོད་པ་བསྲུང་ན་ཉེས་པ་མེདོ།། དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མེདོ།། བྱང་ཆུབ་སེམས་དཔའ་འཁོར་བསྡུས་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་དུས་དུསུ་ལེགས་པར་མི་འདོམས་ཤིང ་ལེགས་པར་རྗེསུ་མི་སྟོན་པ་དང་། འཕོངས་པ་དེ་དག་གི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་དང་པོ་རྣམས་ལས་གོས་དང་། ཟས་དང་། མལ་ཆུ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཆོས་བཞིན ་དུ་ཡོངསུ་ཚུལ་བར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརོ།། སྙོམ་ལས་སམ་ལྕེ་ལོ་འམ། བག་མེད་པས་མི་འདོམས་ཤིང་རྗེ་སུ་མི་སྟོན་ལ་ཡོངས ་ཚིལེ་བར་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུརརོ།། ཐབས་དེས་དུལ་བར་བྱ་བར་འདོད་ཅིང་དུལ་བར་འདོད་ན་ཉེས་པ་མེད་སྔ་མ་བཞི་ནོ།། དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མི་དོ།། ན་ཏེ་སྦྱོར ་མི་བཟོད་ན་ཉེས་པ་མེདདོ།། ནུས་པ་གཞན་དག་ལ་བཅོལ་ན་ཉེས་པ་མེདོ།། འཁོར་བསོད་ནམས་ཆེན་པོ་དང་ལྡན་པ་འམ་ཡང་ན་བདག་ཉིད་ཆོས་གོས་ལ་སོགས་པ་ཡོངསུ་ཚོལ་ནུས་པར་ཤེས་པ་དང་། དེ་དག ་གདམས་ངག་རྗེསུ་བསྟན་པས་གདམས་ངག་དང་རྗེསུ་བསྟན་པའི་བྱ་བ་བྱས་ཟིན་ན་ཉེས་པ་མེདོ།། སྔོན་མུ་སྟེགས་ཅན་ཡིན་པ་ལས་ཆོས་རྐུར་འོངས་ལ་དེར་ཡང་འདུལ་བའི་སྐལ་བ་མེད་པའི་རང་བཞིན་ཅན་ཞིག་ཡིན་ན ་ཉེས་པ་མེ་དོ།། བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་གཞན་དག་གི་སེམས་དང་མཐུན་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན ་གྱི་ཉེས་པར་འགྱུ་རཽ།། སྙོམ་ལས་དང་ལེ་ལོ་དང་། བག་མེད་པས་མཐུན་པར་མི་བྱེད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུརརོ།། གཞན་ངག་གི་འདོད་པ་གང་ཡིན་པ་དེ་མི་འཕྲོད་པར་འགྱུར་བྱ་ཡིན་ན་ཉེས་པ ་མེདྲོ།། ན་ཏེ་སྤྱིར་མི་བཟོད་ན་ཉེས་པ་མེདོ།། དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉོས་པ་མེ་དོ།། དེའི་འདོད་པ་འཕྲོད་པ་མ་ཡིན་དུ་ཟིན་ཀྱང་། གཞན་ཆེས་མང་བ་དག་གི་འདོད་པ་མ་ཡིན་ཞིང་མི་འཕྲོད་ན་ཉེས་པ་མེདོ།། ་མུ་སྟེགས་ཅན་ཚོར་བཅད་པའི་ཕྱིར་ན་ཉེས་པ་མེ་དོ།། ཐབས་དེས་དུལ་བར་བྱ་བར་འདོད་ན་ཉེས་པ་མེད་སྔ་མ་བཞིནོ།། བྱང་ཆུབ་སེམས་དཔའ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པས་གཞན་དག་གི་ཡང་དག ་བའི་ཡོན་ཏན་བརྗོད་པར་མི་བྱེད་ཅིང་། ཡང་དག་པའི་བསྔགས་པ་མི་བརྗོད་པ་དང་། ལེགས་པར་སྨྲ་བ་ལ་ལེག་སོ་ཞེས་བྱ་བ་མ་བྱིན་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར ་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ།། སྙོམ་ལོས་དང་ལ་ལོ་དང་། བག་མེད་པས་སྨྲས་ན་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ།། རང་བཞིན་གྱིས་འདོད་པ་ཆུ་ངུ་ཡིན་པར་དཔགས་ཏེ། དེ་དང་མཐུན ་པར་བྱེད་ན་ཉེས་པ་མེདོ།། ན་ཏེ་མི་ནུས་ན་ཉེས་པ་མ་།། ཐབས་དེས་དུལ་བར་བྱ་བར་འདོད་ཅིང་། འདུལ་བར་འདོད་ན་ཉེས་པ་མེད་སྔ་མ་བཞི་ནོ།། དགེ་འདུན་གྱི་ནང་ཁྲིམས་བསྲུང་ན་ཉེས་པ་མདོ།། གཞི་དེས་ཀུན་ནས་ཉོན ་མོངས་པ་དང་། རྒྱགས་པ་དང་། ཁེངས་པ་དང་། གནོད་པར་འགྱུར་དུ་དོགས་ཏེ། དེ་བསྩལ་བའི་ཕྱིར་ན་ཉེས་པ་མདོ།། ཡོནྡ་ཏན་རྣམས་ཡོན་ཏན་ལྟར་བཅོས་པ་ཡིན་ཏེ། ཡང་དག་པ་མ་ཡིན་པ་དང་། ལེགས་པར ་སྨྲས་པ་ཡང་ལེགས་པར་སྨྲས་པ་ལྟར་བཅོས་པ་ཡིན་ཏེ། ཡང་དག་པ་མ་ཡིན་ན་ཉེས་པ་མེདོ།། མུ་སྟོགས་ཅན་ཚར་བཅད་པའི་ཕྱིར་ན་ཉེས་པ་མེདདོ།། གཏམ་རྫོགས་རྫོགསུ་སྡོད་ན་ཉེས་པ་མེདོ།། བྱང་ཆུབ་སེམས་དཔའ ་སེམས་ཅན་སྨ་དབབ་པའི་རིགས་པ་དང་། ཆད་པས་བཅད་པའི་རིགས་པ་དང་། བསྐྲད་པའི་རིགས་པ་རྣམས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་སྨ་མི་འབེབས་སམ། སྨ་འབེབ་སུ་ཟན་ཀྱང་ཆད་པས་བཅད་པས་མི་འཆོས ་སུམ། འཆོ་སུ་ཟིན་ཀྱང་སྐྲོད་པར་མི་བྱེད་ན། ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུརརོ།། སྙོམ་ལས་དང་ལེ་ལོ་དང་། བག་མེད་པས་སྨ་འབེབས་པར་མི་བྱེད་པ་ནས། ་སྐྲོད་པའི་བར་དུ་མི་བྱེད་ན། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུརརོ།། བཅོསུ་མི་རུང་བའི་རང་བཞིན་ཅན་ཞིག་སྟེ། གཏམ་བྱ་བར་མི་རུང་བ་དང་། བཀའ་བློ་མི་བདེ་ཞིང་ཀུན་ནས་མན་ར་སེམས་ཀྱི་ཤས་ཚོ་བ་ལ་ཡལ ་བྲེར་བོར་ན་ཉེས་པོ་མདོ།། དུས་ལ་སྨོད་ན་ཉེས་པ་མེ་།། གཞི་དེ་ལས་འཐོབ་པ་དང་། མཚང་འབྲུ་བ་དང་། འགྱེད་པ་དང་། རྩོད་པར་འགྱུར་བར་མཐོང་ན་ཉེས་པ་མེདོ།། དགེ་འདུན་འཁྲུག་ཅིང་དབྱེ་བར་མཐོང་ན་ཉེས་པ ་མེ་དོ།། སེམས་ཅན་དེ་དག་གཡོ་མེད། ཆས་ཆེར་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པས་མྱུར་བ་མྱུར་བར་མཐུན་པར་བྱེད་པ་བྱེད་པ་ཞིག་ན་ཉེས་པ་མེདོ།། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་དང་། རྣམ་པར་འཕྲུལ ་པ་དང་། མཐུ་རྣམ་པ་སྣ་ཚོགས་དང་ལྡན་ལ། སེམས་ཅན་སྐྲག་པར་བྱ་བའི་རིགས་པ་རྣམས་འདུན་པར་བྱེ་བ་དང་། དད་པས་བྱིན་པ་སྤོང་དུ་གཞུག་པའི་ཕྱིར་རྫུ་འཕྲུལ་གྱིས་སྐྲག་པར་མི་བྱེད་འདུན་པར་མི་བྱེད་ན་ཉེས་པ ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ།། སེམས་ཅན་རྣམས་གང་དུ་ཤེས་ཆེར་མངོན་པར་ཞེན་པ་མུ་སྟེགས་ཅན་འཕགོས་པ་ལ་སྐུར་པ་འདེབས་པ། ལོག ་པར་ལྟ་བ་དང་ལྡན་པ་དག་ཅིག་ན་མ་བསྟན་ཀྱང་ཉེས་པ་མདོ།། ཐམས་ཅད་ལ་ཡང་སེམས་འཁྲུགས་པ་དང་། སྡུག་བསྔལ་གྱི་ཚོར་བས་ཉེན་པ་དང་། སྡོམ་པ་མ་མནོས་པ་ལ་ནི་ཤིན་ཏུ་ཉེས་པ ་མེད་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་འདི་དག་ནི་དངོསུ་བྱུང་བ་ཤ་སྟག་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ ་ཁྲིམས་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དེ་དང་དེ་དག་ཏུ་ཐོར་བུ་ཐོར་བུར་གསུངས་པ་ང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་འདིར་ཚང་བར་བཤད། བྱང་ཆུབ་སེམས་དཔའ་གུས་པ་སྐྱེས་པས་དེ་དག ་ལ་སློབ་པར་འདོད་པའི་བསམ་པ་རྣམ་པར་དག་པ་དང་། བྱང་ཆུབ་སེངའི་འདོད་པའི་བསམ་པ་དང་། སེམས་ཅན་གྱི་དོན་བྱ་བའི་བསམ་པས་གཞན་ལས་སྡོམ་པ་ཡང་དག་པར་བླང་བར་བྱས་ནས་མཆོག་ཏུ་གུས་པར་བྱ་སྟེ། ་བསླབ་པར་བྱའོ།། ཐོག་མ་ཉིད་ནས་ཀྱང་ཉེས་པ་མི་འབྱུང་བར་གུས་པ་བསྐྱེད་པར་བྱའོ།། ཉེས་པ་བྱུང་ན་ཡང་ཆོས་བཞིན་དུ་གསོ་བཱས་ཉེས་པ་ལ་གསོ་བར་བྱའོ།། བྱང་ཆུབ་སེམས་དཔའི་ཉེས་པ་ཉིད་དག་ཐམས་ཅད་ནི ་ཉེས་བྱ་སུ་བསྔོ་བར་རིག་པར་བྱ་སྟེ། ཉན་ཐོས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་པ་གང་སུ་ཡང་རུང་སྟེ། གང་དག་གི་རྣམ་པར་རིག་བྱེད་དེ་དག་ཁོང་དུ་ཆུ་ཅིང་འཛིན་ནུས་པ་ལ་བཤགས་པར་བྱའོ།། གལ་ཏེ་ཀུན ་ནས་དཀྲིས་པ་ཆེན་པོས་བྱང་ཆུབ་སེམས་དཔའ་ལ་ཕན་པའི་གནས་ལྟ་བུའི་ཆོས་བྱུང་བར་གྱུར་ན་དེས་སྡོམ་པ་གཏང་བ་ལ་ནཱ་གཉི་སུ་སླར་ཡང་ནོད་པར་བྱའོ།། གལ་ཏེ་ཀུན་ནས་དཀྲིས་པ་འབྱུང་གིས་ཉེས་པ་བྱུང་བ་ནི་དེས་གང་ཟག ་གསུམ་མ་མ། དེ་ཡན་ཆད་ལ་ཉེས་བྱས་བཤགས་པར་བྱ་སྟེ། མདུན་དུ་འདུག་ནས་ཐོག་མར་དངོས་པོ་བརྗོདདེ། འདི་སྐད་ཅེས་ཚེ་དང་ལྡན་པ་དགོངསུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་ཇི་སྐད་ཡོངསུ་བརྗོད་པའི ་གཞི་ལས་བྱང་ཆུབ་སེམས་དཔའི་འདུལ་བ་དང་། འགལ་བ་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ་ཞེས་བརྗོད་ལ། ལྷག་མ་ནི་དགེ་སློང་ཉེས་བྱས་འཆགས་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། ཀུན་ནས་དཀྲིས་པ་ཆུ་ངུས ་འཕམ་པའི་གནས་ལྟ་བུའི་ཆོས་བྱུང་བ་དང་། དེ་ལས་གཞན་པའི་ཉོས་པ་རྣམས་ནི་གཅིག་གི་མདུན་དུ་བཤགས་པར་བྱ་བར་རིག་པར་བྱའོ།། གང་གི་མདུན་དུ་བཤགས་པར་བྱ་བོའི་གང་ཟག་མཐུན་པ་མེད་ན། བྱང ་ཆུབ་སེམས་དཔས་བསམ་པ་ཐག་པ་ནས་ཕྱིན་ཆད་མི་བྱ་བར་སེམས་བསྐྲད་པར་བྱ་བའི་ཕྱིན་ཆད་ཀྱང་བསྡམ་པར་བྱའོ།། དེ་ལྟར་བྱས་ནི་ཉེས་པ་དེ་ལས་བྱུང་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར ་བླང་བ་དེ་དག་ཡང་གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་བདག་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྡོམ་པ་ཡང ་དགེ་བར་བླང་བར་བྱ་སྟེ། འདི་ལྟར་སྔར་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས་སམ། ཙོག་ཙོག་པོར་འདུག་ཀྱང་རུང་སྟེ། འདི་སྐད་དུ་བདག་མིང་འདི་ཞེས་བགྱི་བ ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དངས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་འཚལ་ཏེ། དེ་དག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེ་ངའི ་ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་དང ་མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའི་ཐམས་ཅད་ད་ལྟར་སློབ་པ་རྣམས་བདག་གིས་ཡང་དག་པར་བླངོ་ཞེས་བརྗོད་པར་བྱ་སྟེ། ་ལན་གཉིས་ལེན་གསུམ་དུ་བརྗོད་ནས་ལྡང་བར་བྱའོ།། ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་ཉེས་པའི་ལམ་ལ་ཡང་ཉེས་པ་ལྷག་མ་ཡང་མེད་པ་ནི་མེད། བཅོམ་ལྡན ་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཉེས་པ་ནི་ཕལ་ཆེར་ཞེ་སྡང་ལས་འབྱུང་གི། འདོད་ཆགས་ལས་བྱུང་བ་ནི་མ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་པ་དེ་ལ་དགོངས་པ་ནི་འདི་ཡིན་པར་བལྟ་བར་བྱ་སྟེ། བྱང་ཆུབ་སོངའི ་སེམས་ཅནྡ་ལ་རྗེ་སུ་ཆགས་ཤིང་སེམས་ཅན་ལ་བྱམས་པའི་དབང་དུ་བྱས་ནས་གང་ཅི་སྤྱད་ཀྱང་རུང་། དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔས་བྱ་བ་ཡིན་ཏེ། མི་བྱ་བ་མ་ཡིན་པ་ལ་བྱ་བའི་རིགས་པ་བྱེད་པ་ནི་ཉེས་པར ་འགྱུར་བ་མི་རིགསོ།། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལོ་སྡང་བ་ནི་བདག་གཞན་རྣམས་ལ་ཕན་པར་སྤྱོད་པ་མ་ཡིན་ལ། དེ་ཡང་བྱང་ཆུབ་སེམས་དཔའི་བྱ་བ་མ་ཡིན་ཏེ། དོ་ལྟར་བྱ་བ་མ་ཡིན་པ་བྱེད་པ་ནི་ཉེས ་པར་འགྱུར་བར་རིགསོ།། བྱང་ཆུབ་སེམས་དཔའི་ཉེས་པ་རྣམས་ནི་ཆུ་ངུ་དང་། འབྲིང་དང་། ཆེན་པོར་རིག་པར་བྱ་སྟེ། འདི་ལྟ་སྟེ། གཞོ་བསྡུ་བ་ལས་འབྱུང་པོ་བཞིནོ།། དེ་ལྟར་བྱང་ཆུབ་སེམས་དཔའིའོ་རང་གི་འདུལ ་བ་ལ་བསླབ་པ་ལ་བརྩོན་པ་ནི་ཕུན་སུམ་ཚོགས་པ་གསུམ་པོ་སྦྱོར་བ་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་དང་ལྡན་པས་བདེ་བ་ལ་རེག་པར་གནསོ།། དེ་ལ་སྦྱོར ་པ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་དག་འདྲལ་བར་མི་བྱེད་ཅིང་། ལུས་དང་། ངགེ་དང་། ཡིད་ཀྱིས་ཀུན་ཏུ་སྤྱོད་པ་ཡོངསུ་དག་པ་དང་། ཉེས་པ་རྒྱུན་ཏུ་མི་བྱེད ་པ་དང་། སྡིག་པ་འཆགས་པ་ཡིན་ཏེ། འོད་ནི་སྦྱོར་བ་ཕུན་སུམ་ཚོགས་པ་ཞེས་བྱའོ།། བསམོ་པ་ཕུན་སུམ་ཚོགས་པ་གང་ཞེ་ན། ཆོས་ཀྱི་བསམ་པས་རབ་ཏུ་བྱུང་བ་ཡིན་གྱི། འཚོ་བའི་བསམ་པས་མ་ཡིན། ་བྱང་ཆུབ་སེམས་དཔའ་ཆེན་པོ་དྲོན་དུ་གཉེར་བ་ཡིན་གྱི། དོན་དུ་མི་གཉེར་བ་མ་ཡིན། དགེ་སྦྱོང་གི་ཚུལ་དང་མྱ་ངན་ལས་འདའ་བ་དོན་དུ་གཉེར་བ་ཡིན་གྱི། དོན་དུ་མི་གཉེར་བ་མ ་ཡིན་པ་དང་། དེ་ད་ལྟར་དོན་དུ་གཉེར་བས་ལེ་ལོས་གནས་པ་མཱ་ཡིན་ཞིང་། བརྩོན་འགྲུས་མི་ཞན་པ་དང་། ཀུན་ནས་ཉོན་མོངས་པ་དང་། ཡང་འབྱུང་བ་པ་དང་། རིམས་ནད་དང་བཅས་པ་དང་། རྣམ་པར་སྨིན་པ ་སྡུག་བསྔལ་བ་དང་། ཕྱི་མ་ལ་སྐྱེ་བ་དང་། རྒ་ཤིར་འགྱུར་བའི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པ་སྟེ། དེ་ནི་བསམ་པ་ཕུན་སུམ་ཚོགས་པ་ཞེས་བྱའོ།། སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི ་ལྟེ་སྟེ། བྱང་ཆུབ་སེམས་དཔའ་སྔོན་ཚེ་རབ་གཞན་དག་ཏུ་བསོད་ནམས་བྱས་ཤིང་དགེ་བུ་བྱས་ཏེ། དེས་ད་ལྟར་བདག་ཉིད་ཀྱང་གྲོས་དང་། ཟས་དང་། མལ་ཆ་དྲོང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད ་རྣམས་ཀྱིས་འཕྱོངས་པར་མི་འབྱུང་ལ། གཞན་དག་ལ་ཡང་བགོ་བཤའ་བྱེད་ནུས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་འདུལ་བ་ལ ་བསླབ་པ་ལ་བརྩོན་པ། ཕུན་སུམ་ཚོགས་པ་གསུམ་པོ་འདི་དག་དང་ལྡན་པ་ནི་བདེ་བ་ལ་རེག་པར་གནསོ།། དེ་ལས་བཟློག་པའི་འཕོངས་པ་གསུམ་དང་ལྡན་པ་ནི་སྡུག་བསྔལ་ལ་རེག་པར་གནས་པར་རིག་པར་བྱ་སྟེ། འདི ་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཕྱོགསུ་གཏོགས་པ་དང་། རབ་ཏུ་བྱུང་བའི་ཕྱོགསུ་གཏོགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་མདོ་དང་རྒྱས་པ་ཞེས་བྱའོ།། དེ་ལས་གཞན་པ་དཀའ་བའི་ཚུལ་ཁྲིམས་ལ་སོགས་པ་ནི་ཚུལ ་ཁྲིམས་ཐམས་ཅད་འདིའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་དཀའ་བའི་ཚུལ་ཁྲིམས་གང་ཞེ་ན། འདི་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཆེ་ལ་དབང་ཕྱུག ་ཆེན་པོ་ལ་དབང་བྱེད་ཅིང་འདུག་པ་ལས་ལོངས་སྤྱོད་སྤངས་ཤིང་། དབང་ཕྱུག་ཆེན་པོ་ལ་དབང་བྱེད་པ་སྤངས་ནས། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་ནི་བྱེང་ཆུབ་སེམས་དཔའི་དཀའ་བའི་ཚུལ་ཁྲིམས་ཞེས་བྱའོ།། ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་བླངས་ནས་ཉམ་ཐུག་ཏེ། སྲོག་ལ་ཐུག་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་ཉམས་པར་ཡང་མི་བྱེད་ན་ཉེས་པ་མེད་པར་ལྟ་ག་ལ་བྱེད། འདི་ནི་བྱང་ཆུབ་སེམས་དཔའི ་དཀའ་བོའི་ཚུལ་ཁྲིམས་ཞེས་བྱ་སྟེ་གཉིས་པའོ།། ཇི་སྲིད་འཚོ་བའི་བར་དུ་ཙ་ནས་ཉེས་པ་ཕྲ་རབ་ཀྱང་མི་འབྱུང་ཞིང་། ཚུལ་ཁྲིམས་ལ་འཁྲུལ་པ་ཡང་མི་འབྱུང་ན་ལྕི་བ་ལྟ་འབྱུང་བར་ག་ལ་འགྱུར་བ་དེ་ལྷོ་དེ་ལྟར་བྱང་ཆུབ་སེངའ ་སྤྱོད་པ་དང་། གནས་པ་ཐམས་ཅད་ཡིད་ལ་བྱེད་པ་དག་ལ་དྲན་པ་ཉེ་བར་གནས་ཤིང་བག་ཡོད་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་ཚུལ་ཁྲིམས་ཞེས་བྱ་སྟེ་གསུམ་པའོ།། དེ་ལ་བྱང་ཆུབ་སེམས་དཔའི ་ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་གང་ཞེ་ན། འདི་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཡང་དག་པར་བླངས་པ་དང་། རང་བཞིན་གྱིས་ཚུལ་ཁྲིམས་དང་། གོམས་པ་དང་། ཐབས་དང་ལྡན ་པའོ།། དེ་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་གདུགས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་པོ་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་བསྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད ་པའི་ཚུལ་ཁྲིམས་ཡང་དག་པར་བླང་བར་བྱས་པ་ཡིནོ།། དེ་ལ་རང་བཞིན་གྱིས་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ཉིད་ཀྱི་སེམས་ཀྱི་རྒྱུད་རང་བཞིན་གྱིས་དགེ་བ་ཁོ་ན་ཡིན་པས། ལུས་དང་ངག་གི། ་ལས་ཡོང་སུ་དག་པར་འཇུག་པ་གང་ཡིན་པའོ།། དེ་ལ་གོསས་པའི་ཚུལ་ཁྲིམས་ནི། བྱང་ཆུབ་སེམས་དཔའ་གང་གིས་སྔོན་གྱི་ཚེ་རབས་གཞན་དག་ཏུ་ཇི་སྐད་བསྟན་པའི་ཚུལ་ཁྲིམས་རྣམ་པ་གསུམ་ཅུར་ལ་གོམས ་བྱཔར་བྱས་པ་ཡིན་ཏེ། དེ་སྔོན་གྱི་རྒྱུའི་སྟོབས་བསྐྱེད་པ་དེས་སྡིག་པུ་ཀུན་ཏུ་སྤྱོད་པ་ལ་ཐམས་ཅད་ཀྱི་ཐམས་ཅད་མི་དགའ་ཞིབྱེ་སྔགས་པ་ལྔས་ཡིད་བྱུང་ལ། དགེ་བ་ཀུན་ཏུ་སྤྱོད་པ་ལ་དགའ་ཞིང་། དགེ་བ་ཀུན་ཏུ ་སྤྱོད་པ་ཁོ་ན་འདོད་པའོ།། དེ་ལ་ཐིབས་དང་ལྡན་པོའི་ཚུལ་ཁྲིམས་ནི་འོད་ཡིན་ཏེ། བྱང་ཆུབ་སེམས་དཔའ་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས། སེམས་ཅན་རྣམས་ལུས་དང་ངག་གི་ལས་དགེ་བ་ལ་འཇུག་པ་གང ་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་ཚུལ་ཁྲིམས་དང་ལྡན་པ་དང་། གཞན་དག་ཀྱང་ཚུལ ་ཁྲིམས་ཡང་དག་པོར་ལེན་དུ་འཇུག་པ་དང་། ཚུལ་ཁྲིམས་ཀྱི་བསྔགས་པ་ཡང་བརྗོད་པ་དང་། ཆོས་དང་མཐུན་པ་མཐོང་ནི་ཡིད་དགའ་བར་འགྱུར་བ་དང་། ཉེས་པ་བྱུང་ན་ཆོས་བཞིན་དུ་འཆོས་པའོ།། དེ་ལ ་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམསྤུ་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་། རྣམ་པ་བདུན་ཏེ། གཅིག་ཏུ་བསྒོམས་ན་རྣམ་པ་བཅུ་གསུམ་དུ་རིག་པར་བྱ་སྟེ། བསླབ་པའི་གཞི་རྒྱ་ཆེན་པོ་ཡོངསུ ་བཟུང་བ་དང་། བྱང་ཆུབ་ཆེན་པོར་ཡོངསུ་བསྔོས་པའི་ཕྱིར་རྒྱ་ཆེ་བ་དང་། འདོད་པའི་བསོད་ནམས་དང་། བདག་ཉིད་དུབ་པར་བྱེད་པའི་མཐའ་གཉིས་སྤངས་པའི་ཕྱིར་ཁོ་ན་མ་ཐོ་བ་མེད་པ་དང་། རབ་ཏུ་དགའ ་བྱའི་གནས་དང་། མཐུན་པ་དང་། ཇི་སྲིད་འཚོའི་བར་དུ་ཡོད་བསླབ་པ་འབུལ་བར་མི་བྱེད་པའི་ཕྱིར་རྟག་ཏུ་བྱེད་པ་དང་།། རྙེད་པ་དང་། བཀུར་སྟི་དང་། ཕས་ཀྱི་རྒོལ་བ་དང་། ཉོན་མོངས་པ་དང་། ཉེ་བའི ་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་མི་ཕྱོགས་པའི་ཕྱིར་བརྟན་པ་དང་། ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པ་སྟེ། ཚུལ་ཁྲིམས་ཀྱི་རྒྱན་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་བྱུང་བ་བཞིན་དུ་རིག་པར་བྱའོ།། ་སྒྲོག་གཅོད་པ་ལ་སོགས་པ་སྤངས་པའི་ཕྱིར་ལྡོག་པའི་ཚུལ་ཁྲིམས་དང་། དགེ་བ་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་འཇུག་པའི་ཚུལ་ཁྲིམས་དང་། འཇུག་པ་དང་། ལྡོག ་པའི་ཚུལ་ཁྲིམས་རྗེ་སུ་བསྲུང་བའི་ཕྱིར་ཀུན་ནས་བསྲུང་བའི་ཚུལ་ཁྲིམས་དང་།། སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང་། ་སྡུག་པའི་འགྲོ་བ་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམསཽ།། དེ་ལ་བྱང་ཆུབ་སེམས་དཔའི་འཕོངས་ཤིང་འདོད་པའི་ཚུལ་ཁྲི་མོས་གང་ཞེ་ན། དེ་ནི ་རྣམ་པ་བརྒྱ་དུ་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་འདི་སྙམ་དུ་རྒྱུ་སུ་སེམས་ཏེ། འདི་ལྟར་བདག་ནི་བདག་ལ་སུ་ཡང་གསོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་རྣམས་ལ་ལོག་པར ་གཡེམ་པ་དང་། བརྫུན་གྱི་ཚིག་སྨྲ་བ་དང་། ཕྲ་མ་དང་། དགྲ་རྩུབ་པོ་དང་། ཚིག་འཁྱལ་པ་བྱེད་པ་དང་། ལག་པ་དང་། བོང་བ་དང་། ལྕག་གིས་བསྣུན་ཅིང་རྣམ་པར་འཚེ་བའི་རེག་པ་མི་འདོད་པ་དག་ཀུན ་ཏུ་སྤྱོད་པ་བྱེད་པར་མ་གྱུར་ཅིག་སྙམ་དུའི་དོང་ལ་བདག་དེ་ལྟ་བུ་འདོད་བཞིནི་དུ། གལ་ཏེ་གནན་གྱོས་ལོག་པ་བྱས་པར་གྱུར་ན། ངེས་བདག་འཕོངས་པར་འགྱུར་ཞིང་བདག་གི་ཡི་མི་འོང་བར་འགྱུར་བས་ན། གཞན ་ཡང་བདག་ཇི་ལྟ་བ་བཞིན་དུ་གཞན་གྱིས་བསང་བར་མ་གྱུར་ཅིག་ཅེས་བྱ་བ་ནས་རྒྱུས་པ་རྣར་འཚེ་བའི་རེག་པ་དག་བྱེད་པར་མ་གྱུར་ཅིག་སྙམ་དུ་འདོད། དེ་དག་ཀྱང་དེ་ལྟར་འདོད་བཞིན་དུ་གལ་ཏེ་བདག་གིས་ལོག་པར་ཀུན་ཏུ ་སྤྱད་པར་གྱུར་ན། དེས་དེ་དག་འཕོངས་པར་འགྱུར་ཞིང་དེ་དེ་དག་གི་ཡི་དུ་མི་འོང་བ་གང་ཡིན་པ་དེ། བདག་གིས་གཞན་དག་ལ་ཅིའི་ཕྱིར་ཀུན་ཏུ་སྤྱད་པར་བྱ་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟར་སོ་སོར ་བརྟགས་ནུས་སྲོག་གི་ཕྱིར་ཡང་གཞན་དག་ལ་ཡི་དུ་མི་འོང་བ་རྣམ་པ་བརྒྱད་པོ་ཀུན་ཏུ་སྤྱོད་པར་མི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་འཕོངས་ཤིང་འདོད་པའི་ཚུལ་ཁྲིམས་རྣམ་པ་བརྒྱད་ཅེས་བྱའོ།། དེ་ལ ་བྱང་ཆུབ་སེམས་དཔའི་འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་གང་ཞེ་ན། ང་ན་རྣམ་པོ་དགུར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དགག་པར་བྱ་བའི་གནསུ་གྱུར་པ་རྣམས་ནི་འགོག ་པོར་བྱེད། གྲནང་བར་བྱ་བའི་གནསུ་གྱུར་པ་རྣམས་ནི་གནང་བར་བྱེད། སེམས་ཅན་བསྡུ་བར་བྱ་རྣམས་ནི་སྡུད་པར་བྱེད། སེམས་ཅན་ཚོར་གཅད་པར་བྱ་བ་རྣམས་ནི་ཚར་གཅོད་པར་བྱེད་ཅིང་། དེ་ལ་བྱང་ཆུབ་སེ་དེའི ་ལུས་དང་ངག་གི་ལས་ཡོངསུ་དག་པར་འཇུག་སྟེ། འདི་ནི་རེ་ཞིག་ཚུལ་ཁྲིམས་རྣམ་པ་བཞིའོ།། གཞན་ཡང་སྦྱིན་པ་དང་ལྡན་པའི་ཚུལ་ཁྲིམས་དང་། བཟོད་པ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། ་བསམ་གཏན་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་དང་། རྣམ་པ་ལྔའོ།། དེ་གཉིས་གཅིག་ཏུ་བསྡུས་ན་ཚུལ་ཁྲིམས་རྣམ་པ་དགུར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དང་གཞན་དག ་ལ་ཚེ་འདི་དང་ཚེ་ཕྱི་མ་ལ་བདེ་བར་འགྱུར་བས་ན། དེའི་ཕྱིར་འདི་དང་གཞན་དུ་བངདེ་བར་འགྱུར་བ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཚུལ་ཁྲིམས་གང་ཞེ་ན། དེ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། ་དགེ་སྦྱོང་གི་ཚུལ་དང་། རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་ཡིན་གྱི། འཚོ་བ་འདོད་པའི་ཕྱིར་མཱ་ཡིན་པས་དང་པོ་ཉིད་ནས་ལེགས་པར་བླངས་པ་དང་འགལ་བ་བྱས་པ་ལ་ཆུང་ངུ་འགྱོད་པ་མེད་པའི་ཕྱིར་ཧ་ཅང་ཞུམ་པ་མ་ཡིན ་པ་དང་།། གནས་པ་མ་ཡིན་པར་འགྱོད་པ་མྱེད་པའི་ཕྱིར་ཧི་ཅང་ཐལ་བ་མ་ཡིན་པ་དང་། གོ་ཉིད་ཀྱིས་བདེ་བ་དང་། གློས་འབེབས་པའི་བདེ་བ་དང་། ཉལ་བའི་བདེ་བ་ཉམ་སུ་མི་ལེན་པ་དང་། ཉིན་མཚན་དུ་དགེ་བའི ་ཕྱོགས་ལ་མངོན་པར་བརྗོན་པའི་ཕྱིར་ལེ་ལོ་མེད་པ་དང་། སྔ་མཱ་བཞིན་དུ་ཡན་ལག་ལྔའི་བག་ཡོད་པ་ལ་བསྟན་པས་བག་ཡོད་པས་ཡོངསུ་ཟིན་པ་དང་། རྙེད་པ་དང་བཀུར་སྟི་ལ་ཞེན་པ་མེད་པ་དང་། ལྷ་ཉིད་སྨོན ་ནས་ཚངས་པར་སྤྱོད་པ་ལ་གནས་པོར་ཁས་བླངས་པ་མ་ཡིན་པའི་ཕྱིར་སྨིན་ལམ་ལེགས་པར་བཏབ་པ་དང་། སྤྱོད་ལམ་དང་། འཕྲལ་གྱི་བྱེ་བ་དང་། དགེ་བའི་ཕྱོགས་ལ་སྦྱོར་བ་རྣམས་ལ་ལུས་དང་ངག་གི་ཀུན ་སྤྱོད་པ་ཤིན་ཏུ་ཕུན་སུམ་ཚོགས་པས་ཡོངསུ་ཟིན་པ་དང་། ཚུལ་འཆོས་པ་ལ་སོགས་པ་ལོག་པར་འཚེ་བར་བྱེད་པའི་ཉེས་པ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་འཚེ་བ་ཕུན་སུམ་ཚོགས་པས་ཡོངསུ་ཟིན་པ ་དང་། འདོད་པའི་བསོད་ནམས་དང་། བདག་ཉིད་དུབ་པར་བྱེད་པའི་རྗེསུ་སྦྱོར་བ་རྣམ་པར་སྤངས་པའི་ཕྱིར་མཐོའ་གཉིས་རྣམ་པར་སྤངས་པ་དང་། མུ་སྟེགས་ཅན་ཐམས་ཅད་ཀྱི་ལྟ་བ་རྣམ་པར་སྤངས་པའི་ཕྱིར ་ངེངེས་པར་འབྱིན་པ་དང་། ཉམས་པར་མི་བྱེད་ཅིང་མེད་པར་མོ་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ཡོང་སུ་མ་ཉམས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི ་ཚུལ་ཁྲིམས་རྣམ་པ་བཅུ་པོ་འདི་དག་ནི་རྣམ་པར་དག་པ་ཞེས་བྱའོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་འདི་ནི་བྱང་ཆུབ་ཆེན་པོའི་འབྲས་བུ་བསྐྱེད་པ་སྟེ། འདི་ལ་བརྟེན་ན་བྱང་ཆུབ ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ཇི་སྲིད་དུ་མངོན་པར་རྫོགས་པར་སངས་མ་རྒྱས་པ ་དེ་སྲི་དུ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འདི་ལ་སློབ་པ་ན་ཕན་ཡོན་རྣམ་པོ་ལྔ་འཐོབ་པར་འགྱུར་ཏེ། སངས་རྒྱས་རྣམས་ཀྱི་དགོངས་པར་འགྱུར་བ་དང་། མཆོག་ཏུ་དགའ་བ་ཆེན་པོ ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བ་དང་། ལུས་ཞིག་ནུས་ཀྱང་གང་ནཱ་དེ་ངང་ཚུལ་ཁྲིམས་མཚུངས་པ་འམ། ལྷག་པའི་བྱང་ཆུབ་སེམས་དཔའ་སྐལ་པ་འདྲ་ཞིང་ཆོས་མཐུན་པ་དགེ ་བའི་བཤེས་གཉེན་དུ་གྱུར་པ་དག་གནས་པ་དེར་སླུ་བར་འགྱུར་བ་དང་། ཚེ་འདི་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བ་དང་།། ཚེ་ཕྱི ་མཱ་ལ་ཡང་རང་འཁྲུངས་ཀྱི་ཚུལ་ཁྲིམས་ཉིད། ཚུལ་ཁྲིམས་དེའི་བདག་ཉིད་ཐོབ་པར་འགྱུརརོ།། ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ལ་སོགས་པ་རྣམ་པ་དགུ་པོ་ཇི་སྐད་བསྟན་པའི་ཚུལ་ཁྲིམས་དེ་ཐམས་ཅད་དེ་སྡོམ་པའི་ཚུལ ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དྲང་། ཚུལ་ཁྲིམས་རྣམ་པ་གསུམ་གྱིས་བསྡུས་པར་རིག་པར་བྱའོ།། ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ཀྱང་མདོར ་བསྡུ་ན་བྱང་ཆུབ་སེམས་དཔའི་བྱེ་བ་རྣམ་པ་གསུམ་བྱེད། སྡོམ་པའི་ཚུལ་ཁྲིམས་ནི་སེམས་གནས་པར་བྱེདདོ།། དགེ་བའི་ཆོས་སྡུད་པ་ནི་བདག་གི་སངས་རྒྱས་ཀྱི་ཆོས་ཡོངསསུ་སྨིན་པར་བྱེད།། སེམས་ཅན་གྱི་དོན་བྱེད་པའི་ཚུལ ་ཁྲིམས་ན་སེམས་ཅན་ཡོངསསུ་སྨིན་པར་བྱེད།། བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ནི་འདི་དག་ཏུ་ཟད། འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར། སེམས་གནས་པོ་དང་། ལུས་དང་སེམས་རློབ་པ་མེད་པར ་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་དེ་དག་དུ་ཟད། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དེ་དག་ཏུ་ཟད།། ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བྱ་བ་ཡང་དེ་དག་ཏུ་ཟད།། དེ་ལས་གོང་ན་ཡང་མེ་དོ།། དེ་ལས་ལྷག་པ་ཡང་མེདོ།། དེ་ལ་ནི་འདས་པའི་བྱང་ཆུབ་སེམས་དཔེའ་བྱང་ཆུབ་ཆེན་པོ་འདོད་པ་རྣམས་ཀྱིས་ཀྱང་བསླབ་སོ།། ་མི་འོངས་པ་རྣམས་ཀྱང་སློབ་པར་འགྱུར་རོ།། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་གནས་པ་དག་ཀྱང་སློབ་པོ།། བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་ཚུལ ་ཁྲིམས་ཀྱི་ལེའུ་སྟེ་བཅུ་པའོ།། །། སྡོམ་ནི་འདི་ལྟ་སྟེ། སྔ་མ་ཚུལ་ཁྲིམས་ཀྱི་ལེའུ་བཞིན་དུ་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་ངོ ་བཻ་ཉིད་གང་ཞེ་ན། སོ་སོར་བརྟགས་པའི་སྟོབས་ལ་བརྟེན་ནས་སམ། ཡང་ན་རང་བཞིན་གྱིས་གཞན་གནོད་པར་བྱེད་པཱ་ལ་ཇོ་མི་སྙམ་པ་དང་། ཐོད་ཀྱི་ཇི་མི་སྙམ་པ་དང་། ཐད་ལྀ་ཇི་མི་སྙམ་པ་སྟེ། ཟང་ཟིང་མེད་པའི་སེམས་དང་། ་སྙིང་རྗེ་འབའ་ཞིག་གིས་ཇི་སྙམ་པ་གང་ཡིན་པ་འདི་ནི་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་བཟོད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པ་ཐམས་ཅད་གང་ཞེ་ན། དེ་ནི་རྣམ་པ་གཉིས ་ལྟ་བར་བྱ་སྟེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའོ།། ཕྱོགས་དེ་གཉིས་ལ་བརྟེན་པ་དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། གཞན་གནོད་པ་བྱེད་པ ་ལ་ཇི་མི་སྙམ་པ་དེ་བཟོད་པ་དང་། སྡུག་བསྔལ་དང་དུ་ལོན་པའི་བཟོད་པ་དང་། ཆོས་ངེས་པར་སེམས་པ་ལ་མོས་པའི་བཟོད་པའོ།། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པོར་བཟོད ་བར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གཞན་གནོད་པ་བྱེད་པ་ལས་བྱུང་བའི་སྡུག་བསྔལ་དྲག་པ་རྒྱུན་མི་འཆད་པ་སྣ་ཚོགས་ཡུན་རིང་བ་མངོན་དུ་བྱུང་ན་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ནི་རང་གི་ལེ་ལན་ཡིན་ཏེ། ་དེས་ན་བདག་རང་གི་བྱས་པའི་མི་དགེ་བའི་ལས་ཀྱི་སྡུག་བསྔལ་གྱི་འབྲས་བུ་འདི་འདྲ་བ་ཉམསུ་མྱོང་ལ། བདག་གི་སྡུག་བསྔལ་མི་བཟོད། མི་བཟོད་པ་འདི་ནི་ཕྱི་མ་ལ་ཡང་སྡུག་བསྔལ་གྱི་རྒྱུའི་གན་སུ་འགྱུར་ལ། བདག ་གིས་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཆོས་དེ་ཡང་དག་པར་བླངས་ཏེ། འདུག་ན་ནི་བདག་ཉིད་ལ་མི་སྡུག་པ་གང་ཡིན་པ་དེ་ལ་བདག་ཉིད་ཀྱིས་བདག་ཉིད་སྦྱོར་བ་བྱེད་པར་ངེས།། དེའི་ཕྱིར་བདག་ཉིད་ཀྱིས་བདག་ཉིད་ལ་གནོད ་པ་བྱས་པར་འགྱུར་ཏེ། གཞན་དག་ལ་ནི་དེ་ལྟ་མ་ཡིནོ།། བདག་དང་གཞན་གྱི་སེམས་ཀྱི་རྒྱུད་ལ་ཡོད་པའི་འདུ་བྱེད་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཀྱང་སྡུག་བསྔལ་བའི་རང་བཞིན་ཡིན་ཏེ། གཞན་དག་གིས་ནི་དེ ་མ་ཤེས་པས་བདག་རང་བཞིན་གྱིས་སྡུག་བསྔལ་བ་ཡང་སྡུག་བསྔལ་བསྐྱེད་ན། བདག་ཤེས་བཞིན་དུ་བདག་གིས་ཀྱང་གཞན་རང་བཞིན་གྱིས་སྡུག་བསྔལ་བ་རྣམས་ལ་ཡང་སྡུག་བསྔལ་བསྐྱེད་པ་ནི་ཆ་མ་ཡིནནོ།། གཅིག་ཏུ ་ན་ཉན་ཐོས་བདག་ཉིད་ཀྱི་དོན་ལ་ཞུགས་པ་རྣམས་ལྔ་ཡང་། བདག་དང་གཞན་དག་གི་སྡུག་བསྔལ་བསྐྱེད་པའི་མི་བཟོད་པ་རིགས་པའི་མ་ཡིན་ན། གཞན་གྱི་དོན་ལ་ཞུགས་པ་དག་ལ་ལྟ་ཅི་སྨོས་སྙམ་དུ་དེ་ལྟར་སོ་སོར ་བརྟགས་ནས། བྱང་ཆུབ་སེམས་དཔའ་དེ་འདུ་ཤེས་རྣམ་པ་ལྔ་བསྒོམ་ཞིང་སེམས་ཅན་མཛའ་བ་དང་། མི་མཛའ་བ་དང་། ཐ་མལ་པ་རྣམས་དང་། དམའ་བ་དང་མཚུངས་པ་དང་། ཁྱད་པར་དུ་འཕགས་པ་རྣམས ་དང་། སྐྱིད་པ་དང་། སྡིག་པ་རྣམས་དང་། ཡོན་ཏན་དང་། སྐྱོན་དང་ལྡན་པ་རྣམས་ལ་གནོད་པ་ཐམས་ཅད་བཟོད་པར་བྱའོ།། འདུ་ཤེས་ལྔ་གང་ཞེ་ན། སྔོན་གྱི་ཚེ་རབ་སུ་སྙིང་དུ་སྡུག་པར་གྱུར་པའི་འདུ་ཤེས་དང་། ་ཆོས་ཙམ་གྱི་རྗེ་སུ་འབྲང་བའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། སྡུག་བསྔལ་བའི་འདུ་ཤེས་དང་། ཡོངསུ་བཟུང་བའི་འདུ་ཤེསོ།། བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པར་བྱེད་པ་རྣམས་ལ་སྙིང ་དུ་སྡུག་པའི་འདུ་ཤེས་ཇི་ལྟ་བར་སྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། དུས་རིང་པོ་འདས་པ་སྔོན་གྱི་ཚེ་རབས་གཞན་དག་ཏུ་སེམས་ཅན་གང་བདག་གི་ཕ་འམོ། མ་འམ། སྤུན ་ནཱ་མ། སྲིང་མོ་འམ། སློབ་དཔོན་ནམ། མཁན་པོ་འམ། བླ་མ་འམ། བླ་མ་ལྟ་བུར་མ་གྱུར་པ་ནི་ཚུལ་གྱིས་རྙེད་པར་དཀའོ་སྙམ་དུ་དེ་དེ་ལྟར་ཚུལ་བཞིན་ཡིད་ལུ་བྱེད་པས་སེམས ་ཅན་གནོད་པ་བྱེད་པ་རྣམས་ལ་དགྲའི་འདུ་ཤེས་ནི་མེད་པར་འགྱུར་ལ་སྙིང་དུ་སྡུག་པའི་འདུ་ཤེས་ནི་གནས་པར་འགྱུར་ཏེ། དེ་སྙིང་དུ་སྡུག་པའི་འདུ་ཤེས་དེ་ལ་བརྟེན་ནས། གནོད་པ་ལ་ཇི་མི་སྙམ་པར་བྱེད། བཟོད ་པར་བྱེད།། བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པར་བྱེད་པ་རྣམས་ལ་ཆོས་ཙམ་དུ་རྗེ་སུ་འབྲང་བའི་འདུ་ཤེས་ཇི་ལྟར་སྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ནི་རྐྱེན ་ལ་རགཽ་ལུས་པ་དང་། འདུ་ཤེས་ཙམ་དང་། ཆོས་ཙམ་དུ་ཟང་། འདི་ལ་ནི་གཤེ་བར་བྱེད་པ་འམ། ཁྲོ་བར་བྱེད་པ་འམ། རྡེག་པར་བྱེད་པ་འམ། མཚང་འདྲ་བར་བྱེད་པ་འམ། བརྒྱད་བཀག་བྱེད་པ་གྲང ་ཡིན་པ་དང་། གཤེ་བར་བྱེད་པ་འམ། ཁྲོ་བར་བྱ་བ་འམ། བརྡེག་པར་བྱ་བ་འམ། མཚང་འདྲུ་བར་བྱ་བ་འམ། བརྒྱད་བཀག་བྱ་བ་གང་ཡིན་པོའི་བདག་གམ། སེམས་ཅན་ནོམ། སྲོག་གམ། སྐྱེ་བ་པོ་ཅི་ཡང་མེདོ ་སྙམ་དུ་དེ་ལྟར་ཚུལ་བཞི་ནི་ཡོད་ལ་བྱེད་པས་སེམས་ཅན་དུ་འདུ་ཤེས་པ་མེད་པར་འགྱུར་ལ། ཆོས་ཙམ་དུ་འདུ་ཤེས་པ་ནི་གནས་པར་འགྱུར་ཏེ། དེ་ཆོས་ཙམ་དུ་འདུ་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས། གཞན་གྱི ་གནོད་པ་ཐམས་ཅད་ལ་ཇི་ལྟར་སྙམ་པར་བྱེད། བཟོད་པར་བྱེད།། བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་མི་རྟག་པར་འདུ་ཤེས་ཇི་ལྟར་བསྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག ་པར་སློབ་སྟེ། སེམས་ཅན་སྐྱེ་ཞིང་འབྱུང་བ་གང་དག་སུ་ཡོད་རུང་བ་དེ་དག་ཐམས་ཅད་ནི་མི་རྟག་པ་དང་འཆི་བའི་ཆོས་ཅན་ཡིན་ལ་གནོད་པའི་མཆོག་ནི་འདི་ལྟ་སྟེ། སྲོག་དང་བྲལ་བར་བྱེད་པ་འདི་ཡིན་པས་ན། དེ་ལྟར་སེམས ་ཅན་རང་བཞིན་གྱིས་འཆི་བའི་ཆོས་ཅན་མི་རྟག་པ་རྣམས་ལ་སྐྱེས་བུ་མཁས་པས་རྙོག་པའི་སེམས་བསྐྱེད་པ་ཡང་མ་ཡིན་ནུ། ལག་པ་འམ། བྲོང་བ་འམ། དབྱུག་པས་བསྣུན་པ་ལྟོ་ཅི་སྨོས་ཏེ། གཏན་དུ་བསྲད་པ་ལྟ་ཅི་སྨོས ་སྙམ་ནས། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་རྟག་པ་དང་སྙིང་པོར་འདུ་ཤེས་པ་ནི་སྤོང་ལ། མི་རྟག་པ་དང་སྙིང་པོ་མེད་པ་མེད་པའི་འདུ་ཤེས་ནི་གནས་པར་འགྱུར་ཏེ། དེ་མི་རྟག་པའི་འདུ་ཤེས་དེ་ལ་བརྟེན་ནས། ་གནོད་པ་ཐམས་ཅད་ལ་རྔོ་མི་སྙམ་པར་བྱེད། བཟོད་པར་བྱེ་།། བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པར་བྱེད་པ་རྣམས་ལ་སྡུག་བསྔལ་བའི་འདུ་ཤེས་ཇི་ལྟར་བསྒོམ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ནི་ས་ན ་གང་དག་ཕུན་སུམ་ཚོགས་པ་ཆེན་པོ་ལ་གནས་པ་དེ་དག་ཀྱང་སྡུག་བསྔལ་གསུམ་པོ་འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དང་འབྲེལ་པར་མཐོང་ན་རྒྱུད་པ་ལ་གན ་པ་རྣམས་ལྟ་ཅི་སྨོས་ཏེ། དེས་དེ་ལྟར་མཐོང་བ་ན་འདི་ལྟར་ཡང་དག་པར་སློབ་སྟེ། དེ་ལྟར་རྟག་ཏུ་སེམས་ཅན་སྡུག་བསྔལ་དང་ལྡན་པ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིརརོ།། བདག་གིས ་བརྩལ་བར་བྱ་བའི་སྡུག་བསྔལ་སྒྲུབ་པའི་ཕྱིར་ནི་མི་བྱའོ་སྙམ་སྟེ། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་བདེ་བའི་འདུ་ཤེས་ནི་མེད་པར་འགྱུར་ཞིང་། སྡུག་བསྔལ་གྱི་འདུ་ཤེས་འབྱུང་བར་འགྱུར་ཏེ། དེ་སྡུག་བསྔལ་བའི་འདུ ་ཤེས་དེ་ལ་བརྟེན་ནས། གཞན་གནོད་པ་བྱེད་པ་ཐམས་ཅད་ལ་ཇི་མི་སྐྱེ་བར་བྱེད། བཟོད་པར་བྱེད།། བྱང་ཆུབ་སེམས་དཔའ་སེམས་ཅན་གནོད་པ་བྱེད་པ་རྣམས་ལ་ཡོངསུ་བཟུང་པོའི་འདུ་ཤེས་ཇི་ལྟར་བསྒོམ་ཞེ་ན། འདི ་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དོག་པར་སློབ་སྟེ། བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན། སེམས་ཅན་ཐམས་ཅད་ཀྱི་དོན་བདག་གིས་བྱའོ་ཞེས་སེམས་ཅན་ཐམས་ཅད་ཆུང་མའི་ཚུལ་ཏུ་བཟུང་སྟེ། བདག་གིས ་འདི་ལྟར་སེམས་ཅན་ཐམས་ཅད་ཉེ་བར་བཟུང་ནས། དེ་དག་གི་དོན་བྱའོ་ཞེས་བྱས་པ་ལུས་གནོད་པ་བྱེད་ཅིང་། གནོད་པ་བྱེད་པ་ལས་ཇི་སྙམ་པར་མི་བྱེད་པ་འདི་ནི་བདག་གི་ཆ་ཡིནོ་སྙམ་སྟེ། དེ་དེ་ལྟར་ཚུལ་བཞིན་ཡིད་ལ ་བྱེད་པས། སེམས་ཅན་གནོད་པ་བྱེད་པ་རྣམས་ལ་གཞན་ཡིནོ་སྙམ་པའི་འདུ་ཤེས་ནི་མེད་པར་འགྱུར་ཞིང་། ཡོངསུ་བཟུང་བའི་འདུ་ཤེས་ནི་གནས་པོར་འགྱུར་ཏེ། ཡོངསུ་བཟུང་བའི་འདུ་ཤེས་ལ་བརྟེན་ནས། གཞན ་གནོད་པར་བྱེད་པ་ཐམས་ཅད་ལ། ཇི་མི་སྙམ་པར་བཟོད་པར་བྱེད།། དེ་ལ་བཟོད་པ་གང་ཞེ་ན། མི་འཁྲུག་པ་དང་། ཕྱིར་གནོད་པ་མི་བྱེད་པ་དང་། སེམས་ལ་ཡང་ཁོན་དུ་མི་འཛིན་པ་གང་ཡིན་པ་དེ་ནི་བཟོད་པ་ཞེས་བྱ་བའོ།། ་དེ་ལ་བྱང་ཆུབ་སེམས་དཔའི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། བདག་སྔོན་འདོད་པ་པ་སྤྱོད་པ་དག་ལ་གནས་ཤིང་འདོད་པ་རྣམས་ཡོངསུ་ཚོལ་བ་ན། ་སྡུག་བསྔལ་གྱི་རྒྱུ་ཡིན་པར་ཚོར་བཞིན་དུ། འདྲོད་པ་སྡུག་བསྔལ་གྱི་རང་བཞིན་ཅན་རྣམས་ཀྱི་ཕྱིར། ཞིང་ལུས་དང་། ཚོང་དང་། རྒྱལ་པོ་ལ་ཞོ་ཤེས་འཚོ་བ་ལ་ཞུགས་ནས། སྡུག་བསྔལ་མང་པོ་དྲག་པོ་དག་ཉམ་སུ་བླངས ་ཤིང་དང་དུ་བླངས་ལ་ཉམསུ་མྱོང་བ་དེ་དེ་ལྟར་དོན་མེད། སྡུག་བསྔལ་ཁོ་ནའི་ཕྱིར་ཚོར་བཞིན་དུ་མི་ཤེས་པའི་ཉེས་པས་བདག་གིས་སྡུག་བསྔལ་ཆེན་པོ་ཉམ་སུ་བླངས་ན། ད་ནི་བདག་བདེ་བ་བསྒྲུབ་པའི་དགེ་བ་ལ་ཞུགས་པར་ཚོར ་བཞིན་དུ་དེ་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་སྡུག་བསྔལ་དང་དུ་བླངས་ཤིང་ཉམ་སུ་བླངས་པ་ནི་ཆ་ཡིན་ན། དེ་བས་ཆུ་ངུ་ལྷ་ལ་ཅི་སྨོས་ཏེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་ཞུགས་པ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་ཅིང ་གཞི་ཐམས་ཅད་ལས་བྱུང་བའི་སྡུག་བསྔལ་དང་དུ་ལེན་པར་བྱེད་དོ།། གཞི་ཐམས་ཅད་ལས་བྱུང་བའི་སྡུག་བསྔལ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བརྒྱ་དུ་རིག་པར་བྱེ་།། གནས་ལ་བརྟེན་པ་དང་། འཇིག་རྟེན་གྱི་ཆོས ་ལས་བརྟེན་པ་དང་། སྤྱོད་ལམ་ལས་བརྟེན་པ་དང་། ཆོས་ཡོངསུ་འཛིན་པ་ལས་བརྟེན་པ་དང་། སློངས་མོས་ཡོངསུ་འཚེ་བ་ལ་བརྟན་པ་དང་། མངོན་པར་བརྩོན་པས་དུད་པ་ལ་བརྟེན་པ་དང་། ་སེམས་ཅན་གྱི་དོན་བྱེད་པ་ལ་བརྟེན་པ་དང་། འཕྲལ་གྱི་བྱ་བ་ལ་བརྟེན་པའོ།། གནས་ནི་གཞི་སྟེ། གང་ལ་བརྟེན་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། དགེ་སློང་གི་དངོས ་པོར་འགྱུར་བ་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་ཡོ་བྱད་རྣམས་ཏེ། དེ་དགྲ་ངན་པ་དང་། ཉུང་བ་དང་། མ་གུས་པ་དང་། བརྒྱངས་པས་ཐོབ་པར་བྱང་ཆུབ་སེམས ་མི་དགའ་བར་མི་འགྱུར། ཡོང་སུ་ཡིད་ཆད་པར་མི་འགྱུར་ལ། གཞི་དེས་བརྩོས་ཀྱང་གཏོང་བར་མི་བྱེད་པ་སྟེ། དེ་ལྟར་གནས་ཀྱི་རྟེན་གྱི་སྡུག་བསྔལ་དང་དུ་ལེན་པར་བྱེད།། འཇིག་རྟེན་གྱི་ཆོས་ཀྱི་ནི་དགུ་སྟེ། མི་རྙེད་པ ་དང་། མི་སྙན་པ་དང་། སྨད་པ་དང་། སྡུག་བསྔལ་བྱ་དང་། འཇིག་པའི་ཆོས་ཅན་འཇིག་པ་དང་། ཟད་པའི་ཆོས་ཅན་ཟད་པ་དང་། རྒ་བའི་ཆོས་ཅན་དགའ་བ་དང་། ན་བའི་ཆོས་ཅན་ན་པ་དང་། འཆི་བའི་ཆོས་ཅན་འཆི། ་བ་སྟེ། འཇིག་རྟེན་གྱི་ཆོས་འདི་དག་མཐའ་དག་གམ། སོ་སོར་འོང་ཞིང་མངོན་དུ་གྱུར་པ་ལས་སྡུག་བསྔལ་འབྱུང་བ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཆོས་ལས་བརྟེན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་དེས་ཐེབས་ཀྱང་གཞི ་དེས་བརྩོན་འགྲུས་གཏོང་བར་མི་བྱེད། སོ་སོར་བརྟགས་ནས་ཉམ་སུ་ལེན་ཅིང་དང་དུ་ལེན་པར་བྱེདའོ།། སྤྱོད་ལམ་ནི་བཞི་སྟེ། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བའོ།། དེ་ལ་བྱང་ཆུབ་སེམས་དཔའ ་ནི་འཆག་པ་དང་། འདུག་པ་དང་། གཉིད་ཀྱིས་སྒྲིབས་པའི་ཆོས་རྣམས་ལས་ཉིན་མཚན་དུ་སེམས་ཡོངསུ་སྦྱོང་བར་བྱེད། གཞི་དེ་ལས་ངལ་བའི་སྡུག་བསྔལ་བྱུང་བ་དང་དུ་ལེན་པར་བྱེད་ཀྱི་དུས་མ་ཡིན་པར་ཁྲི་འམ ་ཁྲིའུ་འམ། རྩཝ་བཏིང་བ་འམ། ལོ་མ་བཏང་བ་ལ་གློས་འབེབས་པར་མི་བྱེད་།། ཆོས་ཡོངསུ་འཛིན་པ་ནི་རྣམ་པ་བདུན་ཏེ། དཀོན་མཆོག་གསུམ་ལ་མཆོད་པ་དང་། རིམ་གྲོ་བྱ་བོ་དང་། བླ་མ་ལ་མཆོད་པ་བྱ་བ ་དང་། རིམ་གྲོ་བྱ་བ་དང་། ཆོས་རྣམས་གཟུང་བ་དང་། གཟུང་བ་རྣམས་གཞན་དག་ལ་རྒྱ་ཆེར་སྟོན་པ་དང་། བསང་བསྟོད་དེ། ཁ་ཏོན་དུ་བྱ་བ་དང་། གཅིག་ཏུ་དབེན་པོར་གནས་ཏེ་ཡང་དག་པར་སེམསོ་ཤིང ་འཇལ་ལ་ཉེ་བར་རྟོག་པ་དང། རྣལ་འབྱོར་ཡིད་ལ་བྱེད་པས་ཟིན་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པའོ།། ཆོས་ཡོངསུ་འཛིན་པ་རྣམ་པ་བདུན་པོ་འདི་དག་ལ་བྱང་ཆུབ་སེམས་དཔའ་རྩོལ་བ་ན། སྡུག་བསྔལ་བ ་གང་ཡིན་པ་དེ་ཡང་དང་དུ་ལེན་ཅིང་གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད།། སློངས་མོས་འཚོ་བ་ཡང་རྣམ་པ་བདུན་དུ་རིག་པར་བྱ་སྟེ། ཁྱིམ་པའི་མཚན་མ་སྤངས་པའི་ཕྱིར། སྐྲ་དང་ཁ་སྤུ་བྲེགས་པ་ལ ་སོགས་པས་གཟུགས་མི་སྡུག་པ་ཉམ་སུ་བླང་བ་དང་། གོས་དྲས་པ་དང་། ཁ་དོག་དྲན་པ་འཆང་བྱའི་ཕྱིར་ཁ་དོག་དྲན་པ་ཉམ་སུ་བླང་བ་དང་། འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལ ་གདམས་ནས་གནས་པའི་ཕྱིར་ཚུལ་གཞན་བྱ་བ་དང་། ཞིང་ལས་ལ་སོགས་པའི་མཐའ་རྣམ་པར་སྤངས་ཏེ། གཞན་ལས་རྙེད་པས་འཚོལ་བར་བྱ་བའི་ཕྱིར་གཞན་ལ་རག་ལས་པའི་འཚོ་བ་ཅན་དང་། རྙེད་པ་རྣམས་གསོགས ་ཤིང་ལོངས་སྤྱོད་པའི་ཕྱིར། ཇི་སྲིད་འཚོའི་བར་དུ་གཞན་ལ་ཆོས་གོས་ལ་སོགས་པ་འཆོལ་བ་དང་། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྤངས་པའི་ཕྱིར། ཇི་སྲིད་འཚོའི་བར་དུ་མི་འདོད་པ་རྣམས་ལས་ལྡོག ་པར་བྱ་བ་དང་། ཟློས་གེར་དང་། གར་ཐབས་དང་། བཞད་གང་དང་། སྒེག་པ་ལ་སོགས་པ་ལ་ལྟ་བ་སྤངས་ཤིང་། མཛའ་བོ་དང་། སྙིང་དུ་སྡུག་པ་དང་། ཆུང་པོ་གྲོགས་ངག་དང་། བགང་པ་དང ་རྩེ་བ་དང་། དགའ་བ་དང་། དགའ་དགུར་སྤྱོད་པ་སྤངས་པའི་ཕྱིར། ཇི་སྲིད་འཚེའི་བར་དུ་མིའི་དགའ་བ་དང་རྩེད་མོ་རྣམས་ལས་ལྡོག་པར་བྱ་སྟེ། དེ་ལྟ་བུ་ཉམས་པ་བ་དང་། གནོད་པའི་སློངས་མོ་སྤྱོད་པ་ལ་བརྟེན ་ནས། སྡུག་བསྔལ་བྱུང་བ་དེ་ཡང་བྱང་ཆུབ་སེམས་དཔའ་དང་དུ་ལེན་པར་བྱེད་ལ། གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེའོ།། བྱང་ཆུབ་སེམས་དཔའ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་ལ་ལུས་ཀྱི་དུབ་པ་དང་། ་སེམས་ཀྱི་འཁྲུག་པ་ཡོངསུ་རལ་བུའི་གཞི་ལས་གང་དག་བྱུང་ཡང་བྱང་ཆུབ་སེམས་དཔའ་གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད།། སེམས་ཅན་གྱི་དོན་གྱི་ལས་ནི་སྔ་མ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། ་བྱང་ཆུབ་སེམས་དཔའ་ནི་གཞི་དེས་སྡུག་བསྔལ་བྱུང་ཡང་དང་དུ་ལོན་པར་བྱེད་ལ། གཞི་དེས་བརྩོན་འགྲུས་གཏོང་བར་མི་བྱེད་དོ།། འཕྲལ་གྱི་བྱ་བ་ནི་རླག་ཏུ་བྱུང་བའི་ཆོས་གོས་དང་། ལྷུང་བཟེད་ཀྱི་ལས་ལ་སོགས ་པོའོ།། ཁྱིམ་པའི་ནི་ཡང་དག་པའི་ཞིང་ལས་དང་། ཚོང་བྱ་བ་དང་། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་གཞི་དེ་ལས་བྱུང་བའི་སྡུག་བསྔལ་ཡང་དང་ཡང་དུ་ལེན་པར་བྱེད་ལ། ་གཞི་དེས་བརྩོན་འགྲུས་ཀྱང་གཏོང་བར་མི་བྱེདདོ།། བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་གང་ཡང་རུང་བས་ཐེབས་ཀྱང་བླ་ན་མེད་པཱ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་པ་ཁོ་ནར་བྱེད་ཀྱི། མི་འཇུགས་པ་ནི་མི་བྱེད ་ལཞུགས་ནས་ཀྱང་ལྡོག་པར་མི་བྱེད་ཅིང་། ཡང་མི་དགའ་བ་མེད་ལྔ། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཇུག་པ་འདི་ནི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པོ་ཞེས་བྱའོ།། དེ་ལ་བྱང་ཆུབ ་སེམས་དཔའི་ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཡང་དག་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཤིན་ཏུ་བརྟགས་པའི་བློས་མོས་པའི་གནས་རྣམ་པ་བརྒྱད ་པོ་དཀོན་མཆོག་གི་ཡོན་ཏན་རྣམས་དང་། དེ་ཁོ་ནའི་དོན་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཆེན་པོ་དང་། རྒྱུ་དང་། འབྲས་བུ་དང་། བདག་གིས་ཐོབ ་པར་བྱ་བའི་དོན་དང་། དེས་ཐོབ་པའི་ཐབས་དང་། ཤེས་བྱའི་སྤྱོད་ཡུལ་ལ་མོས་པ་ཤིན་ཏུ་གནས་པ་ཡིན།། མོས་པ་དེ་ཡང་རྒྱུ་གཉིས་ཀྱིས་ལེགས་པར་གནས་པ་ཡིན་ཏེ། ཡུན་རིང་པོ་ནས་གོམས་པ་དང་། ཤེས་པ་ཤིན ་ཏུ་རྣམ་པར་དག་པར་ཐོབ་པསོ།། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱོགས་རྣམ་པ་གཉིས་ལ་བརྟེན་པའི་བཟོད་པ་ཐམས་ཅད་དེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་བཟོད་པ་ལ་སོགས་པར ་རྒྱས་པར་བྱེད་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་དཀའ་བའི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་ལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ཉམ་ཆུང་བ་རྣམས་ཀྱིས་གནོད་པར ་བྱས་པ་བཟོད་པར་བྱེད་པ་འདི་ནི་དཀའ་བའི་བཟེད་པ་དང་པོའོ།། རྗེ་དཔོན་དུ་གྱུར་པ་ལ་བདག་ཉིད་བཟོད་པར་བྱེད་པ་འདི་ནི་དཀའ་བའི་བཟོད་པོ་གཉིས་པའོ།། སེམས་ཅན་རིགས་དང་རུས་ཆེས་དམའ་བ་དགུ་གིས ་གནོད་པ་མཆོག་ཏུ་ཆེན་པོ་བྱས་པ་བཟོད་པ་འདི་ནི་དཀའ་བའི་བཟོད་པ་གསུམ་པའོ།། དེ་ལ་བྱང་ཆུབ་སེམས་དཔེའི་ཐམས་ཅད་ཀྱི་སྒོ་ནས་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེད ་ནི་མཛའ་བ་དང་། མི་མཛའ་བ་དང་། ཐ་མལ་པ་དང་། གསུམ་ཆར་གྱི་དམའ་བ་དང་། མཚུངས་པ་དང་། ལྷག་པ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པའི་བཟོད་པ ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་བཟོད་པ་ལ་ཕན་ཡོན་དུ་ལྟ་བར་ཡིན་ཏེ། གང་ཟག་བཟོད་པ་ཅན་ནི་ཕྱི་མ་ལ་དགྲ་མང་བར་མི་འགྱུར་བ་དང་། དབྱེ་བ་མྱང་བར་མི ་འགྱུར་པ་དང་། བདེ་བ་དང་ཡིད་མི་བདེ་བ་མང་བར་འགྱུར་བ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང་། ལུས་ཞིག་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུརརོ་སྙམ་སྟེ། ་དེ་དེ་ལྟར་ཕན་ཡོན་དུ་བལྟ་བར་བདག་ཉིད་ཀྱིས་ཀྱང་བཟེད་ཅིང་། གཞན་ཡང་བཟོད་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། བཟོད་པའི་བསྔགས་པ་ཡང་བརྗོད་ཅིང་། གང་ཟག་བཟོད་པ་པ་ཙམ་མཐོང་ན་ཡང་ཡིད་དགའ ་ཞིང་ཀུན་ཏུ་དགའ་བར་འགྱུར་བ་ཡི་ནོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་དུ་ཡོད་པར་རིག་པ་རུ་བྱ ་སྟེ། འོད་ལ་བྱང་ཆུབ་སེམས་དཔའ་ནི་མི་སོང་པོ་མི་སྡུག་པའི་རྣམ་པར་སྨིན་པར་འགྱུར་བར་རིག་པས་འཇིགས་པ་ལས་ཀྱང་བཟོད་པ་དང་། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སེམས་དང་། སྙིང་རྗེའི་སེམས ་དང་། གཉེན་པོའི་སེམས་ཀྱིས་བྱམས་པས་ཀྱང་བཟོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དྲག་པོ་དང་ལྡན་པས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ ་གས་པར་བྱེད་པར་འདོད་པས་བྱེད་རྒྱུའི་རྒྱུས་ཀྱང་བཟོད་པ་དང་། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་རྣམས་ནི་བཟོད་པའི་སྟོབས་ཅན་ཡིན་ཞེས་གསུངས་པས་རྣམ་གྲངས་དེས་ཀྱང་ཚུལ་ཁྲིམས་ཡང་དག་པོར་བླངས་ཤིང་རབ ་ཏུ་བྱུང་བ་ལ་བཟོད་པ་མེད་པ་ནི་རིགས་པའི་ཚུལ་མ་ཡིན་པས་ཆོས་ཡང་དག་པར་བླངས་པས་ཀྱང་བཟོད་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། སྔོན་བཟོད་པ་གོམས་པར་བྱ་བ་ལ་གནས་ཤིང་འདུག་པས། རང ་བཞིན་གྱིས་ཀྱང་བཟོད་པ་དང་། ཆོས་ཐམས་ཅད་ལ་སེམས་ཅན་མེད་པར་རིག་ནུས་བརྗོད་དུ་མེད་པའི་ཆོས་ཙམ་དུ་མཐོང་བས་ཆོས་ལ་ངེས་པར་སེམས་པས་ཀྱང་བཟོད་པ་དང་། གནོད་པར་བྱེད་པ་ཐམས་ཅད་ཀྱང་བཟོད ་བྱ་དང་། ཐམས་ཅད་ཀྱིས་ཀྱང་བཟོད་པ་དང་། ཡུལ་ཐམས་ཅད་དེ་ལྐོག་གམ་སྐྱེ་བོ་མང་སྔར་ཡང་བཟོད་པ་དང་། དུས་ཐམས་ཅད་དེ་སྔ་དྲོ་དང་། ཉི་མའི་གུང་དང་། ཉི་མ་ཕྱེད་དང་། མཚན་མོ་དང་། ཉིན ་མོ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ནས་ཡང་བཟོད་པ་དང་། ན་བ་དང་། ཐ་མལ་པ་དང་། རྒུད་པ་དང་། དར་བའི་ཚེ་ཡང་བཟོད་པ་དང་། སྣུན་པར་མི་བྱེད་པའི་ཕྱིར་ལུས་ཀྱིས་བཟོད་པ་དང་། ་ཡིདུ་མི་འོང་བའི་ཚིག་མི་འབྱིན་པའི་ཕྱིར་ངག་གིས་ཀྱང་བཟོད་པ་དང་།། མི་འཁྲུག་པ་དང་། བསམ་པ་རྙོག་པ་ཅན་མི་འཛིན་པའི་ཕྱིར་ཡིད་ཀྱིས་ཀྱང་བཟོད་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཕོངས་ཤིང་འདོད་པའི་བཟོད་པ ་གང་ཞེ་ན། དེ་ནི་རྣམ་པོ་བརྒྱ་དུ་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་སྡུག་བསྔལ་བ་རྣམས་ལས་སློང་བའི་གནོད་པ་བཟོད་པ་དང་། སེམས་ཅན་མ་རུངས་པ་སྡིག་པ་ཆེན་པོའི་ལས་བྱེད་པ་རྣམས་ལ ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས། ཀུན་ནས་མནར་སེམས་མི་བྱེད་པའི་བཟོད་པ་དང་། རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆོས་ཀྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས། ཀུན་ནས་མནར་སེམས་མི་བྱེད་པའི་བཟོད ་པ་དང་། བརྩལ་བ་རྣམ་པ་ལྔ་མི་མཛད་པའི་བཟོད་པ་སྟེ། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་འབད་པ་དང་། ཆོ་ས་རྣམས་ཡོངསུ་བཙལྔ་བ་དང་། ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་སྒྲུབ ་པ་དང་། ཆོས་དེ་དག་ཉིད་གཞན་དྲུག་ལ་རྒྱ་ཆེར་བསྟན་པ་དང་། སེམས་ཅན་གྱི་བྱེད་པ་རྣམས་དང་། སེམས་ཅན་གྱི་བྱ་བ་རྣམས་ལ་ཡང་དག་པའི་གྲོགསུ་བཙལ་བ་ལ་མི་མཛད་པ་གང་ཡིན་པ་དེ་ནི་ཕོངས་ཤིང་འདིད ་པའི་བཟོད་པ་རྣམ་པ་བརྒྱད་ཅེས་བྱ་སྟེ། སེམས་ཅན་རྣམས་གང་གིས་ཕོངས་པར་འགྱུར་བ་དེ་ནི་བཟོད་པས་ཡོངསུ་སྤོང་པོར་བྱེད་ལ། གང་འདོད་པ་དེ་ནི་སྒྲུབ་པར་བྱེད་པའི་ཕྱིརརོ།། དེ་ལ་བྱང་ཆུབ་སེམས་དཔའ་འདི་དང ་གཞན་དུ་བདེ་བར་འགྱུར་བའི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་དགུར་ལྟ་བར་བྱེད། འདི་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པར་དགེ་བའི་ཆོས་རྣམས་ལ་གནས་པ་ནས་སེམས་ཅན་རྣམས ་ལ་སྙིང་བརྩེ་བ་ཉིད་གཙོ་བོར་བྱས་ཏེ། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། སྦྲང་བུས་ཟིན་པ་དང་།། ཤ་སྦྲང་གིས་ཟིན་པ་དང་། རླུང་དང་། ཉིན་མཚན་དང་། སྡིག་སྦྲུལ་གྱིས་ཟིན་པ་རྣམ ་བཟོད་པ་དང་། ངལ་བ་ལས་བྱུང་བའི་ལུས་དང་སེམས་དུབ་པ་དང་། འཁྲུག་པ་བཟོད་པ་དང་། འཁོར་བ་ནས་ཡོད་པའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྡུག་བསྔལ་རྣམས་བཟོད་པ་སྟེ། ་དེ་ལྟར་བཟོད་པའི་བྱང་ཆུབ་སེམས་དཔའ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མི་འདྲེ་བར་བདག་ཉིད་ཀྱང་ཚེ་འདི་ལ་བདེ་བར་རེག་པར་གནས་ཤིང་། ཚེ་ཕྱི་མ་ལ་ཡང་བདེ་བའི་རྒྱུད་ཡང་དག་པར་བླངས་ཏེ་འདུག་ལ།། ་གཞན་དག་ཀྱང་ཚེ་འདི་དང་ཚེ་ཕྱི་མ་ལ་བདེ་བར་བྱ་བའི་ཕྱིར་ཞུགས་པ་ཡིན་ཏེ། དེ་བས་ན་འདི་ནི་འདི་དང་གཞན་དུ་བདེ་བར་འགྱུར་བའི་བཟོད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི ་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་བཅུར་བལྟ་བོར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་གཞན་དག་གིས་གནོད་པ་དང་། ཕོངས་པ་དང་། འགོལ་བ་བྱས་པ་ན་ཕྱིར་གནོད་པར་ཡང་མི་བྱེད་པ་དང་། ་ཡིད་འཁྲུག་པར་ཡང་མི་འགྱུར་བ་དང་། དགྲར་བསམ་པར་ཡང་མི་འཛིན་པ་དང་། སྔར་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་ཕན་གདགས་པའི་ཕྱིར་བརྩོན་པར་བྱེད།། ཕན་འདོགས་པའི་བྱ་བ་བྱེད་པ་ལ་བརྣགས་པར ་མི་བྱེད་པ་དང་། གནོད་པ་བྱེད་པ་རྣམས་ལ་ཡང་བདག་ཉིད་ཀྱིས་ཤད་ཀྱིས་སྦྱང་བར་བྱེད་པ་དང་། མི་དགའ་བོར་བྱས་ན་ཡང་མི་དགའ་བར་གྱུར་ཀྱང་རུང་ཞེས་གཞན་དག་ལ་འཆགསུ་མི་གཞུག་པ་དང་དེ་ཉིད་རྐྱེན ་བྱས་ནས་མི་བཟོད་པ་ལས་བརྩམས་ཏེ། ཤས་ཆེར་ངོ་ཤས་པ་དང་། བྲལ་ཡོད་པ་དང་ལྡན་པ་དང་། བཟོད་པ་ལས་བརྩམས་ཏེ་སྟོན་པ་ལ་ཤས་ཆེར་སྡུག་པར་འཛིན་ཅིང་གུས་པ་དང་ལྡན་པ་དང་། ་སེམས་ཅན་ལ་རྣམ་པར་ཐོ་མི་འཚམ་པ་ལས་བརྩམ་སོ།། སེམས་ཅན་རྣམས་ལ་ཤས་ཆེར་སྙིང་རྗེ་བའི་བསམ་པ་དང་ལྡན་པ་དང་། ཡང་ན་མི་བཟོད་པའི་ཆོས་ཀྱི་གྲོགས་དང་བཅས་པ། ཐམས་ཅད་ཀྱི་ཐད ་དུ་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བ་སྟེ། རྣམ་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་བཟོད་པ་རྣམ་པར་དག་ཅིང་དྲི་མ་མེད་པར་རིག་པར་བྱའོ།། བཟོད་པའི་ངོ་བོ་ཉིད་ལ་སོགས་པ་རྣམ ་པར་དག་པའི་བཟོད་པ་ལ་ཐུག་པའི་བཟོད་པ་རྒྱ་ཆེར་ཞིང་ཚད་མེད་པ་བྱང་ཆུབ་ཆེན་པོའི་འབྲས་བུ་འབྱུང་བ་འདི་དག་བརྟེན་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱུ་བར་འགྱུརརོ།། ། བྱང་ཆུབ་སེམས་དཔའི་ས་རིག་ཞི་རྣལ་འབྱོར་མི་གནས་ལ་འོད་དུ་ལ་སྐྱེ་བརྒྱ་གཅིག་པར ་སྡོམ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ངོ་བོ་ཉིད་གང་ཞེ་ན། དགེ་བའི་ཆོས་དཔག་ཏུ་མེད་པ་བསྡུ་བ་དདོང་། སེམས་ཅན་གྱི་དོན་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ ་སེམས་མངོན་པར་སྨཻ་སྦྱངས་པ་བར་ཆད་མེད་པ་བྱི་ཅི་མྱ་ལོག་པ་དང་། དེ་ལས་བྱུང་བའི་ལུས་དང་། ངག་དང་། ཡིད་ཀྱི་ཡོངསུ་གཡོ་བྱ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ངོ་བོ ་ཉི་དུ་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔོའི་བརྩོན་འགྲུས་ཐམས་ཅད་གྲུ་བཞིན། དྲི་ནཱི་མངོར་བསྤྱ་ན་རྣམ་པ་གཉིསུ་རིགས་པར་བྱའོ།། ཁྱིམ་པའི་ཕྱོགས་ལ་བརྟེན་བྱི་དང་། རབ་ཏུ་བྷྲིང་བའི་བྱཟླས ་བརྟྟི་ནྟི་བྱཱའོ།། ཕྱོགས་གཉི་སྒོ་ལྔ་བརྟེན་པ་དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། གོ་རྒྱའི་བརྩོན་འགྲུས་དང་། དགེ་དེའི་ཕྱོགས་ཀྱི་ཚེ་སྡུད་པོ་དང་། སེམས་ཅན་གྱི་དོན་བྱེ་བའོ།། དེ་ལ་བྱང་ཆུབོ་སེམས ་དཔའི་གོ་ཆའི་བརྩོན་འགྲུས་ནི་འདི་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་བརྩོན་འགྲུས་རྩོམ་པ་ལ་སྦྱོར་བའི་སྔ་རོལ་ནས་སེམས་ཀྱིས་མངོན་པར་སྤྲོ་བ་སྔོན་དུ་འགྲོ་བའི་གོ་ཚེ་འདི་ལྟར་གྱོན་པར་བྱེད། བདག་ནི ་གལ་ཏེ་སེམས་ཅན་གཅིག་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་ཡང་། ཉིན་མཚན་བསྐལ་པ་ཆེན་པོ་སྟོང་དང་མཉམ་པ་དག་གིས་འགྲོ་བ་གཞན་དུ་མི་གནས་པར་སེམས་ཅན་དམྱལ་བ་ཁོ་ནར་གནས་པས་དུས་ཇི་སྲིད ་གཅིག་གིས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་དེ་ཉིད་བྱེ་བ་ཕྲག་འབུམ་འགྱུར་སྲིད་ཀྱིས་བདག་གིས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ལྟ་ཡང་བདག་སྤྲོ་བར་བྱེད། བླ་ན་མེང་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་མི་བརྩོན་པརོ་མི་བྱེད་ལ། བརྩོན་འགྲུས་ལ་ཞུགས་པ་ཡང་འདོར་བུར་མི ་བྱེད་ན། དུས་ཀྱི་ཡུན་ཚེས་ཐུང་བ་དང་། སྡུག་བསྔལ་ཆེས་ཆུང་བས་ལྟོ་ལ་ཅི་སྨོས་སྙམ་པ་དེ་ལྟ་བུ་ནི། བྱང་ཆུབ་སེམས་དཔའི་གཽ་ཆའི་བརྩོན་འགྲུས་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེཾདའ ་རྣམས་ཀྱིས་གོ་ཆའི་བརྩོན་འགྲུས་དེ་ལྟ་བུ་ལ་མོས་པ་ཙམ་དང་། དང་བ་ཙམ་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་ཡང་བརྟན་པོ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པ་དཔག་ཏུ་མེད་པའི་རྒྱུ་ཡོངསུ ་རྟས་པར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་གང་གོ་ཆའི་བརྩོན་འགྲུས་དེ་ལྟ་བུ་ཉིད་དང་ལྡན་པ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་དེ་ལ་ནི་བྱང་ཆུབ་ཀྱི་དོན་དང་། སེམས་ཅན་རྣམས་ཀྱི་དོན ་ལུས་གང་ལ་བྱང་ཆུབ་སེམས་དཔའ་དེའི་སེམས་ཞུམ་པར་འགྱུར་བ་འམ། དཀའ་བ་བྱ་དགོས་པའི་བྱ་དཀ་བ་ཅི་ཡང་མྱེ་།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བར ་ཆོས་སྡུད་པའི་བརྩོན་འགྲུས་གང་ཞེ་ན། བརྩོན་འགྲུས་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པ་དང་། བརྩོན་འགྲུས་གང ་ཤེས་རབ་ཀྱི་བར་དུ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེདདོ།། དེ་ཡང ་མདོར་བསྡུ་ན་རྣམ་པ་བདུན་དུ་རིག་པར་བྱ་སྟེ། རྟོག་པ་དྲང་། རྣམ་པར་རྟོག་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཕས་ཀྱི་རྒོལ་བ་དང་། སྡུག་བསྔལ་གྱི་གནོད་པ་ཐམས་ཀྱིས་མི་གཡོས ་པའི་ཕྱིར་མི་གཡོ་བྱ་དང་། གུས་པར་སྦྱོར་བ་ཅན་ཡིན་པའི་ཕྱིར་བརྟུན་པ་དང་། རིག་པའི་གནས་ཐམས་ཅད་ཡང་དག་པར་འགྲུབ་པར་ཉེ་བྱར་གནས་པའི་ཕྱིར་དཔག་ཏུ་མེད་པ་དང་། ཐོབ་པར་བྱ་བའི་དོན་གྱི ་ལམ་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་ཕྱིར་དང་། མཉམ་པ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཐབས་དང་ལྡན་པ་དང་། ཐོབ་པར་བྱ་བའི་དོན་དང་ལྡན་པ་ཐོབ་པར་སྨོན་པའི་ཕྱིར་ཡཱ་དག་པའི་བརྩོན་འགྲུས་དང་།། རྟག ་ཏུ་སྦྱོར་བ་ཅན་ཡིན་པའི་ཕྱིར་རྒྱལ་བ་དང་། བརྩོན་འགྲུས་རྩོམ་པ་དེས་མཐོང་བར་སེམས་པ་མེད་པའི་ཕྱིར་ང་རྒྱལ་མེད་པ་སྟེ། རྣམ་པ་བདུན་པོ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་སྡུད་པའི་བརྩོན་འགྲུས ་རྩོམ་པར་སྦྱོར་བ་ནི་མྱུར་དུ་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེའོ།། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་རྣམས་དེ་ལྟར་ཡང་དག་པར ་འགྲུབ་པར་བྱ་བའི་རྒྱུའི་གཙོ་བོ་དང་མཆོག་ནི་བརྩོན་འགྲུས་ཁོ་ན་ཡིན་གྱི་གཞན་ནི་དེ་ལྟར་མ་ཡིན་པ་དེའི་ཕྱིར། བརྩོན་འགྲུས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའོ་ཞེས་དེ་བཞིན ་གཤེགས་པོ་རྣམས་ཀྱིས་བསྟན་པ་སྟོན་པ་བྱེདདོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་ནི་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ལེའུ་ལས་འབྱུང་བ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ་རིག་པར ་བྱ་སྟེ། དེར་ཚུལ་ཁྲིམས་ཞེས་བརྗོད་པ་གོང་ཡིན་པ་ངོ་འདིར་བརྩོན་འགྲུས་ཞེས་བརྗོད་པར་བྱ་སྟེ། བྱེ་བྲག་ནི་དེ་ཡོད། དེ་ལ་བྱང་ཆུབ་སེམས་དཔའི་དཀའ་བའི་བརྩོན་འགྲུས་གྲང་ཞེན། དེ་ནི་རྣམ་པ་གསུམ་དུ་ལྟ ་བོར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་གོས་ཀྱི་འདུ་ཤེས་དང་། ཟས་ཀྱི་འདུ་ཤེས་དང་། མལ་ཆ་དང་། སྟན་གྱི་འདུ་ཤེས་དང་། བདག་ཏུ་འདུ་ཤེས་ཀྱང་མི་བྱེད་པར་དགེ་བའི་ཆོས་རྣམས་སྒོམ་པ ་ལ་རྟག་ཏུ་རྒྱུན་མི་འཆད་པར་ཞུགས་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་དགའ་བའི་བརྩོན་འགྲུས་དང་པོའོ།། ཡང་བྱང་ཆུབ་སེམས་དཔའ་ནི་རིས་མཐུན་པ་མྱ་ངོར་གྱི་བར་དུ ་དུས་ཐམས་ཅད་དུ་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་དེས་ཞུགས་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་བརྩོན་འགྲུས་གཉིས་པའོ།། ཡང་བྱང་ཆུབ་སེམས་དཔའ་ནི་མཉམ་པ་ཉིད་ཁོང་དུ་ཆུད་པའི ་ཡིན་ཏན་དང་ལྡན་པ། ཧ་ཅང་ཞུམ་པ་ཡང་མ་ཡིན། ཧ་ཅང་བཙུན་ངས་པ་ཡང་མ་ཡིན་ལ། ཕྱིན་ཅི་མ་ལོག་ཅིང་དོན་དང་ལྡན་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་དཀའ ་འི་བརྩོན་འགྲུས་གསུམ་པ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་བརྩོན་འགྲུས་འདི་སྡུད་པའི་རྒྱུ་ནི་སྟོབས་དང་། སེམས་ཅན་རྣམས་ལ་སྙིང་རྫུ་བ་དང། ཤེས་རབ་ཡིན་པར ་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་ཀྱི་སྒོ་ནས་བརྩོན་འགྲུས་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཉོན་མོངས་པ་ཅན་གྱི་ཆོས་རྣམ་པར་ཡོད་པར་བྱེད་པ་དང་། དཀར་པོའི ་ཆོས་སྒྲུབ་པར་བྱེད་པ་དང་། ལས་ཡོང་སུ་དག་པར་བྱེད་པ་དང་། ཤེས་པ་རྣམ་པར་འཕེལ་བར་བྱེད་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཉོན་མོངས་པ་ཅན་གྱི་ཆོས་རྣམ་པར་སྤོང་བར་བྱེད་པ་ནི་ཀུན་ཏུ་སྦྱོར ་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་མ་སྐྱེས་པ་རྣམས་མི་སྐྱེ་བར་བྱེད་པ་དང་། སྐྱེས་པ་རྣམས་སྤོང་བར་བྱེད་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས། ་དཀར་པོའི་ཆོས་སྒྲུབ་པར་བྱེད་པ་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་བརྩོན་འགྲུས་གང་ཡིན་པ་དང་། སྐྱེས་པ་རྣམས་གནས་པར་བྱེད་པ་དང་། མི་ཉམས་པར་བྱེད་པ་དང་། འཕེལ་ཞིང་རྒྱས་པར་བྱེད་པའི ་བརྩོན་འགྲུས་ག་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ལས་ཡོངསུ་དག་པར་བྱེད་པ་ནི་ལས་རྣམ་པ་གསུམ་པོ་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དགེ་བ་རྣམ་པར་དག་པར་བྱེད་པ ་དང་། སྡུད་པར་བྱེད་པ་གང་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཤེས་པོ་རྣམ་པར་འཕེལ་བར་བྱེད་པ་ནི་ཐོས་པ་དང་། བསམ་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཡང་དག་པར ་འགྲུབ་པ་དང་། རྣམ་པར་འཕེལ་བར་བྱེད་པ་གང་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས་བུ་དམ་པའི་བརྩོན་འགྲུས་གང་ཞེ་ན། དེ་ནི་རྣཾ་པ་ལྔར་བལྟ་བར་བྱ་སྟེ། འདུན་པ་དང་སྦྱོར་བ་ཐམས་ཅད་ཀྱི་ཐ་དུ་མི ་གཏོང་བའི་ཕྱིར་མ་བཏང་བ་དང་། ཇི་ལྟར་བླངས་པ་བཞིན་དུ་མཚུངས་པ་འམོ། ལྷག་པར་བརྩོན་འགྲུས་རྗེ་སུ་འཕེལ་བར་བྱེད་པའི་ཕྱིར་ཉམས་པ་མེད་པ་སྦྱོར་བ་དང་།། ཡུན་རིང་བ་དང་། རྒྱུན་མི་འཆད་པར་བརྩོན ་འགྲུས་རྩོམ་པ་ལ་སེམས་མི་འགོང་ཞིང་སྒྱིད་ལུག་པ་མྱེད་པའི་ཕྱིར་ཞུམ་པ་མེད་པ་དང་། དོན་དང་ལྡན་པའི་ཐབས་ཀྱིས་ཡོངསུ་ཟིན་པའི་ཕྱིར་ཕྱིན་ཅི་མྱ་ལོག་པ་དང་། བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིངས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྟུན་དེ་སྦྱོར་བའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་གང་ཞེ་ན། དེ་ནི་རྣམ་པ ་དྲུག་དང་། རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་དུ་རིག་པར་བྱ་སྟེ། རྒྱུན་ཏུ་སྦྱོར་པོའི་ཕྱིར་རྟག་པའི་བརྩོན་འགྲུས་དང་། ལྷུར་སྦྱོར་བྱའི་ཕྱིར་གུས་པའི་བརྩོན་འགྲུས་དང་། སྔོན་གྱི་རྒྱུའི་སྟོབས ་ཀྱིས་བསྐྱེད་པའི་ཕྱིར་རྒྱུ་མཐུན་པའི་བརྩོན་འགྲུས་དང་། སོ་སོར་བརྟགས་ཤིང་བརྟོགས་ཤིང་དགེ་བའི་ཕྱོགས་ལ་སྦྱོར་བའི་ཕྱིར་སྦྱོར་བ་ལས་བྱུང་བའི་བརྩོན་འགྲུས་དང་། སྡུག་བསྔལ་གྱི་གནོད་པ་ཐམས་ཅད ་ཀྱིས་མི་འཁྲུགསཽ་ཤིང་གཞན་དུ་བསྒྱུར་དུ་མེད་པའི་ཕྱིར་མི་འཁྲུགས་པའི་བརྩོན་འགྲུས་དང་། བྱེ་བྲག་ཐོབ་པ་ཆུ་ངུ་དོང་། དོན་ངོན་ཙམ་གྱིས་མི་ཆོག་པའི་ཕྱིར་ཚིག་མི་ཤེས་པའི་བརྩོན་འགྲུསོ།། འདི་ནི་རེ་ཞིག ་རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་རྣམ་པ་དྲུག་སྟེ། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པ་དང་། མཐུ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྒོ ་བ་དང་ལྡན་པ་དང་། བརྟུན་པ་བརྟན་པ་དང་། བརྩོན་པ་མི་བཏོང་བ་ཞེས་བྱ་བ་ཞེས་བྱའོ།། རྣམ་པ་བདུན་ནི་ཕྱི་ཕྱིར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཤས་ཆེར་འདུན་པ་དང་། སྨོན་པ་རྗེསུ ་འཕེལ་བྱེར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་འདུན་པ་དང་ལྡན་པ་དང་། བརྩོན་འགྲུས་གང་གིས་བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་རྣམས་ལོ་མཐུ་ནི་ཞིང་རྣལ་འབྱོར་དུ་གནས་པར་འགྱུར་ལ། ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་སེམས་ཉོན་མོངས་པ་ཅན་དུ་མ་གྱུར་ཅིག། ཀུན་ནས་དཀྲིས་པ་མེད་པའི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་གང་མཐུན་པོ་དང་ལྡན་པ་དང་། ཉེ་བའི་ཉོན ་མོངས་པ་གང་ཡང་རུང་བས་སེམས་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་ཞིང་། སེམས་ཀུན་ནུས་དཀྲིས་པའི་ཉེ་བའི་ཉོན་མོངས་པ་དེ་སྤོང་བའི་ཕྱིར་མགོ་ལ་མེ་འབར་བ་གསོད་པ་ལྟ་བུའི་བརྩོན་འགྲུས་གང་ཡིན་པ་བྱང ་ཆུབ་སེམས་དཔའི་བརྩོན་འགྲུས་ཁྱད་པར་ཅན་དང་། རིག་པའི་གནས་ཐམས་ཅད་ཡོངསུ་ཚོལ་བའི་ཕྱིར་བྱང་ཆུབ་སེམས་དཔའི་བརྩོན་འགྲོས་ཚོལ་བ་པོ་དང་། ཡོངསུ་བཙལ་བྱའི་ཆོས་དེ་དག་ཉིད་ལ་ཇི་ལྟར ་མཐུན་པ་དང་། ཇི་ལྟར་འོས་པར་ཆོས་ཀྱི་རྗེསུ་མཐུན་པའི་ཆོས་ནན་ཏན་གྱིས་བསྒྲུབ་པའི་ཕྱིར་བྱང་ཆུབོ་སེམས་དཔའི་བསླབ་པའི་བརྩོན་འགྲུས་དང་། བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་དོན་བྱེད་པའི་བརྩོན་འགྲུས ་ནི་སྔ་མ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ་ལྟ་བར་བྱའོ།། བདག་ཉིད་ཀྱི་ཡང་དག་པའི་སྦྱོར་བ་ཀུན་ནས་བསྲུང་བ་དང་། འཁྲུལ་པ་ཆོས་བཞིན་དུ་ཕྱིར་འཆོས་པ་ནི་བྱང་ཆུབ་སེང ་བརྩོན་འགྲུས་བདུན་པ་ཡིན་ཏེ། རྣམ་པ་བཅུ་གསུམ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕོངས་ཤིང་འདོད་པའི་བརྩོན་འགྲུས ་དང་། འདི་དང་གཞན་དུ་བདེ་བར་འགྱུར་བའི་བརྩོན་འགྲུས་ནི་བཟོད་པ་བཞིན་དུ་བལྟ་བར་བྱའོ།། དེ་ལ་བྱེ་བྲག་ནི་འདི་ཡོད། དེར་བཟོད་པ་ཞེས་བྱ་བ་གང་ཡིན་པ་དེ་འདིར་བརྩོན་འགྲུས་མངོན་པར་སྤྲོ་བ་ཞེས་བརྗོད ་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་བརྩོན་འགྲུས་གང་ཞེ་ན། དེ་ནི་མདོར་བ་སྡུ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། འཚམ་པ་དང་། གོམ་པ་དང་། མི་གཡོལ་བ་དང་། ལེགས་པར ་ཟིན་པ་དང་། དུསུ་གོམས་པར་བརྩོན་པ་དང་། མཚན་མཱ་རྟོགས་པ་དང་ལྡན་པ་དང་། ཞུམ་པ་མེད་པ་དང་། མི་ལྡན་པ་མེད་པ་དང་། སྙོམས་པ་དང་། བྱང་ཆུབ་ཆེན་པོར་ཡོངསུ་བསྔོ་བ་སྟེ། འདི་ལྔ ་བྱང་ཆུབ་སེམས་དཔའ་ཉེ་བའི་ཉོན་མོངས་པ་གང་དང་གང་གིས་ཤིན་ཏུ་གནོད་པར་གྱུར་པའི་ཉེ་བའི་ཉོན་མོངས་པ་དེ་དང་དེ་སྤང་བའི་ཕྱིར་འཚམ་པའི་གཉེན་པོ་བསྟེན་ཏོ།། འདོད་པ་ལ་འདོད་ཆགས་ཀྱི་གཉེན་པོར་མི ་སྡུག་པ་སྒོམ་པ་དང་། གནོད་སེམས་ཀྱི་གཉེན་པོར་བྱམས་པ་དང་། གཏི་མུག་གི་གཉེན་པོར་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་སྒོམ་པ་དང་། རྣམ་པར་རྟོག་པའི་གཉེན་པོར་དབུག་དབྱུང་བ་དང་འོ། རྔུབ་པ ་དྲན་པ་དང་། ང་རྒྱལ་གྱི་གཉེན་པོར་ཁམས་རབ་ཏུ་དབྱེ་བ་སྒོམ་པ་དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་འཚམ་པའི་བརྩོན་འགྲུས་ཞེས་བྱའོ།། འདི་ལྟ་སྟེ། གདམས་པ་དང་། རྗེསསུ་བསྟན ་པྲ་ལ་སེམས་གནས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལས་ཐོག་མ་པའི་བརྩོན་འགྲུས་དང་ལྡན་པ་མ་ཡིན་ཏེ། སྦྱོར་བ་གོམས་པ་ཡིན་ཞིང་། སྦྱོར་བ་འདྲིས་པ་འདི་ནི་བྱང་ཆུབ་སེངའི ་གོམས་པའི་བརྩོན་འགྲུས་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་གདམས་པ་དང་། རྗེསུ་བསྟན་པ་ལ་སེམས་གནས་པ་ལས་བརྩམས་ཏེ། སྦྱོར་བ་ལ་གོམས་པ་མ་ཡིན་ཞིང་། བྱང་ཆུབ་སེམས་དཔའ་ལས ་དང་པོ་པ་ཉིད་ཡིན་ཞིང་དུ། རྟོག་ཏུ་གུས་པར་སྦྱོར་བའི་ཕྱིར། སྦྱོར་བ་དེ་ལ་མི་གཡེལ་བར་སྦྱོར་བ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མི་གཡེལ་བའི་བརྩོན་འགྲུས་ཞེས་བྱའོ།། ཡང་བྱང་ཆུབ་སེམས་དཔའ ་བླ་མ་རྣམས་སམ། བདག་ཉིད་ཀྱི་མང་དུ་ཐོས་པའི་སྟོབས་བསྐྱེད་པས་ཕྱིན་ཅི་མ་ལོག་པར་ཟིན་པོས་སེམས་གནས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་པ་འདི་ནི་བྱང་ཆུབ་སེམས་དཔའི་ལེགས་པར་ཟིན་པའི ་བརྩོན་འགྲུས་ཞེས་བྱའོ།། ཡང་བྱང་ཆུབ་སེམས་དཔའ་དེ་ལྟར་ཕྱིན་ཅི་མ་ལོག་པར་ཟིན་པས་ཞི་གནས་ཀྱི་དུས་ནི་ཞི་གནས་བསྒོམ་ལ། རབ་ཏུ་འཛིན་པའི་དུས་ནི་སེམས་རབ་ཏུ་འཛིན་ཅིང ་བཏང་སྙོམས་ཀྱི་དུསུ་ནི་བཏང་སྙོམས་སྒོམ་པ་འདི་ནི་དེའི་དུས་བརྩོན་འགྲུས་ཞེས་བྱའོ།། ཡོང་བྱང་ཆུབ་སེམས་དཔའ་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་རྣམ་དང་། ཏིང་འཛིན་ལ་འཇུག་པ་དང་ཏི་ཡིན ་ལྔ་གནས་པ་དང་། ལྡང་བའི་མཚན་མ་རྣམས་ཤེས་པ་དང་། མི་བརྗེད་པ་དང་། རྟོགས་པོ་བྱ་བའི་ཕྱིར་རྟག་ཏུ་བྱེད་ཅིང་། གུས་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་མཚན་མ་རྟོགས་པའི་བརྩོན་འགྲུས ་ཞེས་བྱའོ།། ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྩམ་པ་མཆོག་ཏུ་རྒྱ་ཆེ་ཞིང་མཆོག་ཏུ་ཟུབ་ལ། བསམ་གྱིས་མི་ཁྱབ་ཙོང་། དཔག་ཏུ་མེད་པ་དག་བསྟུན་པ་ཐོས་ནུ། བདག་ཉིད་ལ་ཁྱ་དུ་མི ་གསོད་ཅིང་། སེམསོ་ཞུམ་པར་ཡང་མི་བྱེད་ལ། ཁྱད་པར་ཐོབ་པ་ཆུང་ངུ་ཙམ་དང་། ངན་ངོན་ཙམ་གྱིས་ཆོག་པར་མི་འཛིན་ཏེ། གོང་དུ་མི་འབད་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ཞུམ་པ་མཽད་པོའི ་བརྩོན་འགྲུས་ཞེས་བྱའོ།། ཡང་བྱང་ཆུབ་སེམས་དཔའ་དུས་དུསུ་དབང་པོའི་སྒོ་རྣམས་བསྲུང་ཞིང་། ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྗེསུ་བརྩོན་པ་དང་། ཤེས་བཞིན་དུ་གནས་པ ་དང་། དེ་ལྟ་བུ་དང་མཐུན་པའི་ཏིངངེ་འཛིན་གྱི་ཚོགས་རྣམས་ཡང་དག་པར་བླངས་ཏེ། འདུག་ཅིང་དེ་རྣམས་ལ་བརྩོན་པར་ཡང་བྱེད་ཅིང་ཕྱིན་ཅི་མ་ལོག་པའི་དོན་དང་ལྡན་པ་ཐམས་ཅད་ལ་འབད་པ་རྩོལ་བ་འདི་ནི་བྱང་ཆུབ་སེ་དེའི ་མི་ལྡན་པ་མེད་པའི་བརྩོན་འགྲུས་ཞེས་བྱའོ།། ཡང་བྱང་ཆུབ་སེམས་དཔའ་ཧ་ཅང་ཡང་མི་ཞུམ། ཧ་ཅང་ཡང་བརྟུན་མཱི་ངེས་པར་བརྩོན་འགྲུས་རྩོམ་སྟེ། སྦྱོར་བ་སྙོམས་པར་བྱེད་ཅིང་། བརྩམ་པར་བྱ་བ་ཐམས ་ཅད་ལ་སྙོམས་པར་གུས་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྙོམས་པའི་བརྩོན་འགྲུས་ཞེས་བྱའོ།། ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩོམ་པ་མངོན་པར་འདུ་བྱེད་པ་ཐམས་ཅད་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབག་ཏུ་ཡོངསུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོངསུ་བསྔོ་བའི་བཻརྩོམ་འགྲུས་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས། བརྩོན་འགྲུས་ཀྱི ་ངོ་བོ་ཉིད་ནས་རྣམ་པར་དག་པའི་བར་གྱི་བརྩོན་འགྲུས་འོདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུ་འབྱུང་བ་སྟེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་བྱས་ཏེ། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱསོ།། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། མངོན་པར་རྫོགས་པར་འཚང་རྒྱའོ།། བྱང་ཆུབ་སེམས་དཔའི་སའི ་གཞིའི་རྣལ་འབྱོར་གྱི་གནས་ལས་བརྩོན་འགྲུས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །། སྡོམ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། དེ་ལ ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ངོ་བོ་ཉིད་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་། བསམ་པ་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་དང་འཇིག་རྟེན་ལས ་འོངས་པའི་སེམས་རྩེ་གཅིག་པ་དགེ་བའི་སེམས་གནས་པ་ཞི་གནས་ཀྱི་ཕྱོགསོ་སམེ། ལྷག་མཐོང་གི་ཕྱོགས་སམ། ཟུང་དུ་འབྲེལ་པར་འཇུག་པའི་ལམ་དེ་གཉི་གའི་ཕྱོགས་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ངོ་བོ་ཉིད་དུ་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཐམས་ཅད་གང་ཞེ་ན། དེ་ནི་རྣམ་པ་གཉིསུ་རིག་པར་བྱ་སྟེ། འཇིག་རྟེན་པའི་དོང ་འཇིག་རྟེན་ལས་འདས་པའོ།། དེ་ཡང་ཅི་རིགས་པར་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་བསམ་གཏན་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཡོན་ཏན་སྒྲུབ་པའི ་བསམ་གཏན་དང་། སེམས་ཅན་གྱི་དོན་བྱ་བའི་བསམ་གཏནོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ལུས་དང་སེམས་ཀྱི་ཤིན་ཏུ་སྦྱངས་པ་སྐྱེད་པ། ་མཆོག་ཏུ་རབ་ཏུ་ཞི་བ། རློམ་སེམས་དང་བྲལ་བ། རོ་མྱང་བ་མང་པ། མཚན་མ་ཐམས་ཅད་དང་བྲལ་བ་གང་ཡིན་པ་འདི་ནི། དེ་དག་གི་ཚེ་འདི་ལ་བདེ་བར་གནས་པ་ཡིན་པར་རིག་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་བསམ་གཏན་སྟོབས་བཅུའི་རིགས་ཀྱིས་བསྡུས་པའི་ཏིང་འཛིན་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པ་སྒྲུབ་པར་བྱེད་པ་གང་ཡིན་པ་དང་། ཏིང་ངེ་འཛིན་གང་དག་ཉན་ཐོས་དང་། རང ་ས་རྒྱས་རྣམས་ཀྱིས་ཀྱང་མིང་ཡང་མི་ཤེས་ན་སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དང་། ཟིལ་གྱིས་ནོན་པའི་སྐུ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་རྣམས་དང་། སོ་སོར ་ཡང་དག་པར་རིག་པ་དང་། ཉོན་མོངས་པ་མེད་པ་དང་། སྨོན་གནས་ཤེས་པ་ལ་སོགས་པའི་ཡོན་ཏན་ཉོན་ཐོས་དང་། ཐུན་མོང་བ་རྣམས་མངོན་པར་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཏིང ་འཛིན་གྱི་ཡོན་ཏན་སྒྲུབ་པའི་བསམ་གཏན་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནི་རྣམ་པ་བཅུ་གཅིག་སྟེ། སྔ་མ་བཞིན་དུ་རིག་པར་བྱ་སྟེ། བསམ་གཏན ་གང་ལ་བརྟེན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་བྱ་བ་དོན་དང་ལྡན་པ་དག་ལ་གྲོགསུ་འགྲོ་བ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། རིགས་པར་སྟོན་པ་དང་། ་བྱས་པ་བཟོ་ཞིང་བྱས་པ་ཚོར་ཏེ། ཕན་འདོགས་པ་རྣམས་ལ་ལན་དུ་ཕན་འདོགས་པ་དང་། འཇིགས་པ་རྣམས་ལ་བསྲུང་བ་དང་། སྡུག་བསྔལ་བར་གནས་པ་རྣམས་ཀྱི་མྱ་ངན ་ལ་བ་དང་། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབས་པ་དང་། ཡང་དག་པའི་འཁོར་ལགས་པར་སྡུད་པ་དང་། སེམས་དང་མཐུན་པར་འཇུག་པ་དང་། ཡང་དག་པའི་ཡོན་ཏན་རྣམས་ཀྱིས་དགའ་བར་བྱེད་པ་དང་། ་ལེགས་པར་ཚར་གཅོད་པ་དང་། རྫུ་འཕྲུལ་གྱིས་སྐྲག་པར་བྱེད་པ་དང་། འདུན་པར་བྱེད་པ་སྟེ། འདི་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཐམས་ཅད་ཅེས ་བྱ་སྟེ། འདི་ལས་གོང་ན་ཡང་མེདདོ།། འདི་ལས་ལྷག་པ་ཡོད་མེདདོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས ་དཔའ་རྣམས་བསམ་གཏན་ལ་གནས་པ་མངོན་པར་སྒྲུབ་པ་རྒྱ་ཆེན་པོ་རྣམ་པོ་སྣ་ཚོགས་ཤིན་ཏུ་འདྲེས་པ་དག་གིས་གནས་ནས། རང་དགར་བསམ་གཏན་གྱི་བདེ་བ་མཆོག་དེ་བཟློག་སྟེ། སོ་སོར ་བརྟགས་ནས། སེམས་ཅན་རྣམས་ལ་སྙིང་བརྩེ་བས་སེམས་ཅན་གྱི་དོན་བྱ་བ་མིང་པོ་དག་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བ་ཡང་དག་པར་མཐོང་ནས། འདོད་པའི་ཁམས་རྣམསུ་སྐྱེ་བར་བྱེད ་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀའ་བའི་བསམ་གཏན་དང་པོ་ཡིན་པར་རྗེ་སུ་རིག་པར་བྱའོ།། ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟན་ནས། བྱང་ཆུབ་སེམས་དཔའི ་བསམ་གཏན་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ལས་ཡོང་དག་པར་འདས་པ་མངོན་པར་བསྒྲུབ་པ་གང་ཡིན་པ་འདི་ནི། བྱང་ཆུབ ་སེམས་དཔའི་དཀའ་བའི་བསམ་གཏན་གཉིས་པ་ཡིན་པོར་རིག་པར་བྱའོ།། ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བར་བྱ་བ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔོའི་དཀའ་བའི་བསམ་གཏན་གསུམ་པ་ཡིན་པར་རིག་པར་བྱའོ།། དེ་ལ་ཐམས་ཅད་ཀྱི་སྒོ་ནས་བསམ་གཏན་གང་ཞེ་ན། རྣམ་པ་བཞིར ་བལྟ་བར་བྱ་སྟེ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང་། དགའ་བ་དང་ལྡན་པ་དང་། སིམ་པའི་བདེན་པ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་སྐྱེས ་བུ་དམ་པའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། རོ་མྱང་བ་མེད་པ་དང་། བྱམས་པ་དང་ལྡན་པ་དང་། སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའོ།། ་དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་། རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ནས་རྣམ་པ་བཅུ་གསུམ ་ཡོད་པར་རིག་པར་བྱ་སྟེ། དགེ་བའི་བསོམ་གཏན་དང་། སྤྲུལ་པ་སྤྲུལ་པའི་ཕྱིར་ལུང་དུ་མ་བསྟན་པའི་བསམ་གཏན་དང་། ཞི་གནས་ཀྱི་ཕྱོགས་དང་། ལྷག་མཐོང་གི་ཕྱོགས་དང་། བདག་དང ་གཞན་གྱི་དོན་ལེགས་པར་ངེས་པར་བསྡམ་པའི་བསམ་གཏན་དང་། མངོན་པར་ཤེས་པའི་མཐུ་ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཽཏན་དང་། མིང་ལ་དམིགས་པོ་དང་། དོན་ལ་དམིགས་པ ་དང་། ཞི་གནས་ཀྱི་མཚན་མ་ལ་དམིགས་པ་དང་། རབ་ཏུ་འཛིན་པའི་མཚན་མ་ལ་དམིགས་པ་དང་། བཏང་སྙོམས་ཀྱི་མཚན་མ་ལ་དམིགས་པ་དང་། ཚེ་འདི་ལ་བདེ་བར་གནས་པ་དང་། གཞན ་གྱི་དོན་བྱ་བའི་བསམ་གཏན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་རྣམ་པ་བཅུ་གསུམ་པོ་འདི་དག་ནི་རྣམ་པ་ཐམས་ཅད་ཀྱི་བསམ་གཏན་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི ་ཕོངས་ཤིང་འདོད་པའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་བརྒྱ་དུ་བལྟ་བར་བྱ་སྟེ། དུག་དང་། ཐོག་དང་། རིམས་དྲག་པོ་དང་། འབྱུང་པོ་དང་། གདོན་ལ་སོགསོ་བའི་གནོད་པ་ཡང ་དག་པར་ཞི་བ་བསྒྲུབ་པའི་གསུང་སྔགས་རྣམས་བྱིན་གྱིས་རློབས་པའི་བསམ་གཏན་དང་། ཁམས་འཁྲུག་པ་ལས་གྱུར་པའི་ནད་རྣམ་པ་སྣ་ཚོགས་རྣམ་པར་ཞི་བར་བྱེད་པའི་བསམ་གཏན་དང་། མུ་གེའི་བུ ་འབོད་ཆེན་པོ་དགེ་བྱུང་བའི་ཚེ་ཆར་སྒྲུབ་པར་བྱེད་པའི་བསམ་གཏན་དང་། མི་དང་མི་མ་ཡིན་པས་བྱས་པའི་འཇིགས་པ་སྣ་ཚོགས་ཆུ་དང་ཐང་ལ་ཡོད་པ་རྣམས་ལས་ལེགས་པར་ཡོངསུ་བསྐྱབ་པའི ་བསམ་གཏན་དང་། དེ་བཞིན་དུ་འབྲོག་དགོན་པ་ན་གནས་པ་ཟས་དང་། སྐོམ་གྱིས་འཕོངས་པ་རྣམས་ལ་ཟས་དང་སྐོམ་ཉེ་བར་བསྒྲུབ་པའི་བསམ་གཏན་དང་། དབུལ་བ་ལོངས་སྤྱོད་མེད་པ་རྣམས་ཀྱི ་ལོངས་སྤྱོད་ཉེ་བར་བསྒྲུབ་པའི་བསམ་གཏན་དང་། ཕྱོགས་བཅུ་དག་ན་སེམས་ཅན་བགྲ་མེད་པ་རྣམས་ལ་ལེགས་པར་བསྐུལ་བའི་བསམ་གཏན་དང་། སེམས་ཅན་གྱི་བྱ་བ་བྱུང་ངོ་ཅོག་ལེགས་པར་བྱ། ་བའི་བསམ་གཏནོ།། དེ་ལ་བྱང་ཆུབ་སེམས་དཔའི་འདི་དང་གཞན་དུ་བདེ་བར་འགྱུར་བའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར་བྱ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས ་གདུལ་བའི་བསམ་གཏན་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེསུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་རྣམས་གདུལ་བའི་བསམ་གཏན་དང་། སྡིག་པ་བྱེད་པ་རྣམས་ལ་ངན་སོང་གི་རྣམ་པར་སྟོན ་བའི་བསམ་གཏན་དང་། སེམས་ཅན་སྤོབས་པ་མེད་པར་གྱུར་པ་རྣམས་ལ་སྤོབས་པ་ཉེ་བར་བསྒྲུབ་པའི་བསམ་གཏན་དང་། སེམས་ཅན་བརྗེད་ངས་པ་རྣམས་ལ་དྲན་པ་ཉེ་བར ་བསྒྲུབ་པའི་བསམ་གཏན་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལྡོག་པའི་བསྟན་ཆོས་དང་། སྙན་ངག་དང་། མ་མོ་སྦྱར་བ་རྣམ་པར་བཞག་པའི་བསམ་གཏན་དང་། འཇིག་རྟེན ་པའི་གཟོ་དང་། ལས་ཀྱི་གནས་དོན་དང་ལྡན་པ་སེམས་ཅན་རྣམས་ལ་ཕན་པ་རྣམས་དང་། ཡི་གེ་དང་། རྩིས་དང་། ཤོང་དགོད་དང་། གྲངས་དང་། ལག་རྩིས་ལ་སོགས་པ་དང་། ཁྱི་དང་། ཁྲིའུ་དང་། ་གདུགས་དང་། ལྷམ་ལ་སོགས་པ་དང་། སྣོད་བྱང་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་རྣམས་འབྱུང་བར་བྱེད་པའི་བསམ་གཏན་དང་། སེམས་ཅན་ངན་སོང་གི་སར་སྐྱེས་པ་རྣམས་ཀྱི་ངན་སོང་གི་སྡུག་བསྔལ ་དེའི་མེད་ལ་གསལ་བའི་ཕྱིར་འོད་ཟེར་འགྱེད་པའི་བསམ་གཏནོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམ་པརརོ་དག་པའི་བསམ་གཏན་གང་ཞེ་ན། དེ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། འཇིག་རྟེན་པའི་དག ་པས་རྣམ་པར་དག་པ་རོ་མྱོང་བ་མེད་པའི་བསམ་གཏན་དང་། འཇིག་རྟེན་ལས་འདས་པའི་དག་པས་རྣམ་པར་དག་པ་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་གཏན་དང་། སྦྱོར་བའི་དག་པས་དག་པ་དང་། ་དངོས་གཞི་དག་པ་དང་། དངོས་གཞི་ལས་ཁྱད་པར་གོང་མ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང་། འཇུག་པ་དང་། གནས་པ་དང་། ལྡང་བ་ལ་དབང་བ་རྣམ་པར་དག་པས་རྣམ་པར་དག་པའི ་བསམ་གཏན་དང་། བསམ་གཏན་བཟློག་ན་ཡང་སྙོམས་པར་འཇུག་པ་ལ་དབང་བ་དག་པས་རྣམ་པར་དག་པའི་བསམ་གཏན་དང་། མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་ལ་དབང་བ་དག་པས་རྣམ་པར ་དག་བྱའི་བསམ་གཏན་དང་། ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བུ་རྣམ་པར་དག་པས་རྣམ་པར་དག་པའི་བསམ་གཏན་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པོ་སྤོང་བ་རྣམ་པར་དག་པའི་བསམ ་གཏ་ནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དཔག་ཏུ་མེད་པ་འདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུར་གྱུར་པ་སྟེ། དེ་དག་ལ་བརྟེན་ནས། བྱང་ཆུབ་སྙོམས་དཔའ་རྣམས་བསམ་གཏན་གྱི་ཕ་རོལ་ཏུ ་ཕྱིན་པ་ཡོང་སུ་རྫོགས་ནས།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱསོ།། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། མངོན་པར་རྫོགས་པར་འཚང་རྒྱའོ།། ་བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བོསམ་གཏན་གྱི་ལེའུ་སྟི་བཅུ་གསུམ་པའོ།། ། བམ་པོ་བཅུ་གཉིས་པ། སྡོམ་ནི ་སྔ་མ་བཞིན་དུ་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ངོ་བོ་ཉིད་གང་ཞེ་ན། ཤེས་བྱ་ཐམས་ཅུ་དུ་ལ་འཇུག་པ་དང་། ཤེས་བྱ་ཐམས་ཅད་ལ་ཞུགས་པ་དང་། ་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་གླང་ཡིན་པ་དང་། རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། གསོ་བའི་རིག་པ་དང་། སྒྲའི་རིག་པ་དང་། བཟོ་དང་ལས་ཀྱི་གནས ་ཀྱི་རིག་པ་ལ་དམིགས་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཐམས་ཅད་གང་ཞེ་ན། དེ་ནི་རྣམ ་པ་གཉིསུ་བལྟ་བུར་བྱ་སྟེ།། འཇིག་རྟེན་པའི་དང་། འཇིག་རྟེན་ལས་འདས་པའིའོ།། དེ་ཡང་མདོར་བསྡུ་ན་རྣམ་པ་གློ་སུམ་དུ་རིག་པར་བྱ་སྟེ། ཤེས་བྱ་ལ་དེ་ཁོ་ན་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བ་དང་། ་སྐད་བསྟན་པའི་རིག་པའི་གནས་ལྔ་པོ་རྣམས་དང་། ཚོགས་གསུམ་ལ་མཁས་པར་བྱ་བ་དང་། སེམས་ཅན་གྱི་དོན་བྱ་བའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་གང་ཆོས་བདག་མེད་པ་བརྗོད ་མེད་པ་ལས་བརྩམས་ཏེ། བདེན་པ་རྟོགས་པར་བྱ་བ་འམ། བདེན་པ་རྟོགས་པའི་དུས་སམ། བདེན་པ་མངོན་པར་ཡང་དག་པར་རྟོགས་པ་ཡན་ཆད་མཆོག་ཏུ་རབ་ཏུ་ཞི་བར་ཉེ་བར་གནས་པ། རྣམ་པར་མི ་རྟོག་པ་སྤྲོས་པ་ཐམས་ཅད་དང་བྲལ་བ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་རྗེ་སུ་སོང་བ། སྤྱིའི་མཚན་ཉིད་ཆེན་པོ་ལ་ཞུགས་པ། ཤེས་བྱའི་མཐར་ཕྱིན་པ། སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ ་གཉིས་རྣམ་པར་སྤངས་པའི་ཕྱིར། དབུ་མའི་ལམ་དུ་འགྲོ་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཁོང་དུ་ཆུད་ཅིང་རྟོགས་པའི་ཤེས་རབ་ཡིན་པར་རིག་པར་བྱའོ།། རིག་པའི་གནས་ལྔ་ལ་མཁས ་པ་ནི་རྒྱས་པར་སྔ་མ་བཞིན་དུ་འདི་ལྟ་སྟེ། སྟོབས་ཀྱི་རིགས་ཀྱི་ལེའུ་ལས་འབྱུང་བ་དང་འདྲ་བར་རིག་པར་བྱའོ།། ཚོགས་གསུམ་ནི་དོན་དང་ལྡན་པའི་ཆོས་རྣམས་ཀྱི་ཚོགས་དང་མི་ལྡན་པའི་ཆོས་རྣམས་ཀྱི་ཚོགས ་དང་ལྡན་པ་ཡང་མ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པའི་ཆོས་རྣམས་ཀྱི་ཚོགས་ཏེ། གནས་བརྒྱད་པོ་འདི་དག་ལ་ཤེས་རབ་ཀྱི་མཁསེ་པ་ཡོང་སུ་འཛིན་ན། བླ་ན་མེད་པ་ཡེང་དག་པར་རྫོགས་པའི་བྱང ་ཆུབ་ཀྱི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གོང་ན་མེད་པ་ཡོངསུ་རྫོགས་པར་བྱེད།། སེམས་ཅན་གྱི་དོན་བྱ་བ་ནི་སྔ་མ་བཞིན་དུ་རྣམ་པ་བཅུ་གཅིག་ཁོ་ནར་རིག་པར་བྱ་སྟེ། གནས་དེ་དག་གི་ཤེས་རབ་གང་ཡོན ་བེ་དེ་ནི་སེམས་ཅན་གྱི་དོན་བྱ་བའི་ཤེས་རབ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་དཀའ་བའི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། ཆོས་བདག་མེད་པ་ཟབ་མོ་ཤེས ་རབ་དཀའ་བ་དང་། སེམས་ཅན་རྣམས་འདུལ་བའི་ཐུབས་ཤེས་པར་དཀའ་བ་དང་། ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པར་ཤེས་པ་མཆོག་ཏུ་དཀའ་བའོ།། དེ་ལ་བྱང་ཆུབ་སེམས ་དཔའི་ཐམས་ཅད་ཀྱི་སྒོ་ནས་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབོ་སེམས་དཔའི་སྡེ་སྣོད་ལ་བརྩམས་ཏེ། ཐོས་པ་ལས་བྱུང་བའི་ཤེས་རབ་དང་། བསམ་པ ་ལས་བྱུང་བའི་ཤེས་རབ་དང་། སོ་སོར་བརྟགས་ནས་བྱང་ཆུབ་སེམས་དཔའི་བྱ་བོ་ལ་འཇུག་པ་དང་། བྱེ་བ་མ་ཡིན་པོ་ལས་ལྡོག་པའོ།། སོ་སོར་བརྟགས་པའི་སྟོབས་ཀྱིས་བསྡུས་པའི་ཤེས་རབ་དང་། བསྒོམ ་པའི་སྟོབས་ཀྱིས་བསྡུས་པའི་མཉམ་པར་གཞག་པའི་ས་པའི་ཤེས་རབ་ཚད་མེད་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམ་པའི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར ་བྱ་སྟེ། དམ་པའི་ཆོས་མཉན་པས་ཡང་དག་པར་ཐོབ་པ་དང་། སོ་སོ་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་དང་། བདག་དང་གཞན་གྱི་དོན་སྒྲུབ་པའི་ཐབས་དང་ལྡན་པ་དང་། ཆོས་རྣམས་ཀྱི་ཆོས ་གནས་པའི་ཆོས་རྣམ་པར་གནས་པའི་ཕྱིན་ཅི་མ་ལོག་པ་ལས་བརྩམས་ཏེ། ཤིན་ཏུ་རྣམ་པར་གཏན་ལ་དབབ་པའི་ཤེས་རབ་དང་། ཉོན་མོངས་པ་རྣམ་པར་སྤོང་བའི་ཤེས་རེའོ།། རྣམ་གྲངས་གཞན་ཡང་ཤེས་བྱ། ་ཇི་ལྟ་བར་ཡོད་པ་བཞིན་དུ་འཇུག་པའི་ཕྱིར་ཆ་ཕྲ་བ་དང་། ཤེས་བྱ་ཇི་སྙེད་ཡོད་པ་ལ་འཇུག་པའི་ཕྱིར་མཁས་པ་དང་། ཡེ་ཤེས་ཀྱི་ཚོགས་སྔར་ཡང་དག་པར་ཐོབ་པའི་ཕྱིར་ལྷན་ཅིག་སྐྱེས་པ་དང་། སྤངས ་རྒྱས་རྣམས་དང་། ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་བསྟན་པའི་ཆོས་དང་དོན་ལེན་ཅིང་། འཛིན་པའི་ཕྱིར་ལུང་དང་ལྡན་པོ་དང་། བསམ་པ་དག་པའི་ས་ཡན ་ཚད་མཐར་ཐུག་པར་འགྲོ་བའི་ས་མན་ཚད་ཡོངསུ་བཟུང་བའི་ཕྱིར་རྟོགས་པ་དང་ལྡན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་ཀྱི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་། རྣམ་པ་བདུན་ཏེ། ་གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་ཡོད་པར་རིག་པར་བྱ་སྟེ། བདེན་པ་རྣམས་ལ་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་།། ལམ་ཤེས་པ་དང་། མཐར་ཐུག་པ ་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་འདི་ནི་ཤེས་རབ་རྣམ་པ་དྲུག། རྣམ་པ་བདུན་ནི་ཆོས་ཤེས་པ་དང་། རྗེ་སུ་རྟོགས་པ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། མངོན་པར་ཤེས་པ་ཤེས་པ་དང་། ་ཚན་ཤེས་པ་དང་། སྟོབས་བཅུ་མངོན་དུ་འགྲོ་བ་ཤེས་པ་དང་། རིགས་པ་བཞི་པོ་དག་ལ་རིགས་པར་ཤེས་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་འཕོངས་ཤིང་འདོད་པའི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ ་བལྟ་བར་བྱ་སྟེ། ཆོས་རྣམས་ཀྱི་རྣམ་གྲངས་ཤེས་པ་ལུས་བརྣམས་ཏེ། བྱང་ཆུབ་སེམས་དཔའི་ཆོས་སོ་སོ་ཡང་དག་པར་རིག་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་ཤེས་པ་ལས ་བརྩམས་ཏེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་རྣམས་ཀྱི་ངེས་པའི་ཚིག་ཤེས་པ་ལས་བརྩམས་ཏེ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། ཆོས་རྣམས་ཀྱི་རྣམ་པའི་གཞི་རབ་ཏུ ་དབྱེ་བ་ལས་བརྩམས་ཏེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པ་བྱང་ཆུབ་སེམས་དཔའི་ཤེས་རབ་དང་། བདག་གི་སྨྲ་བ་རྣམ་པར་གཞག་པ་ཐམས་ཅད ་རྣམ་པར་འཇོག་པའི་ཤེས་རབ་དང་། ཁྱིམ་བརྒྱུད་ལེགས་པར་བསྐྱད་བ་དང་། ཁྱིམ་སྦྱོར་བར་བྱ་བའི་དི་ཤེས་རབ་དོང་། རྒྱལ་པོའི་ཚུལ་དང་། འཇིག་རྟེན་པའི་ཐ་སྙད་ཀྱི་ཚུལ་རྣམས་ལ་བྱང་ཆུབ་སེཾདེའི ་ངེས་པའི་ཤེས་རབ།། དེ་ལ་བྱང་ཆུབ་སེམས་དཔའི་འདི་དང་གཞན་དུ་བདེ་བར་འགྱུར་བའི་ཤེས་རབོ་གང་ཞེ་ན། ད་ནི་རྣམ་པ་དགུར་རིག་པར་བྱ་སྟེ། ནཱང་གི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ ་གནས་པའི་ཤེས་རབ་དང་། གསོ་བའི་རིག་པ་དང་། གཏན་ཚིགས་རིག་པ་དང་། སྒྲའི་རིག་པ་དང་། འཇིག་རྟེན་པའི་བཟོ་དང་། ལས་ཀྱི་གནས་ཀྱི་རིག་པ་ལ་ནི་ཤིན་ཏུ་རྣམ་པར་བྱང་ལ། རབ་ཏུ ་གནས་པ་ནི་མ་ཡིན་པའི་ཤེས་རབ་དང་། རིག་པ་རྣམ་པ་ལྔ་པོ་ཤིན་ཏུ་རྣམ་པར་བྱང་བ་དེ་དག་ཉིད་ལ་བརྟེན་ནས། གདུལ་བྱ་རྨོངས་པ་རྣམས་དང་། བག་མེད་པ་རྣམས་དང་། ཞུམ་པ་རྣམས་དང་། ཡང་དག་པར ་ཞུགས་པ་གཞན་དག་ལ་གོ་རིམས་བཞིན་དུ་ཡང་དག་པར་བསྟན་པ་དང་། ཡོང་དག་པར་འཛིན་དུ་གཞུག་པ་དང་། ཡང་དག་པར་གཟེངས་བསྟོད་པ་དང་། ཡང་དག་པར་དགེའ་བར་བྱ་བའི་བྱང་ཆུབ་སེམས ་དཔའ་ཤེས་རབ་གང་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཤེས་རབ་གང་ཞེ་ནཱ། དེ་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། དེ་ཁོ་ནའི་དོན་ཇི་སྙེད་ཡོད་པ་དང་། ཇི་ལྟར་ཡོད་པ ་བཞིན་དུ་འཛིན་པའི་ཕྱིར་དེ་ཁོ་ནའི་དོན་རྣམ་པ་གཉིས་དང་། རྒྱུ་དང་འབྲས་བུ་ལགས་པར་འཛིན་པའི་ཕྱིར། འཇུག་པའི་རྣམ་པ་གཉིས་དང་། ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ ་ཡོངསུ་ཤེས་པའི་ཕྱིར་ལེན་པའི་དོན་རྣམ་པ་གཉིས་དང་། བྱེ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པའི་ཕྱིར་ཐབས་ཀྱི་དོན་རྣམ་པ་གཉིས་དང་། ཀུན་ནས་ཉོན་མོངས ་པ་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པའི་ཕྱིར་མཐར་ཐུག་པའི་དོན་ཀྱང་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཤེས་རབ་རྣམ་པ་ལྔ་པོ་རབ་ཏུ་དབྱེ་བ་བཅུ་པོ་འདི་དག་ནི་རྣམ་པར་དག་པ་མཆོག་གིས་རྣམ་པར་དག་པར་རིག་པར་བྱའོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཤིན་ཏུ་རྣ ་ངེས་ཤིང་དཔག་ཏུ་མེད་པ་འདི་ནི་བྱང་ཆུབ་ཆེན་པོའི་འབྲས་བུར་འགྱུར་བ་སྟེ། དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསསུ་རྫོགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། འདི་ནི་མདོ་སྡེ་གཞན་དེ་དྲང་དེ་དག་ཏུ་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཐོར་བུ་ཐོར་བུ་བསྟན་པ་རྣམས་ཀྱི་མདོར་བསྡུས་ཏེ་བསྟན་པ་ཡིན་པར་རིག ་པར་བྱའོ།། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་གང་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་བསྟན་པ་འམ། བཤད་པ་འབྱུང་བ་དེ་ནི་སྦྱིན་པའི་ངོ་བོ་ཉིད ་ནས། རྣམ་པར་དག་པའི་སྦྱིན་པའི་བར་དུ་སྦྱར་བར་བྱ་སྟེ། དེའི་བསྡུ་བ་ཡང་ཅི་རིགས་པ་རིག་པར་བྱའོ།། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཤེས་རབ་ལ་ཐུག་པ་ཇི་སྙེད་བསྟན་པ་གཞན་དག་གོ་སྦྱར་བ་དང་། ་བསྡུ་བ་ཡང་ཅི་རིགས་པས་རིག་པར་བྱའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔེའི་སྤྱོད་པ་དག་ཏུ་སྐྱེས་པའི་རབས་དཔག་ཏུ་མེད་པ་དཀའ་བ་སྤྱོད་པ་དང་ལྡན་པ་གང་ཡིན་པ་དེ་དག་ཐམས་ཅད་ལས ་སྦྱིན་པ་དང་ལྡན་པ་རྣམས་ནི་སྦྱིན་པ་ལས་བརྩམས་པར་རིག་པར་བྱའོ།། སྦྱིན་པ་ཇི་ལྟ་བུ་དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་ལྡན་པ་ཐམས་ཅད ་ཀྱང་ཤེས་རབ་ལས་བརྩམས་པར་རིག་པར་བྱའོ།། ཁ་ཅིག་ནི་སྦྱིན་པ་ཁོ་ན་ལས་བརྩམས་པ་ནས། ཁ་ཅིག་ནི་ཤེས་རབ་ཁོ་ན་ལས་བརྩམས་པའི་བར་དང་། ཁ་ཅིག་ནི་གཉིས་འདྲེས་པ་དང་། ཁ་ཅིག་ནི་གསུཾ ་འདྲེས་པ་དང་། ཁ་ཅིག་ནི་བཞི་འདྲེས་པ་དང་། ཁ་ཅིག་ནི་ལྔ་འདྲེས་པ་དང་། ཁ་ཅིག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ལས་བརྩམས་པར་རིག་པར་བྱའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གིས ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་ཐོབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དཀར་པོའི་ཆོས་ཀྱི་ཆུ་ཆེན་པོ་དང་། དཀར་པོའི་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱུ་རིན་པོ་ཆེ་ཆེན་པོ་སྦྱིན་པ་ཡིན།། དེ་ལྟར་དེ་དག་གི་བསོད་ནམྦ་དང་ཡིས་ཀྱི་ཚོགས་ཡང་དག་པར་འགྲུབ་པ་དཔག་ཏུ་མེད་པ་དེའི་འབྲས་བུ་ཇི་ལྟར་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་མཐུན་པ་ལྟ་བུ་གཞན་མེདདོ།། བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་ཤེས་རབ་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། ། ་སྡོ་མ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བ་ཐམས་ཅད་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཡི་དུ་འོང་བ་དང་། ་བདེན་པ་དང་། ཆོས་དང་མཐུན་པ། དོན་དང་ལྡན་པའི་ཚིག་སྨྲ་བ་རྣམས་འདི་ནི་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བའི་ངོ་བོ་ཉིད།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བ་ཐ~ཾད ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའི་ངག་གང་ཡང་དག་པར་དགའ་བར་བྱེད་པ་ནི། བྱང་ཆུབ་སེམས་དཔའ་ཁྲོ་གཉེར་མེད་པ་ལ་སོགས་གསོང་པོར་སྨྲ་ཞིང་། བཞིན ་གྱི་མདངས་འབྱིན་ལ་འཛུམ་པ་སྔོན་དུ་གཏོང་ཞིང་ཚིག་གང་གི་བདེ་བ་དང་། བདེ་ལེགསུ་འགྱུར་བ་ཡོངསུ་འདྲི་བ་འོམ། ཁམསོ་སྙོམས་པ་ཡོངསུ་འདྲི་བ་འམ།། མཚན་མོ་དང་ཉིན་མོར་བདེ་བ་ཡོངསུ་འདྲི ་བ་འམ། ཚུར་ཤོག་ལེགས་པར་འོངསོ་ཞེས་སྨྲ་བ་འམ། རྣམ་པ་དེ་ལྟ་བུ་ལ་སོགས་པ་དག་གིས་འཇིག་རྟེན་པའི་ཚུལ་གྲོང་ཁྱེར་པ་ཉིད་དང་མཐུན་པར་འཇུག་ཅིང་སེམས་ཅན་རྣམས་སོ་སོར་ཡང་དག་པར་དགའ་བར ་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ངག་གང་ཀུན་ཏུ་དགའ་བར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་བདག་ཉིད་ཀྱི་འབྱོར་པ་ཁོང་དུ་ཆུད་པ་རྣམས་ལ་བུ་འབྱོར་པ་འམ། ཆུང་མ་འབྱོར་པ་འམ། ཉེ་དུ་འབྱོར ་པ་འམ། ནེར་འབྱོར་པ་འམ། འབྲུ་འབྱོར་པ་མཐོང་ན་བསྙད་ཅིང་ཀུན་ཏུ་དགའ་བར་བྱེད་པ་འམ། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་འབྱོར་པས་ཀུན་ཏུ་དགའ་བར་བྱེད ་པ་དང་། བྱང་ཆུབ་སེམས་དཔའི་དག་གང་རྣམ་པ་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་པའི་ཆོས་སྟོན་པ་དང་ལྡན་པ་ནི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར། རྟག་ཏུ་རྒྱུན་མི་འཚོད་པ་ཉེ་བར་གནས་པ་དང་། ་ཕན་པའི་མཆོག་གིས་ཕན་འདོགས་པར་འགྱུར་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བ་རབ་ཏུ་དབྱེ་བས་ཐུམས་ཅད་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་སྙན་པར་སྨྲ་བ་ཐམས་ཅད་ནི་མདོར་བསྡུ་ན་དེ་ནི་རྣམ་པ་གཉིསུ་བལྟ་བར་བྱ་སྟེ། འཇིག་རྟེན་གྱི་ཚུལ་དང་ལྡན་པ་དང་། ཡང་དོག་པའི་ཆོས་བསྟན་པ་དང་ལྡན་པའོ།། དེ་ལ་ཡང་དོག་པར་དགའ་བར་བྱེད་པའི་ངག ་གང་ཡིན་པ་དང་། ཀུན་ཏུ་དགའ་བར་བྱེད་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཚུལ་དང་ལྡན་པར་རིག་པར་བྱའོ།། དེ་ལ་ངག་གང་དག་གིས་ཕན་འདོགས་པས་མཆོག་ཏུ་ཕན་འདོགས་པ་ཉེ་བར་གནས་པར་བསྟན ་པ་གང་ཡིན་པ་དེ་ནི་ཡང་དག་པའི་ཆོས་བསྟན་པ་དང་ལྡན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་དཀའ་བའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས ་དཔའ་གསོད་པའི་དགྲ་ཕྱིར་རྒོལ་བ་རྣམས་ལ་ཤིན་ཏུ་རྣམ་པར་དག་ཅིང་སྐྱོན་མེད་པའི་སེམས་ཀྱིས་སོ་སོར་བརྟགས་ནས་ཡང་དག་པར་དགའ་བར་བྱེད་པ་འམ། ཀུན་དགའ་བར་བྱེད་པ་འམ། ་ཕན་པར་བྱ་བའི་ཚིག་བརྗོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་དཀའ་བའི་སྙན་པར་སྨྲ་བ་དང་པོ་ཡིན་པར་རིག་པར་བྱའོ།། ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་ཤས་ཆེར་རྨོངས་ཤིང་དབང་པོ་དརྟུལ་བ་རྣམས ་ལ་སོ་སོར་བརྟགས་ནས་ཡོངསུ་ཡི་ཆད་པ་མྱེད་ཅིང་། ཆོས་དང་མཐུན་པའི་གཏམ་བརྗོད་ཅིང་སྐྱོ་བ་དང་དུ་བླངས་ཏེ། རིགས་པའི་ཆོས་དགེ་བ་འཛིན་དུ་འཇུག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དཀའ་བའི ་སྙན་པར་སྨྲ་བ་གཉིས་ཡིན་པར་རིག་པར་བྱའོ།། ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་གཡོན་ཅན་དང་། སྒྱུ་མ་མཁན་པོ་དང་།། སློབ་དཔོན་དང་། བླ་མ་དང་། ཡོན་གནས་སླུ་བར་བྱེད་བ། ལོག་པར ་ཞུགས་པ་རྣམས་ལ་ཀུན་ནས་མནྡར་སེམས་ཀྱི་སེམས་མེད་པ་དང་། ཁོང་ཁྲོ་བའི་སེམས་མེད་པར་ཡང་དེ་ག་པར་དགའ་བར་བྱེད་པ་དང་། ཀུན་ཏུ་དགའ་བར་བྱེད་པ་དང་། ཕན་པའི་ཚིག་བརྗོད་པ་གང ་ཡིན་པའི་དི་ནི་བྱང་ཆུབ་སེམས་དཔའི་གའ་བའི་སྙན་པར་སྨྲ་བ་གསུམ་པ་གསུམ་པ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སྒོ་ནསོ་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ ་བཞིར་བལྟ་བར་བྱ་སྟེ། སྒྲིབ་པ་སྤང་བར་བྱ་བ་དང་། བདེ་འགྲོར་སྐྱེ་བར་བྱ་བའི་ཕྱིར་སྔ་རོལ་ཏུ་བྱ་བའི་ཆོས་བསྟན་པ་དང་། སྒྲིབ་པ་དང་བྲལ་ཞིང་སེམས་ཀྱི་ཉམས་བདེ་བ་དང་ལྡན་ཏེ་ཡང་དག་ཕུལ་གྱི་འཕགས་པའོ།། ་བདེན་པ་བཞི་དང་ལྡན་པའི་ཆོས་བསྟན་པ་དང་། སེམས་ཅན་ཁྱིམ་པ་དང་། རབ་ཏུ་བྱུང་བ་བག་མེད་པ་རྣམས་བག་མེད་པའི་སྤྱོད་པ་ལས་བསླང་སྟེ། ངག་ཡོད་པའི་སྤྱོད་པ་ལ་དགོད་པའི་ཕྱིར་ཡང་དག ་པར་བསྐུལ་བ་དང་དེ། ཐེ་ཚོམ་བྱུང་ཅོག་གསལ་བའི་ཕྱིར་ཆོས་བསྟན་པ་དང་། འབེལ་བའི་གཏམ་ངེས་པར་རྣམ་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱེས་བུ་དམོ་པའི་སྙན་པར ་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔར་གྱུར་པ་དང་། དེ་བཞིན་གཤེགས་པར་གྱུར་པ་རྣམས་གླང་གཞི་དང་བཅས་པ་དང་། ངེས་པར ་འབྱུང་བ་དང་བཅས་པ་དང་། སྟོན་པ་དང་བཅས་པ་དང་། རྟུལྟ་བྱ་དང་བཅས་པོ་དང་། ཆོ་འཕྲུལ་དང་བཅས་པའི་ཆོས་སྟོན་པ་སྟེ། བྱུང་བ་དང་བཅས་པའི་བསླབ་པའི་གཞིའི་གནསུ་འཆའ ་བར་བྱེད། དེ་ལྟ་བས་ན་དེ་དག་གི་ཆོས་གླེང་གཞི་དང་བཅས་པ་ཡིནོ།། ཡང་དག་པར་བླངས་པའི་བསླབ་པ་རྣམ་ལས་ཉེས་པ་བྱུང་བ་དག་ཉེས་པ་ལས་དབྱུང་བ་འཆའ་བར་བྱེད། དེ་ལྟ་བས་ན་དེ་དག་གི ་ཆོས་ངེས་པར་འབྱུང་བ་དང་བཅས་པ་ཡིནོ།། ཆོས་འདུལ་བ་འདི་ལ་སྟོན་པ་བཞིས་བསྡུས་པ་ཕྱིན་ཅི་མ་ལོག་པའི་སྒྲུབ་པ་འཆའ་བར་བྱེད། དེ་ལྟ་བས་ན་དེ་དག་གི་ཚེ་སྟོན་པ ་དང་བཅས་པ་ཡིནོ།། སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱིན་པ་ཕྱིར་མི་ལྡོག་པའི་ལམ་ཡང་དག་བྱར་སྟོན་ཏེ། དེ་ལྟ་བས་ན་དེ་དག་གི་ཆོས་རྟུལ་བ་དང་བཅས་པ་ཡིནོ།། བསྟན་པ་དང་ཐམས་ཅད་ཆོ། ་འཕྲུལ་གསུམ་པོ་དག་གིས་དོན་ཡོད་པར་བྱེད། དེ་ལྟ་བས་ན་དེ་དག་གི་ཆོས་ཆོ་འཕྲུལ་དང་བཅས་པ་ཡིནོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ ་དྲུག་དང་། རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་དུ་བལྟ་བར་བྱ་སྟེ། གནང་བར་བྱ་བའི་ཆོས་རྣམས་ལ་གནང་བའི་སྙན་པར་སྨྲ་བ་དང་། དགུག་པར་བྱ་བའི་ཆོས་རྣམས་ལ་དགག་པའི ་སྙན་པར་སྨྲ་བ་དང་། ཆོས་རྣམས་ཀྱི་ཆོས་ཀྱི་རྣམ་གྲངས་རྗོད་པར་བྱེད་པའི་སྙན་པར་སྨྲ་བ་དང་། ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་རྗོད་པར་བྱེད་པ་དང་། ཆོས་ཀྱི་ངེས་པའི་ཚིག་ཕྱིན་ཅི་ལོག་པ་རྗོད་པར་བྱེད་པ ་དང་། ཆོས་ཀྱི་ཚིག་གི་རྣམ་པ་གཞིའི་རབ་ཏུ་དབྱེ་བའི་རྗོད་པར་བྱེད་པོའི་སྙན་པར་སྨྲ་བ་དང་། ཡང་དག་པར་དགའ་བར་བྱེད་པའི་སྙན་པར་སྨྲ་བ་དང་། ཀུན་ཏུ་དགའ་བར་བྱེད་པའི་སྙན་པ་སྤྲོ་བ་དང་། ཡོ་བྱད་ཐམས ་ཅད་ལ་སྙིང་ལས་ཆུང་བར་བྱ་བའི་དང་། ཡང་དག་པར་གཏོགས་པའི་བྱ་བ་ཐམས་ཅད་ལ་སྙིང་ལས་ཆུང་བར་བྱ་བར་རྒྱ་ཆེར་སྟོབས་པའི་སྙན་པར་སྨྲ་བ་དང་། འཇིགས་པ་རྣམ་པ་སྣ་ཚོགས་ཀྱིས་སྐྲག་པ་རྣམས ་དབུག་འབྱིན་པ་སྙན་པར་སྨྲ་བ་དང་། རིགས་པ་བསྟན་པས་བསྡུས་པའི་སྙན་པར་སྨྲ་བ་སྟེ། མི་དགེ་བའི་གནས་ནས་བླངས་ཏེ། དགེ་བའི་གནསུ་དགོད་པའི་ཕྱིར་ལེགས་པར་མཐོང་བ་དང་། ཐོས་པ་དང་། ་དོགས་པ་ལ་གླེང་ཞིང་སྒྲ་དབབ་པའི་སྙན་པར་སྨྲ་བ་དང་། གཞན་ནུས་པ་ལ་བཅོལ་ཏེ་སྒྲུབ་པའི་སྙན་པར་སྨྲ་བ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་སྙན་པར་སྨྲ་བ་བཅུ་གསུམ ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕོངས་ཤིང་འདོད་པའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་བརྒྱ་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའི་ངག་དག་པ་རྣམ་པ་བཞི ་ལ་བརྟེན་ནམྦ། འཕགས་པའི་ཐ་སྙད་བརྒྱད་པོ་དག་གིས་ངག་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱོངས་ཤིང་འདོད་པའི་སྟོན་པར་སྨྲ་བོ་ཞེས་བྱའོ།། དེ་ལྟ་ངག་རྣམ་པར་དག་པ་རྣམ ་པ་བཞི་ནི་འདི་དག་ཡིན་ཏེ། བརྫུན་དུ་སྨྲ་བ་སྤངས་པ་དང་། ཕྲ་མ་དང་། ངག་བརྩུབ་མོ་དང་། ཚིག་ཁྲལ་པ་སྤངས་པའོ།། དེ་ལ་འཕགས་པའི་ཐ་སྙད་བརྒྱད་ནི་འདི་དག་ཡིན་ཏེ། མཐོང་བ་ལ་མཐོང ་ཞེས་སྨྲ་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤ་སོ་ཞེས་སྨྲ་བ་དང་།། མ་མཐོང་བ་ལ་མ་མཐོང་ཞེས་སྨྲ་བ་དང་། མ་ཐོས་པ་དང་། ཀྱེ ་བྲག་མ་ཕྱེད་པ་དང་། རྣམ་པར་མ་ཤེས་པ་ལ་རྣམ་པར་མ་ཤེས་ཞེས་སྤྲོ་བའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་དང་གཞན་དུ་བདེ་བར་འགྱུར་བའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་དགུར་བལྟ་བར ་ཉེ་དུ་ལས་གྱུར་པའི་སྡུག་བསྔལ་གྱི་མྱ་ངན་བསང་བའི་ཕྱིར་སྙན་པར་སྨྲ་བ་དང་། ལོངས་སྤྱོད་ཀྱིས་ཕོངས་པའི་སྡུག་བསྔལ་གྱི་མྱེ་ངན་བསང་བ་དང་། ནད་མེད་པས་ཕོངས་པའི་མྱ་ངན་བསང་བའི་ཕྱིར་སྙན ་པོར་སྨྲ་བ་དང་། ཚུལ་ཁྲིམས་ཀྱིས་འཕོངས་པ་སྤང་བ་དང་། ལྟ་བས་འཕོངས་པ་སྤང་བའི་ཕྱིར་སྙན་པར་སྨྲ་བུ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ལྟ་བ་ཕུན་སུམ་ཚོགས་པ་དང་། ཆོ་ག་ཕུན་སུམ ་ཚོགས་པ་དང་། འཚེ་བ་ཕུན་སུམ་ཚོགས་པ་ལ་སྙན་པར་སྨྲ་བ་གང་ཡིན་པ་སྟེ། དམ་པའི་ཆོས་སྟོན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྙན་པར་སྨྲ་བ་གང་ཞེ་ན། དེ་ནི་རྣམ་པ་ཉི་ཤུར་བལྟ ་བལྟ་བར་བྱ་སྟེ། རྣམ་པ་ཉི་ཤུས་ཆོས་སྟོན་པ་གང་ཡིན་པའོ།། དེ་ཡང་འདི་ལྟ་སྟེ། སྟོབས་ཀྱི་རིགས་ཀྱི་ལེའུ་ལས་སྔོར་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ལ་དོན་སྤྱོད་པ་ནི་སྙན་པར་སྨྲ་བ་ཇི་ལྟ་བ་དེ་བཞིན ་དུ་ཡང་རྒྱས་པར་རིག་པར་བྱའོ།། དེ་ལས་བྱེ་བྲག་ཏུ་གྱུར་པའི་དོན་སྤྱོད་པ་གཞན་ཡང་བརྗོད་པར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་རྣམ་པ་ཐམས་ཅད་ཀྱི་སྙན་པར་སྨྲ་བ་དེས་དེ་དང་ལྡན་ཞིང་དེ་དང་ལྡན་པའི་དོན་སན།། ་རྣམས་ལ་ཀུན་ཏུ་སྤྱོད་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སྤྱོད་པའི་ངོ་བོ་ཉིད་གང་ཞེ་ན། དེ་ལྟར་སྙན་པར་སྨྲ་བས་རིགས་པས་ཡང་དག་པར་བསྟན་པའི་སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་ཉེ ་བར་གཞག་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་བསླབ་པ་རྣམས་དང་། དོན་སྤྱོད་པ་དང་། ཆོས་ཀྱི་རྗེསུ་མཐུན་པའི་ཆོས་སྒྲིབ་པའི་སྤྱོད་ཚུལ་ཅི་རིགས་པར་ཡང་དག་པར་འཛིན་དུ་འཇུག་པ་དང་། འདུལ་བ་དང་། ་འཛུད་པ་དང་། འགོད་པ་འདི་ནི་དོན་སྤྱོད་པའི་ངོ་བོ་ཉིད་མདོར་བསྟན་པ་ཡིནི།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སྤྱོད་པ་ཐམས་ཅད་གང་ཞེ་ནུ། དེ་ནི་རྣམ་པ་གཉིསུ་བལྟ་བར་བྱ་སྟེ། སེམས་ཅན ་ཡོངསུ་མ་སྨིན་པ་རྣམས་སྨིན་པར་བྱ་བ་དང་། སེམས་ཅནྡ་ཡོངསུ་སྨིན་པ་རྣམས་རྣམ་པར་དགྲོལ་བའོ།། དེ་ཡང་སྒོ་གསུམ་དུ་རིག་པར་བྱ་སྟེ། ཚེ་འདྲིའི་དོན་ཡང་དག་པར་འཛིན་དུ་གཞུག་པ་དང་། ཚེ་ཕྱི ་མའི་དོན་ཡང་དག་པར་འཛིན་དུ་གཞུག་པ་དང་། ཚེ་འདི་དང་ཚེ་ཕྱི་མའི་ད་ནི་ཡང་དག་པར་འཛིན་དུ་གཞུག་པའོ།། དེ་ལ་ཆོས་མཐུན་པའི་ལས་ཀྱི་ཡོན་ཏན་དག་གིས་ལོངས་སྤྱོད་རྣམས་སྒྲུབ་པ་དང་། བསྲུང་བ་དང་། ་སྤྲུལ་བ་ཡང་དག་པར་འཛིན་དུ་གཞུག་པས། ཚེ་འདིའི་དོན་ཡང་དག་པར་འཛིན་དུ་འཇུག་པ་ཡིན་པར་རིག་པར་བྱ་སྟེ། དེས་ན་དེ་གཞན་ལས་བསྔགས་པ་ཡང་ཐོབ་ལ། ཚེ་འདི་ལ ་ཡང་ཡོ་བྱད་ཀྱི་བདེ་བས་ཕན་བཏགས་པས་བདེ་བར་གནས་པར་འགྱུ་རོ།། དེ་ལ་ལོངས་སྤྱོད་སྤངས་ནས་སློངས་མོ་པའི་བྱང་ཚུལ་འཚོ་བ་ལ་རག་ལས་པའི་བར་དུ་བྱུང་བ་ཡང་དག་པར་འཛིན་དུ་འཇུག་པ་ནི་ཚེ་ཕྱི་མའི་དོན ་ཡང་དག་པའི་འཛིན་དུ་འཇུག་པ་ཡིན་པར་རིག་པར་བྱ་སྟེ། དེས་ན་དེ་ཚེ་ཕྱི་མ་ལ་གདོན་མི་ཟ་བར་བདེ་བར་འགྱུར་གྱི། ཚེ་འདི་ལ་ནི་ངེས་པ་མེདོ།། དེ་ལ་ཁྱིམ་པ་འམ་རབ་ཏུ་བྱུང་ཡང་རུང་། རིམ་གྱིས་འདོད་ཆགས ་དྲང་བྲལ་བར་འགྱུར་བ་ཡང་དག་པར་འཛིན་དུ་འཇུག་པ་གང་ཡིན་པ་འདི་ནི་ཚེ་འདི་དང་ཚེ་ཕྱི་མའི་དོན་ཡང་དག་པར་འཛིན་དུ་འཇུག་པ་ཡིན་པར་རིག་པར་བྱ་སྟེ། དེས་ན་དེ་ཚེ་འདི་ལ་ཡང་ལུས་ཤིན་ཏུ་སྦྱངས་པ་དང ་སེམས་ཤིན་ཏུ་སྦྱངས་པ་དང་། བདེ་བ་ལ་རེག་པར་གནས་པར་འགྱུར་ལ། ཚེ་ཕྱི་མ་ལ་ཡང་རྣམ་པར་དག་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་འམ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལསྣ་འདས ་པའི་དབྱིངསུ་ཡོངསུ་མྱ་ངན་ལས་འདས་པར་འགྱུརརོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། སེམས་ཅན་སྔོན་དགེ་བའི་རྩ་བའི་རྒྱུ ་མ་སྤྱད་པ་རྣམས་ལ་དོན་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་ཡིན་ཏེ། འདི་ལྟར་དེ་དག་ནི་དག་པ་ཡང་དག་པར་འཛིན་དུ་གཞུག་པ་དཀའ་བའི་ཕྱིརརོ།། སེམས་ཅན་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཆེན་པོ ་ལཱ་གནས་ཤིང་དྲི་ལ་ལྷོག་པར་ཞེན་པར་གྱུར་པ་རྣམས་ལ་དོན་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་ཡིན་ཏེ། འདི་ལྟར་དེ་དག་ནི་བག་མེད་པའི་གཞི་དང་། བག་མེད་པའི་གནས་ཆེན་པོ་ལ་གནས ་པའི་ཕྱིརརོ།། འདི་ལས་ཕྱི་རོལ་པ་མུ་སྟེགས་ཅན་རྣམས་དང་། སྟོན་མུ་སྟེགས་ཅན་གྱི་ལྟ་བ་སྤྱོད་སྤྱོད་པའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་ཡིན་ཏེ། འདི་ལྟར་དེ་དག ་ནི་བདོག་ཉིད་ཀྱིས་བླུན་པ་དོང་། ཆོས་འདུལ་བ་འདི་ལ་སྡང་བའི་ཕྱིརརོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་ཀྱི་སྒོ་ནས་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ ་སེམས་དཔའ་མ་དད་པ་ནི་དད་པ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་ནས། འགོད་པའི་བར་དུ་བྱེད་པ་དང་། ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ་ཤེས་རབ་འཆལ་པ་ནི་ཤེས་རབ་ཕུན་སུམ་ཚོགས་པ་དང་། སེར་སྣ་ཅན་ནོ་གཏོང་བ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་ནས་འགོད་པའི་བར་དུ་བྱེད་པའོ།། དེ་ལ་བྱང་ཆུབ་སེམས་དཔའི ་སྐྱེས་བུ་དམ་པའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཡང་དག་པའི་དོན་ཡང་དག་པར་འཛིན་དུ་འཇུག་པ་དང་། ་དུསུ་ཡང་དག་པར་འཛིན་དུ་འཇུག་པ་དང་། དོན་དང་ལྡན་པའི་དོན་ཡང་དག་པར་འཛིན་དུ་འཇུག་པ་དང་།། འཇམ་པོས་ཡང་དག་པར་འཛིན་དུ་འཇུག་པ་དང་། བྱམས་པའི་སེམས་ཀྱིས་ཡང་དག་པར་འཛིན་དུ ་འཇུག་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་ཀྱི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་དྲུག་དང་། རྣམ་པ་བདུན་ཏེ། གཅིག་ཏུ་བསྡུས་ན་རྣམ་པ་བཅུ་གསུམ་དུ་བལྟར་བར་བྱ་སྟེ། ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་བསྡུ་བར་བྱ་བ་རྣམས་ལེགས་པར་སྡུད་པ་དང་། སེམས་ཅན་ཚར་གཅད་པར་བྱ་བ་རྣམས་ཡང་དག་པར་ཚར་གཅོད་པ་དང་། སེམས་ཅན་བསྟན་པ་དང་ཞེ་འདྲས་པ ་སེལ་པོར་བྱེད་པ་དང་། སེམས་ཅན་ཐ་མལ་པར་གནས་པ་རྣམས་བསྟན་པ་འདི་ལ་འཇུག་པར་བྱེད་པ་དང་། སེམས་ཅན་ཞུགས་པ་རྣམས་ཐེག་པ་གསུམ་པོ་དག་ལ་ལེགས་པར་ཡོངསུ་སྨིན་པར་བྱེད་པ ་དང་། སེམས་ཅན་ཡོངསུ་སྨིན་པར་བྱེད་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་རྣམས་དང་། དེ་དག་ཁ་ཅིག་འདི་ལྟ་སྟེ། ཐེག་པ་དམན་པས་ངེས་པར་འབྱུང་བ་ལས་བརྩམས་པ་དང་། ཐེག་པ་ཆེན་པོས་ངེས་པར ་འབྱུང་བ་ལས་བརྩམས་ཏེ། ཚོགས་བསྲུང་བ་དང་། བསག་པ་ལ་ཡང་དག་པར་འཛུད་པ་དང་། ཚོགས་བསྲུང་ཞིང་བསགས་པ་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་དབེན་པ་ཉིད་དང་། སེམས་རྩེ་གཙུག་ཏུ་བྱ་བ་དང་། སྒྲིབ ་པ་རྣམ་པར་དག་པར་བྱ་བ་དང་། ཡིད་ལ་བྱེད་པ་སྙོམས་པ་ལ་ཡང་དག་པར་འཛུད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག ་པར་འཛུད་པ་དང་། དེ་བཞིན་གཤེགས་པའི་རིགས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཐེག་པ་ལ་འཛུད་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕོངས་ཤིང་འདོད ་པའི་དོན་སྤྱོད་པ་གང་ཞེ་ན། དེ་ནི་རྣམ་པ་བརྒྱ་དུ་བལྟ་བར་བྱ་སྟེ། སེམས་ཅན་ངོ་ཚཆེ་བར་བྱ་བའི་གནས་རྣམས་ལ་ངོ་ཆེ་བ་མེད་པའི་ཀུན་ནས་དཀྲིས་པ་ཀུན་ནས་དཀྲིས་པ་རྣམས་ཀྱི་ངོ་ཚ་མེད་པའི་ཀུན་ནས་དཀྲིས་པ ་སེལ་བར་བྱེད། སྤོང་བར་བྱེད་པ་དང་། ངོ་ཚ་མད་མེད་པའི་ཀུན་ནས་དཀྲིས་པ་ཇི་ལྟ་བ་བཞིན་དུ་ཁྲེལ་ཡོད་པར་བྱ་བ་རྣམས་ལ་ཁྲེལ་མེད་པའི་ཀུན་ནས་དཀྲིས་པ་དང་། རྨུགས་པའི་ཀུན་ནས་དཀྲིས་པ་དང་། ་གཉིད་ཀྱིས་ཀུན་ནས་དཀྲིས་པོ་དང་། རྒོད་པའི་ཀུན་ནས་དཀྲིས་པ་དང་། འགྱོད་པའི་ཀུན་ནས་དཀྲིས་པ་དང་། ཕྲག་དག་གི་ཀུན་ནས་དཀྲིས་པ་དང་། སེར་སྣས་ཀུན་ནས་དཀྲིས་པ་སེལ་བར་བྱེད། སྤོང་བར་བྱེད་པའོ། ་དེ་ལ་བྱང་ཆུབ་སེམས་དཔའ་འང་དང་གཞན་དུ་འང་བར་འགྱུར་བའི་དོན་སྤྱོང་པ་གང་ཞེ་ན། དེ་ན་རྣམ་པ་དགུར་བལྟ་བར་བྱ་སྟེ། སེམས་ཅན་གཞན་དག་གི་ལུས་ཀྱི་ལས་ཡོང་སུ་དག་པར ་ལས་བརྩམས་ཏེ། སྲོག་གཅོད་པའི་རྣམ་པ་ཐམས་ཅད་སྤངས་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། མ་བྱིན་པར་ལེན་པའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། འདོད་པ་ལ་ལོག ་པར་གཡེམ་པའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། འབྲུའི་ཆང་དང་། བཅོས་པོའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་རྣམ་པ་ཐམས་ཅད་སྨང་བ་ཡང་དག་པར་འཛིན་དུ་འཇུག ་པ་དང་། ངག་གི་ལས་ཡོང་སུ་དག་པར་བྱ་བ་ལས་བརྩམས་ཏེ། བརྫུན་དུ་སྨྲ་བའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། ཕྲ་མའི་རྣམ་པ་ཐམས་ཅད་སྤོང་བ་ཡང་དག་པར་འཛིན་དུ་འཇུག ་པ་དང་། ཚིག་རྩུབ་པའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། ཚིག་བཀྱིལ་པའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། ཡིད་ཀྱི་ལས་ཡོངསུ་དག་པ་ལས ་བརྩམས་ཏེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའི་རྣམ་པ་ཐམས་ཅད་སྤང་བ་ཡང་དག་པར་འཛིན་དུ་འཇུག་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྤྱོད་པ་གང་ཞེ་ན། ད་ནི ་རྣམ་པ་བཅུར་བལྟ་བར་བྱ་སྟེ། ཕྱི་རོལ་དག་པ་ལས་བརྟེན་ཏེ་རྣམ་པ་ལྔ་དང་། ནང་དག་པ་ལྔ་བརྟེན་ཏེ་རྣམ་པ་ལྔའོ།། དེ་ལ་ཕྱི་རོལ་དག་པ་ལས་བརྟེན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ལ་དོན ་སྦེད་པ་རྣམ་པ་ལྔ་གང་ཞེ་ན། ཁོ་ན་མ་ཐོ་བ་མེད་པ་དང་། ཕྱིར་མི་ལྡོག་པ་དང་། རིམ་སུ་འབབ་པ་དང་། ཀུན་ཏུ་འགྲོ་བ་དང་། མཐུན་མཐུན་དུ་སྦྱོར་བ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ཉེས་པར་སྤྱོད་པ ་དཇི། འདྲེས་ཤིང་ཉེས་པར་སྤྱོད་པ་སྔོན་དུ་འགྲོ་ད་ཁ་ན་མ་ཐོ་བ་དང་བཅས་ཤིང་། ཀུན་ནས་ཉོན་མོངས་པ་ཅན་གྱི་མི་དགེ་བ་ལ་སེམས་ཅན་རྣམས་འཛུད་པར་མི་བྱེད། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད ་པ་ཁ་ནཱ་མཱ་ཐོ་བ་མེད་པ་ཡིནོ།། ཡང་བྱང་ཆུབ་སེམས་དཔའ་ནི་ཐར་པ་མ་ཡིན་པ་དང་། གཅིག་ཏུ་ངེས་པ་རྣམ་པར་དག་པ་ཡ་ཡིན་པའི་གནས་ལ་འདི་ནི་ཐར་པའོ།། འདི་ནི་གཅིག་ཏུ་ངེས་པ་རྣམ་པར ་དག་པའོ་ཞེས་སེམས་ཅན་རྣམས་ང་ཉིད་ཡང་དག་པར་འཛིན་དུ་འཇུག་པར་མི་བྱེད། འདུན་ངའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ཕྱིར་མི་ལྡོག་པ་ཡིནོ།། ཡང་བྱང་ཆུབ་སེམས་དཔའ་ནི་རིམ་གྱིས་དགེ་པའི་ཕྱོ ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར། སེམས་ཅན་བྱིས་པའི་ཤེས་རབ་ཅན་རྣམས་ལ་ཐོག་མར་སླ་བའི་ཆོས་སྟོན་པར་བྱེད་ཅིང་སླ་བོའི་གདམས་དག་དང་། རྗེ་སུ་བསྟོན་པ་རྗེསུ་འཇུག་པར་བྱེདདོ།། དེ་དག་ཤེས་རབ ་འབྲིང་དང་ལྡན་པར་གྱུར་པར་རྟོགས་ནས། ཆོས་བསྟན་པ་འབྲིང་དང་། གདམས་ངག་དང་། རྗེ་སུ་བསྟན་པ་འབྲིང་དང་རྗེསུ་འཇུག་པར་བྱེད།། དེ་དག་ཤེས་རབ་རྒྱ་ཆེན་པོ་དང་ལྡན ་པར་གྱུར་པར་རྟོགས་ནས་ཆོས་ཟབ་མོ་སྟོན་ཅིང་། གདམས་ངག་དང་། རྗེསུ་བསྟན་པཱ་ཕྲ་བྱ་རྗེསསུ་འཇུག་པར་ཕྱེད།། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་རིམ་སུ་འབབ་པ་ཡིནོ།། ཡང་བྱང་ཆུབ་སེམས་དཔའ ་ནི་རིགས་བཞི་དང་། ལྷ་དང་། མི་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཅི་ནུས་ཅི་ལྕོགས་ཀྱིས་སྤྱོད་ཅིང་ཕན་པ་དང་། བདེ་བ་ཡོངསུ་ཚོལ་བ་དང་།། དེ་ཉིད་ལ་ཡང་དག་པར་འཛུད་པར་བྱེད། འདི་ནི ་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ཀུན་ཏུ་འགྲོ་བ་ཡིནོ།། ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གང་དག་རང་གི་དོན་དགེ་བ་ཆུ་ངུའམ། འབྲིང་འམ། ཆེན་པོ་གང་ལ་ཡང་དག་པར་གཟུད་པར་ནུས་པ། ་དང་། ཐབས་གང་གིས་ཡང་དག་པར་གཟུད་པར་ནུས་པ་དེ་ལ་དེ་དོག་མཐུན་མཐུན་དུ་དེར་ཡང་དག་པར་འཛུད་པར་བྱེད། དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་དོན་སྤྱོད་པའི་ཕྱི་རོལ ་དག་པ་རྣམ་པ་ལྔ་ཡིན།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སྤྱོད་པ་ནང་དག་པ་རྣམ་པ་ལྔ་གང་ཞེ་ན། འོད་ལ་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེའི་བསམ་པ་རྒྱ་ཆེན་པོས་ཉེ་བར་གནས་པས་སེམསོ་ཅར ་རྣམས་དོན་ཀུན་ཏུ་སྤྱོད་།། ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་དོན་ལ་སྡུག་བསྔལ་ཐ~ཾད་ཀྱིས་ངལ་བར་གྱུར་ཀྱང་ཡིད་ཡོངསུ་མི་སྐྱོ་ཞིང་རབ་ཏུ་དགའ་བ་ཁོ་ནས་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྤྱོདདོ།། ་ཡང་བྱང་ཆུབ་སེམས་དཔའ་ནི་ཕུན་སུམ་ཚོགས་པ་མཆོག་དམ་པ་ལ་གནས་ཀྱང་བླན་དང་འདྲ་བ་དང་། མངག་གཞུག་པ་དང་འདྲ་བ་དང་། དབང་བ་དང་འདྲ་བ་དང་། བུ་དང་འདྲ་བ་དང་། གདོལ་པའི་བུ་དང་འདྲ ་བར་རྒྱུགས་པ་དང་། ཁེངས་པ་དང་། དུ་རྒྱལ་བཅོམ་ནུས་དམའ་བའི་སེམས་ཀྱིས་སེམས་ཅན་རྣམས་ལ་དོན་ཀུན་ཏུ་སྐྱེད།། ཡང་བྱང་ཆུབ་སེམས་དཔའ་ནི་ཟང་ཟིང་མེད་པ་དང་། བཅོས་མ་མ་ཡིན་པ་དང་། ་མཆོག་ཏུ་བྱམས་པས་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྐྱེད།། ཡང་བྱང་ཆུབ་སེམས་དཔའ་ནི་གཏན་དུ་ཕྱིར་མི་ལྡེག་པའི་བྱམས་པའི་སེམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྤྱོད། འདི་ནི་བྱང་ཆུབ ་སེམས་དཔོའི་སེམས་ཅན་རྣམས་ཀྱི་དོན་སྤྱོད་པ་ནང་དག་པོ་རྣམ་པ་ལྔ་ཡིན་པར་རིག་པར་བྱ་སྟེ། ཕྱི་རོལ་དག་པ་རྣམ་པ་ལྔ་པོ་གང་ཡིན་པ་དང་། ནང་དག་པ་རྣམ་པ་ལྔ་པོ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ ་བསྡུས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་དོན་སྤྱོད་པ་བཅུ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་དོན་མཐུན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དོན་གང་དང་། དགེ་བའི་རྩ་བ་ག ་ལེ་གཞན་དགུ་ཡང་དག་པར་འཛུད་པའི་དོན་དེ་དང་། དགེ་བའི་རྩ་བ་དེ་ལ་མཚུངས་པ་འམ། ལྷག་པར་བདག་ཉིད་ཡང་དག་པར་སྟོན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའི ་གཞན་དགུ་དང་དོན་མཚུངས་པ་གང་ཡིན་པ་འདི་དོན་དང་མཐུན་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་དོན་མཐུན་པ་དེ་འདུལ་བ་གཞན་དག་གིས་མཐོང་ན། དགེ་བྱ་ཡང་དག་པར་བླངས་པ་དེ་ལ་བརྟན ་ཅིང་ངེས་ཏེ། ཕྱིར་མི་ལྡོག་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་དོག་འདི་སྙམ་དུ་སེམས་པར་འགྱུར་ཏེ། བདག་གི་ཕྱིར་བྱང་ཆུབ་སེམས་དཔའ་འདིས་གང་ཁོ་ན་ལ་བདག་ཅག་ཡང་དག་པར་བཙུད ་པ་དེ་ཉིད་ལ།། བདག་ཉིད་ཀྱིས་ཀྱང་ཀུན་ཏུ་སྤྱོད་པར་བྱེད་པ་ལས་ན། བྱང་ཆུབ་སེམས་དཔའ་འདིས་བདག་ཅག་གང་ལ་ཡོང་དག་པར་བཙུད་པ་འདི་ནི་བདག་ཅག་ལ་ཕན་པ་དང་། འདི་ནི་བདེ་བ་ཡིན་པར ་གོར་མ་ཆུག་སྟེ། འདི་ནི་ཤས་བཞིན་དུ་ཕན་པ་མཱ་ཡིན་པ་དང་། བདེ་བ་མ་ཡིན་པ་ལུ་བདག་ཉིད་ཀུན་ཏུ་སྤྱོད་པར་བྱེད་པ་ནི་མི་སྲིདདོ་སྙམ་དུ་སེམས་པའི་ཕྱིརརོ།། དོན་མཐུན་པའི་བྱང་ཆུབ་སེམས་དཔའ་དེ ་ལ་ནི་ཕ་རོལ་སྨྲ་བ་དེ་དག་ཀྱང་འདི་སྐད་ཁྱེད་བདག་ཉིད་ཀྱང་དགེ་བ་ཡང་དག་པར་བླངས་ཏེ། མི་འདུག་ན་ཅིའི་ཕྱིར་ཁྱོད་གཞན་དགེ་བ་ལ་ཤིན་ཏུ་ཡང་དག་པར་གཟུད་པར་བྱ་བ་དོང་། བསྟན་པར་བྱ་བ་དང་། ་གདམས་པར་བྱ་བར་སེམས། ཁྱོད་ཉིད་ཀྱང་རེ་ཞིག་གཞན་དག་གི་བསྟན་ཅིང་གདམས་པ་དང་བཅོས་དགོསོ་ཞེས་མི་ཟེ་རོ།། བྱང་ཆུབ་སེམས་དཔའ་ནི་གཞན་ངག་དང་མཐུན་པ་ཁོ་ན་ཡིན་ལ། དོན་མཐུན་པ་དེ་གཞན ་དག་ལ་སྟོན་པོར་མྱི་བྱེད་པ་ཡང་ཡིད།། དོན་མཐུན་པ་ཁོ་ན་ནི་མ་ཡིན་ལ། དོན་མཐུན་པ་སྟོན་པ་ཡང་ཡེ་།། དོན་མཐུན་པ་ཁོ་ན་ཡིན་ལ། དྲོན་མཐུན་པ་སྟོན་པ་ཡང་ཡོདདོ།། དོན་མཐུན་པ་ཡང་མ་ཡིན་ལ། ་དོན་མཐུན་པར་སྟོན་པར་མི་བྱེད་པ་ཡང་ཡོད།། དྲི་ལ་མུ་དང་པོ་ནི་བྱང་ཆུབ་སེམས་དཔའ་ཡོན་ཏཱན་དང་མཐུ་མཉམ་ཞིང་། བྱང་ཆུབ་སེམས་དཔའི་ལམ་ལ་སློབ་དཔོན་དུ་ཁས་བླངས་པ་རྣམས་ལ། བྱང་ཆུབ་སེམས ་དཔའ་ཡོན་ཏན་དང་མཐུ་མཉམ་པས། དགེ་བ་མི་སྤྱོམས་པས་ཡོན་ཏན་དང་མཐུ་སྟོན་པར་མི་བྱེད་པའོ།། མུ་གཉིས་པ་ནི་སེམས་ཅན་དམུན་པ་མོས་ཤིང་། ཟབ་མོའི་གནས་ངག་ལ་སྐྲག་པ་རྣམས་ལེ། ་བྱང་ཆུབ་སེམས་དཔའ་སོ་སོར་བརྟགས་ནས་སེམས་ཅན་དེ་དག་ལ་ཐབས་དེས་གདུལ་བའི་ཕྱིར་བདག་ཉིད་ཆོས་མཐུན་པར་སྟོན་པར་བྱེད། རིགས་ངན་ཡན་ཆད་དང་། ཁྱི་ཡན་ཆད་ཀྱི་དོན་བྱ་བར་འདོད། ་གནོད་པ་ཡང་དག་པར་ཞི་བར་བྱ་བར་འདོད། གདུལ་བར་བྱ་བར་འདོད་དེ། རིགས་ངན་ཡོན་ཆད་དང་། ཁྱི་ཡན་ཆད་དག་དང་། སྐོལ་བ་མཉམ་པར་བསམས་བཞིན་དུ་སྐྱེ་བར་བྱེད་པའོ།། མུ་གསུམ་པ ་ནི་འདུལ་བ་དགེ་བའི་རྩ་བ་ཡང་དག་པར་བླངས་པར་གྱུར་པ་རྣམས་བསྟན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དོན་མཐུན་པ་འམ། དོན་ལྷག་པས་དོན་མཐུན་པ་སྟེན་པའོ།། མུ་བཞི་པ ་ནི་བདག་ཉིད་ཀྱང་བགྲ་མེད་ལ་གཞན་གྱི་དོན་ཡང་ཡལ་བར་འདོར་བའོ།། དེ་ལ་སྦྱིན་པ་རྣམ་པ་དུ་མར་བསྟན་བྱ་ག་ཡིན་པ་དང་། ཚུལ་ཁྲིམས་གང་ཡིན་པ་ནས་དྲོན་མཐུན་པ་གང་ཡིན་པའི་བར་དུ་རྒྱ་ཆེར་བསྟན ་པ་དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ནི་བདག་གྲི་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱེད།། བསྡུ་བའི་དངོས་པོ་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཡོངསུ་སྨིན་པར་བྱེད། མདོར་བསྡུ་ན་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་དག་བའི་ཆོས་རྣམས་ཀྱི་ལས་ནི་དེ་ཡིན་པར་བྱའོ།། དེ་ལ་སྦྱིན་པ་རྣམ་པ་དུ་མ་གང་ཡིན་པ་ནས། སྔ་མ་བཞིན་དུ་དོན་མཐུན་པའི་བར་གྱི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམ་པ་དུ་མི་དཔག་ཏུ ་མེད་པ་དེ་དག་ནི་རྒྱུ་གསུམ་གྱིས་ཀུན་ཏུ་སྤྱོད་པར་རིག་པར་བྱའོ།། རྒྱུ་གཉིས་ཀྱིས་ཕུལ་དུ་བྱུང་བར་རིག་པར་བྱའོ།། རྒྱུ་གསུམ་གྱིས་ནི་རྣམ་པར་དག་པར་རིག་པར་བྱ་སྟེ། ལུས་དང་ངག་དང་ཡིད་ཀྱིས་ནི་ཀུན་ཏུ ་སྤྱོད་པར་རིག་པར་བྱའོ།། རྒྱ་ཆེ་བའི་ཕྱིར་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཕུལ་དུ་བྱུང་བ་དང་། བླ་ན་མེད་པ་དང་། ཐུན་མོང་མ་ཡིན་པར་རིག་པར་བྱའོ།། དེ་ལ་སེམས་ཅན་ལ་དབྱེ་བ་མེད ་པ་དང་། དངོས་པོ་ལ་དབྱེ་བ་མེད་པ་དང་། དུས་ལ་དབྱེ་བ་མེད་པས་ནི་རྒྱ་ཆེར་རིག་པར་བྱའོ།། དེ་ལ་སེམས་ཅན་ལ་དབྱེ་བ་མེད་པ་ནི། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལས་བརྟེན་ཅིང་། སེམས་ཅན ་ཐམས་ཅད་ལས་བརྩམས་ནས་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཀུན་ཏུ་སྤྱོད་པར་བྱེད་ཀྱིས། བདག་ཁོ་ན་འབའ་ཞིག་གི་ཕྱིར་མ་ཡིན་པ་གང་ཡིན་པའོ།། དེ་ལ་དངོས་པོ་ལ་དབྱེ་བ་མེད་པ་ནི། བྱང་ཆུབ ་སེམས་དཔའ་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཐམས་ཅད་དང་། རྣམ་པོ་ཐམས་ཅད་ཡང་དག་པར་བླངས་ཏེ་འདུག་པ་གང་ཡིན་པའོ།། དེ་ལ་དུས་ལ་དབྱེ་བ་མེད་པ་ནི། བྱང་ཆུབ་སེམས་དཔའི་ཚེ་འདི ་ལ་མཚན་མོ་འམ། ཉིན་མོ་རྟག་ཏུ་རྒྱུན་མི་འཆད་པར་སྦྱོར་བ་མི་གཏོང་ཞིང་བརྩོན་པ་མི་འདོར་བ་དང་རྒྱུ་དེ་ཉིད་ཀྱིས་ཚེ་ཕྱེ་མ་ལ་ཡང་སྦྱིན་བུ་ལ་སོགས་པ་དགེ་བའི་རྩེ་བ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཀུན ་ཏུ་སྤྱོད་པར་བྱེད་པ་གང་ཡིན་པའོ།། དེ་ལ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་དགའ་བ་དང་། སྡུག་བསྔལ་བ་མེད་པ་དང་། ་ཡོད་མི་བདེ་བ་མེད་པས་དགེ་བའི་ཆོས་དེ་དག་ལ་བརྟེན་པར་བྱེད། གཞི་དེས་འགྱོད་པར་ཡང་ངག་གི་བྱེ།། ཡང་བྱང་ཆུབ་སེམས་ངོ་བོའི་ན་གཞན་ལ་གནོད་པ་མེད་པ་དང་། ལྟ་བ་གྱུར་པ་ལ་མངོན་པར་ཞེན་པ་མེད ་པར་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་ཉེས་པར་སྤྱོད་པ་དང་མྱ་འདྲེས་པ་དེ་དག་ཀུན་ཏུ་སྤྱོད།། ཡང་བྱང་ཆུབ་སེམས་དཔའ་ནི་གུས་པ་དང་། སྙིང་ཐག་པ་ནས་དེ་དག་ཉིད ་ལ་ཡོན་ཏན་དུ་ལྟ་ཤིང་སྙིང་པོརཱ་ལྟ་ལ་ཞི་བཨཱརྱ་ལྟ་སྟེ། ཤིནྡ་ཏུ་ངེས་པ་དང་། གཞན་གྱི་དྲིང་མི་འཇོག་ཅིང་། གཞན་གྱིས་མི་དཀྲི་བཱཪྻ་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་དེ་དག་ཡང་དག་པར་བླངས་ཏེ་གནསོ། ་ཡང་བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་དེ་དག་གི་རྣམ་པར་སྨིན་པ་འཁོར་ལོས་སྒྱུར་བ་ཉིད་དང་། བརྒྱ་བྱིན་ཉིད་དུམ། བདུད་ཉིད་དམ། ཚངས་པ་ཉི་དུ་རེ་བ་མེ་དོ།། གཞན་ལུས ་ལན་དུ་ཕན་འདོགས་པ་ལ་ཡང་རེ་བ་མེདདེ། ཁེ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགསུ་བཅད་པ་ཐམས་ཅད་པ་ཐམས་ཅདདྲ་ལ་རྟེན་པར་མི་བྱ་།། ཐ་ན་ལུས་དང་སྲོག་ལ་ཡང་རྟེན་པར་མི་བྱེའོ།། ་དེ་ལྟར་རྣམ་པ་དེ་དག་གིས་དང་བ་དང་། མཆོག་ཏུ་དགའ་བ་དང་ལྡན་པ་དང་། མི་མཐུན་པ་མེད་པ་དང་། གུས་པ་དྲང་། མི་རྟེན་པར་སྦྱིན་པ་ལ་སོགས་པ་ནས། དོན་མཐུན་པ་ལ་ཐུག་པའི་དགེ་བའི་ཆོས ་རྣམས་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་ནི། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ཞེས་བྱའོ།། རྣམ་པར་དག་པ་ནི་སྦྱངས་པ་དང་། མི་གཡོ་བ་དང་། ཤིན་ཏུ་རྣམ་པར་དག་པར་རིག་པར་བྱའོ།། དེ་ལ ་བསམ་པ་དག་པའི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ནི་སྦྱངས་པ་དང་། མི་གཡོ་བ་ཡིནོ།། དེ་ལ་སྦྱངས་པ་ནི་འདི་ཡིན་ཏེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དཔའོ། ་དགེ་བའི་ཆོས་དེ་དག་ཐམས་ཅད་ནི་སོ་སོར་མ་བརྟག་པར་བྱེད་པ་ཡིན།། དེ་ལ་མི་གཡོ་བ་ནི་འདི་ཡིན་ཏེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་ཆོས་ཇི་ལྟར་ཐོབ་པ་རྣམས་དང་། ཇི ་ལྟར་བསམས་པ་དེ་དག་ལས་ཡོངསསུ་ཉམས་པར་མྱི་འགྱུར་ཞིང་། ཕྱིས་ཀྱང་ཡོངསུ་ཉམས་པའི་སྐལ་པ་ཅན་དུ་མི་འགྱུར་ཏེ། མཚན་མི་དང་ཉིན་མོ་དེ་དང་དེ་དག་འདས་པ་དང་། ལུས་དེ་དང་དེ་དག་འདས ་པ་ན་ཟླ་བ་ཡར་གྱི་ངོར་གྱུར་པ་བཞིན་དུ་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བ་ལ་ཁོ་ནར་འགྱུར་ཏེ། དེ་དག་གི་སྣ་ཡོངསུ་འགྲིབ་པར་མི་འགྱུརརོ།། བྱང་ཆུབ་སེམས་དཔའ་མཐར་ཐུག་པར་འགྲོ་བའི་ས་ལ་གནས ་པ་དང་། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པའི་དགེ་བའི་ཆོས་དེ་དག་ནི་ཤིན་ཏུ་རྣམ་པར་དག་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་ས་ལ་དེ་དག་ལས་ཆེར ་ཡོངསུ་དག་པོ་གོང་ན་མེདདོ།། དེ་ལྟར་ན་སྦྱིན་པ་ལ་སོགས་པ་ནས་དོན་མཐུན་པ་ལ་ཐུག་པའི་དགེ་བའི་ཆོས་དེ་དག་རྒྱུ་གསུམ་པོས་ཀུན་ཏུ་སྤྱོད་པ་དང་། རྒྱུ་གཉིས་ཀྱི་ཕུལ་དུ་བྱུང་བ་དང་། རྒྱུ་གསུམ་གྱིས ་ཤིན་ཏུ་རྣམ་པར་དག་པར་རིག་པར་བྱའོ།། དེ་ལ་སྦྱིན་པ་ཐམས་ཅད་དང་། ཚུལ་ཁྲིམས་ཐམས་ཅད་ནས་རྒྱས་པར་དོན་མཐུན་པ་ཐམས་ཅད་ཀྱི་བར་དག་ཏུ་བསྟེན་ཅིང་ཤིན་ཏུ ་རྣམ་པར་དག་པར་བྱས་ཏེ། མཐའ་དག་ཀུན་ཏུ་རྟོགས་པར་བྱས་པ་ལས་ནི་འབྲས་བུ་བློ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། རྡོ་རྗེ་སྙིང་པོའི་སྐུ་དང་། དམ་པའི་ཆོས་ཡུནྡ་རིང་དུ་གནས་པ ་མངོན་པར་འགྲུ་འོ།། དེ་ལ་དཀའ་བའི་སྦྱིན་པ་དང་། དཀའ་བའི་ཚུལ་ཁྲིམས་ནས། དཀའ་བའི་དོན་མཐུན་པའི་བར་དུ་བསྟེན་ཅིང་ཤིན་ཏུ་རྣམ་པར་དག་པར་བྱས་པས་ནི་འབྲས་བུ་དེ་བཞིན་གཤེགས་པའི ་མཚར་སྨད་དུ་བྱུང་བའི་ཆོས་མཚུངས་པ་མེད་པ་དང་ལྡན་པ་མངོན་པར་འགྲུབ།། དེ་ལ་ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་དང་། ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམསོ་ནས་རྒྱས་པར་ཐམས་ཅད་ཀྱི་སྒོ་ནས་དོན་མཐུན ་པའི་བར་གྱིས་ནཱ་འབྲས་བུ་དེ་བཞིན་གཤེགས་པའི་ཐམས་ཅད་ལས་གཙོ་བོར་གྱུར་པའི་སེམས་ཅན་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་བ་ཉིད་མངོན་པར་འགྲུའོ།། དེ་ལ་སྐྱེས་བུ་དམ་པའི་སྦྱིན་པ་དང་། ་སྐྱེས་བུ་དམ་པའི་ཚུལ་ཁྲིམས་ནས། སྐྱེས་བུ་དམ་པའི་དོན་མཐུན་པའི་བར་གྱི་འབྲས་བུ་ནི་དེ་བཞིན་གཤེགས་པའི་སེམས་ཅན་གང་དགེ་སུ་ཡང་རུང་བ། རྐང་མེད་དམ། རྐང་གཉིས་པ་འམ། རྐང་བཞི ་པ་འམ། རྐང་མྱངས་སམ། གཟུགས་ཅན་ནམ། གཟུགས་མེད་པ་འམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་སོང་བའི་སེམས་ཅན་དེ་དག ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བ་མངོན་པར་འགྲུའོ།། དེ་ལ་རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་དང་། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནས་རྒྱས་པར་རྣམ་པ་ཐམས་ཅད་ཀྱི་དོན་མཐུན་པའི་བར་གྱི་འབྲས་བུ་ནི་དེ ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱང་བཟང་པོ་བརྒྱད་ཅུའི་སྐུ་བསོད་ནམས་སྣ་ཚོགས་དཔག་ཏུ་མེད་པས་ཡོངསུ་བསྡུས་པ་མངོན་པར་འགྲུབོ།། དེ་ལ་འཕོངས ་ཤིང་འདོད་པའི་སྦྱིན་པ་དང་། འཕོངས་ཤིང་འདོད་པའི་ཚུལ་ཁྲིམས་ནས་རྒྱས་པར་ཕོངས་ཤིང་འདོད་པའི་དོན་མཐུན་པའི་བར་གྱི་འབྲས་བུ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི ་བདུད་དང་། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་གནོད་པར་བྱ་བ་དང་། ཐོ་འཚམ་པ་དང་། བསྐྱོད་པར་མི་ནུས་པ་མངོན་པར་འགྲུའོ།། དེ་ལ་འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་དང་། འདི་དང ་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་ནས་རྒྱས་པར་འདི་དང་གཞན་དུ་བདེ་བར་འགྱུར་བའི་དོན་མཐུན་པའི་བར་གྱིས་འབྲས་བུ་ནི་དེ་བཞིན་གཤེགས་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང ་ཏི་འཛིན་དང་། སྙོམས་པར་འཇུག་པའི་བདེ་བའི་མཆོག་མངོན་པར་འགྲུའོ།། དེ་ལ་རྣམ་པར་དག་པའི་སྦྱིན་པ་དང་། རྣམ་པར་དག་པའི་ཚུལ་ཁྲིམས་ནས་རྒྱས་པར་ནར ་དག་པའི་དོན་མཐུན་པའི་བར་དུ་བསྟེན་ཅིང་། ཤིན་ཏུ་རྣམ་པར་དག་པར་བྱས་ཏེ། མཐའ་དག་ཀུན་ཏུ་རྫོགས་པར་བྱས་པའི་འབྲས་བུ་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་ཡོངསུ་དག་པའི་བཞི་སྟེ། སྐུ ་རྣམ་པར་དག་པ་དང་། དམིགས་པ་རྣམ་པར་དག་པ་དང་། ཐུགས་རྣམ་པར་དག་པ་དང་། མི་ཤེས་རྣམ་པར་དག་པ་མངོན་པར་འགྲུའོ།། དེ་བཞིན་དུ་བསྲུང་བུ་མེད་པ་གསུམ་དང་། སྟོབས་བཅུ་དང ་མི་འཇིགས་པ་དང་། དྲན་པ་དང་། དྲན་པ་ཉེ་བར་གཞག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་རྣམ་པར་དག་པ་ཡང་མངོན་པར་འགྲུབ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་སོགས་པ ་དགེ་བའི་ཆོས་རྣམས་ཀྱི་མཐར་ཐུགས་པར་གྱུར་པའི་འབྲས་བུ་བླ་ན་མེད་པའོ།། གཞན་ཡང་འཁོར་བའི་ཚེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དེའི་འབྲས་བུ་ཚད་མེད་པ་དང་། སྡུག་པ་དང་། ཁ་ན་མ་ཐོ་བ་མེད ་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བསྡུ་བའི་དངོས་པོའོ་ལེའུ་སྟེ་བཅོ་ལྔ་པའོ།། ་བམ་པོ་བཅུ་གསུམ་པ།། སྡོམ་ནི། དཀོན་མཆོག་མཆོད་དང་མཛའ་བསྟེན་དང་།། ཚད་མེད་པ་ནི་ཐ་མ་ཡིན།། དེ་ལ་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་རྣམས་ལ་དེ་བཞིན་གཤེགས་པ ་ལ་མཆོད་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། སྐུ་ལ་མཆོད་པ་དང་། མཆོད་རྟེན་ལ་མཆོད་པ་དང་། མངོན་སུམ་དུ་མཆོད་པ་དང་། མངོན་སུམ་མ་ཡིན་པར་མཆོད་པ་དང་། བདག་གིས ་བྱས་པའི་མཆོད་པ་དང་། གཞན་བྱེ་དུ་འཇུག་པའི་མཆོད་པ་དང་། རྙེད་པ་དང་། བཀུར་སྟིའི་མཆོད་པ་དང་། རྒྱ་ཆེན་པོའི་མཆོད་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ་དང་། སྒྲུབ་པའི ་མཆོད་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྐུ་ཉིད་ལ་མངོན་སུམ་དུ་མཆོད་པ་བྱེད་པ་དེ་ནི་དེའི་སྐུ་ལ་མཆོད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེདའ་དེ་བཞིཌཱ་པའི་ཕྱིར་མཆོད་རྟེན་ནམ། ་གཙང་ཁང་ཕྱུར་བུ་འམ། གཙང་ཁང་དམ། མཆོད་རྟེན་རྙིང་པ་འམ། མཆོད་རྟེན་སར་པ་ལེ་མཆོད་ལ་མཆོད་པ་བྱེད་པ་དེ་ནི་དེའི་མཆོད་རྟེན་ལ་མཆོད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན ་གཤེགས་པའི་སྐུ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་དུ་གྱུར་པར་དབང་པོ་ལ་སྣང་བར་མངོན་སུམ་དུ་མཆོད་པ་བྱེད་པ་དེ་ནི་མངོན་སུམ་དུ་མཆོད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་དེ ་བཞིན་གཤེགས་པ་འམྦུ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་སུམ་དུ་བྱེད་པ་ན། འདི་ལྟར་ལྷག་པའི་བསམ་པ་དང་ལྡན་པ་དང་། དགའ་བ་དང་ལྡན་པའི་སེམས ་མངོན་པར་འདུ་བྱེད། དེ་བཞིན་གཤེགས་པ་གཅིག་གི་ཆོ་སྣ་ཉིད་གང་ཡིན་པ་འདི་ནི་འདས་པ་དང་། མ་བྱེན་པོ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ལ། དེ་བཞིན ་གཤེགས་པའི་མཆོད་རྟེན་གཅིག་གིས་ཆོས་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཏེ། དེའི་ཕྱིར་བདག་གིས་དེ་བཞིན་གཤེགས་པའི་མཚོན་མངོན་དུ་གྱུར་པ་འདི་ལ ་ཡང་མཆོད་པ་བྱའོ།། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ཡང་མཆོད་པ་བྱའོ།། དེ་བཞིན་གཤེགས་པའི་མངོན་དུ་གྱུར་པ་འདི་ལ་ཡང ་མཆོད་པ་བྱའོ།། དེ་མ་ཡིན་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་མཆོད་རྟེན་དྲང་། གཙང་ཁང་ཕྱུར་པོ་དང་། གཙང་ཁང་དང་། མཆོད་རྟེན་རྙིང་པ་དང་། མཆོད་རྟེན ་གསརབ་བཞུགས་པ་ཐམས་ཅད་ལོ་ཡང་མཆོད་པར་བྱའོ་སྙམ་པ་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་སུམ་དང་། མངོན་སུམ་མ་ཡིན། ་པའི་ཐུན་མོང་གི་མཆོད་པ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཚོན་མངོན་སུམ་དུ་མ་གྱུར་པ་ལ་སངས་རྒྱས་ཐམས་ཅད་ཀྱི་ཕྱིར་དང་། དེ་བཞིན ་གཤེགས་པའི་མཆོད་རྟེན་ཐམས་ཅད་ཀྱི་ཕྱིར། དེ་བཞིན་དུ་སེམས་མངོན་པར་འདུ་བྱས་ཏེ། མཆོད་པ་བྱེད་པ་དེ་ནི་དེའི་མངོན་སུམ་མ་ཡིན་པ་འབའ་ཞིག་གི་མཆོད་པ་ཡིན་པར་རིག་པར་བྱའོ།། དེ་བཞིན ་གཤེགས་པ་ཡོངསུ་མྱ་ངན་ལས་འདས་ནས། དེ་བཞིན་གཤེགས་པའི་ཕྱིར་བྱང་ཆུབོ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་འམ། མཆོད་རྟེན་ནམ། གཙང་ཁང་ཕྱུར་པོ་འམ། གཙང་ཁུང་གཅིག ་གུམ། གཉིས་སམ། མང་པོ་ནས་བྱེ་བ་ཕྲག་འབུམ་གྱི་བར་དུ་ཅི་ནུས་ཅི་ལྕོགས་ཀྱིས་བྱེད་འཇུག་པ་དེ་ཡང་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་རྣམས་ལ་མངོན་སུམ་ཡིན་པའི་མཆོད་པ་རྒྱུ། ་ཆེན་པོ་བསོད་ནམས་ཚད་མེད་པའི་འབྲས་བུ་ཅན་ཚངས་པ་དུ་མའི་བསོད་ནམས་ཀྱི་ཡོངསུ་ཟིན་པ་ཡིན་ཏེ། དེས་བྱང་ཆུབ་སེམས་དཔའ་བསྐལ་པ་དུ་མར་ལོག་པར་ལྟུང་བར་འགྲོ་བཱ་རེ་མི་འགྱུར་ལ། གཞི ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངསུ་རྫོགས་པར་མི་བྱེད་པར་མི་འགྱུརརོ།། དེ་ལོ་བྱང་ཆུབ་སེམས་དཔའ་དེའི་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད ་རྟེན་ཁོ་ན་མཆོད་པ་བྱེད་པ་གང་ཡིན་པ་དེ་ནི་རེ་ཞིག་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བར་བལྟ་བར་བྱའོ།། མངོན་སུམ་མ་ཡིན་པ་ཞིག་གི་བསོད་ནམས་ཀྱི་འབྲས་བུ་ནི་དེ་བས་ཀྱང་ཆེས་རྒྱ ་ཆེ་བར་བལྟ་བར་བྱའོ།། མངོན་སུམ་དང་མངོན་སུམ་མོ་ཡིན་པའི་སྤྱིའི་མཆོད་པའི་བསོད་ནམས་ཀྱི་འབྲས་བུ་ནི་དེ་བས་ཀྱང་ཤིན་ཏུ་རྒྱ་ཆེ་བར་བལྟ་བར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་འམ། ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བར་འདོད་པས་བདག་ཉིད་ཀྱི་རང་གི་ལག་གིས་བྱེད། ལེ་ལོ་དང་སྙོམས་ལས་དང་། བག་མེད་པོའི་གནས་ལ་བརྟེན་ཏོ།། བླ་ན་དང་བྲན་མོ་དང་། ལས་བྱེད་པ ་དང་ཞོ་ཤས་འཚོ་བ་དང་། མཛའ་བུ་ཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་སྣག་གི་གོཉེན་མཚམས་བྱེ་དུ་མི་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་གིས་བྱས་པའི་མཆོད་པ་ཡིན་པར་རིག་པར་བྱའོ།། ་དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བ.རོ་འདོད་པས། བདག་ཉིད་འབའ་ཞིག་མི་བྱེད་པར་ཕ་མོ་གཉིས་ཀྱང་བྱེད་འཇུག་པ་དང་། བྲོ་དང ་ཆུང་མོ་དང་། བྲན་དང་བྲན་མོ་དང་། ལས་བྱེད་པ་དང་། ནོ་ཤས་འཚོ་བ་རྣམས་དང་། མཛའ་བཤེས་དོང་། གྲོས་གྲོགས་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་རྣམས་རིང་། གཞན་རྒྱལ་པོ་རྣམ ་དང་། བློན་པོ་ཆེན་པོ་རྣམས་དང་། བྲམ་ཟེ་རྣམས་དང་། ཁྱིམ་བདག་རྣམས་དང་། གྲོང་རྡལ་བ་རྣམས་དང་། ཡུལ་གྱི་མི་རྣམས་དང་། ཕྱུག་པོ་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ་ཐ་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་དང་། བཀྲེན་པ་རྣམས་དང་། སྡུག་བསྔལ་བ་རྣམས་དང་། རིགས་ངན་ཡན་ཆད་ཀྱང་བྱེ་དུ་འཇུག་པ་དང་། དེ་བཞིན་དུ་མཁན་པོ་དང་། སློབ ་དཔོན་རྣམས་དང་། ལྷན་ཅིག་པ་གནས་པའི་སློབ་མ་རྣམས་དང་། ཚངས་པ་མཚུངས་པར་སྤྱོད་པ་རབ་ཏུ་འབྱུང་བ་རྣམས་དང་། གཞན་མུ་སྟེགས་ཅན་རོག་ཏུ་བྱུང་བ་རྣམས་ཀྱང་དེ་བཞིན་གཤེགས་པ་འམ། དེ ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེ་དུ་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱིས་བྱས་པའི་ཐུན་མོང་གྲི་མཆོད་པ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེཾདེའ་མཆོད་པ་བྱ་བའི་སྦྱིན་པ་བྱ། ་བའི་དངོས་པོ་ཆུ་ངུ་ཡོད་ལ་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་སེམས་ཅན་སྡུག་བསྔལ་བ་བསོད་ནམས་ཆུང་ཞིང་མི་ནུས་པ་འདི་དག་གི་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱ། ་བབ་བྱས་ན་བདེ་བར་འགྱུར་རོ་སྙམ་ནས། དངོས་པོ་དེ་བསམས་བཞིན་དུ་གཞནི་ངག་ཁོ་ན་ལ་སྦྱིན་པར་བྱེད་ལ། གཞན་དག་གིས་ཀྱང་དངོས་པོ་དེས་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད ་རྟེན་ལ་མཆོད་པ་བྱེད། བྱང་ཆུབ་སེམས་དཔའ་ནི་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་གཞན་བྱེད་དུ་བཅུག་པའི་མཆོད་པ་ཡིན་པར་རིག་པར་བྱའོ།། དེ་ལ་བདག་འབའ ་ཞིག་གིས་བྱས་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཚོ་བ་ཡིནོ།། གཞན་འབའོ་ཞིག་བྱེད་དུ་བཅུག་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེས་ཆེ་བ་ཡིནོ།། ཐུན་མོང་གང་ཡིན་པ་དེ་ནི ་བསོད་ནམས་ཀྱི་འབྲས་བུ་ཤིན་ཏུ་ཆེ་བ་ཡིནོ།། གོང་ན་མེད་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་ལ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི ་མཆོད་རྟེན་ལ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདོན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་དང་། གུས་པར་སྨྲ་བ་དང་། ཕྱག་འཚལ་བ་དང་། སྔོན་དུ་ལྡང་བ་དང་། ་ཐལ་མོ་སྦྱར་བ་དང་། མཆོད་པའི་ལས་བདུག་པའི་སྤོས་རྣམས་དང་། ཕྱེ་མའི་སྤོས་རྣམས་དང་། བྱུག་པའི་སྤོས་རྣམས་དང་། མེ་ཏོག་ཕྲེང་བ་རྣམ་པ་སྣ་ཚོགས་དང་། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་དང་། ་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མར་མེ་རྣམ་པ་སྣ་ཚོགས་འབུལ་བ་དང་། བསྟོད་པ་རྣམ་པ་སྣ་ཚོགས་བརྗོད་པ་དང་། ཡན་ལག་ལྔས་ཕྱག་བྱ་བ་དང་། གཡས་ཕྱོགསུ་བསྐོར་བ་དག ་གིས་མཆོད་པ་བྱེད་པ་དང་། དེ་བཞིན་དུ་ཟད་མཽ་ཤེས་པ་ཅན་གྱི་སྦྱིན་པ་དང་། ནོར་སྦྱིན་པ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྷུ་རུ་དང་། རྣོའི་སྙིང་པོ་དང་། ་སྤུག་དང་། གཽ་སེར་དང་། དངུལ་དང་། པདྨ་རཱ་ག་དང་། གཡོསུ་འཁྱིལ་བ་ལ་སོགས་པ་རིན་པོ་ཆེ་རྣམས་འབུལ་བ་དང་། ནོར་བུསཽ་སྤྲས་པའི་སྙན་ཆ་གདུབ་ཀོཪྵ་དང་། དཔུང་རྒྱན་ལ་སོགས་པཱ་རྒྱན ་རྣམས་འབུལ་བ་དང་། ཐ་ན་དྲིལ་བུ་དབུལ་བ་དང་། ཀཪྵ་པ་ནི་གཏོར་བ་དང་། སྲད་བུས་དཀྲིས་པ་རྣམས་ཀྱིས་མཆོད་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་འམ། དྲི་བཞིན ་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང་། བཀུར་སྟིས་མཆོད་པ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང་། ་བཀུར་སྟི་དེ་དག་ཉིད་ཀྱིས་ཡུན་རིང་པོ་མཆོད་པ་བྱེད་དངོས་པོ་མང་པོ་དང་། མངོན་སུམ་དང་མངོན་སུམ་མ་ཡིན་པ་དང་། བདག་གིས་བྱས་པ་དང་། གཞན་གྱིས་བྱས་པ་དང་། སྙིང་ཐག་པ་ནས་དགའ ་བ་མངོན་དུ་གྱུར་ཅིང་།། མོས་པ་དྲག་པོ་མཆོད་པ་བྱེད་པ་དང་། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོ་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ ་@བདུན་རྒྱ་ཆེན་པོ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རང་གི་ལག་གིས་བྱ་བ་བྱེད། ཁྱད་དུ་གསོད ་པཱ་འམ། བག་མེད་པ་འམ། ལེ་ལོས་གཞན་དག་བྱེ་དུ་མི་འཇུག་པ་དང་། གུས་པས་བྱེད་མ་གུས་བྱས་མ་ཡིན་པ་དང་། སེམས་མི་གཡེང་བས་བྱེད་པ་དང་། སེམས་ཀུན་ནསོ་ཉོན་མོངས་པ་ཅན་མ ་ཡིན་པས་བྱེད་པ་དང་། སངས་རྒྱས་པ་མངོན་པར་དང་པོའི་རྒྱལ་པོ་ལ་སོགས་པ་སེམས་ཅན་རྒྱ་ཆེན་པོ་དག་ལས་རྙེད་པ་དང་། བཀུར་སྟིའི་རྒྱུས་ཚུལ་འཆོས་པའི་ཕྱིར་མི་བྱེད་པ་དང་། མཐུན་པའི་དངོས་པོས ་མཆོད་པར་བྱེད་བབ་ལས་བྱུག་པ་དང་། མར་ཁུས་བཀྲུ་བ་དང་། གུ་གུལ་གྱིས་བདུག་པ་དང་། ཨརྒའི་མེ་ཏོག་ལ་སོགས་པ་དང་། གཞན་ཡོ་བྱད་རུང་བ་མ་ཡིན་པ་དག་གིས་མི་བྱེད་པ་དེ་ནི། བྱང ་ཆུབ་སེམས་དཔའི་མཆོད་པ་རྣམ་པ་དྲུག་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་རིག་པར་བྱའོ།། རྙེད་པ་དང་བཀུར་སྟིའི་མཆོད་པ་རྒྱ་ཆེ་བ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ ་མོངས་སྤྱོད་ཀྱི་གཞིར་རང་གི་ཞོ་ཤས་བསྒྲུབས་པ་རྣམས་སམ། གཞན་ལས་ཡོངསུ་བཙོལ་བ་རྣམས་སམ། ཡོ་བྱད་ལ་དབོང་ཐོབ་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་འམ། དེ་བཞིན་གོ་ཤིགས་པའི་མཆོད ་རྟེན་ལ་མཆོད་པ་བྱེད། དེ་ལ་ཡོ་བྱད་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔས་ལུས་གཉིས་སམ། གསུམ་མམ། ལུས་མང་པོ་ལུས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་དག་མངོན་པར་སྤྲུལ་ནས། ལུས ་དྲི་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ཏེ། ལུས་དག་རེ་རེ་ལ་ཡང་ལག་པ་བརྒྱའམ། ལག་པ་སྟོང་ངམ། དེ་བས་ཀྱང་ལྷག་པར་དག་སྤྲུལ་ནས། ལག་པ་དེ་དགྲ་ཐམས་ཅད ་ཀྱིས་ལྷའི་ལས་ཡང་དག་པར་འདུས་པའི་མེ་ཏོག་མཆོག་ཏུ་དྲི་ཞིམ་པ། མཆོག་ཏུ་ཡིད་ཏུ་འོང་བ་དག་གིས་དེ་བཞིན་གཤེགས་པ་དེ་དག་ལ་མངོན་པར་འཐོར་བ་དང་། ལུས་དེ་དག་ཐམས་ཅད་ཀྱིས་དེ་བཞིན ་གཤེགས་པའི་ཡང་དག་པའི་ཡོན་ཏན་ལྡན་པའི་བསྟོད་པ་ཤིན་ཏུ་རྒྱ་ཆེན་པོ་དག་བརྗོད་ཅིང་། ལུས་དེ་དག་ཐམས་ཅད་ཀྱིས་དཔུང་རྒྱན་དང་། ནོར་བུས་སྨྲས་པའི་རྣ་ཆ་གདུབ་ཀོར་རྣམས་དང་། གདུགས ་དང་། རྒྱལ་མཚན་དང་། བ་དན་རྣམ་པ་སྣ་ཚོགས་མཆོག་ཏུ་གྱུར་པ་གྱ་ནོམ་པ་དག་དེ་བཞིན་གཤེགས་པ་རྣམས་ལ་འབུལ་ཞིང་འདོགས་པར་བྱེད། དེ་ལྟ་བུའི་དང་མཐུན་པའི་ཡོ་བྱད་ལ་དབང་ཐོབ ་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་སེམས་ལ་དབང་ཡོད་པའི་མཆོད་པ་བྱེད། དེས་ན་སངས་རྒྱས་བྱུང་བ་ལ་རེ་བར་བྱས་ཤིང་དོན་དུ་གཉེར་བར་མི་བྱ་མི་དགོསོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི ་ཕྱིར་མི་ལྡོག་པའི་ས་ལ་ཞུགས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅ་དུ་ཐོགས་པ་མེད་པར་འགྲོ་བའི་ཕྱིར།། བྱང་ཆུབ་སེམས་དཔའ་རང་གི་ཞོ་ཤས་བསྒྲུབས་པ་ཡང་མེད་ལ། ་གཞན་ལུས་ཡོངསུ་བཙལ་ཏེ་རྙེད་པ་ཡང་མེད། བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ལ་དབང་ཐོབ་པ་ཡང་མ་ཡིན་ན་ཡངྒེ། དེ་བཞིན་གཤེགས་པའི་མཆོད་པ་གང་ཅི་ཡང་རུང་བ་འཛམ་བུ་གླིང་དྲམཱ ་གླིང་བཞི་པ་འམ། སྟོང་ངམ།། སྟོང་གཉིས་སམ། སྟོང་གསུམ་གྱི་སྟོང་ཆེན་པོ་འམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་ཆུ་ངུ་དང་། འབྲིང་དང་། ཆེན་པོ་ཡོད་པ ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་དད་པ་ཅན་གྱིས་དགའ་བ་དང་ལྡན་པ་དང་། རྒྱ་ཆེན་པོ་ལ་མོས་པ་དང་ལྡན་པའི་སེམས་ཀྱིས་ཁྱབ་པར་བྱས་ན་རྗེསུ་ཡི་རེང་བར་བྱེད། དེ་ཡང་བྱང་ཆུབ་སེམས ་དཔེའི་ཚོགས་ཆུ་ངས་དེ་བཞིན་གཤེགས་བྱ་ལ་མཆོད་པ་ཆེན་པོ་ཚད་མེད་པ། བྱང་ཆུབ་ཀྱི་ཚོགས་ཆེན་པོས་ཡོངསུ་བསྡུས་པ་ཡིན་ཏེ། དེ་ལ་ནི་བྱང་ཆུབ་སེམས་དཔའོ་རྟག་ཏུ་རྒྱུན་མྱི་འཆད་པ་སེམས ་ཉམས་བདེ་བ་དང་། སེམས་དགའ་བས་བརྩོན་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི་ཅུང་ཟད་ཅུང་ཟད་དང་། ཡུད་ཙམ་ཡུད་ཙམ་དུ་ཐ་ན་བ་འཇོས་ཙམ་གྱི་བར་དུ་ཡང་སེམས་ཅན་སྲོག་ཆགས་འབྱུང་པོ ་ཐམས་ཅད་ལ་བྱམས་པའི་སེམས་སྒོམ་པར་བྱེད། སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་བསྒོམ་པར་བྱེད། དེ་བཞིན་དུ་འདུ་བྱེད་ཐམས་ཅད་ལ ་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་གྱི་འདུ་ཤེས་དང་། སྡུག་བསྔལ་ལྟ་བདག་མེད་པའི་འདུ་ཤེས་དང་། མྱི་ངན་ལས་འདས་པ་ལ་ཕན་ཡོན་གྱི་འདུ་ཤེས་སྒོམ་པར་བྱེད། དེ་བཞིན ་དུ་དེ་བཞིན་གཤེགས་པ་རྗེ་སུ་དྲན་པ་དང་། ཆོས་དང་། དགེ་འདུན་དང་། ཕ་རོལ་ཏུ་ཕྱིན་པ་རྗེ་སུ་དྲན་པར་སྒོམ་པར་བྱེད། དེ་བཞིན་དུ་ཅུང་ཟད་ཅུང་ཟད་དང་། ཡུད་ཙམྦ་ཡུད་ཙམ་ལ་ཡང་ཐམས་ཅད་ལ ་བཟོད་པ་ཆུ་ངུའི་ཤེས་པ་ཕྱོགས་གཅིག་པས་ཀྱང་བརྗོད་དུ་མེད་པའི་ཆོས་ཀྱི་ངོ་བོ་ཉིད་ལ་མོས་ཤིང་རྣམ་པར་རྟོག་པ་དང་། མཚན་ཉིད་མེད་པའི་སེམས་ཀྱིས་གནས་པར་བྱེད་ན། དེའི་གོང་དང་དེ་ལྟས་ལྷག ་པར་ལྟ་ཅི་སྨོས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངསུ་བསྲུང་བ་དང་། ཞི་གནས་རང་། ལྷག་མཐོང་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བརྩོན་པར་བྱེད་པ ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པོ་རྣམས་དང་། བསྡུ་བའི་དངོས་པོ་རྣམས་ལ་ཡང་དག་པར་བརྩོན་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པར་གཏོགས་པས་དེ་བཞིན་གཤེགས་པ་ལ་མཆོད་པའི ་མཆོག་དྲུམ་པ། གྱ་ནོམ་པ། གྲོང་ན་མེད་པ་ཡིན་ཏེ། སྔ་མའི་རྙེད་པ་དང་། བཀུར་སྟིའི་མཆོད་པ་རྣམ་པ་ཐམས་ཅད་དང་། མཆོད་པ་དེའི་བརྒྱའི་ཆ་དང་། སྟོང་གི ་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱས་པར་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་སྟེ། དེ་ནི་རྣམ་པ་བཅུ་པོ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་བྱེ་བྲག་རྣམ་པ་ཐམས་ཅད་ཡིན་པར་རིག་པར་བྱའོ།། ་བཞིན་གཤེགས་པ་ལ་མཆོད་པ་ཇི་ལྟ་བ་བཞིན་ཆོས་ལ་མཆོད་པ་དང་། དགེ་འདུན་ལ་མཆོད་པ་ཡང་དེ་དུང་འདྲ་བར་ཅི་རིགས་པར་བྱའོ།། དེ་ལོ་དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པ་བཅུ་པོ་དེ་དག ་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་དམིགས་པའི་ལྷག་པའི་བསམ་པ་དྲུག་གིས་བྱེད། ཡོན་ཏན་གྱི་ཞིང་བླ་ན་མེད་པའི་ལྷག་པའི་བསམ་པ་དང་། ཕན་འདོགས་པ་བླ་ན་མེད་པའི ་ལྷག་པའི་བསམ་པ་དང་། རྐང་མེད་དང་། རྐང་གཉིས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ལྷག་པའི་བསམ་པ་དང་། ཨུ་དུམ་ཝ་རའི་མེ་ཏོག་བཞིན་དུ་ཤིན་ཏུ་དཀོན་པའི་ལྷག ་པའི་བསམ་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཅིག་པུ་འབྱུང་སྟེ། འབའ་ཞིག་པའི་ལྷག་པའི་བསམ་པ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས ་པའི་དོན་ཐམས་ཅད་སྟོན་པའི་ལྷག་པའི་བསམ་པ་དང་། དེའི་ལྷག་པའི་བསམ་པ་དྲུག་པོ་འདི་དག་གིས་དེ་བཞིན་གཤེགས་པ་འམ། དེའི་ཆོས་སམ། དེའི་དགེ་འདུན་ལ་མཆོད་པ་བྱས་པ་ནི་ཆུ་ངུ་ཡང་འབྲས ་བུ་དཔག་ཏུ་མེད་པར་འགྱུར་ན། མང་པོ་ལྟ་ཅི་སྨོས། དེ་ལ་རྣམ་པ་དུ་མ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དུ་རིག་པར་བྱ། རྣམ་པ་དུ་ཞིག་གིས་ནི་དགེ་བོའི་བཤེས་གཉེན་ཉིད ་ཡོད་པ་ཡིན། རྣམ་པ་དུ་ཞིག་དང་ལྡན་ན། དགེ་བའི་བཤེས་གཉེན་དྲད་པའི་གཞིའི་གནས་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་དགེ་བོའི་བཤེས་གཉེན་དུ་གྱུར་པའི་འདུལ་བ་རྣམས་ལ་དགེ་བའི ་བཤེས་གཉེན་གྱི་བྱ་བ་ནི་དུ་ཞིག་ཡོད་དེ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་སྟེན་པ་ནི་རྣམ་པ་དུ་ཞིག་ཡོད། འདུ་ཤེས་རྣམ་པ་དུས་ནི་བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་ལ་ཆོས ་མཉན་པར་བྱ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་ཆོས་ཉན་པ་ནཱ། གང་ཟག་ཆོས་སྨྲ་བ་དེ་ལ་གནས་དུ་ཞིག་ལ་ནི་ཡིད་ལ་མི་བྱེད་པར་བྱ་ཞེ་ན། དེ་ལ་རྣམ་པ་བརྒྱད་དང་ལྡན་ན ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་རྣམ་པ་ཐམས་ཅད་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་རྣམ་ལ་གནས་ཤིང་མ་ཉམས་པ་དང་། སྐྱོན་མེད་པར་བྱེད ་པས་ཚུལ་ཁྲིམསྣ་ལ་གནས་པ་ཡིན། བློ་མ་བྱུང་བ་མ་ཡིན་པས་མང་དུ་ཐོས་པ་ཡིན། བསྒོམས་པ་ལས་བྱུང་བའི་དགེ་བ་གང་ཡང་རུང་བ་ཐོབ་ཅིང་། སྐྱི་གནསྔ ་དང་། ལྷག་མཐོང་ཐོབ་བྱས་རྟོགས་པ་དང་ལྡན་པ་ཡིན། སྙིང་རྗེ་དང་ལྡན་པས་སྙིང་རྩེ་བ་ཅན་ཡིན་ཏེ། དེ་ཚེ་འདི་ལ་རང་གི་བདེ་བར་གནས་པ་ཡལ་བར་བོར་ནས་གཞན་དག་གི་དོན་ལ་སྦྱོར་བ་ཡིན། ་དེ་གཞན་དག་ལ་ཆོས་སྟོན་པ་ནི་བག་ཚ་བའི་འཇིག་པས་དྲན་པ་དང་། སྤོབས་པ་ཉམས་པ་མེད་པས་འཇིགས་པ་མེད་པ་ཡིན། གཞན་དག་གིས་བརྙས་པ་རྣམས་དང་། འཕྱ་བ་དང་། བསྟིང ་བ་དང་། ངན་དུ་བརྗོད་པ་དང་། ངན་དུ་སྨྲ་བ་ལ་སོགས་པ་མི་འདོད་པའི་ཚིག་གི་ལམ་རྣམས་དང་། སེམས་ཅན་གྱི་ལོག་པར་ཞུགས་པ་རྣམ་པ་སྣ་ཚོགས་རྣམས་བཟོད་པ་ཡིན། འཁོར་བཞི་པོ ་དག་ལ་ཆོས་བསྟན་པ་ལ་སྟོབས་དང་ལྔ་ནི་ཞིང་ངལ་བ་མེད་པས་ཡིད་ཡོངསུ་མི་སྐྱོ་བ་ཡིན། ཚིག་ཆོས་ཉིད་ལས་མཉམས་ཤིང་གསལ་ཏེ། ཚིག་བྱི་བ་དང་ལྡན་པས་དགེ་བའི་ཚིག་དང་ལྡན་པ་ཡིན།། ་དེ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དེ་ལྟ་བུའི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་དང་ལྡན་པ་ནི་རྣམ་པ་ལྔས་དགེ་བའི་བཤེས་གཉེན་གྱི་བྱ་བ་དོན་ཡོད་པ་ཡིན་ཏེ། དེ་ནི་སྔ་ནས་ཀྱང་གཞན ་དག་ལ་ཕན་པ་དང་བདེ་བར་འདོད་པ་ཡིན། ཕན་པ་དང་བདེ་བ་དེ་ཡང་ཡང་དག་པ་ཇི་ལྟ་བྱ་བཞིན་དུ་རབ་ཏུ་ཤེས་པ་ཡིན། དེ་ལ་བློ་ཕྱིན་ཅི་ལྡོག་ཏུ་མི་འགྱུར་བ་ཡིན། ཐབས་གང་དང་ཆོས་བསྟན་པའི ་ཚུལ་གང་གིས་སེམས་ཅན་གང་འདུལ་ནུས་པ་ནུས་ཤིང་མཐུ་ཡོད་པ་དང་། ཡིད་ཡོངསུ་མཱི་སྐྱེ་བ་ཡིན། སེམས་ཅན་ཐ་མ་དང་། འབྲིང་དང་། ཁྱད་པར་དུ་འཕགས་པ་ཐམས་ཅད་ལ་ཕྱོགས་འཛིན ་བ་མེད། སྙིང་རྗེ་སྙོམས་པ་ཡིན།། དྲི་ལ་དགེ་བྲེའི་བཤེས་གཉེན་དེ་ནི་རྣམ་པ་ལྔས་དང་པོའི་གཞི་ལ་གནས་པ་ཡིན་ཏེ། གང་གི་ཕྱིར་གཏམ་ཐོས་པས་ཀྱང་དེ་ལ་གཞན་དག་ཤིན་ཏུ་དང་བར་བྱེད་ན། ་མངོན་སུམ་དུ་མཐོང་བས་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྤྱོད་ལམ་རབ་ཏུ་ཞི་བ་དང་། སྤྱོད་ལམ་དང་ལྡན་པ་དང་། ཡན་ལག་དང་ཉིད་ལག་ཐམས་ཅད་མི་འགྱུར་བའི་སྤྱོད་ལམ་ཕུན་སུམ་ཚོགས་པ ་ཡིན། ལུསྫ་དང་། དྲག་དང་། ཡིད་ཀྱི་ལས་ཀྱི་མཐའི་རྒྱུ་བ་ལ་རྒོལ་བ་མེད་ཅིང་། འགྱུར་བ་མེད་པས་བརྟན་པ་ཡིན། གཞན་དག་ལ་ཚུལ་འཆོས་པའི་ཕྱིར་སོ་སོར་བརྟགས་ནས་སྤྱོད་ལྡམ་དང་། ་བརྟན་པ་ལྟར་མི་འཆོས་པའི་ཚུལ་འཆོས་པ་མེད་པ་ཡིན། གཞན་དག་གི་ཆོས་ཀྱི་གཏམ་མམ། རྙེད་པ་དང་། བཀུར་སྟི་ལས་བརྩམས་ཏེ། མི་བཟོད་པ་སྐྱེ་བར་མོ་བྱེད་ཀྱི་གཞན་དག་གིས་ཆོས་ཀྱི་གཏམ ་བྱ་བར་བདག་ལ་གསོལ་བ་བྱུཏབ་པ་དང་། རྙེད་པ་དང་། བཱསུད་སྟི་རྒྱ་ཆེན་པོ་རྙེད་ན་ཡང་གཡོ་མེད་ཅིང་དགའ་བའི་སེམས་ཀྱི་གཞན་ལྟ་གསོལ་བ་འདེབསུ་འཇུཀྐུ་ལ ་ཀྱི་གཏམ་དེ་དང་། རྙེད་པ་དང་། བཀུར་སྟི་དེ་ཡང་གཞན་དག་སྟོབས་པར་བྱེད། ཇི་ལྟར་བདག་གིས་རྙེད་པ་དང་། བཀུར་སྟིས་མགུ་བར་འགྱུར། དེ་བཞིན་དུ་གཞན་གྱི་རྙེད་པ་དང་། གཞན་གྱི་བཀུར་སྟིས ་ཆེས་ཤིན་ཏུ་མགུ་བར་འགྱུར་བར་ཕྲག་དོག་མེད་པ་ཡིན། སྣོད་སྤྱད་བསྐྱོང་ཞིང་ཡོ་བྱད་བསྙུངས་ལ་འཚོག་ཆུས་རྙེ་དོ་ཙིག་ཐམས་ཅད་ཡོངསུ་གཏོང་བས་ཡོ་བྱེད་བསྙུངས་པ་ཡིནོ།། དེ་ལ་བྱང་ཆུབ ་སེམས་དཔའི་དགེ་བའི་བ་ཤེས་གོཉན་དུ་གྱུར་པ་དེ་ནི། རྣམ་པ་ལྔས་གདུལ་བ་གཞོན་དག་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད། གླང་བར་བྱེད་པ་ཡཾ་ནོ། དྲན་པར་བྱེད་པ་ཡིན། འདེམས་པར ་བྱེད་པ་ཡིན། རྗེ་སུ་སྟོན་པར་བྱེད་པ་ཡིན། ཆོས་སྟོན་པར་བྱེད་པ་ཡིན་ཏེ། ཚིག་དེ་དག་གི་རྒྱས་པར་དབྱེ་བ་ནི་འདི་ལྟ་སྟོ། ཉན་ཐོས་ཀྱི་ས་ལོས་རིག་པར་བྱའོ།། གདམས་ངག་དང་རྗེསུ་བསྟན་ན། ་དོ་བས་ཀྱང་ལྷག་པར་འདི་ལྟ་སྟེ། སྟོབས་ཀྱི་རིགས་ཀྱི་ལེའུ་ལོས་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔོའི་དགེ་བའོ་བཤེས་གཉེན་ལ་བསྟེན་པ་ནི་རྣམ་པོ་བཞིས་ཡོངསུ་རྫོགས་པར་རིག་པར་བྱ ་སྟེ། དུས་དུ་སུ་ནད་གཡོག་བྱ་བ་དང་། ཐ་མ་པའི་གཡོག་དང་། བྱམས་པ་དང་། གུས་པ་དང་། དགའ་བ་དང་ལྡན་པ་དང་། དུས་དུསུ་གུས་པར་སྨྲ་བཱ་དང་། ཕྱག་བྱ་བ་དང་། མངོན་དུ་བྱ་བ་དང་། ་ཐལ་མོ་སྦྱར་བ་དང་། འདུད་པར་བྱ་བ་དང་། མཆོད་པར་བྱ་བ་དང་།། ཆོས་དང་མཐུན་པའི་གོས་དང་། ཟས་དང་། མལ་ཆ་དང་། སྟོན་དང་། ན་བའི་གསོས་སྨོན་དོང་། ཡོ་བྱད་སྨིན་པ་སོ་མཆོད་པ་དང་། ་གནས་བཅོས་ནས་ཡང་དག་པར་གཟུད་པ་དང་། རྣམ་པར་གཟུང་པ་ཆོས་དང་མཐུན་པའི་དོན་ལ་དབང་བྱེད་ལ། རྣམ་པར་མི་གཡོ་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆགས་པ་དང་། དུ་སུ་ཤེས་པར་བྱ་བའི ་བསམ་པས་དྲུང་དུ་འགྲོ་བ་དང་། བསྙེན་བཀུར་བྱེད་པ་དང་། འདྲི་བ་དང་། ཉན་པའོ།། དེ་ལྔ་བྱང་ཆུབ་སེམས་དཔས་དྲུགེ་པའི་བཤེས་གཉེན་ལས་ཆོས་ཉན་པར་འདོད་པས་ནི་འདུ་ཤེས་རྣམ་པ ་ལྔས་ཆོས་མཉན་པར་བྱ་སྟེ། དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང་། ལྷན་ཅིག་སྐྱེས་པའི་ཤེས་རབ་རྒྱ་ཆེན་པོ་འཐོབ་པའི་རྒྱུའི་རང་བཞིན་གྱི་དོན་གྱིས་མིག་གྲི་འདུ་ཤེས་ཕན་ཡན་ཆེ་བའི་འདུ ་ཤེས་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མིག་ཐོབ་ནས་ཀྱང་ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་ཡང་དག་པར་སྟོན་པའི་དོན་གྱིས་སྣང་བའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་དང་། ་རྫོགས་པའི་བྱང་ཆུབ་བླ་ན་མེད་པའི་གློ་འཕངས་འཐོབ་པའི་རྒྱུའི་དངོས་བྷྱོའི་དོན་གྱིས་འབྲས་བུ་དང་། ཕན་ཡོན་ཆེ་བའི་འདུ་ཤེས་དང་། ཚེ་འདི་ཝཱ་མྦྷ་དྷན་ལས་འདས་པཱ ་དང་། རྫོགས་པའི་བྱང་ཆུབ་ཀྱི་ཆོས་མ་ཐོབ་པ་ཡོད་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའི་ཞེཞི་གནས་དང་། ལྷག་མཐོང་གི་དགའ་བ་ཆེན་པོ་ཁ་ན་མ་ཐོ་བ་མེད་པའི་རྒྱུའི་དངོས་པོ་དོན་གྱིས ་དགའ་བའི་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེསོ།། དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་ཆོས་ཉན་པ་ནཱ། གང་ཟག་ཆོས་སྨྲ་བ་དེ་ལ་གནས་ལྔར་ཡིད་ལ་བྱེད་པ་མི་བྱ་བར་རྣ་བླགས་ཏེ། ་དང་བའི་ཡིད་ཀྱིས་ཆོས་མཉན་པར་བྱའོ།། ཚུལ་ཁྲིམསོ་ཉམས་པ་ལ་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚུལ་ཁྲིམས་ཉམས་ཤིང་སྡོམ་པ་ལ་གནས་པ་མ་ཡིན་གྱིས། བདག་གིས ་འདི་ལས་མཉན་པར་མི་བྱའོ་སྙམ་དུ་སོམས་མངོན་པར་འདུ་མི་བྱའོ།། རིགས་དམོའུ་བ་ལ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་རིགས་དམའ་བ་ཡིན་གྱིས། འདི་ལས་བདག་གིས ་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ།། ཁྱོད་ངན་པ་ལ་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་བྱེད་ངན་གྱིས་བདག་ཉིད་འདི་ལ་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི ་བྱའོ།། ཚིག་འབྲུ་དྲན་པ་ལ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚིག་ལེགས་པར་སྦྱར་བ་མ་ཡིན་གྱིས། འདི་ལས་བདག་གིས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱ་སྟེ། དོན ་ལ་རྟོན་པར་བྱའི། ཚིག་འབྲུ་ལ་རྟོན་པར་མི་བྱའོ།། སྟོན་པ་མེད་པ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚིག་རྩུབ་ཅིང་ཁྲོ་ལ་སྙན་པར་ཆོས་སྨྲ་བ་ཡང་མ་ཡིན་གྱིས། བདག་གིས་འོད་ལ་མཉན ་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ།། གནས་ལྔ་པོ་འདི་དག་ལ་བྱེད་པར་མི་བྱ་བར་བྱང་ཆུབ་སེམས་དཔས་གུས་པ་དང་བཅས་པས་དམ་པའི་ཆོས་ཡོངསུ་བཟུང་བར་བྱ་སྟེ། ཆོས་ནི་ནམས ་ཀྱང་གང་ཟག་གི་སྐྱོན་གྱིས་སྐྱོན་ཅན་དུ་མི་འགྱུར་བའི་ཕྱིརརོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་རྟུལ་པོ་གང་། གང་ཟག་གི་སྐྱོན་རྣམས་ལ་སེམས་སྲུང་ཞིང་ཆོས་ཉན་པོར་མི་འདོད་པ་ད་ནི། ་བདག་ཉིད་ཁོ་ན་ལོ་གནོད་ཅིང་ཤེས་རབ་ཡོངསུ་ཉམས་པར་འགྱུར་བར་ཞུགས་པ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་ཇི་ལྟར་ཚད་མེད་པ་བཞི་སྒོམ་ཞེ་ན། བྱམས་པ་དང་། སྙིང་རྗེ་དང་། ་དགའ་བ་དང་། བཏང་སྙོམས་ཏེ། མདོར་བསྡུ་ན་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚད་མེད་པ་བཞི་རྣམ་པ་གསུམ་དུ་བསྒོམས་པར་བྱེད། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། ་དམིགས་པ་མེད་པའོ།། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་ལྡན་པ་དང་། སྡུག་བསྔལ་བ་ཡང་མ་ཡིན།། བདེ་བ ་ཡང་མ་ཡིན་པ་དང་ལྡན་པའི་ཚོགས་གསུམ་དུ་རྣམ་པར་བཞག་ནས། སེམས་ཅན་བདེ་བ་འདོད་པ་རྣམས་ཀྱི་དབང་དུ་བྱས་ཏེ། བདེ་བ་སྒྲུབ་པའི་ལྷག་པའི་བསམ་པ་དང་ལྡན་པའི་བྱམས་པའི་སེམས་ཀྱིས ་ཕྱོགས་བཅུ་ཁྱབ་པར་བྱས་ནས། སེམས་ཅན་ལ་མོས་པས་གནས་པ་དེ་ནི་དེའི་སེམས་ཅན་ལ་དམིགས་བྱའི་བྱམ་པ་ཡིན་པར་རིག་པར་བྱའོ།། ཆོས་ཙམ་དུ་འདུ་ཤེས་པ་དང་ལྡན་པ། ཆོས་ཙམ་ལ ་སེམས་ཅན་དུ་འདོགས་པར་བསམ་པུ་ཐུག་པ་ནས་མཐོང་སྟེ། བྱམས་པ་དེ་ཉིད་སྒོམ་པར་བྱེད་པ་དེ་ནི་དེའི་ཆོས་ལོ་དམིགས་པའི་བྱམས་པོ་ཡིན་པར་རིག་པར་བྱའོ།། ཆོསུ་རྣམ་པར་རྟོག་པ་ཡང་མེད་པར ་བྱམས་པ་དེ་ཉིད་སྒོམ་པར་བྱེད། དེའི་དམིགས་པ་མེད་པའི་བྱམས་པའི་ཡིན་པར་བྱའོ།། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་བྱམས་པ་ཇི་ལྟ་བ ་བཞིན་དུ་སྙིང་རྗེ་དང་། དགོའ་བ་དང་། བཏང་སྙོམས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་དང་ལྡན་པ་རྣམས་ལས་བརྩམས་ཏེ། ཕྱོགས་བཅུ་དག་ཏུ་སྡུག ་བསྔལ་བསལ་བའི་ལྷག་པའི་བསམ་པ་སྙིང་རྗེ་དང་ལྡན་པའི་སེམས་སྒོམ་པར་བྱེད་པ་དེ་ནི་དེའི་སྙིང་རྗེའི་ཡི་ནོ།། སེམས་ཅན་བདེ་བ་དང་ལྡན་པ་རྣམས་ལ་བརྩམས་ཏེ། ཕྱོགས་བཅུ་དག་ཏུ་བདེ་བ ་ལ་རྗེ་སུ་ཡི་རང་བའི་ལྷག་པའི་བསམ་པ་དགའ་བ་དང་ལྡན་པའི་སེམས་སྒོམ་པོར་བྱེད་པ་དེ་ནི་དེའི་དགའ་བ་ཡིནོ།། དེའི་ཕྱོགས་བཅུ་དག་ཏུ་སེམས་ཅན་སྡུག་བསྔལ་བ་ཡང་མཽ་ཡིནོ།། བདེ་བ་ཡང་མ་ཡིན་པ་དང་ལྡན ་བ་དང་། སྡུག་བསྔལ་དང་ལྡན་པ་དང་། བདེ་བ་དང་ལྡན་པ་རྣམ་པ་གསུམ་པོ་དེ་དག་ཉིད་ཀྱིས་ཉོན་མོངས་པ་གོ་རིམས་བཞིན་དུ་གཏི་མུག་དང་། ཞེ་སྡོད་དང་། འདོད་ཆགས་བསྔལ་བའི་ལྷག་པའི་བསམ་པ་བཏང ་སྙོམས་དང་ལྡན་པའི་སེམས་སྒོམ་པར་བྱེད་པ་དེ་ནི་དེའི་བཏང་སྙོམས་ཡིནནོ།། དེ་ལ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ཚད་མེད་པ་སེམས་ཅན་ལ་དམིགས་པ་གང་ཡིན་པ་དེ་དག་ནི ་གཞན་མུ་སྟེགས་ཅན་དང་ཐུན་མོང་བ་ཡིནོ།། ཆོས་ལྔ་དམིགས་པ་གང་ཡིན་པ་དོ་དགྲ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་པ་ཡིན་གྱི། མུ་སྟེགས་ཅན་དང་ནི་ཐུན་མོང་མ་ཡིན ་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་དམིགས་པ་མེད་པའི་ཚད་མེད་པ་གང་ཡིན་པ་དེ་དག་ནི། མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པར ་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཚད་མེད་པ་བྱམས་པ་དང་། སྙིང་རྗེ་དང་། དཔའ་བ་གསུམ་ནི་བདེ་བར་བྱ་བའི་བསམ་པས་བསྡུས་པར་རིག་པར་བྱའོ།། ཚད་མེད ་པ་གཅིག་ནི་ཕན་པ་བྱ་བའི་ལྷག་པའི་བསམ་པས་བསྡུས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བཏང་སྙོམ་སོ།། བྱང་ཆུབ་སེམས་དཔའི་ཚད་མེད་པ་དེ་དག་ཐམས་ཅད་ནི་སྙིང་བརྩེ་བ་ཞེས་བྱ་སྟེ། དེ་ལྟ་བས ་ན་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བ་ཅན་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་ཁམས་ན་སྡུག་བསྔལ་རྣམ་པ་བརྒྱ་རྩ་བཅུ་མཐོང་བས་སེཾན་རྣམས་ལ་སྙི ་པར་བྱེར།། སྡུག་བསྔལ་རྣམས་འཕྱོཿབཅུ་གང་ཞེ་ན། སྡུག་བསྔལ་རྣམ་པ་གཅིག་ནི་བྱེ་བྲག་མོད་པར་འཇུག་པའི་སྡུག་བསྔལ་ལས་བརྩམས་ཏེ། སེམས་ཅན་ཐམས་ཅད་འཇུག་པར་གཏོགས་པའི་སྡུག་བསྔལྔ་དང་ལྡན ་པའོ།། སྡུག་བསྔལ་རྣམ་པ་གཉིས་ནི་འདུན་པའི་རྩ་བ་ཅན་ཏེ། དགའ་བའི་དངོས་པོ་གང་དག་འགྱུར་ཞིང་གཞན་དུ་འགྱུར་བ་ལས་སྡུག་བསྔལ་སྐྱེ་བ་དང་། རྣམ་པར་སྨིན་པ་རྨོངས་པ་ཙནྡ་གྱི་སྡུག་བསྔལ ་ཏེ། ལུས་ཀྱི་ཚོར་བ་དྲག་པོ་གང་དག་གིས་ཐེབས་ན། ལུས་དེ་ལ་བདག་ཅེས་བྱ་བ་འམ། བདག་གི་ཞེས་བྱ་བ་རྨོངས་ནས་ཤིན་ཏུ་མྱ་ངན་བྱེད་ཅིང་གང་གིས་ལུས་དང་སེམས་ཀྱི་ཚོར་བའི་ཟུག་རྔུ་གཉིས་མྱོང་བའོ།། ་སྡུག་བསྔལ་རྣམ་པ་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལོ།། སྡུག་བསྔལ་རྣམ་པ་བཞི་ནི། བྲལ་བའི་སྡུག་བསྔལ་ཏེ། སྡུག་པ་རྣམས་དང་། ་བྲེལ་བ་ལས་སྐྱེ་བ་གང་ཡིན་པ་དང་། རྒྱུན་ཚང་པའི་སྡུག་བསྔལ་ཏེ། རིགས་མཐུན་པའི་འདོར་བ་འཆི་བ་ལྔས་སྐྱེ་བོ་གང་ཡིན་པ་དང་། རྒྱུན་གྱི་སྡུག་བསྔལ་ཏེ། ཤི་བོའི་འོག་ཏུ་སྐྱེ་བ་གཅི་ག་ནས ་གཅིག་ཏུ་བརྒྱུད་པ་ལས་སྐྱེ་བ་གང་ཡིན་པ་དང་། གཏན་དུ་སྡུག་བསྔལ་བ་སྟེ། ཡོངསུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་སེམས་ཅན་རྣམས་ཀྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གང་ཡིན་པ་རྣམས།། ་སྡུག་བསྔལ་རྣམ་པ་ལྔ་ནི་འདོད་པ་ལ་འདུན་པའི་ཀུན་ནས་དཀྲིས་པའི་རྐྱེན་ཅན་དྲང་ང་། གནོད་སྙོམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱིས་ཀུན་ནས་དཀྲིས ་པིའི་རྐྱེན་རྐྱེན་གྱི་སྡུག་བསྔལོ།། སྡུག་བསྔལ་རྣམ་པ་དྲུག་ནི། ངནྡ་སྟོང་གི་རྒྱུ་རྟེན་པའི་ཕྱིར་རྒྱུའི་སྡུག་བསྔལྔ་དང་། ངན་སོང་དུ་སྐྱེས་པའི་ཕྱིར་འབྲས་བུའི་སྡུག་བསྔལ་དང་། ལོངས་སྤྱོད་ལས་བརྩམས ་ཏེ་ཡོངསུ་ཚོལ་པོའི་སྡུག་བསྔལ་དང་། བསྲུང་བའི་སྡུག་བསྔལ་དང་། ཆོ་ག་མི་ཤེས་པའི་སྡུག་བསྔལ་དང་། མེད་པར་འགྱུར་བའི་སྡུག་བསྔལ་ཏེ། དེ་དག་བསྡུས་པ་ནི་སྡུག་བསྔལ་རྣམ་པ་དྲུག་ཡིནོ།། ་དེ་ལས་སྡུག་བསྔལ་རྣམ་པ་བཅུ་དགུ་ལ་དམིགས་པ་ལས་ནི་སྙིང་རྗེ་ཆེན་པོ་འཇུག་པར་འགྱུར་ཏེ། སྡུག་བསྔལ་རྣམ་པ་བཅུ་དགུ་པོ་གང་ཞེ་ན། རྣམ་པར་སྨིན་པ་རྨོངས་པ་ཅན ་གྱི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དུ་གཏོག་པའི་སྡུག་བསྔལ་དང་། གཏན་དུ་སྡུག་བསྔལ་དང་། རྒྱུའི་སྡུག་བསྔལ་དང་། སྐྱེ་བའི་སྡུག་བསྔལ་དང་། བདག་ཉིད་ཀྱིས་གནོད་པར་བྱས་པའི ་སྡུག་བསྔལ་དང་། ཚུལ་ཁྲིམས་ཉམས་པའི་སྡུག་བསྔལ་དང་། ལྟེ་བ་ཉམས་པའི་སྡུག་བསྔལ་དང་། སྔོན་གྱི་རྒྱུ་ལས་བྱུང་བའི་སྡུག་བསྔལ་དང་། སྡུག་བསྔལ་ཆེན་པོ་དང་། སེམས་ཅན་དྲོ་མྱལ་བ ་པིའི་སྡུག་བསྔལ་དང་། བདེ་འགྲོར་གཏོགས་པའི་སྡུག་བསྔལ་དང་། ལོག་པར་ཞུགས་པ་རྣམས་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་དང་། འཇུག་པའི་སྡུག་བསྔལ་ཐམས་ཅད་དང་། མི་ཤེས་པའི ་སྡུག་བསྔལ་དང་། རྒྱས་པ་ལྔས་བྱུང་བའི་སྡུག་བསྔལ་དང་། རྗེ་སུ་འབྲེལ་པ་ལས་བྱུང་བའི་སྡུག་བསྔལ་དང་། ཚོ་བིའི་སྡུག་བསྔལ་དང་། གནས་ངན་ལེན་གྱི་སྡུག་བསྔལོ།། དེ་ལ་སྙིང་རྗེ་ནི་རྒྱུ་རྣམ་པ ་བཻ་ཞིས་སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཟབ་ཅིང་ཆ་ཕྲ་བ་ལ་རྟོགས་པར་དཀའ་བ་ལ་དམིགས་ནས་སྐྱེས་པ་ཡིན།། བསྐལ་པ་འབུམ་ཕྲག་དུ་མ་ནས་གོམས་པ་ཡུན་རིང་པོར ་ནས་འདྲིས་པ་ཡིནོ།། བརྩོལ་བ་དྲུག་པོས་དམིགས་པ་ལ་ཞུགས་པ་ཡང་ཡིན་ཏེ། བརྩོལ་བ་འདི་ལྟ་བུ་དང་ལྡན་ཞིང་སྙིང་རྗེས་ཟིན་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་རྣམས་ཀྱི་སྡུག་བསྔལ ་བསལ་བའི་ཕྱིར། བདག་ཉིད་ཀྱི་ཕྱོགས་བརྒྱ་ཡང་ཡོངསུ་གཏོང་ན་སྲོག་གཅིག་ལྟོ་ཅི་སྨོས། ལུས་ཀྱི་ཡོ་བྱད་ལྷ་ཡང་ཅི་སྨོས་ཏེ། སྡུག་བསྔལ་གྱིས་གནོད་པའི་རྣམ་པ་ཐམས་ཅད་ཀྱང་ཉམ་སུ་ལེན ་པར་བྱེད་པ་ཡིན། ཤིན་ཏུ་རྣམ་པོར་དག་པ་ཡང་ཡིན་ཏེ། འདི་ལྟ་སྟེ། མཐར་ཐུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་ཡང་རྣམ་པར་དག་པའི་ཕྱིར་དང་། དེ་བཞིན ་གཤེགས་པ་རྣམས་ཀྱི་དེ་བཞིནཱ་གཤེགས་པའི་སའི་ཡང་རྣམ་པར་དག་པའི་ཕྱིརརོ།། བྱང་ཆུ་བཽ་སེམས་དཔའ་གང་དག་སྡུག་བསྔལ་བརྒྱ་རྩ་བཅུ་པོ་འདིས་སེམས་ཅན་རྣམས་ལ་སྙིང་རྗེ་སྒོམ་པར་བྱེད་པའི ་བྱང་ཆུབ་སེམས་དཔའ་དེ་དག་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཐམས་ཅད་བསྒོམ་པ་ཡིནོ།། དེ་དག་གིས་ནི་བསམ་པ་དག་པའི་སྐུ་ལ་ཞུགས་པའི་སྙིང་རྗེའི་བསྒོམ་པ་རྣམ་པར་དག་པ་ཡང་མྱུར་བ ་ཉིད་དུ་ཐོབ་པར་འགྱུར་རོ།། སེམས་ཅན་རྣམས་ལ་ཡང་སེམས་ཤིན་ཏུ་གཉེན་པོ་དང་། བྱམས་པའི་སེམས་དང་། བྱེད་འདོད་པའི་སེམས་དང་། སྐྱོ་བ་མེད་པའི་སེམས་དང་། སྡུག་བསྔལ་ཉམསུ ་པའཾ་ཉོན་མོངས་པ་འཕེལ་བ་ལས་བྱུང་བའི་སྡུག་བསྔལ་དང་། སྡུག་བསྔལ་གང་མུ་གེས་འཕོངས་པ་འམ། ཕ་རོལ་གྱི་དམག་ཚོགས་ཀྱིས་འཕོངས་པ་དང ་དགོན་པ་དང་། གཅོད་རོང་དུ་འགྲོ་བའི་ཉམ་ང་བས་འཕོངས་པ་ལས་བྱུང་བ་དང་། སྡུག་བསྔལ་གང་ཕ་རོལ་ལས་རག་ལས་པས་འཚོ་བ་ལས་བྱུང་བ་དང་། སྡུག་བསྔལ་གང་ཡན་ལག་དང་ཉིང ་ལག་ཉམས་པས་འཕོངས་པར་གྱུར་པ་ལས་བྱུང་བ་དང་། སྡུག་བསྔལ་གང་གསད་པ་དང་། བཅིང་བ་དང་། བཅད་པ་དང་། བརྡེག་པ་དང་། བསྐྲད་པ་ལ་སོགས་པས་འཕོངས་པ་ལས ་འབྱུང་བའོ།། དེ་ལ་རྗེསུ་འབྲེལ་པ་ལས་འབྱུང་བའི་སྡུག་བསྔལ་བ་ནཱི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་སྡུག་བསྔལ་གང་ཡིན་པ་སྟེ། འཇིག་པ་ཆོས་ཅན་འཇིག་པ་དང་། ཟད་པའི་ཆོས་ཅན་ཟད་པ་དང་། ་རྒ་བའི་ཆོས་ཅན་རྒ་བ་དང་། ནི་བའི་ཆོས་ཅནྡ་ན་བ་དང་། འཆི་བའི་ཆོས་ཅན་འཆི་བ་དང་། ཡང་མ་རྙེད་པ་དང་། མི་སྙན་པ་འམ། སྨད་པ་ལས་སྡུག་བསྔལ་འབྱུང་བ་གང་ཡིན་པ་སྟེ། སྡུག ་བསྔལ་རྣམ་པ་བརྒྱད་པོ་འདི་དག་དང་། འདོད་པའི་སྡུག་བསྔལ་དང་། འདི་རྣམས་ནི་རྗེསུ་འབྲེལ་པ་ལས་བྱུང་བའི་སྡུག་བསྔལ་ཞེས་བྱའོ།། དེ་ལ་རྣམ་པ་ཐམས་ཅད་ཀྱི་སྡུག་བསྔལ་ནི་བདེ་བ་རྣམ་པཅཝ ་སྐད་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་སྡུག་བསྔལ་གང་ཡིན་པ་སྟེ། རྒྱུའི་སྡུག་བསྔལ་དང་། ཚོར་བའི་སྡུག་བསྔལ་དང་། བདེ་བ་མེད་པ་ཅན་གྱི་སྡུག་བསྔལ་དང་། ཚོར་བ་རྒྱུན་མི་འཆད་པའི་སྡུག་བསྔལ་དང་། ་མྱམངོན་པར་འབྱུང་བ་དྲུངྒ། རབ་ཏུ་དབེན་པ་དང་། ཉེ་བར་ཞི་བྷྲཱུཾ་དང་། རྫོགས་པའི་བྱང་ཆུབ་ཀྱི་བྱེད་དྲིའོ་མི་མཐུན་པའི་ཕྱོགས་ཁྱིམ་པ་དང་། འདོད་པའི་ཁམས་དང་། ཀུན་ཏུ་སྦྱོར་བྱ་ལས་བྱུང་བ ་རྟོགས་པ་དང་། སོ་སོའི་སྐྱེ་བོའི་སྡུག་བསྔལ་ནི་ལྔ་པ་ཡིན་པར་རིག་པ་བྱ་སྟེ། སྡུག་བསྔ་ལོ་རྣམ་པཱ་ལྔ་པོ་འདི་དང་གནོད་པ་ལ་སོ་བྱུང་བ་དང་། ཡོ་བྱང་མེད་པ་ལས་བྱུང་བ་དང་། ཁམས་མི་སྙོམས་པ་ལས་ཟུང ་བ་དང་། དག་འགྱུར་བ་ལས་བྱུང་བ་དང་། ཁམས་གསུམ་ན་སྤྱོད་པའི་ཉོན་མྱོངས་པའི་ཕྱོགས་གནས་ངན་ལེན་གྱི་སྡུག་བསྔལ་ལྔ་པོ་དེ་དང་། སྔ་མའི་རྣམ་པ་ལྔ་གཅིག་ཏུ་བསྡུས་ཏེ། སྡུག་བསྔལ ་རྣམ་པ་བཅུ་ནི་རྣམ་པ་ཐམས་ཅད་ཅེས་བྱའོ།། དྭེ་ཝཱར་སྒྱུ་མའི་རྣམ་པ་ལྔ་བཅུ་རྩ་ལྔ་པོ་དང་། རློམ་པ་ལྦུ་བཅུ་རྩ་ལྔ་པོ་འང་དག་གཅིག་ཏུ་བསྡུས་ན། སྡུག་བསྔལ་རྣམ་པ་བརྒྱ་རྩ་བཅུར་འགྱུར་བ་ནི་བྱ ་ཆུབ་སེམས་ཇིའིའི་སྙིང་རྗེ་ཡི་དམིགས་པོ་སྟྭ~ཾ། དམིགས་པ་དེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོང་རྗེ་སྐྱེ་ཞིང་རྣམ་པར་འཕེལ་ལོ་སྒོམ་པ་ཡོང་སུ་རྫོགས་པར་འགྱུརརོ།། སྡུག་བསྔལ་གྱི་ཕུང་པོ་ཆེ་རོ་པོ ་འདི་ལ་གཞན་གྱིས་གནོད་པར་བྱས་པ་དང་། གཞན་ལྷ་གནོད་པར་བྱས་པ་ལས་བྱུང་བ་དང་། ཀུན་ནས་སློང་བ་དང་། ཁ་ཟས་མི་མཐུན་པའི་ཟོས་པས་ཁམས་མ་སྐྱེམས ་པ་ལས་བྱུང་བའི་སྡུག་བསྔལ་ཀུན་ནས་སློང་བ་དང་། ཆོས་འདི་ལ་བདག་ཉིད་ཀྱིས་མེ་རིགས་པརརྱ་སྡུག་བསྔལ་བར་བྱས་པ་ལས་བདག་གིས་བྱས་པའི་སྡུག་བསྔལ་ཀུན་ནས་སློང་བ་དང་། ཚུལ་བཞིན ་མཱ་ཡིན་པའི་ཡིད་ལ་བྱེད་པ་དང་། དེ་ལ་ཤས་ཆེར་གནས་པས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པས་ཀུན་ནས་དཀྲིས་པའི་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་བ་དང་། ལུས་དང་། ངག་དང་། ་ཡིད་ཀྱི་ཉེས་པར་སྤྱོད་པ་ཤས་ཆེ་བས་ཕྱི་མ་ལ་ངན་སོང་བའི་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་རོ།། དེ་ལ་འཇུག་པའི་སྡུག་བསྔལ་ནི་མ་ངེས་པ་རྣམ་པ་དྲུག་ལས་འབྱུང་བའི་སྟེ། འཁོར་བུར་འཁོར ་བ་ན་ལུས་མ་ངེས་པོ་རྒྱལ་པོར་གྱུར་པ་ལྟོས་མྱི་དབུལ་པོར་གྱུར་པི་དང་། ཕ་མཱ་མཱ་ངེས་པ་དང་། བུ་དང་ཆུང་མ་མ་ངེས་པ་དང་། བློན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མ ་ངེས་པ་དང་། མཛའ་ཤེས་དང་། གྲོས་གྲོགས་དང་། དེ་ཉེ་དུ་དང་སྣག་གི་གཉེན་མཚམས་མ་ངེས་པོ་ལས་བྱུང་བ་སྟེ། འཁོར་བར་འཁོར་བ་ན། ཕ་མར་གྱུར་པོ་རྒྱས་པར་མཛའ་བཤེས་དང་། ་གྲོས་གྲོགས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ཀྱི་བར་དུ་གྱུར་པ་ལས་དུས་གཞན་དུ་འཁོར་བར་འཁོར་བ་ན། གསོད་པ་དང་། ཕྱིར་རྒོལ་བ་དང་། དགྲ་བོར་གྱུར་པ་དང་། འཁོར་བྱར་འཁོར ་ན་ལོངས་སྤྱོད་མ་ངེས་པས། ལོངས་སྤྱོད་ཆེན་པོར་གྱུར་པ་ལས། ཕྱིས་གཞན་དུ་མཆོག་ཏུ་དབུལ་བྱོར་འགྱུར་རོ།། དེ་ལ་མི་འདོད་པས་བྱས་པའི་སྡུག་བསྔལ་ནི་ཚེ་རིང་བར་འདོད་པ་ལས་མི་འདོད་པ་ལས ་མི་འདོད་བཞིན་དུ་ཚེ་ཐུང་བར་འགྱུར་བ་ལས་འབྱུང་བ་དང་། བྱད་བཟོང་བར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་བྱད་ངན་པར་འགྱུར་བ་དང་།། རིགས་མཐོན་པོར་སྐྱེ་བར་འདོད་པ་ལས་ཀྱང་མི་འདོད་བཞིན ་དུ་རིགས་དམའ་བར་སྐྱེ་བར་འགྱུར་བ་དང་། དབང་ཕྱུག་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་དབུལ་པོར་འགྱུར་པོ་དང་། སྟོབས་ཆེ་བར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་སྟོབས་ཆུ་ངུར་འགྱུར་བ ་ལས་འབྱུང་བ་དང་། ཤེས་བྱ་ཤེས་བྱར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་རྨོངས་པ་ཀུན་ཏུ་སྤྱོད་པ་ལས་འབྱུང་བ་དང་། ཕ་རོལ་ཕམ་པར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་བདག་ཉིད་ཕམ་པ ་ལས་བྱུང་བའི་སྡུག་བསྔལོ།། དེ་ལ་འཕོངས་པའི་སྡུག་བསྔལ་ནི་ཁྱིམ་པ་རྣམས་ཀྱི་བུ་དང་ཆུང་མ་ལ་སོགས་པ་འགྲིག་པ་ལས་འབྱུང་བ་དང་། རབ་ཏུ་འབྱུང་བ་རྣམས་ཀྱི་འདོད་ཆགས་ལ་སོགས ་སྡུག་བསྔལ་རྣམ་པ་བདུན་ནི། སྐྱེ་བའི་སྡུག་བསྔལ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མི་སྡུག་པ་དང་། ཕྲད་པ་དང་། སྡུག་པ་མེད་པར་འགྱུར་བ་དང་། འདོད་པ ་བཙལ་ཏེ་མ་རྙེད་པ་གང་ཡིན་པ་དེ་ཡང་སྡུག་བསྔལོ།། སྡུག་བསྔལ་རྣམ་པ་བརྒྱད་ནི་གྲང་བའི་སྡུག་བསྔལ་དང་། ཚ་བའི་སྡུག་བསྔལ་དང་། བཀྲེས་པའི་སྡུག་བསྔལ་དང་། སྐོམ་པའི་སྡུག་བསྔལ་དང་། རང་དབང ་མེད་པའི་སྡུག་བསྔལ་དང་། བདག་ལ་གནོད་པ་བྱེད་པའི་སྡུག་བསྔལ་འདི་ལྟ་སྟེ། གཅེར་བུ་པ་ལ་སོགས་པ་རྣམས་ཀྱི་ལྟ་བུ་དང་། གནོད་པ་གཞན་ལས་བྱུང་བའི་སྡུག་བསྔལ་འདི་ལྟ་སྟེ། གཞན་གྱི་ལག་པ ་དང་བོང་བས་བསྣུན་པ་ལ་སོགས་པ་དང་། ཤཽ་སྦྲང་དང་། སྦྲང་བུ་མཆུ་རིངས་ལ་སོགས་པས་ཟིན་པ་དང་། སྤྱོད་ལམཱ་སྣ་གཅིག་གིས་གནས་པའི་སྡུག་བསྔའོ།། སྡུག་བསྔལ་རྣམ་པ་དགུ་ནི། བདག་ཉིད ་རྒྱུད་པའི་སྡུག་བསྔལ་དང་། གཞན་རྒྱུད་པའི་སྡུག་བསྔལ་དང་། ཉེ་དུ་རྒྱུད་པའི་སྡུག་བསྔལ་དང་། ལོངས་སྤྱོད་ཉམས་པའི་སྡིག་བསྔལ་དང་། ནང་མེད་པ་ལས་ཉམས་པའི་སྡུག་བསྔལ་དང་།། ཚུལ་ཁྲིམས ་ཉམས་པའི་སྡུག་བསྔལ་དང་། ལྟ་བ་ཉམས་པའི་སྡུག་བསྔལ་དང་། ཚེ་འདི་པའི་སྡུག་བསྔལ་དང་། ཚེ་ཕྱི་མའི་སྡུག་བསྔལོ།། སྡུག་བསྔལ་རྣམ་པ་བཅུ་ནི། ལུས་ཀྱི་ཡོ་བྱད་ཁ་ཟས་མེད་པའི་སྡུག་བསྔལ་དང་། ་སྨྱུང་བྱུ་དང་། བྱིཞེན་པ་དང་། གོས་དང་། རྒྱན་དང་། སྤྱོད་སྤྱད་ཀྱི་ཡོ་བྱང་མེད་པའི་སྡུག་བསྔལ་དང་། སྐྱེས་དང་། མེ་ཏོག་བྱེང་དང་། དྲུག་བནྡྷ་སློ་མེད་དྷའི་སྡུག་བསྒྱུས་དང་། གང་། བྷཱུ་དང་། ་རོལ་མོའི་སྒྲའི་ཡོ་བྱད་མེད་པའི་སྡུག་བསྔལ་དང་། སྣང་བའི་ཡོ་བྱད་མེད་པའི་སྡུག་བསྔལ་དང་བཅུ་པ་སྟེ། སྐྱེས་པ་དང་། བུད་མོད་དགའ་མགུར་སྤྱོད་པའི་ལུས་ཀྱི་ཡོ་བྱད་མེད་པའི་སྡུག་བསྔལོ།། ཡང་སྔར ་xxx ་བ་། མིའི་དོད་པས་བྱོས་པའི་བྷུཀ~ཾ་བྷྱཎྜལེ་དང་། པོ་མྦྷ་པའི་སྡུག་བསྔལེ་དང་། དྡྷེ་འབྲེལ་བ་ལ་འི་ལྡོག་རྣ་མ་ཐམས་ཧྲཱིའོ།། དེལ་སྦྱིན ་སྣརོན་རྣལས་བྷྲི་བྱུང་ངོ་། སྦྱི་སྟེ་བྱུང་བའོ།། ངྒེ་སྡུག་བྱེ་མྦྷ་ཆེན་པོ་སྤྱན་རང་བྱ་བྱུ་། འ་བམ་ཚོགས་སྨྲ་དང་། ། ་ཀྱི་སྒོ་ནས་སྡུག་བསྔལ་ནི་སེམས་ཅན་དམྱལ་བ་པའི་དངང་། དུད་འགྲོའོ་སྐྱེ་གནས་པའོ་དང་། ཡི་དགས་ཀྱི་འཇིག་རྟེན་པའིངོ། བདེ་འགྲོར་གི་རྟོགས་པའོ།། མིག་པར་ཞུགས་པའི་སྡུག་བསྔ ་ལེན་པའི་སེམས་དང་། ལསུ་རུང་ཞིང་དབང་དུ་གྱུར་པའི་སེམས་དང་ལྡན་པ་ཡིནོ།། འཕགས་པ་ཉན་ཐོས་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་དང་ལྡན་པ་མཐར་ཐུགས་པ ་སྐྱོ་བ་དང་ལྡན་པའི་སེམས་ཀྱི་རྒྱུད་ཐག་རིང་དུ་སོང་བར་གྱུར་པ་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་སེམས་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རྣམ་པ་བརྒྱ་རྩ ་བཅུར་འདུས་པ་ཡང་དག་པར་མཐོང་ནས་འཇུག་པ་དེ་ལྟར་མི་འཇུག། བྱང་ཆུབ་སེམས་དཔའ་དེ་ལྟར་སྙིང་རྗེས་ཡིད་ཡོངསུ་བསྒོས་པ་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་གང་ཅི་ཡང་ཡོངསུ་མི་གཏོངདྲ་བ་མེདོ།། ཚུལ ་ཁྲིམས་ཀྱི་སྡོམ་པ་གང་ཡང་དག་པར་ལེན་པའི་མི་བྱེད་པ་དེ་མེདདོ།། གཞོན་གནོད་པ་བྱེད་པ་གང་མི་བཟོད་པ་དེ་ལ་ཡང་མེདདོ།། བརྩོན་འགྲུས་གང་མི་རྩོམ་པ་མདོ།། བསམ་གཏན་གང་ལྔ་མི་འཇུག་པ་དེ་མེདོ།། ་ཤེས་རབ་གང་ལ་མི་འཇུག་པ་དེ་མེདོ།། དེ་ལྟ་བོས་ན་དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་གང་ལ་གནས་ཤེས་ཞུས་ན། བྱང་ཆུབ་སེམས་དཔའི་བྱང་ཆུབ་ནི་སྙིང་རྗེ་ལ ་གནསོ་ཤེས་ཡང་དག་པར་ལུང་སྟོན་པས་ལུང་སྟོན་པར་མཛད་དོ།། དེ་ལ་འདིར་བྱང་ཆུབ་སེམས་དཔའི་ཚད་མེད་པ་རེ་རེ་ཞིང་ཇི་སྐད་བསྟན་པ་ནི་ཚད་མེད་པ་ཕུན་སུམ་ཚོགས་པས་ཕུན་སུམ་ཚོགས་པར་འཇུག ་སྟེ། སྡུད་པའི་འབྲས་བུ་ཚད་མྱེད་པ་ཡོངསུ་འཛིན་ཅིང་རྣམ་པ་གཅིག་ཏུ་ངེས་པར་དགེ་ཞིང་ཁ་ན་མ་ཐོ་བ་མེད་པ་ཚད་མེད་པ་དག་གིས་འཇུག་པའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་དེ་ལྷུར་མེད་པ་བསྒོམ་པ་ལ ་བརྩོན་པ་ནི་ཕན་ཡོན་བཞི་ཡོད་པར་རིག་པར་བྱ་སྟེ། ཚད་མེད་པ་སྒོམ་པ་དེ་ནི་ཐོག་མ་ཁོ་ནར་ཚེ་འདི་ལ་བདེ་བ་མཆོག་ལ་གནས་པར་འགྱུར་བ་དང་། བསོད་ནམས་ཀྱི་ཚོགས་ཚད་མེད་པ་ཡོངསུ་འཛིན་ཅིང་འཕེལ ་བཔར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསམ་པ་བརྟན་པར་འགྱུར་བ་དང་། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་འཁོར་བ་ན་སྡུག་བསྔལ་ཐམས་ཅད་ཉམ་སུ་ལེན་པར་འགྱུར་བའོ།། ། ་བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལ་མཆོད་པ་དང་། བརྟེན་པ་དང་། ཚད་མེད་པའི་ལེའུ་སྟེ་བཅུ་དྲུག་པའོ།། ། ་བིམ་པོ་བཅུ་བཞི་པ།། སྡོམ་ནི། ངོ་ཚ་བྱརྟན་དང་མི་སྐྱོ་དང་།། དེ་བཞིན་བསྟན་ཆོས་འཇིག་རྟེན་ཤེས།། ལེགས་པར་སྟོན་པར་བྱེད་པ་དང་།། དེ་བཞིན་སོ་སོ་ཡང་དག་རིག། ཚོགས་དང་བྱང ་ཆུབ་ཕྱོགས་རྣམས་དང་།། ཞི་གནས་དེང་ནི་ལྷག་མཐོང་དང་།། ཐབས་ལ་ཡང་ནི་མཁས་པ་དང་།། གཟུངས་རྣམས་དང་ནི་སྨོན་ལམ་དང་།། ཏིང་འཛིན་གསུམ་བུ་ཤེས་པར་བྱ།། ཆོས་ཀྱི་མདོ་ནི་རྣམ་པ་བཞི།། ། ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གཉིསུ་རིག་པར་བྱ་སྟེ། ངོ་བོ་ཉིད་དང་གནསོ།། བྱང་ཆུབ་སེམས་དཔའ ་ཁ་ན་མ་ཐོ་བ་ཀུན་ཏུ་སྤྱོད་པ་ན་བདག་གི་ཆ་མ་ཡིན་པར་ཤེས་ནས་འཛེམ་པ་ནི་ངོ་ཚ་ཤེས་པའོ།། དེ་ཉིད་ལ་གཞན་དག་ལ་འཇིགས་ཤིང་གུས་པས་འཇམ་པ་ནི་ཁྲེལ་ཡོད་པའོ།། བྱང་ཆུབ་སེམས་དཔའི་འཛེམ ་པ་དེ་ཡང་རང་བཞིན་གྱིས་ཤས་ཆེ་བ་ཡིན་ན། གོམས་པ་ལྟ་ཅི་སྨོས་ཏེ། བྱང་ཆུབ་སེམས་དཔའི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་ངོ་བོ་ཉིད་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ།། གནས་ནི་མདོར་བསྡུ་ན་རྣམ་པ་བཞི ་སྟེ། བྱང་ཆུབ་སེམས་དཔའི་བྱ་བ་ལ་ནན་ཏན་མི་བྱེད་པ་ལ་འཛེམ་པ་གང་ཡིན་པ་དེ་ནི་གནས་དང་པོའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱ་བ་མ་ཡིན་པ་ལ་ནན་ཏན་བྱེད་པ་ལ་འཛེམ་པ་གང་ཡིན་པ་དེ་ནི ་གནས་གཉིས་པའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བདག་ཉིད་ཀྱི་སྡིག་པ་འཆབ་པ་ལ་འཛེམ་པ་ནི་གནས་གསུམ་པའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བདག་ཉིད་ཀྱི་འདོད་པ་སྐྱེས་པ་རྟོན་པ་དང ་བཅས་པ་ཞར་ལ་བྱུང་བ་ལ་འཛེམ་པ་གང་ཡིན་པ་དེ་ནི་གནས་བཞི་པ་སྟེ། གནས་དེ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་བརྟན་པའི་སྟོབས་བསྐྱེད་པ་གང་ཞེ་ན། དེ་ཡང་རྣམ་པ་གཉིས ་སུ་བལྟ་བར་བྱ་སྟེ། ངོ་བོ་ཉིད་དང་གནསོ།། ཉོན་མོངས་པ་ཅན་གྱི་སེམས་ཅན་དག་པར་སྡོམ་པ་དང་། ཉོན་མོངས་པའི་དབང་དུ་མི་འགྲོ་བ་དང་། སྡུག་བསྔལ་དང་དུ་ལེན་པའི་ངང་ཚུལ་ཅན་ཉིད་དང་། འཇིགས་ཤིང་སྐྲག ་པ་རྣམ་པ་སྣ་ཚོགས་མང་པོ་མི་བཟང་པ་མངོན་སུམ་དུ་བྱུང་བ་དག་གིས་ཀྱང་ཡང་དག་པའི་སྦྱོར་བ་ལས་མི་གཡོ་བ་དང་། རང་བཞིན་གྱིས་སྙིང་སྟོབས་དང་ལྡན་པ་འམ། སོ་སོར་བརྟགས་པས་བརྟན་པ་འདི་ནི ་བརྟན་པའི་སྟོབས་བསྐྱེད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་བརྟན་པའི་སྟོབས་བསྐྱེད་པ་དེའི་གནས་ནི་མདོར་བསྡུ་ན་རྣམ་པ་ལྔ་ཡོད་པར་རིག་པར་བྱའོ།། འཁོར་བའི་སྡུག་བསྔལ་རྣམ ་པབ་སྣ་ཚོགས་དང་ཕྲད་པ་དང་། འདུལ་བ་ལས་གྱུར་པའི་ལོག་པར་འཇུག་པ་རྣམ་པ་སྣ་ཚོགས་དང་། ཡུན་རིང་པོར་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་འཁོར་བ་ཁས་བླངས་པ་དང་། ཕས་ཀྱི་རྒོལ་བ་དག་གིས ་ཉམས་བསྐྱོད་ཀྱང་འཁོར་བ་ཕལ་པོའི་ནང་དུ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་ཁས་བླངས་ཏེ། རྒྱ་ཆེ་ཞིང་ཟབ་པའི་ཆོས་ཉན་པ་ནི་གནས་ལྔ་པར་རིག་པར་བྱའོ།། དེ ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་སྦྱོར་བ་ཐམས་ཅད་ལ་རྒྱུ་ལྔས་ཡིད་ཡོངསུ་མི་སྐྱོ་བར་རིག་པར་བྱའོ།། འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྟོབས་དང་ལྡན་པ་ཡིན་ཏེ། དེས ་ན་ཡོངསུ་སྐྱོ་བར་མི་འགྱུརརོ།། ཡང་དེས་ཡིད་ཡོངསུ་མི་སྐྱོ་བ་དེ་ཉིད་ཡང་དང་ཡང་དུ་གོམས་པར་བྱས་པ་ཡིན་ཏེ། དེས་ན་ཡོངསུ་སྐྱོ་བར་མི་འགྱུརརོ།། སེམས་ཅན་རྣམས་ལ་བྱང་ཆུའི་སྣརུམས་པལ། ་ཡང་ཐབས་ཀྱིས་ཡོངསུ་ཟིན་པའི་བརྩོན་འགྲུས་རྩོམ་པ་དང་ལྡན་པ་ཡིན་ཏེ། དེས་ན་སྤུ་ཕྱི་བྱེ་བྲག་ཡང་དག་པར་མཐོང་བས་ཡོངསུ་སྐྱོ་བར་མི་འགྱུར་རོ།། ཤེས་རབ་ཀྱིས་སོ་སོར་རྟོག་བཱི་སྟོབ་དྲག་པོ་དང་ལྡན་པ་ཡིན་ཏེ། དེས་ན ་ཡོངསུ་སྐྱོ་བར་མི་འགྱུར་རོ།། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་དེའི་སྙིང་རྗེའི་སོམས་དང་སྙིང་བརྩེ་བའི་སེམས་དྲག་པོ་རྟག་ཏུ་རྒྱུན་མི་འཆད་པརརྱ་ཉེ་བར་གནས་པ་ཡིན་ཏེ། དེས་ན་ཡོངསུ་སྐྱོ་བྱར་མི་འགྱུར་རོ།། ་དེ་ལ་བྱང་ཆུབ་སེམས་དཔའི་བསྟན་བཅོས་ཤེས་པོ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་རིག་པའི་གནས་ལྔ་པོ་དག་ལས་བརྩམས་ཏེ། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་ལྡན་པའི ་ཆོས་གཞན་ལ་ལེགས་པར་གཟུང་སྟེ། ཁ་ཏོན་ལེགས་པར་བྱ་བ་ཡིན། ཆོས་ཀྱི་དོན་དེ་ཉིད་ཀྱང་གཞན་ལས་ལེགས་པར་ཐོས་པ་ཡིན། ཡང་ན་བདག་ཉིད་ཀྱིས་ལེགས་པར་བསམ་ཤིང་། ལེགས་པར་བརྟགས ་པ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཤེས་ཤིང་དོན་ཤེས་པས་ཆོས་དང་དོན་དེ་ཉིད་མི་བརྗེད་པར་བྱ་བའི་ཕྱིར་དང་། ཆོས་དང་དོན་གྱི་བྱེ་བྲག་སར་པ་སར་པ་དག་གོང་ནས་གོང་དུ་ཤེས་པར་བྱ ་བའི་ཕྱིར་སྦྱོར་བ་མི་གཏོང་བ་ཡིནོ།། ཐོས་པ་དང་བསམ་པའི་མཐར་ཐུག་པའི་དཔེ་ཆོས་དང་དོན་དེ་ལ་དུས་གཞན་ན་ཡོངསུ་སྨིན་པར་བྱས་པའི་དད་པ་ཐོབ་པ་ཡང་ཡིན་ཏེ། རྣམ་པ་དེ་དག་གིས་ན་བྱང་ཆུབ་སེམས ་དཔའི་བསྟན་བཅོས་ཤེས་པ་ཚད་མེད་པ་དང་། ཡོངསུ་རྫོགས་པ་དང་། ཕྱིན་ཅི་མ་ལོག་པ་ཉི་དུ་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་འཇིག་རྟེན་ཤེས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་སེན ་གྱི་འཇིག་རྟེན་ལས་བརྩམས་ནས། འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀྱེ་མ་འཇིག་རྟེན་འདི་ནི་ཉམ་ང་བར་ཞུགས་པ་སྟེ། འདི་ལྟར་སྐྱེ་ཡང་སྐྱེ། རྒ་ཡང་རྒྱུ། ཚེ་ཡང་འཆི། འཆི་འཕོ ་ཡང་འཆི་འཕོ།། སྐྱེ་ཡང་སྐྱེ་མོད་ཀྱི། འོན་ཀྱང་སེམས་ཅན་འདི་དག་རྒ་ཤིའི་འོག་ཏུ་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེསོ་སྙམ།། ཡང་འདི་ལྟ་སྟེ། ཚེའི་སྙིགས་མ་དང་། སེམས་ཅན ་གྱི་སྙིགས་མཱ་དང་། ཉོན་མོངས་པའི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་སྟེ། སྙིགས་མ་ལྔ་པོ་དག་ལས་བརྩམས་ནས། སེམས་ཅནྡ་གྱི་འཇིག་རྟེན་གྱི་སྙིགས་མཱ་ཤས་ཆེ་བའི་དུས་དང་། ་སྙིགས་མ་མེད་པའི་དུས་དང་། སྙིགས་མ་ཤས་ཆུང་བའི་དུས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། ད་ལྟར་གྱི་མི་རྣམས་ནི་འཚོ་བའི་ཡུན་ཐུང་སྟེ། གང་ཡུན་རིང་དུ་འཚོ་བ་དེས་ཀྱང་ལོ ་བརྒྱ་ཐུབ་པར་ཟད།། འདི་ལྟ་སྟེ། ད་ལྟར་གྱི་སེམས་ཅན་དག་ནི་ཕལ་ཆེར་ཕར་མི་འཛིན་པ། མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་གཙོ ་བོ་ལ་རིམ་གྲོ་མི་བྱེད་པ། དོན་དུ་འགྱུར་བར་མི་བྱེད་པ། བྱ་བའི་རིགས་པ་མི་བྱེད་པ། འཇིག་རྟེན་དང་འཇིག་རྟེན་ཕ་རོལ་ཏུ་ཁ་ན་མ་ཐོ་བ་རྣམས་ལ་འཇིག་པར་མི་ལྟ་བ། སྦྱིན་པ་དག་མི་བྱེད་པ། བསྟོད་ནམས ་དག་མི་བྱེད་པ། བསྙེན་ཏེ་གནས་པ་ཉེ་བར་མི་གནས། ཚུལ་ཁྲིམས་ཡང་དོག་པར་བླངས་ཏེ་མི་འཇུག་པར་ཤ་སྟ་གོ། འདི་ལྟ་སྟེ། ད་ལྟར་ཕལ་ཆེར་ཆོས་མ་ཡིན་པ་ལོ་འདོད་ཆགསོ་པ་དང་། མི་མཐུན ་པས་ཆགས་པ་དང་། མཚོན་ཆ་ཐོགས་པ་དང་། དབྱུག་པ་ཐོགས་པ་དང་། འཐབ་པ་དང་། འཆང་འབྲུ་བ་དང་། འགྱེད་པ་དང་། རྩོད་པ་དང་། གཡོ་བ་དང་། འདྲིས་པ་དང་། མི་སྲུན་པ་དང་། བརྫུན ་དུ་སྨྲ་བ་དང་། ལོག་པའི་ཆོས་གཏོགས་པ་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་དག་སྣང་ངོ་།། འདི་ལྟ་སྟེ། དེ་ལྟར་དམ་པའི་ཆོས་འཇིག་པར་འགྱུར་བ་དང་། དམ་པའི་ཆོས་ནུབ་པར་འགྱུར་བའི་དམ་པའི ་ཆོས་ལྟར་བཅོས་པ་མང་པོ་ལོག་པར་ཆོས་ཀྱི་དོན་དཔྱོད་པ་སྔོན་དུ་འགྲོ་བ་དག་འབྱུངངོ་།། འདི་ལྟ་སྟེ། ད་ལྟར་མུ་གེའི་བར་གྱི་བསྐལ་པ་དག་ཉེ་བར་འགྱུར་ཏེ། མུ་གེ་ཕལ་ཆེར་སྣང་ངོ་།། ནད་ཀྱི་བར་གྱི་བསྐལ ་པ་ཡང་ཉེ་བར་གྱུར་ཏེ། ན་རྣམས་ཕལ་ཆེར་སྣངོ་།། མཚོན་གྱི་བར་གྱི་བསྐལ་པ་ཡང་ཉེ་བར་འགྱུར་ཏེ། མཚོན་ཆས་བྱས་པའི་སྲོག་གཅོད་པ་དག་ཕལ་ཆེར་སྣང་སྟེ། སྔོན་ནི་དེ་ལྟ་བུ་མ་མྱོང་ཞེས་བྱ་བ་སྟེ། དེ་ལྟར་ན ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་འཇིག་རྟེན་ལས་བརྩམས་ཏེ། འཇིག་རྟེན་ཤེས་པ་ཡིནོ།། ཡང་བྱང་ཆུབ་སེམས་དཔའ་སྣོད་ཀྱི་འཇིག་རྟེན་གྱི་འཇིག་པ་དང་། འཆགས་པ་དང་། སྣོད་ཀྱི་འཇིག་རྟེན་ཇི་ལྟར ་འཇིག་པ་དང་། འཆགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤོསོ།། ཡང་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་དང་། འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་འགེག་པ་དང་། འཇིག་རྟེན་ཀུན་འབྱུང་བ ་འགྱུར་བའི་ལམ་དང་། འཇིག་རྟེན་འགོག་པར་འགྱུར་བའི་ལམ་དང་། འཇིག་རྟེན་གྱི་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འགྱུར་བ་ཡང་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། ཡང་བྱང་ཆུབ་སེམས་དཔའ་མིག ་དང་ཡིད་ཀྱི་བར་དང་། ཕུང་པོ་གཟུགས་ཅན་མ་ཡིན་པ་དང་། འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ནི་མཱིའི་ལུས་དེ་ཙམ་ལ་མྱི་ཉིད་ཅེས་བྱའོ།། དེ་ལ་བདག་གམ། སེམས་ཅན་ཞེས་བྱ་བའི་འདུ་ཤེས་གང་ཡིན་པ ་དེ་ནི་འདུ་ཤེས་ཙམ་ཁོ་ནར་ཟད་།། དེ་ལ་བདག་གིས་ནི་མིག་གིས་གཟུགས་རྣམས་མཐོང་།། ཡིད་ཀྱིས་ཆོས་རྣམས་ཤེསོ་ཞེས་བྱ་བའི་བར་དུ་དམ་འཆའ་བ་གང་ཡིན་པ་འདི་ནི་དམོ་འཆའ་བ་ཙམ་ཁོ་ན་ཟའོ།། ་དེ་ལ་འདི་ལྟར་ཚེ་དང་ལྡན་པ་དེ་མིང་ནཱི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁྭ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། ཚེ་ནི་འདི་ཙམ་དུ་རང་། ་ཡུན་ནི་འདི་སྲིད་གནས་ནས། ཚེའི་མཐའ་ནི་འདི་ཅི་མོ་ཞེས་བྱ་བའི་ཐ་སྙད་གང་ཡིན་པ་འདི་ནི་ཐོ་སྙད་ཙམ་དུ་ཁོ་ནར་ཟདོ་ཞེས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེ་སྔོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེས ་སེམས་ཅན་གྱི་འཇིག་རྟེན་གྱི་འཇུག་པ་དང་།། སྣོད་ཀྱི་འཇིག་རྟེན་གྱི་འཇུག་པ་དང་། འཇིག་རྟེན་བརྟག་པའི་དོན་བརྒྱད་དང་། འཇིག་རྟེན་གྱི་དོན་དམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟ་བས་ན་འཇིག ་རྟེན་ཤེས་པ་ཞེས་བྱའོ།། ཡང་བྱང་ཆུབ་སེམས་དཔའ་ནི་ཆེས་རྒན་པ་འམ། ཆེས་ཡོན་ཏན་གྱི་ཁྱད་པར་དུ་འཕྱགས་བྱ་ཞིག་མཐོང་ན་ལེགས་པར་ཀུན་ཏུ་སྨྲ་བར་བྱེད། ལངས་ཏེ་སྟན་སྟོབ་པར་བྱེད། གུས་པར ་སྨྲ་ཞིང་ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པའི་ལས་བྱེད། ཡང་ན་ན་ཚོད་དང་ཡོན་ཏན་དག་གིས་མཚུངས་པ་ཞིག་མཐོང་ན་ནི། འཇམ་པ་དང་། མཉེན་པོའི་ཚིག་གིས ་ལོགས་པོར་སྨྲ་བར་བྱེད། ཀུན་ཏུ་སྨྲ་བར་བྱེད། ཡང་དག་པར་དགའ་བྱེད་ཀྱི། ང་རྒྱལ་ལ་བརྟེན་ནས། དེ་དང་བདག་ཡོངསུ་དཔོག་པར་ནི་མི་བྱིང་ངོ་།། ཡང་ན་ན་ཚོད་དང་ཡོན་ཏན་ངག་གིས་དམའ་བ་ཞིག་མཐོང་ན། ་ཡོན་ཏན་བསྐྱེད་པ་ལས་བརྩམས་ཏེ་ནུས་པ་བཞིན་དུ་སྤྲོ་བ་སྐྱེད་པར་བྱེད། དེའི་ཡང་དག་པའི་ཡོན་ཏན་ཆུ་ངུ་ཡང་བརྗོད་པར་བྱེད། གང་གིས་དེ་གནོད་པར་འགྱུར་བའི་ཉེས་པ་ཡང་དང་ཡང་འཆབ་པར་བྱེད། ་སྒྲོགས་པར་མི་བྱེད།། དེ་ལ་བརྙས་པར་ཡང་མི་བྱེདའོ།། ཆོས་དང་ཟང་ཟིང་འགའ་ཞིག་འདོད་ན་ཡང་དེ་ཤེས་ནས། ཕྱིར་ཕྱོགས་ཤིང་ཁྲོ་གཉེར་མི་བྱའོ།། དེ་ལ་འཁྲུལ་པ་ལ་ཡང་ཕྱས་མི་བྱེད། དམའ་བོ་ལ ་ཡང་བརྙས་པར་མི་བྱེད།། དེ་བཞིན་དུ་དམའ་བ་དང་། མཚུངས་པ་དང་། ཁྱད་པར་དུ་འཕགས་པའི་སེམས་ཅན་ཐོམས་ཅད་ལྔ་ཡང་གསོང་པོར་སྨྲ་ཞིང་ཚུར་ཤོག། བདེ་བར་འོངསོ་ཞེས་སྤུ་ལ། ལེགས་པར ་ངལ་སོར་འཇུག་སྟེ། ཡང་དག་པར་ཆོས་དང་ཟང་ཟིང་གིས་ཅི་ནུས་ཀྱིས་སྡུས་པར་བྱེད།། སེམས་ཅན་རྣམས་གྱ་གྱུས་དྲོད་མི་ཟིན་པ་དང་ལྡན་པར་མི་བྱེད། ཐོས་པའི་ཁྱད་པར་འགའ་ཙམ་གྱིས་ཀྱང་འགྱིང ་བར་མི་བྱེདདོ།། སེམས་ཅན་བསྡུས་པ་བཞིན་དུ་ནད་པ་འམ། ཐ་མལེ་པ་ལ་ཡོང་རུང་སྟེ། ཡོ་བྱད་ཐམས་ཅད་དང་མཐུན་པའི་ལུས་དང་དག་གིས་ཀྱང་ཡལ་བར་མི་འདོར་རོ།། འདྲིས་པ་ལ་ཇི་ལྟ་བ་བཞིན ་དུ་མ་འདྲིས་པ་ཡང་དེ་ཁོ་ན་བཞིནོ།། ཐམས་ཅད་ཀྱང་མཛའ་བོ་དང་གྲོགས་པོར་བྱེད།། ཕྱིར་རྒོལ་བ་མེད་པ་བཞི་ནོ།། སེམས་ཅན་མགོན་མེད་ཅིང་རྟེན་པ་མེད་པ་ཐམས་ཅད་ཀྱི་བྱ་བ་ཅི་ནུས་ཅི་ལྕོགས་ཀྱིས ་བྱེད།། འདི་དག་ཐང་ཅིག་ཙམ་ཡང་མི་བདྲེ་བར་གནས་ཀྱང་ཅི་མྱ་རུང་སྙམ་ན། རྣམ་གྲངས་གང་གིས་ཀྱང་གཞན་དག་ལ་སྡུག་བསྔལ་བ་དང་ཡིད་མི་བདེ་བར་སྒྲུབ་པར་མི་བྱེད།། དེ་ཉིད་རྐྱེན ་དུ་བྱས་ཏེ་གནས་དྲུག་དང་རྒོད་པར་བྱེད་ན་ཡང་རན་པར་འགོད་པར་བྱེད་ཀྱི། མ་འོངས་པར་དགོད་པར་མི་བྱེད་དོ།། སྐྱོན་མྱི་འབྱུང་ཞིང་མཆོག་ཏུ་ཡིད་བརྟན་པར་གྱུར་པའི་གྲོགས་པོ་དྲག་ལ་ཡང་ཚོགས་པར་མི་འབྱུང་བའི ་ཚིག་བརྗོད་པར་མི་བྱེད།། གཞན་དག་ལ་ཡུན་རིང་དུ་ཁྲོ་བར་ཡང་མི་བྱེད།། ཁྲོ་སུ་ཟིན་ཀྱང་གཞན་དག་གིས་མཆོང་སྒྲོགས་པར་མི་བྱེད།། གཞན་དག་གིས་ལུས་དང་ངག་གིས་བསྟིངསུ་ཟིན་ཀྱང་སོ་སོར་བརྟགས་ནས་ཆོས ་ཉིད་ལ་རྟོན་ནམ། ཡང་ན་བདག་ཉིད་ཀྱི་ལན་བོན་ཡིན་པར་ལྟ་བར་བྱེད།། སེམས་བརྟན་ཞིང་མི་རྒོད་པ་ཡིན། ལུས་དང་། ངག་དང་། ཡིད་ཀྱི་རྒྱུ་བ་བརྟན་པ་ཡིན། དྲི་མའི་ལས་ཀྱི་མཐའ་བཅུ་བཞི་དང་བྲལ་བ་ཡིན། ཕྱོགས ་དྲུག་གིས་བཀབ་པ་ཡིན། སྡིག་པའི་གྲོགས་པོ་བཞི་སྤངས་པ་ཡིན།། དགེ་བའི་བཤེས་གཉེན་བཞི་ཡོངསུ་བཟུང་བ་ཡིན་ཏེ། དེ་དག་ཐམས་ཅད་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ།། ཚེ་འདི་ལ་ཕན་པོའི་ཕྱིར། ་ལོངས་སྤྱོད་དང་ལྡན་པ་ལས་བརྩམས་ཏེ། སྒྲུབ་ཕོད་པ་དང་། ཀུན་ནས་བསྲུང་བ་དང་ལྡན་པ་དང་། མཐུན་པར་འཚོ་བ་དང་། འཇིག་རྟེན་པའི་བཟོ་དང་། ལས་ཀྱི་གནས་རྣམས་ལ་མཁས་པོར་གྱུར་པ་ཡིནོ།། གཡོ་དང ་རྒྱུ་མེད་པ་ཡིན་ཏེ། ཕ་རོལ་འདྲིད་པའི་ངང་ཚུལ་ཅན་ཡིན།། ཁ་ནཱ་མ་ཐོ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་ཡང་ངོ་ཚ་དང་ལྡན་པ་ཡིནོ།། སྤྱོད་པ་ལྷུར་ལེན་ཅིང་བསྲུང་བས་ན་སྤྱོད་པ་ཕུན་སུམ་ཚོགས་པ་ཡིནོ།། གཞན་གྱིས་རྫས ་ཡཽདི་བསྟན་ཏེ་གཏམས་པ་ལཱ་གཡོ་མི་བྱེད་པ་ཡིན?། གཞན་གྱི་བུ་ལོན་ཆགས་པོ་ལྔ་དོར་མི་བྱེད་པ་ཡིན། བགོ་སྐལ་གཅིག་པ་ལ་མི་འདྲིས་པ་ཡིན། རིན་པོ་ཆེ་འམ། རིན་པོ་ཆེ་སྨོས་པ་མན་ཆད་ཀཪྵ་པ་ཎ་ཡན་ཆད ་རྨོངས་པ་དེ་ལ། བསླུ་བ་དག་གིས་མི་བསླུ་བ་ཡིན། དེ་བཞིན་དུ་འཇིག་རྟེན་པའི་ཐ་སྙད་ཀྱི་ཚུལ་འཇིག་རྟེན་ལ་ཕན་འདོགས་པ་རྣམས་ལ་གཡར་བ་ཡིན། དོན་བྱ་བ་དེ་དང་དེ་དག་ལ་གཞན་དག་གིས་བཅོལ་ན་གྲོགསུ་འགྲོ ་སྐྱེ། མི་འགྱུར་ཞིང་གཏམ་རླུང་ལ་བསྐུར་བར་མི་བྱེད་པ་ཡིན། ལུས་ཀྱི་མཐའ་བཟང་པོ་དང་ལྡན་ཏེ། ལུས་ཀྱི་མཐའ་དྲན་པ་དང་ལྡན་པ་མ་ཡིན། ཡང་རྒྱལ་པོ་བྱེད་ན་ཡང་ཆོས་བཞིན་དུ་བྱེད་ཀྱི། ཆོས་མ་ཡིན་པས ་མི་བྱེད་པ་དང་། ཆད་པས་གཅོད་པ་ལ་དགའ་བར་མི་བྱེད་ཅིང་། སྐྱེ་བོ་ཕལ་པོ་ཆེ་འཆལ་པའི་ཚུལ་ཁྲིམས་ལས་བཟློག་ནས། ཚུལ་ཁྲིམས་དག་ལ་ཡང་དག་པོར་འཛུད་པར་བྱེད།། དྲི་བཞིན་དུ་འཕགས་པའི་ཐ ་སྙད་བརྒྱད་དང་ལྡན་པ་ཡིན་ཏེ་མཐོང་བ་ལ་མཐོང་ངོ་ཞེས་སྨྲ་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེསོ་ཞེས་སྨྲ་བ་དང་། མ་མཐོང་བ་ལ་མ་མཐོང་ངོ་ཞེས་སྨྲ་བ་དང་། མ་ཐོས ་པ་དང་། བྱེ་བྲག་མ་ཕྱེད་པ་དང་། རྣམ་པར་མ་ཤེས་པ་ལ་རྣམ་པར་མ་ཤེསོ་ཞེས་སྨྲ་བ་སྟེ། དེ་དག་དང་དེ་ལྟ་བུ་དང་མཐུན་པ་ཆོས་རྣམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན ་ལྟར་ཤེས་པར་བྱ་བ་དང་། འཇིག་རྟེན་ན་གནས་པར་བྱ་བ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟ་བས་ན་འཇིག་རྟེན་ཤེས་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྟོན་པ་བཞི་པོ་དག ་ལ་ཇི་ལྟར་སྦྱོར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་དོན་འདོད་པའི་ཕྱིར། གཞན་ལས་ཆོས་ཉན་པར་བྱེད་ཀྱི། ཚིག་འབྲུ་ལེགས་པར་སྦྱར་བ་འདོད་པའི་ཕྱིར་མ་ཡིན་ཏེ། དེ་དོན་འདོད་པའི་ཕྱིར་ཆོས་ཉན་གྱི། ཚིག་འབྲུ ་འདོད་པའི་ཕྱིར་མ་ཡིན་པས་ན། ཕལ་པའི་སྐད་ཀྱི་ཆོས་སྟོན་ན་ཡང་བྱང་ཆུབ་སེམས་དཔའ་དོན་ལ་རྟོན་པ་ནི་གུས་པར་བྱས་ཏེ། ཉན་པོར་བྱེད།། ཡང་བྱང་ཆུབ་སེམས་དཔའ་ནི་ནག་པོ་བསྟན་པ་དང་། ཆེན་པོ་བསྟན ་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། རབ་ཏུ་ཤེས་པས་ཀྱང་རིགས་པ་ལ་རྟོན་པར་བྱེད་པ་ཡིན་གྱི་གནས་བརྟན་ནམ། ཤེས་པའིའོ་གང་ཟག་གམ། དེ་བཞིན་གཤེགས་པ་འམ། དགེ་འདུན་གྱིས ་ཆོས་འདི་དག་བཤདོ་ཞེས་གང་ཟག་ལ་རྟོན་པ་མ་ཡིནོ།། དེ་ལྟར་རིགས་པ་ལ་རྟོན་གྱིས་གང་ཟག་ལ་མི་རྟོན་པ་དེ་ནི་དེ་ཁོ་ནའི་དོན་ལས་མི་གཡོ་ཞིང་ཆོས་རྣམས་ལ་གཞན་གྱི་དྲིང་མི་འཇོག་པ་ཡང་ཡིན།། ཡང་བྱང ་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་དད་པ་ཞེན་ཅིང་དགའ་བ་ཞེན་ཏེ། གསུང་ལ་གཅིག་ཏུ་ངེས་པར་མངོན་པར་དགའ་བ་དང་། དེ་བཞིན་གཤེགས་པའི་ངེས་པའི་དོན་གྱིས་མདོ་སྡེ་ལ་རྟོན་གྱི། དྲུང་བའི་དོན་ལ་མ་ཡིན ་ཏེངེས་པའི་དོན་གྱི་མདོ་སྡེ་ལ་སྟོན་ན། ཆོས་འདུལ་བ་འདི་ལས་མི་འཕྲོགས་པར་འགྱུར་ཏེ། འདི་ལྟར་དྲང་བའི་དོན་གྱི་མདོ་སྡེ་ནི་སྒོ་སྣ་ཚོགས་ནས་ཞུགས་པའི་དོན་གྱི་རྣམ་པར་དབྱེ་བ་མེ་ངེས་པ་ཐེ་ཚོམ་སྐྱེད་པ་ཡིན་པའི ་ཕྱིརརོ།། གལ་ཏེ་བྱང་ཆུབ་སེམས་དཔའ་ངེས་པའི་དོན་གྱི་མདོ་སྡེ་ལ་ཡང་ངེས་པའི་མེད་པར་གྱུར་ན་ནི་ངོ་ལྟར་ན་དེ་ཆོས་འདུལ་བ་འདི་ལས་འཕྲོགས་པར་འགྱུར་རོ།། ཡང་བྱང་ཆུབ་སེམས་དཔའ་ནི་རྟོགས་པའི་ཡེ་ཤེས་ལ ་སྙིང་པོ་ལྟ་བ་ཡིན་གྱི། ཐོས་པ་དང་བསམས་པས་ཆོས་དང་དོན་དང་རྣམ་པར་ཤེས་པ་ཙམ་ལ་ནི་མ་ཡིནོ།། དེས་སྒོམས་པའི་ཤེས་པས་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་ཐོས་པ་དང་བསམས་པས་དོན་རྣམ་པར ་ཤེས་པ་ཙམ་གྱིས་རྣམ་པར་ཤེས་པར་མི་ནུས་པར་རིག་ནས། དེ་བཞིན་གཤེགས་པས་གསུངས་པའི་ཆོས་མཆོག་ཏུ་ཟབ་པ་དག་ཐོས་ན་ཡང་སློང་བར་མི་བྱེད་ཅིང་སྐུར་པ་མི་འདེབས་ཏེ། དེ་ལྟར་བྱང་ཆུབ་སེ་ད ་རྟེན་པ་བཞི་པོ་དག་ལ་སྦྱོར་བར་བྱེད།། དེ་ལྟར་ན་ལེགས་པར་ཞུགས་པ་ཡིན།། རྟོན་པ་བཞི་པོ་དེ་དག་ལས་ནི་མདོར་བསྡུས་ན། ཚད་མ་ཉིད་བཞི་བསྟན་ཏེ་བསྟན་པའི་དོན་དང་། རིགས་པ་དང་། སྟོན་པ་དང་། བསྒོམ ་པ་ལས་བྱུང་རྟོགས་པའི་ཡེ་ཤེསོ།། རྟོན་པ་བཞི་པོ་ཐམས་ཅད་ཀྱིས་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་སྦྱོར་བ་རྩོམ་པ་ལ་ཞུགས་པའི་ངེས་པར་འབྱིན་པ་འཁྲུལ་པ་མེད་པ་མངོན་པར་གསལ ་བར་བྱས་པ་ཡིནོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། ཆོས་ཐམས་ཅད་ཀྱི་རྣམ་གྲངས་ཐམས་ཅད་ལ་ཇི་སྙེད་ཡོད་པ་དང་། ཇི་ལྟར་ཡོད་པས་བསྒོམས ་པས་ལས་བྱུང་བའི་ཤེས་པ་ཐོགས་པ་མེད་ཅིང་མི་བཟློག་པ་གང་ཡིན་པ་དེ་ནི་དེ་དག་གིས་ཆོས་སོ་སོར་ཡང་དག་པར་རིག་པའོ།། ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་ཇི་སྙེད་ཡོད་པ་དང་། ཇི་ལྟར་ཡོད་པ་བསྒོ་བ་ལས་བྱུང ་ཤེས་པས་ཐོགས་པ་མེད་ཅིང་མི་ཟློག་པ་གང་ཡིན་པ་དེ་ནི་དེ་དག་གིས་དོན་སོ་སོ་ཡང་དག་པར་རིག་པའོ།། ཆོས་ཐམས་ཅད་ཀྱི་ངེས་པའི་ངག་ཐམས་ཅད་ལ་ཇི་སྙེད་ཡོད་པ་དང་། ཇི་ལྟར་ཡོད་པས་བསྒོམ་པ་ལས་བྱུང་བའི ་ཤེས་པ་ཐོགས་པ་མེད་ཅིང་མི་ཟློག་པ་གང་ཡིན་པ་དེ་ནི་དེ་དག་གི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ།། ཆོས་ཐམས་ཅད་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བ་ཐམས་ཅད་ལ་ཇི་སྙེད་ཡོད་པ་དང་། ཇི་ལྟར་ཡོད་པས ་བསྒོམ་པ་ལས་བྱུང་བའི་ཤེས་པ་ཐོགས་པ་མེད་ཅིང་མི་ཟློག་པ་གང་ཡིན་པ་དེ་ནི་དེ་དག་གི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་པོ་དེ་དག་ལ་རྟེན་ན ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ལྷ་ལ་མཁས་པ་དཔག་ཏུ་མེད་པར་འགྱུར་བར་རིག་པར་བྱ་སྟེ། ཕུང་པོ་ལ་མཁས་པ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། གནས་དང་གནས ་ཡིན་པ་ལ་མཁས་པའོ།། བྱང་ཆུབ་སེམས་དཔས་ནི་ཆོས་རྣམ་པ་འདི་བཞེས་ཆོས་ཐམས་ཅད་བདག་ཉིད་ཀྱིས་ལགས་པར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ལ། གཞན་དག་ལ་ཡཱ་བ་རབ་ཏུ་བསྟན ་ཏེ|དེ་ལས་གོང་ན་བདག་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མེད་ན། ཕ་རོལ་དག་ལ་རག་ཏུ་བསྟན་པ་ལྟ་ག་ལ་ཡོད། དེ་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཚོགས་གང་ཞེ་ན། དེ་ནི་རྣམ་པ་གཉིསུ ་བལྟ་བར་བྱ་སྟེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚེགསོ།། ཚོགས་རྣམ་པ་དེ་དག་གཉིས་ཀྱི་རྒྱུས་པར་དབྱེ་བ་ནི་འདི་ལྟ་སྟེ། བདག་དང་གཞན་གྱི་དོན་གྱི་ལེའུ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། ་བྱང་ཆུབ་སེམས་དཔའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དེ་ཡང་བསྐལ་པ་གྲངས་བུ་མེད་པ་དང་པོ་ལ་ནི་ཆུང་བར་རིག་པར་བྱའོ།། གཉིས་པ་ལ་ནཱི་འབྲིང་ངོ་།། གསུམ་པ་ནི་ཆེ་བར་རིག་པར་བྱའོ།། བྱང་ཆུབ ་སེམས་དཔའ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་ལ་ཇི་ལྟར་སྦྱོར་བར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞི་པོ་དག་ལ་བརྟེན་ནས། ་ཐབས་ཀྱིས་ཡོངསུ་ཟིན་པའི་ཡེ་ཤེས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། དེ་དག་མངོན་སུམ་དུ་ནི་མི་བྱེད།། དེས་ཐེག་པའི་ཚུལ ་རྣམ་པ་གཉིས་པོ་ཉན་ཐོས་ཀྱི་ཐེག་པ་ཆེན་པོའི་ཚུལ་གྱིས་ཀྱང་དེ་དག་ཡང་དག་པོ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤི་སོ།། དེ་ལ་ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནི་འདི་ལྟ ་སྟེ། ཉན་ཐོས་ཀྱི་ས་ལས་ཐམས་ཅད་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཚུལ་གྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཇི་ལྟར་ཡང་དག་པ་ཇི་ལྟ ་བཞིན་དུ་རབ་ཏུ་ཤེས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ལུས་ལ་ལུས་ཀྱི་རྗེ་སུ་ལྟ་ཞིང་གནས་ཀྱང་། ལུསཱ་ལཱ་ལུས་ཀྱི་དངོས་པོ་རྣམ་པར་རྟོག་པར་མི་བྱེད་ལ། ཐམས་ཅད་ཀྱི་ཐམས་ཅད་མྱེད་པར་ཡང ་མི་ལྟ་སྟེ། ལུས་བརྗོད་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཉིད་དེ་ཡང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་དེའི་ལུས་ལ་ལུས་ཀྱི་རྗེ་སུ་ལྟ་བའི་དྲན་པ་ཉོ་བར་གཞག་པ་དོན་དམ་པའོ།། ཀུན་རྫོབ་ཀྱི་ཚུལ ་དུ་ནི་བྱང་ཆུབ་སེམས་དཔེའི་རྣམ་པར་བཞག་པའི་ཚུལ་ཚད་མེད་པ་ཤེས་པ་དང་ལྡན་པའི་ལུས་ལ་ལུས་ཀྱི་རྗེ་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ཡིན་པར་རིག་པར་བྱའོ།། ལུས་ལ་ལུས་ཀྱི་ཕྱོགས་བལྟ་བའི ་དྲན་པ་ཉེ་བར་གཞག་པ་ཇི་ལྟ་བ་བཞིན་དུ། དྲན་པ་ཉེ་བར་གཞག་པ་ལྷག་མ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷག་མ་རྣམས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ།། དེ་ནི་ལུས་ལ་སོགས་པའི་ཆོས་རྣམས་ལ་སྡུག་བསྔལ་ལམ། ཀུན ་འབྱུང་བར་ཡང་རྣམ་པར་མི་རྟོག་ལ། དེས་བྱས་པའི་སྤོང་བ་ལ་ཡང་འགོག་པར་མི་རྟོག། དེ་ཐོབ་པོའི་རྒྱུ་ལ་ཡང་ལམ་དུ་མི་རྟོག་ལ། བཛྲོ་དུ་མེད་པའི་ངོ་བོ་ཉིད་ཀྱིས་སྡུག་བསྔལ་གྱི་ཆོས་ཉིད་དང་། ཀུན་འབྱུང་གི་ཆོས་ཉིད་དང་། ་འགོག་པའི་ཆོས་ཉིད་དང་། ལམ་གྱི་ཆོས་ཉིད་ཀྱང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ནི་དེའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྒོམ་པ་དོན་དམ་པ་ལ་རྟེན་ནས་བདེན་པ་བསྒོམ་པ་ཡིན།། ཀུན་རྫོབ་ཏུ་ནི་བྱང་ཆུབ ་སེམས་དཔའ་བདེན་པ་ལ་དམིགས་པའི་བསྒོམ་པ་རྣམ་པར་བཞག་པའི་ཚུལ་ཚད་མེད་པ་ཤེས་པ་དང་ལྡན་པར་བལྟ་བར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཆོས་དེ་དག་ལ་དེ་ལྟར་རྣམ་པར་མི་རྟོག་པ་གང་ཡིན་པ ་དེ་ནི་དེའི་ཞི་གནས་ཡིན་པར་བྱལྟ་བར་བྱའོ།། ཆོས་རྣམས་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པ་དོན་དམ་པ་གང་ཡིན་པ་དེ་དང་། རྣམ་པར་བཞག་པའི་ཚུལ་ཚད་མེད་པ་ཤེས་པ་གང་ཡིན་པ་དེ་ནི་དེའི་ལྷག ་མཐོང་ཡིན་པར་བལྟ་བར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་ཞི་གནས་ནི་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱའོ།། དོན་དམ་པ་དང་བརྡར་བཏགས་པའི་ཤེས་པ་སྔོན་དུ་འགྲོ་བ་དང་། དོན་དམ་པ་པ་དང་། བརྡར ་བཏགས་པའི་ཤེས་པའི་འབྲས་བུ་དང་། སྤྲོས་པའི་འདུ་ཤེས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པར་འཇུག་པ་དང་། བརྗོད་མེད་པའི་དངོས་པོ་ཙམ་དེ་ལ་ཡང་། མཚན་མ་མེད་པའི་ཕྱིར་རྣམ་པར་མི་རྟོག་ད། ་སེམས་ཞི་བས་ཆོས་ཐམས་ཅད་མཉམ་པ་ཉི་དུ་རོ་གཅིག་པར་འགྲོ་བ་ཅན་ཡིན་ཏེ། རྣམ་པ་བཞི་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་ཀྱི་ལམ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི ་ཡེ་ཤེས་གཟིགས་པ་ཡོངསུ་འགྲུབ་པ་དང་། ཡང་དག་པར་གྲུབ་པའི་བར་དུ་འཇུག། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྷག་མཐོང་ཡང་མདོར་བསྡུ་ན་རྣམ་པ་བཞི་ཁོ་ནར་རིག་པར་བྱ་སྟེ། ཞི་གནས་སྔོན་དུ་འགྲོ་བ ་རྣམ་པ་བཞི་པོ་དེ་ཉིད་དང་། ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་འཛིན་པའི་ངན་པའི་མཐའ་རྣམ་པར་སངས་པ་དང་། སྐུར་པ་འདེབས་པ་འཛིན་པ་ངན་པའི་མཐའ་རྣམ་པར་སྤངས་པ་དང་། ཆོས་རབ་ཏུ་དབྱེ་བ་རྣམ་པར་བཞག ་པའི་ཚུལ་ཚད་མེད་པ་དང་ལྡན་པའི་ལྷག་མཐོང་ཡིན་ཏེ། རྣམ་པ་བཞི་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་གིས་ལམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་གཟིགས ་པ་ཡོངསུ་འགྲུབ་པ་དང་། ཡང་དག་པར་འཐོབ་པའི་བར་དུ་འཇུག། འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་མདོར་བསྟན་པ་ཡིནོ།། དེ་ལ་བྱང་ཆུབ་སེམས་དཔོའི་ཐབས་ལ་མཁས་པ་གང ་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཉིས་ཏེ། ནང་གི་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པ་ལས་བརྩམས་ཏེ། རྣམ་པ་དྲུག་དང་། ཕྱི་རོལ་གྱི་སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལས་བརྩམས་ཏེ། རྣམ་པ་དྲུག་ཉིད། ་དེ་ལ་ནང་གི་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པ་ལྔས་བརྩོམས་ཏེ། ཐབས་ལ་མཁས་པ་རྣམ་པ་དྲུག་གང་ཞེ་ན། བྱང་སེམས་དྲ་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་ལྟ་བ་གང་ཡིན་པ་དང་། འདུ་བྱེད ་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོང་སུ་ཤེས་པ་གང་ཡིན་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡེ་ཤེས་འདོད་པ་གང་ཡིན་པ་དང་། སེམས་ཅན་ལྟ་བ་ལ་བརྟེན་ནས། འཁོར་བ་ཡོངས ་མི་གཏོང་བ་གང་ཡིན་པ་དང་། འདུ་བྱེད་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤསླ་པ་ལས་བརྟེན་ནས། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱི་འཁོར་བ་ན་འཁོར་བ་གང་ཡིན་པ་དང་། སངས ་རྒྱས་ཀྱི་ཡེ་ཤེསུ་འདོད་པ་ལ་བརྟེན་ནས་བརྩོན་འགྲུས་འབར་བ་གང་ཡིན་བུ་དེ། འདི་ནི་ནང་གི་སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པ་ལས་བརྩམས་ཏེ། ཐབས་མཁས་པ་རྣམ་པ་དྲུག་ཡིན་པར་རིག་པར ་བྱའོ།། དེ་ལ་ཕྱི་རོལ་གྱི་སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལས་བརྩམས་ཏེ། ཐབས་ལ་མཁས་པ་རྣམ་པ་དྲུག་གང་ཞེ་ན། ཐབས་ལ་མཁས་པ་གང་གི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ ་ཆུ་ངུ་ཡང་འབྲས་བུ་ཚད་མེད་པར་སྦྱར་བར་བྱེད་པ་དང་། དེ་བཞིན་དུ་ཚེགས་ཆུ་ངུས་དགེ་བའི་རྩ་བ་རྒྱ་ཆེ་ཞིང་ཚད་མེད་པ་ཡང་དག་པར་སྐྱེད་པར་བྱེད་ཅིང་ཉེ་བར་སྒྲུབ་པར་བྱེད་པ་དང་། དེ ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་བ་སེལ་བར་བྱེད་ལ། ཐ་མལ་པ་རྣམས་ནི་འཛུད་པར་བྱེད། ཞུགས་པ་རྣམས་ནི་ཡོངསུ་སྨིན་པར་བྱེད། ཡོངསུ་སྲིན་པོ་རྣམས་ནི་རྣར ་གྲོལ་བར་བྱེད་པའོ།། དེ་ལ་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཆུ་ངུ་རྣམས་འབྲས་བུ་ཚད་མེད་པར་ཇི་ལྟར་སྒྱུར་བར་བྱེད་ཅེ་ན། འདི་ལ་བྱང་ཆུབ་སྙོམས་དཔོའ་སེམས་ཅན་གང་སུ་ཡང་རུང ་བས་དངོས་པོ་ཐམས་ཅད་ཐ་ན་ཕྱེ་ཁྱེར་གང་ཙམ་ཡང་ཞིང་ཐ་ཆད་ཁོ་ན་ལ་སྦྱིན་དུ་འཇུག་ཙོང་། ཐ་ན་དུད་འགྲོའི་སྐྱེ་གནསུ་སྐྱེས་པའི་སྲོག་ཆགས་འབྱུང་པོ་ལ་སྦྱིན་དུ་འཇུག་ཅིང་། སྦྱིན་དུ་བཅུག་ནས་ཀྱང ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོར་འཇུག་སྟེ། དེ་ལྟར་དགེ་བའི་རྩ་བ་དེ་དངོས་པོ་དང་ཞིང་གིས་ཀྱང་ཆུང་མོད་ཀྱི། དེ་ཡང་ཡོངསུ་བསྔོ་བའི་དབང་གོས་འབྲས་བུ་ཚད་མེད་པར་བསྒྱུར་བ་ཡིནོ།། ་བྱང་ཆུབ་སེམས་དཔའ་ཚེགས་ཆུ་ངུས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་རྒྱ་ཆེ་ཞིང་ཚད་མེད་པ་ཇི་ལྟར་སྐྱེད་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཟླ་བར་སྨྱུང་ཞིང་། ཁ་ཟས་མི་ཟ་བ་ལ་སོགས་པ ་ལོག་པ་ལ་མོས་པ་རྣམས་ལ་འཕགས་པའི་བསྙེན་ཏེ་གནས་པ་ཡན་ལག་བརྒྱད་པ་སྟོན་པར་བྱེད། ཚེགས་ཆེ་ཞིང་མི་སྡུག་པའི་འབྲས་བུ་ཅན་གྱི་བསྙེན་ཏེ་གནས་པ་དེ་ལས་འདུན་པ་ཟློག་ཅིང་ཡང་དག་པར་བླང ་བ་ཚེགས་ཆུང་ཞིང་། འབྲས་བུ་ཆེ་བའི་བསྙེན་ཏེ་གནས་པ་ལ་ཡང་དག་པར་འཛུད།། དེ་བཞིན་དུ་སེམས་ཅན་བདག་ཉིད་དུབ་པར་བྱ་བའི་སྦྱོར་བ་ལ་བརྩོན་པ། ཐར་པ་འདོད་ལ། ལོག་པར་ཞུགས་པ་རྣམས་ལ་དབུ་མའི་ལམ ་མཐའ་གཉིས་དང་བྲལ་བ་སྟོན་ཅིང་དེ་ལ་འཛུད་པར་བྱེད།། དེ་བཞིན་དུ་མེར་འཇུག་པ་དང་། གཡང་སར་མཆོད་པ་དང་། ཁ་ཟས་མི་ཟ་བར་འདུག་པ་ལ་སོགས་པ་མཐོ་རིས་འདོད་ཏེ། ལོག་པར་ཞུགས་པའི་སེམས་ཅན ་རྣམས་ལ་ཚེ་འདི་ལ་བདེ་བར་གནས་པར་བྱ་བ་དང་། ཕྱི་མ་ལ་ཡང་ཚོགས་མེད་པ་ཁོ་ནར་བདེ་བ་དང་བཅས། ཡིད་བདེ་བ་དང་བཅས་པས་མཐོ་རིསུ་སྐྱེ་བར་བྱ་བའི་ཕྱིར་བསམ་གཏན་ཡང་དག་པར་སྟོན་ཏོ།། ཡང ་རིག་བྱེད་ལས་འབྱུང་བའི་གསུང་ཚིག་ལུ་དེ་ནོད་ཅིང་ཁྲོ་དོན་དུ་བྱ་བས་དག་པའི་མཐར་ཐུག་པར་འགྱུར་བར་མོས་བྱའི་སེམས་ཅན་རྣམས་སངས་རྒྱས་ཀྱི་བཀའ་ལུང་ནོད་པ་དང་། ཁ་དོན་བྱ་བ་དང་། དོན་སེམས ་དཔའོ་ལ་ཡང་དག་པར་འཛུད།། ཡང་དེ་བཞིན་གཤེགས་པོས་གསུངས་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པའི་ཆོས་རྣམས་གཞན་དག་གིས་ཐོས་ན་ཅི་ནས་ཤས་ཆེར་སྐྱོ་བ་དང་། ཅི་ནས་ཤས་ཆེར་དད་པ་སྐྱེད་པར ་འགྱུར་བ་དེ་ལྟ་དེ་ལྟར་གསལ་བར་བྱེད་ཅིང་སྟོན་པར་བྱེད། སྐད་ཅིག་གཅིག་ཙམ་ཞིག་སྐྱོ་བ་དང་། དགའ་བ་དང་ལྡན་པའི་སེམས་དེ་ཡང་། དགེ་བའི་རྩ་བ་རྒྱ་ཆེན་པོ་སྡུད་པའི་གྲོགསུ་འགྲོ་ན། རྒྱན ་ཆགསུ་བྱུང་བ་ལྟ་ཅི་སྨོས། ཡང་བྱང་ཆུབ་སེམས་དཔྱའ་ནི་དད་པ་དང་ལྡན་པའི་ལྷོག་པའི་བསམ་པས་ཕྱོགས་བཅུ་དག་གིས་འཇིག་རྟེན་ན་མེ་ཏོག་དང་ཕྲེང་དང་། སྤོས་རྣམ་པ་སྣ་ཚོགས་རབ་མཆོག་གྱ་ནོམ་པ་གང ་ཡང་རུང་བ་ཡོད་པ་དེ་དག་གིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མྱིཆོག་གསུམ་ལ་མཆོད་པར་མོས་པ་བྱེད་ལ། གཞན་དག་ཀྱང་མོས་པ་བྱི་དུ་འཇུག། ཡང་ཕྱོགས་ཐམས་ཅད་དུ་དད་པ་དང་ལྡན་པའི ་ལྷག་པའི་བསམ་པ་དེ་ཉིད་ཀྱིས་རྒྱས་པར་བྱས་ནས། དཀོན་མཆོག་གསུམ་ལ་མཆོད་པ་ཐམས་ཅད་ལ་མངོན་པར་རྗེ་སུ་ཡི་རང་ལ། གཞན་དག་ཀྱང་རྗེ་སུ་ཡི་རོང་བར་བྱེད་དུ་འཇུག། ཡང་སངས་རྒྱས་རྗེ་སུ་དྲན་པ་དང་། ཆོས ་རྗེ་སུ་དྲན་པ་དང་། ལྷ་རྗེ་སུ་དྲན་པོའི་བར་དུ་རྟག་ཏུ་རྒྱུན་མི་འཆད་པར་སྒོམ་པར་བྱེད་ལ། གཞན་དག་ཡང་དག་པར་འཛིན་དུ་འཇུག། ཡང་ཡིད་ལ་བརྗོད་པ་དག་གིས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བས་དུས ་དོན་ཡོད་པར་བྱེད་ཅིང་བྱི་དུ་འཇུག། ཡང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེ་སུ་ཡི་རང་བར་བྱེད་ཅིང་། རྗེ་སུ་ཡི་རང་དུ་འཇུག། ཡང་སྙིང་རྗེ་ཆེན་པོ་ལ་ཞུགས་པའི་ལྷག་པའི་བསམ་པས་སེམས་ཅན ་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བདག་ཉིད་ཀྱི་ཡང་དག་པར་ལེན་པར་བྱེད་ལ། གཞན་ཡང་དེ་ཉིད་ལ་ཡང་དག་པར་འཛིན་དུ་འཇུག། ཡང་འདས་པ་དང་། ད་ལྟར་བྱུང་བའི་འཁྲུལ་པ་ཐམས་ཅད་དང་། ཉེས་པ ་ཐམས་ཅད་དག་ཅིང་བསླབ་པར་འདོད་པ་དང་ལྡན་པའི་སེམས་ཀྱི་ཕྱོགས་ཐམས་ཅ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སོ་སོར་འཆགས་པར་བྱེད་ལ་གཞན་དག་ཀྱང་དེ་ཉིད་ཡང་དག་པར་འཛིན་དུ་འཇུག། དེ་དེ ་ལྟར་རྒྱུན་མི་འཆད་པར་འཁྲུལ་པ་སོ་སོར་བཤེགས་ན། ཚེགས་ཆུངུས་ལས་ཀྱི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐུར་པར་འགྱུརརོ།། ཡང་བྱང་ཆུབོ་སེམས་དཔའ་རྫུ་འཕྲུལ་ཅན་སེམས་ལ་དབང་ཐོབ་པ་ནི་ཕྱོགས ་བཅུ་ཐམས་ཅད་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བརྟེན་ཅིང་། སེམས་ཅན་ལ་བརྟེན་ཏེ། སྤྲུལ་པ་མང་པོ་རྣམ་པ་སྣ་ཚོགས་ཀྱི་བསོད་ནམས་དཔག་ཏུ་མེད་པ་སྡུད་པར་བྱེད།། ཡང་བྱང་ཆུབ་སེམས་དཔའ ་ནི་བྱམས་པ་དང་། སྙིང་རྗེ་དོང་། དགའ་བ་དང་། བཏང་སྙོམས་སྒོམ་པར་བྱེད་ལ། གཞན་ཡང་དེ་ཉིད་ཡང་དག་པར་འཛིན་དུ་འཇུག་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ནི་ཚིགས་ཆུང་ས་དགེ་བའི་རྩ་བ་རྒྱ་ཆེན་པོ་དཔག་ཏུ། ་མེད་པའི་འབྲས་བུ་ཅན་དག་མངོན་པར་འགྲུབ་པར་བྱེད། ཡང་དག་པར་འགྲུབ་པར་བྱེདདོ།། བྱང་ཆུབ་སེམས་དཔའ་ཇི་ལྟར་སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་བ་ནི་སེལ་བར་བྱེད། ཐ་མལ་པ་ནི་འཛུད་པར་བྱེད། ་ཞུགས་པ་རྣམས་ནི་ཡོངསུ་སྨིན་པར་བྱེད། ཡོངསུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་དེའི་སེམས་ཅན་གྱི་དོན་རྣམ་པ་བཞི་མངོན་པར་འགྲུབ་པར་བྱེད་པ ་འདི་ལ་མདོར་བསྡུ་ན་ཐབས་རྣམ་པ་དྲུག་ཁོ་ན་ཡོད་པར་རིག་པར་བྱ་སྟེ། མཐུན་པ་དང་། འཁྱིག་ཅིང་སྡོད་པ་དང་། མི་མཐུན་པའི་བསམ་པ་དང་།། ནན་ཐུར་ལས་བྱུང་བ་དང་། བྱས་པ་ལ་ལན་ཀློན་པ་དང་། དག་པ་ནི ་ཐབས་དྲུག་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་མཐུན་པའི་ཐབས་ནི་འདི་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གང་དག་ལ་ཆོས་སྟོན་པར་འདོད་པ་དེ་དག་ལ་ཐོག་མ་ཁོ་ནར་ལུས་དང་དག་གིས་ཀུན་ཏུ ་སྤྱོད་པ་འཇམ་ཞིང་མཉེན་པོ་དག་དང་། ཉེ་བར་རབ་ཏུ་སྦྱིན་པ་དང་། མཐུན་པར་འཇུག་པའི་ཀུན་ཏོ་སྤྱོད་པ་དག་གིས་བྱདག་ལ་ཡོད་པ་དེ་དག་གི་ཁོང་ཁྲོ་བ་སེལ་བར་བྱེད།། ཁོང་ཁྲོ་བསལ་ནས་དགའ་བ་དང་གུས་པ་སྐྱེད་པར ་བྱེཔྱོད།། དགའ་བ་དང་གུས་པ་སྐྱེད་ནས་ཆོས་ལ་འདོད་པོ་སྐྱེད་པར་བྱེའོ།། དེའི་འོག་ཏུ་དེ་དག་ལ་ཆོས་སྟོན་པར་བྱེད།། ཆོས་དེ་ཡང་ཅི་རིགསྡེ་པ་དང་ལེགས་པར་འཇུག་པར་འགྱུར་བ་དང་། བརྡ་ཕྲད་པར་དུསུ་རིམ་གྱིས་ཕྱིན་ཅི་མ ་ལོག་པ་དང་། དོན་དང་ལྡན་པ་སྟོན་ཏོ།། འཁྲུག་པ་ཡང་མི་འཇོད་པར་བྱེདདོ།། སེམས་ཅན་འདུལ་བ་ལ་མཆོག་ཏུ་བྱེད་འདོད་པ་དང་། སྙིང་བརྩེ་བའི་སེམས་དང་ཡང་ལྔ་ནོ།། དེ་རྫུ་འཕྲུལ་དང་སེམས་ཀུན་རྗོད་པ་དང་།། རིགས ་པའི་ཚུལ་གྱིས་ཆོས་བསྟུན་པ་བསམ། གཞན་ལ་བཅོལ་བུས་བསམ། སྤྲུལ་པས་རྣམ་པ་སྣ་ཚོགས་མང་པོ་དག་གིས་སེམས་ཅན་རྣམས་འདུལ་བར་བྱེད།། དོན་དང་ལྡན་པའི་བསྟན་ཆོས་མདོར་བསྡུས་པ་རྣམས་རབ་ཏུ་རྒྱས་པར ་བྱེད་པ་དང་། ཧ་ཅང་རྒྱ་ཆེ་བ་རྣམས་མདོར་བསྡུས་པ་དང་། དེ་བཞིན་དུ་ལུང་དེ་འོག་པ་དང་། ཟླ་སུ་འཇུག་པ་དང་། འདྲི་བའི་སྐབས་དབྱེ་བ་དང་། ཆོས་གཟུང་བ་རྣམས་དང་། བླངས་པ་རྣམས་ཀྱི་དོན་ལེགས་པར་འགྲེལ་པ་དང་། ་དམིགས་པ་ཐམས་ཅད་དང་ལྡན་པའི་ཏིང་འཛིན་ལ་འཇུག་པའི་སྒོ་རྣམས་དང་མཐུན་པའི་གདམས་ངགྲ་རྗེསུ་བསྟན་པས་སེམས་ཅན་རྣམས་ལ་ཕན་འདོགས་ཤིང་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྤྱོད་དོ།། སེམས ་ཅན་གང་དག་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་རྣམས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པའི་དོན་མ་ཤེས་ཏེ། མདོ་སྡེ་གང་དག་ལས་ཆོས་རྣམས་ཀྱི་ངོ་བོ ་ཉིད་མེད་པར་སྟོན་པ་དང་། ཆོས་རྣམས་དངོས་པོ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ན་མཁའ་དང་འདྲ་བ་དང་། སྒྱུ་མ་དང་རྨི་ལམ་ལྟ་བུར་སྟོན་པ་དེ་དག་གི་དོནི་ཇི་ལྟ་བ་བཞིན་དུ་མ་ཤེས་ནས།། ་སེམས་སྐྲག་སྟེ། འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིནོ་ཞེས་མདོ་སྡེ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་སྤོང་བར་བྱེད་པའི་སེམས་ཅན་དེ་དག་ལ་ཡང་བྱང་ཆུབ་སེམས་དཔའ་དེས་མཐུན་པར་བྱེད་པའི་ཐབས་ལ ་མཁས་པས་མདོ་སྡེ་དེ་དག་གི་དེ་བཞིན་གཤེགས་པའི་དགོངས་པའི་དོན་ཇི་ལྟ་བུ་བཞིན་དུ་མཐུན་པར་བྱེད་ཅིང་། སེམས་ཅན་དེ་དག་ཀྱང་འཛིན་དུ་འཇུག། འདི་ལྟ་བུར་ཡང་མཐུན་པ་བྱེའོ།། འདི་ལྟར ་ཆོས་འདི་དག་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་མེ་ཡིན་གྱི། འདི་དག་ལ་ནི་བརྗོད་པའི་བདག་ཉིད་ཀྱི་ངོ་བོ་ཉིད་མེ་དེ། དེའི་ཕྱིར་དེ་དག་ངོ་བོ་ཉིད་མེད་པ་ཞེས་བྱའོ།། གང་ལ་བརྟེན་ནས་བརྗོད་པ་འཇུག་པའི་བརྗོད་པའི་དངོས་པོ་ཡོད་པ་དེ ་ཡང་བརྗོད་པ་གང་དག་གི་ངོ་བོ་ཉིད་གང་བརྗོད་པ་ཡང་དག་པ་དེའི་ངོ་བོ་ཉིད་མ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་མེད་པ་ཞེས་བྱའོ།། དེ་ལྟ་ཡིན་པས་ཆོས་རྣམས་ཀྱི་བརྗོད་པར་བྱ་བའི་ངོ་བོ་ཉིད་དེ་དག་ཀྱང་ཐོག་མ་ཉིད་ནས་ཐམས་ཅད ་ཀྱི་ཐམས་ཅད་དུ་མེད་ན། དེ་དག་ཅི་ཞིག་སྐྱེ་བ་འམ། འགག་པར་འགྱུར་བ་དེ་ལྟ་བས་ན་མི་སྐྱེ་བ་དང་། མི་འགག་པ་ཞེས་བྱའོ།། དཔེར་ན་ནམ་མཁའ་ལ་གཟུགས་རྣམས་དང་། གཟུགས་ཀྱུ་བྱ་བ་རྣམ་པ་སྣ་ཚོགས་མང་པོ་སྣང་བས་ན། ་གཟུགས་རྣམས་དང་། གཟུགས་ཀྱི་བྱ་བ་དེ་དྲག་ཐམས་ཅད་ཀྱི་འགྲོ་བ་དང་། འོང་བ་དང་། འགྲེང་བ་དང་། འཕར་བ་དང་། ལྷུང་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། ལ་སོགས་པའི་གློ་སྐབས་ཀྱང་འི་བྱེད་ལ། གང་གི་ཚེ་གཟུགས ་དེ་དག་དང་། གཟུགས་ཀྱི་བྱ་བ་དག་གསོལ་བའི་ཚེ། གཟུགས་མེད་པ་ཙམ་གྱི་བདག་ཉིད་ཁོ་ནས་ནམ་མཁའ་ཡོང་སུ་དག་པར་སྣང་བ་བཞིན་དུ། ནམ་མཁའ་ལྟ་བུའི་བརྗོད་མེད་པའི་དངོས་པོ་ལ་བརྗོད་པས་སྣ་ཚོགས་ཀྱིས་བྱས་པའི ་འདུ་ཤེས་རྣམས་དང་། རྣམ་པར་རྟོག་པ་སྤྲོས་པ་ལ་ཆགས་པ་དང་ལྡན་པ་གཟུགས་དང་ལས་ལྟ་བུ་རྣམས་འབྱུང་སྟེ། བརྗོད་པས་བྱས་པའི་འདུ་ཤེས་དང་། རྣམ་པར་རྟོག་པའི་སྤྲོས་པ་ལ་ཆགས་པ་དང་ལྡན་པ། གཟུགས ་དང་ལས་ལྟ་བུ་རྣམ་པ་སྣ་ཚོགས་དེ་དག་ཐམས་ཅད་ཀྱི་གོ་སྐབས་ཀྱང་བརྗོད་མེད་པའི་དངོས་པོ་ན་མཁའ་ལྟ་བུ་ངེས་འབྱེད་པར་བྱེད།། གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་འཕགས་པས་བརྗོད་པ་སྐྱེད་པའི ་ལོག་པའི་འདུ་ཤེས་དང་། རྣམ་པར་རྟོག་པ་སྤྲོས་པ་ལ་ཆགས་པ་དང་ལྡན་པ་དེ་དག་རྣམ་པ་ཐམས་ཅད་ཀྱི་ཐམས་ཅི་དུ་བསོལ་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་འཕགས་པའི་མཆོག་དེ་དག་གི་ཡེ་ཤེས་འཕགོས་པ ་ས་བརྗོད་དུ་མེད་པའི་དངོས་པོ་དེ་བརྗོད་པ་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཙམ་དུ་ན་མཁའ་ལྟ་བུར་ཡོང་སུ་དག་པར་སྣང་ཞིང་། དེའི་ཕ་རོལ་ཏུ་དེའི་རང་བཞིན་གཞན་ཚོལ་བར་མི་བྱེད་དེ། དེ་ལྟ་བས་ན་ཆོས་རྣམས་ནི་ནམཁའ ་ལྟ་བུ་ཞེས་བྱའོ།། དཔེར་ན་སྒྱུ་མ་ནི་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་ཡང་མ་ཡིན་ལ། སྒྱུ་མ་བྱས་པ་ཐམས་ཅད་ཀྱི་ཐམས་ཅད་མེད་པ་ཡང་མ་ཡིན་པ་དེ་བཞིན་དུ་ཆོས་འདི་དག་ཀྱང་བརྗོད་པ་དང་། འདྲིས་པའི་དབང་གྲི། ་བྱིས་པ་རྣམས་ལ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་ཡང་མ་ཡིན་ལ། དོན་དམ་པ་པོ་བརྗོད་མེད་པའི་བདག་ཉིད་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིནོ།། དེ་དག་ཀྱང་འཇུག་པའི་ཚུལ་འདིས་སྒྱུ་མ་བཞིན་དུ ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཏེ། གཉི་སུ་མེད་པས་དེའི་ཕྱིར་སྒྱུ་མ་ལྟ་བུ་ཞེས་བྱའོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཅི་ཡང་དབྱི་བར་ཡང་མི་བྱེད། ་སྨོན་པར་མི་བྱེད། ཉུ་ངུར་ཡང་མི་བྱེད། ལྷག་པར་ཡང་མི་བྱེད། རྣམ་པར་འཇུག་པར་ཡང་མི་བྱེད། ཡོང་དག་པར་ལ་ཡང་དག་པར་རབ་ཏུ་ཤེས་ལ། དེ་ཁོ་ན་བཞིན་དུ་ཡང་ཡོང་དག་པར་སྟོན་པར་བྱེད་པ་འདི་ནི་བྱང་ཆུབ་སེམ ་དཔའི་མཐུན་པའི་ཐབས་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་འཁྱིག་ཅིང་སྡོང་པའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཟས་དང་སྐོམ་ལ་སོགས་པ་ལུས་ཀྱི་ཡོ་བྱད་བཅུ་འདོད་པ ་རྣམས་ལ་གལ་ཏེ་ཁྱེད་པར་འཛིན་པ་དང་། མོར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པོ་དང་། བྲམ་ཟེར་འཛིན་པ་སྔ་ནས་བཞིན་དུ་རྒྱས་པར་གྲལ་ཏེ་ཁྱེད་རྣམས་ཚུལ་ཁྲིམས་ཡང་དག་པར་ལེན་པའི་བར་དུ་བྱེད་ནཱ་ནི། དེ་ལྟར་ན ་ངས་ཁྱེད་ཅག་ལོ་ཟོས་དང་སྐོམ་ལ་སོགས་པ་ལུས་ཀྱི་ཡོ་བྱད་རྣམས་ལས་ཇི་ཙམ་འདོད་པ་སྦྱིན་པར་བྱའི། དེ་ལྷ་མ་ཡིན་ན་སྦྱིན་མི་འདོད་ཅེས་འཁྱོག་ཅིང་སྡོད་པར་བྱེད།། དེ་བཞིན་དུ་ཞིང་གི་དངོས་པོ་དང་། ཁྱིམ་གྱི་དངོས ་པོ་དང་། ཟོང་དགྲམ་པའི་ཁང་པའི་དངོས་པོ་དང་། རྒྱལ་སྲིད་ཀྱི་དངོས་པོ་དང་། ཡུལ་གྱི་དངོས་པོ་དང་།། ནོར་གྱི་དངོས་པོ་དང་། འབྲུའི་དངོས་པོ་འདོད་པ་རྣམས་དང་། དེ་བཞིན་དུ་བཟོ་དང་། ལས་ཀྱི་གནས་ཀྱི་རིག་པ་འདོད་པ ་རྣམས་དང་། དེ་བཞིན་དུ་དེ་གྲོགས་བྱ་བར་འདོད་པ་རྣམས་དང་། བག་མ་ལེན་པ་དང་། བགྲ་མ་བཏོང་བར་འདོད་པ་རྣམས་དང་། ལྷག་པར་ཟླ་བ་རྣམས་དང་། འདུ་ཤིང་ཟ་བར་འདོད་པ་རྣམས་དང་། བྱ་བའི་གྲོགས་འདོད་པའི་སྐྱོན ་རྣམས་ལ་གལ་ཏེ་ཁྱེད་རྣམས་པར་འཛིན་པར་བྱེད་ན་ནི། འདི་ལྟར་ངས་ཁྱེད་ཅག་ལ་ཞེས་བྱ་བ་ནས་རྒྱས་པར་བྱ་བ་དག་ལ་གྲོགསུ་འགྲོའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་ཏེ། བྱ་བ་ལ་འཁྱིག་ཅིང་སྡོད་པར་བྱེདདོ།། ་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཉེས་པ་བྱུང་བ་སུན་འབྱིན་པ་ལོ་གནོད་པར་བྱེད་པ་གཞན་དྲུག་གིས་གསད་པ་དང་། བཅིང་བ་དང་། གཅད་པ་དང་། བརྡེག་པ་དང་། སྨད་པ་དང་། བསྡིགས་པ་དང་། བསྐྲད ་པའི་ཕྱིར་ཟིན་པ་དང་། སྲུ་གཏའ་དང་། གཏའ་དང་། བརྩོད་པའི་ཕྱིར་ཟིན་པ་རྣམས་ལ་གོལ་ཏེ་ཕར་འཛིན་པ་དང་། མར་འཛིན་པར་བྱེད་ན་ནི་ཞེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ཏེ། དེ་ལྟར་ན་ངས་ཁྱེད་ཅག་སྡུག་བསྔལ ་འདི་ལོས་ཐར་བར་བྱའོ་ཞེས་ནུས་ཤིང་མཐུ་ཡོད་བཞིན་དུ་འཁྱོག་ཅིང་སྡོད་པར་བྱེད།། ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་དང་། མི་དང་། མི་དང་། མི་མོ་ཡིན་པ་དང་། ་འཚོ་བ་མེད་པ་དང་། མི་སྙན་པ་ལ་སོགས་པའི་འཇིགས་པས་སྐྲག་པ་རྣམས་ལོ་གལ་ཏེ་ཕར་འཛིན་པར་བྱེད་ན་ནི་ཞེས་པ་ནས། རྒྱས་པར་སྔ་མ་བཞིན་ཏེ། དེ་ལྟར་ན་ངས་ཁྱེད་ཅག་འཇིགས་པ་འདི་ལ་ཡོངསུ་བསྐྱབ་པར ་བྱའོ་ཞེས་འཁྱིག་ཅིང་སྡོད་པར་བྱེད།། ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅནྡ་སྡུག་པ་དང་ཕྲད་པར་འདོད་པ་རྣམས་དང་། མྱི་སྡུག་པ་དང་བྲལ་བར་འདོད་པ་རྣམས་ལ་གལ་ཏེ་པར་འཛིན་པར ་བྱེད་ན་ནཱི་ཞེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ཏེ། དེ་ལྟར་ན་ངས་ཁྱེད་ཅོག་སྡུག་པ་དང་། ཕྲད་པ་དང་། མི་སྡུག་པ་དང་བྲལ་བར་བྱའོ་ཞེས་འཁྱིག་ཅིང་སྡོད་པར་བྱའོ།། ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ནད་ཀྱིས ་ཐོཐིབས་ཏེ་ན་བ་རྣམས་ལ་གལ་ཏེ་ཕར་འཛིན་པར་བྱེད་ན་ནི་ཞེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ཏེ། དེ་ལྟར་ན་ངས་ཁྱེད་ཅག་ནད་ཀྱི་སྡིག་བསྔལ་འདི་ལས་ཐར་བར་བྱའོ་ཞེས་འཁྱིག་ཅིང་སྡོད་པར་བྱེད།། སེམས་ཅན་དེ་དག་ཀྱང ་སྡིག་པ་སྤང་བ་དང་། དགེ་བ་ཡང་དག་པར་བླང་བ་དེ་ལ་མྱུར་བ་མྱུར་བར་བྱང་ཆུབ་སེམས་དཔའ་དེ་ལྟར་འཁྱིག་ཅིང་སྡོད་པའི་དགའ་མགུར་བྱེད་པར་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའི་འཁྱིག་ཅིང་སྡོད་པའི་ཐབས་ཞེས་བྱ། ་སྟེ། སེམས་ཅན་གང་དག་ཇི་སྐད་བརྗོད་པའི་དངོས་པོ་རྣམས་ལ། མྱུར་བ་མྱུར་བར་བྱང་ཆུབ་སེམས་དཔའ་དེ་ལྟར་འཁྱིག་ཅིང་སྡོད་པའི་དགའ་མགུར་འཇུག་པར་མི་བྱེད་པ་དེ་དག་ལ་ནི་བྱང་ཆུབ་སེམས་དཔས་ཇི་སྐད་བརྗོད ་པའི་དངོས་པོ་རྣམས་འདོད་པ་དག་ལ་ཕན་པར་འདོད་པའི་ཕྱིར་དངོས་པོ་དེ་དག་སྦྱིན་པར་མི་བྱེད། སྦྱིན་པར་མི་འདོད་པའི་བསམ་པས་ནི་མ་ཡིནོ།། སེམས་ཅན་སྡུག་བསྔལ་བར་གནས་པ་རྣམས་དང་། སྐྲག་པ་རྣམས་དང་།། ་སྡུག་པ་དང་མི་སྡུག་པ་དང་ཕྲད་པ་དང་བྲལ་བར་འདོད་པ་རྣམས་དང་། ནད་ཀྱི་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ལ་ཕན་པར་འདོད་པའི་ཕྱིར་རེ་ཞིག་སྩལ་བར་འཇོག་སྟེ། ཡལ་བར་འདོར་བའི་བསམ་པ་དང་། ཡོངསུ ་སྐྱབས་པར་མི་བྱ་བའི་བསམ་པས་ནི་མ་ཡིནོ།། སེམས་ཅན་དེ་དག་ཀྱང་དེ་ལྟར་བྱང་ཆུབ་སེམས་དཔའ་ལས་དྲག་པོ་ལ་འཇུག་ལ། སྙིང་ནས་ནི་བྱེད་ན་སྡིག་པ་སྤངས་པ་དང་། དགེ་བའི་རྩ་བ་ཡང་དག་པར་བླང་བའི ་ཕྱིས་དགའ་མགུར་བྱེད་པར་འགྱུར་རོ།། སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་ལ་སློང་བ་ཡང་མེད་ལ། སྡུག་བསྔལ་གནས་པ་ཡང་མ་ཡིན་པ་ནས་རྒྱས་པར་ནད་ཀྱིས་ཐེབས་པའི་བར་དག་ཀྱང་མ་ཡིན་ལ་དེ ་དོག་དེ་དང་འདྲིས་ཤིང་། མཛའ་བ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། ཕར་འཛིན་པ་ནས་རྒྱས་པར་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ། གནས་པར་བྱ་བའི་བར་གྱི་ཕྱིར། དགེ་བའི་རྩ་བ་དེ་ཉིད་ཡང་དག ་པར་འཛིན་དུ་འཇུག། དེ་ལྟར་བྱང་ཆུབ་སེམས་དཔས་ཡང་དག་པར་འཛིན་དུ་བཅུག་ཀྱང་གལ་ཏེ་འགྱུར་ཞིང་འཇུག་པར་མི་བྱེད་ན། དེ་དག་ལ་བྱང་ཆུབ་སེམས་དཔོས་ཕན་པར་འདོད་པའི་ཕྱིར། བདག་ཉིད་འཁྲུག་པར ་ཡང་སྟོན་ཏེ། སྙིང་ནས་འཁྲུག་པ་ནི་མ་ཡིནནོ།། བྱ་བ་རྣམས་ཡང་ཕན་པར་འདོད་པའི་ཕྱིར། རྒྱབ་ཀྱིས་ལྟ་བར་སྟོན་ཏེ། སྙིང་ནས་རྒྱབ་ཀྱིས་ལྟ་བ་ནི་མ་ཡིན།། ཕན་པར་འདོད་པའི་ཕྱིར་དེ་ལ་འཇིག་རྟེན་པོའི་ཕྱིར ་གནོད་པ་འགའ་ཡང་བྱེད། སྙིང་ནས་གནོད་པ་པར་འདོད་པ་མ་ཡིནོ།། བྱང་ཆུབ་སེམས་དཔའ་དེའི་བསམ་པ་དེ་དང་། སྤྱོད་པ་དེ་ནི་སེམས་ཅན་དེ་དག་ལ་མི་མཐུན་པར་བྱེད། དེས་ཀྱང་སེམས་ཅན་དེ་དག ་སྡིག་པ་སྤོང་བ་དང་། དགེ་བ་ཡང་དག་པར་བླང་བ་དེ་ལ་ཡང་དག་པར་འཇུད། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་སེམས་ཅན་འདུལ་བའི་ཐབས་འདི་ནི་མི་མཐུན་པའི་བསམ་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི ་ནིནཱན་ཐུར་ལས་བྱུང་བའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཇོ་བོར་གྱུར་པ་འམ། རྒྱལ་པོར་གྱུར་པ་ཡང་རུང་སྟེ། བདག་པོར་གྱུར་ནས། བདག་གི་བྲན་གཉུག་མ་འམ། ཕྲ་བ་སྟེ་ཁུགས་པ་ཡང་རུང་བ་ལ ་འདི་སྐད་དུ་ངའི་འབངས་གཉུག་མ་འམ། ཕབ་སྟེ་ཁུགས་པ་སུ་ཡང་རུང་སྟེ། པར་མི་འཛིན་པ་ནས་རྒྱས་པར་འཆལ་པའི་ཚུལ་ཁྲིམས་བླངས་ནས། འདུག་པ་དེ་ལ་ངེས་ཐང་གི་དབང་བའི་ཟས་དང་གོས་ཀུན་གཅད་དམ ་གཅོ་དུ་གཞུགོ།། ཡང་ན་དེ་ལ་བརྡེག་ཏུ་གཞུག། ཡང་ན་ནོར་ཐམས་ཅད་དང་དཔྲལ།། ཡང་ན་ཐམས་ཅད་ཀྱི་ཐམས་ཅད་ཡུལ་ནས་སྨུགོ་ཞེས་ཡང་དག་པར་འཆོས་པར་བྱེད།། ལུས་དེ་ལས་ཡང་ཞོ་ཤས་འཚོ ་མཁས་པ་དང་། བཤེས་གཉེན་ཅན་དག་སྐོ་བར་བྱེད།། སེམས་ཅན་དེ་དག་ཀྱང་ཆད་པ་ཆེན་པོ་དེས་སྐྲག་ནས། སྡིག་པ་ཡང་སྤོང་ཞིང་དགེ་བ་ཡང་དག་པར་བླངས་ཏེ་གནསོ།། ས་ན་དེ་དག་མི་འདོད་བཞིན་དུ་ཡང ་ནན་གྱིས་གནན་པ་དེ་དང་ཐབས་དེས་དགེ་བ་འཛུད་པར་བྱེད། དེ་ལྟ་བས་ནཱ་འདི་ནི་ནན་ཐུར་ལས་བྱུང་བའི་ཐབས་ཞེས་བྱའོ།། །། བམ་པོ་བཅོ་ལྔ་པ། ་དེ་ལ་བྱང་ཆུབ་སེམས་དཔའི་བྱས་པ་ལན་ལྡོན་པའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔེས་སེམས་ཅན་གང་དག་ལ་སྔོན་སྦྱིན་པ་འམ། སྡུག་བསྔལ་བའི་སྐྱབས་སམ། འཇིགས་པའི་སྐྱབས་སེམ། སྡུག་པ་དང་མི ་སྡུག་པ་དང་ཕྲད་པ་དང་བྲལ་པོར་བྱས་པ་འམ། ནང་ཞི་བའི་ཕན་པ་ཉུང་ཡང་རུང་། མང་ཡང་རུང་བ་བྱས་ལ། བྱས་པ་གཟོ་ཞིང་བྱས་པ་ཤེས་ཏེ། ཕྱིར་ལེན་དུ་ཕན་འདོགས་པར་འདོད་པ་དེ་དག་ལ་བྱང་ཆུབ་སེམས་དཔེས་དགེ་བ་ཡང ་དག་པར་བླང་བ་ཁོ་ན་ལན་དུ་འཚོལ་བར་བྱེད་ལ། ཁས་ལེན་ཏེ། འཇིག་རྟེན་གྱི་ཟང་ཟིང་ནི་ཅུང་ཟད་ཀྱང་མ་ཡི་ནོ།། དེ་སྐད་དུ་གལ་ཏེ་ཁྱེད་ཀྱིས་ཕར་འཛིན་པ་དང་། མར་འཛིན་པ་ནས་རྒྱས་པ་ཚུལོ་ཁྲིམས་ཡང་དག་པར་བླང་བའི ་བར་དུ་བྱས་ནས། དེ་ཉིད་ཁྱེད་ཀྱི་ང་ལ་ལན་དུ་ཕན་བཏགས་པ་ཆེན་པོ་ཡིན་ཞེས་ཟེར་ཞིང་། བྱས་པའི་ལན་གློན་པ་དགེ་བ་ཡང་དྲུག་པར་བླངས་པ་གཞན་ལས་རེ་བར་བྱེད་ལ། ཐབས་དེས་གཞན་དགེ་བ་དེ་ལ་ཡང་དག ་པར་འཛུད་པར་བྱེད། དེ་ལྟ་བོས་ན་ཐབས་དེ་ནི་བྱས་པ་ལན་གློན་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མཐར་ཐུག་པར་གྱུར་པའི་བྱང་ཆུབ་སེ ་ས་ལ་གནས་ཤིང་། བྱང་ཆུབ་སེམས་དཔའི་ལམ་ཤིན་ཏུ་རྣམ་པར་སྦྱངས་པ་ནི་བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞིག་དགའ་ལྡན་གྱི་ལྷའི་རིགསུ་སྐྱེས་ཏེ། དེ་ནི་རིང་པོ་མི་ཐོག་པར་འཛི ་བུའི་གླིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱིས། བདག་ཅག་གིས་དེས་མཉེས་པར་བྱས་ཏེ། མི་མཉེས་པར་མི་བྱའོ།། བྱང་ཆུབ་སེམས་དཔའ་དེའི་དྲུང་དུ ་ཡང་བདག་ཅག་སྐྱེ་བར་གྱུར་ཅིག་སྙམ་དུ་སེམས་པར་འགྱུར་བར་སེམས་ཅན་དཔག་ཏུ་མེད་པའི་ཡང་དག་པའི་འདུན་པ་སྐྱེད་པ་དང་། འདུན་པ་ཚོ་བར་བྱ་བའི་ཕྱིར་དགའ་ལྡན་གྱི་ལྷའི་རི་སུ་སྐྱེ་བའོ།། ཡང་བྱང་ཆུབ་སད་པ ་དགའ་ལྡན་གྱི་ལྕིའི་རིས་ནས་ཤི་འཕོས་ནས། རིགས་མཐོན་པོ་འམ། ཀུན་གྱིས་བཀུར་བའི་ཁྱིམ་འདི་ལྟ་སྟེ། རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱོ་བར་འགྱུར་ཏེ། དེར་སེམས་ཅན་རྣམས་ཀྱིས་གཅེས་པ ་བྱ་བ་སྐྱེད་པའི་ཕྱིར་འདོད་པ་རྒྱ་ཆེན་པོ་དག་སྤངས་ནས། མངོན་པར་འབྱུང་བར་བྱེད།། ཡང་སེམས་ཅན་དཀའ་བ་སྤྱོད་པ་ལ་མོས་པ་རྣམས་ཀྱི་འདུན་པ་བཟློག་པའི་ཕྱིར་དཀའ་བ་སྤྱོད་པ་ཉམ་སུ་ལེན་པར་བྱེད།། ་ཡང་དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱི་བྱང་ཆུབ་དང་རྣམ་པར་གྲོལ་བ་ཐུན་མོང་དུ་འགྱུར་བའི་འདོད་པ་སྐྱེད་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚོང་རྒྱ ་བར་བྱེད།། ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ད་ལྟར་གང་ལ་ཆོས་བསྟན་པར་བྱ་བའི་ཕྱིར་ཚངས་པ་ཉིད་བཅོམ་ལྡན་འདས་ལ་གསོལ་བ་འདེབས་པ་ལས་ན། ཀྱེ་མ ་ཆོས་བསྟན་པ་འདི་ནི་ངན་དོན་ཙམ་མ་ཡིནོ་སྙམ་སྟེ། སེམས་ཅན་དེ་དག་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར། རེ་ཞིག་སེམས་ཅན་རྣམས་ལ་ཆོས་མི་སྟོན་པར་ཚངས་པས་གསོལ་བ་བཏབ་པ་ལ་བཞེས་པར་མཛད།། ་ཡང་འདིས་ནི་ཚངས་པས་གསོལ་བ་བཏབ་པ་ཁོ་ནས་ཚངས་པའི་ངོར་བྱ་བ་དང་། གཞན་གྱིས་བསྐུལ་བའི་ཕྱིར་ཆོས་སྟོན་པར་ཟད་ཀྱི། བདག་ཉིད་སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་དང་། བདག་ཉིད་ཀྱི་ཚུལ ་གྱིས་ནི་མ་ཡིནོ་སྙམ་དུ་ཤེས་ནས། སེམས་ཅན་ཁ་ཅིག་དེ་ལྟར་ལོག་པར་འཛིན་པ་བསལ་བའི་ཕྱིར། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགསོ།། ཡང་ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་སྔོན ་མ་སྐོར་བ་བསྐོར་བར་མཛད། དེ་ལྟར་ཆོས་སྟོན་པར་མཛད། བསླབ་པའི་གཞི་དག་ཀྱང་འཆའ་བར་མཛད། འདི་ནི་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཐབས་ཞེས་བྱ་སྟེ། ཐབས་འདི་ལས་གོང་ན་ཐབས ་ཆེས་ལྷག་པ་དང་། ཆེས་གྱ་ནོམ་པ་གཞན་མེདོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པ་རྣམ་པ་དྲུག་པོ་འདི་དག་ཨདོ་དང་། རྒྱས་པར་བསྟན་པས་སེམས་ཅན་ཞེ་འགྲས་པ་རྣམས་ཀྱི ་ཁོང་ཁྲོ་བ་ནཱི་སེལ། ཐ་མལ་པ་རྣམས་ནི་འཛུད་པར་བྱེད། ཞུགས་པ་རྣམས་ནི་ཡོངསུ་སྦྱིན་པར་བྱེད། ཡོངསུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་བྱེད། འདི་ལས་གོང་ན་ཡང་མདོ། 2 ་ལྷག་པ་ཡང་མེདོ།། འདིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ཡིནོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཆོས་ཀྱི་གཟུངས་དང་། ་དོན་གྱི་གཟུངས་དང་། གསང་སྔགས་ཀྱི་གཟུངས་དང་། བྱང་ཆུབ་སེམས་དཔའ་བཟོད་པ་འཐོད་པར་བྱེད་པའི་གཟུངསོ།། དེ་ལ་ཆོས་ཀྱི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་ཐོས་པ ་ཁོ་ནས་མ་གོམས་ཤིང་ཁ་ཏོན་བྱང་བར་མ་བྱས་པའི་མིང་དང་། ཚིག་དང་ཡི་གེར་གཏོགས་པའི་རིམ་བཞིན་དུ་བསྡེབས་ཤིང་། རིམ་བཞིན་དུ་སྦྱར་བའི་ཡི་གེ་ཚད་དྲོ་མེད་པ་དག་ཏུ་ཚད་མེད་པར་འཛིན་པར་འགྱུར་བ ་དེ་ལྟ་བུ་དྲན་པ་དང་། ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པར་འགྱུརརོ།། དེ་ལ་དོན་གྱི་གཟུངས་གང་ཞེ་ན། སྔ་མ་དང་འདྲ་བ་ལས། དེའི་ཁྱད་པར་ནི་འདི་ཡོད།། ཆོས་དེ་དག་ཉིད་ཀྱི་དོན་ཚད་མེད་པ་དག་མ་གོས་ཤིང ་ཡིད་ཀྱིས་བྱང་བར་མ་བྱས་པར་དུས་ཚད་མེད་པོ་དག་ཏུ་འཛིན་པའོ།། དེ་ལ་གསང་སྔགས་ཀྱི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་གསང་སྔགས་ཀྱི་གཞི་གང་དག་སེམས་ཅན་རྣམས་ཀྱི ་ཡམས་ཀྱི་ནང་ཡང་དག་པར་ཞི་བར་བྱ་བའི་ཕྱིར་བྱིན་གྱིས་རློབ་པར་བྱེད། ཡམས་ཀྱི་ནང་རྣམ་པ་དུ་མྲ་ཡང་དག་པར་ཞི་བར་བྱ་བ་ལ། དེ་དག་གྲུབ་ཅིང་མཆོག་ཏུ་གྲུབ་ལ་དོན་ཡོད་པ་དེ་ལྟ་དབུའི་ཏིང་འཛིན་གྱི་དབང ་ཐོབ་པར་འགྱུར་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་གསང་སྔོགས་ཀྱི་གཟུངས་ཤེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཟོད་པ་འཐོབ་པར་བྱེད་པའི་གཟུངས་གང་ཞེ་ན། ་འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་རྒྱུ་ལ་ཤིན་ཏུ་སྤྱད་པ། ཤེས་རབ་དང་ལྡན་པོ། དབེན་པ་ནི་གནས་ཤིང་། ཚིག་ཀྱང་མི་སྨྲ་ལ། སུ་དང་ཡང་མི་ཕྲད་ཅིང་། དེ་བཞིན་དུ་རན་པར་ཟ་བ་དང་། བབ ་ཅོལ་དུ་མི་ཟ་བ་དང་། ཁ་ཟས་སྣ་གཅིག་པ་དང་། སེམས་དཔའ་ལྷུརྱ་བྱེད་པ་དྲང་། མཚན་མོ་ཡུན་ཐུང་དུ་ཉལ་ཞིང་ཡུན་རིང་དུ་མི་ཉལ་བ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་འགྱུར་བའི་གསང་སྔགས ་ཀྱི་གཞི་གང་དག་དེ་བཞིན་གཤེགས་པས་གསུངས་པ། ཏདྱ་ཐཱ། ཨི་ཊཾ། མི་ཊི། ཀི་ཊི། བྷིཀྵ་ན་ཏིཾ། པཻ་ད་ནི་སྭཱ་ཧཱ། ཞེས་བྱ་བའི་གསང་སྔགས་ཀྱི་གཞི་དེ་དག་གི་དོན་སེམས་ཤིང་འཇལ་ལ་ཉེ་བར་རྟོག་སྟེ། ་དེ་གསང་སྔགས་ཀྱི་གཞི་འདི་དག་ལ་ཡང་དག་པར་ཞུགས་ཏེ། སུ་ལས་ཀྱང་མ་ཐོས་པར་བདག་ཉིད་ཀྱིས་འདི་ལྟར་གསང་སྔགས་ཀྱི་གཞི་འདི་དག་ལ་ནི་དོན་ཡོངསུ་གྲུབ་པ་ཅི་ཡང་མེད། འདི་དག་ནི་དོན་མེད་པ་ཁོ ་ནཱའོ།། འདི་དག་གི་དོན་འདི་ལྟ་སྟེ། དོན་མྱེད་པ་ཁོ་ན་ཉིད་དོ་སྙམ་དུ་དེ་ལྟ་བུའི་དོན་ཁྲོང་དུ་ཆུད་པར་འགྱུར་ཏེ། དེའི་ཕ་རོལ་ཏུ་དོན་གཞན་ཚོལ་བར་ཡང་མི་བྱེད། དེ་ཙམ་གྱིས་ན་ངེས ་གསང་སྔགས་ཀྱི་གཞི་དེ་དག་གི་དོན་ལྕོགས་པར་ཁོང་དུ་ཆུད་པ་ཡིནོ།། དེས་གསང་སྔགས་ཀྱིགཞི་དེ་དག་གི་དོན་ཡང་དག་པར་ཁོང་དུ་ཆུད་ནས། དོན་དེ་ཉིད་ཀྱི་རྗེ་སུ་འབྲང་བསོ་ཆོས་ཐམས་ཅད་ཀྱི་དོན་ཡང ་ལེགས་པར་ཁོང་དུ་ཆུད་པར་འགྱུརརོ།། གཞན་ལས་མ་ཐོས་པར་བདག་ཉིད་ཀྱི། དོན་འདི་ལྟ་བུ་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། བརྗོད་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་ཡོངསུ་གྲུབ་པ ་མེདདོ།། དེ་དག་གི་བརྗོད་དུ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་དོན་ཡིན་སྙམ།། དེས་དེ་ལྟར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་ལེགས་པར་ཁོང་དུ་ཆུད་ནས། དེ་ལས་དོན་གཞན ་མི་ཚོལ་ལ་དོན་ཁོང་དུ་ཆུད་པས་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཡང་ཐོབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དེས་གཟུངས་ཀྱི་ཚིག་ཐོབ་པ་དེ་དག་ལ་བརྟེན་ནས། བྱང་ཆུབ་སེམས་དཔའི ་བཟོད་པ་ཞེས་བྱ་སྟེ། དེ་ཐོབ་པས་ཀྱང་བྱང་ཆུབ་སེམས་དཔའ་དེ་རིང་པོར་མི་ཐོགས་པར་ལྷག་པའི་བསམ་པ་དག་པ་ཐོབ་པར་འགྱུར་ཞིང་མོ་པྲ་སྤྱོད་པའི་སའི་བཟོད་པ་ཆེན་པོ་ལ་གནས་པར་འགྱུར་ཏེ། འདི་ནི། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ཡིན་པར་རིག་པར་བྱའོ།། དེ་ལ་ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། དོན་གྱི་གཟུངས་ནི་བྱང་ཆུབ་སེམས ་དཔའ་བསྐལ་པ་གྲངས་མེད་པ་དོང་པོ་འདས་ནས། ལྷག་པའི་བསམ་པའི་དག་པའི་ས་ལ་ཞུགས་པའི་ཚེ་ཐོབ་པར་འགྱུར་ཏེ། ངེས་པ་དང་། བརྟན་པ་དང་། རྒྱ་ཆེ་བ་ཡིནོ།། དེ་ཚུན་ཆད་ནི་སྨོན་ལམ་གྱིས་དབང ་ངམ། བསམ་གཏན་ལ་བརྟེན་ནས། ཐོབ་པར་འགྱུར་ཏེ། ངེས་པར་ཡང་མ་ཡིན། རྟན་པ་ཡང་མ་ཡིན། རྒྱ་ཆེ་བ་ཡང་མ་ཡིན།། ཆོས་དངོན་གྱི་གཟུངས་ཇི་ལྟ་བ་བཞིན་དུ། གསང་སྔགས་ཀྱི་གཟུངས་ཀྱང་དེ་དང་འདྲ་བར་རིག་པར ་བྱའོ།། བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ནི་ཇི་སྐད་བརྗོད་པ་དེ་ཁོ་ན་བཞིན་དུ་ཐོབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཡོན་ཏན་གཞི་དང་ལྡན་ན་གཟུངས་འདི་དག་ཐམས་ཅད་འཐོབ། ་སྟེ། གང་ཡང་རུང་བ་མ་ཚང་བས་ནི་མ་ཡིནོ།། བཞི་གང་ཞེ་ན། འདོད་པ་རྣམས་ལ་ལྷག་པར་ཞེན་པ་མེད་པ་དང་། གཞོན་མ་ཐོས་པ་དག་ལ་ཕྲག་དོག་མི་བསྐྱེདདེ། ཕྲག་དོག་མེད་པ་དང་། བསླངས་པ་ཐད ་རབ་ཏུ་སྦྱིན་ཞེས་འགྱོད་པ་མེད་པར་སྦྱིན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དམ། སྡེ་སྣོད་ཀྱི་མ་མོ་ལས་བརྩམས་ཏེ། ཆོས་ལ་ཀུན་ཏུ་དགའ་ཞིང་། ཆོས་ལ་དགའ་བ་ཡིནོ།། དེ་ལ་བྱང་ཆུབ་སེམས་དཔའ ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྨོན་ལམ་གང་ཞེ་ན། ད་ནི་མདོར་བསྡུ་ན་རྣམ་པ་ལྔར་བལྟ་བར་བྱ་སྟེ། སེམས་བསྐྱེད་པའི་སྨོན་ལམ་དང་། སྐྱེ་བའི་སྨོན་ལམ་དང་། སྤྱོད་ལམ་གྱི་སྨོན ་ལམ་དང་། ཡང་དག་པའི་སྨོནྡ་ལམ་དྲང་། སྨོན་ལམ་རྐྱེན་པོའོ།། དེ་ལ་དང་ཕྱེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། བྱང་ཆུབ་སེམ་ཅོད་པའི་སེམས་བསྐྱེད་པའི་སྨོན་ལམ་ཞེས ་བྱའོ།། ཕྱི་མ་ལ་སེམས་ཅན་གྱི་དོན་གྱི་མཐུན་པའི་འགྲོ་བྱའི་རྣམསུ་སྐྱེ་བར་སྨོན་པ་ནི། བྱང་ཆུབ་སེམས་དཔའི་སྐྱེ་བའི་སྨོན་ལམྱ་ཞེས་བྱའོ།། ཆོས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པོར་སྨོན་པ་དང་། ཚད ་མེད་པ་ལྀ་སོགས་པ་དགེ་བའི་ཆོས་བསྒོམ་པའི་ཡུལ་ལ་སྨོན་པ་ནི། བྱང་ཆུབ་སེམས་དཔོའི་སྤྱོང་ཡུལ་གྱི་སྨོན་ལམ་ཞེས་བྱའོ།། ཕྱི་མ་ལ་མདོ་འམ། རྒྱས་པར་བྱང་ཆུབཱ་སེམསོ་དཔའི་དགེ་བ་ཐམས་ཅད ་བསྡུ་བ་དང་། ཡོན་ཏན་ཐམས་ཅད་བསྡུ་བའི་ཕྱིར་སྨོན་པ་ནི། བྱང་ཆུབ་སེམས་དཔའི་ཡང་དག་པའི་སྨོན་ལམ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་ནི་ཡང་དག་པའི་སྨོན་ལམ་དེ་ཉིད ་ལས་རིག་པར་བྱའོ།། དེ་ཡང་རྣམ་པ་བཅུ་སྟེ། ཕྱི་མ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བའི་རྣམ་པ་ཐམས་ཅད་དཔག་ཏུ་མེད་པར་བྱ་བ་ནི་སྨོན་ལམ་ཆེན་པོ་དང་པོ་ཡིན།། སངས་རྒྱས ་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངསུ་བཟུང་ཞིང་བསྲུང་བར་བྱ་བ་དང་། ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོ་དང་། དགའ་ལྡན་གྱི་གནས་ན་བཞུགས་པ་ནས། ་སྔ་མ་བཞིན་དུ་ཡོངསུ་མྱ་ངན་ལས་འདའ་བའི་བར་གྱི་སྨོན་ལམ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྣམ་པ་ཐམསོ་ཅང་ལེགས་པར་སྤྱང་པར་བྱ་བའི་སྨོན་ལམ་ཆེན་པོ་དང་། སེམས་ཅན ་ཐམས་ཅད་ཡོངསུ་སྨིན་པར་བྱ་བའི་སྨོན་ལམ་ཆེན་པོ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་བསྟན་པར་བྱ་བའི་སྨོན་ལམ་ཆེན་པོ་དང་། སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པར་བྱ་བའི་སྨོན ་ལམ་ཆེན་པོ་དང་། ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བསམ་པ་དང་སྦྱོར་བ་གཅིག་པར་བྱ་བའི་སྨོན་ལམ་ཆེན་པོ་དང་། ཡང་དག་པར་སྦྱོར་བྱ་ཐ~ཾད ་འབྲས་བུ་ཡོད་པར་བྱ་བའི་སྨོན་ལམ་ཆེན་པོ་དང་། བློ་ན་མེ་དོ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོག་པར་བྱང་ཆུབ་པར་བྱ་བའི་སྨོན་ལམ་ཆེན་པོའོ།། དེ་ལ་བྱང་ཆུབ་སེམས་དཔའི་སྟོང་པ ་ཉིད་ཀྱི་ཏིང་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའི་བརྗོད་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་དང་བྲལ་བ། བརྗོད་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་མཐོང་ནས། སེམས་གནས་པ་གང་ཡིན་པ་དེ་ནི་དེའི ་སྟོང་པ་ཉིད་ཀྱི་ཏིང་འཛིན་ཅེས་བྱའོ།། སྨོན་པ་མེད་པའི་ཏིང་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བརྗེ་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་དེ་ཉིད་ལ་ལོག་པར་རྣམ་པར་བརྟགས་པ་ལ། ་བྱུང་བའི་ཉོན་མོངས་པ་དང་། སྡུག་བསྔལ་གྱིས་ཡོངསུ་ཟིན་པའི་ཕྱིར་ཞེས་པ་དུ་མའི་སྐྱོན་ཆགས་པར་ཡང་དག་པར་མཐོང་ནས། ཕྱིས་དེ་ལ་མི་སྨོན་པ་སྔོན་དུ་འགྲོ་བའི་སེམས་གནས་པ་གང་ཡིན་པ ་ད་ནི་དེའི་སྨོན་པ་མེད་པའི་ཏིངེ་འཛིན་ཅེས་བྱའོ།། མཚན་མ་མེད་པའི་ཏིང་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བརྗོ་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་དེ་ཉིད་ཀྱིས་རྣམ་པར་རྟོག་པ་དང་། སྨྱོས་པའི་མཚན ་མ་ཐམས་ཅད་བྱསལ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞི་བར་ཡིད་ལ་བྱེད་པས་སེམས་གནས་པ་གླང་ཡིན་པ་དེ་ནི་དེའི་མཚན་མ་མེད་པའི་ཏིངངེ་འཛིན་ཅེས་བྱའོ།། ཅིའི་ཕྱིར་ཏི་ངེ་འཛིན་གསུམ་པོ་འདི་དག་གཞག ་གི། འདི་ལས་གོང་ན་ཡང་མེད་ལ་འདི་ལས་ལྷག་པ་ཡང་མེད་ཅེ་ན། ཡོད་པ་དང་མེད་པ་འདི་གཉིས་ཡིན་ཏེ། དེ་ལ་འདུས་བྱས་དང་། འདུས་མ་བྱས་ནི་ཡོད་པའོ།། བདག་གོམ་བདག་གི་ནི་མེད་པའོ།། དེ་ལ་འདུས ་བྱས་ལ་མི་མཐུན་པར་བདེན་པར་སྨོན་པ་ལས་ནི་སྨོན་པ་མེད་པའི་ཏིང་འཛིན་རྣམ་པར་གཞགོ། འདུས་མ་བྱས་མྱ་ངན་ལས་འོངས་པ་ལ་སྨོན་ཅིང་ཡང་དག་པར་མངོན་པར་དགའ་བར་འཛིན་པ་ལས་ནི་མཚན་མ་མི་ཕྱི ་ཏིང་འཛིན་རྣམ་པར་གཞག། མེད་པ་ཁོ་ནའི་དངོས་པོ་གང་ཡིན་པ་དེ་ལ་ནི་བྱང་ཆུབ་སེམས་དཔའ་སྨོན་པ་འམ། མི་སྨོན་པར་མི་བྱ་བར་དེ་མེད་པ་ཁོ་ནར་ཡང་དག་པར་ཇི་ལྟ་བ་བཞིན་དུ་བལྟ་བར་བྱ་སྟེ། བལྟ་བ་དེའི་དབང ་དུབྱས་ནས། སྟོང་པ་ཉིད་ཀྱི་ཏིངངེ་འཛིན་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ཏིང་འཛིན་གསུམ་པོ་འདི་དག་ལ་སྦྱོར་བར་བྱེད། དེ་ལྟར་རྣམ་པར་བཞག་པ་ཡང་ཡང་དག་པར་ཇི་ལྟ་བ ་བཞིན་དུ་རབ་ཏུ་ཤེས་ལ། དེ་ལས་གཞན་པའི་རྣམ་པ་གང་དག་ལ་ཉན་ཐོས་རྣམས་སློབ་ཅིང་། ཡང་དག་པར་འགྲུབ་པའི་ཏིང་འཛིན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་བཞག་པའི་ཚུལ་ལ ་ཇུག་པ་དང་། སྒོམ་པའི་ཚུལ་ལ་འཇུག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རག་ཏུ་ཤེསོ།། ཆོས་ཀྱི་མ་དོ་བཞི་ནི་འདི་དག་ཡིན་ཏེ། དེ་དག་ནི་སེམས་ཅན་རྣམས་རྣམ་པར་དག་པར་བྱ་བའི་ཕྱིར་སངས་རྒྱས་རྣམས ་དང་། བྱང་ཆུབ་སེམས་དཔའ་རྣམས་སྟོན་པར་མཛད་དོ།། བཞི་གང་ཞེ་ན། འདུ་བྱེད་ཐམས་ཅད་ལ་མི་རྟགོ་ཞེས་བྱ་བ་ཆོས་ཀྱི་མདོ་དང་འདུ་བྱེད་ཐམས་ཅད་སྡུག་བསྔལ་བའོ་ཞེས་བྱ་བར་ཆོས་ཀྱི་མདོ་དང་། ཆོས ་ཐམས་ཅད་བདག་མེད་པའོ་ཞེས་བྱ་བ་ཆོས་ཀྱི་མདོ་དང་མྱ་ངན་ལྔ་འདལ་ཞེས་བྱ་བ་ཆོས་ཀྱི་མདོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ལ་དེ་དག་དང་ལྗོན་པའི་དོན་གྱི་ཆོས་ཕལ་ཆེར ་སྟོན་ཏེ། དེའི་ཕྱིར་དེ་དག་ནི་ཆོས་ཀྱི་མདོ་ཞེས་བྱའོ།། ཐུབ་པ་ཐུགས་ཞི་བ་སྔ་མ་རྣམས་ཀྱིས་རྟག་ཏུ་བརྗོད་ཅིང་བརྗོད་པའི་ཕྱིར་ཡང་མདོ་ཞེས་བྱའོ།། འདི་ནི་འབྱོར་པ་ཆེན་པོར་འགྱུར་བ་དང་། ་སྲིད་པའི་རྩེ་མོའི་གོང་དུ་འགྲོ་བའི་ལམ་ཡིན་ཏེ་དེའི་ཕྱིར་མ་དོ་ཞེས་བྱའོ།། བྱང་ཆུབ་སེམས་དཔས་འདུ་བྱེད་ཐམས་ཅད་མི་རྟག་པ་ཇི་ལྟར་ཡང་དག་པོར་མཐོང་ཞེ་ན། འོད་ལ་བྱང་ཆུབ་སེམས་དཔས་འདུ་བྱེད་ཐམས ་ཅད་ཀྱི་བརྗོད་དུ་མེད་པའི་ངོ་བོ་ཉིད་རྟག་ཏུ་ཁོ་ནར་དམིགས་ནས། འདུ་བྱེད་ཐམས་ཅད་མི་རྟག་པར་མཐོང་།། ཡང་བརྗོད་དུ་མེད་པའི་དངོས་པོ་དེ་ཉིད་ཡང་དག་པར་ཡོངསུ་མ་ཤེས་པའི་ཕྱིར། ཡོངསུ་མ་ཤེས་པའི་རྒྱུ ་ལས་བྱུང་བའི་སྐྱེ་བ་དང་། འཇིགས་པ་དམིགས་ནས། བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་འདུ་བྱེད་ཐམས་ཅད་མི་རྟག་པར་ཡང་དག་པར་མཐོང་སྟེ། དེས་འདས་པའི་འདུ་བྱེད་རྣམས་ནི་སྐྱེས་ནས་འགག་པར་ཡང་དག་པར་མཐོ ་ལ། དེ་དག་གི་རྒྱུ་དང་ངོ་བོ་ཉིད་ཀྱང་མི་དམིགསོ།། དེ་ལྟ་བས་ན་དེ་དགྲ་ནི་རྒྱུ་དང་ངོ་བོ་ཉིད་ཀྱིས་ཀྱང་ཡོད་པར་ཡང་དག་པར་མཐོང་།། དེ་ལྷུར་བྱུང་བ་རྣམས་ནི་སྐྱེས་ལ་མཽ་འགགས་པར་ཡང་དག་པར་མཐོང་ངོ་།། དེ་དག་གི་རྒྱུ ་ནི་མི་དམིགས་ཏེ། འབྲས་བུ་སྐྱེད་ཟིན་པའི་ཕྱིར།། ངོ་བོ་ཉིད་ནི་མི་དམིགས་ཏེ། མ་འགགས་པའི་ཕྱིར།། དེ་ལྟ་བས་ན་དེ་དག་ངོ་བོ་ཉིད་ཀྱིས་ཡོད་པར་ཡང་དག་པར་མཐོང་གི། རྒྱུ་ལས་ནི་མ་ཡིནོ།། མ་འོངས ་པའི་འདུ་བྱེད་རྣམས་ནི་མ་སྐྱེས་པ་དང་མ་འགག་པར་མཐོང་།། དེ་དག་གི་རྒྱུ་ནི་དམིགས་ཏེ། འབྲས་བུ་མ་བསྐྱེད་པའི་ཕྱིརརོ།། ངོ་བོ་ཉིད་ནི་མི་དམིགས་ཏེ་མ་སྐྱེད་པའི་ཕྱིརརོ།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དེ་དག ་རྒྱུ་ལས་ནི་ཡོད་པར་མཐོང་གི་ངོ་བོ་ཉིད་ལས་ནི་མ་ཡིནོ།། དེས་དེ་ལྟར་དུས་གསུམ་འདུ་བྱེད་ཀྱི་རྒྱུད་རྒྱུན་མི་འཆད་པར་འཇུག་པར་མཐོང་ནས་འདུ་བྱེད་ཀྱི་སྐད་ཅིག་པཱ་རེ་རཱི་ལ་འདུས་བྱས་རྣམས་ཀྱི་འདུས་བྱས་ཀྱི ་མཚན་ཉིད་གསུམ་མཐོང་ལ། སྐད་ཅིག་གི་འོག་ཏུ་ནི་འདུས་བྱས་ཀྱི་མཚན་ཉིད་བཞི་པ་ཡང་དགེ་པུར་མཐོང་།། དེ་ལ་འདུ་བྱེད་ཀྱི་སྐད་ཅིག་པོ་དང་པོ་ལ་ངོ་བོ་ཉིད་ཞིག་མ་ཐག་ཏུ་སྔ་ནས་མེད་པའོ་འདུ ་བྱེད་ཀྱི་སྐད་ཅིག་གི་ངོ་བོ་ཉིད་འབྱུང་བ་གང་ཡིན་པ་དེ་ནི་སྐྱེ་བོར་མཐོང་།། སྐྱེས་ཟིན་པ་དེ་ཉིད་ཀྱི་ཚེ་ན་མ་ཞིག་པ་གང་ཡིན་པ་དེ་ནི་གནས་པར་མཐོང་ངོ་།། སྔར་འགྲགས་པའི་འདུ་བྱེད་ཀྱི་སྐད་ཅིག་གི་ངོ། ་བོ་ཉིད་སྔར་འགགས་པ་དེ་ལས་ལྟོས་ནས་སྐྱེས་པ་དེ་གཞན་ནིམ་གཞན་དུ་འགྱུར་བ་གང་ཡིན་པ་དེ་ནི་རྒ་བར་མཐོང་།། སྐྱེ་བའི་སྐད་ཅིག་དེའི་འོག་ཏུ་འདུ་བྱེད་ཀྱི་སྐད་ཅིག་འབྱུང་པོ་དེ་ཉིད་ཀྱི་དེ་ཉིད་འཇིག་པ ་གང་ཡིན་པ་དེ་ནི་འཇིག་པར་མཐོང་ངོ་།། དེས་འདུ་བྱེད་ཀྱི་སྐད་ཅིག་བྱུང་བ་དེའི་ངོ་བོ་ཉིད་ཡང་དག་པར་མཐོང་བ་གང་ཡིན་པར་དེའི་སྐྱེ་བ་དང་། གནས་པ་དང་། རྒ་བ་ཡང་དེ་ཉིད་ཀྱི་ངོ་བོ་ཡིན་གྱི། དེ་ལས ་གཞན་པའི་ངོ་བོ་ཉིད་མ་ཡིན་པར་མཐོང་།། སྐད་ཅིག་དེའི་འོག་ཏུ་འདུ་བྱེད་ཀྱི་སྐད་ཅིག་གི་ངོ་བོ་ཉིད་མེད་པར་འགྱུར་བ་གང་ཡིན་པ་དེ་ཡང་སྐྱེ་བ་དང་ལ་སོགས་པ་དེ་དག་གི་ཡང་དེ་ཉིད ་ཡིན་པར་ཡང་དགྲ་པ་ཇི་ལྟ་བ་བཞིན་དུ་མཐོ་ངོ་།། འདུས་བྱས་ཀྱིས་མཚན་ཉིད་བཞི་པོ་དེ་དག་བསྡུས་ན་འདུ་བྱེད་རྣམས་ཀྱི་གནས་སྐབས་ནི་མདོར་བསྡུ་ན་གཉིས་ཀྱིས་རབ་ཏུ་ཕྱེ་བ་སྟེ། ཡོད་པས་རབ་ཏུ་ཕྱེ་བ་དང་། ་མེད་པས་རབ་ཏུ་ཕྱེ་བའོ།། དེ་ལྔ་བཅོམ་ལྡན་འདས་ཀྱིས་ཡོད་པ་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་གཅིག་ཏུ་རྣམ་པར་བཞགོ། ངོ་བོ་ཉིད་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་གཉིས་པ་རྣམ་པར་བཞགོ།། ། ་འདུ་བྱེས་དེ་དག་གི་ཡོད་པ་དེ་ནི་གནས་པ་ལས་གཞན་དུ་འགྱུར་བས་རབ་ཏུ་ཕྱེ་བའི་ཕྱིར། འདུས་བྱས་ཀྱི་མཚན་ཉིད་གསུམ་རྣམ་པར་བཞག། དེ་ལ་བྱང་ཆུབ་སེམས་དཔོའ་ནི་འདུ་བྱེད་ཙམ་མ་གཏོགས་པར་དེའི ་སྐྱེ་བོ་ད་། གནས་པ་དང་། རྒ་བཱ་དང་། མི་རྟག་པའི་རྫས་ཀྱི་ངོ་བོ་ཉིད་ཡོངསསུ་གྲུབ་པ་རྟག་ཏུ་མ་མཐོང་།། དེ་ཅིའི་ཕྱིར་ཞེ་ན། དེས་འདུ་བྱེད་ཙམ་ཞིག་འབྱུང་བར་དམིགས་པར་ཟད་ཀྱི། དེའི་སྐྱེ་བ་དང་། གནས་པ་དང་། རྒ ་བོཔོ་དང་། མི་རྟག་པ་གཞན་ནི་མི་དམིགས་ཏེ། འདུ་བྱེད་ཙམ་ཁོ་ན་ཞིག་གནས་པ་དང་། རྒ་བ་དང་། འཇིག་པར་དམིགས་པར་ཟད་ཀྱི་དེའི་སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པ་ཉིད་ནི་མ་དམིགས་པའི་ཕྱིརརོ།། ། ་རིགས་པས་དཔྱད་ན་ཡང་བྱང་ཆུབ་སེམས་དཔས་སྐྱེ་བ་ལ་སོགས་པ་འདི་དག་རྫ་སུ་མི་དམིགསོ།། འདི་ལྟར་དཔྱད་ན་མི་དམིགས་ཏེ། གལ་ཏེ་གཟུགས་ལ་སོགས་པ་འདུ་བྱེད་མ་གཏོགས་པར་སྐྱེ་བའི་ཆོས་གཞན་ཞིག ་ཡོད་པར་གྱུར་ན་ནི། དེ་གཟུགས་ལ་སོགས་པའི་འདུ་བྱེད་ཇི་ལྟར་བདག་ཉིད་ཀྱིས་སྐྱེ་བ་དེ་བཞིན་དུ་དེ་ཡོང་སྐྱེ་བར་འགྱུར་བའི་རིགསོ།། དེ་ལྟ་བས་འདུ་བྱེད་ཀྱི་སྐྱེ་བོ་གང་ཡིན་པ་དང་། སྐྱེ་བའི་སྐྱེ་བ་གང་ཡིན་པའི ་སྐྱེ་བ་གཉིསུ་འགྱུརརོ།། དེ་ལ་འདུ་བྱེད་ཀྱི་སྐྱེ་བ་དེ་སྐྱེ་བའི་སྐྱེ་བ་དེ་ལས་གཞན་མ་ཡིན་པ་ཞིག་གམ། གཞན་ཞིག་དུ་འགྱུར་གྲང་ན། གལ་ཏཱ་གཞན་མ་ཡིན་ནཱ་ནི་དེ་ལྟར་ན་སྐྱེ་བ་རྫ་སུ་ཡོད་པར་རྟོག་པར་དོན་མེད་པར ་འགྱུར་ཏེ། སྐྱེ་བ་གཞན་ཞིག་རྫ་སུ་ཡོ་དོ་ཞེས་བྱར་མི་རུང་།། ཇི་སྟེ་གཞན་ཡིན་ན་ནི་དེ་ལྟ་ན་འདུ་བྱེད་ཀྱི་སྐྱེ་བ་ནི་སྐྱེ་བ་ཡིན་པར་མི་འགྱུར་ཏེ། འདུ་བྱེད་ཀྱི་སྐྱེ་བྱ་ལ་སྐྱེ་བ་ཞེས་བྱེར་མི་རུང་།། སྨྲ་བ་ཇི་ལྟ་བ་བཞིན ་དུ་གོ་ནས་པ་དང་། རྒ་བ་དང་། འཇིག་པ་ཡང་རྒྱས་པར་དེ་དང་འཕྲ་བར་རིག་པར་བྱའོ།། གལ་ཏེ་འཇིགོ་པ་ཞེས་བྱ་བའི་ཆོས་ངོ་བོ་ཉིད་ཀྱིས་ཡོངསུ་གྲུབ་པོ་ཞིག་ཡོད་ན་ནི་དེ་ཡང་སྨྱོ་བ་འམ། འགོག་པར་འགྱུརརོ།། ་གང་གི་ཚེ་འཇོག་པར་སྐྱེས་པར་འགྱུར་བ་དེའི་ཚེ། འདུ་བྱེད་ཐམས་ཅད་འགག་པར་འགྱུར་ཏེ། དེ་ལྟ་ན་ནི་འགོག་པའི་སྙོམས་པར་ཞུགས་པ་ལྟར་ཚེགས་ཆུ་དུས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས ་འཇུག་པར་མི་འགྱུར།། འཇིག་པ་དེ་འགག་པར་འགྱུར་ན་ནི་འདུ་བྱེད་འགགས་ཟིན་པ་དེ་དག་ཀྱང་ཡང་འབྱུང་བར་འགྱུར་ཏེ། དེ་དག་གི་འཇིགས་པ་མེད་པའི་ཕྱིརརོ།། དེའི་ཕྱིར་འཇིགས་པ་སྐྱེ ་ཞེས་བྱ་བ་འམ། འགག་ཅེས་བྱ་བར་མི་རུང་།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྫ་སུ་ཡོད་པ་དུས་ཐམས་ཅད་ན་ཡོད་པ་དང་། བཏགས་པའི་ཡོད་པ་ཡང་ངོ་བོ་ཉིད་ཀྱིས་ཡོངསུ་གྲུབ་པར་མཐོང་བའི་སྐྱོ་བ་དང་། འདོད ་དང་བྲལ་བ་དང་། རྣམ་པར་གྲོལ་བར་ཡང་མི་རུང་།། དེ་ལྔས་བཟློག་པ་ནི་མཱི་རུང་སྟེ། དེ་ལྟར་རྣམ་པ་དེ་དག་གི་བྱང་ཆུབ་སེམས་དཔས་འདུ་བྱེད་ཐམས་ཅད་མི་རྟག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། ་ཡང་བྱང་ཆུབ་སེམས་དཔས་དེ་ལྟར་འདུ་བྱེད་ཀྱི་རྒྱུན་གྱིས་འཇུག་སྟེ། མི་རྟག་པ་དེ་དག་སྡུག་བསྔལ་རྣམ་པོ་གསུམ་པོ་འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ ་གྱི་གནོས་ཀྱི་དངོས་པོ་མཐོང་སྟེ། དེ་ལྟར་ནི་བྱང་ཆུབ་སེམས་དཔས་འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། ཡང་བྱང་ཆུབ་སེམས་དཔས་འདུས་བྱས་དང་འདུས་མ་བྱས་ཀྱི། ་ཆོས་ཐམས་ཅད་བདག་མེད་པ་རྣམ་པ་གཉིསུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ།། དེ་ལ་གང་ཟག་ལ་བདག་མེད་པོ་ནི་འདི་ཡིན་ཏེ། འདི ་ལྔར་ཆོས་ཡོད་པ་འདི་དག་ནི་གང་ཟག་ལ་ཡིན་ལ་ཆོས་ཡོད་པ་ལ་མ་གཏོགས་པའི་གང་ཟག་གཞན་ཡང་མེ་དོ།། དེ་ལ་ཆོས་ལ་བདག་མེད་པ་ནི་འདི་ཡིན་ཏེ། འདི་ལྟར་བརྗོད་པར་བྱ་བའི་དངོས་པོ་ཐམས་ཅད་ལ་བརྗོད ་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་མེད་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་བདག་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། ཡང་འདུ་བྱེད་དེ་དག་ཉིད་ཀྱིས་རྒྱུ་སྔར་ཡང་དག་པར ་ཆད་ལ་ཕྱིས་མ་ལུས་པར་མེད་པར་གྱུར་ནས་དེ་ལས་གཞན་པ་རྣམས་ཀྱང་གཏན་དུ་མངོན་པར་མི་འགྲུབ་ཅིང་། འབྱུང་བར་མི་འགྱུར་བ་གང་ཡིན་པའདི་ནི་མྱ་ངན་ལས་འདངས་པ་ཞེས་བྱ་སྟེ། དེ་ཡང་ཉོན་མོངས་པ ་དང་། ཉེ་བོའི་ཉོན་མོངས་པ་ཉེ་བར་ཞི་བ་དང་། སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར་ཞི་བའི་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་མ་དྲག་པ་འམ། ཉན་ཐོས་ཀྱི་ཐེག་པ་པ་བདེན་པ་མ་མཐོང་བ་ནི་དེ་ལྟར་རེ ་ཞིག་མྱ་ངན་ལས་འདས་པ་ལ་མོས་པར་འགྱུར་ཏེ། མྱེ་དྲན་ལས་འདས་པོ་ནི་ཞི་བའོ་ཞེས་དེ་སྐད་ཟེར་མོད་ཀྱི། འོན་ཀྱང་དེ་ནི་མྱ་ངན་ལས་འདས་པ་དེ་ནི་མྱ་ངན་ལས་འདས་པ་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས ་པ་འམོ། ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བ་འཇུག་པོ་ནི་མ་ཡིནོ།། ཚུལ་བཞིན་ཡིད་ལ་བྱེད་པ་དེ་ཡོད། འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་བུ་འམ། ཁྱིམ་བདག་གི་བུ་ཡང་རུང་སྟེ། རྒྱལ་པོ་འམ། ཁྱིམ་བདག་གིས་ཁྱིམ ་ནང་དུ་སྐྱེད་པར་གྱུར་ལ་བྱིས་པ་གཞོནར་འདུག་པ་དེ་ལ་རྒྱལ་པོ་བྱམ། ཁྱིམ་བདྨགཱ་དེས་བཅོས་མའི་རི་དགས་ཀྱི་ཤིང་རྟ་འམ། བུ་ལང་དང་། དྷཱའི་ཤིང་རྟ་འམ། གླང་པོ་ཆེའི་ཤྲཱིང ་བྱིན་ལ་རྒྱལ་པོའི་བུ་འམ། ཁྱིམ་བདག་གི་བུ་དེ་ཡང་དེ་དག་གིས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། བཙོས་མའི་རི་དྭགས་དེ་དག་ལ་རི་དགས་ཀྱི་འདུ་ཤེས་སྐྱེད་ཅིང་བཅོས་མའོ་བ་ལྗང་དང་། རྟ་དང་། གླང་པོ་ཆེ་དག ་ལོ་གླང་པོ་ཆེའི་འདུ་ཤེས་བསྐྱེད་པར་བྱའོ།། དེ་ནས་རེ་ཞིག་ཅིག་ན། རྒྱལ་པོ་འམ་ཁྱིམ་བདག་དེས་བདག་གྲི་བུ་ཆེར་སྐྱེས་ཤིང་དབང་པོ་ཡོངསུ་སྨིན་པར་གྱུར་པས། ཡང་དག་པའི་རི་དྭགས་ཀྱི་བསྔགས་པ་བརྗོད ་ཅིང་། ཡང་དགྲ་པའི་གླང་པོ་ཆེའི་བར་གྱི་བསྔགས་པ་བརྗོད་པར་བྱེད། རྒྱལྔ་པོའི་བུ་འམ། ཁྱིམ་བྱ་དག་གི་བུ་དེས་ཀྱང་བསྔགས་པ་བརྗོད་པ་དེ་ཐོས་ནས་འདི་སྙམ་དུ་སེམས། རྒྱལ་པོ་འམ་ཁྱིམ་བདག་འདི་ནི་བདག ་ལ་རི་དྭགས་ཤིང་རྟ་རྣམས་ནས། གླང་པོ་ཆེའི་ཤིང་ཎཱཾའི་བར་འདི་དག་གིས་བསྔགས་པ་བརྗོདདོ་སྙམོ།། དེ་ནས་དུས་གཞན་ཞིག་ནཱ་རྒྱལ་པོ་འམ། ཁྱིམ་བདྲག་དེས་བདག་གི་བུ་ཁྱིམ་གྱི་ཕྱི་རོལ་དུ་ཕྱུང་སྟེ། དེ་ལ་ཡང ་དག་པའི་རི་དགས་བསྟན་ཅིང་། ཡང་དག་པའི་གླང་པོ་ཆེའི་བར་དུ་བསྟན་ཏེ། དེས་དེ་དག་མཐོང་ནས། དེའི་ཚེ་བདག་ཉིད་ཀྱིས་སོ་སོར་རིག་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་སྐྱེས་ཏེ། བདོག་གི་ཕས་ཡུན་རིང་མོ་ཞིག ་ནས་གང་དག་གི་བསྔགས་པ་བརྗོད་པའི་རི་དགས་ཀྱི་ཤིང་རྟ་ནས། རྒྱས་པར་གླང་པོ་ཆེའི་ཤྲིང་རྟའི་བར་དེ་དག་གི་ཡང་དག་པའི་དོན་ནི་འདི་དག་ཡིན་པར་ལྟ་ཞིག་ན། བདག་ཉིད་ནི་ཡང་དག་པ་མ་ཡིན་པའི་དོན་དེ་ལྟ་བུར ་བཅོས་པ་ཙམ་གྱི་གཟུགས་བརྙན་སྣང་བ་ཙམ་དེ་ལ་མོས་པར་གྱུར་ཏོ་སྙམ་སྟེ། སྔོན་གྱི་མོ་སྲ་པ་དེས་ངོ་ཚ་བར་འགྱུར་རོ།། དེ་བཞིན་དུ་འཁོར་བའི་ཁྱིམ་གྱི་ནང་ནས་སྐྱེས་པ་བསམ་པ་མ་དག་པའི་བྱང་ཆུབ་སེམས ་དཔའ་རྣམས་དང་། ཉན་ཐོས་བདེན་པ་མ་མཐོང་བ་བུ་དང་འདྲ་བ་རྣམས་ཀྱང་། ཕ་མ་ལྟ་བུའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་མངོན་སུམ་དུ་གཟིག ་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དེ་དག་གི་མདུན་དུ་ཇི་ལྟར་གཟིགས་པའི་མྱ་ངན་ལས་འདས་པའི་བསྔགས་པ་བརྗོད་ལ་དེ་དགྲ་གིས་ཀྱང་། མྱ་ངན་ལས་འདས་པ་དེ་ཡོན་ཏན་ལས ་ཙམ་གྱིས་རྗེ་སུ་འབྲངས་པའི་བློས་ཡུན་རང་མོ་ནས་མོསྲ་ལ། གང་གི་ཚེ་དེ་དག་གི་ཚོགས་ཡོངསུ་སྨིན་ཅིང་འཕེལ་བར་གྱུར་པ་ནི་ནི། བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་བདེན་པ ་མཐོང་བ་རྣམས་མྱ་ངན་ལས་འདས་པ་ལ་མངོན་སུམ་གྱི་ཤེས་པ་སྐྱེས་པར་འགྱུར་ཏེ། དེའི་ཚེ་བདག་གི་སོ་སོ་ཡང་དག་པར་རིག་པ་ཡང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་གླང་གི་བསྔགས་པ་བརྗོད་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་འདི་ཡིན་པ་ལྟ་ཞིག་ན་བདག་གིས་ནི་སྔོན་བྱིས་པའི ་ཤེས་པས་ཡང་དགྲ་པ་ཇི་ལྟ་བ་བཞིན་དུ་མོས་པར་མ་གྱུར་ཏེ། དེ་ལྟ་བུར་བཅོས་པ་དེ་ཡང་ཡོད་ལ། སྣང་བ་ཙམ་ཡང་ཡོད་སྙམ་སྟེ། ཕྱི་མའི་ཡང་དག་པ་ཇི་ལྟ་བའི་མོས་པ་ལ་བརྟན་ནས། སྔ་མའི་མོས་པ་དེས་ངོ་ཚ་བར ་འགྱུར་རོ།། དཔེར་ན་མི་ནད་ཀྱིས་ཐེབས་པ་ལ་ལ་ཞིག་ལ་སྨན་པ་ཆེན་པོ་ལྔ་ལ་ཞིག་གིས་དེ་ལ་ཡོད་པའི་ནང་ཞི་བར་བྱ་བའི་ཕྱིར། དེ་དང་མཐུན་པའི་སྨན་དག་གིས་རིམ་གྲོ་བྱས་ནས། མི་ནད་པ་དེས་སྨན་པ་དེ་དག་ཡུན ་རིང་པོར་བསྟེན་པས། དེ་དག་ལ་མོས་ཤིང་དེ་དག་ལ་དགའ་བར་འགྱུར་ཏེ། དེ་དག་ཉིད་ལ་སྙིང་པོར་འཛིན་པར་གྱུར་ལ། དེ་ནས་མི་ནད་ཀྱིས་ཐེབས་པ་དེའི་ནང་སྔ་མ་དོ་ཡང་སྨན་པ་བསྟེན་པ་དེས་ཞི་བར་གྱུར་པའི ་འོག་ཏུ་དེ་མ་ཡིན་པའི་ནང་སྔ་ན་མེད་པའི་སྨན་གཞན་དག་གིས་གསོ་དགོས་པ་ཞིག་བྱུང་ལཱ། དེ་ནས་སྨན་པ་ཆེན་པོ་དེས། ནཱང་སྔ་མ་ནི་ཞི་བར་གྱུར་ལ། ཕྱི་མ་སྨན་གཞན་དག་གིས་གསོ་དགོས་པ་ནི་ཐུང་བར ་ཤེས་ནས། སྨན་གྱི་སྦྱོར་བ་སྡེ་མ་དེ་བཏང་སྟེ། མཐུན་པ་གཞན་བསྟན་ན། བྱིས་པ་ལྟ་བུའི་མི་ནད་པ་སྨན་སྔ་མ་ལ་མོས་ཤིང་། དེ་དག་ཉིད་ལ་ཕན་པར་འདུ་ཤེས་པ་སྟེ། སྨན་པ་ཆེན་པོ་གང་གིས་སྨན་སྔ ་མ་དང་ཕྱི་མ་དེ་དག་བསྟན་ནས། དེས་མངོན་དུ་སྨན་སྔ་མ་དེ་དག་ནི་ནད་ཕྱི་མ་ལ་ཨི་ཕ་ནོ་ཞེས་དེ་སྐ་དུ་ཡང་སྟོན་པ་དེ་ལ་ཡིད་ཆེས་པར་མི་བྱེད་ཅིང་། དེའི་ཚིག་ལ་མངོན་པར་དད་པར་མི་འགྱུར་བ་དེ་བཞིན་དུ། བྱིས ་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་ཀྱང་དེ་དང་འདྲ་བར་རིག་པར་བྱ་སྟེ། མོ་ནིད་ཀྱིས་ཐེབས་པ་ལྟ་བུ་ཉོན་མོངས་པོས་ཟིན་པ་དེ་དག་ཀྱང་། སྨན་པ་ཆེན་པོ་དེ་བཞིན་གཤེགས་པའི་ཆོས ་བསྟན་པ་བླ་མ་ལས་ཀྱང་ཆེས་བླ་མུར་གྱུར་ཅིང་། ཤིན་ཏུ་བླ་མར་གྱུར་པ་གསལ་བ་བྱོས་གསལ་ཞིང་། ཟབ་པ་བས་ཆེས་ཟབ་ལ་ཤིན་ཏུ་ཟབ་པ། དམའ་བ་བསི་རྒྱ་ཆེ་ལ་རྒྱས་རྒྱ་ཆེ་ཞིང་ཤིན་ཏུ་རྒྱ་ཆེ་བ། ཡང ་དག་པར་བསྟན་ཅིང་། གཏམས་ཏེ་རྗེསུ་བསྟན་པ་ལྔ་མི་འཇུག་ཅིང་མ་མོས་ཏེ། ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་ཁོང་དུ་ཆུ་ངོ་།། དེ་ལ་བྱང་ཆུབ་སེམས་དཔའ་འམ། ཉན་ཐོས་དད་པ་དང་ལྡན་པའི་དེ་བཞིན ་གཤེགས་པས་གསུངས་པ་གང་ལ་ཡང་ཡིད་གཉིས་དང་། སོམ་ཉི་མི་སྐྱེད་པ་ད་ནི། ཅུང་ཤེས་ཀྱི་ཤིང་རྟ་ཡན་ལག་དང་ཡོ་བྱད་ཐོམས་ཅད་དང་ཤིན་ཏུ་ལྡན་པ་དང་འདྲ་བའི་དེ་བཞིན་གཤེགས་པས ་གསུངས་པའི་ཆོས་ཀྱི་ཤིང་རྟ་དེ་ལ་ཞོན་ནས། ཁ་ལོ་པ་མཁས་པ་བཞིན་དུ་དེས་ས་ཇི་སྲིད་འགྲོད་པར་བྱ་བ་དང་སོན་པར་བྱ་བ་དེར་མི་བུལ་བ་མྱུར་བ་མྱུར་བར་འགྲོ་བར་འགྱུརརོ།། བྱང ་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱིས་གནས་ལས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། ། སྡོམ་ན ་ངོ་མཚར་ངོ་མཚར་མ་ཡིན་དང་།། སྙོམས་པའི་སེམས་དང་ཕན་འདོགས་དང་།། ལན་དུ་ཕན་འདོགས་དེ་བཞིན་སྨོན།། སྦྱོར་བ་འབྲས་བུ་ཡོད་པ་ཉིད།། ལྔ་པོ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི ་ཐེག་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའི་ངོ་མཚར་རྨ་དུ་བྱུང་བའི་ཆོས་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རྒྱུ་མེད་པར་སེམས་ཅན་ཐམས་ཅད་ལ་མཉེས་བཤིན་པ་དང་། སེམས་ཅན་རྣམས་ཁོ་ནའི་དོན་དུ་འཁོར་བ་ན ་སྡུག་བསྔལ་དཔག་ཏུ་མེད་པས་མི་མཇེད་པ་དང་།། སེམས་ཅན་ཉོན་མོངས་པ་ཤས་ཆེ་ཞིང་གདུལ་དཀའ་བ་རྣམས་ཀྱིས་གདུལ་བའི་ཐབས་ཤེས་པ་དང་། མཆོག་ཏུ་རྟོགས་པར་དཀའ་བའི་དེ་ཁོ་ནའི་དོན་ལ་འཇུག་པ་དང་། མཐུ ་བསམ་གྱིས་མི་ཁྱབ་པ་སྟེ། ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་རྨ་དུ་ཟུང་བུའི་ཆོས་ཏེ། དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ།། ལྔ་པོ་འདི་དག་ནི་བྱང་ཆུབ་སེམས ་དཔའི་ངོ་མཚར་མོ་ཡིན་ལ། གང་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ངོ་མཚར་རྨ་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱ་སྟེ། ལྔ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གཞན་ལ་ཕན་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ ་གྱིས་བདེ་བའི་བདག་ཉིད་ཁོ་ནར་གྱུར་ནས་གཞན་ལ་ཕན་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ཟད་པར་ཉམ་སུ་ལེན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་ཡིན་པའི་ཆོས་དང་པོ་སྟེ། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ ་ངོ་མཚར་རྨ་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འཁོར་པའི་ཉེས་པ་ཤེས་ཤིང་མྱ་ངན་ལས་འདས་པའི་ཡོན་ཏན་ཡང་ཤེས་བཞིན་དུ། སེམས་ཅན་ཡོངསུ་དག་པར་དགའ་ཞིང་། ་དེ་ཉིད་ཀྱིས་བདྲི་བའི་བདག་ཉིད་དུ་འགྱུར་ཏེ། སེམས་ཅན་ཡོངསུ་དག་པར་བྱ་བ་ཁོ་ནའི་དབང་དུ་བྱས་ནས། འཁོར་བ་ཉམ་སུ་ལེན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་ཡིན་པ་གཉིས་པ་སྟེ། སྔ་མ་བཞིནོ།། གཞན ་ཡང་བྱང་ཆུབ་སེམས་དཔའ་ནི་མི་སྨྲ་བའི་ཚུལ་གྱིས་བདྲེ་བའི་ཉམས་ཤེས་བཞིན་དུ་སེམས་ཅན་ཡོང་སུ་དག་པར་དགའ་ཞིང་དེ་ཉིད་ཀྱིས་བདེ་བའི་བདག་ཉིད་དུ་འགྱུར་ཏེ། སེམས་ཅན་ཡོངསུ་དག་པར་བྱེ་བ་ཁོ་ནའི་དབང ་དུ་བྱོས་ནས་སེམས་ཅན་རྣམས་ལ་ཚེ་སྟོན་པར་སྦྱོར་བར་བྱེད། དེ་ནི་བྱང་ཆུབ་སེམས་དཔའ་ངོ་མཚར་མ་ཡིན་པ་གསུམ་པ་སྟེ། སྟ་མ་བཞི་ནོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཡོངསུ་དག་པར ་དགའ་ཞིང་། དེ་ཉིད་ཀྱིས་དགའ་བའི་བདག་ཉིད་དུ་གྱུར་ཏེ། སེམས་ཅན་ཡོངསུ་དག་པར་བྱ་བ་ཁོ་ནའི་དབང་དུ་བྱས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་པའི་དགེ་བའི་རྩེ་བ་སེམས་ཅན་ཐམས་ཅད་ལ་བསམ ་པ་ཐག་པ་ནས་ཡང་དག་པར་གཏོང་ལ། ཡང་དག་པར་བཏུང་བ་དེའི་རྣམ་པར་སྨིན་པ་ཡང་མི་འདོད།། དེ་ནི་བྱང་ཆུབ་སེམས་དཔའ་ངོ་མཚར་མ་ཡིན་པ་བཞི་པ་སྟེ། སྔ་མ་བཞིནོ།། གཞན་ཡང་བྱང ་ཆུབ་སེམས་དཔའ་ནི་གཞན་གྱི་བྱ་བ་བང་གི་ཉིད་དུ་བྱེད་ཅིང་གཞན་གྱི་བྱ་བའི་དོན་བྱེད་པ་ཐམས་ཅད་ལི་སྣང་སྟེ། དེ་ནི་བྱང་ཆུབ་སེམོས་དཔེའི་ངོ་མཚར་མ་ཡིན་པ་ལྔ་པ་སྟེ། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའི་ངོ ་མཚེར་རྨ་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་ནི་རྣམ་པོ་ལྔས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྨོན་པ ་གྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྙེམས་པར་སེམས་ཏེ་བསྐྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྩེ་བ་དུང་ལྡན་པའི་སེམས་ཀྱིས་སེམས ་སྙོམས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་སྡུག་པ་དང་ལྡན་པའི་སེམས་ཀྱི་སེམས་སྙོམ་པར་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་རྟེན་ཅིང ་འབྲེལ་པར་འབྱུང་བའི་འདུ་བྱེད་རྣམས་ལ་སེམས་ཅན་ཞེས་བྱ་བར་རིག་ནས་སེམས་ཅན་གཅིག་ཆོས་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡིན་ཞེས་ཆོས་མཉམ་པ་ཉིད་དང་ལྡན་པའི་སེམས་ཀྱི་སེམས་ཅན་ཐམས ་ཅད་ལ་སེམས་སྙོམས་པར་གནས་པ་ཡིན། ཇི་ལྟར་སེམས་ཅན་གཅིག་གི་དོན་དུ་ཡོད་པ་བཞིན་དུ་ཐམས་ཅད་ལ་ཡང་དེ་དང་འདྲ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དོན་བྱེད་པ་དང་ལྡན་པའི་སེམས་ཀྱི་སེམས་ཅན་ཐད ་ལ་སེམས་སྙོམས་པར་གནས་པ་སྟེ། རྣམ་པ་ལྔ་པོ་དེ་དུག་གིས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སེམས་སྙོམས་པ་ཡིནོ།། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་འདོགས་པའི ་བྱ་བ་ཐམས་ཅད་ནི་རྣམ་པ་ལྷུར་རིག་པར་བྱ་སྟེ། ལྕེ་གང་ཞེ་ན། ཡང་དག་པའི་འཚོ་བྱ་སྟོན་པར་སྒྲུབ་པ་དང་། བྱ་བ་མི་མཐུན་པ་དོན་དང་ལྡན་པའི་མི་མཐུན་པ་དགྲ་ལྀ་མཐུན་པར་སྟོན་པར་སྒྲུབ་པ་དང་། མགོན་མེད་པ ་སྡུག་བསྔལ་བཀྲེན་པ། རྟེན་མེད་པ་རྣམས་ལྔ་མགོནཱ་ཡོད་པར་བྱེད་པ་དང་། བདེ་འགྲོར་འགྲོ་བའི་ལམ་སྟོན་པར་སྒྲུབ་པ་དང་། ཐེག་པ་གསུམ་སྟོན་པར་སྒྲུབ་པ་སྟེ། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཕན་འདོགས་པའི་བྱ་བ་ནི་ལྔ་པོ་དེ་དག་ཡིན་པར་རིག་པར་བྱའོ།། རྣམ་པ་ལྔས་སེམས་ཅན་དག་བྱང་ཆུབ་སེམས་དཔའ་ཕན་འདོགས་འདོགས་པ་ལི་ལན་དུ་ཕན་འདོགས་པར་ཉེ་བར་གནས་པ་ཡིན་ཏེ། རྣམ་པ ་ལྔ་གང་ཞེ་ན། བདག་ཉིད་ཡོན་ཏན་རྣམས་དང་ཡང་དག་པར་སྦྱོར་བ་དང་། གཞན་གྱི་ཡོན་ཏན་བསྐྱེད་པོ་ལ་སྦྱོར་བ་དང་། སེམས་ཅན་མགོན་མེད་པ། སྡུག་བསྔལ་བ། བཀྲེན་པ། རྟེན་མེད་པ་རྣམས་ལ་སྟོང་པར་བྱེད ་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱེད་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཁ་ཏོན་དུ་བྱེད་པ་དང་། འདྲིར་བཅུག་སྟེ། འཆང་ཞིང་དེ་ལ་མཆོད་པ་བྱེད ་པའོ།། ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔས་རྟག་ཏུ་སྨིན་པར་བྱ་བ་ཡིན་ཏོ།། ལྔ་ག་ཞེ་ན། སངས་རྒྱས་འབྱུང་བ་མཉེས་པར་བྱ་བ་དང་། སངས་རྒྱས་དེ་དག་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་སེམ། ་དཔའི་སྡེ་སྣོད་མཉན་པ་དང་། རྣམ་པ་ཐམས་ཅད་སེམས་ཅན་ཡོངསུ་སྨིན་པར་བྱེ་བའི་མཐུ་ཡོད་པ་དང་།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་དང་། བྱང་ཆུབ་མངོན་པར་རྫོགས་པར ་སྐྱེངས་རྒྱུ་སྦྱི་ནས་ཀྱང་། ཉན་ཐོས་མཐུན་པར་འགྱུར་བའོ།། བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ལ་དོན་བྱ་བའི་སྦྱོར་བ་ནི་རྣམ་པ་ལྔས་འབྲས་བུ་ཡོད་པར་འགྱུར་ཏེ། ལྷ་གང་ཞེ་ན། འདི་ལྔ་བྱང་ཆུབ་སྐྱེད ་ཐོག་མ་ཁོ་ནར་སེམས་ཅན་རྣམས་ལ་ཕན་པ་དང་།། བདེ་བར་འདོད་པ་ཡིན། ཕན་པ་དང་བདེ་བའི་དེ་ཡང་ཡང་དག་པ་རྡོ་ལྷུ་བ་བཞིན་དུ་རེབ་ཏུ་ཤེས་པ་ཡིན། བློ་བྱིན་ཙམ་ལོག་པ་ཡིན་ཏེ། འདི་ལྟ་སྟེ། མཆོད་པ ་དང་། བསྟེན་པ་དང་། ཚད་མེད་པའི་ལེའུ་ལས་སྔར་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ།། །། སྡོམ་ནི། ཡང་དག་སྦྱོར་དང་འདྲི་བ་དང་།། དེ་བཞིན་ཁྱད་པར་འགྲོ་བ་དང་།། ཡོན་ཏན་འདྲ་བར ་བཅོས་རྣམས་དང་།། ཡང་དག་རྣམས་དང་དེ་བཞིན་འདུལ།། བྱང་ཆུབ་སེམས་དཔའི་ཡང་དག་པའི་སྦྱོར་བ་ཐམས་ཅད་ནི་སྦྱོར་བ་རྣམ་པ་ལྔས་བསྡུས་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རྗེ་སུ་བསྲུང་བའི་སྦྱོར་བ་དང་། ་ནམ་ཐོ་བ་མེད་པའི་སྦྱོར་བ་དང་། སོ་སོར་རྟོག་པའི་སྟོབས་ཀྱི་སྦྱོར་བ་དང་། ལྷག་པའི་བསམ་པ་དག་པའི་སྦྱོར་བ་དང་། ངེས་པར་གྱུར་པའི་སྦྱོར་བའོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི་རྗེ་སུ་བསྲུང་བའི་སྦྱོར་བསོ་ཡིད ་གཞུངས་པ་སྲུང་སྟེ། ལྷན་ཅིག་སྐྱེས་པའི་ཤེས་པ་དེས་ཆོས་རྣམས་མྱུར་བུ་མྱུར་བར་ཁོ་ནར་འཛིན་ཏོ།། དྲན་པ་སྲུང་སྟེ་དྲན་པ་དེས་ནི་བླངས་པའི་ཆོས་རྣམས་འཛིན་པར་བྱེད།། ཤེས་པ་བསྲུངས་ཏེ་ཤེས་པ་དེས་ནི་གཟུང་བའི ་ཆོས་རྣམས་ཀྱི་དོན་ལ་ཉེ་བྱར་རྟོག། ཡང་དག་པའི་ཤེས་པ་བསྲུང་སྟེ། དེ་ནི་ཡིད་གཞུངས་པ་དང་། དྲན་པ་དང་། བློ་འགྲིབ་པ་དང་། མཐུན་པའི་གཞི་ཡོངསུ་སྤོང་བ་དང་། གནས་པ་དང་། འཕེལ་བཱ་དུང་མཐུན་པའི་གཞི ་སོ་སོར་བསྟེན་པས་སོ་སོར་རྟོགས་པར་འགྱུར་རོ།། དབང་པོ་རྣམས་ཀྱི་སྒོ་བསྡམས་པ་ནི་རང་གི་སེམས་ཀུན་ཏུ་བསྲུང་།། ལེགས་པར་གཞན་གྱི་སེམས་དང་མཐུན་པར་འཇུག་པས་ནི་གཞན་གྱི་སེམས་ཀུན་ཏུ་བསྲུང ་སོ།། དེ་ལ་བྱང་ཆུབ་སེམས་དཔའི་ཁ་ན་མ་ཐོ་བ་མེད་པའི་སྦྱོར་བ་ནི། དགེ་པའི་ཆོས་རྣམས་ཕྱིན་ཅི་མ་ལོག་པ་དང་། འབར་བ་ལྟ་བུ་དང་། ཚད་མེད་པ་དང་། རྟག་པ་དང་། བྱང་ཆུབ་ཏུ་ཡོངསུ་བསྔོས་པའོ།། སོ ་སོར་རྟོག་པའི་སྟོབས་ཀྱི་སྦྱོར་བ་ནི་མོས་པས་སྤྱོད་པའི་སཱ་དེ་ཐམས་ཅད་ལས་བལྟ་བར་བྱའོ།། ལྷག་པའི་བསམ་པ་དག་པའི་སྦྱོར་བ་ནི། ལྷག་པའི་བསམ་པ་དག་པའི་ས་དང་། སྦྱོར་བ་སྒྲུབ་པའི་ས ་ལ་བལྟ་བར་བྱའོ།། ངེས་པར་གྱུར་པའི་སྦྱོར་བ་ནི། ངེས་པའི་ས་དང་། སྤྱོད་པའི་ངེས་པའི་ས་དང་། མཐར་ཐུག་པར་འགྲོ་བའི་ས་ལས་བལྟ་བར་བྱ་སྟེ། དེ་ལྟར་ན་སྦྱོར་བ་ལྔ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་ཡང ་དག་པའི་སྦྱོར་བྱ་ཐམས་ཅད་བསྡུསོ།། ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་འབྲི་བ་དང་མཐུན་པའི་ཆོས་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཆོས་དང་ཆོས་སྨྲ་བ་ལ་མུ་གུས་པ་དང་། བྲག་མེད་པ་དང་། ཡེ ་ལོ་དང་། ཉོན་མོངས་པ་ལ་བསྟེན་པ་དང་དུ་ལེན་པ་དང་། ཉེས་པར་སྤྱོད་པ་བསྟེན་པ་དང་དུ་ལེན་པ་དང་། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་དཔོག་པར་བྱེད་ཅིང་མངོན་པའི་ང་རྒྱལ་བྱེད་པ་དང་། ་ཆོས་ལ་ཕྱིན་ཅི་ལོག་ཏུ་མངོན་པའི་ང་རྒྱལ་བྱེད་པའོ།། ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཁྱད་པར་དུ་འགྲོ་བ་དང་མཐུན་པ་ཡིན་པར་རིག་པར་བྱ་སྟེ། དེ་དག་ཀྱང་ནག་པོའི་ཕྱོགས་ལྔ་པོ་དེ་དག་ཉིད ་ལས་གོ་རིམས་བཞིན་དུ་བཟློག་པ་ཡིན་པར་རིག་པར་བྱའོ།། ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ལྟར་བཅོས་པའི་བྱང་ཆུབ་སེམས་དཔའི་སྐྱོན་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེན ་མ་རུངས་པ་ཚུལ་ཁྲིམས་འཆལ་པ་དག་ལ་གཞི་དེས་གནོད་པ་བྱེད་པ་དང་། ཚུལ་འཆོས་ཤིང་སྤྱོད་ལམ་ཕུན་སུམ་ཚོགས་པར་བྱེད་པ་དང་། འཇིག་རྟེན་རྒྱུད་འཕེན་པའི་གསང་ཚིག་རྣམས་དང་། མུ་སྟེགས་ཅན་གྱི་བསྟན ་བཅོས་དང་ལྡན་པ་དག་གིས་ཤེས་ཀྱི་ཁེ་ཐོབ་ཅིང་། མཁས་པའི་གྲངསུ་ཆུད་པར་བྱེད་པ་དང་། ཁྭ་ནུ་མ་ཐོ་བ་དང་བཅས་པའི་སྦྱིན་པ་ལ་སོགས་པའི་དགེ་བ་ལ་ལྷག་པར་སྤྱོད་པ་དང་། དམ་པའི་ཆོས་ལྟར་བཅོས་པ་རྣམས ་ལ་སྲེད་ཅིང་སྟོན་ལ་རྣམ་པར་འཇོག་པའོ།། ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་དུ་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་མ་རུངས་པ་ཚུལ་ཁྲིམས་འཚལ་པ་རྣམས་ལ་ལྷག་པར་སྙིང ་རྗེ་བའི་སེམས་དང་། རང་བཞིན་གྱིས་སྤྱོད་ལམེ་ཕུན་སུམ་ཚོགས་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་ལུང་ཁོང་དུ་ཆུད་པས་ཤེས་ཀྱི་ཁེ་འཐོབ་ཅིང་མཁས་པའི་གྲངསུ་ཆུད་པ་དང་། ཁ་ན་མ་ཐོ་བ་མྱེད་པའི ་སྦྱིན་པ་ལ་སོགས་པའི་དགེ་བ་བྱེད་པ་དང་། དམ་པའི་ཆོས་ལྟར་བཅོས་པ་རྣམས་སྤོང་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ནི་མདོར་ན་འདུལ་བར་བྱེད། བཅུ་གང་ཞེ་ན། ཉེས་པར་སྤྱོད་པ་ལས་དབེན་པ་དང་། འདོད་པ ་ལས་དབེན་པ་དང་། ཉེས་པར་མི་སྤྱོད་ཅིང་འབྱུང་བར་བྱེད་པ་དང་། དབང་པོ་རྣམས་ཀྱི་སྒོ་བསྡམས་པ་དང་། ཤེས་བཞིན་དུ་གནས་པ་དང་། འདུ་འཛི་ལ་དབེན་པ་དང་། རབ་ཏུ་དབེན་པར་གྱུར་ནས་རྟོགས་པ་ངན་པ་ལས ་དབེན་པ་དང་། སྒྲིབ་པ་ལས་དབེན་པ་དང་། ཉོན་མོངས་པའི་ཀུན་ནས་དཀྲིས་པ་ལས་དབེན་པ་དང་། ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་ལས་དབེན་པའོ།། ་བམ་པོ་བཅུ་དྲུག་པ། སྡོམ་ནི། ལུང་བསྟན་པ་དང་ངེས་པར་ཞུགས།། ངེས་པར་ཁོ་ནར་བྱ་བ་དང་།། རྟག་པར་སྣང་ནི་བྱེ་བ་དང་།། གཙོ་བོར་བྱ་བ་ཐ་མ་ཡིན།། དེ་བཞིན་གཤེགས་པ་རྣམས་ནི་མདོ ་ན་རྣམ་པ་དྲུག་གིས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛ་དེ། དྲུག་གང་ཞེ་ན། རིགས་ལ་གནས་ལ་སེམས་མ་བསྐྱེད་པ་དང་། དེ་བཞིན་དུ་སེམས་བསྐྱེད་པ་དང་། ་མངན་སུམ་དུ་འདུག་པ་དང་། ལྐོག་ན་འདུག་པ་དང་། དུས་ཀྱི་ཚད་ངེས་པ་ལ་དུས་སྲིད་ཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པརོ་འཚང་བར་འགྱུར་རོ་ཞེས་བྱ་བ་དང་། དུས་ཚད་མེད ་པ་ཡང་ལུང་སྟོན་པ་སྟེ། དུས་ངེས་པར་ནི་མི་མཛད།། བྱང་ཆུབ་སེམས་དཔའི་ངེས་པར་ཞུགས་པ་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ཉིད་ལ་ངེས་པར་ཞུགས་པ་ཞེས ་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྐྱེན་དང་ཕྲད་ནས་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་པ་ཅན་ཡིན་པའི་ཕྱིརོ།། ཡང་བྱང་ཆུབ་སེམས་དཔའ་ལ་ལ་ནི། བླན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བསྐྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེ་ལས་ཕྱིར་ལྡོག་པར་མི་འགྱུརརོ།། ཡང་བྱང་ཆུབ ་སེམས་དཔའ་དབང་ཐོབ་པ་ནི། སེམས་ཅན་གྱི་དྲོན་སྤྱོད་པ་ཐམས་ཅད་ལ་ཇི་ལྟར་འདོད་པ་དང་། ཇི་ལྟར་རྩོམ་པ་དེ་བཞིན་དུ་འབྲས་བུ་ཡོད་པར་བྱེད།། ངེས་པར་ཞུགས་པ་གསུམ་པོ་དེ་དག་གི་རིགས་ལ་གནས ་པའི་ངེས་པར་ཞུགས་པ་དང་། སེམས་བསྐྱེད་པའི་ངེས་པར་ཞུགས་པ་དང་། སྤྱོད་པ་འབྲས་བུ་ཡོད་པའི་ངེས་པར་ཞུགས་པའོ།། དེ་ལ་དེ་བཞིན་གཤུགས་པ་རྣམས་ནི་ངེས་པར་ཞུགས་པ་ཐ་མ་ལས་བརྩམས་ཏེ། ་ངེས་པར་ཞུགས་པར་བྱང་ཆུབ་སེམས་དཔའ་ལུང་སྟོན་པས་ལུང་སྟོན་པར་མཛད་དོ།། བྱང་ཆུབ་སེམས་དཔའི་ངེས་པར་བྱ་བ་ནི་ལྔ་པོ་འདི་དག་ཡིན་ཏེ། དེ་དག་མ་བྱས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་པ་མེད་པར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་སེམས་བསྐྱེད་པ་དང་། སེམས་ཅན་རྣམས་ལ་སྙིང་བརྩེ་བ་དང་། བརྩོན་འགྲུས་འབར་བྱ ་དང་། རིག་པའི་གནས་ཐམས་ཅད་ལ་སྦྱོར་བ་དང་། སྐྱོ་བ་མེད་པའོ།། བྱང་ཆུབ་སེམས་དཔའི་བརྟག་པར་བྱ་བའི་གནས་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། བྱང་ཆུབ་སེམས་དཔའི་བརྟག་པར་བྱ་བ་ནི་བག་ཡོད ་པ་དང་། སེམས་ཅན་མགོན་མེད་པ་རྣམས་དང་། སྡུག་བསྔལ་བ་དང་། རྟེན་མེད་པ་རྣམས་ལ་བཏང་བར་བྱ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། འཁྲུལ་པ་ཡོངསུ་ཤེས་པ ་དང་། བྱ་བ་དང་། སྤྱོད་པ་དང་། གནས་པ་དང་། ཡིད་ལ་བྱེད་པ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ནི་བྱང་ཆུབ་སེམས་དཔའི་བརྟག་པར་བྱ་བ་ལྔ་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོར་འདོད ་པ་ནི་ཆོས་བཅུ་པོ་འདི་དག་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་འཛིན་ཅིང་། མཆོག་ཏུ་འདོག་པ་རྣམས་ལ་འདོགས་པར་བྱེད་པ་སྟེ། བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རིགས་ནི།། ་རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། དང་པོ་སེམས་བསྐྱེད་པ་ནི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། བརྩོན་འགྲུས་དོང་ཤེས་ར་བི་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན། ་དང་། སྙན་པར་སྨྲ་བ་ནི་བསྡུ་བའི་དངོས་པོ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། སྙིང་རྗེ་ནི་ཚད་མེད་པ་རྣམས་ཀྱི་གཙོ་བོ་ཡིན་པ་དང་། བསྣམ ་གཏན་བཞི་པ་ནི་བསམ་གཏན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། ཏིང་འཛིན་གསུམ་གྱི་ནང་ན་ནི་སྟོང་པ་ཉིད་ཀྱི་ཏིང་འཛིན་གཙོ་བོ་ཡིན་པ་དང་། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་ནང་ན་ནི་འགོག་པའི ་སྙོམས་པར་འཇུག་པ་གཙོ་བོ་ཡིན་པ་དང་། ཐབས་ལ་མཁས་པ་ཐམས་ཅད་ཀྱི་ནང་ན་ནི་ཛྷཻཾ་སྐད་བསྟན་པའི་ཐབས་ལ་མཁས་པ་རྣམ་པར་དག་པའི་གཙོ་བོ་ཡིན་པའོ།། ། སྡོམ་ནི།། གད་ང། ་པ་རྣམ་པར་བཞག་པ་དང་།། དེ་བཞིན་ཆོས་རྣམས་ཚོལ་བ་དང་།། ཡང་དག་ཇི་བཞིན་ཡོངསུ་ཤེས།། དེ་བཞིན་དཔག་ཏུ་མེད་པ་དྲིང་།། བསྟན་པ་ཡི་ནི་འབྲས་བུ་དང་།། ཚེ་དང་ཐེག་པ་བསྡུ་བ་དང་།། བྱང་ཆུབ་སེམས ་དཔའ་བཅུར་ཤེས་བྱ།། མིང་དང་གདགས་པ་དེ་བཞིནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདགས་པ་རྣམ་པར་གཞག་པ་ནི་བཞི་པོ་འདི་དག་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས ་པ་ཁོ་ན་ཡང་དག་པར་འདོགས་ཤིང་། རྣམ་པར་འཇོག་པར་མཛོད་ཀྱི། ལྷར་གྱུར་པ་འམ། མིར་གྱུར་པ་འམ། དགེ་སྦྱོང་དང་། བྲམ་ཟེར་གྱུར་པ་གཞན་གང་གིས་ཀྱང་མི་ནུས་ཏེ། དེ་དག་ཉིད་ལས་ཐོས་པ་ནི་མ་གཏོག ་སོ།། བཞི་གང་ཞེ་ན། ཆོས་གདགས་པ་རྣམ་པར་བཞག་པ་དང་། བདེན་པ་གདུགས་པ་རྣམ་པར་བཞག་པ་དང་། རིགས་པ་གདགས་པ་རྣམ་པར་བཞུག་པ་དང་། ཐེག་པ་གདྭགས་པ་རྣམ་པར་བཞག་པའོ།། དེ ་ལ་མདོའི་སྡེ་ལ་སོགས་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་གོ་རིམ་བཞིན་དུ་སྦྱོར་བ་དང་། གོ་རིམ་བཞིན་དུ་རྣམ་པར་བཞག་ཅིང་སྡེབས་པ་གང་ཡིན་པ་དེ་ནི་ཆོས་གདག་པ་རྣམ་པར་བཞག་པའོ།། ། ་བདེན་པ་གདགས་པ་རྣམ་པར་བཞག་པ་ནི་རྣམ་པ་དུ་མ་ཡོད། ཕྱིན་ཅི་མ་ལོག་པའི་དོན་གྱིས་ནི། བདེན་པ་གཅིག་ཁོ་ན་སྟེ་གཉི་སུ་མ་།། བདེན་པ་རྣམ་པ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ ་དང་། དོན་དམ་པའི་བདེན་པའོ།། བདེན་པ་རྣམ་པ་གསུམ་ནི། མཚན་ཉིད་ཀྱི་བདེན་པ་དང་། དགོ་གི་བདེན་པ་དང་། བྱ་དྭའི་བདེན་པའོ།། བདེན་པ་རྣམ་པ་བཞི་ནི་། སྡུག་བསྔལ་གྱི་བདེན་པ་དྨལཾ་གྱི་བདེན་པི་བར་དག་གོ། བདེན་པ་རྣམ་པ་ལྔ་ནི་རྒྱ ་བདེན་པ་དང་། འབྲས་བུའི་བདེན་པ་དང་། ཤེས་པའི་བདེན་པ་དང་། ཤེས་བྱའི་བདེན་པ་དང་། མཆོག་གི་བདེན་པའོ།། བདེན་པ་རྣམ་པ་དྲུག་ནི། བདེན་པའི་བྱདེན་པ་དང་། རྫུན་པའི་བདེན་པ་དང་། ཡོངསུ་ཤེས ་པར་བྱ་བའི་བདེན་པ་དང་། སྤང་བར་བྱ་བའི་བདེན་པ་དང་། མངོན་སུམ་དུ་བྱ་བའི་བདེན་པ་དང་། བསྒོམ་པར་བྱ་བའི་བདེན་པའོ།། བདེན་པ་རྣམ་པ་བདུན་ནི་རོ་མྱང་བའི་བདེན་པ་དང་། ཉེས་དམིགས་ཀྱི་བདེན་པ་དང་། ་ངེས་པོར་འབྱུང་བའི་བདེན་པ་དང་། ཆོས་ཉིད་ཀྱི་བདེན་པ་དང་། མོས་པའི་བདེན་པ་དང་། འཕགས་པའི་རྣམས་ཀྱི་བདེན་པ་དང་། འཕགས་པ་མ་ཡིན་པ་རྣམས་ཀྱི་བདེན་པའོ།། བདེན་པ་རྣམ་པ་བརྒྱད་ནི། འདུ ་བྱེད་ཀྱི་སྡུག་བསྔལ་གྱི་བདེན་པ་དང་། འགྱུར་བའི་སྡུག་བསྔལ་གྱི་བདེན་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་གྱི་བདེན་པ་དང་། འཇུག་པའི་བདེན་པ་དང་། ལྡོག་པའི་བདེན་པ་དང་། ཀུན་ནས་ཉོན་མོངས་པའི་བདེན་པ ་དང་། རྣམ་པར་བྱ་བའི་བདེན་པ་དང་། ཡང་དག་པའི་སྦྱོར་བའི་བདེན་པའོ།། བདེན་པ་དགུ་ནི། མི་རྟག་པའི་བདེན་པ་དང་། སྡུག་བསྔལ་བའི་བདེན་པ་དང་། སྟོང་པའི་བླདེན་པ་དང་། བདག་མེད་པའི་བདེན་པ་དང་། འབྱུང་བ་ལ ་སྲེསྲིད་པའི་བདེན་པ་དང་། འཇིག་པ་ལ་སྲེད་པའི་བདེན་པ་དང་། དེ་སྤང་བའི་ཐབས་ཀྱི་བདེན་པ་དང་། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་བདེན་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན ་ལེས་འདས་པའི་བདེན་པའོ།། བདེན་པ་རྣམ་པ་བཅུ་ནི། གནོད་པ་ལས་བྱུང་བའི་སྡུག་བསྔལ་གྱི་བདེན་པ་དང་། ལོངས་སྤྱོད་དང་མྱི་ལྡན་པའི་སྡུག་བསྔལ་གྱི་བདེན་པ་དང་། ཁྱམས་མ་སྙོམས་པའི་སྡུག་བསྔལ ་གྱི་བདེན་པ་དང་། སྡུག་པ་འགྱུར་བའི་སྡུག་བསྔལ་གྱི་བདེན་པ་དང་། གནས་ངནྡ་ལེན་གྱི་བདྲེན་པ་དང་། ལས་ཀྱི་བདེན་པོ་དང་། ཉོན་མོངས་པའི་བདེན་པ་དང་། དེ་བཞིན་དུ་ཐོས་པ་ཚུལ་བཞིན་དུ་ཡིད་ལ་བྱེད ་པའི་བདེན་པ་དང་། ཡང་དགེ་པའི་ལྟ་བོའི་བདེན་པ་དང་། ཡང་དག་བྱའི་ལྟ་བའི་འབྲས་བུའི་བདེན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་གདགས་པ་རྣམ་པར་གཞུག་པ་ཞེས་བྱའོ།། དེའི ་རྣམ་པར་དབྱེ་བ་ནི་ཚད་མེད་པར་རིག་པར་བྱའོ།། རིགས་པ་བཞི་ནི་རིགས་པ་གདགས་པ་རྣམ་པར་གཞག་པ་ཞེས་བྱ་སྟེ། དེ་དག་གི་རབ་ཏུ་དབྱེ་བ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ།། ཐེག་པ་གསུམ་པོ་དག། ་ལྔས། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་རེ་རེ་ཡང་རྣམ་པ་བདུན་གྱིས་གདམས་པ་རྣམ་པར་གཞག་པ་ནི་ཐེག་པ་གདམས་པ་རྣམ་པར་གཞག་པ ་ཞེས་བྱའོ།། འཕགས་པའི་བདེན་པ་བཞི་པོ་དག་ལས་ཤེས་རབ་གང་ཡིན་པ་དང་། ཤེས་རབ་དེ་ཉིད་ཀྱི་རྟེན་དང་། དམིགས་པ་དང་། གྲོགས་དང་། ལས་དང་། ཚོགས་གང་ཡིན་པ་དང་། ཤེས་རབ་དེ་ཉིད་ཀྱི་འབྲས ་བུ་གང་ཡིན་པ་སྟེ། རྣམ་པ་བདུན་པོ་འདི་མཐའ་དག་གིས་ཉན་ཐོས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པར་རིག་པར་བྱའོ།། ཉན་ཐོས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པ་ཇི་ལྟ་བ་བཞིན་དུ་རང་སངས ་རྒྱས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞུག་པ་ཡང་དེ་དང་འདྲའོ།། བརྗོད་དུ་མེད་པའི་དངོས་པོ་ལ་དམིགས་པར་བྱས་ནས། ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི་རྟོག་མཉམ་པ་ཉིད་ལས་བྱུང་བའི་ཤེས ་རོབ་གང་ཡིན་པ་དང་། ཤེས་རབ་དེ་ཉིད་ཀྱི་རྟེན་དང་། དམིགས་པ་དང་། གྲོགས་དང་། ལུས་དང་ཚོགས་གང་ཡིན་པ་དང་། ཤེས་རབ་དེ་ཉིད་ཀྱིས་འབྲས་བུ་གང་ཡིན་པ་དང་། རྣམ་པ་བདུན་པོ་འདི་དག་གིས ་ཐེག་པ་ཆེན་པོའི་གདམས་པ་རྣམ་པར་གཞག་པའང་རིག་པར་བྱའོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དག་ན། བྱང་ཆུབ་སེམས་དཔའ་གང་ཡང་རུང་བ་དེ་དག་ཐམས་ཅད་ཀྱི་དངོས་པོ་བཞི ་པོ་འདི་དག་གིས་ཡང་དག་པར་གདགས་པ་རྣམ་པར་གཞག་པ་བྱས་ཤིང་བྱེད་པར་འགྱུར་ལ་བྱེད། འདི་ལས་ལྷག་པའི་གཞན་མེདདོ།། འདི་ལས་གོང་ན་ཡང་མེདདོ།། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསསུ་ཤེས་པར་བྱ་བའི་ཕྱིར་ཡོངསུ་བཙུལ་བའི་དངོས་པོ་ཡིན་ཏེ། མིང་ཡོངསུ་ཚོལ་བ་དང་། དངོས་པོ་ཡོངསུ་ཚོལ་བ་དང་། ངོ་བོ་ཉིད་གདགས་པ་ཚོལ་བ་དང་། ་བྱེ་བྲག་གདགས་པ་ཡོངསུ་ཚོལ་བ་དང་། འདི་རྣམས་ཀྱི་རྣམ་པར་དབྱེ་བ་ནི་འོདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ལེའུ་ལས་རིག་པར་བྱའོ།། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཐམས་ཅད་ཡང་དག་པ ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། བཞི་གང་ཞེ་ན། མིང་ཡོངསུ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་དང་། ངོ་བོ་ཉིད་གདགས་པ་ཡོངསུ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ ་ཤེས་པ་དང་། བྱེ་བྲག་གདུགས་པ་ཡོངསུ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་སྟེ། འདི་དག་གིས་རྣམ་པར་དབྱེ་བ་ཡང་སྔ་མ་བཞིན་དུ་འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ལེའུ་ལས་རིག་པར་བྱའོ།། དཔག་ཏུ་མད ་བ་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་ལ་མཁས་པར་བྱེད་པར་འགྱུར་བ་སྟེ། ལྔ་གང་ཞེ་ན། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་དང་། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དང་། ཆོས་ཀྱི ་ས་ཡོ་སུ་ཚོལ་བར་བྱར་པ་ཡང་དག་པ་ཇི་སྨྲ་བ་བཞིན་དུ་ཡོངསུ་ཤེས་པ་དང་། ་ཁམས་དཔག་ཏུ་མེད་པ་དང་། འདུལ་བའི་ཁམས་དཔག་ཏུ་མེད་པ་ད་། འདུལ་བའི་ཐབས་དཔག་ཏུ་མེད་པའོ།། དེ་ལ་སེམས་ཅན་གྱི་ཁམས་ནི་སེམས་ཅན་གྱི་རིས་དྲུག་ཅུ་རྩ་བཞི་སྟེ། འདྲི ་ལྟ་སྟེ། ཡིད་ཀྱི་ས་ལས་འབྱུང་བ་བཞིན་ཏེ། རྒྱུད་ཀྱི་བྱེ་བྲག་གིས་ནི་དཔག་ཏུ་མེད་པའོ།། འཇིག་རྟེན་གྱི་ཁམས་རྣམས་ནི་ཕྱོགས་བཅུ་དག་ཏུ་དཔག་ཏུ་མེད་ཅིང་མིང་ཡང་དཔག་ཏུ་མེདོ།། དཔེར་ན། འདི་ནི་འཇིག་རྟེན་གྱི ་ཁམས་མི་མཇེད། དེའི་མིང་ལས་མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་པ་ཞེས་བྱ་བ་བཞིནོ།། དགེ་བ་དང་། མི་དག་པ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ནི་རབ་ཏུ་དགེ་བའི་ཚུལ་གྱི་དཔག་ཏུ་མེད་པར་རིག་པར ་བྱའོ།། སེམས་ཅན་ཐམས་ཅད་འདུལ་བ་ཡིན་པའི་ཕྱིར། འདུལ་བ་ནི་གཅིག་ཏུ་འགྱུརོ།། རྣམ་པ་གཉིས་ཀྱང་ཡོད། མཐའ་དག་གིས་བཅིངས་པ་དང་། མཐའ་དག་མ་ཡིན་པས་བཙོབྱིས་པའོ།། རྣམ་པ་གསུམ་ཡང ་ཡོད། དབང་པོ་རྟུལ་པོ་དང་། དབང་པོ་འབྲིང་དང་། དབང་པོ་རྣོན་པོའོ།། རྣམ་པ་བཞོ་ན། རྒྱལ་རིག་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམང་རིགསོ།། རྣམ་པ་ལྔ་ནི། འདོད་ཆགས་སྤྱོད་པ་དང་། ཞེ་སྡང་སྤྱོད་པ་དང་། ་གཏི་མུག་སྤྱོད་པ་དང་། ང་རྒྱལ་སྤྱོད་པ་དང་། རྣམ་པར་རྟོགས་པ་སྤྱོད་པའོ།། རྣམ་པ་དྲུག་ནི། ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཡོངསུ་མ་སྨིན་པ་དང་། ཡོངསུ་སྨིན་པ་དང་། རྣམ་པར་གྲོལ་བ་དང་། རྣམ་པོར་མ་གྲོལ ་བའོ།། རྣམ་པ་བདུན་ནི། ཞེ་འགྲས་པ་དང་། ཐ་མལ་པ་དང་། སྤྲོས་པས་ཤེས་པ་དང་། མགོ་གླེངས་པས་ཤེས་པ་དང་། དེའི་མོད་ལ་འདུལ་བར་འགྱུར་བ་དང་། ཕྱིས་འདུལ་བར་འགྱུར་བ་དང་། རྐྱེན་ལས་གྱུར་པའི ་འདུལ་བ་སྟེ། རྐྱེན་ཇི་ལྟ་བུ་དང་ཕྲད་པ་དེ་ལྟ་དེ་ལྟར་འགྱུར་བའོ།། རྣམ་པ་བརྒྱད་ནི་འཁོར་བརྒྱ་དེ། རྒྱལ་རིགས་ཀྱི་འཁོར་ལ་སོགས་པ་ནས། ཚངས་པའི་འཁོར་གྱི་བར་དག་གོ།། རྣམ་པ་དགུ་ནི། དེ་བཞིན་གཤེགས ་པས་འདུལ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་འདུལ་བ་དང་། བྱང་ཆུབ་སེམས་དཔས་འདུལ་བ་དང་། བསྒྲུབ་པར་དཀའ་བ་དང་། བསྒྲུབ་པར་སླ་བ་དང་། འཇམ་པོས་བསྒྲུབ་པར་སླ་བ་དང་། ཚར་གཅད་པས ་བསྒྲུབ་པ་རེ་སླ་བ་དང་། རྒྱང་རིང་པོ་ནས་འདུལ་བ་དང་། དྲུང་ནས་འདུལ་བའོ།། རྣམ་པ་བཅུ་མི་སེམས་ཅན་དམྱལ་རྡོབ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པ་དང་། འདོད་པ་ན་སྤྱོད་པའི་ལྷ ་དང་། མི་དང་། བཱར་མ་དོའི་སྲིད་པ་དང་། གཟུགས་ཅན་དང་། གཟུགས་མེད་པ་དང་། འདུ་ཤེས་ཅན་དང་། འདུ་ཤེས་མེད་པ་དང་། འོ་དུ་ཤེས་ཅན་ཡང་མ་ཡིན། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་སྟེ། ་འདི་ཡང་རྣམ་པའི་རབ་ཏུ་དབྱེ་བས་ནི་རྣམ་པ་ལྔ་བཅུ་རྩ་ལྔའོ།། རྒྱུད་ཀྱི་རབ་ཏུ་དབྱེ་བས་ནི་ཚད་མེད་པར་རིག་པར་བྱའོ།། དེ་ལ་སེམས་ཅན་གྱི་ཁམས་དང་། འདུལ་བའི་ཁམས་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། ་རིགས་ལ་གནས་པ་དང་།། རིགས་ལ་གནས་པ་མ་ཡིན་པའི་སེམས་ནྡན་ཐམས་ཅད་ནི་སེམས་ཅན་གྱི་ཁམསུ་བྱེ་བྲག་མེདོ།། རིགས་ལ་གནས་པ་གནས་སྐབས་དེ་དང་དེ་དག་ཏུ་གནས་པ ་གང་ཡིན་པ་དེ་ནི་འདུལ་བའི་ཁམས་ཞེས་བྱའོ།། འདུལ་བའི་ཐབས་ནི་སྔར་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ཡང་རྣམ་པར་དབྱེ་བས་དཔག་ཏུ་མེད། དེ་དག་བསྡུས་ན་དཔག་ཏུ་མེད་པ་ལྔར་འགྱུར་རོ།། དེ་ཅིའི ་ཕྱིར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་གང་དག་གི་དོན་ལ་སྦྱོར་བ་དེ་ནི། དཔག་ཏུ་མེད་པ་དང་པོའོ།། སེམས་ཅན་དེ་དག་གང་ལ་གནས་པ་ཡང་དམིགས་པ་དེ་ནི་དཔག་ཏུ་མེད་པ་གཉིས་པའོ།། ་སེམས་ཅན་དེ་དག་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ན། ཆོས་གང་དག་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པར་གྱུར་པ་དམིགས་པ་དེ་ནི། དཔག་ཏུ་མེད་པ་གསུམ་པའོ།། སེམས་ཅན་དེ་དག་གྲི ་ནང་ནས་སེམས་ཅན་གང་དག་བསྐལ་པ་དང་ལྡན་ཞིང་གཏན་དུ་སྡུག་བསྔལ་ལྔས་རྣམ་པར་ཐར་པར་བྱེད་ནུས་པར་མཐོང་བ་དེ་ནི་དཔག་ཏུ་མེད་པ་བཞི་པའོ།། སེམས་ཅན་དེ་དག་ཉིད་རྣམ་པར་ཐར་པར་བྱ་བའི ་ཐབས་གང་ཡིན་པ་དེ་ནི་དཔག་ཏུ་མེད་པ་ལྔ་པའོ།། དེ་ལྟ་བས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག་ཏུ་མེད་པ་ལྔ་པོ་དེ་དག་ནི། ཐམས་ཅད་ལ་མཁས་པར་བྱེད་པར་འགྱུརརོ།། ལྔ་པོ་འདི་དག་ནི་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ལ་ཆོས་བསྟན་པའི་འབྲས་བུའི་ཕྲན་ཡོན་རྒྱ་ཆེ་བ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། དེ་དགུ་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ ་ཉིད་ཀྱི་ཚེ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་བསྐྱེད་པར་འགྱུར་རོ།། དེ་དག་ལས་སེམས་ཅན་ཁྭ་ཅིག་ནི་ངོམ་པའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པ་ཐོབ་པར་འགྱུར་རོ།། དེ་དག་ལས་སོན ་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད།། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་ཐོས་པ་དེ་ཉིད་ཀྱི་མོད་ལ། བྱང་ཆུབ་སེམས་དཔའི་བཟོད་པ་མཆོག་ཐོབ ་པར་འགྱུར་རོ།། སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་པོའི་ཆོས་བསྟན་པས་ལུང་འབོགས་པ་དང་། ཁ་ཏོན་བྱེད་པ་དང་། ཡང་དག་པར་སྒྲུབ་པ་གཙོག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་དམ ་པའི་ཆོས་ཡུན་རིང་དུ་གནས་པར་བྱེད་པར་འགྱུར་ཏེ། ལྔ་པོ་འདི་དག་ནི་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་པར་རིག་པར་བྱའོ།། ཆེན་པོ་བདུན་པོ་འདི་དག་ནི་གང་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམ ་ཀྱི་ཐེག་པ་ལ་ཐེག་པ་ཆེན་པོ་ཞེས་བྱ་བར་འགྱུར་བ་སྟེ། བདུན་གང་ཞེ་ན། ཆོས་ཆེན་པོ་ནི་འདི་ལྟ་སྟེ། གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས་འབྱུང་བའི་བྱང་ཆུབ་སེམས་དཔོའི་སྡེ་སྣོད་ཤིན་ཏུ་རྒྱས ་པའི་སྡེའོ།། སེམས་བསྐྱེད་པ་ཆེན་པོ་ནི་འདི་ལྟ་སྟེ། འགྲའ་ཞིག་གི་བླ་ན་མེད་པྲ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཟད་པའོ།། མོས་པ་ཆེན་པོ་ནི་འདི་ལྟ་སྟེ། འགའ ་ཞིག་ནི་ཆོས་ཆེན་པོ་དེ་ཉིད་ལ་མྱོས་པར་ཟད་པའོ།། ལྷག་པའི་བསམ་པ་ཆེན་པོ་ནི་འདི་ལྟ་སྟེ། འགའ་ཞིག་གིས་མོས་པས་སྤྱོད་པའི་ས་ལས་ཡང་དག་པར་འདས་ཏེ། ལྷག་པའི་བསམ་པ་དག་པའི་ས་ལ་འཇུག ་པར་ཟད།། ཆོས་ཆེན་པོ་ནི་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་གང་ཡང་དག་པར་གྲུབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ།། དུས ་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་པོ་གང་ཡིན་པའི་དུས་དེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའོ།། ཡང་དག་པར་འགྲུབ་པ་ཆེན་པོ་ནི་བླ་ན་མེད་པ་ཡང ་དུག་པར་རྫོགས་པའི་བྱང་ཆུབ་སྟེ། སྐུ་ཡང་དག་པར་འགྲུབ་པ་དེ་ལ་ནཱི་ལུས་ཡང་དག་པར་འགྲུབ་པ་གཞན་མཚུངས་པ་ཡང་མེད་ན། གློང་དུ་ཕྱིན་པ་ལྷོ་ག་ལ་ཡོད། ལྷག་པཱ་ལྟ་ཡང་ལྟ་ག་ལ་ཡོད། དེ་ལ་ཆོས ་ཆེན་པོ་གང་ཡིན་པ་དང་། སེམས་སྐྱེད་པ་ཆེན་པོ་གང་ཡིན་པ་དང་། མོས་པ་ཆེན་པོ་གང་ཡིན་པ་དང་། ལྷག་པའི་བསམ་པ་ཆེན་པོ་གང་ཡིན་པ་དང་། ཚོགས་པ་ཆེན་པོ་གང་ཡིན་པ་དང་། དུས་ཆེན་པོ་གང་ཡིན ་པ་དང་། ཆེན་པོ་དྲུག་པོ་འདི་དག་ནི་ཡང་དག་པར་འགྲུབ་པ་ཆེན་པོའི་རྒྱུར་གྱུར་པ་ཡིནོ།། ཡང་དག་པར་འགྲུབ་པ་ཆེན་པོ་དེ་གཅིག་པུ་ནི་དྲུག་པོ་དེ་དག་གི་འབྲས་བུའི་གནས་ཡིན་པར་རིག་པར་བྱའོ།། ཆོས་བརྒྱད་པོ་འདི ་དུག་ནི་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་ཉིད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་དོན་བསྟན་པ་གང་ཡིན་པ་དང་། བྱང་ཆུབ་ས་དེའི ་སྡེ་སྣོད་དེ་ཉི་དུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་ཅིང་མཆོག་ཏུ་རྒྱ་ཆེ་བ་བསྟན་པ་གང་ཡིན་པ་དང་། དེ་ཚུལ་བཞིན་དུ་ཉན་པ་དང་། ཚུལ་བཞིན་དུ་སེམས་པ་སྔོན་དུ་འགྲོ་བའི ་ལྷག་པའི་བསམ་པ་ཉམ་སུ་བྱུང་པོ་གང་ཡིན་པ་དང་། ལྷག་པའི་བསམ་པཱ་ཉམ་སུ་བླང་པོ་སྔོན་དུ་འགྲོ་བའི་སྒོམས་པའི་རྣམ་པས་འཇུག་པ་དང་། བསྒོམ་པའི་རྣམ་པས་འཇུག་པ་སྔོན་དུ་འགྲོ་བའི་བསྒོམ་པའི་འབྲས ་བུ་ཡོངསུ་འགྲུབ་པ་དང་། བསྒོམ་པའི་འབྲས་བུ་ཡོང་སུ་འགྲུབ་པ་དེ་ཉིད་ཀྱི་གཏན་དུ་ངེས་པར་འབྱིན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལྟར་སློབ་པ་རྣམས་ནི་བླ་ན་མེད་པ་ཡང་དགེ་པར་རྫོགས་པའི་བྱང་ཆུབ་མངོན ་པར་རྫོགས་པར་འཚང་རྒྱའོ།། བྱང་ཆུབ་སེམས་དཔའ་གང་དག་དེ་ལྟར་སློབ་ན། བླ་ན་མེད་པ་ཡང་དོག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་གང་ཞེ་ན། དེ་དག་ནི་མདོར ་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། རིག་ལ་གནས་པ་དང་། ཞུགས་པ་དང་། བསྡམ་པ་མ་དག་པ་དང་། བསམ་པ་དག་པ་དང་། ཡོངསུ་མ་སྨིན་པ་དང་། ཡོངསུ་སྨིན་པ་དང་། ངེས་པར་ཞུགས་པ ་མ་ཡིན་པ་དང་། ངེས་པར་ཞུགས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པའོ།། དེ་ལ་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སློབ་པ་ན་སེམས་བསྐྱེད་པར་བྱེད་པ་དེ་ནི་ཞུགས་པ་ཞེས་བྱའོ།། ་ཞུགས་པ་དེ་ཉིད་ཇི་སྲིདདུ་བསམ་པ་དག་པའི་སོ་ལ་ཞུགས་པ་དེ་སྲིདུ་ནི་བསམ་པ་མ་དག་པ་ཞེས་བྱའོ།། ཞུགས་པ་ནི་བསམ་པོ་དག་པ་ཡིནོ།། བསམ་པ་དགྲ་པ་དེ་ཉིད་ཇི་སྲྀ་དུ་མཐོར་ཐུག་པར་འགྲོ་བའི་ས་ལོ་མ་ཞུགས ་པ་དེ་སྲིདུ་ནི་ཡོངསུ་ཨ་སྨིན་པ་ཞེས་བྱའོ།། ཞུགས་པ་ནི་ཡོངསུ་སྨིན་པ་ཡིནོ།། ཡོངསུ་མ་སྨིན་པ་དེ་ཡང་ཇི་སྲི་དུ་ངེས་པ་དང་། སྤྱོད་པ་ངེས་པའི་ས་ལ་ངེས་པར་མ་ཞུགས་པ་དེ་སྲྀ་དུ་མ་ངེས་པ་ཞེས་བྱའོ།། ཞུགས ་པ་ནི་ངེས་པ་ཡིན།། ཡོངསུ་སྨིན་པ་དེ་ཡུང་རྣམ་པ་གཉིས་ཏེ། སྐྱེ་བོ་གཅིག་གིས་ཐོགས་པ་ནི་ཆེས་ཕྱི་མ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གང ་ཡིན་པ་དང་། སྲིད་པ་ཐ་མ་པོ་ནི་ཚེ་འདི་ཉིད་ལ་གན་ཤིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གང་ཡིན་པའོ།། རིགས་ཡན་ཆད་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་བཅུ་པོ་དེ་དག་བསྟན་པ་གང་ཡིན་པ་དག་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་སློབ་པ་དེ་དག་གི་བསླབ་པ་ནི་གང་ལ་སློབ་པ་དང་། ཇི་ལྟར་སློབ ་པ་དེ་ལས་གོང་ན་མེ་དོ།། དེ་ལས་ལྷག་པ་ཡང་མེདོ།། ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་དེ་དག་ལས་གོང་ན་ཡང་གང་དག་བྱང་ཆུབ་སེམས་དུཔའི་བསླབ་པའི་རྣམས་ལ་སློབ་པའི་བྱང་ཆུབ་སེམས ་དཔའ་མེ་དོ།། ཡང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་མྲྀ་དབྱེར་མེད་པ་འདི་ལྟ་བུ་འདི་དག་ནི་ཡོན་ཏན་ལས་བཏགས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ་བློ་དང་ལྡན་པ་གསོལ་བའི་མཆོག། རྒྱལ་བའི་སྲས་དང་རྒྱལ་བའི་གཞི།། རྒྱལ་བའི་མྱུ་གུ་རྣམ་རྒྱུ་ལ་བྱེད།། རྩལ་དང་ལྡན་པ་འཕགས་པའི་མཆོག། དེད་དཔོན་གྲོགས་པ་ཆེན་པོ་སྟེ།། སྙིང་རྗེ་ཅན་དང་བསོད ་ནམས་ཚེ།། དབང་ཕྱུག་དེ་བཞིན་ཆོ་ས་དང་ལྡན།། ཡང་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་མུ་མེད་པ་གནས་པ་དེ་དག་གི་སོ་སོ་རང་གི་མིང་དུ ་གདགས་པ་ནི། དཔག་ཏུ་མེད་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་གང་དག་བདག་ནི་བྱང་ཆུབ་སེམས་དཔའོ་ཞེས་ཁས་ཆེ་བར་གནས་ལ། བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་ལེགས ་བར་མི་སྒྲུབ་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལྷུར་བཅོས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡང་དག་པ་ཡེ་ཡི་ནོ།། བྱང་ཆུབ་སེམས་དཔའ་གང་དག་བདག་ནི་བྱང་ཆུབ ་སེམས་དཔའ་ཡི་ནོ་ཞེས་ཁྲུས་ཆེ་བོར་གནས་ལ། བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་ཡང་ལེགས་པར་སློབ་པ་དེ་དག་ནི་ཡང་དག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས ་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བྱང་ཆུབ་སེམས་དཔའི་ཡོན་ཏནཱ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །། གཞིའི་རྣལ་འབྱོར་གྱི་གནས ་རྫོགསོ།། ། སྡོམ་ནི། ངོ་བོ་ཉིད་དང་གནས་དང་ནི།། འབྲས་བུ་གློ་རིམ་བསྡུ་བ་ཡིན།། ལྔ་པོ་འདི་དགྲ་ནི་ཡང་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་བྱང་ཆུབ་སེམས་དཔའི་བརྟགས་ཡིན་ཏེ། དེ་དག་དང་ལྡན་ན་བྱང་ཆུབ་སེམྱ་ས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གླུང་སུ་འགྲོའོ།། ལྔ་གང་ཞེ་ན། སྙིང་བརྩེ་བ་དང་ལྡན་པོར་སྨྲ་བ་དང་། བརྟན་པ་དང་། ལག ་རྐྱོང་བ་དང་། དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲོལ་པའོ།། ཆོས་ལྔ་པོ་འདི་དག་ནི། ལྔར་བསྒྲེ་བར་རིག་པར་བྱ་སྟེ། ངོ་བོ་ཉིད་དང་། གནས་དང་། འབྲས་བུའི་ཕན་ཡོན་དང་། གོ་རིམ་དང་། བསྡུ་བའོ།། དེ་ལ་སྙིང ་བརྩེ་བའི་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ། བསམ་པར་གཏོགས་པ་དང་། སྒྲུབ་བྱར་གཏོགས་པའོ།། དེ་ལ་བསམ་པར་གཏོགས་པ་ནི། བྱང་ཆུབ་སེམས་དཔའི་ཕན་པའི་བསམ་པ་དང་། བདེ་བའི་བསམ་པ་སྟེ། སེམས ་ཅན་རྣམས་ལ་སྙིང་བརྩེ་བ་ཞེས་བྱའོ།། སྙིང་བརྩེ་བའི་སྒྲུབ་པར་གཏོགས་པའི་ངོ་བོ་ཉིད་ནི། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་བསམ་པ་གང་ཡིན་པ་ཉིད་ཅི་ནུས་ཅི་ལྕོགས་ཀྱི་ལུས་དང་ངག་གིས་ཉེ་བར་སྒྲུབ་པའོ།། ་དེ་ལ་སྦྱིན་པར་སྨྲ་བའི་ངོ་བོ་ཉིད་ནི་སྔ་མ་བཞིན་དུ་ཡང་དག་པར་དགའ་བ་བྱེད་པ་དང་། ཀུན་ཏུ་དགའ་བར་བྱེད་པ་དང་། ཕན་འདོགས་པའི་ཚོགས་ཡིན་ཏེ། འདི་ལྟ་སྟེ། བསྡུ་བའི་དངོས་པོའི་ལེའུ་ལས་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས ་དྲཔའི་སྙིང་སྟོབས་དང་། སྨན་ཐུབ་པ་དང་། ཞུམ་པ་མེད་པའི་སྟོབས་དང་ལྡན་པ་གང་ཡིན་པ་དེ་ནི། བརྟན་པའི་ངོ་བོ་ཉིད་ཅེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་རྒྱ་ཆེར་སྦྱིན་པ་དང་། ཀུནྡ་ནས་ཉོན་མོངས་པོ་ཅན་མ་ཡིན་པའི ་སྦྱིན་པ་གང་ཡིན་པ་འདི་ནི། ལག་རྐྱོང་བའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ།། སོ་སོ་ཡང་དག་པར་རིག་པ་བཞི་དང་། དེ་དག་ཉིད་མངོན་པར་སྒྲུབ་པའི་ཕྱིར་ཡང་དག་པའི་སྦྱོར་བ་ལས་བྱུང་བའི་ཤེས་པ་འདི་ནི། བྱང་ཆུབ་སེམས་ད ་རྣམས་ཀྱི་དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་ངོ་བོ་ཉིད་ཡིན་པོར་རིག་པར་བྱའོ།། དེ་ལ་སྙིང་བརྩེ་བའི་གནས་ནི་ལྔ་སྟེ། ལྔ་གང་ཞེ་ན། སེམས་ཅན་སྡུག་བསྔལ་བ་རྣམས་དང་། ཉེས་པར་སྤྱད་པ་སྤྱོད་པ་རྣམས་དང་། ་བག་མེད་པ་རྣམས་དང་། ལོག་པར་ཞུགས་པ་རྣམས་དང་། ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པ་རྣམ་སོ།། དེ་ལ་སེམས་ཅན་དམྱལ་བའི་སེམས་ཅན་ཡན་ཆད་གང་སུ་ཡང་རུང་བ་དག་གི་སྡུག་བསྔལ་གྱི་ཚོར་བ ་རྒྱུན་ཏུ་གནས་ཤིང་། རྒྱུད་ལ་ཞེན་པར་འདུག་པའི་སེམས་ཅན་དེ་དག་ནི་སྡུག་བསྔལ་བ་ཞེས་བྱའོ།། གང་དགྲ་སྡུག་བསྔལ་བར་ངེས་པ་ནི་མེད་མོད་ཀྱི། ཤེས་ཆེར་ལུས་ཀྱི་ཉེས་པར་སྤྱོད་པ་ལྷག་པར་སྤྱོད་རྟིང་། ངག་གི་ཉེས་པར་སྤྱོད་པ ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་ལྷག་པར་སྤྱོད་དེ། དེ་ལ་མངོན་པར་དགའ་བའི་རང་བཞིན་དུ་གནས་པའི་སེམས་ཅན་དེ་དག་ནི་ཉེས་པར་སྤྱད་པ་སྤྱོད་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཤིན་པ་དང་། པག་གསོད་པ་དང་། བྱ་གག་གསོད ་བ་དང་། སོགས་པ་ལྟ་བུའོ།། གང་དག་སྡུག་བསྔལ་བ་དང་། ཉེས་པུར་སྤྱོད་པར་ངེས་པ་མེད་མོད་ཀྱི། འདོད་པ་རྣམས་ལ་ལྷག་པར་ཞེན་ཅོད་སྤྱོད་པ་དང་། ཟློས་གར་མཁྱེན་དང་། བྲོ་གར་མཁན་དང་། བཞེད་གད་མཁན་དང་། འཇོ ་སྒེག་ཅན་དང་། ལྟད་མོ་ལྷུར་ལེན་ཅིང་གནས་པ་དང་། བདག་གི་བྱི་དོར་ལྷུར་ལེན་པའི་སེམས་ཅན་དེ་དག་ནི་བག་མེད་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཁ་ཅིག་འདོད་པ་ལ་ལོངས་སྤྱོད་པ་ལྟ་བུའོ།། གང་དག་སྡུག་བསྔལ་བ་དང་། ཉེས ་བར་སྤྱད་པ་སྤྱོད་པ་དང་། བག་མེད་པར་སྤྱོད་པ་ནི་མེད་མོད་ཀྱི། ལྟ་བ་ཉམས་པ་ལ་བརྟེན་ནས་སྡུག་བསྔལ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར་ཞུགས་པའི་སེམས་ཅན་དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱ་སྟེ། འདི་ལྟ་སྟེ། འདོད ་བ་རྣམས་སྤངས་པ་ནས་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ལྟ་བུའོ།། སེམས་ཅན་གང་དག་སྡུག་བསྔལ་བ་ནས་རྒྱས་པར་ལོག་པར་ཞུགས་པའི་བར་དུ་ངེས་པ་ནི་མེད་མོད་ཀྱི། ཉོན་མོངས་པ་མཐའ་དག་གིས་བཅིངས ་པ་དང་། མཐའ་དག་མ་ཡིན་པས་བཅིངས་པའི་སེམས་ཅན་དེ་དག་ནི་ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཡང་དག་པར་ཞུགས་པའི་སེམས་ཅན་སོ་སོའི་སྐྱེ་བོ་དགེ་བ་གང་ཡིན་པ་དག་དང་། སློབ་པ་གང ་ཡིན་པ་དག་ལྟ་བུའོ།། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བའི་གནས་ཡིན་ཏེ། གནས་དེ་དང་དམིགས་པ་དེས་སྙིང་བརྩེ་བ་འབྱུང་བར་འགྱུར་ཏེ། དེ་ལས་གོང་ནུ་ཡང་མེདོ།། དེ་ལས་ལྷག་པར་ཡང་མདོ།། ་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙན་པར་སྨྲ་བའི་གནས་ཡིནྡ་ཏེ། ལྔ་གང་ཞེ་ན། ལྕགས་པར་སྨྲ་བར་བྱ་བ་དང་། ལེགས་པར་ཀུན་ཏུ་དགའ་བར་བྱ་བ་དང་། ལེགས་པར་དབུགས་དཟུང་བ་དང་། ལེགས ་པར་བསྒྲུབས་པ་དང་། རིགས་པས་བསྟན་པའོ།། དེ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། བསྡུ་བའི་དངོས་པོའི་ལེའུ་ལས་རིག་པར་བྱའོ།། གནས་ལྔ་པོ་འདི་དག་དང་།། དམིགས་པ་འདི་དག་གིས་བྱང་ཆུབ་སེམས་དཔའ ་མས་ཀྱི་སྙན་པར་སྨྲ་བ་འབྱུང་བར་འགྱུར་ཏེ། འདི་ལས་གོང་ན་ཡང་མེ་དོ།། འདི་ལས་ལྷག་པ་ཡང་མེ་དོ།། ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་བསྟན་པའི་གནས་ཡིན་པར་རིག་པར་བྱ་སྟེ། ལྔ་ག་པ་ཞེ་ན། བྱང་ཆུབ་ཀྱི ་ཕྱོགས་ཀྱི་ལེའུ་རྣམ་པ་ལྔ་པོ་གང་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་པའི་སྟོབས་བསྐྱེད་པ་བསྟན་པ་དེ་དག་ཉིད་བྱང་ཆུབ་སེམས་དཔའི་བསྟན་པའི་གནས་ཡིན་པར་རིག་པར་བྱའོ།། གནས ་དེ་དག་དང་། དམིགས་པ་དེ་དག་གིས་བྱང་ཆུབ་སེམས་དཔའི་བརྟན་པོ་འབྱུང་བར་འགྱུར་ཏེ། འདི་ལྟར་གོང་ན་ཡང་མེདོ།། འདི་ལས་ལྷག་པ་ཡང་མེདོ།། ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལག་རྐྱོང་བའི་གནས་ཡིན་ཏེ། ་གང་ཞེ་ན། རྒྱུན་མི་འཆད་པར་སྦྱིན་པ་དང་། དགའ་བཞིན་དུ་སྦྱིན་པ་དང་། གུས་པར་སྦྱིན་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་སྦྱིན་པ་དང་། མི་གནས་པར་སྦྱིན་པའོ།། འདི་རྣམས་ཀྱི་རྣམ་པར་དབྱེ་བ་ནི་རྒྱས་པར་འདི ་སྟེ། སྦྱིན་པོའི་ལེའུ་ལས་རིག་པར་བྱའོ།། གནས་འདི་དང་དམིགས་པ་འདི་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་རྐྱོང་བར་འབྱུང་བར་འགྱུར་ཏེ། འདི་ལས་གོང་ན་ཡོད་མེདོ།། འདི་ལས་ལྷག་པ་ཡང་མདོ།། ལྔ་པོ་འདི་དག་ནི་བྱང ་ཆུབ་སེམས་དཔའ་རྣམས་ཀྱི་དོན་དང་། དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་གནས་ཡིན་ཏེ། ལྔ་གང་ཞེ་ན། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ།། ཟབ་པར་སྣང་བ་དང་། སྟོང་པ་ཉིད་དང་ལྡན་པ། རྐྱེན ་འདི་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པ་གང་ཡིན་པ་འདི་ནི་གནས་དང་པོའོ།། འདུལ་བའི་ཉེས་པ་ལ་མཁས་པ་དང་། ཉེས་པ་ལས་འབྱིན་པ་ལས་མཁས་པ་འདི་ནི་གནས་གཉིས་པའོ།། མ་མོ་ལ་ཆོས་ཀྱི་མཚན ་ཉིད་ཕྱིན་ཅི་མ་ལོག་པར་རྣམ་པར་གཞག་པ་འདི་ནི་གནས་གསུམ་པའོ།། དགོངས་པ་ཅན་བརྟག་དཀའ་བའི་ཆོས་ཀྱི་མིང་དང་། དོན་རྣམ་པར་འབྱེད་པ་འདི་ནི་གནས་བཞི་པའོ།། ཆོས་ཐམས་ཅད་ཀྱི་ཆོས་དང་། དོན་དང་། ངེས་པའི་ཚིག ་དང་། རྣམ་པར་རབ་ཏུ་དབྱེ་བ་འདི་ནི་གནས་ལྔ་པའོ།། གནས་དེ་དང་དམིགས་པ་དེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དང་། དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་འབྱུང་བར་འགྱུར་ཏེ། འདི་ལས་གྲོང་ན་ཡང་མེ་དོ།། འདི་ལས ་ལྷག་པ་ཡང་མེ་དོ།། བྱང་ཆུབ་སེམས་དཔའི་སྙིང་བརྩེ་བ་ནི། སེམས་ཅན་རྣམས་ལ་ཐོག་མ་ཉིད་དུ་ཁོ་ནས་སྤོང་བར་འགྱུར་བའོ།། དེ་བཞིན་དུ་སྙིང་བརྩེ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ལ ་ཡིད་ཞུམ་པ་མེད་པར་སྦྱོར་ཞིང་།། སྦྱོར་བ་དེ་ལ་ཡོངསུ་མི་སྐྱོ་བ་དང་། སྙིང་བརྩེ་བ་དེས་ཤྱས་ཆེར་གནས་པར་བྱེད། དེ་ཁ་ན་མ་ཐོ་བ་མེད་པར་ཚེ་འདི་ལ་བདེ་བར་གནས་པ་དང་། ཚེ་ཕྱི་མ་ལ་ཕན་པར་འགྱུརརོ།། བཅོམ་ལྡན་འདས ་ཀྱིས་བྱམས་པའི་ཕན་ཡོན་གང་དག་གསུངས་པ་དེའི་ལུས་ལ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས་ཞེས་བྱ་བ་ལ་སོགས་པ་དེ་དག་ཐམས་ཅད་ནི་སྙིང་བརྩེ་བའི་བྱང་ཆུབ་སེམས་དཔའ་ལྔ་ཡང་ཡོད་པར་རིག་པར་བྱ་སྟེ། ་དེ་ལྟར་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བའི་འབྲས་བུའི་ཕན་ཡོན་ཡིན་པར་བལྟ་བར་བྱའོ།། བྱང་ཆུབ་སེམས་དཔའི་སྙན་པར་སྨྲ་བ་ནི་ཚེ་འདི་ལ་ངག་གི་ཉེས་པ་རྣམ་པ་བཞི་ནི། བརྫུན་དུ་སྨྲ་བ་དང་། ཕྲ་མོ་དང་། ་ངག་བརྩུབ་མོ་དང་། ཚིག་འཁྱལ་པ་རྣམས་སྤོང་སྟེ། དེའི་ཚིག་དེ་ཡང་བདག་ལ་ཕན་འདོགས་པ་དང་། གཞན་ལ་ཕན་འདོགས་པར་ཞུགས་པ་ཡིནོ།། སྙན་པར་སྨྲ་བའི་བྱང་ཆུབ་སེམས་དཔའ་ནི་ཚེ ་འདི་དང་། ཚེ་ཕྱི་མ་ལ་ཚིག་བཙུན་ཞིང་བཟུང་བར་འོས་པར་འགྱུར་ཏེ། དེ་ལྟར་ན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙན་པར་སྨྲ་བའི་འབྲས་བུའི་ཕན་ཡོན་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་བརྟན་པ་ནི་ཚེ་འདི ་ཉིད་ལ་ཡང་ཐམས་ཅད་ཀྱི་ཐམས་ཅད་སྙོམས་ལས་དང་། ལེ་ལོ་དང་བྲལ་བར་འགྱུརརོ།། སེམས་རབ་ཏུ་དགའ་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པར་བྱེད།། བླངས་ནས་ཀྱང་སྒྱིད་ལུག ་པར་མི་འགྱུརརོ།། བདག་དང་གཞན་ལ་ཡང་བཟོད་པུས་ཕན་འདོགས་པར་བྱེདདོ།། ཕྱི་མ་ལ་ཡང་བྱང་ཆུབ་སེམས་དཔའི་བྱ་བ་ཡང་དག་པར་བརྩམས་པ་དག་ལ། རང་བཞིན་གྱི་ཡང་དག་པར་རྩོམ་པ་བརྟན་པར་འགྱུརརོ།། ་མ་བྱས་པར་ཕྱིར་མི་ལྡོགོ། དེ་ལྟ་ན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྟན་པོའི་འབྲས་བུའི་ཕན་འདོགས་པ་ཡིན་པར་བྱའོ།། ལག་རྐྱོང་བ་དང་། དོན་དང་། དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་འབྲས་བུའི་ཕན་ཡོན ་ནི་འདི་ལྟ་སྟེ། མཐུའི་ལེའུ་ལས་སྦྱིན་པའི་མཐུ་དང་། ཤེས་རབ་ཀྱི་མཐུ་བརྟན་པ་བཞིན་དུ་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་རྟགས་དེ་དག་གི་འབྲས་བུའི་ཕན་ཡོན་ཡིན།། དེ་དག་གོ་རིམ་གང་ཞེ་ན། ཐོག་མ་ཁོ་ནར ་ནི་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བས་སེམས་ཅན་རྣམས་ལ་ཕན་འདོགས་ཏེ། དེ་དག་ལ་ལྟ་ཞིང་དོན་བྱེད་འདོད་པར་འགྱུར་རོ།། དེ་ནས་མི་དགེ་བའི་གནས་ནས་བླངས་ཏེ། དགེ་བའི་གན་སུ་དགོད་པའི་ཕྱིར། རིགས་པ་སྨྲ་ཞིང་འཛིན་དུ ་འཇུག་ལ་སྟོན་པར་བྱེད།། དེ་ལྟར་ཞུགས་པའི་སེམས་ཅན་རྣམས་ལ་སེམས་ཅན་ཡང་དག་པར་སྒྲུབ་པ་དང་། ལོག་པར་སྒྲུབ་པ་ལ་གནས་པ་རྣམས་མི་གཏོང་བས་སེམས་ཅན་ལོག་པར་བསྒྲུབ་པ་ཉོན་མོངས་པས་རྣམ་པར ་གནོད་པ་རྣམ་པ་ལྔ་ཚེགས་དང་ལྡན་པ་དག་ལ་འཁྲུག་པ་བཟོད་པར་འགྱུརརོ།། དེ་དེ་ལྟར་བརྟན་པས་སེམས་ཅན་ཁ་ཅིག་ནི་ཟང་ཟིང་གི་བསྡུ་བས་ཡོངསུ་སྨིན་པར་བྱེདདོ།། ཁ་ཅིག་ནི་ཆོས་ཀྱི་བསྡུ་བས་ཡོངསུ་སྨིན་པར་བྱེདདོ།། ་ཁ་ཅིག་ནི་ཚེས་དང་ཟུང་ཟིང་གི་བསྡུ་བ་གཉིས་ཀས་ཡོངསུ་སྨིན་པར་བྱེད།། འདི་ནི་བྱང་ཆུབ་སེམས་དཔའི་རྟགས་ལྔ་པོ་དག་གོ་རིམས་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་རྟགས་ལྔ་པོ་དེ་དག་ནི་ཕ་རོལ་ཏུ་ཕྱིན ་དྲུག་པོ་དག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལྔས་ཕ་རོལ་ཏུ་ཕྱིན་པ་གང་དང་གང་གིས་བྱང་ཆུབ་སེམས་དཔའི་རྟགས་གང་དང་གང་བསྡུས་ཤེ་ན། སྙིང་བརྩེ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་བསྡུསོ།། སྙན་པར ་སྨྲ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུ་སོ།། བརྟན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་ཏེ། ་ལག་རྐྱོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཁོ་ནས་བསྡུ་སོ།། དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས ་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་རྟགས་ལྔ་པོ་འདི་དག་ནི་ལྟར་བསྒྲེ་བར་རིག་པར་བྱ་སྟེ། ངོ་བོ་ཉིད་དང་། གནས་དང་། འབྲས་བུའི་ཕན་ཡོན་དང་། གོ་རིམས་དང་། བསྡུ་བ་དང་ལྔར་བསྒྲེ་བར་རེག་པར་བྱའོ།། བྱང ་ཆུབ་སེམས་དཔའི་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་དང་། བྱང་ཆུབ་སེམས་དཔའི་རྟགས་ཀྱི་ལེའུ་སྟེ་དང་པོའོ།། །། སྡོམ་ནི།། ལས་མཐའ ་ལེགས་པར་བྱས་པ་དང་།། མཁས་དང་གཞན་ལ་ཕན་འདོགས་དང་།། ཡོངསུ་བསྔོ་བ་ཐ་མ་ཡིན།། བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཕྱོགས་སམ། རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པའི་ཆོས་ནི་མདོར་བསྡུ་ན། རྣམ ་པ་བཞིར་རིག་པར་བྱ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་འམ། རབ་ཏུ་བྱུང་བས་བསླབས་ན་མྱུར་བ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརརོ།། བཞི ་གང་ཞེ་ན། ལས་ཀྱིས་མཐའ་ལེགསོ་པར་བྱས་པ་དང་། མཁས་པ་དང་། གཞན་ལ་ཕན་འདོགས་པ་དང་། ཡོངསུ་བསྔོ་བའོ།། དེ་ལ་བྱང་ཆུབ་སེམས་དཔའི་ལས་ཀྱི་མཐའ་ལེགས་པར་བྱས་པ་གང་ཞེ་ན། གང་ཕ་རོལ ་ཏུ་ཕྱིན་པ་རྣམས་ལ་ངེས་པར་འབྱིན་པ་དང་། བྱང་བར་བྱེད་པ་དང་། རྟག་ཏུ་བྱེད་པ་དང་། ཁ་ན་མ་ཐོ་བ་མེད་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའི་ངེས་པར་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱུང ་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཀྱང་བདོག་ལ། སློང་བ་པོ་ཡང་ལེགས་པར་འོངས་ན། གནོད་པར་བྱས་ཀྱང་རུང་། ཕན་པ་བྱས་ཀྱང་རུང་། ཡོན་ཏན་ཅན་ཡང་རུང་། སྐྱོན་ཅན་ཡང་རུང་བ་ལ་ངེས་པར་སྦྱིན་པར་བྱེད། ་དེའི་སྦྱིན་པའི་སེམས་མི་འམ། མི་མ་ཡིན་པ་འམ། དགེ་སྦྱོང་ངམ། བྲམ་ཟེ་འམ། སུ་ཡང་རུང་སྟེ། འཇིག་རྟེནོན་སུ་ཡང་རུང་བས་ཆོས་མཐུན་པས་བསྐྱོད་པར་མི་ནུསོ།། བྱང་ཆུབ་སེམས་དཔའི་བྱང་བར་བྱེད་པ་ཇི་ལྟ་བུ་ཡིན་ཞེ ་ན། འདི་ལྟ་སྟེ། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཀྱང་བདོག་ལ། སློང་བ་པོ་ཡང་ལེགས་པར་འོངས་ན། ཐམས་ཅད་སྦྱིན་པར་བྱེད། དེའི་ནང་གི་དངོས་པོ་ཡང་སེམས་ཅན་རྣམས་ལ་མི ་གཏང་བར་བྱ་བ་ཅི་ཡང་མེད་ན། ཕྱི་རོལ་ལྟ་ཅི་སྨོས། བྱང་ཆུབ་སེམསོ་དཔའི་རྟོག་ཏུ་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྦྱིན་པ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པས་ཡོངསསུ་སྐྱོ་བ་མེད་པར་རྟག་ཏུ་རྒྱུན་མི་འཆད་པ ་ཁོ་ནར་དུས་ཐམས་ཅད་སྦྱིན་པར་བྱ་བའི་ཅི་བདོག་པ་སྦྱིན་པར་བྱེད་པའོ།། བྱང་ཆུབ་སེམས་དཔའི་ཁ་ན་མ་ཐོ་བ་མེད་པར་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ནི། འདི་ལྟ་སྟེ། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་ཀུན་ནས ་ཉོན་མོངས་པ་ཅན་གྱི་སྦྱིན་པ་སྦྱིན་པའི་ལེའུ་ལས་བསྟན་པ་གང་ཡིན་པའི་ཀུན་ནས་ཉོན་མོངས་པ་ཅན་དེ་སྤངས་ན། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྦྱིན་པ་སྦྱིན་པར་བྱེད། དེ་ལྟར་ན་བྱང ་ཆུབ་སེམས་དཔའ་ནི་འདི་ལྟ་སྟེ། སྦྱིན་པ་ལེགས་པར་སྦྱིན་པོར་བྱེད་པ་ཡིན།། སྦྱིན་པ་ལ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས ་ལེ་ཡང་ངེས་པར་བྱེད་པ་དང་། བྱང་བར་བྱེད་པ་དང་། རྟོག་པར་བྱེད་པ་དང་། ཁོ་ན་མ་ཐོ་བ་མེད་པ་རྣམ་པ་བཞི་པོ་འདི་དག་ཅི་རིགས་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་མཁས་པ་གང་ཞེ་ན། དེ་ནི་མདོར་བསྡུ ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་སྡང་བ་བསལ་བའི་ཐབས་ལ་མཁས་པ་དང་། ཐ་མལ་པ་རྣམས་འཇུག་པར་བྱ་བ་དང་། ཞུགས་པ་རྣམས་ཡོངསུ་སྨིན་པར་བྱ་བ་དང་། ཡོངསུ ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཐབས་ལ་མཁས་པ་དང་། འཇིག་རྟེན་པའི་བསྟན་བཅོས་ཐམས་ཅད་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་ལ་འཁྲུལ་པ་བྱུང་བ་ལ་རྟོག ་པ་ལ་མཁས་པ་དང་། ཡང་དག་པོའི་སྨོན་ལམ་ལ་མཁས་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་དང་། ཐེག་པ་ཆེན་པོ་ལ་མཁས་པ་སྟེ། མཁས་པ་འདི་དག་ཐཾད ་ཀྱང་སྔ་མ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་འདི་ཉིད་ཀྱི་རྣམ་པར་དབྱེ་བྱ་དེ་དང་དེ་དག་ལས་ཅི་རིགས་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་མཁས་པ་བཅུ་པོ་འདི་དག་ནི་བྱ་བ་ལྔ་བྱེད་པ་ཡིན་ཏེ། མཁས་པ་གོང་མ ་བཞིས་ནི་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་རང་གི་དོན་ལ་འཛུད།། འཇིག་རྟེན་པའི་བསྟན་བཅོས་ཐམས་ཅད་ལ་མཁས་པཱ་ནི་བྱང་ཆུབ་སེངས་པས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེདདོ།། བྱང་ཆུབ་སེམས་དཔའི་ཚུལ ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་འཁྲུལ་པ་བྱུང་བ་ལ་རྟོག་པ་ལ་མཁས་པས་ནི་བྱང་ཆུབ་སེམས་དཔས་ཉེས་པ་མི་འབྱུང་བའམ། ཉེས་པ་བྱུང་ན་ཡང་ཆོས་བཞིན་དུ་འཆོས་པར་བྱེད་ཅིང་། ཚུལ་ཁྲིམས ་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཤིན་ཏུ་ཡོངསུ་དག་པ་བསྲུང་བར་བྱེད།། ཡང་དག་པའི་སྨོན་ལམ་ལ་མཁས་པ་ནི། བྱང་ཆུབ་སེམས་དཔའ་ཕྱི་མ་ལ་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་བར་བྱེདའོ།། ཐེག་པ ་གསུམ་ལ་མཁས་པས་ནི་བྱང་ཆུབ་སེམས་དཔའ་རིགས་དང་། དབང་པོ་དང་། མོས་པ་ཇི་ལྟ་བྱ་རྣམས་ལ་དེ་དང་མཐུན་པོར་ཆོས་སྟོན་ཅིང་། འཚོམ་པ་དང་། རིགས་པར་སྟོན་ཏེ། དེ་ལྟར་ན་མཁས་པ་བཅུ་པོ་འདི་དག ་གིས་བྱང་ཆུབ་སེམས་དཔས་བྱ་བ་ལྔ་བྱེད། དེའི་བྱ་བ་ལྔ་པོ་དེ་དག་གིས་ཚེ་འདི་དང་ཚེ་ཕྱི་མའི་དོན་ལས་བརྩམས་ཏེ། བྱ་བ་ཐམས་ཅད་ཡོངསུ་རྫོགས་པར་འགྱུརརོ།། དེ་ལ་བྱང་ཆུབ་སེམས་དཔའི་གཞན་ལ་ཕན་འདོགས ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་བསྡུ་བའི་དངོས་པོ་བཞི་པོ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་རྣམས་ལ་བརྟེན་ནས་དེ་དག་ལས་སེམས་ཅན་ཁ ་ཅིག་ལ་ནི་ཕན་པ་ཉེ་བར་སྒྲུག་བདེ་བ་ཡང་ཉེ་བར་སྒྲུབ། ཕན་པ་དང་བདེ་བ་ཡིད་ཉེ་བར་སྒྲུབ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞོན་ལ་ཕན་འདོགས་པ་མདོར་བསྟན་པའོ།། རྒྱས་པར་བསྟན་པ་ནི་སྔ་མ་བཞིན ་དུ་འདི་ལྟ་སྟེ། བདག་དང་གཞན་གྱི་ལེའུ་ལས་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔེའི་ཡོངསུ་བསྔོ་བུ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ལས་ཀྱི་མཐའ་ལེགས་པར་བྱས་པ་དང་། མཁས་པ་དང་། གཞན་ལ ་ལ་ཕན་འདོགས་པའི་སྒོ་གསུམ་པོ་འདི་དག་གིས་འདས་པ་དང་། མོ་འོངས་པ་དང་། དེ་ལྟར་བྱུང་བའི་དགེ་བའི་རྩ་བ་གང་ཅི་ཡོང་བསགསོ་ཅོག་དེ་དག་ཐམས་ཅད་སྙིང་ཐག་པ་ནི་དད་པས་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ཡོངསུ་བསྔོ་བར་བྱེད་ཅིང་དགེ་བའི་རྩ་བ་དེའི་འབྲས་བུ་རྣམ་པར་སྨིན་པ་གཞན་མི་འདོད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོ་ན་འདོད་དོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་ཁྱིམ་པ་རྣམས་དང་། རབ་ཏུ་བྱུང་བ་རྣམས་ཀྱི་བསླབ་པའི་ཆོས་བསྟན་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ལས་ཀྱི་མཐའ་ལེགས་པར་བྱས་པ་དོང་མཁས་པ་དང་། གཞན་ལ་ཕན་འདོགས་པ་དང་། ཡོངསུ ་བསྔོ་བ་བཞི་པོ་འདི་དག་དུ་བསྡུ་བར་རིག་པར་བྱའོ།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་ལྟར་ལས་ཀྱི་མཐའ་ལེགས་པར་བྱས་པ་དང་། མཁས་པ་དང་། གཞན་ལ་ཕན་འདོགས་པ་ལ་ཞུགས་པ་དང་། ཡོངསུ་བསྔོ་བར་བྱེད་པ་ལ་ནི་འདི ་ལྟར་འཐོབ་པར་དཀའ་ཞིང་རྟོགས་པར་དཀའ་བའི་དཀའ་བའི་བྱང་ཆུབ་ཀྱང་ཉེ་བར་གྱུར་ཅིང་། ཡང་དག་པར་ཉེ་བར་གྱུར་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་གང་སུ་ཡང་རུང་བ་དེ་དག་ཐམས་ཅད་ཀྱིས་ཁྱིམ་པ་དང་། རབ་ཏུ ་བའི་ཕྱོགས་རྣམས་ལ་བསླབ་ནས། ཆོས་བཞི་པོ་དེ་དག་ཁོ་ནས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་ལས་གོང་ན་ཡང་མེདོ།། འདི་ལས་ལྷག་པ་ཡང་མེདོ།། དེ་ལྟར་ཆོས་བཞི་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་འམ། རབ ་ཏུ་བྱུང་བ་དག་ཡང་དག་པར་སྦྱོར་དུ་ཟིན་ཀྱང་། བྱང་ཆུབ་མེད་པ་བྱིས་པ་བས། བྱང་ཆུབས་དེ་རས་ཏུ་བྱུང་བ་ནི་ཤིན་ཏུ་བྱེ་བྲག་ཆེར་འཕགས་པ་དང་། ཤིན་ཏུ་ཁྱད་ཆེ་བར་རིག་པར་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཐོག་མ་ཁོ ་ནར་ཕ་མ་དང་། བུ་དང་། ཆུང་མ་ལ་སོགས་པོ་བུ་སྨད་ཡོངསུ་འཛིན་པའི་ཉེས་པ་ལས་ཡོངསུ་གྲོལ་བ་ཡིན་གྱི། ཁྱིམ་པ་ནི་ཡོངསུ་མ་གྲོལ་བར་རིག་པར་བྱའོ།། ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཡོངསུ་གཟུང ་པ་དེ་ཉིད་ཀྱི་དོན་དུ་ཞིང་ལས་དང་། ཉོ་ཚོང་དང་། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་སོགས་པས་ཉོན་མོངས་པ་དང་། རྣམ་པར་ཆགས་པའི་སྡུག་བསྔལ་བ་རྣམས་ལས་ཡོངསུ་གྲོལ་བ་ཡིན། ཁྱིམ ་པ་ནི་ཡོངསུ་མ་གྲོལ་བ་ཡིན་པར་རིག་པར་བྱའོ།། ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཚངས་པར་སྤྱོད་པ་ཅིག་ཏུ་ངེས་པར་ལུ་གུ་རྒྱུད་བཞིན་དུ་བརྟན་པར་སྒྱིད་ནུས་ཀྱི། བྱང་ཆུབ་སེམས་དཔའ་ཁྱིམ་པོས ་ནི་མི་ནུསོ།། ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་བྱང་ཆུབ་སེམས་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་མྱུར་བ་ཡིན་ཏེ། དགེ་བ་གྲང་དང་གང་རྩོམ་པ་དེ་ད་དེ་ཉིད་ལ། མྱུ་བ་མྱུར་བར་མཐར ་ཕྱིན་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་དེ་ལྟ་མ་ཡིན།། ཡང་བྱང་ཆུབ་སེམས་དཔའ་རག་ཏུ་བྱུང་བ་ནི་བརྟུལ་ཞུགས་ངེས་པར་གནས་པའི་ཕྱིར། གཞན་དག་ལ་ཚིག་བཙུན་པ་ཡིན་གྱི། བྱང་ཆུབ ་སེམས་དཔའ་ཁྱིམ་པོ་ནི་དེ་ལྟ་མུ་ཡི་ནོ།། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་གཉིས་ནི་དེ་ལྟ་བུ་དང་མཐུན་པའི་ཆོས་རྣམས་ཀྱིས་ཤིན་ཏུ་ཁྱོད་ཆེ་བར་ཞུགས་པར་རིག་པར་བྱའོ།། བྱང་ཆུབ་སེམས ་དཔའི་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས་ཕྱོགས་ཀྱི་ལེའུ་སྟེ་གཉིས་པའོ།། །། བམ་པོ་བཅུ་བདུན་པོ། སྡོམ་ནི། ་སེམས་ཅན་རྣམས་ལ་བློ་ལྡན་གྱི།། མཉེས་གཤིན་པ་ནི་རྣམ་བདུན་དང་།། དེ་དག་བསམ་པ་བཅོ་ལྔ་སྟེ།། བྱ་བ་བཅུ་ནི་བྱེད་པར་བསྟན།། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉེས་གཤིན་པ་རྣམ་པ ་བདུན་འབྱུང་སྟེ། མཉེས་གཤིན་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་བའི་བས་མོ་པ་ཅན་མཆོག་ཏུ་དགེ་བའི་བསམ་པ་ཅན་ཞེས་བྱའོ།། མཉེས་གཤིན་པ་རྣམ་པ་བདུན་གང་ཞེ་ན། འཇིགས་པ ་མེད་པ་དང་། རིགས་པ་དང་།། མི་སྐྱོ་བ་དང་། གསོལ་བ་མ་བཏབ་པ་དང་། ཟང་ཟིང་མེད་པ་དང་། རྒྱ་ཆེ་བ་དང་། མཉམ་པའོ།། བྱང་ཆུབ་སེམས་དཔའ་ནི་སུཾ་ལ་ཡང་འཇིགས་པའི་ཕྱིར། མཉེས་གཤིན་པར་བྱེད་པ་མ ་ཡིན་ཏེ། མཐུན་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཡི་དུ་འོང་ཞིང་ཕན་པ་དང་། བདེ་བ་དང་ལྡན་པ་ཀུན་ཏུ་སྤྱོད་པར་བྱེད་ཀྱི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་རིགས་པ་མ་ཡིན་པས་བསྐྱེད་པའི་མཉེས ་གཤིན་པ་འདི་ལྟ་སྟེ། ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་དང་། ཚོགས་པར་ཀུན་ཏུ་སྤྱོད་པར་མི་འོངས་པ། གནས་མ་ཡིན་པ་ལ་འཛུད་པའི་ཕྱིར་འབྱུང་བ་མ་ཡིནོ།། བྱང་ཆུབ་སེམས་དཔའོ་ནི་ཅི་ནས་དྲི ་དག་གི་དོན་ལ་བརྩམས་པ་ཐམས་ཅད་ཀྱིས་ཡོངསུ་མི་སྐྱོ་བར་དེ་ལྟར་སེམས་ཅན་རྣམས་ལ་མ་ཉིས་གཤིན་པ་ཡིནོ།། བྱང་ཆུབ་སེམས་དཔའ་ནི་གསོལ་བ་མ་བཏབ་པར་སེམས་ཅན་རྣམས་ལ་མཉེས་གཤིན ་པ་ཡིན་གྱི། ལཱ་ལ་ཞིག་གིས་གསོལ་བ་བཏབ་པ་ནི་མ་ཡིནོ།། ཟང་ཟིང་མེད་པའི་སེམས་ཀྱིས་མཉེས་གཤིན་པ་ཡིན་གྱི། གཞན་ལས་ལན་དུ་ཕན་འདོགས་པ་རེ་བ་འམ། ཚེ་ཕྱི་མཱ་ལ ་སྡུག་པའི་རྣམ་པར་སྨིན་པ་ལ་རེ་བའི་ཕྱིར་ནི་མ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་རྒྱུ་མེད་པར་མཉེས་གཤིན་པ་ཡིནོ།། བྱང་ཆུབ་སེམས་དཔའི་མཉེས་གཤིན་པ་དེ་ནི་རྒྱ་ཆེ་བོ་ཡིན་ཏེ། ་ཆུང་བ་མ་ཡིནོ།། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དེ་དག་ལས་ཇི་ལྟར་གནོད་པ་བྱེད་པའི་རྣམ་པ་ཐམས་ཅད་དང་ཕྲད་ཀྱང་སྤོང་བར་མི་བྱེད། བདག་ཉིད་ལ་དགའ་མགུར་མི་སྡུག་པར་བྱེད་ཀྱང་སྲིད་ཀྱི། གཞན་དག ་ལ་ནི་རྣམ་གྲངས་གང་གིས་ཀྱང་སྡིག་པར་བྱེད་པར་མི་འདོད། དེ་ལྟར་རྒྱ་ཆེ་བ་ཡིནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉེས་གཤིན་པ་དེ་ལྟ་བུའི་མཚན་ཉིད་དང་། དེ་ལྟ་བུའི་ཡིན་ཏན་དང་ལྡན་པ་དེ་ནི་སེམས་ཅན་ཐད ་ཁོ་ན་ལ་མཚུངས་མཉམ་པ་ཡིན་གྱི། སེམས་ཅན་གྱི་ཁམས་ལ་ཉི་ཚེ་བའི་ནི་མ་ཡིན་ཏེ། དེ་ལྟར་ན་མཉེས་གཤིན་པ་རྣམ་པ་བདུན་པོ་དེ་དག་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་བའི་བསམ་པ་ཅན ་མཆོག་ཏུ་དགེ་བའི་བསམ་པ་ཅན་ཞེས་བྱའོ།། དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་མོས་པ་དང་། སོ་སོར་རྟོག་པ་དང་། ངེས་པར་བྱེད་པ་དང་། དད་པ་སྔོན་དུ་འགྲོ་བ་དང་། ཆོས་རྣམ་པར་བྱེད་པ་སྔོན་དུ་འགྲོ་བ་གང ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་ལྷག་པའི་བསམ་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་བཅོ་ལྟར་རིག་པར་བྱ་སྟེ། བཅོ་ལྔ་གང་ཞེ་ན། མཆོག་གི་བསམ་པ་དང་། ་ཚུལ་ཁྲིམས་ཀྱི་བསམ་པ་དང་། ཕ་རོལ་ཏུ་ཕྱིན་པའི་བསམ་པ་དང་། དེ་ཁོ་ནའི་དོན་གྱི་བསམ་པ་དང་། མཐུའི་བསམ་པ་དང་། ཕན་པའི་བསམ་པ་དང་། བདེ་བའི་བསམ་པ་དང་། ལྷག་པའི་བསམ་པ་དང་། བསྟན་པའི ་བསམ་པ་དང་། མི་སླུ་བའི་བསམ་པ་དང་། མ་དག་པའི་བསམ་པ་དང་། དག་པའི་བསམ་པ་དང་། ཤིན་ཏུ་དག་པའི་བསམ་པ་དང་། ཚྭར་བཅད་པའི་བསམ་པ་དང་། ལྷན་ཅིག་སྐྱེས་པའི་བསམ་པའོ།། དེ་ལ་སངས་རྒྱས་དང་། ་ཆོས་དང་། དགེ་འདུན་དཀོན་མཆོག་རྣམས་ལ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་གང་ཡིན་པ་ད་ནི་མཆོག་གི་བསམ་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་བསམ་པ་ཞེས་བྱའོ།། སྦྱིན་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཡང་དག་པོར་འགྲུབ་པར་བྱ་བའི་ལྷག་པའི་བསམ ་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་བསམ་པ་ཞེས་བྱའོ།། ཆོས་དང་གང་ཟག་ལ་བདག་མེད་པ་དོན་དམ་པ་ཆོས་ཀྱི་དེ་བཞིན་ཉིད་ཟབ་མོ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་དོན་གྱི་བསམ་པ་ཞེས་བྱའོ།། ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་མཐུ་འམ། ལྷན་ཅིག་སྐྱེས་པའི་མཐུ་བསམ་གྱིས་མི་ཁྱབ་པ་ལ་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མཐུའི་བསམ་པ་ཞེས ་བྱའོ།། སེམས་ཅན་རྣམས་ལ་དགེ་བ་ཉེ་བར་སྒྲུབ་པར་འདོད་པ་ནི་ཕན་པའི་བསམ་པ་ཞེས་བྱའོ།། སེམས་ཅན་རྣམས་ལ་ཕན་གདགས་པ་ཉེ་བར་སྒྲུབ་པར་འདོད་པ་ནི་བདེ་བའི་བསམ་པ་ཞེས་བྱའོ།། སེམས་ཅན་རྣམས ་ལ་ཟང་ཟིང་མེད་པའི་སེམས་དང་སྡུག་པའི་རྣམ་པར་སྨིན་པ་དང་འབྲེལ་པ་མེད་པའི་སེམས་ནི་ལྷུག་པའི་བསམ་པ་ཞེས་བྱའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་གཅིག་ཏུ་ངེས་པ་ནི་བསྟན་པའི ་བསམ་པ་ཞེས་བྱའོ།། སེམས་ཅན་གྱི་དོན་གྱི་ཐབས་དང་། བྱང་ཆུབ་ཀྱི་ཐབས་ལ་ཕྱིན་ཅི་མ་ལོག་པའི་ཤེས་པ་དང་ལྡན་པའི་མོས་པ་ནི་མི་སླུ་བའི་བསམ་པ་ཞེས་བྱའོ།། མོས་པས་སྤྱོད་པའི་ས་ཐམས་ཅད་ལ་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་མ་དག་པའི་བསམ་པ་ཞེས་བྱའོ།། བསམ་པ་དག་པའི་ས་ནས་བཟུང་སྟེ། སྤྱོད་པ་ངེས་པའི་སའི་བོར་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པོའི་བསམ ་པ་ནི་དག་པའི་བསམ་པ་ཞེས་བྱའོ།། མཐར་ཐུག་པར་འགྲོ་བའི་ས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ནི་ཤིན་ཏུ་དག་པའི་བསམ་པ་ཞེས་བྱའོ།། དེ་ལ་མ་དག་པའི་ལྷག་པའི་བསམ་པ་གང ་ཡིན་པ་དེ་ཉིད་ནི་ཚར་བཅད་པ་ཞེས་བྱ་སྟེ། སོ་སོར་བརྟག་པར་བྱ་བ་ཡིན་པའི་ཕྱིརརོ།། དག་པ་དང་ཤིན་ཏུ་དག་པའི་ལྷག་པའི་བསམ་པ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་བསམ་པ་ཞེས་བྱ་སྟེ། རང་བཞིན་གྱིས་དེའི ་བདག་ཉིད་དུ་གྱུར་པ་དང་། རྟེན་ལ་ཤིན་ཏུ་གནས་པའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་རྣམས་ནི་མདོར་བསྡུ་ན་ལྷག་པའི་བསམ་པ་དག་པས་ཐམས་ཅ་དུ་གཏོགས་པ་བཅོ་ལྔ་པོ་འདི་དག་གིས་བྱ་བ་བཅུ་བྱེད། བཅུ་གང་ཞེ་ན། ་མཆོག་གི་བསམ་པས་ནི་དཀོན་མཆོག་ལ་མཆོད་པོ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་རྣམ་པ་ཐམས་ཅད་ལ་སྦྱོར་བར་བྱེད།། ཚུལ་ཁྲིམས་ཀྱི་བསམ་པས་ནི་བྱང་ཆུབོ་སེམས་དཔའི་ཚུལ་ཁྲིམས ་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་སྲོག་གི་ཕྱིར་ཡང་བསམ་བཞིན་དུ་ཉེས་པ་འབྱུང་བར་མི་བྱེད་ལ། ཉེས་པ་བྱུང་ན་ཡང་མྱུར་པོ་མྱུར་བ་སོ་སོར་འཆགས་པར་བྱེད།། ཕ་རོལ་ཏུ་ཕྱིན་པའི་བསམ་པས་ནི་དགེ་བའི ་ཆོས་རྣམས་བསྒོམ་པ་རྟག་ཏུ་བྱེད་པས་བག་ཡོད་པར་གནས་ཤིང་མཆོག་ཏུ་བག་ཡོད་པར་གནས་པར་བྱེད།། དེ་ཁོ་ནའི་དོན་གྱི་ལྷག་པའི་བསམ་པས་ནི་སེམས་ཅན་གྱི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི ་སེམས་ཀྱིས་འཁོར་བ་ན་འཁོར་བར་ཡང་བྱེད་ལ། མྱ་ངན་ལས་འདས་པའི་ལྷག་པའི་བསམ་པ་མི་གཏོང་བར་ཡང་བྱེད།། མཐུའི་ལྷག་པའི་བསམ་པས་ནི་བསྟན་པ་ལ་སྙིང་ཐག་པ་ནས་དད་ཅིང་སྟོན་པར་ཡང་བྱེད ་ལ། སྒོམ་པ་ལ་ཡང་གཅེས་པར་འཛིན་ཏེ། འདོད་པ་སྐྱེས་པས་ཤས་ཆེར་གནས་ལ། ཐོས་པ་དང་། བསམ་པ་ཙམ་གྱིས་མཆོག་པར་མི་འཛིན་ཏོ།། ཕན་པའི་བསམ་པ་དང་། བདེ་བའི་བསམ་པ་དང་། ་ལྐུག་པའི་བསམ་པས་ནི་སེམས་ཅན་གྱི་དོན་བྱ་བའི་རྣམ་པ་ཐམས་ཅད་ལོས་སྦྱོར་བར་བྱེད། སྦྱོར་བ་བྱས་ནས་ཀྱང་ཡོངསུ་མི་སྐྱོའོ།། བསྟན་པའི་ལྷག་པའི་བསམ་པས་ནི། བརྩོན་འགྲུས་འབར་བ་དང་། བརྩོན་འགྲུས ་རྒྱ་ཆེན་པོ་ཡང་དག་པར་རྩོམ་པར་གནས་ཏེ། སྦྱོར་བ་ལྷོད་པར་མི་འགྱུར་ཞིང་། སྦྱོར་བ་ཉམོས་པོར་མི་འགྱུརརོ།། མི་སླུ་བའི་ལྷག་པོའི་བསམ་པས་ནི་དགེ་བའི་ཆོས་མངོན་པར་སྒྲུབ་པ་དེ་དང་དེ་དག་ལ་མངོན་པར་ཤེས་པ ་མྱུར་བར་འགྱུར་ཏེ། ཁྱད་པར་ཐོབ་པ་དམའ་བ་དང་། ཆུ་ངུ་ཙམྱ་དང་། ངན་ངོན་ཙམ་གྱིས་ཆོག་པར་མི་འཛིན་ཏོ།། ཚར་བཅད་པའི་ལྷག་པའི་བསམ་པས་ནི། ལྷན་ཅིག་སྐྱེས་པའི་ལྷག་པའི་བསམ་པ་འདྲེན་ཏོ།། ལྷན ་ཅིག་སྐྱེས་པའི་ལྷག་པའི་བསམ་པས་ནི་ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད།། དེ་ལ་བཅོམ་ལྡན ་འདས་ཀྱིས་སྐབས་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་བསྟན་པ་དང་། བརྟགས་པ་དང་། བཤད་པ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི་ལྷག་པའི་བསམ་པ་བཅོ་ལྔ་པོ་འདི་དག་གིས ་བསྡུས་པར་རིག་པར་བྱའོ།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་དག་ལྷག་པའི་བསམ་པ་དགེ་བ་རྣམས་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་ཐམས་ཅད་ནི་ལྷག་པའི་བསམ་པ་བཅོ་ལྔ་པོ་འདི་དག་ཁོ་ན་ཏེ། ་ལས་གོང་ན་ཡང་མ་།། འདི་ལས་ལྐུག་པ་ཡང་མེ་།། ད་ལྟར་ན་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་བཅོ་ལྔ་པོ་འདི་དག་ནི་བྱང་ཆུབ་ཆེན་པོའི་འབྲས་བུའི་ཕན་ཡོན་ཅན་ཡིན་ཏེ། དེ་ལྟ་བས་ན་བྱང་ཆུབ ་སེམས་དཔའ་དེ་དག་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས། ལྷག་པའི་བསམ ་པའི་ལེའུ་སྟེ་གསུམ་པའོ།། །། སྡོམ་ནི། རིགས་དང་དེ་བཞིན་མོས་པ་དང་།། རབ་ཏུ་དགའ་དང་ལྷག་ཁྲིམས་དང་།། ལྷག་པའི་སེམས་དད་ཤེས་རབ་གསུ།། ་མཚན་མ་མེད་པ་རྣམ་པ་གཉིས།། རྩོལ་དང་བཅས་དང་ལྷུན་གྱི་གྲུབ།། སོ་སོ་ཡང་དག་རིག་དང་མཆོག། དེ་བཞིན་གཤེགས་པའི་གནས་པ་མཆོག་དེ་ལྟར་རིགས་ཕུན་སུམ་ཚོགས་པ་ནས་བཟུང་སྟེ། ཇི་སྐད་དུ་བསྟན ་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་ཅིང་ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་རྟགས་རྣམས་ལ་ཡང་དག་པར་སྣང་བ་དང་། བྱང་ཆུབ་སེམས་དཔའི་ཕྱོགས་ཀྱི་སྦྱོར་བ་རྣམས་ལ་ཡང་དག ་པར་ཞུགས་པ་དང་། ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྣམ་པར་སྦྱོར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་གནས་པ་ནི་མདོར་བསྡུ་ན་བཅུ་གཉིས་ཡོད། བྱང་ཆུབ ་སེམས་དཔའི་གནས་པ་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུས་པརི་རོག་པར་བྱའོ།། བཅུ་གསུམ་པ་ནི་དེ་བཞིན་གཤེགས་པའི་གནས་པ་སྟེ། དེ་ནི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ ་པ་དེའི་གནས་པ་བླ་ན་མེད་པའོ།། དེ་ལོ་བྱང་ཆུབ་སེམས་དཔའི་གནས་པ་བཅུ་གཉིས་གང་ཞེ་ན། རིགས་ལ་གནས་པ་དང་། མོས་པས་སྤྱོད་པ་ལ་གནས་པ་དང་། རབ་ཏུ་དགའ་བ་ལ་གནས་པ་དང་། ལྷག་པའི་ཚུལ ་ཁྲིམས་ལ་གནས་པ་དང་། ལྷའི་སེམས་ལ་གནས་པ་དང་། ལྷག་པའི་ཤེས་རབ་ལ་གནས་པ་གསུམ་པོ་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པོ་དང་། བདེ་བ་དང་ལྡན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ ་དང་། ལྡོག་པ་དང་ལྡན་པའོ།། དེ་ལྟར་བྱང་ཆུབ་སེམས་དཔས་གང་གིས་དེ་ལྟར་མཐོང་བ་དང་། དེ་ཁོ་ན་གང་མཐོང་བ་དང་། དེ་ཁོ་ན་དེ་མ་ཤེས་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཇི་ལྟར་འཇུག་པ་དང་། ཤེས་པས ་སྡུག་བསྔལ་མི་འཇུག་པ་དེ་ནི་སྒོ་གསུམ་ནས་ཤེས་རབ་ཀྱིས་རྣམ་པར་དཔྱོད་པའི་བྱང་ཆུབ་སེམས་དཔའི་ལྷག་པའི་ཤེས་རབ་ལ་གནས་པ་རྣམ་པ་གསུམ་ཡིན་པ་དང་། མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད ་པྲི་དང་བཅས་ཤིང་རྩོལ་བ་དང་བཅས་པ་ལ་རྒྱུན་ཆགས་ཀྱི་ལམ་ལ་འཇུག་པ་དང་། མཚན་མ་མེད་པ་ལ་གནས་པ་ཉིད་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པའི་ལམ་ལ་འཇུག་པ་དང་། སོ་སོ་ཡང་དག་པར ་རིག་པ་ལ་གནས་པ་དང་། བྱང་ཆུབ་སེམས་དཔའི་གནས་པ་མཆོག་ཡོངསུ་གྲུབ་པ་སྟེ། བཅུ་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་གནས་པ་ཡིནོ།། དེ་རྣམས་ཀྱིས་དེ་དག་གི་གན ་པ་ཐམས་ཅད་བསྡུས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུསོ།། དེ་བཞིན་གཤེགས་པའི་གནས་པ་ནི་བྱང་ཆུབ་སེམས་དཔའི་གནས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་གང་ཡིན་པ་སྟེ། བྱང ་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་གནས་པ་ཡིན།། དེ་ལ་དེ་བཞིན་གཤེགས་པའི་གནས་པ་ཐ་མ་ནི་རབ་ཏུ་གནས་པའི་རྣལ་འབྱོར་གྱི་གནས་ཐ་མ་ལས་རིལ་གྱིས་སྟོན་ཏོ།། བྱང་ཆུབ་སེམས་དཔའ་གནསོ་བཅུ ་གཉིས་ནི་ཇི་ལྟར་རྣམ་པར་གནས་པ་དེ་བཞིན་དུ་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ནི་གང་ཡིན། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ནི་ཇི་ལྟར་གནས་ཤེ་ན། འདི་ལ་བྱང་ཆུབ་སེའི ་རིགས་ལ་གནས་པ་ནི་རང་བཞིན་གྱིས་སེམས་ཀྱི་རྒྱུད་དགེ་བའི་ཕྱིར་རང་བཞིན་གྱིས་བྱང་ཆུབ་སེམས་དཔའི་ཡོན་ཏན་བྱང་ཆུབ་སེམས་དཔའ་ལ་འོས་པའི་དགེ་བའི་ཆོས་རྣམས་དང་ལྡན་པ་ཡིན་ཏེ། དེ་ཡང ་དདག་པར་སྤྱོད་པ་ལ་ཡང་དག་པར་སྣང་ལ། རང་བཞིན་གྱིས་དགེ་བ་ཁོ་ན་རང་གིས་དགེ་བ་དྲི་ལ་འཇུག་གི་སོ་སོར་བརྟགས་ཏེ། གགས་དང་བཅས་པར་གྱུར་པ་ནི་མ་ཡིནོ།། རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས ་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོནི་འཛིན་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ཐམས་ཅད་དེའི་ལུས་ལ་གནས་ཤིང་རྟེན་ལ་གནས་པར་ཡིད།། རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དྲི་མ་རགས ་པ་དང་བྲལ་བ་ཡིན་ཏེ། དེ་ནི་ཀུན་ནས་དཀྲིས་པ་གང་གིས་ཀུན་ནས་དཀྲིས་ན་མཚམས་མེད་པ་གང་ཡང་རུང་བའི་ལས་ཀུན་ཏུ་སྤྱོད་པར་འགྱུར་བ་འམ། དགེ་བའི་རྩ་བ་རྒྱུན་ཆད་པར་འགྱུར་བ་དེ་ལྟ་བུའི་ཉོན་མོངས་པའི་ཀུན ་ནས་དཀྲིས་པར་མངོན་དུ་བྱེད་པའི་ཆ་མ་ཡིནོ།། རིགས་ཀྱི་ལེའུ་ལས་རིགས་ལ་གནས་པའི་བྱ་བ་བསྟན་པ་གང་ཡིན་པ་དྲི་ཡང་རྒྱས་པར་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་སྟེ། འདི་ནི་བྱང ་སེམས་དཔའི་རིགས་ལ་གནས་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་མོས་པས་སྨོད་པ་ལ་གནས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། ལྷག་པའི་བསམ་པ ་མ་དག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཅི་ཡང་རུང་བ་དེ་ནི་དེའི་མོས་པ་སྤྱོད་པ་ལ་གནས་པ་ཞེས་བྱའོ།། དེ་ལ་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དེ་ལས་གཞན་པ་བྱང་ཆུབ་སེམས་དཔའི་གནས་པ ་བཅུ་གཅིག་པོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་གནས་པའི་རྒྱུ་ཙམ་ལོ་འཇུག་ཅིང་། རྒྱུ་ཡོངསུ་འཛིན་པར་ཟད་ཀྱི། དེས་བྱང་ཆུབ་སེ་མོས་དཔའི་གནས་པ་གཞན་ཅི་ཡང་བརྩམས་པ་ཡང་མེད། ཐོབ་པ་ཡང་མེད། ་སྦྱངས་པ་ཡང་མེད། དེ་བཞིན་གཤེགས་པའི་གནས་པ་ལྟ་ཅི་སྨོས། མོས་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་དང་། དེ་བཞིན་གཤེགས་པའི་གནས་པ་ཡང་བརྩམས ་པོ་ཡིན་ཏེ། ཐོབ་པ་ནི་མ་ཡིན་ཞིང་རྣམ་པར་སྦྱངས་པ་ཡང་མ་ཡིན།། མོས་པ་སྤྱོད་པ་ལ་གནས་པ་དེ་ཉིད་ནི་ཐོབ་པ་ཡིན་ཏེ། དེ་ཉིད་རྣམ་པར་སྦྱངས་པ་ལ་ཞུགསོ།། མོས་པས་སྤྱོད་པ་ལ་གནས་པ་ཡོངསུ་དག་ན། རབ་ཏུ ་དགའ་བ་ལ་གནས་པ་སྔོན་དུ་བརྩམས་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ཉིད་རྣམ་པར་སྦྱངས་པ་ལ་ཡང་ཞུགསོ།། རབ་ཏུ་དགའ་བྱ་ལ་གནས་པ་ཡོངསུ་དག་ན། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་སྔོན་བརྩམས་པ་ཉིད་ཐོབ ་པར་འགྱུར་ཏེ། དེ་ཉིད་རྣམ་པར་སྦྱངས་པ་ལ་ཡང་ཞུགསོ།། དེ་བཞིན་དུ་རྒྱས་པར་བྱང་ཆུབ་སེམས་དཔའི་གནས་པ་མཆོག་ཡོངསུ་གྲུབ་པའི་བར་དུ་ཡང་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་གནས་པ་མཆོག་ཡོངསུ་གྲུབ ་པ་ཡོངསུ་དག་ན། དེ་མ་ཐག་ཏུ་སྔོན་བརྩམས་པའི་དེ་བཞིན་གཤེགས་པའི་གནས་པ་གཅིག་ཅར་དུ་འཐོབ་ཅིང་། རྣམ་པར་དག་པར་ཡང་རིག་པར་བྱའོ།། འདི་ནི་དེ་བཞིན་གཤེགས་པའི་གནས་པ་དང ་བྱང་ཆུབ་སེམས་དཔའི་གནས་པ་རྣམས་ཀྱི་ཁྱད་པར་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་རབ་ཏུ་དགའ་བ་ལྔ་གནས་པ་གང་ཞེ་ན། ལྷག་པའི་བསམ་པོ་དག་པའི་བྱང་ཆུབ་སེམས་དཔའི་གནས་པ་གང ་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་ལྷོག་པའི་ཚུལ་ཁྲིམས་ལྔ་གནས་པ་གང་ཞེ་ན། ལྷག་པའི་བསམ་པ་དག་པའི་གཞིས་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པའི་གན་པ་གང་ཡིན་པའོ།། དེ་ལ་བྱང་ཆུབ་སེམས ་དཔའི་ལྷག་པའི་སེམས་ལ་གནས་པ་གང་ཞེ་ན། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་རྣམ་པར་དག་པའི་གཞི་དག་གིས་འཇིག་རྟེན་པའི་བཱས་མ་གཏན་དང་། ཏིངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱིས་གནས ་པ་གང་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། འཇིག་རྟེན་པའི་ཤེས་པ་རྣམ་པར་དག་པའི་གན་སུ་གྱུར་པའི་ཏི་ངེ་འཛིན་ལ་བརྟེན་ནས། ་དེན་པ་རྟོགས་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱེད་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པའི་གནས་པ་གང་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི ་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་ཇི་ལྟ་བ་བཞིན་དུ་བདེན་པ་རྟོགས་པའི་གནས་པ་གང་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའི ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་དང་། ལྡོག་པ་དང་ལྡན་པོའི་ལྷག་པའི་ཤེས་རབ་ལ་གནས་པ་གང་ཞེ་ན། བདེན་པ་རྟོགས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། དེ་མ་ཤེས་པས་སྡུག་བསྔལ་འབྱུང་བ་རྒྱུ་དང་བཅས་པར ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བས་དང་། དེ་ཤེས་པ་སྟེ་སྡུག་བསྔལ་རྒྱུ་དང་བཅས་པ་འགོག་པ་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་བའི་གནས་པ་གང་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་བླ་རྩོལ་བ་དང་བཅས་པ་གང་ཞེ་ན། ལྷག་པའི་ཤེས་རབ་ལ་གནས་པ་རྣམ་པ་དེ་གསུམ་གྱི་དབང་དུ་བྱས་ནས། མངོན་པར་འདུ་བྱེད་པ་དང་རྩོལ་བས་རྒྱུན་ཆགསུ ་བར་ཆད་མེད་པར་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཤེས་རབ་སྒོམ་པ་དང་ལྡན་པའི་གནས་པ་གང་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔེའི་རྣམས་ཀྱི་མཚན་མ་མེད་པ་ལ་གནས་པ་མངོན་པར ་འདུ་བྱེད་པ་མེད་ཅིང་། ལྷུན་གྱིས་གྲུབ་པ་གང་ཞེ་ན། མཚན་མ་མེད་པ་ལ་གནས་པ་སྔ་མ་དེ་ཉིད་ཤེས་ཆེར་བསྒོམས་པས། རང་གི་རང་ཉིད་ཀྱིས་རྒྱུན་ཆགསུ་བར་ཆད་མེད་པར་འཇུག་པའི་ལམ་དང་ལྡན་པའི་གནས་པ ་གང་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་གང་ཞེ་ན། ཤེས་རབ་དང་ལྡན་པའི་ཏིངེ་འཛིན་ཡོངསུ་དག་ཅིང་མི་གཡོ་བ་དེ་ཉིད་ལ་བརྟེན་ནས ་བློ་གྲོས་ཆེན་པོ་རྒྱུ་ཆེ་བརྗེ་སུ་ཐོབ་སྟེ། གཞན་དག་ལ་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ལས་བརྩམས་ནས་ཆོས་རྣམས་ཀྱི་རྣམ་གྲངས་དང་། དོན་དང་། ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པའི་གནས ་པ་གང་ཡིན་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་གནས་པ་མཆོག་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་ལ་གནས་ནས། བྱང་ཆུབ་སེམས་དཔའི་ལམ་གྱི་མཐར་ཐུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ཆོས་ཀྱི་དབང་སྐུར་བ་ཆེན་པོ་ཐོབ་པ་སྐྱེ་བ་གཅིག་གིས་ཐོགས་པ་འམ། ཡང་ན་སྲིད་པ་ཐ་མ་པ་ཡིན་ཏེ། གནས་པ་རོའི་མཇུག་ཐོགསུ་བར་ཆད་མེད་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛ་དོ།། དེ་ལ་མོས་པ་སྤྱོད་པ་ལ་གནས་པ་ལ་ནི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་བསྒོམ་པ་ལྔ་ཆུ་ངུར་བྱེད་པ་དང་། ་རྒྱུན་ཆགས་མ་ཡིན་པར་བྱེད་པ་དང་། ངེས་པར་མི་བྱེད་པ་དང་། ཐོབ་པ་ལས་ཀྱང་ཡོངསུ་ཉམས་པར་འགྱུརརོ།། རབ་ཏུ་དགའ་བ་ལ་གནས་པ་ནི། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྒོམ་པོ་དེ་ཉིད་ལ་རྒྱ ་ཆེར་བྱེད་པ་དང་། རྒྱུན་ཆགསུ་བྱེད་པ་དང་། རྒྱུན་ངེས་པར་བྱེད་པ་དང་། ཇི་ལྟར་ཐོབ་པ་ལས་ཡོང་སུ་ཉམས་པར་མི་འགྱུར་རོ།། རབ་ཏུ་དགའ་བ་ལ་གནས་པ་ལ་ཇི་ལྟ་བ་བཞིན་དུ་ལྷག་པའི་ཤེས་རབ་ལ་གནས་པ་གསུཾ ་ར་དུ་ཡང་དེ་དང་འདྲའོ།། མཚན་མ་མེད་པ་ལ་གནས་པ་དང་པོ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའི་གནས་པ་མཆོག་གི་བར་དུ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྒོམ་པ་ལ་ཚད་མེད་པར་བྱེད་པ ་དང་། རྒྱུན་ཆགསུ་བྱེད་པ་དང་། ངེས་པར་བྱེད་པ་ཡིནོ།། དེ་ལ་མོས་པས་སྤྱོད་པ་ལ་གནས་པ་ལ་ནི་བྱང་ཆུབ་སེམས་དཔའི་མཚན་མ་མང་པོ་བསྒོམ་པ་ཡང་དག་པོར་བརྩོམ་པར་རིག་པར་བྱའོ།། རབ་ཏུ་དགའ་བ་ལོ ་གནས་པ་དང་། ལྷག་པའི་ཚུལ་ཁྲིམས་དདོང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ལ་གནས་པ་རྣམས་ལ་ནི་བྱང་ཆུབ་སེམས་དཔའི་མཚན་མ་མེད་པ་བསྒོམ་པ་དེ་འཐོབ་པར་རིག་པར་བྱའོ།། མཚན་མ ་མེད་པ་ལ་གནས་པ་དང་པོ་ལ་ནི་ཡང་དག་པར་འགྲུའོ།། མཚན་མ་མང་པཱ་ལ་གནས་པ་གཉིས་པ་ལ་ནི་བྱང་ཆུབ་སེམས་དཔའི་མཚན་མ་མེད་པ་སྒོམ་པ་ཡོངས་སུ་དག་པར་རིག་པར་བྱའོ།། སོ་སོ་ཡང་དག་པར ་རིག་པ་ལ་གནས་པ་དང་། གནས་པ་མཆོག་ལ་ནི་བྱང་ཆུབ་སེམས་དཔའི་མཚན་མ་མེད་པའི་བསྒོམ་ལ་དེ་ཉིད་ཀྱི་འབྲས་བུ་སོ་སོར་མྱོང་བར་རིག་པར་བྱའོ།། མོས་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས ་དཔའི་རྣམ་པ་ནི་གང་དགྲ་ཡིན། རྟགས་ནི་གླང་དགྲ་ཡིན། མཚན་མ་ནརི་གང་དག་ཡིན་ཞེ་ན། མོས་པས་སྤྱོད་པ་ལཱ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོར་རྟོག་པའི་སྟོབས་ཅན་ཡིན་ཏེ། ་བྱང་ཆུབ་སེམས་དཔའི་བྱ་བའི་སྦྱོར་བ་དྲུག་ལྔ་སོ་སོར་བརྟགས་ཤིང་སོ་སོར་བརྟགས་ཤིང་ཤེས་རབ་ཀྱིས་སྦྱོར་བར་བྱེད་ཀྱི། རང་བཞིན་གྱིས་དེའི་བདག་ཉིད་དུ་གྱུར་པས་བྱང་ཆུབ་སེམས་དཔའ་སྒོམ་པ་མི་འགྱུར་པ་དང་། ་བརྟན་པ་དང་། ཕྱིར་མི་ལྡོག་པ་ཐོབ་པ་ནི་མ་ཡིནོ།། བསྒོམ་པ་ཇི་ལྟ་བ་བཞིན་དུཀཾབསྒོམ་པའི་འབྲས་བུ་སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་དང་། སྙོམས་པར་འཇུག ་བ་རྣམ་པ་སྣ་ཚོགྲོས་ཀྱང་དེ་དང་འདྲའོ།། འཇིགས་པ་རྣམ་པ་ལྔ་པོ་འཚེ་བ་མེད་པའི་འཇིགས་པ་དང་། ཚིག་སུ་བཅད་པ་མེད་པའི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་། ངན་འགྲོའི་འཇིག་པ་དང་། འཁོར་བའི་ནང་དུ ་བག་ཚ་བའི་འཇིགས་པ་རྣམས་ལས་ཀྱང་འདས་པ་མ་ཡིན།། སེམས་ཅན་གྱི་དོན་རྣམས་ལས་ཀྱང་སོ་སོར་བརྟགས་ཏེ། སྦྱོར་གྱི་རང་བཞིན་གྱིས་སྙིང་བརྩེ་ཞིང་བྱམས་པས་ནི་མ་ཡི་ནོ།། ཆེད་འགའ་ནི་སེམས་ཅན་རྣམས ་ལ་ལུས་དང་། ངག་དང་། ཡིད་ཀྱིས་ལོག་པར་བསྒྲུའོ།། ཆེད་འགའ་ནི་ཡུལ་རྣམས་ལ་ཡང་ལྷག་པར་ཞེན་པར་འགྱུརརོ།། ཚོད་འགའ་ནི་ཡོ་བྱད་རྣམས་ལ་ཀུན་ཏུ་འཛིན་པར་ཡང་སྣངངོ་།། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་གཞན་དག་ལ་ཡང་དད་པས་འགྲོ་བར་འགྱུར་གྱི། འདི་ལྟ་སྟེ། དེ་བཞིན་གཤེགས་པ་འམ། ཆོས་སམ། དགེ་འདུན་ནམ། དེ་ཁོ་ནའི་དོན་དམ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་མཐུ་འམ། རྒྱུ་འམ། འབྲས ་བུ་འམ། ཐོབ་པར་བྱ་བའི་དོན་ནམ། ཐོབ་པར་བྱ་བའི་ཐབས་སམ། སྤྱོད་ཡུལ་ལས་བརྩམས་ཏེ། སོ་སོར་རང་ལ་དེ་ཁོ་ན་ཤེས་པ་ནི་མ་ཡིནོ།། ཐོས་པ་ལོས་བྱུང་བ་དང་། བསམས་པ་ལས་བྱུང་བའི་ཤེས་རབ་ཆུང་ངུ་དང ་ལྡན་པ་ཡིན་གྱི། ཚོད་མེད་པ་དང་ལྡན་པའི་ནི་མོ་ཡིནོ།། དེ་ཉིད་ཀྱང་ངོས་ཆེད་འགའ་བརྗོད་པར་འགྱུར་ཏེ། བརྗེད་ངས་པའི་ཆོས་ཅན་ཡིནོ།། བྱང་ཆུབ་སེམས་དཔའི་ལམ་མངོན་པར་ཤེས་པ་བུལ་བ་དཀའ་བ་དང་ལྡན ་པ་ཡང་ཡིན།། བྱང་ཆུབ་ཆེན་པོ་ལ་ཡང་འདུན་པ་དྲག་པོ་མེ་དོ།། བརྩོན་འགྲུས་འབྱུར་བཱ་མ་ཡིན།། ཟབ་མོ་ལཱ་དགའ་བ་ལེགས་པར་གནས་པ་མ་ཡིནོ།། གནས་པ་གསུམ་པོ་རྣམསུ་ཡང་བརྗེད་ངས་པ་ཡིན་ཏེ། ཡུ ་གཟུགས་དང་། སྒྲོ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཡིདུ་འོང་བ་དང་། ཡི་དུ་མི་འོང་བ་རྣམས་ལ་ཆེད་འགའ་ཕྱིན་ཅི་ལྡོག་ཏུ་སེམས་པ་དང་། སྐྱེ་བ་ལུས་ཐ་དད་པ་དེ་དང་དེར་སྐྱེས་པ་ནཱས་ལུས་སྔ་མ་བརྗོད ་པ་དང་། ཆོས་ལུང་མནོས་པ་དང་། བཟུང་བ་དང་། བྱས་ནས་ཡུན་རིང་དུ་ལེན་པ་དང་། སྨྲས་ནས་ཡུན་རིང་དུ་ལོན་པ་དག་ཀྱང་ཆེད་འགའ་བརྗེད་པས་ན། དེ་ལྟར་གནས་གསུམ་པོ་དེ་དག་ཏུ་བརྗེད་ངས་པ་ཡིནོ།། ཚད་འགེའ་ནི ་ཡིད་གཞུངས་པར་འགྱུར་ཏེ། ཆོས་རྣམས་ལེན་པ་དང་། འཛིན་པ་དང་། དོན་ལ་འཇུག་པར་ནུས་ལ། ཆེད་འགྲུའ་ནི་དེ་ལྟ་མ་ཡིནོ།། ཆེད་འགའ་ནི་དྲན་པ་དང་ལྡན་པར་འགྱུར་ལ། ཆེད་འགའ་ནི ་བརྗེད་ངས་པའི་རང་བཞིན་ཅན་དུ་འགྱུར་རོ།། སེམས་ཅན་རྣམས་འདུལ་བའི་ཐབས་ཀྱང་ཇི་ལྟ་བ་བཞིན་དུ་མངོན་པར་མི་ཤེས་ལ། རང་གི་སངས་རྒྱས་ཀྱི་ཆོསཱ་སྒྲུབ་པའི་ཐབས་ཀྱང་མངོན་པར་མི་ཤེསོ།། གཞན་དག ་ལ་ཡང་ནན་གྱིས་ཆོས་སྟོན་ཅིང་གདམས་པ་དང་། རྗེསུ་བསྟན་པ་ལ་འཇུག་པར་བྱེད། དེས་ནན་གྱིས་འཇུག་པར་བྱས་པ་དེ་ཡང་། ཡང་དག་པ་ཇི་ལྟ་བ་བཞི་ནི་དུ་ཤེས་པས་མ་ཡིན་ཏེ། མཚན་མོ་མངའ་འཕངས་པ ་བཞིན་དུ། སྐྱེས་དབང་དུ་འགྲུབ་པར་ཟུད་པས་ན། ཆེད་འགྲོའ་ནི་འབྲས་བུ་མེད་པར་འགྱུར། ཆེད་འགའ་ནི་འབྲས་བུ་ཡོད་པར་འགྱུར་རོ།། ཆེད་འགའ་ནི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ལས་ཀྱང་གཏོང་བར་འགྱུར།། ། ་ཆེད་འགའ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལས་ཀྱང་ལྡོག་པ་འམ། ཡང་ན་སྤྲོ་བ་མེད་པར་འགྱུར་རོ།། ཚེད་འགའ་ནི་སེམས་ཅན་གྱི་དོན་བྱ་བ་ཞུགས་པ་ལས་ཀྱང་བར་མ ་དོར་སྐྱོ་བར་གྱུར་ནས། སེམས་ཅན་གྱི་དོན་བྱ་བའི་སྦྱོར་བ་དེ་ལ་ཕྱིར་ལྡོག་པར་འགྱུརརོ།། བསམ་པ་ཐེག་པ་ནས་བདག་ཉིད་བདེ་བར་འདོད་ལ་གཞན་གྱི་བདེ་བ་ནི་སོ་སོར་བརྟགས་ཏེ་འདོད་པར་ཟད།། བྱང་ཆུབ་སེཾངའི ་འཁྲུལ་པ་རྣམས་ལྔ་ཡང་ཡོངསུ་ཤེས་པ་མང་མོད་ཀྱི། ཡང་དང་ཡང་དུ་འཁྲུལ་པ་ལྷག་པར་སྤྱོད་པས་ཡོངསུ་ཤེས་ཤིང་། མ་ལུས་པ་རུ་སྤོང་བ་དང་ལྡན་པ་ནི་མ་ཡིནོ།། ཆེད་འགའ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད ་ཀྱི་ཆོས་འདུལ་བ་འདི་ལས་ཁྲིད་པར་འགྱུརརོ།། ཆེད་འགའ་ནི་ཆོས་བསྟན་པ་ཟབ་ཅིང་རྒྱུ་ཆེ་བ་ཐོས་ནས་སྐྲག་པར་འགྱུར་ཞིང་དེའི་སེམས་གཡོ་བ་དང་། ཡིད་གཉིས་དང་། ཐེ་ཚོམ་ཟ་བར་འགྱུར་རོ།། སེམས་ཅན་རྣམས་ལ ་སྙིང་རྗེ་ཆེན་པོ་ཀུན་ཏུ་སྦྱོར་བ་ཡང་ཐམས་ཅད་ཀྱི་ཐམས་ཅད་རྣམ་པར་སྤོང་བར་འགྱུ་རོ།། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཆུ་ངུ་སྒྲུབ་པས་ཉེ་བར་གནས་པ་ཡིན་ཏེ། རྒྱ་ཆེ་བ་དང་ཚད་མེད་པ་ནི་མ་ཡིནོ།། ཇི་སྐད ་བསྟན་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ཡོངསུ་རྫོགས་པ་ཐམས་ཅད་ལ་ཡང་སླེབ་པར་མ་བྱེ་།། ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་རྟགས་ཡོངསུ་རྫོགས་པ་ཐམས་ཅད་དང་ལྡན་པ་ཡང་མཱ་ཡིན།། ་ཇི་སྙེད་བསྟན་པའི་བྱང་ཆུབ་སེམས་དཔའི་ཕྱོགས་ཀྱི་སྦྱོར་བ་ཡོངསུ་རྫོགས་པ་ཐམས་ཅད་ལ་ཡང་དག་པརརུ་མི་སྨང་ངོ་།། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རིདྲི་བར་འཛིན་ཏེ།། དེ་ནི། ་འཁོར་བ་ནི་འཁོར་བ་ལ་ཇི་ལྟར་ལྷག་པའི་བསམ་པ་གནས་པ་ལྟར་མྱ་ངན་ལས་འདས་པ་ལ་དེ་ལྟ་མ་ཡིནོ།། དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྦྱངས་ཤིང་མི་གཡོ་བ་རྣམས་དང་ལྡན་པ་ཡིན་ཏེ། དེ་དག་དང་དེ ་ལྟ་བུ་དང་མཐུན་པའི་རྟགས་མཚན་མ་དང་། རྣམ་པ་དེ་དག་ནི་མོས་པར་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། མོས་པར་སྤྱོད་པ་ལ་གནས་པ་ལ་བརྗོད་ག། ་ཆུང་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་དང་། བརྟགས་དང་། མཚན་མ་ཇི་སྐད་བསྟན་པ་དེ་དགྲ་ཤས་ཆེ་བར་རིག་པར་བྱའོ།། བཟོད་པ་འབྲིང་ལ་གནས་པོ་ལ་ནི་འབྲིང་དུ་རིག་པར་བྱའོ།། བཟོད་པ་ཆེན་པོ། ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་རྣམ་པ་དང་། བརྟགས་དང་། མཚན་མ་དེ་དག་ཆུང་ཞིང་སྲབ་པར་རིག་པར་བྱའོ།། བཟོད་པོ་ཆེན་པོ་ལ་གནས་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་དང་། རྟགས་དང་། ་མཚན་མ་དེ་དག་ཀྱང་མ་ལུས་པར་སྤོང་ལ། དྲི་མ་ཐག་ཏུ་རབ་ཏུ་དགའ་བའི་གནས་པ་ལ་ཡང་འཐོབ་པའི་ཚུལ་གྱིས་འཇུག་པར་རིག་པར་བྱའོ།། རབ་ཏུ་དགའ་བའི་གནས་པ་ལ་གནས་པ་དེ་ལ་ནི་མོས་པས་སྤྱོད་ལ་གནྡྷ ་པས་གནས་པ་ལ་ཡོད་པར་བསྟན་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེདདོ།། དེ་ལས་བཟློག་པའི་དཀར་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་ཡོད། དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ ་ལྷག་པའི་བསམ་པ་དག་པ་ཞེས་བྱའོ།། མོས་པས་སྤྱོད་པ་ལ་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཚུལ་གྱིས་གོང་ནས་གོང་དུ་མོས་པ་དག་པ་ཡོད་མདོ ་ཀྱི། དེ་ལ་ནི་ལྷག་པའི་བསམ་པ་དགྲ་པ་ཞེས་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མོས་པ་དེ་ནི་ཉེ་བའི་ཉོན་མོངས་པ་རྣམ་པ་དུ་མ་དེ་དག་གིས་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པས་འཇུག་ལ། རབ་ཏུ་དགའ་བའི ་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མོས་པའི་ཉེ་བའི་ཉོན་མོངས་པ་དེ་དག་ཐམས་ཅད་སྤང་བའི་ཕྱིར། ཀུན་ནས་ཉོན་མོངས་པ་མེད་ཅིང་དག་པའི་མོས་པ་འཇུག་པའི་ཕྱིར།། དེ་ལ་རབ་ཏུ་དགའ་བའི ་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྣམ་པ་ནི་གང་དག་ཡིན། བརྟགས་ནི་གང་དག་ཡིན། མཚན་མོ་ནི་གང་དག་ཡིན་པར་རིག་པར་བྱ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ ་གནས་པ་ལས་རབ་ཏུ་དགའ་བའི་གནས་པ་ལ་འཇུག་པ་ན། བྱང་ཆུབ་སེམས་དཔའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྨོན་ལམ་སྡོ་མ་བྱང་ཆུབ་ལ་གོས་པར་མ་རྟོགས་པ། བྱང་ཆུབ་པར་བྱ་བའི་ཐབས ་ལེགས་པར་མ་རྟོགས་པ་ཕལ་ཆེར་གཞན་གྱི་རྐྱེན་གྱིས་འགྲོ་བ་ངེས་པ་མ་ཡིན་པ་སྤངས་ནས། བྱང་ཆུབ་སེམས་དཔའི་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པ་རང་གི་བསྒོམས་པ་ལས་བྱུང་བའི་སར་པ་གཞོན་རྣམ་པ ་དྲུག་པོ་དེ་ལས་གཞན་པའི་དཀར་པོའི་སྨོན་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ་མཚུངས་པ་མེད་ཅིང་འབྲས་བུ་ཐུན་མོང་པ་མ་ཡིན་པ་དང་། དེ་འཇིག་རྟེན་པ་དང་འཇིག་རྟེན་ཐམས་ཅད་ཀྱི་ཡུལ་ལས་ཡང ་དག་པར་འདས་པ་དང་། སེམས་ཅན་རྣམས་སྡུག་བསྔལ་ལས་ཡོངསུ་སྒྲུབ་པ་དང་ལྡན་པའི་ཕྱིར། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དང་།། སྨོན་ལམ་དེ་སྐད་ཅ། ་ཙམ་སྐྱེས་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀར་པོའི་ཆོས་ཀྱི་སྡུག་པའི་འབྲས་བུ་དཔག་ཏུ་མེད་པར་འགྱུར་བ་གོང་དག་ཡིན་པ་དེ་ལྟ་བུའི་ཆོས་ཀྱི་རང་བཞིན་དེ་དང་། སྨོན་ལམ་དེ་འགྱུར་བ་མེད་ཅིང་ཟད་མི་ཤེས་པ ་ཡིན་ཏོ།། དེ་ཐོབ་པ་ལ་རྣམ་གྲངས་གང་གིས་ཀྱང་ཡོང་སུ་ཉམས་པར་འགྱུར་བ་འམ། གཞན་དུ་འགྱུར་བ་མི་དམིགས་པ་དང་། དེ་ཁྱད་པར་དུ་འགྲོ་བའི་ཆ་དང་མཐུན་ཞིང་ཕྱི་མའི་མཐར་ཕྱིན་པ་ལ། བྱང་ཆུབ་ཆེན་པོའི་མཐར ་ཐུག་པ་དག་གིས་བསྐྱེད་པར་བྱེད། བྱང་ཆུབ་སེམས་དཔའི་སྨོན་ལམ་ཤིན་ཏུ་རྣམ་པར་ངེས་པ་དེ་ནི་སེམས་བསྐྱེད་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དེ་ནི་མདོར་བསྡུ་ན་རྣམ་པ་བཞིར་རིག་པར ་བྱ་སྟེ། བཞི་གང་ཞེ་ནོ།། ཐོག་མ་ཁོ་ར་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་དག་ལ་སེམས་དེ་སྐྱེ་བྱ་དང་། ཅི་ལ་དམིགས་ནས་སྐྱེ་བ་དང་། ཇི་ལྟ་བུའི་མཚན་ཉིད་ཅི་འདྲ་ཞིང་གང་གི་བདག་ཉིད་དུ་སྐྱེ་བ་དང་། སེམས་དེ་སྐྱེས ་ནོ་ཕན་ཡོན་ཅིར་འགྱུར་བ་རྣམ་པ་བཞི་པོ་དེ་དག་གིས་སེམས་སྐྱེ་བ་རིག་པར་བྱའོ།། དེ་ལ་མོ་དོར་བསྡུ་ན་མོས་པས་སྤྱོད་པ་ལ་གནས་པ་ལ་རྣམ་པ་ཐམས་ཅད་དགེ་བའི་རྩ་བ་ཤིན་ཏུ་བརྩེགས་ཤིང་། བྱང་ཆུབ་སེམས ་དཔའི་སྤྱོད་པ་ལ་ཡང་དག་པ་ལ་ངེས་པར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་དེ་སྐྱེའོ།། མདོར་བསྡུ་ན་ཕྱི་མ་ལ་ཡང་དག་པར་མྱུར་དུ་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཡོངསུ་རྫོགས་པར་བྱ་བ་དང་། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཅན་གྱི་དོན་བྱ་བ་ཡོངསུ་རྫོགས་པར་བྱ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། རྣམ་པ་ཐམས་ཅ་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངསུ་རྫོགས་པ ་བྱ་བ་དང་། སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་ཡོང་སུ་རྫོགས་པར་བྱ་བ་ལ་དམིགས་པ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དེ་སྐྱེའོ།། ཡང་དག་པར་མྱུར་དུ་རྣམ་པ་ཐམས་ཅད་བྱང་ཆུབ་ཀྱི་ཚོགས་ཐམས ་ཅོད་དང་མཐུན་པ་དང་། སེམས་ཅན་རྣམས་ལ་རྣམ་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་བྱ་བ་དང་མཐུན་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བྱུང་གི་ཡེ་ཤེས་འི་ཐོབ་པ་དང་། མཐུན་པ་དང་། ་རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་དང་། མཐུན་པའི་སེམས་དེ་སྐྱེའོ།། སེམས་དེ་སྐྱེས་པ་བྱང་ཆུབ་སེམས་དཔའ་བྱིས་པའི་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོའི་ས་ལས་འདས་པ་ཡིན། བྱང ་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ཡིན། དེ་བཞིན་གཤེགས་པའི་རིགསུ་སྐྱེས་པ་ཡིན། དེ་བཞིན་གཤེགས་པའི་ཐུགས་ཀྱི་སྲས་ཡིན་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྲོ་བ་དང་། དེ་བཞིན་གཤེགས ་པའི་རིགསུ་ངེས་པ་ཡིནོ།། དེ་ལྟར་གྱུར་པ་དེ་ཤེས་ནས་དད་པ་ཐོབ་ནས་མཆོག་ཏུ་དགའ་བ་མང་བ་ཡིན། གཞན་དག་ལ་ཤས་ཆེར་ཉེས་རྩོམ་མེད་པ་ཡིན། རྣམ་པར་འཚེ་བ་མེད་པ་ཡིན། ཁྲོ་བ་མྱེད ་པ་མང་བ་ཡིནོ།། རྣམ་པ་ཐམས་ཅདདུ་བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་བྱ་བ་དང་། རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཚོགས་ཡོངསསུ་རྫོགས་པ་དང་། རྣམ་པ་ཐམས་ཅདདུ་བྱང་ཆུབ་དང་། སངས་རྒྱས་ཀྱི་ཆོས ་རྣམས་དང་། སངས་རྒྱས་ཀྱི་འཕྲིན་ལོས་སྒྲུབ་པ་ལ་ལྷག་པའི་བསམ་པ་དག་པས་དམིགས་པ་བྱས་ཤིང་མོས་པས་འཇུག་པ་ཆོས་འདི་ལ་མྱུར་དུ་ཡང་དག་པར་འགྲུབ་པ་དང་།། མཐུན་པ་བདག་ཉིད་ཡང་དྲུག་པར ་མཐོང་ཞིང་། ཁོང་དུ་ཆུད་ནུས་མཆོག་ཏུ་དགའ་བ་མང་བར་འགྱུརརོ།། བདུག་ཉིད་དགེ་བ་རྒྱ་ཆེན་པོ་མངོན་པར་འབྱུང་བ་དང་ལྡན་པ་ཟང་ཟིང་མེད་པ་མཚུངས་པ་མེད་པ། ལུས་དང་སེམས་ལ་ཕན་འདོགས་པའི་མཆོག ་ཏུ་དགའ་བ་དང་། དགེ་བའི་ཆོས་འབར་བ་དག་དང་ལྡནོ།། བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་ཏོ།། བྱང་ཆུབ་ཆེན་པོ་ལ་བདག་གིས་ལྷག་པའི་བསམ་པ་ནི་རྣམ་པར་དག་གོ།། ་བདག་ནི་འཇིགས་པ་ཐམས་ཅད་དང་བྲལ་སྙམ་ནས། དེའི་ཕྱིར་ཡིང་མཆོག་ཏུ་དགའ་བ་མང་བ་ཡིནོ།། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཤིན་ཏུ་རྣམ་པར་ངེས་པར་བསྐྱེད་པ་ནི་འཇིགས་པ་ལྔ་སྤངས་པ་ཡིན་ཏེ། ་བདུག་མེད་པའི་ཡེ་ཤེས་ཤིན་ཏུ་ཡོངསུ་བསྒོམས་པ་ལ་ནི་བདག་ཏུ་འདུ་ཤེས་པ་ཡང་མི་འབྱུང་ན་དེ་ལ་བདག་ལ་ཆགས་པ་འམ། ཡོ་བྱད་ལ་ཆགས་པ་ལྕུ་གླ་ལ་འབྱུང་སྟེ། དེའི་ཕྱིར་དེ་ལ་འཚོ་བ་མྱེད་པའི་འཇིགས་པ ་མེདོ།། གཞན་དག་ལས་ཀྱང་ཅི་ཡང་རེ་བ་མེད་ལ། འདི་ལྟ་བུར་ཡང་འདོད་དྲི། བདུག་ཉིད་ཀྱིས་སེམས་ཅན་འདི་རྣམས་ཀྱི་དོན་ཐམས་ཅད་སྐྱོབ་པོ་སྙམ་སྟེ། དེའི་ཕྱིར་དེ་ལ་ཚིགསུ་བཅད་པ་མེད་པའི་འཇིགས་པ་མེདོ།། བདག ་ཏུ་ལྟེ་བ་དང་བྲལ་བའི་ཕྱིར་ན། དེ་ལ་བདག་ཏུ་འདུ་ཤེས་པ་མི་འབྱུང་སྟེ། དེའི་ཕྱིར་དེ་ལ་འཆི་བྱའི་འཇིགས་པ་མེདོ།། བདག་ནི་ཤི་བའི་འོག་ཏུ་ཕྱི་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ངེས་པར་ཕྲད་པར ་འགྱུ་རོ་སྙམ་སྟེ། དེ་ལྟར་ངེས་པར་གྱུར་པས་ན། དེའི་ཕྱིར་དེ་ལ་དྲན་འགྲོའི་འཇིགས་པ་མེདདོ།། འཇིག་རྟེན་ཐམས་ཅད་ན་བདག་དང་བསམ་པོ་མཚུངས་པ་མཉམ་པོ་སུ་ཡང་མ་མཐོང་ན། ཆེས་ལྷག་པ་ལྕུ་ག་ལྔ་ཡོད་སྙམ ་སྟེ། དེའི་ཕྱིར་དེ་ལ་འཁོར་གྱི་ནང་དུ་བག་ཚ་བྱའི་འཇིགས་པ་ཨེ་དོ།། དེ་དེ་ལྟར་འཇིགས་པ་ཐམས་ཅད་དང་བྲལ་བ་དང་། ཟབ་མོ་སྟོན་པ་ཐམས་ཅད་ཀྱིས་སྐྲག་པ་དང་བྲལ་བ་དང་། ཐོས་པའི་ང་རྒྱལ་གྱིས་ཁེངས་པ ་པ་དང་བྲལ་བ་དང་། གཞན་གྱི་གནོད་པ་དང་ལོག་པར་སྒྲུབ་པ་ཐམས་ཅད་ལ་ཞེ་སྡང་དང་བྲལ་བ་དང་། འཇིག་རྟེན་གྱི་འདུ་འཛིའི་དགའ་བ་ཐམས་ཅད་དང་བྲལ་བ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཉམས་པ ་མེད་པ་དང་། ཤིན་ཏུ་སྦྱངས་པའི་ཕྱིར་ཕལ་པ་མ་ཡིན་པའི་བསམ་པས་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་ཕྱིར། ཚེ་འདི་ལྔ་ཡང་རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི ་བརྩོན་འགྲུས་རྩོམ་པར་བྱེད།། དད་པའི་དབང་དུ་བྱེ་བ་སྔོན་དུ་བཏང་སྟེ། ཕྱི་མ་ལ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་ལས་སྔར་བསྟན་པའི་སྨོན་ལམ་ཆེན་པོ་བཅུ་པོ་གང་ཡིན་པ་དེ་དག་བསུམ་པ་དག་པ་ལ་བརྟན་ནས་རབ་ཏུ ་དགའ་བ་ལ་གནས་པ་འདི་ལ་མངོན་པར་འགྲུབ་པར་བྱེདདོ།། ། ཁམ་པོ་བཅོ་བརྒྱད་པ། སེམས་ཅན་གྱི་མཆོག་ཡོན་གྱི་གནས་སྟོན་པོ་ཆོས་ཀྱི་མངའ ་བདག་ལ་མཆོད་པ་བྱ་བའི་སྨོན་ལམ་ཆེན་པོ་དང་གཉིས་པ་སྟེ། དེས་གསུངས་པའི་དམ་པའི་ཆོས་ཡང་དག་པར་གཟུང་བ་དང་གསུམ་པ་སྟེ། དམ་པའི་ཆོས་གོ་རིམ་བཞིན་དུ་འབྱུང་བར་བྱ་བ་དང་བཞི་པ་སྟེ། དེ་དང ་མཐུན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་དང་ལྔ་པ་སྟེ། དེའི་སྣོད་ཀྱི་སེམས་ཅན་ཡོངསུ་སྨིན་པར་བྱ་བ་དང་དྲུག་པ་སྟེ། སངས་རྒྱས་ཀྱི་ཞིང་རྣམསུ་འགྲོ་བ་དང་། དེ་བཞིན་གཤེགས་པ་ལ་བལྟ་བ་དང་། དམ ་པའི་ཆོས་མཉན་པ་དང་བདུན་པ་སྟེ། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པར་བྱ་བ་དང་བརྒྱད་པ་སྟེ། ཚེ་རབས་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་བར་བྱ་བ་དང་། བྱང་ཆུབ་སེངའ ་རྣམས་དང་བསམ་པ་དང་སྦྱོར་བ་གཅིག་པར་བྱ་བ་དང་དགུ་པ་སྟེ། སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བ་དང་བཅུ་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང ་རྒྱ་བར་བྱ་བ་དང་། སངས་རྒྱས་ཀྱི་མཛད་པ་བྱ་བའི་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པོ།། སེམས་ཅན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་མི་འཆད་པ་ལྟ་བུ་དང་། འཇིག་རྟེན་གྱི་ཆོས་རྒྱུན་མི་འཆད་པ་བཞིན ་དུ་བྱང་ཆུབ་ཀྱི་མཐར་ཐུག་པར་འགྲོ་བའི་བར་དུ་ཚེ་རིབས་ཐམས་ཅད་བདག་གི་སྨོན་ལམ་ཆེན་པོ་འདི་ཐོབ་པ་དང་། མི་བརྗེད་པ་དང་། མི་འབྲལ་བར་གྱུར་ཅིག་ཅེས་སེམས་ཀྱིས་ཡང་དག་པར་སྨོན་པར་བྱེད་དོ།། སྔ་མ་ནི ་མངོན་པར་བྱ་བའི་དོན་ལ་སྨོས་པའོ།། ཕྱི་མ་ནི་སྨོན་ལམ་ཉིད་ལ་སྨོན་པར་རིག་པར་བྱ་སྟེ། དེའི་སྨོན་ལམ་ཆེན་པོ་འདི་དག་ལ་སོགས་པ་བྱང་ཆུབག་སེམས་དཔའ་དེའི་ཡང་དག་པའི་སྨོན་ལམ་རྣམས་ཀྱི་སྨོན་ལམ་གྲངས། ་མེད་པ་འབུམ་ཕྲག་བཅུ་སྐྱེ་བུར་འགྱུརརོ།། དེ་ནི་འདི་ལྟར་ཕྱི་མ་ལ་ཡིད་སྨོན་ལམ་དང་ལྡན་པར་འགྱུར་ལ། ཚེ་འདི་ལ་ཡང་བརྩོན་འགྲུས་བརྩམས་པ་ནི་གནས་པ་ཡོངསུ་སྦྱངས་པའི་ཆོས་བཅུས་རབ་ཏུ་དགྲ་བའི ་གནས་པ་ཡོངསུ་དག་པར་བྱེད། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་དད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་ཡང་དག་པར ་འགྲུབ་པར་ལྟ་བའི་སྙིང་རྗེ་དང་། བདག་གིས་སེམས་ཅན་འདི་དག་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་ལས་རྣམ་པར་གྲོལ་བར་བྱའོ་སྙམ་དུ་ལྟ་བའི་བྱམས་པ་དང་། སེམས་ཅན་ཐམས་ཅད ་སྡུག་བསྔལ་ལས་ཡོངསུ་སྒྲུབ་པའི་བསམ་པས་བདག་ཉིད་ལ་མི་ལྟ་སྟེ། དེ་ལ་མི་ལྟ་བས་སེམས་ཅན་རྣམས་ལ་ནང་དང་ཕྱི་རོལ་གྱི་དངོས་པོ་ཡོངསུ་གཏོང་བ་དང་། སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་འཇིག་རྟེན་པ་དང་། ་འཇིག་རྟེན་ལས་འདས་པའི་ཆོས་གཞན་ལས་ཡོངསུ་ཚོལ་བ་ལ་མི་སྐྱོ་བ་དང་། མི་སྐྱོ་བས་བསྟན་བཅོས་ཐམས་ཅད་ཤེས་པ་ཡང་དག་པར་འགྲུབ་པ་རྣམ་པར་དག་པས་བསྟན་བཅོས་ཤེས་པ་དང་། བསྟན་བཅོས ་ཤེས་པས་སེམས་ཅན་ཐ་མ་དང་། འབྲིང་དང་། ཁྱད་པར་དུ་འཕགས་པོ་རྣམས་ལ་ཅི་ནུས་ཅི་འོསུ་དེ་བཞིན་ཉིད་དུ་སྒྲུབ་པས་འཇིག་རྟེན་ཤེས་པ་དང་། སྦྱོར་བ་དེ་དག་ཉིད་ལ་དུས་དང་། དུས་ཆོད་དང་། ཚོང་ལ་སོགས ་པའི་སྤྱོད་པ་ལས་བརྩམས་ཏེ། ངོ་ཚ་ཤེས་ཤིང་ཁྲལ་ཡོད་པ་དང་། སྦྱོར་བ་དེ་དག་ཉིད་ལ་ཕྱིར་མི་ལྡོག་པས་སྲན་ཐུབ་པའི་སྟོབས་བསྐྱེད་པ་དང་། བརྙེད་པ་དང་། བཀུར་སྟི་དང་། སྒྲུབ་པས་དེ་བཞིན་གཤེགས་པ ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་སྟེ། འདི་ལྟ་སྟེ། དད་པ་དང་། སྙིང་རྗེ་དང་། བྱམས་པ་དང་། གཏོང་བ་དང་། མི་སྐྱོ་བ་དང་། བསྟན་བཅོས་ཤེས་པ་དང་། འཇིག་རྟེན་ཤེས་པ་དང་། ངོ་ཚ་ཤེས་ཤིང་ཁྲལ་ཡོད་པ་དང་། སྲན ་ཐུབ་པའི་སྟོབས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱེད་པའི་ཆོས་བཅུ་པོ་འདི་དག་ནི་གནས་པ་ཡོངསུ་དག་པར་བྱེད་པའོ།། བྱང་ཆུབ་སེམས་དཔའ་དེ་ཡང་ཆོས་དེ་ཡང་དག་པར ་བླངས་ཏེ་འདུག་ཅིང་ལོན་མང་དུ་བྱེད།། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའི་གནས་པ་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་དགུ་པོ་རྣམས་ཀྱི་ལམ་གྱི་ཡོན་ཏན་དང་སྐྱོན་རྣམ་པ་ཐམས་ཅད་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་རྣམས་ལས་ཡོངསུ་ཚོལ་བར་བྱེད།། དེ་ཤིས་ནས་ཀྱང་ལམ་ཆུད་མི་ཟ་ཞིང་རྣམ་པ་དང་། ཐོབ་པ་དང་རྒྱུ་མཐུན་པའི་མཚན་མ་ལེགས་པར་བཟུང་ལ། བདག་ཉིད་ཀྱིས་ཀྱང་གནས་པ་ཐམས་ཅད ་མནན་ནས། བྱང་ཆུབ་ཆེན་པོ་བདེ་བླག་ཏུ་འཐོབ་པར་འགྱུརརོ།། སེམས་ཅན་གྱི་འགྲོན་པོ་ཕལ་པོ་ཆེ་ཡང་འཁོར་བའི་དགོན་པའི་ལཱམ་ལས་སྒྲོལོ།། རྣམ་པ་གང་དག་གིས་འཇུག་པར་བྱེད་པ་དེ་དག་ནི་རྣམ་པ་དག་གོ།། ་འཇུག་པ་གང་ཡིན་པ་དེ་ནི་འཐོབ་པའོ།། ཞུགས་ནས་ཀྱང་འབྲས་བུ་ཆེན་པོའི་ཕན་ཡོན་འགྲུབ་ཅིང་ཡང་དག་པར་འགྲུབ་པ་དེ་ནི་རྒྱུ་མཐུན་པ་ཡིན་པར་རིག་པར་བྱའོ།། གནས་པ་དེ་ལ་གནས་པ་དེ་ལ་ནི་རྒྱུ་གཉིས ་ཀྱིས་སངས་རྒྱས་མང་པོ་ལྟར་སྣང་བར་འགྱུར་ཏེ། དེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཐོས་པ་གང་ཡིན་པ་དག་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མིང་སྣ་ཚོགས་པ་དག་ན། དེ་བཞིན་གཤེགས་པ ་མཚན་སྣ་ཚོགས་པ་དག་བཞུགས་པར་སེམས་ཀྱིས་མོས་པ་གང་ཡིན་པ་དེ་དག་ལ་དད་པ་རྒྱ་ཆེན་པོ་དང་ལྡན་པའི་སེམས་ཀྱིས་མཐོང་བར་བྱ་བའི་ཕྱིར་འདོད་པར་བྱེད་ལ། དེ་ལྟ་བུར་གྱུར་པ་དེའི་འདོད ་པཔ་དེ་ནི་འགྲུབ་པ་ཁོ་ནར་འགྱུར་ཏེ། འདི་ནི་རྒྱུ་གཅིགོ། སངས་རྒྱས་གང་དུ་འབྱུང་བ་དེར་བདག་སྐྱེ་བར་གྱུར་ཅིག་ཅེས་དེ་ལྟར་ཡང་སེམས་ཀྱིས་སྨོན་པར་བྱེད། དེ་ལྟ་བུར་གྱུར་པ་དེའི་སྨོན་ལམ་དེ་ནི་འགྲུབ་པ་ཁ་ནར་འགྱུར་ཏེ། དེས ་དེ་ལྟར་དད་པ་རྒྱ་ཆེན་པོས་མཐོང་བ་དང་། སྨོན་ལམ་གྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་དེ་དག་མཐོང་ནས་མཆོད་པ་དང་། བདེ་བའི་ཡོ་བྱད་ཀྱི་རྣམ་པ་ཐམས་ཅད་སྒྲུབ་པར་བྱེད།། ཅི་ནུས་ཅི་ལྕོགས་ཀྱིས་དགེ་འདུན་ལ་ཡང ་བཀུར་སྟི་བྱེད།། དེ་བཞིན་གཤེགས་པ་དེ་དག་ལས་ཆོས་ཉན་པ་དང་། ལེན་པ་དང་འཛིན་པར་བྱེད།། ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་ཀྱང་ནོན་གྱིས་སྒྲུབ་པར་བྱེད།། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཆེན་པོར ་ཡོངསུ་བསྔོ་བར་བྱེད།། བསྡུ་བའི་དངོས་པོ་བཞིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེདདོ།། དེ་བཞིན་གཤེགས་པ་དང་། དགེ་འདུན་དང་ཆོས་ལ་མཆོད་པ་ཡོངསུ་འཛིན་པ་དང་། བསྡུ་བའི་དངོས་པོ་རྣམས་ཀྱིས ་སེམས་ཅན་ཡོངསུ་སྨིན་པར་བྱེད་པ་དང་། དགེ་བའི་རྩ་བ་རྣམས་བྱང་ཆུབ་ཏུ་ཡོང་སུ་བསྔོ་བ་སྟེ། དེའི་རྣམ་པར་དག་པའི་རྒྱུ་གསུམ་པོ་དེ་དག་གིས་བསྐལ་པ་དུ་མ་བྱ་བ་ཁྲག་ཁྲིག་འབུམ་གྱི་བར་དུ། དགེ་བའི་རྩ་བ་དེ་དག་རྒྱ་ཆེར ་རྣམ་པར་དག་པར་འགྱུར་ཏེ། དཔེར་ན་གསེར་རང་བཞིན་དུ་གནས་པ་ནི་གསེར་མགར་མཁས་པས་ཇི་ལྟ་ཇི་ལྟར་མེར་བཅུག་པ་དེ་ལྟ་དེ་ལྟར་ཆེས་རྣམ་པར་དག་པར་འགྱུར་རོ།། དེ་བཞིན་དུ་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་དེའི་དགེ ་བབའི་རྩ་བ་དེ་དག་ཀྱང་རྣམ་པར་དག་པའི་རྒྱུ་དེ་དག་གིས་ཆེས་རྣམ་པར་དག་པར་འགྱུར་རོ།། དེ་ལ་གནས་པ་དེ་ནི་སྐྱེ་བ་ལས་ཕལ་ཆེར་འཁོར་ལོས་སྒྱུར་བར་འགྱུར་ཏེ། ཚེ་རབས་ཚེ་རབ་སུ་འཛམ་བུ་གླིང་གི་དབང་ཕྱུག་སར་སྣའི་དྲི་མ་ཐད ་དང་བྲལ་བ་སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་སེལ་བའི་བདག་པོར་འགྱུར་རོ།། བསྡུ་བའི་དངོས་པོ་བཞིས་ལས་གང་ཅི་རྩོམ་ཡང་རུང་། དེ་དག་ཐམས་ཅད་ཀྱང་དཀོན་མཆོག་དང་། བྱང་ཆུབ་ཡང་དག་པར་འགྲུབ་པའི་རྣམ་པ་ཐམས ་ཅད་ཡིད་ལ་བྱེད་པ་རྣམས་དང་མི་འབྲལ་ཏེ། བདག་སེམས་ཅན་ཐམས་ཅད་ཀྱི་མཆོག་དོན་ཐམས་ཅད་སྟོན་པར་གྱུར་ཀྱང་ཅི་མ་རུང་སྙམོ།། འདོད་ན་ཁྱིམ་དང་། ཆུང་མ་དང་། ལོངས་སྤྱོད་ཐམས་ཅད་སྤངས་ནས་དེ་བཞིན ་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་སྟེ། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ཅིག་ལ་བྱང་ཆུབ་སེམས་དཔའི་ཏིངངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་དང་། ལྷའི་མིག་གིས་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་དེ ་བཞིན་གཤེགས་པ་བརྒྱ་མཐོང་བ་དང་། དེ་དག་གི་སྤྲུལ་པ་དང་། བྱིན་གྱིས་བརླབས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་ཀྱང་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་ཡང་གཡོ་བར་བྱེད་པ་དང་། ་དེ་བཞིན་དུ་ལུས་ཀྱིས་ཀྱང་འགྲོ་བར་བྱེད་པ་དང་། འོད་ཀྱིས་རྒྱས་པར་བྱས་ནས་གཞན་དག་ལ་སྟོན་པ་དང་། སྤྲུལ་པ་བརྒྱས་འདུལ་བའི་སེམས་ཅན་བརྒྱ་ཡོངསུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ལྟ་བུའི ་བརྩོན་འགྲུས་རྩོམ་པར་བྱེདདོ།། འདོད་ན་བསྐལ་པ་བརྒྱར་ཡང་གནས་པར་བྱིན་གྱིས་བརློབ་པོ།། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་བསྐལ་པ་བརྒྱར་ཡང་ཡེ་ཤེས་མཐོང་བས་འཇུག་པར་བྱེད།། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད ་ལ་སོགས་པའི་ཆོས་ཀྱི་སྒོ་རྣམས་ཀྱི་ཆོས་ཀྱི་སྒོ་བརྒྱ་ཡང་རབ་ཏུ་རྣམ་པར་འབྱེད།། ལུས་བརྒྱ་ཡང་སྤྲུལ་པར་བྱེད། ལུས་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་འཁོར་བརྒྱ་བརྒྱ་སྟོན་ཏོ།། དེ་ལས་ལྷག་པར་ཡང་རབ་ཏུ་དགོའ་བའི ་གནས་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ཀྱིས་མཐུའི་རྣམ་པར་སྤྲུལ་པའི་ཚད་མེད་པར་རིག་པར་བྱ་སྟེ། དེ་དག་ནི་སྨོན་ལམ་གྱི་སྟོབས་ཅན་ཡིན་པས་སྨོན་ལམ་གྱི་ཁྱད་པར་གྱིས་རྣར། ་འཕྲུལ་པར་བྱེད།། ཡང་དག་པའི་སྨོན་ལམ་དེ་དག་གི་གྲངས་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་དུ་ཡང་བཅད་པར་སྲ་བ་མ་ཡིནོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རབ་ཏུ་དགའ་བ་ལ་གནས་པ་འདི་ནི། ་མས་བསྐྱེད་པ་རྣམ་པ་བཞི་དང་ཡིང་དག་པའི་སྨོན་ལམ་གྱི་བརྩོན་འགྲུས་བརྩམས་པ་མངོན་པར་སྒྲུབ་པ་དང་། གནས་པ་ཡོངསུ་སྤོང་བ་དང་། དེ་མ་ཡིན་པའི་གནས་པ་ལ་ཡང་བྱང་བ་དང་། དགེ་བའི་རྩ་བ་ཡོང་སུ་དག ་པར་བྱེད་པ་དང་། སྐྱེ་བ་དང་མཐུས་ཤིན་ཏུ་རྣམ་པར་ངེས་པ་ཡིན་ཏེ། དེ་ནི་མདོར་བསྟན་པ་ཡིན་པར་རིག་པར་བྱའོ།། རྒྱས་པར་བསྟན་པ་ནི་ས་བཅུའི་མདོ་ལས་ཇི་སྐད་འབྱུང་བ་བཞི་ནོ།། ས་རབ་ཏུ་དགའ་བ་ལ་གནས་པ་ནཱ ་བཟུང་སྟེ། ས་བཅུའི་མདོ་ལས་བྱང་ཆུབ་སེམས་དཔའི་ས་བཅུ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་བསྟན་པ་འདི་ལ་བྱང་ཆུབ་སེམས་དཔའི་གནས་པ་བཅུ་སྟེ། རབ་ཏུ་དགའ་བ་ལ་གནས་པ་ནས་བཟུང ་སྟེ། གནས་པ་མཆོག་གི་བར་དུ་གོ་རིམི་བཞིན་དུ་སྦྱར་བར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངསུ་བཟུང་བའི་དོན་གྱིས་ནི་ས་ཞེས་བྱའོ།། ལོངས་སྤྱད་པའི་གནས་ཀྱི་དོན་གྱིས་ནི་གནས་པ་ཞེས་བྱའོ།། ། ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་ལ་གནས་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་པར་རིག་པོར་བྱ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ཐོག ་ཉིད་དུ་རབ་ཏུ་དགའ་བ་ལ་གནས་པ་ལ་སེམས་ཀྱི་བསམ་པ་ལ་རྣམ་པ་བཅུས་བསམ་པ་དག་པ་ཐོབ་པ་ཡིན་ཏེ། སློབ་དཔོན་དང་། བླ་མ་དང་། སྦྱིན་གནས་ཐམས་ཅད་ལ་མི་སླུ་བའི་ལྷག་པའི་བསམ་པ་དང་། ཆོས་ཀྱི ་མཐུན་པའི་བྱང་ཆུབ་སེམས་དཔའ་ལ་ངེས་པ་དང་འགྲོགས་ན་བདེ་བའི་བསམ་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། བདུད་ཀྱི་ལས་ཐམས་ཅད་ཟིལ་གྱིས་མིནན་ཅིང་། རང་གི་སེམས་ལ་དབང་བྱ ་དེའི་བསམ་པ་དང་། འདུ་བྱེད་ཐམས་ཅད་ལ་ཉེས་པའི་བསམ་པ་དང་། མྱ་དྲན་ལྔས་འདས་པ་ལ་ཕན་ཡོན་གྱི་བསམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དགེ་བ་རྣམས་བསྒོམ་པ་ལ་རྟག། ་ཏུ་བྱ་བའི་བསམ་པ་དང་། སྒོམ་པ་དེ་དག་ཉིད་ཀྱི་རྗེ་སུ་མཐུན་པའི་བར་དུ་དབེན་པའི་བསམ་པ་དང་། འཇིག་རྟེན་གྱི་ཟང་ཟིང་དང་། ཐོས་པ་དང་། རྙེད་པ་དང་། བཀུར་སྟི་ཐམས་ཅད་ལ་མི་ལྟ་བའི་བསམ་པ་དང་། ཐེག་པ་དམན་པ་སྤངས ་ག་པ་ཆེན་པོ་རྟོགས་པར་བྱ་བའི་བསམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་བྱ་བའི་བསམ་པ་སྟེ། ཡང་དག་པའི་བསམ་པ་བཅུ་པོ་འདི་དག་ནི་སེམས་དེ་ལ་འཇུག་པ་ཡིན་ཏེ། དེ་དག་གི་ལྷག་པའི་བསམ་པ ་དག་པ་ཞེས་བྱའོ།། བསམ་པོ་དེ་དག་ཉིད་ཆེ་བའི་ཕྱིར་དང་། ཡོངསུ་རྫོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ས་གཉིས་པ་ལ་འཇུག་ཅིང་གནོན་ཏོ།། དེ་ལྷག་པའི་ཚུལ་ཁྲིམས་ལ་གནས ་པ་ལས་རང་བཞིན་གྱིས་ཚུལ་ཁྲིམས་ཅན་ཡིན་ཏེ། ལོག་པའི་ལས་ཀྱི་ལམོ་དུ་གཏོགས་པའི་འཆལ་པའི་ཚུལ་ཁྲིམས་ཆུ་ངུ་ཡང་ཀུན་ཏུ་མི་སྤྱོད་ན། འབྲིང་ངམ། ཆེན་པོ་ལྟ་ཅི་སྨོས། དགེ་བའི་ལས་ཀྱི་ལམ་བཅུ་ཡོངསུ་རྫོགས ་པ་དག་ལ་ཡང་རང་བཞིན་གྱིས་ཡང་དག་པར་སྣང་།། དེས་དེ་ལྟར་རང་བཞིན་གྱིས་ཚུལ་ཁྲིམས་ཅན་གྱི་ཤེས་རབ་ཀྱིས་ངན་འགྲོ་རྣམས་དང་། བདེ་འགྲོ་རྣམས་དང་། ཐེག་པ་གསུམ་པོ་དག་ལ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ ་ཅན་མ་ཡིན་པའི་ལས་ཀྱི་ལམ་རྣམས་ཀྱི་ལས་ཀུན་ཏུ་སྤྱོད་པའི་རྒྱུ་ལས་འབྲས་བུ་ཡང་དག་པར་འགྲུབ་པ་རྣམ་པར་གཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས ་བུ་ལས་ཀྱང་ལེས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། བདག་ཉིད་ཀྱང་མི་དགེ་བའི་ལས་སྤོང་བ་དང་། དགེ་བའི་ལྔས་ཡང་དག་པར་ལེན་པར་ཡང་དག་པར་སྣང་ལ། གཞན་དག་ཀྱང་དེ་ཉིད་ལ་ལྟུང ་དག་པར་འཛུད་པར་འདོད་ཅིང་། ཡང་དག་པར་འཛུད་པར་བྱེད་དོ།། འཕོངས་པ་རྣམ་པ་སྣ་ཚོགས་ཀྱིས་ཕོངས་པར་གནས་པ་ལ་སྙིང་བརྩེ་ཞིང་། སྙིང་བརྩེ་བུ་རྒྱ་ཆེན་པོ་ཐོང་ནས་ལས་མི་མཐུན་པ་ཀུན་ཏུ་སྤྱོད་པའི་ཉིས ་པའི་སྐྱོན་ཆགས་པའི་སེམས་ཅན་གྱི་ཁམས་དར་བ་འམ་རྒུད་པར་གནས་པ་ཐམས་ཅད་ལ་བྱི་བླག་མེད་པར་དོན་དམ་པར་སྡུག་བསྔལ་བ་ཡིན་པར་སོ་སོར་རྟོག་གོ། ལྷག་པའི་ཚུལ་ཁྲིམས་ལ་གནས་པ་དེ་ལྔ་གནས་པའི ་སངས་རྒྱས་མཐོང་བ་དང་། དགེ་བའི་རྩ་བ་རྣམ་པར་དག་པར་འགྱུར་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། དེ་ལ་བྱེ་བྲག་ནོ་འདི་ཡོདདེ། དཔེར་ན། གསེར་དེ་ཉིད་ལ་གསེར་མགུར་མཁས་པས་ནག་ཚུར་གྱིས་བསྐུས་ནས ་མེར་བཅུག་ནོ།། ཤས་ཆེར་ཆེས་རྣམ་པར་དག་པར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་ཆོས་རྣམ་པར་དག་པར་རིག་པར་བྱའོ།། གནས་པ་དེ་ལ་སེམས་ཀྱི་བསམ་པ་དག་པ་སྒྲིབ་པ་ལ ་འཇུག་པ་ནི་སྐྱེ་བས་ཕལ་ཆེར་གླིང་བཞི་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ། ཤས་ཚོར་སེམས་ཅན་རྣམས་འཆལ་པའི་ཚུལ་ཁྲིམས་དང་། མི་དགེ་བའི་ལས་རྣམས་ལས་བཟློག་པར་བྱེད་ཅིང་། དགེ ་བའི་ལས་ཀྱི་ལམ་རྣམས་ལ་ཡང་། ཡང་དག་པར་འཛུད་པར་བྱེད།། དེའི་མཐུ་ནི་སྔ་མི་ལས་བཅུ་འགྱུར་དུ་རིག་པར་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་འདི་ནི་རང་བཞིན་གྱིས ་ཚུལ་ཁྲིམས་དང་། ཚུལ་ཁྲིམས་འཆལ་པའི་དྲི་མའི་རྣམ་པ་ཐམས་ཅད་སེལ་བ་དང་། ལས་ཀྱི་ལྡེམ་ཐམས་ཅད་ཀྱི་རྒྱུ་དང་། འབྲས་བུའི་རྣམ་པ་ཐམས་ཅད་ཤེས་པ་སོ་སོར་རྟོགས་པ་དང་། དགེ་བའི་ལས་ལ་གཞན་ཡང ་དག་པར་འཛུད་པར་འདོད་པ་དང་། སྙིང་བརྩེ་བ་རྒྱ་ཆེན་པོ་ཐོབ་པ་དང་། སེམས་ཅན་གྱི་ཁམས་ཀྱི་ལམ་ལས་སྐྱེས་པའི་སྡུག་བསྔལ་བ་དང་། ཕོངས་པ་ལ་རྟོག་པ་དང་། དགེ་བའི་རྩ་བ་རྣམ་པར་དག་པ་དང་། སྐྱེ་བ་དང་མཐུ། ་ལས་མདོར་བསྟེན་པར་རིག་པར་བྱའོ།། རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། མདོ་ཉིད་ལས་ས་བཅུའི་ས་དྲི་མ་མེད་པོའི་ས་ལས་ཇི་སྐད་འབྱུང་བ་བཞིནོ།། འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བའི་ཕྱིར། དྲི་མོ་མེད་པའི ་ས་ཞེས་བྱ་བ་ལ་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བ་ཉིད་ཀྱི་ཕྱིར་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ཞེས་བྱ་བ་སྟེ། དེ་ལ་དྲི་མ་མེད་པའི་ས་གང་ཡིན་པ་དེ་འདིར་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ཡིན་པར ་རིག་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་སེམས་ལ་གནས་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ཐོག་མ་ཉི་དུ ་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ལ་བསམ་པ་དག་པ་བཅུ་པོ་གང་དག་ཡིད་ལ་བྱས་ཤིང་བསྟེན་ཏེ། རྟོགས་པར་གྱུར་པའི་སེམས་ཀྱི་བསམ་པ་ཡིད་ལ་བྱེད་པ་དེ་དག་གཞན་རྣམ་པ་བཅུས་ཆེ་བའི་ཕྱིར་དང་། ་ཡོངསུ་རྫོགས་པའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ལས་ཡང་དག་པར་འདས་ནས། ལྷག་པའི་སེམས་ཀྱིས་གནས་པ་ལ་འཇུག་སྟེ། རྣམ་པ་བཅུས་བདོག་གི་སེམས་ཀྱི་བསམ་པ་དྲག་པར་གྱུར་ཏོ་སྙམ་པའི ་ཡིད་ལ་བྱེད་པ་དང་། བདག་གི་བསམ་པ་དགེ་བ་རྣམ་པ་བཅུ་པོ་འདི་ལས་ཡོངསུ་ཉམས་པར་འགྱུར་བའི་ཆ་མ་ཡིནོ་སྙམ་པའི་ཡིད་ལ་བྱེད་པ་དང་། ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་མི་འཇུག་ཅིང་མི ་མཐུན་པར་ཡང་གནས་སྙམ་པའི་ཡིད་ལ་བྱེད་པ་དང་། དེ་དྲིགཉེན་པོ་སྒོམ་པ་ལ་ཡང་བདགི་ནི་ཤྭེ་བ་སྔ་དག་པར་གནསོ་སྙམ་པའི་བསམ་པ་ཡིད་ལ་བྱེད་པ་དང་། བདག་ནི་གཉེན་པོ་འདྲི་ལས་ཡོངསུ་ཉམས་པར་འགྱུར་བའི་ཆམ ་ཡིནོ་སྙམ་པའི་ཡིད་ལ་བྱེད་པ་དང་། བདག་ནི་འདི་ལྟར་གཉེན་པོ་བརྟན་པོར་གྱུར་པས་ཟག་པ་དང་བཅས་པའི་ཆོས་དེ་དག་ཐམས་ཅད་དང་། བདུད་ཐམས་ཅད་ཀྱིས་ཟིལ་གྱིས་ནོན་པར་འགྱུར་བའི་ཆ་མ་ཡིནོ་སྙམ་པའི། ་ཡིད་ལ་བྱེད་པ་དང་། བདག་གི་ཡོད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཞུམ་པ་མེད་པར་འཇུག་སྙམ་པའི་ཡིད་ལ་བྱེད་པ་དང་། དཀའ་བ་སྐྱེད་པ་ཐམས་ཅད་ཀྱང་བདག་ལ་གནོད་པ་མེདོ་སྙམ་པའི་ཡིད་ལ། ་བྱེད་པ་དང་། བདག་ནི་སེམས་གཅིག་ཏུ་ངེས་པས་ཐེག་པ་ཆེན་པོ་ལ་མོས་ཀྱི། དེ་མ་ཡིན་པའི་ཐེག་པ་དམན་པ་རྣམས་ལ་ནི་མ་ཡིནོ་སྙམ་པའི་ཡིད་ལ་བྱེད་པ་དང་། བདག་གི་སེམས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས ་ཅད་བྱ་བ་ལ་མངོན་པར་དགའོ་སྙམ་པའི་ཡིད་ལ་བྱེད་པ་སྟེ། སེམས་ཀྱི་བསམ་པ་བཅུ་པོ་དེ་དག་གིས་འཇུག་པར་བྱེད།། ལྷག་པའི་སེམས་ལ་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་ཐམས་ཅད་ལ་ཉེས ་དམིགས་ཀྱི་རྣམ་པ་སྣ་ཚོགས་ཀྱིས་སུན་འབྱིན་པར་བྱེད། དེ་དག་ལས་ཡིད་སྐྱོ་བར་བྱེའོ།། སངས་རྒྱས་ཀྱི་ཡ་ཤེས་ལ་ཕན་ཡོན་རྣམ་པ་སྣ་ཚོགས་ཀྱིས་ཕན་ཡོན་དུ་ལྕི་ཞིང་དེ་ལ་འདོད་པ་སྐྱེས་པ་ཡིན།། སྙིང་ཐག་པ་ནས ་འདུན་པ་སེམས་ཅན་གྱི་ཁམས་ལ་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བར་རྣམ་པར་བལྟའོ།། སེམས་ཅན་དེ་དག་ལ་ལྕི་བའི་སེམས་དང་ལྡན་པ་ཡིནོ།། འདུ་བྱེད་ཐམས་ཅད་ལ་བག་ཡོད་པ་དང་། དོན་ལ ་རྟོན་པའི་སེམས་དང་། བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་འབར་བ་ཡིན། སེམས་ཅན་རྣམས་ལ་སྙིང་རྗེའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན།། སེམས་ཅན་དེ་དག་གཏན་དུ་སྡུག་བསྔལ་ལས་རྣམ་པར་གྲོལ་བར་བྱ་བའི་ཐབས་ནི། ་ཉོན་མོངས་པ་ཐམས་ཅད་ཀྱིས་མ་བསྒྲིབས་པའི་ཡེ་ཤེས་ཁོ་ན་ཡིན་པར་མཐོང་བ་ཡིན། རྣམ་པར་ཐར་པ་དེ་ཡང་དག་པར་འགྲུབ་པར་བྱ་བའི་ཆོས་ཀྱི་དབྱིངས་ལ་རྣམ་པར་རྟོག་པའི་རྒྱུ་ཀུན་ནས་ཉོན་མོངས་པ་སྐྱེ་བ་ཐམས་ཅད ་ཅད་ཀྱི་གཉེན་པོ་ནི་ཤེས་རབ་ཡིན་པར་མཐོང་བ་ཡིན། ཡེ་ཤེས་ཀྱི་སྣང་བ་དེ་འགྲུབ་པར་བྱེད་པ་ནི་ཡང་དག་པའི་ཏིངེ་འཛིན་ཡིན་པར་མཐོང་བ་ཡིན། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས ་པར་འཇུག་པ་དེ་དག་སྒྲུབ་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པ་སྔོན་དུ་འགྲོ་བ་དང་། ཉན་པའི་གཞི་ཡིན་པར་མཐོང་བ་ཡིནོ།། མཐོང་ནས་ཀྱང་བརྩོན་འགྲུས་ཆེན་པོ་རྩོམ་པས་ཐོས་པ་ཡོངསུ་ཚོལ་བར་བྱེད།། དམ་པའི་ཆོས ་མཉན་པའི་ཕྱིར་ནོར་དང་ཡོ་བྱད་དང་། ནང་དང་ཕྱི་རོལ་གྱི་དངོས་པོ་གང་ཡོངསུ་ཨི་གཏོང་བ་མདོ།། བླ་མ་ལ་བསྙེན་བཀུར་བྱ་བ་གང་ཉམ་སུ་མི་ལེན་པ་དེ་མ་དོ།། འདུད་པ་གང་ཉམ་སུ་མི་ལེན་པ་དེ་མེ་དོ།། ལུས་ཀྱི་གནོད་པ་གང ་ཉམ་སུ་མི་ལོན་པ་མེ་དོ།། དེ་ནི་ཚིག་བཞི་པའི་ཚིགསུ་བཅད་པའི་གཅིག་ཐོས་པས་ཀྱང་ཆེས་དགའ་བར་འགྱུར་གྱིས། སྟོང་གསུམ་པོ་གང་བ་དང་མཉམ་པའི་རིན་པོ་ཆེའི་ཕུང་པོ་ཆེན་པོས་ནི་དེ་ལྟ་མ་ཡིནོ།། ཡང་དག ་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངསུ་དག་པར་བྱེད་པའི་ཆོས་ཀྱི་ཚིག་གཅིག་ཙམ་ཐོས་པས་ནི་ཆེས་དགའ་བར་འགྱུར་གྱི་བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། བདུད ་ཉིད་དང་། འཇིག་རྟེན་སྐྱོང་བ་ཉིད་དང་། འཁོར་ལོས་སྒྱུར་བ་ཉིད་ཀྱི་ལུས་ཐོབ་པ་རྣམས་ཀྱིས་ནི་དེ་ལྟ་མ་ཡིན།། གལ་ཏེ་དེ་ལ་ལ་ལ་ཞིག་འདི་སྐད་དུ་ཇི་སྟེ་ཁྱེད་མེ་དོང་ཆེན་པོར་བདག་ཉིད་འདོད་པར་བྱེད ་དམ། སྡུག་བསྔལ་གྱི་གནོད་པ་ཆེན་པོ་ཉམ་སུ་ལེན་པར་བྱེད་ན་ནི། འདི་ལྟར་དུས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་བྱང་ཆུབ་སེམས་དཔའི་སྐྱིད་པ་ཡོངསུ་དག་པར་བྱེད་པའི་ཆོས་ཀྱི་ཚིག་འདི་ཁྱོད ་ལ་བསྒྲགསོ་ཞེས་ཟེར་བ་ཐོས་ན་ཡང་འདི་སྙམ་དུ་སེམས་ཏེ། བདག་གིས་ཆོས་ཀྱི་ཚིག་འདིའི་ཕྱིར་སྔ་མ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་གང་བ་དང་མཉམ་པའི་མེ་དོང་དུ་ཡང་ཚངས་པའི་འཇིག་རྟེན་ནས་བདག་ཉིད ་འདོར་བྱར་སྤྲོ་ན། ངན་དོན་གྱི་ནང་དུ་ལྟ་ཅི་སྨོས། བདག་གིས་སེམས་ཅན་དམྱལ་བའི་སྡུག་བསྔལ་ལ་གནས་པ་དང་ཡང་བསྔོས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངསུ་བཙལ་དགོས་ན། སྡུག་བསྔལ་གྱི་གནོད་པ་ཕལ ་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་བརྩོན་འགྲུས་བརྩམས་པས་ཆོས་རྣམས་ཡོངསུ་བཙལ་ནས། སངས་རྒྱས་ཀྱི་ཆོས་རྣམས་ནི་འདི་ལྟར་ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་སྒྲུབ་པ་ལ་བརྟེན་པ་ཡིན་གྱི། ཚིག་འབྲུ་དང་སྒྲ་ཙམ་གྱིས་རྣམ ་པར་དག་པ་ནི་མ་ཡིནོ་སྙམ་དུ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད།། དེ་ལྟར་རིག་ནས་ཐོས་པ་དེ་ཉིད་ལ་བརྟེན་ཏེ། ཆོས་ཀྱི་མཆིནི་མ་རྣམས་ལ་ཡང་དག་པར་དམིགས་པ་བྱས་ནས། འདོད་པ་རྣམས་ལས་དབེན་པ་ནས། རྒྱས ་པར་འཇིག་རྟེན་པའི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། འཇིག་རྟེན་པའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཚད་མེད་པ་བཞི་དང་། མངོན་པར་ཤེས་པ་ལྔ་བསྒྲུབས་ཏེ ་གནསོ།། དེ་དེ་དག་གིས་ལན་མང་དུ་གནས་ཏེ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་དང་། སྙོམས་པར་འཇུག་པ་དེ་དག་ལས་བཟློག་ནས། སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་གང་དུ་སེ་མས་ཅན ་གྱི་དོན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཡོངསུ་རྫོགས་པར་འགྱུར་བ་མཐོང་བ་དེར་སྐྱེ་བར་འགྱུར་ལ། དེ་དེ་དག་གི་དབང་གིས་སྐྱེ་བ་མཱི་འགྱུར་རོ།། དེ་ནི་འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་འདོད་པའི་འཆིང་བ་རྣམས ་སྤངས་པ་ཡིན་ལ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་དང་། སྙོམ་སྡེ་ཕྱིར་འཇུག་པ་ལས་བཟློག་པའི་ཕྱིར་སྲིད་པརོ་འཆིང་བ་རྣམས་སྤངས་པ་ཡིན།། དེ་ནི་ཐོག་མ་མོས་པ་སྤྱོད་པའི་ས་ཉིད་ནས། ཆོས ་ཀྱི་དེ་བཞིན་ཉིད་ལ་མོས་པའི་ཕྱིར། ལྟ་བ་ལས་གྱུར་པའི་འཆིང་བ་རྣམས་སྤངས་པ་ཡིནོ།། ལོག་པའི་འདོད་ཆགས་དང་། ཞོ་སྡང་དང་། གཱཏི་མུག་ནི་དེ་ལ་གཏན་མི་འབྱུང་།། དེའི་སངས་རྒྱས་མཐོང་བ་ནས་རྒྱས་པར་དག ་བའི་རྩེ་བ་རྣམ་པར་དག་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། དེ་ལ་བྱེ་བྲག་ནི་འདི་ཡོད། དཔེར་ན་གསེར་མགར་མཁས་པའི་ལག་ནི་ཡོད་པའི་གསེར་དེ་ཉིད་དྲི་མ་དང་། སྐྱོན་བག་ཀྱང་ཟང་ལ་སྐྱ་བྲི་མེད་པར་ཆད་མཉམ་པ་དེ། ་བཞིན་དུ་དེ་དགེ་བའི་རྩ་བ་དེ་རྣམ་པར་དག་པར་རིག་པར་བྱའོ།། སྐྱེ་བྲས་ནི་ཕལ་ཆེར་ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འདོད་པའི་འདོད་ཆགས་བཟློག་པ་ལ་མཁས་པའོ།། མཐུ ་ནི་གནས་པ་སྔ་མ་གང་ལ་སྟོང་དུ་བསྟན་པ་དེ་འདིར་འབུམ་དུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་སེམས་ལ་གནས་པ་འདི་ནི་སེམས་ཀྱི་ཡིད་ལ་བྱེད་པ་འགྲུབ་པ་ལ་འཇུག་པ་དང་། འདུ་བྱེད་དང ་སེམས་ཅན་གྱི་ཁམས་དང་། བྱང་ཆུབ་ཆེན་པོ་ཡང་དག་པར་སོ་སོར་རྟོགས་པ་དང་། སེམས་ཅན་སྡུག་བསྔལ་ལས་རྣམ་པར་ཐར་བར་བྱ་བའི་ཐབས་ཡང་དག་པར་ཡོངསུ་ཚོལ་བ་དང་། གུས་པ་ཆེན་པོས་ཡོངསུ་ཚོལ་བ ་དང་། ཆོས་ཀྱི་རྗེསུ་མཐུན་པའི་ཆོས་ནན་ཏན་དུ་སྒྲུབ་པ་དང་། འཇིག་རྟེན་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་ལ་གྲནས་པ ་དང་། དེ་ལས་བཟློག་ནས་སྨོན་ལམ་གྱིས་གང་དུ་འདོད་པར་སྐྱེ་བ་དང་། དག་པའི་རྩ་བ་རྣམ་པར་དག་པ་དང་། སྐྱེ་བ་དང་། མཐུ་ལས་མདོར་བསྟན་པར་རིག་པར་བྱའོ།། རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། ས་བཅུའི་མདོར ་འོད་བྱེད་པ་ལས་འབྱུང་བ་བཞི་ནོ།། ས་དེ་ནི་ཐོས་པའི་རྣམ་པའི་ཆོས་ཀྱི་སྣང་བ་གསལ་བ་དང་། ཏིང་འཛིན་གྱི་སྣང་བ་གསལ་བས་རབ་ཏུ་ཕྱེ་བའི་ཕྱིར། འོད་བྱེད་པ་ཞེས་བྱའོ།། ནང་གི་སེམས་རྣམ་པར་དག་པ་ལ་བརྟེན ་ནས། དེ་འོད་དང་ལྡན་པ་ཡིན་ཏེ། དེ་ལྟ་བས་ན་གནས་པ་དེ་ལྷག་པའི་སེམས་ཞེས་བྱའོ།། གང་གི་དོན་གྱིས་འོད་བྱེད་པའི་ས་ཞེས་བྱ་བའི་དོན་དེ་ཉིད་ཀྱིས་ལྷག་པའི་སེམས་ལ་གནས་པ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང ་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པོ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཐོས་པ་ཡོངསུ་བཙལ་བའི་དབང་དུ་བྱས་ནས། ལྷག་པའི ་སེམས་ལ་དབང་དུ་གནས་པ་ལ་ཐོག་མ་ཉི་དུ་ཆོས་ལ་སྣང་བ་འཇུག་པ་བཅུ་ཐོབ་པ་ཡིན་ཏེ། དེ་དག་ཆེ་བ་དང་ཡོངསུ་རྫོགས་པའི་ཕྱིར་ལྷག་པའི་སེམས་ལ་གནས་པ་ལས་འདས་ནས། ལྷག་པའི་ཤེས་རབ་ལ་གནས ་པ་དང་པོ་ལ་འཇུག།། ཆོས་ལ་སྣང་བ་འཇུག་པ་བཅུ་པོ་དེ་དག་ཀྱང་གཞུང་ནི་མདོ་ལས་ཇི་སྐད་དུ་འབྱུང་བ་ཁོ་ན་བཞིན་དུ་རིག་པར་བྱ་སྟེ། གང་དག་འདོགས་པ་དང་གང་དུ་འདོགས་པ་དང་དེ་དག་ཀྱང་དོན་དམ་པར་གང ་དང་མཉམ་པ་དང་། ཀུན་ནས་ཉོཉིན་མོངས་པ་དང་། རྣམ་པར་བྱང་བས་གང་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། རྣམ་པར་དག་པར་འགྱུར་བ་དང་། གང་དང་ལྡན་པའི་ཀུན་ནས་ཉོན་མོངས་པས་ཀུན་ནས ་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། རྣམ་པར་དག་པ་བླ་ན་མེད་པ་གང་གིས་རྣམ་པར་དག་པར་འགྱུར་བ་ཞེས་བྱ་བ་འདི་ནི། ཆོས་ལ་སྣང་བ་བསྟན་པ་དེ་དག་གི་དོན་གྱི་མདོ་ཡིན་པར་རིག་པར་བྱའོ།། གནས་པ་དེ་ལ ་གནས་པ་དེ་ནི་མི་ཕྱེད་པའི་བསམ་པ་ལ་སོགས་པ་ཡེ་ཤེས་ཡོངསུ་སྨིན་པར་བྱེད་པའི་ཆོས་མདོ་སྡེ་ལས་ཛཱ་སྐད་འབྱུང་བ་རྣམ་པ་བཅུ་དང་ལྡན་པས་ཡེ་ཤེས་ཡོངསུ་སྨིན་པའི་ཕྱིར། དེའི་བདག ་ཉིད་ཀྱི་ཆོས་རབ་ཏུ་ཐོས་པས་དེ་བཞིན་གཤེགས་པའི་རིགསསུ་རབ་ཏུ་གྲུབ་པ་ཡིནོ།། བྱང་ཆུབ་སེམས་དཔའི་ལྟ་བུ་རྣམ་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང ་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མདོ་ཉིད་ལས་འབྱུང་བ་བཞིན་དུ་བསྒོམ།། དེས་ཆོས་དེ་དག་ཐབས་ཀྱིས་ཡོངསུ་ཟིན་པས་བསྒོམ་པའི་ཕྱིར། དེ་འཇིགས་ཚོགས་ལ་ལྟ་བ་ཤིན་ཏུ་ཆ་ཕྲ་བ་དང་། ཕུང་པོ་དང་། ཁམས་དང་། ་སྐྱེ་མཆེད་ལ་སོགས་པ་ལ་མངོན་པར་ཞེན་པ་དང་། གཡོ་བ་ཐམས་ཅད་ཀུན་ཏུ་མི་སྤྱོད་པས་གཏན་དུ་སྤོང་བར་བྱེད།། དེ་རྣམས་སྤངས་པོས་དེ་བཞིན་གཤེགས་པས་སྨད་པའི་ལས་གང་ཡིན་པ་དེ་དག་ཐམས་ཅད་དུ་མི་སྤྱོད།། ་དེ་བཞིན་གཤེགས་པས་བསྔགས་པ་གླང་ཡིན་པ་དེ་དག་ཐམས་ཅད་ལ་ནི་ཇི་ལྟ་བྱ་བཞིན་དུ་འཇུག་པར་བྱེད།། དེ་ལྟར་གྱུར་ན་དེ་བྱས་ཀྱང་ཤས་ཆེར་སེམས་འཇིམ་པ་དང་། མཉེན་པ་དང་། ལ་སུ་རུང་བར་ཡང་འགྱུར། ་དེ་ལྟར་རྣམ་པ་སྣ་ཚོགས་ཀྱིས་སེམས་ཤིན་ཏུ་རྣམ་པར་དག་པར་གྱུར་ན་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ལ་སོགས་པས་དེའི་བསམ་པ་དང་མཐུན་པའི་དཀར་པོའི་ཆོས་རྣམ་པ་སྣ་ཚོགས་དང་ལྡན་པར་འགྱུརརོ།། ་ས་གོང་མ་ཡོངསུ་སྦྱོང་བར་བྱེད་པའི་ལས་རྣམས་ཀྱང་དགུ་པར་ཡོངསུ་ཚོལ་ཞིང་བརྩོན་འགྲུས་རྩོམ་པ་ཆེན་པོ་ཐོབ་སྟེ་གནས།། གཞི་དེས་དེའི་བསམ་པ་དང་། ལྷག་པའི་བསམ་པ་དང་། མེས་པའི་ཁམས་ཡོངསུ་རྫོགས ་པར་འགྱུརརོ།། གཞི་ངོས་ཀྱང་བསྟན་པའི་དགྲར་གྱུར་པ་མུ་སྟེགས་ཅན་དང་བདུད་ཐམས་ཅད་ཀྱིས་ཀྱང་མི་འཕྲོགས་ཤིང་མཱི་བསྐྱོད་པར་འགྱུར་རོ།། སངས་རྒྱས་མཐོང་བ་ནས་རྒྱུ་ལ་དགེ་བའི་རྩ་བ་རྣམ་པར་དག་པ་ནི་སྔ་མ་བཞིན ་དུ་རིག་པར་བྱའོ།། དེ་ལ་བྱེ་བྲག་ནི་འདི་ཡོད། དཔེར་ནཱ་གསེར་དེ་ཉིད་གསེར་མག་མཁས་པས་རྒྱུན་གྱིས་རྣམ་པར་བྱས་པ་ནི་རྒྱན་དུ་མཱ་བྱས་པའི་གསེར་རྣམས་ཀྱིས་མི་འཕྲོགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི ་དགེ་བའི་རྩ་བ་དེ་དག་ནི་དེ་ལས་གཞན་པའི་བྱིས་པའི་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ཀྱིས་མི་འཕྲོགས་པ་ཡིནོ།། དཔེར་ན་ནོར་བུ་རིན་པོ་ཆེ་སྣང་བ་རབ་ཏུ་གཏོང་བ་ནི་དེ་མ་ཡིན ་བའི་ནོར་བུ་རྣམས་ཀྱིས་མི་འཕྲོགས་ཤིང་། རླུང་དང་། ཆུ་དང་། ཆར་པ་རྣམས་ཀྱིས་འདི་མི་ཆོད་པ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་ཤིང་། ཤེས ་རབ་ཀྱི་སྣང་བ་ཡང་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱིས་མི་ཆོད་པ་ཡིནོ།། སྐྱེ་བས་ནི་ལྷའི་རྒྱལ་པོ་རབ་འཐོབ་བྲལ་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འཇིག་ཚོགས་ལ་ལྟ་བ་རྣམ་པར་བཟློག་པ་ལ་མཁསོ།། མཐུ ་ནི་གནས་པ་སྔ་མ་གང་དུ་འབུམ་འགྱུར་དུ་བསྟན་པ་དེ་འདིར་བྱེ་བར་བསྟན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལྷག་པའི་ཤེས་རབ་ལ་གནས་པ་འདི་ནི། ་ཆོས་ལ་སྣང་བ་འཇུག་པ་འགྲུབ་པར་ཐོབ་པ་དང་། ཡེ་ཤེས་ཡོངསུ་སྨིན་པར་འགྱུར་བ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྟེན་པ་དང་། འཇིག་ཚོགས་ལ་ལྟེ་བ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་། གཡོ ་བུ་ཐམས་ཅད་སྤངས་པ་དང་། བཀག་པ་དང་། གནང་བའི་ལས་རྣམ་པར་སྤོང་བ་དང་། བསྟེན་པོ་དང་གཞི་ངོས་སེམས་མཉན་པར་འགྱུར་བ་དང་། དེ་དང་མཐུན་པའི་ཡོན་ཏན་ཡང་དག་པར་འགྲུབ་པ་དང་། ས་ཡོངསུ་དག་པར ་བྱེད་པའི་ལས་ཡོངསུ་ཚོལ་བ་ལས་བརྩམས་ཏེ། བརྩོན་འགྲུས་ཆེན་པོ་བརྩམས་པ་དང་། གཞི་ངེས་བས་པ་དང་ལྷག་པའི་བསམ་པ་དང་མོས་པ་རྣམ་པར་དག་པར་བྱེད་པ་དང་། གཞི་ངས་བསྟན་པའི་དགྲ་ཐམས ་ཅད་ཀྱིས་མི་འཕྲོགས་པ་དང་། དགེ་བའི་རྩ་བ་རྣམ་པར་དག་པ་དང་། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ།། རྒྱས་པར་བསྟན་པ་ནི་ས་བཅུའི་འོད་འཕྲོ་ཙཱནྡོ་ལས་ཇི་སྐད་བསྟན་པ་བཞིན་ཏེ། སོ་དེ་ལ་བྱང ་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཡེ་ཤེས་ཀྱི་འོད་འཕྲོ་བར་གྱུར་པ་དང་། ཡང་དག་པའི་ཆོས་སྟོན་པས་འཇིག་རྟེན་རྣམས་ལ་ཤེས་རབ་ཀྱི་སྣང་བ་བྱེད་པས་ནི་དེའི་ཕྱིར་ས་དེ་ལ་འོད་འཕྲོ་ཅན་ཞེས་བྱ་སྟེ། དེ་ཉིད་འདིར ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལྷག་པའི་ཤེས་རབ་ཀྱི་གནས་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་གཉིས་པ་གང་ཞེ་ན། འདི་ལ་བྱང་ཆུབ ་སེམས་དཔས་ལྷག་པའི་ཤེས་རབ་ལ་གནས་པ་སྔ་མྲ་ལ་རྣམ་པར་དག་པ་ལ་བས་པ་མཉམ་པ་ཉིད་བཅུ་ཐོབ་པ་གང་ཡིན་པ་དེ་དག་ཆེ་བའི་ཕྱིར་དང་། ཡོངསུ་རྫོགས་པའི་ཕྱིར་ལྷག་པའི་ཤེས་རབ་ལ་གནས་པ་གཉིས་པ ་ལ་འཇུག།། རྣམ་པར་དག་པ་ལ་བསམ་པ་ཉིད་བཅུའི་གཞུང་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། སངས་རྒྱས་རྣམས་ནི་མཉམ་པ་མེད་པའི་སངས་རྒྱས་རྣམས་དང་། མཉམ་ལ་དེ་མ་ཡིན་པའི་སེམས ་ཅན་གྱི་ཁམས་ལས་ཡང་དག་པར་འདས་པ་དང་། ཆོས་གང་དག་དང་ཇི་ལྟར་མཉམ་པ་འདི་ནི་རྣམ་པར་དག་པ་ལ་བསམ་པ་ཉིད་རྣམས་ཀྱི་དོན་གྱི་མདོ་ཡིན་པར་རིག་པར་བྱའོ།། གནས་པ་དེ་ལྟ་གནས་པ་དེ་ནི་ཕྱིར་ཞིང ་ཡེ་ཤེས་ཁྱད་པར་ཙུན་འདོད་པས་འཕགས་པའི་བདེན་པ་བཞི་ལ་རྣམ་པ་བཅུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གཞུང་ནི་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་ཐམས་ཅད་རིག་པར་བྱའོ།། གཞན་ལ ་གོ་བར་བྱེད་པ་དང་། སོ་སོ་རང་གིས་ཤེས་པ་དང་། དེ་གཉི་གའི་གནས་ལས་བརྩམས་ཏེ་གང་བསྟན་པ་དང་། མདོ་སྡེ་དང་། འདུལ་བ་དང་། མ་མོ་ལས་བརྩམས་ཏེ་གང་གིས་བསྟན་པ་དང་། ད་ལྟར་བྱུང་བའི་སྡུག ་བསྔལ་གྱི་བདག་ཉིད་དང་། རྒྱུ་ལས་མ་འོངས་པའི་སྡུག་བསྔལ་འབྱུང་བ་དང་། རྒྱུ་ཟད་པས་དེ་ཟད་མི་སྐྱེ་བ་དང་། དེ་སྤང་བའི་ཐབས་ལ་བསྟེན་པ་ལས་བརྩམས་ནས་ཇི་ལྟར་བསྟན་པ་སྟེ། དེ་ལྟར ་ན་འདི་ནི་འཕགས་པའི་བདེན་པ་བཞི་ཤེས་པ་རྣམ་པ་བཅུའི་དོན་གྱི་མདོ་ཡིན་པར་རིག་པར་བྱའོ།། དེ་ལྟར་བདྲེན་པ་ལ་མཁས་པ་དེ་ནི་འདུ་བྱེད་དུ་གྱུར་པ་ཐམས་ཅད་ཤེས་རབ་ཀྱིས་ཡང་དག་པར་རྣམ་པར་སུན་འབྱིན ་པར་བྱེདདོ།། སེམས་ཅན་གྱི་ཁམས་ལ་ཡང་སྙིང་རྗེའི་བསམ་པ་རྣམ་པར་འཕེལ་བྱར་འགྱུརརོ།། སེམས་ཅན་བྱིས་པའི་ལོག་པར་སྒྲུབ་པ་ཡང་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལས་ཡང་དག་པར་རབ་ཏུ་རྟག་སོ།། དེ ་དག་རྣམ་པར་ཐར་པར་བྱ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངསུ་བཟུང་བ་ལ་སེམས་ཀྱིས་སྨོན་པར་བྱེད་ཅིང་དེ་ལ་གནས་པའོ་བསམ་པ་ཡང་ཡང་དག་པར་འགྲུའོ།། དྲན་པ་དང་། བློ་གྲོས་དང་། ་རྟོགས་པ་ལ་སོགས་པ་ཡོན་ཏན་མང་པོ་རྣམ་པ་སྣ་ཚོགས་དང་ལྡན་པ་དང་། ཡིད་ལ་བྱེད་པ་གཞན་དང་བྲལ་བ་དང་། ཡོངསུ་སྨིན་པར་བྱ་བའི་ཐབས་སྣ་ཚོགས་ཀྱིས་ཀྱང་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེའོ།། ས་ན ་རྣམས་ལ་ཕན་འདོགས་པའི་འཇིག་རྟེན་པའི་ཡི་གེ་དང་། བསྟན་བཅོས་དང་། རྒྱ་དང་། རྩིས་དང་། ཤོད་ཐབས་ལ་སོགས་པ་བཟོ་དང་ལོས་ཀྱི་གནས་མདོ་ལས་ཇི་སྐད་འབྱུང་བ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང ་སེམས་ཅན་རྣམས་ལ་འཇིག་རྟེན་པའི་ཐ་སྙད་དང་མཐུན་པར་བྱ་བ་དང་དབུལ་བ་བསལ་བར་བྱ་བ་དང་། ཁམས་མྱ་སྙོམས་པ་དང་མི་དང་མི་མ་ཡིན་པས་བྱས་པའི་གནོད་པ་ཞི་བར་བྱ་བ་དང་། ཁ་ན་མ་ཐོ་བ་མེད་པའི་རྩེད་མོ་དང་། ་དགའ་བའི་དངོས་པོ་སྒྲུབ་པས་ཆོས་མ་ཡིན་པ་ལ་དགའ་བ་ལས་བཟློག་པར་བྱ་བ་དང་། ཁྱིམ་གྱི་ཡོ་བྱད་འདོད་པ་རྣམས་ལ་ཚེགས་ཆུ་ངས་ཁྱིམ་གྱི་ཡོ་བྱད་བསྒྲུབ་པར་བྱ་བ་དང་། རྒྱལ་པོ་དང་། ཆོམ་རྐུན་ལ་སོགས་པའི ་གནོད་པ་ལས་ཡོངསུ་བསྐྱབ་པར་བྱ་བ་དང་། གནས་དང་གནས་མ་ཡིན་པའི་སྦྱོར་བ་ལ་གནང་བ་དང་དགག་པར་བྱ་བ་དང་། བཀྲ་ཤིས་དང་། བཀྲ་མི་ཤིས་པའི་དངོས་པོ་བླང་བ་དང་དོར་བ་ལ་གཟུང་པ་དང་། ཚེ་འདི་ལ་གཅིག ་ལྔ་གཅིག་མི་འཁུ་བ་དང་། ཚེ་ཕྱི་མ་ལ་ཕྱིན་ཅི་མ་ལོག་པའི་མངོན་པར་མཐོ་བའི་ལམ་བསྟན་པ་དང་། སྙིང་རྗེ་དང་ལྡན་པས་མཐར་གྱིས་བྱང་ཆུབ་ལ་དགོད་པར་བྱ་བའི་ཕྱིར་མངོན་པར་སྒྲུབ་པ་སྟེ། དེ་ལྟར་ན་འདི ་ནི་སེམས་ཅན་རྣམས་ལ་ཕན་འདོགས་པའི་བཟོ་དྲང་ལས་ཀྱི་གནས་དེ་དག་གི་དོན་གྱི་མདོ་ཡོན་པར་རིག་པར་བྱའོ།། གཞན་ཐམས་ཅད་ནི་སྡེ་མ་བཞི་ནོ།། དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དཔེར་ན་གསེར་དེ་ཉིད་གས ་མགར་མཁས་པས་སྤུག་བྱི་དོར་བྱས་པས་སྤྲས་པ་ནི་མཚུངས་པ་མེད་པའི་ཕྱིར་དེ་མ་ཡིན་པའི་གསེར་དག་གིས་མི་འཕྲོག་སོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔོའ་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས ་ཅད་དང་། དེ་མ་ཡིན་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་འཕྲོགས་པ་ཡིནོ།། དཔེར་ན་ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་རྣམས་ཀྱི་འོད་ནི་རླུང་གི་དཀྱིལ་འཁོར་ཐམས ་ཅད་ཀྱིས་མི་འཕྲོགས་ལ་རླུང་དང་འགྲོ་བར་ནི་འདྲའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དེ་ཡང་ཉན་ཐོས་དང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་ལ། འཇིག་རྟེན་པའི་བྱ་བ་བྱེད་པར་ནི་འདྲའོ།། སྐྱེ ་བས་ནི་ལྷའི་རྒྱལ་པོ་ཡོངསུ་དགའ་ལྡན་དུ་འགྱུར་ཏེ། མུ་སྟེགས་ཅན་ཐམས་ཅད་བཟློག་པ་ལ་མཁསོ།། མཐུ་ནི་བྱེ་བ་ཕྲག་སྟོང་གི་གྲངསུ་བསྟན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་དང་ལྡན ་པའི་ལྷག་པའི་ཤེས་རབ་ལ་གནས་པ་འདི་ནི་རྣམ་པར་དག་པ་ལ་བསམ་པ་ཉི་དུ་གྲུབ་པ་ལ་འཇུག་པ་དང་། ཐབས་དང་བདོན་པ་དཔྱོད་པ་སོ་སོ་རྣམ་པར་འཕེལ་བ་དང་། འདུ་བྱེད་རྣམ་པར་སུན་འབྱིན་ཅིང་སེན ་ལ་སྙིང་རྗེ་རྣམ་པར་འཕེལ་བ་དང་། དེའི་དོན་དུ་བསོད་ནམྱས་དང་ཡེ་ཤེས་ཀྱི་ཚོགས་བསྩགས་པའི་སྨོན་ལམ་སྦྱོར་བ་དང་། དྲན་པོ་དང་། བློ་གྲོས་དང་རྟོགས་པ་ལ་སོགས་པའི་ཡོན་ཏན་འཕེལ་པོ་དང་། གཞན་ཡིད ་ལ་མི་བྱེད་པ་དང་། རྣམ་པ་ཐཾད་དུ་སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལ་བརྩོན་པ་དང་། འཇིག་རྟེན་པའི་བཟོ་སྒྲུབ་པ་དང་། དགེ་བའི་རྩ་བ་རྣམ་པར་དག་པ་དང་། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ།། རྒྱས་པར་བསྟན ་པ་ནི་འདི་ལྟ་སྟེ། ས་བཅུའི་ས་ཤིན་ཏུ་སྦྱང་དཀའ་བ་ལས་འབྱུང་བ་བཞི་ནོ།། བདེན་པ་རྣམས་ལ་རྣམ་པར་ངེས་པའི་ཤེས་པ་ནི་ཤིན་ཏུ་སྦྱང་དཀའ་ཞེས་བྱ་སྟེ། འདིར་ཡང་དེ་བསྟན་པས་ན་དེའི་ཕྱིར་ས་དེ་ལ་ཤིན་ཏུ་སྨད ་དཀའ་ཞེས་བྱ་སྟེ། དོན་དུ་ཉིད་ཀྱིས་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ཡིན་པར་བལྟ་བར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བྱ་དང་ལྡན་པའི་ལྷག་པའི་ཤེས ་རབ་ལ་གནས་པ་གང་ཞེ་ན། འདྲི་ལ་བྱང་ཆུབ་སེམས་དཔའ་བདེན་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་ལ་ཐོག་མ་ཉི་དུ་ཆོས་མཉམ་པ་ཉིད་བཅུ་ཐོབ་སྟེ། གཞུང་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན ་དུ་རིག་པར་བྱའོ།། དེ་དག་ཆེ་བའི་ཕྱིར་དང་ཡོངསུ་རྫོགས་པའི་ཕྱིར་གནས་པ་འདི་ལ་འཇུག་སྟེ། ཆོས་ཐམས་ཅ་ལ་དོན་དམ་པར་ཡོད་པའི་ངོ་བོ་ཉིད་ཀྱི་མཚན་མ་མེད་པའི་མཉམ་པ་ཉིད་དང་། བརྗོད་པ་མངོན་པར་འདུ ་བྱེད་པ་སྣང་བ་མཚན་ཉིད་མེད་པོའི་མཉམ་པ་ཉིད་དང་། དེ་ཉིད་མཚན་ཉིད་མེད་པས་བདག་ཉིད་མ་སྐྱེས་པའི་མཉམ་པ་ཉིད་དང་། རྒྱུ་ལས་ཀྱང་མ་སྐྱེས་པའི་མཉམ་པ་ཉིད་དང་། རང་དང་རྒྱུ་ལས་ཀྱང་མ་སྐྱེས་པས་གཟོད ་མོ་ནས་ཤིན་ཏུ་ཞི་བའི་མཉམ་པ་ཉིད་དང་། ཡོད་པའི་དངོས་པོ་འཛིན་པའི་ཤེས་པ་སྤྲོས་པ་མེད་པའི་མཉམ་པ་ཉིད་དང་། བླང་བ་དང་དོར་བའི་མངོན་པར་འདུ་བྱེད་པ་བྲལ་བའི་མཉམ་པ་ཉིད་དང་། དེ་ཉིད་ཉོན་མོངས ་དེ་དང་སྡུག་བསྒྲལ་གྱི་སྨན་ནས་ཉོན་མོངས་པ་བྱུང་ཐལ་བའི་ཕྱིར་དདྲེན་པའི་མཉམ་པ་ཉིད་དང་། རྣམ་པར་བརྟགས་པའི་ཤེས་བྱམ་རྡུན་ཉིད་སྒྱུ་མ་དང་སྤྲུལ་པཱ་ལྟ་སུ་མྦྷཉམ་པ་རྒྱུད་དང་ང ་མི་རྟོགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ངོ་བོ་ཉིད་ཀྱི་དངོས་པོ་དང་དངོས་པོ་མེད་པའི་གཉིས་མེད་པའི་མཉམ་པ་ཉིད་དེ་ནི་ཆོས་མཉམ་པ་ཉིད་བཅུ་པོ་དེ་དག་གི་དོན་རྣམ་པར་དབྱེ་བ་ཡིན་པར་རིག་པར་བྱའོ།། ་བམ་པོ་བཅུ་དགུ་པ། གནས་པ་དེ་ལ་གནས་པ་དེ་བྱང་ཆུབ་ལ་འདུན་པ་དྲག་པོས་འདོད་པ་སྐྱེས་ཤིང་སེམས་ཅན་རྣམས་ལ་སྙིང་རྗེ་རྒྱས་པས་འཇིག་རྟེན་རྣམས་ཀྱི་འབྱུང་བ་དང་། འཇིག་པ ་ལྷ་རྟེན་ཅིང་འབྲེལ་པར་འབྱུང་བའི་ལེགས་པར་དཔྱོད་པའི་རྣམ་པ་ཐམས་ཅད་ཀྱིས་དཔྱོད་པར་བྱེད་ཅིང་རབ་ཏུ་ཤེས།། རྟེན་ཅིང་འབྲེལ་པར་འཐུང་བའི་ཤེས་པ་ལ་བརྟེན་ནས་དེའི་རྣམ་པར་ཐར་པའི་སྒོ་གསུམ་པོ ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པོ་མེད་པ་སྐྱེ་བའོ།། གཞི་དེས་ཀྱང་དེ་ལ་བདག་དང་། གཞན་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། དངོས་པོ་དང་། དངོས་པོ་མེད་པའི་འདུ་ཤེས་མི་འབྱུང་།། ་དེ་ལྟར་དོན་དམ་པ་ལ་མཁས་པ་དང་། སེམས་ཅན་ལ་ལྟ་བ་དེ་ནི་ཉོན་མོངས་པ་དང་ལྡན་པ་དང་། རྐྱེན་ཚོགས་པ་ལས་ནི་འདུས་བྱས་རང་བཞིན་གྱིས་ཉམས་ཆུང་བ་བདག་དང་བདག་གི་དང་བྲལ་ཞིང་ཉེས་པ་དུ ་མའི་སྐྱོན་ཆགས་པ་འབྱུང་ལ་ཉོན་མོངས་པ་དང་མི་ལྡན་པ་དང་། རྐྱེན་མ་ཚོགས་པ་ལས་ནི་མི་འབྱུང་སྟེ། དེ་བས་ན་བདག་གི་ཉོན་མོངས་པ་དང་ལྡན་པ་དང་། རྐྱེན་ཚོགས་པ་ནི་བདག་ཉིད་བསྲུང་བའི་ཕྱིར་ཚོག ་པར་མྱི་བྱའོ།། སེམས་ཅན་རྣམས་ལ་ཕན་གདགས་པའི་དོན་དུ་ནི་ཐམས་ཅད་ཀྱི་ཐམས་ཅ་དུ་འདུས་བྱས་རྣམ་པར་ཞི་བར་མི་བྱའོ་སྙམ་དུ་ཚུལ་བཞིན་དུ་རྟོག་པར་བྱེད།། དེ་ལྟར་ཡེ་ཤེས་དང་སྙིང་རྗེ་དང་ལྡན ་པ་དེ་ནི་གོནས་པ་དེ་ལ་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་འགྱུར་ཏེ། དེས་ན་དེ་འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལྷ་ཚིག ་པ་མེད་པར་སྤྱོད། གནས་པ་དེ་ཡང་ས་བདུན་པ་ལ་སྦྱོར་བ་ལས་བྱུང་བའི་སྤྱོད་པ་མཐར་ཐུག་པའི་བྱང་ཆུབ་སེམས་དཔའི་བཟོད་པ་རྗེསུ་མཐུན་པའི་བཟོད་པ་རྣོན་པོ་གང་ཡིན་པ་དེས་བསྡུས་པར་རིག་པར་བྱའོ།། ་དེ་ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གྲོནས་པ་མངོན་དུ་གྱུར་པས་བྱང་ཆུབ་འདྲེན་པར་བྱེད་པའི་རྐྱེན་རྣམས་ཀྱང་འདྲེན་པར་བྱེད་པ་འཇིག་རྟེན་པ་རྣམས ་ཀྱི་འདུས་བྱས་ཀྱི་གནས་པས་ཀྱང་གནས་པར་མོ་བྱི་།། བ་རྒྱ་ནི་པོ་ལ་ཡང་ནི་བ་ལྟ། དེ་ལ་ཡང་མོ་གནསོ།། དེ་ལྟར་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་དང་ལྡན་པ་དེ་ལ་ནི་འཇུག་པ་སྟོང་པ་ཉིད་ཀྱི་ཏིང་འཛིན་ལ་སོགས་པ ་ཏིང་འཛིན་གྱི་སྒྲོ་འབུམ་ཕྲག་བཅུ་མངོན་དུ་འགྱུར་རོ།། སྟོང་པ་ཉིད་ཀྱི་ཏིང་འཛིན་ལ་ཇི་ལྟ་བ་བཞིན་དུ་སྨོན་པ་མེད་པ་དང་། མཚན་མ་མེད་པའི་ཏིང་འཛིན་གཉིས་ལ་ཡང་དེ་དང་འདྲ་བར་རིག་པར ་བྱའོ།། དེ་དག་མངོན་དུ་གྱུར་པས་ནཱ་མི་ཕྱེད་པའི་བསོ་པ་ཙནྡྲ་དུ་འགྱུརོ།། བསྟན་པཱ་དགྲ་མུ་སྟེགས་ཅན་དང་། བདུད་ཐམས་ཅད་ཀྱིས་ཀྱང་རྣམ་པ་ཐམས་ཅ་དུ་བསྟན་པ་ལས་མི་འཕྲོགས་པར་འགྱུར་རོ།། ལྷག་མ་ནི་སྔ ་མ་བཞི་ནོ།། དེ་ལ་བྱེ་བྲག་ནཱི་འདྲི་ཡོ། དཔེར་ན་གསེར་དེ་ཉིད་གསེར་མགར་མཁས་པས་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་བྱི་དོར་བྱས་པས་སྨྲས་པ་ནི་དེ་མ་ཡིན་པའོ་གསེར་ཐམས་ཅད་ཀྱིས་མི་འཕྲོགས་པ་དྲི་བཞིན ་བྱང་ཆུབ་སེམས་དཔེའི་དེའི་དགེ་བའི་རྩ་བ་དེ་དག་ཆེས་རྣམ་པར་དག་པ་དང་མི་འཕྲོགས་པར་འགྱུར་རོ།། སྔ་མ་བཞིན་དུ་དཔེར་ན་ཟླ་བའི་འོད་ནི་སེམས་ཅན་རྣམས་ཀྱི་ལུས་ཀྱང་སིམ་པར་བྱེད་ལ། རླུང་གི་དཀྱིལ་འཁོར ་བཞིས་ཀྱང་མི་ཆོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ཀྱི་འོད་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཡོངསུ་གདུང་བ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་བྱེད་ལོ། བདུད་དང་ཕྱིར་རྒོལ་བ་ཐད ་ཀྱིས་ཀྱང་མི་ཆོད་པ་ཡིན།། སྐྱེ་བསེ་ནི་ལྷའི་རྒྱལ་པོ་རབ་འཕྲུལ་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་མངོན་པའི་ང་རྒྱལ་ཐམས་ཅད་བཟློག་པ་ལ་མཁསོ།། མཐུ་ཡང་བྱེ་བ་ཕྲག་འབུམ་གྱི་གྲངསུ་བསྟན་པར་བལྟ་བར ་བྱའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་འདི་ནི་ཆོས་མཉམ་པ་ཉིད་ཡོངསུ་གྲུབ་པ་ལ་འཇུག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པའི་རྣམ་པར་ཐར་པའི་སྒོ་འབྱུང་བ་དང་།། ་ལོག་པའི་འདུ་ཤེས་ཐམས་ཅད་ཀུན་ཏུ་མི་འབྱུང་བ་དང་། ཐབས་ཀྱིས་འཁོར་བ་ཡོངསུ་འཛིན་པ་དང་། ཆགས་པ་མེད་པའི་ཡོ་ཤེས་ལ་མངོན་དུ་ཕྱོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན ་དུ་གྱུར་པ་དང་། ཏི་ངེ་འཛིན་ཚད་མེད་པ་འཐོབ་པ་དང་། མི་ཕྱེད་པའི་བསམ་པ་འཐོབ་པ་དང་། བསྟན་པ་ལས་མི་འཕྲོགས་པ་དང་། དགེ་བའི་རྩ་བ་རྣམ་པར་དག་པ་དང་། སྐྱེ་བ་དང་མཐུ་མདོར་བསྟན་པར་རིག་པར་བྱའོ།། ། ་རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། ས་མངོན་དུ་གྱུར་པ་ལས་འབྱུང་བ་བཞི་ནོ།། ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་དུ་ཕྱོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་གྱུར་པས་ན་མངོན་དུ ་གྱུར་པ་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་འདི་གནས་པ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པ་ལ་གནས་པ་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པ ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ལྷག་པའི་ཤེས་རབ་ལ་གནས་པ་འདས་མི་ཐག་པ་ལ་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པ། སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་འཇིག་རྟེན་དང ་འཇིག་རྟེན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ལམ་གཞན་བརྩམས་པའི་ཁྱད་པར་བཅུ་ཐོབ་པར་གྱུར་པ་དེ་དག་ཆེ་བའི་ཕྱིར་དང་། ཡོངསུ་རྫོགས་པའི་ཕྱིར་གནས་པ་བདུན་པ་ལ་འཇུག་སྟེ། ་དེ་དག་གི་གཞུང་ནི་རྒྱས་པར་མདོ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པའི་བསོད་ནམས་ཡོངསུ་འཛིན་པ་ལས་བརྩམས་པ་དང་། སེམས་ཅན་རྣམས་ལ ་ལྔ་ཕན་པ་དང་བདེ་བའི་བསམ་པ་ལས་བརྩམས་པ་དང་། བྱང་ཆུབ་ཀྱི་ཕྱིར་བསོད་ནམས་ཀྱི་ཚོགས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གོང་ནས་གོང་དུ་ཡར་སྐྱེ་བ་ལས་བརྩམས་པ་དང་། ཉན་ཐོས་དང་ཐུན་མོང་མ ་ཡིན་པ་ལས་བརྩམས་པ་དང་། རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་ལས་བརྩམས་པ་དང་། སེམས་ཅན་གྱི་ཁམས་ལས་བརྩམ་པ་དང་། འཇིག་རྟེན་གྱི་ཁམས་ལས་བརྩམས་བྱ་དང་། དེ་བཞིན་གཤེགས ་པའི་སྐུ་དང་། གསུང་དང་། ཐུགས་ཤེས་པ་ལས་བརྩམས་ཏེ། དེ་ལྟར་འདི་ནི་ཐབས་དང་ཤེས་རབ་ཀྱིས་བསྒྲུབས་པའི་ལས་གཞན་བརྩམས་པའི་ཁྱད་པར་དེ་དག་གི་དབང་དུ་བྱས་པའི་དོན་གྱི་མདོ་ཡིན་པར་རིག ་པར་བྱའོ།། དེ་དག་དང་ལྡན་པས་དེ་བཞིན་གཤེགས་པའི་ཡུལ་ཚད་མེད་གྲངས་མེད་པ་ཁོང་དུ་ཆུད་པར་འགྱུརརོ།། དེ་ཡང་དག་པར་བསྐྱེད་པའི་ཕྱིར་ཡང་ལྷུན་གྱིས་གྲུབ་ཅིང་མཚོན་མ་མེད་པ་དང་། རྟོག་པ་མེད་པ་དང་། ་རྣམ་པར་རྟོག་པ་མང་པས་སངས་རྒྱས་ཀྱི་ཡུལ་ཚད་མེད་པ་ཡང་དག་པར་བསྐྱེད་པར་མཐོང་ནས། རྒྱུན་མི་འཆད་པ་དང་། བར་ཆད་མེད་པར་སྦྱོར་བར་བྱེད།། སྤྱོད་ལམ་དང་། སྤྱོད་པ་དང་། གནས་པ་དང་། ཡིད་ལ་བྱེད་པ ་ཐམས་ཅད་དང་། གནས་སྐབས་ཐམས་ཅད་ན་གནས་པ་དེ་ལམ་དང་བྲལ་བར་མི་འགྱུར་རོ།། དེ་ནི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པོ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ཁྱད་པར ་དུ་འཕགས་པར་ཡོང་སུ་རྫོགས་པར་འགྱུརརོ།། གནས་པ་གཞན་དག་ལ་ནི་དེ་ལྟ་མ་ཡིན་ཏེ། དང་པོར་རབ་ཏུ་དགའ་བ་ལ་གནས་པ་ལ་ནཽ། སྨོན་ལམ་ལ་ལྷག་པར་དམིགས་པ་དང་། གཉིས་པ་ལ་ནི་སེམས་ཀྱི་འཆལ་པའི ་ཚུལ་ཁྲིམས་ཀྱི་དྲི་མ་སྤེལ་བ་དང་། གསུམ་པ་ལ་ནི་སྨོན་ལམ་རྣམ་པར་འཕེལ་ཞིང་། ཆོས་ལ་སྣང་བ་ཐོབ་པ་དང་། བཞི་པ་ལ་ནི་ལམ་ལ་འཇུག་པ་དང་། ལྔ་པཱ་ལ་ནི་འཇིག་རྟེན་པའི་བྱ་བ་ལ་འཇུག་པ་དང་། དྲུག་པཱ་ལ་ནི ་ཟབ་མོ་ལ་འཇུག་པ་ཡིན་ལ། གནས་པ་བདུན་པ་འདི་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅ་དུ་ཡང་དག་པར་བསྐྱེད་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམ་སྣ་ཡོངསུ་རྫོགས་པར་འགྱུར་བའི་ཕྱིར།། གནས་པ་འདི་ནི་བྱང ་ཆུབ་སེམས་དཔའི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངསུ་རྫོགས་པས་བསྡུས་པ་དང་། ཡེ་ཤེས་དང་། མངོན་པོར་ཤེས་པོ་དང་། སྤྱོད་པ་རྣམ་པར་དག་པའི་གནས་པ་བརྒྱད་པ་ལ་འཇུག་པ་ཡིན་ཏེ། འདི་ལྟར་བྱང་ཆུབ ་སེམས་དཔའ་ནི་གནས་པ་འདིའི་མཇུག་ཐོག་སུ་གནས་པ་བརྒྱད་པ་ལ་འཇུག་ཅིང་། གནས་པ་དེ་ནི་གཅིག་ཏུ་ངེས་པར་གནས་པར་དག་པ་ཡིན་པའི་ཕྱིརརོ།། གནས་པ་བདུན་པོ་འདི་དག་ནི་འདྲེན་པ་ཡིན། ་ཏེ། གནས་པ་རྣམ་པར་དག་པའི་སྔོན་དུ་འགྲོ་བའི་ཕྱིར་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ལ། དེ་མ་ཐོབ་པའི་ཕྱིར་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་སྤྱོད་པར་གཏོགས་པར་བརྗོདདོ།། གནས་པ་དེ་དག་ལ་དེའི་འདོད་ཆགས ་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་ཏེ། དེ་ནི་ཉོན་མོངས་པ་དང་བཅས་པ་ཡང་མ་ཡིན་ལ། ཉོན་མོངས་པ་མེད་པ་ཡང་མ་ཡིན་པར་རིག་པར་བྱ་སྟེ། ཀུན་ཏུ་མི་སྤྱོད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས ་འདོད་པའི་ཕྱིར།། དེ་ལྟར་གྱུར་པ་དེ་ནི་ལྷག་པའི་བསམ་པ་ཡོངསུ་དག་ཅིང་། ལུས་དང་། དུག་དང་། ཡིད་ཀྱི་ལས་ཚད་མེད་པར་འཇུགོ། དེ་ལས་གང་དག་དེ་བཞིན་གཤེགས་པས་མ་བསྔགས་པ་རྣམས་ནི་སྔ་མ་བཞིནོ།། ། ་དེའི་གནས་པ་ལྔ་པར་འཇིག་རྟེན་པའི་བཟོ་ཤེས་པ་མངོན་པར་སྒྲུབ་པ་རྣམས་ནི་འདིར་ཡོངསུ་རྫོགས་པར་འགྱུརརོ།། སྟོང་གསུམ་གྱི་སྟོང་ཆེན་པོ་ན་གནས་པ་གོང་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང ་དེ་བཞིན་གཤགས་པ་རྣམས་མ་གཏོགས་པས་སློབ་དཔོན་དུ་བཀུར་བར་འགྱུར་རོ།། ལྷག་པའི་བསམ་པ་དང་སྦྱོར་བ་མཚུངས་པ་འགའ་ཡང་མདོ།། བསམ་གཏན་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས ་བསྒོམ་པའི་རྣམ་པས་མངོན་དུ་གྱུར་པས་མངོན་དུ་འགྱུར་ཏེ། གནས་པ་བརྒྱད་པ་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་སྨིན་པས་གནས་པ་ནི་མ་ཡིན།། དེ་ལྟར་ཞུགས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཏིང་འཛིན་རྣམ་པར་ཕྱེ་བའི་ཏིང་འཛིན་རྣམ ་པར་འབྱེད་པ་ཤིན་ཏུ་རྣམ་པར་ཕྱེ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་འཛིན་འབུམ་ཕྲག་བཅུ་མངོན་པར་སྒྲུབ་པོ།། དེ་དག་ཐོབ་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལས་ཡང་དག་པར་འདས་པར་འགྱུར་རོ།། དེ ་དེ་ལྟར་ལུས་དང་། ངག་དང་། ཡིད་ཀྱི་ལས་ཉོན་མོངས་པ་ཐམས་ཅད་ལས་དབེན་པ་རྟོགས་པར་དཀའ་གི་རྣམ་པར་རྟོག་པའི་སྤྱོད་པ་ཐམས་ཅད་དང་བྲལ་བས་གནས་ལ་སེམས་ཅན་ལ་ལྟ་བ་དང་། བྱང་ཆུབ་ཡོངསུ་རྫོགས ་པར་བྱ་བའི་ཕྱིར་གོང་དུ་ཁྱད་པར་ཡོངསུ་ཚོལ་བ་ལ་མངོན་པར་བརྩོན་པ་ཡང་མྱི་གཏོང་ངོ་།། དེའི་ལུས་དང་། ངག་དང་། ཡིད་ཀྱི་ལས་མཚན་མ་ཐམས་ཅད་དང་བྲལ་བ་ཤིན་ཏུ་ཡོངསུ་སྦྱངས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ ་སྣང་བར་གྱུར་པ་ཚད་མེད་པ་འབྱུང་བར་འགྱུརརོ།། གནས་པ་འདི་ལ་ནི་རང་གི་བློའི་ཡུལ་ཡིན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་ཏེ། དེ་མ་ཡིན་པ་དྲུག་པོ་དག་ལ་ནི ་སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པས་ཡིནོ།། གནས་པ་དྲུག་པ་ལ་ནི་བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག། འདི་ལ་ནི་སྐད་ཅིག་རེ་རེ་ལ་སྙོམས་པར་འཇུག། ཡང་དག་པའི་མཐའ་ལ་གནས ་པས་ཀྱང་གནས་པར་བྱེད། འགོག་པ་ཡང་མངོན་དུ་མི་བྱེད་པ་གང་ཡིན་པ་འདི་ནི་དེའི་ཤིན་ཏུམྦཱ་དུ་བྱུང་བའི་ཆོས་བསམ་གྱིས་མྱི་ཁྱབ་པའོ།། དེ་བྱབས་དང་ཡེ་ཤེས་མངོན་པར་སྒྲུབ་པ་དེ་ཉིད་ཀྱི་དབང་དུ ་བྱས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་ལ། འཛག་རྟེན་པར་ཡང་སྣང་ཞིང་། དེའི་རང་བཞིན་ཡང་མ་ཡིན་པ་སྤྱོད། མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིནི།། དེའི་བསྡུས་པའི་དོན ་ནི་བསོད་ནམས་བྱེ་བ་ལས་བརྩམས་པ་དང་། ཆུང་མ་དང་འཁོར་ཡོངསུ་འཛིན་པ་དང་། མངོན་པར་གྲུབ་པའི་ཁྱད་པར་འདོད་པ་ཡང་དག་པར་བརྩམས་པ་དང་། རྣམ་པར་ཐར་པ་གསུམ་ལ་གནས་པ་དང་། ཐེག་པ་དམན་པ ་ལ་མོས་པ་ཐབས་ཀྱིས་འདུལ་བ་དང་། འདོད་པ་ཡོངསུ་སྤྱོད་པ་དང་། འདོད་པའི་ཁྱུད་པཱར་དོན་དུ་གཉེར་བ་དང་། མུ་སྟེགས་ཅན་བཟློག་པ་དང་། གཞན་གྱི་སེམས་དང་མཐུན་པར་འཇུག་པ་དང་། སྐྱེ་བོའི་ཚོགས་ཆེན་པོ་དང ་མཐུན་པར་འཇུག་པ་ལས་བརྩམས་པའོ།། ལྷག་མ་ནི་སྡེ་མོ་བཞི་ནོ།། དེ་ལ་བྱེ་བྲག་ནི་འདི་ཡོད། དཔེར་ན་གླུ་སེར་དེ་ཉིད་གསེར་མགར་མཁས་པས་ནོར་བུ་རིན་པོ་ཆེ་བྱི་དོར་བྱས་པ་ཐམས་ཅད་ཀྱི་སྒོ་སྨྲས་པ་ནི་ཤིན་ཏུ་མཛེས ་ལ་དེ་མ་ཡིན་པ་འཛམ་བུའི་གླིང་པའི་རྒྱན་ཐམས་ཅད་ཀྱིས་ཀྱང་མི་འཕྲོགསོ་པ་དེ་བཞིན་དུ། དེའི་དགེ་བའི་རྩ་བ་དེ་དག་ཆས་རྣམ་པར་དག་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་དང་། དེ་མ ་ཡིན་པ་གནས་ཆེས་དམའ་བྲ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ཀྱིས་ཀྱང་མི་འཕྲོགས་པ་ཡི་ནོ།། དཔེར་ན་ཉི་མའི་འོད་ཀྱིས་ནི་འཛམ་བུའི་གླིང་གི་རླན་ཕལ་ཆེར་ཡོངསུ་སྐམས་པར་བྱེད་ལ། དེ་མ་ཡིན་པའི། ་འོད་ཐམས་ཅད་ཀྱིས་ཀྱང་མི་འཕྲོགས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་དེའོ་ཤེས་རབ་ཀྱིས་འོད་ཀྱིས་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་སྐེམས་པར་བྱེད་ལ། སྔ་མ་བཞིན་དུ་ཉན་ཐོས་ལ ་སོགས་པའི་ཤེས་རབ་ཀྱི་འོད་རྣམས་ཀྱིས་ཀྱང་མི་འཕྲོགས་པ་ཡིནོ།། སྐྱེ་བས་ནི་ལྷའི་རྒྱལ་པོ་དབང་བྱེད་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་སྒྲུབ་པ་རྣམས་ལ་མཁས།། མཐུ་ནི་བྱི་བ་ཁྲག་ཁྲིག ་འབུམ་གྱི་གྲངསུ་བསྟན་པར་རིག་པར་བྱ་སྟེ། མཚན་མ་མེད་པ་ལ་གནས་པ་ལ་རྩོལ་བྱ་དང་བཅས་པོ་འདོ་ན་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་ལམ་གཞན་བརྩམས་པའི་ཁྱད་པར་འགྲུབ་པ་ལ་འཇུག ་པ་དང་། དེ་བཞིན་གཤེགས་པའི་ཡུལ་ཡང་དག་པར་སྐྱེད་པ་ཁོང་དུ་ཆུད་པ་ལ་རྒྱུན་དུ་སྦྱོར་བ་དང་། སྐད་ཅིག་རེ་རེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་། མཐུན་པའི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པོར་བྱེད་པ་དང་། ཉོན་མོངས ་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པར་རྣམ་པར་གཞོག་པ་དང་། སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོང་སུ་རྫོགས་པར་བསྡུས་པ་དང་།། བསམ་པ་དག་པའི་ས་ལ་འཇུག་པའི་དབང་དུ་བྱས་པ་དང་། འཇིག་རྟེན་པའི་བཟོ་དང ་ལས་ལ་སོགས་པ་ཐམས་ཅད་ཡོངསུ་རྫོགས་པར་བྱེད་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་ཏིང་འཛིན་དཔག་ཏུ་མེད་པ་འཐོབ་པ་དང་། སྐད་ཅིག་རེ་རེ་ལ་འགོག་པ་ལ ་སྙོམས་པར་འཇུག་པ་དང་། སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་འཇིག་རྟེན་པའི་སྤྱད་པ་སྤྱོད་པ་དང་། དགེ་བྱའི་རྩ་བ་རྣམ་པར་དག་པ་དང་། སྐྱེ་བ་དང་མཐུ་ལས་མདོར་བསྟན་པར་རིག་པར་བྱའོ།། རྒྱས་པར ་ནི་སྔ་མ་བཞིན་དུ་འདི་ལྟ་སྟེ། ས་རིང་དུ་སོང་བ་ལས་འབྱུང་བ་བཞི་ནོ།། བྱང་ཆུབ་སེམས་དཔའི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངསུ་རྫོགས་པས་བསྡུས་པའི་ཕྱིར་རིང་དུ་སོང་བ་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་གཽནས་པ་ཡིན ་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམསུ་དཔའ་རྣམས་ཀྱིས་མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔེས་གནས་པ་སྔ་མ་འདས་མ་ཐག་པ་ལ་ཆོས་ཐམས་ཅད་ཀྱི་དོན་དམ་པ ་ལ་འཇུག་པའི་ཡེ་ཤེས་རྣམ་པ་བཅུ་འཐོབ་སྟེ། དུས་གསུམ་དུ་ཅི་རིགས་པར་གཟོད་མ་ནུས་མ་བྱུང་བ་དང་། མ་སྐྱེས་པ་དང་། མཚན་ཉིད་མེད་པ་ལས་བརྩམས་པ་དང་། དེ་མ་ཡིན་པའི་རྒྱུའི་དངོས་པོ་འབྱུང་བ་མེད་ཅིང་རྣམ ་པར་འཇིག་པ་མེད་པ་ལས་བརྩམས་པ་དང་། དོན་དམ་པར་བརྗོད་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་ལ་བརྗོད་པ་མངོན་པར་འདུ་བྱེད་པར་སྣང་བའི་ངོ་བོ་ཉིད་མཚན་ཉིད་དང་རྒྱུའི་དངོས་པོ་མེད་པ་ཉིད་དང་། ཀུན་ནས་ཉོན་མོངས་པའི ་བདག་ཉིད་དུ་འཇུག་པ་ཡང་མེད་ལ། ལྡོག་པ་ཡང་མེད་པ་ལས་བརྩམས་པ་དང་། ཡོད་པའི་དངོས་པོ་བརྗོད་མེད་པ་དེ་ལ་དེ་མ་ཤེས་པ་ལོག་པར་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་ཐོག་མ་དད་། ་བར་དང་། ཐ་མའི་དུས་ཐམས་ཅད་དུ་མཉམ་པ་ཉིད་ལས་བརྩམས་པ་དང་། དེ་བཞིན་ཉིད་ལ་ཡང་དག་པར་ཞུགས་པ་རྣམ་པར་མི་རྟོག་པའི་མཉམ་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་དེ་བསལ་བ་ལས་བརྩམས་པ་སྟེ། དེ ་ལྟར་དེའི་ཡེ་ཤེས་རྣམ་པ་བཅུ་ཆེ་བའི་ཕྱིར་དང་། ཡོངསུ་རྫོགས་པའི་ཕྱིར་གནས་པ་བརྒྱད་པ་ཡོང་སུ་དག་པ་འདི་ལ་འཇུག་སྟེ། འདི་ལ་གནས་པ་ནི་མི་སྐྱེ་བའི་ཆོས་ལ་བྱང་ཆུབ་སེམས་དཔའི་བཟོད་པ་མཆོག་ཤིན་ཏུ་རྣམ་པར ་དུག་པ་འཐོབ་པར་འགྱུརརོ།། གང་ཞེ་ན། བྱང་ཆུབ་སེམས་དཔའ་དེས་ཡོངསུ་ཚོལ་བ་རྣམ་པ་བཞིས་ཆོས་ཐམས་ཅད་ཡོངསུ་བཙལ་ནས། གང་གི་ཚེ་ཡོང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་བཞིས་ཡོངསུ་ཤེས་པ་དེའི ་ཚེ། ལོག་པར་རྟོག་པ་ལ་མངོན་པར་ཞོན་པ་ཐམས་ཅད་བསལ་བ་ན། ཚེ་འདི་ལ་ཡང་ཆོས་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་མི་སྐྱེ་བ་དང་མཐུན་པར་མཐོང་ལ། ཚེ་ཕྱི་མ་ལ་ཡང་སྔོན་གྱི་ལོག་པར་རྣམ་པར ་རྟོག་པ་ལ་མངོན་པར་ཞེན་པའི་རྒྱུ་ལས་ཡང་དག་པར་སྐྱེས་པའི་ཆོས་དེ་དག་ཉིད་མ་ལུས་པར་ཐམས་ཅད་ཀྱི་ཐམས་ཅད་མི་སྐྱེ་བར་མཐོང་།། ཡོངསུ་ཚོལ་བ་བཞི་པོ་དེ་དག་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས ་ཤེས་པ་བཞི་པོ་དག་ནི་དེ་ཁོ་ནའི་དོན་གྱི་ལེའུ་ལས་སྔར་ཇི་སྐད་བསྟན་པ་བཞིན་ཏེ། དེ་དག་མོས་པས་སྤྱོད་པ་ལ་གནས་པ་ཡན་ཆུད་མཚན་མ་མེད་པ་ལ་གནས་པ་རྩོལ་བ་དང་བཅས་པའི་བར་དུ་ནི ་ཤིན་ཏུ་རྣམ་པར་དག་པ་མཱ་ཡིནོ།། གནས་པ་འདི་ལ་ནི་ཡོངསུ་དག་པ་ཡིན་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་ནི་མི་སྐྱོ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ།། དེས་བཟོད་པ་དེ་ཐོབ་པས་བྱང་ཆུབ་སེམས་དཔའ ་གནས་པ་ཟབ་མོ་ཐོབ་པ་ཡིན་ཏེ། མཚན་མ་མེད་པ་ལ་གནས་པ་སྔ་མ་ལ་དེའི་སྐྱོན་རྣམ་པ་ངོཞི་པོ་གང་ཡིན་པ་དེ་དག་ཀྱང་སྤངས་པ་ཡིན་ཏེ། རྩོལ་བའི་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ཡང་སྤངས་པ་ཡིན། རྣམ ་པཱཔར་དྲག་པའི་གནས་པ་གོང་མ་ལ་སྙིང་ལ་སུ་གྱུར་པ་ཡང་སྤངས་པ་ཡིན། རྣམ་པ་ཐམས་ཅ་དུ་སེམས་ཅན་གྱི་དོན་བྱ་ནུས་པ་ལ་སྙིང་ལསུ་འགྱུར་བ་ཡང་སྤངས་པ་ཡིན། འདུ་ཤེས་ཕྲ་མོ་ཀུན་ཏུ་འབྱུང་བ་ཡང་སྤངས་པ ་ཏེ། དེ་ལྟ་བས་ན་གནས་པ་དེ་ཤིན་ཏུ་ཡོངསུ་དག་པ་ཞེས་བྱའོ།། ཟབ་མོའི་གནས་པ་དེ་ལྔ་མངོན་པར་དགའ་བ་དེའི་ཆོས་ཀྱི་སྒོའི་རྒྱུན་དེ་ལ་དེ་བཞིན་གཤེགས་པས་བསྐུལ་བ་དང་། ཡང་དག་པར་འཛིན་དུ་འཇུག ་པ་པ་དང་། མངོན་པར་སྒྲུབ་པའི་སྒོ་དང་། ཡེ་ཤེས་དང་། མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་དེ་ཉེ་བར་སྒྲུབ་སྟེ། དེ་ལྟར་བསྐུལ་བས་ལུས་རྣམ་པར་དབྱེ་བ་ཤེས་པ་ཚད་མེད་པ་མངོན་པར་སྒྲུབ་པ་དང་། དབང ་བཅུ་ཡང་ཐོབ་པར་འགྱུར་ཏེ། རྒྱས་པར་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ།། དབང་ཐོབ་པ་དེ་ནི་ཇི་སྲིད་འདོད་པ་དེ་སྲིད་དུ་གནས་པར་འགྱུར་རོ།། བསམ་གཏན་དང་། རྣམ་པར་ཐར་པ་ལ་སོགས་པ་སེམས་ཀྱི ་གནས་པ་གང་གིས་གནས་པར་འདོད་པ་དེས་གནས་པར་བྱེད།། བསམ་པ་ཙམ་གྱི་མོདོ་ལ་དེའི་ཁ་ཟས་ལ་སོགས་པ་ཡོ་བྱད་ཐམས་ཅད་འགྲུབ་པར་འགྱུར་རོ།། བཟོ་དང་ལས་ཀྱི་གནས་ཐམས་ཅད་ལ་ཡང་དེ་ཇི་ལྟར ་འདོད་པ་བཞིན་དུ་སྤྱོད་པར་འགྱུར་རོ།། སྐྱེ་བར་འགྱུར་བའི་ལས་ཐམས་ཅད་དང་། སྐྱེ་བའི་གནས་ཐམས་ཅད་ལ་ཡང་དེ་དགའ་མགུར་སྐྱེ་བར་འགྱུར་རོ།། རྫུ་འཕྲུལ་གྱི་བྱ་བ་ཐམས་ཅད་ཀྱང་། ཇི་ལྟར་འདོད་པ་བཞིན་དུ ་བྱེད།། དེའི་སྨོན་ལམ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་འགྲུའོ།། དངོས་པོ་གང་དང་གང་ལ་ཇི་ལྟར་མྱོས་པ་དེ་ཡང་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མ་ཡིནོ།། ཤེས་བྱ་གང་ཤེས་པར་འདོད་པ་དེ་ལ་ཡང་ཇི ་ལྟེ་བ་བཞིན་དུ་ཤེསོ།། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡཱི་གེའི་ཚོགས་རྣམས་ཀྱང་ཇི་ལྟར་འདོད་པ་བཞིན་ཐོབ་པར་འགྱུར་རོ།། ཆོས་ཐམས་ཅད་ཡང་དག་པར་རྣམ་པོར་གཞག་པ་ལ་ཡང་མཁས་ཏེ། བྱང ་ཆུབ་སེམས་དཔའ་དེ་ལྟར་དབང་ཐོབ་པ་དེའི་དབང་ཐོབ་པ་ལས་བྱུང་བའི་ཕན་ཡོན་གཞན་ནི་རྒྱས་པར་མདོ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། སངས་རྒྱས་མཐོང་བ་རག་པ་ཡང་སྤངས་ནས། རྟག་ཏུ་རྒྱུན་མི། ་འཆད་པར་སངས་རྒྱས་མཐོང་བ་དང་མི་འབྲལོ།། ལྷག་མ་དགེ་བའི་རྩ་བ་རྣམ་པར་དག་པ་ནི་གསར་གྱི་དཔེ་དང་འོད་ཀྱི་དཔེ་དང་བཅས་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ།། གནས ་པཔ་དེ་ལ་བྱང་ཆུབ་སེམས་དཔའ་དེའི་སྐྱེ་བ་དང་། མཐུའི་ཁྱད་པར་ཡང་མདོ་ཉིདདུ་ལས་ཇི་སྐད་འབྱུང་བ་བཞིན་དུ་རོག་པར་བྱའོ།། མཆིན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་འདི་ནི་དོན་དམ་པ་ལྔ་འཇུག་པའི་ཡེ་ཤེས ་འགྲུབ་པ་ལ་འཇུག་པ་དང་། མི་སྐྱེ་བའིའོ་ཆོས་ལ་བཟོད་པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་གནས་པ་སྐྱོན་ཐམས་ཅད་དང་བྲལ་བ་ཟབ་པ་ཐོབ་པ་དང་། ཆོས་ཀྱི་སྒོའི་རྒྱུན་ལས་སངས་རྒྱས་རྣམས་ཀྱིས་མངོན་པར་སྒྲུབ་པའི ་སྒོ་དང་། ཡེ་ཤེས་དང་མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་ཉེ་བར་སྒྲུབ་པ་དང་། ལུས་རྣམ་པར་དབྱེ་བ་ཤེས་པ་ཚད་མེད་པ་ལ་འཇུག་པ་དང་དབང་ཐོབ་པ་དང་། དབང་གིས་ཕན་ཡོན་སོ་སོར་ཉམ་སུ་མྱོང་བ་དང་། ་དགེ་བའི་རྩ་བ་རྣམ་པར་དག་པ་དང་། སྐྱེ་བ་དང་། མཐུ་ལས་མདོར་བསྟན་པར་རིག་པར་བྱའོ།། རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། མདོའི་ས་མི་གཡོ་བ་ལས་ཇི་སྐད་བསྟན་པ་བཞིན་ཏེ། སྔ་མའི་མངོན་པར་འདུ་བྱེད་པ་དང་། ་བྲལ་བའི་ཕྱིར། ས་དེ་ལ་སེམས་དེ་ལྷུན་གྱིས་གྲུབ་ཅིང་མི་གཡོ་བར་འཇུག་པའི་ལམ་ལོ་ཡང་དག་པར་ཞུགས་པ་འབྱུང་།། དེ་ལྟ་བས་ན་ས་དེ་ལ་མི་གཡོ་བ་ཞེས་བྱ་སྟེ། དོན་དེ་ཉིད་ཀྱིས་འདི་གནས་པ་ཡིན་པར་བལྟ། ་བར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གནས་པ་ཟབ་མོ་དེས་ཀྱང་ཆོག་པར་མི་འཛིན་ཏེ། གོང་དུ་ཡེ་ཤེས་ཁྱད་པར་དུ་འཕགས་པའི ་རྗེསུ་འགྲོ་ལ། ཆོས་ཤེས་པ་མངོན་པར་འདུ་བྱེད་པ་གང་དག་གིས་བྱང་ཆུབ་སེམས་དཔས་གཞན་དག་ལ། ཆོས་ཀྱི་རྣམ་པ་ཐམས་ཅད་བསྟན་པར་བྱ་བ་དང་། ཆོས་བསྟན་པའི་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། དེ་ལ་ཆོས་ཡང་དག་པར་བསྟན་པའི་བྱ་བ་ནི་འདི་ཡིན་ཏེ། ཐིབས་པོ་རྒྱུ་བ་དག་ལ་གང་དག་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། རྣམ་པར་དག་པར་འགྱུར་བ་དང་། གང་གིས ་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། གང་གིས་རྣམ་པར་དག་པར་འགྱུར་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གང་ཡིན་པ་དང་། དེའི་གཅིག་ཏུ་མེ་ངེས་པ་གང་ཡིན་པ་དང་། དེའི་གཅིག་ཏུ་ངེས་པ་གང ་ཡིན་པ་དང་། དེའི་གཅིག་ཏུ་ངེས་པ་དང་། གཅིག་ཏུ་མ་ངེས་པ་གང་ཡིན་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེསོ།། དེ་ལྟར་ཆོས་བསྟན་པ་ལ་མཁས་པ་དང་། བསྟན་པའི་བྱ་བ་ལ་མཁས་པ་དང་། གཟུངས་དཔག ་ཏུ་མེད་པ་ཐོབ་པ་དང་། ཚིག་གི་ཡན་ལག་རྣམ་པར་དབྱེ་བ་ཐམས་ཅད་ལ་མཁས་པ་དང་། སྤོབས་པ་མི་ཟད་པའི་རྣམ་པ་ཐམས་ཅད་དུ་ཆོས་སྨྲ་བ་ཆེན་པོ་ཉིད་གང་ཡིན་པ་དང་། ཆོས་འཛིན་པ་དང་། ལེན་ནུས་པ་ཇི་ལྟ ་བུ་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པས་མངོན་པར་བསྒྲུབས་པའི་ཚིག་གང་ཡིན་པ་དང་། ཆོས་ཀྱི་སྟན་ཇི་ལྟ་བུ་ལ་འདུག་པ་དང་། གང་དུ་གང་དག་ལ་ཆོས་སྟོན ་པ་དང་། ཆོས་ཀྱི་སྒོ་ཇི་སྙེད་དང་། གང་གིས་སེམས་ཅན་གོ་བར་བྱེད་ཅིང་།། མགུ་བར་བྱེད་པའི་བྱ་བ་ལ་ཡང་དག་པར་འཛུད་ནུས་པ་དང་ལྡན་པ་དེ་དག་ཐམས་ཅད་ནི་རྒྱས་པར་མདོ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། ་དགེ་བའི་རྩ་བ་རྣམ་པར་དག་པ་དང་། སྐྱེ་བ་དང་མཐུའི་ཁྱད་པར་ཡང་མདོ་ཉིད་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་གནས་པཱ་འདི་ནི་ཞི་བའི་རྣམ་པར་ཐར་པ ་ཆོག་པར་མི་འཛིན་པ་ལ་འཇུག་པ་དང་། ཆོས་ཡང་དག་པར་བསྟན་པའི་མངོན་པར་འདུ་བྱེད་པ་ཤེས་པ་དང་། དེའི་བྱ་བ་ཤེས་པ་དང་། བསམ་གྱིས་མི་ཁྱབ་པའི་ཆོས་སྨྲ་བ་ཆེན་པོ་ཉིད་འཐོབ་པ་དང་། དགེ་བའི་རྩ་བ ་རྣམ་པར་དྲུག་པ་དང་། སྐྱེ་བ་དང་མཐུ་ལུས་མྱདོར་བསྟན་པར་རིག་པར་བྱའོ།། རྒྱུས་པར་བསྟོན་པ་ནི་འདི་ལྟ་སྟེ། མདོ་ཉིད་ཀྱིས་ལེགས་པའི་བློ་གྲོས་ལས་འབྱུང་བ་བཞིན་ཏེ། སེམས་ཅནྡ་ཐམས་ཅད་ལ་ཕན་པ་དང་བདེ ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་ཆེན་པོ་ཡོངསུ་དག་པས། ཆོས་ཡང་དག་པར་བསྟན་པའི་སྐབས་ཡིན་པས་ན། ས་དེ་ལ་ལེགས་པའི་བློ་གྲོས་ཞེས་བྱ་སྟེ། དོན་དེ་ཉིད ་ཀྱིས་འདི་ནི་གནས་པ་ཡིན་པར་བལྟ་བུར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་མཆོག་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པའི་གནས་པ་རྣམ་པ་ཐམས་ཅད་ཀྱིས་ཡོངས ་སུ་དག་པ་ལ་ཆོས་ཀྱི་རྒྱལ་པོར་འོས་ཤིང་ཆོས་ལ་དབང་བསྐུར་བ་ཐོབ་པ་དང་། ཏིང་འཛིན་དྲི་མ་མེད་པ་ལ་སོགས་པ་དཔག་ཏུ་མེད་པ་ཐོབ་ཅིང་། དེའི་བྱ་བ་བྱེད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཁྱད་པར་ལ་དང། ་བསྐུར་བའི་ཐ་མའི་ཏིང་འཛིན་མངོན་དུ་གྱུར་པས་སངས་རྒྱས་ཐམས་ཅད་ལས་དང་འཚམ་པའི་སྟན་དང་ལུས་དང་འཁོར་ཐོབ་པ་དང་། བདག་ཉིད་ཀྱི་འོད་ཟེར་འགྲོ་བ་དང་། ཕྱིར་འོང་པོ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི ་ཡེ་ཤེས་རྣམ་པ་ཐམས་ཅད་དང་ལྡན་པར་དབང་བསྐུར་པོ་ཐོབ་པ་དང་། དབང་བསྐུར་ནས་ཀྱང་འདུལ་བ་ཐམས་ཅད་ཡང་དག་པར་སྡུད་ཅིང་། དེ་དག་རྣམ་པར་ཐར་པར་བྱ་བའི་ཐུབས་སངས་རྒྱས་ཀྱི་མཛད་པ་ཤེས་པ་དང་། ་རྣམ་པར་ཐར་པ་དང་། ཏིངེ་འཛིན་དང་། གཟུངས་དང་། མངོན་པར་ཤེས་པ་དཔག་ཏུ་མེད་པ་ཐོབ་པ་དང་། དེའི་དབང་གིས་དྲན་པ་དང་། ཤེས་པ་ཆེན་པོས་མངོན་པར་སྒྲུབ་པའི་ངེས་པའི་ཚིག་རྣམ་པར་གཞག་པ་དང་། མངོན ་པར་ཤེས་པ་ཆེན་པོ་མངོན་པར་སྒྲུབ་པ་དང་། དགེ་བའི་རྩ་བ་རྣམ་པར་དག་པ་དང་། སྐྱེ་བ་དང་། མཐུའི་ཁྱད་པར་ལས་གནས་པ་མཆོག་མདོར་བསྟན་པར་རིག་པར་བྱའོ།། རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། མདོ་ཉིད་ཀྱི་བྱད ་ཆུབ་སེམས་དྲཔའི་ས་ཆོས་ཀྱི་སྤྲིན་ལས་འབྱུང་བ་བཞི་ནོ།། བྱང་ཆུབ་སེམས་དཔའི་ལམ་ཡོངསུ་རྫོགས་ཤིང་། བྱང་ཆུབ་ཀྱི་ཚོགས་ཤིན་ཏུ་ཡོངསུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བཞིན་ག ་པ་རྣམས་ལས་ཆོས་ཀྱི་སྤྲིན་ལྟ་བུ་ཤིན་ཏུ་རྒྱ་ཆེ་ཞིང་། དེ་མ་ཡིན་པའི་སེམས་ཅན་ཐམས་ཅད་ཀྱིས་བཟོད་པར་དཀའ་བའི་དམ་པའི་ཆོས་ཀྱི་ཆར་ཡང་དག་པར་ནོད་དོ།། བདག་ཉིད་བྱང་ཆུབ་མངོན་པར་རྫོགས་པར་སངས་མ ་རྒྱས་པ་དང་། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་སྤྲིན་ཆེན་པོ་ལྟ་བུའི་དམ་པའི་ཆོས་ཀྱི་ཆར་དཔེ་མེད་པས་སེམས་ཅན་དཔག་ཏུ་མེད་པ་དག་གི་ཉོན་མོངས་པའི་རྡུལ་རྣམས་རབ་ཏུ་ཞི་བར་བྱའོ།། ་ས་དེ་ལ་གནས་ནས་དགེ་བའི་རྩ་བའི་ལོ་ཏོག་རྣམ་པ་སྣ་ཚོགས་ཀྱང་སྐྱེད་པར་བྱེད། རྣམ་པར་འཕེལ་བར་བྱེད། ཡོངསུ་སྨིན་པར་བྱེད།། དེ་ལྟ་བས་ན་ས་དེ་ཆོས་ཀྱི་སྦྱིན་ཅེས་བྱ་སྟེ། དོན་དེ་ཉིད་ཀྱིས་གནས་པ་མཆོག་ཡིན ་པཱ་བལྟའོ།། གནས་པ་གོང་མ་གོང་མ་རྣམསུ་ཡན་ལག་གང་དག་བསྟེན་པ་དེ་དག་ནི་གནས་པ་སྔ་མ་རྣམས་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཆུང་བའི་ཕྱིར་གྲངསུ་མི་བརྩིའོ།། དེ་དག ་ཉིད་འབྲིང་དང་ཆེ་བའི་ཕྱིར་དེ་མ་ཡིན་པ་ས་གོང་མ་འཐོབ་པ་འགྲུབ་པ་རྣམ་པར་གཞག་པར་རིག་པར་བྱའོ།། དེ་ལ་གནས་པ་རེ་རེ་ཡང་བསྐལ་པ་ཆེན་པོ་བྱེ་བ་འབུམ་ཕྲག་དུ་མ་འམ། ཡང་ན་དེ་བས་ཀྱང་ཆེས་མང་བས ་འཐོབ་ཅིང་འགྲུབ་པར་འགྱུརརོ།། གནས་པ་དེ་དག་ཐམས་ཅད་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་འགྲུབ་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་དང་པོས་ནི་མོས་པས་སྤྱོད་པ་ལ་གནས་པ་ལས་ཡང། ་དག་པར་འདས་ནས་རབ་ཏུ་དགའ་བ་ལ་གནས་པ་འཐོབ་སྟེ། དེ་ཡང་རྟག་ཏུ་འབད་པས་འཐོབ་ཀྱིས་མི་འབད་པས་ནི་མ་ཡིནོ།། བསྐལ་པ་ཆེན་པོ་གྲངས་མེད་པ་གཉིས་པས་ནི་རབ་ཏུ་དགའ་བ་ལ་གནས་པ་ནས། ་མཚན་མ་མེད་པ་ལ་གནས་བྱ་ལ་རྩོལ་བ་དང་བཅུས་པའི་བར་ལས་འདས་ཏེ། མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར།། དེ་ནི་ངེས་པ་ཁོ་ན་ཏེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སོད ་དེ་ནི་ངེས་པར་འབད་པའི་ཕྱིརརོ།། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་པས་ནི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་གནས་པ་ལས་ཡང་དག་པར་འདས་ན་སྣ་བྱང་ཆུབ་སེམས ་དཔའི་གནས་པ་མཆོག་ཐོབ་པར་འགྱུརརོ།། དེ་ལ་བསྐལ་པ་གྲངས་མེད་པ་ནི་གཉིསུ་རིག་པར་བྱ་སྟེ། བསྐལ་པ་ཆེན་པོ་གང་ཡིན་པ་དེ་ཡང་ཉིན་མཚན་དང་། ཟླ་བ་དང་། ཟླ་བ་ཕྱེ་དུ་བགྲང་བའི་ཚུལ་གྱིས་དུས་དཔག་ཏུ ་མེད་པའི་ཕྱིར། གྲངས་མེད་པ་ཞེས་བྱའོ།། བསྐལ་པ་ཆེན་པོ་དེ་དག་གི་བགྲང་བའི་ཚུལ་གྱིས་བགྲང་བ་ཐམས་ཅད་ལས་འདས་པའི་གྲངས་གང་ཡིན་པ་དེ་ཡང་གྲངས་མེད་པ་ཞེས་བྱ་སྟེ། བསྐལ་པ་གྲངས་མེད་པ་སྔ ་མ་ཤོས་ཀྱིས་ནི་བསྒྲལ་པ་གྲངས་མེད་པ་མི་ཉུང་བ་ཞིག་གིས་བྱང་ཆུབ་ཐོབ་པར་འགྱུ་རོ།། བསྐལ་པ་གྲངས་མེད་པ་བྷྱཱཾ་མཱ་ཤོས་ཀྱིས་ནི་གསུམ་ཁོ་ནྡྷས་འཐོབ་ཀྱི་ལྷག་པས་ནི་མ་ཡིན་ཏེ། སྱཱ་རྩོན་འདུ། ་རྩོམ་པ་ཆེན་པོའི་ཡང་ཆེན་པོས་སྦྱོར་བ་དེའི་ནང་ན་ལཱ་ལ་ནི་བར་གྱི་བསྐལ་པ་མང་པོ་ཞིག་འདུམས་པར་བྱེད་།། ལྔ་ལ་ནི་བསྐལ་ཆེན་པོ་དྲུག་གི་བར་དུ་འདུམས་པར་བྱེད་ཀྱི། ཀངས་མེད་པར་འདུམས་པར་བྱེད་པ་ནི་འུགའི ་ཡང་མྱེད་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་གནས་པ་བཅུ་གཉིས་པོ་དེ་དག་གིས་བསྐལ་པ་གྲོངས་མེད་པ་གསུམ་པོ་དག་གིས་ཉོན་མོངས་པའི་སྒྲིབས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་སྤོང་བར ་འགྱུར་རོ།། དེ་ལ་གནས་གསུམ་པོ་དག་ལ་ནི་ཉོན་མོངས་པའི་སྒྲིབ་བྱའི་ཕྱོགས་དང་མཐུན་པའི་གནས་དྲན་ལེན་སྤོང་བར་རིག་པར་བྱ་སྟེ། རབ་ཏུ་དགའ་བ་ལ་ནི་ངན་སོང་པོའི་ཉོན་མོངས་པའི་ཕྱོགས་དང་མཐུན་པ་ཐམས ་ཅད་ཀྱི་ཐམས་ཅད་དུ་སྤོ་ངོ་།། ཀུན་ཏུ་སྨོད་པ་ལས་ནི་ཉོན་མོངས་པའི་ཕྱོགསོ་དང་མཐུན་པོའི་ཆེན་པོ་དང་འབྲིང་ཐམས་ཅད།། མཚན་མ་མེད་པར་ལྷུན་གྱིས་གྲུབ་པ་ལ་གནས་པ་ལ་ནི་མི་སྤྱོད་པའི་ཆོས་ལ་བཟོད་པ་རྣར ་དག་པ་ལ་བགེགས་བྱེད་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་དུ་སྤོང་བར་རིག་པར་བྱའོ།། ཀུན་ཏུ་སྤྱོད་པ་ལ་ནི་ཉོན་མོངས་པ་ཐམས་ཅད།། གནས་པ་མཆོག་ལ་ནི་ཉོན་མོངས་པ ་དང་། བག་ཆགས་དང་། བག་ལ་ཉལ་གྱི་སྒྲིབ་པ་ཐམས་ཅད་སྤོང་བར་རིག་པར་བྱ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་གནས་པ་ལ་འཇུག་པའོ།། ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནི་རྣམ་པ ་གསུམ་དུ་རིག་པར་བྱ་སྟེ། པགས་ཤུན་ལ་ཡོད་པ་དང་། སྤྲི་ལ་ཡོད་པཱ་དང་། སྙིང་པོ་ལ་ཡོད་པ་ལྟ་བུའོ།། དེ་ལ་པགས་ཤུན་ལ་ཡོད་པ་ལྟ་བུ་ནི་རབ་ཏུ་དགུའ་བའི་གནས་པ་ལ་སྤོང་ངོ་།། སྤྲི་ལ་ཡོད་པ་ལྟ་བུ་ནི་མཚན་མ ་མེད་པ་ལྷུན་གྱིས་གྲུབ་པ་ལ་སྤོང་།། སྙིང་པོ་ལ་ཡོད་པ་ལྟ་བུ་ནི་དེ་བཞིན་གཤེགས་པའི་གནས་པ་ལ་སྤོང་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཡེ་ཤེས་ཉིད་ཀྱང་ཡིནོ།། གནས་པ་གསུམ་པོ་དེ་དག་ལ་ཉོན ་མོངས་པ་དྲེང་ཤེས་བྱའི་སྒྲིབ་པ་སྤོང་བ་དེའི་ཚོགསུ་གྱུར་པ་ནི་གོ་རིམས་བཞིན་དུ་དེ་མ་ཡིན་པའི་གནས་པ་རྣམས་ཡིན།། གནས་པ་བཅུ་གསུམ་པོ་དེ་དྲུག་ལ་རྣམ་པར་དག་པའི་མདོར་བསྡུས་ན་བཅུ་གཅིག་ཏུ་རིག་པར་བྱ་སྟེ། ་དང་པོ་ལ་ནི་རིགས་རྣམ་པར་དག་གོ།། གཉིས་པ་ལ་ནི་དད་པསྲ་མོས་པ་རྣམ་པར་དག་གོ།། གསུམ་པ་ལ་ནི་ལྷག་པའི་བསྡམ་པ་རྣམ་པར་དག་གོ། བཞི་པ་ལ་ནི་ཚུལ་ཁྲིམས་རྣམ་པར་དག་གོ། ལྔ་པ་ལ་ནི་སེམས་རྣམ་པར ་དག་གོ།། དྲུག་པ་དང་བདུན་པ་དང་བརྒྱད་པ་ལ་ནི་ཡང་དག་པའི་ཡ་ཤེས་ལ་ཀུན་ཏུ་རྩོམ་པ་རྣམ་པར་དག་གོ། དགུ་པ་ལ་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངསུ་རྫོགས་པ་རྣམ་པར་དག་གོ་བཅུ་པ་ལ་ནི་དེ་ཁོ་ན་ཤེས་པའི ་མངོན་པར་ཤེས་པ་སྒྲུབ་པ་རྣམ་པར་དག་གོ། བཅུ་གཅིག་པ་ལ་ནི་དེའི་དོན་ཡང་དག་པར་གཞན་ལ་བསྟན་པའི་སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་གོ།། བཅུ་གཉིས་པ་ལ་ནི་རྣམ་པ་ཐམས་ཅད ་ཤེས་བྱ་ཐམས་ཅད་ཀྱི་རྗེསུ་འཇུག་པའི་ཡེ་ཤེས་རྣམ་པར་དག་གོ། བཅུ་གསུམ་པ་སྟེ། དེ་བཞིན་གཤེགས་པའི་གནས་པ་ལ་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་རྣམ་པར་དགེ ་གྲོ། གནས་པ་བཅུ་གསུམ་པོ་འདི་དག་ནི་སྔར་བསྟན་པའི་ཐེག་པ་ཆེན་པོ་སྡུད་པའི་ཆོས་བརྒྱད་པོ་དག་ཏུ་འདུས་པར་རིག་པར་བྱའོ།། གནས་པ་དང་པོ་དང་གཉིས་པ་ལ་ནི་དད་པ་སྐྱེས་ཤིང་མོས་པར་གྱུར་པ་བྱང་ཆུབ ་སེམས་དཔའི་སྡེ་སྣོད་ཉན་ཅིང་སེམསོ།། གནས་པ་གསུམ་པ་ནི་སྒོམ་པའི་རྣམ་པ་ཐོབ་པ་སྔོན་དུ་འགྲོ་བའི་ལྷག་པའི་བསམ་པོ་ཉམ་སུ་ལྡན་ཏོ།། དེ་ལས་གཞན་པའི་གནས་པ་རྣམས་ལ་ནི་མཚན་མ་མེད་པའི་རྩོལ་བ ་དང་བཅས་པའི་བར་དུ་སྒོམ་པ་མང་དུ་བྱེད།། དེའི་གོང་མ་བྱང་ཆུབ་སེམས་དཔའི་གནས་པ་དཔྱོད་པ་ཡོངསུ་དག་པས་བསྡུས་པ་གསུམ་པོ་དགྲ་ལ་ནི་སྒོམ་པའི་འབྲས་བུ་ཡོངསུ་འགྲུའོ།། དེ་བཞིན་གཤེགས་པའི་གནས ་པ་ལ་ནི་གཏན་དུ་ངེས་པར་འབྱུང་བར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་གནས་པ་བན་གཉིས་པོ་འདི་དག་ནི་གོ་རིམས་བཞིན་དུ་ཉན་ཐོས་ཀྱི་གནས་པ་དང་འདྲ་བར་རིག་པར་བྱ་སྟེ། ཉན་ཐོས་ཀྱི་རང་གི་རིགས་ལ་གནས ་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་དང་པོ་ཡིན་པར་རིག་པར་བྱའོ།། དེའི་ཡང་དག་པར་སྐྱོན་མེད་པ་ལ་འཇུག་པའི་སྦྱོར་བའི་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་གཉིས་པའོ།། དེའི་སྐྱོན་མེད་པ་ལ་འཇུག་པའི ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་གསུམ་པའོ།། དེའི་ཤེས་ནས་དད་པ་ཐོབ་པོའི་གྲོང་དུ་ཟག་པ་ཟད་པར་བྱ་བའི་ཕྱིར་འཕགས་པ་དགྱེས་པའི་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི ་འདིའི་གནས་པ་བཞི་པའོ།། དེའི་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས། ལྷག་པའི་སེམས་ཀྱི་བསླབ་པ་སྒྲུབ་པ་ལ་གནས་པོ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་ལྔ་པའོ།། དེའི་ཇི་ལྟར་ཐོབ་པའི་བདེན་པ་ཤེས་པའི ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལཱྀ་གནས་པཱ་ཛྲིཾ་ལྟེ་བ་དེ་བཞིན་དུ་ནི་འདིའི་གནས་པ་དྲུག་པ་དང་བདུན་པ་དང་བརྒྱད་པར་རིག་པར་བྱའོ།། དེའི་ཤེས་བྱ་ཤིན་ཏུ་བརྟགས་ནས་མཚན་མ་མེད་པའི་ཏིང་འཛིན་ལ ་སྦྱོར་བ་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་དགུ་པའོ།། དེའི་མཚན་མ་མེད་པ་ལ་གནས་པ་ཡོངསུ་གྲུབ་པ་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་བཅུ་པའོ།། དེའི་ལངས་ནས་རྣམ་པར་གྲོལ་བའི་སྐྱེ ་མཆེད་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་ན་འདིའི་གནས་པ་བཅུ་གཅིག་པའོ།། དེའི་རྣམ་པ་ཐམས་ཅད་དུ་དགྲ་བཅོམ་པ་ཉིད་ཀྱི་གནས་ཇི་ལྟ་བ་དེ་བཞིན་དུ་ནི་འདིའི་གནས་པ་བཅུ་གཉིས་པ་ཡིན་པར་རིག་པར་བྱའོ།། བྱང ་ཆུབ་སེམས་དཔའི་ས་འི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས། གནས་བྱའི་ལེའུ་སྐྱེ་བཞི་པའོ།། ། རྣལ་འབྱོར་མྱི་གནས་ཀ་སྐྱེད ་རྫོགས་སོ།། ། གནས་པ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བོའི་ཕྲི་བླ་ན་མ་ཐོ་བ་མེད ་པ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་ལྔ་སྟེ། གནོད་པ་ཡང་དྲག་པར་ཞི་བར་བྱེད་པ་དང་། དེ་དང་སྐལ་པ་མཉམ་པར་མཐུན་པར་མཛད་པ་དང་། ཆེན་པོར་སྐྱེ་བ་དང་། བདག་པོར་སྐྱེ་བ་དང་། ཐ་མའི་སྐྱེ་བའོ།། དེ་ལ་གནོད ་པ་ཡང་དྲག་པར་ཞི་བར་བྱེད་པའི་སྐྱེ་བའི་སྐྱེ་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་མུ་གེས་ཕོངས་ཤིང་གནོད་པ་ཆེན་པོ་བྱུང་བའི་དུས་དག་ཏུ་སྨོན་ལོམ་བཏབ་ནས། སེམས་ཅན་རྣམས་ཚེ་གོས་ཆུ་ངུས་འཚེ་བར ་འགྱུར་བའི་རྒྱུཪྻ། ཉྩ་ཆེན་པོ་ལ་སོགོས་པའོ་སྐྱེ་གླནས་རྣམསུ་ལུས་ཆེན་པོ་དག་ཏུ་སྐྱེ་བར་འགྱུར་ཏེ། དྭེར་སྐྱེས་པའི་འགྲོ་བུ་མཐའ་དག་རང་གི་ཤས?་ཚིམ་པར་བྱེད།། སེམས་ཅན་ནད་ཀྱིས་གནོད་པ་རྣམས་ལ་ནད་དེ་དག་རབ ་ཏུ་ཞི་བར་བྱ་མོའི་ཕྱིར། སྨོན་ལམ་བཏབ་ནས། རིག་སྔགས་འཆིཚོང་གྲུབ་པའི་སྨན་པོ་ཆེན་པོའི་ལུས་ཡོང་སུ་འཛིན་པར་བྱེད།། ཕ་རོལ་གྱི་དཔག་ཚོགས་ཀྱིས་ཤིན་ཏུ་གནོད་པར་གྱུར་པའི་སེམས་ཅན་དག་ལ་ནི་ཆོས ་བཞིན་དུ་སྙོམས་པར་ཐབས་མཁས་པས་ཕ་རོལ་གྱི་དམྱག་ཚོགས་ཀྱི་གནོད་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར། སྟོབས་དང་ལྡན་པའི་རྒྱལ་པོར་འགྱུརརོ།། སེམས་ཅན་ཕན་ཚུན་མི་མཐུན་པ་རྣམས་ལ་ནི་སྡུམས་བྱ་བ་དང་། ་ཁྲོན་གྱི་བསམ་པ་སྤང་བའི་ཕྱིར་ཚིག་བཙུན་པར་འགྱུརརོ།། རྒྱལ་པོ་འབྲངས་རྣམས་ལེ་ཆད་པ་དང་། བཙོང་བ་དང་། གནོད་པ་སྣ་ཚོགས་བྱེད་པ་ལ་ཞུགས་པ་དག་ལ་ནི། སེམས་ཅན་གྱི་གནོད་པ་དེ་དག་ཉིད་བསལ་བའི ་ཕྱིར། དེ་ལྟ་བའི་རྒྱལ་པོའི་ཕོ་བྲང་དག་ཏུ་སྐྱེ་སྟེ། རྒྱལ་པོ་ཆོས་དྲུང་ལྡན་ཞིང་སེམས་ཅནཱ་ལ་སྙིང་བརྩེ་བ་ཅན་དུ་འགྱུརརོ།། སེམས་ཅནྡ་ལ་གོང་ལྷའི་གནས་འགའ་ཞིག་ལ་མྱོས་ན་སྐུ་ལོག་པར་ལྟ་ཞིང་སྡིག་པ་བྱེད་པ་དག་ལ་ནི་དེང ་སྙིང་བརྩེ་བས་ལོག་པར་ལྟ་བ་དང་། ཉེས་པར་སྤྱོད་པ་སྤང་བའི་ཕྱིར།། ལྷའི་གནས་དེ་ཉིད་དུ་སྐྱེ་བར་འགྱུར་ཏེ། སྨོན་ལམ་དང་དབང་གི་སྟོབས་ཀྱིས་སྙིང་བརྩེ་བ་སྟོན་དུ་འགྲོ་བ་འདི་ནི་དཔག་ཏུ་མེད་པར་རིག་པར་བྱ་སྟེ། རྒྱས ་པར་བསྟན་པ་ནི་སྐྱེ་གནས་རྣམ་པ་སྣ་ཚོགས་དེ་དང་དེ་དྲག་ཏུ་སྐྱེ་བོ་སྟེ། འདི་ནི་དེའི་མདོར་བསྟན་པའོ།། དེ་དང་སྐལ་པ་མཉམ་པར་མཐུན་པར་འཇུག་པའི་སྐྱེ་བ་གང་ཞོ་ནི། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྨོན་ལམ ་གྱིས་སམ། དབང་པོ་ཐོབ་པས་སེམས་ཅན་དུད་འགྲོའི་སྐྱེ་གནོས་རྣམ་པ་སྣ་ཚོགསུ་སྐྱེས་པ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་ལ་སོགས་པ་གཅིག་ལོ་གཅིག་འཁུ་ཞིང་མི་མཐུན་པ་རྣམས ་དང་། དེ་བཞིན་དུ་བྲམ་ཟེའི་ལོག་པར་ལྟ་བ་རྣམས་དང་། དེ་བཞིན་དུ་ཉེས་པར་སྤྱད་པ་སྤྱོད་ཅིང་དེས་འཚོལ། དེར་མངོན་པར་དགའ་བ་རྣམས་དང་། དེ་བཞིན་དུ་འདོད་པ་རྣམས་ལ་ཧ་ཅང་ལྷག་བཨཱརྱ་ཞེ་ན ་ཅིང་འདོད་པ་ལ་མོས་པ་རྣམས་ལ་ཉེས་པ་དེ་བཟློག་པའི་ཕྱིར། སེམས་ཅན་དེ་དག་དང་སྐལ་པ་འདྲ་བོར་གཙོ་བོར་སྐྱེ་བར་འགྱུར་ཏེ། དེ་གཙོ་བོར་གྱུར་ནས། སེམས་ཅན་དེ་དག་ཀུན་ཏུ་སྤྱོད་པ་དེ་ནི་དེ་ཀུན་ཏུ་མི་སྤྱོདདོ།། དེ ་དག་དགེ་བ་གང་ཀུན་ཏུ་མི་སྤྱོད་པ་དེ་ནི་དེ་ཀུན་ཏུ་སྤྱོད་།། དགེ་བུ་ཀུན་ཏུ་སྤྱད་པར་བྱ་བའི་ཕྱིར། ཡང་དེ་དག་ལ་ཆོས་སྟོན་ཏེ། དེ་དག་ཀྱང་ཆོས་བསྟན་པ་དེ་དང་། མི་མཐུན་པར་ཀུན་ཏུ་སྤྱོད་པ་དེ་དང་། ཐབས་མཁས་པོ་དེས། ་ཉེས་པ་དེ་དག་ལས་ལྡོག་པར་འགྱུརརོ།། སྐྱེ་བ་འདི་ཡོད་དཔག་ཏུ་མེད་སྔ་མ་བཞིན་དུ་རིག་པར་བྱའོ།། དེ་ལ་ཆེན་པོར་སྐྱེ་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་ན་རང་བཞིན་གྱིས་འཇིག་རྟེན་ཐམས་ཅད་ལས་ཁྱད ་པར་དུ་འཕགས་པའི་ཚེ་དང་ཁ་དོག་དང་རིགས་དང་། དབང་ཕྱུག་ལ་སོགས་པའི་རྣམ་པར་སྨིན་པ་མངོན་པརརོ་འགྲུབ་པར་འགྱུར་ཏེ། རྣམ་པར་སྨིན་པ་དེས་ཀྱང་བདག་དང་གཞན་གྱི་དོན་གྱི་ལེའུ་ལས་ཇི་སྐད་བསྟན་པའི ་ལས་བྱེད།། བྱང་ཆུབ་སེམས་དཔའི་སྐྱེ་བ་དེ་ཡང་དཔག་ཏུ་མེད། སྐྱེ་གནས་དེ་དང་དེ་དག་ཏུ་སྐྱེ་བར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའི་བདག་པོར་སྐྱེ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རབ་ཏུ་རབ་ཏུ་དགའ་བ ་ལ་གནས་པ་དང་པོ་ནས་བཟུང་སྟེ། གནས་པ་བཅུ་པའི་བར་དག་གི་སྐྱེ་བ་བརྗོད་པ་འཛམ་བུ་གླིང་གི་དབང་ཕྱུག་ནས་བཟུང་སྟེ། འོག་མིན་ལས་འདས་ནས་སྐྱེ་བའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གང ་དུ་གནས་པ་མཆོག་ཐོབ་པ་ཁོ་ནའི་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བར་འགྱུར་བ་དབང་ཕྱུག་ཆེན་པོའི་བོར་དེ་དག་ནི་བདག་པོར་སྐྱེ་བ་ཞེས་བྱ་སྟེ། དེ་ནི་དེ་དག་གི་ལས་ཀྱིས་དབང་གིས་གྲུབ་པ་ཡིན།། དེ་ལ་བྱང་ཆུབ ་སེམས་དཔའི་ཐ་མའི་སྐྱེ་བ་གང་ཞེ་ནོ།། སྐྱེ་བ་གང་དུ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཚོགས་ཡོངསུ་རྫོགས་ནས་མདུན་ན་འདོན་གྱི་ཁྱིམ་འམ། རྒྱལ་པོའི་ཕོ་བྲང་དུ་སྐྱེས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚོང་རྒྱ་ཞིང་། སངས་རྒྱས་ཀྱི་འཕྲིན་ལོས་ཐམས་ཅད་ཀྱང་མཛད་པ་འདི་ནི་ཐ་མའི་སྐྱེ་བ་ཡིན་ཏེ། ཕྱི་མ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་འངས་པ་དང་། མ་འོངས་པ་དང་། དེ ་ལྟར་བྱུང་བའི་དུས་དག་ཏུ་དགེ་བ་དང་། བཟང་བ་དང་ཤིས་པའི་སྐྱེ་བ་རྣམསུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་དང་། སྐྱེ་བ་གོང་སུ་དག་ཀྱང་རུང་བ་དེ་དོག་ཐམས་ཅད་ཀྱང་སྐྱེ་བ་ལྔ་པོ་འདི་དག་ཏུ་སྐྱེ་བར་ཟདདེ། འདི་ལས ་གོང་ན་ཡང་མེ་དོ།། འདི་ལས་ལྷག་པ་ཡང་མེདདོ།། བྱིས་པའི་སོར་སྐྱེ་བ་ནི་མོ་གཏོགས་ཏེ། འདི་ལྟར་སྐྱེ་བ་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱིས་ཡིན་པར་འདོད་པའི་ཕྱིརརོ།། སྐྱེ་བ་དེ་དག་ནི ་བྱང་ཆུབ་ཆེན་པོའི་འབྲས་བུ་ཅན་ཡིན་ཏེ། དེ་དག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརརོ།། ། ་བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་སྐྱེ་བའི་ལེའུ་སྟེ་དང་པོའོ།། ། བམ་པོ་ཉི་ཤུ་པ། དེ་ལ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་གནས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་ནི་མདོར་བསྡུ་ན། སེམས་ཅན་ཐམས་ཅད་ཡང་དག་པར་ཡོངསུ་འཛིན་པར་རྣམ་པ་དྲུག་པ་ཡོད་པར་བྱ་སྟེ། སེམས་ཅན་ཐམས ་ཅད་ཡང་ཅིག་ཅར་ཡོངསུ་འཛིན་པ་དང་། བདག་པོས་ཡོངསུ་འཛིན་པ་དང་། འཛིན་པས་ཡོངསུ་འཛིན་པ་དང་། ཡུན་རིང་པོ་དང་། ཡུན་རིང་པོ་མ་ཡིན་པ་དང་། ཡོངསུ་འཛིན་པ་ཐ་མའོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི ་ཐོག་མ་སེམས་བསྐྱེད་པའི་ཚེ་ཉི་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ཆུང་མའི་ཚུལ་དུ་ཡོངསུ་བཟུང་སྟེ། བདག་གིས་འདི་དག་ལ་ཙ་ནུས་ཅི་ལྕོགས་ཀྱིས་རྣམ་པ་ཐམས་ཅད་དུ་ཕན་པ་དང་བདེ་བྱ་བསྒྲུབ་པར་བྱའོ་སྙམ་སྟེ། ་དེ་ཁོ་ན་བཞིན་དུ་ཡང་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཅིག་ཅར་ཡོངསུ་འཛིན་པ་ཡིན།། བདག་པོར་གྱུར་པ་ན་ཕ་མ་དང་། བུ་དང་། ཆུང་མ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ་ཞོ་ཤས་འཚོ་བ་ཡོངསུ་འཛིན་པ་དང་། རྒྱལ་པོར་གྱུར་པ་ན་འབངས་ལ་བྱང་ཆུབ་སེམས་དཔའི་བདག་པོས་ཡོངསུ་འཛིན་པའི་འདུ་ཤེས་འབྱུང་སྟེ། དེ་ཡང་ཡོང་སུ་འཛིན་པ་དེ་ལ་ཡོང་སུ་འཛིན་པ་དང་། འཚམ་པའི་བྱ་བ་བྱང་ཆུབ ་སེམས་དཔའི་ཚུལ་དང་མཐུན་པས་འཇུག། པ་མ་ནཱི་དགེ་བ་ལ་ཡང་དོག་པར་འཛུད་པར་བྱེད།། ཐབས་སྣ་ཚོགས་ཀྱིས་དུསུ་མཆོད་པ་དང་། རིམ་གྲོ་ཡང་བྱེད།། བྱས་པ་གཟེ་བ་དང་། བྱས་པ་ཚེ་རཱ་བར་ཡང་བྱེད།། ཕ་མོའི་སེམས ་མཐུན་པར་ཡང་བྱེད།། ཆོས་ཀྱི་དོན་དག་ལ་ཡང་དེའི་དཔུང་དུ་འགྱུར་བར་ཡང་བྱེདདོ།། བུ་དང་། ཆུང་མ་དང་། བྲན་དང་། བྲན་མོ་ལ་སོགས་པ་ལ་ནི་དུསུ་ཟས་དང་གོས་ལ་སོགས་པ་ལོགས་པར་སྦྱིན་པར་བྱེདདོ།། དེ་དག་ལ་ལས ་ཀྱིས་མཐའ་རྣམས་ཀྱིས་གནོད་པར་མི་བྱེདདོ།། དེ་དག་གི་ཉེས་པ་ཡང་བཟློད་པོར་བྱེད།། ན་བྱ་རྣམས་ལ་ཡང་ལེགས་པཱར་ནད་གཡོག་བྱེདདོ།། དེ་དག་དགེ་བྱ་ལ་ཡང་དག་པར་འཛུད་པར་བྱེདདོ།། དུས་དུསུ་ལྷག་པར་བྱ་དགའ་སྦྱིན་པ ་དང་། ཚིག་སྙན་པས་ཚིག་འཇམ་པར་བྱེད།། དེ་དག་ལ་བྲན་དང་བྲན་མོའི་འདུ་ཤོས་ཀྱང་མི་བསྐྱེདདེ། དེ་དག་ལ་བདག་ཉིད་དང་འདྲ་བ་འོ་མ་ལྷག་པར་ཡོངསུ་སྐྱོང་བར་བྱེདདོ།། བྱང་ཆུབ་སེམས་དཔའི་རྒྱལ་པོར་གྱུར་པས་ནོ ་རྒྱལ་སྲིད་དང་འབངས་ལ་ཆད་པ་མེད་པོ་དང་། མཚོན་ཆ་མེད་པས་རྒྱལ་སྲིད་བྱེད།། ཆོས་བཞིན་དུ་ལོངས་སྤྱོད་སྒྲུབ་པར་བྱེད།། རྒྱུད་ཀྱིས་བྱུང་བའི་རྒྱལ་སྲིད་ལ་སྤྱོད་པར་བྱེད་ཀྱི་ཕ་རོལ་གྱི་ཡུལ་འཁོར་གྱ་ཙོམ་དུ་མཐུས་འཕྲོག ་པར་མི་བྱེད།། ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་རྣམས་སྡིག་པ་ལས་ཟློག་པར་བྱེད།། འབྲངས་རྣམས་ཀྱི་ཕ་དང་འདྲ་བ་ཡིནོ།། སེམས་ཅན་གཞན་དག་ལ་ཡང་བགྲོ་བཤའ་བྱེད་པའི་ངང་ཚུལ ་ཅན་ཡིན་ན། བདག་གིས་ཚལ་ཟོ་བ་རྣམས་ལ་ལྟོ་ཅི་སྨོས། མི་འཁུ་བ་དང་བདེན་པར་སྨྲ་བ་ཡིན་ཏེ། གསངོ་པ་དང་བཅིང་བ་དང་ཆད་པས་གཅོད་པ་དང་། གཏུབྱ་པ་དང་བརྡེག་པ་ལ་སོགས་པ་སེམས་ཅན་ལ་གནོད་པ ་རྣམས་རྣམ་པར་སྤང་བྷ་ཡིནོ།། དེ་ལ་ཚོགས་ཡང་དག་པར་སྡུད་པ་ནི་བྱང་ཆུབ་སེམས་དཔའི་འཛིན་པས་ཡོངསུ་འཛིན་པ་ཞེས་བྱའོ།། དེ་ནི་རྒྱུ་གཉིས་ཀྱིས་འཁོར་ལེགས་པར་ཡོངསུ་འཛིན་པར་བྱེད། ཟང་ཟིང་མེད་པའི ་སེམས་ཀྱིས་ཡོངསུ་འཛིན་པ་དང་། རང་གི་དོན་ལྔ་ལེགས་པར་འཛུད་པར་བྱེད། ལོག་པའི་སྦྱོར་བས་སླུ་བར་མི་བྱེད་པའོ།། ཡོངསུ་འཛིན་པ་ཐམས་ཅད་ལ་ཡང་སེམས་སྙོམས་པ་ཡིན་ཏེ། ཕྱོགས་འཛིན་པར་མི་བྱེད།། དེ་དག ་ཆོས་ཀྱི་སེར་སྣ་ཡ་དྱ་ནཱིརྦི་བྱེད་ལ་སློ་དུ་སྣརོན་གྱི་དཔེ་མ་ཁྱུད་པར་མི་བྱེད་དོ།། དེ་དག་ལྔས་རིམྱ་གྲོ་དང་བསྙེན་བཀུར་བྱེད་པར་ཡང་མ་རེ་ལ། དགེ་བ་འདོད་པའི་ཕྱིར་རང་བྱེད་པ་ལ་ཡང་དེ་དག་ཉིད་ཀྱི་བསོད་ནམས་ཀྱི་ཚོགས ་རྫོཕྱོགས་གཞུག་པའི་ཕྱིར་ཟློག་པར་མི་བྱེད།། དུས་ལ་བབ་ན་བདག་ཉིད་དེ་དག་ལ་རིམ་གྲོ་དང་། བསྙེན་བཀུར་ཡོང་བྱེའོ།། དེ་དག་གི་མ་རྟོགས་པའི་དོན་ཡང་རྟོགསོ་པར་བྱེད་ལ། རྟོག་པ་ཡང་གསལ་བར་བྱེདདོ།། ཐེ་ཚོམ ་སྐྱེས་ཅོག་ཀྱང་སེལ་བར་བྱེད།། འགྱོད་པ་ཡང་སེལ་བར་བྱེད།། དོན་ཟབ་མོའི་ཚིག་ཀྱང་ཤེས་རབ་ཀྱིས་རྟོགས་པར་བྱསྨྲ་ནས། དུས་དུསུ་སྟོན་པར་བྱེད།། སྡུག་བསྔལ་བ་དང་བདེ་བ་ཡང་དེ་དག་དང་མཚུངས་པར་བྱེདདོ།། བདག ་ཉིད་ལས་དེ་དག་གིས་ཟང་ཟིང་ཐོབ་པར་བྱེད་པའི་ཕྱིར་ཡང་ལྷག་པའི་དོན་དུ་སྒྲུབ་པ་དང་ལྡནོ།། དུས་དུསུ་དེ་རྣམས་ཀྱི་ཉེས་པ་ཡང་ལེགས་པར་གླེང་བར་བྱེད།། དུས་དུསུ་རིགས་པར་སྨོད་པར་བྱེདདོ།། དེ་དག་ན་བ་འམ་མི ་འ་བས་ཐེབས་ན་ཡང་ནང་ཞི་བར་བྱ་བ་དང་། ཡོད་མི་དགའ་བ་བུས་ལ་བའི་ཕྱིར་རྣམ་པ་ཐམས་ཅད་དུ་ཡལ་བར་མི་འདོརོ།། དེ་དག་གཟུགས་དང་། དྲན་པ་དང་། བརྩོན་འགྲུས་དང་། ཤེས་པོ་ལ་སོགས་པས་དམན་པ་ལ ་ཡང་བརྙས་པར་མི་བྱེདདོ།། དུས་དུ་སུ་དྲོ་དག་ལ་སྐྱོ་བ་དང་དུ་བླངས་ཏེ། རིགས་པའི་ཚུལ་གྱིས་ཆོས་སྟོན་པར་བྱེད།། དུས་དུསུ་དེ་དག་ལ་དམིགས་པའི་ཡང་དག་པའི་གདམས་ངག་ཀྱང་སྦྱིན་པར་བྱེདདོ།། དེ་བཞིན་དུ་འཁོར་རྗེ་སུ ་བསྲུང་བར་བྱ་བའི་ཕྱིར་དང་། བདག་ཉིད་ཁྱད་པར་དུ་འགྲོ་བར་བྱ་བའི་ཕྱིར་དཀྲུགས་པ་ཡང་བཟོད་ཅིང་འཁྲུགས་པར་མི་འགྱུ་རོ།། དེ་དགྲ་དང་ཚུལ་དང་ཀུན་ཏུ་སྤྱོད་པ་མཚུངས་པ་འམ། ལྷག་པར་བྱེད་དམན་པར་ཡང་མི ་བྱེད་དོ།། རྙེད་པ་དང་བཀུར་སྟི་ལ་ཡང་ཆགས་པར་བྱེད། སྙིང་རྗེ་དང་ལྗོན་པ་ཡིན་ཏེ། རྒོད་བག་མེད་ཅིང་འཕྱར་བ་མ་ཡིན་ལ། ཚུལ་ཁྲིམས་དང་ལྟ་བ་དང་སྤྱོད་པ་དང་འཚོ་བ་ཕུན་སུམ་ཚིགས་པ་ཡིནོ།། བཞིན་གྱི་མདངས ་སྐྱོན་ཅིང་ཁྲི་གཉེར་སྣང་ལ།། ངེས་པ་དང་སྠཱནྟྲ་པདྨ་སྒྲུ་བ་དང་། གསད་པཱུཪྵ་ཀྐ་བཱ་རཱ་། འཛུམ་པ་སྣརོན་དུ་གཏོང་བ་ཡིན།། དགེ་ཟླའི་ཕྱོགས་ལ་རྟག་ཏུ་རྒྱུན་མི་འཆང་པར་བརྩོན་ཏེ། བག་མེད་པ་དང་། ་དྭ་བ་ཡོ་ནོ།། བྱང་ཆུབ་སེམས་དཔའ་ནི་དུས་ཐམས་ཅ་འ་ཁོར་མྱོ་ངྒེ་མྦྷ་འཛིན་པར་མི་བྱེད།། མི་འཛིན་པ་ཡང་མི་བྱེད་དོ།། གཞན་དུ་ཡ་མ་པྱོད་དེ།། དེ་ལྟ་སེམས་ཅན་གང་དག་ཡོངསུ་སྨིན་པ་རྒྷ་ལ་གནས་པ ་དགེ་ན་བྱང་ཆུབ་སེམས་ད་པེའི་ཡུན་རིང་པོར་འཛིན་པ་ཞེས་བྱ་སྟེ། ཡུན་རིང་མོ་ཞིག་གིས་རྣམ་པོར་དག་པུར་འགྱུར་བའི་སྐལ་པ་ཅན་ཡིན་པའི་ཕྱིར།། གང་དག་ཡོངསུ་སྨིན་པ་འབྲིང་ལ་གནས་པོ་དེ་དག་ནཱི་ཡུན་རིང་པོ་མ་ཡིན། ་པར་འཛིན་པ་ཞེས་བྱ་སྟེ། རིང་པོ་མི་ཐོགས་པར་རྣམ་པར་དག་པར་འགྱུར་བའི་སྐུལ་བ་ཅན་ཡིན་པའི་ཕྱིརརོ།། སེམས་ཅན་གང་དག་ཡོངསུ་སྨིན་པ་ཆེན་པོ་ལ་གནས་པ་དེ་དག་ནི་བྱང་ཆུབ་སེམས་དཔའི་འཛིན་པའི་ཐ་མ ་ཞེས་བྱ་སྟེ། ཚེ་འདི་ཉིད་ལ་རྣམ་པར་དག་པར་འགྱུར་བའི་སྐལ་བ་ཅན་ཡིན་པའི་ཕྱིར།། དེ་ལྟར་ན་རྣམ་པོ་དྲུག་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ལེགས་པར་ཡོང་སུ་འཛིན་པ་ཡིན་ཏེ། ཡོངསུ ་འཛིན་པ་ངེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ཡོངསུ་བཟུང་།། ཡོངསུ་འཛིན་པར་འགྱུ་རོ།། ཡོང་སུ་འཛིན་པར་བྱེད། དེ་ལས་གོང་མ་ཡང་མེ་དོ།། ་ལས་ལྷག་པ་ཡང་མེདོ།། དེ་ལྟར་སེམས་ཅན་ལེགས་པར་ཡོངསུ་འཛིན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་གནོད་ཅིང་ཉམས་ད་བ་བཅུ་གཉིས་དང་ཕྲད་པ་འགྱུར་བ་རིག་པར་བྱ་སྟེ། དེ་དག་ལ་བྱང་ཆུབ་སེམས་དཔའ ་མཁས་པར་བྱའོ།། སེམས་ཅན་འགལ་བར་གནས་པ་རྣམས་ལ་ཡང་ན་ནི་གནོད་པར་བྱ་དགོས། ཡང་ན་ནི་ཡལ་བར་འདོར་དགོས་པ་ནི་བྱང་ཆུབ་སེམས་དཔའི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིནོ།། སེམས་ཅན་ལ་སྦྱོར་བ ་དྲག་པོ་ཡང་ཀུན་ཏུ་སྤྱོད་པ། བདག་གི་བསམ་པའི་ཉོན་མོངས་པ་ཡང་སྲུང་བར་བྱེད་པ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིནོ།། སྦྱིན་པར་བྱ་བའི་ཆོས་ནི་ཉུ་ངུ་ཞིག་ཡོད་ལ། སློང་བ་པོ་ནི་མང་པོ་ཞིག་སློང་དུ་འོངས་པ་ནི ་གནོད་ཅིང་ཉམ་དུ་བ་དྲུང་ཕྲད་པ་སཱི་ནོ།། དེ་ནི་གཱཅིག་པུ་ཡིན་ལ་སེམས་ཅན་མང་པོ་ཞིག་གིས་བྱ་བ་རྣམ་པ་སྣ་ཚོགས་ཟུང་བ་ལ་གྲོགས་བྱ་བར་བཅོལ་བ་ནཱི་གནོད་ཅིང་ཉམ་དུ་བྱ་དང་ཕྲད་པ་ཡིནོ།། སེམས་ལ་སུ་མྱི ་རུང་ཞིང་བག་མེད་པའི་གནས་འཇིག་རྟེན་པའི་སྙོམས་ལུས་པར་འཇུག་པ་དགེ་བ་དང་། ལྷའི་འཇིག་རྟེན་དུ་སྐྱེ་བ་ནི་གནོད་ཅིང་ཉམ་ང་པོ་དང་ཕྲད་པ་ཡིནོ།། སེམས་ཅན་གྱི་དོན་བྱ་བར་འདོད་ལ་སེམས་ཅན་གྱི་དོན ་བྱ་བར་མི་ནུས་པ་འདི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིནོ།། སེམས་ཅན་བླུན་པོ་དང་། གཡོ་ཅན་དང་། དམུ་རྒོད་རྣམས་ལ་ཆོས་བསྟན་པ་འམ་ཡལ་བར་འདོར་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིནོ།། འཁོར ་བ་ལ་རྟག་ཏུ་ཉེས་པར་ཡང་བལྟ་ལ། འཁོར་བ་གཏོང་བར་ཡང་མི་བྱེད་པ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན།། བསམ་པ་རྣམ་པར་མ་དག་བཞིན་དུ་གཞན་དག་གིས་དམ་པ་མཆོག་ཏུ ་སྡུག་པའི་དངོས་པོ་སློང་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིནོ།། སེམས་ཅན་བསམ་པོ་ཐ་དད་པ་སྣ་ཚོགས་ཅན་དང་མོས་པ་སྣ་ཚོགས་ཅན་དག་ལ་བརྡ་སྤྲད་པར་བྱ་བ་འམ་ཡལ་བར་འདོར་བ་ནི་གནོད་ཅིང་ཉམ ་ང་བ་དང་ཕྲད་པ་ཡིན།། ཤིན་ཏུ་བག་ཡོད་པར་ཡང་བྱ་དགོས་ལ་ཉོན་མོངས་པ་རྣམས་ཀྱང་ཐམས་ཅད་དུ་སྲིང་བར་མི་བྱ་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིནི་ཏེ། དེ་ལྟར་གནོད་ཅིང་ཉམ་དྲ་བ་དང་ཕྲད་པ་ཡིན་ཏེ། ་ར་གནོད་ཅིང་ཉམ་ང་བ་དང་ཕྲད་པའི་བྱང་ཆུབ་སེམས་དཔའ་ནི། ཁ་ཅིག་ཏུ་གནོད་པ་ཆེ་ཆུང་བརྟགས་ལ་དུ་ཁོ་ན་བཞིན་དུ་སྦྱར་བར་བྱའོ།། ཁ་ཅིག་ཏུ་ནི་གང་ཟུག་ལ་བརྟག་པར་བྱའོ།། ཁ་ཅིག་ཏུ་ནི་བརྟན་པོར་དམི ་ཤྲིང་རྒྱུ་ཡང་དག་པར་བླངས་ཏེ། འདུག་པོཪྻ་བྱས་ལྔ་སྨོན་ལམ་དག་ཀྱང་ལུགས་པར་གདབ་པར་བྱའོ།། ཁ་ཅིག་ཏུ་ནཱི་སེམས་འཇུག་པར་མི་བྱའོ།། ཁ་ཅིག་ཏུ་ནི་ཤས་ཆེར་སོ་སོར་བརྟགས་ཏེ་གནས་པར་བྱས་ལ ་མི་སྐྱེ་བོ་དང་བཟོད་པར་བྱའོ།། ཁ་ཅིག་ཏུ་ནི་བཏང་སྙོམསསུ་གཞག་པར་བྱའོ།། ཁ་ཅིག་ཏུ་ནི་བརྩོན་འགྲུས་བརྩམས་ཞིང་བརྟུན་ཏེ་བྱའོ།། ཁ་ཅིག་ཏུ་ནི་ཐབས་ལ་མཁས་པར་བྱ་སྟེ། དེ་ལྟར་ཡང་དག་པའི་གཉེན་པོ་ལ ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་གནོད་ཅིང་ཉམ་ང་བ་ཐམས་ཅད་དང་ཕྲད་ཅིང་མངོན་སུམ་དུ་གྱུར་ཀྱང་ཡི་ཆད་པར་མི་འགྱུར་ཏེ། བདག་ཉིད་ཀྱང་ལེགས་པར་སྲུང་བར་བྱེད།། བྱང་ཆུབ་སེམས་དཔའ་སའི་གཞིའི ་རྣལ་འབྱོར་གྱི་གནས་ཐ་མ་ལས་ཡོངསུ་ཡོངསུ་འཛིན་པའི་ལེའུ་སྟེ་གཉིས་པའོ།། །། ཇི་སྐད་བསྟན་པའི་གནས་པ་བཅུ་གསུམ་པོ་འདི་དག་དང ་ལྡན་པའི་ས་བདུན་ཡོད་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ས་དྲུག་དང་། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤགས་པའི་ས་འདྲན་མ་གཅིག་སྟེ། རིགས་ཀྱི་ས་དང་། མོས་པས་སྤྱོད་པའི་ས་དང་། ལྷག ་པའི་བསམ་པ་དག་པའི་ས་དང་། སྤྱོད་པ་སྒྲུབ་པའི་ས་དང་། ངེས་པའི་ས་དང་། སྤྱོད་པ་ངེས་པའི་སྱ་དང་། མཐར་ཐུག་པར་འགྲོ་བའི་སའོ།། འདྲི་དག་ནི་བྱང་ཆུབ་སེམས་དཔའི་ས་བདུན་ཡིན་ཏེ། དེ་དག་ལས་ཐ ་མ་ནི་འདྲེན་མ་ཡིནོ།། དེ་ལ་རིག་ལ་གནས་པ་དང་། མོས་པས་སྤྱོད་པ་ལ་གནས་པ་ནི་ས་གཉིས།། རབ་ཏུ་དགའ་བ་ལ་གནས་པ་ནི་ལྷག་པའི་བསམ་པ་དག་པའི་སའི།། ལྷག་པའི་ཚུལ་ཁྲིམས་ལ་གནས་པ ་དང་། ལྷག་པའི་སེམས་ལ་གནས་པ་དང་། ལྷག་པའི་ཤེས་རབ་ལ་གནས་པ་གསུམ་དང་མཚན་མ་མེད་པ་ལ་གནས་པ་རྩོལ་བ་དང་བཅས་པ་ནི་སྤྱོད་པ་སྒྲུབ་པའི་སའོ།། མཚན་མ་མེད་པ་ལ་གནས་པ ་ལྷུན་གྱིས་གྲུབ་པ་ནི་ངེས་པའི་ས་ཏེ། ས་དེ་ལ་བྱང་ཆུབ་སེམས་དཔའི་ངེས་པར་འཇུག་པའི་གསུམ་པ་ལ་ཞུགས་པ་ཡིནོ།། སོ་སྷོ་ཡང་དག་པར་རིག་པ་ལ་གནས་པ་ནི་སྤྱོད་པ་ངེས་པའི་སའོ།། ་གནས་པ་མཆོག་དང་དེ་བཞིན་གཤེགས་པའི་གནས་པ་མཐར་ཐུག་པོར་འགྲོ་བའི་ས་ཏེ། དེ་བཞིན་གཤེགས་པའི་གནས་པ་དྲང་ས་ནི་སངས་རྒྱས་ཀྱི་ཆོས་ཀྱི་གནས་པའི་ལེའུ་ལས་འོག་ནས་འཆདོ།། དེ་ལ་བྱང ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལས་ལྷག་པའི་བྱསམཱ་པ་དག་པའི་ས་ལ་འཇུག་པ་ན། ངན་སོང་རྣམས་ལས་ཇི་ལྟར་ཡང་དག་པར་འདའ་བར་འགྱུར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན ་པོའི་ཡོངསུ་དག་པའི་བསམ་གཏན་ལ་བརྟེན་ནས་མོས་པས་སྤྱོད་པའི་ས་ལ་བྱང་ཆུབ་ཀྱི་ཚོགས་ལགས་པར་བསགས་ཏེ་སྔར་བསྟན་པའི་རྣམ་པ་བརྒྱ་རྩ་བཅུས་གཞན་ཡིད་ལ་མི་བྱེད་པ་རུ་སེམས་ཅན་རྣམས་ལ ་སྙིང་བརྩེ་བ་སྒོམ་པར་བྱེད། དེས་སྒོམ་པའི་རྒྱུས་སེམས་ཅན་རྣམས་ལ་དེ་ལྟ་བུའི་སྙིང་བརྩེ་བའི་བསམ་པ་དང་སྙིང་རྗེ་བའི་བསམ་པ་ཐོབ་པར་འགྱུར་ཏེ། དེས་ན་སེམས་ཅན་རྣམས་ཀྱི་དོན་དུ་ངན་སོང་རྣམས་ལ ་ཁྱིམ་གྱི་གནས་ཀྱི་ཚུལ་དུ་གནས་པར་བྱེད། གལ་ཏེ་བདག་འདི་དག་ཉིད་ན་གནས་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འགྲུབ་པར་འགྱུར་བ་ལྟ་ན་ཡང་བདག་སེམས་ཅན་རྣམས ་ཀྱི་སྡུག་བསྔལ་བསྔལ་བ་སྐྱོའོ་སྙམ་སྟེ། སེམས་ཅན་རྣམས་ཀྱིས་ངན་སོང་བའི་ལས་ཐམས་ཅད་བསམ་པ་དག་པ་དེས་བདག་ཉིད་ལ་རྣམ་པར་སྨིན་པར་འདོད་ལ། མི་དགེ་བའི་ལས་ཐམས་ཅད་གཏན་དུ་མི་སྤྱོད་པར་ཡང ་ཡིད་ལ་སྨོན་པར་བྱེད།། ངོས་དེ་ལྟར་འཇིག་རྟེན་པའི་ཡོངསུ་དག་པའི་བསམ་གཏན་དེ་ཡོངསུ་བསྒོམས་པས་ངན་སོང་བའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་གནས་ལས་སེལ་བར་བྱེད། དེ་སྤངས་པས ་སྡིག་པ་ངན་སོང་བའི་ལུས་གཏན་མི་བྱེད་པ་དང་། ངན་སོང་དུ་འགྲོ་བའི་ཕྱིར་རིང་པོ་མི་ཐོགས་པར་བྱང་ཆུབ་སེམས་དཔའ་དེའི་གནས་འགྱུར་ཏེ། དེ་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་ངན་སོང་དུ་འགྲོ་བུ་ཐམས་ཅད་ལས ་ཡང་དག་པར་འདས་ཤིང་མོས་པས་སྤྱོད་པའི་ས་ལས་ཀྱང་ཡང་དག་པར་འདས་ལ། ལྷགས་པའི་བསྡམ་པ་དག་པའི་ས་ལུ་ཡང་ཞགས་པ་ཡིནོ།། གནས་པའི་ལེའུ་ལས་དད་པ་ལ་སྩོགས་པ་རྣམ་པར་སྦྱོང་བའི་ཆོས་བཅུ་པོ ་དག་བསྟན་པ་དེ་དག་ནི་འདིར་ཡང་ས་རྣམ་པར་སྦྱོང་བ་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་རྣམ་པར་གཞག་པར་རིག་པར་བྱའོ།། དོན་གྱི་མདོ་དང་གོ་འམས་ཀྱང་རིག་པར་བྱའོ།། དེ་ལ་བཅུ ་པོ་འདི་དག་ནི་ས་རྣམ་པར་སྦྱོང་བའི་ཆོས་བཅུ་པོ་དེ་དག་གི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཡིན་ཏེ། དེ་དག་གི་གཉེན་པོར་འདི་དག་རྣམ་པར་གཞག་པ་ཡིནོ།། བཅུ་གང་ཞེ་ན། ཐམས་ཅད་ཀྱི་ཐམས་ཅད་སེམས་བསྐྲད་པར་མི ་རྩོམ་ཞིང་། བྱང་ཆུབ་སེམས་དཔའ་བསླབ་པའི་གཎྜཱི་ཡང་དག་པར་མི་ལེན་པ་འདི་ནི་དད་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཡིན་ཏེ། དེའི་གཉེན་པོ་ནི་དད་པའོ།། སེམས་ཅན་རྣམས་ལ་རྣམ་པར ་འཚེ་བའི་སེམས་ནི་སྙིང་རྗེའི་མི་མཐུན་པའི་ཕྱོགས་ཡིནྡ་ཏེ། དེའི་གཉེན་པོ་ནི་སྙིང་རྗེའོ།། སེམས་ཅན་རྣམས་ལ་གནོད་སེམས་བྱེད་པོ་ནི་བྱམས་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་བྱམས་པའོ།། ་ལྗོང་སྤྱོད་དུ་སྩོགྶ་ལ་ལྟ་བུ་ནཱི་སྟྲཱིནྡ་པཱི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་གཏོང་བའོ།། སེམས་ཅན་རྣམས་ལྔ་གནོད་པརཽ་བྱེད་པ་དང་། ལོག་པར་སྒྲུབ་པ་རྙེད་པོ་དང་། བྱ་བ་མང་པོ་ནི་སྐྱོ་བའི་མི་མཐུན་པའི་ཕྱོགས ་ཡིན་ཏེ། དེའི་གཉེན་པོ་ནི་མི་སྐྱེ་བའོ།། ཐབས་མེད་པ་སྦྱོར་བའི་བསྟན་བཅོས་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་བསྟན་བཅོས་ཤེས་པའོ།། མི་དེ་སྲོ་ཤིང་གཞན་གྱི་སེམས་དང་མཐུན་པར་མི ་བྱེད་པ་ནི་འཇིག་རྟེན་ཤེས་པའི་མྱི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་འཇིག་རྟེན་ཤེས་པའོ།། དབྱེ་བའི་ཆོས་སྒོམ་པ་ལྔ་བག་ཆགས་མེད་ཅིང་ལེ་ལོ་བྱེད་པ་ནཱི་ངོ་ཆེ་ཤེས་པ་དང་ཁྲེལ་ཡོད་པའི་མི་མཐུན ་འོའི་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ།། འཁོར་བའི་སྡུག་བསྔལ་ཡུན་རིང་པོ་སྣ་ཚོགས་མ་བཟད་ཅིང་རྒྱུན་མི་འཆད་པ་དག་གིས་ཉན་པ་ནི་བརྟན་པའི་སྟོབས་བསྐྱེད་པའི་མི་མཐུན་པའི ་ཕྱོགས་ཡིན་ཏེ། དེའི་གཉེན་པོ་ནི་བརྟན་པའི་སྟོབས་བསྐྱེད་པའོ།། སྟོན་པ་ལ་སོམ་ཉི་དང་ཡིད་གཉིས་དང་ཐེ་ཚོམ་ཟ་བྱ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱེད་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེའི་གཉེན ་པོ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པའོ།། དེ་ལྟར་ན་དེ་དག་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་རྣམ་པར་བཞག་པ་ཡིནོ།། དེ་དག་གི་དོན་གྱི་མདོ་གང་ཞེ་ན། མདོར་བསྡུ་ན་ཆེས་བཅུ་པོ་འདི་དག་གིས ་བསམ་པ་དག་པ་དང་། སྦྱོར་བ་དག་པར་ཡོངསུ་བསྟན་ཏོ།། དེ་ལ་དང་པོ་གསུམ་གྱིས་ནི་བསམ་པ་དག་པར་བསྟན། ལྷག་མ་རྣམས་ཀྱིས་ནི་སྦྱོར་བ་དག་པར་བསྟན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་བྱུང ་ཆུབ་ལ་མངོན་པར་དད་པ་ནི་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྙིང་རྗེའོ།། སྙིང་རྗེ་བར་གྱུར་ན་བདག་གིས་འདི་དྲག་ཡོངསུ་བསྐྱབ་པར་བྱའོ་སྙམ་དུ་བྱམས་པར་འགྱུར་རོ།། དེ་ལྟར་བྱམས་པའི་སེམསུ་གྱུར་ན། ལོང ་སྤྱོད་དང་། སྲོག་ལ་མི་ལྟ་བས་དེ་དག་ལ་ཡོངསུ་གཏོང་བར་འགྱུར། མི་ལྟ་བས་དེ་དྲག་གི་དོན་ལ་སྦྱོར་བ་ན་ཡོངསུ་མི་སྐྱོ་བའོ།། ཡོངསུ་མི་སྐྱོན་བསྟན་བཅོས་ཤེས་པར་འགྱུར་རོ།། བསྟོན་བཅོས་ཤེས་ན་དེས་ཇི་ལྟར ་འཇིག་རྟེན་དུ་འཇུག་པར་བྱ་བ་དེ་བཞིན་དུ་ཤེས་ཏེ། དེ་ལྟར་ན་འཇིག་རྟེན་ཤེས་པ་ཡིནོ།། བདག་ཉིད་ཀྱང་ཉོན་མོངས་པོ་ཀུན་ཏུ་སྤྱོད་པས་ངོ་ཚ་ཞིང་ཁྲེལ་ཡོད་པར་བྱེད།། ངོ་ཚ་ཤེས་པ་དང་ལྡན་ཞིང་ཁྲེལ་ཡོད་པ་དང་། ་ལྡན་ན་ཉོན་མོངས་པའི་དབང་དུ་མི་འགྱུར་ཞིང་། རྟནྡ་པའི་སྟོབས་བསྐྱེད་པར་འགྱུར་རོ།། བརྟན་པའི་སྟོབས་བསྐྱེད་པ་ཐེབ་ན་ཡང་དག་པའི་སྦྱོར་བ་ལས་ཡོངསུ་ཉམས་པར་མི་འགྱུར་ཞིང་། དགེ་བའི་ཆོས་རྣམས ་ཀྱིས་རྣམ་པར་འཕེལ་ལ། སྒྲུབ་པའི་མཆོད་པ་དང་། རྙེད་པ་དང་། བཀུར་སྟིའི་མཆོད་པས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱེད་པར་འགྱུར་ཏེ། དེ་ལྟར་ན་འདི་ནི་ཆོས་བཅུ་པོ་དེ་དག་གོ་རིམ་བཞིན་དུ་ཡང ་དག་པར་འགྲུབ་པ་ཡིན་པར་རིག་པར་བྱའོ།། ཆོས་བཅུ་པོ་འདི་རྣམས་ཀྱིས་ནི་ས་ཐམས་ཅད་རྣམ་པར་སྤྱོད་པར་འགྱུརརོ།། གཞིའི་རྣལ་འབྱོར་གྱི་གཽནས་ཐ་མཱ་ལས། སའི་ལིའུ་སྟེ་གསུམ་པའོ།། ། ་མོས་པས་སྤྱོད་པའི་ས་ཡན་ཆད་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་ནི་མདོར་བསྡུ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པོ་བཞི་ཡོད་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། བྱང ་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་དང་། མངོན་པར་ཤེས་པའི་སྤྱོད་པ་དང་། སཱམ་སེ་ཅན་ཡོངསུ་སྨིན་པའི་སྤྱོད་པའོ།། དེ་ལྟར་སྔར་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཐབས་ལ་མཁསྔོ་བའི་ཕ་རོལ་ཏུ་ཕྱིན་པོ་དང་། ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་འདི་དག་བསྡུས་པ་ལོ་ནི་བསྡུས་པ་ལ་ན་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཞེས་བྱའོ།། དེ ་ལྟར་སྔར་བསྟན་པའི་ཐབས་ལ་མཁས་པ་རྣམ་པ་བཅུ་གཉིས་ནི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ།། སྔར་བསྟན་པའི་སྨོན་ལམ་རྣམ་པ་ལྔ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ།། སྟོབས་བཅུའི་སྦྱོར་བ་རྣམ་པར་དག་པ་ནི ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་གཞག་པ་ཤེས་པ་ནི་ཡང་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་དོན་དམ་པ་འཛིན་པ་ལ་ཞུགས་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕྱི་རོ་ལུང་ཏུ ་ཕྱིན་པའོ།། ཀུན་རྫོབ་འཛིན་པ་ལ་ཞུགས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་གཉིས་ཀྱི་བྱེ་བྲག་ནཱི་དེ་ཡིན།། རྣམ་གྲངས་གཞན་ཡང་ཡེ་ཤེས་ཚད་མེད་པ་ནི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ།། གོང་ནས ་གོང་དུ་ཡེ་ཤེས་ཁྱད་པར་ཅན་དོན་དུ་གཉེར་བ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ།། བདུད་ཐམས་ཅད་ཀྱིས་ལམ་མི་ཆོད་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཇི་ལྟ་བ་བཞིན་དུ་ཤེས་བྱ་རྟོགས་པ་ནི་ཡོ་ཤེས་ཀྱི་ཕ་རོལ ་ཏུ་ཕྱིན་པའོ།། སྔར་ཇི་སྐད་བསྟན་པའི་དྲན་པ་ཉེ་བར་གཞུག་པ་ཡན་ཆད་བྱང་ཆུབ་ཀྱི་ཕྱོགསྡེ་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང་། ཡོངསུ་ཚོལ་བ་བཞི་དང་། ཡང་དག་པ་ཇི་ལྟ་བོ་བཞིན་དུ་ཡོངསུ་ཤེས་པ་བཞི་པོ་དེ ་དགེ་བསྡུས་པ་ལེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་ཞེས་བྱའོ།། མཐུའི་ལེའུ་ལས་ཇི་སྐད་བསྟན་པའི་མངོན་པར་ཤེས་པ་དྲུག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར ་ཤེས་པའི་སྤྱོད་པཱ་ཞེས་བྱའོ།། སྔར་བསྟན་པའི་དཔག་ཏུ་མེད་པ་གཉིས་ཏེ། འདུལ་བ་དཔག་ཏུ་མེད་པ་དང་། འདུལ་བའི་ཐབས་དཔག་ཏུ་མེད་པ་དང་། སེམས་ཅནྡ་ཡོངསུ་སྨིན་པར་བྱ་བའི་ལེའུ་ལས ་ཇི་སྐད་བསྟན་པའི་སེམས་ཅན་ཡོང་སུ་སྨིན་པར་བྱ་བ་ཐམས་ཅད་བསྡུས་པ་ནི་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་སྤྱོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་བཞིས་ནི་བྱང་ཆུབ་སེམས ་དཔའི་སྤྱོད་པ་ཐམས་ཅད་བསྡུས་པའི་རིག་པར་བྱའོ།། དེ་ལ་སྦྱིན་པ་ལ་སོགས་པའི་ཆོས་བཅུ་པོ་འདི་དྲུག་ནི་ཡུན་རིང་པོ་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡོང་དག་པར་འགྲུབ་པ་དང་། དེ་མ་ཡིན་པ་འཇིག་རྟེན་པ་དང་། ་ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བའི་རྩ་བོ་ཐམས་ཅད་པས་རང་བཞིན་གྱིས་རྣམ་པར་དག་པའི་ཁྱད་པར་དང་། བྱང་ཆུབ་མཆོག་གི་འབྲས་བུ་ཡོངསུ་འཛིན་པའི་ཕྱིར། དུས་ཀྱི་མཆོག་གིས་ཡང་དག་པར་འགྲུབ ་པ་དང་། དེ་མ་ཡིན་པ་འཇིག་རྟེན་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཐམས་ཅད་པོས་རང་བཞིན་གྱིས་རྣམ་པར་དག་པའི་ཁྱད་པར་དང་། བྱང་ཆུབ་མཆོག་གི་འབྲས་བུ་ཡོངསུ་འཛིན་པའི་ཕྱིར་དུས ་ཀྱི་མཆོག་གི་ཡང་དག་པར་འགྲུབ་པ་དང་། རང་བཞིན་རྣམ་པར་དག་པའི་མཆོག་གིས་རྣམ་པར་དག་པ་དང་། འབྲས་བུ་མཆོག་སྦྱིན་པར་བྱེད་པས་ན་དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ།། ཕ་རོལ་ཏུ་ཕྱིན་པ་རྣམསོ་ནི་རྒྱུ ་གསུམ་གྱིས་གོ་རིམ་སུ་གཞག་པའི་རིག་པར་བྱ་སྟེ། གསུམ་གང་ཞེ་ན། གཉེན་པོ་དང་། འབྱུང་བ་དང་། རྣམ་པར་སྨིན་པའི་འབྲས་བུ་སོ།། དེ་ལ་སེར་སྣ་དང་། ཉེས་པར་སྤྱོད་པ་དང་། སེམས་ཅན་རྣམས་ལ་ཁོན་གྱིས་གནོད ་པར་བྱེད་པ་དང་། ལེ་ལོ་དང་། རྣམ་པར་གཡེང་བྱ་དང་། མོད་དམའ་ཞིང་ཧ་འདང་ཅན་དང་། ཆོས་དྲུག་པོ་འདི་དག་ནི་ཟང་ཟིང་དང་ཆོས་དང་། བྱང་ཆུབ་ལ་སྒྲིབ་པའི་གནས་ཡིན་ཏེ། ཆོས་དྲུག་པོ་འདི་དག་གི་གཉེན་པོ ་ཕ་རོལ་ཏུ་ཕྱིན་པ་དྲུག་ཅི་རིགས་པར་རིག་པར་བྱའོ།། དྲི་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་འདི་དག་ཉི་དུ་འདུས་ཏེ། དེ་ལྟར་ནུ་གཉེན་པོར་རྣམ་པར་གཞག་པ་ཡིནོ།། འབྱུང་བས་ཇི་ལྟ་བུ་ཞེ་ན། འདི་ལ་ཐོག་མ ་ནར་བྱང་ཆུབོ་སེམས་དཔའ་ལོངས་སྤྱོད་ལ་མི་ལྟ་ན་ཁྱིམ་གྱི་འདོད་པ་རྣམས་བཏིང་ནས་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེ་།། ཚུལ་ཁྲིམས་ལ་གུས་ན་གཞན་གྱིས་རྣམ་པར་ཐོ་བ་ཙམ་པ་བཟོད་དེ་གཞན ་ལ་རྣམ་པར་ཐོ་མི་འཚ་མོ།། དེ་ཡང་དག་པར་ལེན་པ་དང་། བཟོད་པས་ཚུལ་ཁྲིམས་རྣམ་པར་དག་པ་ན་མི་འགྱུར་བ་དང་། རྒྱུན་མོ་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བ་སྦྱོར་རོ།། དེ་དེ་ལྟར་བརྩོན་འགྲུས་ཀྱི་བག ་ཡོད་པར་གྱུར་ན། སེམས་རྩེ་གཅིག་པ་དགེ་བ་ལ་རེག་པར་འགྱུརརོ།། དེ་དེ་ལྟར་སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་བྱ་ཤེས་ཤིང་མཐོང་བར་བྱ་བ་མཐོང་སྟེ། དེ་ལྟར་ན་དེ་རྣམས ་འབྱུང་བའི་གོ་རིམས་ཀྱིས་རྣམ་པར་གཞག་པར་རིག་པར་བྱའོ།། རྣམ་པ་རུ་སྨིན་པའི་འབྲས་བུས་ཇི་ལྟ་བུ་ཞེ་ནུ། འདི་ལ་བྱང་ཆུབ་སེམས་དཔའ་ཚེ་འདི་ལ་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས ་འདི་དག་ཡང་དག་པར་བླངས་ཏེ་འདུག་པ་ནི། གཞི་དེས་ཕྱི་མ་ལ་སྦྱིན་པ་ལས་གྱུར་པོའི་ཕྱི་རོལ་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ལ། དེ་མ་ཡིན་པ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ ་ལུལས་གྱུར་པའི་ནང་གི་ལུས་ཀྱི་ཕུན་སུམ་ཚོགས་པ་རྣམ་པུ་ལྷ་ཐོབ་པར་འགྱུར་ཏེ། ལུསོ+ོ་ཀྱི་ཕུན་སུམ་ཆོགས་པ་རྣམ་པ་ལྔ་གང་ཞེ་ན། བླདྲེ་འགྲོར་གཏོགས་པའི་ལྷ་དང་མེ་དང་། དེ་མ་ཡིན་པའི་སེམས་ཅན་རྣམས་ལ ་ཚེ་ལ་སོགས་པ་ཁྱད་པར་དུ་འཕགས་པ་དང་ལྡན་པ་འདི་ནི་ཕུན་སུམ་ཚོགས་པ་དང་པོའོ།། རང་བཞིན་གྱིས་དགེ་བ་ལ་སྦྱོར་བ་ལ་མི་སྐྱོ་བ་དང་། གཞན་གྱིས་ཉེས་པ་བཟོད་པ་དང་གཞན་ལ་གནོད་པ་མི་དགའ་བ ་འདི་ནི་ཕུན་སུམ་ཚོགས་པ་གཉིས་པའོ།། རང་བཞིན་གྱིས་བརྩམས་པ་ཐམས་ཅད་ལ་འབད་པ་བརྟན་པ་འདི་ནི་ཕུན་སུམ་ཚོགས་པ་གསུམ་པའོ།། རང་བཞིན་གྱིས་ཉོན་མོངས་པ་ཤས་ཆུང་ཞིང་དོན་ཐམས ་ཅད་ལ་མངོན་པར་ཤེས་པ་མྱུར་བར་བྱ་བ་ལ་རང་གི་སེམས་ལ་དབང་ཞིང་སེམས་ལསུ་རུང་བ་འདི་ནི་ཕུན་སུམ་ཚོགས་པ་བཞི་པའོ།། རང་བཞིན་གྱི་བློ་རྒྱ་ཆེ་བ་དང་། དོན་ཐམས་ཅད་ལ་མཁས་ཤིང་མཛངས་པ ་འདི་ནི་ཕུན་སུམ་ཚོགས་པ་ལྔ་པ་སྟེ། འབྲས་བུ་རྣམ་པར་སྨིན་པ་ལས་གྱུར་པ་འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་གོ་རིམ་སུ་རྣམ་པར་གཞག་པ་གཞན་ཡིན་པར་རིག་པར་བྱའོ།། དེ་ལ་ཕ་རོལ་ཏུ་ཕྱིན་པ་བཞི་ཚོགས། ་དང་། རང་བཞིན་དང་། འཁོར་དང་། ཀུན་ཏུ་བསྲུང་བ་དང་བཅས་པས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངསུ་རྫོགས་པར་རིག་པར་བྱའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ནི ་ལྷག་པའི་སེམས་ཀྱི་བསླབ་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྟེ། བྱང་ཆུབ་སེམས་དཔའི་བསླབ་པའི་ལམ་ནི་གསུམ་ལས་ལྷག་པ་མེདདོ།། དེ་བས་ན་བྱང་ཆུབ་སེམས་དཔའི ་བསླབ་པའི་ལམ་ཐམས་ཅད་འདུས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཁོ་ནུར་རྣམ་པར་གཞག་པ་ཡིན་ཏེ། འདི་ལས་གོང་ན་ཡང་མེདོ།། འདི་ལས་ལྷག་པ་ཡང་མེདདོ།། བྱང་ཆུབ་སེམས་དཔའི་བྱ་བ་ན་མདོར་བསྡུ་ན ་བཞི་པོ་འདི་དག་ཡིན་ཏེ། དེ་དག་གིས་དེ་རྣམས་ཀྱི་བྱ་བ་ཐམས་ཅད་བསྡུས་ཏེ། བྱང་ཆུབ་ཀྱི་ཕྱིར་དགེ་བ་ལ་གོམས་པར་བྱེད་པ་དང་། དེའི་སྔོན་དུ་འགྲོ་བའི་དེ་ཁོ་ནའི་དོན་རྟོག་པར་བྱེད་པ་དང་། མཐུ་ཡང་དག་པར་འགྲུབ ་པར་བྱ་བ་དང་། སེམས་ཅན་ཡོངསུ་སྨིན་པར་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བྱ་བ་བཞི་པོ་འདི་དག་སྤྱོད་པ་བཞི་པོ་དོག་གི་གོ་རིམ་བཞིན་དུ་བྱེད་ཅིང་རྗེ་སུ་སྒྲུའོ།། དེ་ལྟ་བས་ན་དེའི་གོང་དུ་སྤྱོད་པ་རྣམ་པར་གཞག་པ ་མེདདོ།། གཞིའི་རྣལ་འབྱོར་གྱི་གནས་ཐ་མཱ་ལས་སྤྱོད་པའི་ལེའུ་སྟེ་བཞི་པའོ།། ། དེ་ལ་དེ་བཞིན་གཤེགས་པའི་གནས་པ་དང་། དེ་བཞིན ་ཤེགས་པའི་མཐར་ཐུག་པར་འགྲོ་བའི་ས་ལུས་བརྣམས་ཏེ། ངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱ་ས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ཡོད། སྐྱེས་བུ་ཆེན་པོའི་མཚན་སུམ་སུཅུ་གཉིས་དང་། དཔེ་བྱད ་བཟང་པོ་བརྒྱ་ཅུ་དང་། རྣམ་པ་ཐམས་ཅད་ཡོངསུ་དག་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། དྲན་པ་ཉེ་བར་གཞོག་པ་གསུམ་དང་། བསྲུང་བ་མེད་པ་གསུམ་དང ་ཐུགས་རྗེ་ཆེན་པོ་དང་། སྟེ་ལཱ་བ་མི་མངལ་བའི་ཆོས་ཉིད་དང་། བག་ཆགས་ཡང་དྲུག་པར་འཇོམས་པ་དང་། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དག་གང་ཞེ་ན། ་སྐྱེས་བུ་ཆེན་པོའི་ཞབས་ཤིན་ཏུ་གནས་པ་སྟེ། ས་ལ་མཉམ་པར་འབབ་པ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡིན།། ཕྱག་དང་ཞབས་གཉིས་ཀྱི་མཐིལ་ནོས་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ཅན་ལྟ་བ་དང ་བཅས་པ་རྣམ་པ་ཐམས་ཅད་ཡོངསུ་རྫོགས་པ་བྱུང་བ་དང་། སྐྱེས་བུ་ཆེན་པོའི་ཞབས་སོར་མོ་རིང་བ་དང་། ཞབས་ཀྱི་རྟིང་པ་ཡངས་པ་དང་། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ཕྱག་དང་ཞབས་དྲ་བས ་འབྲེལ་བ་དང་། ཞབས་འབར་འབུར་མེད་པ་དང་། བྱིན་པ་རི་དྭགས་ཨ་ཎེ་ཡའི་ལྟ་བུ་དང་། སྐུ་མ་བཏུད་པ་དང་། འདོམས་ཀྱི་སྦ་བ་སྦུབ་སུ་ནུབ་པ་དང་། ཤིང་ནྱ་གྲེ་དྷ་ལྟར་ཆུ་ཞེང་གབ་པ་དང་། སྐུའི་སྤུ་གྱེ་ནུ་དུ་ཕྱོགས་པ་དང་། ་སཱུ་རེ་རེ་ཏེ་དེའི་སྐུའི་སྤུ་རེ་རོ་ནས་སྐྱེ་ལ་འཇམ་ཞིང་མཐོན་མཐིང་ལ་ལྕང་ལོར་གཡསུ་འཁྱིལ་བཾ་དང་། སྐུ་མདོག་གསེར་འདྲ་ཞིང་འོད་འདོམ་གང་དང་ལྡན་པ་དང་། ལྤགས་པ་སྲབ་སྟེ་ལྤགས་པ་སྲབ་པའི་ཕྱིར་དེའི་སྐུ་ལ་རྡུལ ་དྲང་དྲི་མ་མི་ཆགས་པ་དང་། སྐུའི་བདུན་མཐོ་བས་ཏེ་དེའི་སྐུ་བདུན་མཐོ་བར་གྱུར་པ་ནི་ཕྱག་ལ་གཉིས་དང་། ཞབས་ལ་གཉིས། ཕྲག་པ་ལ་གཉིས་དང་། མགུར་ལ་གཅིག། རོ་སྟོང་སེང་གེའི་འདྲ་བ་དང་། དཔུང་མགོ ་ལེགས་པར་གྲུབ་པ་དང་། ཐལ་གོང་རྒྱས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཚེམས་བཞི་བཅུ་མངའ་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་། འགྲམ་པ་སེང་གེའི་འདྲ་བ ་དང་། ལྗགས་རིང་ཞིང་སྲབ་པ་དང་། ལྕགས་རིང་བས་ཞལ་ནས་ལྗགས་བརྒྱུད་ན་ཞལ་ཐམས་ཅད་དབུ་སྐྲའི་མཚམས་ལ་ཐུག་ཁེབས་པ་དང་། རོ་བློ་བ་མཁྱེན་པ་དང་། ཚངས་པའི་དབྱངས་དང་ལྡན་ཏེ། བྱཱ་ཀ་ལ་པིངྒ་བཞིན། ་དུགསུང་ཡི་དུ་འོང་ཞིང་གསུང་གི་གདངོས་རྔ་སྒྲ་ལྟ་བུ་དང་། སྤྱན་མཐོན་མཐོང་དང་། རྫི་མ་བའི་ལྟ་བུ་དང་། དབུ་གཙུག་ཏོར་དང་ལྡན་པ་དང་། དེའི་མཛོད་སྤུ་དུང་གི་མདོག་འདྲ་བ་ལོ་གཡསུ་འཁྱིལ་བ། སྨིན་མཚམས ་བྱུང་བ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡི་ནོ།། དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། ཕྱག་དང་ཞབས་ཀྱི་སོར་མོ་ཉི་ཤུ་ཚིགས་དང་བཅས་པ་དང་། སྲིན་མོ་དང་བཅས་པ་རྣམས་དཔེ་བྱད་བཟང་པོ ་ཉི་ཤུ་དང་། ཕྱག་དང་ཞབས་གཉིས་ལ་མཐིལ་རྒྱུབ་བརྒྱད་སྟེ། ཕྱག་གཉིས་ལ་བཞི་དང་། ཞབས་གཉིས་ལོ་བཞི་སྟེ། དཔེ་བྱད་བཟུང་པོ་བརྒྱད་དང་། ལོང་བུ་དང་། པུས་མྱོ་དང་། བ་རྣམ་པ་དྲུག་རྒྱས་པ་དཔེ་བྱད་བཟང་པོ ་དྲུག་དང་། ཕྱོག་གི་རྣམ་པ་དྲུག་རྒྱས་པ་དུབ་བྱད་བཟང་པོ་དྲུག་ད་། སྟ་ཟུར་དང་། རྐེད་པ་དང་། འབྲས་བུ་གཉིས་ལ་དཔེ་བྱད་བཟང་པོ་གཉིས་དང་། འདོམས་དང་། ནམ་འཚོང་གཉིས་ལི་དཔེ་བྱད་བཟང་པོ་གཉིས་དང་།། དགྲ ་དྲི་དང་། ཕྱལ་དང་། ལྟེ་བ་དང་། རྩིབས་ལོགས་གཉིས་དང་། མཆེན་ཁུང་གཉིས་དང་། ནུ་མ་གཉིས་བསྡུས་པ་ལ་དཔེ་བྱད་བཟང་པོ་དྲུག་དང་། བྲང་དང་། ཐུགས་ཀ་དང་། མགུར་དང་། རྒྱབ་དང་། དཔེ་བྱད་བཟང་པོ་དྲུག་ཏུ ་པོ་འདི་རྣམས་ནི་མགུར་ཡན་ཆད་མ་གཏོགས་པར་སྐུ་མན་ཆད་དུ་གཏོགས་པ་ཡིན།། ཚིམས་ཀྱི་ཕྲེང་བ་གཉིས་ལ་དཔེ་བྱད་བཟང་པོ་གཉིས་དང་། དཀན་ཐོན་ཀྲོར་དང་བཅས་པ་དང་། སྒྲོས་གཉིས་ལ་དཔེ་བྱད་བཟང་པོ ་གཉིས་དང་། མཁུ་བ་ཤིན་ཏུ་རྒྱས་པ་དང་། འགྲམ་པ་རྒྱས་ཤིང་དབྱིབས་ལེགས་པ་དཔེ་བྱད་བཟང་པོ་གཉིས་དང་། སྐྱོན་གཉིས་ཐོན་ཀོར་དང་བཅས་པ་དཔེ་བྱད་བཟང་པོ་གཉིས་དང་། སྨིན་མ་གཉིས་དཔེ་བྱད་བཟང ་པོ་གཉིས་དང་། ཤངས་ཀྱི་བུ་ཀ་གཉིས་དཔེ་བྱད་བཟང་པོ་གཉིས་དང་། དཔྲལ་བ་དང་། སྤྱན་གྱི་གྲཝ་གཉིས་དང་། སྙན་གཉིས་ནི་དཔེ་བྱད་བཟང་པོ་བཞི་དང་། དགུ་སྐྲ་དང་བཅས་པའི་དཔེ་བྱད་བཟང་པོ་དང་། འདི་རྣམས་ནི ་མགུར་ཡན་ཆད་ཀྱི་དཔེ་བྱད་བཟང་པོ་ཉི་ཤུ་ཡིན་ཏེ། སྔ་མའི་དྲུག་ཅུ་དང་། ཕྱི་མའི་ཉི་བུ་གཅིག་ཏུ་བསྡོམས་ནས་དཔེ་བྱད་བཟང་པོ་བརྒྱད་ཅུར་འགྱུར་ཏེ། མཚན་དང་དཔེ་བྱད་བཟང་པོ་འདི་དག་ནི་ལྷག་པའི་བསམ་པ ་དག་པའི་ས་ལ་ཞུགས་པོའི་བྱང་ཆུབ་སེམས་དཔའ་རྣམ་པར་སྨིན་པས་འཐོབ་པོ།། དེ་ཡན་ཆད་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པའི་བར་དུ་ནི་དེ་དག་གོང་ནས་གོང་དུ་རྣམ་པར་དག་པར་འགྱུར་བར་རིག་པར་བྱའོ།། ལྷག ་མུ་མ་འདྲེས་པ་རྣམ་པ་ཐམས་ཅད་ཡོང་སུ་དག་པ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་ཅིང་ཡོངསུ་རྫོགས་པ་རྣམས་ཀྱང་ཐོབ་པར་འགྱུར་རོ།། མུ་རྫོགས་པ་ནི་ལྷག་པའི་བསམ་པ་དག་པའི་ས་ཡན་ཆུད་ནས། སྔོན་བྱང་ཆུབ ་སེམས་དཔར་འགྱུར་བ་ན་ཡང་དེ་དག་དང་ལྡན་པར་ཡོད།། བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ནི་བྱེ་བྲག་མེད་པར་མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་འགྲུབ་པར་བྱེད་པ་ཡིནྡོ།། བྱང་ཆུབ་ཀྱི་ཚོགས་དེ་ཡང་རྣམ་པ ་གཉིས་བྱང་ཆུབ་དང་ཉེ་བ་དང་རིང་བའོ།། དེ་ལ་རིང་བ་ནི་རྣམ་པོར་སྨིན་པས་མ་ཐོབ་པའི་མཚན་དང་དཔེ་བྱད་བཟང་པོ་གང་ཡོད་པོའོ།། ཉེ་བ་ནི་རྣམ་པར་སྨིན་པར་དངངོ་པོ་ཐོབ་པའི་མཚན་དང་དཔེ་བྱད་བཟང་པོ་རྣམས་དང་། ་དེ་ལས་གོང་ནས་གོང་དུ་རྣམ་པར་དག་པའི་ཁྱད་པར་དུ་གྱུར་པའི་ཚེ་གང་ཡིན་པའོ།། མཚན་དང་དྲཔེ་བྱད་བཟང་པོ་འདི་དག་ནི་ལས་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱེད་པའི་འབྲས་བུ་ཡིན་ཏེ། ་འདུལ་བ་འདོད་པ་རྣམས་ཀྱིས་དཔུང་དུ་མཛད་ན་བཅོམ་ལྡན་འདས་ཀྱིས་གསུངསོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་སྡིག་པའི་ལུས་རྣམ་པ་སྣ་ཚོགས་ཀུན་ཏུ་སྤྱོད་པ་ལ་དགའ་བ་དེ་དག་ཇི་ལྟར་ན་སྡིག་པའི་ལས་མི་མཐུན་པའི ་ཕྱོགསུ་གྱུར་པ་རྣམ་པ་སྣ་ཚོགས་དེའི་གཉེན་པོ་དགེ་བ་རྣམ་པ་སྣ་ཚོགས་མཚན་དང་དཔེ་བྱད་བཟང་པོ་འགྲུབ་པར་བྱེད་པའི་ལས་གང་ཡིན་པ་དེའི་འབྲས་བུའི་ཕན་ཡོན་རྣམ་པ་སྣ་ཚོགས་དྲི་ཐོས་ན། འབྲས་བུའི་ཕན་ཡོན ་ཚོན་པོ་དེ་འདོད་ཆེས་ནིས་སྡིག་པ་དེ་ལས་ཀྱང་ལྡོག་པར་འགྱུར་ཞིང་། དགེ་བ་དེ་ཡང་ཡོང་དག་པར་བླངས་ཏེ་གནོས་པར་འགྱུར་ཞིག་སྙམ་དུ་དགོངས་པའི་ཕྱིརརོ།། མཚན་གྱི་མདོ་ལུས་འདི་སྐད་གསུངས་པ་བཞིན་ཏེ། ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྟུལ་ཞུགས་པ་དང་། གཏོང་བ་རྣམས་ལ་ཤིན་ཏུ་གནས་པས་ནི་ཞབས་ཤིན་ཏུ་གནས་པ་བནྡེ་སོ།། འགྲོ་བ་དང་འོང་བ་ལ་སོགས་པ་ཡོངསུ་གཡོ་བ་ལྔས་བརྟེན་ཏི། པ་མཱ་ལ་བསྙེན ་དཀུར་སྣ་ཚོགས་བྱས་པ་དང་། རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་གནོད་པ་ལས་བསྲུང་བས་ནི་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་བརྙེ་སོ།། གཞན་ལ་རྣམ་པར་འཚེ་བ་དང་མ་བྱིན་པར་ལེན་པ་གཉིས་སྤངས་པ ་དང་། བླ་མ་རྣམས་ལ་གུས་པར་སླུ་བྱ་དང་། ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱོར་ཞིང་འདུད་པའི་ལས་བྱས་པ་སྟེ། གཞན་དག་གི་ཡིད་མགུ་བར་བྱས་པ་དང་། དགའ་བའི་ལོངས་སྤྱོད་ཉམས་པོར་མ ་བྱས་པ་དང་། ང་རྒྱལ་ངེས་པར་བཅོམ་པས་ནི་སྐྱེས་བུ་ཆེན་པོའི་མཚན་སེར་མོ་རིང་བ་བཱརྙེསོ།། ལས་གསུམ་པོ་གྲང་དག་གིས་སྐྱེས་བུ་ཆེན་པོའི་མཚན་གསུམ་པོ་གང་དག་བསྟུན་པ་དེ་དག་ཐམས་ཅད་མཐའ་དག ་གོས་ནི་ཞབས་ཀྱི་རྟིང་པ་ཡངས་པ་བརྙེས་ཏེ། དེ་ལ་མཚན་གསུམ་པོ་དག་བརྟེན་པའི་ཕྱིར།། བསྡུ་བའི་དངོས་པོ་བཞིས་བློངས་རྣམས་བསྡུས་པས་ནི་ཕྱག་དཔེ་ནབས་དྲ་བས་འབྲེལ་པ་དེརྙེ་སོ།། བླ་མ་རྣམས་ལ་སྐྱེ ་བསྐུ་མཉེ་བ་དང་། དྲིལ་བ་དང་། ཁྲུས་དང་། གོས་བྱིན་པས་ནི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་བརྙེ་སོ།། དགེ་བའི་ཆོས་རྣམས་ལ་ཆོ་ག་མི་ཤེས་ཤིང་དགེ་བའི་ཆོས་རྣམས་གོང་ནས་གོང་དུ་སྤེལ ་བས་ནི་ཞབས་འབར་འབུར་མེད་པ་བརྙེ་སོ།། ཇི་ལྟ་བ་བཞིན་དུ་ཆོས་བླངས་ཤིང་ཀུན་ཆུབ་པར་བྱས་ནས། གཞན་དག་ལ་བསྟན་པ་དང་། གཞན་དག་གིས་འཕྲིན་པ་ལེགས་པར་བྱས་པས་ནི་བྱིན་པ་རི་དགས་ཨི་ཎེ ་ཡའི་ལྟ་བུ་བརྙེ་སོ།། གོ་རིམས་བཞིན་དུ་ཆོས་ཡང་དག་པར་བསྟན་པས་ཚུལ་གནས་པར་བྱས་པ་དང་། ལུས་དང་། ངག་དང་། ཡིད་ཀྱི་སྡིག་པའོ་ལས་ལེགས་པར་བསྡམས་ཤིང་དེར་མི་གཞོལ་བ་དང་། ནད་པ་རྣམས ་ལ་ནད་གཡོག་བྱས་ཤིང་སྤུན་བྱིན་པ་དང་། རྒྱུད་ཀྱི་ཐེབས་པ་གསོ་བ་དང་། ཟས་ཀྱིས་ཚོད་ཤེས་པ་དང་། འདོད་པ་རྣམས་ལ་མི་གཞོལ་བས་ནི་སྒྱུ་མ་བྱུཏུད་པ་བནྡེ་སྷོ།། གཞན་དག་གིས་སྤངས་པའི ་སེམས་ཅན་རྣམས་ཆོས་བཞིན་དུ་མཐུན་པར་བསྡུས་པ་དང་། ངོ་ཚ་དང་ལྡན་ཞིང་ཁྲེལ་ཡོད་པ་དང་ལྡན་པ་དང་། གོས་བྱིན་བྱས་ནི་འདམས་ཀྱི་སྐུ་བྱ་སྒྲུབསུ་ནུབ་པ་བིནྟི་སོ།། བདེག་ཉིད་ཀྱི་ལུས་དང་། ངག་དང་། ཡིད ་བསྡམས་པ་བླང་བ་དང་། ཟས་ཀྱི་ཚོད་ཤེས་པ་དང་། ནད་པ་རྣམས་ལ་སྨན་བྱིན་ཏེ། ལས་ཡཱ་དྱ་བཱ་དང་། བླང་བ་དང་། ལོངས་སྤྱོད་མ་འོངས་པ་ལ་མི་འཇུག་པ་དང་། ཁམས་མ་སྙོམས་པ་མཐུན་པར་བྱས་པས་ནི་ཤིང ་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་བརྙེ་སོ།། ལས་གང་གིས་ཞབས་འབར་འབུར་མེད་པ་བརྙེས་པ་དེ་ཉིད་ཀྱིས་ནི་སྐུའི་སྤུ་གྱེན་དུ་ཕྱོགས་པ་བརྙེ་སོ།། བདག་ཉིད་ཀྱིས་དགེ་བ་སྤྱད་པ་དང་། མཁས་པ་དང་། བཤོས་པ་ལ་བསྟེན་པ ་དང་། ཆ་ཕྲ་བོའི་དོན་ལ་སེམས་པ་དང་། བླ་མ་རྣམས་ཀྱིས་གནས་ཀྱི་བྱི་དོར་བྱས་པ་དང་། མཉེ་ཞིང་དྲིལ་པོ་དང་ཁྲུས་བྱས་ཏེ། གཅིག་པུ་གནས་པ་དང་། བཤེས་གཉེན་གཅིག་ལ་བརྟེན་པ་དང་། ཆ་ཕྲ་བའི་དོན་འཇུག་པ ་དང་། རྩ་དང་ལོ་མ་ལ་སོགས་པའི་ཉལ་ཉིལ་བསལ་བ་དང་། བློ་བུར་གྱི་དྲི་མོ་གསལ་བས་ནི་སྤུ་ཉག་རེ་རེ་ནས་སྐྱེས་ཤིང་གཡསུ་འཁྱིལ་བ་བརྙེསོ།། ཡིད་དུ་འོང་ཞིང་དགའ་བར་བྱེད་པའི་ཟས་དང་། སྐོམ་དང་། བཞོན་པ ་དང་། གོས་དང་རྒྱན་ལ་སོགས་པ་ལུས་ཀྱི་ཡོ་བྱད་བྱིན་པ་དང་། ཁྲོ་བ་མེད་པས་ནི་སྐུ་མདོག་གསེར་འདྲ་བ་དང་འོད་འདོམ་གང་དང་ལྡན་པ་བརྙེསོ།། ལས་གང་གིས་སྤུ་རེ་རེ་ནས་སྐྱེས་ཞིང་གཡསུ་འཁྱིལ་བ་བསྟན་པ་དེ་ཉིད་ཀྱིས་ནི ་ལྤགས་པ་སྲབ་པ་བརྙེས་པར་རིག་པར་བྱའོ།། ཟས་དང་སྒོམ་མང་པོ་གྱ་ནོམ་པ་ཕལ་ཆེར་སྐྱེ་བོའི་ཚོགས་མང་ལོ་ཆིས་པར་བྱས་པས་ནི། སྐུའི་མདུན་མཐོ་བ་བརྙེ་སོ།། སེམས་ཅན་རྣམས་ཀྱི་ཆོས་ཀྱི་བྱ་བ་བྱུ་ཅོག་ལ་ལ་གཙོ ་བློརྱ་གྲནས་པ་དང་། ང་རྒྱལ་མི་བྱེད་པ་དང་། བརླང་བ་མི་བྱེད་པ་དང་། སེམས་ཅན་རྣམས་གནོད་པ་ལས་ནི་བཟློག། ཕན་པོ་ལ་ནི་བཙུད་པས་སེམས་ཅན་གྱི་དོན་དག་ལ་སེང་གེ་བཞིན་དུ་རྟུལ་བའི་ངང་ཚུལ་ཅན་ཡིན་པས ་ནི་རོ་སྟོང་སེང་གེའི་འདྲ་བ་བརྙེསཽ།། ལས་དེ་ཁོ་ནས་ནི་དཔུང་མགོ་ལེགས་པར་གྲུབ་དང་། ཐལ་གོང་རྒྱས་པ་བརྙས་པར་རིག་པར་བྱའོ།། ལས་གང་གིས་སོར་མོ་རིང་བ་བརྙེས་པ་དེ་དག་དེ་ཉིད་ཀྱིས་ནི་སྐུ་ཆེ་ཞིང་དྲང་བ་བརྙེས། ་མཛའ་བ་ཤེས་འབྱེད་པའི་འཕྲ་མུའི་ཚིག་ནི་སྤངས། སེམས་ཅན་མི་མཐུན་པ་རྣམས་མཐུན་པར་བྱས་པས་ནི་ཚེམུས་བཞི་བཅུ་དང་མཉམ་པ་དང་ཐགས་བཟང་བ་བརྙེསོ།། འདོད་པ་ན་སྤྱོད་པའི་བྱམས་པ་བསྒོམ་པ་དང་། ་ཆོས་གོས་ཀྱི་དོན་སེམས་པས་ནི་ཚེམས་ཤིན་ཏུ་དཀར་བ་བརྙེསོ།། སེམས་ཅན་འདོད་པ་རྣམས་ལོ་ཅི་འདོད་པའི་ནོར་ལེགས་པར་བཏང་བས་ནི་འགྲམ་པ་སེང་གེའི་ལྟ་བུ་བརྙེསོ།། སེམས་ཅན་རྣམས་བདག་གི་བུ ་བཞིན་དུ་ལེགས་པར་བསྲུངས་པ། དད་པ་དང་ལྡན་པ་དང་། སྙིང་བརྩེ་བ་དྲང་ལྡན་པ་དང་། སྨན་བྱིན་པ་དང་། དང་བ་དང་ཕན་པས་ནི་རོ་བྲོ་བའི་མཆོག་དང་ལྡན་པ་བརྙེསོ།། ཆོས་ཀྱི་བཅུད་བྱིན་པ་དང་། ཆོས་ཀྱི་བཅུད་ཀྱིརོ ་མྱངས་པ་དང་། རོ་ཉམས་པ་བཅྡོཾས་པ་དང་། སྲོག་གིཅོད་པ་སྤོང་བ་ལ་སོགས་པ་བསླབ་པའི་གཞི་ལྔ་པོ་རྣམས་བདག་ཉིད་ཀྱིས་ཀྱང་ཡང་དག་པར་བླངས་ཏེ། ལེགས་པར་བསྲུངས་ཤིང་གཞན་རྣམས་ཀྱང་དེ་དག་ལ་ཡང་དག་པར་བཅུང ་པ་དང་། སྙིང་རྗེའི་སེམས་ལ་བརྟེན་ཏེ། ཆོས་ཡང་དག་པར་བླང་བ་ཆེན་པོ་ལ་ཞུགས་པས་ནི་དབུ་ག་ཙུག་ཏོར་དང་ལྡན་པ་དང་། ལྗགས་རིང་ཞིང་སྲབ་པ་བརྙསོ།། བདེན་པར་སྨྲས་པ་དང་། སྙན་པར་སྨྲས་པ་དང་། དུསུ་སྨྲས་པ་དང་། ཆོས ་སྨྲས་པས་ནི་ཚངས་པའི་དབྱངས་བརྙེསོ།། སེམས་ཅན་མཐའ་དག་ལ་ཕ་མ་བཞིན་དུ་བྱམས་པའི་སེམས་ཀྱིས་སྙིང་བརྩེ་བས་ནི་སྤྱན་མཐོན་མཐིང་དང་རྫི་མ་པའི་ལྟ་བུ་བརྙེ་སོ།། ཡོན་ཏན་ཅན་རྣམས་ཀྱིས་བདེན་པའི་བསྔགས་པ ་བརྗོད་ཅིང་བསྔགས་པ་སྲྀ་ནརྀ་སྨིན་མཚམས་ཀྱི་མཛོད་སྤུ་དུང་གི་མདོག་ལྟར་དཀར་ལ་གཱ་ཡཱཾ་སུ་འཁྱིལ་བ་བརྙེ་སྔོ་ཞེས་གསུངསོ།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་བྱེ་བྲག་མྱེད་པར་ཚུལ་ཁྲིམས་ཀྱི་རྒྱུས་ཐོབ། ་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཉམས་པས་ནི་མིར་གྱུར་པ་ཉིད་ཀྱང་མི་ཐོབ་ན། དེས་སྐྱེས་བུ་ཆེན་པོའི་མཚན་ལྟ་ག་ལ་འཐོབ་པའི་ཕྱིརརོ།། དེ་ལ་དབུ་གཙུག་ཏོར་དང་ལྡན་པ་དང་། སྤྱི་གཙུག་ལྟར ་མི་མཐོང་བ་ནི་སྐྱེས་བུ་ཆེན་པོའི་མཚན་གཅིག་ཡིན་པར་རིག་པར་བྱ་སྟེ། དེ་ལ་གུད་ན་ཡང་མེད་པའི་ཕྱིརརོ།། འདི་ནི་མངོན་པར་འགྲུབ་པ་དང་མཐུན་པའི་ལས་རྣམ་པ་སྣ་ཚོགས་རྒྱས་པར་རྣམ་པར་གཞག་པ་ཡིནོ།། མདོར་བསྡུ་བ་ནི་ལས ་ཀྱི་མཐའ་ལགས་པར་བྱས་པ་ཕྱོགས་གཉིསུ་གྱུར་པ་རྣམ་བཞིས་མཚན་ཐམས་ཅད་མངོན་པར་འགྲུབ་པར་རིག་པར་བྱའོ།། དེ་ལ་ངེས་པར་འབྱེད་པས་ནི་ཞབས་ཤིན་ཏུ་གནས་པ་འགྲུབ་པར་འགྱུར་རོ།། བྱང་བར་བྱེད་པས་ནི ་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། ཞབས་འབར་འབུར་མེད་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་བ་དང་། ལྤགས་པ་སྲབ་པ་དང་། སྐུའི་བདུན་མཐོ་བ་དང་། ཐལ་གོང་རྒྱས་པ་དང་། དཔུང་མགོ་ལེགས ་པར་འགྲུབ་པ་དང་། སྐུ་ཆ་ཞིང་དྲང་བ་དང་། ལྗགས་རིང་ཞིང་སྲབ་པ་འགྲུབོ།། རྟག་ཏུ་བྱེད་པས་ནུ་སོར་མོ་རིང་བ་དང་། ཞབས་ཀྱི་རྟིང་པ་ཡངས་པ་དང་། སྐུ་མེ་བཏུད་པ་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། ཚེམས་ཐགས ་བཟང་བ་འགྲུའོ།། ཁ་ན་མ་ཐོ་བ་མེད་པར་བྱེད་པས་ནི་མཚན་ལྷག་མ་རྣམས་མངོན་པོར་འགྲུབ་སྟེ། དེ་ལ་སེམས་ཅན་རྣམས་ལ་གནོད་པ་མེད་པར་སྦྱོར་བས་ནི་ཕྱག་དང་ཞབས་འཇམ་ཞིང་ཤ་ཆགས་པ་དང་། ལྐུགས་པ ་སྲབ་ཅིང་འཇམ་པ་འགྲུའོ།། དགེ་བ་ལ་གོ་རིམ་བཞིན་དུ་སྦྱོར་བ་དང་། དུསུ་སྦྱོར་བས་ནི་བྱིན་པ་རི་དགས་ཨ་ཎ་ཡའི་ལྟ་བུ་འགྲུའོ།། མཆོག་ཏུ་དགའ་བ་དང་། དགའ་བ་དང་། འོད་གསལ་བའི་སེམས་ཀྱི་དགེ་བ་ཀུན་ཏུ་སྤྱོད་པས་ནི ་སྐུ་མདོག་གསེར་འདྲ་ཞིང་འདོམ་གང་དང་ལྡན་པ་དང་། ཚེམས་དཀར་བ་དང་། མཛོད་བུ་དཀར་པོ་འགྲུའོ།། གྲགས་པ་དང་། སྒྲ་དང་ཚིགས་བཅད་པ་ལ་མི་བརྟེན་པ་དང་། དགེ་བ་མི་སྤྱོམས་པས ་ནི་རྣམས་ཀྱི་སྐུ་དྨ་སྒྲུབས་ཆུབ་པ་འགྱུའོ།། དགེ་བའི་རྩཝ་བ་བྱུང་ཆུབ་ཏུ་ཡོངསུ་བསྔོས་ནི་སྐུའི་སྒྲ་རྐྱེན་དུ་བྷྱོ་སྨྲ་བ་དང་། ཚེམས་བཞི་བཅུ་དང་མཉམ་པ་དང་། རོ་བྱེ་བ་མཁྱེན་པ་དང་།། དབུ་གཙུག་ཏོར་དང་ལྡན་པ་འཇུག། ་དགེ་བ་ལ་འབྲང་ཙོང་མི་ཞུམ་པར་བརྩོན་པས་ནི་རོ་སྤྱོད་སེང་གེའི་འདྲ་བ་དང་། འགྲམ་པ་སེང་གེའི་འདྲ་བ་འགྲུ་བོ།། སེམས་ཅན་རྣམས་ལ་ཕན་པའི་སེམས་ཀྱིས་སྙོམས་པར་ལྟ་བས་ནི་ཚེམས་མཉམ་པ་དང་།། སྤྱན་མཐོན ་མཐིང་དང་། ཊཱི་མ་བའི་ལྟ་བུ་འགྲུའོ།། དམན་པས་ཆོག་པར་འཛིན་པར་སྦྱོར་བས་ནི་ཚངས་པའི་དབྱངས་འགྲུའོ།། དེ་ལྟར་ན་ལས་ཀྱི་མཐའ་ལེགས་པར་བྱས་པ་རྣམ་པ་འདི་བཞིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་འཐོབ་པ་དང་། རྣམ་པར་དག་པར་འགྱུར་རོ།། དེ་ལ་རིགས་ཀྱི་ས་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་འདི་དག་ས་བོན་ཙམ་ཞིག་གནས་པར་ཟད་པར་རིག ་པར་བྱའོ།། མོས་པས་སྤྱོང་པོའི་ས་ནི་དེ་དག་ཐོབ་པར་བྱ་བའི་ཐབས་ལ་ཞུགས་པར་རིག་པར་བྱའོ།། ལྷག་པའི་བསམ་པ་དོག་པའི་ས་ལ་ནི་དེ་དག་ཐོབ་པར་རིག་པར་བྱའོ།། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ས ་དེའི་གོང་མ་རྣམས་ལ་ནི་དེ་དག་རྣམ་པར་དག་པར་རིག་པར་བྱའོ།། དེ་བཞིན་གཤེགས་པའི་མཐར་ཐུག་པར་འགྲོ་བའི་ས་ལ་ནི་དེ་དག་ཤིན་ཏུ་རྣམ་པར་དག་ཅིང་ཤིན་ཏུ་བླ་ན་མེད་པར་རིག་པར་བྱའོ།། དེ་ལ་མཚན་འདི་རྣམ ་ནི་གཟུགས་ཅན་ཡིན་པའི་ཕྱིར། སེམས་ཅན་ཐ་མ་དང་། འབྲིང་དང་། རབ་རྣམས་ཀྱིས་རྟོགས་པར་བླ་བས་ན་སངས་རྒྱས་ཀྱི་ཆོས་སྐྱེས་བུ་ཆེན་པོའི་མཚན་ཡོད་པ་ཐམས་ཅད་ཀྱི་ནང་ན་འདི་དག་ཁོ་ན་སྐྱེས་བུ་ཆེན་པོའི་མཚན། ་རྣམསུ་རྣམ་པར་གཞགོ།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་རྟེན་གྱི་ཚུལ་གྱིས་འཛིན་ཅིང་གཟུགས་བཟང་པོས་མཛེས་པར་བྱེད་པས་ན་དེའི་ཕྱིར་དཔེ་བྱད་བཟང་པོ་ཞེས་བྱའོ།། དེ་ལ་མདོར་བསྡུ་ན་སམ ་ཅན་ཐམས་ཅད་ཀྱི་བསོད་ནམས་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོས་ནི་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་རེ་རེ་མངོན་པར་འགྲུབོ།། སྤུ་ཐམས་ཅད་དུ་ཞུགས་པའི་བསོད་ན་མོས་ཀྱི་ཕུང་པོ་ཇི་སྙེད་པ་དེ་སྙེད ་ཀྱི་བསོད་ནམས་ཀྱི་ཕུང་པོས་ནི་དཔེ་བྱད་བཟང་བློ་གཅིག་མངོན་པར་འགྲུའོ།། དཔེ་བྱད་བཟང་པོ་ཐམས་ཅད་དུ་ཞུགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་ལས་བརྒྱ་འགྱུར་དུ་བསྒྲེས་པའི་བསོད་ནམས་ཀྱི ་ཕུང་པོས་ནི་དེ་བཞིན་གཤེགས་པའི་མཚན་གཅིག་མངོན་པར་འགྲུའོ།། མཛོད་སྤུ་དང་གཙུག་ཏོར་མ་གཏོགས་པར་མཚན་མ་ཐམས་ཅད་དུ་ཞུགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་དག་ལ་སྟོང་འགྱུར་དུ ་བསྒྲེས་པའི་བསོད་ནམས་ཀྱི་ཕུང་པོས་ནི་མཛོད་སྤུ་མངོན་པར་འགྲུའོ།། མཛོད་སྦྱར་ཞུགས་པ་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་དག་ལས་འབུམ་འགྱུར་དུ་བསྒྲེས་པས་ནི་དབུའི་གཙུག་ཏོར་དང་ལྡན ་ཞིང་སྤྱི་གཙུག་མི་སྣང་བ་མངོན་པར་འགྲུའོ།། མཛོད་སྤུར་ཞུགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་དག་ལས་བྱེ་བ་ཕྲག་འབུམ་འགྱུར་དུ་བསྒྲེས་པའི་བསོད་ནམས་ཀྱི་ཕུང་པོས་ནི་དེ་བཞིན་གཤེགས་པའི་མཚན་དང་དེཔེ ་བྱད་བཟང་པོ་ལ་མ་གཏོགས་པ་ཆོས་ཀྱི་དུང་ཞེས་བྱ་བ་གཞན་མངོན་པར་འགྲུབ་སྟེ། དེས་ན་དེ་བཞིན་གཤེགས་པ་བཞེད་ན་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་གསུང་གིས་གོ་བར་མཛད། དེ་ལྟར་ན་དེ ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་ཅིང་། བླ་ན་མེད་པ་ཕུན་སུམ་ཚོགས་པ་རྣམས་ཐམས་ཅད་ཀྱིས་ཡོངསུ་བསྡུས་པ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པས་ཡང་དག་པར་གྲུབ་པ་འགྲུ་འོ།། མཚན ་དང་དཔེ་བྱད་བཟང་པོ་འགྲུབ་པར་བྱེད་པའི་དགེ་བའི་ཆོས་དེ་དག་ནི་མདོར་བསྡུ་ན། རྒྱུ་རྣམ་པ་གསུམ་གྱིས་དཔག་ཏུ་མེད་པར་རིག་པར་བྱ་སྟེ། བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པར་བྱས་པས་འགྲུབ་པས ་ན། དུས་དཔག་ཏུ་མེད་པ་དང་། སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་དང་། བདེ་བའི་བསམ་པས་དབང་བྱེད་པས་ན། བསམ་པ་དཔག་ཏུ་མེད་པ་དང་། དགེ་བའི་ལས་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དང་། རྣམ་པ་དག ་ཏུ་མེད་པ་སྟེ། དེ་ལྟ་བུས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དང་དཔེ་བྱད་བཟང་པོ་འབྱོར་པ་ནི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ལས་ཡང་དག་པར་འགྲུབ་པའོ།། གཞིའི་རྣལ་འབྱོར་གྱི་གནས་ཐ་མ ་ལས་མཚོན་དང་དཔེ་བྱད་བཟང་པོའི་ལེའུ་སྟེ་ལྔ་པའོ།། །། ཁམ་པོ་ཉི་ཤུ་རྩ་གཅིག་པ། དེ་ལ་རྣམ་པ་ཐམས་ཅད་ཡོངསུ་དག་པ་བཞི ་གང་ཞེ་ན། གནས་ཡོང་སུ་དག་པ་དང་། དམིགས་པ་ཡོང་སུ་དག་པ་དང་། སེམས་ཡོང་སུ་དག་པ་དང་། ཡང་ཤེས་ཡོངསུ་དག་པའོ།། དེ་ལ་གནས་ཡོང་སུ་དག་པ་གང་ཞེ་ན། ཉེན་མོངས་པ་ཐམས་ཅད་ཀྱི་ཕྱོགས་དང ་མཐུན་པའི་གནས་ངན་ལེན་བག་ཆགས་དང་བཅས་པ་རྣམས་གནས་ལས་མ་ལུས་པར་གཏན་མེད་པར་གྱུར་ལྔ། རང་གི་ལུས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་ལེནྡ་པ་དང་། གནས་པ་དང་། འཆི་འཕོ་བ་རང་ལ ་དབང་ཡོད་པ་ནི་གནས་རྣམ་པ་ཐམས་ཅད་ཡོངསུ་དག་པ་ཞེས་བྱའོ།། དེ་ལ་དམིགས་པ་ཡོངསུ་དག་པ་གང་ཞེ་ན། སྤྲུལ་པ་དང་། བསྒྱུར་བ་དང་། བསྟན་པ་དམིགས་པ་ཐམས་ཅད་ལ་དབང་ཡོད་པ་གང་ཡིན ་པ་འདི་ནི་དམིགས་པ་རྣམ་པ་ཐམས་ཅད་པ་ཐམས་ཅད་ཡོང་སུ་དག་པ་ཞེས་བྱའོ།། དེ་ལ་སེམས་ཡོང་སུ་དག་པ་གང་ཞེ་ན། སྔ་མ་བཞིན་དུ་སེམས་གནས་ངན་ལེན་ཐམས་ཅད་དང་བྲལ་ལ། སེམས་ལ་དགེ ་བའི་རྩ་བ་ཐམས་ཅད་བསགས་པས་ན། སེམས་རྣམ་པ་ཐམས་ཅད་དུ་ཡོང་སུ་དག་པ་ཞེས་བྱའོ།། དེ་ལ་ཡེ་ཤེས་ཡོངསུ་དག་པ་གང་ཞེ་ན། སྔ་མ་བཞིན་དུ་མ་རིག་པའི་ཕྱོགས་དང་མཐུན་པའི། ་གནས་ངན་ལྡན་ཐམས་ཅད་དང་བྲལ་ལ། ཤེས་བྱ་ཐམས་ཅད་ལ་ཡང་ཡེ་ཤེས་ཀྱི་སྒྲིབ་པ་མེད། ཡེ་ཤེས་ལ་དབང་བྱེད་པ་ནི་ཡེ་ཤེས་རྣམ་པ་ཐམས་ཅད་ཡོང་སུ་དག་པ་ཞེས་བྱའོ།། དེ་ལ་དེ་བཞིན་གཤེགས་པའི་སྟོབས ་བཅུ་པོ་གང་ཞེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་བདག་གིར་བྱ་བྱ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི ་སྟོབས་དང་། དབང་པོའི་མཆོག་དང་མཆོག་མཱ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྒོ་ཚོགསོ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་འགྲོ་བའི་ལམ་མཁྱེན་པའི་སྟོ། ་དང་མངོན་གྱི་གནས་དྡྷེསུ་དྲན་པ་མཁྱེན་པའི་སྟོབས་དང་། ཤྲཱི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟློག་པ་ཟང་བ་མཁྱེན་པའི་སྟོབས་ཏེ། སྟོབས་བཅུ་པོ་འདི་དག་ནི་སྟོབས་བཅུའི་མདོ་ལས་རྒྱས་པ་རོ་ཅི་སྐད་བསྟོ། ་པ་བཞིན་དུ་རིག་པར་བྱའོ།། དེ་ལ་དེས་གོང་ཅི་བསྟན་པ་དང་། བརྗོད་པ་དང་། གསུངས་པ་དེ་དག་ཐམས་ཅད་ནི་དེ་བཞིན་ཏེ། ཕྱིན་ཅི་མ་ལོག་པས་ནི་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ།། དེ་ལ་འབྲས་བུ་དགེ་བ ་དང་མི་དགེ་བའི་རྒྱུ་བྱུང་བར་གྱུར་པ་མི་མཐུན་པ་མེད་པ་གང་ཡིན་པ་དེ་ནི་དེའི་གནས་དང་གཞི་དང་རྟེན་དང་མངོན་པར་འགྲུབ་པར་བྱེད་པ་ཞེས་བྱའོ།། དེ་ལ་བཟློག་པ་རྒྱུ་མི་མཐུན་པ་ནི་འབྲས་བུ་དགེ་བ་དང་། མི་དགེ་བ ་ཉིད་ཀྱི་གནས་མ་ཡི་ནི་ཞེས་བྱའོ།། མངོན་པའི་བྱ་རྒྱལ་མེད་པའི་ཡེ་ཤེས་ནི་ཡང་དག་བཱཪྵ་ཇི་ལྟ་བ་བཞིན་ཞེས་བྱ་བ་སྟེ། ཐམས་ཅད་མཁྱེན་པ་དང་། ཆགས་པ་མེད་པའི་ཡེ་ཤེས་དང་། དག་པ་དེ་ནི་མངོན་པའི ་ང་རྒྱལ་མེད་པའི་ཡེ་ཤེས་ཡིན་པར་རིག་པར་བྱའོ།། ཐམས་ཅད་མཁྱེན་པ་ལ་སོགས་པའི་ཚིགྲ་འདི་དག་ནི་སྔ་མ་བཞིན་དུ་འདི་ལྟ་སྟེ། བྱང་ཆུབ་མཆོག་གི་ལེའུ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། དང་པོ་ནི་གོ ་རིམས་ཀྱིས་བགྲངས་བྱའི་དང་པོའོ།། བླ་ན་མེད་པའི་ཕྱིར་དང་། སེམས་ཙུན་ཐམས་ཅད་ཀྱི་དོན་བྱ་བའི་རྣམ་པ་ཐམས་ཅད་བྱེད་ནུས་པ་དང་ལྡན་པའི་ཕྱིར་དང་། བདུད་ཐམས་ཅད་ཀྱི་སྟོབས་གཏན་དུ་ཟིལ་གྱིས་མནན་པའི ་ཕྱིར་སྟོབས་ཞེས་བྱའོ།། ཇི་ལྟ་བ་བཞིན་དུ་ཡང་དོག་བྱར་འགྲུབ་པའི་རྒྱུ་ཡོངས་སུ་འཛིན་པོའི་ཕྱིར་ཇི་ལྟར་འདོད་པ་བཞིན་དུ་ཡང་དགེ་བར་སྤྱོད་པ་ལ་དབང་བྱེད་པ་ནི་ལྡན་པཱ་ཞེས་བྱའོ།། མྱ་ངན་ལུས་འདས་པ་ནི ་བློ་ན་མེད་པ་ཡིན་པོས་ན། བརླབས་པོ་ཆེ་ཞེས་བྱའོ།། འཕགས་པའི་ལམ་ཡན་ལག་བརྒྱད་པོས་འཐོབ་པའི་ཕྱིར་དང་། གནོད་པ་དང་འཇིགས་པ་ཐམས་ཅད་བྲལ་བའི་ཕྱིར་ཁྱུ་མཆོག་ཅེས་བྱའོ།། བདག་ཉིད་ཀྱིས ་དེ་རྟོགས་པར་ཞལ་གྱིས་ཆེས་པས་ན་དམ་བཅས་པ་ཞེས་བྱའོ།། བདག་ཉིད་ཀྱི་ཐུགསུ་ཆུད་ནས་གཞན་དག་ལ་ཐུགས་བརྩེ་བས་རྒྱས་པར་བསྟན་པས་ན། ཚངས་པའི་འཁོར་ལོ་ཞེས་བྱའོ།། དེ་ཅིའི ་ཕྱིར་ཞེ་ན། འདི་ལྟ་སྟེ་ཚངས་པ་ཞེས་བྱ་བ་དང་། ཞི་བ་ཞེས་བྱ་བ་དང་། བསིལ་བར་གྱུར་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་ཡིན་པའི་ཕྱིར་ཏེ། དེ་བས་ན་དེ་ནི་ཐོག་མར་དེས་བསྐོར་ཏོ།། ཚངས་པས ་བསྐྱོད་ནས་དེ་མ་ཡིན་པ་གཞན་དག་གིས་ཀྱང་དེ་ལུས་གཞན་པ་དག་ལ་ཏེ། འདི་ལྟར་གཅིག་ནས་གཅིག་ཏུ་བརྒྱུ་དེ། སེམས་ཅན་གྱི་རིསྲ་ཐམས་ཅད་དུ་འཁོར་བས་དེའི་ཚངས་པའི་འཁོར་ལོ་ཞེས་བྱའོ།། མཆོག་ཏུ ་གས་པར་གཏོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་བླ་ན་མེད་པས་བསྡུས་པར་བདག་ཉིད་རྣམ་པར་བསྒྲགས་པའི་ཕྱིར་དང་། དེའི་ལམ་བསྟན་པས་ཀྱང་དེ་མ་ཡིན་པའི་ཡ་མཚན་ཅན་ཐམས་ཅད་སྤངས་པའི ་ཕྱིར་དང་། ལམ་དེ་དང་མི་མཐུན་པར་སྨྲ་བ་འོངས་པ་རྣམས་ལ་བྲག་འཁུམས་པ་མེད་པའི་ཕྱིར་དང་། ཕས་ཀྱི་རྒོལ་བ་རྣམས་ཟིལ་གྱིས་མནན་པའི་ཕྱིར་དང་། རྒྱ་ཆེ་ཞིང་བླ་ན་མེད་པའི་གསུང་མངོན་པར་བརྗོད་པའི་ཕྱིར། ་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཞེས་བྱའོ།། མདོར་བསྡུ་ན་ནི་བདག་ལ་ཕན་པའི་སྒྲུབ་པ་ཕུན་སུམ་ཚོགས་པ་དང་། གཞན་ལ་ཕོན་པའི་སྒྲུབ་པ་ཕུན་སུམ་ཚོགས་པ་དང་། བདག་དང་གཞན་ལ་ཕན ་པ་ཕུན་སུམ་ཚོགས་པ་ཐུན་མོང་མ་ཡིན་པ་དེ་དག་གསལ་བར་བྱས་ཤིང་བཀྲོལ་ཏེ། བཏགས་ཤིང་བསྟན་པ་ཡིནོ།། དྲོན་གྱི་མདོའི་རྣམ་གྲངས་གཞན་ཡང་ཐོབ་པར་བྱ་བ་དང་། དེ་ཐོབ་པར་བྱ་བའི་ཐབས་དང་། ཐབས ་དེ་ཡང་སྐྱེ་བོ་ཐམས་ཅད་ལ་ཕན་པ་ཡིན་ཏེ། ལྷར་གྱུར་པ་འམ། མིར་གྱུར་པ་གང་སུ་ཡང་རུང་བ་ཐབས་དེ་འདོད་པ་དེ་དག་ཐམས་ཅད་ཀྱིས་ནི་ང་ཉིད་ལས་ཐོབ་པར་འགྱུརརོ་ཞེས་བསྟན་ཏོ།། དེ་ལ་ཁྱུ་མཆོག་རླབས་པོ ་ཆེའི་གནོས་ནི་ནད་རབ་ཏུ་ཞི་བཱ་དང་འདྲ་བར་བལྟ་བར་བྱའོ།། ཚངས་པའི་འཁོར་ལོ་བསྐོར་བ་ནི་ནད་རབ་ཏུ་ཞི་བར་བྱས་པའི་ཐབས་ལྟ་བུར་བལྟ་བར་བྱའོ།། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་པ་ནི ་སྨན་པ་ངན་པ་ཐམས་ཅད་ཀྱིས་དམ་བཅས་སྤངས་པ་ལྟ་བུ་དང་། བདག་ཉིད་ཀྱིས་ངས་པར་ན་ནད་རབ་ཏུ་ཞི་བར་དམ་བཅས་པ་ལྟ་བུར་བལྟ་བར་བྱའོ།། ལས་གང་དག་བྱས་ཤིང་བསགས་ལ་འགགིས་པ་དེ་དག ་ནི་འདས་པ་ཞེས་བྱའོ།། གང་དྲག་བྱས་པ་ཡང་མ་ཡིན་འགགས་པ་ཡང་མ་ཡིན་པ། བྱེད་པ་ཡང་མ་ཡིན་མོད་ཀྱི། ཕྱིར་བྱེད་པར་འགྱུར་བ་དེ་དག་ནི་མ་འོངས་པ་ཞེས་བྱའོ།། ལས་གང་དགྲ་བྱས་པ་ཡང་མ་ཡིན། ་འགགས་པ་ཡང་མ་ཡིན་མོད་ཀྱི། བྱ་བ་ཁོ་ནར་བསམས་ཤིང་རྩོལ་བ་དེ་དག་ནི་ད་ལྟར་བྱུང་བ་ཞེས་བྱའོ།། དེ་དག་ཀྱང་རྣམ་པའི་དབ་པའི་སྒོ་ནས་ནི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་གསུམ་དང ་ཆོས་ཡང་དག་པར་བླངས་ཤིང་སྔར་ཇི་སྐད་བསྟན་པ་སྟེ། ཆོས་ཡང་དག་པར་བླང་བ་ད་ལྟར་བདེ་ལ་ཕྱི་མ་ལ་རྣམ་པར་སྦྱིན་པ་སྡུག་བསྔལ་བ་ཡང་ཡོད་ཅེས་བྱ་བ་ནས་རྒྱས་པར་སྦྱ་རོ།། དེ་དག ་ཀྱང་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པ་དང་། གླནོད་པའི་སྦྱོར་བྷེ་ལས?་ནཾ་ཙི་རིགས་པར་བྱའོ།། ཡུལ་གང་དུ་བྱེད་པ་ད་ནི་དེ་དག་གི་ག་ན་སཱི་ཞེས་བྱའོ།། སེམས་ཅནྨ་དུ་བགྲང་བྱ་འམ། སེམས་ནྡན་དུ་བགྲང་བ་མ་ཡིན་པའི ་དངོས་པོ་གང་ལ་བརྟེན་ནས། བྱེད་པ་དེ་ནི་དེ་དག་གི་དངོས་པོ་ཞེས་བྱའོ།། མི་དག་བོའི་རྩ་བ་འམ། དགེ་བོའི་རྩ་བ་གང་རུང་ཞིག་གང་གིས་བྱེད་པ་དེ་ནི་དེ་དག་གི་རྒྱུ་ཞེས་བྱའོ།། སྡུག་པ་དང་མི་སྡུག་པ་དང་། ཉེས་དམིགས ་དང་ཕན་ཡོན་དང་ལྡན་པའི་འབྲས་བུ་མངོན་པར་འགྲུབ་པ་གང་ཡིན་པོ་དེ་ནི་དེ་དག་གི་རྣམ་པར་སྨིན་པ་ཞེས་བྱའོ།། དེ་བས་ན་དེ་དག་བསྡུས་ནས། དུས་ཐམས་ཅད་དང་། རྣམ་པ་ཐམས་ཅད་དང་། གནས་སྐབས་ཐམས ་ཅད་དུ་སྦྱར་བ་དང་། ཡུལ་ཐམས་ཅད་དང་། གནས་ཐམས་ཅད་དང་། གཞི་ཐམས་ཅད་དང་། ཉེས་དམིགས་དང་ཕན་ཡོན་ཐམས་ཅད་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལས་མཁྱེན་པའི་རྣམ་པ་ཐམས་ཅད་དང་ལྡན་པ ་ཡིན་ཏེ། དེ་ལས་གོང་ན་ཡང་མེད་དོ།། དེ་ལས་ལྷག་པ་ཡང་མེདོ།། བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། བསམ་གཏན་དང་། རྣམ་པར་ཐར་པ་རྣམས་ཀྱིས་སེམས་ལ་སུ་རུང་ཞིང་། སེམས་ལ་དབང ་ཐོབ་པ་ཇི་ལྟར་འདོད་པའི་དོན་རབ་ཏུ་གྲུབ་པར་བྱ་བའི་ཕྱིར། དེ་དག་དང་མཐུན་པའི་ཏིང་ངེ་འཛིན་དེ་དང་དེ་ལ་སྙོམས་པར་འཇུག་པ་གང་ཡིན་པ་དེ་ནི་ཏིང་འཛིན་ལ་སྙོམས་པར་འཇུག་པ་ཞེས་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཏིང ་འཛིན་དེ་ལྟ་བུ་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་ཐུགས་མཉམ་པར་གཞག་པྲས་ཚངས་པའི་འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེས་གསུངས་པའི་སྒྲ་ཡང་ཐོས་ལ། དྭེ་ནི་སུས་ཀྱང་མི་མཐེ་ངོ་ཞེས ་བྱ་བ་རྒྱས་པར་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན་དང་ཐུན་མྱོང་བ་འམ། ཐུན་མོང་མ་ཡིན་པའི་དོན་གང་དང་གང་ཁོ་ན་སྒྲུབ་པར་བཞེད་པ་ན། དེ་དང་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས ་ནོས་མྱུར་བ་མྱུར་བ་ཁོ་ནར་འགྲུབ་པར་འགྱུར།། དེ་ལ་བསམ་གཏན་དང་། རྣམ་པར་གྱུར་པ་དག་གིས་སེམས་ལ་དབང་ཐོབ་པས་འདོད་པའི་དོན་ཐམས་ཅད་འགྲུབ་པ་སེམས་ཀྱི་ཁ་ན་ལས་པ་ཡིན་ཏེ། བསམ་གཏན ་པ་རྣམས་ཀྱི་བྱ་བ་ནི་དེ་ཁོ་ནར་ཟད། དེ་ལས་གོང་ན་ཡང་མེད། དེ་ལས་ལྷག་པ་ཡང་མེདདོ།། བསམ་གཏན་པའི་བྱ་བ་རྣམ་པ་ཐམས་ཅད་འདི་ནི་དེ་བཞིན་གཤེགས་པ་རྣམས་ལ་མངའ་བས་ན། དེའི་ཕྱིར་བསམ་གཏན་དང་། ་རྣམ་པར་ཐར་པ་དང་། ཏིངེ་འཛིན་ལ་སྙོམས་པར་འཇུག་པ་ཁོ་ནར་བརྗོད་དོ།། བསམ་གཏན་ལ་སོགས་པ་འདི་རྣམས་ལ་ཡང་མདོར་བསྡུ་ན་ཀུན་ནས་ཉོན་མོངས་པ་གཉིས་ཡོ་དེ། དེ་དག་མ་ཐོབ་པའི་ཚེ། ཐོབ་པར་བྱ་བ་ལ ་བགེགས་བྱེད་པའི་ཀུན་ནས་ཉོན་མོངས་པ་འདི་ལྟ་སྟེ། ཐབས་མེད་པའི་སྦྱོར་བ་དང་། སྒྲིབ་པ་གང་ཡང་རུང་བ་ཀུན་ཏུ་སྤྱོད་པ་དང་། དེ་དག་ཐོབ་ཟིན་པ་ལ་ཡང་དེའི་ས་པའི་ཉོན་མོངས་པའི་ཀུན ་ནས་དཀྲིས་པ་འམ། བག་ལ་ཉལ་ཡོད་པའོ།། རྣམ་པར་བྱང་བ་ནི་དེ་ལས་བཟློག་པ་ལས་རྣམ་པ་གཉིས་ཁོ་ནུར་རིག་པར་བྱའོ།། བསུམ་གཏན་ལ་སོགས་པ་སྣ་ཚོགས་མངོན་པར་བསྒྲུབ་པ་དེ་དག་ཉིད་མིང་དང་བརྡས་འཆེན ་པཔུཔར་རིག་པར་རྣམ་པར་གཞག་པ་ཞེས་བྱའོ།། བསྡམ་གཏན་ལ་སོགས་པ་ཐོབ་པར་གྱུར་པ་དེ་དག་ཉིད་གོང་དུ་བསྒོམས་པས་ཡོང་སུ་རྫོགས་ཤིང་། ཇི་འདོད་པ་བཞིན་དུ་ཐོབ་པ་དང་། ངན་ངོན་མ་ཡིན་པར་ཐོབ་པ་དང་།། ་ཚེཚོགས་མེད་པར་ཐོབ་པ་གང་ཡིན་པ་དེ་ནི་དེ་དག་གི་རྣམ་པར་དག་པ་ཞེས་བྱའོ།། དེ་ལ་དེ་དག་ཇི་ལྟར་མ་ཐོབ་པ་དང་། ཇི་ལྟར་ཐོབ་པ་དང་། ཐོབ་ནས་ཉམས་པ་གང་ཡིན་པ་དང་། གྱ་ནོམ་པ་གང་ཡིན་པ་དང་། དེ་དག་གི ་མིང་གང་ཡིན་པ་དང་། མཆོག་གི་མཐར་ཐུག་གང་ཡིན་པ་དེ་དག་ཐམས་ཅད་མཁྱེན་ཏེ། དེའི་ཕྱིར་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་ལ་སྙོམས་པར་འཇུག ་པ་མཁྱེན་པ་བླ་ན་མེད་པ་ཞེས་བྱའོ།། ཇི་ལྟར་ཡོངསུ་སྨིན་པ་ཡང་དག་པར་འགྲུབ་པོ་ལས་དང་པོ་ལ་སོགས་པ་དབང་པོ་ལྔ་པོ་དག་གིས་ཆུ་ངུ་དང་། འབྲིང་དང་། ཆེན་པོ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཞེས་བྱ ་སྟེ། གཞན་ལས་ཡིད་ཆེས་པ་སྔོན་དུ་འགྲོ་བ་དང་། ཆོས་སྤྱོད་པ་སྔོན་དུ་འགྲོ་བྱའོ།། འདོད་ཅིང་རྟོགས་པ་ཆུངངུ་དང་། འབྲིང་དྲང་། ཆེན་པོ་ནི་མོས་པ་སྣ་ཚེགས་ཞེས་བྱའོ།། རིགས་ལ་གནས་པ་སྣ་ཚོགས་ཉན་ཐོས་དང་། ་རང་སངས་རྒྱས་དང་། དེ་བཞིནི་གཤེགས་པའི་རིགས་རྣམས་དང་། འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རབ་ཏུ་དབྱེ་བའི་ཚུལ་གྱིས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲིའི་བར་རྣམས་ནི་ཁམས་སྣ་ཚོགས་པ་ཞེས ་བྱའོ།། དེ་དག་ཉིད་ཀྱི་འཇུག་པའི་སྒོ་དང་། འཚམ་པའི་ལུམ་དཔར་ན་འདོད་ཆགས་སྤྱོད་པ་རྣམས་ལ་མི་སྡུག་པ་ལྟ་བུ་ནུས་རྒྱས་པར་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་སྦྱར་བ་ནི་ཐམས་ཅད་དུ ་འགྲོ་བའི་ལམ་ཞེས་བྱའོ།། རྣམ་གྲངས་གཞན་ཡང་འགྲོ་བ་ལྟར་འགྲོ་བའི་ལུམ་ཐམས་ཅད་ནི་ཐམས་ཅད་དུ་འགྲོ་བ་ཞེས་བྱའོ།། རྣམ་གྲངས་གཞན་ཡང་ཕན་ཚུན་མི་མཐུན་ཞིང་ཕྱོགས་སྣ་ཚོགས་ལ་བརྟེན ་ནཱསེ། ལྟ་བ་དང་འདོད་པ་ཕན་ཚུན་མི་མཐུན་པར་སྨྲ་བ་ཐ་དད་པ་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ལུས་ལོམ་གང་རྣམ་པཱ་ཐམས་ཅད་འདི་དང་ཕྱི་མ་ལ་ཁ་ན་མ་ཐོ་བ་མེད་པའི་འགྲོ་བ་གྲང ་ཡིན་པ་ད་ནི་ཐམས་ཅད་འགོ་བ་ཞེས་བྱ་སྟེ། འདི་ལྟ་སྟེ། སྒྱུ་རྩལ་ཤེས་ཀྱི་བུའི་མདོ་ལ་སོགས་པ་ལས་འབྱུང་བ་བཞིནོ།། སེམས་ཅན་གྱི་རིས་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ཤར་ཕྱོགས་རྣམས་དང་། ལྷོ་ཕྱོགས ་རྣམས་དང་། བྱང་ཕྱོགས་རྣམས་དང་། ནུབ་ཕྱོགས་རྣམས་དང་། མིང་དང་། བརྡ་སྣ་ཚོགས་རྣམ་པར་གཞག་པ་ཐ་དད་པ་རྣམས་ཀྱི་སྔོན་དུ་འདས་པའི་ལུས་རྣམས་ལ་སྔོན་གྱི་གནས་རྣམ་པ་དུ ་མརྗེསུ་དྲན་པ་མདོར་བསྡུན་ཐ་སྙད་ཀྱི་གླིཞོ་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་རྗེ་སུ་དྷ་ནོ།། ཐ་སྙད་ཀྱི་གཞི་རྣམ་པ་བརྒྱད་རྣམས་གང་ཞེ་ན། མིང་ནི་འདི་ཞེས་བྷེ་རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ ་བུ་ཞིག་ཟླ་ཟ། བདེ་བ་དང་སྡུག་བསྔལ་འདི་ལྟ་བུ་ཞིག་མྱོང་། ཚེ་རིང་ཁྱོད་ནི་འདི་ལྟ་བུ་ཞིག། ཡུན་ནི་འདི་སྲིད་གཅིག་གནས་ནས། ཚེ་ནི་འདི་ཙམ་ཞིག་ཐུབ་ཅེས་བྱའོ།། ཐ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་གང ་ཞེ་ན། བྱེད་པའི་བརྡ་དང་། རྒྱལ་རིགས་ལ་སོགས་པའི་རིགས་རྣམས་དང་། ཕྲ་མ་དང་ཟས་སྐོམ་ལ་སོགས་པའི་བྱ་བ་དང་། དར་བུ་དང་། རྒུད་པ་དང་། ཚེའི་རྣམ་པ་སྣ་ཚོགས་ཏེ། འདི་ལྟར་འཇིག་རྟེན་ཐོ་སྙད་ཀྱི་གཞི ་བརྒྱད་པོ་འདི་དག་ལཱི་བརྟེན་ནུས། བཱདག་དང་གཞན་རྣམས་ཀྱི་སྤྱོད་པ་དྲུག་པོ་དགྲ་ཐེ་སྙད་འདོགས་པ་ན། བདག་གི་མིང་ནི་འདི་ཞེས་བྱ་བ་འམ། འདིའི་མིང་ནི་འདི་ཞེས་བྱ་བ་དང་། བདག་གམ་ཡོད་ན་འདི་ནི་རྒྱལ ་རིག་སོ།། བྲམ་ཟེའི་རིག་སོ།། རྗེའུའི་རིགས།། བདག་གིམེ་ཡང་ན་འདི་ནི་དམངས་རིག་སོ་ཞེས་བྱ་བ་དང་། འདི་ནི་བདག་གམ་ཡང་ན་འདིའི་ཕ་ཡིནོ་ཞེས་བྱ་བ་དང་། ཕ་ཇི་ལྟ་བ་བཞིན་དུ་མ་ལ་ཡང་དེ་དང་འདྲ་བ་དང་། ་བདག་གམ་ཡང་ན་འདི་ཟས་ནི་ལྡེ་གུ་འམ། སྣམ་ཁུར་རམ། འབྲས་ཆན་ནམ། ཟན་དྲོན་ནམ། གང་ཡང་རུང་བ་དེ་ལྟ་བུ་ཞིག་ཟ་ཟའོ་ཞེས་བྱ་བ་དང་། བདག་གམྱ་ཡང་ན་འདྲི་དར་བཱ་དང་། རྒུད་པ་ནི་འདི་ལྟ་བུ་ཞིག་ཏུ་གྱུར་ཏོ། ་ཞེས་བྱ་བ་དང་། བདག་གམ་ཡང་ན་འདི་ན་ཚོད་ཀྱིས་ནི་གཞོན་པ་འམ། བར་མ་འམ། རྒན་པ་འདི་ཙམ་ཞིག་ཏུ་རྣམ་པར་གནས་གནསོ་ཞེས་ཐ་སྙད་འདོགས་པར་བྱེད་པའི་ཕྱིརརོ།། དེ་ལྟར་ན་འདི་དག་ནི་ཐ་སྙད་ཀྱི ་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་ཡིན་ཏེ། དེ་ལས་གོང་ན་ཡང་འདྲི་ཐ་སྙད་ཀྱི་གཞི་དང་དེའི་སྤྱོད་པ་མེདོ།། དེ་ལྟ་བས་ན་འདི་ཁོ་ན་རྗེསུ་དྲན་གྱི། དེ་བས་གོང་ན་ཡོང་མེ་དོ།། དེ་ལས་ལྷག་པ་ཡང་མེ་།། དེ་ལ་ཐ ་སྙད་ཀྱི་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་ནི་རྣམ་པའོ།། ཐ་སྙད་ཀྱི་གཞི་བརྒྱད་ནི་དན་རྟག་སོ།། དེ་རྗེ་སུ་དྲན་པ་སྲ་ན་རྣམ་པ་དང་བཅས། དནྟ་རྟགས་དང་བཅས་པར་རྗེསུ་དྲན་པ་ཞེས་བྱའོ།། དེ་ལ་ལྷའི་གནས ་བཱ་ནི་བསམ་གཏན་རྣམས་ཞེས་བྱའོ།། མིག་དེ་ནི་དེ་ལྔ་བརྟེན་པ་དང་། དེའི་འབྲས་བུ་དང་། དེས་བསྡུས་པའི་ཕྱིར་ལྷའི་མིག་ཅེས་བྱའོ།། ཤོན་ཏུ་ཡོངསུ་རྫོགས་པ་དང་། ཤིན་ཏུ་ཡོངསུ་དག་པའི་བསཾ་གཏན ་གྱི་འབྲས་བུ་ཡིན་པས་ན། ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ།། མི་རྣམས་ལ་ཐ་ན་མིང་དང་འདྲ་བ་ཡང་མེད་པོའི་ཕྱིར་ན། མི་ལས་འདས་འདས་པ་ཞེས་བྱ་སྟེ། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ནི་སྐྱེས་ནས ་ཐོབ་པའི་ལྷའི་མིག་དེ་དང་མིང་མཐུན་པར་འདུག་པ་ཙམྲ་ཡང་ཡོད་མོད་ཀྱི། མི་རྣམས་ལ་ནི་དྭེ་ཡང་མེདོ།། སེམས་ཅན་འཆི་བ་རྣམས་ལ་འཆི་འཕོ་བྱ་ཞེས་བྱའོ།། བར་མ་དོའི་སྲིད་པ་ལ ་གནས་པ་ནི་སྐྱེ་བ་ཞེས་བྱའོ།། རྣམ་པ་གཉིས་ཀྱིས་མུན་ཁྲོ་དུ་འགྲོ་བ་རྣམས་ནི་འདི་ལྟ་བུར་ཡིད་ལས་སྐྱེས་པའི་བར་མ་དོའི་སྲིད་པ་འགྲུབ་པར་འགྱུར་ཏེ། དཔེར་ན་ར་ཆར་ནག་པོའི་ཁ་དོག་འདྲ་བ་འམ། མཚན་མོའི ་མུན་པ་འཐིབས་པོ་འདྲོ་བས་ན། དེའི་ཕྱིར་ཁ་དོག་ངན་པ་ཞེས་བྱའོ།། རྒྱུ་རྣམ་པ་གཉིས་ཀྱིས་སྣང་པོར་འགྲོ་བ་གང་ཡིན་པ་དེ་དག་ན་འདི་ལྟ་བུར་ཡིད་ལས་སྐྱེས་པའི་བར་མ་དོའི་སྲིད་པ་འགྲུབ་པར་འགྱུར་ཏེ། ་དཔེར་ན་མཚན་མོ་ཟླ་བའི་འོད་ཡོང་པོ་འམ། བ་རཱ་ཎཱ་སེའི་རས་ཕུན་སུམ་ཚོགས་པ་འདྲ་བས་ནི། དེའི་ཕྱིར་ཁ་དྲོག་བཟང་པོ་ཞེས་བྱའོ།། དེ་ལ་ཁ་དོགེ་ངན་པོ་གང་ཡིན་པ་དེ་དག་ནི་ངན་པ་ཡིནོ།། ཁ་དོག་བཟང་པོ ་གང་ཡིན་པ་དེ་དག་ནི་བཟང་པོ་ཡིན།། ངན་པ་གང་ཡིན་པ་དེ་དག་ནི་དེན་འགྲོར་འགྲོ་བའོ།། བཟང་པོ་གང་ཡིན་པ་དེ་དག་ནི་བདེ་འགྲོར་འགྲོའོ།། ཚུལ་ཁྲིམས་ཉམས་པ་ཀུན་ནས་སློངས་པ་དང་བཅས་པ་ལ་ནི་ལུས ་དང་། ངག་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་ཞེས་བྱའོ།། ལོག་པར་ལྟེ་ཞིང་ལྟ་བ་ཉམས་པ་དང་ལྡན་པ་རྣམ་པ་གཉིས་ཏེ།། ཐམས་ཅད་ལ་སྐུར་པ་འདོབས་པ་དང་། དེ་ལ་དགའ་བའི་མི་མཐུན་པའི་ཕྱོགས་ལ ་གནས་པའི་འཕགས་པ་ལ་སྐུར་པ་འདེབས་པས་ན་ལོག་པར་ལྟ་བ་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ཞེས་བྱའོ།། ལོག་པར་ལྟ་བ་དེས་ན་རྒྱུ་དང་འབྲས་བུ་ལ་ལོག་པར་མངོན་པར་ཞེན་ཏོ།། དེས་ན་དེའི་རྐྱེན་གྱིས ་ལོག་པའི་ལས་མངོན་པར་འདུ་བྱེད།། ལོག་པའི་ལས་མངོན་པར་འདུ་བྱེད་ན་ཆོས་ཡང་དག་པར་བླངས་པ་ད་ལྟར་བདེ་ལ། ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་གང་ཡིན་པ་དང་། ད་ལྟར་ཡང་སྡུག་བསྔལ་ལ་ཕྱི་མ ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་དེ་ཡང་དག་པར་ལེན་ཏོ།། དེ་ལྟ་བས་ན་ལོག་པར་ལྟ་བའི་ལས་ཀྱི་ཆོས་ཡང་དག་པར་ལོན་པའི་རྒྱུས་ཞེས་བྱའོ།། དེ་མ་ཡིན་པའི་དགེ་བའི་ཆོས་རྣམ་པ་དུ་མ་དང་ལྡན་ཡང་། དེ་ཉིད ་ཀྱིས་ངན་འགྲོར་འགྲོ་བའི་ཕྱིར་རྒྱུ་དང་རྐྱེན་དེས་ཞེས་བྱའོ།། མིང་དང་གཟུགས་གཅིག་ལ་གཅིག་མི་འབྲེལ་བར་གྱུར་པས་ན་ལུས་ཞིག་པ་ཞེས་བྱའོ།། འཆི་བ་ཐམས་ཅད་ཀྱི་ནང་ན་ཤྲི་བ་དེ་མཆོག་ཏུ་ངན་པ་ཡིན་པས ་ན་ཤྲཱི་བའི་འོག་ཏུ་ཞེས་བྱའོ།། སེམས་ཅན་དམྱལ་བ་རྣམས་ཀྱི་མིང་བསྟན་པའི་ཕྱིར། ངན་སོང་ངན་འགྲོ་ལོག་པར་ལྷུང་བ་ཞེས་བྱའོ།། རང་བཞིན་དང་ལུས་དང་དངོས་པོ་བསྟན་པའི་ཕྱིར་སེམས་ཅན་དམྱལ་བ་ཞེས ་བྱའོ།། དེ་ལ་ངན་པར་སོང་ཞེས་བྱ་བ་ནི་ཆོས་ངོན་པ་དང་སྤྱོད་པ་དང་། ཡ་ང་པོ་སྤྱོད་པ་དང་། དེས་དེར་སོང་བར་གྱུར་པས་དེ་ལྟ་བོས་ན་ངན་སོང་ཞེས་བྱའོ།། སྡུག་བསྔལ་གྱི་འདུས་ཏེ་རེག་པ་དང་། སྡུག་བསྔལ་ཡུན ་རྙིང་བ་སྣ་ཚོགས་མི་བཟང་པ་རྒྱུན་མྱི་འཆད་པ་མྱོང་བར་འགྲོ་བས་ན་ངན་འགྲོ་ཞེས་བྱའོ།། འོག་གི་ཕྱོགས་ན་གནས་པ་དང་། གཡང་ས་ཆེན་པོ་ལྟ་བུ་ཡིན་པ་དང་། ཉམ་ང་བ་དང་སྙིང་རྗེ་བ་དང་། ཞན། ་པའི་སྒྲ་ཆེན་པོ་འབྱིན་པའི་ཚུལ་གྱི་སྒྲ་འབྱིན་པའི་ཕྱིར་ནི་ལོག་པར་ལྟུང་པོ་ཞེས་བྱའོ།། ཤས་ཆེར་སྐྱོ་བ་སྐྱེད་པོས་ན། སེམྦ་སྟོ་ཅན་དམྱལ་བ་ཁོ་ན་སྨོས་ཏེ། དེ་ལྟར་ནཱ་གང་གིས་སྐྱེ་བ་དང་། སྐྱེས་ནས་ཀྱང་གང་ཉམ་སུ་མྱོང་བ་དང་། ་དེ་ཉམསུ་མྱོང་ནས་ཀྱང་བདག་གིས་བྱས་པའི་སྡུགོ་བསྔལ་དེ་མ་ཡིན་པ་གཞན་ཡང་མངོན་པར་འགྲུབ་པོ་སྟེ། འདི་དག་ནི་མིང་དེ་དག་གིས་བསྟན་ཏོ།། དགེ་བའི་ཕྱོགས་ཐམས་ཅད་ནི་དེ་ལོས་བཟློག་པ་ལས་ཅི་རིགས་པར་རིག ་པར་བྱའོ།། དེ་ལ་བྱེ་བྲག་ནི་འདི་ཡོད་དོ།། ལེགས་ཕྱིར་སྤྱོད་པ་སྔོན་དུ་འགྲོ་བའི་འགྲོ་བ་ནི་བདེ་འགྲོ་ཞེས་བྱའོ།། བདེ་བ་ལ་ལོངས་སྤྱོད་པ་མཆོག་ཡིན་པའི་ཕྱིར་མཐོ་རིས་ཀྱི་འཇིག་རྟེན་ཞེས་བྱའོ།། ཟག་པ་ཐམས་ཅད་ཀྱི་བག་ལ ་ཉལ་མ་ལུས་པར་སྤངས་པའི་ཕྱིར། དེའི་གཉེན་པོར་གྱུར་པ་ཐེག་པ་མེད་པའི་སེམས་དང་། ཟག་པ་མེད་པའོ་ཤེས་རབ་ལྷག་པོའི་སེམས་དང་། ལྷག་པོའི་ཤེས་རབ་མཆོག་གིས་བསྡུས་པ་ནི་ཟག་པ་རྣམས་ཟད་པས། ་ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱའོ།། སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བ་དེ་ཡང་སྲིད་པ་ཐ་མ་དེ་ཉིད་ལ་མཐོང་བའི་ལམ་ལ་ཡང་བརྟེན། བསྒོམ་པ ་ལམ་ལ་ཡང་བརྟེན་ཏེ། ཐོས་པས་སྲིད་པ་ཐ་མ་དེ་ཉིད་ལ་བདག་གིས་ཐེ་བོ་སྙམ་དུ་མངོན་པར་ཤེས་པ་དྲུག་པས་རང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེསོ།། འདོད་ན་གཞན་དག་ལ་ཡང་སྟེན་ཏེ། དེ་ལྟ་བས་ནུ་ཚེ་འདི་ཉིད ་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་བརྗོད་པར་བྱེད་ཅེས་བྱའོ།། བདག་གི་སྐྱེ་བ་ཟད་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་དབྱེ་བ་ནི་རྣམ་གྲངསུ་བསྡུ་བ་ལས་རིག་པར་བྱའོ།། ། ་སྡོམ་ནི། རང་བཞིན་དང་ནི་རབ་དབྱེ་དང་།། མ་འདྲེས་པ་དང་མཉམ་པ་ཉིད།། ལས་བྱེད་པ་དང་གོ་རིམ་ས་དང་།། ཐ་མ་ཡི་ནི་བྱེ་བྲག་ཡིན།། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་གི་རང་བཞིན་ཡང་རིག་པ ་བྱ། རབ་ཏུ་དབྱེ་བ་ཡང་རིག་པར་བྱ། མོ་འདྲེས་པ་ཡང་རིག་པར་བྱ། མཉམ་པ་ཉིད་ཀྱང་རིག་པར་བྱ། ལས་བྱེད་པ་ཡང་རིག་པར་བྱ། གོ་རིམས་ཀྱང་རིག་པར་བྱ། བྱེ་བྲག་ཀྱང་རིག་པར་བྱ་སྟེ། མདོར་བསྡུ་ན་རྣམ་པ་བདུན ་པོ་འདི་དག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་རིག་པར་བྱའོ།། དེ་ལ་དེ་དག་གི་རང་བཞིན་གང་ཞེ་ན། འདི་དག་གི་རང་བཞིན་ནི་དབང་པོ་ལྔ་ཡིན་ཏེ། འོན་ཀྱང་ཤེས་རབ་གཙོ་བོ་ཡིན་པའི་ཕྱིར། ཤྲཱིས་རབ་ཀྱི་རླུང ་བཞིན་ཞེས་བྱ་སྟེ། འདི་ལྟར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ་བའི་དད་པའི་སྟོབས་ཤེ་འམ། དེ་མ་ཡིན་པའི་སྟོབས་ཞེས་ནི་མི་བྱའོ།། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཇི་ལྟ་བ ་བཞིན་དུ་ལྷག་མ་རྣམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ།། དེ་ལ་དེ་དག་གི་རབ་ཏུ་དབྱེ་བ་གང་ཞེ་ན། མདོར་བསྡུ་ན་རབ་ཏུ་དབྱེ་བ་རྣམ་པ་གསུམ་གྱིས་དེ་དག་ཚད་མེད་པར་རིག་པར་བྱ་སྟེ། དུས་ཀྱི ་རབ་ཏུ་དབྱེ་བས་ནི་འདས་པ་དང་། མི་འོདས་པ་དང་། ད་ལྟར་གྱི་དུསུ་གཏོགས་པའི་ཤེས་བྱ་ཐམས་ཅད་ལ་འཇུག་པའི་ཕྱིར་རོ།། རྣམ་པའི་རབ་ཏུ་དབྱེ་བས་ནི་འདུས་བྱས་ཀྱི་དངོས་པོ་རེ་རེའི་རང་གི་མཚན་ཉིད་དང་། སྤྱིའི ་མཎྜ་ནཱི་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ཕྱིར་རོ།། སེམས་ཀྱི་རྒྱུད་ཀྱི་རབ་ཏུ་དབྱེ་བས་ནི་ཕྱོགས་བཅུའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རྒྱུད་ཐམས་ཅད་ཀྱི་རེ་རེའི་དོན་ཐམས་ཅད་ལ་འཇུག ་པའི་ཕྱི་རོ།། དེ་ལྟར་ན་རབ་ཏུ་དབྱེ་བ་གསུམ་པོ་འདི་དག་གིས། དེ་བཞིན་གྲཤེགས་པའི་སྟོབས་བཅུ་པོ་འདི་དག་དཔག་ཏུ་མེད་པར་རིག་པར་བྱ་སྟེ། འདི་ནི་དེ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡིནོ།། དེ་ལ་དེ་རྣམས་ཀྱི་འབའ་ཞིག ་པ་གོང་ཞེ་ན། སྟོབས་བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ཁོ་ནའི་ཡིན་ཏེ། འབའ་ཞིག་པ་མ་འདྲེས་པ་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་དྲི་མ་ཡིན་ཏེ། འདི་ནི་དེ་དག་གི་འབའ་ཞིག་པ་ཞེས ་བྱའོ།། སྟོབས་བཅུ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚུངས་ཤིང་ཁྱད་པར་མེད། འདི་ནི་དེ་དག་གི་མཉམ་པ་ཉིད།། གནས་པོའི་བྱེ་བྲག་གིས་ནི་དེ་བཞིན་གཤེགས་པ་རྣམས་གཞན་དང་གཞན ་ཡང་འགྱུར་ཏེ། དེ་བཞིན་གཤེགས་པ་གཞན་སྟོབས་གཞན་གྱིས་གནས་པས་ཤས་ཆར་གནས་ལ། གཞན་ནི་གཞན་གྱིསོ།། དེ་བཞིན་གཤགས་པས་སྟོབས་བཅུ་པོ་དེ་དག་ལས་གང་གིས་ལས་གང་མཛུད ་ཅེ་ན། གནས་དང་གནས་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤགས་པས་རྒྱུ་ལ་ཡང་རྒྱུར། འབྲས་བུ་ལ་ཡང་འབྲས་བུར་ཡུང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རྒྱུ་མེད་པ་དང་འབྲས་བུ་མེད ་པ། རྒྱུ་མི་མཐུན་པར་སྨྲ་བའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛདདོ།། ལས་བདག་གྲོར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་བདག་གིས་བྱས་པའི་འབྲས་བུ་ལ་སྤྱོད་པའི་ལུས ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། སྦྱིན་པ་དང་བསོད་ནམས་འཕོ་བར་སྨྲ་བའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛ་དོ།། བསམ་གཏན་དྲང་།། རྣམ་པར་ཐར་པ་དང་། ཏི་ངེ་འཛིན ་དིང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་ན་དེ་བཞིན་གཤེགས་པས་འདུལ་བ་རྣམས་ལ་ཆོ་འཕྲུལ་གསུམ་གྱིས་ལེགས་པར་འདོམས་ཏེ། སོ་སོར་འགལ་བ་དང་མི་མཐུན་པར་སྨྲ་བ་ལ་གནས་པའི་དགེ ་སྦྱོང་དང་བྲམ་ཟེ་རྣམས་ཚར་གཅོད་པར་མཛད།། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་དབང་པོ་ཆུ་ངུ་དང་། འབྲིང་དང་། ཆེན་པོ་ཡང་རྣར ་ཕྱེ་ནས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། དེ་དག་ལྔ་ཡང་ཅི་རིགས་པ་དང་། ཅི་འོས་པརརྱ་ཆོས་སྟོན་པར་མཛད་དོ།། མོསྱ་པཱ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་དེ་བཞིན་གཤེགས ་པ་དགེ་བ་དང་མི་དགེ་བ་ལ་མོས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དགེ་བའི་མོས་པ་ནི་འཕེལ་བར་མཛད་དོ།། མི་དགེ་བའི་མོས་པ་ནི་འདོར་དུ་འཇུག་གོ། ཁམས་སྣ ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་ཁམས་ངན་པ་དང་འབྲིང་དང་བཟང་པོ་རྣམ་པར་ཕྱེ་ནས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དབང་པོ་ཇི་ལྟ་བ་དང་། བསམ་པ་ཇི་ལྟ་བ་དང་། བགྱི་ལ ་ཉལ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་འཇུག་པའི་སྒོ་དེ་དང་དེ་དག་ཏུ་གདམས་པའི་བྱ་བས་ཡང་དག་པར་ཅི་རིགས་པར་ལེགས་པར་འཛུད་པར་མཛད་དོ།། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཅི་ལྟར་ཉན་ཐོས ་རྣམས་ལ་འཇུག་པའི་སྒོ་དེ་དང་དེ་དག་ཏུ་གདམས་ངག་སྦྱིན་པར་མཛད་པོ་དེ་ལྟ་བུ་ནི་ཉན་ཐོས་ཀྵི་ས་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆེ་གསུ་བསྟན་ཅིང་གསལ་བར་བྱས་ཏེ། བཀྲོལ་ཞིང་བཏགས་ནས་བཤད་ཟིན ་ཏོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལས་དང་པོ་ཕ་ལས་ཐོག་མ་པ་ཏིང་འཛིན་གྱི་ཚོགས་ཡོང་སུ་འཛིན་པོ་ཡི་གནས་པར་གྱུར་པ་སེམས་གནས་པར་འདོད་པ་དེ་ལ་བྱང་ཆུབ་སེམས་དཔའི ་སེམས་གནས་པར་བྱ་བའི་ཕྱིར། ཅི་ལྟར་གདམས་ངག་སྟོན་པར་མཛད་ཅེ་ན། འདི་ལ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་གཡོ་བ་མེད་པའི་ཏིང་ངེ་འཛིན་གྱི་ཚོགས་ལྷུར་ལེན་པ་ལས་དང་པོ་པ། ལས་ཐོག་མ ་པ་དེ་ལ་ཐོག་མ་ཁོ་ནོར་འདི་ལྟར་གདམས་ངག་སྟོན་པར་མཛད་དེ། རིགས་ཀྱི་བུ་ཚུར་ཤོག། རབ་ཏུ་དབེན་པའི་གནས་ལེམ་དུ་གཅིག་བུ་གཉིས་བྱ་མེད་པར་འདུག་ལ། ཁྱོད་ཀྱི་ཕ་མེ་གཉིས་སམ། མཁན་པོ་དང་། སློབ ་དཔོན་གཉིས་ཀྱིས་མིང་བཏགས་པ་གང་ཡིན་པའི་མིང་དེ་ཉིད་ནང་དུ་ཡིད་ལ་བྱོས་ལ། འདི་སྙམ་དུ་ཡང་ཅི་བདག་གི་སྐྱེ་མཆེ་དེ་མ་གཏོགས་པའི་ཆོས་རང་བཞིན་གྱིས་ཡོངསུ་གྲུབ་པ་འགའ་ཞིག་ནང་ངམ་ཕྱི་རོལ་ན་ཡོད ་དམ་གཉིས་ཀ་མེད་པ་ལ་ཡང་ཡོད་དམ། གང་ལ་མིང་དང་འདུ་ཤེས་དང་གདུགས་པ་དང་ཉེ་བར་གདེགས་པ་འཇུག་པ་ཡོད་དམ་སྙམ་དུ་ཡིད་ཡང་ལ་བྱོས་ཤིག་དང་། ཁྱོད་དེ་ལྟར་ཡིད་ལ་བྱེད་པ་ན། ཁྱོད་ཀྱིས་ཆོས་དེ་མི ་དམིགས་ཀྱི་ཁྱོད་འདི་ཁོ་ན་སྙམ་དུ་བློ་བུར་གྱི་ཆོས་རྣམས་ཁེ་ནཱ་གློ་བུར་གྱི་མིང་འབྱུང་ངོ་སྙམ་དུ་སེམས་པར་འགྱུར་ཏེ། རིགས་ཀྱི་བུ་ཁྱོད་གང་གི་ཚོ་རང་གི་མིང་དེ་ལོས་གློ་བུར་བ་ཡིན་པོར་འདུ་ཤེས་སྐྱེས་ཤིང་ཐོབ ་པར་གྱུར་པ་དང་།། ཁྱོད་ཀྱིས་ཁྱོད་ཀྱི་མིག་ལ་མིག་ཅེས་བྱ་བ་དང་། མིག་ཏུ་འདུ་ཤེས་པ་དང་། མིག་ཏུ་འདོགས་པ་གང་ཡིན་པ་དེ་ཡང་ནང་དུ་ཚུལ་བཞིན་ཡིད་ལ་བྱོས་ལ། འདི་སྙམ་དུ་ཡང་མིག་འདི་ལ་ནི་གཉིས་དམིགས་ཏེ། མིག ་ཅེས་བྱ་བའི་མིང་དང་འདུ་ཤེས་དང་གདགས་པ་འདི་གང་ལ་མིང་དང་འདུ་ཤེས་དང་། གདགས་པ་འདི་ཡོད་པའི་དངོས་པོ་ཙམ་འདི་ཡོད་པར་ཟད་དེ། འདི་ལས་གོང་ན་ཡང་མེད་།། འདི་ལས་ལྷག་བླ་། ་རྨེད་དེ། དེ་ལ་མིག་གི་མིང་དང་། འདུ་ཤེས་དང་། གདུགས་པ་གང་ཡིན་པ་དེ་ཡང་མིག་མ་ཡིན་ལ།། གང་ལ་མིག་གི་འདུ་ཤེས་འབྱུང་བའི་དངོས་པོ་གང་ཡིན་པ་དེ་ཡང་། རང་བཞིན་གྱིས་མིག་མ་ཡིན་ནོ།། དེ་ཅིའི་ཕྱིར ་ཤེ་ན་དེ་ལ་མིག་གི་མྱིང་དང་། མིག་གི་འདུ་ཤེས་དང་། མུག་གི་གདགས་པ་མེད་པར་ནི་སུ་ཡང་མིག་གི་བློ་འཇུག་པར་མི་འགྱུ་ལ། གལ་ཏེ་དངོས་པོ་དེ་མིང་གང་གིས་བརྗོད་པ་དེའི་བདག་ཉིད་ཁོ་ནུས་ཡོངསུ་གྲུབ་པ་ཞི་གོ་ཡི། ་ན་ནི་དྭེར་སྐད་དེ་ལ་ལྟོས་ནས་བཟོད་མིགཱི་ཅེས་བྱ་བའི་བློ་དེ་ལྟ་བུ་མི་འཇུག་གི། མིང་མ་ཐོས་པ་དང་། ཡོངསུ་མ་བརྟགས་པོའི་རང་བཞིན་ཁོ་ན་འབའ་ཞིག་གིས་དངོས་པོ་དྲི་ལ་མིག་ཅེས་བྱ་བའི་བློ་འཇུག་པོ་དེ་ལ་འཇུག་པ ་ཡང་མི་དམིག་སོ།། དུ་སྟུ་རྩཝན་པོ་ད་མིག་གི་འདུ་ཤེས་འདི་ཡང་གློ་བུར་བའི་ཆོས་ལ་གློ་བུར་དུ་བྱུང་བ་ཡིན་པར་ཡིད་ལ་གྱིས་ཤིག། དེ་ལྟར་ཁྱོད་ནང་གི་མིག་འདི་ཚུལ་བཞིན་ཡིད་ལ་བྱེད་པ་ནི། མོག་གི་འདུ་ཤེས་ལ་ཡང ་གློ་བུར་གྱི་འདུ་ཤེས་སྐྱེ་ཞིང་འཐོབ་པར་འགྱུར་རོ།། མིག་གི་ལ་ཛྲེ་ལྟེ་བ་བཞིན་དུ་རྣ་བ་དང་། སྣ་དང་ལྕེ་དང་ལུས་རྣམས་ནས་རྒྱས་པར་མཐོང་པོ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་དང་། རྣམ་པར་ཤེས་པ་རྣམས་དང་། ཐོབ་པ ་རྣམས་དང་། བཙལ་བ་རྣམས་དང་། ཡིད་ཀྱིས་རྗེ་སུ་བརྟགས་པ་རྣམས་དང་། རྗེསུ་དཔྱད་པ་རྣམས་ཀྱིས་བར་དུ་ཡང་དེ་དང་འདྲ་སྟེ། མདོར་བསྡུ་ན་ཆོས་ཐམས་ཅད་ཀྱི་འདུ་ཤེས་རྣམས་ལ་བློ་བུར་གྱི་འདུ་ཤེས་སྐྱེ་ཞིང་ཐོབ་པ ་འགྱུར་རོ།། དེ་ལྟར་གྱུར་ན་ཁྱོད་རང་གི་དེ་དག་ལ་འདུ་ཤེས་གང་ཡིན་པ་དེ་དང་བྲལ་བར་བྱ་བཱི་སྦྱོར་བའི་ལ་ལྔ་དག་པར་ཡོངསུ་བཟུང་བར་འགྱུར་ཏེ། རྒྱས་པར་ཆོས་ཐམས་ཅད་ཀྱི་བར་གྱི་འདུ་ཤེས་གང་ཡིན་པ་དེ་དང་བྲལ་བར ་བྱ་བའི་སྦྱོར་བའི་ལམ་ཡོངསུ་བཟུང་བར་འགྱུར་རོ།། དེ་ལྟར་ཁྱོད་ཀྱིས་ཤེས་བྱ་ཐམས་ཅད་ཤིན་ཏུ་དཔྱད་པའི་བློས། ཆོས་ཐམས་ཅད་ཀྱི་འདུ་ཤེས་རྣམས་ལ་གློ་བུར་དུ་འདུ་ཤེས་ནས། ཆོས་ཐམས་ཅད་ལ་སྤྲོས་པ་ཐམས་ཅ ་ཀྱི་འདུ་ཤེས་སོལ་ལ། རྣམ་པར་མི་རྟོག་པའི་སེམས་མཚན་མ་མེད་མ་དོན་ཙམ་འཛིན་པ་ལ་ཞུགས་པས་དངོས་པོ་དེ་ལ་ལན་མང་དུ་གནས་པར་གྱིས་ཤིག། ད་ལྟར་བྱིས་དང་ཁྱོད་དེ་བཞིན་གཤེགས་པའི་ཡེ་ཤེས་རྣར ་དགྲ་པའི་ཏིང་འཛིན་གྱི་རིག་ལླ་སེམས་རྩེ་གཅིག་པ་ཐོབ་པར་འགྱུར་རོ།། ཁྱོད་གལ་ཏེ་མི་སྡུག་པ་ཡིད་ལ་བྱེད་པ་ན་ཡང་ཡིད་ལ་བྱེད་པ་འདིས་མ་བཏང་ཤིག། གལ་ཏེ་བྱམས་པ་འམ། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང ་འབྲེལ་པ་འབྱུང་བ་དང་། ཁམས་རབ་ཏུ་དབྱེ་བ་དང་། དབུགས་དབྱུང་བ་དང་། རྔུབ་པ་དྲན་པ་དང་། བསམ་གཽཏན་དང་པོ་ནས་རྒྱས་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། བྱང་ཆུབ་སེམས་དཔའི་བསམ ་གཏན་དང་། མངོན་པར་ཤེས་པ་དང་། ཏིང་འཛིན་དང་། སྙོམས་པར་འཇུག་པ་ཚད་མེད་པའི་བར་དུ་ཡིད་ལ་བྱེད་པ་ན་ཡང་། ཡིད་ལ་བྱེད་པ་འདི་ཉིད་མ་བཏང་ཤིག། དེ་ལྟར་བྱས་ན་ཁྱོད་ཀྱི་བྱང་ཆུབ་སེམས་དཔའི ་ང་ལ་བྱེད་པ་འདི་མཐར་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ངེས་པར་འབྱུང་བར་འགྱུར་རོ།། ཞེས་གདམས་ངག་སྟོན་པར་མཛད་དོ།། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐམས་ཅད་འགྲོ་བའི ་ལམ་ཡིན་པར་རིག་པར་བྱ་སྟེ། འདས་པའི་དུས་ཀྱི་དེ་བཞིན་གཤེགས་པོ་རྣམས་ཀྱིས་ཀྱང་བྱང་ཆུབ་སེམེ་སྟེ་དཔའ་སེམས་དཔའ་ལས་དང་པོ་ལ་དེ་ལྟར་གདམ་སོ།། མཱ་འོངས་པའི་དུས་ན་ཡང་དེ་ལྟར་འདོམས་པར་འགྱུ་རོ།། ད་ལྟར ་བྱུང་བའི་དུས་ན་ཡང་དེ་ལྷོར་འདོམ་སོ།། ག་ལེ་ཏེ་ཉན་ཐོས་ཀྱང་ཡིད་ལ་བྱེད་པ་འདིས་སྦྱོར་བ་བྱེད་ལ། ཡིད་ལ་བྱེད་པ་འདི་ཇི་ལྟ་བཞིན་དུ་གཏོགས་པར་གྱུར་ན་ནི། ཆོས་རྣམས་མངོན་པར་རྟོགས་པར་བྱ་བ་ལ། མངོན་པར ་ཤེས་པ་ཤིན་ཏུ་མྱུར་བར་འགྱུརརོ།། ཐམས་ཅད་འགྲོ་བའི་ལམ་མཁྱེན་པོའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱིན་པ་དང་། ངེས་པར་འབྱུང་བ་མ་ཡིན་པའི་ལོམ་ཡང་དག་པ ་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། ངེས་པར་འབྱུང་བ་མ་ཡིན་པའི་ལམ་སྤངས་ནས། ངེས་པར་འབྱུང་བའི་ལམ་བསྒྲུབ་པར་མཛད་དོ།། མངོན་གྱི་གནས་རྗེསུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་སོན་གྱི ་མཐའི་རྗེས་དེ་ལྟ་བུ་བྱུང་བ་དང་། སྐྱེས་པའི་རབས་རྣམས་དགོངས་ཤིང་འདུལ་བ་རྣམས་ཀྱི་སེམས་སྐྱོ་བར་བྱ་བ་དང་། སེམས་དད་པར་བྱ་བའི་ཕྱིར་སྟོན་ཏེ། རྟག་པར་སྨྲ་བའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱང་ཆེར་གཅོད་པར ་མཛད་དོ།། འཆི་འཕོ་བ་དང་སྐྱེ་བོ་མཁྱེན་པའི་སྟོབས་ཀྱིས་ནི་དེ་བཞིན་གཤེགས་པས་ཉན་ཐོས་ལས་བརྩམས་ཏེ། འདས་པའི་དུས་ནོ་ཤི་བའི་དུས་བྱས་པ་དང་། སྐྱེ་བ་ཡང་ལུང་སྟོན་པ། ཆད་པར་སྨྲ་བའི་དགེ ་སྦྱོང་དང་། བྲམ་ཟེ་རྣམས་ཀྱང་རྒྱུར་གཅོད་པར་མཛད་དོ།། ཟག་པ་ཟད་པའི་མཁྱེན་པའི་སྟོབས་ཀྱིས་ནི། དེ་བཞིན་གཤེགས་པ་ཉིད་ཀྱི་རྣམ་པར་ཐར་པ་ལྀ་ཡང་སོམ་ཉི་མི་མངའ་ཞིང་ཐེ་ཚོམྱ་མི་མངའ་ལ། དགྲ་བཅོམ ་པོ་ཉིད་དུ་མངོན་པའི་ང་རྒྱལ་འཛིན་པའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱང་ཚྭ་རྀ་གཅོད་པར་མཛད་དེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའི་ལས་ཡིན་པར་རཾ་གཾ་པཾ་རིག་པར་བྱའོ།། དེ་ལ་དེ་བཞིན་གཤེགས ་པའི་སྟོབས་བཅུ་འདི་དག་གི་གོ་རིམ་གང་ཞེ་ན། བླ་ན་མེད་པ་ཡང་དགུ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་དེ་བཞིན་གཤེགས་པས་སྟོབས་བཅུ་ཐམས་ཅད་ཅིག་ཅར་བརྙེས་ཏེ། ་ཅིག་ཅར་བརྙེས་ནས་ཀྱང་དེ་དག་རིམ་གྱིས་མངོན་སུམ་དུ་འགྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཀྱི་མོད་ལ། དེ་བཞིན་གཤེགས་པས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ཆོས ་རྣམས་ཀྱི་རྒྱུ་དང་འབྲས་བུ་རྣམ་པར་བཞག་པ་ལ་ལེགས་པ་ཁོ་ནར་རྣམ་པར་གཟིག་སོ།། རྣམ་པར་གཟིགས་ནས་འདོད་ཆགས་དང་བྲལ་བ་འདོད་པའི་སེམས་ཅནྡ་རྣམས་ལ་ནི། བསམ་གཏན་དང་། རྣམ་པར་ཐར ་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བར་འགྱུར་བར་བྱ་བ་དང་། ཇི་ལྟ་བཞིན་དུ་ལམ་ཐོབ་པར་བྱ་བའི་གདམ་དགྲ་སྦྱིན་པར་མཛད་དོ།། འཇིག་རྟེན་ལྷ ་ས་པའི་འདོད་ཆགས་དང་བྲལ་བ་འདོད་པ་རྣམསོ་ལ་ནི་དེ་མ་ཡིན་པའི་དེ་བཞིན་གཤེགས་པའི་སྤོབས་བདུན་གྱིས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལོ་བར་འགྱུར་བའི་ལོ་མོ་རྣམ་པར་སྟོན་ཏོ།། དེ་ལ་ཐོག་མུ ་ནཱིནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བར་འདོད་པ་རྣམས་ཀྱི་དབང་པོ་རྣམ་པར་གཟིག་སོ།། དེའི་འོག་ཏུ་མྱོས་པ་སྣ་ཚོགས་མཁྱེན་པའི་སྟོ་བ ་ཀྱིས་ནི་དབང་པོ་སྔོན་དུ་འགྲོ་བའི་བསམ་པོ་ལ་རྣམ་པར་གཟིག་སོ།། དེའི་འོག་ཏུ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱི་བསམ་པ་སྔོན་དུ་འགྲོ་བའི་བག་ལ་ཉལ་རྣམ་པར་གཟིག་སོ།། དེ་ལྟར་དབང་པོ་དང་། བསམ་གཏན ་དང་། བག་ལ་ཉལ་མཁྱེན་པ་དེས། ཐམས་ཅད་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ཅི་རིགས་པར་དམིགས་པ་ལ་འཇུག་པའི་སྒོ་རྣམས་ལ་འཛུད་པར་མཛད་དོ།། དེའི་འོག་ཏུ་ཡང་སྔོན་གྱི་གནས་རྗེ་སུ་དྲན་པ་མཁྱེན ་པའི་སྟོབས་དང་། འཆི་འཕོ་བ་དང་། སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་འཚུལ་བའི་དམིགས་པ་ལ་འཇུག་པའི་སྒོའི་སྦྱོར་བས་སེམས་གནས་པ་ཡང་འཛིན་དུ་བཅུག་ལ། ་སྤྱོད་པ་རྣམས་ཀྱང་རྣམ་པར་དག་པོར་མཛད་ནས་འཇིགས་ཚོགས་ལ་ལྟ་བའི་རྩ་བ་རྟག་པ་དང་། ཆད་པ་དང་མོཐར་འཛིན་པ་རྣམ་པར་སྤངས་པའི་དབུ་མའི་ལམ་རྣམ་པར་སྟོན་ཏོ།། དེའི་འོག་ཏུ་དེ་ལྟར་ཡང་དག་པར་བརྩོན ་ཞུང་། ཞི་གནས་ཀྱིས་ཉེ་བྱར་བརྟེན་ཏེ། ཉོན་མོངས་པ་མ་སྤངས་པ་ཀུན་ཏུ་མི་སྤྱོད་པ་དང་ལྡན་པས་མ་བྱས་པ་ལ་བྱས་བྱས་མངོན་པའི་ང་རྒྱལ་འཛིན་པའི་ང་རྒྱལ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་འདོར་དུ་འཇུག ་སྟེ། འདི་ནི་སྟོབས་ཀྱི་གོ་རིམ་ཀྱི་རྣམ་གྲངས་གཅིག་གོ།། ། བམ་པ་ཉི་ཤུ་རྩ་གཉིས་པ་སྟེ་ཐ་མའོ།། རྣམ་གྲངས་གཞོན་ཡང་འདྲི་ལ་དེ་བཞིན་གཤེགས་པ་ནི་བློ་ན་མེད་པ་ཡང་དག་པར་རྫོགས་པའི། ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཐོག་མ་ཁོ་ནར་གནས་དང་གནས་མ་ཡིན་པར་མཁྱེན་པའི་སྟོབས་མངོན་སུམ་དུ་མཛད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ལ་ཆོས་གནས་པའི་ཡེ་ཤེས་དམ ་པོ་རྣམ་པར་སྤྱོད་པར་མཛད་དོ།། ཆོས་གནས་པའི་ཡེ་ཤེས་དེ་ལ་བརྟེན་ནས། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ཁྱིམ་པོའི་ཕྱོགས་ལ་རྣམ་པར་གཟིགས་ཏེ། ལས་རྣམ་པ་སྣ་ཚོགས་གང་དང་གང་གིས་ཁྱིམ་པའི ་ཕྱོགས་ལ་གནས་པ་དེ་དག་ཡང་དག་པར་གྲུབ་པར་གྱུར་པ་དང་། འགྲུབ་པར་འགྱུར་བ་དང་། འགྲུབ་པར་གཟིག་སོ།། ཁྱིམ་པའི་ཕྱོགས་ལ་གཟིགས་ནས། བསམ་གཏན་དང་། རྣཾར་ཐར་པ་དང་། ཏིང་འཛིན་ལ་སྙོམས ་པབཔར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་རབ་ཏུ་བྱུང་བའི་ཕྱོགས་ལ་རྣམ་པར་གཟིགས་ཏེ། ཅི་རབ་ཏུ་བྱུང་བའི་ཕྱོགས་འདི་ལ་སྡུག་བསྔལ་ལས་བྱུང་བ་དང་། སྡུག་བསྔལ་ལས་བྱུང་བའི་ལམ་སྟོན་པ་འགའ་ལྷ་ཡོད་ངམ། འོན་ཏེ་མེད ་ཞིག་གུ་སྙམ་ཏེ། ངོས་མེད་པར་མཁྱེན་ནས། སྐྱབས་མེད་ཅིང་སྐྱོབ་པ་མེད་པའི་འཇིག་རྟེན་ཐམས་ཅད་ལ་བརྟགས་ཏེ། སྙིང་རྗེ་ཆེན་པོ་ལ་རྟེན་ནས། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིག་སོ།། དེས་རྣམ་པར་གཟིགས་ཏེ།། ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་མངོན་སུམོ་དུ་མཛད་ནས། རབ་ཏུ་མཁྱེན་ཏེ། འཇིག་རྟེན་ནཱ་སེམས་ཅན་བྱུང་བ་དང་། འཇུག་རྟེན་ན་སེམས་ཅན་སྐྱེས་པ་དང་། དབང་པོ་རྟུལ་པོ་དང་། དབང་པོ་འབྲིང་པོ་དང་། དབང་པོ་རྣོན ་དག་ཀྱང་ཡོད་པར་ཐུགསུ་ཆུད་ནས། དེ་ཆོས་བསྟན་པ་ལ་སེམས་འཇུག་གོ།། དེའི་འོག་ཏུ་སྔ་མའི་གོ་རིམ་བཞིན་དུ་དེ་མ་ཡིན་པ་མཁྱེན་པའི་སྟོབས་མོས་པ་སྣ་ཚོགས་མཁྱེན་པ་ལས་རྩོགས་པ་ཐམས་ཅད་ཀྱང་འབྱུང་བར་རིག་པར ་བྱ་སྟེ། འདི་ནི་སྟོབས་རྣམས་ཀྱི་གོ་རིམས་ཀྱི་རྣམ་གྲངས་གཉིས་པའོ།། རྣམ་གྲངས་གཞན་ཡང་ཐོག་མ་ཁོ་ནར་དེ་བཞིན་གཤེགས་པ་མངོན་པར་རྫོན་པར་སངྱས་མ་ཐོག་ཏུ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབ་སྐྱི་རྟེན ་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་ཁམས་དཔྱོད་པར་མཛད་དོ།། དེའི་འོག་ཏུ་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གང་དག་ལ་སེམས་ཅན་དུ་མིང་བཏགས་པའི་སེམས་ཅན་གྱི་ཁམས ་སེམས་ཅན་འདི་དག་ནི་རང་གིས་བྱས་པའི་ལས་འདི་ལྟ་བུའི་འབྲས་བུ་འདྲ་བ་སོ་སོར་ཉམས་མྱོང་ངོ་སྙམ་དུ་རྣམ་པར་དཔྱོད་པར་མཛད་དེ། ཆོས་ཀྱི་ཁམས་དང་། སེམས་ཅན་གྱི་ཁམས་ཅི་ལྟ་བ་བཞིན་དུ་རྣམ་པར་དཔྱད་ནས ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིངངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་སེམས་ཅན་དེ་དག་ཉིད་སྡུག་བསྔལ་ལས་རྣམ་པར་ཐར་བར་བྱ་བའི་ཆོ་འཕྲལ་གསུམ་གྱིས་ལེགས་པར་གདམས་པོར་མཛད ་དོ།། གདམས་ནས་ཀྱང་སྔ་མའི་གོ་རིམ་བཞིན་ཏུ་སྟོབས་ལྷག་མ་རྣམས་ཀྱིས་དབང་པོ་ལ་སོགས་པ་ཡང་མཁྱེན། ལམ་ལ་ཡིད་བཙུད་ནས། སེམས་ཅན་དེ་དག་སྡུག་བསྔལ་ལས་རྣམ་པར་ཐར་པར་མཛད་དེ། འདི་ནི་སྟོབས་རྣམ ་ཀྱི་གོ་རིམས་ཀྱི་རྣམ་གྲང་སྡེ་གསུམ་པའོ།། དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་བདག་གིརརྭ་བྱ་བ་མཁྱེན་པའི་སྟོབས་ལ་བྱེ་བྲག་ཅི་ཡོ་དེ་ཅེ་ན། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་པ་དང་མི ་སྡུག་པ་འགྲུབ་པ་གང་ཡིན་པོ་འདི་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའོ་སྟོབས་ཀྱིས་མཁྱེན་ཏོ།། དགེ་བ་དང་མི་དགེ་བའོ་ལས་བྱེད་པ་གང་ཡོན་པ་དེ་ཉིད་ཀྱི་སྡུག་པ་དང་མི་སྡུག་པའི་འབྲས་བུ་དེ་སོ་སོར་ཉམ་སུ་མྱོང ་བར་འགྱུར་བ་གང་ཡིན་པ་འདི་ནི། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་མཁྱེན་ཏོ།། བསམ་གཏན་དང་རྣམ་པར་ཐར་པ་ལ་སོགས་པ་སྙོམས་པར་འཇུག་པ་གང་ཡིན་པ་དེ་ཉིད་ལ་དེ་དག་འབྱུང་བར ་འགྱུར་གྱིས། གཞན་ལ་མ་ཡིན་པ་གང་ཡིན་པ་དེ་ནི་ལས་བདག་གིར་བྱ་བློ་མཁྱེན་པའི་སྟོབས་ཀྱིས་སོ།། བསམ་གཏན་ལ་སོགས་པ་དེ་དག་ཉིད་ལ་བརྟེན་ནས། གདུལ་བ་རྣམས་ལ་ཆོ་འཕྲུལ་གསུམ་གྱིས་འདོམས་པར་མཛད ་པ་གང་ཡིན་པ་འདི་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིངེ་འཛིན་ལྷོ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱི་སོ།། དད་པ་ལ་སོགས་པ་དང་། ལྷན་ཅིག་སྐྱེས་ཤིང་མཚུངས་པར་ལྡན་པའི་སེམས་ཐུགསུ་ཆུད་པ ་གང་ཡིན་པ་འདི་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པོའི་སྟོབས་ཀྱིསོ།། དབང་པོ་དེ་དག་ཉིད་ཆུང་ངུ་དང་འབྲིང་དང་། ཆེན་པོའི་བྱེ་བྲག་འབྱེད་པ་གང་ཡིན་པ་འདི་ནི་དབང་པོ ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིསོ།། ཆོས་དེ་དང་དེ་དག་ལ་དབང་པོ་སྔོན་དུ་འགྲོ་བའི་བསམོ་པ་ཐུགསུ་ཆུད་པ་གང་ཡིན་པ་འདི་ནི། དབང་པོ་མཆོག་དང་མཆོ་གུ་མ་ཡིན་པ་མཁྱེན་པོའོ་སྟོབས་ཀྱི་སོ།། བསམ་པ་དེ་ཉིད་སྣ ་ཚོགསུ་བྱེ་བྲག་འབྱེད་པ་གང་ཡོན་པ་འདི་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིསོ།། བསམ་པ་དེ་ཡང་མདོར་བསྡུ་ན་རྣམ་པར་དབྱེ་བ་རྣམ་པ་དྲུག་ཡོད་པར་རིག་པར་བྱ་སྟེ། ངེས་པར་འབྱུང་བ་མ་ཡིན་པའི་བསམ་པ་ནི་འདི་ལྟ་སྟེ། ་དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་། ཚངས་པའི་འཇིག་རྟེན་ལ་སོགས་པ་ལ་མོས་པ་ཐ་དད་པ་རྣམས་ཀྱིའོ།། ངེས་པར་འབྱུང་བའི་བསམ་པ་ནི་འདི་ལྟ་སྟེ། ཐེག་པ་གསུམ་པོ་ངག་ལ་མོས་པ་རྣམས་ཀྱིའོ།། རྣམ་པར་དག་པ ་ལས་རིང་བའི་བསམ་པ་ནི་འདི་ལྟ་སྟེ། ཡོངསུ་སྨིན་པ་ཆུང་ངུ་དང་འབྲིང་ལ་གནས་པ་རྣམས་ཀྱིའོ།། རྣ་རཾ་དག་པ་དང་ཉེ་བའི་བསམ་པ་འདི་ལྟ་སྟེ། ཡོངསུ་སྨིན་པ་ཆེན་པོ་ལ་གན་པ་རྣམ་ཀྱིའོ།། ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པར ་མྱོམོས་པ་རྣམས་ཀྱིའོ།། ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པའི་བསམ་པ་ནི་འདི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་པ་འཐོབ་པཱ་གྲོ་བ་རྣས་ཀྱིའོ།། ཕྱིས་མྱ་ངན་ལས་འདས་པ་འཐོབ་པའི་བསམ་པ་ནི་འདི་ལྟ་སྟེ། ་ཐེག་པ་ཆེན་པོས་ཡོངསུ་མྱ་ངན་ལས་འདའ་བ་འཐོབ་པར་མོས་པ་རྣམས་ཀྱིའོ།། མོས་པས་བསྐྱེད་པས་དེ་དང་འདྲ་བའི་ས་བོན་ཐུགསུ་ཆུད་པ་གང་ཡིན་པ་འདི་ནི་མོསོ་པ་སྣ་ཚོགས་མཁྱེན་པའི་སྟོབ་རྫོག། ས་བོན་དེ་ཉིད་བྱེ་བྲག་ཕྱེ་ནས ་རྣམ་པ་དུ་མར་ཐུགསུ་ཆུད་པ་གང་ཡིན་པ་འདི་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིསོ།། ཁམས་རབ་ཏུ་དབྱེ་བ་དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། རང་བཞིན་དུ་གནས་པའི་ས་བོན་དང་། སྔོན་གོ་མོས་པ ་ལས་བྱུང་བའི་ས་བོན་དང་། རྣམ་པར་དག་པར་བྱར་རུང་བའི་ས་བོན་ནི་འདི་ལྟ་སྟེ། ཡོངསུ་མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་ཅན་རྣམས་ཀྱིའོ།། རྣམ་པར་དག་པོར་བྱར་མི་རུང་བའི་ས་བོན་ནི་འདི་ལྟ་སྟེ། མྱ་ངན་ལས་འདའ་བར ་འགྱུར་བའི་ཆོས་ཅན་མ་ཡིན་པ་རྣམས་ཀྱིའོ།། ཁམས་ཇི་ལྟ་བ་བཞིན་དུ་འཚམ་པའི་ལཾ་འཇུག་པ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱི་སོ།། ལམ་དེ་ཉིད་རྣམ་པ་ཐམས་ཅད་རབ་ཏུ ་རྣམ་པར་འབྱེད་དེ། ལམ་འདི་ནི་ཀུན་ནས་ཉོན་མོངས་པར་འགྱུར་བའོ།། འདི་ནི་རྣམ་པར་དག་པར་འགྱུར་བའོ།། འདི་ནི་གཏོན་དུ་རྣམ་པར་བྱང་བར་འགྱུར་བའི།། འདི་ནི་གཏན་དུ་རྣམ་པར་བྱང་བར་འགྱུར་བ་མ་ཡིནནོ་ཞེས་བྱ་བ་གང་ཡིན ་པ་འདི་ནི་ཐམས་ཅད་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས།། སྔོན་གྱི་མཐའ་རྗེསྣ་དྲན་ཏེ། འགྲོ་བ་ཐམས་ཅད་ཀྱི་རྒྱུ་སྔོན་གྱི་མཐའ་དང་ལྡན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཐམས་ཅད་འགྲོ ་བབའི་ལམ་མཁྱེན་པའི་སྟོབས་ཀྱི་སོ།། རྣམ་པར་ཕྱེ་ནས་སྔ་མ་བཞིན་དུ་ཐ་སྙད་ཀྱི་གཞི་ལ་བརྟེན་པའི་སྤྱོད་པ་རྣམ་པ་དྲུག་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་སྔོན་གྱི་གནས་རྗེསུ་དྲན་པ་མཁྱེན་པའི་སྟོབས་ཀྱི་སོ།། སྔོན་གྱི་མཐའ་ལས་བརྩམ ་ཏེ་སེམས་ཅན་རྣམས་ཀྱི་འཆི་འཕྱོ་དང་། སྐྱེ་བོ་མཁྱེན་པ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་སྔོན་གྱི་གནས་རྗེསུ་དྷན་པ་མཁྱེན་པོའི་སྟོབས་ཀྱི་སོ།། ཕྱི་མའི་མཐའི་སེམས་ཅན་རྣམས་ཀྱི་ཤྲཱི་འཕོ་དང་སྐྱེ་བ་མཁྱེན་པ་གང་ཡིན་པ་འདི ་ནི་ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་སོ།། སེམས་ཅན་རང་གི་དོན་མཐར་ཕྱིན་པ་མི་ཡིན་པ་རྣམས་ཀྱི་ཕྱི་མའི་མཐར་སྐྱེ་བ་དང་། ཉིང་མཚོམས་སྦྱོར་བ་རབ་ཏུ་མཁྱེན་པ་གང་ཡིན་པ་འཛིན་ཤི་འཕོ་བ་དང་སྐྱེ་བ་མཁྱེན་ནི། ་སྟོབས་ཀྱི་སོ།། རང་གི་དོན་མཐར་ཕྱིན་ཏེ། སེམས་ཤིན་ཏུ་རྣམ་པར་གྲོལ་བ་རྣམས་ཀྱི་ཚེ་འདི་ལ་མྱ་ངན་ལས་འདས་པ་འཐོབ་པ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ཏེ། འདི་ནི་དེ་བཞིན་གཤེ ་བའི་སྟོབས་བཅུ་པོ་དགེ་ཕན་ཚུན་བྱེ་བྲག་ཡོད་པ་དང་། བྱེ་བྲག་མེད་པ་ཡིན་པར་རིག་པར་བྱའོ།། མི་འཇིགས་པ་བཞིའི་གཞུང་ནི་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པོར་བྱའོ།། དེ་ལ་གནས་བཞི་པོ་འདི་དག་ནི་དེ་བཞི ་གཤེགས་པ་རྣམ་ཀྱི་འཁོར་གྱི་ནང་དུ་དམ་བཅའ་བར་བྱ་བ་ཡིན་ཏེ། ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར། རྣམ་པ་ཐམས་ཅད་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ ་པ་འདི་ནི་གནས་དང་པོའོ།། ཉན་ཐོས་དང་ཐུན་མོངས་པའོ་སྒྲིབ་པ་ལས་རྣམ་པར་ཐར་པ་འདི་ནི་གནས་གཉིས་པའོ།། རྣམ་པར་ཐར་པ་འདོད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་ཡང་དགེ་བར་འདའ་བར་འགྱུར་པའོ་ངེས ་པར་འབྱིན་པའི་ལམ་འདི་ནི་གནས་གསུམ་པའོ།། ལམ་དེ་ཉིད་ཐོབ་པར་བྱ་བ་ལ་གླགསུ་གྱུར་པ་བར་དུ་གཅོད་པར་བྱེད་པའི་ཆོས་རྣམས་ཡོངསུ་སྤང་བར་བྱ་བ་འདི་ནི་གནས་བཞི་པའོ།། གནས་བཞི་པོ་འདི་དག་ལ་དེ་བཞིན་ག ་པས་དོན་ཇི་ལྟ་བ་བཞིན་དུ་དམ་བཅའ་བ་ཡིན་ཏེ། དེ་བས་ན་གནས་སྔ་མ་གཉིས་ཀྱི་དམ་བཅའ་བ་དང་། མི་མཐུན་པའི་སྐུ་དང་། གསུང་དང་ཐུགས་ཀྱི་སྤྱོད་པ་དང་། གནས་ཕྱི་མ་གཉིས་ཀྱིས་དམ་བཅ་བ་དང་། མི་མཐུན་པ ་སྔ་ཕྱི་འགལ་བ་དང་། མི་རིགས་པར་འགྱུར་བ་ཡོད་དོ་ཞེས་དམ་བཅས་པའི་གནས་ཀྱི་གཉེན་པོར་ལྷའི་མིག་དང་ལྡན་པ་དང་། ལྷའི་མིག་དང་ལྡན་པ་མ་ཡིན་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཕ་རོལ་གྱི། ་སེམས་ཤེས་པ་མ་ཡིན་པ་གཞན་དག་གིས་བརྒལ་བའི་རྒྱུར་འགྱུར་བ་ཡང་དག་པར་རྗེསུ་མ་གཟིགས་ཏེ། གནས་འདི་དག་ལ་མི་བརྙེངས་པ་དང་། ཐུགས་ཞུམྱེ་པ་མི་མངའ་བ་དང་། དོགས་པ་མི་མངའ་བ་དང་། བག་ཚ་བ་མི ་མངའ་བར་དམ་བཅའ་བར་མཛད་དོ།། སྟོན་པས་དམ་བཅའ་བར་བྱ་བཱི་ནི་འདི་ཡིན་ཏེ། འདི་ལྟ་སྟེ། བདག་ལ་ཕན་པ་སྒྲུབ་པ་དང་། གཞན་ལ་ཕན་པ་སྒྲུབ་པ་ཡོང་སུ་རྫོགས་པའོ།། དེ་ལ་གནས་དང་པོ་གཉིས་ཀྱིས་ནི་བདག་ལ་ཕན་པ ་བསྒྲུབ་པ་ཡོངསུ་རྫོགས་པར་དམ་བཅས་པ་ཡིན་ནོ།། གན་སོ་ཕྱི་མ་གཉིས་ནི་གཞན་ལ་ཕན་པ་བསྒྲུབ་པོ་ཡོངསུ་རྫོགས་པར་དམ་བཅས་པ་ཡིན་ནོ།། དེ་ལ་བདུག་ཉིད་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར ་བྱང་ཆུབ་པས་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས། དེ་བཞིན་གཤེགས་པས་དམ་བཅས་པ་ཡིན།། ཟག་པ ་ཐམས་ཅད་ཟད་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དབང་དུ་མཛད་དེ། དམ་བཅས་པ་ཡིན་ནོ།། ངེས་པར་འབྱིན་པའི་ལམ་དང་། བར་དུ་གཅོད་པའི་ཆོས་རྣམ ་ནི་དེ་གཉི་ཀའི་དབང་དུ་མཛད་དེ་དམ་བཅས་པ་ཡིནོ།། དེ་བཞིན་གཤེགས་པས་མདོའི་ཚིག་འདི་སྐད་དུ། ངས་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་བསྟན་པ་གང་ཡིན་པ་ཞེས་རྒྱས ་བླར་གསུངས་པ་ལས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་དེ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་སྐབས་ནས་བྱུང་ངོ་།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་བྱང་ཆུབ་སེམས་དཔའི ་ཚིག་ཁོ་ན་འབའ་ཞིག་སྨོས།། དྲན་པ་ཉེ་བར་གཞག་པོ་གསུམ་གྱི་གཞུང་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་འདི་ལྟ་ངས་ལེགས་པར་བསྟེན་པའི་ཆོས་འདུལ་བ་རྣམས་ལ་ནཱན ་ཏནུ་བྱེད་ཅིང་ཇི་ལྟ་བ་བཞིན་དུ་གནས་ཀྱང་ཅི་མ་རུང་སྙམ་དུ་བཞེད་དེ། ཡུནྡྲ་རིང་པོ་ནས་དེ་ལྟར་བཞེད་པ་ཆོས་ཀྱི་མངའ་བདག་ཚོགས་ཡོངསུ་སྡུད་པ་དེའི་བཞེད་པ་དེ་དག་གྲུབ་པ་དང་། མི་གྲུབ་པ་དག་གིས་ཀུན་ནས་ཉོན་མོངས། ་པ་མོད་པ་ནི་མདོར་བསྟུ་ན་དྲ་ནི་པ་ཉེ་བར་གཞག་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན།། དེ་དག་ཀྱང་འཁོར་གསུམ་གྱི་བྱེ་བྲག་གིས་གསུམ་དུ་རྣམ་པར་གཞག་སྟེ། འཁོར་གསུམ་པོ་གང་ཞེ་ན། ཐམས་ཅད་ཀྱང་གཅིག་ཏུ་ངེས་པ ་ཡང་དག་པར་སྒྲུབ་པར་བྱེད་པ་འདི་ནི་འཁོར་གཅིག། ཐམས་ཅད་ཀྱང་གཅིག་ཏུ་ངེས་པར་ལོག་པར་སྒྲུབ་པར་བྱེད་པོ་འདི་ནི་འཁོར་གཉིས་པའོ།། འཁོར་གསུམ་པ་ནི་གང་ལས་ཁ་ཅིག་ནི་ཡང་དག་པར་སྒྲུབ་ལ། ཁ་ཅིག་ནི ་ལོག་པར་བསྒྲུབ་པའོ།། བསྲུང་བ་མེད་པ་གསུམ་གྱི་གཞུང་ནི་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། མདོར་བསྡུ་ན། རྣམ་པ་ཐམས་ཅད་དུ་ཉེས་པ་བྱས་པ་འཆབ་པ་སྤངས་པ་འདི་ནི་དེ་བཞིན ་གཤེགས་པའི་བསྲུང་བ་མེད་པ་གསུམ་གྱིས་བྱེསྟན་ཏེ། དགྲ་བཅོམ་པ་ལ་ཡང་བརྗེད་པའི་ཕྱིར། བརྒྱ་ལམེ་བརྒྱ་ལམ་ན་ལུང་དུ་མ་བསྟན་པའི་ཉེས་པ་བྱས་པ་ཙམ་ཅུང་ཟད་འབྱུང་བ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པ ་ལ་དེ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ།། དེ་བྱས་ན་དེ་བཞིན་གཤེགས་པ་ནི་ཇི་ལྟར་དམ་བཅོས་པ་དེ་ལྟ་བུའི་རང་བཞིན་ཡིན་ཏེ། ཉན་ཐོས་རྣམས་ཚར་བཅད་ཅིང་བཀའ་སྩལ་ཏོ།། ཐིབས་ཀྱིས་མནན་ཅིང་ཐིབས་ཀྱིས ་མནན་ཅིང་ཁ་ཅིག་ལ་སྨྲ་འབེབས་མཛོད། ཁ་ཅིག་ལ་ནི་སྤང་བར་མཛད་ཅིང་བརླང་པོར་ཡང་མཛད།། འགྲོགས་པའི་རྒྱུ་ལས་ངའི་ཉན་ཐོས་རྣམས་ཀྱི་ལུས་དང་། དྲུག་གི་ཀུན་ཏུ་སྤྱོད་པ་ཡོངསུ་མ་དག་པར་ཤེས་ནཱས། དངོས་པོ་དེས་ཡིད ་དུ་མི་འོང་ཞིང་མི་འགའ་བར་གྱུར་ནས་གླེང་པ་འམ། གཞན་དག་ལ་སྒྲོགས་པར་མི་འགྱུར་པ་གྲང་སྙམ་དུ་དེ་དག་ལ་རྗེ་སུ་བསྲུང་བ་དེ་ལ་མི་མངའོ།། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་རྣམ་པ་ཐམས་ཅད ་མཆོད་པ་དང་། བརྟེན་པ་དང་། ཚད་མེད་པའི་ལེའུ་ལས་སྔར་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དེ་ནི་ཚད་མེད་པ་དང་བླ་ན་མེད་པར་རིག་པར་བྱའོ།། དེ་ལ་དེ་བཞིན་གཤེགས་པའི ་ན་ཏན་དུ་མཛད་པ་ནི་གང་དང་གང་དུ་དང་། ཇི་ལྟར་དང་། གང་གི་ཚེ་སྟེ་དེ་དང་དེར་དང་། དེ་ལྟར་དང་། དེའི་ཚེ་ཡང་དག་པར་ནན་ཏན་མཛད་པས་ན། འདི་ནི་དེ་བཞིན་གཤེགས་པའི་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅེས་བྱ་སྟེ། འདི་ལྟར ་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་དང་ཡུལ་ཐམས་ཅད་དང་། མཛད་པའི་ཐབས་ཐམས་ཅད་དང་། དུས་ཐམས་ཅད་དུ་བསྙེལ་བ་མི་མངའ་སྟེ། རྟག་ཏུ་དགོངས་པ་ཉེ་བར་གནས་པ་འདི་ནི་བསྙེལ་བ་མི་མངའི་བའི་ཆོས ་ཉིད་ཡིན་པར་བལྟ་བར་བྱའོ།། དེ་ལ་དེ་བཞིན་གཤེགས་པའི་བསྐྱོད་པ་འམ། གཟིགས་པ་འམ། གསུང་བ་འམ། གནས་པ་ལ་ཉོན་མོངས་པ་མངའ་བ་འདྲ་བའི་ཀུན་ཏུ་སྤྱོད་པ་མི་མངའ་བ་འདི་ནི་དེ་བཞིན་གཤེགས་པའི་བག་ཆགས ་ཡང་དག་པར་བཅོམ་པོ་ཞེས་བྱའོ།། དགྲ་བཅོམ་པ་རྣམས་ནི་ཉོན་མོངས་པ་སྤངས་པ་ཡིན་མོད་ཀྱི། གཟིགས་པ་འམ། བསྲུང་བ་འམ། ཉོན་མོངས་པ་ཡོད་པ་འདྲ་བའི་སྤྱོད་པ་དང་། བསྐྱོད་པ་དང་། ལྟ་བ་དང་སྨྲ་བ་དང་། གནས་པ་ཡང ་ཡང་ཡོད་དོ།། མདོར་བསྡུ་ན་དེ་བཞིན་གཤེགས་པ་ནི་ཆོས་རྣམས་ཀྱི་ཚོགས་གསུམ་མངོན་པར་རྫོགས་པར་སངས་རྒྱས་ཏེ། གསུམ་གང་ཞེ་ན། དོན་དང་ལྡན་པའི་ཆོས་རྣམས་དང་། དོན་དང་ལྡན་པ་མ་ཡིན་པ་རྣམས་དང་། ་དོན་དང་ལྡན་པ་ཡང་མེ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པ་རྣམ་སོ།། དེ་ལ་དེ་བཞིན་གཤེགས་པའི་དོན་དང་ལྡན་པ་མ་ཡིན་པ་དང་། དོན་དང་ལྡན་པ་ཡང་མེ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པའི་ཆོས་ཐམས་ཅད་མཁྱེན ་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ།། དེ་ལ་དེ་བཞིན་གཤེགས་པའི་དོན་དང་ལྡན་པའི་ཆོས་ཐམས་ཅད་མཁྱེན་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེ ་པའི་མཆོག་མཁྱེན་པ་ཞེས་བྱའོ།། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་གང་ཡིན་པ་དང་། མཆོག་མཁྱེན་པོ་གང་ཡིན་པ་དེ་གཉིས་གཅིག་ཏུ་བསྡུས་པ་ནི་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ཞེས་བྱའོ།། དེ་དག་ཐམས ་ཅད་སྡོམས་པོ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ཡིནོ།། དེ་ལ་མཚན་དང་དཔེ་བྱད་བཟང་པོ་རྣམས་ནི་བྱང་ཆུབ་སེམས་དཔརེ་གྱུར་པ་དེས་སྲིད་པ་ཐ་མ་ལ་ཤིན་ཏུ་ཡོངསུ་དག་པར་ཐོབ་པར་འགྱུ་རོ།། གང ་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། བྱང་ཆུབ་ཀྱི་ཚོགས་ཀྱི་ལམ་ཤིན་ཏུ་ཡོངསུ་རྫོགས་པ་དེས་ནི་སྲིད་པ་ཐ་མ་དེའི་ཚེ་སློབ་དཔོན་མེད་པར་ཕྱི་མ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ ་བདུན་བསྒོམས་ནས། སྐད་ཅིག་གཅིག་གིས་སྒྲིབ་པ་མེང་པོའི་ཡེ་ཤེསོ་སྦྱིན་པར་བྱེད་པ་ཞེས་བྱ་བའི་ཏིང་འཛིན་འཐོབ་པར་འགྱུར་ཏེ། སློབ་པར་གྱུར་པའི་བྱང་ཆུབ་སེམས་དཔའི་རྡོ་རྗེའི་ལྟ་བུའི་ཏིང་འཛིན་དུ་གཏོགས་པ ་དེའི་མཇུག་ཐོག་སུ་སྐད་ཅིག་གཉིས་པ་ལ་ལྷག་མ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ལ་ཐོགས་ཤིན་ཏུ་རྣམ་པར་དག་ཅིང་། བླ་ན་མེད་པ་རྣམས་ཅིག་ཅར ་ཐོབ་པར་འགྱུར་རོ།། དེ་དག་ཐོབ་པས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ། ཤིན་ཏུ་རྣམ་པར་དག་ཅིང་དྲི་མ་མེད་པའི་ཡེ་ཤེས་བཙལ་བ་ཙམ་ལ་ཐོགས་པ་མེད་པ་ཤེས་བྱ་ཐམས་ཅད་ལ་འཇུག་གོ། བརྣག་པ་ཡང་ཡོངསུ་རྫོགསསོ།། དེ་ལྟར་ཐུགས ་དགོད་པ་ཡོངསུ་རྫོགས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་ནས། དེ་བཞིན་གཤེགས་པའི་སྤྱོད་པ་དང་། དེ་བཞིན་གཤེགས་པའི་ས་ལ་བཞུགས་པ་ཡིན།། ཤེས་པའི ་སྒྲིབ་པའི་ཕྱོགས་གནས་ངན་ལེན་སྙིང་པོ་ལ་ཡོད་པ་ལྟ་བུ་ཡོད་མ་ལུས་པར་སྤངས་ནས་དེའི་གན་གྱུར་པ་ཡིནོ།། དེའི་གནས་གྱུར་པ་དེ་ནི་བླ་ན་མེད་པ་ཡིནོ།། བྱང་ཆུབ་སེམས་དཔའ་གནས་པ་མཆོག་ལ་ཐུག་པ་མན་ཆད་རྣམས་ཀྱི་གནས ་གྱུར་པ་གཞན་ཐམས་ཅད་ནི་བླ་ནུ་མེང་པ་ཉིད་དུ་རིག་པར་བྱའོ།། དེ་ལ་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཁྱད་པར་ཡོད་པ་ཡེ་ཤེས་ཇི་ལྟ་བུ་ཞིག་གི ་བྱེ་བྲག་ཏུ་གྱུར་པར་རིག་པར་བྱ་ཞེ་ན། འདི་ལ་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་མིག་དང་ལྡན་པ་སྟེང་རས་ཀྱི་སཽ་བར་དུ་ཆོད་པའི་གཟུགས་ལ་ལྟེ་བ་དང ་འདྲ་བར་རིག་པར་བྱའོ།། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཅིས་ཀྱང་བར་དུ་མ་ཆོད་པ་དང་འདྲ་བར་བལྟ་བར་བྱའོ།། དཔེར་ན་རི་མོ་རྣམ་པ་ཐམས་ཅད་དུ་ཚོན་ཆང་བར་བཀྱེ་ན། མཇུག་གི་ཚོན་གྱི་ས་བཅད་པ་ཤིན་ཏུ་རྣམ་པར ་དག་པས་ཡོངསུ་དག་པར་མ་བྱས་པ་དང་འདྲ་བར་ནི་བྱང་ཆུབ་སེམས་དཔའ་དེའི་ཡེ་ཤེས་བལྟ་བར་བྱའོ།། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཤིན་ཏུ་རྣམ་པར་དག་པར་བྱས་པ་དང་འདྲ་བར་བལྟ་བར་བྱའོ།། དཔེར་ན་མིག། ་དང་ལྡན་པའི་མི་མུན་པ་མི་གནག་པའི་ནང་ན་གཟུགས་ལ་བལྟ་བ་དང་འདྲེ་བར་ནི་བྱང་ཆུབ་སེམས་བའི་སྔ་མ་བཞིན་དུ་སྦྱར་རོ།། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རྣམ་པ་ཐམས་ཅདུ་མུན་པ་མེད་པ་དང་འདྲ་བར་བལྟ་བར་བྱའོ།། ་དཔེར་ན་མིག་དང་ལྡན་པ་ཐག་རིང་པོ་ནས་གཟུགས་ལ་ལྟ་བ་དང་འདྲ་བར་ན་བྱང་ཆུབ་སེམས་དཔའི་སྔ་མ་བཞིན་ནོ།། དེ་བཞིན་གཤེགས་པའི་ནི་ཉེ་བ་ནས་ལྟ་བ་དང་འདྲ་སྟེ་སྔ་མ་བཞིན་ནོ།། བྱང་ཆུབ་སེམས་དཔའ་ནི་རབ་རིབ་ཚངས ་ཆུང་ངུ་གཟུགས་ལེ་ལྟ་བ་དང་འདྲ་སྟེ། སྔ་མ་བཞི་ནོ།། དེ་བཞིན་གཤེགས་པའི་ནི་མིག་ཤིན་ཏུ་རྣམ་པར་དག་པ་དང་འདྲ་སྟེ་སྔ་མ་བཞི་ནོ།། མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མངལ་ན་འདུག་པའི་ལུས ་དང་འདྲ་བར་བལྟ་བར་བྱའོ།། དེ་བཞིན་གཤེགས་པ་ནི་སྐྱེ་བའི་སྲིད་པར་སྐྱེས་པའི་ལུས་དང་འདྲ་བར་བལྟ་བར་བྱའོ།། དགྲ་བཅོམ་པའི་རྨི་ལམ་གྱི་སེམས་ཀྱི་རྒྱུ་བ་ཅི་འདྲ་བར་དེ་ལྟོ་བུ་རེ་ནི་མཐར་ཐུག་པར་འགྲོ་བའི་སེ་ལ་གནས་པ ་བྱང་ཆུབ་སེམས་དཔའི་ཡེ་ཤེས་བལྟ་བར་བྱའོ།། དེ་ཉིད་སད་པའི་སེམས་ཀྱི་རྒྱུ་བ་ཅི་འདྲ་བ་དེ་ལྟ་བུར་ནི་དེ་བཞིན་གཤེགས་པ་བལྟ་བར་བྱའོ།། མར་མེ་རྣམ་པར་མ་དོག་པའི་རང་བཞིན་ཅི་འདྲ་བ་དེ་ལྟ་བུར་ནི་མཐར་ཐུག་པར་འགྲོ་བའི ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རང་བཞིན་བལྟ་བར་བྱའོ།། ཤིན་ཏུ་རྣམ་པར་དག་པའི་མར་མེའི་རང་བཞིན་ཅི་འདྲ་བ་དེ་ལྟ་བུར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་བལྟ་བར་བྱ་སྟེ། དེ་བས་ན་དེ ་བཞིན་གཤེགས་པོ་དང་མཐར་ཐུག་པར་འགྲོ་བའི་ས་ལ་གནས་ལའི་བྱང་ཆུབ་སེམས་དཔའ་གཉིས་ནི་ཡེ་ཤེས་ཀྱི་ཁྱད་པར་དང་། སྐུའི་ཁྱད་པར་དང་། དགོངས་པའི་ཁྱད་པར་ཁྱད་ཆེ་བར་རིག་པར་བྱའོ།། དེ་ལྟར་བྱང་ཆུབ་མངོན ་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ནི་ཕྱོགས་བཙོའི་སངས་རྒྱས་ཀྱི་ཞིང་ཐམས་ཅ་དུ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛ་དོ།། དེ་ལ་སངས་རྒྱས་ཀྱི་མཛོད་པ་གང་ཞེ་ན། མདོར་བསྡུ་ན་བཅུ་པོ་འདི་དག་ནི ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མཛོད་པ་དང་། དེ་བཞིན་གཤེགས་པའི་འཕྲིན་ལས་སུ་མཛད་པོ་ཡིན་ཏེ། དེ་བཞིན་གཤེགས་པའི་མཛད་པ་རེ་རེ་ཡང་སེམས་ཅན་ཆད་མེད་པ་དགེ་གི་དོན་མཛད་པ་ཡིན ་ཏེ་དེ་ལས་གོང་ན་ཡང་མེད་དོ།། དེ་ལས་ལྷག་པ་ཡང་མེདོ།། བཅུ་གང་ཞེ་ན། ཐོག་མ་ཁོ་ནར་བདག་ཉིད་ཀྱི་སྐྱེས་བུ་ཆེན་པོའི་སྐུ་ལ་སེམས་དགའ་བར་བྱེད། སྐྱེས་བུ་ཆེན་པོའི་དངོས་པོ་ལ་ཡིད་རྒྱས་པ་སྐྱེད་པ་ནི་དེ་བཞིན་ག ་བའི་མཛད་པ་དང་པོ་སྟེ། དེ་ནི་དེ་བཞིན་གཤེགས་པས་པས་མཚན་དང་དཔེ་བྱད་བཟང་པོ་རྣམས་ཀྱིས་སྒྲུབ་པར་མཛད་དོ།། སེམས་ཅན་ཐམས་ཅད་ལོ་རྣམ་པོ་ཐམས་ཅད་གདམས་པའི་སྦྱོར་བ་ནི་དེ་བཞིན་གཤེགས་པའི་མཛད ་པ་གཉིས་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་ཡོངསུ་དག་པ་བཞིས་བསྒྲུབ་པར་མཛད་དོ།། སེམས་ཅན་ཐམས་ཅད་ཀྱི་དགོས་པ་བྱེད་ནུས་པ་དང་། ཐེ་ཚོམ་ཐམས་ཅད་གཅོད་ནུས་པ་ནི། དེ་བཞིན ་གཤེགས་པའི་མཛད་པ་གསུམ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་སྟོབས་བཅུས་སྒྲུབ་པ་མཛད་དོ།། འདི་ལྟར་དེ་བཞིན་གཤེགས་པ་ནི་སྦྱར་བསྟན་པའི་སྟོབས་བཅུ་པོ་དག་གིས་སེམས་ཅན་རྣམས་ཀྱི་དོན ་སྒྲུབ་པར་སྤྱོད་དེ། གང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་བརྩམས་ཏེ། དེ་ལ་ཞུས་ན་ཇི་ལྟར་གང་དག་དེ་བཞིན་གཤེགས་པས་མཁྱེན་པ་དང་། གཟིགས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་མཁྱེན་པ་དེ་ལྟར་དེ ་དགྲ་དེ་བཞིན་གཤེགས་པས་དེ་དག་གི་ཞུ་བ་ཞུས་པ་ལན་འདེབས་པར་མཛདདོ།། ཕ་རོལ་གྱི་སྨྲ་བ་ཐམས་ཅད་ཆེར་གཅོད་ཅིང་རང་གི་གཞུང་འཛུགས་པ་ནི་དེ་བཞིན་གཤེགས་པའི་མཛད་པ་བཞི་པ་སྟེ། དེ་ནི་དྲི་བཞིན་གཤེགས ་པའི་མི་འཇིག་པ་རྣམས་ཀྱིས་སྒྲུབ་པར་མཛ་དོ།། དེ་བཞིན་གཤེགས་པས་བཀའ་སྩལ་པ་ལ་གནས་པ་དང་མི་གནས་པའི་གདུལ་བ་རྣམས་ལ་ཡང་། ཐུགས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་མེད་པ་ནི་དེ་བཞིན་གཤེགས ་པའི་མཛད་པ་ལྔ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྒྲུབ་པར་མཛད་།། ཇི་སྐད་གསུངས་པ་དེ་བཞིན་དུ་མཛད་པ་ནི་དེ་བཞིན་གཤེགས་པའི་མཛད་པ་དྲུག་པ་སྟེ། དེ་ནི་དེ་བཞིན་གཤེགས་པས། ་སྲུང་བ་མེད་པ་རྣམས་ཀྱིས་སྒྲུབ་པར་མཛད་དོ།། སངས་རྒྱས་ཀྱི་སྤྱན་གྱིས་ཉིན་མཚན་དུ་འཇིག་རྟེན་ཐམས་ཅད་ལ་རྣམ་པར་གཟིགས་པ་ནི། དེ་བཞིན་གཤེགས་པའི་མཛད་པ་བདུན་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་ཐུགས ་རྗེ་ཆེན་པོས་སྒྲུབ་པར་མཛད་དོ།། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ལས་མི་ཉམས་པ་ནི་དེ་བཞིན་གཤེགས་པའི་མཛད་པ་བརྒྱུད་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱིས་སྒྲུབ་པར ་པར་མཛད་དོ།། དེ་བཞིན་གཤེགས་པའི་ཚུལ་ཇི་ལྟ་བ་བཞིན་དུཉྩ་སུཥྨངྒ་གི་ཉ་སུ་སྤྱད་པར་བྱ་བ་ནི་དེ་བཞིན་གཤེགས་པའི་མཛད་པ་དགུ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་བག་ཆགས་ཡང་དག་པར་བཅོམ་པས་བསྒྲུབ་པོ་ར་མཛད།། ་ཆོས་གང་དོན་དང་ལྡན་པ་མ་ཡིན་པ་རྣམས་དང་། གང་དོན་དང་ལྡན་པ་སྔ་མ་ཡི་དོན་དང་ལྡན་པ་མ་ཡིན་པ་མ་ཡང་མ་ཡིན་པ་རྣམས་གཏན་སྤངས་ནས། ཆོས་གྲང་དོན་དང་ལྡན་པ་དེ་དག་ཡང་དག་པར་སྟོན་ཅིང་འགྲེལ་ལེ་གསུལ་པར ་མཛད་པ་ནི། དེ་བཞིན་གཤེགས་པའི་མཛད་པ་བཅུ་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམ་པ་ཐམས་ཅད་དང་། མཆོག་མཁྱེན་པས་གྲུབ་པར་མཛད་དེ། དེ་ལྟར་ན་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ ་བརྒྱ་བཞི་བཅུ་པོ་འདི་དག་གིས་དེ་བཞིན་གཤེགས་པའི་མཇེད་པའི་བཅུ་མཛད་ཅིང་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་།། རྒྱས་པར་དབྱེ་བ་ནི་བསྐལ་པ་བྱ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་དུ་ཡང་སངས་རྒྱས་ཀྱི ་འཕྲིན་ལས་འདི་ཉིད་ཀྱི་གྲངས་བཅད་པར་སླ་བ་མ་ཡིན་ནོ།། དེ་བཞིན་གཤེགས་པའི་གནས་པ་དང་། དེ་བཞིན་གཤེགས་པའི་ས་འདི་ནི་རབ་ཏུ་གནས་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལ་བརྟེན་འདི་ལྔ་རབ ་ཏུ་གནས་ནས། འདི་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་དང་། རབ་ཏུ་གནས་པ་དེ་ཐོབ་ནས་ཀྱང་དེ་ཉིད་ལ་བརྟེན། དེ་ཉིད་ལ་རོབ་ཏུ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་དོན ་ཐམས་ཅད་སྒྲུབ་པར་མཛད་དེ། དེ་ལྟ་བས་ན་རབ་ཏུ་གནས་པ་ཞེས་བྱའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་འདི་དག་ཐམས་ཅད་ནི་ཤིན་ཏུ་གཞན་གྱི་དོན་བྱ་བ་དང་། མཐུན་པ་དང་གཞན་གྱི་དོན་བྱ་བས་རབ ་ཏུ་ཕྱེ་བ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་དེ་ལྷ་མ་ཡིན་ཏེ། དེ་ལྟ་བུས་ན་དེའི་དེ་དག་ལ་མུ་འདྲེས་པ་ཞེས་བྱའོ།། སངས་རྒྱས་ཀྱི་གང་དག་ཐམས་ཅད་ཀྱི་ཐམས་ཅད་ཀྱི་ཐམས་ཅད། ཉན་ཐོས་དང་རང་སྤངས ་རྒྱས་ཐམས་ཅད་ལ་དམིགས་པ་དེ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ཐུགས་རྗེ་ཆེན་པོ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། པོག་ཆགས་ཡང་དགྲ་བཅོམ་པ་དང་། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ།། གང་དག་དམིགས ་པ་དེ་དག་ཀྱང་རྣམ་པ་ཐམས་ཅད་ཡོངསསུ་རྫོགས་པ་མ་ཡིན་ནོ།། དེ་བཞིན་གཤེགས་པ་ལ་ནི་ཐམས་ཅད་ཀྱང་དམིགས་ལ། རྣམ་པ་ཐམས་ཅད་ཡོངསུ་རྫོགས་པ་དང་། ཤིན་ཏུ་འདས་པ་དང་། ཆེ་སོ་གྱ་ནོམ་པ་ཡིན་ནོ།། ་དེ་ལྟ་བས་ན་དེའི་མ་འདྲེས་པ་ཞེས་བྱའོ།། འབའ་ཞིག་གི་དོན་ནི་མ་འདྲེས་པའི་དོན་ཡིན་པར་རིག་པར་བྱའོ།། དེ་ལྟར་ན་འདིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་ལམ་ཡོང་སུ་རྫོགས་པ་དང་། བསླབ་པའི་ལམ་གྱི་འབྲས ་བུ་ཡང་བསྟན་ཏོ།། བྱང་ཆུབ་སེམས་དཔའི་བསླབ་པའི་ལམ་ཐམས་ཅད་དང་། བསླབ་པའི་ལམ་གྱི་འབྲས་བུ་རྣམ་པ་ཐམས་ཅད་ཀྱི་བསྟན་པའི་གནསུ་གྱུར་པ་ཡང་ཡིནོ།། བྱང་ཆུབ་སེམས་དཔའི་ས་འདི་ནི་བྱང་ཆུབ་སེམས་དཔའི ་སྡེ་སྣོད་ཀྱི་མ་མོ་ཞེས་ཀྱང་བྱའོ།། ཐེག་པ་ཆེན་པོ་བསྡུས་པ་ཞེས་ཀྱང་བྱའོ།། ཆུད་ཟེ་བ་དང་ཆུང་མི་ཟ་བ་མ་ཡིན་པའི་ལམ་འགྲེལ་པ་ཞེས་ཀྱང་བྱའོ།། སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་དག་པའི་རྩ་བ་ཞེས་ཀྱང་བྱེའོ།། ལྷ་དང་མིར ་བཅས་པའི་འཇིག་རྟེན་གྱི་ནོང་ནས་ལྷར་གྱུར་པ་འམ། མིར་གྱུར་པ་འོ་མ། དགེ་སྦྱོང་ངམ་བྲེམ་ཟེ་གླང་ལ་ལས་བྱང་ཆུབ་སེམས་དཔའི་ས་འདི་ལ་བརྟེན་པོར་མོས་པ་བསྐྱེད་ནས། འདི་ཉན་པའམ་ལེན་པའམ། འཛིན་འམ། ་བསྒོམ་པའི་རྣམ་པས་སྦྱོར་བར་བྱེད་དམ། གཞན་དག་ལ་རྒྱས་པར་སྟོན་པར་བྱེད་དམ། ཐཱ་ནཱ་ཡི་གེར་འདྲིརོ་བཅུག་སྟེ། འཆང་བ་དང་མཆོད་པ་དང་། བཀུརུ་སྟི་ཡང་བྱེད་པ་དེ་ལ་ནི་མདོར་བསྡུ་ན། བྱང་ཆུབ་སེམས་དཔའི ་སྡེ་སྣོད་དུ་གཏོགས་པའི་མདོ་སྡེ་ཉན་པ་ལ་སོགས་པའི་ལས་ཀྱི་བསོད་ནམས་ཀྱི་ཕུང་པོ་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་གསེལ་བར་མཛད་དེ། བཀྲོལ་ཞིང་བརྟགས་ནས་བསྟན་པོ་ཇི་སྙེད་པ་དེ་སྙེད་ཀྱི་བསོད ་ནམས་ཀྱི་ཕུང་པོར་གྱུར་པར་རེ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྷུར་བྱང་ཆུབ་སེམས་དཔའི་སུ་འདིར་ནི་བྱང་ཆུབ་སེམས་དཔའི་སྔ་སྣོད་དུ་བསྟན་པ་དང་། བཤད་པའི་སྒོ་རྣམ་རྫུས་ཤིང་བཤད་པའི ་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་ས་འདིར་ཆོས་འདུལ་པོ་རྒྱས་པརརོ་བསྟན་པ་གང་ཡིན་པོ་དེ་ལུང་ནོད་པ་དང་། ཁ་ཏོན་བྱེད་པ་དང་། ཆོས་ཀྱི་རྗེ་སུ་མཐུན་པའི་ནན་ཏན་དུ་སྒྲུབ་པ་དག་གིས་ཇི་སྲིད་དུ་ཡུན་རིང་དུ ་གོན་སཱ་ཤོང་རྒྱ་ཆེར་འཕེལ་ལ། རྒྱས་པར་འགྱུར་པ་དེ་སྲིད་དུ་དམ་པའི་ཆོས་ནུབ་པར་བྱེད་པའི་དམ་པའི་ཆོས་ལྷུར་བཅྡོཾས་པ་རྣམས་འཕེལ་བར་མི་འགྱུ་རོ།། དམ་པའི་ཚེ་སྭ་ལྟར་བཅོས་པ་རྣམས་འཕེལ་བར་གྱུར ་པ་དེ་ཕྱིན་ཆད་ནི་དེའི་དམ་པའི་ཆོས་ཡང་དྲུག་པར་དོན་དང་ལྡན་པ་དེ་ནུབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས། རབ་ཏུ་གནས་པའི་ལེའུ་སྟེ་དྲུག་པའོ།། ། ་གཞིའོ་རྣལ་འབྱོར་གྱི་གནས་ཐ་མ་རྫོགས་ཏེ། བྱང་ཆུབ་སེམས་དཔའི་སྣ་རྫོགས་སོ།། །། དེ་ལ་བྱང་ཆུབ་སེམས་དཔའི་སའི་གོ་རིམ་ནི་འདི་ཡིན་ཏེ། རིགས་ལ་གནས་པའི་བྱ ་ཆུབ་སེམས་དཔོའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད།། སེམས་བསྐྱེད་ནས་བདག་དང་གཞན་གྱི་དོན་ལ་སྦྱོར་རོ།། བདག་དང་གཞན་གྱི་དོན་ལ་སྦྱོར་ན་ཀུན་ནས་ཉོན་མོངས་པ ་མེད་པར་བྱ་བའི་ཐབས་རྙེད་པར་འགྱུརརོ།། ཀུན་ནས་ཉོན་མོངས་པ་མེད་ན་མི་སྐྱོ་བར་བྱ་བའི་ཐབས་རྙེད་པར་འགྱུར་རོ།། སྐྱོ་བ་མེད་པའི་དགེ་བའི་རྩ་བ་འཕེལ་བར་བྱ་བའི་ཐབས་རྙེད་པར་འགྱུར་རོ།། དགེ་བའི་རྩ་བ་རྣམས ་ཀྱིས་རྒྱུ་སོ་པར་གྱུར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བདག་དང་གཞན་གྱི་དོན་ལ་སྦྱོར་བ་དང་། ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས ་དང་མི་སྐྱོ་བོའི་ཐབས་དང་། དགེ་བའི་རྩ་བ་འཕེལ་བའི་ཐབས་དང་། བྱང་ཆུབ་སེམས་ཐོབ་པར་བྱ་བ་ལ་སྒྲུབ་པ་ནི། ཐོག་པ་ཁོ་ནར་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་མེས་པ་འཇོག་གོ།། དེ་ལ་མོས་ན་ཚོས་དེ་དག། ་ཡོངསུ་ཚོལ་ལོ།། ཡོངསུ་བཙལྱཱ་ནས་གཞན་དྲུག་ལ་ཡང་སྟོན་ཅིང་བོདག་ཉིད་ཀྱིས་ཀྱང་ནན་ཏནཾ་གྱིས་སྐྱོབ་བྱར་བྱེད་དོ།། བསྒྲུབ་པར་བྱུང་།། བསྒྲུབས་ནུས་ཀྱང་གང་གིས་དང་། གང་དུ་དང་གང་གི་ཕྱིར་སྒྲུབ་པར ་བྱཱ་བ་དེས་དེར་དེའི་ཕྱིར་སྒྲུབ་བོ།། དེས་དེར་དེའི་ཕྱིར་སྒྲུབ་པ་ན་ཙོ་ནས་བསོད་ནམས་སོགས་པ་དང་། ཡེ་ཤེ་ས་སོགས་པར་འགྱུར་བ་དེ་ལྟོ་བུར་སྒྲུབ་བོ།། བསོད་ནམས་དང་ཡེ་ཤེས་བསགས་ནསཽ་འཁོར་པ་མི ་སྤོང་བའི་ཐབས་བསྒྲིའོ།། དེ་ལ་བསྒྲུབ་པ་ན་འཁོར་བའི་ཀུན་ནས་ཉོན་མོངས་པ་མེད་པར་བསྒྲུབ་བོ།། དེ་ལ་སྒྲུབ་པ་ནི་བདག་གི་བདེ་བ་ལ་ལྷག་པར་ཆགས་པ་མེད་པར་བསྒྲུབ་བོ།། དེ་ལ་སྒྲུབ་པ་ན་འཁོར་བའི ་སྡུག་བསྔལ་གྱིས་ཡོངསུ་མི་སྐྱོ་བར་བསྒྲུབ་བོ།། དེས་ཡོངསུ་མི་སྐྱོ་བ་ནུ་བསྟན་བཅོས་རྣམས་ལ་བརྟེན་ནས་བསྟན་བཅོས་ཐམས་ཅད་ལ་མི་འཇིགས་པར་འགྱུར་རོ།། བསྟན་བཅོས་ཤེས་ནས་སུ་ལ་གང་ཅི་ལྟར ་བསྟན་པར་བྱ་བ་དེ་ཤེས་པས་འཇིག་རྟེན་ཤེས་པར་འདི་གྱུ་རོ།། དེ་ལྟར་བསྟན་བཅོས་ཤེས་ཤིང་འཇིག་རྟེན་ཤེས་ན། ཚུལ་བཞིན་དུ་ཆོས་རྣམས་ཡོངསུ་ཚོལ་བར་བྱེད།། དེ་ལྟར་ཚོལ་བས་སེམས་ཅན་ཐམས་ཅད་ཀྱི ་ཐེ་ཚོམ་ཐམས་ཅད་གཅོད་ནུས་པར་འགྱུར་རོ།། དེ་ལྟར་ནུས་ན་གཞན་གྱི་ཐེ་ཚོམ་གཅོད་པས་བསོད་ནམས་ཀྱི་ཚོགས་མངོན་པར་སྐྱེ་ཞིང་བསོད་ནམས་ཀྱི་ཚོགས་ཡོངསུ་རྫོགས་པར་བྱེད་དོ།། བདག་ཉིད་ཀྱང་ཡེ་ཤེས་ལས ་མངོན་པར་སྐྱེ་བས་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པར་བྱེད་དོ།། ཚོགས་ཡོངསུ་རྫོགས་ན། བདེན་པའི་རྣམ་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སྒོམ་པ་ལ་སྦྱོར་བར་འོགྱུར་ཞིང་བསྒོམ་པའི་ཐབས་རབ་ཏུ་ཤེས ་སོ།། དེ་ལྟར་བརྩོན་ན་བསྒོམ་པ་དེས་ཐེག་པ་ཆེན་པོའི་ཡོངསུ་མྱ་ངན་ལས་འདས་པར་ཡོངསུ་བསྔོ་བར་བྱེད་དེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པས་ཡོངསུ་མྱ་ངན་ལས་འདས་པར་ནི་མ་ཡིན་ནོ།། དེ་ལྟར་ཐབས ་ལ་མཁས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་པ་ཐོས་པ་ཡང་འཛིན་པར་འགྱུར་ལ།། སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་བསྒོམ་པའི་སྟོབས་ཀྱིས་དེ་ལ་རྣམ་པ་ཐམས་ཅད་སྣང ་བར་འགྱུར་རོ།། དེ་གཟུངས་དང་སྤོབས་པ་དང་ལྡན་པས་རྣམ་པར་ཐར་པའི་སྒོ་གསུམ་གྱིས་དམིགས་པ་ཐམས་ཅད་སྤངས་པའི་ཕྱིར་བསྒྲུབ་བོ།། དེ་ལ་བསྒྲུབ་ན་བདག་དང་གཞན་རྣམས་ཀྱི་ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་སྤོང ་བ་ལ་ཞུགས་པ་ཡིན་ཏེ། འདི་ནི་དེའི་རྣམ་པ་ཐམས་ཅད་བསྒྲུབ་པ་ཕུན་སུམ་ཚོགས་པ་ཡི་ནོ།། དེ་ལྟར་ཞུགས་པ་དེ་ནི་བསྒྲུབ་པའི་སྟོན་གྱི་ཁྱད་པར་དང་། ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་སོན་ཐམས་ཅད་དང་། ཉན་ཐོས་དང་རང ་སངས་རྒྱས་རྣམས་ལ་ཁྱད་པར་དུ་འཕགས་པར་འགྱུ་རོ།། དེ་ལ་སྒྲུབ་པའི་ཡོན་ཏན་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ནི་བདག་དོང་གཞན་ལ་ཕན་པའི་ཕྱིར་ཞུགས་པ་དང་། གཞན་གྱི་དོན་རང་གི་དགོས་པ་ཡིན ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ནི་དེ་ལྟར་གཞན་གྱི་དོན་བདག་གི་དགོས་པ་མ་ཡིན་ནོ།། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཡིན་ཏེ། སེམས་སྙོམས་པས་ན། རྟག་ཏུ་ཕན་འདོགས་པའི་ཕྱིར་འཇུག་ལ། ལན ་དུ་ཕན་འདོགས་པ་ལ་ཡངྒ་རོ་བ་མེད་དོ།། དེ་ལྟར་བརྩོན་པ་ནི་རྟག་ཏུ་དེ་དག་ལ་ཕན་པ་དང་། བདེ་བ.རཱ་འདོད་དོ།། དེ་ལྟར་ཕན་པ་དང་། བདེ་བའི་བསམ་པ་དང་ལྡན་པ་ནི་དེ་དག་ལ་འབྲས་བུ་ཡོད་པར་སྦྱོར་བར་བྱེད་དོ།། དེ ་ལྟར་ན་འདིས་ནི་གོང་ནས། གོང་དུ་བསྒྲུབ་པའི་ཡོན་ཏན་གྱིས་ཁྱད་པར་བསྒྲུབ་སོ།། དེ་ལ་ཕན་ཡོན་གྱི་སྟོན་གྱི་ཁྱད་པར་ནི། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་རྣམས་ལ་ལུང་བསྟན་པ་འཐོབ་ཀྱི། ཉན་ཐོས་དང་། རང་སངས ་@#།། རྒྱུས་རྣམས་ནི་དེ་ལྟ་མ་ཡིན་ནོ།། ལུང་བསྟན་ན་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཏེ། དེ་ལ་གནས་ན་ངེས་པར་བྱ་བ་དང་། རྟག་ཏུ་བྱ་དགོས་པ་ལ་བརྗེད་པ་མེད་པའི་ཆོས་ཉིད་ཐོབ་པར་འགྱུརརོ།། དེ ་ལྟར་བརྗེད་པ་མེད་པའི་ཆོས་ཉིད་ཐོབ་ཏུ་གྱུར་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གདགས་པ་ལ་འདོགས་པར་མཛད་དོ།། བྱ་བ་ཐམས་ཅད་ཀྱང་ཡོངསུ་ཉམས ་པར་མི་བྱེའོ།། མ་ཐོབ་པའི་ཡོངསསུ་ཉམས་པས་ཀྱང་ཡོངསུ་ཉམས་པར་མི་འགྱུར་རོ།། ཡོངསུ་མ་ཉམས་ནུ་རྟག་ཏུ་རྒྱུན་མི་འཆད་པར་དགེ་བའི་ཆོས་རྣམས་ཀྱིས་རྟག་ཏུ་སྐྱེ་བར་འགྱུར་ཏེ། ཟླ་བ་ཡར་གྱི་ངོ་བཞིན་དུ་སྐྱེ ་བ་ན་ཡོང་དག་པའི་བྱང་ཆུབ་སེམས་དཔར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ལྟར་བཅོས་པ་མ་ཡིནོ།། ཡང་དག་པའི་བྱང་ཆུབ་སེམས་དཔར་གྱུར་ན། རྣམ་པ་ཐམས་ཅོ་དུ་འདུལ་བའི་ཐབས་ཐམས་ཅད་ཤེས་སོ།། ཤེས ་པར་གྱུར་ན་གང་ལ་ཡོངསུ་བཙལ་བ་དང་། གང་ཡིངསུ་བཙལ་བ་དང་། གང་གིས་ཡོངསུ་བཙལ་བ་རྣམ་པར་བཞག་པ། ཐམས་ཅད་ལ་མཁས་པར་འགྱུ་རོ།། ཡོངསུ་བཙལ་པོ་ཡང་གླང་གིས་མཐུར་ཐུག་པར་གྱུར་པ་དེ་རྣར ་འཇོག་པར་མཛད།། རྣམ་པར་བཞག་པ་ལ་མཁས་ན་གདམས་ངག་ལ་མཁས་པར་འགྱུར་རོ།། གདམས་ངག་ལ་མཁས་པ་ན་དམིགས་པ་ཚད་མེད་པའི་ཏིང་འཛིན་གྱི་རྒྱལ་པོ་ཐོབ་པར་འགྱུརརོ།། ཏིང་འཛིན་དེ་ཐོབ་པས ་འབྲས་བུ་ཡོད་པའི་ཆོས་སྟོན་པར་འགྱུ་རོ།། རྣམ་པ་སྣ་ཚོགས་ཀྱིས་སྟོན་པ་འབྲས་བུ་དང་བཅས་པར་བྱེད་དོ།། ཐེག་པ་ཆེན་པོས་ངེས་པར་འབྱུང་བར་འགྱུ་རོ།། ཐེག་པ་ཆེན་པོས་ངེས་པར་འབྱུང་ན། ཐེག་པ་ཆེན་པོ་སྡུད ་པར་ཡང་འགྱུར་རོ།། ཐེག་པ་ཆེན་པོས་ངེས་པར་འབྱུང་བའི་གནས་སྐབས་དེ་དང་དོར་མིང་དེ་དང་དེ་ཐོབ་པར་འགྱུར་ལ། འཇིག་རྟེན་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བྱང་ཆུབ ་སེམས་དཔའ་ཐམས་ཅད་དང་། ཐུན་མོང་དུ་གྱུར་པའི་མིང་འདོགས་ཤིང་བསྟོད་པར་ཡང་མཛད། འདི་དག་ནི་ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་ཡིན་པར་རིག་པར་བའོ།། དེ་ལྔ་བུའི་མིང་ཅན་དེ་ནི་བྱང་ཆུབ་སེམས་དཔའི ་རྟགས་རྣམས་ཡིན་ཏེ། རྟགས་གང་དག་གིས་རྟགས་དེ་དང་ལྡན་ན། སྒྲུབ་པ་དེ་ཁྱིམ་པའི་ཕྱོགས་དང་རབ་ཏུ་བྱུང་བའི་ཕྱོགས་ལ་ཡང་རྣམ་པ་ཐམས་ཅད་སྒྲུབ་པར་བྱེད་དོ།། གཉི་གའི་ཕྱོགས་ལ་ཡོང་སྒྲུབ་པར་བྱེད་ན།། ་སྒྲུབ་པ་སྙིང་པོར་བྱེད་པ་གཅིག་ཏུ་ངེས་པར་དགེ་བའི་ཕྱོགས་ལེ་ལྷག་པའི་བསམ་པ་ཅན་དུ་འགྱུར་ཏེ། དེ་ལྟ་བུའི་བསམ་པས་ཇི་སྲིད་གནས་ཀྱི་བར་དུ་ཁྱིམ་པ་ཡོངསུ་བཟུང་བ་འམ་རབ་ཏུ་བྱུང་བ་ཡོངསུ་བཟུང་བ་དགེ་བའི ་ཕྱོགས་ལ་འཇུད་པོར་བྱེདདོ།། དེ་ཕྱིན་ཆད་ནི་གང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། འགྲོགས་པར་འགྱུར་བ་དང་། སེམས་ཅན་གྱི་དོན་དུ་བསམ་བཞིན་དུ་སྐྱེ་བ་འཛིན་ཏོ།། དེ་སངས་རྒྱས་དང་བྱང་ཆུབ་སེམས ་དཔའི་རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་གདམས་ངག་གིས་ཉེ་བར་བསྟན་ཏེ། དགེ་བའི་ཕྱོགས་ཀྱི་ཁྱད་པར་ཐོབ་པའི་གནས་སྐབས་ཉམ་སུ་མྱོང་བར་འགྱུར་རོ།། དེ་ཉམ་སུ་མྱོང་བའི་ཕན་ཡོན་བཟུང་བས། ་ཁྱད་པར་ཐོབ་པའི་གནས་སྐབས་དེར་ཁྱིམ་གྱི་ཚུལ་གྱིས་འཇུག་གོ། གནས་སྐབས་དེར་བློ་གནས་ན། གོང་ནསོ་གོང་དུ་མཐོར་ཐུགཔར་འགྲོ་བའི་བྱར་དུ། ཁྱད་པར་གྱི་གནས་སྐབས་རྣམསྡེ་ལྀ། རྣམ་པ་ཐམས་ཅེ་དུ་རྟུལ ་བོར་བྱེད་ཅིང་ཆོ་ག་མྱི་ཤེས་སོ།། དེ་ལྟ་རོ་བརྟུ་བཱ་ན་ཐོར་ཐུག་པའི་གནས་ཐོབ་པར་འགྱུར་ཏེ། དེ་ཕྱིན་ཆད་ཡང་ཡོངསུ་བེ་ཙལ་དུ་མེད་དེ། བླ་ན་མེད་པ་ཐོབ་པ་ཡོན་ནོ།། བྱང་ཆུབ་སེམས་དཔའི་སའི་གོ་རིམས་རྫོག་སོ།། ་རྒྱུ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོཙྪ་བེ། བཱནྡྷ་མཁན་པོ་ཡེ་ཤེས་སྡེ་ལ་སོགསོ་པས་བསྒྱུར་ཅིང་ཞུས་ཏེ། གཏན་ལེ་ཕབ་པ།། ། ཤོ་ལོ་ཀ་དྲུག་སྟོང་བདུན་བརྒྱ་ལྔ་བཅུ་ཡོད་དོ།། ་ཡེ་དྷུརྨཱ་ཧྭེ་ཏུ་པྲ་ཝཱ་ཧེ་ཏཱནྡྷེ་ཤཱུནྟ་ཐཱ་ག་ཏི་དྷུ་བ་དཏྟ། ཧཱུ~ཾ་ཥྚཱཉྩཱ་ཡོ་ནོ་རོ་དྷ་ཨེ་བྱཾ་བྷཱུ་དཱི་མ་ཧཱུཾ་ཤྲ་མ་ཎཱཿ།། ། བསོད་ནམས་སྟོབས་རྒྱས་ཀྱིས་མཚོན་མར་གྱུར་འགྲོ་བ་ཡིས། ཚེ་རབས་དུ་མར་བསགས་པའི་སྡིག་སློབ་མི་གུས་ཀུན། དགེ་འདུམ ་