CLOSE WINDOW

GT3537: dbus dang mtha' rnam par 'byed pa'i 'grel bshad
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་དྷྱ་ན་ཏ་བི་བྷཾ་ག་ཊཱི་ཀཱ། བོད་སྐདདུ། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། ཡ་རབས་དག་ནི་ཕལ་ཆེར་བླ་མ་དང་། དད་པའི་ལྷ་ལ་མཆོད་ནས་ལས ་རྣམས་ལ་འཇུག་སྟེ། དབུས་དང་མཐའ་རྣམ་པར་འབྱེད་པའི་མདོ་བཤད་པར་འདོད་པས། བདག་ལ་ཡང་འདི་ནི་ཡ་རབས་ཀྱིས་ཚུལ་ཅ་ནོ་ཞེས་ཤེས་པར་བྱ་བའི་ཕྱིར། དེ་མཛོད་པ་དང་འཆད་པ་ལ་མཆོད་ནས། དེའི་དོན་རྣམ་པར་དབྱེ་བར་ཞུགསོ་ཞེས་རབ་ཏུ ་བརྟན་པའི་ཕྱིར། བསྟན་བཅོས་འདི་ནི་རབ་ཏུ་མཛད་པ་ཞེས་བྱ་བ་ལ་སོགས་པ་སྨོསོ།། དེ་ལྟར་བྱས་ན་ཡོན་ཏན་ཅི་ཞིག་ཐོབ་ཅེ་ན། ཡོན་ཏན་དང་ལྡན་པ་དང་། ཕན་འདོགས་འདོགས་པ་ལ་མཆོད་ན་བསོད་ནམས་འཕེལ་བར་འགྱུར་རོ།། བསོད་ནམས་འཕེལ་ན ་ཡང་དག་པར་བརྩོན་པ་ལ་བར་ཆད་དང་བགེགས་ཀྱིས་མི་ཚུགས་པར་ཚེགས་ཆུ་ངུ་རྫོགས་པར་འགྱུར་རོ།། ཡང་ན་མཛད་པས་གསུངས་པ་དང་། འཆད་པས་བཤད་པ་ཡང་དག་པར་བྱིན་པར་བསྙད་པས། མཛད་པ་དང་། འཆད་པ་དང་། མདོ་དང་འགྲེལ་པ་ལ ་གུས་པ་བསྐྱེད་པར་བྱ་བའི་ཕྱིར། བསྟན་བཅོས་འདི་ནི་རབ་མཛད་པ་ཞེས་བྱ་བ་ཐམས་ཅད་སྨོསོ།། དེ་ལ་མཛད་པས་བཤད་པར་བསྟན་པས། མདོ་ལ་གུས་པ་སྐྱེ་སྟེ། འདི་ལྟར་བསྟན་བཅོས་ཚིག་ལེའུར་བྱས་པ་ནི་མཛད་པ་ནི་འཕགས་པ་བྱམས་པ་སྟེ། དེ་ཡང་སྐྱེ་བ ་གཅིག་གིས་ཐོགས་པའི་ཕྱིར། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དང་གཟུངས་དང་སོ་སོ་ཡང་དག་པར་རིག་པ་དང་། ཏིང་ངེ་འཛིན་དང་། དབང་དང་བཟོད་པ་དང་། རྣམ་པར་ཐར་པ་ཐམས་ཅད་ཀྱིས་དམ་པའི་ཕ་རོལ་ཏུ་སོན་པ། བྱང་ཆུབ་སེམས་དཔེའི་ས ་ཐམས་ཅད་ལ་སྒྲིབ་པ་ཡང་མ་ལུས་པར་སྤངས་པའོ།། འཆད་པས་ཡང་དག་པར་བྱིན་པའི་སྒོ་ནས་འགྲེལ་པ་ལ་གུས་པ་སྐྱེ་བར་འགྱུར་ཏེ་འདི་ལ་འཆད་པ་ནི་སློབ་དཔོན་ཐོགས་མདོ།། དེ་ལས་སློབ་དཔོན་བཙུན་པ་དབྱིག་གཉེན་གྱིས ་གསན་ནས་འདིའི་འགྲེལ་པ་མཛད། དེ་གཉིས་ཀྱང་ཤེས་རབ་མཆོག་དང་ལྡན་པས་མ་ནོར་བར་རྟོགས་པོ་དང་། གཟུང་བ་དང་སྟོན་ནུས་པས་འདིར་མདོའི་དོན་མ་ནོར་བར་བསྟན་ཏོ་ཞེས་འགྲེལ་པ་ལ་གུས་པ་སྐྱེ་སྟེ། དེ་ལྟར་གང་དག་གང་ཐོག་ཚད་མར་བྱེད་པ་དེ ་དག་ནི། མདོ་དང་འགྲེལ་པ་ལ་གུས་པ་སྐྱེའོ།། གང་ཡང་ཆོས་ལ་རྟོན་པ་དེ་དག་ནི་མདོ་དང་འགྲེལ་པའི་དོན་བཟང་པོ་ཁོང་དུ་ཆུ་དེ། ངེས་པ་སྐྱེས་ན་འདི་མཛད་པ་དང་འཆད་པ་ཡང་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་གྱི། རྟོག་དང་ལུང་ཙམ་གྱིས་རབ་ཏུ་ཕྱེ་བར་ནི ་ཟོདོ་ཞེས་མཛད་པ་དང་། འཆད་པ་ལ་གུས་པ་སྐྱེའོ།། ད་ནི་བསྟན་བཅོས་ཀྱི་རང་བཞིན་ཅི་འདྲ་བ་དང་ཅིའི་ཕྱིར་བསྟན་བཅོས་ཤེས་བྱ་བ་འདི་བཤད་པར་བྱའོ།། མིང་དང་ཚིག་དང་ཡི་གེའི་ཚོག་སུ་སྣང་བའི་རྣམ་པར་རིག་པ་རྣམས་ནི་བསྟན་བཅོ་སོ།། ཡོང་ན་འཇུག ་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པ་རྣམས་བསྟན་བཅོ་སོ།། རྣམ་པར་རིག་པོ་རྣམས་ཇི་ལྟར་མཛད་ཅིང་བརྗོད་ཅེ་ན། མཛད་པ་དང་འཆད་པའི་རྣམ་པར་རིག་པ་ལས་ཉན་པའི་རྣམ་པར་རིག་པ་རྣམས་སྐྱེ་བས ་འདི་ལ་ཉེས་པ་མེདོ།། སློབ་མ་ཆོས་པ་ནི་ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་ཀྱི་ཁྱད་པར་བསྐྱེད་པའི་ཕྱིར། ལུས་དང་ངག་དང་ཡིད་ཚོགས་པར་མི་འབྱུང་བའི་ལས་ལས་བཟློག་པ་དང་། ཚོགས་པར་འབྱུང་བའི་ལས་ལ་འཇུག་པའོ།། ཡང་ན་བསྟོན ་བཅོས་ཀྱི་མཚན་ཉི་དུ་འཐད་པའི་ཕྱིར་བསྟན་བཅོས་ཏེ། ལུང་མནོས་པ་གོམས་པར་བྱས་པས་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤོང་བར་འགྱུར་བ་དང་། བར་ཆད་མེད་པ་ཡུན་རིང་བའི་སྡུག་བསྔལ་དྲག་པོ་སྣ་ཚོགས་ཀྱིས་འཇིགས་པའི་ངན་སོང ་རྣམས་དང་། སྲིད་པ་ལས་སྐྱོབ་པ་གང་ཡིན་པ་དེ་ནི་བསྟན་བཅོས་ཀྱི་མཚན་ཉིད།། དེའི་ཕྱིར་ཉོན་མོངས་པའི་དགྲ་འཆོས་པ་དང་ངན་འགྲོའི་སྲིད་པ་ལས་སྐྱོབ་པས་བསྟན་བཅོས་ཀྱི་མཚན་ཉིད།། དེ་གཉིས་ཀྱང་ཐེག་པ་ཆེན་པོ་ཐམས་ཅད་དང་། དེ་བཤད་པ ་ཐམས་ཅད་ལ་ཡོད་ཀྱི་གཞོན་ལ་མེ་དོ།། དེའི་ཕྱིར་འདི་ནི་བསྟན་བཅོ་སོ།། དེ་ལ་སྨྲས་པ། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་།། ངན་འགྲོ་སྲོད་ལས་སྐྱོབ་པ་གང་ཡིན་པ།། ཆོས་སྐྱོབ་སྟོན་ཕྱིར་ན་བསྟན་བཅོས་ཏེ།། གཉིས་པོ་འདི་དག་གཞན་གྱི ་ལུགས་ལ་མེད།། འདི་ནི་ཞེས་བྱ་བ་ནི། ཐེག་པ་གསུམ་གྱི་སྒོ་ནས་དངོས་པོ་བདུན་དུ་བསྡུས་པ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བ་ཐོབ་པ་དང་། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་འདི་སེམས་ལ་གནས་པའི་ཕྱིར་དང་འདི་ཞེས ་མངོན་སུམ་དུ་བསྟན་ཏོ།། རབ་མཛོད་པ་ཞེས་བྱ་བ་ནི་བྱེད་པ་པོའོ།། སྐད་ཀྱི་དབྱིངས་འདི་ཐོབ་པར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་རབ་ཀྱི་སྒྲ་དང་སྒྲོགས་ན་བྱེད་པར་ལྟ་སྟེ། སྐད་དབྱིངས་དོན་གྱི་སྟོབས་ལྡན་ཡང་།། ཉེ་བར་བསྒྱུར་བས་ཟིལ་ནོན་འགྱུར།། གངྒཱའི་ཆུ་ནི ་མངར་མེད་ཀྱི།། རྒྱ་མཚོའི་ཆུ་ནི་ཇི་བཞི་ནོ།། ཞེས་བཤད།། བདེ་གཤེགས་ཉིད་སྐྱེས་ཞེས་བྱ་བ་ནི། བག་ཆགས་དང་བཅས་པའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ལས་མི་གནས་པའི་མྱ་ངན་ལས་འདས་པར་ཤིན་ཏུ་གཤེགས་པས ་བདེ་བར་གཤེགས་པའོ།། དེ་ཡང་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྤངས་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་ཐུགསུ་ཆུད་པའི་རང་གི་ངོ་བོ་འབྱོར་པ་ཐམས་ཅད་ཀྱི་གནསུ་གྱུར་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར ་བསམ་གྱིས་མི་ཁྱབ་པའི་མཐུ་མ་ངར་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་པར་སྤྱོད་པ། རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་ཁྱད་པར་གྱི་བདག་ཉིད་ནི་བདེ་བར་གཤེགས་པའོ།། དེའི་བདག་ཉིད་ནི་རྣམ་པར ་དག་པའི་དེ་བཞིན་ཉིད། དེ་ལས་རྣམ་པར་མི་རྟོགས་པའི་ཡེ་ཤེས་རབ་ཏུ་བྱུང་བའི་ཕྱིར་ཏེ་ལས་སམ། དེར་སྐྱེས་པས་ན་བདེ་གཤེགས་ཉིད་སྐྱེ་སོ།། ཡང་ན་བདེ་བར་གཤེགས་པ་ཉི་དུ་སྐྱེས་པས། བདེ་གཤེགས་ཉིད་སྐྱེས་ཏེ། མདོ་གཞན་ལས ་དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་རྙེད་པས། དེ་བཞིན་གཤེགས་པའི་གདུང་དུ་སྐྱེས་པ་ཡིནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ས་བཀྲུ་བ་ལ་རབ་ཏུ་གནས་པ་ནི། ཤེས་བྱའི་དངོས་པོའི་རྣམ་པ་ཐམས་ཅད་སྦྱ་རུ ་ར་ཡག་མཐིལ་དུ་བཞག་པ། དར་ལ་སྲབ་མྱོས་གཡོགས་པའི་མིག་ལ་སྣང་བ་པཞི་ནོ།། བཅོམ་ལྡན་འདས་ཀྱི་ནི་མིག་གི་སྒྲིབ་པ་བསལ་བ་བཞིན་ཏེ། འདི་ནི་ཁྱད་པརོ།། འདིར་ནི་བདེ་བར་གཤེགས་པའི་བདོག་ཉིད་ལས་སྐྱེས་པས། བསྟན་བཅོས ་མཛད་པ་དེ་ཁོ་ན་ཐུགསུ་ཆུད་པ་ཕུན་སུམ་ཚོགས་པར་བསྟན་པ་དང་རྙེད་པ་དང་བཀུར་སྟི་ལ་མི་ལྟ་བར་བསྟན་བཅོས་མཛད་པས། བུགས་རྗེ་ཕུན་སུམ་ཚོགས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པར་བསྟན་པའོ།། འཆང་པོ་ནི་བཤད་པར་བྱེད་པ་སྟེ། ་མངོན་པར་མཆོད་ཅེས་བྱ་བ་དང་སྒྲ་རོ།། ཁ་ཅིག་ན་རེ་བདེ་གཤེགས་ཉིད་ལས་སྐྱེས་པ་ཞེས་ཀྱང་བྱའོ།། ཞེའོ།། དེ་ནི་འཕགས་པ་ཐོགས་མེད། དེ་ལ་ནི་འཕགས་པ་བྱམས་པའི་བྱིནྡ་གྱིས་བརླབས་ཀྱིས་ན། ཆོས་ཀྱིས་རྒྱུན་གྱིས་བསྟན་བཅོས་འདི་མངོན་དུ ་གྱུར་ཅིང་བཤད།། སུ་ལྀ་འཆད་པོ་ཞེ་ན། བདག་སོགས་གསལ་ཞེས་བྱ་བ་སྟེ། བདོག་ཐོག་མར་བྱས་པ་གང་ཡིན་པ་དེ་དག་ནི་བདག་ལ་སོགས་པ་སྟེ། འདི་ནི་བདག་ཉིད་ཀྱི་མི་སླུ་བ་ལས་ལུང་མནོས་པར་སྟོན་ཏོ།། ཡང་ཞེས་བྱ་བ་ནི་བསྡུ་བ་འམ། ་རྩ་བ་བསྐངས་པ་འམ། ལྷག་པའི་ཚིག་སྟེ། མཛད་པ་དང་འཆད་པ་ཉི་ཚེ་ལ་མ་ཡིན་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་ཡང་རུང་བ་དག་ལ་མཆོད་པ་བྱ་བའོ།། མངོན་མཆོད་ཅེས་བྱ་བ་ནི་རྗེས་པའོ།། མངོན་པར་ཞེས་བྱ་བ་ནི་མདུན་ནས ་མངོན་སུམ་དང་འདྲ་བར་གནས་པའོ།། མཆོད་པ་ནི་ལུས་དང་ངག་དང་ཡིད་ཀྱིས་བརྗེས་པའོ།། བསྟན་བཅོས་མཛད་པ་དང་འཆད་པ་ལ་མངོན་པར་མཆོད་ནས་ཅི་ཞིག་བྱ་ཞེ་ན་དོན་རྣམས་དབྱེ་ཕྱིར་འབད་པར་བྱ་ཞེས་བྱ་བ་སྨོ་སོ།། དོན་དབྱེ་བའི ་བྱིཕྱིར་རམ། དོན་གྲོལ་བའི་ཕྱིར་རམ། སོ་སྦྱོང་དབྱེ་བའི་ཕྱིར་བསྒྲིམ་པར་བྱ་བའི་ཕྱིར་ཞེས་བྱ་བ་འདི་ནི་རྒྱུའི་དོན་ཏེ། དོན་རྣམ་པར་དབྱེ་བའི་རྒྱུར་ཞེས་བྱ་བའི་ཐ་ཚི་འོ།། དོན་ནི་འདིར་བསྟནཱ་བཅྡོཾས་ཀྱི་ལུས་ཡོན་ཏེ་ཞེས་བྱ་བ་དོན་བདུན་པོ་འདི་དག་བསྟོན ་བཅོས་འདི་ལས་འཆདོ་ཞེས་འབྱུང་བའི་ཕྱིར་རོ།། ཅིའི་ཕྱིར་བསྟན་བཅོས་འདི་བཤད་ཅེ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་ཏེ་ཆོས་ལ་བདག་མེད་པ་བསྟན་པས་རྣམ་པར་མི་རྟོག་པའི ་ཡེ་ཤེས་བསྐྱེད་པ་དང་། དེ་གོམས་པས་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པ་ཐོབ་པར་འགྱུར་རོ།། ཆོས་ལ་བདག་མེད་པ་ཡང་ཆོས་ཐམས་ཅད་མེད་པ་ཉིད་ཆོས་ལ་བདག་མེད་པ ་དྲང་ནང་ན་བྱེད་པའི་སྐྱེས་བུ་མེད་པ་ཉིད་ཆོས་རྣམས་ལ་བདག་མེད་པའོ་ཞེས་མི་མཐུན་པར་སྨྲ་བ་དེ་དག་བཀག་པས།། ཆོས་བདག་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་བའི་ཕྱིར་བསྟན་བཅོས་བརྩ་མོ།། གཞན་དག་ན་རེ་མཚན་ཉིད་དང ་སྒྲིབ་པ་ལ་སཽ་ཌོཾ་བ་མ་རྟོཌོ་པ་དང་། ལོག་པར་ཌྷོཌ་པ་རྣམ་ཡང་དག་པར་རྟོཊ་པ་སྐྱེད་པ་མ་རྟོཊ་པ་རྣམ་དང་ལོག་པར་རྟོན་པ་བསལ་བཱི་ཕྱི་ཞོའོ།། ལྡན་འཛིན་གྱི་ཁམྦ་ས་ན་དང་ཆོས་དང་གདུལ་བ་དང་། ཐབས་ཀྱིས་བདག་ཉིད། ཤེས་བྱ་རྣམ་ལྔ་རེ་རེ་ལ་ཡང་རབ་ཏུ་དབྱེ་བ་མཐའ་ཡས་པའི་ཕྱིར ་ཤེས་པར་བྱུ་དཀུའོ་སྙམ་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཞུམ་པ་གང་ཡིན་པ་བརྩལ་བའི་ཕྱི། མཚན་ཉིད་དེང་སྒྲིབ་པ་དང་། དེ་ཁོ་ན་ཞེས་བྱ་བ་དག་སྐྱེ་སོ།། དེ་ལ་ཐོག་མ་ཁོ་ནར་བསྟན་བཅིས་ཀྱི་ལུས་རྣམ་པར་བཞག་སྟྭ~ཾ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ ་བ་ནི་བསྟན་ཐོ་ཅེས་ཀྱི་དོན་ནོམ་པར་འབྱེད་པ་འམ། བསྟན་བཅོས་ལའོ།། ཐོག་མ་ཁོ་ནར་ཅེས་བྱ་བ་ནི་དང་པོ་ཁོ་ན་ནོ།། བསྟན་བཅོས་ནི་བཤད་པར་ཟད།། དེའི་ལུས་ནི་མི་དོར་བསྡུས་པ་འམ། དོན་བསྡུས་པ་འམ། གནས་ཀྱིས་དོན་ནི་ལུས།། དཔེར་ན་ཕྱི་དང་ནཔ་ནི ་མཆེད་ཀྱི་གནས་ནི་ཁོག་པ་སྟེ། ལུས་ཤེས་བྱ་བ་དེ་བཞིན་དུ། དོན་གང་དག་ལ་གནས་ཏེ། བསྟན་བཅོས་ལ་འཇུག་པའི་དོན་དེ་རྣམས་ནི་དེའི་ལུསོ།། དེ་དག་ཀྱང་དེ་ན་བདུན་པོ་དག་སྟེ། མཚན་ཉིད་ལ་སོགས་པའོ།། རྣམ་པར་བཞག་ཅེས་བྱ་བ་ནི་བཅས་པར ་བྱ་སྟེ། བཤད་ཅེས་བྱ་བའི་བ་ཆིགོ།། བསྟན་བཅོས་ཁོང་དུ་ཆུད་པ་ཉིད་ཀྱིས་དེའི་ལུས་ཤེས་པར་མི་འགྱུར་རམ། དེ་བས་ན་ཐོག་མ་དེ་རྣམ་པར་བཞག་པ་ནི་དོན་མེདོ།། སློབ་མ་རྣམས་ལ་ཕན་གདགས་པའི་ཕྱིར་དོན་མེད་པ་མ་ཡིནོ།། སློབ་མས་དོན་ཁྱོད་དུ ་ཚུཆུང་ནས་རྒྱས་པར་བརྗོད་ཀྱང་བདེ་བླག་ཏུ་ཁོང་དུ་ཆུད་པར་འགྱུར་ཏེ། དཀྱུས་ཀྱིས་བསྟན་པའི་རྟ་ཐགས་ཐོགས་མེད་པར་རྒྱུགས་པ་བཞིན་ཏེ། གཞན་དུ་མ་ཡི་ནོ་ཞེས་བྱ་བ་དོན་བདུན་པ་འདི་དག་བསྟན་བཅོས་འདི་ལས་འཆདོ་ཞེས་བྱ་བ་ནི། བསྟན་བཅོས་ཀྱི ་ལུས་རྫོགསོ་ཞེས་བྱ་བ་ནི་ཐ་ཚི་གོ།། ཤེས་པར་བྱ་བ་ཡིན་པས་དོན་དེ་ཁོང་དུ་ཆུད་པར་བྱ་བ་ཞེས་བྱ་བའི་ཐ་ཚིགོ།། བདུན་པོ་ཞེས་བྱ་བ་ནི་གྲང་སོ།། འདི་དག་ཅེས་བྱ་བ་ནི་མཚན་ཉིད་ལ་སོགས་པ་སྨོས་པ་གང་ཡིན་པ་རྣམ་སོ།། བསྟན་བཙོས་འདི་ལས་ཞེས་བྱ་བ་ནི། ་དབུས་དང་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བའོ།། འཆད་ཅེས་བྱ་བ་ནི་བསྟན་པ་འམ་གཏན་ལ་འབེབས་པའོ།། འདི་ལྟ་སྟེ་ཞེས་བྱ་བ་ནི་དེའི་དོན་ཁོང་དུ་ཆུད་པར་བྱེད་པའི་ཚིག་གི་ཕྲད།། མཚན་ཉིད་ཅེས་བྱ་བ་ནི། འདིས་མཚོན་པར་བྱེད་པས་མཚན་ཉིད།། དེ ་ཡང་རྣམ་པ་གཉིས་ཏེ། ཀུན་ནོས་ཉོན་མོངས་པའི་མཚན་ཉིད་དང་། རྣམ་པར་བྱུང་བའི་མཚན་ཉིད་།། དེ་ལ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ནི་རྣམ་པ་དགུ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ཡོད་ཅེས་བྱ་བ་ནས་བཟུང་སྟེ། རྣམ་བདུན་ཡོང་དག་མི་རྟོག་ལས་ཞེས ་བྱ་བའི་བར་དུའོ།། ལྷག་མའི་རྣམ་པར་བྱང་བའི་མཚན་ཉིད་དུ་བསྟན་ཏོ།། གལ་ཏེ་འདིས་མཚོན་པར་བྱེད་པས་མཚན་ཉིད་ཅེས་བྱ་ན། དེ་ལྟ་ན་ནི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ཐ་དད་བར་འགྱུརརོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་དངོས་པོ ་རྣམས་རང་བཞིན་ཉིད་མཚན་ཉིད། དཔེར་ན་སའི་ཁམས་ཀྱི་མཚན་ཉིད་ནི་སྲ་བ་སྟེ། སྲ་བ་ཉིད་ལས་སའི་ཁམས་གུད་ན་མེད་པ་ལྟ་བུའོ།། ཡང་ན་དེས་མཚོན་པར་བྱ་བས་མཚན་ཉིད། དེ་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར ་བྱང་བ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདག་ཉིད་ཀྱིས་མཚོན་པར་བྱ་བས་མཚན་ཉིད་འགྱུར་རོ།། ཡང་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་ལོས་མཚན་ཉིད་རྣམ་པ་གཉིས་ཏེ། རང་གི་མཚན་ཉིད་དང་སྤྱིའི ་མཚན་ཉིད།། སྒྲིབ་པ་ཞེས་བྱ་བ་ནི་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་འམ། འདིས་དགེ་བའི་ཆོས་རྣམས་སྒྲིབས་པས་སྒྲིབ་པ་སྟེ། སྐྱེ་བ་ལ་འགྲིགས་བྱེད་པའི་ཕྱིར་སྒྲིབ་པའོ།། དེ་ཡང་ལྔ་བཅུ་རྩ་གསུ་མོ།། དེ་ཁྱེ་ན་ཞེས་བྱ་བ་ནི་འདི་ཉིད་ཡིན ་པས་དེའོ།། དེའི་དངོས་པོ་ནི་དེ་ཁོ་ན་སྟེ། ཕྱིན་ཅི་མ་ལོག་ཅེས་བྱ་བའི་ཐ་ཚིའོ།། དེ་ཡང་རྣམ་པ་བཅུའོ།། མི་མཐུན་པའི་ཕྱོགས་སྤངས་པའི་ཕྱིརརོ། ཕྱོགས་ནི་གཉེན་པོ་སྟེ་དེ་ནི་ལ་མོ།། དེ་གོམས་པར་བྱ་བ་ནི་བསྒོམ་པའོ།། གནས་སྐབས་ནི་དེ་ཉིད་རྒྱུན ་གྱིས་སྐྱེ་བའི་ཁྱད་པའོ།། དེ་ཡང་རྣམ་པོ་བཅུ་དགུ་སྟེ། རིགས་ཀྱི་གནས་ལ་སོགས་པའོ།། འབྲས་བུ་ཐོབ་པ་ནི་འབྲས་བུ་རྙེད་པའོ།། དེ་ཡང་རྣམ་པ་བཅོ་ལྔ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ལ་སོགས་པའོ།། ཐོག་པ་བླ་ན་མེད་པ་ཞེས་བྱ་བ་ནི་འདས ་འགྲོ་བས་ཐེག་པ་སྟེ། དེ་ནི་ཐེག་པ་ཡང་ཡིན་ལ་བླ་ན་མེད་པ་ཡང་ཡིན་པས་ཐེག་པ་བླ་ན་མེད་པའོ།། དེ་ཡང་རྣམ་པ་གསུམ་སྟེ། བསྒྲུབ་པ་བླ་ན་མེད་པ་ལ་སོགས་པའོ།། དོན་བདུན་པ་ཞེས་བྱ་བ་ནི་ངེས་པའི་དོན་དང་གོ་རིམས་ཀྱི་དོན་དུ་མྱོས་པ་སྟེ། ་དོན་འདི་རྣམས་འདིར་བཤད་ཀྱི་དེ་ལས་གཞན་མ་ཡིན།། ཡང་གོ་རིམས་འདོ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་མཐུན་པའི་ཕྱིར་ཏོ།། འདི་ལྟར་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པ་ལ་གནས་པ། ཚུལ་ཁྲིམས་ལ་རབ་ཏུ་གནས་པས།། ་ཐོག་མར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་མཁས་པར་བྱའོ།། དེའི་འོག་ཏུ་དགེ་བའི་ཆོས་རྣམས་ཀྱིས་གང་གིས་སྒྲིབ་པོ་གང་ཡིན་པ་དེ་ཤེས་པར་བྱ་སྟེ། དེ་མ་སྤངས་ན་རྣམ་པར་གློལ་མི་སྲིད་ལ། རྣམ་པར་མི་ཤེས་ན་ཡང་ཉེས་པ ་མ་མཐོང་བས་སྤོང་མི་ནུ་སོ།། དེའི་འོག་ཏུ་སྒྲིབ་པ་དེ་ལས་དམིགས་པ་གང་གིས་སེམས་རྣམ་པར་གྲོལ་བར་འགྱུར་བ་དེ་ནི་དེ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ།། དེའི་འོག་ཏུ་དམིགས་པ་དེས་སྒྲིབ་པ་དེ་སྦྱོར་བ་གང་གིས་ཟད་པར་འགྱུར་བ་དེ ་གཉེན་པོ་བསྒོམ་པར་ཤེས་པར་བྱའོ།། དེའི་འོག་ཏུ་གཉེན་པོ་བསྒོམ་པ་ནི་དེའི་མི་མཐུན་པའི་ཕྱོགས་འབྲི་བ་དང་གཉེན་པོ་འཕེལ་བ་ལ་གནས་སྐབསུ་ཤེས་པར་བྱ་སྟེ། རིགས་ཀྱི་གནས་སྐབས་ལ་སོགས་པའོ།། དེའི་འོག་ཏུ་འཇིག་རྟེན་ལས ་འདས་པའི་ཆོས་མངོན་དུ་གྱུར་པ་ནི་འབྲས་བུ་རྣམས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པར་ཤེས་པར་བྱའོ།། དེ་དག་ཐམས་ཅད་ཀྱང་བླ་མ་དང་བཅསོ་པས་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་ལ་སོགས་པ་དང་ཐུན ་མོང་སྟེ། མདོ་ལས་ཇི་སྐདདུ་རབ་ཏུ་བྱུང་བ་དེ་ཉན་ཐོས་ཀྱི་བསླབ་པ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། ཡང་དག་པར་སྤྱོད་པ་ལོ་ཡང་སླེའོ།། རང་སངས་རྒྱས་ཀྱི་བསླབ་པ་དང་ཆོ་ག་དང་། སྤྱོད་ཡུལ་དང་། ཡང་དག་པར་སྤྱོད་པ་ལ་སློའོ།། བྱང་ཆུབ་སེམས ་དཔའི་བསླབ་པ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། ཡང་དག་པར་སྤྱོད་པ་ལ་ཡང་སློ་བོ་ཞེས་གསུངས་པ་ལྟ་བུའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་བླ་ན་མེང་བ་ཐུན་མོང་མ་ཡིན་པ་སྟེ། དོན་བདུན་པ་བླ་ན་མེད་པའོ།། གཞན ་ན་རེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་ལ་མཁས་པར་བྱ་བ་བསྐྱེད་པའི་ཕྱིར་ཐོག་མར་མཚན་ཉིད་།། དེ་ལ་ཀུན་ནས་ཉོན་མོངས་པ་གང་ཡིན་པ་དེ་ནི་སྒྲིབ་པའོ།། རྣམ་པར་བྱང་བ་གང་ཡིན་པ་དེ་ནི་ཁོ་ནའོ།། དེ་ཁོ་ན་ཉིད་ཁོང ་དུ་ཆུད་པས་སྒྲིབ་པ་སྤོང་བར་འགྱུར་ཏེ། དེའི་ཕྱིར་སྒྲིབ་པ་དང་དེ་ཁོ་ནའོ།། དེ་སྤང་པོའི་ཐབས་བསྟན་པའི་ཕྱིར། དེའི་འོག་ཏུ་གཉེན་པོ་འཁོར་དང་བཅས་པ་ནི་ལ་མོ།། ལམ་དེའི་ཐོག་མ་དང་བར་མ་དང་བློ་མ་ལ་ཆུ་བུ་དང་འབྲིང་དང་ཆེན་པོ་རབ་ཏུ་དབྱེ ་པར་བསྟན་པའི་ཕྱིར་དེའི་གནས་སྐབསོ།། གོ་ནས་སྐབས་དང་མཐུན་པའི་འབྲས་བུ་ཐོབ་པར་བྱེད་པས། དེའི་འོག་ཏུ་འབྲས་བུའོ།། དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པ་དང་ཐུན་མོང་སྟེ། དེ་བས་ན་ཐུན་མོང་མ ་ཡིན་པ་ཐེག་པ་ཚོན་པོའི་ཚུལ་རབ་ཏུ་བསྟན་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ་ཟེའོ།། གཞན་དོག་ན་རེ་ཡོད་པ་དང་མེད་པའི་མཚན་ཉིད་ཤེས་པར་བྱ་བའི་ཕྱིར་ཐོག་མར་མཚན་ཉིད་བཤདོ།། མཚན་ཉིད་ཤེས་ནས་སྒྲིབ་པ་སྤང་བར་བྱ་བ་དང་།། ་དེ་ཁོ་ན་མངོན་སུམ་དུ་བྱ་བས་དེའི་འོག་ཏུ་སྒྲིབ་པ་དང་དེ་ཁོ་ནའོ།། དེ་གཉིས་སྤང་བ་དང་མངོན་དུ་བྱ་བའི་ཐབས་ནི་འདི་ཡིན་ཏེ། གཉེན་པོ་བསྒོམ་པའོ།། དེའི་འབྲིང་དང་མཆོག་ནི་གནས་སྐབས་ཀྱི་ཁྱད་པའོ།། དེས་སྤང་བར་བྱ་བ་ནི་འབྲས་བུའོ།། དེའི ་འོག་ཏུ་ཐེག་པ་བླ་ན་མེད་པའོ་ཞེས་བྱ་བར་རབ་ཏུ་བསྟན་པའི་ཕྱིར་འདི་ནི་གོ་རིམ་སོ།། ཞེས་ཟེ་རོ།། གཞན་ཡང་སེམས་དཔའ་ཡོད་པ་དང་མེད་པའི་ཆོས་ལ་རྨོངས་ནས། སྐུར་པ་འདེབས་པ་དང་སྒྲོ་འདོགས་པ་སྤང་བའི་ཕྱིར་མཚན་ཉིད་བཤདོ།། རྨོངས ་པ་སྤངས་ནས་སྒྲིབ་པ་ལ་མཁས་པར་བྱ་བའི་ཕྱིར་སྒྲིབ་པའོ།། དེས་དེ་ཁོ་ན་སྒྲིབ་པས་དེ་ཁོ་ན་ལ་མཁས་པར་བྱ་བའི་ཕྱིར་དེའི་འོག་ཏུ་དེ་ཁོ་ནའོ།། དེ་ཁོ་ན་རབ་ཏུ་རྟོགས་པ་བསྒོམས་པས་སྒྲིབ་པ་སྤོང་བར་འགྱུར་བས་དེ་ཁོ་ནའི་འོག་ཏུ་གཉེན་པོ་བསྒོམ ་པའོ།། དེའི་དབྱེ་བ་ལ་མཁས་པར་བྱ་བའི་ཕྱིར་གནས་སྐབ་སོ།། གནས་སྐབས་ཀྱི་འབྲས་བུ་རབ་ཏུ་ཕྱེ་བས་དེ་ལ་མཁས་པར་བྱ་བ་བསྐྱེད་པའི་ཕྱིར་གནས་སྐབས་ཀྱི་འོག་ཏུ་འབྲས་བུའོ།། དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་བརྟེན་པས་ཐེག་པ ་བླ་ན་མེད་པོ་ཐ་མར་བཤད་སྙ་མོ།། དེ་ལ་མཚན་ཉིད་ལ་བརྩམས་ནས། ཡང་དག་མ་ཡིན་ཀུན་རྟོག་ཡོད།། དེ་ལ་གཉིས་པོ་ཡོད་མ་ཡིན།། སྟོང་པ་ཉིད་ནི་འདི་ལ་ཡོད།། དེ་ལ་ཡང་ནི་དེ་ཡོདོ་ཞེས་བྱ་བར་གསུངསོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི ་མཚན་ཉིད་དང་། སྒྲིབ་པ་ལ་སོགས་པ་དངོས་པོ་བདུན་སྨོས་པ་དག་གི་ནང་ནས་མཚན་ཉིད་ལ་བརྩམས་ནས་དབང་དུ་མཛད། དེའི་ཕྱིར་ཡང་དག་མ་ཡིན་ཀུན་རྟོགས་ཡོད་ཅེས་བྱ་བ་ལ་སོགས་པོ་གསུང་སོ།། ཇི་ལྟར་བསྟན་པ་དེ་བཞིན་དུ་བཽ་ཤད།། ་ཐོག་མར་མཚན་ཉིད་བསྟན་པས་དེའི་ཕྱིར་ལྷག་མ་རྣམས་པས་དེ་ཉིད་བཤད་པ་སྔར་བརྡ་མོ།། ལ་ལ་ངག་ཆོས་ཐམས་ཅད་རི་བོང་གི་རྭ་ལྟར་རང་བཞིན་ཡི་མདོ་སྙམ་དུ་སེམས་པ་དེའི་ཕྱིར་ཐམས་ཅད་ལ་སྐུར་པ་དགག་པའི་དོན་དུ། ཡང་དག་མ ་ཡིན་ཀུན་རྟོག་ཡོད་ཅེས་བྱ་བ་གསུངས་ཏེ། རང་བཞིན་གྱི་ཞེས་བྱ་བ་ཚིག་གི་ལྷག་མའོ།། དེ་ལྟར་ན་མདོ་ལས་ཆོས་ཐམས་ཅད་སྟོང་པའོ་ཞེས་བཤད་པས། མདོ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ་འདི་ལྟར། དེ་ལ ་གཉིས་པོ་ཡོད་མ་ཡིན། ཡང་དག་མ་ཡིན་པ་ཀུན་རྟོག་པ་གཟུང་བ་དང་འཛིན་པའི་ངོ་བོ་དང་བྲལ་བས་སྟོང་པ་ཞེས་བྱའི་རང་བཞིན་ཡེ་མེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་མདོ་དང་མི་འགལོ།། གལ་ཏེ་དེ་ལྟར་གཉིས་པོ་ནི་རི་འོང་གི་རྭ་ལྟར་ཡེ་མེད་ལ། ་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ནི། དོན་དམ་པར་རང་བཞིན་གྱི་ཡོད་ན། དེ་ལྟ་ན་ནི་སྟོང་པ་ཉིད་མེད་པར་འགྱུར་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ་འདི་ལྟར་སྟོང་པ་ཉིད་ནི་འདི་ལ་ཡོད། ཡང་དག་མ་ཡིན་པ་ཀུན་རྟོག་པ་ལ་གཟུང་བ་དང་འཛིན་པ ་མེད་པ་ཉིད་གང་ཡིན་པ་དེ་སྟོང་པ་ཉིད་ཡིན་པས་སྟོང་པ་ཉིད་མེད་པར་མི་འགྱུརརོ།། གལ་ཏཱི་གཉིས་པོ་མེད་པ་སྟོང་པ་ཉིད་ཡིན་ལ། དེ་ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ཡོད་ན། ཅིའི་ཕྱིར་བདག་ཅག་མ་གྲོལ་ཡོད་ན་ཡང་ཅིའི་ཕྱིར་མ ་རྟོགས་སྙམ་པའི་དོགས་པ་བསལ་བའི་ཕྱིར། དེ་ལ་ཡང་ནི་དེ་ཡོད་ཞེས་བྱ་བ་གསུངས་ཏེ། འདི་ལྟར་སྟོང་པ་ཉིད་ལ་ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་པས་དེའི་ཕྱིར་ཁྱེད་མ་གྲོའོ།། དེ་བསོ་ན་དྲི་མ་དང་བཅས་པས་ཆུའི་ཁམས་དང་པོ་བཞིན ་རྟོག་པར་མི་རུང་།། ཡང་ན་སེམས་དང་སེམས་ལས་བྱུང་བ་རྣམ་སོ།། གཟུགས་དང་རྫས་ཉི་དུ་ཡོད་པར་གང་དག་ལྟ་བ་དེ་དགག་པའི་ཕྱིར། ཡང་དག་མ་ཡིན་ཀུན་ཡོད་ཅེས་གསུངས་ཏེ་དེ་ཉིད་རྫ་སུ་ཡོ་།། གཟུགས་ནི་དེ་ལས་ལེགས་ཤིག་ན་ཡང་མེད ་ལ་རྫ་སུ་ཡང་མེདོ།། ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་གཉིས་པོ་ཡོད་མ་ཡིན།། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་ཅི་ལ་ཡང་འཛིན་པ་མ་ཡིན། སུས་ཀྱང་གཟུང་བར་བྱ་བ་མ་ཡིན་གྱི། གཟུང་བ་དང་འཛིན་པ་དང་བྲལ་བའི་དངོས་པོ་ཙམ་ཉིད།། ་འདི་ལྟར་རྣམ་པར་ཤེས་པ་ལས་ཕྱི་རོལ་ན་གཟུགས་ལ་སོགས་པ་གཟུང་བ་མེད་པར་རྨི་ལམ་ལ་སོགས་པ་བཞིན་དུ། གཟུགས་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་འབྱུང་།། གལ་ཏེ་རྒྱུ་ཡིན་ན་དེ་མེད་པར་དེ་འབྱུང་བར་མི་རུང་།། ། ་དེའི་ཕྱིར་དམིགས་པ་མེད་པ་ཉིད། རྨི་ལམ་ལ་སོགས་པ་བཞི་ནོ།། གཞན་ལ་ཡང་རང་གི་ས་བོན་ཡོངསསུ་སྨིན་པ་ལས་དོན་དུ་སྣང་བའི་རྣམ་པར་ཤེས་པ་འབྱུང་བར་ཤེས་པར་བྱའོ།། གཟུང་བ་མེད་ན་འཛིན་པ་མེད་པར་འགྱུར་བྱས་གཟུང་བ ་མེད་ན་འཛིན་པ་མེད་པར་མི་རུང་སྟེ། དེ་བས་ན་གཟུགས་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་གུང་ནི་ཡོད་པ་མ་ཡིནོ།། གལ་ཏེ་གཟུང་བ་མེད་ན་དེའི་ཕྱིར་རྣམ་པར་དག་པའི་དམིགས་པ་མེད་པས་ཐར་པ་ཡང་མེད་པར་འགྱུརརོ་ཞེ་ན། དེ་ནི་དེ་ལྟ ་མ་ཡིན་ཏེ། འདི་ལྟར་སྟོང་པ་ཉིད་ནི་འདི་ལ་ཡོད། ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐཚིགོ།། སྟོང་པ་ཉིད་ནི་རྣམ་པར་དག་པའི་དམིགས་པ་སྟེ། གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད། དེ་ཡང་ཡང་དག་པར་མ་ཡིན་པ་ཀུན་རྟོག་པ་ལ་ཡོང ་པས་ཐར་པ་མེད་པར་མི་འགྱུར་རོ།། གལ་ཏེ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ཡོད་ནི། དེ་ཡོད་པས་ཅིའི་ཕྱིར་མི་རྟོགས་ཤེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་བསྒྲིབས་པས་ན་མཁའ་དྲི་མ་མེད་པ་བཞིན་དུ་རྟོགས་པར་མི་རུང་གི་མེད ་པ་ནི་མ་ཡི་ནོ།། ཞེས་བསྟན་པའི་ཕྱིར། དེ་ལ་ཡང་ནི་དེ་ཡོ་དོ་ཞེས་བྱ་བ་གསུང་སོ།། ཡང་ན་ཐམས་ཅད་ལ་སྐུར་པ་འདེབས་པ་དགག་པའི་ཕྱིར་ཡང་དག་མ་ཡིན་ཀུན་རྟོག་ཡོད་ཅེས་བྱ་བ་གསུངས་ཏེ། རྣམ་པར་ཤེས་པ་གྱུར་པའི་བདག་ཉིད ་ཡོད་པས། ཐམས་ཅད་མེད་པ་ཡང་མ་ཡིན་བདག་ཉིད་ཡོད་པ་ཡང་མ་ཡིནོ།། གང་དག་སེམས་ལ་གཟུགས་ལ་སོགས་པ་ཇི་ལྟར་སྣང་བ་དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་ལོགས་ཤོག་ན་རང་བཞིན་དུ་ཡོདོ་ཞེས་ཡོད་པ་མ་ཡིན་པ་ལ་སྒོ ་འདོགས་པ་དགག་པའི་དོན་དུ་དེའི་ཕྱིར། དེ་ལ་གཉིས་པོ་ཡོད་མ་ཡིན་ཞེས་བྱ་བ་གསུང་སོ།། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ཡོད་པར་དགོངས་པའོ།། ཁ་ཅིག་གཉིས་པོ་མོ་བཤམ་གྱི་བུ་བཞིན་དུ་དངོས་པོ་མདོ་ཞེས་ཚད་མའི་ངོ་བོར་འཛིན་པ ་དང་། གཞན་དག་ནང་ན་བྱེད་པའི་སྐྱེས་བུ་མེད་པ་ཉིད་ནི། ཆོས་རྣམས་ཀྱི་སྟོང་པ་ཉིད་ཞེས་སྨྲ་བ་དེའི་ཕྱིར། སྟོང་པ་ཉིད་ལ་སྐུར་པ་འདེབས་པ་དགག་པའི་དོན་དང་། བདག་མེད་པ་ཡང་དག་པར་བསྟན་པའི་ཕྱིར། སྟོང་པ་ཉིད་ནི་འདི་ལ་ཡོད་ཅེས་བྱ་བ་གསུངསོ།། ་གལ་ཏེ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་སྟོང་པ་ཉིད་ཡོད་ན་དེ་ལྟ་ན་ནི། བསྒྲིམ་མི་དགོས་པར་སྲོག་ཆགས་ཐམས་ཅད་ཐར་བར་འགྱུརརོ་ཞེ་ན། དེ་ལྟ་མ་ཡིན་ཏེ་འདི་ལྟར། དེ་ལ་ཡང་ནི་དེ་ཡོད།། སྟོང་པ་ཉིད་ཀྱང་རྣམ་པར་མ་སྦྱངས་ཀྱི་བར་དུ་ཐར ་པ་མེད་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་པར་གྱུར་པ་ནི། འབད་པ་ཆེན་པོས་རྣམ་པར་སྦྱང་དགོས་པས་འབད་པ་མ་བྱས་པར་ཐར་པ་མེདོ།། ཡང་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་གི་མཚན་ཉིད་བརྗོད་པ་ལས་གཞན་མེད་པས་དེའི ་ཕྱིར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་རྟག་པའི་དོན་དུ་ཡང་དག་མ་ཡིན་ཀུན་རྟོག་ཡོད་ཅེས་རྒྱ་ཆེར་གསུང་སོ།། འཁྲུལ་པའི་མཚན་ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རང་བཞིན་ནི་ཀུན་ནས་ཉོན་མོངས་པའོ། ་འདི་འཁྲུལ་པའི་མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། འདི་ལྟར་དེ་ལ་གཉིས་པོ་ཡོད་མ་ཡིན་བདག་ཉིད་མེད་པར་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བས་འཁྲུལ་པའི་ངོ་བོ་ཉི་དུ་མངོན།། ད་ནི་རྣམ་པར་བྱང་བའི་རང་གི་ངོ་བོ་བརྟག་པའི་ཕྱིར། སྟོང ་པ་ཉིད་ནི་འདི་ལ་ཡོད་ཅེས་བྱ་བ་གསུང་སོ།། གཉིས་པོ་མེད་པའི་རང་བཞིན་ཡིན་པའི་ཕྱིར། སྟོང་པ་ཉིད་ཀྱི་རང་བཞིན་ནི་རྣམ་པར་བྱང་བའོ།། སྟོང་པ་ཉིད་ཀྱིས་རབ་ཏུ་ཕྱེ་བས་ལཱམ་དང་འགོག་པ་དག་ཀྱང་འདིར་བསྡུ་བར་རིག་པར་བྱའོ།། ཀུན་ནས ་ཉོན་མོངས་པའི་ཕྱོགས་ཉིད་ལས་རྣམ་པར་བྱང་བའི་ཕྱོགས་བཙལ་བར་བྱའི་རང་གི་རྒྱུད་གུད་ན་མེད་པར་རབ་ཏུ་བསྟན་པའི་ཕྱིར་འདི་ལ་ཞེས་བྱ་བ་གསུང་སོ།། གལ་ཏེ་གཉིས་པོ་མེད་ན་ཅིའི་ཕྱིར་དེ་ཡོད་པར་འཇིག་རྟེན་འཁྲུལ་པར་གྱུར་ཅེས ་དྲིས་པ་དང་། དེའི་ཕྱིར་དེ་ལ་ཡང་ནི་དེ་ཡོད་ཞེས་བྱ་བ་གསུངས་ཏེ། གཟུང་དང་འཛིན་པའི་རྣམ་པར་རྟོག་པའོ།། སྒྱུ་མ་ནི་གླང་པོ་ཆེ་ལ་སོགས་པས་སྟོང་ཡང་། གླང་པོ་ཆེ་ལ་སོགས་པར་སྣང་བ་ལྟ་བུའོ།། ཡང་དག་པ་མ་ཡིན་པ་གཉིས་པོ་དེ་ལའམ། ་དེས་ཡང་དག་པ་མ་ཡིན་པ་གཉིས་པོར་ཡོང་སུ་རྟོག་པས་ཡང་དག་མ་ཡིན་ཀུན་རྟོག་པའོ།། ཡང་དག་པ་མ་ཡིན་པའི་ཚིག་གིས་ནི། ཇི་ལྟར་འདི་ལ་གཟུང་བ་དང་འཛིན་པར་ཀུན་རྟོག་པ་དེ་བཞིན་དུ་མེད་པར་སྟོན་ཏོ།། ཀུན་རྟོག་པའི་ཚིག་གིས ་ནི་དོན་ཇི་ལྟ་བུར་ཀུན་རྟོག་པ་དོན་དེ་ལྟ་བུར་ཡོད་པ་མ་ཡིན་ཞེས་སྟོན་ཏེ། དེ་ལྟར་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བ་དེའི་མཚན་ཉིད་བཤད་པ་ཡི་ནོ།། དེ་ཡང་གང་ཡིན་ཞེ་ན་སེམས་དང་སེམས་ལས་བྱུང་བ་འདས་པ་དང་མ ་འོངས་པ་དང་། ད་ལྟར་གྱི་དང་རྒྱུ་དང་འབྲས་བུར་གྱུར་པ་དང་། ཁམས་གསུམ་པ་དང་། ཐོག་མ་མེད་པའི་དུས་ཅན་དང་མྱ་ངན་ལས་འདས་པའི་མཐར་ཐུག་པ་དང་། འཁོར་བའི་རྗེ་སུ་མཐུན་པ་དག་ནི། ཁྱད་པར་མེད་པར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའོ།། ། ་ཁྱད་པར་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའོ།། དེ་ལ་གཟུང་བར་རྣམ་པར་རྟོག་པ་ནི། དོན་དང་སེམས་ཅན་དུ་སྣང་བའི་རྣམ་པར་ཤེས་པའོ།། འཛིན་པར་རྣམ་པར་རྟོག་པ་ནི་བདག་དང་རྣམ་པར་རིག་པར་སྣང་བའོ།། གཉིས་པོ་ནི་གཟུང་བ་དང་འཛིན ་པོའོ་ཞེས་བྱ་བ་དེ་ལ་གཟུང་བ་ནི་གཟུགས་ལ་སོགས་པའོ།། འཛིན་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ།། གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བ་ཉིད། དབེན་པ་ཉིད་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་སྟོང་པ་ཉིད་ཡིན་གྱི། ཡང ་དག་པ་མ་ཡིན་པ་ཀུན་རྟོག་པ་ཡང་མེད་པ་ནི་མ་ཡིན་ཏེ། དཔེར་ན་ཐག་པ་ནི་སྦྲུལ་གྱི་དངོས་པོས་སྟོང་སྟེ། དེའི་རང་བཞིན་མ་ཡིན་པས་དུས་ཐམས་ཅད་སྟོང་པ་ཉིད་ཡིན་གྱི། ཐག་པའི་དངོས་པོ་ནི་མ་ཡིན་ཏེ། འདིར་ཡང་དེ་བཞི་ནོ།། དེ་ལ་ཡང་ནི་དེ་ཡོང ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྟེ། དེ་ལྟར་གློ་བུར་གྱི་སྒྲིབ་པས་ཉོན་མོངས་པའི་ཕྱིར། དེ་ཆུའི་ཁམས་ལ་སོགས་པ་བཞིན་དུ་རྟོགས་པར་མི་རུངོ་ཞེས་བསྟན་པ་ཡིནོ།། དེ་ལྟར་གང་ན་གང་མེད་པ་དེ་ནི། དེས་སྟོང་པར་ཡང་དག་པར ་རྗེསུ་མཐོང་ངོ་ཞེས་བྱ་བ་ལ། ཅི་ཞིག་གང་ན་མེད་ཅེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་པོ་སྟེ། དེའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་ཀྱིས་སྟོང་པར་མཐོང་།། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་ཡོད་འདི་ལས ་ལྷག་མ་གང་ཡིན་ཞེ་ན། ཡང་དག་མ་ཡིན་པ་ཀུན་རྟོག་པ་དང་སྟོང་པ་ཉིད།། དེ་གཉི་ག་ཡང་འདིར་ཡོད་པར་སྐུར་བ་དང་། སྒྲོ་བཏགས་པ་མེད་པར་མཐོང་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། དེ་ལ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ ་ལ་གཉིས་པོ་མེད་པར་མཐོང་བའི་ཕྱིར་སྒོ་མི་འདོག་སོ།། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང་སྟོང་པ་ཉིད་ཡོད་པར་མཐོང་བའི་ཕྱིར་ཏེ། སྐུར་པ་མི་འདེབས་ཏེ་སྟོང་པ་གང་ཡིན་པ་ཡོད་པ་དང་གང་གིས་སྟོང་པ་དེ་དེ་ལ་མེད་པའི་ཕྱིར། སྟོང་པ་ཉིད་ཀྱི ་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིནོ།། ཐམས་ཅད་མེད་པ་འམ་ཐམས་ཅད་ཡོད་པ་ནི་སྟོང་པ་ཉིད་ཀྱང་མཚན་ཉིད་ཕྱིན་ཅི་ལོག་ཡིན་ཏེ། སྟོང་པ་ཉིད་མེད་པར་འགྱུར་རོ།། སྟོང་པ་ཞེས་བྱ་བ་མེད་ན་སྟོང་པ་ཉི་དུ་མི་རུང་སྟེ། ཆོས་ཉིད་ནི་དངོས་པོ ་ལ་རག་ལུས་པའི་ཕྱིར་མི་རྟག་པ་ཉིད་ལ་སོགས་པ་བཞི་ནོ།། གཉིས་པོ་ཡོད་ཞེ་ན། སྟོང་པ་ཉིད་མེད་པར་འགྱུརརོ།། གལ་ཏེ་གཉིས་པོ་ནི་རི་བོང་གི་རྭ་དང་འདྲ་ན་ཡང་ཇི་ལྟར་དེས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྟོང་སྟེ། དཔེར་ན་དགེ་སློང་རྣམས ་ཀྱིས་གཙུག་ལག་ཁང་བཞིན་དུ་གཞན་གྱིས་གཞན་སྟོང་པར་མཐོང་ཞེ་ན། དཔེར་ན་ཐེག་པ་ལ་འམ། སྒྱུ་མ་བདག་ཉིད་ཀྱིས་མེད་པར་སྦྲུལ་གྱི་རྣམ་པ་དང་སྐྱེས་བུ་ལ་སོགས་པ་ལྟ་བུར་སྣང་བ་དེ་ལ་ཁ་ཅིག་འཛིན་པ་བཟློག་པའི་ཕྱིར། སྦྲུལ་དང་སྐྱེས ་བུ་ལ་སོགས་པས་སྟོངངོ་ཞེས་བརྗོད་པ་དེ་བཞིན་དུ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ཡང་བདག་ཉིད་ཀྱིས་མེད་པར་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་དེ་ལ་བྱིས་པ་རྣམས་འཛིན་ཅིང་མངོན་པར་ཞེན་པ་དོར་བར་བྱ་བའི ་ཕྱིར་གཉིས་ཀྱིས་སྟོང་ཞེས་བཤད།། སྟོང་པ་མ་ཡིན་མི་སྟོང་མིན་ཞེས་བྱ་བའི་ཚིག་སུ་བཅད་པ་འདི་ཅིའི་ཕྱིར་བརྩམས་ཤེ་ན། འདུས་བྱས་དང་འདུས་མ་བྱས་ཐམས་ཅད་གཉིས་དང་བྲལ་བ་ཉི་དུ་ཤེས་པར་བྱ་བའི་ཕྱིརརོ།། དེ་ལྟར་མཐའ་གཅིག ་བཀག་པས་འདི་ཐམས་ཅད་སྟོང་པ་ཡང་མི་སྟོང་པ་ཡང་མ་ཡིནོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་ནས་བཤད་པའི་དགོངས་པ་བསྟན་པ་ཡི་ནོ།། གཞན་དུ་ན་ལྟག་འོག་འགལ་བར་འགྱུར་རོ།། གཞན་ཡང་དབུ་མོའི་ལམ་རབ་ཏུ་བསྟན་པའི ་ཕྱིར་ཏེ། གཞན་དུ་ན་ནི་གཅིག་ཏུ་སྟོང་པ་ཁོ་ན་འམ། མི་སྟོང་པའི་མཐར་འགྱུརརོ།། ཡང་ན་སྐུར་པ་འདོབས་པ་དང་སྒྲོ་འདོགས་པ་དགག་པས་བཤད་མ་ཐག་པས་འཇུག་བསྡུ་བའི་དོན་དུ་དེ་བརྩམ་སོ།། རྒྱུ་དང་རྐྱེན་དང་འབྲེལ་པ་ལས་སྐྱེས་པའི་ཕྱིར། ཡང ་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་འདུས་བྱས་ཏེ། དེ་ལ་མི་བལྟོས་པའི་ཕྱིར་སྟོང་པ་ཉིད་ནི་འདུས་མ་བྱའོ།། བཤད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ནང་ནས་འབྱུང་བའོ།། ཡོད་པས་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག ་པ་སྟེ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་བདག་ཉིད་ཀྱིས་འདུས་བྱས་སྟོང་པ་མ་ཡིན།། མེད་པས་ཞེས་བྱ་བ་ནི་གཉིས་པོ་སྟེ། གཟུང་བ་དང་འཛིན་པའི་བདག་ཉིད་ཀྱིས་སྟོང་པའོ།། སྟོང་པ་ཉིད་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་དེའི་ཆོས ་ཉི་དུ་ཡོད། སྟོང་པ་ཉིད་ལ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཆོས་ཅན་གྱི་ངོ་བོར་ཡོད།། དེ་ལྟར་འདུས་མ་བྱས་ཀྱང་ཆོས་ཉིད་ཀྱི་ངོ་བོས་སྟོང་པ་མ་ཡིན་ཏེ།། དངོས་པོ་མེད་ཅེས་བྱ་བ་གཉིས་ཀྱིས་ངོ་བོས་སྟོང་པའོ།། དེ་ནི་དབུ་མའི་ལམ་ཡིནོ་ཞེས་བྱ་བ་ནི ་དཀོན་མཆོག་བརྩེགས་པ་ལ་སོགས་པའི་ནང་ནས། འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིགོ།། མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་ཏེ། འོད་སྲུངས་མཐའ་གཉིས་པོ་འདི་དག་གི་དབུས་གང་ཡིན་པ་འདི་ནི་ཆོས་རྣམས་ལ་ཡང་དག་པར་སོ ་སོར་རྟོག་པའོ།། ཞེས་འབྱུང་བ་གང་ཡིན་པ་སྟེ། དེ་ལྟར་དབུ་མའི་ལམ་དེ་དང་མཐུན་པར་བྱས་པ་ཡི་ནོ།། ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱསོ།། གཅིག་ཏུ་སྟོང་པ་ཡང་མ་ཡིན་ཞེས་བྱ་བ་ནི། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང་། དེ ་ལ་སྟོང་པ་ཉིད་ཀྱང་ཡོད་པའི་ཕྱིརརོ།། གཅིག་ཏུ་མི་སྟོང་པ་ཡང་མ་ཡིན་པ་ནི་གཉིས་པོ་མེད་པའི་ཕྱིརརོ།། ཐམས་ཅད་ཡོད་པ་འམ་ཐམས་ཅད་མེད་པ་ནི་མཐའ་ཉི་དུ་འགྱུར་གྱི། དབུ་མའི་ལམ་མ་ཡིནོ།། དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ཡོད་པའི ་མཚན་ཉིད་དང་། མེད་པའི་མཚན་ཉིད་བརྗོད་ནས་ཞེས་བྱ་བ་འདི། ཡོད་པར་ཉེ་བར་མཚོན་པས་ཡོད་པ་ཉིད། ཡོད་པའི་མཚན་ཉིད། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་ཅེས་བྱ་བ་དེས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་པར་སྟོན་ཅེས་བྱ་བའི ་ཐ་ཚིགོ།། དེ་བཞིན་དུ་མེད་པར་ཉེ་བར་མཚོན་པས་མེད་པ་ཉིད་མེད་པའི་མཚན་ཉིད། དེ་ཡང་གཟུང་བ་དང་འཛིན་པའི་དངོས་པོ་མེད་པ་སྟེ། འདི་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་པོ་མེད་པས་དེའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ ་ཡང་གཉིས་ཀྱི་བདག་ཉིད་ཀྱིས་ཡོད་པ་མ་ཡིནོ་ཞེས་བསྟན། པ་ཡིནོ།། རང་གི་མཚན་ཉིད་བརྗོད་ཞེས་བྱ་བ་ལ་ཡོད་པའི་མཚན་ཉིད་དང་། རང་གི་མཚན་ཉིད་གཉིས་ཁྱད་པར་ཅི་ཡོད་ཅེ་ན། ཡོད་པའི ་མཚན་ཉིད་ནི་སྤྱིའིའོ།། རང་གི་མཚན་ཉིད་ནི་བྱེ་བྲག་ཡི་ན།། གལ་ཏེ་རང་གི་མཚན་ཉིད་མ་བཤད་ན་ཅི་ཞིག་ཏུ་འགྱུར་ཞེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ལུས་མ་བཤད་པར་འགྱུར་ཏེ། དེ་བས་ན་དེའི་ལུས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དོན ་དང་སེམས་ཅན་དག་རྣམ་རིག། སྣང་བའི་རྣམ་པར་ཤེས་པ་ནི།། རབ་ཏུ་སྐྱེའོ་དེའི་དོན་མེད།། དེ་མེད་པས་ན་དེ་ཡང་མེད་ཅེས་བྱ་བ་གསུང་སོ།། ཡང་ན་གཟུང་བ་དང་འཛིན་པ་མེད་པའི་ཡང་དགེ་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ཉིད་ཞེས་བསྟན་པ་ཡང ་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་དེ་ལ། དབང་པོ་དང་ཡུལ་དང་། རྣམ་པར་ཤེས་པ་ཇི་ལྟར་རྣམ་པར་བཞུག་པ་མི་ཤེས་པས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་སྣང་བ་ཐ་དད་པ་དེ་ལ་རྣམ་པར་བཞགོ་ཞེས་ཤེས་པར་བྱ་བའི་ཕྱིར། ཡང ་དག་པ་མ་ཡིན་པ་ཀུན་རྟོག་པའི་རང་གི་མཚན་ཉིད་བཤད། དོན་དང་སེམས་ཅན་བདག་རྣམ་རིག། སྣང་བའི་ཞེས་རྒྱ་ཆེར་འབྱུང་བའོ།། ཡང་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་ཅེས་བྱ་བ་དེས་དེ་ཡོད་པ་ཙམ་དུ་ཤེས་པར་བྱེད་ཀྱི། དེའི་རང ་བཞིན་ནི་མ་ཡིན་པ་དང་གཉིས་པོ་མེད་པར་ཡང་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའི་རྒྱུ་གང་ཡིན་པ་རྣམ་པ་མི་ཤེས་པ་དང་། གང་གི་ཕྱིར་གཉིས་པོ་མེད་པར་ཡིད་ཆེས་པར་བྱ་བ་དེ་ཡང་མ་བཤད་པས་དེ་བསྟན་པའི་ཕྱིར། དོན ་དང་སེམས་ཅན་བདག་རྣམ་རིག། སྣང་བའི་ཞེས་རྒྱ་ཆེར་གསུང་སོ།། དེ་ལ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་རྣམ་པར་ཤེས་པའི་རང་བཞི་ནོ།། རྣམ་པར་ཤེས་པ་དེ་ཡང་འདྲིར་མཚུངས་པར་ལྡན་པ་དང་བཅས་པར་དགོངས་ཏེ། གཙོ་བོར་ནི་རྣམ ་པར་ཤེས་པ་གཟུང་།། གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་དེ་ཉིད་ཀྱི་རྒྱུ་ནི་དོན་དང་སེམས་ཅན་ལ་སོགས་པར་སྣང་བའོ།། དེའི་དོན་མེད་མེད་པས་ན་དེ་ཡང་མེད། ཅེས་བྱ་བ་ནི་གཉིས་པོ་མེད་པའི་རྒྱུའོ།། དེ་ལ་དོན་དང་སེམས་ཅན་དུ ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྟེ། དེ་ཡང་རྣམ་པར་སྨིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཉིད།། བདག་ཏུ་སྣང་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་མཚུངས་པར་ལྡན་པ་དང་བཅས་པའོ།། དེ་ཡང་བསྒྲིབས་ལ ་ལུང་དུ་མ་བསྟན་པ་སྟེ། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་བསྟན་པའོ།། རྣམ་པར་རིག་པར་སྣང་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་པ་མཚུངས་པར་ལྡན་པ་དང་བཅས་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་བསྟན ་པའོ།། དོན་དང་སེམས་ཅན་དང་བདག་དང་རྣམ་པར་རིག་པ་སྣང་བ་རྣམ་པར་ཤེས་པ་བརྒྱད་པོ་མཚུངས་པར་ལྡན་པ་དང་བཅས་པ་དེ་དག་ནི་ཀུན་འབྱུང་བའི་བདེན་པར་བསྡུས་པ། ལྷན་ཅིག་བྱེད་པའི་རྐྱེན་ལ་བལྟོས་པའི་ཀུན་གཞི་རྣམ་པར ་ཤེས་པ་ལས་ཇི་ལྟར་མཐུན་མཐུན་དུ་འགྲོ་བ་ལྔ་རྣམསུ་རབ་ཏུ་འབྱུང་།། ཀུན་གཞི་རྣམ་པར་ཤེས་པ་ལ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་ཀྱི་བག་ཆགས་འགྱུར་བའི་ཁྱད་པར་འགའ་ཞིག་ཡོད། དེའི་དབང་གི་ཕན་ཚུན་ཐ ་དད་པར་སྣང་བའི་རྣམ་པར་ཤེས་པ་རབ་ཏུ་སྐྱེའོ།། དོན་ལ་སོགས་པ་མེད་པ་དེར་སྣང་བའི་རྣམ་པར་ཤེས་པ་ཇི་ལྟར་སྐྱེ་སྟེ། མི་མེད་ན་སྡོང་པོ་མི་སྣང་བར་མི་འགྱུར་བ་ལྟ་བུའོ་ཞེ་ན། དེ་ནི་ཉེས་པ་མ་ཡིན་ཏེ། དོན་ལ་སོགས་པར ་སྣང་བའི་རྣམ་པར་ཤེས་པ་ལ་བྱས་པ་རྣམས་རྣམ་པར་ཤེས་པ་ལས་དོན་གུད་ན་ཡོད་པར་མངོན་པར་ཞེན་ཏེ། རབ་རིབ་ཅན་ལ་སྐྲ་ཤོད་འཛིངས་པ་ལ་སོགས་པ་བཞི་ནོ།། དེའི་ཕྱིར་དེ་ལ་མངོན་པར་ཞེན་པ་སྤངས་པའི་ཕྱིར། རྣམ་པར་ཤེས ་པ་འདི་ཉིད་དོན་ལ་སོགས་པར་སྣང་བར་འབྱུང་སྟེ། རབ་རིབ་ཅན་ལ་སྐྲ་ཤད་འཛིངས་པ་ལ་སོགས་པ་སྣང་བ་དེ་བཞིན་དུ་མེད་པར་ཡང་དོན་དང་། སེམས་ཅན་ལ་སོགས་པར་སྣ་ངོ་ཞེས་བརྗོད།། དེ་ལྟར་ན་རྣམ་པར་ཤེས་པ་བརྒྱད་ཀྱི་དངོས་པོ ་ཅན། གཞན་གྱི་དབང་ནི་ཡང་དག་པར་མ་ཡིན་པ་ཀུན་རྟོག་པར་བཤད་པ་ཡིནོ།། གཟུགས་ལ་སོགས་པའི་དངོས་པོར་ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་དང་། ཆོས་ཀྱི་ངོ་བོར་ནི། སྣང་བ་ནི་དེའི་རྣམ་པར་འབྱུང་བའི་ཕྱིརརོ།། ་སེམས་ཅན་དུ་སྣང་བའི་དབང་པོ་ལྔར་བདག་དང་གཞན་གྱི་རྒྱུད་ལ་གང་ཡིན་པའོ་ཞེས་བྱ་བ་ནི། སྣང་བ་ཞེས་བྱ་བ་དང་སྦྱརརོ།། དབང་པོ་ལྔ་ལ་སེམས་ཅན་ཞེས་བྱ་བར་ལྷག་པར་ཆགས་པའི་གནསུ་གྱུར་པ་སྟེ། དེ་དག་གིས་སམ། དེ་དག་ལ ་ཆགས་པས་སེམས་ཅན་ཏེ། དེའི་རྣམ་པར་འབྱུང་བའི་ཕྱིར། དེ་སྣང་བའི་རྣམ་པར་ཤེས་པ་ཞེས་བྱའོ།། བདག་དུ་སྣང་བའི་བདག་ཏུ་རྨོངས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར། ཉོན་མོངས་པ་ཅན་གྱི་ཡོད་ཞེས་བྱ་བ་ལ་ཉོན་མོངས ་པ་ཅན་གྱི་ཡིད་ནི་བདག་ཏུ་རྨོངས་པ་དང་བདག་ཏུ་ལྟ་བ་དང་བདག་ལ་ཆགས་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་རྟག་ཏུ་མཚུངས་པར་ལྡན་པའོ།། དེ་དག་ཀྱང་བདག་ཏུ་དམིགས་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ནི་བདག་ཏུ་སྣང་བར་རིག་གོ།། ། ་རྣམ་པར་རིག་པ་སྣང་བ་ནི་རྣམ་པར་ཤེ་བ་དྲུག་རྣམསོ་ཞེས་བྱ་བ་ནི་ཡུལ་འཛིན་པའི་ངོ་བོར་སྣང་བས་དེའི་རྣམ་པར་འབྱུང་བའི་ཕྱིར་རྣམ་པར་རིག་པ་སྣ་ངོ་།། དེའི་དོན་མེད་ཅེས་བྱ་བ་ནི་རྣམ་པ་བཞི་ཆར་གྱིའོ།། དོན་དང་སེམས་ཅན་དུ་སྣང་བ་རྣམ་པ་མེད ་པ་དང་། བདག་དང་རྣམ་པར་རིག་པ་སྣང་བ་ནི་ལོག་པར་སྣང་བའི་ཕྱིར་ཞེས་བྱ་བ་ནི་དོན་དང་སེམས་ཅན་དུ་སྣང་བའི་གཉིས་གཟུང་བའི་ངོ་བོར་སྣང་བས། ལོག་པར་སྣང་བ་མི་སྲིད་པའི་ཕྱིར། རྣམ་པ་མེད་པ་ཉིད་ནི་དོན་མེད་པའི་རྒྱུའོ།། གཞན་དག ་ནི་འཛིན་པའི་ངོ་བོར་སྣང་བས་རྣམ་པ་མེད་པ་མ་ཡིན་ཏེ། ལོག་པར་སྣང་བ་ཉིད་ནི་དོན་མེད་པའི་རྒྱུའོ་ཞེས་བཤད།། རྣམ་པ་ནི་དམིགས་པ་ལ་མི་རྟག་པ་ལ་སོགས་པའི་ངོ་བོར་འཛིན་པའི་རྣམ་པ་ཡིན་ན། དེ་ཡང་དེ་དག་ལ་མེད། གྲོཟུང་བའི་ངོ་བོར ་སྣང་བས་དེའི་ཕྱིར་རྣམ་པ་མེད་པ་ནི་འཛིན་པ་མ་ཡིན་ཞེས་བྱ་བའི་ཐ་ཚི་གོ།། ཡང་ན་དམིགས་པ་ཡང་དག་པར་ཚོར་བ་ལྔ་རྣམ་པ་ཞེས་བྱ་སྟེ། དེ་ཡང་དེ་དག་ལ་མེད་པས་དམིགས་པ་མེད་པའི་ཕྱིར་རྣམ་པ་མེདོ།། གལ་ཏེ་གཉིས་ཀ་ཡང་རྣམ་པ ་མེད་པ་དང་། ཕན་ཚུན་ཐ་དད་པའི་ངོ་བོ་ཡིན་ཏེ། གཟུགས་ལ་སོགས་པ་དང་མིག་ལ་སོགས་པ་བཞི་ནོ།། དེ་ལྟ་ཡིན་ན་ནི་འཇིག་རྟེན་དང་བསྟོན་བཅོས་ལས་གྲགས་པའི་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པ་ལས་རྣམ་པར་ཤེས་པ་རང ་བཞིན་བྱེ་བྲག་ཏུ་གྱུར་པ་ཅི་ཡོད་ན། འདི་ལྟར་དེ་དག་ནི་བསལ་ལ། དེ་དག་དང་ཐ་དད་པ་མེད་པའི་ངོ་བོ་རྣམ་པར་ཤེས་པ་ནི་ཡོངསུ་གཟུང་ཞེ་ན། དེ་ལས་ལྷག་པའི་དོན་མི་སྲིད་པའི་ཕྱིར།། དེ་ནི་འདི་ལྟར་རྣམ་པར་བཞག་སྟེ། ་འདི་ལྟར་ཐ་དད་པའི་དོན་གྱི་ངོ་བོ་མེད་ཀྱང་སེམས་ཀྱི་རྒྱུད་སོ་སོར་ངེས་པས། རྣམ་པར་ཤེས་པ་ཉིད་སོ་སོས་ཟིན་པ་ཐ་དད་པའི་དོན་ལ་སོགས་པར་སྣང་བར་རང་གི་ས་བོན་ལས་རབ་ཏུ་འབྱུང་སྟེ། འདི་ལྟར་ཡི་དགས་ཀྱི་ཆུ་རྣག་དང་ཕྱིས་ས་དང་། ་གཅིན་ལ་སོགས་པས་གང་བ་དང་། སྐྱེས་བུ་ལག་ན་དབྱིག་པ་ཐོགས་པ་རྣམས་ཀྱིས་ངོགས་གཉིས་བསྲུང་བར་མཐོང་ལ། མི་ལ་སོགས་པས་ནི་ཆུ་དང་བ་དང་བསིལ་བ་དང་བཀྲུར་རུང་བ་དང་བཏུང་དུ་རུང་བ་དང་འཇུག་ཏུ་རུང་བས་གང་ཞིང་བགེགས ་བྱེད་པ་མེད་པར་ཤེསོ།། རྣལ་འབྱོར་པོ་མི་སྡུག་པ་ཡོད་ལ་བྱེད་པ་ལ་སོགས་པ་གོམས་པས་ནི། རྒྱུན་མི་འཆད་པར་ས་ལ་ཀེང་རུས་ཀྱིས་གང་བར་མཐོང་།། དེ་བཞིན་དུ་ས་ལ་སོགས་པ་ཟད་པར་ལ་ཐམས་ཅད་ས་ལ་སོགས་པས་ཁྱབ་པར ་མཐོ་།། དོན་ལ་རག་ལས་ཏེ་བདག་ཉིད་ཐོབ་པ་ནི་དོན་མེད་པར་རམ། དོན་གྱི་རང་གི་ངོ་བོ་ཐ་དད་པའི་རྣམ་པའི་རྣམ་པར་ཤེས་པ་འབྱུང་བར་མི་རིགས་སོ།། དེ་བས་ན་དོན་མེད་པར་ཡང་དོན་དང་སེམས་ཅན་ལ་སོགས་པ་ཐམས་ཅད་སྣང་བའི་རྣམ ་པར་ཤེས་པ་ཉིད་རབ་ཏུ་འབྱུང་ཞེས་བྱ་བར་ངེ་སོ།། གཟུང་བ་མེད་པར་བདག་དང་རྣམ་པར་རིག་པར་སྣང་བ་གཉིས་འཛིན་པའི་རྣམ་པར་སྣང་བས་ལོག་པར་སྣང་བ་ཉིད།། ཡང་ན་ཇི་ལྟར་རྣམ་པར་ཤེས་པས་དོན་ཡོངསུ་བརྟགས་པ་དེ་བཞིན་དུ ་དོན་མེ་དེ་སྟག་ལ་སོགས་པ་ཐོབ་པ་ལྟར། ལོག་པར་དམིགས་པའི་ཕྱིར། ལོག་པར་སྣང་བ་ཉིད།། འདི་ལྟར་རྣམ་པར་རིག་པ་ཡང་རྣམ་པར་རིག་པ་གཞན་གྱིས་ཀུན་བརྟགས་པའི་བདག་ཉིད་ཀྱིས་སྟེ་ངོ་ཞེས་གྲུབ་པའི་མཐའ་ལས་འབྱུང་།། དེའི ་ཕྱིར་དོན་དང་སེམས་ཅན་དུ་སྣང་བ་བཞིན་དུ། བདག་དང་རྣམ་པར་རིག་པར་སྣང་བའི་དོན་ཡང་མེདོ།། དོན་མེད་པས་རྣམ་པར་ཤེས་པ་དེ་ཡང་མེདོ།། རྣམ་པར་རིག་པས་ན་རྣམ་པར་ཤེས་པ་སྟེ། དེ་ཡང་གཟུང་བ་མེད་ན་རྣམ་པར་ཤེས་པ་པོར་མི ་རིགས་ཏེ། དེ་ལྟ་བས་ན་དོན་མེད་པའི་ཕྱིར་རྣམ་པར་ཤེས་པ་པོ་ཁོ་ནར་རྣམ་པར་ཤེས་པ་མེད་ཀྱི་དོན་དང་སེམས་ཅན་དང་བདག་དང་རྣམ་པར་རིག་པར་སྣང་བས་ན་མེད་པ་མ་ཡིནོ།། དེ་མེད་དུ་ཟིན་ན་དེ་གཏོགས་པར་རྣམ་པར་ཤེས་པའི་རང ་བཞིན་མ་བསྟན་པའི་ཕྱིར་ཡེ་མེད་པར་ཐལ་བར་འགྱུར་རོ།། དེ་དང་ཐ་ད་པའི་རང་བཞིན་ཡིན་ན་ནི་དེ་ཇི་ལྟར་རྣམ་པར་ཤེས་པར་རུང་། ཇི་ལྟར་ཕན་ཚུན་ཐ་དད་པར་འགྱུར། དེ་ལྟར་གཟུང་བ་དང་འཛིན་པ་ནི་མེད་ལ་དེ་སྣང་བའི་རྣམ་པར་ཤེས་པ་ནི། ་ཡོད་པས། ཡང་དག་པོ་མ་ཡིན་པ་ཀུན་རྟོག་པ་ནི་ཡོད། གཉིས་པོ་ནི་དེ་ན་ཡོད་པ་མ་ཡིན་པར་སྔར་དམ་བཅས་པ་དེ་གྲུ་བོ་ཞེས་རབ་ཏུ་བསྟན་པའི་ཕྱིར། ཡང་དག་མ་ཡིན་ཀུན་རྟོག་པ།། དེ་ནི་དེ་ཕྱིར་གྲུབ་པ་ཡིན་ཞེས་བྱ་བ་གསུང་སོ།། རྣམ ་པར་ཤེས་པ་བཞི་པོ་དེ་ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་གྲུབ་པ་ཡིན།། དེ་ཕྱིར་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྒྱུ་དེའི་ཕྱིར་ཏེ། དོན་མེད་པས་ན་དེ་ཡང་མེད་ཅེས་བྱའོ།། ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་པར་བསྒྲུབ ་པ་དང་། གཉིས་པོ་མེད་པར་རབ་ཏུ་བསྒྲུབ་པའི་ཕྱིར། དེ་བཞིན་མ་ཡིན་ཡེ་མེད་མིན་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཡང་ན་དེའི་ཕྱིར་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཕྱིརརོ།། དེ་ཉིད་རབ་ཏུ་བསྟན་པའི་ཕྱིར།། དེ་བཞིན་མ ་ཡིན་ཡེ་མེད་མིན་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ཡོད་པ་མ་ཡིན་པ་དང་ཡེ་མེད་པ་མ་ཡིན་པའི་ཕྱིར།། གཟུང་བ་དང་འཛིན་པར་སྣང་བ་དེ་སྐྱེ་བོ་སྟེ། དེ་ལ་རྣམ་པ་བཞི་པོ་དེ་ཡང་རྣམ་པ་མེད་པ་དང་། ལོག་པར་སྣང་བའི་ཕྱིར་ཇི་ལྟར ་མཐུན་པར་འཛིན་པ་ཉི་དུ་མེདདོ།། རྣམ་པར་རིག་པ་གཞན་གྱིས་ཀུན་བརྟགས་པའི་བདག་ཉིད་ཀྱིས་ཐམས་ཅད་སྟོང་པས་གཟུང་བ་ཉི་དུ་མེ་དོ།། འཁྲུལ་པ་ཅིམ་འབྱུང་བའི་ཕྱིར་ཡེ་མེད་པ་ཡང་མ་ཡིནོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མེད་ཀྱང ་རྣམ་པར་སྣང་བ་གང་ཡིན་པ་དེ་ནི་འཁྲུལ་པ་ཞེས་བྱ་སྟེ། སྒྱུ་མ་བཞི་ནོ།། ཙམ་ཞེས་བྱ་བའི་སྒྲ་ནི་དེ་ལྷག་མ་རྣམ་པར་བཅད་པའི་ཐ་ཚིག་སྟེ། དེ་ནི་འདི་སྐད་དུ་འཁྲུལ་པའི་རྣམ་པར་ཤེས་པ་ཡོད། ཡེ་མེད་པ་མ་ཡིནོ་ཞེས་བསྟན་པར་འགྱུརརོ།། ། ་འཁྲུལ་པའི་རྣམ་པར་ཤེས་པ་དེ་གཟུང་བ་དང་འཛིན་པོ་མེད་པ་བཞིན་དུ་མེད་པ་ཉིད་ཅིའི་ཕྱིར་མི་འདོད། རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར། སུས་ཀྱང་དེ་ཡོད་པ་ཉི་དུ་བརྟག་པར་མ་ནུསོ།། ཞེས་བསམས་པའོ་ཞེ་ན་འདི ་ལྟར་དེ་ཟད་ནས་ནི་གྲོལ་བར་འདོད་དེའི་ཕྱིར་དེ་མེད་པ་ཉི་དུ་མི་འདོ་།། དེ་ཇི་ལྟ་ཞེ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཀྱི་མཐུས་དེ་ཡོད་པར་རྗེ་སུ་དཔའོ།། གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་ཡེ་མེད་པ་ཉིད་དུ་འདོད་ན་ནི་བཅིངས་པ ་ཡང་མེད་ཅེས་བྱ་སྟེ། འཁྲུལ་པ་ཙམ་ཡང་མེདུ་ཟིན་ན། ཀུན་ནས་ཉོན་མོངས་པ་མེད་པས་བཅིངས་པ་ཡང་མེདོ།། སྔར་བཅིངས་པ་ལ་གྲོ་ལོ་ཞེས་བྱ་བ་ན་གྲོལ་བ་ཡང་མེད་པར་འགྱུར། ཡང་ན་དེ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་འམ། ཡང་ན་ཡེ་མེད ་པར་ཅིའི་ཕྱིར་མི་འདོད་ཅེས་གཞན་དེ་སྙམ་དུ་སེམས་དཔའ་བསལ་བའི་ཕྱིར། དེ་ཟད་ནས་ནི་གྲོལ་བར་འདོད་ཅེས་གསུངས་ཏེ། དེ་མ་ཟད་ན་བཅིང་བ་ཞེས་བྱ་བའི་ཐ་ཚིའོ།། དེ་གཞན་དུ་ན་བཅིངས་པ་དང་གྲོལ་བ་མེདོ་ཞེས་དེ་སྐད་བཤད་པར་འགྱུར ་ཏེ། ཀུན་ནས་ཉོན་མོངས་པ་དང་མྱ་ངན་ལས་འདས་པ་ལ་སྐུར་པ་འདེབས་པའི་ཉེས་པར་འགྱུར་རོ།། གལ་ཏེ་ཇི་ལྟར་གཟུང་བ་དང་འཛིན་པ་ཉི་དུ་ཕྱུགས་ཡན་ཆད་ལ་སྣང་བ་ཡང་གལ་ཏེ་དེ་བཞིན་དུ་དོན་དམ་པར་འགྱུར་ན་ནི། དེ་ལྟ་ཡིན་དུ་ཟིན་ན་རྟག ་པར་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། དེ་ལྟར་ན་མྱ་ངན་ལས་འདས་པ་ཡང་མེད་པར་འགྱུར་རོ།། དེ་ལྟར་འཁྲུལ་པ་ཙམ་མེད་ན་ཡང་ཀུན་ནས་ཉོན་མོངས་པ་མེད་པར་འགྱུར་ཏེ། རྟག་ཏུ་རྣམ་པར་བྱང་བར་འགྱུར་རོ།། དེ་ལྟར་ན་གཉི་གར་ཡང་ཐར་པ ་ཚོལ་བ་རྣམས་ཀྱི་འབད་པ་དོན་མེད་པར་འགྱུར་བས་དེའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་པ་དང་གཉིས་པོ་མེད་པར་གདོན་མི་ཟ་བར་ཁས་བླང་བར་བྱའོ།། བསྡུ་བའི་མཚན་ཉིད་སྟོན་ཏེ་ཞེས་བྱ་བ་ནི། སྡུ་བ་ཉིད་མཚན་ཉིད།། ། ་ཡང་ན་གང་གི་བསྡུ་བར་མཚོན་པ་དེ་བསྡུ་བའི་མཚན་ཉིད།། དེ་ཡང་ཅིའི་ཕྱིར་བཤད་ཅེ་ན། འདིར་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ཉིད་ཡོད་ཞེས་སྨྲས་ལ། མདོ་གཞན་དག་ལས་ནི། ངོ་བོ་ཉིད་གསུ ་གསུང་བས་མདོ་དག་དང་མི་འགལ་བར་རབ་ཏུ་བསྟན་པའི་ཕྱིར་དེ་དག་འདིར་བསྡུ་བར་བརྗོད། དེ་ལྟ་བས་ན་འགྲེལ་པ་མཛད་པས། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་དུ་ཟད་ན་ཞེས་བྱ་བ་རྒྱ་ཆེར་སྨྲོ་སོ།། བརྟགས་པ་དང་ནི ་གཞན་དབང་དང་།། ཡོངསུ་གྲུབ་པ་ཉིད་ཀྱང་ངོ་།། དོན་ཕྱིར་ཡང་དག་མིན་རྟོག་ཕྱིར།། གཉིས་པོ་མེད་པའི་ཕྱིར་བཤ་དོ།། ཞེས་བྱ་བ་ནི། གཟུང་བ་དང་འཛིན་པ་རང་བཞིན་གྱིས་སྟེང་པ་ལས། ཡང་དག་པ་མ་ཡིན་པར་ཡང་ཡོད་པར་ཡོངསུ་རྟོག་པས ་ཀུན་བརྟགས་པ་ཞེས་བྱའོ།། དེ་ནི་ཎཱ་སུ་མེད་ཀྱང་ཐ་སྙ་དུ་ཡོད་པས་ངོ་བོ་ཉིད་ཅེས་བྱའོ།། གཞན་གྱི་དབང་ནི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བས་གཞན་གྱི་ཁ་ན་ལས་པའོ།། སྨྲས་པ་བརྟགས་མིན་རྐྱེན་ལས་སྐྱེས་པ་དང་།། རྣམ་པ་ཀུན་ཏུ་བརྗོད ་མེད་པ།། གཞན་གྱི་དབོང་གི་ངོ་བོ་ཉིད།། འཇིག་རྟེན་དག་པའི་སྤྱོད་ཡུའོ།། ཡང་དག་མ་ཡིན་པ་ཀུན་རྟོག་པ་ཉིད་གཉིས་དང་བྲལ་བ་ཉིད་གོང་ཡིན་པ་དེ་ནི་ཡོངསུ་གྲུབ་པའི་ངོ་བོ་ཉིད། དེ་ནི་འདུས་མ་བྱས་པས་མི་འགྱུར་བར་ཡོངསུ་གྲུབ་པའོ།། བཏྟཱ་ཌ ་པའི་ངོ་བོ་ཉིད་ཀྱིས་ཏེ།། ཤིན་ཏུ་སྟོང་ཉིད་གང་ཡིན་པ།། ཡོངསུ་གྲུབ་པའི་ངོ་བོ་སྟེ།། མི་རྟོག་ཡེ་ཤེས་སྤྱོད་ཡུལོ།། དོན་ཕྱིར་ཞེས་བྱ་བ་ནི་དོན་གྱི་དབང་དུ་མཛད་ནས་བཤད་པ་སྟེ། དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ཕྱིར་དང་གཉིས་པོ ་མེད་པའི་ཕྱིར་ཞེས་བརྗོད་པར་བྱའོ།། དོན་ནི་ཀུན་བརྟགས་པའི་ངོ་བོ་ཉིད།། ཞེས་བྱ་བ་ལ། དོན་ནི་འདིར་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པ་དང་། བདག་དང་རྣམ་པར་རིག་པ་རྣམས་ཏེ། དེ་ཡང་རྣམ་པར་བརྟགས་པའི་རང་བཞིན་དུ་ཡང ་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་མེད་པས། མེད་པ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཅེས་བྱའོ།། ཡང་སྨྲས་པ། རྣམ་རྟོག་རྣམ་པར་མི་རྟོག་ནི།། རྣམ་རྟོག་གཞན་གྱི་བརྟགས་པ་སྟེ།། རྣམ་རྟོག་གཞན་གྱི་རྟགས་དེ་ཡི།། རང་བཞིན་དེ་ནི་ཡོད་མ་ཡིན།། ། ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཞེས་བྱ་བ་ལ་རྒྱུ་དང་རྐྱེན་གཞན་དག་གིས་དབང་བྱེད་པ་དང་། སྐྱེད་པ་སྟེ། རང་མི་འབྱུང་བས་གཞན་གྱི་དབང་།། གཟུང་བ་དང་འཛིན་པ་མེད་པ་ནི་ཡོངསུ་གྲུབ་པའི་ངོ་བོ ་ཉིད་ཅེས་བྱ་བ་ནི་མི་འགྱུར་བར་ཡོངསུ་གྲུབ་པ་དང་། ཕྱིན་ཅི་མ་ལོག་པར་ཡོངསུ་གྲུབ་པས་ཡོངསུ་གྲུབ་པའི་ཕྱིར། ཡོངསུ་གྲུབ་པའོ་ཞེས་བྱའོ།། འདིར་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་གཉིས་དང་བྲལ་བ་ཉིད། གཟུང་བ་དང་འཛིན་པ་མེད ་པར་བསྟན་པ་ཡིན་གྱི། གཉིས་པོ་མེད་པ་ཙམ་གྱིས་ནི་མ་ཡིནོ།། དེ་ལྟར་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཉིད་རྒྱུ་དང་རྐྱེན་གཞན་གྱི་ཁ་ན་ལས་པས་གཞན་གྱི་དབ་།། དེ་ཉིད་གཟུང་བ་དང་འཛིན་པའི་ངོ་བོར་བདག་ཉིད་ཀྱིས་མེད་ཀྱང་སྣང ་པའི་ཕྱིར་ཀུན་བརྟགས་པའོ།། དེ་ཉིད་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་ཡོངསུ་གྲུབ་པའོ།། དེ་ལྟར་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ངོ་བོ་ཉིད་གསུམ་འདུ་སོ།། དེ་ལྟར་བྱས་ནས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོང་སུ་ཤེས ་པར་བྱ་བ་དང་། སྤང་བར་བྱ་བ་དང་། ཡོངསསུ་ཤེས་པར་བྱ་བ་མངོན་དུ་བྱ་བའི་དངོས་པོ་ཡང་བསྟན་པ་ཡིནོ།། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་མེད་པའི་མཚན་ཉིད་ཡོངསུ་མ་ཤེས་པའི་ཕྱིར། ཉོན་མོངས་པ་དང་ལས་དང་། ཚེའི་ཀུན་ནས་ཉོན ་མོངས་པར་གྱུར་ཏོ།། དེ་ལྟ་བས་ན་མེད་པའི་མཚན་ཉིད་ཡོངསུ་ཤེས་པར་བྱ་བ་དང་། དེའི་ཐབས་བསྟན་པའི་ཕྱིར་དམིགས་པ་ལ་ནི་བརྟེན་ན་སུ་ཞེས་རྒྱ་ཆེར་གསུང་སོ།། ཡང་དག་མ་ཡིན་ཀུན་རྟོག་པ་ལ་དེ་མཚོན་པ་འ་མཱ་ཡང ་དག་པ་མ་ཡིན་པ་ཀུན་རྟོག་པའོ།། གཟུང་བ་དང་འཛིན་པ་གཉིས་མེད་པ་ཉིད་ནི་མེད་པའི་མཚན་ཉིད་།། དེ་ལ་འཇུག་པ་ནི་དེ་ཁོང་དུ་ཆུད་པའོ།། དེའི་ཐབས་ནི་ཐབས་གང་གིས་དེའི་མེད་པའི་མཚན་ཉིད་ཀྱི་རྗེསུ་འཇུག་པའོ།། དེ་ཡང་ཆོས་ཀྱི་དབྱིངས ་ཀུན་ཏུ་འགྲོ་བའི་དོན་རབ་ཏུ་རྟོགས་པར་བྱ་བར་སྦྱོར་བ་ན། གནས་ཀྱི་ཁྱད་པར་མཁས་པ་རྣམ་པ་གཉིས།། དེ་ཉེ་བར་མཚོན་པའི་དོན་དུ་ཚིགསུ་བཅད་པ་འདི་གསུང་སོ།། རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་བརྟེན་ནས་དོན་མི་དམིགས་པ ་སྐྱེའོ་ཞེས་བྱ་བ་ནི། དམིགས་པའི་དོན་དང་བྲལ་བ་འདི་ནི་རྣམ་པར་རིག་པ་ཙམ་ཉིད། རང་གི་ས་བོན་ཡོང་སུ་སྨིན་པ་ལས་གཟུགས་ལ་སོགས་པ་སྣང་བའི་རྣམ་པར་ཤེས་པ་སྐྱེ་བ་ཡིན་གྱི། གཟུགས་ལ་སོགས་པའི་དོན་ནི་ཡོད་པ་མ་ཡིནོ་ཞེས ་དོ་ལྟར་འཛིན་པ་དམིགས་པ་ལ་གནས་ཏེ། གཟུང་བ་མི་དམིགས་པར་རབ་ཏུ་འཇུག།། དེས་འདི་ལྟར་བརྟགས་པར་བྱ་སྟེ། རྣམ་པར་ཤེས་པ་སྐྱེ་བའི་ཚེ་འམ། སྐྱེས་ཟིན་པས་ཡུལ་ལོ་དམིགས་པར་འགྱུར་གྲང་ན། དེ་ལ་སྐྱེ་བའི་ཚེ་ནི་མེད་པས་སྐྱེ ་པའི་ཚེ་ཡུལ་ལ་དམིགས་པར་མི་རུང་།། ཡུལ་དུ་སྣང་བའི་བདག་ཉིད་དུ་སྐྱེ་བའི་ཕྱིར། སྐྱེས་པས་ཀྱང་མ་ཡིན་ཏེ། ཡུལ་དུ་སྣང་བའི་བདག་ཉོ་དུ་སྐྱེ་བ་མ་གཏོགས་པར། གང་བྱེད་ན་རྣམ་པར་ཤེས་པ་ཡུལ་ལ་དམིགས་པའོ་ཞེས་བྱའོ་ཞེས་བྱ་བའི ་རྣམ་པར་ཤེས་པའི་བྱ་བ་གཞན་མེདོ།། གལ་ཏེ་ཡང་ད་ལྟར་གྱི་རྣམ་པར་ཤེས་པ་ཉིད་ཀྱི་དམིགས་པ་བྱེད་པ་ཡིན་གྱི། སྐྱེ་བའི་ཚེ་ནི་མ་ཡིནོ་ཞེ་ན། དེ་ལྟ་ན་ནི་དམིགས་པའི་རྐྱེན་རྣམ་པར་ཤེས་པའི་སྐྱེ་བ་མ་ཡིན་ཏེ། དེར་ཡོངསུ་རྟོག་པ་དེ་ན་མེདོ།། ། ་ད་ལྟར་གྱི་དམིགས་པ་འཛིན་ནི་སྐད་ཅིག་པ་འཇིག་པའི་གནོད་པར་འགྱུརརོ།། རང་བཞིན་བྱེ་བྲག་ཏུ་གྱུར་པ་ཡང་མེད་པས་སྔ་མ་བཞིན་ཏེ། རྣམ་པར་ཤེས་པས་དམིགས་པ་འཛིན་པར་མི་རུ་།། འོན་ཏེ་དམིགས་པ་འཛིན་པའི་དུས་ན། དེ་ལ ་རང་བཞིན་བྱེ་བྲག་ཏུ་གྱུར་པར་འདོད་ན། དེ་ལྟར་ན་ཡང་རང་བཞིན་བྱེ་བྲག་ཏུ་གྱུར་པ་གཞན་ཉིད་དུ་སྣང་བས།། བྱུང་བ་གཞན་ཉིད་ཀྱིས་དམིགས་པ་འཛིན་པར་ཐལ་བར་འགྱུར་རོ།། གཞན་ནི་འགག་པའི་ཚེའི་དོན་ཉིད་སྐྱེ་བའི་ཚེའི་རྣམ་པར ་ཤེས་པའི་དམིགས་པའི་རྐྱེན་ཡིན་ཏེ། དེ་ཡང་རང་གིས་རྣམ་པར་སྣང་བའི་རྣམ་པར་ཤེས་པའི་རྒྱུ་ཡིན་པས་རྐྱེན་ལྷག་མ་རྣམས་ལས་ཁྱད་པར་ཅནོ་སྙམ་དུ་སེམས་ཏེ། དེས་ཀྱང་གཟུགས་ལ་སོགས་པའི་རྡུལ་ཕྲ་རབ་བམ། དེ་འདུས ་པ་ལ་དམིགས་པ་ཁོ་ནར་ཀུན་ཏུ་བརྟག་གྲང་ན། དེ་གཉི་ག་ཡང་དམིགས་པར་མི་འགྱུར་ཏེ། རྣམ་པར་ཤེས་པ་ཐམས་ཅད་ནི་བུམ་པ་དང་། སྣམ་བུ་ལ་སོགས་པར་སྣང་བར་འབྱུང་གི། རྡུལ་ཕྲ་རབ་ཏུ་སྣང་བར་ནི་མ་ཡིནོ།། དོན་གྱི་རྣམ་པ ་གཞན་དུ་སྣང་བའི་རྣམ་པར་ཤེས་པའི་དམིགས་པ་ནི་གཞན་མ་ཡིན་ཏེ། མིག་ལ་སོགས་པ་ཡང་དམིགས་པ་ཉི་དུ་ཐལ་བར་འགྱུར་ཏ་རེ། གང་གཞན་ཡང་རྡུལ་ཕྲ་རབ་སིལ་བུ་སོ་སོ་དམིགས་པ་ཡིན་པ་སྙམ་དུ་སེམས་པ་དེའི་འདི་ཡང ་ལན་དུ་མི་རུང་སྟེ། སིལ་བུ་དེ་ནི་དེ་དག་སོ་སོ་ཉིད་ལ་དམིགས་པར་འདོད་ཀྱི་དེ་དག་གི་འདུས་པ་ལ་ནི་མ་ཡིནོ།། དེར་རྡུལ་ཕྲ་རབ་སོ་སོར་སྣང་བའི་ཤེས་པ་ནི་མི་འབྱུང་གི། འདི་ལྟར་དེ་དག་གི་འདུས་པར་སྣང་བ་སྟེ། དེ་བས་ན ་རྡུལ་ཕྲ་རབ་རྣམས་ལ་དམིགས་མི་སྲི་དོ།། བརྟགས་པར་ཡོད་པ་ནི་རྒྱུར་མི་སྲིད་པའི་ཕྱིར། རྡུལ་ཕྲ་རབ་འདུས་པ་ཡང་དམིགས་པ་མ་ཡིན་ན། དེ་མ་ཐག་པ་ལ་སོགས་པའི་རྐྱེན་ལྟར་དམིགས་པའི་རྐྱེན་ཡང་དག་པར་ཤེས་པའི་རྒྱུར་འདོ་དེ། དེའི ་ཕྱིར་འགག་པའི་ཚེ་ཡང་དམིགས་པའི་རྐྱེན་དུ་མི་སྲིདདོ།། ཇི་སྟེ་ཡང་འགག་པ་ཉིད་དམིགས་པ་ཡིན་ན། དེ་ལྟ་ན་ནི་འདས་པ་དང་མ་འོངས་པ་ཡུལ་དུ་འགྱུར་བ་དང་། རྨི་ལམ་ལ་སོགས་པ་ལ་ཡང་རྣམ་པར་ཤེས་པ་དམིགས་པ་མེད་པར་གྲུབོ།། ལ ་ལ་ན་རེ་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་མཚན་མ་ལ་དམིགས་པའི་ཕྱིར་དམིགས་པ་མེད་པ་མ་ཡིན།། མཚན་མ་ནི་དོན་གྱི་གཟུགས་བརྙན་ཏེ། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་རང་བཞི་ནོ་ཞེའོ།། རྨི་ལམ་ལ་སོགས་པ་དོན་མེད་པ ་ལ་དེའི་མཚན་མ་མི་རུང་སྟེ། བཞིན་ལ་སྩོགས་པ་མེད་པར་དེའི་གཟུགས་བརྙན་མི་འགྲུབ་པ་བཞི་ནོ།། འབྱུང་བའི་ཚེ་འམ་བྱུང་ཟིན་པའི་རྣམ་པར་ཤེས་པས་ཀྱང་མཚན་མ་ལ་དམིགས་པ་མ་ཡིན་ཏེ། མེད་པ་དང་དགག་པ་སྔར་བསྟན་པའི་ཕྱིརརོ།། ། ་དེའི་ཕྱིར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་རང་བཞིན་མཚན་མར་མི་རུང་བས། རྣམ་པར་ཤེས་པ་ཉིད་དོན་དུ་སྣང་བས་དོན་གྱི་གཟུགས་བརྙན་ཏེ། རྣམ་པར་ཤེས་པ་ཉིད་དོན་གྱི་རྣམ་པར་གདོན་མི་ཟ་བར་ཁས་བླང་དགོ་སོ།། རྣམ་པ་མེད་ན་ནི ་ལ་གཟུང་བ་དང་འཛིན་པ་ངེས་པ་ཉི་དུ་མི་འགྱུ་རོ།། གཞན་ནི་ཐོགས་པ་མེད་པའི་གཟུགས་ཉིད་རྨི་ལམ་དང་། རྣལ་འབྱོར་པ་རྣམས་ཀྱི་མི་སྡུག་པ་ལ་སོགས་པར་དམིགས་པའོ་སྙམ་དུ་སེམས་ཏེ། དེའི་ཡང་ཁ་དོག་དང་དབྱིབས་ལ་སོགས་པའི་བདག་ཉིད ་ཡིན་པས། ཐོག་པ་མེད་པ་ཉིད་དང་ཡིད་འབའ་ཞིག་གི་ཡུལ་དུ་འགའོ།། རྣམ་པར་རིག་བྱེད་མ་ཡིན་པ་ཙམ་མི་གཏོགས་པར་ཡང་ཐོགས་པ་མེད་པའི་གཟུགས་གཞན་བསྟན་བཅོས་ལས་མ་བཤད་པསོ།། དེའི་ཕྱིར་དེ་ཉིད་ཀྱང་རྟོག་པ་ཙམ ་ཉིད།། གཞན་དག་ནི་དམུས་ལོང་གི་རྨི་ལམ་ན་སྔོན་པོ་ལ་སོགས་པའི་གཟུགས་མི་འཛིན་པའི་ཕྱིར། དོན་མྱོང་བ་ནི་རྨི་ལམ་གྱི་རྣམ་པར་ཤེས་པའི་ཡུལ་ཉི་དུ་འདོ་།། དམུས་ལོང་གི་རྨི་ལམ་ན་གཟུགས་མི་འཛིན་པོ་མ་ཡིན་ཏེ། བརྡ་མི་ཤེས་པས ་མིང་རྣམ་པར་མི་ཤེས་པའི་ཕྱིར་གཞན་ལ་བསྙད་མི་ནུ་སོ།། གལ་ཏེ་ཡང་མྱོང་བ་ཉིད་རྨི་ལམ་དུ་མཐོང་ན་དེ་ལྟ་ན་དམུས་ལྡོང་གིས་ཀྱང་གཟུགས་མཐོང་བར་ཅིའི་ཕྱིར་མི་འདོད། དེས་ཀྱང་ཚེ་རབས་སྔ་མ་དག་ལ་གཟུགས་དམིགས་པ་ཉིད་།། ད ་ལྟར་གྱི་ཚེ་ལ་དམིགས་པ་ཉིད་རྨི་ལམ་དུ་སྣང་བ་ཡང་མ་ཡིན་ཏེ། འདས་པོ་དང་མ་འོངས་པ་དང་ད་ལྟར་གྱི་འཛིན་པར་ཡང་རྨི་ལམ་དང་གཉིད་ཀྱིས་མ་ལོག་པར་ཁྱད་པར་མེ་དོ།། དེ་ལྟ་བས་ན་དོན་མྱོང་བ་དེ་ནི་རྨི་ལམ་གྱི་རྣམ་པར་ཤེས་པའི་ཡུལ་ལོ ་ཞེས་བྱ་བ་ནི་ཀུན་རྟོག་པ་ཙམ་ཉིད།། འདས་པ་ཡང་མེད་པར་ཡུལ་མེད་པར་རྣམ་པར་ཤེས་པ་ཉིད་རྨི་ལམ་དུ་དོན་དུ་སྣང་བ་འབྱུང་བར་ངེ་སོ།། དེ་ལྟར་རྣམ་པར་རིག་པ་ཙམ་དུ་དམིགས་པས་ཡུལ་མི་དམིགས་པར་བསྒོ་མོ།། དོན་མི་དམིགས་པ་ལ ་བརྟེན་ནས། རྣམ་པར་རིག་པ་ཙམ་ཡང་མི་དམིགས་པ་སྐྱེ་སྟེ་ཞེས་བྱ་བ་ནི། ཇི་ལྟར་རྣམ་པར་ཤེས་པ་ལས་ཕྱི་རོལ་ན་ཀུན་བརྟགས་པའི་གཟུང་བ་མེད་པས་རྣམ་པར་རིག་པ་ཙམ་ཉིད་ཀྱིས་སྟོབས་ཀྱིས་གཟུང་བ་མེད་པར ་འཇུག་པ་དེ་ལྟར་གཟུང་བ་མེད་པའི་སྟོབས་ཀྱི་རྣམ་པར་རིག་པ་ཙམ་ཡང་མེད་པར་ཁོང་དུ་ཆུད་།། གཟུང་བ་ཉིད་ལ་ལྟོས་ཏེ་དེ་འཛིན་པར་རྣམ་པར་བཞག་པའི་ཕྱིར། གཟུང་བ་མེད་ན་འཛིན་པར་མི་རུང་།། དེ་ལྟར་གཟུང་བ་དང་འཛིན་པ་ཀུན ་བརྟགས་པའི་རང་གི་ངོ་བོ་དག་གི་མེད་པའི་མཚན་ཉིད་ལ་འཇུག་གི། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་མ་ཡིནོ།། ཞེས་བསྟན་པ་ཡིནོ།། ཅིའི་ཕྱིར་ཐོ་ག་མ་ཉི་དུ་རྣམ་པར་རིག་པ་ཙམ་ཉིད་མེད་པར་རྣམ་པར་མི་བཞག་ཅེ་ན། འཛིན ་པ་ནི་གཟུང་བ་ལ་རག་ལས་པའི་ཕྱིར་དམིགས་པར་བྱ་བའི་དོན་མེད་ན། དམིགས་པའི་ངོ་བོའི་དངོས་པོ་འཇིག་པས་བདེ་བླག་ཏུ་འཇུག་པར་འགྱུར་གྱི། གཞན་དུ་ན་གཟུང་བ་དང་འཛིན་པ་གཉིས་ཕན་ཚུན་བལྟོས་པ་མེད་པའི་ཕྱིར།། ་དངོས་པོ་ལ་སྐུར་པ་འདེབས་པ་ཉིད་འགྱུ་རོ།། རྒྱུན་མི་འཆད་པར་ཚེགས་རྣམས་ལ་ཞུགས་ཏེ། བསྐལ་པ་གྲངས་མེད་པ་དང་པོ་ཡོངསསུ་རྫོགས་ན། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས་འདས་པའི་ཡེ་ཤེས་ཀྱི་ས་འདིར་ཆུ་དོ།། འདི ་ལྟར་རྣམ་པར་རིག་པ་ཙམ་འདི་ལ་བརྟེན་ནས། གཟུགས་ལ་སོགས་པ་མེད་པར་བསྒོམ་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་ཐོག་མའི་རང་བཞིན་དྲོ་བར་གྱུར་པ་ཞེས་བྱ་བའི་ཏིང་འཛིན་འཁོར་དང་བཅས་པ་མངོན་དུ་འགྱུར།། དེའི་འོག། ་ཏུ་རྩེ་མོ་ཞེས་བྱ་བའོ།། དེའི་འོག་ཏུ་གཟུང་བ་མ་ལུས་པར་མི་དམིགས་པས་འཛིན་པ་མི་དམིགས་པ་དང་ཐུན་པ་བཟོད་པ་ཞེས་བྱ་བའི་ཏིང་འཛིན་ཏོ།། དེའི་འོག་ཏུ་དོན་མི་དམིགས་པ་ལ་བརྟེན་ཏེ། རྣམ་པར་ཤེས་པ་ཙམ་ཡང་མི་དམིགས་པར ་བསྒོམ་ཞིང་འཇིག་རྟེན་གྱི་ཆོས་ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ལ་སོགས་པ་དང་བཅས་པའི་ཏིང་ངེ་འཛིན་འཁོར་དང་བཅས་པ་མངོན་དུ་འགྱུར་རོ།། དེའི་འོག་ཏུ་མཐོང་བའི་ལམ་སྟེ། དེ་ཉིད་ལ་ཡང་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་རྟོག་པས་ས་དང་པོ ་ལ་འཇུག་ཅེས་བྱའོ།། འདི་ནི་ཁོ་ན་ཡིད་ལ་བྱེད་པ་ཡིན་གྱི། ཚད་མེད་པ་ལ་སོགས་པ་བཞིན་དུ་མོས་པ་ཡིད་ལ་བྱེད་པ་ནི་མ་ཡིན་ཏེ། དམིགས་པ་མི་དམིགས་པའི་རང་བཞིན་གྱི་ཕྱིརརོ་ཞེས་རབ་ཏུ་བསྟན་པའི་ཕྱིར་དེའི་ཕྱིར་ན་དམིགས་པ ་ནིམི་དམིགས་དྲི་བོ་ཉི་དུ་གྲུབ་ཅེས་བྱ་བ་གསུང་སོ།། ཡང་ན་རྣམ་པ་འདིས་སོ་སོ་རང་གིས་རིག་པའི་ཕྱིར། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་མེ་དོ་ཞེས་གང་སྔར་དམ་བཅས་པ་དེ་གྲུབོ་ཞེས་རབ་ཏུ་བསྟན་པའི་ཕྱིར། དེའི་ཕྱིར་ན ་དམིགས་པ་ནི་མི་དམིགས་ངོ་བོ་ཉི་དུ་གྲུབ་ཅེས་བྱ་བ་གསུང་སོ།། དེའི་ཕྱིར་ཞེས་བྱ་བ་ནི། དམིགས་པར་བྱ་བའི་དོན་གྱི་དངོས་པོ་མེད་པའི་ཕྱིརརོ།། དམིགས་པ་ཞེས་བྱ་བ་ནི་དངོས་པོ་དང་བྱེད་པ་པོ་དྲང་བྱེད་པ་གང་ཡང་རུང་བ་ཞིག་ཏུ་བརྟག་གྲང ་ན་ལས་མེད་པས་དེ་གསུམ་ཆར་ཡང་མི་རུང་སྟེ། དེའི་ཕྱིར་དམིགས་པ་མི་དམིགས་པའི་ངོ་བོ་ཉིད་གྲུབ་བོ།། དེ་ཉིད་ཀྱི་ཕྱིར་འགྲེལ་པ་མཛད་པས་དམིགས་པར་བྱ་བའི་དོན་མེད་ན་དམིགས་པར་མི་རུང་བའི་ཕྱིརརོ།། ཞེས་བྱ་བ་སྨོསོ།། དེ་ལྟ་བས་ན ་དམིགས་པ་དང་མི་དམིགས་པ་མཉམ་པར་ཤེས་པར་བྱ། འདི་ལྟར་དམིགས་པ་ནི་མི་དམིགས་པའི་ངོ་བོ་ཉིད་འགྱུར་ཏེ། དེའི་ཕྱིར་མཉམོ།། དོན་མི་དམིགས་པ་དང་རྣམ་པར་རིག་པ་ཙམ་དུ་དམིགས་པ་ཡང་མེད་པར་བྱེ ་བྲག་མེད་པའི་ཕྱིར་མཚུངས་པ་ཉི་དུ་ཤེས་པར་བྱའོ།། དམིགས་པ་དང་མི་དམིགས་པའི་སྒྲ་དག་ཕན་ཚུན་འགལ་བ་བསལ་བའི་ཕྱིར། ཡང་དག་པོ་མ་ཡིན་པའི་དོན་དུ་སྣང་བས་དམིགས་པ་ཞེས་བྱའོ་ཞེས་བྱ་བ་སྨོས་ཏེ། དོན་མེད་པས་འདིས་ནི ་ཅི་ཡང་མི་དམིགས་སོ།། དེའི་ཕྱིར་དོན་དམ་པར་མི་དམིགས་པའི་ངོ་བོ་ཉིད་ཀྱང་ཡིན་པས་འགལ་བ་མེདོ།། གཞན་དག་ན་རེ་བྱིས་པ་རྣམས་དོན་མེད་པ་ལ་དོན་དུ་དམིགས་པ་གང་ཡིན་པ་དང་། འཕགས་པ་རྣམས་དོན་མི་དམིགས་པ་གང་ཡིན་པ ་དེ་གཉིས་མཚན་ཉིད་མཚུངས་པས་མཉམ་པར་བྱ་སྟེ། སྦྲུལ་དུ་འཁྲུལ་པ་མི་དམིགས་པ་བཞི་ནོ།། དེ་ཉིད་ཕྱིར་སྦྲུལ་དུ་འཁྲུལ་པ་མི་དམིགས་པར་བཤད་པ་བཞིན་དུ། མི་དམིགས་པའི་ངོ་བོ་ཉིད་ཡིན་ཡང་། ཡང་དག་པ་མ་ཡིན་པའི་དོན ་དུ་སྣང་བའི་ཕྱིར་དམིགས་པ་ཞེས་བཤདདོ།། ཞེས་ཟེརོ།། གཞན་དག་ནི་རེ་བྱིས་པ་རྣམས་ཀྱིས་འཛིན་པར་དམིགས་པ་གང་ཡིན་པ་དང་། དོན་མེད་པའི་ཕྱིར་འཕགས་པ་རྣམས་ཀྱིས་འཛིན་པ་མི་དམིགས་པ་གང་ཡིན་པ་དང་། དམིགས་པ་དང་མི ་དམིགས་པ་དེ་གཉིས་ནི་གཉི་ག་ཡང་གཟུང་བ་མེད་ན། འཛིན་པ་མེད་པར་བྱེ་བྲག་མེད་པའི་ཕྱིར་མཉམ་པར་ཤེས་པར་བྱ་སྟེ། དེའི་ཕྱིར་ཡང་དག་པ་མ་ཡིན་པའི་དོན་དུ་སྣང་བས་ཞེས་རྒྱ་ཆེར་སྨོསོ་ཞེའོ།། ཡང་ཁ་ཅིག་སེམས་པ་སྒྲོ་འདོགས ་པ་དང་། སྐུར་པ་འདེབས་པའི་གཉེན་པོར་དེ་ལྟ་བས་ན་དམིགས་པ་དང་མི་དམིགས་མཉམ་པར་ཤེས་པར་བྱ་ཞེས་གསུངསོ་སྙམ་སྟེ། དོན་མེད་པའི་ཕྱིར་དམིགས་པ་ནི་དམིགས་པའི་རང་བཞིན་དུ་མེད་པས། ངོ་བོ་ཉིད་ཀྱིས་དེ་མེད་པ་ཞེས་བྱ་སྟེ། ་དམིགས་པ་ལ་དམིགས་པའི་རང་བཞིན་གསལ་བར་བྱ་བ་འམ། མི་དམིགས་པའི་རང་བཞིན་ཡང་བཞག་པར་བྱ་བ་མེ་དེ། དེ་གཉིས་ཀ་ཡང་རྣམ་པར་བརྟག་ཏུ་མེད་པས་མཉམ་པ་ཉིད།། དེ་ལྟ་བས་ན་སྒྲོ་འདོགས་པ་དང་སྐུར་པ་འདེབས ་པ་ལ་མི་བལྟོས་པར་དམིགས་པ་དང་། མི་དམིགས་པ་གཉིས་སོ་སོ་རང་གིས་མཉམ་པ་ཉི་དུ་ཤེས་པར་བྱའོ།། སྨྲས་པ། འདི་ལས་བསལ་བ་གང་ཡང་མེད།། བཞག་པར་བྱ་བའང་ཅི་ཡང་མེད།། ཡང་དག་ཉིད་ལ་ཡང་དག་བལྟ།། ་ཡང་དག་མཐོང་བ་རྣམ་པར་གྲོལ།། གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་རྣམ་པར་རིག་པ་ལ་དམིགས་པ་ཞེས་བྱ་བ་ཞེ་ན། མི་དམིགས་པའི་རང་བཞིན་ཡིན་ཡང་། ཡང་དག་པ་མ་ཡིན་པའི་དོན་དུ་སྣང་བས། འཇིག་རྟེན་དང་བསྟན་བཅོས་ལས ་ཀྱང་དེ་བཞིན་དུ་གྲགས་པའི་ཕྱིར།། རབ་ཏུ་དབྱེ་བའི་མཚན་ཉིད་སྟོན་ཏེ་ཞེས་བྱ་བ་ལ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བདག་ཉིད་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རབ་ཏུ་དབྱེ་བ་སྟེ། རྣམ་པ་ཐ་དད་པ་ཉིད།། ། ་རབ་ཏུ་དབྱེ་བ་ཉིད་མཚན་ཉིད་ཡིན་པས། རབ་ཏུ་དབྱེ་བའི་མཚན་ཉིད། རབ་ཏུ་དབྱེ་བ་འདིས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་མཚོན་པའི་ཕྱིརརོ།། རབ་ཏུ་དབྱེ་བའི་མཚན་ཉིད་ཀྱང་ཅིའི་ཕྱིར་བཤད་ཅེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ ་ལ་འདོད་པ་དང་། གཟུགས་ཀྱི་ཁམས་མི་རིགས་ཏེ། ཁམས་ཐ་དད་པས་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཐ་དད་པའི་ཕྱིར། འཕགས་པའི་གང་ཟག་ལ་སོགས་པར་ཐ་དད་པ་གང་ཡིན་པ་དེ་ཐོབ་པར་མི་འགྱུར་ཏེ། དེ ་བས་ན་བསྟན་པ་ལ་ཉེས་པ་ཆེན་པོར་འགྱུརརོ་སྙམ་པའི་དོགས་པ་བསལ་བའི་ཕྱིར་རབ་ཏུ་དབྱེ་བའི་མཚན་ཉིད་བཤད།། ཡང་ན་གང་ན་གང་རྟོགས་པ་དང་དཔྱོད་པ་ཡོད་པ་དེ་ཉིད་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་ཀྱི་གཞན་ནི་མ ་ཡིནོ་སྙམ་སྟེ། དེ་བས་ན་དེ་བསལ་བའི་ཕྱིར། ཡང་དག་མ་ཡིན་ཀུན་རྟོག་ནི།། སེམས་དང་སེམས་བྱུང་ཁམས་གསུམ་པ་ཞེས་རབ་ཏུ་དབྱེ་བའི་མཚན་ཉིད་བརྗོད། གང་ན་རྟོག་པ་དང་དཔྱོད་པ་ཡོད་པ་ཉི་ཚེ་ལ་ནི་མ་ཡིནོ།། དཔེར་ན་གཟུགས ་ནི་འབྱུང་བ་རྣམས་དང་འབྱུང་བ་ལས་གྱུར་པ་ཡིན་པ་དེ་བཞིན་དུ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡང་སེམས་དང་སེམས་ལསོ་བྱུང་བ་ཡིན་གྱི། སེམས་འབའ་ཞིག་ནི་མ་ཡིནོ།། དེ་དག་ཀྱང་ཁམས་གསུམ་པའི་ངོ་བོ་ཉིད། འདོད་པ ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཐ་དད་པས་ཁམས་གསུམ་པ་རྣམ་སོ།། དེ་ལ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དེ་ལས་སེམས་ཅན་དམྱལ་བ་ལ་སོགས་པའི་རྣམ་པ་རྣམ་པ་ཉི་ཤུ་གང་དག་འབྱུང་བ་དེ་ནི་འདོད་པའི་ཁམས།། ་སོ།། ཚངས་རིགས་ལ་སོགས་པའི་རྣམ་པོ་རྣམ་པ་བཅུ་བདུན་གང་ཡིན་པ་དེ་དག་ནི་གཟུགས་ཀྱི་ཁམ་སོ།། ནམ་མཁའ་ལ་སོགས་པའི་རྣམ་པ་བཞི་པོ་གང་ཡིན་པ་དེ་དག་ནི་གཟུགས་མེད་པའི་ཁམ་སོ།། གཞན་ན་རེ་འདོད་པ་ལ་འདོད་ཆགས། ་མ་སྤངས་པ་དང་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བ་རྣམས་ནི་འདོད་པ་ན་སྤྱོད་པའོ།། འདོད་པ་ལ་འདོད་ཆགས་སྤངས་ལ་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བ་རྣམས་ནི་གཟུགས་ཀྱི་ཁམ་སོ།། འདོད་པ་དང་གཟུགས་ལ་འདོད་ཆགས་སྤངས་ཤིང ་གཟུགས་ཀྱི་འདུ་ཤེས་དང་ཡང་བྲལ་བ་རྣམས་ནི་གཟུགས་མེད་པ་ན་སྤྱོད་པའོ་ཞེས་ཟེ་རོ།། གཞན་དག་ནི་འདོད་པ་ལ་འདོད་ཆགས་རྒྱས་པར་གྱུར་པ་རྣམས་ནི་འདོད་པའི་ཁམསོ།། གཟུགས་ལ་འདོད་ཆགས་རྒྱས་པར་གྱུར་པ་རྣམས་ནི་གཟུགས་ཀྱི ་ཁམ་སོ།། གཟུགས་མེད་པ་ལ་འདོད་ཆགས་རྒྱས་པར་གྱུར་པ་རྣམས་ནི། གཟུགས་མེད་པའི་ཁམ་སོ་ཞེས་སྨྲའོ།། ཁ་ཅིག་ནི་རྟག་ཏུ་གཡེང་བ་དང་སེམས་ལས་བྱུང་བའི་སྡུག་བསྔལ་གྱི་རྣམ་པའི་གནསུ་གྱུར་པ་རྣམས་ནི་འདོད་པའི་ཁམསོ།། ། ་མཉམ་པར་བཞག་ལ་སེམས་ལས་བྱུང་བའི་སྡུག་བསྔལ་གྱི་རྣམ་པ་དང་བྲལ་བ་རྣམས་ནི་གཟུགས་ཀྱི་ཁམསོ།། མཉམ་པར་བཞག་ལ་བདེ་བ་དང་སྡུག་བསྔལ་གྱི་རྣམ་པ་སྤངས་པ་རྣམས་ནི། གཟུགས་མེད་པའི་ཁམ་སོ་ཞེས་སྨྲའོ།། ཁ་ཅིག ་ནི་དྲི་དང་རོ་དང་དེ་དག་ཏུ་སྣང་བའི་རྣམ་པར་ཤེས་པ་སྤངས་པ་རྣམས་ནི་འདོད་པའི་ཁམ་སོ།། དྲི་དང་རོ་དང་དེ་དག་ཏུ་སྣང་བའི་རྣམ་པར་ཤེས་པ་སྲུང་བ་རྣམས་ནི་གཟུགས་ཀྱི་ཁམ་སོ།། ཁམས་བཅོ་ལྔར་སྣང་བ་སྤངས་པ་རྣམས་ནི་གཟུགས། ་མེད་པའི་ཁམསོ་ཞེས་སྨྲའོ།། བཤད་པ་དེ་དག་ཐམས་ཅད་ལ་དེ་དག་གང་ཡིན་ཞེ་ན། ཐོག་མར་བཤད་པ་ལས་བརྗོད་པ་ཉིད་བསྙད་པར་བྱ་བ་སྟེ། དེ་ལྟར་ན་བཤད་པ་འདི་དག་ནི་ལྟོས་པ་དང་བཅས་པ་ཉིད།། ཡང་དག་པ་མ་ཡིན་པ་ཀུན་རྟོག ་པའི་སྐབས་ཡིན་བཞིན་དུ་ཡང་། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྨོས་པ་ནི་མི་དམིགས་པས་པར་བཅད་པའི་ཕྱིརརོ།། རྣམ་གྲངས་ཀྱི་མཚན་ཉིད་ཀྱང་སྟེ་ཞེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་བྱེ་བྲག་རབ་ཏུ ་བསྟན་པས། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རྣམ་གྲངས་ཀྱི་མཚན་ཉིད་བསྟེན་ཏོ།། ཇི་ལྟ་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དངོས་པོའི་རང་བཞིན་དང་། ཁྱད་པར་ལ་རྟོག་པར་ཞུགས་པའི་ཕྱིར། ་དོན་གྱི་རང་གི་ངོ་བོ་དང་བྱེ་བྲག་མཐོང་བ་སེམས་དང་སེམས་ལས་བྱུང་བ་རྣམས་དང་། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཞེས་བྱ་བ་ནི་རྣམ་གྲངསུ་གཏོགས་པའོ།། དེ་ལ་དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ་ཙམ་ཞེས་བྱ་བའི་སྒྲ ་ནི་ཁྱད་པར་སེལ་བའི་སྦྱོར་ཏེ་ཁྱད་པར་མི་འཛིན་གྱི་དངོས་པོའི་རང་གི་ངོ་བོ་ཙམ་དམིག་སོ་ཞེས་བྱ་བའི་ཐ་ཚི་གོ།། དོན་གྱི་ཁྱད་པར་མཐོང་བ་ནི་སེམས་ལུས་བྱུང་བ་རྣམས་ཏེ་ཚོར་བ་ལ་སོགས་པའོ་ཞེས་བྱ་བ་ནི་ཁྱད་པར་གྱི་ངོ་བོ་དེ་དང་དེས་ངོ ་མངོན་པར་འཇུག་པའི་ཕྱིརརོ།། དེ་ལ་གང་དངོས་པོ་དེའི་ཁྱད་པར་སིམ་པ་དང་། གདུང་བ་ཉིད་ཡིད་བོད་པ་ལ་སོགས་པའི་གནས་གང་ཡིན་པ་དེ་འཛིན་པ་ནི་ཚོར་བའོ།། བུད་མེད་དང་སྐྱེས་པ་ལ་སོགས་པར་ཐ་སྙད་གདོགས་པའི་མཚན་མ་དོན་གྱི ་ཁྱད་པར་གང་ཡིན་པ་དེ་འཛིན་པ་ནི་འདུ་ཤེསོ།། དེ་བཞིན་དུ་གཞན་ཡང་ཅི་རིག་སུ་སྦྱར་བར་བྱའོ།། དེ་ལྟར་དེ་དག་ཀྱང་གནས་པ་དང་དམིགས་པ་དང་། དུས་དང་རྫས་མཚུངས་པ་ཉིད་ཀྱིས་མཚུངས་པ་ལྡན་པ་ཡིན་གྱི། རྣམ་པར་ཤེས་པ་དང་ཁྱད ་པར་མྱེད་པར་ཐལ་བར་འགྱུར་བས་རྣམ་པ་མཚུངས་པས་ནི་མ་ཡི་ནོ།། ཁ་ཅིག་ནི་འདྲིར་སེམས་ཀྱི་བྱེ་བྲག་ཉིད་སེམས་ལས་བྱུང་བར་དགོངས་པར་ཤེས་ཏེ། རྨ་བྱའི་མདོངས་ལྟར་རྣམ་པར་ཤེས་པ་དེ་ཉིད། དེ་ལྟ་བུའི་ངོ་བོ་ལ་སོགས་པར་སྣང ་བ་སྣ་ཚོགསསུ་འབྱུང་ཞེའོ།། ཇི་ལྟར་ན་གཅིག་པུ་ཡང་ཡིན་ལ་སྣ་ཚོགས་ཀྱང་ཡིན། གཅིག་པུ་དུ་མའི་ངོ་བོ་ཉི་དུ་འགྱུར་དུ་འོང་ཞེས། འཇིག་རྟེན་ནི་གཅིག་ལ་མི་མཐུན་པོའི་མཚན་ཉིད་སྣ་ཚོགསུ་མི་འདོདདོ།། གལ་ཏེ་ཆོས་ཀྱི་ངོ་བོ་ཉིད་ཡོངསུ་གྲུབ་པར་གྱུར ་ན་ནི་འདི་ཡང་ཉེས་པར་འགྱུརརོ།། ནོར་པ་ཙམ་ལ་ནི་ཉེས་པ་འདི་མེད། དེ་བཞིན་མ་ཡིན་ཡེ་མེ་མིན་ཞེས་བཤད་པའི་ཕྱིརརོ།། དེ་ནི་དེ་ལྟ་མ་ཡིན་ཏེ། མདོ་ལས་ཚོར་བ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། སེམས་གང་ཡིན་པ་དང་། རྣམ་པར ་ཤེས་པ་གང་ཡིན་པ་ཆོས་འདི་རྣམས་ནི་འདྲེས་པ་སྟེ། མ་ཡིནོ་ཞེས་འབྱུང་བ་དང་འགལ་བའི་ཕྱིར།། འདྲེས་པ་ཞེས་བྱ་བ་ནི་ཡོད་པ་རྣམས་ཅིག་ཅར་ཕྲད་པར་འགྱུར་བ་ལ་བྱའོ།། གང་ཆོས་ཀྱི་ངོ་བོ་ཉིད་ཡོངསུ་མ་གྲུབ་པར་འདོད་པ་དེ་ལ། མདོ་དེ་ནི་དོན ་འདིར་ཁོངསུ་མི་རུང་།། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་དུ་ཟད་ལ་གཞན་ཡང་མེད་པས་རྒྱུ་དང་འབྲས་བུ་རབ་ཏུ་དབྱེ་བ་རྣམ་པར་མི་ཤེས་པས་དེ་རབ་ཏུ་བསྟན་པའི་ཕྱིར་འཇུག་པའི་མཚན་ཉིད་ཀྱང་སྟོན་ཏེ། འདིས་ཡང་དག་པ་མ་ཡིན་པ་ཀུན ་རྟོག་པ་རྒྱུད་དང་འབྲས་བུའི་དངོས་པོར་མཚོན་པའོ།། འཇུག་པ་ཉིད་མཚན་ཉིད་ཡིན་པས་འཇུག་པའི་མཚན་ཉིད་འཇུག་པ་ཡང་རྣམ་པ་གཉིས།། སྐད་ཅིག་རྒྱུད་མར་འཇུག་པ་སྟེ། དེའི་དབང་གིས་ད་ལྟར་བྱུང་བའི་ཉེ་བར་སྤྱོད་པའི་ཉོན་མོངས་པ་དང ་ཚེ་རབས་གཞན་དུ་འཇུག་སྟེ། དེའི་དབང་གིས་ཚེ་ཕྱི་མའི་ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པའོ།། འདིར་ནི་སྐད་ཅིག་རྒྱུད་མར་འཇུག་པ་འཇུག་པའི་མཚན་ཉིད་དུ་བཤད་པའོ།། ཚེ་རབས་གཞན་དུ ་འཇུག་པ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་འོག་ནས་འཆ་དོ།། གཅིག་ནི་རྐྱེན་གྱི་རྣམ་པར་ཤེས།། ཤེས་བྱ་ཆེར་འབྱུང་བ་དེ་ལ། གཅིག་ཅེས་བྱ་བ་དེ་ནི་ཀུན་གཞི་རྣམ་པར་ཤེས་ཏེ། རྣམ་པར་ཤེས་པ་ལྷག་མ་བདུན་རྣམས་ཀྱི་རྒྱུའི ་རྐྱེན་གྱི་དངོས་པོས་རྒྱུ་ཡིན་པས་རྐྱེན་གྱི་རྣམ་པར་ཤེས་པའོ།། གཉིས་པ་ཉེ་བར་སྤྱོད་པ་ཅན་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ཞེས་བྱ་བར་སྙེགས་ཏེ། དེའི་འབྲས་བུའོ་ཞེས་བྱ་བ་ཚིག་གི་ལྷག་མའོ།། དེ་ཡང་རྣམ་པ་བདུན།། ཉེ་བར་སྤྱོད་པ་ནི།། ་འཇུག་པའི་རྣམ་པར་ཤེས་པའི་དགོས་པ་ཡིན་པས་ཉེ་བར་སྤྱོད་པ་ཅ་ནོ།། རྣམ་པར་ཤེས་པ་དེ་ལྔ་སེམས་ལས་བྱུང་བ་ཉེ་བར་སྤྱོད་པ་དང་། ཡོངསུ་གཅོད་པ་དང་འཇུག་པར་བྱེད་པ་གང་ཡིན་པ་དེ་དག་ཀྱང་དེའི་འབྲས་བུ་ཞེས་བྱ་བར་སྦྱར ་ཏེ། རྣམ་པར་ཤེས་པ་དང་། གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར།། ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་གཞན་དག་ནི་རྒྱུའི་རྐྱེན་གྱི་རྣམ་རྐྱེན་གྱི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ། ཟག་པ་དང་བཅས་པའི་ཆོས་ཐམས ་ཅད་དེར་འབྲས་བུའི་དངོས་པོར་སྦྱོར་བ་དང་། དེ་ཡང་དེ་དག་ལ་རྒྱུའི་དངོས་པོར་སྦྱོར་བས་ཀུན་གཞིའོ།། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དེ་ལྟར་སྣང་བས་རྣམ་པར་རིག་པར་བྱེད་པའི་ཕྱིར་རྣམ་པར་ཤེས་པའོ།། དེ་ཡང་གཅིག་ཏུ་རྣམ་པར ་སྨིན་པས་ལུང་དུ་མ་བསྟན་པ་ཉིད།། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ས་བོན་རྗེ་སུ་འབྲེལ་པ་དང་། འཇུག་པའི་རྣམ་པར་ཤེས་པ་གཞན་དག་ནི་རྒྱུའི་རྐྱེན་ཡིན་པས་རྐྱེན་གྱིས་རྣམ་པར་ཤེས་པའོ།། དེ་ལས་བྱུང་བ་འཇུག་པའི ་རྣམ་པར་ཤེས་པ་ནི་ཉེ་བར་སྤྱོད་པ་ཅནོ་ཞེས་བྱ་བ་ནི། ཀུན་གཞི་རྣམ་པར་ཤེས་པ་དེ་ལས་བྱུང་བ་སྟེ། དེའི་རྐྱེན་གྱིས་སྐྱེ་ཞེས་བྱ་བའི་ཐ་ཚིགོ།། ཇི་ལྟར་འབྱུང་ཞེ་ན། འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་ན་དེ་དང་རིགས་གཅིག་པ་འཇུག་པའི ་རྣམ་པར་ཤེས་པ་མ་བྱུང་བ་འབྱུང་བར་བྱེད་པའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་རྟས་པར་བྱེད། ས་བོན་རྟས་ནས་འགྱུར་བའི་བྱེ་བྲག་རྙེད་པ་དེ་ལས་ཡང་དེ་དང་རིགས་གཅིག་པ་འཇུག་པའི་རྣམ་པར་ཤེས་པ་འབྱུང་སྟེ། དེ་ལྟར་ན ་དེའི་རྐྱེན་གྱིས་འཇུག་པའི་རྣམ་པར་ཤེས་པར་འགྱུར།། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའི་ཉེ་བར་སྤྱོད་པའི་གོན་སུ་གྱུར་པ་དང་། ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་སྐྱོ་བའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས། ་པ་ཡང་ཉེ་བར་སྤྱོད་པ་ཅན་དུ་འགྱུར་ལ། འཇུག་པོའི་རྣམ་པར་ཤེས་པ་ཡང་རྐྱེན་གྱིས་རྣམ་པར་ཤེས་པར་འགྱུར་བར་མི་འགྱུར་རམ། རྐྱེན་གྱི་དངོས་པོ་མ་གཏོགས་པར་བག་ཆགས་བསྒོ་བ་གཞན་མེད། ཆོས་མངོན་པའི་མདོ་ལས་ཚིར ་སུ་བཅད་པ་ལས་ཇི་སྐདདུ། ཕན་ཚུན་འབྲས་བུའི་དངོས་པོ་དང་།། རྒྱུ་ཡི་དངོས་པོར་རྟག་ཏུ་ཡང་།། རྣམ་པར་ཤེས་ལ་ཆོས་ཀུན་སྤྱིར།། དེ་ཡང་དེ་བཞིན་དེ་དག་ལའོ་ཞེས་གསུངས་པ་ལྟ་བུའོ།། ཞེ་ན་ཐལ་བར་མི་འགྱུར་ཏེ་ཅིའི་ཕྱིར་ཞེ་ན། དེའི་ཚོར ་བ་ཤེས་པར་དཀའ་བས་འཇུག་པའི་རྣམ་པར་ཤེས་པ་བཞིན་དུ་ཉེ་བར་སྤྱོད་པ་ཅན་དུ་མི་ཤེ་སོ།། ཡང་ན་ཉི་མ་ལྟར་ཁྱད་ཞུགས་པར་ཤེས་པར་བྱ་སྟེ། འདི་ལྟར་ཉེ་བར་སྤྱོད་པ་ཚོར་བ་རྣམ་པ་གསུམ་པོའི་གནས་ནི་འཇུག ་པའི་རྣམ་པར་ཤེས་པ་ཉིད་ཡིན་གྱི། ཀུན་གཞི་རྣམ་པར་ཤེས་པ་ནི་མ་ཡིནོ།། འདིར་ནི་རྒྱུའི་རྐྱེན་དུ་འདོད་ཀྱི་རྐྱེན་ཙམ་དུ་ནི་མ་ཡིན་ཏེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་ཀྱི་དབང་གིས་རྣམ་པར ་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུའི་བག་ཆགས་དང་། ལུང་དུ་མ་བསྟན་པའི་ཆོས་ཀྱི་དབང་གིས་རྒྱུ་མཐུན་པའི་འབྲས་བུའི་བག་ཆགས་ཡོངསསུ་འཛིན་ཏེ།། དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པའི་ཆོས་མ ་ལུས་པ་རྣམས་ཀྱི་རྒྱུའི་རྐྱེན་ཏོ།། འཇུག་པའི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་ཏེ། རྒྱུའི་རྐྱེན་མ་ཡིན་པས་འཇུག་པའི་རྣམ་པར་ཤེས་པ་རྐྱེན་དུ་འགྱུར་བར་ཐལ་བར་འགྱུར་བ་མེདོ།། ཉེ་བར་སྤྱོད་པ་ནི་ཚོར་བའོ་ཞེས་བྱ་བ་ལ། རྣམ་པ ་གསུམ་ཆར་ཡང་ཉེ་བར་སྤྱོད་པ་སྟེ། མྱོང་བར་བྱེད་ཅེས་བྱ་བའི་ཐ་ཚིགོ། སྲིད་པའི་རོ་བྲོ་བོའི་སྙིང་པོ་འདྲ་བ་ནི་ཚོར་བ་སྟེ། དེའི་ཕྱིར་བྱིས་པ་རྣམས་དེ་ཀུན་ཏུ་མྱོང་བས་བྱ་བའི་ཕྱིར་ཡུལ་རྣམས་ལ་ཚོགསོ།། ཁ་ཅིག་ན་རེ་ཚོར་བ་འབའ་ཞིག་ཏུ་མ ་ཟད་ཀྱི་དོན་ལ་དམིགས་པ་ཡང་ཉེ་བར་སྤྱོད་པ་ཞེས་བྱའོ་ཞེས་ཟེར་ཏེ། བཤད་པ་ལས་ཉེ་བར་སྤྱོད་པ་ནི་ཚོར་བ་ཞེས་འབྱུང་བ་དང་འགལ་བས་དེ་ནི་མོ་ཡིནོ།། དོན་ལ་དམིགས་པ་ནི་རྣམ་པར་ཤེས་པ་ལས་གཞན་མ་ཡིན་པས་དེ ་སེམས་ལས་བྱུང་བར་མི་རུང་།། བདེ་བ་ལ་སོགས་པའི་བྱེ་བྲག་འཛིན་པའི་བདག་ཉིད་ཀྱི་ཕྱིར་ཚོར་བ་ཡོངས་སྤྱོད་ནི་འདུ་ཤེས་ཉེ་བར་སྤྱོད་པ་དང་། འདུ་ཤེས་ལ་རྣམ་པར་ཤེས་པ་འཇུག་པར་བྱེད་པ་དག་ནི་འདུ་བྱེད་རྣམས་ཏེ། སེམས་པ་དང ་ཡིད་ལ་བྱེད་པ་ལ་སོགས་པའོ།། ཡང་ན་ཉེ་བར་སྤྱོད་པ་ནི་ཚོར་བའོ་ཞེས་བྱ་བ་ནི། རང་གི་དམིགས་པ་ཇི་ལྟ་བ་བཞིན་དུ་མྱོང་བ་འམ། བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་ལས་མྱོང་བའི་ཕྱིརརོ།། དེ་ལྟར་ཡུལ་དང་ལས་ལ་སྤྱོད་པ་ནི་ཚོར་བ ་སྟེ། དེའི་ཕྱིར་ཉེ་བར་སྤྱོད་པ་ཞེས་བྱའོ།། ཡུལ་གྱི་རིན་རྟགས་ཐ་སྙད་ཀྱི་མཚན་མ་ཡོངསུ་གཅོད་པར་བྱེད་པས་ཡོངས་གཅོད་ནི་འདུ་ཤེསོ།། རྣམ་པར་ཤིས་པ་དམིགས་པ་གཞན་ལ་འཇུག་པར་བྱེད་པ་དག་ནི་འདུ་བྱེད་རྣམས་ཏེ། དེ་ལྟར ་ན་སེམས་པ་ལ་སོགས་པའི་དབང་གིས་རྣམ་པར་ཤེས་པ་དམིགས་པ་གཞན་ལ་བརྟེན་ཏོ།། སོགས་པའི་སྒྲས་ནི་འདུན་པ་ལ་སོགས་པ་བསྡུའོ།། གང་ནས་ཅི་འདྲ་གང་གི་ཕྱིར་འཇུག་པ་ནི་བཤད་ཟིན་ཏོ།། ཀུན་ནས་ཉོན་མོངས་པའི ་མཚན་ཉིད་ཀྱང་སྟོན་ཏོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་རྣམས་ཇི་ལྟར་འབྱུང་བ་ན། འགྲོ་བ་ཡོངསུ་ཉོན་མོངས་པར་འགྱུར་བ་དེ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད།། དེ་ནི་བདག་མེད་པར་ཡང་ཡང ་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ལས་འཁོར་བ་རྒྱས་པར་འགྱུར་བ། རབ་ཏུ་བསྟན་པའི་ཕྱིར་བཤད། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར།། ཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར་ཞེས་རྒྱ་ཆེར་གསུང་སོ།། རྟེན་ཅིང་འབྲེལ་པར་འབྱུང་བ ་ཡན་ལག་བཅུ་གཉིས་པ་འདི་ཡང་འཇུག་པའི་ཕྱོགས་ཀྱི་དབང་དུ་མཛད།། དེ་ལ་སྒྲིབ་པའི་ཕྱིར་ཏེ། འགྲོ་བ་ཉོན་མོངས་པར་བྱེའོ་ཞེས་ཐ་མར་སྨོས་པ་ནི་ཐམས་ཅད་དང་སྦྱརོ།། གང་གིས་སྒྲིབ་པ་དང་ཇི་ལྟར་སྒྲིབ་པའི ་ཕྱིར་ཉོན་མོངས་པར་བྱེད་ཅེ་ན། དེའི་ཕྱིར་མ་རིག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་བགེགས་བྱེད་པའི་ཕྱིརརོ།། ཞེས་བྱ་བ་སྨོསོ།། མ་རིག་པ་ནི་མི་མཐོང་བའི་བདག་ཉིད་ཡིན་པས་ཡང་དག་པ་མཐོང་བའི་ཡུལ་ལ་རབ་ཏུ་སྒྲིབ ་པོའི་ཕྱིར། ཡང་དག་པ་མཐོང་བ་མི་སྐྱེ་སྟེ། དེའི་ཕྱིར་ཡང་དག་པ་མཐོང་བ་སྐྱེ་བ་ལ་བགེགས་བྱེད་པས་མ་རིག་པ་ནི་ཡང་དག་པ་མཐོང་བ་ལ་བགེགས་བྱེད་པའོ།། ཡང་དག་པ་མཐོང་བ་ཡང་དངོསུ་ནི་འཇིག་རྟེན་ལས་འདས་པའི་ཤེས ་རབོ།། དེའི་རྗེས་ལས་བྱུང་བའི་ཕྱིར་དེའི་རྗེས་ལུས་ཐོབ་པ་དང་། དེ་རྟོག་པའི་ཕྱིར་དེ་སྦྱོང་བར་བྱེད་པ་ཐོས་པ་དང་། སེམས་དང་བསྒོམ་པ་ལས་བྱུང་བ་ཡང་ཡང་དག་པ་མཐོང་བ་ཞེས་བྱའོ།། ཡང་དག་པ་མཐོང་བའི་བགེ་གསུ ་གྱུར་པས། མ་རིག་པོ་ནི་འདུ་བྱེད་རྣམས་ཀྱི་རྐྱེན་ཅེས་བྱ་སྟེ། དེ་ལྟར་སྒྲིབ་པོའི་ཕྱིར་མོ་རིག་པོས་འགྲོ་བ་ཉོན་མོངས་པར་བྱེདདོ།། འདེབས་པའི་ཕྱིར་ཞེས་བྱ་བ་ཡང་འགྲོ་བ་ཉོན་མོངས་པར་བྱེད་ཅེས་བྱ་བ་དང་སྦྱརོ།། གང་གིས་གང ་དུ་ཅི་འདེབས་ཤེ་ན། དེའི་ཕྱིར་འདུ་བྱེད་རྣམས་ཀྱིས་རྣམ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་ཞེས་བྱ་བ་སྨོ་སོ།། དེ་ལ་འདུ་བྱེད་རྣམས་ནི་ལུས་དང་ངག་དང་ཡིད་ཀྱི་ལས་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི ་གཡོ་བའི་ངོ་བོ་ཉིད་གང་ཡིན་པའོ།། དེ་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པས་འདུ་བྱེད། མ་བཏབ་པ་འདེབས་ཞེས་བྱ་བའི་ཐ་ཚིགོ།། དེ་ཉིད་འདུ་བྱེད་ཀྱི་སྐུར་བཤད་ཀྱི་ཐམས་ཅད་ནི་མཱ་ཡི་ནོ།། དེ་ཡང་མ་རིག་པའི་དབང་གིས་ཡང ་སྲིད་པ་འདེབས་ནུས་པར་འགྱུར་གྱི། ཡོད་པ་ཙམ་གྱིས་ནི་མ་ཡིན་པས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་སྟེ། འདི་ལྟར་མ་རིག་པ་མི་སྐྱེས་ན་དེ་དག་ཡང་སྲིད་པ་འདུ་བྱེད་ཀྱི། རིག་པ་སྐྱེས་ན་ནི་མ་ཡི་ནོ།། བདག་པོ་ཙམ ་གྱིས་ནི་མ་རིག་པ་འདུ་བྱེད་ཀྱི་རྐྱེན་ཅེས་མི་བྱའི། སྤྱིའི་རྐྱེན་ཡིན་པས་ཀུན་ནས་འབྱུང་བ་ན་ཡང་ཡིན་ཏེ། འདི་ལྟར་མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར།། ཇི་ལྟར་ཉོན་མོངས་པ་ཀུན་ནས་འབྱུང་བ་རྣམས་ཀྱི ་སྤྱིའི་རྐྱེན་ཡིན་པ་དེ་བཞིན་དུ་དེ་ལས་བྱུང་བའི་སེམས་དཔའ་རྣམས་ཀྱིས་ཡང་ཡིནོ།། བསོད་ནམས་ཀྱི་འདུ་བྱེད་སྲིད་པ་དང་ལོངས་སྤྱོད་བྱེ་བྲག་ཅན་ལ་སྨོན་པོའི་རྗེསུ་འགྲོ་བ་རྣམས་ཀྱིས་ཡང་ཡིན་ཏེ། ཀུན་ནས་འབྱུང་བ་ནི་དེ་དང་ལྷན ་ཅིག་འབྱུང་བའི་མ་རིག་པ་ནི་སྤྱིའི་རྐྱེན་ཡིནོ།། མི་གཡོ་བ་ས་དེ་ལ་ངེས་པར་འབྱུང་བར་ལྟ་བ་ཀུན་འབྱུང་བ་རྣམས་ཀྱི་ཡང་ཡིན་ཏེ། དེ་དང་ལྷན་ཅིག་འབྱུང་བའི་མི་རིག་པ་ནི་སྤྱིའི་རྐྱེན་ཡིན་པས། འདུ་བྱེད་ཀྱི་རྐྱེན་ཅེས་བཤད་དོ།། རྣམ་པར ་ཤེས་པ་ལ་ཞེས་བྱ་བ་ནི་འདིར་ཀུན་གཞི་རྣམ་པར་ཤེས་པ་ལ་དགོངས་པ་ཡིན་གྱི། འཇུག་པའི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། རྒྱུན་ཆད་པ་དང་འཇུག་པའི་རྣམ་པར་ཤེས་པས་སྐྱེ་བའི་གནསུ་ཁྲིད་མི་སྲིད་པ་དང་། དགེ་བ་དང་ཉོན་མོངས་པ ་ཅན་གཉིས་འགྲོགས་མི་སྲིད་པས། འདུ་བྱེད་རྣམས་ཀྱིས་དེ་ལ་ལས་ཀྱིས་བག་ཆགས་གཞོམ་མི་སྲིད་པའི་ཕྱིརརོ།། ལས་ཀྱི་བག་ཆགས་ཞེས་བྱ་བ་ལ་ལས་ཀྱི་བག་ཆགས་ཞེས་བྱ་བ་འདི་གང་ཡིན་ཞེ་ན། མ་འོངས་པའི་ས ་བོན་ཏེ་རྒྱུའི་དངོས་པོའོ།། དཔེར་ན་འབྲུའི་འབྲས་བུ་ས་དང་ཐལ་བ་དང་། ལུང་ལ་སོགས་པ་རྐྱེན་གྱི་བྱེ་བྲག་ལས་བལྟོས་ཏེ། འགྱུར་བ་ལས་མྱུ་གུ་འབྱུང་བའི་རྒྱུའི་དངོས་པོ་ནི་ས་བོན་ཞེས་བྱ་བ་ལྟ་བུའོ།། འཇོག་པའི་ཕྱིར་ཞེས་བྱ་བ་ནི་འདེབས ་པ་ཉིད་ཀྱི་རྣམ་གྲངས་བཤད་པའོ།། འཇོག་པ་ཡང་རྣམ་པར་ཤེས་པའི་རྒྱུད་འདི་ལ་ངེས་ཐོག་མོ་ཁོ་ནའི་ས་བོན་དེ་རྒྱས་པར་བྱེད་པ་ཡིན་ཏེ་ཟག་པ་མེད་པའི་ལྟར་ཟག་པ་དང་བཅས་པའི་ཆོས་ནི་འགའ་ཙམ་གྱིས་ཀྱང་ས་བོན་སྔོན་མ ་བསྐྱེད་པ་མེདདེ། འདི་ལྟར་འདུ་བྱེད་རྣམས་ཀྱི་རྣམ་པར་ཤེས་པ་ལ་ཡང་སྲིད་པའི་ས་བོན་བསྐྱེད་པའི་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད།། ཁྲིད་པའི་ཕྱིར་འགྲོ་བ་ཉོན་མོངས་པར་བྱེདདོ་ཞེས་བྱ་བ་གང་གིས་གང་དུ་གང་སྲ་ཁྲིད་པ་མི་ཤེས ་ནས། དེའི་ཕྱིར་རྣམ་པར་ཤེས་པས་སྐྱེ་བའི་གནསུ་ཕྱིན་པར་བྱེད་པའི་ཕྱིར་ཞེས་བྱ་བ་སྨོསོ།། ལས་ཀྱིས་ཡོངསུ་བསྒོས་པའི་རྣམ་པར་ཤེས་པ་རྒྱུནི་ཆགསུ་འཇུག་པས་འཆི་འཕོ་བའི་གནས་ནས་སྐྱེ་བའི་གནསུ་ཡང་སྲིད་པའི་ས་བོན ་དུ་གྱུར་པའི་བག་ཆགས་ཕྱིན་པར་བྱེད་ཁྲིད་པར་བྱེའོ།། དེ་ལྟར་བྱས་ན་ཉིང་མཚ་མོས་སྦྱོར་བའི་རྣམ་པར་ཤེས་པའི་རྐྱེན་ནི་འདུ་བྱེད་མ་ཡིན་གྱི། སྔོན་གྱི་དུས་ཀྱི་སྲིད་པའི་རྣམ་པར་ཤེས་པ་ཉིད་ཀྱི་རྒྱུན་འདུ་བྱེད་པར་རབ་ཏུ་བསྟན་པ ་ཡིན་ཏེ། རྒྱུ་ཞིག་པ་ལས་འབྲས་བུ་འབྱུང་བར་མི་རུང་།། གཟུགས་མེད་པའི་སྙོམས་པར་འཇུག་པ་རྙེད་པ་རྣམས་ནི་གང་ཤི་བ་དེ་ཉིད་སྐྱེ་བས་གཟུགས་མེད་པ་རྣམས་ཇི་ལྟར་སྐྱེ་བའི་གནས་ཕྱིན་པར་བྱེད་ཅེ་ན་དེ་ནི་ཅི་རིགས་པར་ཤེས་པར་བྱ་སྟེ། ་མིང་དང་གཟུགས་བཞི་ནོ།། ཀུན་འཛིནི་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད་ཞེས་བྱ་བ་གང་གིས་གང་དུ་གང་ཡོངསསུ་འཛིན་ཅེ་ན། དེའི་ཕྱིར་མིང་དང་གཟུགས་ཀྱི་ཚེ་ཕྱི་མར་ལུསོ་ཞེས་བྱ་བ་སྨོས་ཏེ། མིང་དང་གཟུགས་ནི་ཕུང་པོ་ལྔའོ།། དེ་དག་ཀྱང་ཉིང ་མཚམས་སྦྱོར་བས་བཟུང་སྟེ། ནུར་ནུར་པོ་དང་མེར་མེར་པོ་དང་། ནར་ནོར་པོ་དང་གོར་གོར་པོ་དང་། རྐང་ལག་འགྱུར་བའི་དུས་དང་། སྐྱེ་མཆེད་དྲུག་མ་དོད་ཀྱི་བར་དུ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་སྟེ། འདི་ལྟར་དེ་ལ་བསྒོས ་བའི་བྱེ་བྲག་གིས་རིགས་མཐུན་པ་གཞན་དག་ཏུ་དེ་བྱེ་བྲག་ཅན་དུ་འགྲུའོ།། དེ་སྐྱེས་ནས་ཀྱང་མི་དང་དུད་འགྲོ་ལ་སོགས་པའི་རིགས་མཐུན་པ་ཐ་དད་པའི་ཕྱིར་ལུས་ཀྱང་ཐ་དད་པས་མིང་དང་གཟུགས་ཀྱིས་ལུས་ཡོང་སུ་འཛིན་ཅེས་བྱའོ།། ཡང་ན་འཆི། ་བ་ལ་ཐུག་གི་བར་དུ་ལུས་ཐམས་ཅད་ཡོངསུ་འཛིན་པ་སྟེ། དེ་ཐོག་མ་ཁོ་ནར་ཐམས་ཅད་ཀྱི་རྒྱུའི་དངོས་པོར་རྣམ་པར་གནས་པའི་ཕྱིརོ།། ཡང་ན་དབྱེར་མེད་ཀྱང་མིང་གཟུགས་ཀྱིས་ལུས་ཡོངསུ་འཛིན་ཏོ།། ཞེས་འདི་ཐ་དད་པར་སྟོན་ཏོ།། དཔེར་ན་འདུས ་བྱས་ཐམས་ཅད་ཕུང་པོ་ལྔ་རྣམས་ཀྱིས་ཀུན་བསྡུས་ཞེས་བྱ་བ་ལྟ་བུའོ།། རྫུས་ཏེ་སྐྱེ་བ་རྣམས་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཉིད།། དེའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཅི་རིགས་པར་ཤེས་པར་བྱའོ།། རྫོགས ་བྱེད་ཕྱུར་ག་བ་ཅན་མོངས་པར་བྱེད་ཞེས་བྱུ་བ་གང་གིས་གང་དུ་གང་རྫོགས་པར་བྱེད་པའི་ཕྱིར་ནམ་སྐྱེ་མཆེད་དྲུག་གིས་མིང་དང་གཟུགས་བསྡུས་པར་ལུས་ཏེ། འདི་ལྟར་མིང་དང་གཟུགས་ཀྱི་ཆོ་མི་མིག་ལ་སོགས ་བའི་སྐྱེ་མཆེད་མེད་པའི་ཕྱིར་ལུས་མ་རྫོགས་པ་ཞེས་བྱའོ།། དེའི་ཚེ་ན་ལུས་ཀྱི་སྐྱེ་མཆེད་ཡོད་མོད་ཀྱི་འོན་ཀྱང་བརྟེན་པ་དང་། གནས་ཡོང་སུ་རྫོགས་པར་མེད་པའི་ཕྱིར་ཡོངསུ་མ་རྫོགས་པ་ཉིད།། སྐྱེ་མཆེད་དྲུག་གི་དུས་ན་ནི་མིག་ལ་སོགས་པ ་མངོན་པར་གྲུབ་པས་གནས་ཡོང་སུ་རྫོགས་པའི་ཡི་ནོ།། མིག་ལ་སོགས་པ་དེ་ལ་བརྟེན་པ་རྣམས་ཡོངསུ་རྫོགས་པས་ལུས་ཀྱི་སྐྱེ་མཆེད་ཀྱང་ཡོངསུ་རྫོགས་པ་ཡིནོ།། ཇི་ལྟར་མིག་ལ་སོགས་པ་དེ་ལ་བརྟེན་ཅེ་མ། དེ་ལ་རག་ལུས་ཏེ་འབྱུང ་བའི་ཕྱིརརོ།། ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པ་དྲུག་གིས་བསྡུས་པ་སྟེ། དེའི་ཚེ་གནས་མ་ལུས་པར་ཡོངསུ་རྫོགས་པའི་ཕྱིར་ཡོངསུ་རྫོགས་པ་ཡིནོ།། ཡན་ལག་དང་ཉིང་ལག་ཡོངསུ་རྫོགས་པའི་ཕྱིར་སྐྱེ་མཆེད་དྲུག་གི་དུས་ཉིད་ན།། ་གནས་ཡོངསུ་རྫོགས་པས་སྐྱེ་མཆེད་དྲུག་གིས་འགྲོ་བ་ཉོན་མོངས་པར་བྱེད་ཅེས་བྱའོ།། གསུམ་གཅོད་ཕྱིར་འགྲོ་བ་ཉོན་མོངས་པར་བྱེའོ་ཞེས་བྱ་བ་དང་སྦྱ་རོ།། གསུམ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འདུསོ།། བདེ་བ་ལ་སོགས ་པའི་ཚོར་བ་འབྱུང་བ་དང་མཐུན་པ་དབང་པོའི་འགྱུར་བ་རྣམ་པ་གསུམ་གང་ཡིན་པ་དེ་ཡོངསུ་གཅོང་བ་ནི་རེག་པའོ།། དེ་བས་ན་དབང་པོའི་འགྱུར་བ་གང་ཡིན་པ་དེའི་རྣམ་པ་དང་འདྲ་བར་རེག་པར་བྱེད་པས་རེག་པ་ཞེས་བྱ་སྟེ། ས ་ན་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ནི་བདེ་བ་ལ་སོགས་པར་ཚོར་བ་དང་མཐུན་པ་དབང་པོའི་འགྱུར་བ་རྣམ་པ་གསུམ་བསྐྱེ་དོ།། ཉེ་བར་སྤྱོད་པ་ནི་ཚོར་བས་སོ་ཞེས་བྱ་བ་ལ། ཚོར་བ་ནི་སྲེད་པས་ཉེ་བར་སྤྱད་པ་སྟེ། རོ་མྱོང་བར་བྱེད་ཅེས་བྱ་བའི་ཐ ་ཚིགོ་གོ།། ཡང་ན་བསོད་ནམས་ལ་སོགས་པའི་ལས་ལ་ཉེ་བར་སྤྱོད་པས་ཚོར་བ་ནི་ཉེ་བར་སྤྱོད་པ་ཞེས་བྱའོ།། ཡང་ན་འདིར་ཉེ་བར་སྤྱོད་པ་ཞེས་བྱ་བ་ནི་ཚོར་བ་མྱོང་བ་སྟེ། བདེ་བ་ལ་སོགས་པ་མྱོང་བ་ན་དེར་བདེ་བ་ལ་སོགས་པ་རྒྱས་པོར་གྱུར ་བའི་ཕྱིར། རྗེསུ་ཆགས་པ་དང་ཁོང་ཁྲོ་བ་དང་གཏི་མུག་རྣམས་ཀྱིས་འགྲོ་བ་ཉོན་མོངས་པར་བྱེ་ཏོ།། སྡུད་པའི་ཕྱིར་ཞེས་བྱ་བ་གང་གིས་གང་སྡུ་པ་མི་ཤེསོ།། དེའི་ཕྱིར་ལས་ཀྱིས་བཏབ་པའི་ཡང་སྲིད་པ་སྲེད་པ་སོ་ཞེས་བྱ་བ་སྨོ་སོ།། འདུ ་བྱེད་རྣམས་ཀྱིས་ཡང་སྲིད་པའི་ས་བོན་རྣམ་པར་ཤེས་པ་ལྔ་གསོ་བའི་ཕྱིར་བཏབ་པས། ཡང་སྲིད་པར་འགྱུར་བའི་ས་བོན་ཆུ་དང་འདྲ་བའི་སྲེད་པ། འགྲོ་བ་ཐམས་ཅད་བྱེ་བླག་མེད་པར་འདོད་པ་ཞེས་བྱ་བས་བརླན་ནས་ཡང་སྲིད་པ་འབྱུང་བར ་ཉེ་བར་སྦྱོར་ཞིང་འབྱུང་བ་ངེས་པར་འཇོག་པ་གང་ཡིན་པ་དེ་ནི་སྡུད་པའོ།། སྦྱོར་བའི་ཕྱིར་ཞེས་བྱ་བ་ལ་གང་གིས་གང་དུ་གང་ཞིག་སྦྱོར་བ་དྲི་བར་བྱ་བའི་སྐབསུ་བདག་ཉིད་ཀྱིས་ལེན་པ་རྣམས་ཀྱིས་རྣམ་པར་ཤེས་པ་སྐྱེ་བ་དང་། མཐུན་པ་འདོད ་པ་ལ་སོགས་པ་རྣམསུའོ་ཞེས་བྱ་བ་སྨོསོ།། མངོན་པར་ཞེན་པ་དང་འདུན་པའི་འདོད་ཆགས་ཀྱི་མཚན་ཉིད་ཉེ་བར་ལེན་པ་བཞི་པོ་དོག་གིས་ལས་ཀྱི་བཏབ་པའི་རྣམ་པར་ཤེས་པ་སྐྱེ་བ་དང་མཐུན་པ་འདོད་པ་དང་ལྟ་བ་དང་། ཚུལ་ཁྲིམས་དང་། ་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་དག་ཏུ་སྦྱོར་བར་བྱེད་འཇོག་པར་བྱེད། འདི་ལྟར་འདུན་པའི་འདོད་ཆགས་ཀྱི་དབང་གིས་རྣམ་པར་ཤེས་པ་དེར་གན་སོ།། མངོན་དུའི་ཕྱིར་ཞེས་བྱ་བ་འདིར་ཡང་གཞན་གྱིས་ཡོངས་ཏྲ ་བར་བྱ་བའི་སྐབསུ་བདག་ཉིད་ཀྱིས་ལས་བྱས་པའི་རྣམ་པར་སྨིན་པས་ཡང་སྲིད་པར་འབྱིན་པར་མངོན་པར་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྔོན་བྱས་པའི་ལས་རྣམ་པར་ཤེས་པའི་རྒྱུ་ཡང་འབྱུང་བས་བག་ཆགས་ཀྱི་དུས་གྱུར་པ ་རྣམ་པར་སྨིན་པའི་འབྲས་བུའི་ཕྱིརརོ།། འཇུག་པ་རྙེད་པས་སྲིད་པ་ཡོད་པར་གྱུར་ཅིང་སྲིད་པ་བཏབ་པ་འགྲུབ་པར་མངོན་དུ་གྱུར་པ་སྟེ། དེ་ལྟར་ན་སྲིད་པས་མངོན་དུའི་ཕྱིར་འགྲོ་བ་ཉོན་མོངས་པར་བྱེདའོ།། སྡུག་བསྔལ་ཕྱིར་ནི་སྐྱེ་བ་དང་རྒ་ཤེས་འགྲོ ་བ་ཉོན་མོངས་པར་བྱེད་པའོ་ཞེས་བྱ་བ་ནི། དེ་ལྟར་སྲིད་པ་ལས་ཡང་སྲིད་པ་མངོན་པར་འགྲུབ་པ་ཡོད་པ་ཐོག་མ་ཉི་དུ་མངལ་དུ་ཞུགས་པ་ན་ཁུ་བ་དང་ཁྲག་གི་ནང་ན་རྣམ་པར་ཤེས་པ་མྱོས་པས་ཉོན་མོངས་པར་བྱེད།། དེ་བཞིན་དུ་མའི་མངལ་དུ་ཞུ ་བ་དང་མ་ཞུ་བའི་གནས་ཀྱི་བར་ན་འགྲེ་ལྡོག་པས་ཉོན་མོངས་པར་བྱེད།། ཡང་དེ་ལྟར་མེའི་ཁ་ཟས་དང་སྤྱོད་པ་ཉམ་ང་བ་དང་། ཡང་བ་མ་སྤངས་པས་ཀྱང་ཉོན་མོངས་པར་བྱེད།། དེ་བཞིན་དུ་དོག་པ་མི་གཙང་བའི་ལམ་ནས་འབྱུང་བས་ཉོན་མོངས་པར ་བྱེད།། སྐྱེ་གནས་ཀྱང་སྤྱི་ཆེར་དང་སྒྲ་སྐྱ་བ་ལ་སོགས་པ་རབ་ཏུ་རྒ་བའི་མཚན་ཉིད་དང་མིང་དང་གཟུགས་འཇིག་པའི་འཆི་བའི་མཚན་ཉིད་དང་། ལང་ཚོ་དང་སྲོག་ཕངས་པ་ལས་ཉམས་པས་འགྲོ་བ་ཉོན་མོངས་པར་བྱེའོ།། འགྲོ་བར་བྱེད་པས་ན་འགྲོ ་བསྟེ། རིགས་མཐུན་པའི་གནས་སྐབས་ནས་སྐད་ཅིག་གི་གནས་སྐབསུ་འགྲོ་ཞེས་བྱ་བའི་ཐ་ཚི་གོ།། ཉོན་མོངས་པར་བྱེད་ཅེས་བྱ་བ་ནི། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པས་ཁམས་གསུམ་དུ་སྐད་ཅིག་གཅིག་ནས་གཅིག་ཏུ ་བརྒྱུད་པ་བོང་ཞིང་འགྲོ་བར་གྱུར་པས་ཉེན་ཅེས་བྱ་བའི་ཐ་ཚི་གོ།། ཁ་ཅིག་ན་རེ་རྣམ་པར་བྱང་བའི་མ་ཡིན་པས་ཉོན་མོངས་པ་ཞེས་བྱ་ཞིའོ།། དེ་ལྟར་ཀུན་ནས་ཉོན་མོངས་པའི་མཚན་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡནཱ་ལག་བཅུ་གཉིས ་འདི་ནི་སྒྲིབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དོན་རྣམ་པ་བཅུ་གཅིག་གིས་རྣམ་པར་བྱང་བའི་མི་མཐུན་པའི་ཕྱོགསུ་འགྱུརརོ།། མ་རིག་པ་ལ་སོགས་པའི་གོ་རིམས་ནི་སྔ་མ་སྔ་མས་ཕྱི་མ་ཕྱི་མ་བསྐྱེད་པའི་ཕྱིར་རོ།། རྟེན་ཅིང་འབྲེལ་པར ་འབྱུང་བ་ཡན་ལག་བཅུ་གཉིས་པ་འདིས་ཡང་མདོར་བསྡུ་ན་ཉོན་མོངས་པ་རྣམ་པ་དུ་བསྟན་ཅེ་ན་དེའི་ཕྱིར་འདི་སྐད་ཅེས་རྟོན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་གང་ཡང་རློམ་གསུམ་རྣམ་གཉིས་ཀྱང་ཉོན་མོངས་རྣམ་བདུན་ཞེ ་བྱ་བ་སྨོསོ་ཞེས་བྱ་བའི་སྒྲ་ནི་བསྡུ་བ་དང་གོ་བསྣོར་བའི་ཐ་ཚིགོ། ཉོན་མོངས་པ་ཉིད་ཀུན་ནས་ཉོན་མོངས་པ་ཡིན་པས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་ཚེའི་ཀུན་ནས་ཉོན་མོངས་པ་ཡང་ངོ ་བཞི་ནོ།། ཉོན་མོངས་པ་འབྱུང་བ་ནི་བདག་དང་གཞན་ལ་གནོད་པ་བྱེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་སྟེ། མདོ་ལས་ཀྱང་ཇི་སྐད་དུ་ཆགས་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་བདག་ལ་ཡང་གནོད་པར་སེམས། གཞན་ལ་ཡང་གནོད་པར ་སེམས། གཉི་ག་ལ་ཡང་གནོད་པར་སེམ་སོ།། དེ་བཞིན་དུ་ཞེ་སྡང་དང་རྨོངས་པ་ཡང་ཤེས་པར་བྱའོ་ཞེས་གསུངས་པ་ལྟ་བུའོ།། ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་འབྱུང་བའི་ཕྱིར་ཡང་ཀུན་ནས་ཉོན་མོངས་པ་སྟེ། འདི་ལྟར ་ཉོན་མོངས་པའི་དབང་གིས་ནཱ་ལས་ཀྱི་ཚེ་འཕེན་ཏེ། བདེན་པ་མཐོང་བ་ལ་ལས་ཡོད་ཀྱང་སྲིད་པ་འཕེན་པ་མེད་པ་དང་། ཉོན་མོངས་པ་ཀུན་ཏུ་འབྱུང་བས་ཡང་སྲིད་པའི་ས་བོན་སྲིད་པར་བྱེད་པའི་ཕྱིར་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡང་སྲེད ་པའི་ཉིང་མཚམས་སྦྱོར་བའི་ཕྱིར་ཚེའི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡང་ཡི་ནོ།། དེ་བས་ན་དགྲ་བཅོམ་པ་ལ་ཉོན་མོངས་པ་ཅན་གྱི་སེམས་མེད་པའི་ཕྱིར། ཉིང་མཚམས་སྦྱོར་བ་མེདོ།། ལས་ཀྱང་དགེ་བ་དང་མི་དགེ་བ་སྟེ། དེ་ཉིད་ཀྱི་ཚེ་དང་ལུས་དང་སེམས ་སྡུག་བསྔལ་བའི་རྒྱུར་གྱུར་པ་དང་། མ་འོངས་པ་ན་རྣམ་པར་སྨིན་པ་ཡང་འབྱིན་པས་ཀུན་ནས་ཉོན་མོངས་པའོ།། ཚེ་ཡང་གནོད་པ་ཐམས་ཅད་ཀྱི་གན་སུ་གྱུར་པས་ཉོན་མོངས་པའོ།། རྒྱུ་རྣམ་པ་གཉིསུ་ཕྱེ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་གསུམ།། ཉོན ་མིངས་པའི་ཀུན་ནས་ཉོན་མོངས་པ་ནི་མ་རིག་པ་དང་སྲེད་པ་དང་། ལྡན་པ་རྣམས་ཏེ། གསུམ་ཆར་ཡང་ཉོན་མོངས་པའི་བདག་ཉིད་ཡིན་པའི་ཕྱིར།། ལས་ཀྱིས་ཀུན་ནས་ཉོན་མོངས་པོ་ནི་འདུ་བྱེད་རྣམས་དང་སྲིད་པ་ལ་བྱ་སྟེ། གཉི་ག་ཡང་ལས་ཀྱི་བདག ་ཉིད་ཡིན་པའི་ཕྱིརརོ།། འདི་ནི་བྱེ་བྲག་ཡིན་ཏེ། རང་གི་ངོ་བོར་གནས་པའི་ལས་ནི་འདུ་བྱེད་རྣམ་སོ།། ས་བོན་དུ་གནས་པ་ནི་སྲིད་པའོ།། ཚེའི་ཀུན་ནས་ཉོན་མོངས་པ་ནི། རྣམ་པར་ཤེས་པ་དང་མིདོ་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་། ་སྐྱེ་བ་དང་རྒ་ཤི་ཞེས་བྱ་བ་ཡན་ལག་ལྷག་མ་རྣམས་ཏེ། དེ་དག་ནི་ཚེའི་ནང་དུ་འདུས་པའི་ཕྱིར།། ཀུན་ནས་ཉོན་མོངས་པ་རྣམ་གཉིས་ནི་རྒྱུ་དབྱེ་བར་བྱས་པ་སྟེ། རྒྱུའི་ཀུན་ནས་ཉོན་མོངས་པ་ནི་ཉོན་མོངས་པ་དང་། ལས་ཀྱི་ངོ་བོ་ཉིད་ཀྱི་ཡན ་ལོག་རྣམས་ཀྱིསོ།། འབྲས་བུའི་ཀུན་ནས་ཉོན་མོངས་པ་ནི་ཡན་ལག་ལྷག་མ་རྣམས་ཀྱིསོ།། དེ་ལ་ལས་དང་ཉོན་མོངས་པ་རྣམས་ནི་རྣམ་པོར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པ་སྐྱེ་བའི་བདག་ཉིད་ཅན་དང་། རྒ་ཤིའི་ཉེས་དམིགས ་ཅན་གྱི་ཚེ་སྐྱེད་པར་རབ་ཏུ་ཞུགས་པའི་ཕྱིརརོ།། འབྲས་བུའི་ཀུན་ནས་ཉོན་མོངས་པ་ནི་ལྷག་མ་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱིས་ཏེ། ལས་དང་ཉོན་མོངས་པའི་འབྲས་བུ་ཡིན་པའི་ཕྱིར།། རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་ཀུན་ནས ་ཉོན་མོངས་པ་རྣམ་པ་བདུན་ཞེས་བྱ་སྟེ། ཕྱིན་ཅི་ལོག་དང་འདེབས་པ་དང་།། ཉེ་བར་ཁྲིད་པ་དང་ཀུན་འཛིན་པ་དང་། ཉེ་བར་སྤྱོད་པ་དང་སྡུད་པ་དང་། སྐྱོ་བའི་རྒྱུའི་ཕྱིར།། རྒྱུ་བདུན་པོ་དེ་ལ་མ་རིག་པ་ནི་ཕྱིན་ཅི་ལོག་གི་རྒྱུའོ་ཞེས་བྱ་བ་གམ་རིག་པ། ་གྱུར་པ་ནི་དེ་ཁོ་ན་ཉིད་ལ་རྨོངས་པོའི་ཕྱིར། མི་རྟག་པ་ལ་སོགས་པ་ལ་རྟག་པའི་ངོ་བོར་མཐོང་བས་ཕྱིན་ཅི་ལོག་ཅེས་བྱའོ།། འདུ་བྱེད་རྣམས་ནི་འདེབས་པའི་རྒྱུའོ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་ལ་ཡན་ལག་བཞིའི་བདག་ཉིད་ཀྱི་ཚེའི་ས ་བོན་འཇོག་པའི་ཕྱིརརོ།། རྣམ་པར་ཤེས་པ་ནི་ཉེ་བར་ཁྲིད་པའི་རྒྱུའོ་ཞེས་བྱ་བ་ལ་འདིར་ཤི་འཕོས་ནས་སྐྱེ་བའི་ཡུལ་དུ་ཉེ་བར་ཁྲིང་པོའི་ཕྱིར།། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་ནི་ཀུན་འཛིན་པའི་རྒྱུའོ་ཞེས་བྱ་བ་ནི་ཁྲིད་པར་འགྱུར་བ་མིང་དང ་གཟུགས་དང་། སྐྱེ་མཆེད་དྲུག་གིས་རིས་མཐུན་པ་ཀུན་འཛིན་པའི་ཕྱིརརོ།། སྔར་མངལ་ནས་སྐྱེ་བ་ལ་སོགས་པའི་སྐྱེ་གནས་ལ་དགོངས་ནས་མིང་དང་གཟུགས་ཀྱིས་ཀུན་འཛིན་པར་བཤད།། ད་ནི་བརྫུས་ཏེ་སྐྱེ་བའི་དབང་དུ་མཛད་སྐྱེ ་མཆེད་དྲུག་གིས་ཀྱང་འཛིན་ཏོ་ཞེས་བཤ།། ཡང་ན་མིང་དང་གཟུགས་ཀྱིས་ཐོག་མ་ཉིད་ལུས་ཙལ་འཛིན་པོར་བརྗོད་པར་བཞེད་པའོ།། འདིར་ནི་ཡོངསུ་མ་རྫོགས་པ་དང་། ཡོངསུ་རྫོགས་པ་འཛིན་པས་འགལ་བ་མོ་དོ།། རིག་པ་དང་ཚོར་བ་ནི་ཉེ་བར ་སྤྱོད་པའི་རྒྱུའོ་ཞེས་བྱ་བ་ལ། རྒྱུ་དང་བཅས་པའི་མྱོང་བས་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལ་ཉེ་བར་སྤྱོད་པའི་ཕྱིརརོ།། སྲེད་པ་དང་ལེན་པ་དང་སྲིད་པ་ནི་སྡུད་པའི་རྒྱུའོ་ཞེས་བྱ་བ་ལ། བྱིས་པ་ལས་ཀྱི་རྣམ་པར་སྨིན་པ་ལ་སྤྱོད་པ་དེ་ཚོར ་པཔ་དེ་དང་དེ་ལ་སྲེད་པར་བྱེད་སྲིད་པ་འཕེན་ནས། ཡང་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པས་འདོད་པ་ལ་སོགས་པོ་ལེན་ཏོ།། དེ་བླངས་པས་ཀྱང་དེའི་ལས་སྔོན་བྱུང་བ་ཡང་སྲིད་པ། བག་ཆགསུ་གནས་པ་ཡོངསསུ་གྱུར་ན་ཇི་ལྟར་བཏབ་པ་བཞིན་དུ ་རྣམ་པར་སྨིན་པ་འབྱིན་པའི་ཕྱིར། འཇུག་པ་རྙེད་ནས་སྲིད་པར་འགྱུརརོ།། དེ་ཡང་འདུ་བྱེད་ཀྱིས་བཏབ་པའི་ཡང་སྲིད་པ་མངོན་པར་གྲུབ་པར་བྱ་བའི་ཕྱིར། སྲིད་པ་དང་ལེན་པ་དང་སྲིད་པ་རྣམས་ཀྱིས་སྡུད་ཅིང་མངོན་པར་འདུ་བྱེད་ཅེས་བྱ་བས། སྲེད་པ ་དང་ལེན་པ་དང་སྲིད་པ་རྣམས་ནི་སྡུད་པའི་རྒྱུའོ།། ཡང་ན་སྲིད་པའི་དབང་གིས་འདུན་པའི་འདོད་ཆགས་དང་མཐུན་པ་གང་ཡང་རུང་བའི་ལས་ཀྱི་བགོ་ཆགས་མངོན་དུ་བྱེད་པའི་ཕྱིར། སྲེད་པ་དང་ལེན་པ་དང་སྲིད་པ་ནི་སྡུད་པོའི་རྒྱུའོ།། སྐྱེ་བ་དང་རྒ་ཤི་སྒྲ ་བའི་རྒྱུའོ་ཞེས་བྱ་བ་ནི། དེ་ལྟར་འདི་ནི་ཚེ་དྲངས་པས་སེམས་ཅན་གྱི་རིགས་དེ་དང་དེར་སྐྱེ་བ་དང་རྒ་ཤིའི་སྡུག་བསྔལ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པའི་སྡུག་བསྔལ་རབ་ཏུ་དབྱེ་བ་མཐའ་ཡས ་པ་གཞན་ཡང་མྱོང་བར་འགྱུརརོ།། དེ་ལ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་དུ་བརྗོད་པ་ཉོན་མོངས་པ་དང་ལས་ནི། ཚེའི་རྒྱུ་ཐུན་མོང་དང་ཐུན་མེད་མ་ཡིན་པ་རབ་ཏུ་བསྟན་ཏོ།། ཉོན་མོངས་པ་ནི་ས་ལ་སོགས་པ་ལྟར་ཚེའི་མྱུ་གུའི་ཐུན་མོང་གི་རྒྱུའོ།། ལས་ནི་ཐུན ་མོང་མ་ཡིན་ཏེ། མྱུ་གུའི་ས་བོན་ལྟར་དེ་ཐ་དད་པས་ཚེ་ཐ་དད་པའི་ཕྱིར།། ཡང་ན་འདིར་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། མཐའི་བར་ཞེས་བྱ་བ་རབས་གསུམ་དུ་ནི་མ་ཡིན་གྱི། ལས་དང་ཉོན་མོངས་པ་དང་འབྲས་བུ་ཡིན་ཞེས་རབ་ཏུ་སྟོན་ཏོ།། རྣམ་པ ་གཉི་སུ་བརྗོད་པས་འདི་ཉིད་རྒྱུ་དང་འབྲས་བུ་ཙམ་དུ་ཟད། འདི་ལ་བྱེད་པ་པོ་འམ། ཚོར་བ་པོ་ཀུན་ནས་ཉོན་མོངས་པ་གཞན་མདོ་ཞེས་རབ་ཏུ་སྟོན་ཏོ།། ཡང་ན་འདིར་ལས་དང་ཉོན་མོངས་པ་ཙམ་ཉིད་རྒྱུ་སྟེ། དེ་དག་ཡོད་པ་དང་མེད་པས་ཚེ་ཡོད་པ་དང་མེད་པར ་སྣང་བའི་ཕྱིར།། དེའི་ཕྱིར་ཚེ་ནི་དེའི་འབྲས་བུ་ཉིད།། དེ་ལྟ་བས་ན་འདི་ལ་རྒྱུ་འམ་འབྲས་བུ་ནི་མེད་ཀྱི་དུས་སྐབས་ཐམས་ཅདདུ་ཡང་ཕུང་པོ་ལྔ་ཉིད་ཞེས་རབ་ཏུ་སྟོན་ཏོ།། རྒྱུ་རྣམ་པ་བདུན་བཤད་པས་ནི་འཕེན་པའི་མཚན་ཉིད་དང་། མངོན་པར་འགྲུབ་པའི་མཚན ་ཉི་དུ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་གཉིསུ་རབ་ཏུ་བསྟན་ཏོ།། དེ་ལ་འཕེན་པའི་མཚན་ཉིད་ནི་གང་ཡིན་འཕེན་པ་དང་། ཇི་ལྟར་འཕེན་པ་དང་། གང་འཕེན་པ་དེ་རབ་ཏུ་བསྟན་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བདུན་གྱིས་བསྟན ་ཏོ།། མངོན་པར་འགྲུབ་པའི་མཚན་ཉིད་ནི་འཕངས་པ་དེ་གང་གིས་མངོན་པར་འགྲུབ་པ་དང་། ཇི་ལྟར་མངོན་པར་འགྲུབ་པ་དང་། གང་མངོན་པར་འགྲུབ་པ་དང་། དེའི་ཉེས་པ་བསྟན་པའི་ཕྱིར་ཡན་ལག་ལྔ་སོ།། གང་གིས་འཕེན་ཅེ་ན་མ་རིག་པ ་ལས་བྱུང་བའི་འདུ་བྱེད་རྣམས་ཀྱིས་ཏེ། ཇི་ལྟར་དེ་ཁོ་ན་ལས་རྨོངས་ནས་ཕྱིན་ཅི་ལོག་ཏུ་འདུ་ཤེས་ཏེ། དགེ་བ་དང་མི་དགེ་བ་དང་། མི་གཡོ་བའི་འདུ་བྱེད་རྣམས་མངོན་པར་འདུ་བྱེའོ།། འདུ་བྱེད་དེ་དག་གིས་ཇི་ལྟར་འཕེན་ཅེ་ན། རྣམ་པར་ཤེས་པ་ལ་ས ་ན་གསོས་པས་སྐྱེ་བར་ནུས་པར་གནས་པའི་ཕྱིའོ།། ཅི་ཞིག་འཕེན་ཞེན་ཡང་སྲེད་པ་པའི་མིང་དང་གཟུགས་དང་། སྐྱེ་མཆི་དྲུག་དང་རེག་པ་དང་ཚོར་བ་དེ་ཇི་ལྟར་མཐུན་མཐུན་དུ་སྦྱརོ།། དེ་ལྟར་འཕངས་པ་དེ་གང་གིས་མངོན་པར་འགྲུབ་པར་བྱེད་ཅེ་ན། ཇི ་སྐད་བཤད་པའི་རིམ་གྱིས་སྔ་མ་འཕངས་པས་འདིར་སྐྱེས་པའི་ཚོར་བ་ལ་བརྟེན་ནས་སྲེད་པ་སྐྱེས་པ་གང་ཡིན་པོ་དེ་ལས་འབྱུང་བའི་ལེན་པསོ།། ཇི་ལྟར་དེས་མངོན་པར་འགྲུབ་ཅ་ན་རྣམ་པར་ཤེས་པ་ལ་བག་ཆགསུ་གནས་པའི་ལས་དེ། དེས་སྲིད་པར ་བྱེད་པའི་ཕྱིརརོ།། འདུ་བྱེད་སྣ་ཚོགས་ཀྱིས་ཡོང་སུ་བསྒོས་པའི་ཕྱིར། རྣམ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་རྣམ་པ་མང་པོས་གནས་ཏེ། ལེན་པའི་བྱེ་བྲག་གིས་ཡོངསུ་བཟུང་བའི་ཕྱིར། གང་གིས་འདི་ལས་ཡང་སྲིད་པ་ཉིད་པར་འགྱུར་བ་དེ་ནི་འདིར་སྲིད་པ ་ཞེས་བྱའོ།། མངོན་པར་འགྲུབ་པ་དེ་གང་ཡིན་ཞེ་ན། མིང་དང་གཟུགས་ལ་སོགས་པ་འཕངས་པ་ངེས་ཕྱིས་སྐྱེ་བ་གང་ཡིན་པའོ།། དེ་ཡོད་པས་ཉེས་པར་འགྱུར་བ་གང་ཡིན་ཞེ་ན། རྒ་ཤི་དེ་ལང་ཚོ་དང་སྲོག་འཕངས་པ་འཇིག་པའི་ཕྱིརརོ།། འདིར་ཉེ་བར་ཁྲིད ་པའི་རྒྱུ་མདོ་ཞེ་ན་དོན་མེད་པ་མ་ཡིན་ཏོ།། འཆི་བའི་སྲིད་པ་ཆུང་ནས་སྐྱེ་བའི་སྲིད་པ་འབྱུང་བར་རྟོགས་པ་བསྩལ་བའི་ཕྱིརརོ།། ཀུན་ནས་ཉོན་མོངས་པ་འདི་དག་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་འབྱུང་ཞེས་བྱ་བ་ནི། སེམས་དང་སེམས ་ལས་བྱུང་བ་རྣམས་ནི་ཀུན་ནས་ཉོན་མོངས་པའི་གནས་ཡིན་པའི་ཕྱིར་ཏེ། དེ་ཡང་ཡང་དག་མ་ཡིན་ཀུན་རྟོག་ནི། སེམས་དང་སེམས་བྱུང་ཁམས་གསུམ་པ་ཞེས་བཤད་པ་ཡིནོ།། ཡང་དག་མ་ཡིན་པ་ཀུན་རྟོག་པའི་དོན་བསྡུས་པ་ནི་ཞེས་བྱ་བ་ནི།། ་དོན་རྒྱས་པར་བཤད་པ་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བ་དང་། མི་བརྗོད་པར་བྱ་བའི་ཕྱིར་དོན་བསྡུས་པར་བསྟན་ཏོ།། དེའི་ཕྱིར་འདིར་ནི་དོན་གཉི་ག་ཡང་བཤད།། ཡོད་པའི་མཚན་ཉིད་ནི། ཡང་དག་མ་ཡིན་ཀུན་རྟོག་ཡོད་ཅེས་བྱ་བའོ།། མེད་པའི་མཚན ་ཉིད་ནི། དེ་ལ་གཉིས་པོ་ཡོད་མ་ཡིན་ཞེས་བྱ་བའོ།། རང་གི་མཚན་ཉིད་ནི། དོན་དང་སེམས་ཅན་བདག་རྣམ་རིག། སྣང་བའི་རྣམ་པར་ཤེས་པ་ནི།། རབ་ཏུ་སྐྱེའོ་ཞེས་བྱའོ།། བསྡུས་པའི་མཚན་ཉིད་ནི། རྟག་པ་དང་ནི་གཞན་དབང་དང་།། ཡོངསུ་གྲུབ་པ་ཉིད་ཀྱང་ཞེས ་བྱའོ།། མེད་པའི་མཚན་ཉིད་ལ་འཇུག་པའི་ཐབས་ཀྱི་མཚན་ཉིད་ནི། དམིགས་པ་ལྔ་ནི་བརྟེན་ནས།། མི་དམིགས་པ་ནི་རབ་ཏུ་སྐྱེ་ཞེས་བྱ་བ་ལ་སོགས་པའོ།། རབ་ཏུ་དབྱེ་བའི་མཚན་ཉིད་ནི།། ཡང་དག་མ་ཡིན་ཀུན་རྟོག་ནི།། སེམས་དང་སེམས་བྱུང་ཁམས་གསུམ ་པ་ཞེས་བྱའོ།། རྣམ་གྲངས་ཀྱི་མཚན་ཉིད་ནི། དེ་ལ་དོན་མཐོང་རྣམ་པར་ཤེས།། དེ་ཡི་བྱེ་བྲག་སེམས་ལས་བྱུང་ཞེས་བྱ་བའོ།། འཇུག་པའི་མཚན་ཉིད་ནི། གཅིག་ནི་རྐྱེན་གྱི་རྣམ་པར་ཤེས།། གཉིས་པ་ཉེ་བར་སྤྱོད་པ་ཅན།། ཞེས་བྱ་བའོ།། ཀུན་ནས་ཉོན་མོངས་པའི ་མཚན་ཉིད་ནི། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར།། ཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་མཚན་ཉིད་རྣམ་པ་དགུར་བརྗོད་ནས་སྟོང་པ་ཉིད་ཇི་ལྟར་ཤེས ་པར་བྱ་བ་དེ་སྟོན་ཏེ་ཞེས་བྱ་བ་འདིར་ཇི་ལྟར་སྦྱོར་ཞེ་ན། འདིས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང་། སྟོང་པ་ཉིད་དང་། སྔར་ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བ་དང་། ཆོས་ཁོངསུ་ཆུད་པ་ལ་རྟེན་ནས་ཆོས་ཉིད་ངེས་པར་འཛིན་པར་འགྱུར་བ ་གཉིས་དམ་བཅས་པ་ཡིན་ཏེ། དེའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་བཤད་པའི་འོག་ཏུ། སྟོང་པ་ཉིད་ཇི་ལྟར་ཤེས་པར་བྱ་བ་དེ་ལྟར་འཆ་དེ། མཚན་ཉིད་དང་ནི་རྣམ་གྲངས་དང་ཞེས་རྒྱ་ཆེརོ།། དེ་ལ་མཚན་ཉིད་ནི་དངོས་པོ་དང་དངོས་པོ་མེད་པ་དགག ་བདག་ཉིད། སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིརརོ།། མིང་གཞན་ནི་རྣམ་གྲངསོ།། རྣམ་གྲངས་དང་མཐུན་པ་རྣམ་གྲངས་འཇུག་པའི་རྒྱུ་ནི་རྣམ་གྲངས་ཀྱི་དོན་ཏོ།། ནམ་མཁའ་ལྟར་ཐ་མི་དད་པའི་མཚན་ཉིད་ཀྱི་ཕྱིར། རྣམ་པར་མི་རྟོག ་ཀྱང་གློ་བུར་གྱི་ཉེ་བའི་ཉོན་མོངས་པོ་དང་ཕྲད་པ་དང་བྲལ་བའི་དུས་ཐ་དད་པས་དབྱེ་བའོ།། གཞན་ཡང་གང་ཟག་དང་ཆོ་སུ་སྒྲོ་འདོགས་པ་ཐ་དད་པས་དབྱེ་བ་རྣམ་པ་བཅུ་དྲུགོ།། སྒྲུབ་པ་ནི་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་སྟོན་པར་བྱེད་པའི་རིག་པའོ།། ཅིའི ་ཕྱིར་རྣམ་པ་དེ་དག་གིས་སྟོང་པ་ཉིད་ཤེས་པར་བྱ་ཞེ་ན། རྣམ་པར་དག་པའི་དམིགས་པ་ཡིན་པས་ན། རྣམ་པར་དག་པ་འདོད་ཆགས་ཀྱིས་མཚན་ཉིད་ཤེས་པར་བྱའོ།། མདོ་གཞན་དག་ལས་རྣམ་གྲངས་བཤད་པ་རྣམས་ལ་མི་རྨོངས་པར་བྱ ་བབའི་ཕྱིར་རྣམ་གྲངསོ།། རྣམ་གྲངས་ཀྱི་དོན་ཁོང་དུ་ཆུད་པར་གྱུར་ན་སྟོང་པ་ཉིད་ལ་རྣམ་པར་དག་པའི་དམིགས་པ་ཉི་དུ་ངེས་པའི་ཕྱིར་རྣམ་གྲངས་ཀྱི་དོན་ཏོ།། ཀུན་ནས་ཉོན་མོངས་པ་བསལ་ན། དེ་རྣམ་པར་ངག་གོ་ཞེས་ཀུན་ནས་ཉོན་མོངས་པ་དེ ་སྤང་བའི་ཕྱིར་འབད་པ་བསྐྱེད་པའི་དོན་དུ་དབྱེ་བའོ།། དབྱེ་བའི་སྒྲུབ་པ་ཁོང་དུ་ཆུད་ན། འགྱུར་བ་མེད་ཀྱང་དབྱེ་བ་བདེ་བླག་ཏུ་རིག་པའི་ཕྱིར་དབྱེ་བའི་སྒྲུབ་པ་ཡང་ཤེས་པར་བྱའོ།། མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན་ཞེས་བྱ་བ་ནི། མཚན་ཉིད་སྔར་སྨོས ་པས་དེའི་ཕྱིར་དེ་ཉིད་དང་པོར་འདྲི་སྟེ། གཉིས་དངོས་མེདོ་པའི་དངོས་པོ་ཡི།། དངོས་པོ་སྟོང་པའི་མཚན་ཉིད་ཞེས་བྱ་བར་ཤེས་པར་བྱའོ།། གཉིས་ནི་གཟུང་བ་དང་འཛིན་པའོ་ཞེས་བྱ་བ་ལ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་འམ། ཡང་དག་པ་མ་ཡིན་པ ་ཀུན་རྟོག་པས་ཀུན་བརྟགས་པའི་བདག་ཉིད་ཡིན་པས་དངོས་པོའི་ངོ་བོར་མེ་དོ།། གཉིས་པ་དངོས་པོ་མེད་པ་དེའི་དངོས་པོ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད།། ཚིག་ལེའུར་བྱས་པ་དང་མཐུན་པར་བྱས་པའི་ཕྱིར་འདིར་ཡང་དངོས་པོའི་རྐྱེན་མ་སྨོས་པར ་བསྟན་པར་ལྟ་བའོ།། དངོས་པོ་མེད་པའི་དངོས་པོ་ཞེས་བྱ་བ་དེ་དག་གང་ཡིན། དངོས་པོ་མེད་པའི་བདག་ཉིད་ནི་ཡོད་པ་ཉིད།། གཞན་དུ་ན་དེའི་དངོས་པོ་སྟོང་པ་མེད་པའི་ཕྱིརརོ།། གཉིས་ཀྱི་དངོས་པོ་ཡོད་པ་ཉི་དུ་འགྱུར་རོ།། དེའི་ཕྱིར་དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད ་སྟོང་པ་ཉིད་ཀྱི་མཚན་ཉི་དུ་ཡོངསུ་བསྟན་པ་ཡིནོ་ཞེས་བྱ་བ་སྨོས་ཏེ། དངོས་པོའི་ངོ་བོ་མཚན་ཉིད་ནི་མ་ཡི་ནོ།། དངོས་པོ་མེད་པའི་སྒྲ་ནི་དངོས་པོ་དགག་པའི་ཚིག་ཡིན་ནོ། དངོས་པོའི་སྒྲ་མེད་ཀྱང་དོན་འདི་ཁོང་དུ་ཆུད་པར་འགྱུར་བས། དངོས་པོའི་སྒྲ་ནི་འདིར་ལྷ་འི ་ལྷག་མ་མ་ཡིན་ཏེ་གཉིས་པོ་མེད་པ་སྟོང་པའི་མཚན་ཉི་དོ་ཞེས་དེ་ཙམ་ཞིག་བཤད་ན། གཙོར་གཉིས་ཀྱིས་དངོས་པོ་མེད་པ་ཉི་དུ་རི་བོང་གི་རྭ་དང་དངོས་པོ་མེད་པ་དང་འདྲ་བར་ཁོང་དུ་ཆུ་དེ། སྡུག་བསྔལ་ཉིད་ལ་གས་པ་ལྟར་ཆོས་ཉིད ་ཀྱི་ངོ་བོར་མི་རུང་།། དེ་ལྟ་བས་ན་འདི་སྐད་ཅེས་བྱ་སྟེ། གཉིས་ཀྱིས་དངོས་མེད་པ་ནི་སྟོང་པ་ཉིད།། དངོས་པོ་མེད་པ་དེ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ཡོད། སྟོང་པ་ཉིད་ཅེས་བྱ་བ་སྟེ་དངོས་པོ་མེད་པའི་དངོས་པོའི་མཚན་ཉིད་ཡོངསསུ་གཟུང་བའི ་ཕྱིར་ཆོས་ཉིད་ཀྱི་ངོ་བོར་བསྟན་པ་ཡིནོ།། ཡང་ནི་གཉིས་ཀྱི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱིས་བྱ་བ་ལ། མེད་པའི་སྒྲ་ནི་ཐུན་མོང་ཡིན་པས་འདིར་མེད་པ་ཞེས་བྱ་བ་གང་ལ་དགོངས་པ་མི་ཤེས་པས། གཏན་མེད་པར་རབ་ཏུ་བསྟན་པའི་ཕྱིར་ཡང་དག་པ ་མ་ཡིན་པ་ཀུན་རྟོག་པ་ག་གཉིས་པོའི་དངོས་པོ་མེད་པའི་དངོས་པོ་ཞེས་བྱ་བ་བརྗོད།། སྔ་ན་མེད་པ་དང་ཞིག་ནས་མེད་པ་གཉིས་ནི་རང་གི་ཉེ་བར་ལེན་པ་ལས་གཞན་དུ་བཤད་པར་མི་རིག་སོ།། གཅིག་ལ་གཅིག་མེད་པ་ཡང་གཉི་ཀ་གནས་ཡིན ་པའི་ཕྱིར་གཅིག་ཏུ་གནས་པར་མི་རིག་ས།། དེའི་ཕྱིར་དངོས་པོའི་དངོས་པོ་མེད་པའི་མཚན་ཉིད་ཉེ་བར་བཟུང་བས། གཟུང་བ་དང་འཛིན་པ་དྲུག་གཏན་དངོས་པོ་མེད་པ་ཉིད་སྟོང་པ་ཉིད་ཅེས་བྱ་བར་དེ་ཤེས་པར་བྱས་པ་ཡིནོ།། གལ་ཏེ་མེད་པའི་བདག་ཉིད ་སྟོང་པ་ཉིད་ཡིན་ན། དོན་དམ་པ་ཞེས་ཇི་སྐད་བྱ་ཞེ་ན། ཡེ་ཤེས་དམ་པའི་ཡུལ་ཡིན་པས་མི་རྟག་པ་ཉིད་བཞིན་དུ་སྟེ། དངོས་པོའི་ཕྱིར་ནི་མ་ཡིན།། དེ་ལྟ་མོད་ཀྱི་དེ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་དེའི་དངོས་པོ་མེད་པའི་ངོ་བོ་ཉིད་གང ་ཡིན་པ་དེ་ནི། ཡོད་པ་མ་ཡིན་མེད་པའང་མིན། ཇི་ལྟར་མེད་པ་མ་ཡིན་ཞེ་ན། འདི་ལྟར་གཉིས་པོའི་དངོས་པོ་མེད་པ་སྟེ། ཡོད་པ་ནི་གཉིས་ཀྱིས་དངོས་པོ་གཏན་མེད་པར་ཡང་མི་འགྱུར་ལ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ཆོས་ཉིད་དུ་ཡང་མི་འགྱུརརོ།། ཇི་ལྟར ་མེད་པའང་མ་ཡིན་ཞེ་ན། འདི་ལྟར་གཉིས་པོའི་དངོས་པོ་མེད་པའི་དངོས་པོ་སྟེ། གཉིས་ཀྱིས་དངོས་པོ་མེད་པ་ནི་གཉིས་ཀྱི་དངོས་པོ་མེད་པའི་ངོ་བོར་མེད་པ་མ་ཡིན་ཏེ། དེ་མེ་དུ་ཟིན་ན་གཉིས་ཡོད་པ་ཉིད་དུ་འགྱུར་ཞིང་། ཡང་དག་པ་མ་ཡིན་པའི་ཆོས་ཉི་དུ ་ཡང་མི་འགྱུར་ཏེ། དཔེར་ན་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་བཞི་ནོ།། སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་པས་སྒྲོ་བཏགས་པའི་རྟག་པ་དང་། བདེ་བའི་དངོས་པོའི་ངོ་བོ་ཉིད་ཡིན་པས། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱའོ།། གལ་ཏེ་ཡང ་དག་པ་མ་ཡིན་པ་ཀུན་རྟོག་པའི་སྟོང་པ་ཉིད་ཆོས་ཉིད་ཡིན་མ་ཅི་སྟེ་དེ་ལས་གཞན་ཞེས་བྱ་བ་འམ། འོན་ཏེ་གཞན་མ་ཡིན་ཞེ་ན། དེའི་ཕྱིར་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཞེས་བྱ་བ་སྨོ་སོ།། དངོས་པོ་མེད་པའི་ངོ་བོ་ཉིད་ཁོ་ནའོ།། ཡང་ན་དངོས་པོ་ཁོ་ན་དངོས་པོ་མེད ་པ་དགག་པའི་བདག་ཉིད་ཁོ་ནའོ།། དེ་ལྟ་བས་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང་ཐ་དད་གཅིག་པའི་མཚན་ཉིད་མིན། ཐ་དད་པ་ཡིན་ན་ནི་ཆོས་ཉིད་ལས་ཆོས་ཉིད་གཞན་ཡིན་པ་མི་རུང་སྟེ། ཇི་ལྟར་མི་རུང་ཞེ་ན་ཆོས་ལས་མཚན་ཉིད་ཐ་དད་པས་ཆོས ་གཞན་ཉིད་དུ་འགྱུར་ཏེ། དེ་ལས་གཞན་པའི་ཆོས་བཞི་ནོ།། ཆོས་གཞན་ནི་ཆོས་གཞན་གྱི་ཆོས་ཉི་དུ་མི་རུང་སྟེ། དེ་ལ་ཡང་ཆོས་གཞན་བཙལ་དགོས་པས་ཐུགས་པ་མེད་པར་འགྱུརརོ།། མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་བཞི་ནོ་ཞེས་བྱ་བ་ནི། ཇི་ལྟར་མི ་རྟག་པ་ཉིད་མི་རྟག་པ་རྣམས་ལས་གཞན་མ་ཡིན་པ་དྲུག་སྡུག་བསྔལ་བ་ཉིད་ཀྱང་སྡུག་བསྔལ་བ་ལས་གཞན་མ་ཡིན་པ་དེ་ལྟར་སྟོང་པ་ཉིད་ཀྱང་སྟོང་པ་ལས་གཞན་མ་ཡིན་པར་ཞེས་བྱའོ།། གཅིག་པ་ཡིན་དུ་ཟིན་ན་ནི་རྣམ་པར་དག ་པའི་དམིགས་པ་དང་། སྤྱིའི་མཚན་ཉི་དུ་མི་འགྱུརརོ།། འདིས་རྣམ་པར་དག་པར་བྱེད་ཀྱིས་རྣམ་པར་དག་པ་ནི་ལི་མོ།། ཆོས་ཀྱི་རང་གི་མཚན་ཉིད་ལས་གཞན་མ་ཡིན་པའི་ཕྱིར། ཆོས་ཀྱི་རང་རྗེ་མཚན་ཉིད་བཞིན་དུ་ལོམ་གྱི་དམིགས་པར་མྱི་འགྱུརརོ།། དེའི་ཕྱིར་ར ་མཚན་ཉིད་ལས་གཞན་མ་ཡིན་པའི་ཕྱིར། སྤྱིའི་མཚན་ཉིད་དུ་ཡང་མི་རུང་།། དེ་ཡང་ཆོས་ཀྱི་རང་གི་ངོ་བོ་དང་འདྲ་བར་ཕན་ཚུན་ཐ་དད་པས་མཉམ་པ་ཉིད་ཉམས་པར་འགྱུརརོ།། ཡང་ན་རང་གི་མཚན་ཉིད་ནི་དེ་ལས་གཞན་མ་ཡིན་པས་དངོས་པོའི་རང་གི་ངོ་བོ ་ཐ་དད་པ་མེདོ།། དེའི་ཕྱིར་སྤྱི་མཚན་ཡང་མེད་པོར་འགྱུར་ཏེ། སྤྱིའི་མཚན་ཉིད་ནི་ཐ་དད་པ་ལ་བལྟོས་པའི་ཕྱིརརོ།། ཡང་ན་རྣམ་པར་དག་པར་བྱ་བའི་ཕྱིར་དམིགས་པ་ནི། རྣམ་པར་དག་པའི་དམིགས་པའོ།། དངོས་པོའི་རང་གི་མཚན་ཉིད་ལ་དམིགས་པས་རྣམ ་པར་དག་པ་འཐོབ་པ་མེ་། སེམས་ཅན་ཐམས་ཅད་རྣམ་པར་དོག་པར་ཐལ་བར་འགྱུརརོ།། གལ་ཏེ་གཞན་དོང་གཞན་མ་ཡིན་པར་མི་བརྗོད་ནོ།། གཅེར་བུ་པ་ལ་སྨྲ་བ་འཆེལ་བར་ཇི་ལྟར་མི་འགྱུར། དངོས་པོ་ཡོད་པ་ལ་དེ་ཉིད་དམ་གཞན་དུ་ལུང་མི་སྟོན་པ་གང ་ཡིན་པ་དེ་གཅེར་བུ་པའི་སྨྲ་བ་ལ་འཆེར་བར་འགྱུརརོ།། སྟོང་པ་ཉིད་ལ་ནི་དངོས་པོ་མེད་པས་སྐྱོན་དུ་འགྱུར་བ་འདི་མེདོ།། དེ་ལྟར་སྟོང་པ་ཉིད་འདི་ནི་མེད་པའི་མཚན་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དང་། མི་གཉིས་པའི་མཚན་ཉིད། དེ་ཉིད་དང ་གཞན་ལ་རྣམ་པར་གྲོལ་བའི་མཚན་ཉིད་ཡོངསུ་བསྟན་པ་ཡིནོ།། སྟོང་པ་ཉིད་ཀྱི་མཚན་ཉིད་བཤད་ཟིན་ཏོ།། ད་ནི་རྣམ་གྲངས་བརྗོད་པར་བྱའོ།། སྟོང་པ་ཉིད་ནི་མདོར་བསྡུ་ན་དེ་བཞིན་ཉིད་དང་ཡང་དག་མཐའ།། མཚན་མ་མེད་དང་དོན་དམ་དང་།། ཆོས་ཀྱི་དབྱིངས་ནི་རྣམ ་གྲངཔོ་ཞེས་བྱ་བ་ལ། རྣམ་གྲངས་ཞེས་བྱ་བ་ནི་དོན་གཅིག་ལ་སྒྲ་ཐ་དད་པར་གྲགས་ཏེ། རྣམ་གྲངས་ཀྱི་དོན་བརྗོད་པས་རྣམ་གྲངས་ཞེས་བྱའོ།། བརྗོད་པ་དེ་རྣམས་ནི་མདོ་གཞན་དག་ལས་སྟོང་པ་ཉིད་དུ་སྟོན་ཏོ།། རྣམ་གྲངས་ལྔ་པོ་དེ་དག་གཙོ་བོ་ཡིན་པར་ཚིག་སུ་བཅད་པ་ལས ་ཇི་སྐད་སྨོས་པ་དེ་བཞིན་དུ་རྣམ་གྲངས་གཞན་འདིར་མ་སྨོས་ཏེ། གསུང་རབ་ལས་ཁོང་དུ་ཆུད་པར་བྱ་བ་ནི་འདི་ལྟ་སྟེ། མི་གཉིས་པ་ཉིད་དང་རྣམ་པར་མི་རྟོག་པའི་དབྱིངས་དང་ཆོས་ཉིད་དང་བརྗོདདུ་མེད་པ་ཉིད་དང་། མི་འགག་པ་ཉིད་དང་འདུས་མ་བྱས་དང་། མྱ་ངན་ལས ་འདས་པ་ལ་སོགས་པའོ།། རྣམ་གྲངས་ཀྱི་དོན་ཛ་ལྟར་ཤེས་པར་བྱ་ཞེ་མ་དེ་སྟེན་ཏེ་སྒྲ་དེ་དག་ནི་བརྟོགས་པ་མ་ཡིན་ནོ། དོན་དང་ལྡན་པ་རྣམས་ཞེས་བྱ་སྟེ། གཞན་མོན་ཕྱིན་ཅི་ལོག་མ་ཡིན།། དེ་འགག་པ་པགས་པའི་སྤྱོད་སུལ་དང་། འཕགས་པའི་ཆོས་པོ་རྒྱུ་མི་ཕྱི། ་རྣམ་གྲངས་དེ་ན་དེ་གོ་རིམས་བཞིན་ཞེས་བྱའོ།། དེ་ལ་གཞན་མ་ཡིན་པའི་ཕྱིར་དེ་བཞིན་ཉིད་ཞེས་བྱ་བ་ནི་མི་འགྱུར་བའི་དོན་ཏོ་ཞེས་བྱ་བའི་ཐ་ཆིའོ།། དེ་ཉིད་བསྟན་པའི་ཕྱིར་རྟག་ཏུ་དེ་བཞིན་པའི་ཕྱིརརོ་ཞེས་བྱ་བ་སྨོས་ཏེ། རྟག་པར་དུས་ཐམས་ཅད་འདུས་མ་བྱས་པ་ཡིན་པས ་མི་འགྱུར་ཞེས་བྱ་བའི་ཐ་ཚི་གོ། ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་ཡང་དག་པའི་མཐའ་སྟེ་ཞེས་བྱ་བ་ལ་ཡང་དག་པ་ནི་བདེན་པ་དང་མ་ནོར་བ་ཞེས་བྱ་བའི་ཐ་ཆི་གོ།། མཐོང་ཞེས་བྱ་བ་ནི་མུ་སྟེ། གང་ཕན་ཚོད་ནས་ཤེས་པར་བྱ་བ་གཞན་མེད་པའི་ཕྱིར་ཡང་དག་པའི་མཐའ་སྟེ། སང ་དག་པའི་མུ་ཞེས་བྱའོ།། ཇི་ལྟར་དེ་བཞིན་ཉིད་ཤེས་པར་བྱ་བ་མུ་ཞེས་བྱ་ཞེ་ན། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར།། ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། སྒྲོ་འདོགས་པ་དང་སྐུར་པ་འདེབས ་པ་མེད་པ་འདེབས་པའི་ཕྱིརརོ།། འདིར་རྒྱུ་སྨོས་པ་ཕྱིན་ཅི་ལོག་གི་གཞི་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། ཕྱིན་ཅི་ལོག་ནི་རྣམ་པར་རྟོག་པའོ།། རྣམ་པར་རྟོག་པའི་དམིགས་པ་མ་ཡིན་པས་ཕྱིན་ཅི་ལོག་པའོ།། མཚན་མ་བགོག་པའི་ཕྱིར་མཚན་མ་མེད་པ་སྟེ། ་ཞེས་བྱ་བ་ནི། འདིར་མཚན་མེད་པ་ལ་མཚན་མ་འགོག་པ་ཞེས་བྱའོ།། འདིར་རབ་ཏུ་བསྟན་པའི་ཕྱིར་མཚན་མ་ཐམས་ཅད་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་མ་ཐམས་ཅད་ཀྱི་སྟོང་པ་ཉིད་སྟོང་པས་མཚན་མ་མེད ་པ་ཞེས་བྱའོ།། མཚན་མ་ཐམས་ཅད་མེད་པའི་ཕྱིར་མཚན་མ་མེད་པ་སྟེ། མཚན་མ་མེད་པ་ཉིད་མཚན་མ་མེད་པའོ།། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་དོན་དམ་པ་སྟེ། ཞེས་བྱ་བ་ལ། དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། དེའི་དོན་ནི ་དོན་དམ་པའོ།། འཕགས་པའི་ཆོས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཏེ་ཞེས་བྱ་བ་ལ། ཆོས་ཀྱི་སྒྲ་ནི་འདིར་འཕགས་པའི་ཆོས་རྣམས་ཏེ། ཡང་དག་པར་ལྟ་བ་ལ་སོགས་པ་དང་། ཡང་དག་པར་རྣམ་པར་གྲོལ་བ་དང་། ཡེ་ཤེས་ལ་ཐུག་པ་རྣམས་ལ་བྱ་སྟེ། དེ ་དག་གི་རྒྱུ་ཡིན་པས་དབྱིང་སོ།། དེ་ཉིད་བསྟན་པའི་ཕྱིར་འཕགས་པའི་ཆོས་རྣམས་ནི་དེ་ལ་དམིགས་པས་བྱུང་བའི་ཕྱིར་ཞེས་བྱ་བ་སྨོས།། རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པ་ལ་ཡང་ཁམས་ཀྱི་སྒྲ་འདི་འཇུག་པོ་དེའི་ཕྱིར་འདིར་དབྱིངས ་དོན་ནི་རྒྱུའི་དོན་ཏོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་གསེར་ཁུང་དང་ཟངས་ཁུང་བཞི་ནོ།། མདོ་གཞན་ལས་རྣམ་གྲངས་གསུངས་པ་གཞན་དག་ཀྱང་འདིའི་ཚུལ་དུ་དོན་བདག་གིས་བསྟན་པར་བྱའོ།། སྟོང་པ་ཉིད་ནི་གཟུང་བ་དང་འཛིན་པ་མེད་པའི་ངོ་བོ་ཡིན་པས་ཐ་དད་པ ་མི་སྲིད། འདྲི་བ་འམ་ཡང་ན་རྣམ་གྲངས་ཀྱི་དོན་གྱི་འོག་ཏུ་དབྱེ་བ་ཤེས་པར་བྱ་བར་བསྟན་པས། དེའི་ཕྱིར་དེ་བཤད་པའི་འོག་ཏུ་སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཇི་ལྟར་ཤེས་པར་བྱ་ཞེ་ན་ཞེས་དྲི་སོ།། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་ཀུན་ནས་ཉོན་མོངས་པའོ།། དེ་སྤངས ་ན་རྣམ་པར་དག་པ་ཞེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པའི་དུས་ན་ཡང་སྟོང་པ་ཉིད་མ་གཏོགས་པར་གང་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ་རྣམ་པར་བྱང་བར་འགྱུར་བ་གཞན་མེདོ།། དེ་ལྟ་བས་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག ་པ་གཉིས་ཀྱི་དུས་ན་ཡང་། སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པའོ་ཞེས་རབ་ཏུ་བསྟན་པའི་ཕྱིརརོ།། ཀུན་ནས་ཉོན་མོངས་པ་རྣམ་པར་དག་ཅེས་བྱ་བ་སྟེ། དེའི་རབ་ཏུ་དབྱེའོ་ཞེས་བྱ་བ་སྨོསོ།། གང་གི་ཚེ་ཉོན་མོངས་ལ། གང་གི་ཚེ་དྲི་མ་མེད་པ ་ཁོང་དུ་མ་ཆུད་ནས། གང་གི་ཚེ་ཀུན་ནས་ཉོན་མོངས་ལ། གང་གི་ཚེ་རྣམ་པར་དག་ཅེ་ན་ཞེས་དྲིས་པ་དང་། དེ་ནི་དྲིར་བཅས་དྲི་མ་མེད་ཅེས་རྒྱ་ཆེ་རོ།། གནས་གྱུར་པ་དང་མ་གྱུར་པ་ལ་བལྟོས་པས། དྲི་མ་དང་བཅས་པ་དང་དྲི་མ་སྤང་བར་རྣམ་པར་བཞགོ།། མ་རྟོག ་པ་དང་ལོག་པར་རྟོགས་པའི་ཉེས་པས་མི་མཁས་པ་གང་དག་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་ཅིང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པས། སེམས་ཀྱི་རྒྱུད་དྲི་མ་ཅན་དུ་གྱུར་པ་ལ་སྟོང་པ་ཉིད་མི་སྣང་བ་དེ་དག་དྲི་མ་དང་བཅས་པའོ་ཞེས་རྣམ་པར ་བཞགོ།། འཕགས་པ་གང་དག་དེ་ཁོ་ན་མཁྱེན་པས་ཕྱིན་ཅི་ལོག་གི་སེམས་མེད་པ་ལ་སྟོང་པ་ཉིད་ན་མཁའ་ལྟར་རྡུལ་མེད་པ་སྟེ། རྒྱུན་མི་འཆད་པར་སྣང་བ་དེ་དག་ནི་དྲི་མ་སྤངས་པ་ཞེས་བྱའོ།། དེ་ལྟར་སྟོང་པ་ཉིད་ནི་ཉོན་མོངས་པ ་དང་རྣམ་པར་དག་པ་ལ་བལྟོས་པ་ཅན་ཡིན་པར་བལྟ་སྟེ། རོང་བཞིན་གྱིས་འོད་གསལ་བའི་ཕྱིར་ངོ་བོ་ཉིད་དྲི་མ་ཅན་དུ་ནི་མ་ཡིནོ།། གྲོལ་ཏེ་དྲི་མ་དང་བཅས་པར་འགྱུར་ལ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་འགྱུར་བ་མེད་པར་གནས་སྐབས་ཐ་དད་པ་མ ་མཐོང་ལ་འགྱུར་བ་ནི་སྐྱེ་བ་དང་འཇིག་པ་དང་རྗེ་སུ་འབྲེལ་པ་སྟེ། དེའི་ཕྱིར་འགྱུར་བའི་ཆོས་ཅན་ཡིན་པས་ཇི་ལྟར་མི་རྟག་པར་མི་འགྱུར་ཞེ་ན་ཞེས་བྱ་བ་སྨོསོ།། ཀུན་ནས་ཉོན་མོངས་པའི་གནས་སྐབས་ལས་སྟོང་པ་ཉིད་རྣམ་པར་དག་པའི་གནས་སྐབསུ ་འགྱུར་བ་གཞན་མེད་ཀྱི། དེ་ཁོ་ན་ཉི་དུ་གནས་པ་རང་བཞིན་གཞན་དུ་འགྱུར་བ་མེད་པ་སྟེ། གློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར་འདི་ལྟར། ཆུ་ཁམས་གསེར་དང་ན་མཁའ་རྣམས།། དག་པ་བཞིན་དུ་དག་པར་འདོད།། དེའི་ཕྱིར་མི་རྟག་པར་མི་འགྱུར་རོ།། དཔེར་ན ་ནུའི་ཁམས་དང་གསེར་དང་། ན་མཁའ་རྣམས་དེའི་རང་བཞིན་མ་ཡིན་པའི་ཕྱིར། དྲི་མའི་ངོ་བོ་ཉིད་སོན་པར་མ་གྱུར་ཀྱང་། གློ་བུར་གྱི་དྲི་མ་ཅན་ཁོ་ན་དང་གློ་བུར་གྱི་དྲི་མ་དང་བྲལ་ན་ཡང་རང་བཞིན་གཞན་དུ་འགྱུར་བ་མེད་བཞིན་དུ་རྣམ་པར་དག་པ ་ཉིད།། དེ་བཞིན་དུ་སྟོང་པའི་གློ་བུར་གྱི་དྲི་མ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པར་འགྱུར་ཡང་འགྱུར་བ་མེད་པའི་རང་གི་ངོ་བོ་ཡིན་ལ། དེ་དང་བྲལ་ན་རྣམ་པར་དག་པ་ཞེས་བྱའོ།། དངོས་པོ་དེ་ཉིད་སྔར་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། ཕྱིས་རྣམ་པར ་དག་པའི་རང་བཞིན་དུ་གང་རྣམ་པར་འཇོག་པ་དེ་ནི། རང་བཞིན་གཞན་དུ་གྱུར་པས་འགྱུར་བའི་ཆོས་བཟློག་པར་མ་གྱུར་གྱི་གང་ལ་དེ་གཉི་ག་ཡང་གློ་བུར་ཡིན་པ་ལ་ནི་མ་ཡིན་ཏེ། དེ་ལྟ་བས་ན་དེ་འགྱུར་བའི་ཆོས་ཉིད་ལ་རེག་པ་མེདོ།། རབ་ཏུ་དབྱེ་བར ་སྐབས་ཡིན་པས་སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཐམས་ཅད་བརྗོད་དགོས་ཏེ། དེའི་ཕྱིར་གཞན་ཡང་རབ་ཏུ་དབྱེ་བ་ནི་སྟོང་པ་ཉིད་རྣམ་པ་བཅུ་དྲུག་པོ་འདི་སྟེ་ཞེས་བྱ་བ་སྨོ་སོ།། དངོས་པོ་ཐ་དད་པས་རྣམ་པ་བཅུ་དྲུག་ཏུ་འགྱུར་ཏེ། གཉིས་ཀྱིས་དངོས་པོ་མེད ་པའི་རང་གི་ངོ་བོ་ལ་ནི་ཐ་དད་པ་མེདོ།། ནང་སྟོང་པ་ཉིད་ཅེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་བར་དུ་སྟོང་པ་ཉིད་རྣམ་པ་བཅུ་དྲུག་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་།། དེ་ཡང་མདོར་བསྡུ་བ་ཞེས་བྱ་བར་རིག་པར་བྱའོ།། ཟ་བ ་བཟང་དང་དེའི་ལུས།། གནས་ཀྱི་གཞི་ཡི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་ལ། ཆོས་ཐམས་ཅད་གཉིས་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ནི་སྤྱིའི་མཚན་ཉིད། དེའི་ཕྱིར་གཞི་ཐ་དད་པས་དེ་ཐ་དད་པར་སྟོན་ཏོ།། གཞན་དུ་ན་དེ་ནི་ཐ་དད་པར་བསྟན ་པར་མི་ནུས།། དེ་ལ་ཆགས་པ་དང་མངོན་པར་ཞེན་པ་དེ་སྤངས་པའི་ཕྱིར། ཐོག་མར་ཟ་བ་གཞིག་པར་བྱའོ།། དེ་ལ་ཆགས་པ་དང་མངོན་པར་ཞེས་པ་དེ་ནི་སངས་རྒྱསུ་འགྲུབ་པ་དང་། རྣམ་པར་ཐར་པ་ཐོབ་པའི་བགེགསུ་གྱུར་པའོ།། དེའི་འོག་ཏུ་དེའི་བཟའ ་བའོ།། དེའི་འོག་ཏུ་དེ་གཉིས་ཀྱི་གནས་ཏེ་ལུསོ།། དེའི་འོག་ཏུ་ཟ་བ་ལ་ཕན་འདོགས་པའི་ཕྱིར། བདག་གིར་ཆགས་པ་དང་འཛིན་པ་བཟློག་པའི་ཕྱིར། དེའི་གནས་ཏེ་ལུས་ཀྱི་རྟེན་སྣོད་ཀྱི་འཇིག་རྟེན་གཞིག་པར་བྱའོ།། གཞི་རྣམ་པ་བཞི་པོ་འདིའི་སྟོང་པ་ཉིད་དེ་ནི ་གཞི་སྟོང་པ་ཉིད་ཅེས་བྱའོ།། དེ་ལ་ཟ་བ་སྟོང་པ་ཉིད་ནི་ནང་གི་སྐྱེ་མཆེད་རྣམས་ལས་བཅུམ་སོ་ཞེས་བྱ་བ་ནི། དེ་དག་ཀྱང་མིག་ལ་སོགས་པ་ནས་ཡིད་ལ་ཐུག་པའི་བར་དུའོ།། ཟ་བ་དེ་ལས་གཞན་མེད་པས་མིག་ལ་སོགས་པ་ཡུལ་ལ་ཉེ་བར་སྤྱོད ་པར་འཇུག་པར་མཐོང་ནས་མིག་ལ་སོགས་པ་ཉིད་ཀྱིས་ཟ་བར་འཇིག་རྟེན་མངོན་པའི་ང་རྒྱལ་བྱེད་པས་དེའི་ཕྱིར། མིག་ལ་སོགས་པའི་སྐྱེ་མཆེད་སྟོང་པ་ཉིད་ལ་ཟ་བ་སྟོང་པ་ཉིད་ཅེས་བཤདདོ།། བཟའ་བ་སྟོང་པ་ཉིད་ནི་ཕྱི་རོལ་གྱི་རྣམསོ་ཞེས་བྱ་བ་ལ་གཟུགས་ལ་སོགས་པ ་ནས་ཆོས་ལ་ཐུག་པའི་བར་དུའོ།། དེ་དག་ལ་ཡུལ་གྱི་དངོས་པོར་བཟའ་བར་བྱ་བས་ན་བཟའ་བ་སྟེ། དེའི་ཕྱིར་ཕྱི་རོལ་གྱི་སྐྱེ་མཆེད་སྟོང་པོ་ཉིད་ནི་བཟའ་བ་སྟོང་པ་ཉིད་ཅེས་བཤ་དོ།། ཟ་བ་དང་བཟའ་བ་དེ་གཉིས་ནི་ལུས་དང་ཕན་ཚུན་ཐ་དད་དུ་མི་འཇུག་པར་གནས། དེའི ་ལུས་ནི་ཁོག་པའོ་ཞེས་བྱ་སྟེ། དེ་བས་ན་དེའི་སྟོང་པ་ཉིད་ཅེས་བྱའོ།། གནས་ཀྱི་གཞི་ནི་སྣོད་ཀྱི་འཇིག་རྟེན་ཏེ། ཐམས་ཅད་སེམས་ཅན་རྣམས་ཀྱི་གནས་ཀྱི་གཞི་རབ་ཏུ་འདོགས་པས། དེ་ཉིད་ཀྱི་ཕྱིར་དེ་རྒྱ་ཆེ་བའི་ཕྱིར་དེ་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ།། ཞེས་བྱ ་བ་སྨོས།། གཞིའི་སྒྲ་ནི་རེ་རེ་དང་ཡང་སྦྱར་བར་བྱའོ།། དེ་ལྟར་ཤེས་བྱའི་དངོས་པོ་རྣམས་གཞིའི་སྟོང་པ་ཉིད་ལ་རྟོག་པ་དང་བཅས་པའི་བཞིན་ཡིད་ལ་བྱེད་པས་ཡིད་ལ་བྱེད་པ་ན། བྱང་ཆུབ་སེམས་དཔའ་རྣལ་འབྱོར་པ་དེ་ལ་མཚན་མར་འཛིན་པ་གཞན་འདི་ཉེ་བར ་གནས་པར་འགྱུར།། སྟོང་པ་ཉིད་ཤེས་གང་གིས་ནང་དང་ཕྱིའི་སྐྱེ་མཆེད་ལ་སོགས་པ་འདི་སྟོང་པར་མཐོང་བ་དེ་ལ། གང་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་དང་། ཇི་ལྟར་དེའི་སྟོང་པ་ཉིད་ཤེས་པས་མཐོང་བ་འདི་ཉིད་ཀྱང་འདིར་དོན་དམ་པའི་རྣམ་པའོ་སྙམ་དུ་རྣམ ་པར་རྟོག་པ་ལ་རྣལ་འབྱོར་གྱི་སའི་འཁྲུལ་པའི་མཚན་མའི་རྣམ་པར་རྟོག་པ་རྣམ་པ་དེ་གཉིས་གཞིག་པའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་དང་དོན་དམ་པ་སྟོང་པ་ཉིད་གོ་རིམས་བཞིནོ།། ཤེས་པ་དང་རྣམ་པ་ནི་མ་སྨོས་པར་བྱས་ཏེ་བཤད།། ཡང་ན་སྟོང་པ་ཉིད ་ཡུལ་ཡིན་པས་ཤེས་པ་དེ་ཡང་སྟོང་པ་ཞེས་བཤད་པ་ཡི་ནོ།། གཟུང་བ་དང་འཛིན་པའི་དངོས་པོ་དེ་སྟོང་པ་ཉིད་ནི་སྟོང་པ་ཉིད།། ནང་གི་སྐྱེ་མཆེད་ལ་སོགས་པ་ཡང་སྟོང་པ་ཉིད་ཤེས་པ་དེས་ཇི་ལྟར་མཐོང་བ་དེ། འདིར་དོན་དམ་པའོ་སྙམ་པའི་རྣམ་པ་དེས ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད།། ཅིའི་ཕྱིར་ཞེ་ན། སྟོང་པ་ནི་དོན་དམ་པ་སྟེ་ཀུན་བརྟགས་པའི་རང་བཞིན་གྱིས་སྟོང་པ་ཞེས་བྱའོ།། མཚན་མར་འཛིན་པ་གཞན་འདི་ནི་སྟོང་པ་ཉིད་བསྒོམ་པའི་ཉེས་པར་གྱུར་པ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ ་སྟོང་པ་ཉིད་སྒྲུབ་པ་དེ་ཡང་དངོས་པོའི་ངོ་བོར་སྒྲོ་བཏགས་པ་སྟེ། དེ་གཞིག་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་ཅེས་བྱ་བ་ནུས་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ལ་ཐུག་པའི་བར་གྱི་སྟོང་པ་ཉིད་བཤད།། ཅིའི་ཕྱིར་སྒྲུབ་པར་བྱེད་ཅེ་ན། དགེ་བ་གཉིས་ཐོབ ་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནས། སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར་ཞེས་བྱ་བའི་བར་དག་གིས་སྟོང་པ་ཉིད་ལ་སྒྲུབ་པར་བྱེད། སྟོང་པ་ཉིད་བསྒོ་མོ་ཞེས་བྱ་བའི་ཐ་ཚིགོ།། དགེ་བ་ནི་འདུས་བྱས་དང་འདུས་མ་བྱས་ཏེ། ལ་མོ་དང་མྱ་ངན་ལས་འདས་པའོ།། དེ་གཉིས་ནི ་འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་གོ་རིམས་བཞིན་དུ་སྦྱརོ།། རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར་ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་རྟག་པར་བདག་གིས་སེམས་ཅན་ལ་ཕན་པར་བྱའོ་སྙམ་པ་དེའི་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ ་ཉིད། འཁོར་བ་མི་བཏང་བའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དུ་བདག་གིས་འཁོར་བ་ཡོངསུ་བཏང་བར་མི་བྱ་སྟེ། འཁོར་བ་ཡོངསུ་བཏང་ན་བྱང་ཆུབ་མ་རྙེད་པར། ཉན་ཐོས་ཀྱི་སང་གནས་པར་འགྱུར་བས། དེའི་སྟོང་པ་ཉིད་ནི་ཐོག་མ་དང་བ་མ ་མེད་པ་སྟོང་པ་ཉིད།། ཅིའི་ཕྱིར་དེའི་སྟོང་པ་ཉིད་བཤད་ཅེ་ན། དེའི་ཕྱིར་འཁོར་བ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉི་དུ་མ་མཐོང་ན་སྐྱོ་སྟེ། འཁོར་བ་ཡོངསུ་གཏོང་ངོ་ཞེས་བྱ་བ་སྨོ་སོ།། དགེ་བ་མི་ཟད་བྱ་བའི་ཕྱིར་ཞེས་བྱ་བ་ནི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས ་པཕ་ན་ཡང་བདག་གིས་དགེ་བའི་རྩ་བ་རྣམས་མི་ཟད་པར་བྱའོ་སྙམ་པ་སྟེ། མི་གཏོང་ཞེས་བྱ་བ་ནི་མི་འདོར་བར་བཤད་པའོ།། གལ་ཏེ་དེ་ལྟ་ན་ཇི་ལྟར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་གྲུབ་པར་འགྱུར་ཞེ་ན། ཟག་པ་དང་བཅས་པའི་ཆོས ་ཀྱི་རྣམ་པར་སྨིན་པའི་ལུས་ནི་མེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཟག་པ་མེད་པའི་དངོས་པོའི་ཆོས་ཀྱི་སྐུ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ན་ཡང་རྒྱུན་ཆད་པར་མི་འགྱུརརོ་ཞེས་གྲུབ་པའི་མཐའ་ལས་འབྱུང་།། དེའི་ཕྱིར ་དེའི་སྟོང་པ་ཉིད་ནི་དོར་བ་མེད་པ་ཉིད་ཅེས་བྱའོ།། རིགས་ཀྱང་རྣམ་པར་དག་བྱའི་ཕྱིར་ཞེས་བྱ་བ་ལ། དེའི་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད། དེ་ཉིད་ཀྱི་ཕྱིར་རིགས་ནི་རང་བཞིན་ཞེས་བཤདདོ།། འདི་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ངོ་བོ་ཉིད་ཀྱི་ཕྱིརརོ་ཞེས་བྱ་བ་སྨོསོ།། ངོ་བོ་ཉིད ་ནི་ཐོག་མ་མེད་པའི་དུས་ཅན་ཏེ། གློ་བུར་དུ་བྱུང་བ་མ་སོན་ཞེས་བྱ་བའི་ཐེ་ཚོ་གཽ།། ཇི་ལྟར་ཐེག་མ་མེད་པ་ཅན་གྱི་འཁོར་བ་ན་ལ་ལ་ནི་སེམས་དང་བཅས། ལ་ལ་ནི་སེམས་མེད་པ་དེ་བཞིན་དུ་འདིར་ཡང་སྐྱེ་མཆེད་དྲུག་པོ་ཁ་ཅིག་ནི་སངས་རྒྱས་ཀྱི་རིགས་ཁ ་ཅིག་ཉན་ཐོས་ལ་སོགས་པའི་རིགས་ཞེས་བྱའོ།། རིགས་ནི་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་འོངས་པས་སེམས་དང་སེམས་མེད་པའི་བྱེ་བྲག་བཞིན་ཏེ། གློ་བུར་དུ་བྱུང་བ་མ་ཡིནོ།། གཞན་དག་ན་རེ་སེམས་ཅན་ཐམས་ཅད་དེ་བཞིན ་གཤེགས་པའི་རིགས་ཡིན་པས། འདིར་རིགས་ཞེས་བྱ་བ་ནི་དེ་བཞིན་དུ་ཤེས་པར་བྱའོ་ཞེའོ།། མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་རྣམས་དཔེ་བྱད་བཟང་པོ་རྣམས་དང་བཅས་པའི་སྟོང་པ་ཉིད་ནི་མཚན་ཉིད ་སྟོང་པ་ཉིད་ཅེས་བྱའོ།། གཞན་ཡང་སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར།། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད།། སྒྲུབ་པར་བྱེད་པ་ཐ་མར་བརྗོད།། དགེ་གཉིས་ཐོབ་པར་བྱ་བའི་ཕྱིར།། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད།། རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར།། བྱང ་ཆུབ་སེམས་དཔའི་སྒྲུབ་པར་བྱེད།། ཅེས་ཐམས་ཅད་དང་སྦྱ་རོ།། སངས་རྒྱས་ཀྱི་ཆོས་དེ་གང་དག་ལ་ཞེ་ན། དེའི་ཕྱིར་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའོ་ཞེས་བྱ་བ་སྨོསོ།། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་བདག ་གིས་འབད་པར་བྱའོ་ཞེས་སྒྲུབ་པར་བྱེད་པས་དེའི་ཕྱིར་རྣམ་པར་བསྒོམ་པ་ཞེས་བྱ་སྟེ། དེའི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ།། འདིར་རྣམ་པར་བསྒོམ་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ཤེས་པར་བྱ་བ་ལ་ཤེས་པ་བར་ཆད་མེད་པར་འཇུག་པ་སྟེ། དེ ་ལྟར་རེ་ཞིག་སྟོང་པ་ཉིད་ལ་སོགས་པ་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཐུག་གི་བར་དུ་སྟོང་པ་ཉིད་བཅུ་བཞི་རྣམ་པར་བཞག་པར་ཤེས་པར་བྱའོ།། ཟ་བ་པོ་ལ་སོགས་པ་འདི་ལ་སྟོང་པ་ཉིད་གང་ཡིན་ངོ་བོ་ཉིད་ནི་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གང་ཟག་དང་ནི་ཚེ ་རྣམས་ཀྱི། དངོས་པོ་མེད་འདིར་སྟོང་པ་ཉིད། དེ་དངོས་མེད་པའི་དངོས་ཡོད་ལ།། དེ་ལ་དེ་ཉིད་གཞན་ཞེས་བྱ་བ་གསུང་སོ།། དེ་ལ་ཇི་སྐདདུ་བཤད་པའི་ཟབ་པོ་ལ་སོགས་པ་ལ་གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་སྟོང་པ་ཉིད།། དངོས་པོ་མེད་པ་དེའི་དང ་པོ་ཡོད་པ་ཡང་སྟོང་པ་ཉིད།། དེ་ལ་གང་ཟག་དང་ཆོས་དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད།། དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད།། འདི་དག་གི་ནང་ནས་སྟོང་པ་ཉིད་རྣམ་པ་གཉིས་ཅིའི་ཕྱིར་ཐ་མར་རྣམ་པར ་བཞག་ཅེ་ན། དེའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཞེས་བྱ་བ་སྨོས།། སྟོང་པ་ཉིད་བསྟན་པ་ཡང་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་གང་ཟག་དང་ཆོ་སུ་སྒྲོ་འདོགས་པ་དང་། དེའི་སྟོང་པ་ཉིད་ལ་སྐུར་པ་འདེབས་པ་བསལ་བའི་ཕྱིར་གོ་རིམས་བཞིན་ཞེས་བྱ་བ ་སྨོས་ཏེ། གང་ཟག་དང་ཆོསུ་སྒྲོ་འདོགས་པ་བསལ་བའི་དོན་དུ་དངོས་པོ་མེད་པ་སྟོང་པ་ཉིད་རྣམ་པར་བཞགོ།། དེའི་སྟོང་པ་ཉིད་ལ་སྐུར་པ་འདེབས་པ་བསལ་བའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད།། གལ་ཏེ་དངོས་པོ་མེད་པ་སྟོང་པ་ཉིད་མ་བརྗོད་ན། ་ཀུན་བརྟགས་པའི་ངོ་བོ་ཆོས་དང་གང་ཟག་གཉིས་ཡོད་པར་འགྱུ་རོ།། གལ་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་མོ་བཤད་ན། སྟོང་པ་ཉིད་ཀྱི་དངོས་པོ་མེད་པར་འགྱུར་རོ།། དེ་མེད་ན་ཡང་གང་ཟག་དང་ཆོས་གཉིས་སྔ་མ་བཞིན་དུ་དངོས་པོར་འགྱུརརོ།། ་དེ་ལ་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་རང་བཞིན་ནང་གི་སྐྱེ་མཆེད་བྱིས་པ་རྣམས་ཀྱིས་ཟ་བར་བསམས་པ་རྣམས་ལ་ཟ་བའི་གང་ཟག་དང་བརྟགས་པའི་མཚན་ཉིད་དམིགས་ལ་སོགས་པ་རྣམས་མེད་པ་དང་དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི ་ནང་སྟོང་པ་ཉིད།། ཕྱིའི་སྐྱེ་མཆེད་གཟུགས་ལ་སོགས་པ་རྣམ་པར་རིག་པ་སྣང་བའི་ངོ་བོ་ཉིད་བྱིས་པ་རྣམས་ཀྱིས་སྤྱད་པར་བྱ་བར་བསམས་པ་རྣམས་ལ་བདག་གིས་ཟ་བ་དང་། ཡོངསུ་བརྟགས་པའི་མཚན་ཉིད་གཟུགས་ལ་སོགས་པའི་དངོས་པོ་མེད་པ་དང་། ་དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ཕྱི་སྟོང་པ་ཉིད།། དེའི་ལུས་ཏེ་ཁོག་པ་ལ་ཟ་བའི་གང་ཟག་དང་། བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་དང་། ལུས་ཀྱི་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ཕྱི་ནང ་སྟོང་པ་ཉིད།། སྣོད་ཀྱི་འཇིག་རྟེན་ལ་སེམས་ཅན་གྱི་འཇིག་རྟེན་གྱི་དངོས་པོ་མེད་པ་དང་། ཀུན་བརྟགས་པ་དེ་རང་གི་ངོ་བོས་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ཆེན་པོ་སྟོང་པ་ཉིད།། སྟོང་པ་ཉིད་ཤེས་པ་དང་དོན་དམ་པའི ་རྣམ་པ་ལ་ཡང་། ཤེས་པ་པོ་དང་རྣམ་པ་འཛིན་པ་པོའི་གང་ཟག་དང་། ཀུན་བརྟགས་པའི་མཚན་ཉིད་སྟོང་པ་ཉིད་ཤེས་པ་དང་། དོན་དམ་པའི་རྣམ་པའི་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དང་། དོན ་དམ་པ་སྟོང་པ་ཉིད་གོ་རིམས་བཞི་ནོ།། ད་ནི་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་འདུས་བྱས་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐུག་གི་བར་དུ་བྱང་ཆུབ་སེམས་དཔའ་བསྒྲུབ་དགོས་པ་རྣམས་ལ། གང་ཟག་དང་ཀུན་བརྟ ་པའི་མཚན་ཉིད་ཆོས་རྣམས་ཀྱིས་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པ་མེད་པའི་དངོས་པོ་ཡོད་པ་ནི་འདུས་བྱས་སྟོང་པ་ཉིད་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའི་བར་དུ་གོ་རིམས་བཞིན་ཏེ། འདི་ལྟར་འདུས་བྱས་ལ་བདག་པོ་འམ་སྦྱོར་བ ་པོའི་གང་ཟག་ཀྱང་མེད། འདུས་བྱས་ཀྱང་བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་བདག་ཉིད་མེ་དོ།། མདོར་བསྡུས་ན་རྣམ་པར་རྟོག་པའི་འཛིན་པ་ཐམས་ཅད་ཀྱི་གཉེན་པོ་དང་། མདོ་སྡེའི་དགོངས་པ་ཐམས་ཅད་ལུང་བསྟན་པའི་ཕྱིར། ཉན་ཐོས་དང ་ཐུན་མེད་མ་ཡིན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོང་པ་ཉིད་བཅུ་དྲུག་པོ་འདི་དག་བཤདདོ།། འདིར་ནི་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ཀྱི་ཡུལ་དང་། སྟོང་པ་ཉིད་ཀྱི་རང་བཞིན་དང་སྟོང་པ་ཉིད་བསྒོམ་པའི་དགོས་པ་ཡང་རབ་ཏུ་བསྟན་ཏོ།། དེ་ལ་སྟོང་པ ་ཉིད་ཀྱི་ཡུལ་ནི་ཟ་བ་ལ་སོགས་པའི་དོན་ནས་སངས་རྒྱས་ཀྱི་ཆོས་ལ་ཐུག་གི་བར་དུའོ།། དེ་རབ་ཏུ་བསྟན་པ་ཡང་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པར་ཤེས་པར་བྱེད་པའི་ཕྱིརརོ།། སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། དངོས ་མེད་པའི་དངོས་པོའི་ངོ་བོ་ཉིད།། སྟོང་པ་ཉིད་ཀྱི་རང་བཞིན་རབ་ཏུ་བསྟན་པ་ཡང་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་གཉེན་པོར་ལྟ་བ་ཐམས་ཅད་ལས་ངེས་པར་འབྱུང་བའི་བདག་ཉིད་ཤེས་པར་བྱེད་པའི་ཕྱིརརོ།། སྟོང་པ་ཉིད་བསྒོམ་པའི་དགོས་པ་ནི་དགེ་བ ་གཉིས་ཐོབ་པར་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་བར་དུའོ།། དེ་བསྟན་པ་ཡང་བདག་དང་གཞན་གྱི་གཟུགས་དང་། ཆོས་ཀྱི་སྐུ་ཕུན་སུམ་ཚོགས་པའི་མཆོག་ནི་སྟོང་པ་ཉིད་བསྒོམ་པ་ལས་འཐེབོ་ཞེས་རབ་ཏུ་བསྟན་པའི་ཐ་ཚིགོ།། ་དེ་ལྟར་སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཤེས་པར་བྱའོ་ཞེས་བྱ་བ་ནི་དྲི་མ་དང་བཅས་པའི་དུས་ན་ཀུན་ནས་ཉོན་མོངས་པ་དང་། དྲི་མ་མེད་པའི་དུས་ན་རྣམ་པར་དག་གོ།། ཞེས་བྱ་བ་དང་། ནང་སྟོང་པ་ཉིད་ལ་སོགས་པ་བཅུ་དྲུག་དབྱེ་བ་བཤད་མ་ཐག་པའི་རྣམ་པ ་ཡིན་པར་ཤེས་པར་བྱའོ།། དབྱེ་བ་སྨོས་པའི་འོག་ཏུ་དེ་སྒྲུབ་པ་སྨོས་པས་དབྱེ་བ་བཤད་པའི་འོག་ཏུ། སྒྲུབ་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། ཞེས་དྲིསོ།། འདིར་ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཉིད་དང་རང ་བཞིན་རྣམ་པར་དག་པ་ཉིད།། དེ་ལ་ཀུན་ནས་ཉོན་མོངས་པ་ཉིད་བསྒྲུབ་པའི་དབང་དུ་མཛད། གལ་ཏེ་ཉོན་མོངས་དེ་མ་གྱུར།། ལུས་ཅན་ཐ~ཾད་གྲོལ་བར་འགྱུར་ཞེས་བྱ་བ་གསུང་སོ།། རྣམ་པར་གྲོལ་བ་ནི་ཀུན་ནས་ཉོན་མོངས་པ་སྤངས་པའོ།། ཀུན་ནས་ཉོན ་མོངས་པ་སྤངས་པ་དེ་ཡང་ལམ་བསྒོམས་པསོ།། དེ་ལ་གལ་ཏེ་གཉེན་པོ་མ་སྐྱེས་པར་ཡང་ཆོས་རྣམས་ཀྱི་སྟོང་པ་ཉིད་གློ་བུར་གྱི་ཉེ་བར་ཉོན་མོངས་པ་རྣམས་ཀྱིས་ཤེས་བྱ་བ་ལ། ཡང་གི་སྒྲ་ནི་སྐྱེས་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པར་མི་འགྱུར་ན། དེ ་ལྟར་གྱུར་ན་ནི་ཀུན་ནས་ཉོན་མོངས་པ་མེད་པས་འབད་པ་ཉི་དུ་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ།། འབད་པ་མེད་པར་ཞེས་བྱ་བ་ནི་གཉེན་པོ་མེད་པ་ཉི་དུ་སྟེ། གཉེན་པོ་མེད་པར་ནི་སྲོག་ཆགས་རྣམས་ཐར་པ་མེདདོ།། དེའི་ཕྱིར་སོ་སོའི་སྐྱེ་བོའི་དུས་ན། དེ་བཞིན ་ཉིད་ལ་གློ་བུར་གྱི་དྲི་མ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་ཉི་དུ་གདོན་མི་ཟ་བར་ཁས་བླང་དགོས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཀུན་ནས་ཉོན་མོངས་པ་བསྒྲུབ་པ་ཡིནོ།། ད་ནི་རབ་ཏུ་དབྱེ་བ་རྣམ་པར་དག་པ་སྒྲུབ་པའི་ཕྱིར་གལ་ཏེ་རྣམ་དག་དེ། ་མ་གྱུར།། འབད་པ་འབྲས་བུ་མེད་པར་འགྱུར་ཞེས་བྱ་བ་གསུང་སོ།། ལུས་ཅན་རྣམས་དང་སྦྱར་བར་བྱའོ།། ཅི་སྟེ་གཉེན་པོ་སྐྱེས་ཀྱང་ཞེས་བྱ་བ་ལ། ཀྱང་གི་སྒྲ་ནི་མ་སྐྱེས་པ་དང་འདྲེ་བར་རྣམ་པར་དག་པར་མི་འགྱུར་ན། དེ་ལྟར་གྱུར་ན་ནི་ཐར་བར་བྱ་བའི་ཕྱིར་རྩོལ ་བ་འབྲས་བུ་མེད་པར་འགྱུར་ཏེ། གཉེན་པོ་བསྒོམས་ཀྱང་དྲི་མ་དེ་དང་བྲལ་བར་མི་འགྱུར་བ་དང་། དྲི་མ་དང་བཅས་པ་ནི་གྲོལ་བར་མི་འཐད་པའི་ཕྱིར།། ཐར་པར་བྱ་བའི་ཕྱིར་འབྲས་བུ་མེད་པར་མི་འདོད་པས། དེའི་ཕྱིར་གཉེན་པོ་གོམས་པར་བྱས་ན། གློ ་བུར་གྱི་ཉེ་བའི་ཉོན་མོངས་པ་དང་བྲལ་བས། སྟོང་པ་ཉིད་ཀྱིས་རྣམ་པར་དག་པ་གདོན་མི་ཟ་བར་ཁས་བླང་དགོས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པར་དག་པ་བསྒྲུབས་པ་ཡི་ནོ།། འདིར་ཀུན་ནས་ཉོན་མོངས་པའི་ཆོས་ཉེ་བར་བཟུང་བས་ཀུན་ནས ་ཉོན་མོངས་ལ་རྣམ་པར་དག་པའི་ཆོས་ཉེ་བར་བཟུང་བ་རྣམ་པར་དག་གི། སྟོང་པ་ཉིད་ལ་མངོན་དུ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་དག་པར་ནི་མི་འདོདདོ།། ཆོས་ཉིད་ནི་ཆོས་ཀྱི་ཁ་ནས་ལས་པས། དེའི་ཕྱིར་ལུས་ཅན་ཐ~ཾད་གྲོལ་བར་འགྱུར་ཞེས་གསུངས་ཏེ། ་འདིར་ལུས་ཅན་ཞེས་བྱ་བ་ནི་དེའི་རྒྱུ་ཉི་དུ་བཤད་པ་ཡིན།། གཞན་དུ་ན་གལ་ཏེ་སྟོང་པ་ཉིད་ལ་མངོན་དུ་ཀུན་ནས་ཉོན་མོངས་པའམ། རྣམ་པར་དག་པར་གྱུར་དུ་ཟིན་ན་ནི། དེའི་ཕྱིར་ལུས་ཅན་རྣམས་དང་འབྲེལ་པ་ཅི་ཡོད་ན་འདི་ལྟར་སྟོང་པ་ཉིད་རྣམ་པར ་དག་པས་ལུས་ཅན་རྣམས་རྣམ་པར་དག་པ་དང་། སྟོང་པ་ཉིད་ཀུན་ནས་ཉོན་མོངས་པས་ཀྱང་། ཀུན་ནས་ཉོན་མོངས་པ་ཞེས་བྱ། གལ་ཏེ་སོ་སོའི་སྐྱེ་བོའི་དུས་ན་དག་པ་ཉོན་མོངས་གའཕགས་པའི་དུས་ན་དག་པ་ཡིན་ན་ནི། དེའི་ཕྱིར། ཉོན་མོངས་མ ་ཡིན་མི་མོངས་མིན།། དེ་ནི་ངག་དང་མ་དག་མིན།། ཞེས་བྱ་བ་འདི་གྲུབ་པ་ཡི་ནོ།། ཇི་ལྟར་ཉོན་མོངས་པར་གྱུར་པ་མ་ཡིན་ལ་མ་དག་པ་ཡང་མ་ཡིན་ཞེ་ན། དག་པ་གཉིས་ཀྱིས་སྐབས་ཁོང་དུ་ཆུད་པར་བྱེད་པས་དག་པ་ཉིད། འདིར་ལུས་དང་སེམས་རང ་བཞིན་གྱིས་འོད་གསལ་བའི་ཕྱིར་ཞེས་འབྱུང་།། འདིར་ནི་སེམས་ཀྱི་ཆོས་ཉིད་ལ་སེམས་ཀྱི་སྒྲར་བཤད། སེམས་ཉིད་དྲི་མའི་མཚན་ཉིད་ཀྱི་ཕྱིར།། ཇི་ལྟར་ཉོན་མོངས་པར་མ་གྱུར་པ་མ་ཡིན་པ་ཡང་མ་ཡིན་ལ་རྣམ་པར་དག་པ་ཡང་མ་ཡིན་ཞེ་ན། ཉོན་མོངས་པ ་ཉིད་ཡིན་པར་དགག་པ་ཉིད་ཀྱིས་ཁོང་དུ་ཆུད་པར་བྱེདདོ།། དེ་ཡང་གློ་བུར་གྱི་ཉོན་མོངས་པས་ཉོན་མོངས་པ་ཡིན་གྱི། རང་བཞིན་གྱིས་ནི་མ་ཡིན་ཞེས་སྟོན་ཏོ།། དེ་ཡང་ལུང་ལས་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ཉེ་བར་ཉོན་མོངསོ་པ་ཞེས་འབྱུང་།། ། ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་གཉིསུ་ཕྱེ་སྟེ་བཤད་ན། ཅིའི་ཕྱིར་དབྱེ་བ་རྣམ་པ་བཞིར་བཤད་ཅེ་ན། ཁ་ཅིག་ན་རེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ལས་ཁྱད་པར་དུ་བསྟན་པའི་ཕྱིར་ཏེ། འཇིག་རྟེན་གྱི་ལམ་ནི་རང་གི་སའི ་དྲི་མ་རྣམས་ཀྱི་ཉོན་མོངས་ཀྱི། དེའི་གཉེན་པོའི་ཕྱིར་འོག་མས་ནི་མ་ཡིན།། འཇིག་རྟེན་ལས་འདས་པའི་ལམ་ནི་ཆུ་ངུ་དང་། འབྲིང་པོ་ལ་སོགས་པའི་བྱེ་བྲག་གིས་ནི་མ་དག་གི། ཟག་པ་མེད་པས་ནི་དག་པ་སྟེ། སྟོང་པ་ཉིད་ནི་དེ་ལྟ་མ་ཡིནོ་ཞེའོ།། ཀུན་ནས་ཉོན ་མེངས་པ་མ་ཡིནོ་ཞེས་བཤད་པ་ལ། གཞན་དག་ན་རེ་མིག་ལ་སོགས་པ་དང་བྱེ་བྲག་ཡོད་པས་མ་དག་པ་མ་ཡིནོ།། མིག་ལ་སོགས་པ་ནི་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཡིན་པས་ཉོན་མོངས་པ་མ་ཡིན་ལ། དེ་དག་གིས་ཟག་པ་དང་བཅས ་པས་རང་བཞིན་གྱིས་རྣམ་པར་དག་པ་མ་ཡིན་པས། མ་དག་པ་ཡིན་ཞེས་བཤད་དོ།། དེ་བཞིན་དུ་ཉོན་མོངས་པ་དེ་ཡང་མ་ཡིན་ཞེ་ན། བཤད་པ་ལ། དག་པ་མ་ཡིན་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དགེ་བ་དང་བྱེ་བྲག་ཡོད་པའི་ཕྱིར་ཏེ། ཟག་པ་དང ་བཅས་པའི་དགེ་བ་ནི་འཁོར་བར་གཏོགས་པས་ཉོན་མོངས་པར་མེད་པ་མ་ཡིན་ལ། རྣམ་པར་སྨིན་པ་ཡི་དུ་འོང་བས་དག་པ་སྟེ། ཆོས་ཉིད་ནི་དེ་ལྟ་མ་ཡིནོ།། དེ་ནི་ཉོན་མོངས་པའི་དུས་ན་ཉོན་མོངས་པ་ཅན་ཡིན་ལ་མ་དག་པ་ཉིད་ཅེས་བཤདདོ།། དེ་ལྟར ་སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པའི་བསྟན་པ་འདི་བསྒྲུབས་པ་ཡིནི།། སྟོང་པ་ཉིད་ཀྱི་དོན་བསྡུས་པ་ནི་མཚན་ཉིད་དང་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལ་མཚན་ཉིད་ནི་དངོས་པོ་མེད་པའི་མཚན་ཉིད་དང་དངོས ་པོའི་མཚན་ཉིད་ཞེས་བྱ་བ་ལ་གཉིས་ཀྱིས་དངོས་པོ་མེ་དོ་ཞེས་བཤད་པས། དངོས་པོ་མེད་པའི་མཚན་ཉིད།། དངོས་པོ་མེད་པའི་དངོས་པོ་ཞེས་བཤད་པས་དངོས་པོའི་མཚན་ཉིད་།། དངོས་པོའི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་མེད་པའང་མ་ཡིན་ཞེས་བཤད ་པས། དངོས་པོ་ཡོད་པ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་དང་། དེ་ཉིད་དང་གཞན་ལ་རྣམ་པར་གྲོལ་བའི་མཚན་ཉིད། འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད།། དེ་བས་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང་ཐ་དད་གཅིག་པའི་མཚན ་ཉིད་མིན་ཞེས་བཤད། དེ་ལྟར་ན་མཚན་ཉིད་ཀྱིས་དོན་བསྡུས་པའོ།། རྣམ་པར་བཞག་པའི་དོན་བསྡུས་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་རྣམ་པར་བཞག་པ་ནི་རྣམ་གྲངས་ལ་སོགས་པ་རྣམ་པར་བཞག་པར་རིག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། རྣམ ་གྲངས་དང་དེའི་དོན་དང་དེའི་དབྱེ་བ་དང་དེ་སྒྲུབ་པ་ཞེས་བྱ་བའི་ཐ་ཚིགོ།། མཚན་ཉིད་ལ་སོགས་པ་རྣམ་པ་བཞི་པོ་འདི་དག་བསྟན་པས་ཉེ་བའི་ཉོན་མོངས་པ་རྣམ་པ་བཞིའི་གཉེན་པོར་རང་གི་མཚན་ཉིད་དང་ལས་ཀྱི་མཚན་ཉིད་དང་། ཀུན་ནས་ཉོན་མོངས ་པ་དང་། རྣམ་པར་བྱང་བའི་མཚན་ཉིད་དང་། རིག་པའི་མཚན་ཉིད་བརྗོད་པ་ཡིནོ།། དེ་ལ་རྣམ་པར་རྟོག་པའི་གཉེན་པོར་རང་གི་མཚན་ཉིད། དེ་ནི་དངོས་པོ་དང་དངོས་པོ་མེད་པ་དང་གཉི་ག་དང་ཐ་དད་གཅིག་པ་ཉི་དུ་འཛིན་པའི་བདག་ཉིད་།། སྟོང་པ་ཉིད་ཀྱི་མཚན ་ཉིད་ཐོས་ནས་མ་མོས་པ་རྣམས་ཀྱིས་སྐྲག་པར་འགྱུར་བ་དེའི་གཉེན་པོར་ལས་ཀྱི་མཚན་ཉིད་། མ་ནོར་བ་དེ་བཞིན་ཉིད་ཀྱི་ལས་དང་། ཕྱིན་ཅི་མ་ལོག་པའི་ལས་དང་། མཚན་མ་ཐམས་ཅད་སྤོང་བའི་ལས་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས ་ཐམས་ཅད་ཀྱི་ཡུལ་ཉི་དུ་གནས་པའི་ལས་དང་། དམིགས་ན་འཕགས་པའི་ཆོས་ཀྱི་རྒྱུའི་དངོས་པོའི་ལསོ།། དེ་ལྟར་སྟོང་པ་ཉིད་ཀྱི་རང་གི་ངོ་བོ་དང་ལས་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་ལེ་ལོ་ཅན་རྣམས་ཀྱི་ལེ་ལོ་བསལ་བའི་ཕྱིར། རབ་ཏུ་དབྱེ་བའི ་མཚན་ཉིད།། དེ་ཇི་ལྟར་ཀུན་ནས་ཉོན་མོངས་པར་འགྱུར་རྣམ་པར་དག་པར་འགྱུར་སྙམ་པའི་སོམ་ཉི་ཟ་བ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་རིགས་པའི་མཚན་ཉིད།། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་མཚན་ཉིད་ཀྱི་ལེའུ་བཤད ་བཤད་པ་སྟེ། དང་པོའི་འགྲེལ་བཤདདོ།། །། མཚན་ཉིད་བཤད་པའི་འོག་ཏུ་སྒྲིབ་པ་བཤད་པའི་སྐབས་ཡིན་ཏེ། དེའི་འོག་ཏུ་སྨོས་པས་དེའི་ཕྱིར་སྒྲིབ་པའི་དབང་དུ་མཛ་དེ་ཞེས་བྱ་བ་སྨོས།། ཁྱབ་དང་ཉི་ཚེ་ལྷག་པ་དང་།། མཉམ་དང་ལེན་དང་སྦྱོང་བ་ནི།། གཉིས ་ཀྱིས་སྒྲིབ་པར་བསྟན་པ་ཡིན།། གཉིས་པོ་དག་ནི་སྒྲིབ་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་དང་། ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱི་སྒྲིབ་པའོ།། སྒྲིབ་པར་བྱ་བའི་དོན་ཐ་དོད་པས་སྒྲིབ་པ་ཐ་དད་པར་རབ་ཏུ་བསྟན་པའི་ཕྱིར་ལེའུ་འདི་བརྩམ ་སོ།། དེ་ལ་ཁྱབ་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ་ཞེས་བྱ་བ་ནི།། ཁྱབ་པར་བྱེད་པས་ཁྱབ་པ་སྟེ། དོན་མཐའ་དག་ལ་སྒྲིབ་པའི་ཕྱིརརོ།། དོན་མཐའ་དག་ནི་བདག་གི་དོན་དང་གཞན་གྱི་དོན་ཏོ།། ཡང ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་གཉིས་བཏགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་ལ་ཁྱད་པར་བྱེད་པས་ཁྱབ་པ་ཞེས་བྱའོ།། ཉོན་མོངས་པ་ཉིད་སྒྲིབ་པས་ན་སྒྲིབ་པའོ།། ཉོན་མོངས་པ་ཉིད་ཀྱི་ཆོས་ཁོ་ནར་འདྲ་བས། འདིར་ནི་ཉེ་བའི་ཉོན་མོངས ་ང་ཉོན་མོངས་པའི་སྒྲར་གཟུང་།། གཞན་དུ་ན་ནི་ཉོན་མོངས་པའི་མཆིན་ཉིད་རྣམ་པ་དགུ་ཞེས་བྱ་བར་ཕྲག་དོག་དང་སེར་སྣ་གཉིས་གཟུང་བར་མི་འགྱུར་ཏེ། དེ་གཉིས་ཉེ་བའི་ཉོན་མོངས་པ་ཡིན་པའི་ཕྱིརརོ།། ཤེས་བྱ་ལ་སྒྲིབ་པས་ཤེས་བྱའི་སྒྲིབ་པ་སྟེ། དེས་ཤེས ་བྱ་རབ་ཏུ་སྒྲིབས་པས་ཤེས་པའི་ཡུལ་དུ་མི་འགྱུར་རོ།། ཡང་ན་ཤེས་བྱ་བ་ལ་ཡེ་ཤེས་ཀྱི་སྒྲིབ་པ་ཡིན་ཏེ། ཤེས་པར་བྱ་བ་ལ་ཡེ་ཤེས་སྐྱེ་བའི་བགེགས་བྱེད་པའི་ཕྱིརརོ།། ཤེས་བྱ་དང་སྒྲིབ་པའི་བར་གྱི་ཚིག་མ་སྨོས་པར་མར་གྱི་བུམ་པ་བཞི་ནོ།། དེ་ཡང་ཉོན་མོངས ་པ་ཅན་མ་ཡིན་པའི་མི་ཤེས་པའོ།། བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱིས། བདག་དང་གཞན་གྱི་དོན་ཕུལ་དུ་བྱུང་བ་ཐོབ་པ། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་ཐམས་ཅད་ཀུན་ལ་རྒྱུན་དུ་བྱ་བ་དེ་ལ ་གཉི་ག་ཡང་བགེགསུ་གྱུར་པས་དེའི་ཕྱིར། དེ་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་སྒྲིབ་པར་རྣམ་པར་བཞགོ།། དེ་ལ་ཁྱབ་པ་ནི་ཐམས་ཅད་ཡུལ་ཡིན་ལ་མཐའ་དག་ཅེས་བྱ་བ་ནི་རྣམ་པ་ཐ~ཾད་ལ་བྱ་ན། ཇི་ལྟར་མཐའ་དག་གིས་ཁྱབ་པར་ཤེས་པར་བྱེད་པར ་འགྱུར་ཞེ་ན། མཐའ་དག་གི་ཕྱིར་ཁྱབ་པའི་སྒྲིབ་པར་བརྗོད་རྒྱུར་བསྟན་པས་འགྱུརརོ།། ཡང་ན་ཁྱབ་པའི་སྒྲ་ནི་མ་ལུས་པའི་དོན་དུ་བསྟན་པའི་ཕྱིར། མཐའ་དག་གི་ཕྱིརརོ་ཞེས་སྨོསོ།། ཉི་འཚེ་བ་ནི་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱིས་ཉོན་མོངས་པའི ་སྒྲིབ་པའོ་ཞེས་བྱ་བ་ནི། བདག་གི་དོན་ཙམ་ལ་སྒྲིབ་པས་སྒྲིབ་པར་བརྟགས་པ་དང་ཁྱབ་པ་མ་ཡིན་པའི་ཕྱིར་ཉི་ཚེ་བ་ཞེས་བྱའོ།། ཉན་ཐོས་དང་རང་སངས་རྒྱས་རྣམས་ལྔ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་མེད་དམ་ཞེ་ན། འདི་ལྟར་དེ་དག་ལ་ཉོན་མོངས ་པོའི་སྒྲིབ་པ་ཉིད་རྣམ་པར་བཞག་ཅེ་ན། ཡོད་མེད་ཀྱི་དེ་ནི་དེ་དག་གི་སྒྲིབ་པ་མ་ཡིན་ཏེ། དེ་ཡོད་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པའི་ཕྱིརརོ།། མི་ཤེས་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡུལ་ལ། ཉན་ཐོས་ལ་སོགས་པའི ་ཤེས་པ་སྐྱེ་བའི་བགེགསུ་གྱུར་པ་ཡང་མ་ཡིན་ནམ། དེ་བས་ན་དེ་དག་ལ་ཡང་སྒྲིབ་པ་གཉི་ག་ཡོད་པར་འགྱུར་རོ།། དེའི་ཕྱིར་ཉན་ཐོས་ལ་སོགས་པ་ནི་ཉོན་མོངས་པའི་སྒྲིབ་པ་ཁོ་ནའོ་ཞེས་བརྗོད་པར་མི་བྱའོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་མ་རིག་པ་ནི་ཉོན ་མོངས་པར་གྱུར་པ་དང་། རིག་པའི་མྱི་མཐུན་པའི་ཕྱོགསུ་གྱུར་པ་དང་། འཁོར་བའི་རྩ་བར་གྱུར་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་ཉིད་དུ་རྣམ་པར་བཞག་གི། ཤེས་བྱའི་སྒྲིབ་པ་ནི་མ་ཡིན་ཏེ། སོམ་ཉི་བཞི་ནོ།། དཔེར་ན་སྡུག་བསྔལ་གྱི་བདེན་པ་ལ་སོགས ་པའི་ཡུལ་ལ་སོམ་ཉིད་ཟ་བ་ནི་ཐེ་ཚོམ་དང་ཉོན་མོངས་པ་ཤེས་བྱ་བའི་ཡུལ་གཞན་ལ་ནི་མ་ཡི་ནོ།། ཡུལ་གཞན་ལ་ནི་སོམ་ཉི་ཉིད། ཉོན་མོངས་པ་ཡང་མ་ཡིན་ཐེ་ཚོམ་ཡང་མ་ཡི་ནོ།། དེ་བཞིན་དུ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པའི་ཡུལ་ཉིད་ལ ་མི་ཤེས་པ་ནི་མ་རིག་པ་དང་ཉོན་མོངས་པ་ཞེས་བྱ་བའི་ཡུལ་གཞན་ལ་མ་ཡིནོ།། ཡུལ་གཞན་ལ་ནི་མི་ཤེས་པ་ཉིད་ཡིན་ཏེ། མ་རིག་པའང་མ་ཡིན་ཉོན་མོངས་པའང་མ་ཡིནོ།། དེ་ལྟ་བས་ན་དེ་ནི་ཤེས་པར་བྱ་བ་ལ་ཡེ་ཤེས་ཙམ་འཇུག་པ ་ལ་སྒྲིབ་པའི་ཕྱིར། ཤེས་བྱའི་སྒྲིབ་པ་ཞེས་བྱ་སྟེ། མ་རིག་པ་ལྟར་ཉོན་མོངས་པ་དང་ལས་དང་ཚེ་རྣམས་ཀྱང་འབྱུང་བ་ནི་མ་ཡིནོ།། གལ་ཏེ་དེ་ལྟ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པར་རྣམ་པར་མི་བཞགོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེཾ ་རྣམས་ནི་ཐོས་པའི་ཚོགས་ཀྱིས་རབ་ཏུ་དབྱེ་བའི་ཕྱིར། དེ་དག་གི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། དེ་སྐད་དུ་རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།། དེ་བས་གཞན་དག་ཚར་གཅོད ་རྗེསུ་བཟུང་ཕྱིར་རམ།། རང་གིས་ཤེས་པར་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད་ཅེས་བཤདདོ།། ལྷག་པ་ནི་འདོད་ཆགས་ལ་སོགས་པའི་དངོས་པོ་ཆུང་ཡང་བྱང་ཆུབ་སེམས་དཔའི་རིགས་ཅན་དང་། ཉན་ཐོས་ལ་སོགས་པའི་རིགས་ཅན་དེ་དག་ལ་ཤས་ཆེ་བ་དང་རྒྱུན ་བྱུང་བའོ།། འདོད་ཆགས་ལ་སོགས་པ་སྤྱོད་པ་རྣམས་ཀྱི་སྒྲིབ་པའོ་ཞེས་བྱ་བ་ནི། སུ་དག་ཡུལ་ངན་པ་ལ་ཡང་འདོད་ཆགས་ལ་སོགས་པ་གང་ཡང་རུང་བ་ཤས་ཆེ་བ་དང་རྒྱུན་ཏུ་འབྱུང་བ་དེ་དག་ནི་འདོད་ཆགས་ལ་སོགས་པ་སྤྱོད་པའོ།། མཉམ་པ་ནི ་བྱང་ཆུབ་སེམས་དཔའི་རིགས་ཅན་དང་། ཉན་ཐོས་ལ་སོགས་པའི་རིགས་ཅན་དེ་དག་ཉིད་ཀྱིས་སྒྲིབ་པ་སྟེ། མཉམ་པ་ནི་དེ་གཉི་གའི་རྣམ་པ་ཡང་མེད་པའི་ཕྱིརོ།། ཆ་མཚུངས་པར་སྤྱོད་པ་རྣམས་ཀྱི་སྒྲིབ་པའོ་ཞེས་བྱ་བ་ནི། སུ་དག་ཡུལ་དང་འདྲ་བར་ཉོན་མོངས ་སྐྱེའི་རྒྱུན་ཏུ་ནི་མ་ཡིན་པ་དེ་དག་ནི་ཆ་མཚུངས་པར་སྤྱོད་པའོ།། འཁོར་བ་ལེན་པ་དང་གཏོང་བའི་སྒྲིབ་པ་ནི་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེའི་དབང་གིས་འཁོར་བ་ཉེ་བར་ལེན་པ་དང་། ཤེས་རབ་ཀྱིས་དབང་གིས་འཁོར་བའི་ཉེས ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་སྟེ། སྟོང་པས་དེའི་ཕྱིར་ཉོན་མོངས་པ་མེད་པར་སེམས་ཅན་ལ་ལྟ་བས་སྐྱེ་བ་ཡོང་སུ་འཛིན་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པའི་ཕྱིརརོ།། དེའི ་སྒྲིབ་པ་ནི་ཉོན་མོངས་པས་ནོན་བཞིན་དུ་འཁོར་བ་ཉེ་བར་ལོན་པ་དང་། ཉེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ནས་སྙིང་རྗེ་མེད་པར་འཁོར་བ་ཡོངསུ་གཏོང་བའོ།། གཞན་དག་ན་རེ་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་བགེ་གསུ་གྱུར་པའི་ཕྱིར་མི་ཤེས་པ་ནི། ་རསྒྲིསྒྲིབ་པ་ཞེས་བྱའོ་ཞེའོ།། ཡང་ན་ཇི་ལྟར་དཀོན་མཆོག་བརྩེགས་པ་ཆེན་པོ་ལས། དེའི་བསམ་པ་མྱ་ངན་ལས་འདས་པ་ལ་ཡང་གནས་ལ། འཁོར་བ་ན་ཡང་སྦྱོར་བར་གནས་པ་ཞེས་བསྟན་པ་ལྟ་བུ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པའི་མྱ ་ངན་ལས་འདས་པའོ།། དེ་ལ་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་བལྟས་པའི་ཕྱིར་བསམས་པ་དང་སྦྱོར་བས་འཁོར་བ་ལེན་ཏེ། རིགས་མེད་པའི་སེཾན་བཞི་ནོ།། དེ་བཞིན་དུ་འཁོར་བ་ལ་རྒྱབ་ཀྱིས་བལྟས་པའི་ཕྱིར། མྱ་ངན་ལས་འདས་པར་སོང་བའི་བསམ་པ་དང་། སྦྱོར་བ་གཉིས ་ཀྱིས་འཁོར་བ་ཡང་ཡོང་སུ་གཏོང་སྟེ། ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཇི་ལྟ་བ་བཞི་ནོ།། དེ་ལྟར་འཁོར་བ་ལེན་པ་དང་དེ་གཏོང་བ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་ལ་སྒྲིབ་པ་སྟེ། འཁོར་བ་དང་མྱ་ངན་ཁས་འདས་པ ་གཉིས་ལས་མཐའ་གཅིག་ཏུ་ལྟུང་བའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པར་གྱུར་པའི་དུས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་འཁོར་བ་ལ་མི་གནས་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས ་འདས་པ་ན་ཡང་ཆོས་ཀྱི་སྐུ་རྒྱུན་མི་འཆད་པའི་ཕྱིར། ཉན་ཐོས་ལ་སོགས་པ་བཞིན་དུ་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། དེ་ལྟར་ན་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་ལ་མི་གན་སོ།། འདིར་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོ་ཌ ་པའི་ལམ་དང་། དེ་གཉིས་ཀྱི་སྦྱོར་བ་དང་། འབྲས་བུ་དང་མི་གནས་པའི་མྱ་ངན་ལས་འདས་པ་ལ་བགེགས་བྱེད་པའི་ཕྱིར་སྒྲིབ་པ་རྣམ་པ་ལྔ་པོ་འདི་དག་གྲངས་བཞི་ནོ།། དེ་ལྟར་འདི་དག་ནི་ཅི་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་མཐུན་མཐུན་དུའོ།། དེ་ལ ་དང་པོ་དང་ཐ་མ་ནི་བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱི་སྒྲིབ་པའོ།། དང་འོག་ནི་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱི་སྒྲིབ་པའོ།། གཞན་གཉིས་ནི་གཉི་གའི་སྒྲིབ་པའོ།། དེ་ལ་ཤེས་བྱའི་སྒྲིབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པར་བཤད ་དེ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ།། ཞེས་བྱ་བར་ཤེསོ།། གཉི་གའི་སྒྲིབ་པའི་ཉོན་མོངས་པའི་སྒྲིབ་ལ་རྣམ་པ་དུ་ཡོད་པ་དང་། རང་བཞིན་ཇི་ལྟ་བུ་དང་གང་གི་བགེགསུ་གྱུར་པ་མི་ཤེས་ཏེ། དེའི་ཕྱིར་ཉོན་མོངས་མཚན་ཉིད་རྣམ ་དགུའོ་ཞེས་བྱ་བ་གསུངས་ཏེ། སྒྲིབ་ཅེས་བྱ་བ་དང་སྦྱརོ།། ཉོན་མོངས་པའི་མཚན་ཉིད་ནི་ཉོན་མོངས་པའི་རང་བཞི་ནོ།། རྣམ་པ་དགུ་པོ་དེ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཀུན་ཏུ་སྦྱོར་རྣམས་ཞེས་བྱ་བ་གསུང་སོ།། སྡུག་བསྔལ་སྣ་ཚོགས་ལ་ཀུན་ཏུ་སྦྱོར་བས ་ཀུན་ཏུ་སྦྱོར་བ་རྣམ་སོ།། སྡུག་བསྔལ་སྣ་ཚོགས་ཀྱང་འདོད་པ་དང་། གཟུགས་དང་གཟུགས་མེད་པར་གཏོགས་པའི་ལུས་ཏེ། སྡུག་བསྔལ་གྱི་སྡུག་བས་པ་ཉིད་དང་འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཁམས་གསུམ་དང་ཅི་རིགསུ་སྦྱརོ།། དེ ་ཡང་རྗེ་སུཾ་ཆགས་པའི་ཀུན་ཏུ་སྦྱོར་བ་ནས། སིར་སྣའི་ཀུན་ཏུ་སྦྱོར་བའི་བར་དུའོ།། དེ་ལ་ཁོང་ཁྲོ་བ་ནི་ཞེ་སྡེའོ།། ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པའོ།། སཽར་ན་ནི་ཡོ་བྱད་ཀུན་འཛིན་པ་སྟེ། དེ་གསུམ་ནི་འདོད་པར་གཏོགས་པའོ།། རྗེ་སུ་ཆགས ་པའི་ཀུན་ཏུ་སྦྱོར་བ་ནི་ཁམས་གསུམ་གྱི་སྲིད་པའོ།། དེ་བཞིན་དུ་ང་རྒྱལ་དང་མ་རིག་པ་དང་ལྟ་བ་དང་། མཆོག་ཏུ་འཛིན་པ་དང་ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་རྣམས་ནི་ཁམས་གསུམ་པ་དག་ཉིད།། འཇིག་ཚོགས་དང་མཐར་འཛིན་པའི་ལྟ་བ་དང་། ལོག་པར་ལྟ་བ་རྣམས ་ནི་ལྟ་བའི་ཀུན་ཏུ་སྦྱོར་བའོ།། ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བའོ།། ཐེ་ཚོམ་ནི་བདེན་པ་དང་དཀོན་མཆོག་རྣམས་ལ་ཡིད་གཉིས་ཟ་བའོ།། གཞན་ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ ་གང་ཡིན་པ་དེ་དག་ཀྱང་ཉོན་མོངས་པའི་རྒྱུ་མཐུན་པ་དང་། ཉོན་མོངས་པར་གྱུར་པའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་ཉིད་དོ།། ཕྲོག་དོག་དང་སེར་སྣའི་གཙོ་བོ་ཡིན་པས་ཀུན་ཏུ་སྦྱོར་བས་བཟུང་།། མདོ་སྡེ་ལས་ཀྱང་འདི་སྐད་ཅེས། ཀཽ་ཤི་ཀ་ལྷ་དང་མི་རྣམས་ནི་ཕྲག ་དོག་དང་སེར་སྣའི་ཀུན་ཏུ་སྦྱོར་བའོ།། ཞེས་གསུང་སོ།། དེ་དག་ཀྱང་གང་ལ་སྒྲིབ་པ་ཡིན་ཞེ་ན་དེའི་ཕྱིར། སྐྱོ་བ་དང་ནི་བཏང་སྙོམས་དང་། དེ་ཁོ་ན་ནི་མཐོང་བ་དང་ཞེས་བྱ་བ་གསུང་སོ།། སྐྱོ་བ་ནི་ཡིད་འབྱུང་བའི་རྣམ་གྲངསུ་གཏོགས་པ་སྟེ། དེ་བས་རྗེ་སུ་ཆགས་པའི་ཀུན་ཏུ། ་སྦྱོར་བ་ནི་ཀུན་ཏུ་སྐྱོ་བ་ལ་སྒྲིའོ་ཞེས་བྱ་བ་སྨོས་ཏེ། དེས་ལུས་དང་འཚོ་བ་དང་། ལོངས་སྤྱོད་དང་བུ་སྨད་ལ་སོགས་པ་དང་། བསམ་གཏན་དང་གཟུགས་མེད་པ་རྣམས་ལ་ཡང་རྗེ་སུ་ཆགས་པས། འཁོར་བའི་སྡུག་བསྔལ་རྣམས་ཀྱིས་ཉེན ་ཡང་ཁམས་གསུམ་ལ་མི་སྐྱེའོ།། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་ནི་བཏང་སྙོམས་ལ་སྒྲིབ་ཏེ། ཇི་ལྟ་ཞེ་ན་དེའི་ཕྱིར། དེས་ནི་མི་མཐུན་པ་ཞེས་རྒྱ་ཆེར་སྨོསོ།། ཡིད་མི་བདེ་བའི་རྒྱུ་ཡིན་པས་མི་མཐུན་པའོ།། ཁོང་ཁྲོ་བའི་གཞི་སྟེ་ཁོང་ཁྲོ་བའི་རྒྱུ་ལ་བཏང་སྙོམསུ ་བྱེད་ཅིང་དུ་མི་བྱེད་པར་མི་ནུས།། རྗེ་སུ་ཆགས་པའི་གཞི་ནི་མི་མཐུན་པ་མེད་པས་བཏང་སྙོམསུ་མི་ནུས་པ་ནི། རིགས་ཀྱི་ཁོང་ཁྲོ་བའི་གཞི་ནི་མི་མཐུན་པ་ལ་ཡང་ཁོང་ཁྲོ་བ་སྟེ། བཏང་སྙོམ་སུ་མི་ནུས་པས་དེའི་ཕྱིར། རྗེསུ་ཆགས་པ་བས་སྡིག་ཚེ་བར། ་བསྟན་པའི་ཕྱིར་ཡང་ཞེས་བྱ་བ་སྨོས།། མཉམ་པར་འཇོག་པ་ན་གལ་ཏེ་འདུ་བྱེད་ཀྱི་བཏང་སྙོམས་ཐོབ་ན། དེ་ལྟར་དེའི་སེམས་མཉམ་པར་འགྱུར།། གལ་ཏེ་དེའི་ཁོང་ཁྲོ་བོའི་ཀུན་ཏུ་སྦྱོར་བ་ཤས་ཆེ་བར་འགྱུར་ན་ནི། དེའི་དབང་གིས་ཁོང་ཁྲོ་བའི་རྒྱུ ་དེ་ལ་བཏང་སྙོམས་མི་ཐོ་བ་སྟེ། དེ་བྱུང་ན་བདག་གི་དམིགས་པ་ལ་གདོན་མི་ཟ་བར་དམིགས་པར་འགྱུར་རོ།། དེ་ལྟར་རྗེ་སུ་ཆགས་པའི་ཀུན་ཏུ་སྦྱོར་བས་ནི་དབེན་པ་ཉིད་མི་འཐོའོ།། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བས་ནི་དབེན་པར་གྱུར་ཀྱང་ཏིང་འཛིན་མི། ་འཐོ་བོ།། ལྷག་མ་བདུན་པོ་ནི་དེ་ཁོ་ན་མཐོང་བ་ལ་སྒྲིབ་ཅེས་བྱ་བ་ནི། མ་ནོར་བར་མཐོང་བ་ལ་སྒྲི་བོ་ཇི་ལྟ་ཞེ་ན། ཞེས་བྱ་བ་ནི་མི་ཤེས་ཏེ་འདྲིའོ།། དེའི་ཕྱིར་དེ་དག་ནི་གོ་རིམས་བཞིན་དུ། འཇིག་ཚོགས་ལྷ་དང་དེའི་གཞི་དང་ཞེས་བྱ་བ་རྒྱ་ཆེར་གསུང་སོ།། ་ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་ནི་འཇིག་ཚོགས་ལ་ལྟ་བ་ཡོངསུ་ཤེས་པ་ལ་སྒྲིབ་པ་ཡི་ནོ།། དེ་ལ་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་ནི་ང་རྒྱལ་ཏེ། དེ་ཡང་ང་རྒྱལ་ལས་ཀྱང་ང་རྒྱལ་ལ་སོགས་པ་རྣམ་པ་བདུ་ནོ།། འཇིག་ཚོགས་ལ་ལྟ་བ ་ལ་བདག་དང་བདག་གིས་དང་གཟུང་བ་དང་འཛིན་པ་ལས་དབེན་པ་དང་བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་ཆོས་ཀྱི་རང་བཞིན་གྱིས་དབེན་པར་མཐོང་བ་གང་ཡིན་པ་དེ་ནི། འཇིག་ཚོགས་ལ་ལྟ་བ་ཡོངསུ་ཤེས་པའོ།། དེའི་སྒྲིབ་པ་ནི་ང་རྒྱལ་གྱི་ཀུན ་ཏུ་སྦྱོར་བ་ཡིན་ཏེ། དེ་སྐྱེ་བ་ལ་བགེགས་བྱེད་པའི་ཕྱིརརོ།། ཡང་གང་གི་ཚེ་ཇི་ལྟ་ཞེ་ན་དེའི་ཕྱིར་མངོན་པར་རྟོགས་པའི་དུས་ན་ངའོ་སྙམ་པའི་ང་རྒྱལ་བར་ཆད་དང་བཅས་པ་དང་། བར་ཆད་མེད་པར་ཀུན་ཏུ་འབྱུང་བའི་དབང་གིས་དེ་མ་སྤངས་པའི་ཕྱིརརོ་ཞེས་བྱ་བ ་སྨོས།། བདེན་པར་མངོན་པར་རྟོག་པའི་དུས་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དུསོ།། དེ་ལ་བར་ཆད་དང་བཅས་པ་ནི་གཉེན་པོས་བར་དུ་ཆོད་པའོ།། བར་ཆད་མེད་པ་ནི་གཉེན་པོས་བར་དུ་མ་ཆོད་པ་སྟེ། དེ་ཡང་གཉེན་པོ་ཆེ་བ་དང་ཆུང་བར་རིག་པར ་བྱའོ།། ཇི་སྲིད་དུ་ངའོ་སྙམ་པའི་ང་རྒྱལ་བར་ཆད་དང་བཅས་པ་དང་། བར་ཆད་མེད་པ་ཀུན་ཏུ་འབྱུང་བ་དེ་སྲི་དུ་འཇིག་ཚོགས་ལ་ལྟ་བ་སྤངས་པ་མེ་དོ།། འཇིག་ཚོགས་ལ་ལྟ་བའི་སྟོབས་ཀྱིས་ངའོ་སྙམ་པའི་ང་རྒྱལ་འབྱུང་བའི་ཕྱིརརོ།། མ་རིག་པའི་ཀུན་ཏུ་སྦྱོར་བ་ནི།། ་འཇིག་ཚོགས་ལ་ལྟ་བའི་གཞི་ཡོངསུ་ཤེས་པ་ལ་སྒྲིའོ།། འཇིག་ཚོགས་ལ་ལྟ་བའི་གཞི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། དེ་ལ་དམིགས་པ་ལས་བྱུང་བའི་ཕྱིར།། མདོ་སྡེ་ལས་ཀྱང་ཇི་སྐདདུ། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་བདག་དང་བདག ་གི་རྗེ་སུ་ལྟ་བ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཉིད་ལ་བརྟེན་ནས་རྗེ་སུ་བལྟའོ།། མངོན་པར་ཞེན་པ་ན་མངོན་པར་ཞེན་ཏོ་ཞེས་གསུང་སོ།། ཡོངསུ་ཤེས་པ་དེ་ཡང་ཇི་ལྟ་བུ་ཞེ་ན། ཕུང་པོ་རྣམས་ལ་བདག་གིས་སྟོང་པ་ཉིད་དང་། ་བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་ཆོས་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་དུ་མཐོང་བ་གང་ཡིན་པ་དང་། མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། བདག་མེད་པ་ཉིད་དང་། ཀུན་འབྱུང་བ་ལ་སོགས་པར་མཐོང་བ་གང་ཡིན་པ་དེ་ནི་དེ་དག་ཡོངསུ་ཤེས ་པའོ།། འདིར་རྒྱུ་སྨོས་པ་དེས་ཉེ་བར་ལེན་པའི་ཕུང་པོ་རྣམས་ཡོངསུ་མི་ཤེས་པའི་ཕྱིརརོ་ཞེས་བྱ་བའོ།། མ་རིག་པས་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་བསྒྲིབས་པའི་ཕུང་པོ་རྣམས་ལ་དེ་ཡོངསུ་ཤེས་པ་མེད་པའི་ཕྱིར། མ་རིག་པ་ནི་ཕུང་པོ ་ཡོངསུ་ཤེས་པ་ལ་སྒྲིབོ།། ལྟ་བའི་ཀུན་ཏུ་སྦྱོར་བ་ནི། འགོག་པའི་བདེན་པ་ཡོངསུ་ཤེས་པ་ལོ་སྒྲི་བོ།། ལྟ་བའི་ཀུན་ཏུ་སྦྱོར་བ་ནི་ལྟ་བ་ལ་གསུམ་སྟེ། འཇིག་ཚོགས་དང་། མཐར་འཛིན་པ་དང་། ལོག་པར་ལྟ་བ་རྣམ་སོ།། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི། ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་བདག་གམ་བདག་གིར་ལྟ་བའོ།། མཐར་འཛིན་པར་ལྟ་བ་ནི་བདག་ཏུ་མངོན་པར་བརྟགས་པའི་དངོས་པོ་དེ་ཉིད་ལ་རྟག་པར་ལྟ་བ་འམ། ཆད་པར་ལྟ་བའོ།། ལྟ་བ་གང་གི་རྒྱུ་འམ་པ་བྲས་བུ་འམ་བྱེད་པ་འམ། ཡོད་པའི ་དངོས་པོ་ལ་སྐུར་པ་འདེབས་པ་དང་། ལོག་པར་ཀུན་ཏུ་རྟོག་པ་དེ་ནི་ལོག་པར་ལྟ་བའོ།། འགོག་པའི་བདེན་པ་ཡོངསསུ་ཤེས་པ་ནི་ཞི་བ་ལ་སོགས་རྣམ་པ་རྣམསོ།། ཇི་ལྟར་དེ་ནི་དེ་ལ་སྒྲིབ་ཅེ་ན། དེའི་ཕྱིར་འཇིག་ཚོགས་དང་། མཐར་འཛིན་པ་གཉིས་ཀྱིས ་དེ་ལ་སྐྲག་པ་དང་། ལོག་པར་ལྟ་བས་དེ་ལ་སྐུར་བ་འདེབས་པའི་ཕྱིརརོ་ཞེས་བྱ་བ་སྨོསོ།། དེ་ལ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དག་གིས་བདག་དེར་མེད་པར་འགྱུར་རོ་ཞེས་འགོག་པ་ལ་སྐྲག་པར་འགྱུར་རོ།། ལོག་པར་ལྟ་བས་ཀྱང་འགོག ་བ་མེ་དོ་ཞེས་སྐུར་པ་འདེབ་སོ།། དེ་ལ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དག་གིས་ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བར་ཡོངསུ་མི་ཤེས་ལ། ལོག་པར་ལྟ་བས་འགོག་པར་ཡོངསུ་མི་ཤེས་ཏེ། དེ་ལྟར་ལྟ་བའི་ཀུན་ཏུ་སྦྱོར་བ ་ནི་འགོག་པ་ཡོངསུ་ཤེས་པ་ལ་སྒྲིའོ།། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ནི། ལམ་གྱི་བདེན་པ་ལ་ཡོངསུ་ཤེས་པ་ལ་སྒྲིབ་སྟེ་ཞེས་བྱ་བ་དེ་ལ་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ནི། ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུ ་མཆོག་ཏུ་འཛིན་པའོ།། དེ་ལ་ལྟ་བ་མཆོག་ཏུ་འཛིན་པ་ནི། ལྟ་བ་དང་ལྟ་བོའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་མཆོག་ལ་སོགས་པར་ལྟ་བ་གང་ཡིན་པའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། ཚུལ་ཁྲིམས་སམ། ་བརྟུལ་ཞུགས་སམ། དེ་གཉི་ག་འམ། དེ་དག་གི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ། དག་པ་དང་གྲོལ་བ་དང་། ངེས་པར་འབྱིན་པར་ཡང་དག་པར་རྗེ་སུ་ལྟ་བའི་ལྟ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན ་པའོ།། ལམ་ཡོངསུ་ཤེས་པ་ཡང་ངེས་པར་འབྱིན་པ་ལ་སོགས་པའི་རྣམ་པ་རྣམསུ་ཤེས་པའོ།། ཇི་ལྟར། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ལམ་ཡོངསུ་ཤེས་པ་ལ་སྒྲིབ་ཅེ་ན། དེའི་ཕྱིར་རྣམ་པ་གཞན་གྱིས་དག་པར་མཆོག་ཏུ་འཛིན་པའི་ཕྱིར། ་ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་སམ། འདོད་པའི་བདེ་བའི་གནས་ཀྱིས་སམ། དཀའ་བ་སྤྱོད་པས་སམ། གྲངས་ཅན་ལ་སོགས་པའི་ཤེས་པ་སྣ་དག་པར་མཆོག་ཏུ་འཛིན་པའི་ཕྱིརརོ།། ལྟ་བ་ལ་མཆོག་ཏུ ་འཛིན་པས་ཀྱང་གང་གིས་དག་པར་ཡིད་ཆེས་པ་དེ་ཉིད་དམ་པར་མཆོག་ཏུ་འཛིན་ཏོ།། དེ་ལྟར་ན་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བས་ལམ་བོར་ཏེ་རྣམ་པ་གཞན་གྱིས་དག་པར་མཆོག་ཏུ་འཛིན་ཏོ།། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་ནི་དཀོན་མཆོག་གསུམ ་ཡོངསུ་ཤེས་པ་ལ་སྒྲིབ་སྟེ། ཇི་ལྟ་ཞེ་ན་དེའི་ཕྱིར། དེའི་སྟོན་ལ་མངོན་པར་ཡིད་མི་ཆེས་པའི་ཕྱིརརོ་ཞེས་བྱ་བ་སྨོསོ།། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་ནི་བདེན་པ་དེ་དང་དཀོན་མཆོག་རྣམས་ལ་ཡིད་ཆེས་ཟ་བ་སྟེ། སངས་རྒྱས་དཀོན་མཆོག་ལ་སྟོན་དང་ཉེས་པ་ཐ~ཾད ་ཕུལ་དུ་ཕྱིན་པ་དང་། བསལ་བའི་མཐར་ཐུག་པའི་གན་སུ་ཡོངསུ་ཤེས་པའོ།། ཆོས་དཀོན་མཆོག་ལ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བ་དང་། རྒྱུ་དང་བཅས་པའི་སྡུག་བསྔལ་དང་གཏན་དུ་བྲལ་བའི་བདག་ཉིད། དེ་ཁོང་དུ་ཆུད་པར་བྱེད་པར་ཡོངསུ་ཤེས ་བའོ།། དགེ་འདུན་དཀོན་མཆོག་ལ་དགེ་སྦྱོང་གི་འབྲས་བུ་ལ་གནས་པ་དང་། དེར་ཞུགས་པ་དང་། བླ་ན་མེད་པའི་སྦྱིན་གནས་ཀྱི་ཞིང་ཡིན་པར་ཡོངསུ་ཤེས་པའོ།། བདེན་པ་ལ་མཐོང་བ་དང་ཐེ་ཚོམ་སྤངས་པའི་ཕྱིར་ཤེས་ནས་དད་པརྙེས་པས ་དཀོན་མཆོག་གསུམ་གྱི་སྟོན་ལ་མངོན་པར་ཡིད་ཆེས་ཀྱི་ཐེ་ཚོམ་མ་སྤངས་པ་ནི་མ་ཡིན་པ་ནི་དེའི་ཕྱིར་ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་ནི་དཀོན་མཆོག་གསུམ་ཡོངསུ་ཤེས་པ་ལ་སྒྲིབ་ཅེས་བྱའོ།། ཕྲག་དོག་གི་ཀུན་ཏུ་སྦྱོར་བ་ནི་རྙེད་པ་དང་བཀུར་སྟི་ཡོངསུ ་ཤེས་པ་ལ་སྒྲིབ་ཅེས་བྱའོ།། འདིར་རྒྱུ་སྨོས་པ་དེའི་ཉེས་པ་མི་མཐོང་བའི་ཕྱི་རོ་ཞེས་བྱའོ།། ཕྲག་དོག་གི་ཀུན་ཏུ་སྦྱོར་བ་ནི་རྙེད་པ་དང་། བཀུར་སྟི་ལ་ཆགས་པ་སྟེ། གཞན་གྱི་ཕུན་སུམ་ཆགས་པ་ཞེ་སྡང་གི་ཆར་གཏོགས་པས་སེམས་ཁོང་ནས་འཁྲུག་པའོ།། ་རྙེད་པ་དང་བསྐུར་སྟི་ལ་གནོད་པ་ཐམས་ཅད་ཀྱི་གནས་ཡིན་པར་ཁོང་དུ་ཆུད་པ་ནི་ཡོངསུ་ཤེས་པའོ།། ཕྲག་དོག་གིས་ནི་རྙེད་པ་དང་བཀུར་སྟི་སྟེན་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགསུ་གྱུར་པ་དང་། གནོད་པ་སྣ་ཚོགས་ཀྱིས་རྩ་བར་གྱུར་པར་མི་ཤེས ་པས། དེའི་ཕྱིར་ཕྲག་དོག་གི་ཀུན་ཏུ་སྦྱོར་བ་ནི་རྙེད་པ་དང་བཀུར་སྟི་ཡོངསུ་ཤེས་པ་ལ་སྒྲིའོ།། སེར་སྣའི་ཀུན་ཏུ་སྦྱོར་བའི་ཡོ་བྱད་བསྙུང་བ་ཡོངསུ་ཤེས་པ་ལ་སྒྲི་བོ།། ཇི་ལྟ་ཞེ་ན་དེའི་ཕྱིར་ཡོ་བྱད་ལ་ལྷག་པར་ཞེན་པའི་ཕྱིརརོ་ཞེས་བྱ་བ་སྨོསོ།། སེར་སྣ་ནི ་ཡོ་བྱད་རྣམས་ལ་ལྷག་པར་ཆགས་པ་སྟེ། འདོད་ཆགས་ཀྱི་ཆར་གཏོགས་པས་ཚིག་ཆས་རྣམས་ལ་སེམས་ཀུན་ཏུ་འཛིན་པའོ།། ཡོ་བྱད་བསྙུང་བ་ནི་ཡོ་བྱད་རྣམས་ལས་ལྷག་པར་དབེན་པའོ།། དེ་ལ་སྟན་ཐམས་ཅད་ཀྱི་གནས་ཀྱིས་དངོས་པོར་རྟོག་པ ་ནི་ཡོངསུ་ཤེས་པའོ།། སེར་སྣའི་ཡོ་བྱད་རྣམས་ལ་ལྷག་པར་ཆགས་པས། སྟོན་ཐཾད་ཀྱི་གན་སུ་ཡོངསུ་མི་ཤེས་ཏེ། དེའི་ཕྱིར་ཡཽ་བྱང་བསྐྱང་བ་ལ་སྤྱི་བོ་ཞེས་བཤདོ།། དེ་ལ་རྗེ་སུ་ཆགས་པ་དང་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་ནི་དེ་ཁོ་ན་རྟོག་པར་བྱེད་པར ་སྦྱོར་བ་ན་སྒྲིབ་ཀྱིས་ལྷག་མ་རྣམས་ནི་མ་ཡིནོ།། ལྷག་མ་རྣམས་ནི་དེ་ཁོ་ན་རྟོགས་པར་བྱེད་པར་ཞུགས་པར་བྱེད་པ་ལ་སྒྲིའོ།། དེ་ཉིད་ཀྱི་ཕྱིར་དེ་དག་གི་གོ་རིམས་ནི་འདི་ལྟ་སྟེ། ཐར་པ་འདོད་པས་ཐོག་མ་ཉི་དུ་གདོན་མོ་ཟ་བོར་འཁོར་བ་ལ་སེམས་སྐྱོ་བོར་བྱེའོ།། ་དེ་ནས་ཐམས་ཅད་ལ་བཏང་སྙོམ་སུ་བྱའོ།། དེ་ནས་གནོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་འཇིག་ཚོགས་ལ་ལྟ་བ་ཡོངསུ་ཤེས་པར་བྱའོ།། དེའི་འོག་ཏུ་དེའི་གཞི་ལ་སྡུག་བསྔལ་དང་ཀུན་འབྱུང་བའི་བདག་ཉིད་ཡོངསུ་ཤེས་པ ་བྱའོ།། དེ་ནས་དེ་འགོག་པ་ཤེས་པར་བྱའོ།། དེའི་འོག་ཏུ་ཐོབ་པའི་ལམ་ཤེས་པར་བྱའོ།། དེ་ནས་བདེན་པ་མཐོང་བ་དང་སྟོན་དེ་དག་རྟོགས་པའི་ཕྱིར་དཀོན་མཆོག་ལ་ཤེས་ནས་དང་པར་འབྲིབ།། བདེན་པ་མཐོང་བའི་སྟོབས་ཉིད་ཀྱིས་ཀྱང་རྙེད་པ་དང ་བཀུར་སྟི་དང་། ཡོ་བྱད་བསྙུངས་པ་གཉིས་ཀྱི་ཉེས་པ་དང་སྟོན་མཐོང་བ་ཡིན་ཏེ། དེ་ལྟར་སྒྲིབ་པར་བྱ་བའི་ཆོས་ཀྱི་གོ་རིམས་ཀྱི་རྒྱུས་དེའི་སྒྲིབ་པའི་གོ་རིམས་ཀྱང་རིག་པར་བྱའོ།། ཐམས་ཅད་ལ་ཡང་ཐམས་ཅད་སྒྲིབ་པ་ཉིད་དུ་སྲིད་པའི་ཕྱིར། བཞི་སོ་སོར་ངེས ་པས་སྒྲིབ་པར་བཤད་པ་ནི་མི་རིག་པ་མ་ཡིན་ནམ་ཞེ་ན། འདིར་གཞི་སོ་སོར་ངེས་པར་བྱ་བ་ནི་མ་ཡིན་གྱི། སོ་སོར་ཉེ་བར་གནས་པའི་ཕྱིར་གཙོ་བོར་བྱས་ཏེ་འདི་བསྟན་ཏོ།། ཅི་སྒྲིབ་པ་དེ་ཟད་དམ་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ ་སོགས་པའི་སྤྱི་མཐུ་ནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་ནི། དགེ་བ་ལ་སོགསོ་པ་བཅུ་ལ་གཞན་སྒྲིབ་པ་གང་ཡིན་པ་དང་། དགེ་བ་ལ་སོགས་པ་ཡང་གང་ཡིན་མི་ཤེས་ཏེ། དེའི་ཕྱིར་སྦྱོར་བ་མེད་དང་སྐྱེ་མཆེད་མིན།། རྣལ་འབྱོར་མིན་པས ་གང་བསྐྱེད་དང་ཞེས་གསུངས་པ་ལ་སོགས་པ་ནི་སྒྲིབ་པའོ།། དགེ་བ་ལ་སོགས་པ་ནི། དགེ་དང་བྱང་ཆུབ་ཡང་དག་འཛིན་ཞེས་བྱ་བ་ལ་སོགས་པ་དོན་བཅུའོ།། དེ་ལ་དགེ་བ་ནི་བྱང་ཆུབ་ཀྱི་རྒྱུར་གྱུར་པ་དེ། དགེ་བོའི་རྩ་བ་ཐམས་ཅད།། བྱང་ཆུབ་ནི་དེའི ་འབྲས་བུའོ།། དེ་ལ་དགེ་བ་ནི་སྤྱིར་བསྟན་པས་རབ་ཏུ་དབྱེ་བ་དང་། རང་བཞིན་མི་ཤེས་ནས་དེའི་ཕྱིར་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྩོམ་སྟེ། ཡང་དག་འཛིན་བློ་ལྡན་འཁྲུལ་མེད་སྒྲིབ་པ་མེད།། བསྔོ་དང་མི་སྐྲག་སེར་སྣ་མེད་ཅེས་བྱ་བ་དེ་དག་ནི་དགེ ་བ་ཞེས་བྱའོ།། བྱང་ཆུབ་ཀྱང་སྨོས་པ་ཙམ་གྱིས་རང་བཞིན་མི་ཤེས་ཏེ། དེའི་ཕྱིར་དེ་ནི་དངངོ་ཞེས་སྟོན་ཏོ།། ཁ་ཅིག་ན་རོ་དགེ་བ་དང་བྱང་ཆུབ་དང་། ཡང་དག་པར་འཛིན་པ་ལ་སོགས་པ་བཞིན་དུ་སྒྲིབ་པ་རང་གི་རྒྱུད་ཡོད་པར་བཤད་པས། ་འདིར་རང་གི་རྒྱུད་ཡོད་པ་ཉི་དུ་ཤེས་ཀྱི། བསྟན་པ་དང་བཤད་པའི་དངོས་པོར་ནི་མ་ཡིནོ་ཞེའོ།། སྐྱེ་བ་ལ་སྒྲིབ་པ་ནི་དགེ་བ་ལ་རྣམ་པོར་བཞགོ།། དེ་ཡང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་རྣམས་ཀྱི་སྤྱི་མཐུན་ཡིན་གྱི། དགེ་བ་དང་སྐྱེད་པར་བྱ་བའི ་ཕྱིརརོ་ཡང་དག་པར་འཛིན་པ་ལ་སོགས་པ་ལ་སྒྲིབ་པ་དང་། རྟེན་ལ་སོགས་པ་ལ་སྒྲིབ་པ་ནི། ཡང་དག་པར་འཛིན་པ་ལ་སོགས་པ་རྣམས་ཀྱི་སྒྲིབ་པ་སྟེ་ཐ་ད་དོ།། བྱང་ཆུབ་ནི་མི་འཁྲུག་པ་དང་། ཐོབ་པར་བྱ་བ་ཡིན་པས་དེའི་ཕྱིར། དེའི་གནས་པ ་ལ་སྒྲིབ་པ་དང་། ཐོབ་པར་བྱ་བ་ལ་སྒྲིབ་པ་རྣམ་པར་བཞག་སྟེ། དེ་བས་ན་དེ་རང་གི་རྒྱུ་དུ་ཡོད་པར་མི་འགྱུར་རོ།། དེ་དག་གི་གོ་རིམས་ཀྱང་མདོར་ན་དགེ་བའི་རྩ་བ་མ་ལུས་པར་བསྒྲུབས་ནས་བྱང་ཆུབ་ཐོབ་པར་བྱའོ།། རྒྱས་པར་ནི་ཐོག་མ་ཉིད ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་སྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གཞིར་གྱུར་པའི་ཕྱིརརོ།། དེ་ནས་སེམས་བསྐྱེད་པ་དང་མཐུན་པར་སྦྱིན་པ་ལ་སོགས་པ་བསྒྲུབ་པར་བྱ་སྟེ། དེས་བྱང་ཆུབ་སེམས་དཔར་མངོན།། དེ་ནས ་བསྐལ་པ་གྲངས་མེད་པར་གོམས་པར་བྱས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་བསམ་པ་རྣམ་པར་སྦྱང་བའི་ཕྱིར། གང་ཟག་དང་ཆོས་ལ་ནོར་བའི་གཉེན་པོར་མ་ནོར་བའི་བདག་ཉིད་མཐོང་བའི་ལམ་བསྐྱེད་པར ་བྱའོ།། དེ་ནས་རྣམ་པར་དག་པའི་ཁྱད་པར་དང་ལྡན་པར་བྱ་བའི་ཕྱིར་སྒྲིབ་པ་དང་བྲལ་བས་རབ་ཏུ་ཕྱེ་བ་བསྒོམ་པའི་ལམ་མཐར་ཕྱིན་པར་བྱའོ།། དེ་ནས་ཉན་ཐོས་ལ་སོགས་པ་ལས་འདའ་བར་སྦྱོར་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ ་བའི་རྩ་བ་ཇི་ལྟར་བསགས་པ་དེ་དག་ཐམས་ཅད་བྱང་ཆུབ་ཏུ་ཡོངསུ་བསྔོ་བར་བྱའོ།། དེ་ནས་གནས་དེ་ཐོབ་པ་དང་། བྱང་ཆུབ་ཆེན་པོར་བསམ་པར་མི་བྱེད་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་པ་ཟབ་ཅིང་རྒྱ་ཆེ་བ་རྣམས་ལ ་སྐྲག་པར་མི་འགྱུར་རོ།། དེ་ནས་མང་དུ་ཐོས་པ་དང་། རྟོགས་པ་དང་ལྡན་ནས་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་ཆོས་རྒྱ་ཆེར་སྟོན་ཏོ།། དེ་ནས་འདུལ་བ་ཡོངསུ་སྨིན་ནས་དེ་དག་རྣམ་པར་དགྲོལ་བའི་ཕྱིར་དབང་སྟེ། སངས་རྒྱས་ཉིད་ཐོ་ག།། འདིར ་སྒྲིབ་པ་སུམ་ཅུ་དང་སྒྲིབ་པར་བྱ་བ་དགེ་བ་ལ་སོགས་པའི་དོན་བཅུ་བཤད་པས་དེའི་ཕྱིར་དགེ་བ་ལ་སོགས་པ་དེ་རྣམས་ལ་གང་ལ་སྒྲིབ་པ་དུ་ཡོད་པ་མི་ཤེས་ནས་དྲིས་པ་དང་དེའི་ཕྱིར། དེ་དག་གི་ནི་སྒྲིབ་པ་རྣམས།། གསུམ་གསུམ་དག་ཏུ ་ཤེས་པར་བྱ་ཞེས་བྱ་བ་གསུང་སོ།། དེ་ལ་སྒྲིབ་པ་གསུམ་ཞེས་བྱ་བ་ལ་སྦྱོར་བ་མེད་པ་ནི་བརྩོན་པ་མེད་པའོ།། འདི་ལ་སྒྲིབ་པ་གང་ཞེ་ན། བག་མེད་པ་འམ་ལེ་ལོའི་ཉོན་མོངས་པ་གང་གིས་མི་སྦྱོར་བ་སྟེ། ཉོན་མོངས་པའི་ས་བོན་དང་ལྡན་པ ་ལུང་དུ་མ་བསྟན་པ་འམ། ཉོན་མོངས་པར་གྱུར་པའི་གནས་སྐབས་ཀྱི་བྱེ་བྲག་གང་དུ་མི་སྦྱོར་བའོ།། རྒྱུན་དུ་མ་ཆུད་པ་འམ་གུས་པར་མི་སྦྱོར་བ་སྟེ། ཆུང་བས་ན་སྦྱོར་བ་མེད་པ་ཞེས་བྱའི། སྦྱོར་བ་མེད་པ་ནི་མ་ཡིན་ཏེ། དེ་ལ་སྒྲིབ་པར་མི་འཐད་པའི་ཕྱིརརོ།། ་སྐྱེ་མཆེད་མ་ཡིན་པ་ལ་སྦྱོར་བ་ནི། བྱང་ཆུབ་དང་བྱང་ཆུབ་ཐོབ་པར་བྱེད་པའི་དགེ་བའི་རྩ་བ་རྣམས་སྐྱེ་བའི་སྒོ་གསུང་རབ་གང་ཡིན་པ་དེ་སྐྱེ་མཆེད་དེ། དེ་ལས་གཞན་པ་ནི་སྐྱེ་མཆེད་མ་ཡིནོ།། དེར་སྦྱོར་བ་ནི་འདི་ལས་ཕྱི་རོལ་པ་རྣམས་སྐྱེ་མཆེད ་མོ་ཡིན་པ་ལ་སྦྱོར་བའོ།། དེ་ལ་སྒྲིབ་པ་གང་ཞེ་ན། མི་ཤེས་པ་འམ་ལྟ་བའི་ཉོན་མོངས་པ་གང་གིས་སྐྱེ་མཆེད་མ་ཡིན་པ་ལ་སྦྱོར་བ་སྟེ། སྦྱོར་བ་དེ་ཉིད་སྒྲིབ་པའོ།། ཚུལ་བཞིན་མ་ཡིན་པ་ལ་སྦྱོར་བའོ་ཞེས་བྱ་བ་ལ་ཚུལ་བཞིན་ཐབས་ཏེ། གང་གིས ་ཐབས་གང་ཡིན་པ་དེ་ལས་གཞན་དུ་སྦྱོར་བ་ནི། ཚུལ་བཞིན་མ་ཡིན་པ་ལ་སྦྱོར་བའོ།། བསྟན་པ་འདི་ཉིད་ལས་འདི་ལྟ་སྟེ། འདོད་ཆགསོ་སྦྱོད་པ་ལ་བསྒོམ་པ་ནི་འདོད་ཆགས་སྤོང་བའི་ཐབས་མ་ཡིན་པ་དང་། ཞེ་སྡང་སྤྱོད་པ་ལ་མི་སྡུག་པའི ་བསྒོམས་པ་ཞེས་འབྱུང་བའོ།། འདིར་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འམ། དེའི་རྒྱུ་ནི་སྦྱོར་བའི་སྒྲིབ་པའོ།། བྱང་ཆུབ་ཀྱི་སྒྲིབ་པ་གསུམ་ནི་ཞེས་བྱ་བ། བྱང་ཆུབ་ནི་དོན་ཇི་ལྟ་བཞིན་དུ་ཐུག་རྒུད་པའོ།། དགེ་བ་མི་སྐྱེ་བ་ཞེས་བྱ་བ་ནི། གོང་དུ ་བཤད་པ་ཉིད།། མི་སྐྱེ་བ་ཇི་ལྟར་སྒྲིབ་ཅེ་ན། དགེ་བ་མེད་ན་བྱང་ཆུབ་ཏུ་མི་འགྱུར་ཏེ། དེའི་ཕྱིར་དགེ་བ་མི་སྐྱེ་བ་ནི་བྱང་ཆུབ་ཀྱི་སྒྲིབ་པའོ།། ཡང་ན་གནས་སྐབས་ཀྱི་བྱེ་བྲག་གི་ཚེ་དགེ་ལ་སྐྱེ་བ་ལ་སྒྲིབ་པའི་ཉོན་མོངས་པ་གང་ཡིན་པ་དེ་ཉིད་བྱང ་ཆུབ་ཀྱི་སྒྲིབ་པ་གང་ཡིན་ཏེ། གང་ཚོགས་གང་གི་སྒྲིབ་པར་ངེས་པ་དེ་ནི་དེའི་འབྲས་བུའི་སྒྲིབ་པ་ཡང་ཡི་ནོ།། སྐྱེས་ཟིན་པ་ཡང་ཡིན་ལ་མི་བྱེད་པ་ནི་བསྒོམ་པ་སྟེ། ཡེལ་བར་མི་བྱེད་ཅེས་བྱ་བའི་ཐ་ཚིགོ།། ལེ་ལོ་ལ་སོགས་པའི་ཉོན ་མོངས་པ་གང་གིས་གནས་སྐབས་ཀྱི་བྱེ་བྲག་གང་ལ་དགེ་བ་སྐྱེས་ཀྱང་ཡང་དང་ཡང་ཡིད་ལ་མི་བྱེད་པ་དེ་ནི་འདིར་སྒྲིབ་པོའོ།། ཚོགས་ཡོངསུ་མ་རྫོགས་པའོ་ཞེས་བྱ་བ་ནི། ཚོགས་ཇི་སྙེད་ཀྱི་བྱང་ཆུབ་ཐོབ་པར་འགྱུར་བའི་བསོད་ནམས ་དང་ཡེ་ཤེས་ཀྱི་ཚོགས་དེ་སྙེད་མ་རྫོགས་པ་དང་། གོང་མ་ལྟ་བུའི་གནས་སྐབས་ཀྱི་ཉོན་མོངས་པ་འམ་ཚོགས་ཆུང་བའོ།། གཞན་དག་ན་རེ་བྱེ་བྲག་དུ་མ་བཤད་ཀྱང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་སྒྲིབ་པ་ནི་འདིར་མི་སྐྱེ་བ་ལ ་བྱ་བར་འདོད། གཞན་དག་གི་ནི་མ་ཡི་ནོ།། དེ་དག་སྐྱེས་པ་ཡིད་ལ་བྱེད་པ་དང་། ཡིད་ལ་བྱེད་ཀྱང་ཚོགས་མ་བསགས་པ་ནི་སྒྲིབ་པ་ཞེས་བྱའོ་ཞེའོ།། ཡང་དག་པར་འཛིན་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྟེ་ཞེས་བྱ་བ་ནི། བསོད་ནམས་དོང་ཡིས ་ཀྱི་ཚོགས་མ་ལུས་པ་དང་། དེའི་འབྲས་བུ་སངས་རྒྱས་ཉིད་དང་། སེམས་ཅན་ཐམས་ཅད་ཀྱང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་བླ་ན་མེད་པར་བཞག་པར་བྱ་བ་ཉི་འ་དོས་ཡང་དག་པར་འཛིན་ཅིང་ཡོངསུ་ལེན་པས ་ན། ཡང་དག་པར་འཛིན་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ།། དེ་ཡང་བདག་དང་གཞན་ལ་ཕན་པར་བྱེད་པའི་བསམ་པ་སྟེ། སེམས་དཔའ་བདུན་དང་བཅས་པའོ།། དེའི་སྒྲིབ་པ་གསུམ་ལ་རིགས་དང་མི་ལྡན་པ་ནི་རིགས་མེད་པ་འམ། ཉན་ཐོས་ལ་སོ་ཌ ་པའི་རིགསོ།། དགེ་བའི་བཤེས་གཉེན་དང་མི་ལྡན་པ་ཞེས་བྱ་བ་ནི། རིགས་ཡོད་ཀྱང་དེ་གང་དག་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡང་དག་པར་འཛིན་དུ་འཇུག་པ་དེ་དག་དང་མི་ཕྲད་པ་སྟེ། གང་ལ་བརྟེན་ནས་བྱང་ཆུབ་ལས་རྣམ་པར་ལྡོག་པ་འམ། དགེ ་བའི་ཆོས་རྣམས་ཀྱིས་མི་འཕེལ་བའོ།། དགེ་བའི་བཤེས་གཉེན་དང་ཕྲ་དུ་ཟིན་ཀྱང་འཁོར་བའི་སྡུག་བསྔལ་རྣམས་ཀྱིས་སེམས་ཡོངསུ་སྐྱོ་སྟེ། སེམས་ཅན་ལོག་པར་ཞུགས་པ་རྣམས་ལ་སེམས་སྐྱོ་ནས་མྱུར་དུ་མྱ་ངན་ལས་འདའ་བར་སེམསོ།། འདི ་ལ་སྒྲིབ་པ་གང་ཞེ་ན། རྒྱུ་དང་མི་ལྡན་པ་དང་རྐྱེན་དང་མི་ལྡན་པ་དང་། སེམས་ཅན་རྣམས་ལ་སྙིང་མི་རྗེ་བ་དང་ལེ་ལོ་སྟེ། སྙིང་རྗེ་མེད་པ་ནི་སེམས་ཅན་གྱི་དོན་གྱི་སྐྱོ་བར་འགྱུར་བ་འམ་སྒྱིད་ལུག་པར་འགྱུར།། བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཉིད་ཞེས ་བྱ་བ་ནི། རང་བཞིན་གྱི་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་པས་དབང་པོ་རྣོ་བ་དང་། ཤེས་པར་བྱ་བ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་ལ་ཉེ་བར་རྟོག་པའི་སྐབས་ཡིན་པ་དང་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པས། བྱང་ཆུབ་སེམས་དཔའ་ཉིད ་བློ་ལྡན་ཡིན་གྱི་གཞན་ནི་མ་ཡིནོ།། བྱང་ཆུབ་སེམས་དཔའ་ཉིད་ནི་གཞན་གྱི་དོན་ཕྱིན་ཅི་མ་ལྡོག་པར་སྒྲུབ་པའོ།། སྒྲུབ་པ་དང་མི་ལྡན་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྔ་མི་འཇུག་པའོ།། སྒྲུབ་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔར ་ཤེསོ།། སྐྱེ་བ་ངན་པ་ནི་སྐྱེ་བོ་བླུན་པོའོ་ཞེས་བྱ་བ་ནི་ཡོངསུ་མི་རྟོག་པའི་སྐྱེ་བོ་ཞེས་བྱ་བའི་ཐ་ཚིག་སྟེ། སྐྱེ་བོ་ངན་པ་ནི་སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་འདིའོ་ཞེས་མི་ཤེས་པའོ།། སྐྱེ་བོ་སྡང་བ་ནི་ཞེ་འགྲས་པ་རྣམས་ཞེས་བྱ་བ་ནི།། ་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བ་རྣམས་ཏེ། དེ་དག་གླགས་ཚོལ་བས་བྱང་ཆུབ་སེམས་དཔའི་ཡོན་ཡང་དག་པ་རྣམས་ནི་མི་མཐོང་ལགཉེས་པ་མེད་པ་ནི་མཐོང་བ་འམ་ཞེ་སྡང་གིས་གནོད་པར་སེམས་པས་སྟོན་ཡང་དག་པ ་རྣམས་བཅབས་ཏེ། སྒྲོ་བཏགས་ནས་མེད་པའི་ཉེས་པ་སྒྲོགས་པའོ།། འདི་ལ་སྒྲིབ་པ་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་དང་མི་ཤེས་པ་དང་ཞེ་སྡང་བའོ།། འཁྲུལ་པ་མེད་པའི་སྒྲིབ་པ་གསུམ་ནི་ཞེས་བྱ་བ ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་ཕྱིར་འཁྲུལ་པའོ།། གཉེན་པོ་ནི་འཁྲུལ་པ་འམ་མེད་པ་སྟེ། མཐོང་བའི་ལ་མོ།། ཁ་ཅིག་ན་རེ་ཕྱིན་ཅི་ལོག་གི་གནས་ངན་ལེན་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའི་བག་ཆགས་བརྟས་པ་ཞེའོ།། ། ་གཞན་དག་ན་རེ་མཐོང་བས་སྲུང་བར་བྱ་བའི་བག་ལ་ཉལ་ཐམས་ཅད་དམ། ཆོས་ཀྱི་དབྱིངས་ཐམས་ཅད་འགྲོ་བར་ཁོང་དུ་ཆུད་པ་ད་བྱ་བའི་བགེགསུ་གྱུར་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ ་གནས་པ་ཡོངསུ་གསོས་པའོ་ཞེའོ།། གཞན་དག་ན་རེ་བདག་ལ་སོགས་པ་མེད་པར་བདོག་ལ་སོགས་པར་རྣམ་པར་རྟོག་པ་ནི་ཕྱིན་ཙོ་ལ་གོ་ཞེའོ།། ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་གསུམ་ལས་ལྷག་མ་གང་ཡང་རུང་བ་ཞེས་བྱ་བ་དེ་ལ་ཉོན་མོང ་བའི་སྒྲིབ་པ་ནི་ཤས་ཆེ་བ་དང་ཡུན་རིང་པོ་ནས་འདོད་ཆགས་ལ་སོགས་པ་ཀུན་ཏུ་འབྱུང་བ་སྟེ། དེའི་གཉེན་པོ་ལ་སྦྱོར་བའི་སྐབས་མི་འབྱེད་པས་འཁྲུལ་པ་མེད་པ་ལ་སྤྲོའོ།། ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལ་སོགས་པའི་ལས་ངན་སོང་དུ་ངེས་པ་གང་། ་ཡིན་པའོ།། རྣམ་པར་སྨིན་པའི་སྒྲིབ་པ་ནི་ངན་སོང་ལ་སོགས་པ་སྟེ། དེར་སྐྱེས་པ་ལ་འཕགས་པའི་ཆོས་སྐྱེ་བའི་སྐལ་བ་མེདོ།། ཉོན་མོངས་པ་དང་ལས་དང་ཚེ་དེ་དག་ལས་ལྷག་མ་གང་ཡང་རུང་བ་ཞིག་སྒྲིབ་པ་ཡིན་གྱི་ཟད་པར་ནི་མ་ཡིནོ།། རྣམ་པར་གྲོལ་བའི ་ཡོངསུ་སྨིན་པར་བྱེད་པའི་ཤེས་རབ་ཡོངསུ་མ་སྨིན་པའོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ཐོབ་པར་བྱེད་པའི་ཤེས་རབ་ལསུ་མི་རུང་བའོ།། ཁ་ཅིག་ན་རེ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་མ་ཐོབ་པའི་ཕྱིར་ཞེའོ།། གཞན་དག་ན་རེ་རྣམ་པར་མི་རྟོག་པ་དང་དེ། ་ལ་སྦྱོར་ཅན་གཉིས་ནི། འདིར་རྣམ་པར་གྲོལ་བ་ཡོངསུ་སྨིན་པར་བྱེད་པའི་ཤེས་རཔོ།། དེ་གཉིས་ཡོངསུ་མ་སྨིན་པ་ནི་ཚོགས་ཡོངསུ་མ་རྫོགས་པའི་ཕྱིར་དེ་ཁོ་ན་རྟོགས་པའི་འོས་མ་ཡིན་པ་དང་། དེའི་རྒྱུའི་དངོས་པོའི་འོས་མ་ཡིན་པ་དང་། གོ་རིམས་བཞི་ནོ་ཞེའོ།། ། ་འདི་ལ་སྒྲིབ་པ་གང་ཞེ་ན། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ཆགས་བརྟས་པ་དང་། ཉོན་མོངས་པའི་སྒྲིབ་པ་ལ་སོགས་པའི་ལྷག་མཱ་གཞན་གང་ཡང་རུང་བ་དང་ཤེས་རབ་ཡོངསུ་སྨིན་པའི་གླེགསུ་གྱུར་བླ་མི་ཤེས་པ་དང་ཚོགས་ཡོངསུ ་མ་རྫོགས་པའོ།། སྒྲིབ་པ་སྤངས་པ་ནི་སྒྲིབ་པ་མེད་པ་ཞེས་བྱ་བ་ནི་འདིས་སྒྲིབ་པ་སྤོང་བར་བྱེད་པས་སྒྲིབ་པ་སྤོང་བ་སྟེ། སྒྲིབ་པའི་གཉེན་པོ་ཡིན་པས་སྒྲིབ་པ་མེད་པ་ནི་བསྒོམ་པའི་ལ་མོ།། དེའི་གསུམ་ནི་ལྷན་ཅིག་སྐྱེས་པའི་གནས་ངན་ཅེས་བྱ་བ་ནི། བསྒོམ ་པས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉའོ།། ཡང་ན་བདག་ཏུ་ལྟ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པ་རྣམས་དང་། ཆོས་ཀྱི་དབྱིངས་མཆོག་གི་དོན་ལ་སོགས་པ་རྟོགས་པའི་གེགས་བྱེད་པ་ཉོན་མོངས་པ་ཅན་མ་ཡིན་པའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ ་ལ་གནས་པ་ཡོངསུ་གསོས་པའོ།། ལེ་ལོ་ནི་སྙོམ་ལས་གཏི་མུག་གི་ཆར་གཏོགས་པས་སེམས་མངོན་པར་མི་སྤྲོ་བའོ།། བག་མེད་པ་ནི་ཡུལ་ལ་རྣམ་པར་ཆགས་པ་དང་དགེ་བ་ལ་མི་འཇུག་པའོ།། ཁ་ཅིག་ན་རེ་ཏིང་འཛིན་གྱི་རོ་མྱང་བ་ནི་བག་མེད ་པའོ་ཞེའོ།། དེ་ལ་གནས་ངན་ལེན་དང་ལེ་ལོས་ནི་ལམ་མི་བསྒོ་མོ།། བག་མེད་པ་ནི་དགེ་བ་ལས་སེམས་མི་སྲུང་བའོ།། འདི་ལ་སྒྲིབ་པ་གང་ཞེ་ན། གསུམ་པོ་དེ་ཉིད།། ཡོངསུ་བསྔོ་བའི་སྒྲིབ་པ་གསུམ་ནི་གང་དག་གིས་སེམས་གཞན་དུ་སྔོ་བར་བྱེད་ཀྱི་ཞེས་བྱ་བ ་དེ་ལ་བསྔོ་བ་ནི་དགེ་བའི་རྩ་བ་སྐྱེས་ཤིང་བྱུང་བ་རྣམས་སངས་རྒྱས་ཉིད་སེམས་ཀྱིས་ངེས་པར་བྱེད་པའོ།། དེ་ལ་སྒྲིབ་པ་གསུམ་སྟེ། གསུམ་གང་ཞེ་ན། གང་དག་གིས་སངས་རྒྱས་ཉིད་ལས་གཞན་དུ་འཁོར་བ་འམ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་སེམས ་ཡོངསུ་སྔོ་བར་བྱེད་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་སྔོའོ།། དེ་དག་ཀྱང་སྲིད་པ་ཆགས་པ་དང་། ལོང་སྤྱོད་པ་ལ་ཆགས་པ་དང་། སེམས་ཞུམ་པའོ།། སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམ་སོ།། ཁྱད་པར་བྱ་བས་ན་ལོང་སྤྱོད་གཟུགས་ལ ་སོགས་པ་ཡུལ་རྣམ་སོ།། དེ་དག་ལ་རྣམ་པར་ཆགས་པ་ནི་ཆགས་པའོ།། སེམས་ཞུམ་པ་ནི་སེམས་རྒྱ་ཆུང་བ་སྟེ། སངྱས་ཉི་དུ་གོ་ལ་འགྲུབ་པདག་ལྟ་བུས་ག་ལ་ཞིག་ཅེས་བདག་ལ་མི་སྲིད་པར་སེམས།། དེ་ལ་སྲིད་པ་ལ་ཆགས་པ་དང་ལོང་སྤྱོད་ལ་ཆགས་པས ་ནི་བདེ་འགྲོར་སེམས་བསྔོ་བར་བྱེདའོ།། སེམས་ཞུམ་པས་ནི་ཉན་ཐོས་ཀྱི་ཐེག་པར་སྔོ་བར་བྱེདདོ།། འདི་ལ་སྒྲིབ་པ་གང་ཞེ་ན། སྲིད་པ་དང་ལོང་སྤྱོད་ལ་སྲེད་པ་དང་། ལེ་ལོ་དང་སྙིང་རྗེ་མེད་པའོ།། མི་སྐྲག་པའི་སྒྲིབ་པ་གསུམ་ནི་ཞེས་བྱ་བ་ལ། མི་སྐྲག་པོ་གང་ཞེ་ན། སྟོང་པ ་ཉིད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་མོས་ཤིང་མི་འཇིགས་པའོ།། གང་ཟག་ལ་མི་སྲིད་སྙམ་པ་ནི་ཐེག་པ་ཆེན་པོའི་ཚུལ་མངོན་པར་བརྗོད་པའི་གང་ཟག་ལས་ནོར་པར་ཁོང་དུ་ཆུད་ཅིང་འཆད་པ་དང་ཚུལ་ཁྲིམས་དང་ཏིང་ངེ ་འཛིན་དང་། ཤེས་རབ་ལ་སོགས་པ་ཡོན་ཏན་ལ་ཡིད་མི་ཆེས་པའོ།། ཆོས་ལ་མི་མོས་པ་ནི་སངས་རྒྱས་ཀྱི་གསུང་རང་ཚུལ་ཟབ་ཅིང་རྒྱ་ཆེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། དོན་མ་ལོག་པའོ་ཞེས་ཡིད་མི་ཆེས་པའོ།། དོན་ལ་སྒྲ་ཇི་བཞིན་དུ་སྤྱོད་པ་ནི་མ་སྐྱེས་པ ་དང་མ་འགག་པ་དང་། གཟོད་ནས་ཞི་བ་ལ་སོགས་པའི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་རྟོག་པར་བྱེད་ཅིང་དགོངས་པའི་དོན་གྱི་དེ་ཁོ་ན་ཁོང་དུ་མི་ཆུད་པ་སྟེ། དེའི་ཕྱིར་མ་སྐྱེས་པ་ལ་སོགས་པའི་དོན་ལ་མི་མོ་སོ།། འདི་ལ་སྒྲིབ་པ་གང་ཞེ་ན། ཐེ་ཚོམ་དང་། ཤེས་རབ ་དང་། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགསུ་གྱུར་པ་མི་ཤེས་པ་དང་། དགོངས་པའི་དོན་ལ་སྤྱོད་པ་མི་མཐུན་པའི་ཕྱོགསུ་གྱུར་པའོ།། སེར་ན་མེད་པའི་སྒྲིབ་པ་གསུམ་ནཱི་ཞེས་བྱ་བ་ལ། སེར་སྣ་མེད་པ་ནི་གང་གིས་དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་རམ ་གཞན་རྗེསུ་གཟུང་བའི་ཕྱིར་ཆོས་སྟོན་པར་བྱེད་པའོ།། དམ་པའི་ཆོས་ལ་ཆེད་ཆེར་མི་འཛིན་པ་ནི་གཅེསུ་མི་འཛིན་པ་སྟེ། དེས་གཞན་གྱི་སེམས་ཀྱི་རྒྱུད་ལ་གོ་བར་མི་བྱེད་པ་དང་། དམ་པའི་ཆོསུ་ཡུན་རིང་དུ་གནས་པར་མི་བྱེད་པའོ།། རྙེད་པ་དང་བཀུར ་སྟི་དང་མཆོད་པ་ལ་ཆེ་ཆེར་མི་འཛིན་པ་ནི་གཅེསུ་མི་འཛིན་པའོ།། དམ་པའི་ཆོས་ལ་ཆེད་ཆེར་འཛིན་ཀྱང་བདག་དང་གཞན་མཚུངས་སམ་ལྷན་ཅིག་གི་དོགས་ཏེ། དེའི་ཕྱིར་རྙེད་པ་ལ་སོགས་པའི་བར་ཆད་འགྱུར་བས་འཇིགས་ནས་ཆོས་མི་འཆང ་པའོ།། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པ་མེད་ཀྱང་སེམས་ཅན་རྣམས་ལ་སྙིང་རྗེ་མེད་པ་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་སྙིང་རྗེ་མེད་པས་ཆོས་མི་འཆ་དེ་སྙིང་རྗེ་མེད་པ་ནི་སེམས་ཅན་གྱི་སྡུག་བསྔལ་གྱི་གནོད་པར་མི་འགྱུརརོ།། ་འདི་ལ་སྒྲིབ་པ་གང་ཞེ་ན། ཆེད་ཆེར་མི་འཛིན་པ་དང་རྙེད་པ་དང་བཀུར་སྟི་ལ་ཆཌ་པ་དང་སྙིང་རྗེ་མེད་པའོ།། དབང་གི་སྒྲིབ་པ་གསུམ་ནི་ཞེས་བྱ་བ་ལ་དབང་ནི་སེམས་ཀྱི་དབང་རྣམས་ཐམས་ཅད་ཐོབ་པ་སངས་རྒྱས་ཉིད་དབ་།། དེའི་སྒྲིབ་པ་གསུམ་པོ ་དག་མི་ཤེས་པས་དེའི་ཕྱིར། གང་དག་གིས་དབང་བྱེད་པ་མི་འཐོབ་པ་སྟེ་ཞེས་བྱ་བ་སྨོས།། དབང་བྱེད་པ་ནི་སེམས་ཀྱི་དབང་ལ་རག་ལུས་པའི་ཕྱིར། གང་དག་གིས་དབང་བྱེད་པ་མི་འཐོབ་པ་དེ་ཉིད་དབང་གིས་སྒྲིབ་པའོ་ཞེས་བརྗོད།། དབང་བྱེད་པ་ནི ་ཡེ་ཤེས་དང་སྤོང་བ་དང་མཐུ་ཕུན་སུམ་ཚོགས་པའོ།། ཡང་ན་གང་དག་གིས་དབང་བྱེད་པ་མི་འཐོབ་པ་ཞེས་བྱ་བ་ནི་དབང་གི་རྣམ་གྲངསུ་བསྟན་པ་སྟེ། སངས་རྒྱས་ཉིད་མི་འཐོབ་ཅེས་བྱ་བའི་ཐ་ཚིགོ།། ཐོས་པས་ཕོངས་པ་ནི་དམ་པའི་ཆོས་ཉན་པ་དང་། ་གཏན་དུ་བྲལ་བ་སྟེ། རྩ་ལག་རྣམས་དང་གཏན་དུ་བྲལ་བ་ལ་རྩ་ལག་གིས་ཕོངས་པའོ་ཞེས་བྱ་བ་ལྟ་བུའོ།། ཐོས་པས་ཕོངས་པ་དེ་ཡང་ཆོས་ཀྱི་ཕོངས་པར་འགྱུར་བའི་ལས་སྐྱེས་པས་འགྱུར་ཏེ། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པའི ་ཕྱིར་རམ། མི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཕྱིར་འགྱོད་པ་མེད་པ་གང་དག་གིས་ཐེག་པ་ཆེན་པོའི་མདོ་སྡེ་ལ། འདི་ནི་བདུད་ཀྱིས་སྨྲས་པ་དང་། ངན་སོང་གཽ་སྒྲ་སྟེ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མི་ཡི་མོ་ཞེས་སྤང་བ་དང་། གཞན་དག་ཀྱང ་དེ་ལ་མོས་པ་བཟློག་པ་དང་། ཡི་གེར་བྲིས་པ་འཕྱི་བ་དང་། སྦྲིད་པ་དང་ཆུར་སྦྱར་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་དམ་པའི་ཆོས་ཉན་པ་དང་ལྡན་པའི་ལས་ཀྱི་ས་བོན་ཡོངསུ་གསོས་པས་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་རབ་ཏུ་སྐྱེ ་ཐོས་པས་ཕོངས་པར་མ་གྱུར་ན་ཡང་ཐོས་པ་ཉུང་སྟེ། ཡེ་ཤེས་ཀྱི་ཚིག་ཡོངསུ་མ་རྫོགས་པས་སྒྲི་བོ་ཞེས་སྦྱརོ།། ཐོས་པ་ཉུང་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་མི་ནུ་སོ།། མང་དུ་ཐོས་པར་གྱུར་ཀྱང་ཏིངངེ་འཛིན་ཡོངསུ་སྦྱང་བ་མ་བྱས་པ་ཉིད་ཀྱང་སྒྲི་བོ་ཞེས་སྦྱོར ་འདུན་པ་ལ་སོགས་པ་ལས་གང་ཡང་རུང་བ་ཞིག་མེད་པའི་ཕྱིར་རམ་སྤོང་བའི་འདུ་བྱེད་བརྒྱད་པོ་དག་ལས་གང་ཡང་རུང་བ་ཞིག་མེད་པས་བསྒོམ་པ་ཡོང་སུ་མ་རྫོགས་པའི་ཕྱིར་ཏི་འཛིན་ཡོངསུ་སྦྱང་བ་མ་བྱོས་པའོ།། ཡང་ན་སངས་རྒྱས ་ཀྱི་ཏིང་འཛིན་རྡོ་རྗེ་ལྟ་བུ་ལ་སོགས་པ་ཡོངསུ་མི་སྒྲུབ་པ་ནི་ཡོངསུ་སྦྱང་བ་མ་བྱས་པའོ།། འདི་ལ་སྒྲིབ་པ་གང་ཞེ་ན། ཆོས་ཀྱི་ཕོངས་པར་གྱུར་པའི་ལས་དྲང་ཐོས་པ་ཉུང་སྟེ། འཆལ་པའི་ཤེས་རབ་དང་ཏིང་འཛིན་དང་མི་མཐུན་པའི་བྱིང་བ་དང་རྒོད་པ་ལ ་སོགས་པ་ཉེ་བར་ཉོན་མོངས་པའོ།། སྒྲིབ་པ་འདི་ནི་ཞེས་བྱ་བ་ནི་སྦྱོར་བ་མེད་པ་ལ་སོགས་པའོ།། དགེ་བ་ལ་སོགས་པ་ཞེས་བྱ་བ་ནི། དབང་ལ་ཐུག་གི་བར་དུ་དངོས་པོ་རྣམ་པ་བཅུའོ།། དོན་གང་ལ་བྱེད་རྒྱུ་བཅུར་འགྱུར་བ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས ་པ་ནས། འཐོབ་པ་ལ་ཐུག་གི་བར་གྱི་དོན་གང་ལ་སྒྲིབ་པ་དེ་བཟློག་ནི་སྦྱོར་བ་ལ་སོགས་པ་ནས་ཏི་ངེ་འཛིན་ཡོངསུ་སྦྱང་བ་བྱས་པ་ལ་ཐུག་པ་རྣམས་ནི་བྱེད་རྒྱུ་བཅུར་འགྱུརརོ།། འདིར་ནི་སོ་སོ་ཐ་དད་ཀྱང་སྐྱེ་བ་ལ་སོགས་པའི་རྒྱུ་ཉི་དུ་ཁྱད་པར་མེད་པའི ་ཕྱིར་བྱེ་བྲག་མེད་པའི་བསྟན་ཏོ།། དོན་དེའི་སྐབས་ཀྱིས་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་དོན་གྱི་དབང་དུ་བྱས་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་དགེ་བ་ལ་སོགས་པ་དེ་དག་སྐྱེ་བ་ལ་སོགས་པའི་རྒྱུ་ལ་གེགསུ་གྱུར་པའི་ཚེ་ན། སྐྱེ་བ་ལ་སོགས་པ ་ལ་སྒྲི་བོ་ཞེས་བྱ་སྟེ། དཔེར་ན་རྩིག་པ་ལ་སོགས་པས་སྣང་བ་བསྒྲིབས་ནས། དེའི་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་ཡང་སྒྲི་བོ་ཞེས་བྱ་བ་ལྟ་བུའོ།། དེ་ལྟར་བྱས་ནས་ཆོས་བཅུ་པོ་དེ་དག་གི་སྒྲིབ་པ་སུམ་ཅུ་པོ་བཟློག་ན་བྱེད་རྒྱུ་སུམ་ཅུ་བསྟན་པ་ཡིནོ།། ་དེ་ལ་དགེ་བ་སྐྱེ་བའི་བྱེད་རྒྱུ་གསུམ་ནི་སྦྱོར་བ་དང་སྐྱེ་མཆེད་ལ་སྦྱོར་བ་དང་ཚུལ་བཞིན་ལ་སྦྱོར་བའོ།། འདི་ལྟ་སྟེ། མིག་ལ་སོགས་པ་ཞེས་བྱ་བ་ནི་འདིར་དཔེ་སྟེ། མིག་ལ་སོགས་པ་ནི་རྣམ་པར་ཤེས་པ་འབྱུང་བའི་བྱེད་རྒྱུ་ཉིད་ཡིན་གྱི། གནས་པ་ལ་སོགས ་པའི་བྱེད་རྒྱུ་ནི་མ་ཡིནོ།། དེ་ལ་སྦྱོར་བ་མེད་པ་ལ་སོགས་པ་སྦྱོར་བ་ལ་མངོན་དུ་གེགསུ་གྱུར་པ་ན་གཅིག་ནས་གཅིག་ཏུ་བརྒྱུ་དེ་དགེ་བ་སྐྱེ་བ་ལ་ཡང་གེགས་བྱེད་པས་དེ་བཞིན་དུ་སྐྱེ་བ་ལ་སྒྲིབ་པ་ནི་དགེ་བ་ལ་སྒྲིབ་པ་སྟེ། དེའི་ཕྱིར་དེ་བསྐྱེད་པར་བྱ་བའི་ཕྱིརརོ་ཞེས ་བྱ་བ་སྨོས།། དགེ་བ་ལ་གནས་པ་ལ་སོགས་པའི་སྲིད་པས་སྐྱེ་བའི་སྒྲིབ་པ་ཉིད་ཡིན་ཞེས་སྟོན་ཏེ། བྱང་ཆུབ་ལ་ནི་གནས་པའི་བྱེད་རྒྱུ་ཡོད། བྱང་ཆུབ་ནི་གནས་གྱུར་པའོ།། དེ་བཞིན་ཉིད་དྲི་མ་མེད་པ་ནི་གནས་པའོ།། འདིར་རྒྱུ་སྨོས་པ་མི་འཁྲུགས་པའི་ཕྱིར ་ཞེས་བྱ་བའོ།། འཇིག་རྟེན་ཇི་སྲིད་པ་དེ་སྲིད་གནས་པས་མི་འཁྲུགས་པ་སྟེ། གཞན་དུ་མི་འགྱུར་བ་དང་རྣམ་པར་མི་ལྡོག་པའོ།། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ནི་བདག་གི་རྒྱུ་ཉིད་ཀྱི་དོན་བྱས་ནས་རྣམ་པར་ལྡོགོ།། བྱང་ཆུབ་སེམས་དཔའ་ནི་སེམས ་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པས་ཚོགས་རྣམས་ལ་འཇུག་པ་ན་གནས་གྱུར་པའི་མཚན་ཉིད་བྱང་ཆུབ་སེམས་ཅན་ཇི་སྲིད་པ་དེ་སྲིད་དུ་གནས་པར་སྨོན་ཏེ། ཉན་ཐོས་ལ་སོགས་པ་ལྟར་མི་སྐྱེ་བ་ཙམ་གྱི་ཕྱིར་ནི་མ་ཡིནོ།། གནས ་པཔ་ནི་སྐྱེ་བ་མེད་པར་མི་འགྱུར་བས་འདིར་ཡང་སྐྱེ་བ་ཡོད་པར་འགྱུར་རོ།། དེ་བས་ན་བྱང་ཆུབ་ཀྱི་གནས་པའི་བྱེད་རྒྱུ་ཉིད་བརྗོད་ཀྱི་སྐྱེ་བའི་བྱེད་རྒྱུ་ནི་མ་ཡིནོ།། དེ་མ་གཏོགས་པར་གཞན་གནས་པའི་བྱེད་རྒྱུ་མེད་པས་དེའི་ཕྱིར་དེ་ཉིད་བཤདདོ།། ཡང་ན་དེ་བཞིན་ཉིད་རྣམ ་པར་དག་པ་ནི་བྱང་ཆུབ་སྟེ། དེ་བཞིན་ཉིད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པས་སྐྱེ་བ་མེད། གློ་བུར་གྱི་དྲི་མ་མེད་པར་གྱུར་ན་བྱེད་རྒྱུ་དེ་དག་གིས་གཏན་དུ་གནས་པ་ཉིད་ཅེས་བརྗོད་ཀྱི་སྐྱེ་བ་ནི་མ་ཡི་ནོ།། བྱང་ཆུབ་ཀྱི་གནས་པའི་བྱེད་རྒྱུ་ནི་དགེ་བའི་རྩ་བ་སྐྱེ་བ ་དང་ཡིད་ལ་བྱེད་པ་དང་ཚོགས་ཡོངསུ་རྫོགས་པའོ།། འདིར་ཡང་དགེ་བ་མི་སྐྱེ་བ་ལ་སོགས་པ་ནི་དགེ་བ་སྐྱེ་བ་ལ་སོགས་པའི་གེགསུ་གྱུར་པས་བྱང་ཆུབ་ཀྱི་གནས་པ་ལ་གནོད་པ་བྱེད་པའི་ཕྱིར་གནས་པའི་སྒྲིབ་པ་ཞེས་བཤདདོ།། གནས་པའི་བྱེད་རྒྱུ་ནི་དཔེར ་ན་སེམས་ཅན་རྣམས་ཀྱི་ཟས་གཞི་ལྟ་བུའོ་ཞེས་བྱ་བ་ནི། འདིར་དཔེའོ།། ཁམ་གྱི་ཟ་བའི་ཟས་ལ་སོགས་པ་སྔ་ན་མེད་པའི་སེམས་ཅན་སྐྱེད་པར་བྱེད་པ་མ་ཡིན་པ་གྱི་སྔར་སྐྱེས་པ་རྣམ་པོར་གནས་པར་བྱེད་པ་ཉིད།། རྟེན་པའི་བྱེད་རྒྱུ་ཞེས་བྱ་བ་ལ་རྟེན་ནི ་བྱང་ཆུབ་ཀྱི་སེམས་ཏེ། དགེ་བའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་དེ་ནི་དེའི་རྟེན་ཏེ། འདིས་འཛིན་པས་དཔེར་ན་སེམས་ཅན་གྱི་འཇིག་རྟེན་གྱི་སྣོད་ཀྱི་འཇིག་རྟེན་ལྟ་བུའོ་ཞེས་བྱ་བ་ནི་འདིར་དཔེའོ།། དེའི་བྱེད་རྒྱུ་ནི་རིགས་དང་བཤེས་གཉེན་ཕུན་སུམ་ཚོགས ་པ་དང་། སེམས་ཡོངསུ་མི་སྐྱོ་བའོ།། དེ་ལ་རིགས་དང་མི་ལྡན་པ་ལ་སོགས་པ་ནི་བརྟེན་པའི་བྱེད་རྒྱུ་དང་འགལ་བས་རྟེན་ལ་ཡང་སྒྲིབ་པར་བཤ།། དེའི་ཕྱིར་རྟེན་གྱི་སྒྲིབ་པ་ནི་ཡང་དག་པར་འཛིན་པ་ལ་སྒྲིབ་སྟེ། བྱང་ཆུབ་ཀྱི་སེམས་རྒྱུར་གྱུར་པ། ་ཕྱིརརོ་ཞེས་བྱ་བ་སྨོསོ།། དཔེར་ན་གཟུགས་ཀྱི་སྣང་བ་ལྟ་བུའོ་ཞེས་བྱ་བ་ནི་འདིར་དཔེའོ།། གསལ་བའི་བྱེད་རྒྱུ་ནི་བློ་ལྡན་དང་བྱང་ཆུབ་སེམས་དཔའི་སྒྲིབ་པ་སྟེ་རབ་ཏུ་བསྟན་པར་བྱ་བའི་ཕྱིརརོ།། དེ་ཡང་སྒྲུབ་པ་ཕུན་སུམ་ཚོགས་པ་དང་། སྐྱེ་བོ་རུང་བ་དང་འགྲོགས ་པཔོ་དང་། སྐྱེ་བོ་གནོད་པར་སེམས་པ་དང་འགྲོགས་པའོ།། འདིར་སྒྲུབ་པ་དང་མི་ལྡན་པ་ལ་སོགས་པ་ནི་བློ་ལྡན་གསལ་བའི་སྒྲིབ་པ་ཞེས་བྱ་སྟེ། དེའི་ཕྱིར་གསལ་བ་ལ་སྒྲིབ་པ་ནི་བློ་དང་ལྡན་པ་ལ་སྒྲིབ་པ་སྟེ། དེ་བསྟན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨོསོ།། ། ་དཔེར་ན་གཟུགས་ཀྱི་སྣང་བ་ལྟ་བུའོ་ཞེས་བྱ་བ་ནི་འདིར་དཔེའོ།། སྣང་བ་ནི་གཟུགས་འབའ་ཞིག་གསལ་བའི་བྱེད་རྒྱུ་ཉིད་ཡིན་ཏེ། སྐྱེ་བ་ལ་སོགས་པའི་བྱེད་རྒྱུ་ནི་མ་ཡིནོ།། འགྱུར་བའི་བྱེད་རྒྱུ་ནི་འཁྲུལ་པ་མེད་པའི་རྒྱུ་སྟེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ ་འཁྲུལ་པ་ལྡོག་པའི་བདག་ཉིད་ཡིན་པས་འཁྲུལ་པ་མེད་པ་ནི་མཐོང་བའི་ལ་མོ།། འཁྲུལ་པ་མེད་པར་འགྱུར་བ་ཞེས་བྱ་བ་སྟེ། དཔེར་ན་ཤིང་ལ་སོགས་པའི་ཐལ་བ་ལ་སོགས་པ་ལྟ་བུའོ།། དེའི་བྱེད་རྒྱུ་གསུམ་ནི་ཕྱིན་ཅི་ལོག་གི་གནས་ངན་ལེན་བཅོམ ་པ་དང་། ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་གསུམ་མེད་པ་དང་། རྣམ་པར་གྲོལ་བ་ཡོངསསུ་སྨིན་པར་བྱེད་པའི་ཤེས་རབ་ཡོངསུ་སྨིན་པའོ།། དཔེར་ན་བཙོ་བ་ལ་སོགས་པའི་མེ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་འབྲས་ཆན་ལ་སོགས་པ་དང་མི ་འདྲ་བ་སྟེ། དེའི་རྒྱུ་དུ་གཏོགས་པའོ།། འབྲས་ལ་སོགས་པ་འགྱུར་རོ་ཞེས་བྱ་བ་དེའི་བྱེད་རྒྱུ་ནི་མེ་ལ་སོགས་པའོ།། འབྲལ་བའི་བྱེད་རྒྱུ་ནི་སྒྲིབ་པ་མེད་པའི་རྒྱུ་སྟེ། མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་སྒྲིབ་པ་ལས་ལྷག་མ་འདིས་སྤོང་བས་སྒྲིབ་པ་མེད་པ་ནི་བསྒོམ ་བུའི་ལམོ།། དེའི་བྱེད་རྒྱུ་གསུམ་ནི་ལྷན་ཅིག་སྐྱེས་པའི་གནས་ངན་ལེན་བཅོམ་པ་དང་། བརྩོན་འགྲུས་དང་བག་ཡོད་པའོ།། དེ་དག་ཀྱང་འབྲལ་བའི་བྱེད་རྒྱུའི་གཉེན་པོ་ཡིན་པའི་ཕྱིརོ།། དེའི་ཕྱིར་འབྲལ་བ་ལ་སྒྲིབ་པ་ནི་སྒྲིབ་པ་མེད་པ་ལ་སྒྲིབ་སྟེ། ཞེས་བྱ་བ་སྨོསོ།། ་དེ་ཡང་འབྲལ་བའི་བྱེང་རྒྱུའི་གཉེན་པོའི་དངོས་པོར་སྒྲིབ་སྟེ་འདིར་རྒྱུ་སྨོས་པ། དེ་སྒྲིབ་པ་དང་བྲལ་བའི་ཕྱིརརོ་ཞེས་བྱ་བའོ།། འདིས་འབྲལ་བར་བྱེད་པས་འབྲལ་བའོ།། བསྒྱུར་བའི་བྱེད་རྒྱུ་ནི་བསྔོ་བའི་རྒྱུ་སྟེ། དེས་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་སྦྱོར་བའི་མཚན ་ཉིད་ཀྱི་ཕྱིརརོ།། དེ་ཡང་སྲིད་པ་དང་ལོང་སྤྱོད་ལས་ཕྱིར་ཕྱོགས་པ་དང་སེམས་ཞུམ་པ་མེད་པའོ།། དེའི་ཕྱིར་བསྒྱུར་བའི་བྱེད་རྒྱུའི་གེགས་ནི་བསྔོ་བའི་སྒྲིབ་པར་ལྟ་བར་བྱའོ།། ཅིའི་ཕྱིར་ཞེ་ན་བསྔོ་བ་ནི་བྱང་ཆུབ་ཆེན་པོར་སེམས་ཡོངསུ་སྔོ་བའི་མཚན་ཉིད་ཀྱི་ཕྱིར ་ཞེས་བྱ་བ་ནི་ཡིད་ཆེས་པའི་བྱེད་རྒྱུ་ནི་མོ་སྐྲག་པའི་རྒྱུ་སྟེ། དེ་ཡང་གང་ཟག་ལ་སྲིད་སྙམ་པ་དང་ཆོས་ལ་མོས་པ་དང་། དགོངས་པའི་དོན་ཁོང་དུ་ཆུད་པའོ།། ཆོས་དེ་རྣམས་ཀྱིས་ཡིད་ཆེས་པར་འགྱུར་བས་དེའི་ཕྱིར་ཡིད་ཆེས་པའི་བྱེད་རྒྱུའི་གེགས་ཡིན་པས་ཡིད། ་ཆེས་པ་ལ་སྒྲིབ་པ་ནི་མི་སྐྲག་པ་ལ་སྒྲིབ་སྟེ། འདིར་རྒྱུ་སྨོས་པ། ཡིད་མི་ཆེས་པས་སྐྲག་པའི་ཕྱིརརོ་ཞེས་བྱ་བའོ།། ཡིད་མི་ཆེས་པས་ནི་ཆོས་ལ་སྐྲག་པར་འགྱུརརོ།། ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ་ནི། སེར་སྣ་མེད་པོའི་རྒྱུ་སྟེ་དེ་ནི་དམ་པའི་ཆོས་ཆེར་འཛིན་པ་དང་རྙེད ་པ་དང་བཀུར་སྟི་དང་། མཆོད་པ་ལ་མི་ལྟ་བ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་བའོ།། ཡིད་ཆེས་པར་བྱེད་པའི་རྒྱུ་དང་འགལ་བས་ཡིད་ཆེས་པར་བྱེད་པ་ལ་སྒྲིབ་པ་ནི། སེར་སྣ་མེད་པ་ལ་སྒྲིབ་པར་རྣམ་པར་བཞག་སྟེ། འདིར་རྒྱུ་སྨོས་པ་ལ་ཆོས་ལ ་སེར་སྣ་མེད་པས་གཞན་ཡིད་ཆེས་པར་བྱེད་པའི་ཕྱིརརོ་ཞེས་བྱ་བའོ།། དམ་པའི་ཆོས་ཆེད་ཆེར་མི་འཛིན་པ་ལ་སོགས་པས་ཆོས་ལ་སེར་སྣ་བྱེད་པར་འགྱུར་རོ།། ཆོས་ལ་སེར་སྣ་བྱེད་པས་ཀྱང་གཞན་རྣམས་ལ་ཆོས་འཆད་པར་མི་བྱེད་པས་དེའི་ཕྱིར་ཡིད་ཆེས་པར ་བྱེད་པ་ལ་སྒྲིབ་པས་ནི་སེར་སྣ་མེད་པ་ལ་སྒྲི་གོ།། འཐོབ་པའི་བྱེད་རྒྱུ་གསུམ་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མེད་པ་དང་། མང་དུ་ཐོས་པ་དང་ཏིང་འཛིན་ཡོངསུ་སྦྱང་བར་བྱས་པའོ།། དེ་དང་འགལ་བས་ཐོས་པས་ཕོངས་པ་ལ་སོགས་པ་ནི་དབང་གིས ་སྒྲིབ་པར་རྣམ་པར་བཞག་སྟེ་འདིར་རྒྱུ་སྨོས་པ་དབང་དེ་ལ་དབང་བྱེད་པ་འཐོབ་པའི་མཚན་ཉིད་ཀྱི་ཕྱིར་ཞེས་བྱ་བའོ།། ཁ་ཅིག་ན་རེ་དགེ་བ་ལ་སོགས་པའི་གོ་རིམས་ཀྱི་རྒྱུ་ནི་འདི་ལྟ་བུ་སྟེ་དགེ་བའི་ཆོས་ཀྱི་སེམས་ཀྱི་རྒྱུད་ཉེ་བར་བསྟན་པས་བྱང་ཆུབ་འཐོབ ་པའི་སྐལ་བ་ཡོད། དེའི་ཕྱིར་ཐོག་མར་དགེ་བ་བཤ་།། དེའི་འོག་ཏུ་བྱང་ཆུབ་བཤ་དོ།། བྱང་ཆུབ་ཀྱི་སེམས་ནི་ཆོས་དགེ་བའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པས་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནཱམ། བྱང་ཆུབ་ལ་ཐུག་གི་བར་དུ་དེ་གཉིས་ཀ་སྒྲུབ་ནུས་པར་འགྱུར་ཏེ། ་ཕྱིར་དེའི་འོག་ཏུ་བྱང་ཆུབ་ཀྱི་སེམས་བཤ་དོ།། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་སྦྱོར་བ་དང་སྐྱེ་བོ་ངན་པ་དང་སྐྱེ་བོ་སྡང་བ་ཡོངསུ་སྤོང་སྟེ། དེ་ལྟར་འདིའི་བྱང་ཆུབ་སེམས་དཔའི་དངོས་པོ་བསྟན་པ་ཡིནོ།། དེའི་ཕྱིར་ཡང ་དག་པར་འཛིན་པའི་འོག་ཏུ་བློ་ལྡན་བཤ་དོ།། དེ་ལྟར་སྦྱོར་བ་ན་ཕྱིན་ཅི་ལོག་སྤོང་ཞིང་ཕྱིན་ཅི་ལོག་མེད་པའི་ཡེ་ཤེས་སྐྱེད་པར་བྱེད། དེའི་ཕྱིར་བློ་ལྡན་གྱི་འོག་ཏུ་འཁྲུལ་པ་མེད་པ་བཤ།། དེ་ནི་མཐོང་བའི་ལམ་སྟེ། དེ་ལ་གོམས་པས་སྒྲིབ་པ་རྣམ་སྤོང ་བས་དེའི་ཕྱིར། དེའི་འོག་ཏུ་སྒྲིབ་པ་སྤོང་བའི་སྒྲིབ་པ་མེད་པར་བཤད།། སྒྲིབ་པ་མེད་ན་སྲིད་པ་དང་ལོང་སྤྱོད་ལ་ཆགས་པ་མེད་པའི་ཕྱིར་སངས་རྒྱས་ཉི་དུ་ཡིད་ཀྱིས་ཡོངསུ་སྔོ་བར་བྱེད་ཀྱི་གཞན་དུ་མ་ཡི་ནོ།། དེའི་ཕྱིར་དེའི་འོག་ཏུ་བསྔོ་བ་བཤདོ།། དེ་ལྟ་བུར་ནི ་སངས་རྒྱས་ཀྱི་ཆོས་ཤིན་ཏུ་ཐོབ་མོ་རྣམས་ལ་མཆོག་ཏུ་དགའ་བ་སྐྱེ་སྟེ། མི་སྐྲག་པས་དེའི་ཕྱིར་དེའི་འོག་ཏུ་མི་སྐྲག་པ་བཤད།། དེ་ལྟར་ཆོས་མངོན་སུམ་དུ་གྱུར་པ་ཐབས་གང་དང་གང་གིས་སེམས་ཅན་འདུལ་བར་མཐོང་བའི་ཐབས་དེ་དང་དེ་ལ ་བརྟེན་པས་དེ་ལ་སེར་སྣ་འབྱུང་བར་ག་ལ་འགྱུར་བས། མི་སྐྲག་པའི་འོག་ཏུ་སེར་སྣ་མེད་པ་བཤད།། དེ་ལྟར་སྒྲིབ་པ་སྤངས་པ་དང་དཀར་པོའི་ཆོས་རྣམས་ཡོངསུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ལ་དབང་བར་འགྱུར་བས་དེའི་ཕྱིར་དེའི ་འོག་ཏུ་དབང་བཤདདེ། གོ་རིམས་ནི་འདིའོ་ཞེས། ལེའུར་བཅས་པ་འདིར་སྒྲིབ་པའི་སྐབས་ཡིན་པས་དེའི་ཕྱིར་དགེ་བ་ལ་སོགས་པའི་སྐྱེ་བའི་བྱེད་རྒྱུ་རྣམས་ནི། སྒྲིབ་པ་བཞིན་དུ་མདོར་མཛད་པས་སྐབས་ནས་འབྱུང་བ་རྣམས་པར་གྱི་ཚིགསུ་བཅད་པས ་སྡུད་པར་མཛད།། བྱེད་རྒྱུ་བཅུ་ནི་སྐྱེ་བ་དང་།། གནས་པ་བརྟེན་དང་བསྟན་བྱ་དང་།། འགྱུར་དང་འབྲལ་དང་གཞན་དུ་དང་།། ཡིད་ཆེས་གོ་བྱེད་འཐོབ་རྣམས་ལ།། དེ་ནི་དཔེར་བརྗོད་བསྡུ་བའི་ཕྱིར། ཁར་གྱི་ཚིགས་བཅད་གཉིས་པ་སྟེ།། མིག་དང་ཟས་སམ ་མར་མེ་དང་།། མེ་ལ་སོག་པ་དེ་ཡི་དཔེ་། ཁོར་བ་བཟོ་ཤེས་དུ་བ་དང་།། རྒྱུ་དང་ལམ་ལ་སོགས་པ་གཞན་ཞེས་བྱ་བའོ།། ཕྱོགས་དང་ཕ་རོལ་ཕྱིན་ས་ལ།། སྒྲིབ་པ་དག་ནི་གཞན་པ་ཡིནོ།། སྔར་ནི་དགེ་བ་དང་དེའི་སྒྲིབ་པ་བྱེ་བྲག་ཏུ་མ་ཕྱེ་བར ་བཤདདོ།། དེ་ནི་ཕྱོགས་དང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་བྲག་གིས་ནི་དགེ་བ་བཤ་དོ།། གཞི་ལ་མི་མཁས་ལེ་ལོ་དང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་གིས་ནི་ཕྱོགས་ལ་སོགས་པའི་དགེ་བ་ལ ་སྒྲིབ་པ་བཤད།། དེར་གཏོགས་པས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉི་གའི་བྱ་བ་བྱེ་བྲག་མེད་པའི་ཕྱིར་དེ་ལ་བྱང་ཆུབ་ཀྱི་ཕྱོགས་ནི་ཐུན་མོང་བའོ།། ཕ་རོལ་ཏུ་ཕྱིན་པ་དང་ས་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཐུན་མོང་མ ་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཉིད་ལ་ལྷག་པར་བྱེད་པའི་ཕྱིརརོ།། སྔར་ནི་དགེ་བ་ལ་སོགས་པའི་རྒྱུ་ལ་སྒྲིབ་པའི་སྒོ་ནས་འབྲས་བུ་ལ་སྒྲིབ་པར་བཤ་དོ།། འདིར་ནི་འབྲས་བུ་ལ་དངོསུ་སྒྲིབ་པ་ཉིད། དེ་བླ་ན་སྔ་མ་ལྷ་གཞན་ཞེ་བྱ་བའོ།། ཡང་ན་སྦྱོརབ ་མེད་པ་ལ་སོཌ་བ་ལླ་གཞི་ལ་མི་མཁས་པ་ལ་སྟོན་པ་གཞན་ཉིད། དེ་གཞན་ཞེས་བྱ་བའོ།། ཡང་ན་དགེ་བ་དང་བྱང་ཆུབ་ཅེས་བྱ་བ་ནི། འདིར་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཐབས་དང་བཅས་པའི་སྤྱོད་པ་དང་། འབྲས་བུ་ལ་སྦྱོར་བ་མེད་པ་ལ་སྒྲི་བོ་ཞེས་བྱ ་བཤད།། འདིར་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པར་འབྱེད་པས། གཞི་ལ་མི་མཁས་པ་ལ་སོགས་པ་ནི། སྦྱོར་བ་མེད་པ་ལ་སོགས་པ་ལས་དགེ་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒྲིབ་པ་གཞན་དུ་རིག་པར་བྱའོ།། དེ་ལ་ཉན་ཐོས ་ལ་སོགས་པ་ཐ་དད་པས་བྱང་ཆུབ་གསུམ་སྟེ། དེ་དག་དང་མཐུན་པས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་ལམ་ལ་ཐུག་གི་བར་དག་ནི་བྱང་ཆུབ་ཀྱི་ཕྱོགས་རྣམས་ཞེས་བྱའོ།། ཕ་རོལ་ཏུ་ཕྱིན་པ་བཅུ་ད་གས་བཅུ་རྣམས་ནི་མདོ་ལས་ཇི་སྐད་འབྱུང་བ ་བཞི་ནོ།། གཞི་ལ་མི་མཁས་པས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྐྱེ་བོ་ཞེས་བྱ་བ་ལ་དེ་དག་ནི་ལུས་དང་ཚོར་བ་དང་། སེམས་དང་ཆོས་དྲན་པ་ཉེ་བར་གཞག་པ་དང་བཞིའོ།། དེ་དག་གི་གཞི་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ཏེ། དེའི་ཡུལ ་ཡིན་པའི་ཕྱིརརོ།། དེ་ལ་གནསུ་མངོན་པར་ཞེན་པའི་གཞི་ནི་ཁུསོ།། བདག་གི་ལོང་སྤྱོད་མངོན་པར་ཞེན་པའི་གཞི་ནི་ཚོར་བའོ།། བདག་ཏུ་མངོན་པར་ཞེན་པའི་གཞི་ནི་སེམསོ།། བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མངོན་པར་ཞེན་པའི་གཞི་ན ་ཆོས་རྣམ་སོ།། ལུས་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་མ་ཆུད་པ་གང་ཡིན་པ་དེ་ནི་དེ་ལ་མི་མཁས་པའོ།། དེ་ལ་ལུས་ཀྱི་རང་གི་མཚན་ཉིད་ནི་མི་གཙང་བ་དུ་མའི་རྫ་སུ་འདུས་པའི་བདག་ཉིད།། ཚོར་བ་ཡི་ནི་བདེ་བ་ལ་སོགས་པའི་རང་བཞི་ནོ།། རྣར ་ཤེས་པའི་ནི་ཡུལ་ལས་སོ་སོར་རྣམ་པར་རིག་པའོ།། ཆོས་རྣམས་ཀྱི་ཇི་ལྟར་མཐུན་མཐུན་དུ་སྦྱ་རོ།། སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་སྡུག་བསྔལ་པ་དང་། སྟོང་པ་དང་བདག་མེད་པའི་རྣམ་པའོ།། ཡང་ན་ལུས་ལ་སོགས་པ་ལ་མི་གཙང་བ་དང་། སྡུག ་བསྔལ་བ་དང་མི་རྟག་པ་དང་། བདག་མེད་པའི་རྣམ་པར་མ་རྟོགས་པ་འམ། གཙང་བ་དང་བདི་བོ་དང་། རྟོག་པ་དང་བདག་གི་རྣམ་པར་རྟོག་པ་ནི་གཞི་ལ་མི་མཁས་པ་སྟེ། འདི་ལྟར་མི་ཤེས་པ་འམ། ལྟ་བ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྒྲིབ་པའོ།། དྲན་པ ་ཉེ་བར་གཞག་པ་རྣམས་ནི་ཤེས་རབ་དང་དྲན་པའི་རང་བཞིན་ཡིན་ན། ཅིའི་ཕྱིར་གཞི་ལ་མི་མཁས་པ་ནི་སྒྲིབ་པ་ཞེས་བརྗོད་ཀྱི། གཞི་མི་དྲན་པ་ནི་མ་ཡིན་ཞེ་ན། ཤེས་རབ་ཀྱི་ཁ་ན་ལས་ཏེ་འབྱུང་བའི་ཕྱིརརོ།། འདི་ལྟར་ཤེས་རབ་ནི་མཐོང ་བའི་བདག་ཉིད་ཀྱི་ཕྱིར་ཏེ། ཤེས་རབ་ཀྱི་རྗེས་ལྷ་ཐོབ་པའི་དམིགས་པ་ལ་དྲན་པ་ལ་སོགས་པ་རབ་ཏུ་འཇུག་གི། ཤེས་རབ་བཞིན་དུ་རང་གི་རྒྱུད་ཡོད་པ་ནི་མ་ཡིན་ཏེ། དེའི་ཕྱིར་མི་དྲན་པ་ནི་སྒྲིབ་པ་ཞེས་མི་བཤ་དོ།། ལེ་ལོ་ནི་ཡང་དག་པར་སྤོང་པ་རྣམ ་ཁ་སྒྲི་འོ།། བརྩོན་འགྲུས་ཀྱིས་མི་མཐུན་པའི་ཕྱོགས་སྐྱེས་པ་དང་མ་སྐྱེས་པ་སྤོང་བ་དང་། མི་སྐྱེད་པ་དང་གཉེན་པོ་སྐྱེས་པ་དང་། མ་སྐྱེས་པ་ཕྱིར་ཞིང་འབྱུང་བ་དང་། སྐྱེད་པའི་ཕྱིར་འཇུག་པ་ནཱ་ཡང་དག་པར་སྤོང་བ་ཞེས་བྱ་བའི་མིང་འཐོ་འོ།། དེ་ནི་དབྱེར་མེད ་མེད་ཀྱང་འབྲས་བུ་ཐ་དད་པའི་ཕྱིར་རྣམ་པ་བཞིར་བཞགོ།། དེ་བས་ན་ཡང་དག་པར་སྤོང་བ་རྣམས་བརྩོན་འགྲུས་ཀྱི་བདག་ཉིད་ཡིན་པས་ལེ་ལོ་ནི་སྒྲིབ་པར་བཤ་དོ།། གཉིས་ཀྱིས་ཏིང་འཛིན་མཉམ་པ་དང་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ ་སྒྲི་བོ།། འདིས་རྫུ་འཕྲུལ་བྱེད་པསཽ་རྫུ་འཕྲུལ་ཏེ། དེ་ཡང་འདུན་པ་དང་བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་འཛིན་ཏོ།། དེ་ཉིད་རྫུ་འཕྲུལ་གྱི་རྐང་པ་སྟེ། ན་མཁའ་ལ་འགྲོ་བ་དང་། སྤྲུལ་པ་ལ་སོགས་པ་རྫུ་འཕྲུལ་གྷྲྀ་གནསུ་གྱུར་པའི་ཕྱིརརོ།། ཡང་ན་འགྲོ ་བས་རྫུ་འཕྲུལ་ཏེ། ན་མཁའ་ལ་འགྲོ་བ་ལ་སོགས་པ་འབྱོར་པ་ཞེས་བྱ་བའི་ཐ་ཚིགོ།། དེའི་རྐང་པ་ནི་རྫུ་འཕྲུལ་གྱི་རྐང་པ་སྟེ། དེའི་གཞི་ཡིན་པའི་ཕྱིརརོ།། འདུན་པའི་ཏིང་འཛིན་ལ་སོགས་པ་རྣམ་པ་གཞི་པོ་དེ་ཉིད་ནི་ཏིང་འཛིན་ཏོ།། དེ་ལ་འདུན་པའི་ཏིང་འཛིན ་ལ་ནི་འདུན་པ་གཙོ་བོ་སྟེ། དེའི་སྒོ་ནས་ཏིངངེ་འཛིན་འཐོབ་པའི་ཕྱིར།། བརྩོན་འགྲུས་ལ་སོགས་པ་ཡང་དེ་ན་མེད་པ་ནི་མ་ཡིན་ཏེ། འདུན་པའི་གྲོགས་བྱེད་པའི་ཕྱིར། དེ་དག་ནི་དེར་གཙོ་བོ་མ་ཡིན་པས་དེ་དག་མི་བཤདདོ།། དེ་བཞིན་དུ་བརྩོན་འགྲུས་དང་།། ་སེམས་དང་དཔྱོད་པའི་ཏིང་ངེ་འཛིན་རྣམས་ཀྱང་བརྗོད་པར་བྱའོ།། གཉིས་ཀྱིས་ཏིང་ངེ་འཛིན་ཉམས་པ་སྒྲིབ་པར་བཤད་པ་དེ་མི་ཤེས་ཏེ། དེའི་ཕྱིར་འདུན་པ་དང་བརྩོན་འགྲུས་དང་སེམས་དང་། དཔྱོད་པ་རྣམས་ལས་གང་ཡང་རུང་བ་ཞིག་མ་ཚང་བ་ཡོང ་སུ་མ་རྫོགས་པ་དང་། སྤོང་བའི་འདུ་བྱེད་བསྒོམ་པ་མ་ཚང་བས་ཞེས་བྱ་བ་སྨོསོ།། དེ་ལ་འདུན་པ་དང་བརྩོན་འགྲུས་དང་། སེམས་དང་དཔྱོད་པ་དེ་དག་ལས་གང་ཡང་རུང་བ་ཞིག་མ་ཚང་བས་ཡོངསུ་བསྐོང་བ་ཉམས་ཏེ། དེའི་དབང་གིས་ཏིང་ངེ་འཛིན་མེད་པའི་ཕྱིར།། ་བསྒོམ་པ་ཉམས་པ་ནི་སྤོང་བའི་འདུ་བྱེད་བརྒྱད་པོ་དག་ལས་མ་ཚང་བའི་ཕྱིརརོ།། དེ་དག་ནི་དད་པ་དང་འདུན་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་ཀྱི་བདག་ཉིད།། སྤོང་བའི་འདུ་བྱེད་འདི ་དག་བསྒོམས་ན། ཏིང་འཛིན་ལ་དབང་ཐོབ་སྟེ། གཞན་དུ་མ་ཡི་ནོ།། དེ་བས་ན་དེ་དག་མ་ཚང་ན་སྒོམ་པ་ཉམས་པ་ཞེས་བྱ་སྟེ། ཏིངེ་འཛིན་ལ་དབང་མི་ཐོ་བོ།། འདི་ལ་སྒྲིབ་པ་གང་ཞེ་ན། འདུན་པ་ལ་སོགས་པའི་ཕྱོགས་དང་སྤོང་བའི་འདུ་བྱེད་ཀྱི་མི་མཐུན་པའི་ཕྱི ་ཉེ་བའི་ཉོན་མོངས་པའོ།། འདི་ལྟ་སྟེ། ལེ་ལོ་དང་དམིགས་པ་བརྗེད་པ་དང་། བྱིང་བ་དང་རྒོད་པ་དང་། འདུ་མི་བྱེད་པ་དང་། འདུ་བྱེད་པའོ།། ཐར་པའི་ཆ་དང་མཐུན་པ་རྣམས་མི་སྐྱེད་པ་ནི་དབང་པོ་རྣམས་མི་ལ་སྒྲི་བོ་ཞེས་བྱ་བ་ནི་འཁོར་བས་སྐྲག་སྟེ། ཐར་པའི་དབང་དུ ་དུ་བྱས་ནས་དགེ་བའི་རྩ་བ་གང་མངོན་པར་འདུ་བྱེད་པ་དེས་ཐར་པ་རྙེད་པར་ངེས་པར་ཐར་པའི་ཆ་དང་མཐུན་པ་ཞེས་བྱའོ།། དེ་བསྐྱེད་ན་དད་པ་ལ་སོགས་པ་དབང་པོའི་མིང་འཐོབ་པར་འགྱུར་ཏེ། གཞན་དུ་མ་ཡིན་པས་ཐར་པའི་ཆ་དང ་མཐུན་པ་མི་བསྐྱེད་པ་ནི་དབང་པོ་རྣམས་ལ་སྒྲིབ་པར་བཤད།། དེ་ལ་སྒྲིབ་པ་གང་ཞེ་ན། ཉེ་བའི་ཉོན་མོངས་པ་གང་གིས་ཐར་པའི་ཆ་དང་མཐུན་པ་མོ་སྐྱེད་པ་སྟེ། དེ་ནི་ཡང་སྲིད་པ་ལ་ཆགས་པ་དང་། མྱ་ངན་ལས་འདས་པས་འཇིགས་པའོ།། དབང་པོ་དེ་དག་གི ་ཉམ་ཆུང་བ་ནི་སྟོབས་རྣམས་ལ་སྒྲི་བོ།། དབང་པོ་རྣམས་ཀྱི་ཉམ་ཆུང་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མི་མཐུན་པའི་ཕྱོགས་དང་འདྲེ་བའི་ཕྱིརརོ་ཞེས་བྱ་བ་སྨོས་ཏེ། མི་མཐུན་པའི་ཕྱོགས་མ་དད་པ་དང་ལེ་ལོ་དང་བརྗེད་ངས་པ་དང་། གཡེང་བ་དང་འཆལ་པའི་ཤེས ་རབ་ཀྱི་བདག་ཉིད་ཀྱིས་ཟིལ་གྱིས་གནོན་ཅེས་བྱ་བའི་ཐ་ཚིགོ།། དྲོ་བར་གྱུར་པ་དང་རྩེ་མོས་རབ་ཏུ་ཕྱེ་བ་དག་ནི་དབང་པོ་རྣམ་སོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་གཉིས་པོ་འདི་ནི་མི་མཐུན་པའི་ཕྱོགས་མ་དད་པ་ལ་སོགས་པས་ཟིལ་གྱིས་ནོན ་པའི་ཕྱིར་ཉམ་ཆུང་བ་སྟེ། དེའི་ཕྱིར་འདི་ལས་ཡོང་སུ་ཉམས་པ་སྲིད།། མི་མཐུན་པའི་ཕྱོགས་ཐུལ་པོས་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་དུས་ན་དད་པ་ལ་སོགས་པ་སྟོབས་ཀྱི་མིང་འཐོབ།། དེའི་ཕྱིར་དྲད་པ་ལ་སོགས་པ་དེ་དག་ཉིད་དྲོ་བར་གྱུར་པ ་དང་རྩེ་མོའི་དུས་ན་མི་མཐུན་པའི་ཕྱོགས་ཀྱི་ཟིལ་གྱིས་ནོན་ནས་ཉམ་ཆུང་བ་གང་ཡིན་པ་དེ་ནི་སྟོབས་རྣམས་ལ་སྒྲིབ་སྟེ། དེ་ཡོད་ན་སྟོབས་ཀྱི་བྱེ་བྲག་མི་སྲིད།། འདི་ལ་སྒྲིབ་པ་གང་ཞེ་ན། མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དེ་ཉིད།། ལྟ་བའི་ཉེས་པ ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྒྲིའོ།། བྱང་ཆུབ་ནི་འདིར་མཐོང་བའི་ལམ་ལ་དགོངས་པ་སྟེ། དེའི་དྲན་པ་དང་ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་། ཏིང་འཛིན་དང་། བཏང་སྙོམས་ཀྱི་བདག་ཉིད་བྱང་ཆུབ་ཀྱི་ཡན ་ལག་བདུན་པོ་དེ་དག་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་དུས་ན་འབྱུང་བས་ཡན་ལག་རྣམས་ཞེས་བྱའོ།། གལ་ཏེ་བྱང་ཆུབ་དང་མཐུན་པས་ཡན་ལག་ཏུ་འགྱུར་ཞེ་ན། དེ་ལྟ་ན་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་བྱང་ཆུབ་ཀྱི་ཡན་ལག ་ཉི་དུ་ཐལ་བར་འགྱུར་རོ།། ལྟ་བའི་ཉེས་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྒྲི་བོ་ཞེས་བྱ་བ་དེ་ཇི་ལྟ་ཞེ་ན། དེའི་ཕྱིར་དེ་དག་མཐོང་བའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཕྱིརརོ་ཞེས་བྱ་བ་སྨོས་ཏེ། མཐོང་བའི་ལམ་དུ་རྣམ་པར་བཞག་པའི་ཕྱིརརོ་ཞེས་བྱ་བའི་ཐ་ཚིགོ། ལྟ་བའི ་ཉེས་པ་འདི་གང་ཞེ་ན། ཀུན་བརྟགས་པའི་ལྟ་བ་རྣམ་པ་ལྔ་དང་། ཐེ་ཚོམ་དང་མ་རིག་པ་དང་། དེ་ལ་དམིགས་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པོ་དང་ཉེ་བའི་ཉོན་མོངས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམ་སོ།། ཐེ་ཚོམ་ལ་སོགས་པ ་ཡང་འདིར་སྒྲིབ་པ་མ་ཡིན་ནམ་ཞེ་ན་སྒྲིབ་པ་ཡིན་དུ་ཟིན་ཀྱང་འདིར་གཙོ་བོར་བརྗོད་པར་བཞེད་པས་ལྟ་བའི་སྐྱོན་སྨོས་པའི་ཕྱིར་དེ་དག་མ་སྨོས་ཀྱང་འགལ་བ་མེདོ།། ལྟ་བ་ལ་སོགས་པ་དེ་རྣམས་ཀྱི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ ་ཉིད་མཐོང་བའི་ལམ་གྱིས་སྤོང་བའི་ཕྱིར་དེའི་སྒྲིབ་པ་ཞེས་བྱའོ།། གནས་ངན་ལེན་གྱི་གཉེན་པོ་ནི་ལམ་གྱི་ཡན་ལག་ཡང་དག་པར་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་འཛིན་རྣམ། ་པ་སྒྲིབ་སྟེ། འདིར་རྒྱུ་སྨོས་པ། ལམ་གྱི་ཡན་ལག་དེ་དག་བསྒོམ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཕྱིརརོ་ཞེས་བྱ་བ་སྟེ། སྒོམ་པའི་ལམ་ལ་རྣམ་པར་བཞག་པའི་ཕྱིར།། གནས་ངན་ལེན་གྱི་ཉེས་པ་དེ་གང་ཞེ་ན། རྒྱས་པར་བྱ་བ་ནི་འཇིགས་ཚོགས ་པ་དང་མཐར་འཛིན་པའི་ལྟ་བ་ལྷན་ཅིག་སྐྱེས་པ་མཚུངས་པར་ལྡན་པ་དང་བཅས་པ་དང་དེ་ལ་ཡང་དམི་གོས་ལ་ཡུལ་ལ་ཡང་དམིགས་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མཚུངས་པར་ལྡན་པ་དང་བཅས ་པ་རྣམས་ཏེ། དེ་དག་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་གང་ཡིན་པ་དེ་ནི་གནས་ངན་ལེན་ཏོ།། མདོར་བསྡུ་ན་ནི་མཐོང་བས་སྤང་བར་བྱ་བ་ལས་གཞན་པ་ཟག་པ་དང་བཅས་པ་སྟེ། དེའི་ནུས་པ་ཀུན་གཞི་རྣམ་པར་ཤེས་པ་ལ་གན ་པ་ནི་གནས་ངན་ལེན་ཏོ།། དེ་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བ་ཡིན་པས་ལམ་གྱི་ཡན་ལག་གི་སྒྲིབ་པར་རྣམ་པར་བཞག། བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་སྒྲིབ་པ་ནི་བཤད་ཟིན་ཏོ།། དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་བཤད་དགོས་པས་དེའི ་ཕྱིར། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པ་ནི། ཕྱུག་པོ་དང་ནི་བདེ་འགྲོ་དང་།། སེམས་ཅན་མི་གཏོང་སྒྲིབ་པ་དང་།། ཞེས་རྒྱ་ཆེར་སྨོས།། འདི་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་གི་ཕ་རོལ་ཏུ་ཕྱིན་པ་གང་གི་འབྲས་བུ་གང་ཡིན་པ་དེ་ལ་སྒྲིབ་པས་དེའི་སྒྲིབ་པ་ཞེས ་བརྗོད་པ་ཡིན།། འདི་ལ་སེར་སྣ་ལ་སོགས་པ་སྦྱིན་པ་ལ་སོགས་པ་ལ་དངོསུ་གེགས་བྱེད་བཞིན་དུ་ཅིའི་ཕྱིར་དེའི་འབྲས་བུ་ལ་སྒྲིབ་པར་བརྗོད་ལ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པར་ནི་མ་བཤད་ཅེ་ན། དེའི་འབྲས་བུའི་དོན་དུ་སྦྱིན་པ་ལ་སོགས་པ ་ལ་ཐམས་ཅད་འཇུག་སྟེ། དེ་བས་ན་སེར་སྣ་ལ་སོགས་པ་སྤང་བར་ནན་ཏན་བསྐྱེད་པའི་ཕྱིར་འབྲས་བུ་ལ་སྒྲིབ་པར་བཤད། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པར་ནི་མ་ཡིན།། ཡང་ན་སེར་སྣ་ལ་སོགས་པ་སྒྲིབ་པ་ཕྱུག་པོ་ལ་སོགས་པའི་མི་མཐུན་པའི ་ཕྱོགསུ་གྱུར་པ་དབུལ་པོ་ལ་སོགས་པའི་འབྲས་བུ་སྐྱེད་པ་ན་ཕྱུག་པོ་ལ་སོགས་པའི་འབྲས་བུ་ལ་གེགས་བྱེད་པས་དེའི་སྒྲིབ་པ་ཞེས་བྱའོ།། དེ་དག་གི་འབྲས་བུ་གང་ཞེ་ན། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་གཙོ་བོར་ནི་ཕྱུག་པོ་དང་བདག ་པོའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བདེ་འགྲོའོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་སེམས་ཅན་ཡོངསུ་མི་གཏོང་བའོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ཉེས་པ་དང་ཡོན་ཏན་འབྲི་བ་དང་འཕེལ་བའོ།། ། ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བསྟན་པ་ལ་སེམས་ཅན་འཛུད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བཙུན་པ་དེ་རྣམས་རྣམ་པར་གྲོལ་བར་བྱེད་པའོ།། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་བྱང་ཆུབ ་ཡོངསུ་བསྔོ་བས་དགེ་བ་མི་ཟད་པའོ།། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་དགེ་བ་རྒྱུན་མི་འཆད་པའོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་དགེ་བའི་ཆོས་ངེས་པར་འབྱེད་པའོ།། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ཆོས་ལ ་ལོང་སྤྱོད་པ་དང་སེམས་ཅན་ཡོངསུ་སྨིན་པར་བྱེད་པའོ།། ཕྱུག་པོ་དང་བདག་པོ་ལ་སྒྲིབ་ཅེས་བྱ་བ་ལ། དེ་ལ་ཕྱུག་པོ་ནོར་དང་ཡོ་བྱད་མང་བའོ།། བདག་པོ་ནི་ལོང་སྤྱོད་དེ་ལ་དབང་བའོ།། དེ་གཉི་ག་ལ་སྒྲིབ་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་སྟེ། ་དེའི་འབྲས་བུ་ཡིན་པའི་ཕྱིར།། དེ་གང་ཞེ་ན་སེར་སྣའོ།། བདེ་འགྲོ་ལ་སྒྲིབ་ཅེས་བྱ་བ་ལ། མཛེས་པར་འགྲོ་བ་ནི་བདེ་འགྲོ་སྟེ། མི་དང་ལྷའོ།། དེ་ལ་སྒྲིབ་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པ་སྟེ། དེའི་འབྲས་བུ་ཡིན་པའི་ཕྱིརརོ།། ་དེ་ནི་འཆལ་པའི་ཚུལ་ཁྲིམས་ཏེ། ལུས་དང་ངག་གི་ལས་ངན་པའོ།། སེམས་ཅན་ཡོངསུ་མི་གཏོང་བ་ཞེས་བྱ་བ་ནི་སེམས་ཅན་གནོད་པར་བྱེད་པ་ལ་ཡང་ཕན་འདོགས་པ་བཞིན་དུ་འཛིན་པ་སྟེ། དེ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུའོ།། ་སྒྲིབ་པ་ནི་ཁྲོ་བའོ།། ཉེས་པ་དང་ཡོན་ཏན་འབྲི་ཞིང་འཕེལ་བ་ཞེས་བྱ་བ་ལ། བདག་དང་གཞན་ལ་གནོད་པ་རབ་ཏུ་ཞུགས་པ་སྐྱེས་པ་རྣམས་སྤོང་བ་དང་། མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་ཉེས་པ་རྣམས་འབྲི་བའོ།། བདག་དང་གཞན་ལ་ཕན་པར་ཞུག ་པ་སྐྱེས་པ་རྣམས་ཕྱིར་ཞིང་འབྱུང་བ་དང་མ་སྐྱེས་པ་རྣམས་སྐྱེད་པ་ནི་ཡོན་ཏན་རྣམས་འཕེལ་བའོ།། འདི་ལ་སྒྲིབ་པ་གང་ཞེ་ན།། ལེ་ལོའི་འདུལ་བ་འཛུད་པ་ལ་སྒྲིབ་ཅེས་བྱ་བ་ལ། འདུལ་བ་རྣམས་བསྟན་པ་ལ་འཛུད་པ་ནི་མཐོ་རིས་དང་བྱང་གྲོལ་རྙིང ་པའི་རྒྱུར་ཁས་ལེན་པའི་ཕྱིརརོ།། ཉེ་བར་ཞི་བས་གུས་པ་སྐྱེ་སྟེ། སེམས་ཅན་ཀུན་བརྗོད་པ་དང་རྫུ་འཕྲུལ་གྱི་བསྒྲིམ་མི་དགོས་པར་བསྟན་པ་རྟོགས་པར་བྱའོ།། འདི་ལ་སྒྲིབ་པ་ནི་གཡེང་བའོ།། རྣམ་པར་གྲོལ་བར་བྱེད་པ་ལ་སྒྲིབ་ཅེས་བྱ་བ་ལ་རྣམ་པར ་གྲོལ་བར་བྱེད་པ་ནི་ཉོན་མོངས་པ་སྤོང་བ་སྟེ། དེ་ཡང་རྗེ་སུ་བསྟན་པས་འགྱུར།། རྗེསུ་བསྟན་པ་ནི་ཤེས་རབ་ཀྱིས་ཏེ། གཞན་གྱིས་མ་ཡི་ནོ།། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་རྣམ་པར་གྲོལ་བར་བྱེད་པའོ།། དེའི་སྒྲིབ་པ་ཉོན་མོངས་པ ་ཅན་གྱི་ཤེས་རབ་བམ་གཏི་མུག་གམ། འཆལ་པའི་ཤེས་རབ་བོ།། སྦྱིན་པ་ལ་སོགས་པ་མི་ཟད་པ་ལ་སྒྲིབ་སྟེ་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་མི་ཟད་པ་ལ་སྒྲིབ་པ་གང་ཡིན་པ་དེ་ནི། ཐབས་ཀྱི་སྒྲིབ་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲིབ་པའོ།། ་སྦྱིན་པ་ལ་སོགས་པ་དེ་ཡང་ཇི་ལྟར་མི་ཟད་པར་འགྱུར་ཞེ་ན། དེའི་ཕྱིར། བྱང་ཆུབ་ཏུ་ཡོངསུ་བསྔོ་བས་དེ་མི་ཟད་པའི་ཕྱིར་ཞེས་བྱ་བ་སྨྲསོ།། བྱང་ཆུབ་ཆེན་པོར་ཡོངསསུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་ནི་སངས་རྒྱས་ཉིད་བཞིན་དུ ་ཟད་པར་མི་འགྱུ་རོ།། ཁ་ཅིག་ན་རེ་དེའི་སྒྲིབ་པ་ནི་བྱང་ཆུབ་ཆེན་པོར་ཡོངསུ་བསྔོ་བའི་མཚན་ཉིད་ཀྱི་ཐབས་མི་ཤེས་པོའོ་ཞེའོ།། གཞན་དག་ན་རེ་ཐབས་མི་མཁས་པ་འཁོར་གསུམ་དུ་འཛིན་པ་ནི་དེའི་སྒྲིབ་པའོ།། ཞེའོ་ཚེ་རབས་ཐ་དུ་དགེ་བ་རྒྱུན་མི་འཆད ་པར་འབྱུང་བ་ལ་སྒྲིབ་ཅེས་བྱ་བ་ལ། དགེ་བ་རྒྱུན་མི་འཆད་པ་ནི་ཉིན་རེ་འམ་སྐད་ཅིག་རེ་རེ་ལ་སྟེ། དེ་ཡང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུའོ།། ཇི་ལྟ་ཞེ་ན། དེའི་ཕྱིར། སྨོན་ལམ་གྱི་དབང་གིས་དེ་དང་མཐུན་པའི་སྐྱེ་བ་ཡོངསུ་འཛིན་པའི་ཕྱིརརོ་ཞེས ་བྱ་བ་སྨོསོ།། སྨོན་ལམ་གྱི་དབང་གིས་སྦྱིན་པ་ལ་སོགས་པ་རྒྱུན་མི་འཆད་པར་འབྱུང་བ་དང་མཐུན་པའི་སྐྱེ་བ་ཡོངསུ་འཛིན་ཏོ།། དེ་ལ་སྒྲིབ་པ་ནི་སྦྱིན་པ་ལ་སོགས་པ་དང་མཐུན་པར་སྨོན་ལམ་མི་འདེབས་པའོ།། དགེ་བོ་དེ་ཉིད་ངེས་པར་བྱེད་པ་ལ་སྒྲིབ ་པ་ཞེས་བྱ་བ་ནི་ཉིན་རེ་འམ་སྐད་ཅིག་རེ་རེ་ལ་གཅིག་ཏུ་བྱེད་པ་ནི་ངེས་པར་བྱེད་པའོ།། འདིར་རྒྱུ་སྨོས་པ། སོ་སོར་བརྟགས་པ་དང་བསྒོམས་པའི་སྟོབས་ཀྱིས་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་གནོན་པའི་ཕྱིརརོ་ཞེས་བྱ་བའོ།། དེ་ལ་སོར་བརྟགས ་པའི་སྟོབས་ནི་བརྟགས་པ་དང་ལྡན་པའི་ཤེས་རའོ།། བརྟན་པ་ནི་བརྟགས་པའི་ཆོས་ཏེ། བརྩོན་འགྲུས་དང་ཏིང་འཛིན་དང་ཤེས་རབ་གསུམ་ལྷན་ཅིག་སྐྱེས་པ་ལ་བཏགས་པའི་ཕྱིརརོ།། བསྒོམས་པའི་སྟོབས་ནི་གོམས་པ་དང་ལྡན་པས ་སྒོམ་མི་དགོས་པར་སྦྱིན་པ་ལ་སོགས་པ་ལ་འཇུག་པའི་ཕྱིར། དེའི་གཉེན་པོ་སེར་སྣ་ལ་སོགས་པས་ཟིལ་གྱིས་མི་ནོན་པའི་ཕྱིར།། འདི་ལ་སྒྲིབ་པ་གང་ཞེ་ན། སོར་མ་བརྟགས་པ་དང་བསྒོམ་པའི་ཉམ་ཆུང་བའོ།། བདག་དང་གཞན་ཆེས་ལ་ལོངས ་སྤྲོསྨོ་པ་དང་ཡོངསུ་སྨིན་པར་བྱེད་པ་ལ་སྒྲིབ་ཅེས་བྱ་བ་ནི་ལོང་སྤོད་པའི་འཁོར་གྱི་དཀྱིལ་འཁོར་དུ་རྣམ་པར་གནས་ཏེ། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་ལོང་སྤྱོད་པ་དང་། སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱི་ལས་ཀྱིས་ཆོས་སྟོན་པས་སེན་ཡོངསུ ་སྨོན་པར་བྱེད་པ་ནི་འབྲས་བུའོ།། དེའི་སྒྲིབ་པ་ནི་ཐོས་པའི་དོན་ལ་སྒྲ་ཇི་བཞིན་དུ་སྤྱོད་པ་དང་། ཤེས་རབ་ཆུང་བ་ནི་སྤྱི་བོ་ཞེས་བྱའོ།། འདི་ལ་རྫ་སུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག། མིང་དུ་ནི་བཅུ་སྟེ། ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རབ ་ཏུ་ཕྱེ་བའི་ཕྱིརརོ།། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེས་སྒྲིབ་པ་ཐམས་ཅད་རིམས་ཀྱིས་སྤོངངོ་།། ཐབས་དང་སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན ་ལས་འདས་པའི་ལམ་གྱི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་བསྡུསོ།། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཡིན་ན་ཇི་ལྟར་རྣམ་པར་མི་རྟོག་པ་མ་ཡིན་ཞེ་ན། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པའི་ཡེ་ཤེས་ཏེ། ་ཤེས་དེས་ཁོང་དུ་ཆུད་པ་ཡོངསསུ་བཅད་ནས་བདག་ཉིད་ཀྱང་ཆོས་ལ་ལྗོངས་སྤྱོད་བུ་རབ་ཏུ་མྱོང་ལ། གཞན་དག་ཀྱང་ཡོངསུ་སྦྱིན་པར་བྱེད་པ་ཡིན་ཏེ། འདི་གཉི་ག་ཡང་རྣམ་པར་མི་རྟོག་པ་ལ་མེད་པས་དེའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ ་པར་མི་རྟོག་པ་མ་ཡི་ནོ།། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྒྲིབ་པ་བཤད་ཟིན་ཏོ།། དེའི་འོག་ཏུ་ས་རྣམས་ཀྱི་བརྗོད་པ་དགོས་པས་དེའི་ཕྱོམས་རྣམས་ལ་ཡང་གོ་རིམས་བཞིན་ཏེ། ཀུན་ཏུ་འགྲོ་དོན་མཆོག་གི་དོན་ཅེས་རྒྱ་ཆེར་སྨོ་སོ།། དེ་ལས་ནི་བཅུ་སྟེ། རབ ་ཏུ་དགའ་བ་དང་དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་ཅན་དང་། ཤིན་ཏུ་སྦྱང་དཀའ་དང་མངོན་དུ་གྱུར་པ་དང་རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲི་ནོ།། དེ་ལ་ཆོས་ཀྱི་དབྱིངས་ལ་ཀུན་ཏུ་འགྲོ་བ་ལ་སོགས་པའི ་དོན་དུ་ཁོང་དུ་ཆུད་པའི་གནས་སྐབས་ཀྱི་ཁྱད་པར་རྣམས་ནི་གོང་ནས་གོང་དུ་ཆུད་པའི་གནས་ཀྱིས་ཚུལ་དང་དེ་ལས་སྐྱེས་པའི་སྟོན་གྱི་གཞིའི་ཚུལ་གྱིས་ས་རྣམས་ཤེས་བྱའོ།། གཞན་དག་ན་རེ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན ་ལ་གནས་པ་གང་གིས་བྱང་ཆུབ་སེམས་དཔའ་མང་དུ་གནས་པ་དེ་དང་དེ་ལ་གནས་པའི་ཕྱིར་ས་ཞེས་བྱའོ་ཞེའོ།། ས་རྣམས་ཀྱིས་རྣམ་པར་གཞག་པ་ནི་རབ་ཏུ་དགའ་བ་ལོ་མཐོང་བའི་ལམ་སྐྱེ་བའི་ཕྱིར་བྱང་ཆུབ་སེམས་དཔས་ཆོས་མངོན་པར ་རྟོག་སོ།། ཆོས་མངོན་པར་རྟོག་ནས་དྲི་མ་མེད་པ་ལ་རང་གི་ངང་གིས་འབྱུང་བ་ལྷག་པའི་ཚུལ་ཁྲིམས་བསླབ་པའི་ཁྱད་པར་སྒྲུབ་སྟེ། ལྟུང་བ་ཕྲ་མོའི་འཆལ་པའི་ཚུལ་ཁྲིམས་ཐཾད་དང་བྲལ་བའི་ཕྱིརརོ།། འོད་བྱེད་པ་ལ་ནི་ཚེ་རབས་གཞན་དུ་ཡང་ཆོས་ལྔ ་མི་ཉམས་པ་ལྷག་པའི་སེམས་བསླབ་པའི་ཁྱད་པར་སྨྲའོ།། འོད་འཕྲོ་ཅན་དང་། ཤིན་ཏུ་སྦྱང་དཀའ་དང་། མངོན་དུ་གྱུར་པ་ལ་ནི་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པ་ལྷག་པའི་ཤེས་རབ ་བསླབ་པའི་ཁྱད་པར་སྒྲུབ་པའོ།། ས་ལྷག་མ་རྣམས་ལ་ནི་བསླབ་པ་དེ་དག་ཉིད་ཀྱི་འབྲས་བུ་རྣམ་པ་བཞིར་རིག་པར་བྱའོ།། དེ་ལ་རིང་དུ་སོང་བ་ལ་ནི་འབད་བ་དང་བཅས་པར་མཚན་མ་མེད་བའི་ཡེ་ཤེས་ལ་གནས་པ་སྒྲ་བོ།། མི་གཡོ་བ་ལ་ནི་ལྷུན་གྱིས ་གྲུབ་པར་མཚོན་མ་མེད་པའི་ཡེ་ཤེས་ལ་གནས་པ་ཞིང་རྣམ་པར་དག་པ་དང་ལྷན་ཅིག་སྒྲུའི།། ལེགས་པའི་བློ་གྲོས་ལ་ནི་སོ་སོ་ཡང་དག་པར་རིག་པ་སྟོན་གྱི་ཁྱད་པར་གང་གིས་ཆོས་སྨྲ་བར་འགྱུར་བ་སྒྲུ་བོ་ཆོས་ཀྱི་སྤྲིན་ལ་ནི་ཏིང་འཛིན་དང་གཟུངས་ཀྱི ་སྟོན་གྱི་ཁྱད་པར་སྨྲའོ།། ཀུན་ཏུ་འགྲོ་བ་ལ་སོགས་པ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་ལ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་ཀྱིས་ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་གང་ཡིན་པ་ཁོང་དུ་ཆུད་པར་བྱེད་པའོ།། དེ་ལ ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་ལ་རྣམ་པ་བཅུ་གོ་རིམས་བཞིན་དུ་སྒྲིབ་སྟེ། དེའི་མི་མཐུན་པའི་ཕྱོགསུ་གྱུར་པའི་ཕྱི་རོ་ཞེས་བྱ་བ་ནི་སའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིརརོ།། ས་རྣམས ་ནི་འཇིག་རྟེན་ལས་འདས་པའི་ཏིང་འཛིན་དང་ཤེས་རང་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་གྱི་བདག་ཉིད། དེ་དག་སྐྱེ་བའི་གེགས་བྱེད་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་པ་ནི་མི་མཐུན་པའི་ཕྱོག་སོ།། འདི་ལ་ཉོན་མོངས་པ་ཅན་མ ་ཡིན་པའི་མི་ཤེས་པ་ཁོ་ན་སྒྲིབ་པར་མ་ཟད་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་ཀྱང་ཡིནོ།། འདི་ལྟར་རབ་ཏུ་དགའ་བ་ལ་ནི་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་ཐང་སྒྲིབ་སྟེ། འདི་ལྟར་ཀུན་ཏུ་འགྲོ་བའི་དོན་ཁོང་དུ་ཆུད་པར་བྱེད་པ་མཐོང་བའི་ལཾ ་གྱིས་སྤང་བར་བྱ་བ་ཐམས་ཅད་སྒྲིབ་སྟེ། འདི་ལྟར་ཀུན་ཏུ་འགྲོ་བའི་དོན་ཁོང་དུ་ཆུད་པར་བྱེད་པ་མཐོང་བའི་ལམ་གྱིས་བདེན་པ་རྣམས་ལ་ལོག་པར་རྟོགས་པའི་འོག་ལ་ཉལ་བ་ཐམས་ཅད་སྤོང་བའི་ཕྱིརརོ།། བསྒོམ་པ་སྤང་བར་བྱ་བ་རྣམས་ནི་ས་ལྷག་མ ་རྣམས་ཀྱིས་སྤོང་ངོ་།། དེ་དག་ནི་མ་སྤངས་ཀྱང་སྤངས་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཀུན་ནས་ཉོན་མོངས་པར་བྱེད་པ་མ་ཡིན།། དོན་དེ་ཉིད་ཀྱི་དབང་དུ་མཛད་ཚིགསུ་བཅད་པ་དེ་གསུངས་ག་ཐབས་ཆེན་རྣམས་དང་ལྡན་པ་ལ།། ཉོན་མོངས་བྱང་ཆུབ ་ཡན་ལག་འགྱུར།། འཁོར་བའང་ཞི་བའི་བདག་ཉིད།། དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས་ཤེའོ།། ས་བཅུ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་གོ་རིམས་བཞིན་དུ་ལྷག་པར་ཆེ་བ་ཡིནོ་ཞེས་འབྱུང་བའི་ཕྱིར་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ ་གོ་རིམས་བཞིན་དུ་སྤོང་བར་མངོན།། གལ་ཏེ་ཉོན་མོངས་པ་གཞན་ཡང་སྒྲིབ་ན་ཅིའི་ཕྱིར་ས་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཁོ་ན་སྒྲིབ་བཤད་ཅེ་ན། ཐུན་མོང་མ་ཡིན་པའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་ལ་མྱ་ངན ་ལས་འདས་པ་ཐོབ་པར་བྱ་བའི་གེགསུ་འགྱུར་གྱི་ཉན་ཐོས་ལ་སོགས་པ་ལ་ནི་མ་ཡིན་ཏེ། འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་དེ་ཡོད་ཀྱང་གྲོལ་བར་འགྱུར་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་མི་ཡིན་པས་དེའི་ཕྱིར་ཐུན་མོང་མ་ཡིནོ།། དེ་ས ་རྣམས་ལ་སྒྲིབ་པར་བཤད་ཀྱང་ས་རྣམས་ལ་སྒྲིབ་པ་དེ་ཁོ་ནར་མ་ཟད། ཉོན་མོངས་པའི་ཉན་ཐོས་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདྲ་བས་བྱང་ཆུབ་སེམས་དཔའི་ས་རྣམས་ལ་དེའི་སྒྲིབ་པར་བཞག་པ་ཡང་མེད ་བཀག་པ་ཡང་མེད། དེ་མ་བཤད་ཀྱང་སྒྲིབ་པ་ལས་ལྡོག་པར་མི་འགྱུར་རོ།། གཞན་ན་རེ་ཉན་ཐོས་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདྲ་བས་ཉོན་མོངས་ཅན་ཙོ་མ་ཡིན་པའི་མི་ཤེས་པ་ནི་ས་རྣམས་ལ་སྒྲིབ་པར་ཁྱད་པར་དུ་བཤད་ཀྱི ་ཉོན་མོངས་པ་ནི་ཞར་ལ་ཡོད་པས་མ་སྨོསོ་ཞེས་ཟེར་ཏེ། ཉོན་མོངས་པ་ཡང་ཉན་ཐོས་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་འདྲ་བ་ཉིད་ཡིན་པས་དེ་ཞར་ཁ་ཡོད་ཅེས་བྱ་བར་མི་རུང་།། གཞན་ན་རེ་ས་རྣམས་ཀྱི་མི་ཤེས་པའི་སྒྲིབ་པ ་ཡང་ཡིན་པ་དེ་ནི་ཉན་ཐོས་རྣམས་ཀྱི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡིན་ཡང་ཐར་པ་ལ་གེགས་མི་བྱེད། འདི་ལྟར་ཉན་ཐོས་དག་ལ་ས་རྣམས་ལ་མི་ཤེས་པ་ཡོད་བཞིན་དུ་རྣམ་པར་འགྲོལོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་མྱ་ངན ་ལས་འདས་པ་ཐོབ་པར་བྱ་བ་ལ་གེགས་ཀྱི་རྒྱུར་གྱུར་པའི་ཕྱིར་ཉོན་མོངས་པ་ཅན་ཞེའོ།། དེ་ནི་དེ་ལྟ་མ་ཡིན་ཏེ་ཉོན་མོངས་ཅན་མིན་སྒྲིབ་པ་བཅུ་ཞེས་བཤད་པའི་ཕྱིར།། ཞེའོ་ས་དང་པོ་ལྔ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་ཏེ་ཞེས་བྱ་བ་དེ་བ་ས་དང་པོ ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་འཁོར་དང་བཅས་པ་དང་པོ་པ་སྟེ། མཐོང་བའི་ལམ་གྱིས་བསྡུས་པའོ།། ཆོས་ཀྱི་དབྱིངས་ནི་སྟོང་པོ་ཉིད། སྤྱིའི་མཚན་ཉིད་པས་གཅིག་ལ་ཇི་ལྟ་བར་ཐ་ལ་ཡང་དེ་བཞི་ནོ།། ཐམས་ཅད་དུ་སོང་བས་ཀུན་ཏུ་འགྲོ་བ་སྟེ། ་ཆོས་ཀྱི་དབྱིངས་ནི་མ་རྟོགས་པར།། འདི་ལྟར་ཆོས་ནི་ཡོད་མ་ཡིན།། ཞེས་འབྱུང་བན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཁུངས་སོནོ།། རྟོགས་ཞེས་བྱ་བ་ནི་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། རྟོགས་པ་ངེས་བདག་གང་ཡིན་པ་དེ་གཞན་ལ་གཞན་གང ་པ་དེ་བདགོ་ཞེས་བདག་དང་གཞན་མཉམ་པ་ཉིད་རབ་ཏུ་ཐོབ་ནས་གཞན་དང་བདག་གིས་སྟོང་པ་ཉིད་ཐ་དད་པར་མ་མཐོང་བས་བདག་དང་གཞན་དུ་བྱེ་བྲག་གིས་རློམ་སེམས་མེདོ།། དེའི་ཕྱིར་དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ ་ཡིན་ཏེ། དེའི་ཕྱིར་འདི་ལ་བྱང་ཆུབ་སེམས་དཔའ་བདག་གི་དོན་བཞིན་དུ་གཞན་གྱི་དོན་ལ་རབ་ཏུ་འཇུག།། འདི་ནི་རྟོགས་པ་དང་གཉེན་པོ་དང་གཉེན་པོའི་འབྲས་བུ་བསྟན་པ་ཡིན་ཏེ། དེ་གསུམ་ནི་ས་གཞོན་དག་ཏུ་ཡང་ཤེས་པར་བྱའོ།། གཉིས་པ ་ལ་ནི་མཆོག་གི་དོན་དུ་སྟེ། རང་བཞིན་གྱིས་འོད་གསལ་བར་མཐོང་བའི་ཕྱིར་ཆོས་ཀྱི་དབྱིངས་རབ་ཏུ་རྟོགསོ་ཞེས་བྱ་བར་སྦྱ་རོ།། དེས་དེ་འདི་སྙམ་དུ་སེམས་ཏེ། དེ་ལྟ་བས་ན་བསྒྲུབ་ཏུ་མཚུངས་པ་ལ་བདག་གིས་རྣམ་པ་ཐམས་ཅད་དུ་ཡོངསུ་སྦྱང་བར་མངོན ་པར་བསྒྲུབ་པ་ཉིད་ལ་བརྩོན་པར་བྱའོ་སྙམོ་ཞེས་ལུང་ལས་བཤད།། མདོ་ལས་ཀྱང་འདི་སྐད་ཅེས་དེ་བས་ན་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ཤེས་རབ་ཀྱི་རྣམ་པར་ཡོངསུ་བསྒོམས་ན་ཉན་ཐོས་ཀྱི་ཐེག་པའི་བར་དུ་འགྱུརརོ།། དེ་བས་གོང་དུ་ཡོངསུ་སྦྱངས ་བས་རང་སངས་རྒྱས་ཀྱི་ཐེག་པའི་བར་དུ་འགྱུརརོ།། དེ་བས་གོང་དུ་ཡོངསུ་སྦྱངས་པས་བྱང་ཆུབ་སེ་མོ་མུག་པ་ཏུ་ཕྱིན་པ་ལུས་ས་སྤྱོད་པ་རྒྱས་པའི་བར་དུ་འགྱུརརོ།། དེ་བས་གོང་དུ་རག་ཏུ་ཡོང་སུ་དག་པས་སྟོབས་བཅུའི་བར་དུ་འགྱུརརོ།། རྡོ་ཧཱུ~ཾ ་བས་ན་བསྒྲུབ་ཏུ་མཚུངས་པ་ལ་བདག་གིས་ཞེས་རྒྱ་ཆེར་བཤདདོ།། གང་གིས་འདི་ལྟར་དེ་འདི་སྙམ་དུ་སེམས་ཏེ། ས་གཉིས་པ་ལ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བས་ན་གཉིས་པ་ལ་མཆོག་གི་དོན་དུ་རབ་ཏུ་རྟོགས་པར ་མངོན།། མངོན་པར་བསྒྲུབ་པ་ནི་འབད་པ་འམ་བྱ་བའོ།། རྣམ་པ་ཐམས་ཅད་ཡོངསུ་སྦྱང་བ་ནི་ཆོས་ཀྱི་དབྱིངས་ལ་ཉོན་མོངས་པ་ཅན་དང་ཉོན་མོང་པ་ཅན་མ་ཡིན་པའི་རྨོངས་པ་སེལ་བའོ།། དེ་བས་ན་ས་དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག ་བར་ཆེ་བ་ཡིན་ཏེ། ཁྱད་པར་དུ་འཕགས་པའི་དོན་ལ་སྨོས་པས་བདག་ཤིན་ཏུ་སྣོ་དུ་བྱེད་པའི་ཕྱིརརོ།། གསུམ་པ་ལ་ནི་དེའི་རྒྱུ་མཐུན་པ་དོན་གྱི་མཆོག་ཏུ་རྟོགས་ཏེ། སངས་རྒྱས་ཀྱི་གསུང་ནི་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས་རབ་ཏུ་ཕྱེ་བའི་ཕྱིར།། འདི ་ལྟར་རྣམ་པ་ཐམས་ཅད་ཡོངསུ་དག་པ་ཆོས་ཀྱི་སྐུ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་ཀྱི་དབང་གིས་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་མདོ་ལ་སོགས་པ་བསྟན་པའི་ཆོས་རབ་ཏུ་བྱུང་བའི་ཕྱིརརོ།། ཆོས་ཀྱི་དབྱིངས་མཆོག་ཡིན་པས་དེའི་རྒྱུ་མཐུན་པས་བསྟན ་པའི་ཆོས་ཀྱང་མཆོག་ཡིན་པ་དང་། ཆོས་ཀྱི་དབྱིངས་ཡོངསུ་དག་པར་བྱ་བའི་རྒྱུ་ཡིན་པའི་ཕྱི་རོ།། དེའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པ་མཆོག་ཏུ་རིག་ནས་ཞེས་རྒྱ་ཆེར་འབྱུང་བ་ལ་དེས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པསོ།། ཐོས ་པ་ཞེས་བྱ་བ་ནི་མདོ་ལ་སོགས་པའི་ཆོས་ཐོས་པའོ།། དེ་ལ་མཆོག་ཏུ་རིག་ནས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དེ་བཞིན་དུ་སོ་སོར་རང་གིས་ཤེས་བྱ་བའི་ཐ་ཚི་གོ།། དེའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུང་གཉན་པའི་ཕྱིརརོ།། མེའི་འོབ ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་དུ་ཡང་བདག་ཉིད་མཆོད་ཞེས་བྱ་བ་ནི་མདོ་ལས་གསུངས་པ། གལ་ཏེ་ལ་ལ་ཞིག་དེ་ལ་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་ཁྱོད་མེའི་འོབས་ཆེན་པོ་འབར་བ། ཀུན་ཏུ་འབར་གཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ག། མེ་ལྕེ ་ཅིག་ཏུ་གྱུར་པའི་ནང་དུ་བདག་རབ་ཏུ་མཆོང་ཞིང་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་མྱོང་བར་འགྱུར་བ་རང་གི་ལུས་ཀྱིས་ཉམས་ལེན་ན་ངས་ཁྱོད་ལ་ཆོས་ཀྱི་ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པར་བྱང་ཆུབ་སེམས་དབའི་སྤྱོད་པ ་ཡོངསུ་སྦྱོང་བ་འདི་བཤད་པར་བྱའོ།། ཞེ་ན་ཡང་དེ་འདི་སྙམ་དུ་སེམས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངསུ་སྦྱོང་བའི་ཆོས་ཀྱི་ཚིག་གཅིག་གི་དོན་དུ་ཡང་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་མེས་རབ་ཏུ་གང་བར་ཚངས་པའི་འཇིག་རྟེན་ནས་བདག་གིས་བདག་དོར་བར་མོས་ན་མེའི་འོབས་ཐ་མལ་པར་བདག་དོར་བ་ལྟ་ཅི་སྨོས། སེན་དམྱལ་བའི་སྡུག་བསྔལ་ཐམས་ཅད་ཉམ་སུ་བབ་ཀྱང་བདག་གིས་སངས་རྒྱས་ཀྱིས་ཆོས་ཐད་གསལ་བར ་བྱ་། མིའི་སྡུག་བསྔལ་དང་འགྲོགས་པ་ལྟ་ཅི་སྨོས་ཀྱི་སྙམ་ནས་ཞེས་བྱ་བའོ།། དེ་བས་ན་ས་དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ཐོས་པའི་ཚེ་དུ་ཉོན་མོངས་པ་ཐམས་ཅད་ལ་ཡང་མི་འབྱེད་པའི་ཕྱིརརོ།། བཞི་པ་ལ་ནི་ཡོངསུ ་བཟུང་བ་མེད་པའི་དོན་དུ་སྟེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོག་སོ་ཞེས་བྱ་བར་སྦྱ་རོ།། ས་བཞི་པ་ལ་ནི་མཉམ་པའི་ཕྱིར་ཆོས་ཀྱི་དབྱིངས་བདག་གི་བ་མེད་པར་རབ་ཏུ་རྟོགས་ཏེ། འདི་ལྟར་ཆོས་ཀྱི་ལ་བདག་གང་ཡང་མེད་པའི་ཕྱིརརོ།། ཡང་ན་ཕྱིན་ཅི་ལོག་ཐམས་ཅད་ཀྱི ་ཡུལ་མ་ཡིན་པའི་ཕྱིར་སུའི་ཡོང་སུ་བཟུང་བ་ཡང་མ་ཡི་ནོ།། བདག་ཉིད་ཀྱིས་ཕྱིན་ཅི་ལོག་མ་ཡིན་པས་འདི་ལ་ཡོངསུ་བཟུང་བ་གང་ཡང་མེད། འདི་ལྟར་ཆོས་ལ་སྲེད་པ་ཡང་ལྡོ་གོ་ཞེས་ལུང་ལས་འབྱུང་།། དེ་ལྟར་འོང་འཕྲོ་ཅན་ནི་སྤྲོས་པ ་མེད་པའི་ཡེ་ཤེས་ཀྱི་དབྱིངས་ཁོང་དུ་ཆུད་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐོབ་སྟེ། བྱང་ཆུབ་སེམས་དཔའ་མདེ་ལ་སོགས་པའི་ཆོས་ལ་སྲེད་པ་སྔ་ན་ཡོད་པ་གང་ཡིན་པ་དེ་ཡང་ལྡོ་གོ།། གཞན་ངག་ན་རེ་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར ་འཇུག་པ་ནི་ཆོས་ལ་སྲེད་པའོ་ཞེའོ།། དེ་བས་ན་ས་དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ངག་དང་ཡིད་ཀྱིས་སྤྱོད་པ་ལས་འདས་པར་རྒྱུན་ཏུ་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱིས་གནས་པའི་ཕྱི་རོ།། ལྔ་པ་ལ་ནི་རྒྱུད་ཐ་དད་པ་མེད ་པའི་དོན་དུ་སྟེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བ་དང་སྦྱརོ།། འདས་པ་དང་མོ་བྱིན་པ་དང་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ནང་དང་། བྱང་ཆུབ་སེམས་དོ་པའི་རྒྱུད་རྣམས་དང་བདག་ཐ་མི་དད་ཅིང་མཚུངས་པར་མཐོ་།། ་དང་བསམ་པ་རྣམ་པར་དོག་པ་མཉམ་པ་ཉིད་བཅུས་ཞེས་བྱ་བ་ནི་ལུང་གིས་སྟོན་ཏེ། འདས་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉན་པ་ཉིད་དང་། མ་བྱོན་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ ་པ་ཉིད་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ཚུལ་ཁྲིམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། སེམས་ཅན་རྣམ་པར་དགོ་པ་ལ་བསམ་པ་མཉམ་པ་ཉིད་དང་། ལྟ་བ་དང་ཐེ ་ཆོམ་དང་ཡིད་གཉིས་དང་འགྱོད་པ་སེལ་བས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་བསམ་པ་མཉམ་པ་ཉིད་དང་། ལམ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་བྱང་ཆུབ ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་ནས་གོང་དུ་རྣམ་པར་འཇིག་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཡོངསུ་སྨིན་པར་བྱེད་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་ཅེས་བྱ་བ་སྟེ། མཉམ་པ་ཉིད་འདི་དག་གིས ་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ཐ་མི་དད་པར་རབ་ཏུ་རྟོགས་ཏེ། ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་མཚན་ཉིད་ཆོས་ཀྱི་སྐུ་ཐ་མི་དད་པའི་ཕྱིར།། དེ་བས་ནས་དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། དོན་དམ་པར་བདེན་པའི་རྣམ ་པར་བསྒོམ་པ་མང་བའི་ཕྱིར།། དྲུག་པ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་མ་ཡིན་པའི་དོན་དུ་སྟེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བར་སྦྱར།། རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དེ་ལ་གློ་བུར་དུ་འབྱུང་བའི་ཕྱིར་རང ་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མ་ཡིནོ།། རང་བཞིན་གྱིས་རྣམ་པར་དག་པས་རྣམ་པར་དག་པར་འགྱུར་བ་མ་ཡིནོ།། དེ་ལྟར་རང་གིས་རིག་པའི་ཚུལ་གྱིས་རྣམ་པར་མི་རྟག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རག་ཏུ་རྟོགསོ་ཞེས་ལུང་དེ་ཉིད་ལས་སྟོན་ཏེ། རྟེན་ཅིང ་འབྲེལ་པར་འབྱུང་བ་ལ་གང་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་དག་པར་འགྱུར་བའི་ཆོས་དེ་གང་ཡང་མེད་པར་རབ་ཏུ་རྟོགས་པའི་ཕྱིརརོ།། ས་དྲུག་པ་ལ་ནི་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་རྟོགས་ཏེ། ཆོས་ཀྱི་དབྱིངས་དང་རང ་བཞིན་གྱིས་འོད་གསལ་བའི་ཕྱིར་དེ་ལ་ཡང་ཆོས་གང་ལ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་མེད་པར་རྟོག་སོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་ནི་ཀུན་ནས་ཉོན་མོངས་པ་ཙམ་དུ་ཟད་པའི་ཕྱིར་གང་ལ་ཀུན་ན ་ཉོན་མོངས་པ་འམ། རྣམ་པར་དག་པར་ཀུན་ནས་ཏུ་རྟོགས་པར་བདག་གམ་བདག་གི་མེ་དོ།། དེའི་ཕྱིར་ས་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་མེད་པའི་དོན་དུ་རྟེན་ཅིང་འབྲེལ་པར་འབྱུང ་བ་ཟབ་མོ་ཁོང་དུ་ཆུད་པའི་ཕྱི་རོ་བདུན་པ་ལ་ནི་ཐ་དད་པ་མེད་པའི་དོན་དུ་སྟེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བར་སྦྱརོ།། ས་དེ་ལ་བྱང་ཆུབ་སེམས་དཔའ་མཚན་མ་ཐམས་ཅད་མི་འབྱུང་བས་ཟིལ་གྱིས་ནོན་ཏེ། མཚན་མ་འབྱུང་བའི་སྒོ་ནས་ཐ་དད་བ ་འབྱུང་བའི་ཕྱིརརོ།། དེ་བས་ན་མཚན་མ་མེད་པའི་ཕྱིར་བདུན་པ་ལ་ཐ་དད་པ་མེད་པའི་དོན་རབ་ཏུ་རྟོག་སོ་ཞེས་བྱའོ།། དོན་དེ་ཉིད་རབ་ཏུ་བསྟན་པའི་ཕྱིར་མཚན་མ་མེད་པས་མདོ་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་ཐ་དད་པ་མི་འབྱུང་བའི་ཕྱིརརོ་ཞེས་བྱ ་བ་སྨོ་སོ།། ས་དྲུག་པའི་བར་དུ་ནི་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་གང་གིས་ཆོས་ཀྱི་དབྱིངས་ལ་འཇུག་པ་དེ་དག་ཤུགས་ཀྱིས་དེ་ལ་འཇུག་པ་དང་། དེའི་ཕྱིར་རྗེས་ལྔ་ཐེབ་པའི་ཤེས་པ་གཉིས་ཀྱིས་ཐ་དད་པ་ཉི་དུ་མངོན་དུ་འགྱུར།། ས་བདུན་པ་ལ་ནི ་མཚན་མ་ཐམས་ཅད་རོ་གཅིག་པའི་རྣམ་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས་མཚན་མ་མེད་པར་རབ་ཏུ་རྟོགས་པས་མཚན་མ་དེ་དག་མི་འབྱུང་།། དེའི་ཕྱིར་ས་དེ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། འདི་ལྟར་མཚན་མ་ཐད་མཚན་མ་མེད་པ ་ཉི་དུ་ཡང་རབ་ཏུ་རྟོགས་ག་མཚན་མར་བྱས་པའི་ཐ་སྙད་ཀྱང་མི་འགོག་སྟེ། དེ་རབ་ཏུ་རྟོགས་པས་ཀྱང་དེ་ཉིད་ལ་དབང་བྱེད་པ་རབ་ཏུ་འཐོབ་པའི་ཕྱིརརོ།། བརྒྱད་པ་ལ་ནི་བྲི་བ་མེད་ཅིང་འཕེལ་བ་མེད་པའི་དོན་དུ་སྟེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོག་སོ་ཞེས་བྱ་བར ་སྦྱརོ།། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་དུས་ན་ཡང་ཁྱད་པར་མེད་པའི་ཕྱིརརོ།། དེ་བས་ན་དེ་རྟག་ཏུ་དེ་བཞིན་ཁོ་ན་བས་དེ་བཞིན་ཉིད་ཅེས་བྱའོ།། མཚན་མ་དང་བྲལ་ལ་ན་གང་ལ་ཡང་བྲི་བ་ཡང ་མོད་ལ་མཚན་མོ་ཡོད་པ་ན་ཡང་གང་ལ་ཡང་འཕེལ་བ་ཡང་མེདོ།། ལ་ལ་ན་རེ་འདི་ལྟར་མཚན་མ་ཉིད་མཚན་མ་མེད་པའོ་ཞེའོ།། འདིར་རྒྱུ་སྨོས་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཞེས་བྱ་བའོ།། ས་བརྒྱུད་པ་ལ་བྱང་ཆུབ་སེམས་དཔའ་མི་སྐྱེ ་བའི་ཆོས་ལ་བཟོད་པ་ཐོབ་པས་ཆོས་ཀྱི་དབྱིངས་ལ་བྲི་བ་མེད་པ་དང་། ལྷག་པ་མེད་པ་ཉི་དུ་དེ་ལྟར་རབ་ཏུ་རྟོག་སོ།། ཀུན་ནས་ཉོན་མོངས་པ་ནི་བྲི་བ་མེད་པ་འམོ་རྣམ་པར་བྱ་བ་ན་འཕེལ་བའི་ཆོས་གང་ཡང་མེ་དེ། སྔོན་མེད་པའི་ཆོས་མི་སྐྱེ་བའི་ཕྱིར། དཔྱོང ་རྣམ་པ་བཞི་སྟེ། རྣམ་པར་མི་རྟོག་པ་ལ་དབང་པ་དང་། ཞིང་ཡོངསུ་དག་པ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ལས་ལ་དབང་བའོ།། དེ་ལ་ལྷུན་གྱིས་གྲུབ་པར་མཚན་མ་ཐམས་ཅད་མི་འབྱུང་བས་ཆོས་ཀྱི་དབྱིངས་ནི་རྣམ་པར་མི་རྟོག་པའི་ཡིས ་ལ་དབང་བའི་གན་སུ་རིག་པར་བྱའོ།། བདུན་པ་ལ་ཡང་མཚན་མ་མི་འབྱུང་བ་ཡོད་མོད་ཀྱི་མངོན་པར་འདུ་བྱེད་པས་ཡིན་གྱི། འདི་ནི་ལྷུན་གྱིས་གྲུབ་པོ་ཡིན་པས་བྱེ་བྲག་ཡེ་།། ཇི་ལྟར་བཞེད་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་དང་འཁོར་གྱི་དཀྱིལ་འཁོར ་ཀུན་ཏུ་བསྟན་པའི་མཐུ་བརྙེས་པས་ཆོས་ཀྱི་དབྱིངས་ནི་ཡོངསུ་དག་པ་ལ་དབང་བའི་གན་སུ་རིག་པར་བྱའོ།། དེ་བས་ནས་དེ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། རྣམ་པར་མི་རྟོག་པ་དང་ཞིང་ལ་དབང་བ་ཐོབ་པས་དགེ ་བ་ལ་བར་ཆད་མེད་པར་སྦྱོར་བའི་ཕྱིརོ།། དགུ་པ་ལ་ནི་ཡེ་ཤེས་ལ་དབང་པོའི་གནས་ཉི་དུ་སྟེ། ཅི་ཞེ་ན། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཞེས་བྱ་བར་སྦྱརོ།། དགུ་པ་ལ་ནི་ཡེ་ཤེས་ལ་དབང་བའི་གནས་ཏེ། རབ་ཏུ་རྟོག་སོ་ཞེས་བྱ་བར་ཅི་མངོན་ཞེ་ན། དེའི་ཕྱིར་སོ་སོ ་ཡང་དག་པར་རིག་པ་ཐོབ་པའི་ཕྱིར་ཞེས་བྱ་བ་སྨོསོ།། ས་འདི་ལ་ཆོས་དང་། དོན་དང་ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་གཞན་དག་གིས་མི་འདུས་པར་རབ་ཏུ་ཐོ་བོ།། དེ་བས་ན་འདིར་ནི་ཆོས་ཀྱི་དབྱིངས་ཡེ་ཤེས་ལ་དབང་བའི་གནས་ཏེ། ་རབ་ཏུ་རྟོག་སོ་ཞེས་བྱ་བར་མངོན།། དེའི་ཕྱིར་ས་དེ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ཤེས་རབ་ཀྱི་སྟོབས་ཀྱིས་ཁྱད་པར་དང་ལྡན་པའི་ཕྱིརརོ།། ས་བཅུ་པ་ལ་ནི་ལས་ལ་དབང་བའི་གནས་ཉི་དུ་རྟོག་སོ།། དེ་ཅི་མངོན་ཞེ་ན། དེའི་ཕྱིར་ཇི་ལྟར ་བཞེད་པ་བཞིན་དུ་སྤྲུལ་པ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཕྱིརོ་ཞེས་བྱ་བ་སྨོསོ།། འདིས་ནི་ས་བཅུ་པ་ལ་ཆོས་ཀྱི་དབྱིངས་ལས་ལ་དབང་བའི་གན་སུ་རབ་ཏུ་རྟོག་སོ།། དེས་དེ་བཞིན་གཤེགས་པའི་འཕྲིན་ལས་རྣམས་ལ་དབང་བྱེད་པ་རབ་ཏུ ་བརྙེས་ཏེ། འདི་ལྟར་བདེ་བར་གཤེགས་པ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གནས་པའི་སོན་དག་ལོ་སྤྲུལ་པའི་སྐུ་རྣམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་གང་ལ་ཇི་ལྟར་གང་གི་ཚེ་གང་བྱ་བ་དེ་ལ་དེ་ལྟར་དེའི་ཚེ་མཛ།། དེ་བས ་ནས་འདི་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཆེ་བ་ཡིན་ཏེ། ཆོས་ལ་ལོངས་སྤྱོད་པ་དང་། སེམས་ཅན་ཡོངསུ་སྨིན་པར་མཛད་པའི་ཁྱད་པར་དང་ལྡན་པའི་ཕྱིརརོ།། དེ་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་ཇི་སྐད་དུ་བཤད་པ་དེ་དག་ལ་ཆོས་ཀྱི་དབྱིངས ་རྣམ་པ་བཅུ་རབ་ཏུ་རྟོག་པ་རྣམ་པ་ཐམས་ཅད་ཡོངསུ་སྦྱང་བ་ལ་གེགསུ་གྱུར་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ས་རེ་རེ་ལ་ཡོད་སྒྲིབ་པ་གང་ཡིན་པ་དེའི་གཉེན་པོར་བྱང་ཆུབ་སེམས་དཔའི་ས་བཅུ་རྣམ་པར་བཞགོ།། ས་དགུ་པ་དངོས་བཅུ ་པ་དག་གིས་ཁྱད་པར་ནི་འབྲས་བུས་བསྟན་པ་ཡིན་གྱི། དམིགས་པ་ཐ་དད་པར་རབ་ཏུ་རྟོགས་པའི་ཁྱད་པར་གྱིས་ནི་མ་ཡིན་ཏེ། གནས་པ་ཅིར་ཡང་སྤྱ་དུ་མེད་པའི་ཕྱིརརོ།། ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་དུ་རྟོགས་པའི་དགོས་པ་ནི་ས་བཅུ་རྣམསུ་ཕ ་རོལ་ཏུ་ཕྱིན་པ་བཅུ་གོ་རིམས་བཞིན་དུ་ཁྱད་པར་དུ་འགྲོ་བའོ།། དེའི་ཕྱིར་འདི་སྐད་ཅེས་ས་ལ་སྒྲིབ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཁྱད་པར་དུ་འགྲོ་བ་ལ་སྒྲིབ་པའོ་ཞེས་བཤད།། ཡང་ན་མདོ་ལས་ཏིངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་ལ་སོགས་བཱ ་གོང་ནས་གོང་དུ་ཁྱད་འཕགས་པ་མཆོག་རྣམས་ཀྱི་ཡེ་ཤེས་ཀྱི་མཐར་ཐུག་པའི་འབྲས་བུ་གསུང་བ་ཉིད་ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་དུ་རབ་ཏུ་རྟོགས་པའི་དགོངས་པ་ཞེས་བྱའོ།། སྒྲིབ་པ་རྣམ་པ་དུ་མ་གོང་དུ་བཤད་པ་ཐམས་ཅད་ནི ་སྒྲིབ་པ་གཉིས་ཀྱི་ནང་དུ་འདུས་པར་རབ་ཏུ་བསྟན་པའི་ཕྱིར་མདོར་བསྡུ་ན། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཉིད་བསྟན་ཞེས་བྱ་བ་སྨོས།། མདོར་བསྡུ་ན་གཉིས་ཁོ་ན་སྟེ། གསུམ་དུ་མདོ་ཞེས་བྱ་བ་དེ་ཅི་མངོན་ཞེ་ན། དེའི་ཕྱིར། དེར་ནི ་སྒྲིབ་པ་རྣམས་ཅ་དེ་ཞེས་བྱ་བ་གསུངས་སྨྱེནང་དུ་འདུས་ཞེས་བྱ་བ་ནི་ཚིག་གི་ལྷག་མ་གོ་། སྒྲིབ་པ་ཐམས་སྣང་སྒྲིབ་པ་གཉིས་ཀྱི་ནང་དུ་འདུས་པས་གསུམ་པ་གཞན་མེད་བྱར་མང་ན། གླང་གླུ་བྷི་སྒྲིབ་པ་ཐམས་ཅད་འཧྲཱིཧྲཱི ་ནང་དུ་འདུས་པ་དེའི་ཕྱིར་སྒྲིབ་པ་ཐམས་ཅད་སྡུད་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པ་གཉིས་པོ་འདི་ཟད་ན་སྒྲིབ་པ་ཐམས་ཅད་ལས་གྲོལ་བར་འདོདདེ། སྒྲིབ་པ་ཐམས་ཅད་སྤོང་ཞེས་བྱ་བའི་ཐ་ཚིག་གོ།། སངས་རྒྱས་ཀྱི་སའི་སྒྲིབ་པ་མ ་བཤད་པར་དེ་ཉིད་ཀྱི་ནང་དུ་འདུས་པ་ཇི་ལྟར་འགྱུར། བརྗོད་པས་དེའི་ནང་དུ་གཏོགས་པར་འགྱུར་པ་ཡང་མ་ཡིན་ཏེ། རངོ་བཞིན་གྱིས་འདུ་སོ།། དེ་ལྟ་མོད་ཀྱི་ཁྱབ་པའི་སྒྲིབ་པ་བཤད་པའི་ཕྱིར་དེ་ཉིད་ཀྱང་བཤད་ཟིན་ཏོ།། གཞན་དུ་ན་ནི་ཉོ་ཚེ་བའི ་སྒྲིབ་པ་ཉིད་དུ་འགྱུར་ཡང་ན་སངས་རྒྱས་ཀྱི་སའི་སྒྲིབ་པ་བསྡུ་བའི་དོན་དུ་དེར་ནི་སྒྲིབ་པ་ཐམས་ཅད། དེ་ཟད་ནས་ནི་གྲོལ་བར་འདོད་ཅེས་བྱ་བ་གསུང་སོ།། སངས་རྒྱས་ཀྱི་སའི་སྒྲིབ་པ་མ་ཟད་པར་གྲོལ་བ་མེད། དེའི་ཕྱིར་སྒྲིབ་པ་ལྷག་མ་ལྟར་དེའི ་སྒྲིབ་པ་ཡང་བསྟན་པ་ཡི་ནོ།། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་རབ་ཏུ་ཕྲ་བའི་གནས་སྐབས་དང་། ཉོན་མོངས་པའི་བག་ཆགས་ནི་སངས་རྒྱས་ཀྱི་སའི་སྒྲིབ་པ་ཞེས་བྱ་སྟེ། དེ་བས་ན་ཤིན་ཏུ་ཕྲ་བའི་ཕྱིར་གཞན་དུ་བརྟགས་མི་ནུས་པས ་དེ་སྐད་ཅེས་བཤད་པར་འགྱུརརོ།། སྒྲིབ་པ་ཆེན་པོ་ནི་ཁྱབ་པ་གང་ཡིན་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའོ།། སྒྲིབ་པ་ཆུང་ནི་ཉི་ཆེ་བ་གང་ཡིན་པོའོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོར ་པའི་རིགས་ཅན་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་ཉིད།། སྦྱོར་བའི་སྒྲིབ་པ་ནི་ལྷག་མ་གང་ཡིན་པའོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྤྱོད་པ་དེ་དག་ཉིད་ཀྱི་སྟེ། དེས་སྦྱོར་བ་ཉིད་མི་འཐོབོ།། འཐོབ་པ་ལ་སྒྲིབ་པ་ནི་མཉམ་པ་གང་ཡིན་པའོ་ཞེས ་བྱ་བ་ནི་ཆ་མཚུངས་པར་སྤྱོད་པ་རྣམས་ཀྱི་སྟེ། དེ་འཐོབ་པའི་གེ་གསུ་འགྱུར་བའི་ཕྱིརརོ།། ཐོབ་པ་ཁྱད་པར་ཅན་ལ་སྒྲིབ་པ་ནི་ལེན་པ་དང་སྤོང་བ་གང་ཡིན་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱི་སྟེ། ཐོབ་པར་བྱ་བ་ཁྱད་པར ་ཅན་ལ་སྒྲིབ་པའི་ཕྱིརརོ།། མི་གནས་པའི་མྱ་ངན་ལས་འདས་པ་ནི་ཐོབ་པར་བྱ་བ་ཁྱད་པར་ཅན་ཏེ། དེ་ཉིད་འབྲས་བུའི་ཁྱད་པར་དུ་ཡང་རིག་པར་བྱའོ།། ཡང་དག་པར་སྦྱོར་བ་ལ་སྒྲིབ་པ་ནི་ཉོན་མོངས་པའི་མཚན་ཉིད་རྣམ་པ་དགུ་གང་ཡིན་པོའོ་ཞེས་བྱ ་བ་ནི་ཀུན་ཏུ་སྦྱོར་བ་དགུ་ནི་སྒྲི་བོ་ཞེས་བཤད་པའི་ཕྱིརརོ།། དེ་དག་ཡང་དག་པར་སྦྱོར་བ་ལ་ཇི་ལྟར་སྒྲིབ་པ་དེ་བཞིན་དུ་བཤད་ཟིན་ཏོ།། རྒྱུ་ལ་སྒྲིབ་པ་ནི་དགེ་བ་ལ་སོགས་པ་རྣམ་པ་བཅུ་ལ་སྒྲིབ་པ་གང་ཡིན་པ་སྟེ། རྒྱུའི་དོན་གྱི་སྐབས་ཀྱི་ཕྱིརརོ་ཞེས་བྱ ་བ་ནི་དེ་དགེ་བ་ལ་སོགས་པའི་རྒྱུ་ལ་གེགས་བྱེད་པའི་སྒོ་ནས་སྒྲིབ་པར་འགྱུར་བས་རྒྱུ་ལ་སྒྲིབ་པ་ཞེས་བྱའོ།། དེ་ཁོ་ན་ལ་འཇུག་པ་ལ་སྒྲིབ་པ་ནི་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་སྒྲིབ་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་དག་གིས་དེ་ཁོ་ན་ལ་འཇུག་པར ་བྱེད།། དགེ་བ་བླ་ན་མེད་པ་ལ་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པ་གང་ཡིན་པའོ་ཞེས་བྱ་བ་ནི་དེའི་བླ་ན་དགེ་བ་མེད་པའི་ཕྱིར།། དེ་ཁྱད་པར་དུ་འགྲོ་བ་ལ་སྒྲིབ་པ་ནི་ས་རྣམས་ལ་སྒྲིབ་པ་གང་ཡིན་པའོ་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ ་ཉིད་འཇིག་རྟེན་ལས་འདྲས་པའི་ཁྱད་པར་གྱི་གནསུ་གྱུར་པ་ནི་ས་རྣམས་ཞེས་བྱའོ།། བསྡུས་པའི་སྒྲིབ་པ་ནི་མདོར་བསྡུས་པ་རྣམ་པ་གཉིས་པོ་གང་ཡིན་པའོ།། ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྟེ། དེ་དག་གི ་སྒྲིབ་པ་ཐམས་ཅད་བསྡུས་པའི་ཕྱིརརོ།། དེས་བདེ་བླག་ཏུ་ལེན་པ་དང་། འཛིན་པར་བྱ་བའི་ཕྱིར་དོན་བསྡུས་པ་བཤད་བསྡུ་བ་བྱས་པས་བདེ་བླག་ཏུ་ལེན་ཏོ་འཛིན་ཏོ།། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་སྒྲིབ་པའི་ལེའུར་བཅད ་པ་སྟེ་གཉིས་པའི་འགྲེལ་བཤད།། །། སྒྲིབ་པ་བཤད་པའི་འོག་ཏུ་དེ་ཁོ་ན་བཤད་པའི་སྐབས་ཡིན་ཏེ། དེའི་འོག་ཏུ་སྨོས་པའི་ཕྱིརརོ།། དེ་བས་ན་དེ་ཁོ་ནའི་དབང་དུ་མཛདེ་གསུངས་པ་ཞེས་བྱ་བ་སྨོསོ།། དེ་ཁོ་ན་ཡང་རྣམ་པ་དུ་མ་ཡོད། དེའི ་ཕྱིར་དེའི་དབྱེ་བ་ཁོང་དུ་ཆུང་བར་དེ་ཁོ་ནའི་རང་གི་ངོ་བོ་ཁོང་དུ་ཆུད་པར་དཀའ་བས་དེའི་ཕྱིར་དེ་ཁོ་ནའི་དབྱེ་བ་ཉིད་དང་པོར་བསྟན་པའི་ཕྱིར་རྩ་བ་མཚན་ཉིད་དེ་ཁོ་ན་ཞེས་དེ་ཁོ་ན་བཅུ་རྒྱ་ཆེར་གསུང་སོ།། ཁ་ཅིག་ན་རེ་རྩ་བའི་དེ་ཁོ་ན་ལ་དེ་ཁོ་ན ་གཞན་འདུས་པར་བསྟན་པའི་ཕྱིར་རྩ་བའི་དེ་ཁོ་ན་བཤད།། རྩ་བའི་དེ་ཁོ་ན་ལ་ཡོངས་ཤེས་པར་བྱེད་པ་དང་སྤོང་བ་དང་མངོན་སུམ་དུ་བྱེད་པ་ལ་ཞུགས་པའི་ཉེས་པ་གཞོམ་པའི་ཕྱིར་མཚན་ཉིད་ཀྱི་དེ་ཁོ་ན་བཤ་དོ།། འཁོར་བ་ལ་སྐྱོ་བར་བྱ་བའི ་ཐབས་རབ་ཏུ་བསྟན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་བཤ་དོ།། སྐྱོ་ནས་ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བར་བསྟན་པའི་ཕྱིར་འབྲས་བུ་དང་རྒྱུའི་དེ་ཁོ་ན་བཤ་།། ཉན་ཐོས་ནི་འཕགས་པའི་བདེན་པ་བཞི་རབ་ཏུ་རྟོགས་པ་དང་བསྒོམ་པ ་གཉིས་ཀྱིས་ངེས་པར་འབྱུང་རྣམ་པ་ཐམས་ཅད་ཤེས་པ་སྒྲུབ་པའི་ཐབས་བསྟན་པའི་ཕྱིར་རགས་པའི་དེ་ཁོ་ན་བཤདདོ།། སྒྲིབ་པ་ཐམས་ཅད་སྤངས་པའི་ཐབས་བསྟན་པའི་ཕྱིར་ཕྲ་བའི་དེ་ཁོ་ན་བཤ་དོ།། ལེགས་པར་གནས་པའི་ཆོས་བསྟན་པའི ་ཕྱིར་ཐབས་བསྟན་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཚོར་གཅོད་པའི་ཐབས་བསྟན་པའི་ཕྱིར་གྲགས་པའི་དེ་ཁོ་ན་བཤདདོ།། ཆོས་ཀྱི་དབྱིངསུ་མཚུངས་ཀྱང་རིགས་དང་དབང་པོ་དང་བསམ་པའི་བྱེ་བྲག་གིས་རྣམ་པར་དག་པ་ཐ་དད་པར ་བསྟན་པའི་ཕྱིར་རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་བཤདདོ།། རྣམ་པ་ཐམས་ཅད་དུ་ཀུན་ནོས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་འཇུག་པའི་ཐབས་བསྟན་པའི་ཕྱིར་བསྡུ་བའི་དེ་ཁོ་ན་བཤ་དོ།། དེ་བཞིན་ཉིད་ལས་བརྩམས་ཏེ་སོམ་ཉི ་ཐམས་ཅུད་རྣམ་པར་ལྡོག་པའི་མཐུ་བསྟན་པའི་ཕྱིར་རབ་ཏུ་དབྱེ་བའི་དེ་ཁོ་ན་བཤད་།། བདག་ཏུ་འཛིན་པ་རྣམ་པ་ཐམས་ཅད་བཟློག་སྟེ། བདག་མེད་པ་རབ་ཏུ་བཞག་པའི་མཐུ་བསྟན་པའི་ཕྱིར་མཁས་པའི་དེ་ཁོ་ན་བཤད།། ཞེའོ་གཞན་དག་ན ་རེ་རྩ་བའི་དེ་ཁོ་ན་ནི་བྱང་ཆུབ་སེམས་དཔའི་སྟེ། ཐུན་མོང་མ་ཡིན་པའོ།། དེ་ཁོ་ན་གཉིས་པ་ནི་དེ་ཉིད་ལ་ལོག་པར་སྦྱོར་བའི་གཉེན་པོའོ།། དྲི་ཁོ་ན་གསུམ་པ་ནི་ཡང་དག་པའི་རྣལ་འབྱོར་དང་མཐུན་པའོ།། དེ་ཁོ་ན་བཞི་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། ་ཐུན་མོང་བའོ།། དེ་ཁོ་ན་ལྔ་པ་ནི་སྒྲིབ་པའི་ཐབ་སོ།། དེ་ཁོ་ན་དྲུག་པ་ནི་འཇིག་རྟེན་དང་ཐུན་མོ་ངོ་།། དེ་ཁོ་ན་བདུན་པ་ནི་དེ་དང་ཐུན་མོང་བ་ཡིན་པའོ།། དེ་ཁོ་ན་བརྒྱད་པ་ནི་ཤེས་བྱ་མདོར་བསྡུ་བའོ།། དེ་ཁོ་ན་དགུ་པ་ནི་རང་བཞི་ནོ།། དེ་ཁོ་ན་བཅུ་པ་ནི་ཉོན་མོངས ་པའི་རྩ་བ་འཇོམས་པའོ་ཞེའོ།། མདོར་བསྡུས་པ་དེ་ཁོ་ན་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལྡེམ་པོར་དགོངས་ཏེ་གསུངས་པའི་གནསུ་གྱུར་པའོ།། རྒྱས་པར་བྱ་ན་དེ་ཁོ་ན་དཔག་ཏུ་མེདོ།། ཁ་ཅིག་ན་རེ་འདི་ལ་དེ་ཁེ། ་ན་དང་མཐུན་པས་ཀུན་རྫོབ་ཀྱང་དེ་ཁོ་ན་ཞེས་བསྟན་ཅིའོ།། གཞན་དག་ན་རེ་དེ་དག་ཐམས་ཅད་ནི་ཇི་སྐད་བཤད་པའི་རྣམ་པ་རྣམས་ཀྱིས་མི་སླུ་བའི་ཕྱིར་དེ་ཁོ་ན་རྣམས་ཞེས་བྱ་སྟེ། གང་རྣམ་པ་གང་གིས་སླུ་བར་མི་བྱེད་པ་དེ་ནི་དེ་བཞིན་པས་དེ ་ཁོ་ན་ཞེས་བྱའོ་ཞེའོ།། དེ་ལ་རྩ་བའི་དེ་ཁོ་ན་ནི་ངོ་བོ་ཉིད་རྣམ་པ་གསུམ་སྟེ་ཞེས་བྱ་བ་དེ་མ་གྲགས་པས་དེའི་ཕྱིར། ཀུན་བརྟགས་པ་དང་གཞན་གྱི་དབ་དང་། ཡོངསུ་གྲུབ་པ་སྟེ་ཞེས་བྱ་བ་སྨོས།། ཅིའི་ཕྱིར་ངོ་བོ་ཉིད་གསུམ་ལ་རྩ་བའི་དེ་ཁོ་ན ་ཞེས་བརྗོད་ཅེ་ན་དེ་རབ་ཏུ་བསྟན་པའི་ཕྱིར་དེ་ལ་དེ་ཁོ་ན་གཞན་རྣམ་པར་བཞག་པའི་ཕྱིརརོ།། ཞེས་བྱ་བ་སྨོས་ཏེ། དེར་མཚན་ཉིད་ལ་སོགས་པའི་དེ་ཁོ་ན་གཞན་འདུས་ཞེས་བྱ་བའི་ཐོ་ཚི་གོ། ཙའི་ཕྱིར་ངོ་བོ་ཉིད་རྣམ་པ་གསུམ་ཉེ་བར་གཟུང་ཞེ་ན། ་ཁ་ཅིག་ན་རེ་ཐ་སྙད་དང་དོན་དམ་པ་དང་དེའི་གནས་རབ་ཏུ་བསྟན་པའི་ཕྱི་རོ་ཞེའོ།། གཞོན་དག་ནའི་ཕྱིན་ཅི་ལོག་དང་དེའི་རྒྱུ་དང་དེའི་གཉེན་པོའི་དམིགས་པ་རབ་ཏུ་བསྟན་པའི་ཕྱིར་ཞེའོ།། གཞན་དག་ན་རེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་སྒྲིབ་པ་དང་བྲལ་བར་བྱ་བའི་ཕྱིར་སྤང་བ་དང་ཡོངསུ་ཤེས་པར་བྱ་བ་དང་མངོན་སུམ་དུ་བྱ་བའི་དངོས་པོ་རབ་ཏུ་བསྟན་པའི་ཕྱིརརོ་ཞེའོ།། གཞན་དག་ན་རེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རང་བཞིན་གྱིས་ཟབ་པ་ངོ་བོ་ཉིད་གསུམ་གྱི་སློ ་ནས་མ་ནོར་བར་རྟོགས་པར་བྱ་བའི་ཕྱིརརོ་ཞེའོ།། དེ་སྐད་དུ་ཆོས་མངོན་པའི་མདོའི་ནང་ནས་ཚིགསུ་བཅད་པ་གཉིས་ལས། བྱུང་རྟེན་སྒྱུ་མ་ལ་སོགས་བསྟན།། རྟགས་ལ་བརྟེན་ནས་མེད་པ་བསྟན།། རྣམ་དག་རྣམ་པ་བཞིར་བརྟེན་ནས།། ཡོངསུ་གྲུབ་པ་བསྟན ་པ་ཡིན།། དག་པ་དེ་ནི་རང་བཞིན་དང་།། དྲི་མ་མེད་དང་ལམ་དང་དམིགས།། རྣམ་པར་དག་པའི་ཆོས་ཀྱི་རྣམས།། རྣམ་པ་བཞི་པོས་བསྡུས་པ་ཡིན་ཞེས་གསུང་སོ།། བྱུང་བ་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བལྟོས་ནས་མདོ་ལས་སྒྱུ་མ་ལ་སོགས ་པ་བསྟན་ཏེ། དེ་ནི་སྒྱུ་མ་ལ་སོགས་པ་བཞིན་དུ་ལོག་པར་སྣང་བའི་ཕྱིརརོ།། མེད་པ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་བལྟོས་ནས་མེད་པ་བསྟན་ཏོ།། རྣམ་པར་དག་པ་རྣམ་པ་བཞི་ལ་བལྟས་ནས་ཡོངསུ་གྲུབ་པར་བསྟན་ཏོ།། རྣམ་པར་དག་པ་བཞི་ལ་རང ་བཞིན་གྱིས་རྣམ་པར་དག་པ་ནི་དྲི་མ་དང་བཅས་པའི་དུས་ཀྱི་དེ་བཞིན་ཉིད་ལ་སོགས་པའོ།། དྲི་མ་མེད་པས་རྣམ་པར་དག་པ་ནི་དེ་དག་ཉིད་དྲི་མ་མེད་པའི་དུས་ནའོ།། སྟོང་པ་ཉིད་ལ་སོགས་པ་འཐོབ་པའི་ལམ་རྣམ་པར་དག་པ་ནི་བྱང་ཆུབ་ཀྱི་ཕྱོགས ་ལ་སོགས་པའོ།། ལམ་བསྐྱེད་པའི་ཕྱིར་དམིགས་པ་རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་བསྟན་པའི་ཆོས་མདོའི་སྡེ་ལ་སོགས་པ་སྟེ། དེ་ལ་བརྟེན་ནས་ལམ་སྐྱེ་བའི་ཕྱིར།། འདི་ལྟར་རྣམ་པར་དག་པ་འདི་བཞིས་རྣམ་པར་བྱང་བའི་ཚེ ་ཐམས་བསྡུས་ཏེ། ཚིག་སུ་བཅད་པ་གཉིས་ཀྱི་དོན་མདོར་བསྡུས་པའོ།། གཞན་དག་ན་རེ་འཇིག་རྟེན་པ་འཇིག་རྟེན་ལས་འདས་པ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་ཡུལོ་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་ཅི་རིགས་པར་ངོ་ཉིད་གསུཾ་བཟུང་ཞེའོ།། ཅིའི་ཕྱིར ་འདིར་ངོ་བོ་ཉིད་གསུམ་ལ་དེ་ཁོ་ན་ཞེས་བྱ་བ་ནི་དེ་ཁོ་ནའི་དོན་ནི་མ་ནོར་བའི་དོན་ཡིན་ན། ཅིའི་ཕྱིར་འདིར་ངོ་བོ་ཉིད་གསུམ་ལ་མ་ནོར་བ་ཞེས་བྱ་འདི་ལྟར་ངོ་བོ་ཉིད་གསུམ་ལ་དེ་ཁོ་ན་ཞེས་བྱ་སྙམ་དུ་དྲི་བར་བསམས་པའོ།། ངོ་བོ་ཉིད ་གསུམ་རྟག་མེད་ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨོས་པ་ལ། ཀུན་བརྟགས་པའི་མཚན་ཉིད་ནི་རྟག་ཏུ་མེད་པའོ་ཞེས་བྱ་བ་ལ། གང་ལ་བྱིས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པ་དང་སྨྲ་བ་དང་སྨྲ་བར་བྱ་བར་མངོན་པར་ཞེན་པ་རྨི་ལམ་ལྟར་རབ་ཏུ ་འབྱུང་བ་དེ་ནི་རང་གི་ངོ་བོར་མེད་པའི་ཕྱིར་བརྟགས་པའི་ངོ་བོ་ཉིད་།། དེའི་ཕྱིར་མེད་པའི་བདག་ཉིད་ཡིན་པ་དང་། འཁྲུལ་པ་མེད་པའི་ཕྱིར་མེད་པ་ཉིད་ཀུན་བརྟགས་པའི་མཚན་ཉི་དོ།། དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཞེས་བརྗོད།། ཕྱིན་ཅི ་མ་ལོག་པའི་ཕྱིརརོ་ཞེས་བྱ་བ་ལ་ཕྱིན་ཅི་མ་ལོག་པའི་དོན་ནི་འདིར་ཁོ་ནའི་དོན་དུ་བསྟན་ཏོ།། གཞན་གྱི་དབང་གི་མཚན་ཉིད་ནི་ཡོད་ཀྱང་ཡང་དགྲ་པར་ན་མ་ཡིན་ཏེ་ཞེས་བྱ་བ་ལ། གཟུང་བ་དང་གི་འཛིན་པ་ལ་སོགས་པ་བརྟགས་པའི་ཐ་སྙད་ཀྱི ་གནས་ཡིན་པས་ཡོད།། གཟུང་བ་དང་འཛིན་པ་ལ་སོགས་པའི་བདག་ཉི་དུ་མེད་པས་ཡང་དག་པར་ན་དེ་བཞིན་དུ་མཱ་ཡིན།། དེ་ཉིད་བསྟན་པའི་ཕྱིར་འཁྲུལ་པའི་ཕྱིརརོ་ཞེས་བྱ་བ་སྨོསོ།། དེ་ནི་འདི་སྐད་དུ་སྒྱུ་མའི་རྒྱུ་ལྟར་སྣང་བ་གང་ཡིན་པ་དེ་ནི་ཡི་ནོ།། ཇི ་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་དེ་ནི་དེ་ལྟ་མ་ཡིན་ཏེ། སྒྱུ་མའི་སྐྱེས་བུ་ལ་སོགས་པ་བཞི་ནོ།། དེའི་ཕྱིར་འཁྲུལ་པ་ཞེས་བསྟན་པོར་འགྱུརརོ།། དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་དེ་ཁོ་ན་སྟེ། གཞན་དུ་ཡོད་པ་བདག་ཉིད་ལ་མེད་པའི་རྣ ་པར་སྣ་།། སྐབས་ཡིན་པས་འདིར་ཡང་ཕྱིན་ཅི་ལོ་གོ་ཞེས་བྱ་བར་སྦྱརོ།། ཡོངསུ་གྲུབ་པའི་མཚན་ཉིད་ནི།། ཡོད་དང་མེད་པ་ཁོ་ན་སྟེ། ཞེས་བྱ་བ་ནི་ཡོད་པ་དང་མེད་པ་དང་དེ་ཁོ་ན་ནི་ཡོངསུ་གྲུབ་པའི་མཚན་ཉིད། གཉིས་པོ་མེད་པ་ཡོད་པའི་བདག ་ཉིད་ཡིན་པས་ཡོད་པསོ།། གཉིས་པོ་མེད་པའི་བདག་ཡིན་པས་མེད་པའོ།། རྣམ་པར་དག་པའི་དམིགས་པ་ཡིན་པས་དེ་ཁོ་ནའོ།། འདིར་ནི་ཡོངསུ་གྲུབ་པའི་ངོ་བོ་ཉིད་ལ་དེ་ཁོ་ན་སྟེ། ཕྱིན་ཅི་མ་ལོག་པའི་ཕྱིར་ཞེས་བྱ་བ་དང་སྦྱརོ།། ངོ་བོ་ཉིད་གསུ ་གྱི་དེ་ཁོ་ན་ནི་བཤད་ན། མཚན་ཉིད་མ་བཤད། དེའི་ཕྱིར་དྲིས་པ་འམ་ཡང་ན་རྩ་བའི་དེ་ཁོ་ནའི་འོག་ཏུ་མཚན་ཉིད་ཀྱི་དེ་ཁོ་ན་བཤད་ལ། དེ་ཡང་མ་གྲགས་པས་ན་མཚན་ཉིད་ཀྱི་དེ་ཁོ་ན་གང་ཞེ་ན་ཞེས་དྲིས་ཏེ། དེའི་ཕྱིར་འདི་ལ་ཆོས་དང ་གང་ཟག་དང་ཆོས་གཉིས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་མི་འབྱུང་བ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད་ཞེས་བྱ་བ་ལ། བདག་དང་གཟུགས་ལ་སོགས་པའི་ཆོས་རྣམས་དེ་དག་ཏུ་སྣང་བའི་རྣམ ་པར་ཤེས་པ་མ་གཏོགས་པར་དེའི་དམིགས་པར་གྱུར་པ་དོན་དམ་པར་ཡོདདོ་ཞེས་མངོན་པར་ཞེན་པ་ནི་སྒྲོ་འདོགས་པར་ལྟ་བའོ།། ཐ་སྙ་དུ་ཡང་མང་ཞེས་བྱ་བ་ནི་སྐུར་པ་འདྲབས་པར་ལྟ་བའོ།། གཞན་དག་ན་རེ་གང་ཟག་དང་ཆོསུ་སྣང་བའི ་རྣམ་པ་ཤེས་པ་སྤོང་བ་ནི་སྦྱང་པ་འདེབས་པ་བ་ཞེས་ཟེར་ཏེ། འཛིན་པ་སྤོང་བ་འདི་ནི་པས་མིང་ནི་མི། མཚན་ཉིད་གང་མི་ཆེད་པས་སོང་ཅོག་པ་ཆོས་གཉིས་ལ་སྤྲོ་འདོགས་པ་དང་སྤྲུ་པོ་དེབས་པ་རྫུ་བདོནི་ལྡན ་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་སྤངས་པར་རིག་པར་བྱའོ།། དེའང་ཐཱ་སྙ་དུ་དེ་ཁོ་ན་ཡིན་གྱི་ངོ་བོ་ཉིད་ཀྱིས་ནི་མ་ཡིནོ།། གང་གི་ཕྱིར་ཀུན་བརྟགས་ཁོང་དུ་ཆུད་ན་གང་ཟག་དང་ཆོས ་གཉིས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་མི་འབྱུང་བ་ཞེས་བྱ་བ་ནི་མི་སྐྱེའི་ཞེས་བྱ་བའི་ཐ་ཚིགོ།། གཟུང་བ་དང་འཛིན་པ་གཉིས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་ཞེས་རྒྱ་ཆེར་འབྱུང་བ་ལ། གཟུང་བ་དང་འཛིན་པར ་སྣང་བའི་འཁྲུལ་པ་གང་ལ་ཆོས་དང་གང་ཟག་ཏུ་འཛིན་པ་དེ་གལ་ཏེ་དེ་ཁོ་ན་ཉི་དུ་ཡོད་དོ་ཞེས་མངོན་པར་ཞེན་ན་དེ་ལྟ་བུ་གཟུང་བ་དང་འཛིན་པར་སྒྲོ་འདོགས་པའོ་།། ཇི་སྟེ་གཟུང་བ་བཞིན་དུ་འཛིན་པ་ཡང་མེད་པའོ་ཞེས་མངོན་པར་ཞེན་ན། ་དེ་ལྟ་བུ་ནི་གཟུང་བ་དང་འཛིན་པ་ལ་སྐུར་པ་འདེབས་པའོ།། མཚན་ཉིད་གང་ཤེས་ནས་གཟུང་བ་དང་འཛིན་པ་གཉིས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བར་མི་འབྱུང་བ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་མཚན་ཉིད། སྒྲོ་འདོག ་པ་དང་སྐུར་པ་འདེབས་པ་སྦྱངས་པར་ཤེས་པར་བྱའོ།། དེ་ཡང་བརྟགས་པ་སྟེ་གཟུང་བ་དང་འཛིན་པའི་བདག་ཉི་དུ་མེད་པའོ།། དེའི་ཐ་སྙད་ཀྱི་གནོས་ཡིན་པའི་ཕྱིར་ཡོད་པའོ།། དེ་ལྟར་ཡེངསུ་ཤེས་ན་གཞན་གྱི་དབང་ལ་སྒྲོ་འདོགས་པ་དང་སྐུར་བ ་འདེབས་པར་ལྟ་བ་མི་འབྱུང་།། དངོས་པོ་དང་དངོས་པོ་མེད་པར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ་ཞེས་རྒྱ་ཆེར་འབྱུང་བ་ལ་ཁ་ཅིག་ན་རེ། གལ་ཏེ་སྟོང་པ་ཉིད་དངོས་པོ་ཡོད་པ་ཉིད་ཞེས་ཡང་དག་པར་རྗེ་སུ་ལྟ་ན། དེ་ལྟ་བུ་ནི་དངོས་པོར ་སྒྲོ་འདོགས་པར་ལྟ་བར་འགྱུརརོ།། ཇི་སྟེ་མེད་པ་ཉིད་ཞེ་ན། དེ་ལྟ་བུ་ནི་དངོས་པོ་མེད་པར་ལྟ་བའོ།། མཚན་ཉིད་གང་ཤེས་ནས་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དེ་གཉིས་མི་འབྱུང་བ་ནི་ཡོངསུ་གྲུབ་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉི།། ཁ་ཅིག ་ན་རེ་དེ་ཡང་དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་ངོ་བོ་ཉིད་ཡིན་ལ། དེ་ཤེས་ནས་ཡོངསུ་གྲུབ་པའི་ངོ་བོ་ཉིད་ལ་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་མི་འབྱུང་ཞེའོ།། གཞན་དག་ན་རེ་དངོས་པོ་དང་དངོས་པོ་མེད་པ་ལས་རྣ ་གྲོལ་བའི་བདག་ཉིད་ཅན་ལ། དངོས་པོའི་ངོ་བོར་སྒྲོ་འདོགས་པའི་ཕྱིར་གཉིས་པོ་མེད་པ་ནི་རང་གིས་ངོ་བོས་སྟོང་པ་ཉིད་ཞེ་ན། དངོས་པོར་སྒྲོ་འདོགས་པའི་མཐར་འགྱུརརོ།། དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བ་གཉིསུ་མེད་པའི་རང ་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡང་མེ་དོ་ཞེ་ན། དངོས་པོ་མེད་པར་སྐུར་པ་འདེབས་པའི་མཐར་འགྱུརརོ་ཞེས་ཟེའོ།། གཞན་ན་རེ་དངོས་པོ་དང་དངོས་པོ་མེད་པ་གཉིས་ལ་སོ་སེར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བ ་ང་སྦྱར་བས་བཤད་པ་འདི་གཉིས་ཀྱང་བསམ་དགོས་པའོ་ཞེའོ།། འདིར་དངོས་པོ་ནི་གཉིས་པོ་མེད་པའི་དངོས་པོ་སྟེ། གལ་ཏེ་དེ་ལ་དངས་པོ་ཉིད་དུ་འཛིན་ན་དེ་ལྟ་ན་ནི་དངོས་པོར་སྒྲོ་འདོགས་པར་འགྱུར་རོ།། ཇི་སྟེ་དངོས་པོ་མེད་པ་ཉིད་དུ་འཛིན ་ན་དེ་ལྟ་ན་ནི་སྐུར་པ་འདེབས་པར་འགྱུརརོ།། འདིར་དངོས་པོ་མེད་པ་ན་ནི་གཉིས་པོའི་དངོས་པོ་མེད་པ་སྟེ་གལ་ཏེ་དེ་ལ་ཆད་པ་ཉི་དུ་ན་དེ་ལྟ་ན་ནི་དངོས་པོ་མེད་པའང་ཤིན་ཏུ་མེད་པ་ཉིད་པས་སྒྲོ་འདོགས་པར་འགྱུར་རོ།། ཇི་སྟེ་གཉིས་པོ་ཉི་དུ་འཛིན ་ན་དེ་ལྟ་ན་ནི་སྐུར་བར་འགྱུར་ཏེ། འདི་ལྟར་དེ་ནི་གཉིས་ཀྱི་དངོས་པོ་མེད་པས་རབ་ཏུ་ཕྱེ་བ་ཡན།། ཡང་ན་གལ་ཏེ་དངོས་མང་པོར་འཛིན་ན་དེ་ལྟ་ན་ནི་སྒྲོ་བཏགས་པར་འགྱུར།། ཇི་སྟེ་དངོས་པ་མེད་པ་ཉིད་དུ་འཛིན་ན་དེ་ཝ་ནཱ་ནི་ཀུན་ནས ་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་ཡང་སྐུར་བར་འགྱུར་ཏེ། མཐའ་གཉིས་སྤངས་པ་འདི་ནི་ཡོངསུ་གྲུབ་པ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད།། དོན་ཕྱིར་ཡང་དགྲ་སྨིན་རྟག་ཕྱིར།། གཉིས་པོ་མེད་པའི་ཕྱིར་བཤདདོ།། ཞེས་ངོ་བོ་ཉིད་གསུམ་གྱི་མཚན་ཉིད ་སྔར་ཡང་བཤད་མ་ཟིན་ནམོ་ཞེ་ན། དེར་ནི་ངོ་བོ་ཉིད་ཀྱི་མཚན་ཉིད།། འདིར་ནི་གང་ཤེས་ནས་མི་འབྱུང་བ་དེ་ནི་དེ་ཁོ་ནའི་མཚན་ཉིད་ཞེས་བྱ་བའི་མཚན་མ་ཡིན་པས་ཟློས་པ་མེ་དོ།། གང་ཤེས་ནས་གང་ཟག་ལ་སོགས་པར་སྒྲོ་འདོགས་པ་དང་སྐུར ་པ་འདེབས་པར་ལྟ་བ་མི་འབྱུང་བ་དེ་ནི་རྩ་བའི་དེ་ཁོ་ནའི་མཚན་ཉིད།། དེའི་འོག་ཏུ་བཤད་པའི་ཕྱིར་མཚན་ཉིད་ཀྱི་དེ་ཁོ་ནའི་འོག་ཏུ་ཕྱིན་ཅིམ་ལོག་པའི་དེ་ཁོ་ན་བརྗོད་པར་བྱ་སྟེ། དེའི་ཕྱིར་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ནི་ཞེས་རྒྱ་ཆེར་སྨོ་སོ།། མི་རྟག ་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ནི་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་པས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཞེས་བྱའོ།། རྩ་བའི་དེ་ཁོ་ནའི་ནང་དུ་དེ་ཁོ་གཞན་འདུསོ་ཞེས་སྦྱར ་དམ་བཅས་པས་དེའི་ཕྱིར་རྩ་བའི་དེ་ཁོ་ན་དེར་ཇི་ལྟར་ཞེ་ན་ཞེས་རྒྱ་ཆེར་དྲིསོ།། མི་རྟག་པ་ལ་སོགས་པ་ཉིད་ཅེས་བྱ་བ་ནི་མི་རྟག་པ་ལ་སོགས་པ་གང་དག་ཡིན་པ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པ་དེ་དག་མི་རྟག ་ལ་སོགས་པའོ།། དེའི་དངོས་པོ་ནི་མི་རྟག་པ་ལ་སོགས་པ་ཉིད།། རྩ་བའི་དེ་ཁོ་ནའི་ནང་དུ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་འདུས་པར་བསྟན་པའི་ཕྱིར་མི་རྟག་དོན་ནི་མེད་དོན་དང་ཞེས་རྒྱ་ཆེར་གསུང་སོ།། མི་རྟག་པའི་དོན་ནི་རྣམ་པ་གསུམ་སྟེ། མེད་པའི་དོན་དང ་ཞིང་འཇིག་པའི་དོན་དང་། དྲི་མ་དང་བཅས་ཤིང་དྲི་མ་མེད་པའི་དོན་ཏོ།། གང་དུས་ཐམས་ཅ་དུ་དེ་བཞིན་དུ་ཡོད་པ་དེ་ནི་རྟག་པ་སྟེ། དེ་ལས་བཟློག་པ་ནི་མི་རྟག་པ་སྟེ། དེ་དག་ཏུ་གོ་རིམས་བཞིནོ་ཞེས་བྱ་བ་ནི་དེ་ལ་དུས་ཐམས་ཅད་དུ་མེད་པའི་དོན་མི་རྟག ་འི་དོན་གྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མི་རྟག་པའོ།། གཞན་དག་ན་རེ་ངེས་པའི་ཚིག་གི་ཚུལ་དུ་ན་རྟག་པར་མེད་པ་ནི་མི་རྟག་པར་རིག་པར་བྱའོ་ཞེའོ།། གཞན་གྱི་དབང་གི་ངོ་བོ་ཉིད་ནི་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་པའི་མཚན་ཉིད་ཡིན ་ཏེ། མི་རྟག་པའི་ཕྱིར་མི་རྟག་པའོ།། དེ་ནི་རྐྱེན་ལས་བྱུང་བ་དང་འཇིགས་པ་ལས་རྒྱུ་མེད་པའི་ཕྱིར།། ཡོངསུ་གྲུབ་པའི་ངོ་བོ་ཉིད་མི་འགྱུར་བའི་ཆོས་ཡིན་དུ་ཟིན་ཀྱང་དྲི་མ་དང་བཅས་པ་དང་དྲི་མ་མེད་པ་ཉིད་ཀྱི་དོན་གྱི་མཚན་ཉིད་གློ་བུར་གྱི་དྲོན ་མི་རྟག་པའོ།། སྡུག་བསྔལ་ལེན་དང་མཚན་ཉིད་དང་ཞེས་རྒྱ་ཆེར་འབྱུང་བ་ལ་སྡུག་བསྔལ་ལ་ཡང་རྣམ་པ་གསུམ་སྟེ། ཉེ་བར་ལེན་པས་སྡུག་བསྔལ་བ་དང་མཚན་ཉིད་ཀྱིས་སྡུག་བསྔལ་བ་དང་། འབྲེལ་པས་སྡུག་བསྔལ་བའོ།། དེ་ལ་བརྟགས་པའི་ངོ། ་བོཔོ་ཉིད་ནི་ཉེ་བར་ལེན་པས་སྡུག་བསྔལ་ཏེ། ཡོངསུ་མ་ཤེས་པས་འདི་བམ་གཞན་ན་སྡུག་བསྔལ་ཉེ་བར་ལེན་པས་སྡུག་བསྔལོ།། ཇི་ལྟར་ན་དེ་ཡོངསུ་མ་ཤེས་པས་སྡུག་བསྔལ་ཉེ་བར་ལེན་པ་དེ་བསྟན་པའི་ཕྱིར་གང་ཟག་དང་ཆོས་ལ་མངོན་པར ་ཞེན་པ་ཉེ་བར་ལེན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེས་དངོས་པོར་འཛིན་པའི་སྒོ་ནས་གང་ཟག་དང་ཆོསུ་མངོན་པར་ཞེན་པས་ན་གང་ཟག་དང་ཆོས་ལ་མངོན་པར་ཞེན་པའོ།། དེ་ཡང་གཉི་སུ་ལྷུང་བའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་། ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ནི་སྡུག་བསྔལ་གྱི་རྒྱུན་གྱི་རྒྱུ་ཡིན་པས་དེ་སྐད་བཤད་ཀྱི། ཀུན་བརྟགས་པ་ཉིད་ནི་སྡུག་བསྔལ་མ་ཡིན་ཏེ། དེ་མེད་པའི་ཕྱིརརོ།། ཡང་ན་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཟག་དང་ཆོས་ལ་མངོན་པར ་ཞེན་ནས་དངོས་པོའི་ངོ་བོར་ཉེ་བར་ལེན་པ་སྟེ། དེ་ལྟར་ཉེ་བར་ལེན་པས་རྟགས་པའི་ངོ་བོ་ཉིད་ནི་སྡུག་བསྔལོ།། གཞན་གྱི་དབང་གི་ངོ་བོ་ཉིད་ནི་མཚན་ཉིད་ཀྱི་སྡུག་བསྔལ་ཞེས་བྱ་བ་དང་སྦྱརོ།། མཚན་ཉིད་ཀྱི་སྡུག་བསྔལ་བ་ནི་སྡུག་བསྔལ་ཞིང་རྣམ ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་འགྱུར་བའི་དུ་ཁ་ཉིད་དང་འདུ་བྱེད་ཀྱི་སྡུག་བསྔལ་ཉི།། སྡུག་བསྔལ་རྣམ་པ་གསུམ་པོ་དེ་དག་ནི་གཞན་གྱི་དབང་གི་སྡུག་བསྔལ་ཏེ། མཚན་ཉིད་ཀྱི་སྡུག་བསྔལ་བྱའོ།། ཡོངསུ་གྲུབ་པའི་ངོ་བོ ་ཉིད་ནི་འབྲེལ་པས་སྡུག་བསྔལ་བའོ།། ཡང་ཞེས་བྱ་བའི་སྒྲ་ནི་སྡུག་པའི་དོན་ཏོ།། ཇི་ལྟ་ཞེ་ན། འབྲེལ་པའི་ཕྱིར་ཏེ། དེའི་ཕྱིར་སྡུག་བསྔལ་དང་འབྲེལ་པའི་ཕྱིར་བྱ་བ་སྨོ་སོ།། གཞན་གྱི་དབང་གི་ངོ་བོ་ཉིད་ནི་སྡུག་བསྔལ་ཏེ། དེའི་ཆོས་ཡོངསུ་གྲུབ་པ་ཡང་སྡུག ་བསྔལ་དང་འབྲེལ་པའི་ཕྱིར་སྡུག་བསྔལ་ཞེས་བྱའོ།། རྩ་བའི་དེ་ཁོ་ན་ཉིད་ཀྱི་ནང་དུ་གོ་རིམས་བཞིནོ་ཞེས་བྱ་བ་དེ་ལ། ཉེ་བར་ལེན་པས་སྡུག་བསྔལ་ནི་ཀུན་བརྟགས་པའོ།། མཚན་ཉིད་ཀྱིས་ནི་གཞན་གྱིས་དབ་།། འབྲེལ་པས་ནི་ཡོངསུ་གྲུབ་པའོ།། དངོས་མེད ་ཡི་དངོས་མ་ཡིན།། རང་བཞིན་གྱིས་ནི་སྟོང་པར་འདོད་ཅེས་བྱ་བ་ལ་སྟོང་པ་ཉིད་ནི་རྣམ་པ་གསུམ་སྟེ། དངོས་པོ་མེད་པས་སྟོང་པ་ཉིད་དང་། དེ་མ་ཡིན་པས་སྟོང་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད།། དེ་ལྔ་དངོས་པོ་མེད་པས་སྟོང་པ་ཉིད་ནི་ཀུན་བརྟགས་པའི ་ངོ་བོ་ཉིད།། དེ་ཉིད་བསྟན་པའི་ཕྱིར། ཀུན་བརྟགས་པའི་མཚན་ཉིད་ནི་རི་བོང་གི་རྭ་ལ་སོགས་པའི་རང་བཞིན་ལྟར་མངོན་སུམ་དང་རྗེ་སུ་དཔག་པ་རྣམ་པ་གང་གིས་ཀྱང་ཡོད་པར་བཟུང་དུ་མེདདེ། དངོས་པོ་མེད་པ་ཉིད་པས་དེའི་སྟོང་པ་ཉིདདོ་ཞེས་བྱ་བ་སྨོསོ།། དེ་མ་ཡིན ་པས་སྟོང་པ་ཉིད་ནི་གཞན་གྱི་ངོ་བོ་ཉིད། དེ་ཉིད་བསྟན་པའི་ཕྱིར། གཞན་གྱི་དབང་གི་མཚན་ཉིད་ནི་ཇི་ལྟར་བྱིས་པ་རྣམས་ཀྱིས་གཉིས་ཀྱི་བདག་ཉི་དུ་ཀུན་བརྟགས་པ་དེ་ལྟར་མེད་ཀྱི་ཇི་ལྟར་དག་པས་འཇིག་རྟེན་པའི་ཡེ་ཤེས་ཀྱིས་རྟོགས་པར་འགྱུར་བ་ལྟ ་བུ་ཡང་ཡེ་མེད་པ་ནི་མ་ཡིན་ཏེ། དེ་བས་ན་དེ་མ་ཡིན་པས་དེའི་སྟོང་པ་ཉིད་ཞེས་བྱ་བ་སྨོསོ།། རང་བཞིན་གྱིས་སྟོང་པ་ཉིད་ནི་ཡོངསུ་གྲུབ་པའི་ངོ་བོ་ཉིད། དེའི་ཕྱིར་ཡོངསུ་གྲུབ་པའི་མཚན་ཉིད་ནི་གཉིས་པོ་མེད་པའི་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྟོང་པ་ཉིད ་ཀྱི་ངོ་བོ་ཉིད།། དེ་བས་ན་རང་བཞིན་ཁོ་ན་སྟེ་ངོ་བོ་ཉིད་ཁོ་ན་བས་དེའི་སྟོང་པ་ཉིད་ཞེས་བྱ་བ་སྨོསོ།། མཚན་ཉིད་མེད་པས་བདག་མེད་པ་དང་། ཞེས་རྒྱ་ཆེར་འབྱུང་བ་ལ་བདག་མེད་པ་ཡང་རྣམ་པ་གསུམ་སྟེ། མཚན་ཉིད་མེད་པས་བདག་མེད་པ་དང་། མི་མཐུན ་པའི་མཚན་ཉིད་ཀྱིས་བདག་མེད་པ་དང་རང་གི་མཚན་ཉིད་ཀྱིས་བདག་མེད་པའོ།། དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ཀྱིས་དངོས་པོ་མེད་པས་མཚན་ཉིད་མེད་པ་ཉིད་བདག་མེད་པ་སྟེ། དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ཀྱི ་མེད་པའི་ཕྱིར་མཚན་ཉིད་མེད་པ་ཉིད་དེའི་བདག་མེད་པ་ཞེས་བྱ་བ་སྨོས་ཏེ། རྣམ་པ་གཞན་གྱིས་ནི་མ་ཡིན་པར་སྟོན་ཏོ།། གཞན་གྱིས་དབང་ནི་མི་མཐུན་པའི་མཚན་ཉིད་ཀྱིས་བདག་མེད་པ་སྟེ། འདི་ལྟར་གཞན་གྱི་དབང་གི་མཚན ་ཉིད་ནི་དངོས་པོའི་ངོ་བོར་ཡོད་ཀྱང་དེས་བྱིས་པ་རྣམས་ཀྱིས་གཉིསུ་ཇི་ལྟར་ཀུན་བརྟགས་པ་དེ་ལྟར་ནི་ཡོད་པ་མ་ཡིནོ།། དེ་དང་མི་མཐུན་པའི་མཚན་ཉིད་ཅེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དང་མི་འདྲ་བ་སྟེ། གཞན་གྱི་དབང་གི་མཚན་ཉིད ་དེའི་བདག་མེད་པའོ།། དེ་ལྟར་ན་ཀུན་བརྟགས་པའི་བདག་ཉིད་ཀྱིས་དེའི་བདག་མེད་པར་བསྟན་པ་ཡིནོ།། རང་གི་མཚན་ཉིད་ཀྱིས་བདག་མེད་པ་ནི་ཡོངསུ་གྲུབ་པ་སྟེ། འདི་ལྟར་ཡོངསུ་གྲུབ་པ་ནི་ངོ་བོ་ཉིད་གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི ་རང་བཞིན་ཡིན་པའི་ཕྱིར་བདག་ཉིད་མེད་པས་དེ་བས་ན་རང་གི་མཚན་ཉིད་དེའི་བདག་མེད་པའོ་ཞེས་བྱ་བ་ནི་ཡོངསུ་གྲུབ་པའི་ཆོས་ལ་བདག་མེད་པའི་ངོ་བོ་ཉི་དུ་སྟོན་ཏོ།། སྟོང་པ་ཉིད་དང་བདག་མེད་པ་འདི་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁ ་ཅིག་ན་རེ་གང་ན་གང་མེད་པ་དེ་ནི་དེས་སྟོང་ལ། གང་ཞིག་གང་གིས་བདག་སྟེ་ངོ་བོ་ཉིད་མ་ཡིན་པ་དེ་ནི་བདག་མེད་པ་སྟེ། འདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིནོ་ཞེའོ།། ཁ་ཅིག་ན་རེ་དོན་དུ་ཁྱད་པར་གང་ཡང་མེད་མོད་ཀྱི་རྣམ་པར་བཞག་པའི་བྱེ་བྲག ་གིས་ཐ་དེ། འདི་ལྟར་གང་ན་གང་མེད་པ་དེས་དེའི་ངོ་བོ་ཉིད་མེད་པའི་ཕྱིར་བདག་མེད་པ་དང་། ཅིག་ཤེས་ནི་དེ་ལ་ཡོངསུ་མ་གྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ཞེའོ།། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་ཀྱི་གཉེན་པོ་དང་བློ ་བུར་གྱི་དྲི་མ་བསྟན་པའི་ཕྱིརརོ།། རྩ་བའི་དེ་ཁོ་ན་རྣམ་པ་གསུམ་ལ་གོ་རིམས་བཞིན་དུ་མི་རྟག་པ་ཉིད་རྣམ་པ་གསུམ་ཡོངསུ་བསྟན་ཏེ། དེ་མེད་པའི་དོན་མི་རྟག་པ་ཉིད་དང་། སྐྱེ་ཞིང་འཇིག་པ་མི་རྟག་པ་ཉིད་དང་། དྲི་མུ་དང་བཅས་ཤིང་དྲི་མ་མེད་པའི་མི ་རྟག་པ་ཉིད་དོ།། དེ་བཞིན་དུ་བདག་མེད་པ་རྣམ་པ་གསུམ་གྱི་བར་དུ་བསྟན་པ་ནི་ཕྱིན་ཅི་མ་ལོག་པའི་དེ་ཁོ་ནའོ།། དེའི་འོག་ཏུ་འབྲས་བུ་དང་རྒྱུའི་དེ་ཁོ་ན་བརྗོད་དགོས་ཏེ། དེའི་ཕྱིར་འབྲས་བུ་དང་དེའི་དེ་ཁོ་ན་ནི་རྩ་བའི་དེ་ཁོ་ན་ཉིད་ལ་ཞེས་རྒྱ་ཆེར་སྨོསོ།། ་དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དབང་དུ་མཛད། སྡུག་བསྔལ་གྱི་བདེན་པ་ནི་འབྲས་བུའི་དེ་ཁོ་ནའོ།། ཀུན་འབྱུང་གི་བདེན་པ་ནི་རྒྱུའི་དེ་ཁོ་ནའོ།། རྣམ་པར་བྱང་བའི་ཕྱོགས་ལ་ཡང་འགོག་པའི་བདེན་པ་ནི་འབྲས་བུའི་དེ་ཁོ་ནའོ།། ལམ་གྱི ་བདེན་པ་ནི་རྒྱུའི་དེ་ཁོ་ནའོ།། དེ་ལྟར་སྡུག་བསྔལ་ལ་སོགས་པ་བདེན་པ་རྣམ་པ་བཞི་ནི་འབྲས་བུ་དང་རྒྱུའི་དེ་ཁོ་ནའོ།། རྩ་བའི་དེ་ཁོ་ན་ཉིད་ལ་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན་པ་རྣམསོ་ཞེས་བཤད་ན། དེ་ཡང་ཇི ་ལྟར་ན་རྩ་བའི་དེ་ཁོ་ན་སྡུག་བསྔལ་ལ་སོགས་པ་བདེན་པའི་ངོ་བོ་ཉིད་ཡིན་པ་མི་ཤེས་ནས། དེའི་ཕྱིར། ཇི་ལྟར་རྩ་བའི་དེ་ཁོ་ན་རྣམ་པ་གསུམ་ལ་སྡུག་བསྔལ་ལ་སྡུག་བསྔལ་ལ་སོགས་པའི་བདེན་པ་ཞེས་བྱ་ཞེ་ནཱ་ཞེས་བྱ་བ་དྲིས་པ་དང་དེའི་ཕྱིར། ་འདི་ལྟར་དེ་ནི་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱིས་ཏེ། དེའི་ཕྱིར་སྡུག་བསྔལ་བདེན་པར་འདོད་ཅེས་བྱ་བ་སྨོས་ཏེ། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ཉིད་ནི་སྡུག་བསྔལ་གྱི་བདོན་པའི་མཚན་ཉིད་པས་དེ་དག་ཐམས ་ཅད་རྟག་པ་ལ་སོགས་པ་རེ་རེ་ལ་ཡོད་པར་རྒྱས་པར་བསྟན་ཏེ། དེའི་ཕྱིར་བརྟགས་པ་ལ་སོགས་པ་རེ་རེ་ལ་སྡུག་བསྔལ་གྱི་བདེན་པ་ཉིད་འང་།། ཀུན་འབྱུང་བའི་དོན་རྣམ་པ་གསུམ་གྱིས་རྩ་བའི་དེ་ཁོ་ནར་ཀུན་འབྱུང་བའི་བདེན་པའི་གོ་རིམས། ་བཞི་ནོ།། ཀུན་འབྱུང་བའི་དེ་ཉིད་མི་ཤེས་པས་དེའི་ཕྱིར་ཀུན་འབྱུང་བའི་དོན་རྣམ་པ་གསུམ་ནི་བག་ཆགས་དང་ནི་ཀུན་ནས་བྱུང་།། མེ་བྲལ་བ་ཡང་དེ་བཞིནོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་གསུམ་ནི་བག་ཆགས་ཀྱི་ཀུན་འབྱུང་བ་དང་། ཀུན་ནས་བྱུང་བའི་ཀུན ་འབྱུང་བ་དང་། མ་བྲལ་བའི་ཀུན་འབྱུང་བའོ།། དེ་ལ་བག་ཆགས་ཀྱི་ཀུན་འབྱུང་བ་ནི་ཀུན་བརྟགས་པའི་ངོ་བོ་ཉི་དུ་ཤེས་པར་བྱ་སྟེ། དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགསོ་ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད ་མེད་པར་ཡོད་ཞེས་མངོན་པར་ཞེན་པ་ཉེ་བར་བཟུང་ནས་འཇིག་རྟེན་གྱི་ཆོས་རྣམ་པར་རྟོག་པའི་བག་ཆགས་འཇོག་པར་བྱེད་ཀྱི་མངོན་པར་ཞེན་པ་མེད་པ་འཇིག་རྟེན་ལས་འདས་པ་དག་ནི་མ་ཡིན་ཏེ། དེ་བས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་བག ་ཆགས་ཀྱིས་ཀུན་འབྱུང་བ་ཞེས་བྱའོ།། ཀུན་ནས་བྱུང་བའི་ཀུན་འབྱུང་ནི་གཞན་གྱི་དབང་གི་ངོ་བོ་ཉིད།། ཀུན་ནས་བྱུང་བ་ཞེས་བྱ་བ་ནི་བདག་ཐོབ་པ་སྟེ། དེ་གང་ལས་བྱུང་བ་དེ་ནི་དེ་ལས་འབྱུང་ཞེས་བྱ་བའི་ཕྱིར་ཀུན་ནས་འབྱུང་བའོ།། དེ་ཡང་རང་བཞིན ་ཇི་ལྟ་བུ་ཞེས་བྱ་དེའི་ཕྱིར་ལས་དང་ཉོན་མོངས་པ་རྣམ་སོ་ཞེས་བྱ་བ་སྨོས་ཏེ། དེ་དག་ཀྱང་དངོས་པོའི་རང་བཞིན་ཡིན་པས་གཞན་གྱི་དབང་གི་ངོ་བོ་ཉིད།། མ་བྲལ་བའི་ཀུན་འབྱུང་བ་ནི་དེ་བཞིན་ཉིད་ལ་བྱ་སྟེ། ཇི་ལྟ་ཞེ་ན། དེའི་ཕྱིར། སྒྲིབ་པ་དང་མ་བྲལ ་ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད། དེ་བཞིན་ཉིད་ཇི་སྲིད་སྒྲིབ་པ་རྣམས་དང་མ་བྲལ་བ་དེ་སྲིད་སྡུག་བསྔལ་ཀུན་འབྱུང་ཞེས་བྱ་བ་འམ། སྒྲིབ་པ་རྣམས་དང་མ་བྲལ་བའི་དེ་བཞིན་ཉིད་ནི་ཀུན་འབྱུང་བའི་ཆོས་ཉིད་ཡིན་པས་ཀུན་འབྱུང་བའི་མིང་འགྲོ་བོ་ཞེས་བྱ་བར ་བསྟན་པར་འགྱུརརོ།། འགོག་པ་རྣམ་པ་གསུམ་གྱིས་རྩ་བའི་དེ་ཁོ་ནར་འགོག་པའི་བདེན་པ་ཡིན་ན་དེ་ཡང་མི་ཤེས་ནས་དེའི་ཕྱིར། འགོག་པ་རྣམ་པ་གསུམ་ནི་ངོ་བོ་ཉིད་དང་གཉིས་མི་སྐྱེ།། དྲི་མ་ཞི་བ་གཉི་སུ་འདོད། ཅེས་བྱ་བ་སྨོསོ།། དེ་ལ་ངོ་བོ་ཉིད་ཀྱིས་མི ་སྐྱེ་བ་ནི་ཀུན་བརྟགས་པ་སྟེ། དེ་ནི་མོ་གཤམ་གྱི་བུ་བཞིན་དུ་ངོ་བོ་ཉིད་མེད་པས་གཏན་དུ་མི་སྐྱེ་སྟེ། གཟུང་བ་དང་འཛིན་པ་གཉིས་མི་སྐྱེ་བ་ནི་གཞན་གྱི་དབང་སྟེ། དེ་ཡང་གཟུང་བ་དང་འཛིན་པ་གཉིས་ཀྱི་རང་བཞིན་དང་གཏན་བྲལ་བའི་ཕྱིར་འཁྲུལ་པ་གཉིས ་ཀྱི་བདག་ཉིད་དུ་མི་སྐྱེ་བའོ།། དྲི་མ་ཞི་བ་གཉིས་ནི་ཡོངསུ་གྲུབ་པའོ།། ཀྱང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ།། དེ་ཡང་མི་ཤེས་ནས་དེའི་ཕྱིར་སོ་སོར་རྟག་པའི་འགོག་པ་དང་། དེ་བཞིན་ཉིད་ཅེས་བྱ་བའོ་ཞེས་བྱ་བ་སྨོསོ།། དྲི་མ་ནི་རྣམ་པ་གཉིས་ཏེ། འདོད་ཆགས་ལ ་སོགས་པའོ་སྒྲིབ་པ་དང་ཀུན་བརྟགས་པའོ།། དེ་ལ་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྔ་བོནྡ་གནས་ནས་བཏོན་ཏེ། འདོད་ཆགས་ལ་སོགས་པའི་དྲི་མ་རྣམས་གཏན་མི་སྐྱེ་བའི་བདག་ཉིད་ཀྱིསོ་ཞི་བ་ནི་སོ་སོར་བརྟགས་པའི་འགོག་པའོ།། དེ་བཞིན་ཉིད་སྤྱོད་ཡུལ ་པ་གཉིསུ་མེད་པའི་ཡེ་ཤེས་ཀྱིས་ཀུན་བརྟགས་པའི་དྲི་མ་མི་སྐྱེ་བའི་བདག་ཉིད་ཀྱིས་ཞི་བ་ནི་དེ་བཞིན་ཉིད།། འདི་གཉིས་ནི་ཡོངསུ་གྲུབ་པའི་ངོ་བོ་ཉིད།། འགོག་པ་རྣམ་པ་འདི་གསུམ་ནི་བརྟགས་པ་ལ་སོགས་པ་རྩ་བའི་དེ་ཁོ་ནར་གོ་རིམས་བཞིན་དུ་ཤེས།། ་པར་བྱའོ།། གཞན་དག་ན་རོ་དེ་བཞིན་ཉིད་རབ་ཏུ་རྟོགས་པས་ཉོན་མོངས་པ་དང་ཀུན་བརྟགས་པའི་དྲི་མ་གཉིས་ཞི་བ་ནི་དེ་བཞིན་ཉིད་ཅེས་བརྗོད་གཉིས་འགོག་པ་དང་རང་བཞིན་འགོག་པ་ཞེས་འབྱུང་བའི་ཕྱིརརོ།། རང་བཞིན་ཞེས་བྱ་བ ་ནི་སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དེ་བཞིན་ཉིད་ལ་བྱའོ།། དེའི་ཕྱིར་དེ་བཞིན་ཉིད་ལ་དམིགས་པས་འགོག་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་འགོག་པ་ཞེས་བྱ་སྟེ། འགགས་པ་ཙམ་ལ་སོ་སོར་བརྟགས་པའི་འགོག་པ་ཞེས་བྱའོ ་ཞེའོ།། ཁ་ཅིག་ན་རེ་འདིར་འགགས་པས་འགོག་པ་ནི་དེ་བཞིན་ཉིད།། འགོག་པ་མི་སྐྱེ་བའི་བདག་ཉིད་པས་ངོ་བོ་ཉིད་ཀྱིས་མི་སྐྱེ་བ་ལ་སོགས་པ་ཐམས་ཅད་བསྡུས་ཏེ། འགོག་པའི་བདེན་པ་ཞེས་བྱའོ།། འགོག་པའི་བདེན་པ་རྩ་བའི་དེ་ཁོ་ནར་བསྡུས་པ་བཤད། ་ཟིན་ཏོ།། དེའི་འོག་ཏུ་ལམ་གྱི་བདེན་པ་བསྡུ་བར་བྱ་སྟེ། དེའི་ཕྱིར་ལམ་གྱི་བདེན་པ་རྩ་བའི་དེ་ཁོ་ན་རྣམ་པ་གསུམ་དུ་ཇི་ལྟར་རབ་ཏུ་བཞག་ཅེ་ན་ཞེས་དྲིས་པ་དང་དེའི་ཕྱིར། ཡོངསུ་ཤེས་པར་བྱ་བ་ལ་སོགས་པ་གསུང་སོ།། ཀུན་བརྟགས་པ་ནི་ཡོངསུ་ཤེས་པར ་བྱ་བའོ།། ཞེས་བྱ་བ་ལ། ཀུན་བརྟགས་པ་ནི་གཏན་མེད་པ་ཉིད་པས་དེ་ནི་ཡོངསུ་ཤེས་པར་བྱ་བར་ཟད་ཀྱི་སྤང་དུ་མེད་མེད་པ་ནི་སྤང་བར་མི་རུང་།། གཞན་གྱི་དབང་ནི་ཡོངསུ་ཤེས་པར་བྱ་བ་དང་སྤང་བའོ་ཞེས་བྱ་བ་ལ། གཞན་གྱི་དབང་ནི་ཇི་ལྟར་སྣང་བ་དེ་ལྟར ་མེད་པར་ཤེས་པར་བྱའི། བརྟགས་པ་བཞིན་དུ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་མེད་པར་ནི་མ་ཡིན།། ལས་དང་ཉོན་མོངས་པ་ནི་དངོས་པོའི་བདག་ཉིད་ཡིན་པས་སྤང་བར་བྱ་བ་ཡང་ཡིནོ།། ཡོངསུ་གྲུབ་པ་ནི་ཡོངསུ་ཤེས་པར་བྱ་བ་དང་ཐོབ་པར ་མངོན་སུམ་དུ་བྱ་བའོ་ཞེས་བྱ་བ་ལ་ཡོངསུ་གྲུབ་པ་ནི་དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་དང་གནས་གྱུར་པ་ཉིད་དུ་ཡོངསུ་ཤེས་པར་བྱ་ཞིང་། གནས་གྱུར་པ་ཉིད་རྣམ་པར་གྲོལ་བ་ཆོས་ཀྱི་སྐུར་མངོན་སུམ་དུ་བྱ་བ་ཡིན་པས། ་སྟོང་པ་ཉིད་ནི་ཡོངསུ་ཤེས་པར་བྱ་བའོ།། འགོག་པ་ནི་ཐོབ་པར་མངོན་སུམ་དུ་བྱ་བའོ།། ཁ་ཅིག་ནཱ་རེ་གཉིས་ལ་རྣམ་པ་གཉིས་གཉིས་ཏེ་ཡོངསུ་ཤེས་པ་རྣམ་པ་གཉིས་ནི་ཤེས་པའི་ཡོངསུ་ཤེས་པ་དང་། སྤོང་བའི་ཡོངསུ་ཤེས་པའོ།། དེ་ལ་དངོས་པོ ་དང་གསུམ་པ་ནི་ཤེས་པའི་ཡོངསུ་ཤེས་པས་ཡོངསུ་ཤེས་པར་བྱ་བའོ།། གཉིས་པ་ནི་གཉིས་ཀས་ཡོངསུ་ཤེས་པར་བྱ་བའོ།། མངོན་སུམ་དུ་བྱ་བ་རྣམ་པ་གཉིས་ནི། ཤེས་པར་མངོན་སུམ་དུ་བྱ་བ་དང་། ཐོབ་པར་མངོན་སུམ་དུ་བྱ་བའོ།། དེ ་ལ་ཤེས་པར་མངོན་སུམ་དུ་བྱ་བས་ནི་གསུམ་ཆར་ཡང་མངོན་སུམ་དུ་བྱ་བའོ།། ཐོབ་པར་མངོན་སུམ་བྱ་བས་ནི་གསུམ་པོ་ཉིད་ཞེའོ།། དེ་ལྟར་རྩ་བའི་དེ་ཁོ་ན་འདིར་ཡོངསུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང་མངོན་སུམ་དུ་བྱ་བ་རྣམས་ཀྱིས ་ལམ་གྱི་བདེན་པ་རྣམ་པར་བཞོག་པར་རིག་པར་བྱའི་དེའི་ཁོངསུ་གཏོགས་པར་བསྡུ་བ་ནི་མ་ཡིན།། དེ་ལ་བདེན་པ་བཞིས་ནི་ཀུན་ནས་ཉོན་མོངས་པ་གང་ཡིན་པ་དང་གང་ལས་བྱུང་བ་དང་། དེ་གཉིས་རྣམ་པར་དག་པ་གང་ཡིན་པ་དང་གང་ལས་འགྱུར ་བ་དེ་རྣམས་ཡོངསསུ་བརྗོད།། དེ་དག་གི་གོ་རིམས་ནི་ཇི་ལྟར་མངོན་པར་རྟོགས་པ་བཞིན་དུའོ།། རགས་པ་དང་ཕྲ་བའི་དེ་ཁོ་ན་ནི་ཞེས་བྱ་བ་ག། རགས་པའི་དེ་ཁོ་ན་ནི་ཀུན་རྫོབ་ཀྱི་བདེན་པའོ།། ཕྲ་བའི་དེ་ཁོ་ན་ནི་དོན་དམ་པའི་བདེན་པ་སྟེ། འདི་ལྟར་དང་པོ ་རགས་པས་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད།། ཡོངསུ་སྨིན་པར་གྱུར་པས་ཕྲ་བས་རྣམ་པར་གྲོལ་བར་བྱེད། དེའི་ཕྱིར་དང་པོར་དམིགས་པའོ།། ཕྱིས་ནི་ཕྲ་བའོ།། ཚིག་ལེའུར་བྱས་པ་དང་མཐུན་པར་བྱ་བའི་ཕྱིར་བཟློག་ཏེ་གསུངསོ།། ་དེ་ལ་མཉམ་པར་མ་བཞག་པའི་ཤེས་པའི་ཡུལ་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ནི་རགས་པའི་དེ་ཁོ་ནའོ།། མཉམ་པར་བཞུ་བོ་པའི་ཤེས་པའི་ཡུལ་ཡིན་པས་དོན་དམ་པའི་བདེན་པ་ནི་ཕྲ་བའི་དེ་ཁོ་ནའོ།། ཡང་ན་རྣམ་པར་ཤེས་པའི་ཡུལ་ཡིན་པས་ན ་རགས་པའོ།། ཡེ་ཤེས་ཀྱི་ཡུལ་ཡིན་པས་ན་ཕྲ་བའོ།། དེ་ཁོ་ན་ཐམས་ཅད་རྩ་བའི་དེ་ཁོ་ནར་བསྡུ་བར་དམ་བཅས་པས་མ། དེའི་ཕྱིར་དེ་རྩ་བའི་དེ་ཁོ་ནར་ཇི་ལྟར་རིག་པར་བྱ་ཞེ་ན་ཞེས་དྲིས་ཏེ། དེའི་ཕྱིར་བརྟགས་པ་དང་ནི་ཤེས་པ་དང་།། དེ་བཞིན་བརྗོད ་པ་རགས་པ་ཡིན། ཞེས་བྱ་བ་གསུང་སོ།། བརྟགས་པ་དང་ཤེས་པ་དང་བརྗོད་པ་རྣམས་ནི་རགས་པའི་དེ་ཁོ་ན་སྟེ་རྩ་བའི་དེ་ཁོ་ནར་རིག་པར་བྱའོ།། དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཀུན་རྫོབ་ནི་རྣམ་པ་གསུམ་སྟེ་ཞེས་རྒྱ་ཆེར་སྨོ་སོ།། དོན་མེད་པ་ལ་གཟུགས།། ་དང་བུམ་པ་སྣམ་བུ་ཞེས་བྱ་བར་རྣམ་པར་བཞག་པ་ནི་བརྟགས་པའི་ཀུན་རྗེའོ།། ཁ་ཅིག་ན་རེ་གཟུགས་དང་ཚོར་བ་དང་། འདུ་ཤེས་ལ་སོགས་པའི་རང་བཞིན་དང་བྱེ་བྲག་གིས་མིང་གིས་བརྗོད་པ་ནི་བརྟགས་པའི་ཀུན་རྗེའོ།། ཞེའོ་ཁ་ཅིག་ན་རེ་བརྗོད་པ་ལ ་བལྟོས་ནས་གཟུགས་དང་ཚོར་བ་ཞེས་བྱ་བར་ཐ་སྙད་འདོགས་པ་གང་ཡིན་པ་དེ་ནི་བརྟགས་པའི་ཀུན་རྫོབོ་ཞེའོ།། སེམས་དང་སེམས་ལས་བྱུང་བ་བཞིན་དུ་མེད་པས་ན་ཀུན་བརྟགས་པའི་ངོ་བོ་ཉིད།། ཤེས་པའི་ཀུན་རྫོབ་ནི་རྣམ་པར་རྟོག་པ་གང་གིས་གཟུགས།། ་ལ་སོགས་པ་དང་བུམ་པ་ལ་སོགས་པ་རྣམ་པར་ཤེས་པ་ལ་སྣང་བ་ལས། ཕ་རོལ་ན་མེད་ཀྱང་ཕྱི་རོལ་ན་ཡོད་པ་བཞིན་དུ་ཇི་ལྟར་རྣམ་པར་གནས་པ་ལྟར་དངོས་པོའི་ངོ་བོར་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དེ་ནི་ཤེས་པའི་ཀུན་རྫོའོ།། བརྗོད ་པ་ཡང་ཀུན་རྫོབོ་ཞེས་བྱ་བ་ལ་ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བར་བྱ་བའི་དོན་ཏེ། ཡོངསུ་གྲུབ་པི་ནི་རྣམ་པར་རྟོག་པ་དང་བརྗོད་པ་ལས་འདས་ཀྱང་སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། དྲི་མ་དང་བཅས་པ་དང་། དྲི་མ་མེད་པ་ལ་སོགས་པའི་རྣམ ་གྲངས་ཀྱིས་བསྟན་པ་ན་བརྗོད་པའི་ཀུན་རྫོ་བོ།། ཀུན་རྫོབ་རྣམ་པ་གསུམ་པོ་དེས་ཀུན་རྫོབ་ཀྱི་བདེན་པ་ཉིད་། རྩ་བའི་དེ་ཁོ་ནར་གོ་རིམས་བཞིན་དུ་རིག་པར་བྱའོ།། ཀུན་རྫོབ་ཏུ་ནི་ཐ་སྙདདོ།། བརྟགས་པ་ཞེས་བྱ་བ་ནི་བརྗོད་པ་སྟེ། དོན་མེད་པར་བརྗོད་པ་ཙམ ་གྱིས་ཐ་སྙ་དུ་བྱ་བ་ནི་བརྟགས་པའི་ཀུན་རྫོའོ།། དེ་བས་ན་དོན་མེད་པའི་ཕྱིར་བརྟགས་པའི་ཀུན་རྫོབ་ཀྱི་ཀུན་བརྟགས་པ་ཀུན་རྫོབ་ཀྱི་བདེན་པའོ།། དོན་མེད་བཞིན་དུ་མངོན་པར་ཞེན་ནས་ཤེས་པ་དེས་ཐ་སྙོད་འདོགས་པ་དེ་ནི་ཤེས་པའི་ཀུན་རྫོབ་སྟེ། དེ་ནི། ་མངོན་པར་ཞེན་པའི་རྟོག་པའོ།། དེ་ནས་ཤེས་པའི་ཀུན་རྫོབ་ཀྱི་གཞན་གྱི་དབང་ཀུན་རྫོབ་ཀྱི་བདེན་པའོ།། ཆོས་ཀྱི་དབྱིངས་བརྗོད་མེད་པ་ལ་དེ་བཞིན་ཉིད་ལ་སོགས་པའི་སྒྲས་བརྗོད་པ་གང་ཡིན་པ་དེ་ནི་བརྗོད་པ་སྟེ། དེས་ཆོས་ཀྱི་དབྱིངས་ལ་ཐ་སྙད ་འདོགས་པ་ནི་བརྗོད་པའི་ཀུན་རྫོའོ།། དེ་བས་ན་བརྗོད་པའི་ཀུན་རྫོབ་ཀྱིས་ཡོངསུ་གྲུབ་པ་ཀུན་རྫོབ་ཀྱི་བདེན་པའོ།། དེ་ལ་བརྟགས་པ་དང་བརྗོད་པའི་ཀུན་རྫོབ་ཉིད་ནི་སྐབསུ་བསྡུས་ནས་རྣམ་པར་བཞག་པར་རིག་པར་བྱའི།། རང་བཞིན་གྱིས་ནི་མ་ཡི་ནོ།། ཀུན ་རྫོབ་ཀྱི་བདེན་པ་བཤད་ཟིན་ཏོ།། ད་ནི་དོན་དམ་པའི་བདེན་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་དམ་པའི་དོན་ནི་གཅིག་པུའོ་ཞེས་བྱ་བ་གསུང་སོ།། བརྟགས་པ་དང་ནི་གཞན་དབང་དང་གཉིས་ནི་དོན་དམ་པར་མི་སྲིད་པའི་བདེན་པ་ནི ་ཡོངསུ་གྲུབ་པའི་ངོ་བོ་ཉིད་གཅིག་པུར་རིག་པར་བྱའོ།། ཡོངསུ་གྲུབ་པ་དེ་ཡང་ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན་དེའི་ཕྱིར་དོན་དང་ཐོབ་དང་སྒྲུབ་པ་ནི། དོན་དམ་རྣམ་པ་གསུམ་དུ་འདོད་ཅེས་བྱ་བ་གསུང་སོ།། དོན་དམ་པ་ནི་རྣམ་པ་གསུམ་སྟེ། ་དོན་དོན་དམ་པ་དང་། ཐོབ་པར་བྱ་བ་དོན་དམ་པ་དང་།། སྒྲུབ་པ་དོན་དམ་པའོ།། དེ་ལ་དོན་དམ་པ་དེ་བཞིན་ཉིད། དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེསོ།། དེའི་ཡུལ་ཡིན་པས་དོན་ཏེ། དབང་པོ་རྣམས་ཀྱིས་དོན་བཞིན་དུ།། དེ་བཞིན་ཉིད་ནི་དམ་པའི་དོན ་ཅེས་བྱའོ།། དེ་ཉིད་བསྟན་པའི་ཕྱིར་ཡེ་ཤེས་དམ་པའི་དོན་ཡིན་པའི་ཕྱིརོ་ཞེས་བྱ་བ་སྨོས་ཏེ། དམིགས་པའི་དངོས་པོར་རྣམ་པར་བཞག་པའི་ཕྱིརརོ་ཞེས་བྱ་བའི་ཐ་ཚིགོ།། ཡེ་ཤེས་དང་ཐ་མི་དད་པའི་ཕྱིར་དེའི་ཚེ་དམིགས་པར་འགྱུར་བ་ནི་མ་ཡིན་གྱི། རྣ ་བར་རིག་པ་ཙམ་སྣང་བ་བཞིན་ཏེ། དཔེར་ན་གང་དག་རྣམ་པར་རིག་པོ་ཙམ་དུ་བཟོད་པ་དེ་དག་ལ་གཟུགས་ལ་སོགས་པ་རྣམ་པར་རིག་པ་ཙམ་མ་གཏོགས་པར་གཟུགས་ལ་སོགས་པར་སྣང་བ་ནི་མེད་པ་ལྟ་བུའོ།། ཐོབ་པར་བྱ་བ་དོན་དམ་པ་ནི་མྱ ་ངན་ལས་འདས་པ་སྟེ། ཤིན་ཏུ་དྲི་མ་མེད་པའི་དེ་བཞིན་ཉིད་གནས་གྱུར་པའི་མཚན་ཉིད།། ཇི་ལྟར་ན་དོན་དམ་པ་ཞེ་ན། དེའི་ཕྱིར་དོན་གྱི་དམ་པ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོསོ།། དེ་ནི་དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པས་ན་དོན་དམ་པ་སྟེ། དེ ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱིས་མཆོག་ཡིན་པས་དམ་པའོ།། ལམ་གྱི་དགོས་པ་ཡིན་པས་ན་དོན་ཏོ།། འདི་ལྟར་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ནི་ལམ་གྱི་དགོས་པ་སྟེ། གནོད་པའི་ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མྱ ་ངན་ལས་འདས་པ་ནི་དོན་ཏེ།། འདི་ལྟར་ཉེས་པ་དང་བཅས་པ་ལ་ནི་དོན་མེད་པ་ཞེས་བྱའོ།། སྒྲུབ་པ་དོན་དམ་པ་ནི་ལམ་སྟེ། ཅིའི་ཕྱིར་ཞེ་ན། དེ་ནི་དོན་ནི་དམ་པ་ཡིན་པའི་ཕྱིརརོ།། དོན་ནི་ཡུལ་ལམ་དྭགོས་པ་སྟེ། ཡུལ་ནི་དེ་བཞིན་ཉིད།། དགོས་པ་ནི། ་མྱ་ངན་ལས་འདས་པའོ།། ཡུལ་གྱི་སྒོ་ནས་དམ་པ་ཞེས་བྱ་ན། ཇི་ལྟར་ན་གཅིག་བརྟེན་པར་མི་འགྱུར། གཅིག་ལ་གཅིག་བརྟེན་པར་གྱུར་ན་ཅི་ཉེས་ཤེ་ན། གཏན་ལ་བབ་པ་མེད་པར་འགྱུརརོ།། གཅིག་ལ་གཅིག་བརྟེན་དུ་ཟིན་ཀྱང་དེ་ལྟར་མི་འགྱུར། ་ཏོ། སེང་གེ་དང་ནགས་བཞིན།། དོན་དམ་པའི་བདེན་པ་ཡོངསསུ་གྲུབ་པའི་ངོ་བོ་ཉི་དུ་བསྟན་ལ། ལམ་ལ་ནི་སྔ་མ་དང་ཕྱི་མའི་ཆ་མེད་པ་མ་ཡིན་པས་ཡོངསུ་གྲུབ་པར་མི་རུང་སྟེ། དེ་ལྟ་བས་ན་ལམ་ཅི་དོན་དམ་པའི་བདེན་པ་མ་ཡིན་ལ་ཡོངསུ་མ ་གྲུབ་པས་ཀྱང་དྲིན་དམ་པའི་བདེན་པར་བསྡུར་མི་རུང་ན་འདུས་མ་བྱས་དང་འདུས་བྱས་ཡོངསུ་གྲུབ་པའི་ངོ་བོ་ཉི་དུ་ཇི་སྐད་བརྗོད་ཅེ་ན། དེའི་ཕྱིར་འགྱུར་མེད་ཕྱིན་ཅི་མ་ལོག་པ།། ཡོངསུ་གྲུབ་པ་རྣམ་པ་གཉིས་ཞེས་བྱ་བ་གསུང་སོ།། ཡང་ན ་ཡོངསུ་གྲུབ་པ་ནི་དེ་བཞིན་ཉིད། དེ་ཡང་གཞན་གྱི་དབང་གི་མཚན་ཉིད་གཉིས་དང་བྲལ་བ་ཉིད་པས་མྱ་ངན་ལས་འདས་པ་དང་ལམ་གཉིས་ཡོངསུ་གྲུབ་པ་ཉི་དུ་མི་རུང་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་འདུས་མི་བྱས་དང་། ལམ་ཞེས་བྱ ་བ་འདུས་བྱས་གཉིས་ཡོངསུ་གྲུབ་པའི་ངོ་བོ་ཉིད་ཞེས་ཇི་སྐདདུ་བྱ་ཞེ་ན། འདི་ནི་ཀླན་ཀར་མི་རུང་སྟེ། འདི་ལྟར་དེ་ལ་གཉིས་པོ་མེད་པ་ནི་ཡོངསུ་གྲུབ་པ་ཉིད། གཉིས་པོ་མེད་པ་ཉིད་ཡོངསུ་གྲུབ་པ་ཞེས་དེ་ལས་གཞན་དགག་པར་ནི་མི ་བྱེད། དེ་བས་ན་དེ་ལས་གཞན་ཡང་སྟེ། འགྱུར་བ་མེད་པ་དང་། ཕྱིན་ཅི་མ་ལོག་པར་ཡོངསུ་གྲུབ་པ་གཉིས་ཀྱང་ཡོངསུ་གྲུབ་པ་ཞེས་སྦྱ་རོ།། འདུས་མ་བྱས་ནི་མྱ་ངན་ལས་འདས་པ་དང་དེ་བཞིནི་ཉིད། འདུས་མ་བྱས་ནི་གཞ་དུ་འགྱུར་བ་མེད་པ་ཕྱིར་འགྱུར། ་པོར་ཡོངསུ་འགྲུབ་པས་ཡོངསུ་འགྲུབ་པའོ།། འདུས་བྱས་ནི་ལམ་གྱི་བསྡུས་པས་བྱའོ་གཞན་ལ་མ་ཡིན་ཏེ། ཕྱིན་ཅི་མ་ལོག་པར་ཡོངསུ་གྲུབ་པས་ཡོངསུ་གྲུབ་པ་ཞེས་བྱ་བར་སྦྱ་རོ།། ཇི་ལྟ་ཞེ་ན། དེའི་ཕྱིར་ཤེས་བྱའི་དངོས་པོ་ལ་ཕྱིན་ཅི་ལོག ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཤེས་པར་བྱ་བ་ལ་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་དེའི་ཕྱིར་ལམ་ཡོངསུ་གྲུབ་པ་ཡིན་ཏེ། དེ་བས་ན་བསམ་པ་ཐ་དད་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་གཉི་གཱ་ཡང་ཡོངསུ་གྲུབ་པ་ཡིན ་པས་འགལ་བ་མེདོ།། དེ་ལ་གཅིག་གིས་འཇིག་རྟེན་གྲགས་པ་སྟེ་ཞེས་བྱ་བ་ནི་ཇི་ལྟར་བརྗོད་པ་བཞིན་དུ་མེད་པ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཏེ། དེ་གཞན་གྱིས་ནི་མཽ་ཡི་ནོ།། དེའི་རང་གི་ངོ་བོ་མི་ཤེས་པས་དེའི་ཕྱིར་དངོས་པོ་གང་ལ་ཞེས ་བྱ་བ་རྒྱ་ཆེར་སྨོསོ།། བརྡ་ནི་མིང་དང་མིང་ཅན་འབྲེལ་པར་ཤེས་པའོ།། འདྲིས་པ་ནི་དེ་ལ་ཡང་དང་ཡང་དུ་སྦྱོར་ཞིང་ལྟ་བའོ།། དེ་ལ་རྗེ་སུ་ཞུགས་པའི་བློ་ཞེས་བྱ་བ་ལ། བརྡ་ལ་འདྲིས་པའི་རྗེས་ལ་ཞུགས་པའི་བློ་གང་ཞེ་ན། དེ་དག་དྲན་པ་སྟེ། ་དེ་ནི་འདི་སྐད་བརྡ་ལ་འདྲིས་པའི་དྲན་པའི་རྗེསུ་སོང་བའི་བློས་འཇིག་རྟེན་པ་བསྟན་བཅོས་ཤེས་པ་དང་། དེ་མི་ཤེས་པ་ཐམས་ཅད་ཀྱི་ཐ་སྙད་དུ་བཏགས་པའི་དངོས་པོ་གང་ལ་ལ་འདི་ནི་ས་ཡི་ནོ་ཞེས་བྱ་བ་ལ་སོགས་པར་ལྟ་བ་མཐུན་པ་ཡིནོ་ཞེས ་བསྟན་པར་འགྱུར་རོ།། དེ་ནི་དེ་ཁོ་ན་བཞིན་དུ་འཇིག་རྟེན་དུ་གྲགས་པའི་ཕྱིར་དེ་ནི་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་ཞེས་བྱའོ།། གསུམ་གྱིས་རིགས་པའི་གྲགས་པའོ་ཞེས་བྱ་བ་ནི་ངོ་བོ་ཉིད་རྣམ་པ་གསུམ་གྱི་དབང་དུ་མཛད་རིགས་པ་ཞེས་བྱ་བས་ན་དེའི ་ཕྱིར་ངོ་བོ་ཉིད་གསུམ་གྱི་རིགས་པའི་གྲགས་པའི་དེ་ཁོ་ནར་རྣམ་པར་བཞའོ།། དེ་ཡང་མི་ཤེས་ཏེ། དེ་བས་ན་བསྟན་པའི་ཕྱིར། གང་དམ་པ་རིགས་པའི་དོན་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས།། དེ་ལ་དམ་པ་དག་ནི་གང་དག་རིགས་པའི ་དོན་ལ་མཁས་པ་དག་གོ།། རྟོག་དྲུག་ནི་གང་དག་དཔྱོད་པ་ཅན་དག་སྟེ། སྔ་མ་བཤད་པར་བསམས་ནས་ཚིག་ཕྱི་མ་བརྗོད།། ཡང་དེན་དམ་པ་དག་ནི་དགེ་བ་ཅི་ཞེས་ཚོལ་བ་ཅན་དག་གོ།། རིགས་པའི་དོན་ལ་མཁས་པ་དག་ནི་ལྟོས་པ་དང་། བྱ་བ་བྱེད་པ ་དང་འཐད་པ་དང་། ཆོས་ཉིད་ཀྱི་རིགས་བཞི་དང་མི་འགལ་བའི་དོན་ལ་མཁས་པ་དག་གོ།། རྟོག་པ་དག་ནི་རྟོག་པ་དང་སེལ་ནུས་པ་དག་དང་དེ་བཞིན་གཤེགས་པའི་གསུང་རབ་ལ་བརྟེན་ནས་བསྟན་བཅོས་ཕྱིན་ཅི་མ་ལོག་པར་བྱེད་པའོ།། དཔྱོད་པ ་ཅན་དག་ནི་བདག་དང་གཞན་གྱི་བསྟན་བཅོས་ལ་མཁས་པར་གྱུར་པ་དང་། ལེགས་པ་དང་ཉེས་པ་དཔྱོད་པ་དག་གོ།། ཁ་ཅིག་ལས་ནི་དཔྱོད་པ་ཅན་ཞེས་མི་འབྱུང་སྟེ། དེ་དག་འདི་སྐད་དམ་པ་ཞེས་བརྗོད་པ་དེ་གང་ཞེ་ན། དེའི་ཕྱིར་རིགས་པའི་དོན་ལ་མཁས ་པ་དག་ཅེས་བྱ་བ་སྨོསོ།། དེ་དག་ཀྱང་རྟོག་པའི་ས་དང་། བསྒོམ་པའི་ས་ལས་གནས་པའི་ཕྱིར་རྣམ་པ་གཉིས་ཏེ་དེའི་ཕྱིར་རྟོག་དག་ཅེས་བྱ་བ་སྨོསོ་ཞེས་ཟེརོ།། དེ་དག་ལས་ཀྱང་ཁ་ཅིག་ནི་འཇིག་རྟེན་གྱི་གྲགས་པའི་རྗེ་སུ་འབྲང་བས་ན། དེའི་ཕྱིར ་ཚད་མ་གསུམ་ལ་བརྟེན་ནས་ཞེས་བྱ་བ་སྨོས་ཏེ། ཚད་མ་གསུམ་དང་མི་འགལ་བར་ཞེས་བྱ་བའི་ཐ་ཚིགོ། ཚད་མ་གསུམ་ནི་མངོན་སུམ་དང་། རྗེ་སུཾ་དཔག་པ་དང་ལུ་ངོ་།། དེ་ལ་མངོན་སུམ་ནི་དབང་པོ་ལྔ་ལས་སྐྱེས་པ་དང་། བདེ་བ་དང་སྡུག་བསྔལ་ལོ་སོ། ་པ་མྱོང་བའི་ཡིདདོ།། ཚུལ་གསུམ་པའི་རྟགས་ཀྱིས་རྗེསུ་དཔག་པར་བྱ་བའི་དོན་ལ་ཤེས་པ་ནི་རྗེསུ་དཔག་པའོ།། ཡིད་ཆེས་པས་བསྟན་པ་ནི་ལུང་སྟེ། ཡིད་ཆེས་པས་ནི་བརྫུན་དུ་སྨྲ་བའི་རྒྱུ་དང་མི་ལྡན་པ་དག་གོ།། ཡང་ན་མངོན་སུམ་དང་རྗེསུ་དཔག ་པ་དང་ལུང་གིས་རབ་ཏུ་གྲུབ་པའི་གཏན་ཚིགས་དང་། དཔེས་བསྒྲུབ་པར་བྱ་བ་གྲུབ་པ་དེ་ཉིད་གཞན་ལ་སྒྲུབ་པར་བྱེད་པས་ཚད་མ་གསུམ་ལ་བརྟེན་ནས་ཞེས་བྱ་བ་སྨོས་ཏེ། འཐད་པ་སྒྲུབ་པའི་རིགས་པས་གྲགས་པའི་དངོས་པོའོ་ཞེས་བྱ་བ་ལ། ་འཐད་པ་ནི་བསྒྲུབ་པར་བྱ་བ་རྟོགས་པར་བྱེད་པའི་ཐབས་ཡིན་པས་ཚུལ་གསུམ་པའི་རྟག་སོ།། འཐད་པའི་སློབ་པ་ནི་འཐད་པ་སྒྲུབ་པ་སྟེ། དེས་རྟོགས་པར་བྱ་བའི་ཕྱིར་ཚུལ་གསུམ་པའི་རྟགས་བརྗོད་པའོ།། རིགས་པ་ནི་ཐབས་ཏེ། སྦྱོར་བ་ངེས་པོ་གང་གི ་རྟགས་ཀྱི་ཚུལ་གསུམ་བརྗོད་པའོ།། ཡང་ན་འཐད་པ་ནི་གཞན་དུ་མི་སྲིད་པའོ།། སྒྲུབ་པའི་རིགས་པ་ནི་ཆའི་སྦྱོར་བ་སྟེ། འཐད་པ་སྒྲུབ་པའི་རིགས་པའོ་ཞེས་ཚིག་རྣམ་པར་སྦྱར་བའོ།། ཡང་ན་འཐད་པ་ཉིད་སྒྲུབ་པའི་རིགས་པ་ཡིན་པར་ཚིག་རྣམ་པར ་སྦྱར་བར་བྱའོ།། སྒྲུབ་པའི་རིགས་པ་གཞན་དག་ལས་དབྱེ་བའི་ཕྱིར་འཐད་པ་སྨོས་ཏེ། དེ་ལྟར་ན་ཚད་མ་གསུམ་ལ་བརྟེན་ནས་འཐད་པ་སྒྲུབ་པའི་རིགས་པས་གང་གྲགས་པའི་དངོས་པོ་ངོ་བོ་ཉིད་གསུམ་གྱི་ནང་ནས་གང་ཡང་རུང་བ་སྟེ་རིགས་པས ་གྲོགས་པ་ཞེས་བྱའོ།། གྲགས་པའི་དེ་ཁོ་ན་བཤད་ཟིན་ཏོ།། དེའི་འོག་ཏུ་རྣམ་པར་དག་པའི་སྤྱོད་ཡུལ་བརྗོད་དགོས་ཏེ། དེའི་ཕྱིར། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོསོ།། དེ་ཡང་ཇི་ལྟར་རྣམ་པ་གཉིསུ་འགྱུར། ་བ་དེ་བསྟན་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལོ་ཞེས་བྱ་བ་སྨོསོ།། ཉོན་མོངས་པའི་སྒྲིབ་པོ་རྣམ་པར་དག་པ་ནི་ཉོན་མོངས་པའི་སྒྲིབ་པ ་སྤངས་པ་སྟེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་བྱ་བའི་ཕྱིར་རམ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་བྱེད་པའི་ཡེ་ཤེས་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དྲག་པའི་ཡེ་ཤེས་ཏེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་བྱ། ་བར་དགོས་པ་འམ། དེའི་རྒྱུ་ཞེས་བྱ་བའི་ཐ་ཚི་གོ། ཉོན་མོངས་པའི་སྒྲིབཱི་པ་རྣམ་པར་དག་པའི་ཡེ་ཤེས་དེའི་སྤྱོད་ཡུལ་ཞེས་བྱ་བ་ནི་ཡུལ་ཞེས་པའི་ཐ་ཚི་གྲོ། དེ་བཞིན་དུ་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་ཡང་བརྗོད ་པར་བྱའོ།། དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་སྤང་བར་བྱ་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད།། དེ་བས་ན་མཐོང་བ་དང་བསྒོམ་པ་དང་དེ་དང་ཉེ་བར་སྤྱོད་པའི་ཡེ་ཤེས་ཀྱི་ཡུལ་ནི་ཉན་ཐོས ་དང་རང་སངས་རྒྱས་རྣམས་ཀྱི་དེ་ཁོ་ན་གང་ཡིན་པ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་རྣམས་ཀྱི་བདེན་པ་ཞེས་བྱ་བ་སྟེ། དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུའོ།། ཤེས་པར་བྱ་བ་ནི་ཤེས་བྱ ་སྟེ་དེ་ནི་མདོར་ན་རིག་པའི་གནས་ལྔ་དག་གོ།། དེ་དག་ནི་ནང་དང་། བརྡ་སྤྲོད་པ་དང་། གཏན་ཚོགས་དང་། གསོ་བ་དང་། བཟོ་དང་ལས་ཀྱི་གནས་ཞེས་བྱ་བ་ཐམས་ཅད།། དེ་ལ་ཡེ་ཤེས་གིགསུ་གྱུར་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་ཤེས་བྱའི ་སྒྲིབ་པའོ།། དེ་རྣམ་པར་སྦྱོང་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེ་སུ་མཐུན་པའི་མོས་པས་སྤྱོད་པའི་སར་བསྡུས་པ་དང་། རབ་ཏུ་དགའ་བ་ལ་སོགས་པ་བཅུ་གཅིག་ཏུ་བསྡུས་པ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེསོ།། དེ་ཡང་བྱང་ཆུབ་སེམས ་དཔེའ་དང་། དེ་བཞིན་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་མངའ་བ་སྟེ། དེ་ནི་ཀུན་ཏུ་འགྲོ་བའི་དོན་ལ་སོགས་པའི་སྒོ་ནས་དེ་བཞིན་ཉིད་ལ་དམིགས་པས་དེའི་ཕྱིར། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་ནི་དེ་བཞིན་ཉིད།། ། ་འབྲས་བུ་དང་རྒྱུའི་དེ་ཁོ་ན་བཤད་པ་དང་། ཕྲ་བའི་དེ་ཁོ་ན་བཤད་པས་རྣམ་པར་དག་པའི་སྤྱོད་ཡུལ་ཀྱང་རྣམ་པ་གཉིས་ཀྱང་བཤད་ཟིན་ན། འདི་བརྗོད་པ་དོན་མེད་པར་མི་འགྱུར་རམ་ཞེ་ན། དོན་མེད་པར་མི་འགྱུར་ཏེ། འདི་ལྟར་འབྲས་བུ་དང་རྒྱུའི་དེ་ཁོ་ན ་དང་ཕྲ་བའི་དེ་ཁོ་ན་ནི་དངོས་པོ་རྣམ་པར་བཞག་པའི་ཕྱིར་བཤད་།། འདིར་ནི་སྒྲིབ་པ་ཇི་ལྟར་རྣམ་པར་དག་པར་འགྱུར་བ་སྟེ། དེའི་ཕྱིར་དེ་སྐད་བསྟན་ཏོ།། རྣམ་པར་དག་པའི་སྤྱོད་ཡུལ་འདི་རྣམ་གཉིས་ནི་ཡོངསུ་གྲུབ་པའི་ངོ་བོ་ཉིད་གཅིག་པུས་བརྗོད ་འདིར་རྒྱུ་སྨོས་པ། ངོ་བོ་ཉིད་གཞན་ནི་རྣམ་པར་དག་པའི་ཡེ་ཤེས་རྣམ་པ་གཉིས་ཀྱི་སྤྱོད་ཡུལ་མ་ཡིནོ་ཞེས་བྱ་བའོ།། ཅིའི་ཕྱིར་ཞེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་གནས་ངན་ལེན་གྱི་དྲི་མ་གཉིས་ཀྱིས་དྲི་མ་ཅན་དུ་གྱུར་པའི་ཕྱིརརོ།། ཀུན་བརྟག ་བ་ནི་མེད་པའི་ཕྱིར།། ཡེ་ཤེས་རྣམ་གཉིས་ཀྱི་ཡུལ་ནི་ཆོས་ཉིད་ཡིན་པས་རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ནི་ཡོངསུ་གྲུབ་པ་ཉིད་ཀྱིས་རྣམ་པར་བཞགོ།། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་བཤད་ཟིན་ཏོ།། དེའི་འོག་ཏུ་བསྡུ་བའི་དེ་ཁོ ་ན་བརྗོད་དགོས་ཏེ། དེའི་ཕྱིར་རྩ་བའི་དེ་ཁོ་ན་རྣམ་པ་གསུམ་དུ་བསྡུ་བའི་དེ་ཁོ་ན་ཇི་ལྟར་རིག་པར་བྱ་ཞེ་ན་ཞེས་དྲིས་པ་དང་། རྩ་པོའི་དེ་ཁོ་ན་རྣམ་པ་གསུམ་དུ་བསྡུ་བའི་དེ་ཁོ་ན་འདུས་པར་བསྟན་པའི་ཕྱིར། རྒྱུ་དང་རྣམ་པར་རྟོག་པ་དང་།། མིང་ནི་རྣམ་པ ་གཉིསུ་བསྡུ།། ཞེས་རྒྱ་ཚོར་གསུངས་ཏེ། གཞན་གྱི་དབང་དང་ཀུན་བརྟགས་པ་གཉིསུ་བསྡུའོ།། དེ་ལ་བསྡུ་བའི་དེ་ཁོ་ན་ཅི་རིགསུ་སྦྱརོ།། ཞེས་བྱ་བ་ནི་གར་འོས་པར་རྩ་བའི་དེ་ཁོ་ནར་དངོས་པོ་ལྔ་དག་འདུས་པར་རིག་པར་བྱ་བའི་གོ་རིམས་བཞིན་དུ་ནི་མ ་ཡིནོ།། དངོས་པོ་ལྔ་ནི་རྒྱུ་མཚན་དང་། མིང་དང་རྣམ་པར་རྟོག་པ་དང་།། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཏེ། ཤེས་པར་བྱ་བ་ཐམས་ཅད་དངོས་པོ་རྣམ་པ་ལྔ་པོ་འདིར་བསྡུ་བའི་ཕྱིར་དངོས་པོ་རྣམ་པ་འདི་ལྔ་ལ་བསྡུ་བའི་དེ་ཁོ་ན་ཞེས་བྱའོ།། ཁ ་ཅིག་ན་རེ་དེ་ལ་རྒྱུ་མཚན་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པོ་རྣམས་ཏེ། ཕན་ཚུན་རྒྱུའི་དངས་པ་ཡིན་པས་རྒྱུ་མཚོན།། མིང་ནི་རྒྱུ་མཚན་གང་ཡིན་པ་དེ་ཉིད་བརྗོ་དུ་མེད་ཟིན་ཀྱང་མིག ་བརྡ་བཞིན་དུ་གོ་བར་བརྗོད་པའོ།། ཇི་སྐད་དུ་སྨྲས་པའི་རྒྱུ་མཚན་གྱི་རང་བཞིན་དང་བྱེ་བྲག་ཏུ་རྣམ་པར་རྟོག་པ་ཁམས་གསུམ་པ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་ནི་རྣམ་པར་རྟོག་པའོ།། སྟོང་པ་ཉིད་ནི་དེ་བཞིན་ཉིད་ཡང་དག ་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་བཞིན་ཉིད་ལ་དམིགས་པའོ།། དེ་དག་གི་གོ་རིམས་ནི་དེ་ལ་ཀུན་ནས་ཉོན་མོངས་པར་གདགས་པའི་དངོས་པོ་ཡིན་པས་ན་དང་པོར་རྒྱུ་མཚནོ།། ཀུན་ནས་ཉོན་མོངས་པ་ཞེས་བཏགས་པའི་ཕྱིར་དེའི ་འོག་ཏུ་མི་ངོ་།། མིང་ཇི་ལྟ་བ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པར་གདགས་པའི་དངོས་པོ་ལ་རྣམ་པར་རྟོག་པའི་ཕྱིར་དེའི་འོག་ཏུ་རྣམ་པར་རྟོག་པའོ།། ཀུན་ནས་ཉོན་མོངས་པ་དེ་ཡང་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱིས་འགག་པར་འགྱུར་པ ་ན་དེའི་འོག་ཏུ་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེསོ་ཞེའོ།། གཞན་དག་ན་རེ། འཁྲུལ་པའི་རྒྱུ་ནི་འཁྲུལ་པ་སྟེ། དེའི་རྒྱུ་ནི་གནས་ངན་ལེན།། དེ་བས་འཁྲུལ་པ་དེ་ཡི་རྒྱུ།། རང་བཞིན་ཞི་བ་དེ་ཤེས་པ་ཞེས་བྱ་བའི་ཚིགསུ་བཅད་པ་འདིས་དངོས་པོ་ལྔའི ་དེན་ཏེ་ཞེའོ།། དེ་ལ་ནང་གི་མིག་ལ་སོགས་པའི་རྣམ་པར་ཤེས་པར་བསྡུས་པ་རྣམས་ཀྱི་འཁྲུལ་པའི་རྒྱུ་ནི་ཕྱི་ནང་གི་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པར་བསྡུས་པའི་འཁྲུལ་པའོ།། ཕྱི་ནང་གི་འཁྲུལ་པ་དེ་དག་གི་རྒྱུ་ནི་གནས་ངན་ལེན་ཏེ། ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགསོ།། བག་ཆགས་དེའི་རྒྱུ་ནི་ཕྱི་ནང་གི་འཁྲུལ་པ་དེ་ཉིད།། དེ་ལྟ་བས་ན་དེ་ལ་བརྗོད་པ་འཇུག། བརྗོད་པའི་དབང་གིས་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་གན་སོ།། རང་བཞིན་གྱིས་ཞི་བ་ཞེས་བྱ་བ ་ནི་དེ་བཞིན་ཉིད། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཆོས་ཀྱི་དབྱིངསོ།། དེ་ཤེས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་དམིགས་པ་ལམ་དུ་གཏོགས་པའི་ཡེ་ཤེས་གང་ཡིན་པའོ།། དེ་ལ་རྒྱུ་དང་རྣམ་པར་རྟོག་པ་གཉིས་ནི་རྒྱུ་དང་རྐྱེན་གྱིས ་བསྐྱེད་པའི་ཕྱིར་གཞན་གྱི་དབང་དུ་བསྡུའོ།། མིང་ནི་ཀུན་བརྟགས་པར་ཞེས་བྱ་བ་ལ། མིང་ཇི་ལྟ་བ་བཞིན་དུ་དོན་མེད་པས་མིང་ནི་ཀུན་བརྟགས་པར་བསྡུའོ།། དེ་ལྟར་ན་སྐབས་ཡིན་པའི་ཕྱིར་ཀུན་བརྟགས་པར་མིང་བསྡུས་ཀྱི་ངོ་བོ་ཉིད་ཀྱིས་བསྡུས་པ ་ནི་མི་ཡི་ནོ།། ངོ་བོ་ཉིད་མེད་པར་གྲུབ་པ་ལས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་རྒྱུ་ལ་སོགས་པ་དངོས་པོ་ལྔས་མ་བསྡུ་ས་ཞེས་གང་བཤད་པ་དང་། འགལ་བ་མེ་དེ། དེར་ནི་ངོ་བོ་ཉིད་བསྡུ་བར་འདོད་པའི་ཕྱི་རོ།། ཡང་དག་ཡེ་ཤེས་རབ་ཁོ་ན་ཞེས་བྱ་བ་ནི།། ་རྟག་ཏུ་འམ་མཛེས་པའི་དེ་ཁོ་ན་སྟེ་དེ་བཞིན་ཉིད།། སྟོང་པ་ཉིད་ལ་དམིགས་པ་གཉིསུ་མེད་པའི་ཡེ་ཤེས་དང་། དེའི་རྗེས་ལྔས་ཐོབ་པ་དག་པ་འཇིག་རྟེན་པ་ནི་ཡང་དག་པའི་ཡེ་ཤེསོ།། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་དེ་གཉིས་ནི་འགྱུར། ་བ་མེད་པ་དང་། ཕྱིན་ཅི་ལོག་མེད་པའི་ཡོངསུ་གྲུབ་པས་གོ་རིམས་བཞིན་དུ་གྲུབ་པའི་ཕྱིར་ཡོངསུ་གྲུབ་པའི་ངོ་བོ་ཉིད་གཅིག་པུས་བསྡུ་སོ།། བསྡུ་བའི་དེ་ཁོ་ན་བཤད་ཟིན་ཏོ།། རབ་ཏུ་དབྱེ་བའི་དེ་ཁོ་ན་ལ་རྣམ་པ་དུ་ཡོད་པ་དང་། དེ་རྩ་བའི་དེ་ཁོ་ནར་རྗེ ་ལྟར་བསྡུ་བ་མི་ཤེས་ནས་དེའི་ཕྱིར། རབ་ཏུ་དབྱེ་བའི་དེ་ཁོ་ན་རྩ་བའི་དེ་ཁོ་ནར་ཇི་ལྟར་རིག་པར་བྱ་ཞེ་ན། ཞེས་དྲིས་པ་དང་དེའི་ཕྱིར་རབ་ཏུ་དབྱེ་བའི་དེ་ཁོ་ན་རྣམ་པ་བདུན་ཏེ་ཞེས་བྱ་བ་སྨོས།། གང་ཞེ་ན་དེའི་ཕྱིར་འཇུག་པའི་དེ་ཁོ་ན་དང་མཚན་ཉིད་ཀྱི ་དེ་ཁོ་ན་ཞེས་བྱ་བ་རྒྱ་ཆེར་སྨོས་ཏེ། དགོངས་པ་ངེས་པ་འགྲེལ་པ་ལས་འཇུག་པའི་དེ་བཞིན་ཉིད་ནས་ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ཀྱི་བར་དུ་དེ་བཞིན་ཉིད་རྣམ་པ་བདུན་བཀའ་སྩལ་པ་གང་ཡིན་པ་དེ་ཉིད་འདིར་འཇུག་པའི་དེ ་ཁོ་ནས། ཡང་དག་པར་སྒྲུབ་པའི་དེ་ཁོ་ནའི་བར་དུ་རབ་ཏུ་དབྱེ་བའི་དེ་ཁོ་ན་རྣམ་པ་བདུན་དུ་བཤ་དོ།། དེ་ལ་འཇུག་པའི་དེ་ཁོ་ན་ནི་གང་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པའོ།། དེ་ཉིད་འཇུག་པའི་དེ་བཞིན་ཉིད། འདི་ལྟར་དེ་ནི་ནམ་ཡང་ཐོག་མ་དང ་ལྡན་པར་མི་འགྱུར་རོ།། མཚན་ཉིད་ཀྱི་དེ་ཁོ་ན་ནི་གང་ཟག་དང་ཆོས་ལ་བདག་མེད་པ་སྟེ། གཞན་དུ་མི་འགྱུར་བའི་ཕྱིར་དེ་ཉིད་མཚན་ཉིད་དེ་བཞིན་ཉིད་དོ།། རྣམ་པར་རིག་པའི་དེ་ཁོ་ན་ནི་ཆོས་རྣམས་ཀྱིས་རྣམ་པར་རིག་པ་ཙམ་ཉིད་།། ཁ་ཅིག་ན་རེ་རྣམ ་པར་མི་རྟོག་པའི་ཡེ་ཤེས་སམ་རྣམ་པར་རིག་པའི་གནས་འདི་ནི་རྣམ་པར་རིག་པའི་དེ་ཁོ་ནའོ་ཞེའོ།། རྣམ་པར་རིག་པའི་དེ་ཁོ་ན་ནི་གཞན་དུ་འགྱུར་བ་མེད་པའི་ཕྱིར་རྣམ་པར་རིག་པའི་དེ་བཞིན་ཉིད་ཅེས་བྱའོ།། གནས་བྱའི་དེ་ཁོ་ན་ནི་སྡུག ་བསྔལ་གྱི་བདེན་པ་སྟེ། འདུ་བྱེད་རྣམས་སྡུག་བསྔལ་བར་གནས་པའི་ཕྱིརརོ།། དེ་ཉིད་རྟག་པར་དེ་བཞིན་པས་ན་དེ་བཞིན་ཉིད།། ལོག་པར་སྒྲུབ་པའི་དེ་ཁོ་ན་ནི་ཀུན་འབྱུང་བའི་བདེན་པ་སྟེ། དེ་ཡང་གང་འདུ་བྱེད་དག་ལ་ཡོན་ཏན་དུ་ལྟ་བས་འཇུག ་པའི་ཕྱིརརོ།། རྣམ་པར་དག་པའི་དེ་ཁོ་ན་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་སྟེ། དེ་ནི་དེ་བཞིན་ཉིད་དང་འགོག་པའི་བདེན་པའོ།། ཁ་ཅིག་ན་རེ་གནས་གྱུར་པའི་བདག་ཉིད་འགོག་པའི་བདག་ཉིད་འགོག་པའི་བདེན་པ་ཉིད་ཞེའོ།། ཡང་དག ་བར་སྒྲུབ་པའི་དེ་ཁོ་ན་ནི་ལམ་གྱི་བདེན་པའོ།། གཞན་དག་ན་རེ་རྣམ་པར་རིག་པའི་དེ་ཁོ་ན་ནི་ཚུལ་བཞིན་དུ་སྦྱོར་བ་སྟེ། ཡང་དག་པར་སྒྲུབ་པའི་དེ་ཁོ་ན་དང་། རྣམ་པར་རིག་པའི་དེ་ཁོ་ན་ཡང་ལམ་གྱི་བདེན་པ་ཉིད་ཞེའོ།། དེ་ཁོ་ན་གསུམ་པོ་འདི་དག་ཀྱང་རྟག་ཏུ ་དེ་བཞིན་པས་དེ་བཞིན་ཉིད་ཅེས་བྱ་བར་འགྱུརརོ།། དེ་ལ་འཇུག་དེ་ཁོ་ན་རྣམ་པ་གཉིས།། རྣ་བའི་དེ་ཁོ་ན་ཀུན་བརྟོགས་པ་དང་། གཞན་གྱི་དབང་གི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་དེ་ལ་འཇུག་པ་ནི་ཚེའི་རྒྱུན་ཐོག་མ་མེད་པ་ཅན་ཏེ། དེ་ནི་མེད་པས་ཀུན་བརྟན ་བའི་ངོ་བོ་ཉིད།། རྒྱུན་དེ་སུ་དག་གི་ཡིན་པ་དེ་དག་ནི་རྒྱུས་རབ་ཏུ་ཕྱེ་བའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད། དེ་ལྟར་གང་དག་གིས་ཡིན་པ་དང་། འཇུག་པ་གང་ཡིན་པ་དེ་ནི་འཇུག་པའི་དེ་ཁོ་ན་ཞེས་བསྟན་པ་ཡིནོ།། ཡང་ན་ཉོན་མོངས་པ་དང་ལས་དང་ཚེ ་རྣམས་ཀྱི་འབྱུང་བ་ཐོག་མ་མེད་པ་ཅན་ནི་འཁོར་བར་འཇུག་པ་ཞེས་བྱའོ།། དེ་ཡང་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པས་རབ་ཏུ་ཕྱེ་བ་སྟེ། དེའི་ཕྱིར་འཇུག་དེ་ཁོ་ན་རྣམ་པ་གཉིས། རྩ་བའི་དེ་ཁོ་ན་ཞེས་བྱ་བ་སྨོསོ།། དེ་བཞིན་དུ་གནས་པ་དང་ནི་ངན ་པར་ཞུགས་ཞེས་བྱ་བ་ལ་ལོག་པར་སྒྲུབ་པ་ནི་ངན་པར་ཞུགས་པའོ།། དེ་བཞིན་དུ་རྩ་བའི་དེ་ཁོ་ན་རྣམ་པ་གཉི་སུའོ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་རྒྱུ་དང་རྐྱེན་གྱི་རབ་ཏུ་ཕྱེ་བ་དང་། ཀུན་རྟོག་པའི་ཡུལ་ཡིན་པའི་ཕྱིར་གནས་པ་དང་ལོག ་པར་སྒྲུབ་པའི་དེ་ཁོ་ན་རྣམ་པ་གཉིསུ་བསྡུ་བའོ།། མཚན་ཉིད་རྣམ་པར་རིག་དང་དགེ། ཡང་དག་སྒྲུབ་པ་གཅིག་པུའོ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་དེ་ཁོ་ན་དང་། རྣམ་པར་རིག་པོའི་དེ་ཁོ་ན་དང་། རྣམ་པར་དག་པའི་དེ་ཁོ་ན་དང་། ཡང་དག་པར་སྒྲུབ་པའི་དེ་ཁོ་ན་སྟེ། ་དེ་ཁོ་ན་འདི་བཞི་ནི་རྩ་བའི་དེ་ཁོ་ན་གཅིག་ཁོ་ན་སྟེ། འདི་ལྟར་ཡོངསུ་གྲུབ་པའི་ངོ་བོ་ཉིད།། དེ་ལ་མཚན་ཉིད་ཀྱི་དེ་ཁོ་ན་དང་རྣམ་པར་དག་པའི་དེ་ཁོ་ན་གཉིས་ནི་གཞན་དུ་འགྱུར་བ་མེད་པ་ཡོངསསུ་གྲུབ་པས་ཡོངསུ་གྲུབ་པའོ།། རྣམ་པར་རིག ་པའི་དེ་ཁོ་ན་དང་། ཡང་དག་པར་སྒྲུབ་པའི་དེ་ཁོ་ན་གཉིས་ནི་ཕྱིན་ཅི་མ་ལོག་པར་ཡོངསུ་གྲུབ་པས་ཡོངསུ་གྲུབ་པའོ།། འདི་ལ་འཇུག་པ་དང་གནས་པ་དང་། ལོག་པར་སྒྲུབ་པའི་དེ་ཁོ་ན་གསུམ་གྱིས་ནི་སེན་རྣམས་མཉམ་པར་བསྟན་ཏོ།། མཚན་ཉིད་དང ་རྣམ་པར་རིག་པའི་དེ་ཁོ་ན་གཉིས་ཀྱི་ནི་ཆོས་མཉམ་པའོ།། རྣམ་པར་དག་པའི་དེ་ཁོ་ནས་ནི་བྱང་ཆུབ་མཉམ་པའོ།། ཡང་བར་དག་པར་སྒྲུབ་པའི་དེ་ཁོ་ནས་ནི་ཤེས་རབ་མཉམ་པར་བསྟན་ཏོ།། སྨྲས་པ་སེམས་ཅན་མཉམ་པར་གསུམ་གྱིས་བརྗོད།། ཆོས ་རྣམས་མཉམ་པ་ཉིད་ཀྱིས་ཏེ།། དེ་ལྟར་བྱང་ཆུབ་བློ་མཉམ་པར།། རེ་རེ་རབ་ཏུ་བསྟན་པ་ཡིན།། རབ་ཏུ་དབྱེ་བའི་དེ་ཁོ་ནའི་འོག་ཏུ་མཁས་པའི་དེ་ཁོ་ན་བཤདེ། དེ་བས་ན་དེ་བསྟན་པའི་ཕྱིར། མཁས་དེ་ཁོ་ན་རྣམ་བཅུ་ནི།། བདག་ཏུ་ལྟ་བའི་གཉེན་པོའོ།། ཞེ ་གསུངས་ཞེས་བྱ་བ་སྨོསོ།། ཕུང་པོ་ལ་སོགས་པ་བདག་ཏུ་ལྟ་བ་རྣམ་པ་བཅུ་པོ་དེ་ཡང་ཇི་ལྟ་བུ་ཡིན་པྲྀ་པ་མི་ཤེས་ནས། དེའི་ཕྱིར་ཕུང་པོ་ལ་སོགས་པ་ལ་བདག་ཏུ་ལྟ་བ་རྣམ་པ་བཅུ་པོ་དེ་དག་ཇི་ལྟ་ཞེ་ན་ཞེས་དྲིས་པ་དང་དེའི་ཕྱིར། གཅིག་དང་རྒྱུ་དང་ཟ ་པ་དང་།། བྱེད་པ་དང་ནི་དབང་སྒྱུར་དང་།། བདག་པོའི་དོན་དང་རྟག་པ་དང་།། ཉོན་མོངས་པ་དང་དག་པའི་གནས།། རྣལ་འབྱོར་ཅན་དང་མ་གྲོལ་བགྲོལ།། དེ་དག་ལ་ནི་བདག་ཏུ་ལྷ། ཞེས་བྱ་བ་གསུངས་ཏེ། ཕུང་པོ་ལ་སོགས་པ་ལ་ཞེས་བྱ་བར་སྦྱརརོ།། ་བདག་མེད་པ་ལ་འཛིན་པ་རྣམ་པ་འདི་བཅུ་ནི་ཞེས་བྱ་བ་ནི་བདག་མེད་པའི་ཕྱིར་མེད་པ་ལ་འཛིན་པ་ཞེས་བྱ་བ་སྨོསོ།། གལ་ཏེ་བདག་མེད་ན་གཟུང་བའི་གཞན་གྱི་དབང་དུ་གྱུར་པའི་འཛིན་པ་ཇི་ལྟར་ཡུལ་མེད་པ་ལ་འཇུག་ཅེ་ན། འདི་ནི་ཡུལ་མེད་པ་མ ་ཡིན་ཏེ། ཕུང་པོ་ལ་སོགས་པ་ལ་འཇུགོ།། དེའི་ཕྱིར་དེ་དག་གི་གཉེན་པོར་ཕུང་པོ་ལ་སོགས་པ་ལ་སོགས་པ་ལ་མཁས་པ་རྣམ་པ་བཅུ་བཤ་།། ཇི་ལྟར་ན་ཕུང་པོ་ལ་སོགས་པ་ལ་བདག་ཏུ་འཛིན་གྱི་བདག་ནི་ཡང་པ་མ་ཡིན་ངེས་ཤེས་ན། ་འདི་ལྟར་ཕུང་པོ་ལ་སོགས་པ་མི་རྟོག་པར་བདག་ཅེས་བྱ་བ་རིགས་པར་ཡོངསསུ་བརྟགས་ན་དམིགསུ་མེ་དོ།། བདག་ཏུ་སྨྲ་བ་དག་བདག་གི་བྱ་བ་དང་རང་བཞིན་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཕུང་པོ་ལ་སོགས་པ་ལ་འཇུག་སྟེ། དེའི་ཕྱིར་ཕུང་པོ ་ལ་སོགས་པ་ཉིད་བདག་ཏུ་འཛིན་པའི་གཞི་ཡིན་པར་མངོན།། བདག་ཏུ་མངོན་པར་ཞེན་པ་རྣམས་ནི་རྣམ་པ་འདི་བཅུས་བདག་ཏུ་འཛིན་པོ་འབྱུང་གི་གཞན་དག་གིས་ནི་མ་ཡིན་ཏེ། དེའི་ཕྱིར་ཕུང་པོ་ལ་སོགས་པ་ལ་མཁས་པ་ནི་བདག་ཏུ་འཛིན ་པ་ཐམས་ཅད་ཀྱི་གཉེན་པོར་རིག་པར་བྱའོ།། འདི་ལྟ་སྟེ། གཅིག་པུར་འཛིན་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་རིལ་པོའི་བདག་ཏུ་འཛིན་པ་སྟེ། དེའི་གཉེན་པོར་ཕུང་པོ་ལ་མཁས་པའོ།། རྒྱུར་འཛིན་པ་ཞེས་བྱ་བ་ནི་མི་གཱ་ལ་སོ། ་པས་བསྒོ་བའི་ཕྱིར་བདག་ལ་རྒྱུར་འཛིན་པ་སྟེ། དེའི་གཉེན་པོར་ཁམས་ལ་མཁས་པའོ།། དེ་བཞིན་དུ་གཞན་དག་ལ་ཡང་མི་མཐུན་པའི་ཕྱོགས་དང་གཉེན་པོ་བརྗེད་པར་བྱའོ།། ཡང་ན་བདག་ཉིད་ལས་ཐམས་ཅད་འབྱུང་སྙམ་པ་འདི་ནི་རྒྱུར ་འཛིན་པ་སྟེ། ལས་དགེ་བ་དང་མི་དག་པ་གང་ཡིན་པ་དེའི་འབྲས་བུ་ཚེ་འདི་ལ་འདོད་པ་དང་། མི་འདོད་པའི་རྒྱུ་དག་སྨིན་པར་སེམས་པ་ནི། རྒྱུར་འཛིན་པའོ།། ཟ་བར་འཛིན་པ་ཞེས་བྱ་བ་ནི་སེམས་ཡིན་པའི་ཕྱིར་བདག་ནི་ཟ་བའོ།། གསལ་བ་དང་མི ་གསལ་བ་ནི་སེམས་མེད་པའི་ཕྱིར་བཟའ་བའོ།། ཡང་ན་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་བར་དུ་སྐྱེ་བ་གང་ཡིན་པ་དེ་ཉིད་དེའི་འབྲས་བུ་ལ་ཟ་བར་བྱེད་སྙམ་པ་ནི་ཟ་བར་འཛིན་པའོ།། བྱེད་པར་འཛིན་པ་ཞེས་བྱ་བ་ནི་ལེགས་པར་བྱས་པ་དང་། ་ཉེས་པར་བྱས་པའི་ལས་རྣམས་བདག་ཉིད་ཀྱིས་བྱེད་པར་འཛིན་པ་གང་ཡིན་པའོ།། ཡང་ན་བྱེད་པ་དང་ལྡན་པ་གང་ཞིག་བྱ་བ་དེ་དང་དེ་དག་བྱེད་པ་ནི་བདག་ཞེས་བྱེད་པར་འཛིན་པའོ།། རང་དབང་དུ་འཛིན་པ་ཞེས་བྱ་བ་ནི་རང་དགར་དབང་བྱེད་པ་གང ་ཡིན་པ་དེ་ནི་བ་གོ།། དབང་དུ་བྱ་བ་གང་ཡིན་པ་དེ་ནི་བདགོ་ཞེས་བྱ་བར་འཛིན་པ་གང་ཡིན་པའོ།། ཡང་ན་རྒྱུ་དང་འབྲས་བུ་འབྱུང་བ་ལ་དབང་བྱེད་སྙམ་པ་ནི་རང་དབང་དུ་འཛིན་པའོ།། བདག་པོར་འཛིན་པ་ཞེས་བྱ་བ་ནི་བདག་པོ་དང་རྗེ་བོ་དང་དབང་ཕྱུག་གང ་ཡིན་པ་དེ་ནི་བདགོ་སྙམ་དུ་སེམས་པའོ།། ཡང་ན་འབྲས་བུ་དང་མཐུན་པར་དེ་ལ་སྤྱོད་པའི་བདག་པོ་ནི་འདག་གོ་སྙམ་དུ་སེམས་པ་ནི་བདག་པོར་འཛིན་པའོ།། རྟག་པར་འཛིན་པ་ཞེས་བྱ་བ་ནི་རྒྱུ་ལ་སོགས་པ་དངོས་པོ་རྣམ་པ་ལྔས་རྣམ་པར་མ་དྲུག་ཀྱང ་བདག་རྟག་པ་ཁོ་ནའོ།། གཞན་དུ་ན་མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟོས་པ་དང་། དེ་བཞིན་དུ་དྲན་པ་དང་། སོ་སོར་ངོ་ཤེས་པ་ཡང་མེད་པར་འགྱུར་རོ།། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འཛིན་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ ་དང་རྣམ་པར་བྱང་བའི་རྟེན་ཡིན་པའི་ཕྱིརརོ།། རྣལ་འབྱོར་ཅན་དུ་འཛིན་པ་ཞེས་བྱ་བ་ལ། བདག་ལ་ཡིད་འཛིན་པ་ནི་རྣལ་འབྱོར།། ཡང་ན་དབུགས་དང་ཡིད་འགོག་པའོ།། བདག་དང་ཡང་སྦྱོར་བའི་ཁྱད་པར་ནི་རྣལ་འབྱོར་ཏེ། དེ་ལ་འདི་ཡོད་པ་ན་རྣལ་འབྱོར་ན་ནོ།། ་གྲོལ་བ་དང་གྲོལ་བ་འཛིན་པ་ཞེས་བྱ་བ་ནི་བདག་སྔར་བཅིངས་པ་ལས་གྲོལ་སྙམ་དུ་རྣམ་པར་རྟོག་པ་གང་ཡིན་པའོ།། མཁས་པ་རྣམ་པ་བཅུ་པོ་འདི་དག་རྩ་བའི་དེ་ཁོ་ནར་ཇི་ལྟར་འདུ་ཤེས་ན་ཞེས་བྱ་བ་ལ། མཁས་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ ་ལ་མཁས་པ་ཡིན་ན། དེ་ངོ་བོ་ཉིད་གསུམ་པོ་དག་ཏུ་ཇི་ལྟར་བདུས་ཏེ། མི་སྲིད་སྙམ་ནས་དྲིས་པའོ།། འདི་ལྟར་ངོ་བོ་ཉིད་གསུམ་དུ་ཕུང་པོ་ལ་སོགས་པ་དེ་དག་འདུསོ་ཞེས་བྱ་བ་ནི་མཁས་པའི་ཡུལ་ལོ་འདིར་མཁས་པ་ཞེས་བྱ་བའི་སྒྲར་བརྗོད་ཀྱི་མཁས ་བ་དེ་ཉི་དུ་མ་ཡིན་ཏེ། དེ་ལྟ་བས་ན་མཁས་པའི་དེ་ཁོ་ན་སྐབས་ཀྱིས་དེར་བསྡུ་བའི་དངོས་པོ་ནི་མ་ཡིན་པར་རིག་པར་བྱ་སྟེ། འདི་ལྔ་སྟེ་དཔེར་ན་འབྲས་བུ་དང་རྒྱུའི་དེ་ཁོ་ན་ལམ་གྱི་བདེན་པ་གསུམ་དུ་འདུས་པར་བཤད་པོ་ལྟ་བུའོ།། དེ་ཉིད་ཇི་ལྟར་འདུས ་པའང་མ་ཤེས་ནས། ཇི་ལྟར་འདུས་ཤེས་ན་ཞེས་དྲིས་པ་དང་། དེའི་ཕྱིར་ཀུན་ཏུ་རྟོག་དང་རྣམ་རྟོག་དོན།། ཆོས་ཉིད་དོན་གྱི་དེ་དག་དེར།། ཞེས་བྱ་བ་གསུངས་ཏེ། ངོ་བོ་ཉིད་གསུམ་དུ་ཕུང་པོ་ལ་སོགས་པ་དེ་དག་འདུ་སོ།། ཞེས་བྱ་བའི་སྐབས་ཡིན།། དེ་ལ ་ཁམས་ལ་སོགས་པ་བས་སྔར་བསྟན་པའི་ཕྱིར་ཕུང་པོ་རྣམས་ཐོག་མར་བསྡུས་ལ་བཤད་པར་བྱའོ།། དེ་དག་ལས་ཀྱང་གཟུགས་དེ་བསྡུ་བར་བྱ་སྟེ། དེའི་ཕྱིར་གཟུགས་ལ་རྣམ་པ་གསུམ་སྟེ། གང་ཞེ་ན་ཀུན་བརྟགས་པའི་གཟུགས་དང་རྣམ་པ ་བརྟགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུག་སོ།། དེ་ལ་ཀུན་བརྟགས་པའི་གཟུགས་གང་ཞེ་ན། གང་གཟུགས་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་ཞེས་བྱ་བ་ནི་དེའང་གང་མང་དུ་དམིགས་པ་མ་གཏོགས་པར་དེ་ལ་ཡུལ་གྱི་ངོ་བོ་དངོས་པོར། ་ཡོང་སུ་རྟོག་པ་སྟེ། དེ་གཏན་མེད་པའི་ཕྱིར་ཀུན་བཏགས་ཞེས་བྱའོ།། རྣམ་པར་བརྟགས་པའི་གཟུགས་ནི་གང་གཟུགས་གཞན་གྱི་དབང་གི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་རག་ལས་ཞེས་བྱ་བའི་ཐ་ཚི་གོ།། ཅིའི་ཕྱིར་འདི་རྣམ་པར་བརྟགས་པའི ་གཟུགས་ཞེས་བྱ་ཞེ་ན། དེའི་ཕྱིར་དེ་ལ་གཟུགསུ་རྣམ་པར་རྟོག་པར་བྱེད་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དེ་ཁོ་ན་མ་མཐོང་བ་རྣམས་ཀྱིས་ཡོངསུ་མ་ཤེས་ཏེ། གཟུགསུ་སྣང་བའི་རྣམ་པར་ཤེས་པ་ལ་གཟུགསུ་འདུ་ཤེས་ནས་གཟུགས་ལ་མངོན་པར་ཞེན ་པར་བྱེད། དཔེར་ནི་ཕུང་པོ་ལ་བདག་ཏུ་འཛིན་པ་བཞི་ནོ།། དེ་བས་ན་གཞན་གྱི་དབང་ལོ་རྣམ་པར་བརྟགས་པའི་གཟུགས་ཞེས་བྱའོ།། ཆོས་ཉིད་ཀྱི་གཟུགས་ནི་གང་གཟུགས་ཀྱིས་ཡོངསུ་གྲུབ་པའི་ངོ་བོ་ཉིད་ཞེས་བྱ་བ་ནི་རྣམ་པར་བརྟགས་པའི་གཟུག ་དང་ཀུན་བརྟགས་པའི་གཟུགས་དེ་དག་དང་བྲལ་དུའི་བདག་ཉིད་སྟོང་པ་ཉིད།། གཟུགས་ཇི་ལྟ་བ་ཞེས་བྱ་བ་ནི་གཟུགས་ལ་གསུམ་དུ་ཕྱེ་སྟེ་ངོ་བོ་ཉིད་གསུམ་དུ་བསྡུས་པ་དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་རྣམས་དང་། ཁམས་དང་སྐྱེ་མཆེད ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ།། ཞེས་བྱ་བ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་དང་། གནས་དང་གནོས་མ ་ཡིན་པ་དང་། དབང་པོ་རྣམས་དང་། དུས་གསུམ་དང་། བདེན་པ་བཞི་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཚོར་བ་ལ་སོགས་པ་དང་། ཁམས་ལ་སོགས་པ་དེ་དག་ཀྱང་ཀུན་བརྟགས་པ་དང་། རྣམ་པར་བརྟགས་པ་དང་། ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱེ་བྲག་གི ་རྣམ་པ་གསུམ་གསུམ་དུ་ཕྱེ་སྟེ། ངོ་བོ་ཉིད་གསུམ་དུ་བསྡུ་བར་བྱའོ།། དེ་ལ་གཟུགསུ་སྣང་བ་རྣམས་ལ་གཟུང་བའི་དངོས་པོར་རྟོག་པ་བཞིན་དུ་ཚོར་བ་ལ་སོགས་པར་སྣང་བ་དེ་ལ། གཟུང་བ་དང་འཛིན་པའི་དངོས་པོ་གཏན་མེད་པ་བཞིན་དུ་ཡང་ཀུན ་རྟོག་པ་གང་ཡིན་པ་དེ་ཀུན་བརྟགས་པའི་ཚོར་བ་ནས་ཀུན་བརྟགས་པའི་རྣམ་པར་ཤེས་པའི་བར་དུའོ།། གང་ལ་གཟུང་བ་དང་འཛིན་པར་རྟོག་པར་བྱེད་པ་དེ་ནི་རྣམ་པར་བརྟགས་པའི་ཚོར་བ་ནས་རྣམ་པར་བརྟགས་པའི་རྣམ་པར་ཤེས་པའི་བར་དུའོ།། ། ་ཆོས་ཉིད་ཀྱི་ཚོར་བ་ནི་གང་ཚོར་བའི་ཡོངསུ་གྲུབ་པའི་ངོ་བོ་ཉིད། ཆོས་ཉིད་ཀྱི་རྣམ་པར་ཤེས་པའི་བར་དུ་དེ་བཞིན་དུ་བརྗོད་པར་བྱའོ།། དེ་གཅིག་ཏུ་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་ཅི་རིགས་པར་རྒྱས་པར་བརྗོད་པར་བྱའོ།། གཟུགས་དང་ཚོར་བས ་ནས་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བའི་བར་དུ་མིང་གིས་བརྗོད་པར་བྱ་བའི་དངོས་པོ་གང་ཡིན་པ་དེ་ཡང་ཀུན་བརྟགསཽ་པ་དང་། གཞན་གྱི་དབང་དང་། ཡོངསུ་གྲུབ་པའི་ངོ་བོ་ཉིད་དུ་རིག་པར་བྱའོ།། ཇི་ལྟ་ཞེ་ན། དེ་ལ་གཟུགས་ལ་སོགས་པའི་ངོ་བོ ་ཉི་བརྟགས་པའི་ཕྱིར་ཀུན་བརྟོགས་པའོ།། གདགས་པའི་གནས་ཀྱི་དངོས་པོ་ཡིན་པས་གཞན་གྱི་དབང་སྟེ། དེ་ཉིད་རྐྱེན་གཞན་ལ་རག་ལས་པའི་ཕྱིརརོ།། གཟུགས་ལ་སོགས་པའི་དངོས་པོ་དང་གཏན་བྲལ་བ་ཉིད་ཡོངསསུ་གྲུབ་པའོ།། གཞན་གྱི ་དབང་ཉིད་གཟུགས་ལ་སོགས་པའི་དངོས་པོར་མིང་དུ་བརྗོད་ཀྱི་ཀུན་བརྟགས་པའི་ནི་མ་ཡིན་ན། ཀུན་བརྟགས་པར་རྣམ་པར་རྟོག་པ་དོན་མེད་པ་ཉི་དུ་མི་འགྱུར་རམ་ཞེ་ན། དོན་མེད་པ་མ་ཡིན་ཏེ། དེ་ལ་གཟུགས་ལ་སོགས་པའི་ངོ་བོ ་ཉི་དུ་སྒྲོ་བཏགས་པའི་ཕྱིར།། ཇི་ལྟ་ཇི་ལྟ་བུར་དོན་ལ་མྱིང་འཇུག་པ་དེ་ལྟ་དེ་ལྟ་བུར་མེད་མོད་ཀྱི་བྱིས་པ་རྣམས་དེའི་ངོ་བོ་ཉི་དུ་མངོན་པར་ཞེན་ཏོ།། དེའང་ལོག་པར་ཞེན་པ་ཡིན་གྱི། ཡང་ཡང་དག་པའི་དོན་དུ་མ་ཡིན་པར་ཅི་མངོན་ཞེ་ན། མཐུན་ནམ་མི ་མཐུན་ཡང་རུང་སྟེ། མིང་དང་དོན་གཉིས་ཀྱིས་བརྗོད་པར་བྱ་བ་དང་། བརྗོད་པའི་དངོས་པོ་ལྡོག་པའི་ཕྱིརརོ།། གལ་ཏེ་ཤིང་ལ་སོགས་པའི་སྒྲ་དང་དེ་དག་གི་དོན་རྣམས་ཐ་དད་པའི་ངོ་བོ་མ་ཡིན་དུ་ཟིན་ན། དེ་ལྟ་ན་ནི་མིང་དང་དེ་དག་གི་དོན་གྱི་ངོ་བོ་ཐ་མི ་དད་པའི་ཕྱིར་དོན་བཞིན་དུ་བརྗོད་པ་ལྡོག་པར་འགྱུརརོ།། དོན་ཀྱང་མིང་གི་ངོ་བོ་དང་ཐ་མི་དད་ན་བརྗོད་པར་བྱ་བ་ལས་ཉམས་པར་འགྱུར་ཏེ་ངེས་པའི་རྒྱུ་མེད་པའི་ཕྱིརརོ།། ཡང་ན་མིང་གིས་བརྗོད་པ་ཡང་གཞན་ལ་དོན་གྱི་བརྗོད་པར་བྱ་བ་ཡང་གཞན་དུ ་འགྱུར་བས་ཐུག་པ་མེད་པར་འགྱུརརོ།། དོན་གཅིག་ལ་མིང་མང་པོ་འམ། མིང་གཅིག་ལ་ཡང་དོན་མང་པོར་གྱུར་ན་དུ་མའི་ངོ་བོར་འགྱུར་ཏེ། གཅིག་ནི་དུ་མའི་ངོ་བོར་མི་རུངོ་།། དངོས་པོ་མེད་པའི་བརྗོད་པ་དག་ཀྱང་དོན་བཞིན་དུ་མེད་པར་འགྱུར་ཏེ། དེའི ་དོན་དངོས་པོ་མེད་པའི་ཕྱིར།། ཡང་ན་མིང་ཡོད་པའི་ཕྱིར་དེའི་དོན་ཀྱང་ཡོད་པར་འགྱུར་རོ།། མི་མཐུན་པ་ཡང་སྒྲ་དང་མཐུན་པར་དོན་ཤེས་པ་མེ་དེ། དེ་ལ་ཤིང་ནི་སྒྲ་ཉིད་དོན་ནི་མ་ཡིནོ།། དོན་ནི་ཤིང་ཡང་མ་ཡིན་ཤིང་མ་ཡིན་པའང་མ་ཡིནོ།། དེའི ་ཕྱིར་ཤིང་གི་སྒྲའི་དོན་ནི་ཤིང་ཤེས་པའི་ཡུལ་དུ་མི་འགྱུར་ཏེ། དེའི་དོན་ནི་ཤིང་གི་བདག་ཉིད་མ་ཡིན་པའི་ཕྱིརརོ།། དེ་ལྟར་སྒྲ་དང་དོན་གཉིས་བརྗོད་པ་དང་བརྗོད་པར་བྱ་བའི་དངོས་པོ་ལས་ལྡོགོ།། མི་མཐུན་ན་ཡང་ངེས་པའི་རྒྱུ་མེད་པའི་ཕྱིར་བརྗོད་པ་དང ་བརྗོད་པར་བྱ་བ་ངེས་པ་མེད་པར་འགྱུར་རོ།། མིང་གིས་དོན་བསྐྱེད་དམ་གསལ་བར་བྱེད་གྲང་ན། དེ་ལ་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། སྐྱེས་ཟིན་པའི་དོན་ལ་མིང་འདོགས་པའི་ཕྱིརརོ།། ཡང་དང་ཡང་མིང་འདོགས་པས་སྐྱེས་ཟིན་པ་ཡང་ཡང་དང་ཡང ་བསྐྱེད་དགོས་པར་ཐལ་བར་ཡང་འགྱུར་རོ།། གསལ་བར་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་དོན་རྟོགས་ནས་མིང་འདོགས་ན་རྟོགས་ཟིན་པ་ལ་ནི་གསལ་བར་བྱ་བ་མི་རིག་སོ།། མིང་དེ་ཉིད་ཀྱིས་དོན་ཉིད་ཡིན་པར་སུ་ངོ་མི་ཤེས་པ་གཞན་དག་གིས ་ནི་མི་རྟོག་སོ།། དེ་ཉིད་དོན་དེ་ཉིད་གསལ་བར་བྱེད་པ་ཡང་ཡིན། གསལ་བར་མི་བྱེད་པ་ཡང་ཡིན་ཞེས་བྱ་བར་ནི་མི་རུང་སྟེ། གསལ་བར་བྱེད་སྒྲོན་མ་ལ་སོགས་པ་དག་ནི་གསལ་བར་བྱ་བའི་དོན་ཤེས་པ་ལ་བལྟོས་ནས་གསལ་བར་བྱེད་པ་མ་ཡིན། ་གསལ་བར་བྱ་བ་བུམ་པ་དང་སྣམ་བུ་ལ་སོགས་པ་ལ་གསལ་བར་བྱེད་པ་ངེས་པ་ཡང་མ་མཐོང་བས་དོན་ཐམས་ཅད་ལ་མིང་ཐད་ཀྱིས་གསལ་བར་བྱེད་པར་འགྱུར་དུ་འོང་།། དྲི་ལ་སོགས་པས་ངེས་པ་མེད་པ་ཡང་མ་ཡིན་ཏེ། འདི་ལྟར་སྟེའུ་དང་ཆུ ་ལ་སོགས་པ་ནི་དྲི་ལ་སོགས་པ་སྐྱེད་པ་པོར་འདོད་ཀྱི་གསལ་བར་བྱེད་པ་ནི་མ་ཡིནོ།། དེ་བས་ན་བརྗོད་པ་དང་བརྗོད་པར་བྱ་བ་ལ་མངོན་པར་བཞེན་པ་བཞིན་དུ་དོན་མེད་པ་ཉི་དུ་མངོ་ནོ།། དེ་ལྟར་ན་ངོ་བོ་ཉིད་གསུམ་དུ་ཕུང་པོ་ལ་སོགས་པ་འདུས་པའི་ཕྱིར ་མཁས་པའི་དེ་ཁོ་ན་རྣམ་པ་བཅུ་ནི་རྩ་བའི་དེ་ཁོ་ན་ཉི་དུ་བལྟའོ།། བདག་ཏུ་ལྟ་བའི་གཉེན་པོར་ཕུང་པོ་ལ་སོགས་པའི་དོན་ནི་བཤད། དོན་གང་ལ་ཕུང་པོ་ལ་སོགས་པ་ལ་མཁས་པའི་མི་མཐུན་པའི་ཕྱོགས་བདག་ཏུ་ལྟ་བ་ཕུང་པོ་ལ ་སོགས་དོན་ནི་མ་བཤད་པས་དེ་དེ་བརྗོད་པར་བྱ་སྟེ། ཐོག་མར་དུ་མ་ཉིད་དང་ནི།། ཁསྡུས་དང་ཡོངསུ་ཕྱེ་བའི་དོན་ཅེས་བྱ་བ་སྨྲསོ།། ཐོག་མར་ཞེས་བྱ་བ་ནི་དང་པོར་བརྗོདདོ་ཞེས་བྱ་བར་སྦྱ་རོ།། དེ་ལ་ཐོག་མ་ཁོ་ནར་ཕུང་པོ་བཤད། དེ་དག་ཀྱང་དོན ་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དུ་མའི་དོན་ནི་གཟུགས་གང་ཅིའང་རུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་པོ་འམ་ནིང་གི་འམ། ཕྱིའི་འམ་རགས་པ་འམ་ཕྲ་བ་འམ་ངོན་པ་འམ་བྱ་ནོམ་པ་འམ་རྒྱང་རིང་པོ་འམ་ཐག་ཉེ་བ་དེ་ལྟ་བུ་དག་ནི ་དུ་མའི་དོན་ཏེ། འདས་པ་ལ་སོགས་པའི་རྫས་མང་པོ་དག་ལྔ་ཕུང་པོ་ཞེས་བརྗོད་པའི་ཕྱིརརོ།། བསྡུས་པའི་དོན་ནི་ཕུང་པོ་སྟེ། བསྡུས་ནས་གཅིག་ཏུ་བྱས་པའོ།། ཡོངསུ་ཕྱེ་བའི་དོན་ཡང་ཕུང་པོ་ཞེས་བྱ་བ་དང་སྦྱར་ཏེ། ཀྱང་ཞེས་བྱ་བའི་སྒྲ་ནི་དུ་མའི ་དོན་དང་བསྡུས་པའི་དོན་གཉིས་ཀྱང་བསྡུ་བའི་དོན་ཏོ།། འདི་རྒྱུ་སྨོས་པ། གཟུགས་ཀྱི་མཚནི་ཉིད་ཀྱིས་ཕུང་པོ་ནི་ཚོར་བ་ལ་སོགས་པའི་མཚན་ཉིད་ལས་ཐ་ད་དུ་རྣམ་པར་བཞག་པའི་ཕྱིརརོ།། ཞེས་བྱ་བའོ།། ཐ་དད་པ་ཡང་ཡོངསུ་ཕྱེ་བ་ནི་རྣམ ་གྲངསུ་གཏོགས་པའོ།། འདིར་ཅིའི་ཕྱིར་ན་ཡན་ལག་འདི་གསུམ་གྱི་ཕུང་པོའི་དོན་རྣམ་པར་བཞག་ཅེ་ན། ཕུང་པོའི་དོན་ནི་སྤུངས་པའི་དོན་ཏེ་ཞེས་བྱ་བས་ན་དེའི་ཕྱིར་དེ་ལྟར་རྣམ་པར་བཞག་སྟེ། འཇིག་རྟེན་ན་ཡང་མཐོང་བའི་ཕྱིརརོ།། དེ་ལྟར ་འཇིག་རྟེན་ན་ཡང་དུ་མ་དང་བསྡུས་པ་དང་ཡོངས་སུ་ཕྱེ་བ་གང་ཡིན་པ་དེ་དག་ནི་སྤངས་པ་ཞེས་བརྗོད་པར་མཐོ་།། གཟུགས་ཀྱི་ཕུང་པོ་ཇི་ལྟ་བ་དེ་བཞིན་དུ་ཚོར་བའི་ཕུང་པོ་ལ་སོགས་པ་ཡང་རིག་པར་བྱའོ།། དེ་ལ་ཇི་ལྟར་བྱུང་བ་གང་ཡིན་པ་དང ་འབྱུང་བར་འགྱུར་བ་གང་ཡིན་པ་ལ་སོགས་པ་འདི་དག་ཐམས་ཅད་ནི་སྐྱེས་བུ་ཡིནྡོ་ཞེས་བདག་གཅིག་པུར་འཛིན་པ་གང་ཡིན་པ་དེའི་གཉེན་པོར་ཇི་ནས་ཕུང་པོའི་དོན་ལ་མཁས་པར་བྱ་བ་བཤད། ཇི་ལྟ་ཞེ་ན་འདས་པ་ལ་སོགས་པ་ཐ་དད་། ་བའི་གཟུགས་ལ་སོགས་པར་གཅིག་ཏུ་བསྡུས་པ་རྣམས་ལ་གཟུགས་ལ་སོགས་པའི་ཕུང་པོར་གདགས་པའི་ཕྱིརརོ།། དེ་ཡང་རྨོངས་པ་རྣམ་པ་གསུམ་གྱི་གཉེན་པོར་ཕུང་པོ་རྣམ་གསུམ་བཞག་སྟེ། རྨོངས་པ་གསུམ་ནི་གཅིག་ཏུ་རྨོངས་པ་དང་། བཟླུམ་པ ་ལ་རྨོངས་པ་དང་། མཚན་ཉིད་འདྲེས་པ་ལ་རྨོངས་པའོ།། ཕུང་པོའི་འོག་ཏུ་ཁམས་རྣམས་བསྟན་ཏེ། དེ་བས་ན་ཕུང་པོའི་དོན་གྱི་འོག་ཏུ་ཁམས་ཀྱི་དོན་གསུངས་པ། འཛིན་དང་གཟུང་དང་དེ་འཛིན་པ།། ས་བོན་དོན་དེ་གཞན་དུ་འདོད་ཅེས་བྱ་བའོ།། གཞན་ཞེ ་བྱ་བའི་སྒྲ་ནི་ཁམས་ཉིད་དང་སྦྱར་ཏེ་ཕུང་པོའི་འོག་ཏུ་བསྟན་པའི་ཕྱིརརོ།། དེའི་ཕྱིར་བཤད་པ་བྱེད་པས་ཀྱང་། གཞན་གང་ཞེ་ན། ཁམ་སོ་ཞེས་བྱ་བ་སྨོསོ།། ས་བོན་གྱི་དོན་ནི་ཁམས་ཀྱི་དོན་ཏེ། དཔེར་ན་གསེར་ཡོད་པའི་གསེར་གྱི་ཁམས་ཞེས་བྱ་བ་སྟེ། ་གསེར་གྱི་ས་བོན་ཞེས་བྱ་བར་མངོན་པ་ལྟ་བུའོ།། དེ་ཡང་འབྲས་བུ་ཐ་དད་པས་རྣམ་པ་གསུམ་དུ་དབྱེ་བ་སྟེ། འཛིན་པའི་ཁམས་དང་གཟུང་བའི་ཁམས་དང་། དེ་འཛིན་པའི་ཁམ་སོ།། དེ་ལ་འཛིན་པའི་ས་བོན་གྱི་དོན་ནི་མིག་གི་ཁམས་ལ་སོགས་པ་སྟེ། ་གང་དག་མིག་གི་ཁམས་ནས་ཡིད་ཀྱི་ཁམས་ལ་ཐུག་གི་བར་གྱི་ཁམས་དེ་དག་མིག་གི་ཁམས་ལ་སོགས་པའོ།། དེ་དག་ཀྱང་གཟུགས་ལ་སོགས་པ་ཡུལ་འཛིན་པའི་གནསུ་གྱུར་པའི་ཕྱིར་འཛིན་པ་དག་གོ། རིགས་མཐུན ་བའི་མིག་ལ་སོགས་པ་དག་ནི་རྒྱུ་ཡིན་པའི་ཕྱིར་ཁམས་རྣམས་ཞེས་བྱའོ།། གཟུང་བའི་ས་བོན་གྱི་དོན་གཟུགས་ཀྱི་ཁམས་ལ་སོགས་པ་ནས་ཆོས་ཀྱི་ཁམས་ལ་ཐུག་གི་བར་དག་གོ།། མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཡུལ་ཡིན་པའི ་ཕྱིར་གཟུང་བ་དག་གོ།། དེ་དག་ཀྱང་དེ་བཞིན་དུ་གཟུགས་ལ་སོགས་པ་མཚུངས་པ་རྣམས་ཀྱི་རྒྱུའི་དངོས་པོ་ཡིན་པས་ཁམས་རྣམས་ཞེས་བྱའོ།། དེ་འཛིན་པའི་ས་བོན་གྱི་དོན་ནི་མི་ག་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་སྟེ། གཟུགས་ལ་སོགས་པ ་ལ་ཤེས་པའི་ངོ་བོ་ཉིད་ཡིན་པས་གཟུགས་ལ་སོགས་པ་ལ་འཛིན་པ་མི་གི་རྣམ་པར་ཤེས་པ་ཡིན་གྱི་རྣམ་པར་ཤེས་པ་ལ་ཐུག་གྲི་བར་དག་གོ།། དེ་དག་ཀྱང་མིག་རྣམ་པར་ཤེས་པ་ལ་སོགས་པ་མཚུངས་པ་རྣམས་ཀྱི་རྒྱུར་གྱུར་པའི་ཕྱིར ་ཁམས་རྣམས་ཞེས་བྱ་སྟེ། མིགྲི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དྲག་གོ།། ཁ་ཅིག་ན་རེ་མིག་ལ་སོགས་པ་ལ་མངོན་པར་ཞེན་པའི་ལས་ཀྱི་བག་ཆགས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་ནི ་མིག་ལ་སོགས་པའི་ས་བོན་ཏེ་གོ་རིམས་བཞི་ནི།། དེ་བཞིན་དུ་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་ལས་ཀྱི་བག་ཆགས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་གཟུགས་ལ་སོགས་པའི་ས་བོན་ཏེ་གོ་རིམས་པན་ནོ།། དེ་བཞིན་དུ་མིག ་ལ་སོགས་པའི་རྣམ་པར་ཤེས་པ་ལ་མངོན་པར་ཞེན་པའི་ལས་ཀྱི་བག་ཆགས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པའི་ས་བོན་ཏེ་གོ་རིམས་བཞི་ནོ།། དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་ཁམས་ཞེས་བྱ་བའི་སྒྲར ་བརྗོད་ཀྱི། མིག་ལ་སོགས་པ་ལ་ནི་མི་བྱའོ་ཞེས་ཏེ། འདི་ནི་བསམ་དགོས་པའོ།། བྱེད་པ་དང་བྱ་བ་དང་། ལས་རྣམས་ལ་རྨོངས་པ་ལྡོག་པར་བྱ་བའི་ཕྱིར་ས་བོན་གྱི་དོན་རྣམ་པ་གསུམ་ལ་ཁམས་རྣམ་པར་བཞགོ།། འདི་ལ་མིག་ལ་སོགས་པ་སྔ་མི་ནཽ་མིག་ལ ་སོགས་པ་ཕྱི་མ་དག་གི་རྒྱུར་གྱུར་པ་ཡིན་གྱི། འདི་ལ་རྒྱུ་དག་ཅེས་བྱ་བ་གཞན་གང་ཡང་མེདོ།། དེ་ལྟར་ན་ཁམས་ལ་མཁས་ན་བདག་ལ་རྒྱུར་འཛིན་པ་ལྡོག་པར་འགྱུར་རོ།། ཁམས་ཀྱི་དོན་གྱི་འོག་ཏུ་སྐྱེ་མཆེད་རྣམས་ཀྱི་དོན་བརྗོད་པར་བྱ་སྟེ། དེའི་ཕྱིར། ཚོ། ་དང་དོན་དམ་ཡོངས་སྤྱོད་ཀྱི།། ཉར་སྤྱོད་འབྱུང་སྒོ་གཞན་ཡིནོ་ཞེས་བྱ་བ་གསུང་སོ།། ཁམས་རྣམས་ལས་གཞན་པ་ནི་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལྔ་སོགས་པ་མང་ཞིག་ཀྱང་ཡོད་ལ། གཞན་ཞེས་བྱ་བའི་སྒྲ་ནི་སྦྱོར་བརྗོད་པའི་ཕྱིར། ་གཞན་གང་ཡིན་ཞེས་དྲིས་པ། ཁོམས་རྣམས་ཀྱི་འོག་ཏུ་བཤད་པའི་ཕྱིར་དོན་གྱིས་ན་སྐྱེ་མཆེད་རྣམས་ལ་གཞན་ཞེས་བྱ་བའི་སྒྲ་འདི་གནས་པར་བསྟན་པའི་ཕྱིར། སྐྱེ་མཆེད་དོ་ཞེས་བྱ་བ་སྨོསོ།། དེ་ལ་ནང་གི་སྐྱེ་མཆེད་དྲུག་པོ་དག་ནི་ཚོར ་བའི་ཉེ་བར་སྤྱོད་པ་སྐྱེ་བའི་སྒོའི་ཕྱིརོ།། ཕྱིའི་དྲུག་པོ་དག་ནི་དོན་ཡོངསུ་སྤྱོད་པའི་ཉེ་བར་སྤྱོད་པ་སྐྱེ་བའི་སྒོའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བའི་སྒོའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏོ།། སྐྱེ་བ་ནི་འབྱུང་བ་སྟེ་ཚོར་བ་དང་དོན་ཡོངསུ་སྤྱོད་པའི་ཉེ་བར་སྤྱོད ་པ་གཉིས་ཀྱི་སྐྱེ་བ་དེ་མཆེད་པར་བྱེད་པས་སྐྱེ་མཆེ་དོ།། ཚོར་བ་དང་འདུ་ཤེས་ཀྱི་ཉེ་བར་སྤྱོད་པ་སྐྱེ་བའི་སྒོའི་བྱེ་བྲག་གིས་ཕྱི་དང་ནང་དུ་དབྱེ་སྟེ། ཚོར་བ་ནི་བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའོ།། ། ་དེ་ཉིད་ཉེ་བར་སྤྱོད་པས་ན་ཉེ་བོར་སྤྱོད་པ་སྟེ། མྱོང་བ་ཞེས་བྱ་བའི་ཐ་ཚིགོ། ནང་གི་སྐྱེ་མཆེད་རྣམས་ནི་ཚོར་བའི་ཉེ་བར་སྤྱོད་པ་དེ་སྐྱེ་བའི་སྒོར་བཤདདོ།། ཡུལ་རྣམས་ཀྱང་དེ་སྐྱེ་བའི་སྒོ་ཡིན་མོད་ཀྱི་གནས་མིག་ལ་སོཌ་བ་ནི་ཕན་འདོ་ཊ་བ་དང་། གནོད་པ་བྱེད་པ་དང་།། ་ལ་ཡང་རབ་ཏུ་ཤེས་པ་དང་། ཐུན་མོང་མ་ཡིན་པས་གནསུ་གྱུར་པའི་ཕྱིར་མིག་ལ་སོགས་པ་ཡོད་ན་དེའི་སྒོ་ནུས་ཚོར་བ་ལས་སྤྱོད་པར་འགྱུར་གྱི། མེད་ན་ནི་མ་ཡིན་པའི་ཕྱིརརོ།། དོན་ཡོངསུ་སྤྱོད་པ་ནི་འདུ་ཤེས་ཏེ། དོན་ལ་མཚན་མར་འཛིན་པའི་བདག ་ཉིད་ཀྱི་ཕྱི་རོ།། དེ་ཉིད་དོན་རྟོགས་པའི་བདག་ཉིད་ཡིན་པས་ཡུལ་རྣམས་ལ་ཉེ་བར་སྤྱོད་དོ།། དེ་སྐྱེ་བའི་དངོས་པོའི་སྒོ་ཡིན་པས་ན་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་བཤད་ཀྱི། ནང་གི་རྣམས་ནི་མ་ཡིན་ཏེ། སྐྱེ་བའི་སྒོ་ཡིན་དུ་ཟིན་ཀྱང་འདི་ལྟར་ཡུལ་གྱི་དངོས ་བོ་མེད་ནི་ནང་གི་མིག་ལ་སོགས་པའི་སྐྱེ་མཆེད་ཡོད་ཀྱང་དོན་ཡོང་སུ་གཅོད་པ་ལ་ཉེ་བར་སྤྱོད་པ་མེད་པར་འགྱུརརོ།། ཚོར་བ་དང་དོན་ཡོངསུ་གཅོད་པ་མཚུངས་པར་ལྡན་པ་དང་བཅས་པ་དག་སྐྱེ་བའི་སྤྱིའི་དངོས་པོ་ཡིན་པའི་ཕྱིར་སྐྱེ་མཆེད་འདི་དག་རིག ་པར་བྱ་སྟེ། གཙོ་བོར་ནི་གཉིས་གཟུང་།། གཙོ་བོར་གཟུང་བ་ནི་ལས་ཀྱི་འབྲས་བུ་ཁ་སྤྱོད་པ་དང་། དོན་ཡོངསུ་གཅོད་པའི་བདག་ཉིད་ཡིན་པའི་ཕྱིརརོ།། ཚོར་བ་དང་དོན་ཡོངསུ་གཅོད་པ་ལ་ཉེ་བར་སྤྱོད་པའི་སྒོ་ནས་ཟ་བ་པོར་རྣམ་པར་རྟོག་པ་འབྱུང་སྟེ། དེའི་ཕྱིར ་དོན་གཉིས་ཀྱི་སྐྱེ་མཆེད་རྣམ་པར་བཞག་པ་བྱསོ།། དེ་ལྟར་སྐྱེ་མཆེད་ལ་མཁས་པ་ཟ་བ་པོ་ནི་ནང་གི་སྐྱེ་མཆེད་རྣམས་ཡིན་ལ། བཟའ་བར་བྱ་བ་ནི་ཕྱིའི་རྣམས་ཡིན་ཏེ། ཟ་བ་པོའི་བདག་མེདོ་སྙམ་ནས་བདག་ཟླ་བ་པོར་འཛིན་པ་ལྡོག་པར་འགྱུརརོ།། ་མིག་ལ་སོགས་པའི་སྐྱེ་མཆེད་ལ་ཕན་པ་དང་། གནོད་པའི་ཕྱིར་དེའི་གནས་ཉིད་ཟ་བ་པོར་ཐ་སྙད་བཏགསོ།། གང་བཤད་པ་དེ་མི་རིགས་ཏེ། གཟུགས་བཀག་པའི་ཕྱིར་བདག་བཞིན་དུ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱང་མེད་པའི ་ཕྱིརརོ་ཞེ་ན། འདི་ནི་ཀླན་ཀོར་མི་རུང་སྟེ། འདི་ལྟར་ཀུན་བརྟགས་པའི་གཟུགས་ཁོ་ན་འདིར་དགག་པར་བྱའི། རྣམ་པར་བརྟགས་པའི་གཟུགས་ནི་མ་ཡིནོ།། དེ་ལ་མིག་ལ་སོགས་པར་སྤྲོས་པས་བསྒོས་པའི་ལས་ཀྱིས་འཕྱངས་པས་ཀུན་གཞི། ་རྣམ་པར་ཤེས་པ་འགྱུར་བའི་ཁྱད་པར་རྙེད་པ་ནི་ནང་གི་སྐྱེ་མཆེདདོ།། རྒྱུ་དེ་ལས་བྱུང་བ་འཇུག་པའི་རྣམ་པར་ཤེས་པ་ལ་གཟུགས་ལ་སོགས་པར་སྣང་བ་ནི་ཕྱིའི་སྐྱེ་མཆེདདོ།། ཀུན་གཞི་རྣམ་པར་ཤེས་པ་ཐུན་མོང་གི་དོན་དུ་སྣང་བ་གང ་ཡིན་པ་དང་། སེམས་ཅན་དུ་སྣང་བ་གང་ཡིན་པ་དེ་ཡང་གཟུང་བ་དང་འཛིན་པར་སྣང་བ་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བའི་བདག་པོའི་རྐྱེན་ཡིན་པའི་ཕྱིར་ཕྱིའི་སྐྱེ་མཆེད་ཅེས་བྱའི། དེ་ཡུལ་དུ་གྱུར་པའི་ཕྱིར་ནི་མ་ཡིནོ།། དེ་ལྟར་ན་གོ། ་མདོ་སྡེ་ལས་གཉིས་ལ་རྟེན་ནས་མིག་རྣམ་པར་ཤེས་པ་ལ་སོགས་པ་སྐྱེའོ་ཞེས་འབྱུང་བ་དང་མི་འགལ་ལམ། གཟུགས་ལ་སོགས་པར་སྣང་བ་ནི་རྣམ་པར་ཤེས་པ་ལས་ཐ་དད་ན་དེ་ཉིད་སྐྱེ་བའི་རྐྱེན་དུ་དེ་ཉིད་འགྱུར་བར་ནི་མི་རིགས་ཏེ། ་སྐྱེས་པ་དང་མ་སྐྱེས་པའི་དུས་ཡོད་པ་དང་མེད་པའི་ཕྱིར།། བདག་ཉིད་ལ་འཇུག་པ་འགལ་བའི་ཡང་ཕྱིརརོ།། འདི་ལྟ་བས་ན་གདོན་མི་ཟ་བར་རྣམ་པར་ཤེས་པ་སྣང་བ་ཁས་ཐ་དད་པར་གྱུར་པ་གཟུགས་ལ་སོགས་པར་ཁས ་བླང་བར་བྱའོ་ཞེ་ན། འདི་ཡང་ཀླན་ཀར་མི་རུང་སྟེ། འདི་ལྟར་གཟུགས་ལ་སོགས་པའི་སྣང་བའི་རྣམ་པར་ཤེས་པ་ནི་འདྲི་བའི་རྣམ་པར་ཤེས་པ་སྐྱེ་བར་བྱ་བའི་ཕྱིར་རྐྱེན་གྱིས་རྣམ་པར་ཤེས་པ་ལ་བག་ཆགས་འཛེག།། བག་ཆགས་ཡོངསུ ་གྱུར་ནས་ཡང་གཟུགས་སོགས་པར་སྣང་བའི་རྣམ་པར་ཤེས་པ་སྐྱེ་སྟེ། དེ་ལྟར་ན་རྣམ་པར་ཤེས་པ་གཟུགས་ལ་སོགས་པར་སྣང་བའི་བདག་ཉིད་ཀྱིས་བགོ་ཆགས་བསྐྱེད་པ་རྣམ་པར་ཤེས་པའི་རྐྱེན་ཡིན་པར་བཤད་པས་ན་མདོ་སྡེ ་དང་འགལ་བར་འགྱུར་བ་མེད་དོ།། དེ་ལྟར་ན་རང་སྣང་བའི་རྣམ་པར་ཤེས་པའི་རྐྱེན་ཡིན་པའི་ཕྱིར་གཟུགས་ལ་སོགས་པར་སྣང་བ་ནི་དམིགས་པའི་དོན་དུ་འཐད།། ཡང་ནི་ཇི་ལྟར་ཕྱིའི་དོན་དུ་སྨྲ་བ་དག་གིས་བསྐྱེད་པར་བྱ་བ་དང་། སྐྱེད ་པ་པོ་ལྟ་བུར་མེད་ཀྱང་དེ་ཡོད་པ་དང་མེད་པ་ལས་རྣམ་པར་ཤེས་པ་ཡོད་པ་དང་མེད་པར་འགྱུར་བའི་དབང་དུ་བྱས་ནས་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ནི་དམིགས་པའི་རྐྱེན་དུ་འཇོག་པ་དེ་བཞིན་དུ་འདིར་ཡང་གཟུགས ་ལ་སོགས་པ་སྣང་བའི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་དང་སྐྱེད་པ་པོའི་དངོས་པོར་མེད་ཀྱང་དེ་ཡོད་པ་དང་མེད་པ་ལས་རྣམ་པར་ཤེས་པ་ཡོད་པ་དང་མེད་པར་འགྱུར་བ་འཁྲུལ་པ་མེད་པའི་ཕྱིར་རྐྱེན་དང་རྐྱེན་ཅན་དུ་རྣམ་པ ་བཞའོ།། གཟུགསུ་སྣང་བ་དང་རྣམ་པར་ཤེས་པ་གཉིས་ཐ་མི་དད་པའི་ཕྱིར་དཔེ་དང་དངོས་མི་འདྲའོ་ཞེ་ན། མ་ཡིན་ཏེ། ཐ་དད་པར་གདགས་པའི་ཕྱིརརོ།། དཔེར་ནུ་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་རྣམ་པར་ཤེས་པ་དོན་དམ ་པར་ཐ་མི་དད་མོད་ཀྱི། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་གནས་ཡིན་པའི་ཕྱིར་གཟུང་བ་དང་འཛིན་པའི་རྣམ་པར་ཐ་སྙད་ཀྱི་ཐ་དད་པ་ལྟ་བུར་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོར་རྣམ་པར་བཞག་བ་དེ་བཞི ་དུ་གཞན་ལ་ཡང་འགལ་བ་མེདོ།། གཞན་ཡང་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོ་ནི་ཐམས་ཅད་ཡང་གདགས་པ་ཉིད་དུ་ཟད་ཀྱི་དངོསུ་མེད། རྣམ་པོར་ཤེས་པ་ནི་སྐྱེས་པ་འོ་མ་མ་སྐྱེས་པས་ཀྱང་ཡུལ་ལ་དམིགས་པར་མི ་འགྱུར་ཏེ་སྐྱེ་མ་ཐག་ཏུ་ཞིག་པའི་ཕྱིར་དམིགས་པར་བྱེད་པའི་ཚེ་མི་སྡོད་པ་དང་མེད་པའི་ཕྱིར།། ཡུལ་ཡང་སྐྱེས་པ་དང་མ་སྐྱེས་པ་གཉིས་ཀ་ལ་ཡང་དམིགསུ་མི་རུང་སྟེ། སྐྱེས་པ་ནི་གནས་པ་མེད་པ་དང་། མ་སྐྱེས་པ་ནི་མེད་པའི་ཕྱིར་ཏེ། གཞི ་མེད་པ་ལ་ནི་དམིགས་པར་བྱར་མི་རུ་།། གང་གིས་ལྟར་ཡོད་པ་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོ་དེ་ཉིད་དམིགས་པར་བྱ་བ་དང་དམིགས་པར་བྱེད་པར་འཇོག་པ་དེའི་ལྟར་ནོ་ཡང་ད་ལྟར་གྱི་རྣམ་པར་ཤེས་པའི་དམིགས་པ་ནི་དོན་མེད་པར་འགྱུར ་ཏེཏེདེའི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིརརོ།། སྐྱེ་བའི་ཚེའང་དོན་མེད་པར་འགྱུར་ཏེ། མེད་པའི་ཕྱིར།། སྐྱེ་བའི་ཚེ་དོན་མེད་པར་མི་འགྱུར་ཏོ། འདི་ལྟར་ཡུལ་གྱི་དངོས་པོ་ཡོད་ན་རྣམ་པར་ཤེས་པ་དེར་སྣང་བའི་བདག་ཉིད་འཐོབ་པའི་ཕྱིརརོ་ཞེ་ན། གལ་ཏེ་ཡུལ་དུ་སྣང ་བའི་རྣམ་པར་ཤེས་པའི་རྒྱུ་ཕྱི་རོལ་གྱི་དོན་ཡིན་ཏེ། དེ་ལྟར་ན་འདས་པ་དང་མ་འོངས་པ་དང་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་རྣམ་པ་མེད་པར་འགྱུརརོ།། ཡང་ན་དེའི་དོན་མེད་པས་མེད་པ་ཉིད་དུ་འགྱུརརོ།། རྐྱེན་མ་ཚང་བ་ནི་འབྲས་བུ་འབྱུང ་བར་མི་རུང་སྟེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར།། མེད་པ་ནི་རྐྱེན་དུ་མི་རུ་།། ཕྱིའི་དོན་ཡང་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་དུ་མི་འགྱུར་ཏེ། དེ་མེད་ཀྱང་འབྱུང་བའི་ཕྱིརརོ།། དེ་བས་ན་རབ་རིབ་ཅན་ལ་སོགས་པའི་རྣམ་པར་ཤེས་པ་ཐད་ཕྱིར་དོན ་དམིགས་པ་ལ་མི་བལྟོས་པ་ཉིད་ཁས་བླང་བར་བྱའོ།། སྐྱེ་མཆེད་ཀྱི་དོན་གྱི་འོག་ཏུ་རྟེན་ཅིང་འབྲེལ་པར་འབྱུབ་པའི་དོན་བརྗོད་དགོས་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏེ། རྒྱུ་དང་འབྲས་བུ་རྩོལ་བ་ལ། སྒྲོ་འདོགས་མེད་ཅིང་སྐུར་འདེབས་མེད ་ཅེས་བྱ་བ་སྨོསོ།། གཡོ་བ་མེད་དང་མི་རྟག་པ་དང་ནུས་པའི་རྐྱེན་ལས་བྱུང་བའི་དོན་ཏོ།། མདོ་སྡེ་ལས་ཀྱང་འདི་སྐད་དུ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་རྒྱ་ཆེར ་གསུངས་པོ་ལྟ་བུའོ།། འདི་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་དང་འབྲས་བུ་དང་བྱེད་པ་རྣམས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དགག་པོར་འདོད་པར་བསྟན་པའི་ཕྱིར། རྒྱུ་དང་འབྲས་བུ་དང་བྱེད་པ་རྣམས་ལ་སྒྲོ་འདོགས་པ་མེད་པ ་དང་སྐུར་པ་འདེབས་པ་མེད་པའི་དོན་ནི་རྟོན་ཅིང་འབྲེལ་པར་འབྱུང་བའི་དོན་ཞེས་བྱ་བ་སྨོས།། རྩོལ་བ་ཞེས་བྱ་བའི་སྒྲ་ནི་བྱེད་པར་བཤད།། དེ་ལ་རྒྱུ་ལ་སྒྲོ་འདོགས་པ་ནི་མ་རིག་པ་ལ་སོགས་པ་བོར་ནས་སྐྱེས་བུ་དང་དབང་ཕྱུག་དང་བདག་དང ་གཙོ་བོ་ལ་སོགས་པ་ལ་རྒྱུ་ཉི་དུ་རྟོག་པའི་ཕྱིར།། དེ་བསྟན་པར་བྱ་བའི་ཕྱིར། འདུ་བྱེད་ལ་སོགས་པ་ཐ་མ་རྒ་ཤི་ལ་ཐུག་པ་དག་གི་མི་མཐུན་པའི་རྒྱུ་ལ་རྟོག་པའི་ཕྱིརརོ་ཞེས་བྱ་བ་སྨོ་སོ།། འདུ་བྱེད་ལ་སོགས་པ་མི་རྟག་པ་རྣམས་ཀྱི་རྒྱུ་སྐྱེས་བུ་ལ ་སོགས་པ་རྟག་པ་ནི་མི་མེཐུན་པ་སྟེ། མི་འདྲ་ཞེས་བྱ་བའི་ཐ་ཚི་གོ།། ཡང་ན་རྒྱུའི་རང་བཞིན་འགྱུར་བ་ལ་བལྟོས་ནས་ས་བོན་ལ་སོགས་པ་མཐོང་སྟེ། རང་བཞིན་རྟོག་པ་ལ་ནི་འགྱུར་བ་མེ་དོ།། མི་མཐུན་པའི་རྒྱུ་ཉིད་ལ་རྒྱུར་རྟོག་པའི་ཕྱིར་རྒྱུ་ལ་སྒོ ་འདོགས་པའོ།། རྒྱུ་ལ་སྐུར་པ་འདེབས་པ་ནི་རྒྱུ་མེད་པ་ཅན་དུ་རྟོག་པའི་ཕྱིར་ཞེས་བྱ་བ་ནི་འདུ་བྱེད་ལ་སོགས་པ་རྒྱུ་མེད་པར་སྐྱེ་བར་ཁས་བླང་བས་འདུ་བྱེད་ལ་སོགས་པའི་རྒྱུ་མ་རིག་པ་ལ་སོགས་པ་གསལ་བ་ཡིནོ།། འབྲས་བུ་ལ་སྒྲོ་འདོགས་པ། ་ནི་བདག་དང་བཅས་པའི་འདུ་བྱེད་ལ་སོགས་པ་མ་རིག་པ་ལ་སོགས་པའི་རྐྱེན་ལོས་འབྱུང་བར་རྟོག་པའི་ཕྱིརརོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་བདག་ཡོ་ན་ནི་འདུ་བྱེད་ལ་སོགས་པའི་རྐྱེན་རྣམས་ལས་འབྱུང་གི། མེད་ན་ནི་མ་ཡི་ནོ་ཞེས་འདས་བུ ་འདུ་བྱེད་ལ་སོགས་པར་བདགས་སྒྲོ་འདོགས་པ་ཞེས་བྱའོ་ཞེའོ།། གཞན་དག་ན་རེ་བདག་གི་རྫས་དང་ལྡན་པས་སོམ། དེ་ཕན་པ་དང་གནོད་པ་བྱེད་པས་བདག་དང་བཅས་པའི་འདུ་བྱེད་ལ་སོགས་པ་ནི་མ་རིག་པ་ལ་སོགས་པའི་རྐྱེན་ལས ་འབྱུང་བར་རྟོག་པའི་ཕྱིར་འབྲས་བུ་ལ་སྒྲོ་འདོགས་པ་ཞེས་བྱའོ།། འབྲས་བུ་ལ་སྐུར་པ་འདེབས་པ་ནི་འདུ་བྱེད་ལ་སོགས་པ་མ་རིག་པ་ལ་སོགས་པའི་རྐྱེན་གྱིས་འབྱུང་བ་མེད་པར་རྟོག་པའི་ཕྱིརརོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ལེགས་པར་སྤྱད་པ ་ཡང་མེད་འཇིག་རྟེན་ཕ་རོལ་ཡང་མེ་དོ་ཞེས་མེད་པ་རྣམས་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པ་དང་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པར་སྨྲ་བའོ།། བྱེད་པ་ལ་སྒྲོ་འདོགས་པ་ནི་འདུ་བྱེད་ལ་སོགས་པ་སྐྱེ་བ་མ་རིག་པ་ལ་སོགས་པ ་བྱེད་པ་རྟོག་པའི་ཕྱིརརོ་ཞེས་བྱ་བ་ནི་གལ་ཏེ་འདུ་བྱེད་ལ་སོགས་པ་སྐྱེ་བ་ལ་མ་རིག་པ་ལ་སོགས་པ་དངོས་པོའི་རང་བཞིན་དོན་གཞན་དུ་གྱུར་པ་ཞིག་བྱེད་པར་རྟོག་པ་དེ་ལྟ་བུ་ནི་བྱེད་པ་ལ་སྒྲོ་འདོགས་པའོ།། བྱེད་པ་ལ་བསྐུར་པོ་འདེབས་པ་ནི་ནུས་པ་མེད་པ ་རྟོག་པའི་ཕྱིར་ཞེས་བྱ་བ་ལ། མ་རིག་པ་ལ་སོགས་པ་ཡོད་པ་ཙམ་གྱིས་འདུ་བྱེད་ལ་སོགས་པ་སྐྱེ་བར་ནུས་པ་ཡིན་ཡང་ནུས་པ་མེད་པར་རྟོག་པའི་ཕྱིར་བྱེད་པ་ལ་སྐུར་པ་འདེབས་པའོ།། དེ་མེད་པའི་ཕྱིར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་མེད་པར་རིག ་པར་བྱའོ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དང་བྱེད་པ་རྣམས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དེ་མེད་པའི་ཕྱིར་སྒྲོ་འདོགས་པ་མེད་པ་དང་སྐུར་པ་འདེབས་པ་མེད་པར་རིག་པར་བྱའོ།། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་འདི་ནི་མ ་རིག་པ་ལས་གཞན་པ་བདག་གམ་གཞན་ཡང་རུང་སྟེ། བྱེད་པར་འཛིན་པ་གང་ཡིན་པ་དེའི་གཉེན་པོ་ཡིན་པར་རིག་པར་བྱའོ།། འདི་ལ་མ་རིག་པ་མ་གཏོགས་པར་དགེ་བ་དང་མི་དགེ་བའི་ལས་རྣམས་བྱེད་པ་ནི་བདག་གམ་གཞན་ཡང་རུང་སྟེ། ་མེདོ།། འདུ་བྱེད་རྣམས་མ་གཏོགས་པར་རྣམ་པར་ཤེས་པའི་བྱེད་པ་གཞན་མེ་དོ།། ཐམས་ཅད་དུ་ཡང་ཅི་རིགས་པར་བརྗོད་པར་བྱ་སྟེ། མ་རིག་པ་ལ་སོགས་པ་གཡོ་བ་མེད་པ་མི་རྟག་པ་ལ་སོགས་པ་ནུས་པ་ཡོད་པ་དག་ལས་འདུ་བྱེད་ལ་སོགས ་བ་འབྱུང་བའི་ཕྱིརརོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གྱི་འོག་ཏུ་གནས་དང་གནས་མ་ཡིན་པའི་དོན་བརྗོད་དགོས་ཏེ། དེའི་ཕྱིར་མི་འདོད་འདོད་དང་རྣམ་དག་དང་།། མཉམ་དུ་འབྱུང་དང་དབང་བྱེད་དང་།། འཐོབ་དང་ཀུན་ཏུ་སྤྱོད་པ་དག། གཞན་དབང་ཉིད ་ཀྱི་དོན་དེ་གཞན།། ཞེས་བྱ་བ་གསུང་སོ།། གནས་དང་གནས་མ་ཡིན་པ་ནི་གཞན་གྱི་དབང་ཉིད་རྣམ་པ་བདུན་གྱི་དོན་གྱིས་རིག་པར་བྱ་སྟེ་ཞེས་བྱ་བ་དེ་ལ་གནས་ནི་རྒྱུ་ཡི་ནོ།། གནས་མ་ཡིན་པ་ནི་རྒྱུ་མོ་ཡིན་ཏེ། ཇི་སྐད་དུ་བདེན་པར་སྤྲོ་ཞིང་ཁྲོ་བ་མེད།། སློང་ལ་ཆུང ་ཡང་སྦྱིན་པར་བྱ།། རྣམ་པ་འདི་གསུམ་གནས་ཀྱིས་ནི།། ལྷ་མིན་ནང་དུ་སྐྱེ་བར་འགྱུར། ཞེས་ཚིགསུ་བཅད་པ་ལས་འབྱུང་བ་ལྟ་བུ་སྟེ། རྒྱུ་ཡིན་པར་མངོན།། ཡང་ན་གནས་ནི་སྲིད་པའོ།། གནས་མ་ཡིན་པ་ནི་མི་སྲིད་པའོ།། དེ་ལ་མཁས་པ་ནི་གནས་དང་གན ་མ་ཡིན་པ་ལ་མཁས་པའོ།། གཞན་གྱི་དབང་གི་དངོས་པོ་གཞན་གྱི་དབང་ཉིད། གཞན་ལ་རག་ལས་ཤེས་བྱ་བའི་ཐ་ཚི་གོ།། རྣམ་པ་དེ་བདུན་ཡང་ལས་དང་ཉོན་མོངས་པ་དང་ཚེའི་གཞན་གྱི་དབང་ཉིད་གསུམ་དུ་འདུསོ།། དེ་ལ་མི་འདོད་པའི་གཞན་གྱི་དབང ་ཉིད་ནི་ཞེས་བྱ་བ་ལ། མི་འདོད་པ་ནི་ངན་འགྲོ་རྣམས་ཏེ། དེར་འགྲོ་བ་གཞན་གྱི་དབང་ཉི་དུ་བསྟན་པའི་ཕྱིར། ཉེས་པར་སྤྱོད་པ་སྲོག་གཅོད་པ་ལ་སོགས་པ་ལུས་དང་ངག་དང་ཡིད་ཀྱི་ལ་སུ་བསྡུས་པ་སྦྱོར་བ་དང་བཅས་པ་དང་འཇུག་གིས་མི་འདོད་བཞིན་དུ ་ཡང་ངན་འགྲོར་འགྲོ་བའི་ཕྱིར་ཞེས་བྱ་བ་སྨོས།། ངན་འགྲོ་དག་ནི་སེམས་ཅན་དམྱལ་བ་དང་། ཡི་དགོས་དང་དུང་འགྲོའོ།། དེ་དག་ཤིན་ཏུ་སྡུག་བསྔལ་བའི་ཕྱིར་དེར་འགྲོ་འདོད་པ་ནི་སུ་ཡང་མེད་མོད་ཀྱི། ལས་རྣམས་སྟོབས་དང་ལྡན་པ་ངན་འགྲོའི་རྒྱུ ་ཡང་ཡིན་པས་ཉེ་བར་སྤྱོད་པ་ནི་མི་འདོད་བཞིན་དུ་ལས་ཀྱི་དབང་གིས་དེར་འགྲོ་བར་འགྱུར་རོ།། འདོད་པའི་གཞན་གྱི་དབང་ཉིད་ནི་ལེགས་པར་སྤྱད་པས་བདེ་འགྲོར་འགྲོ་བའི་ཕྱིརརོ།། ཞེས་བྱ་བ་ལ། འདོད་པ་ནི་བདེ་འགྲོར་འགྲོ་བའོ།། བདེ ་འགྲོ་ནི་ལྷ་དང་མིའོ།། ལེགས་པར་སྤྱོད་པ་ནི་སྲོག་གཅོད་པ་ལ་སོགས་པ་སྦྱོར་བ་དང་བཅས་པ་དང་། འཇུག་པ་རྣམས་ལས་ལོག་པ་དང་། སྟོན་པ་དང་། བླ་མ་དོང་སྟོན་དང་ལྡན་པ་ལ་སོགས་པ་ལ་སྦྱིན་པ་དང་རིམ་གྲོ་དང་བཀུར་སྟི་ལ་སོགས་པ་བྱེད ་པ་དང་བྱམས་པ་དང་སྙིང་རྗེ་ལ་སོགས་པ་སྟོན་གྱི་ཁྱད་པར་རྣམ་སོ།། གཞན་གྱི་དབང་ཉིད་ནི་ལེགས་པར་སྤྱད་པ་མེད་པར་གཞན་གྱིས་ནི་འདོདདུ་ཟིན་ཀྱང་བདེ་འགྲོར་འགྲོ་བ་མེད་པའི་ཕྱིར་ཏེ། བདེ་འགྲོར་སྐྱེ་བ་ནི་ལེགས་པར་སྤྱད་པ་ལ་རག་ལུས་པ ་ཉིད།། རྣམ་པར་དག་པའི་གཞན་གྱི་དབང་ཉིད་ནི་ཆེས་རྒྱུ་ཆེར་འབྱུང་བ་ལ་རྣམ་པར་དག་པ་ནི་ཉོན་མོངས་པ་སྤངས་པའོ།། སྒྲིབ་པ་ལྔ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གྲཝཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམོ ་རྨུགས་པ་དང་གཉིད་གཅིག་ཏུ་བསྡུས་ཏེ་ལྔར་འགྱུ་རོ།། དགེ་བའི་ཕྱོགས་ལ་སྒྲིབ་པར་བྱེ་བྲག་མེད་པས་སྒྲིབ་པ་རྣམསོ།། བྱེ་བྲག་དུ་ནི་སྒྲིབ་པ་རྣམས་ཤེས་མངོན་པར་དགའ་བ་དང་། ལུས་དང་དྲག་གི་ལས་མི་ཆེ་བ་ལ་ཚངས་པ་མཚུངས་པར ་སྤྱོད་པ་རྣམས་ཀྱིས་ལེགས་པར་བླངས་པ་ལེགས་པར་སྒྲུབ་པ་དང་། ཞི་གནས་ཀྱི་དུས་ན་མ་བྱིན་པ་དང་། རབ་ཏུ་འཛིན་པའི་དུས་ན་མི་གཡེང་བ་དང་། ཞི་གནས་དང་ལྷག་མཐོང་གི་དུས་ན་རང་གི་ངང་གིས་འཇུག་པ་ལ་རིམ་པ་བཞིན་དུ་བསྒྲིབས་པས་ན ་སྒྲིབ་པ་རྣམས་ཞེས་བྱའོ།། དེ་དག་མ་སྤངས་ལགས་ཞེས་བྱ་བ་ནི་མ་བཏང་བའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་བར་དུ་མ་བསྒོམས་ན་ཞེས་བྱ་བ་ལ། བར་དུ་ཞེས་བྱ་བ་ནི་མཐའ་བརྗོད་པ་སྟེ། དྲན་པ་ཉེ་བར་བཞག་པ་རྣམས་དང་ཡང་དག་པར་སྤོང་བ ་རྣམས་དང་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་བསྡུའོ།། སྡུག་བསྔལ་གྱི་མཐའ་མི་བྱེད་པའི་ཕྱིརརོ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་མཐའ་ནི་གང་ན་སྡུག་བསྔལ་མེད་པ་སྟེ། དེ་ནི་མྱ་ངན་ལས་འདས་པའོ།། དེ་མི ་བྱེད་པ་ནི་མི་འཐོབ་པ་སྟེ། མྱ་ངན་ལས་འདས་པ་མི་འཐེ་བོ་ཞེས་བྱ་བའི་ཐ་ཚིགོ།། ཡང་ན་སྡུག་བསྔལ་གྱི་མཐའ་ཞེས་བྱ་བ་ནི་སྡུག་བསྔལ་གང་ལས་སྡུག་བསྔལ་གཞན་དང་མཚམས་མོ་སྦྱོར་བའོ།། དེ་ནི་སྡུག་བསྔལ་དེ་ལྟ་བུར་མི་བྱེད་པ་སྟེ། སྡུག ་བསྔལ་དང་མཚམས་སྦྱོར་བར་མི་བྱེད་ཅེས་བྱ་བའི་དོན་ཏོ།། སྒྲིབ་པ་ལྔ་སྤངས་པ་ལ་རག་ལུས་པའི་ཕྱིར་རྣམ་པར་དག་པ་གཞན་གྱི་དབང་ཉིད།། མཉམ་དུ་འབྱུང་བའི་གཞན་གྱི་དབང་ཉིད་ནི་དེ་བཞིན་གཤེགས་པ་དང་འཁོར་ལོ་སྒྱུར་བ་གཉིས ་ཉིས་སྔ་ཕྱི་མེད་པར་ཞེས་བྱ་བ་ནི་ལྷན་ཅིག་ཅེས་བྱ་བའི་ཐེ་ཚིགོ།། དེ་བཞིན་གཤེགས་པ་གཉིས་དང་འཁོར་ལོ་སྒྱུར་བ་གཉིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་མི་འབྱུང་ཞེས་བྱ་བ་ནི། ཁ་ཅིག་ན་རེ་དེ་བཞིན་གཤེགས་པ་གཉིས་སྟོང་གསུ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམ་སུ་མི་འབྱུང་བར་འདོད་ཀྱི་འཁོར་ལོ་སྒྱུར་བ་གླིང་བཞི་པར་འབྱུང་བར་མི་འདོ་དོ་ཞེའོ།། གཞན་དག་ན་དེ་བཞིན་གཤེགས་པ་གཉིས་ཀྱང་གླེང་བཞི་པ་ཉི་དུ་མི་འབྱུང་ཞེས་ཟེར་ཏེ། སངས་རྒྱས་བཅོམ་ལྡན་འདས ་རྣམས་ནི་ཆོས་ཀྱི་སྐུའི་དབང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམ་སུ་གླིང་བཞི་པ་རེ་རེ་ཡང་སྤྲུལ་པའི་སྐུས་མངོན་པར་བྱང་ཆུབ་པ་དང་ཡོངསུ་མྱ་ངན་ལས་འདས་པ་ཡང་སྟོན་ཏེ། འདི་ལྟར་གླིང་བཞི་པ་གཅིག་ཏུ་དག ་ལྡན་དང་། མི་རྣམས་ཀྱི་ནང་དུ་ཡང་ཚེ་ཡོང་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགོངས་པ་སྟེ། དེ་ནི་གླིང་བཞི་པ་གཞན་དུའང་འདྲའོ།། དེ་ལྟ་བས་ན་འོག་མིན་གྱི་གནས་ཉི་དུ་བཅོམ་ལྡན་འདས་མངོན་པར་སངས་རྒྱས་ནས་སྤྲུལ་པའི་སྐུས ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཁོང་སུ་གཏོགས་པའི་གླིང་བཞི་པ་རེ་རེ་ཡང་དགའ་ལྡན་དུ་སྐྱེ་བ་དང་། འཆི་འཕོ་དང་། མིའི་ནང་དུ་ཚེ་ཡོངསུ་འཛིན་པ་ལ་སོགས་པ་ཐམས་ཅད་སྟོན་ཏོ་སྙམ་དུ་སེམ་སོ།། འདི་ལ་སངས་རྒྱས་ད ་འཁོར་ལོ་སྒྱུར་བ་འབྱུང་བ་ནི་མཉམ་པར་འགྱུར་བ་ཡིན་པའི་ལས་ལ་རཱག་ལས་པས་ལྷན་ཅིག་ཏུ་སྐྱེ་བར་འགྱུར་བ་གཞན་གྱི་དབང་ཉིད།། དབང་བྱེད་པའི་གཞན་གྱི་དབང་ཉིད་ནི་བུད་མེད་འཁོར་ལོ་སྒྱུར་བ་ལ་སོགས་པ་མི་བྱེད་པའི་ཕྱིར་ཞེས་བྱ ་བ་ནི་འཁོར་ལོ་སྒྱུར་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་སྐྱེས་པའི་ལུས་ཀྱིས་སྨིན་པར་ནུས་ཏེ། བུད་མེད་ལེ་ནི་བུད་མེད་རིན་པོ་ཆེ་ལ་སྤྱོད་པའི་མཐ་མེད་པའི་ཕྱིརརོ།། སོགས་པ་ཞེས་བྱ་བའི་སྒྲ་ནི་བརྒྱ་བྱིན་ལ་སོགས་པ་བསྡུའོ།། འཐོབ་པའི་གཞོ ་གྱི་དབང་ནི་བུད་མེད་ཀྱིས་རང་བྱང་ཆུབ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་མི་འགྱུར་བའི་ཕྱིརརོ་ཞེས་བྱ་བ་ལ། འཐོབ་པ་ནི་སངས་རྒྱས་དང་རང་བྱང་ཆུབ་ཉིད་འཐོབ་པའོ།། དེ་ལ་གཞན་གྱི་དབང་ཉིད་ནི་སྐྱེས་པས་འཐོབ་པར་འགྱུར ་གྱི་བུད་མེད་ཀྱི་ཐོབ་པར་མི་འགྱུར་ཏེ། དེ་ནི་གོ་རིམས་བཞིན་དུ་བསེ་རུ་ལྟ་བུར་འདྲེ་བ་མེད་པ་དང་། ས་གསུམ་གྱི་སྟོན་པར་མི་སྲིད་པའི་ཕྱིར་ཏེ། དེའང་སྐྱེ་བོ་གཡོན་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་ཡིན་པ་དང་། ཤེས་རབ་ཆུང་བས་སློབ་དཔོན་མེད་པར་མངོན་པར ་རྫོགས་པར་བྱང་ཆུབ་པའི་འོས་མ་ཡིན་པའི་ཕྱིརརོ།། ཀུན་ཏུ་སྤྱོད་པའི་གཞན་གྱིས་དབང་ཉིད་ནི་ལྟ་བ་ཕུན་སུམ་ཚོགས་པ་གསོད་པ་ལ་སོགས་པ་ཀུན་ཏུ་མི་སྤྱོད་ལགསོ་སོའི་སྐྱེ་བོ་ནི་ཀུན་ཏུ་སྤྱོད་པའི་ཕྱིར་ཏེ། ཞེས་བྱ་བ་ལྟ་བ་ཕུན་སུམ་ཚོགས་པ་ནི་བདེན་པ་མཐོང ་པབཔབའོད་གསོད་པ་ནི་སྲོག་གཅོད་པ་ཡིན། སོགས་པ་ཞེས་བྱ་བའི་སྒྲས་ནི་མ་བྱིན་པར་ལེན་པ་ལ་སོགས་པ་བསྡུས་ཏེ། གསོད་པ་ལ་སོགས་པ་དེ་དག་ནི་ལུས་དང་ངག་གི་བྱ་བའི་རང་བཞིནོ།། མཐོང་བའི་ལམོ་ཉིད་ཀྱི་གསོད་པ་ལ་སོགས་པ་ཉེས་པར་སྤྱོད ་བཔ་ཀུན་ནས་སློང་བའི་ཉོན་མོངས་པ་སྤངས་པའི་ཕྱིར་ལྟ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་ཀུན་ཏུ་མི་སྤྱོད།། སོ་སོའི་སྐྱེ་བོ་ནི་དེ་མ་སྤང་བའི་ཕྱིར་ཀུན་ཏུ་མི་སྤྱོདདོ།། དེ་མ་སྤངས་པ་ཡང་དེའི་གཉེན་པོར་ལམ་མ་སྐྱེས་པའི་ཕྱིརརོ།། དེ་ལྟར་མི་འདོད་པ་ལ་སོ། ་པ་གཞན་གྱི་དབང་ཉིད་ཀྱི་རྗེསུ་སོང་བ་གནས་མ་ཡིན་པ་ལ་མཁས་པ་ནི་སྐྱེས་བུ་དང་དབང་ཕྱུག་ལ་སོགས་པ་ལ་རང་དབང་ཅན་དུ་འཛིན་པའི་གཉེན་པོའོ།། གལ་ཏེ་རང་དབང་ཅན་འགའ་ཞིག་ཡོད་ན་ནི་ཉེས་པར་སྤྱད་པ་ལས་ངན་འགྲོར་འགྲོ་བར་མི ་འགྱུ་རོ།། དེ་བཞིན་དུ་གཞན་དག་ལ་ཡང་བརྗོད་པར་བྱའོ།། གནས་དང་གནས་མ་ཡིན་པའི་དོན་བསྟན་པའི་འོག་ཏུ་དབང་པོ་རྣམས་ཀྱི་དོན་བརྗོད་དགོས་པས་དེའི་ཕྱིར་དབང་པོ་ནི་རྣམ་པ་ཉི་ཤུ་རྩ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། མིགི་དབང་པོ་ན་ཀུན་ཤེས་པ་དང་། ་ལྡན་པའི་དབང་པོ་ལ་ཐུག་གི་བར་དུའོ།། དེ་ལ་དབང་པོའི་དོན་ནི་དབང་བྱེད་པའི་དོནོ།། གང་ཞིག་གླང་ལ་དབང་བྱེད་པ་དེ་མི་ཤེས་ནས། དེའི་ཕྱིར་འཛིན་དང་གནས་དང་རྒྱུན་མི་འཆད།། སྤྱོད་དང་དག་པ་གཉིས་ཀྱི་ཕྱིར་ཞེས་བྱ་བ་གསུངས་ཏེ། ་འདི་ལ་གཉིས་པ་དབང་བྱེད་པའི་ཕྱིར་ཞེས་བྱ་བ་རིགས་པ་ལས་ཚིག་ལེའུར་བྱས་པ་དང་མཐུན་པར་བྱ་བའི་ཕྱིར་དབང་བྱེད་པ་ཞེས་བྱ་བའི་སྒྲ་ནི་མི་མོས་པར་བལྟའོ།། དེ་བས་ན་བཤད་པ་བྱེད་པས། དེ་དག་ལ་དེ་དབང་བཱིའི་ཕྱིརོ་ཞེས་བྱ་བ་སྨོས།། ་འཛིན་པའི་ཕྱིར་ཞེས་བྱ་བ་ལ་ཕྱིར་ཞེས་བྱ་བའི་སྒྲ་ནི་འདིར་དགོས་པ་ཡིན་པར་བརྗེད།། འཛིན་པའི་དགོས་པ་སྟེ། ཆེད་པ་ཡིན་ལ། དེ་བཞིན་དུ་གཞན་དག་ལ་ཡང་ཇི་རིགས་པར་བརྗོད་པར་བྱའོ།། དེ་དག་ལ་ཞེས་བྱ་བ་ནི་དོན་འཛིན་པ་ལ་སོགས་པ་ལའོ།། ་དབང་བྱེད་ཅེས་བྱ་བ་ནི་ལྷག་པར་དབང་པོས་ན་དབང་བྱེད་པ་སྟེ་རྒྱུ་ཞེས་བྱ་བའི་ཐ་ཚོའོ།། གཟུགས་ལ་སོགས་པ་ཆོས་ལ་ཐུག་པ་དག་ནི་གཟུགས་ལ་སོགས་པ་ཡུལ་རྣམས་ཏེ། དེ་དག་ལ་འཛིན་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའོ།། དེ ་ལ་མིག་ལ་སོགས་པ་དབང་པོ་དྲུག་དབང་བྱེད་པ་ནི་མིག་ནི་གཟུགས་ཀྱི་བྱེ་བྲག་མ་ལུས་པའི་རྣམ་པར་ཤེས་པའི་རྟེན་ཡིན་པས་གཟུགས་ལ་སོགས་པ་ལ་ལྷག་པར་དབང་བྱེད་པས་ན་དབང་པོ་ཞེས་བྱ་སྟེ། གཟུགས་སྔོན་པོ་ནི་གཟུགས་སེར་པོ ་ལ་སོགས་པའི་རྣམ་པར་ཤེས་པའི་དམིགས་པར་མི་འགྱུ་རོ།། དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་ཅི་རིགསུ་རྒྱས་པར་བརྗོད་པར་བྱའོ།། གནས་པར་བྱ་བ་ལ་ནི་སྲོག་གི་དབང་པོ་དབང་བྱེད་ཞེས་བྱ་བ་ལ། སྲོག་གི་དབང་པོ་ནི་སྔོན་གྱི་ལས་ཀྱི ་བག་ཆགས་ཀྱིས་འཕངས་པའི་རྣམ་པར་སྨིན་པའི་རྒྱུད་ལ་བར་དུ་གཅོད་པའི་རྐྱེན་མེད་ན་སྐད་ཅིག་སྔ་མ་སྔ་མས་འདྲ་བའི་སྐད་ཅིག་ཕྱི་མ་ཕྱི་མ་རྣམསུ་མཚམས་སྦྱོར་བའི་མཐུ་ཡོད་པའོ།། གནས་པར་བྱ་བ་ལ་ནི་སྲོག་གི་དབང་པོ་དབང་བྱེད་ཅེས ་བྱ་བ་ལ་རྒྱུ་སྨོས་པ། འདིའི་དབང་གིས་མི་འཆི་བའི་ཕྱིརོ་ཞེས་བྱ་བ་སྟེ། མི་འཆི་བ་ནི་སྔོན་གྱི་ལས་ཀྱིས་འཕངས་པ་རིགས་མཐུན་པའི་རྗེ་སུ་འཇུག་པའོ།། ཁ་ཟས་ལ་སོགས་པ་ནི་སེམས་ཅན་གནས་པའི་རྒྱུ་ཡིན་དུ་ཟིན་ཀྱང་དབང་པོ་མ་ཡིན་ཏེ།། དེ་དག ་ཡོད་བཞིན་དུ་ཚེ་ཟད་པ་གནས་པ་མེད་པའི་ཕྱིརརོ།། གཟུགས་དང་གཟུགས་མེད་པའི་ཁམས་ན་ཁམ་གྱི་ཟ་བའི་ཟས་རྣམས་མེད་ཀྱང་སྲོག་གི་དབང་པོ་ཉིད་ཀྱིས་གནས་པ་ཡོད་པའི་ཕྱིརརོ།། དེ་ན་རེག་པ་ལ་སོགས་པ་ནི་གནས་པར་དབང་བྱེད་པར་མི ་རུང་སྟེ། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་གནས་དང་འདུ་ཤེས་མེད་པ་དག་ལ་རེག་པ་ལ་སོགས་པ་མེད་ཀྱང་སེཾན་རྣམས་གནས་པར་སྲིད་པའི་ཕྱིརརོ།། རིགས་འཚོ་བ་ལ་ཕོ་དང་མོའི་དབང་པོ་གཉིས་དབང་བྱེ་དེ་ཞེས་བྱ་བ་ལ། ་བྱུ་ན་རིགས་རྒྱུན་མི་འཆད་པར་འགྱུར་བས་བུ་འབྱུང་བ་ནི་རིགས་འཚོ་བའོ།། དེ་ཉིད་བསྟན་པའི་ཕྱིར་འབྱུང་བར་དབང་བྱེད་པའི་ཕྱིརརོ་ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་དབང་པོའི་ཕྱོགས་འགའ་ཉིད། དབང་བྱེད་པའི་བྱེ་བྲག་གིས་ཕོ་དང་མོའི་དབང་པོ་ཞེས ་བྱ་བ་འཐོ་བོ།། གང་ན་ཕོའི་དབང་པོ་དང་མེའི་དབང་པོ་ཡོད་པ་དེ་ན་རིགས་རྣམ་པར་བཞག་པ་ཡོད། དེའི་དབང་གིས་རིགས་རྒྱུན་མི་འཆདདོ།། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ནི་ཕོའི་དབང་པོ་དང་མོའི་དབང་པོ་ཡོད་པ་ལོ་རིགས་རྣམ་པར་བཞག་གི་མེད་པ ་ལ་ནི་མ་ཡིནོ།། དྲི་ཟླ་ལ་སོགས་པ་ལ་ནི་དེ་ལ་དབང་བྱེད་པ་མེད། དྲི་ཟ་ལ་སོགས་པ་ཡོ་དུ་ཟིན་ཀྱང་ཕོ་མོའི་དབང་པོ་མེད་པ་མ་ནིང་ལ་སོགས་པ་ལ་བུ་འབྱུང་བའི་མཐུ་མེད་པའི་ཕྱིརརོ།། ཟས་ལ་སོགས་པ་ནི་དབང་བྱེད་པ་ཡིན་ཡང་སེཾན་གྱི ་གྲངསུ་མ་གཏོགས་པས་དབང་པོ་ཞེས་མི་བྱའོ།། ཉེ་བར་སྤྱོད་པ་ལ་ནི་ཚོར་བའི་དབང་པོ་རྣམས་ཏེ་ཞེས་བྱ་བ་ནི་དབང་བྱེད་ཅེས་བྱ་བ་དང་སྦྱར་ཏེ། ཇི་ལྟར་ཞེ་ན་དེའི་ཕྱིར། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པའི་ཕྱིརརོ་བྱ་བ་སྨོསོ།། ཚོར ་བའི་དབང་པོ་ནི་ལྔ་སྟེ། བདེ་བ་དང་སྡུག་བསྔལ་དང་ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམ་སོ།། དེ་དག་ནི་མྱོང་བའི་བདག་ཡིན་པས་དགེ་བ་དང་མི་དགེ་བ་དང་ལས་ཀྱི་འབྲས་བུ་སྤྱོད་ཀྱི། མིང་དང་གཟུགས་ནི་དེ་ལ་དབང་བྱེད་པ་མ་ཡིན་ཏེ། ་ཚོར་བའི་རྒྱུ་ཡིན་པའི་ཕྱིར།། དེའི་རྒྱུའི་དངོས་པོ་ནི་ཚོར་བ་རྣམ་པར་སྨིན་པའི་གཙོ་བོ་ཡིན་པའི་ཕྱིརརོ།། འཇིག་རྟེན་པོའི་རྣམ་པར་དག་པ་ནི་འཇིག་རྟེན་པའི་ཉོན་མོངས་པ་རྣམས་སྤངས་པའོ།། དེ་ལ་དད་པ་ལ་སོབྱས་པའོ་ཞེས་བྱ་བ་ནི་དྲང་པ་དང་། བརྩོན ་འགྲུས་དང་། དྲན་པ་དང་ཏིངངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་དང་ལྔ་སྟེ། དབང་བྱེད་ཅེས་བྱ་བར་སྙེག་སོ།། དེ་དག་ནི་མ་དད་པ་ལ་སོགས་པའི་གཉེན་པོ་ཡིན་པ་དང་འཇིག་རྟེན་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཕྱིརརོ།། གཞན་ན་རེ་ཐར་པའི་ཆ་དང་མཐུན་པས ་རབ་ཏུ་ཕྱེ་བའི་ཕྱིརརོ་ཞེའོ།། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པའོ་ཞེས་བྱ་བ་ནི་དབང་བྱེདདོ་ཞེས་བྱ་བར་སྙེགས་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་རྣམས་སྤངས་པ་ནི་འཇིག ་རྟེན་ལས་འདས་པའི་རྣམ་པར་དག་པའོ།། དེ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་གསུམ་ནི་དབང་བྱེད་པ་སྟེ། དེ་དག་མཐོང་པ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་དུ་རིམ་པ ་བཞིན་དུ་བསྡུས་པའི་ཕྱིརརོ།། དེ་ལ་དད་པ་ལ་སོགས་པ་ལྔ་དང་། ཡིད་དང་། བདེ་བ་དང་། ཡིད་བདེ་བ་དང་བཏང་སྙོམས་རྣམས་ནི་མི་ལྕོགས་པ་མེད་པ་ལ་སོགས་པ་ལ་བརྟེན་པའི་བྱེ་བྲག་གིས་ཅི་རིགས་པའི་དབང་དུ་བྱས་ཏེ། དབང་པོ་དགུ་ནི་མཐོང་བའི ་ལམ་ལ་ནི་ཀུན་ཤེས་པར་བྱེད་པའི་དབང་པོའོ།། བསྒོམ་པའི་ལམ་གྱི་ནི་ཀུན་ཤེས་པའི་དབང་པོའོ།། མི་སློབ་པའི་ལམ་ལ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ།། རྣལ་འབྱོར་པ་རྣམས་ནི་གཞན་དུ་རྣམ་པར་འཇོག་སྟེ་ཀུན་ཤེས་པར་བྱེད་པའི ་དདབང་པོ་དང་། ཀུན་ཤེས་པའི་དབང་པོ་གཉིས་ལ་ནི་དབང་པོ་བཅུ་སྟེ། སྔར་སྨོས་པ་དགུའི་ནང་དུ་ཡིད་མི་བདེ་བ་བསྟན་ན་བཅུར་འགྱུར་རོ།། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ལ་ནི་དགུ་ཉི་དོ།། དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བདག་ཉིད་སྦྱོར་བའི ་ལམ་དང་། མཐོང་བའི་ལམ་སྐད་ཅིག་བཅོ་ལྔ་དག་ལ་ནི་ཡིད་ཀྱི་དབང་པོ་དང་། དད་པ་ལ་སོགས་པ་ལྔ་དང་། མི་ལྕོགས་པ་མེད་པ་ལ་སོགས་པ་ལ་བརྟེན་པའི་བྱེ་བྲག་གིས་ཅི་རིགས་པར་བདེ་བ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་ཀྱི ་དབང་པོ་རྣམས་ལས་གང་ཡང་རུང་བའོ།། ཡིད་མི་བདེ་བའི་དབང་པོ་ནི་སྦྱོར་བའི་དུས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་འོག་ཏུ་ཐར་པ་མཆོག་འདོད་པས་བསྡུས་པར་རིག་པར་བྱའོ།། དབང་པོ་འདི་བཅུ་ནི་ཅི་རིགས་པར་སྦྱར་བར་བྱ་སྟེ། ་སྔོན་ཀུན་མི་ཤེས་པ་ཁོ་ན་ཀུན་ཤེས་པར་བྱེད་པའི་ཕྱིར་ཞུགསྔ་པས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ།། མཐོང་བའི་ལམ་སྐད་ཅིག་བཅུ་དྲུག་ནས་རྡོ་རྗེ་ལྟ་བུའི་ཏིངངེ་འཛིན་གྱི་བར་དུ་སློབ་པའི་ལམ་དེ་ལ ་དབང་པོ་རྣམ་པ་བཅུ་པོ་དེ་ཉིད་ཀུན་ཤེས་པའི་དབང་པོ་ཞེས་བྱ་བ་སྟེ། སྔོན་མི་ཤེས་པ་ཤེས་པར་བྱར་མེད་པའི་ཕྱིརརོ།། མི་སློབ་པའི་ལམོ་ལ་ཡིད་མི་བདེ་བའི་དབང་པོ་མ་གཏོགས་པར་ལྷག་མ་རྣམས་ཀུན་ཤེས་པ་དང་ལྡན་པའི་དབང་པོའི་མིང ་འཐོབོ།། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡིན་པས་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ།། དེ་ལྟར་དབང་པོ་ལ་མཁས་པ་ནི་སྐྱེས་བུ་དང་། མཐུ་བོ་ཆེ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་ལ་དབང་པོར་འཛིན་པ་གང་ཡིན་པ་དེ་ལྡོག་པར་འགྱུརརོ།། ། ་དབང་པོའི་དོན་གྱི་འོག་ཏུ་དུས་གསུམ་གྱི་དོན་བརྗོད་དགོས་པས་དེའི་ཕྱིར། འབྲས་བུ་རྣམས་སྤྱད་ཟིན་པ་དང་། དེ་བཞིན་མ་སྤྱད་གཞན་ཡིན་ཞེས་བྱ་བ་སྨོས་ཏེ། དེ་ལ་རྒྱུ་ནི་སྐྱེ་བར་བྱེད་པའི་རྒྱུའོ།། འབྲས་བུ་ནི་ཚེས་བསྡུས་པའོ།། རྒྱུ་སྤྱད་ཟིན་པོ་ནི་འབྲས ་བུ་ཕྱུང་ཟིན་པའོ།། འབྲས་བུ་སྤྱད་ཟིན་པ་ནི་མྱོང་ནས་ཡོངསསུ་ཟད་པ་སྟེ། རྣམ་པ་དེ་ལྟ་བུའི་རྒྱུ་དང་དེའི་འབྲས་བུ་ནི་འདས་པའོ།། དེའི་ཕྱིར། འབྲས་བུ་དང་དེའི་རྒྱུ་སྤྱད་ཟིན་པའི་ཕྱིར་འདས་པའི་དུསོ།། རྣམ་པ་འདི་ཉིད་ཀྱི་འབྲས་བུ་དང་། རྒྱུ་མ་སྤྱོད་པའི་ཕྱིར་མི། ་འོངས་པའི་དུསོ།། ད་ལྟར་བྱུང་བའི་དུས་ནི་དེ་ལྟར་གྱི་ཚེའི་རྒྱུས་འབྲས་བུ་བྱིན་པའི་ཕྱིར་རྒྱུ་སྤྱད་པའི་དོན་དང་དེའི་འབྲས་བུ་ནི་ད་ལྟར་གྱི་ཚེ་རྗེསུ་འབྲང་བ་ཉིད། འབྲས་བུ་མ་སྤྱད་པའི་ཕྱིར་ད་ལྟར་བྱུང་བའི་དུསུ་རིག་པར་བྱའོ།། དངོས་པོ་རྣམས་ཀྱི་སྐད ་ཅིག་སོ་སོ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པས་སྐད་ཅིག་ཉིད་ཀྱི་དབང་དུ་བྱས་ཏེ་དུས་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལ་རྒྱུ་སྤྱད་ཟིན་པ་ནི་རང་གི་འབྲས་བུ་བསྐྱེད་པའི་ཕྱིརརོ།། འབྲས་བུ་སྤྱད་ཟིན་པ་ནི་འབྲས་བུ་སྐྱེས་མ་ཐག་ཏུ་འཇིག ་པའི་ཕྱིརརོ།། དེ་ལྟར་འབྲས་བུ་དང་རྒྱུ་སྤྱད་ཟིན་པའི་ཕྱིར་འདས་པའི་དུས་ཡིན་ལ་འབྲས་བུ་དང་རྒྱུ་མ་སྤྱད་པའི་ཕྱིར་མ་འོངས་པོའི་དུས་ཏེ། དགོས་པ་མ་བསྐྱེད་པ་དང་སྐྱེད་པོ་ལ་ཞིག་པོ་མེད་པའི་ཕྱིར་འབྲས་བུ་དང་རྒྱུ་མ་སྤྱད་པར་རིག་པར་བྱའོ།། རྒྱུ། ་སྨད་ལ་འབྲས་བུ་མ་སྤྱད་པའི་ཕྱིར་ཞེས་བྱ་བ་ནི་དགོས་པ་བསྐྱེད་པའི་ཕྱིར་རྒྱུ་སྤྱད་པ་ཞེས་བྱའོ།། དགོས་པ་མ་ཞིག་པའི་ཕྱིར་འབྲས་བུ་མ་སྤྱད་པ་ཞེས་བྱའོ།། དེ་ལྟར་དུ་ས་ལ་མཁས་པ་ནི་དུས་མ་གཽཏོགས་པར་གཞན་མི་དམིགས་པའི་ཕྱིར་བདག ་རྟོག་པར་འཛིན་པ་ལྡོག་པར་འགྱུར་རོ།། དུས་གསུམ་གྱི་དོན་གྱི་འོག་ཏུ་བདེན་པ་བཞིའི་དོན་བརྗོད་དགོས་པས། དེའི་ཕྱིར། ཚོར་བ་རྒྱུ་དང་བཅས་པའི་དོན།། དེ་ཡི་རྒྱུ་ནི་སྒྲུབ་པ་ཡིན་ཞེས་རྒྱ་ཆེར་གསུང་སོ།། ཚོར་བ་ནི་སྡུག་བསྔལ་གྱི་དོན་ཏོ་ཞེས་འཇིག ་རྟེན་ན་གྲག་སོ།། བསྟན་བཅོས་ལས་ཀྱང་གང་ཅི་ཚོར་བ་ཡང་རུང་སྟེ། དོན་འདིར་སྡུག་བསྔལོ་ཞེའོ།། བདེན་པ་རྣམ་པར་བཞག་པ་ནི་ཟག་པ་དང་བཅས་པའི་བདེ་བ་དང་། སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར ་བརྒྱུ་དང་བཅས་པ་ཐམས་ཅད་སྡུག་བསྔལ་གྱི་བདེན་པའི་དོན་ཡིན་ཞེས་བསྟན་པའི་ཕྱིར་བཤད་པ་བྱེད་པས་ཀྱང་། དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་ཚོར་བ་རྒྱུ་དང་བཅས་པའི་དོན་ཞེས་བྱ་བ་སྨོ་སོ།། ཚོར་བ་ཐམས་ཅད་སྡུག་བསྔལ་ཡིན་པར ་མངོན་ཞེ་ན། དེའི་ཕྱིར་གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདིར་སྡུག་བསྔལོ་ཞེས་བྱ་བའི་ཕྱིརརོ་ཞེས་བྱ་བ་སྨོ་སོ།། ཚོར་བ་དེ་དག་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རྣམསུ ་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། སྡུག་བསྔལ་བའོ།། ཡང་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བའོ།། ཚོར་བའི་རྒྱུ་ནི་ཚོར་བའི་གནས་ཀྱི་ཆོས་རྣམསུ་རིག་པར་བྱའོ་ཞེས་བྱ་བ་ལ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ཆོས་རྣམས་ནི་ཚོར་བའི་གནས་རྣམསོ།། དེ་ལྟར་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་གྱི་བདེན་པར་བསྟན་པ་ཡིནོ།། དེའི་རྒྱུ་ནི་སྒྲུབ་པ་ཡིན། ཀུན་འབྱུང་བའི་བདེན་པ་སྟེ་ཞེས་བྱ་བ་ལ། དེའི་ཞེས་བྱ་བའི་སྒྲ ་ནི་སྡུག་བསྔལ་གྱི་བདེན་པ་དང་སྦྱ་རོ།། སྒྲུབ་པ་གང་གིས་སྡུག་བསྔལ་བསྐྱེད་པ་ནི་བསྒྲུབ་པ་སྟེ། ཀུན་འབྱུང་བའོ།། དེ་ཡང་ཚོར་བ་དང་ཚོར་བའི་གནས་ཀྱི་ཆོས་རྣམས་ལ་སྲེད་པའི་རྒྱུ་སྔོན་དུ་སོང་བའི་ལུས་དང་ངགྲ་དང་ཡིང་རབ་ཏུ་གཡོ་བའི་ངོ་བོ་ཉིད ་མདོར་ན་ཡང་སྲིད་པ་ཀུན་སློང་བའི་ལས་ནི་ཀུན་འབྱུང་བར་བསྟན་པ་ཡིནོ།། དེ་གཉིས་ཞི་བའི་ཕྱིར་འགོག་པའི་བདེན་པའོ་ཞེས་བྱ་བ་ལ། དེ་གཉིས་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་གཉིས།། ཞི་བའི་ཕྱིར་ཞེས་བྱ་བ་ནི་མི་སྐྱེ ་པའི་ཕྱིརརོ།། དེ་ལྟར་རྒྱུ་དང་བཅས་པའི་སྡུག་བསྔལ་མི་སྐྱེ་བའི་མཚན་ཉིད་ཡིན་པའི་ཕྱིར་འགོག་པོ་ལ་རྣམ་པ་གཉིས་བསྟན་པ་ཡིན་ཏེ། ཀུན་འབྱུང་བཞི་པའི་ཕྱིར་ཕུང་པོའི་ལྷག་མ་དང་བཅས་པའོ།། སྡུག་བསྔལ་ཞི་བའི་ཕྱིར་ཕུང་པོའི་ལྷག་མ ་མེད་པའོ།། དེ་ཉིད་ཀྱི་དབང་དུ་བྱས་ནས་སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་ཀྱིས་གཉེན་པོའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་བ་འགོག་པར་འགྱུར་བའི་ལམ་ནི་ལམ་གྱི་བདེན་པའོ།། དེ་ལྟར་བདེན་པ་ལ་མཁས་པ་ནི་ཀུན་ནས་ཉོན་མོངས་པ ་དང་རྣམ་པར་བྱང་བ་ཙམ་རྟོགས་ནས་དེ་དག་ལས་གཞན་པ་ལས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འཛིན་པ་ལྡོག་པར་འགྱུར་ཏེ། མེད་པའི་ཕྱིརརོ།། བདེན་པ་རྣམས་ཀྱི་དོན་གྱི་འོག་ཏུ་ཐེག་པ་གསུམ་གྱི་དོན་བསྟན་པར་བྱ་སྟེ། དེའི ་ཕྱིར་སྟོན་སྐྱོན་དང་རྣམ་མི་རྟོག། ཤེས་པས་གཞན་ལས་བདྲག་གིས་ནི།། ངེས་པར་འབྱུང་ཕྱིར་གཞན་ཞེས་བྱ་ཞེས་བྱ་བ་གསུང་སོ།། ཤེས་པ་ཞེས་བྱ་བའི་སྒྲ་ནི་སྟོན་དང་སྐྱོན་ཤེས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་གཉིས་ཀ། ་དང་སྦྱར་བར་བྱའོ།། ཡང་ན་བར་དུ་རྣམ་པར་རྟོག་ཅེས་བྱ་བའི་སྒྲ་ཞིག་མ་སྨོས་པར་ལྟ་བར་བྱའོ།། དེ་ལ་སྟོན་དང་སྐྱོན་ཤེས་པ་ནི་གཞན་ལས་དང་བདག་གིས་ཕྱེ་སྟེ། བརྗོད་པར་བྱའོ།། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་བདག་ཉིད་ཀྱིས་ཏེ། དེ་བས ་ན་འབྲེལ་པ་ལས་ཅི་རིགསུ་སྦྱར་བར་བྱའོ་ཞེས་བྱ་བ་སྨོསོ།། དེ་ལ་མྱ་ངན་ལས་འདས་པ་དང་། འཁོར་པ་ལ་སྟོན་དང་སྐྱོན་དུ་ཤེས་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ཞེས་བྱ་བའི་སྒྲ་ནི་འདིར་ལཱམ་དང་འགོག་པར་གཟུང་སྟེ། དཔེར་ན་རབ་ཏུ་ཞི་བ་ཞེས ་བྱ་བའི་སྒྲ་བཞིན།། དེ་ལ་འགོག་པ་ལ་ནི་ཞི་བའི་རྣམ་པ་ལ་སོགས་པ་དང་། ལམ་ལ་ངེས་པར་འབྱིན་པའི་རྣམ་པ་ལ་སོགས་པར་ཤེས་པ་ནི་མྱ་ངན་ལོས་འདས་པ་ལ་སྐྱོན་དུ་ཤེས་པའོ།། འཁོར་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་བདག་ཉིད། དེ་ཡང ་མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་ལ་སོགས་པ་དང་། ཀུན་འབྱུང་བ་དང་རྐྱེན་གྱི་རྣམ་པ་ལ་སོགས་པར་ཤེས་པ་ནི་འཁོར་བ་ལ་སྐྱོན་དུ་ཤེས་པའོ།། གཞན་ལུས་ཐོས་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས ་པ་ལས་མྱ་ངན་ལས་འདས་པ་དང་འཁོར་བ་གཉིས་ཀྱི་ཡོན་དང་སྐྱོན་ཇི་སྐད་དུ་སྨོས་པ་ཐོས་པའོ།། ངེས་པར་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་འཁོར་བ་ལས་བྱུང་བའི་ཕྱིར། ཉན་ཐོས་ཀྱི་ཐེག་པ་ཞེས་བྱ་བ་ནི་གཞན་གྱི་སྒྲ་ལ་བརྟེན་ནས་ངེས་པར་འབྱུང་བའི་ཕྱིར།། ་ཉན་ཐོས་ཀྱི་ཐེག་པ་ཞེས་བྱ་བས་ནི་རང་སངས་རྒྱས་ཀྱི་ཐེག་པ་ལསོ་བྱེ་བྲག་ཏུ་སྟོན་ཏོ།། དེ་ཉིད་ཀྱིས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དང་། འཁོར་བ་གཉིས་ལ་སྟོན་དང་སྐྱོན་དུ་ཤེས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ལས་མ་ཐོས ་བར་བདག་གིས་ངེས་པར་འབྱུང་བའི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པའོ།། གཞན་ལས་མ་ཐོས་པར་བདག་གིས་ཤེས་པར་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལས་བྱེ་བྲག་ཏུ་བསྟོན་ཏོ།། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས ་འདས་པའི་ཆོས་གཉིས་བརྗོད་མེད་པར་རྟོག་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། གཞན་ལས་མ་ཐོས་པར་བདག་ཉིད་ཀྱིས་ངེས་པར་འབྱུང་བའི་ཕྱིར་ཐེག་པ་ཆེན་པོའོ།། འདིར་ནི་རང་སངས་རྒྱས་ཀྱི་ཐེག་པ་ལས་ཡེ་ཤེས་ཀྱིས་བྱེ་བྲག་ཏུ་བྱོ་སོ།། གཞན ་དག་ན་རེ་གཞན་ལས་ཐོས་ནས་གང་ཟག་ལ་བདག་མེད་པའི་ཡུལ་ཅན་སྔོན་དང་སྐྱོན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ངེས་པར་འབྱུང་བ་ནི་ཉན་ཐོས་ཀྱི་ཐེག་པའོ།། མཉན་པ་ལ་མི་བལྟོས་པར་བདག་ཉིད་ཀྱིས་ངེས་པར་འགྲུབ་པ་ནི་རང་སངས ་རྒྱས་ཀྱི་ཐེག་པའོ།། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཆོས་ལ་བདག་མེད་པའི་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ངེས་པར་འབྱུང་བ་ནི་ཐེག་པ་ཆེན་པོའོ་ཞེས་བྱའོ།། རྣམ་པར་བཤད་པ་འདི་ནི་འགྲེལ་པ་དང་འགལོ།། ་དེ་ལྟར་ཐེག་པ་གསུམ་ཁ་མཁས་པ་ནི་རྣལ་འབྱོར་ཙམ་དུ་ཟད་པར་མཐོང་བས་བདག་རྣལ་འབྱོར་ཅན་དུ་འཛིན་པ་ལྡོག་པར་འགྱུརརོ།། ད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་དོན་བསྟན་པའི་ཕྱིར། བཏགས་བཅས་རྒྱུར་བཅས་རྒྱུ་མཚན་དང་།། རབ་ཏུ་ཞི་བ་དོན་བཅས ་ནི། ཐ་མ་ཉི་དུ་བཤད་པ་ཡིན་ཞེས་བྱ་བ་གསུང་སོ།། ཐ་མར་བཤད་པ་དེ་གང་ཞེ་ན། དེའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་སྨོས་ཏེ། ཐ~ཾད་ཀྱི་ཐ་མདོ་བཤད་པའི་ཕྱིརརོ།། དེ་ལ་འདུས་བྱས་ནི་བརྟགས་པ་དང་བཅས་ཤིང་རྒྱུ་དང་བཅས་པའི་རྒྱུ། ་མཚན་གྱིས་རྣམ་པར་བཞགོ།། འདུས་མ་བྱས་ནི་དོན་དང་བཅས་པའི་རབ་ཏུ་ཞི་བས་རྣམ་པར་བཞག། བཏགས་པ་དང་རྒྱུ་དང་རྒྱུ་མཚན་ཡང་མི་ཤེས་ནས་དེ་བསྟན་པར་བྱ་བའི་ཕྱིར། དེ་ལ་བཏགས་པ་ནི་མིང་གི་ཚོགས་ལ་སོགས་པའོ་ཞེས་བྱ ་བ་སྨོསོ།། མིང་དང་ཚི་གི་ཚོགས་ཀྱི་དངོས་པོ་དག་གི་ངོ་བོ་ཉིད་དང་། ཁྱད་པར་གཉིས་བཏགས་པས་ན་མིང་དང་ཚིག་གི་ཚོགས་གཉིས་ནི་བཏགས་པའོ།། ཡི་གེའི་ཚོགས་ནི་དེ་གཉི་ག་ཡང་གསལ་བར་བྱེད་པའི་ཕྱིར་བཏགས་པའོ།། རྒྱུ་ནི་ས་བོན་དུ་བསྔོས ་པའི་ཀུན་གཞི་རྣམ་པར་ཤེས་པའོ་ཞེས་བྱ་བ་དེ་ཡང་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ཀྱི་རྗེ་སུ་སོང་བ་འབྲས་བུ་མ་བྱིན་པ་ཀུན་འབྱུང་བའི་བདེན་པར་བསྡུས་པ་ཉིད། འབྲས་བུ་བྱིན་པ་ལས་རྣམ་པར་དབྱེ་བའི་ཕྱིར། ས་བོན་དུ་བསྡུས་པ ་ཞེས་བྱ་བ་སྨོསོ།། རྒྱུ་མཚན་ནི་གནས་དང་ལུས་དང་ལོང་སྤྱོ་དུ་བསྡུས་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བར་སྦྱརོ།། འཇུག་པ་ནི་རྣམ་པར་ཤེས་པར་བསྡུས་པ་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པར་བསྡུས་པར ་ཞེས་བྱ་བ་དེ་ལ་གནས་ནི་སྣོད་ཀྱི་འཇིག་རྟེན་ཏེ། དེར་སྣང་བའི་ཀུན་གཞི་རྣམ་པར་ཤེས་པའོ།། གནས་ཀྱི་བདག་ཉིད་དུ་བསྡུས་པས་ན་གནསུ་བསྡུས་པའོ།། ལུསུ་སྣང་བའི་རང་བཞིན་ལ་ལུསུ་བསྡུས་པ་ཞེས་བྱའོ།། ལུས་ནི་དབང་པོ་དང་བཅས་པའི་ཁོག ་པ་ལུས་དེར་སྣང་བའི་ཀུན་གཞི་རྣམ་པར་ཤེས་པའོ།། ལུསུ་བསྡུས་པ་ནི་ལུས་ཀྱི་བདག་ཉིད་དང་ལྡན་པ་ཞེས་བྱ་བའི་ཐ་ཆེ་གོ།། ལོང་སྤྱོད་བསྡུས་པ་ནི་གོང་དུ་བཤད་པ་དེ་ཉིད། དེ་གཉིས་ལ་ཡང་རྣམ་པར་ཤེས་པ་གཞན་དག་དབང་བྱེད་པའི་དངོས ་བོར་ལོང་སྤྱོད་པས་ན་ལོངས་སྤྱོད།། ཡང་ན་བཟའ་བ་དང་བཏུང་བ་ལ་སོགས་པའི་དོན་ལ་ལོང་སྤྱོད་པས་ན་ལོངས་སྤྱོད། དེར་སྣང་བའི་རྣམ་པར་ཤེས་པ་ནི་ལོངས་སྤྱོ་དུ་བསྡུས་པའོ།། བཏགས་པ་དང་བཅས་ཤིང་རྒྱུ་དང་བཅས་པའི་རྒྱུ་མཚན་དེ ་ནི་མཚུངས་པར་ལྡན་པ་དང་བཅས་པ་གཞན་གྱི་དབང་ཤིང་བསྡུས་པའི་ཕྱིར་འདུས་བྱ་སུ་རིག་པར་བྱའོ།། མཚུངས་པར་ལྗོན་པ་དང་བཅས་པ་ནི་སེམས་ལས་བྱུང་བ་སྟེ། འདུས་བྱས་དེ་ནི་དེ་ཉིད་འབའ་ཞིག་མ་ཡིན་པར་བསྟན་ཏོ།། དེ་ཡང་གང་གི་རྒྱུ ་མཚན་ཞེ་ན། མིང་གི་ཚོགས་ལ་སོགས་པའི་རྒྱུ་མཚན་ཏེ། དེ་ནི་དེ་དག་གི་ངོ་བོ་ཉིད་དང་ཁྱད་པར་བརྗོད་པར་བྱེད་པའི་ཕྱིརརོ།། དེ་དག་གི་རྗེ་སུ་འབྲང་བས་རང་བཞིན་དང་བྱེ་བྲག་ལ་མངོན་པར་ཞེན་པའི་སེམས་དང་སེམས་ལས་བྱུང་བ་ཡིད་དང ་འཛིན་པ་དང་རྣམ་པར་རྟོག་པ་ཞེས་བྱ་བ་རྣམས་ཀྱི་རྒྱུ་མཚན་ཡང་ཡིནོ།། ཁ་ཅིག་ན་རེ་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་ཡང་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་མཚན་ཏེ། དེ་ལ་བག་ཆགས་རྟས་པར་བྱེད་པའི་ཕྱིརོ་ཞེའོ།། གཞན་དག་ནི། ་རང་བཞིན་དང་བྱེ་བྲག་ཏུ་འདོགས་པས་ན་འདོགས་པའི་མཚན་མ་ནི་འདུ་ཤེས་ཏེ། མཚན་མར་འཛིན་པའི་བདག་ཉིད་ཀྱི་ཕྱིརརོ།། གནས་དང་ལུས་དང་ལོང་སྤྱོད་དུ་བསྡུས་པ་ཀུན་གཞི་རྣམ་པར་ཤེས་པ་ནི་བག་ཆགས་རྟས་པར་བྱེད་པའི་ཕྱིར ་གཞི་རྒྱུ་མཚན།། ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་རྣམས་ནི་དམིགས་པ་མཚན་མར་བྱེད་པའི་ཕྱིར་དམིགས་པའི་རྒྱུ་མཚོན་ཡང་ཡིན་ལ། གཉི་ག་མཚན་མིར་བྱེད་པའི་ཕྱིར་དམིགས་པ་དང་། དམིགས་པར་བྱེད་པའི་རྒྱུ་མཚོན་ཡང་ཡིན ་སྙམ་དུ་སེམསོ།། དེ་ལ་ཡིད་ནི་གང་རྟག་ཏུ་རློམ་སེམས་པའི་རྣམ་པའོ་ཞེས་བྱ་བ་ལ། བདག་གམ་བདག་གི་ཞེས་གང་རྟག་པར་རློམ་སེམས་པ་དེ་ནི་ཡིད་ཅེས་བྱ་སྟེ། དེ་ནི་བདག་ཏུ་རྨོངས་པ་དང་། བདག་ཏུ་ལྟོ་བ་དང་། བདག་ལྔ་ཆགས་པ ་དང་ངའོ་སྙམ་པའི་ང་རྒྱལ་དང་། ཀུན་ཏུ་འགྲོ་བ་ལྔ་པོ་ཚོར་བ་དང་། འདུ་ཤེས་དང་། སེམས་དང་། རེག་པ་དང་། ཡིད་ལ་བྱེད་པ་དག་དང་མཚུངས་པར་ལྡནོ།། འཛིན་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་ཞེས་བྱ་བ་ནི་ཡུལ་གྱི་རང་བཞིན་གྱི་ངོ་བོ ་ཉིད་འཛིན་པའི་མཚན་ཉིད་ཀྱི་ཕྱིར།། རང་རིག་པ་ཡིན་པས་བརྗོད་མི་ནུས་པའི་ཕྱིར་འཛིན་པ་ཞེས་བྱའོ།། རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་རྣམ་པར་རྟོག་པ་ཅན་གྱི་ཕྱིརརོ།། བཏག ་བ་དང་བཅས་ཤིང་རྒྱུ་དང་བཅས་པའི་རྒྱུ་མཚན་འདི་ལས་དང་ཉོན་མོངས་པ་གཉིས་ཀྱིས་མངོན་པར་འདུས་བྱས་པའི་ཕྱིར་འདུས་བྱའོ།། འདུས་མ་བྱས་ནི་རབ་ཏུ་ཞི་བའི་འགོག་པ་དང་རབ་ཏུ་ཞི་བའི་དོན་དེ་བཞིན་ཉིད་ཞེས་བྱ་བ་ལ། རྒྱུ་དང ་བཅས་པའི་སྡུག་བསྔལ་རབ་ཏུ་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་འགོག་པ་ནི་རབ་ཏུ་ཞི་བའི་བར་རུང་ན། དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཞི་བའི་དོན་ཅེས་བྱ་ཞེ་ན། རབ་ཏུ་ཞི་བའི་དོན་ཡིན་པའི་ཕྱིརརོ།། འགོག་པ་དང་དེ་བཞིན་ཉིད་གཉིས་འབྲེལ་པ་ཅི་ཡང ་མེད་པ་སྙམ་ན། ཇི་ལྟར་རབ་ཏུ་ཞི་བའི་དོན་ཅེས་བྱ་ཞེ་ན། དེ་བཞིན་ཉིད་ནི་ལམ་གྱི་དམིགས་པ་ཡིན་པའི་ཕྱིརརོ།། ཇི་ལྟར་ན་ལམ་ཡང་རབ་ཏུ་ཞི་བ་ཉིད་ཅེས་བྱ་ཞེ་ན། དེས་རབ་ཏུ་ཞི་བར་བྱེད་པའི་ཕྱིརརོ།། རབ་ཏུ་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ནི་རབ་ཏུ་ཞི་བའོ།། ་འདིས་རབ་ཏུ་ཞི་བར་བྱེད་པའི་ཕྱིར་ལམ་ཡང་རབ་ཏུ་ཞི་བའོ།། དེ་ལྟར་ན་ཚིག་རྣམ་པར་སྦྱར་བ་ཐ་དད་པའི་ཕྱིར་བརྗོད་པ་གཅིག་གིས་མྱ་ངན་ལས་འདས་པ་དང་ལམ་གཉི་ག་རབ་ཏུ་ཞི་བ་ཞེས་བྱ་བར་བཟུང་།། ཅི་ལམ་གྱི་བདེན་པ་འདུས་བྱས་སམ་འོན་ཏེ། ་འདུས་མ་བྱས་ཤེ་ན། བསྐྱེད་པར་བྱ་བ་ཡིན་པས་འདུས་བྱའོ།། གལ་ཏེ་ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པ་དང་། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་འདུས་མ་བྱས་ཞེས་བརྗོད་ན་ཉེས་པ་མེདོ།། དེ་ལྟར་དོན་འདིས་ཕུང་པོ་ལ་སོགས་པ ་ཤེས་པ་ནི་ཕུང་པོ་ལ་སོགས་པ་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཐོག་མ་དུ་མ་ཉིད་དང་ནི། བསྡུས་དང་ཡོངསུ་ཕྱེ་བའི་དོན་ཅེས་བྱ་བ་སྟེ། རྒྱས་པར་ཐོམས་ཅིད་ལ་བརྗོད་པར་བྱའོ།། དེ་ཁོ་ནའི་དོན་བསྡུས་པ་ནི་མདོར་བསྡུ་ན་དེ་ཁོ་ན་རྣམ ་བ་གཉིསོ།། རྒྱས་པར་ནི་རྣམ་པ་བཅུར་བཤ་དོ།། དེ་བས་ན་མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོ་སོ།། རྣམ་པ་གཉིས་པོ་ཇི་ལྟ་བུ་ཞེ་ན། མེ་ལོང་ལྟ་བུའི་དེ་ཁོ་ན་དང་། སྣང་བའི་དེ་ཁོ་ནའོ་ཞེས་བྱ་བ་སྨོསོ།། དེ་ལ་རྩ་བའི་དེ་ཁོ་ན་སྟེ་མེ་ལོང་ལྟ ་བུའི་དེ་ཁོ་ན་སྟེ། དེ་ཡང་ངོ་བོ་ཉིད་གསུམོ།། ཅིའི་ཕྱིར་དེ་ལ་མེ་ལོང་ལྟ་བུའི་དེ་ཁོ་ན་ཞེས་བྱ་ཞེ་ན། མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པ་ལྷག་མ་རྣམས་དེར་སྣང་བའི་ཕྱིརརོ།། སྣང་བའི་དེ་ཁོ་ན་ནི་མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པ་སྔར་བསྟན་པ་རྣམ ་པ་དགུ་གང་ཡིན་པའོ།། ཅིའི་ཕྱིར་དེ་དག་སྣང་བའི་དེ་ཁོ་ན་ཞེས་བྱ་ཞེ་ན། རྩ་བའི་དེ་ཁོ་ན་ལ་སྣང་བའི་ཕྱིརརོ།། ང་རྒྱལ་མེད་པར་སྣང་བའི་དེ་ཁོ་ན་ནི་མཚན་ཉིད་ཀྱི་དེ་ཁོ་ན་སྟེ། གང་ཟག་དང་ཆོས་དང་གཟུང་བ་དང་། འཛིན་པ་དང་། དངོས་པོ་དང་། དངོས་པོ ་མེད་པ་ལ་སྒོ་མི་འདོགས་པ་དང་། སྐུར་བ་མི་འདེབས་པའི་ཕྱིར་དོས་ང་རྒྱལ་མེད་པར་འགྱུརརོ།། ཕྱིན་ཙོ་ལོག་གི་གཉེན་པོ་སྣང་བའི་དེ་ཁོ་ན་ནི་ཕྱིན་ཅི་མ་ལོག་པའི་མཚན་ཉིད། དེ་ནི་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་གི་གཉེན་པོར་གྱུར་པའོ།། ཉན ་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བ་སྣང་བའི་དེ་ཁོ་ན་ནི་འབྲས་བུ་དང་རྒྱུའི་དེ་ཁོ་ན་སྟེ། འཕགས་པའི་བདེན་པ་བཞི་རབ་ཏུ་རྟོགས་ཤིང་བསྒོམས་པས་ཉན་ཐོས་ངེས་པར་འབྱུང་།། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་སྣང་བའི་དེ་ཁོ་ན་ནི་ཕྲ་བ་དང་ར ་པའི་དེ་ཁོ་ན་སྟེ། རགས་པས་ཀུན་རྫོབ་ཀྱི་བདེན་པས་སེམས་ཅན་རྣམས་ཡོང་སུ་སྨིན་པར་བྱེད་པ་དང་། ཕྲ་བ་དོན་དམ་པའི་བདེན་པས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་ཐེག་པ་ཆེན་པོས་ངེས་པར་འབྱུང་བའོ།། ཕས་ཀྱི་རྒོལ་བ་ཚར་གཅོད་པ་སྣང ་བའི་དེ་ཁོ་ན་ནི་གྲགས་པའི་དེ་ཁོ་ནའོ།། ཇི་ལྟ་ཞེ་ན། དེའི་ཕྱིར་དཔེ་ལ་བརྟེན་ཏེ་རིགས་པས་ཚུར་གཅོད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཚར་བཅད་པ་ལ་དཔེ་ནི་འཇིག་རྟེན་དུ་གྲགས་པའོ།། རིགས་པ་ནི་རིགས་པས་རབ་ཏུ་གྲུབ་པ་ལ་བརྟེན་པའོ།། ། ་ཐེག་པ་ཆེན་པོ་ནི་མངོན་པར་བརྗོད་པ་སྣང་བའི་དེ་ཁོ་ན་ནི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་སྟེ། དེས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ལུང་གཞན་མངོན་པར་བརྗོད་པ་སྟེ། དེའི་ཐེག ་པ་ཆེན་པོའོ།། ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པ་སྣང་བའི་དེ་ཁོ་ན་ལ་བསྡུ་བའི་དྲི་ཁོ་ན་དངོས་པོ་ལྔ་སྟེ། དེ་ནི་ཤེས་པར་བྱ་བ་ཐམས་ཅད་ལ་འཇུག་པའི་ཕྱི་རོ།། མ་ནོར་བ་དེ་བཞིནི་ཉོད་མངོན་པར་བརྗོད་པ་སྣང་བའི་དེ་ཁོ་ན་ནི་རབ་ཏུ་དབྱེ་བའི ་དེ་ཁོ་ན་སྟེ། དེས་དངོས་པོ་རྣམས་ཀྱི་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་མངོན་པར་བརྗོད་པའི་ཕྱིརརོ།། འདོག་ཏུ་འཛིན་པའི་གཞི་ལ་དགོངས་པ་ཐམས་ཅད་རྟོགས་པར་སྣང་བའི་དེ་ཁོ་ན་ཞེས་བྱ་བ་ནི་མཁས་པའི་དེ་ཁོ་ན་སྟེ། ་དེས་བདག་ཏུ་འཛིན་པའི་གཞི་ལ་དགོངས་པ་ཐམས་ཅད་ཀྱི་སྒོ་ནས་རྟོགས་ཏེ། བསམ་པ་བཅུ་པོ་དག་གིས་ཕུང་པོ་ལ་བདག་ཏུ་འཛིན་པ་འཇུག་པར་སྔར་ཇི་སྐད་དུ་བསྟན་པའོ།། དེ་ཁོ་ནའི་དོན་བསྡུས་པ་སྨོས་པ་ནི་བདེ་བླག་ཏུ་འཛིན་པའི་ཕྱིར་ཏེ། དོན ་གྱིས་ཚིག་འདྲེན་པའི་ཕྱིའོ། རྨོངས་པ་མེད་པ་དང་ཡོངསུ་སྐྱོ་བ་ཡང་མེད་པར་བྱ་བའི་ཕྱིར་དེ། སྐབས་ཀྱི་མགོ་མཇུག་ཡོང་སུ་མཐོང་ན་ཡོངསུ་སྐྱོ་བ་མི་སྤྱིའོ། ཇི་ལྟར་བསྟན་པ་བཞིན་དུ་བཤ་བ་རྟོགས་པས་རྨོངས་པ་ཡང་མི་འབྱོང།། དེ་ཁོ་ན ་ཡིན་ཏོ། བསྟན་བནས་དབུས་དང་མཐ་རྣམ་པར་འབྱུང་བ་ལས་དུ་རྫུན་པ་མ་རུ་བཅད་པ་སྟེ་གསུམ་བྱའི་འགྲེལ་བཤད།། ། ཁྱོན་བཤད་པའི་འོག་ཏུ་གཉེན་རྫོ་བསྒོམ་བྱ་ང་། དོའི་གནས་དང་འབྲས་བུ་ཐོབ་པ་བབྱུང་དགས་། ་དེ་བས་ན་དེ་བསྟན་པའི་ཕྱིར་ལེའུར་བཅད་པ་བཞི་པ་བརྩམས་སོ།། དེ་ཁོ་ནའི་འོག་ཏུ་བསྟན་པ་དང་གཉེན་པོ་བསྒོམ་པ་ལ་རག་ལུས་པའི་ཕྱིར་དེའི་གནས་དང་འབྲས་བུ་ཐོབ་པ་ཉིད་ཀྱང་སྨོསོ།། བསྟན་པའི་མདོར་བྱས་པ་ལས་གཉེན་པོ་ནི་བྱང་ཆུབ་ཀྱི ་ཕྱོགསུ་བཞེད་པར་བསྟན་པའི་ཕྱིར། གཉེན་པོ་བསྒོམ་པ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམས་པ་སྟེ་ཞེས་བྱ་བ་སྨོས།། དེ་དག་བསྒོམས་ན་མི་མཐུན་པའི་ཕྱོགས་སྒྲིབ་པ་ཇི་སྐད་བསྟན་པ་རྣམས་སྤངས་པར་བྱ་བ་ལ་མཐུ་ཡོད་པར་འགྱུར་བས་གཉེན་པོ ་རྣམས་ཞེས་བྱའོ།། དེ་རྣམས་ཀྱང་སུམ་ཅུ་རྩ་བདུ་ནོ།། དྲན་པ་ཉེ་བར་གཞག་པོ་བཞི་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུའོ།། དེ་རྣམས་བསྒོམས་པ་ནི་སྤེལ་བ་དང་། བསྐྱེད་པ་དང་། གོམས་པར་བྱ་བ་དང་ལན་མང་དུ་བྱ་བ་ཞེས་བྱ་བའི་རྣམ་གྲངས ་སོ།། དེ་ཡང་དེ་ཁོ་ནའི་འོག་ཏུ་བསྟན་པའི་ཕྱིར་དེ་ད་བརྗོད་པར་བྱའོ།། བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ལ་ཅིའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཉིད་ཐོག་མར་བཤད་ཀྱི། གཞོན་མ་ཡིན་ཞེ་ན། དེ་ལ་རེ་ཞིག་དང་པོར་གནས་ངན་ལེན་ཕྱིར་སྲོད་རྒྱུའི ་ཕྱིར་ནས་རྒྱ་ཆེར་སྨོསོ།། དེ་ལ་ཞེས་བྱ་བ་ནི་བྱིང་ཆུབ་ཀྱི་ཕྱོགས་པོ་སྒོམོས་པ་ལའོ།། ཞིག་ཅེས་བྱ་བ་ནི་རིམ་གྱི་དོན་ཏེ། ཐོག་མར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་རྗེ་བཤིང་ལ། གཞན་ཡང་ཕྱིས་བཤདོ་ཞེས་བྱ་བར་འགྱུརརོ།། མྱ་ངན་ལས་འད ་དང་འཁོར་བ་གཉིས་ཀྱི་སྟོན་དང་ཉེས་པ་མ་རྟོགས་པའི་ཕྱིར་འདུ་བྱེད་རྣམས་ལ་བདེ་བ་དང་གཙང་བ་དང་རྟག་པ་དང་བདག་ཏུ་མངོན་པར་ཞེན་པས་བྱིས་པ་རྣམས་སྲིད་པ་དང་ལོང་སྤྱོད་ལ་མངོན་པར་དགའ་ཞིང་མྱ་ངན་ལས་འདས ་པས་སྐྲ་གོ།། སྟོན་དང་ཉེས་པ་མ་རྟོགས་པ་དང་བདེ་བ་ལ་སོགས་པ་ལ་མངོན་པར་ཞེན་པ་དེ་ཡང་བདེན་ན་མཐོང་ནས་ལྡོག་པར་འགྱུར་ཏེ། དེའི་ཕྱིར་འཁོར་བ་ལ་སྐྱོ་བར་བྱ་བའི་དོན་དང་། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་བའི་དོན་དུ་བདེན་པ ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཉིད་ཐོག་མར་བཤད།། ལུས་ཀྱིས་ནི་གནས་ངན་ལེན་རབ་ཏུ་སྟོན་ཞེས་བྱ་བ་ལ། གནས་ངན་ལེན་ནི་ངན་པར་གནས་པ་སྟེ། འདི་ལྟར་ཉིན་གཅིག་བཞིན་མངོན་པར་འདུས་བྱས ་ཀྱང་ལུས་འགྱུར་བ་ཉིད་པས་ལུས་ཀྱིས་ནི་གནས་ངན་ལེན་རབ་ཏུ་སྟོན་ཏོ།། དེའི་ཕྱིར་ལུས་ལ་ཡོངསུ་བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུའོ།། དེ་ཅིའི་ཕྱིར་ཞེ་ན། དེའི་མཚན་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་ཡིན་པའི་ཕྱིར ་ཞེས་བྱ་བ་སྟེ། འདི་ལྟར་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་ངོ་བོ་ཉིད་ནི་གནས་ངན་ལེན་དང་བཅུས་པའི་འདུ་བྱེད་རྣམས་ཡིན་ལ། ལུས་ཀྱིས་ཀྱང་གནས་ངན་ལོན་དུ་རབ་ཏུ་སྟོན་པས། དེའི་ཕྱིར་ལུས་ལ་ཡོངསུ་བརྟགས་པས་སྡུག་བསྔལ་གྱི་བདེན ་པ་ལ་འཇུག།། གནས་ངན་ལེན་མི་ཤེས་པས་དེའི་ཕྱིར། གནས་ངན་ལེན་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཞེས་བྱ་བ་སྨོསོ།། འདུ་བྱེད་ནི་དངོས་པོ་རྣམས་ཀྱི་སྐྱེ་བའོ།། དེ་ཡང་གནོད་པ་ཐམས་ཅད་ཀྱི་གཞི་ཡིན་པས་གནས་ངན་ལེན་ཡིན་ལ།། འཕགས་པ་རྣམས ་དང་མི་མཐུན་པའི་ཕྱིར་སྡུག་བསྔལ་ཉིད་། ཇི་སྐད་དུད་སྐྱེ་འདི་གནོད་ཡིན་སྐྱེ་བ་ཡོད་ན་རྒ་དང་འཆི་བ་དང་།། ནང་དང་ཕོངས་དང་གསོད་དང་འཆིང་བ་ལ་སོགས་དགྲ་རྣམས་ཡོད།། གྲལ་ཏེ་འཛགས་མང་སྐྱེ་བ་མེད་གྱུར་གནོད་པ་དེ་དག་མེད།། ཤིང་སྐྱེས ་མེད་ན་མེ་དང་རླུང་དང་ནགས་མེས་འགྱེལ་མི་འགྱུར་ཞེས་བྱ་བ་ལྟ་བུའོ།། དེས་ཞེས་བྱ་བ་འདི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིསོ།། འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་གཉིས་ཀྱིས་ནི་མ་ཡིན་ཏེ། དེ་གཉིས་ཁྱབ་པ་མི ་ཡིན་པ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རྒྱུ་ཡིན་པའི་ཕྱིར།། ཟག་པ་དང་བཅས་པའི་དངོས་པོ་ཐད་འཕགས་པས་སྡུག་བསྔལ་དུ་གཟིགས་ཀྱི་ཟག་པ་མེད་པ་ནི་མ་ཡིན་ཏེ། ལམ་གྱི་བདེན་པ་ནི་ཚེ་སྐྱེ་བའི་གཉེན་པོ་ཡིན་པའི་ཕྱིར།། ཕྱིན་ཅི་ལོག ་བསམ་པ་ཉམས་པའི་ཕྱིར་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་མ་ཡིནོ།། མདོའི་སྡེ་ལས་ཀྱང་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ཞེས་གསུང་སོ།། གཞན་དག་ན་རེ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་ལ་སུ་མི་རུང་བའོ་ཞེས་ཟེའོ།། གཞན་ན་རེ་ལས ་མི་རུང་བ་ནི་གནས་ངན་ལོན་མ་ཡིནོ།། ཅིའི་ཕྱིར་ཞེ་ན། ལ་སུ་མི་རུང་བའི་ཟག་པ་དང་བཅས་པའི་ཕྱིར་ངེས་པར་ཟག་པ་དང་བཅས་པ་ནི་ས་བོན་གྱི་རྒྱུ་ལས་བྱུང་བར་ཁས་བླང་དགོས་ན། དེ་ནི་དགྲ་བཅོམ་པའི་རྒྱུད་ལ་ས་བོན་མེད་ཀྱང་རེས་འགའ་ཁ་ཟས་དང ་གནས་པ་ལ་སོགས་པ་དྲགས་པ་ལས་འབྱུང་།། དེ་ནི་ཟག་པ་མེད་པ་ཡིན་པའི་ཕྱིར་གནས་ངན་ལེན་ཅེས་བྱར་མི་རུང་ཞེས་ཟེའོ།། དེ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ལ་ཟག་པ་དང་བཅས་པའི་ཆོས་ཀྱི་ས་བོན་གནས་པ་ནི་འདིར་གནས་ངན་ལེན་དུ་འདོདདོ།། ། ་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྷན་ཅིག་པའི་ལུས་འདི་ནི་དེའི་འབྲས་བུའོ།། དེ་བས་ན་བདེ་བ་ལ་སོགས་པའི་གནས་སྐབས་དང་ལྷན་ཅིག་པ་སྐད་ཅིག་རེ་རེ་ལ་འབྱུང་བའི་ལས་ཀྱི་གནས། ་སྐབས་དང་ལྷན་ཅིག་པ་སྐད་ཅིག་རེ་རེ་ལ་འབྱུང་བའི་ལུས་ཀྱི་གནས་ངན་ལེན་དེ་རབ་ཏུ་སྟོན་ཏེ། ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚི་གོ།། དཔེར་ན་མྱུ་གུས་གཡུལ་གྱི་སེར་གའི་ནང་དུ་སོང་བའི་ས་བོན་མངོན་པ་ལྟ་བུའོ།། དེའི་ཕྱིར་ལུས་ལ་ཡོངསུ་བརྟགས་པས་སྡུག ་བསྔལ་གྱི་བདེན་པ་ལ་འཇུག།། འདིར་རྒྱུ་སྨོས་པ། དེའི་མཚན་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། ས་བོན་དང་བཅས་པའི་འདུ་བྱེད་ཀྱི་བདག་ཉིད་ཡིན་པའི་ཕྱིརརོ་ཞེས་བྱ་བའི་ཐ་ཚིགོ།། འདུ་བྱེད་ཀྱི་སྡུག་བསྔལ་ཉིད ་ནི་འགྱུར་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དག་གནས་ངན་ལེན་གཉིས་རྗེསུ་སོང་བ་དང་། དེའི་རྒྱུ་ཡིན་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་དུ་བཤད།། དེ་བས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་ཟག་པ་དང་བཅས་པའི་དངོས་པོ་ཐ~ཾད་འཕགས ་པ་རྣམས་ཀྱིས་སྡུག་བསྔལ་ཉི་དུ་གཟིག་སོ།། དེ་ལྟར་ན་ལུས་དྲན་པ་ཉེ་བར་གཞག་པས་སྡུག་བསྔལ་གྱི་འདྲེན་པ་ལ་འཇུག། སྲེད་པའི་རྒྱུ་ནི་ཚོར་བ་སྟེ། ཞེས་བྱ་བ་ནི་མ་རིག་པའི་འདུས་ཏེ་རིག་པ་ལས་བྱུང་བར་དགོས་པ་སྟེ། ཟག་པ་མེད་པ་ནི་དེའི་རྒྱུ་མ་ཡིན། ་པའི་ཕྱིར།། དེ་ལ་བདེ་བའི་ཚོར་བ་ནི་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པའི་རྒྱུའོ།། སྡུག་བསྔལ་ནི་དེ་དང་མི་ཕྲད་པ་དང་འབྲལ་བར་སྲེད་པའི་རྒྱུའོ།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་སྙོམས་པར་འཇུག་པ་འགའ་ཞིག་ལ་དེའི་གནས ་སྐབས་ལ་མངོན་པར་དགའ་བའི་སྲེད་པའི་རྒྱུ་དང་། དེ་དང་ཕྲད་ཅིང་མི་འབྲལ་བར་སྲེད་པའི་རྒྱུ་ཡི་ནོ།། དེ་སྡུག་བསྔལ་གྱི་ཚོར་བས་རེག་ན་འདོད་པའི་བདེ་བ་ལ་མངོན་པར་དགའོ་ཞེས་འབྱུང་བའི་ཕྱིར། སྡུག་བསྔལ་ཚོར་བ་ཡང་བདེ་བ་ལ་སྤྱད་པའི་རྒྱུར ་འགྱུར་ཏེ། དེ་ལ་ཡོངསུ་བརྟགས་པས་ཀུན་འབྱུང་བའི་བདེན་པ་ལ་འཇུག།། དེ་ལ་ཚོར་བ་རྣམས་ལ་རང་བཞིན་དང་འབྲས་བུ་དང་མི་རྟག་པ་དང་སྡུག་བསྔལ་བ་ཉི་དུ་ཉེ་བར་ཡོངསུ་རྟོག་ན་ཀུན་འབྱུང་བའི་བདེན་པ་ལ་འཇུག་སྟེ། སྲེད་པ་ནི་དེའི་འབྲས་བུ ་ཁོང་དུ་ཆུ་ཞེས་བྱ་བའི་ཐ་ཆིའོ།། མདོ་སྡེ་ལས་སྲེད་པ་ནི་ཀུན་འབྱུང་བའི་བདེན་པར་གསུངས་ཏེ། སྡུག་བསྔལ་ཀུན་འབྱུང་བ་གང་ཞེ་ན། ཡིང་འབྱུང་བའི་སྲིད་པ་དགའ་བའི་འདོད་ཆགས་དང་ལྡན་པའོ།། ཞེས་རྒྱ་ཆེར་འབྱུང་།། དེ་ལྟར་ཚོར་བ་དྲན ་པ་ཉེ་བར་གཞག་པས་ཀུན་འབྱུང་བའི་བདེན་པ་ལ་འཇུག།། བདག་ཏུ་མངོན་པར་ཞེན་པའི་གཞི་ནི་སེམས་ཏེ་ཞེས་བྱ་བ་ལ། རྟག་པ་ལ་སོགས་པའི་སྟོན་ཁྱད་པར་ཅན་གྱི་བདག་གཞན་མེད་པས་ན་བདག་ཏུ་མངོན་པར་ཞེན་པའི་དམིགས་པ་ནི ་སེམས་ཉིད།། དེ་བས་ན་དེ་ཡོངསུ་བརྟགས་པས་འགོག་པའི་བདེན་པ་བཞི་ཉིད་འཇུག་སྟེ། འདྀར་རྒྱུ་སྨོས་པ། བདོག་ཆད་པར་དོག་པའི་འཇིགས་བྱ་མེད་པའི་ཕྱི་ཞེས་བྱ་བ་སྟེ། སེམས་ལ་མི་རྟག་པ་ལ་སོགས་པར་ཡོངསུ་བརྟགས་པས ་བདག་ཏུ་མངོན་པར་ཞེན་པ་ལྡོག་ཙོང་སྡུག་བསྔལ་དུ་འདུ་ཤེས་འབྱུ།། དེའི་ཕྱིར་འདགེ་ཆད་པའི་འཇིགས་པ་མེད་པས་སྡུག་བསྔལ་བ་ཙམ་ཞིག་གཅོད་པའི་ཕྱིར་འགོག་པོའི་བདེན་པ་ལ་ཞི་བ་ཉི་དུ་འཇུག་སྟེ། དེ་ལྟར་སེམས་དྲན་པ་ཉེ་བ ་གཞག་པས་འགོག་པའི་བདེན་པ་ལ་འཇུག་ཅེས་བྱའོ།། ཆོས་ལ་ཡོང་སུ་རྟགས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ལ་རྨོངས་པ་མེད་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་ཞེས་བྱ་བ་དེ་ལ། ཀུན་ནས་ཉོན་མོངས་པའི་ཆོས ་རྣམས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམསོ།། རྣམ་པར་བྱང་བ་རྣམས་ནི་ཉེ་བའི་གཉེན་པོར་གྱུར་པ་རྣམས་ཏེ། མི་སྡུག་པ་དང་བྱམས་པ་ལ་སོགས་པའོ།། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་རྣམས་ལ་གཉེན་པོ་དང་མི་མཐུན་པའི ་ཕྱོགས་ཀྱི་ངོ་བོ་ཤེས་ནས་གནོད་པ་ཐམས་ཅད་བསྟན་དུ་སྤངས་པོའི་ཐབས་ལམ་གྱི་བདེན་པ་ལ་མངོན་དུ་ཕྱོགས་པར་འགྱུར་ཏེ། དེ་ལྟར་ཆོས་དྲན་པ་ཉེ་བར་གཞག་པས་ལམ་གྱི་བདེན་པ་ལ་འཇུག། འཇུག་པ་ནི་འདིར་བདེན་པ་སོ་ལ་བདེན་པའི ་མཚན་ཉིད་དུ་རྟོགས་པའོ།། དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། མི་གཙང་བ་དུ་མའི་རྫས་ཀྱང་རང་བཞིན་དང་། མི་གཙང་བའི་ས་བོན་དང་། མི་གཙང་བའི་རྒྱུ་མཐུན་པ་དང་། མི། ་གཙང་བ་གནས་པའི་རྒྱུ་དང་། མི་གཙང་བར་འགྱུར་བ་དང་། ལྦུ་བ་རྡོས་པ་བཞིན་དུ་སྙིང་པོ་མེད་པ་དང་། འགྲོ་བ་དང་སྐྱེ་གནས་ཡིན་པར་བསྒོ་མོ།། ཚོར་བ་དང་སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང ་སྟོང་པ་དང་། བདག་མེད་པ་དང་། རང་གི་མཚན་ཉིད་དང་། རྒྱུ་དང་འབྲས་བུ་དང་། ཁམས་དང་ས་དང་། འགྲོ་བ་དང་། དགེ་བོ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། མི་མཐུན་པའི་ཕྱོགས་དང་། གཉེན་པོ་ཡིན་པར་བསྒོ་མོ།། བྱང་ཆུབ་སེམས་དཔའི་རྣམས་ཀྱི་དྲན་པ ་ཉེ་བར་གཞག་པ་བསྒོམ་པ་ནི་འདི་ལྟ་བུ་ཡང་ཡིན་ལ་རྣམ་པར་རྟོག་པ་སྤངས་པའི་ཕྱིར་མི་དམིགས་པའི་རྣམ་པ་ཡང་བསྒོ་མོ།། དྲན་པ་ཉེ་བར་གཞག་པ་རྣམས་ཤེས་རབ་ཀྱི་རང་བཞིན་ཡིན་དུ་ཟིན་ཀྱང་དྲན་པ་ཉེ་བར་གཞག་པའི་ཚིག་ནི་དྲན་པའི་སྟོབས ་ཀྱི་ཉེ་བར་གནས་པའི་ཕྱིར་རམ་འདི་དག་གི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ།། དྲན་པ་ཉེ་བར་གཞག་པ་བསྒོམ་པའི་འོག་ཏུ་ཡང་དག་སྤོང་བ་བསྒོམ་པ་བཤད། དེའི་ཕྱིར་ཞེ་ན། དེའི་ཕྱིར་འདི་ལྟར། མི་མཐུན་ཕྱོགས་དང་གཉེན་པོ་རྣམས།། རྣམ་པ་ཐ~ཾད ་ཡོངས་ཤེས་ནས་ཞེས་རྒྱ་ཆེར་གསུང་སོ།། དྲན་པ་ཉེ་བར་གཞག་པ་བསྒོམས་ནས་ཞེས་ཁྱད་པར་མེད་པར་བརྗོད་ཀྱང་ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཉིད་ཡིན་པར་རིག་པར་བྱའོ།། ཁམས་དང་སའི་སྤངས་པ་དང་། སྤྱིའི་མཚན་ཉིད་ལ་སོགས་པའི ་རྣམ་པ་དང་། དེ་བཞིན་དུ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁམས་དང་ས་དང་སློབ་པ་དང་། མི་སློབ་པ་ལ་སོགས་པའི་རྣམ་པ་དང་། དེ་བཞིན་དུ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁམས་དང་ས་དང་སློབ་པ་དང་མི་སློབ་པ་ལ་སོགས ་པའི་བྱེ་བྲག་གིས་མི་མཐུན་པའི་ཕྱོགས་དང་གཉེན་པོ་རྣམ་པ་ཐམས་ཅད་ཡོངསུ་ཤེས་ན་མི་མཐུན་པའི་ཕྱོགས་བསལ་བ་ནི་འདིར་སྐྱེས་པ་རྣམས་ཀྱི་རྒྱུན་ཆད་པ་དང་། མུ་སྐྱེས་པ་རྣམས་མི་སྐྱེད་པའོ།། གཉེན་པོ་བསྐྱེད་པའི་ཕྱིར་ཞེས་བྱ་བ་ལ། གཉེན་པོ ་བསྐྱེད་པ་ནི་སྐྱེས་པ་རྣམས་ཀྱི་རྒྱུནི་གྱིས་རྗེ་སུ་འཇུག་པ་དང་མ་སྐྱེས་པ་རྣམས་བསྐྱེད་པའོ།། བརྩོན་འགྲུས་རྣམ་པ་བཞི་རབ་ཏུ་འབྱུང་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་གཉིས་སྐྱེས་པ་དང་མ་སྐྱེས་པ་ཐ་དད་པས་བརྩོན་འགྲུས་རྣམ་པ་བཞི་འབྱུང ་སྟེ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྲུང་བའི་ཕྱིར་ཞེས་རྒྱུ་ཆེར་འབྱུང་ཞེས་བྱ་བ་འདིས་ནི་ལུང་གི་བརྩོན་འགྲུས་ཉིད་རྣམ་པ་བཞི་འབྱུང་བར་སྟོན་ཏོ།། རྒྱ་ཆེར་ཞེས་བྱ་བ་ནི་ཚིག་ལྷག་མ་དང་སྦྱརོ།། དེ་ལ་འདི་ནི་ཚིག་ལྷག་མ་སྟེ་སྡིག་པ་མི་དགེ་བའི ་ཆོས་སྐྱེས་པ་རྣམས་སྤངས་པའི་ཕྱིར་འདུན་པོ་སྐྱེ་དོ་འ་དོ།། བརྩོན་འགྲུས་པརྩོ་མོ།། སེམས་རབ་ཏུ་འཛིན་ཏོ།། ཡང་དག་པར་རབ་ཏུ་འཇོག་ཞེས་བྱ་བ་དང་། དེ་བཞིན་དུ་སྡིག་པ་མི་དགེ་བའི་ཆས་མ་སྐྱེས་པ་རྣམས་མྱི་བསྐྱོད་པའི་ཕྱིར་འདུན་པ་བསྐྱེ་ཞེས་རྒྱ་ཆེར་འབྱུང་བའོ།། དེ ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་ཞེས་རྒྱ་ཆེར་བྱའོ།། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་ཕྱིར་ཞིང་འབྱུང་བ་དང་། ཡོངསུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་བསྐྱེདདོ།། འ་བོ་དོ།། བརྩོན་འགྲུས་བརྩམོ།། སེམས་རབ་ཏུ་འཛིན་ཏོ།། ། ་ཡང་དག་པར་རབ་ཏུ་འཇོགོ་ཞེས་བྱ་བའོ།། སྐྱེས་པ་རྣམས་གནས་པ་ནི་ཡོངསུ་མི་ཉམས་པའོ།། ཕྱིར་ཞིང་འབྱུང་བ་ནི་རྒྱུན་དུ་སྐྱེས་པའོ།། ཡོང་སུ་རྫོགས་པར་བྱ་བ་ནི་ཕུལ་དུ་ཕྱིན་པར་འགྱུར་བའོ།། འདུན་པ་བསྐྱེད་ཅེས་བྱ་བ་ནི་གུས་པར་བརྩོན་འགྲུས་བརྩོན་པའི་འབྱོར ་པ་སྟོན་ཏོ།། འབད་ཅེས་བྱ་བ་ནི་ལེ་ལོ་སྤངས་ཏེ་ལུས་དང་སེམས་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིགོ།། བརྩོན་འགྲུས་རྩོ་མེ་ཞེས་བྱ་བ་ནི་བྱིང་བ་དང་རྒོད་པ་བསལ་བའི་ཕྱིརརོ།། ཛཱ་ལྟར་རྩོམ་ཞེ་ན། ཡང་དག་པར་ཤེས་པར་བྱ་བ་དང་། དགའ་བར་བྱ་བའི་ཆོས་ཡིད་ལ་བྱེད་པས ་བྱིང་བའི་སེམས་རབ་ཏུ་འཛིན་ཏོ།། སེམས་རྒོད་པར་གྱུར་ན་དམིགས་པ་དེ་ཉིད་ལ་ཡང་དག་པར་རབ་ཏུ་འཇོག་སྟེ། འཛིན་ཅེས་བྱ་བའི་ཐ་ཚིའོ།། དེ་ཡང་དག་པར་སྤོང་བ་རྣམས་ནི་བརྩོན་འགྲུས་ཀྱི་རང་བཞིན་དུ་བསྟན་པ་ཡིན་ཏེ། འདི་རྣམས་ཀྱི་ལུས་དང་ངག་དང་ཡིད་ཡང ་དག་པར་འཛིན་པས་ནུ་ཡང་དག་པར་འཛིན་པ་རྣམ་སོ།། དེར་གནས་ལ་སུ་རུང་བ་ཉིད་ཅེས་རྒྱ་ཆེར་འབྱུང་བ་ལ་དེར་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་བསལ་བའི་ཕྱིར་བརྩོན་འགྲུས་པ་རྩོམ་པ་དེ་ལའོ།། སེམས་གནས་པའི་ལསུ་རུང་བ་ཉིད་ནི་དོན་ཐཾད་འབྱོར་པར་ནུས ་པ་ཉིད་ལ་སུ་རུང་བ་ཉིད།། ལཱ་སུ་རུང་བ་དེ་ཡང་འདུན་པ་དང་བརྩོན་འགྲུས་དང་སེམས་དང་། སྤྱོད་པའི་དབང་གི་བྱུང་བས་ན་དེའི་ཕྱིར། ལ་སུ་རུང་པོ་ཉིད་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དག་སྟེ། ཞེས་བྱ་བ་སྨོས།། མངོན་པར་ཤེས་པ་ལ་སོགས་པ་དོན་ཐམས་ཅད་འགྲུབ ་པར་བྱེད་པ་ནི་རྫུ་འཕྲུའོ།། དེའི་གནས་ཡིན་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། རྒྱུ་ཞེས་བྱ་བའི་ཐ་ཚིའོ།། དེ་བས་ན་དོན་ཐམས་ཅད་འབྱོར་པའི་རྒྱུ་ཡིན་པའི་ཕྱིར་ཞེས་སྨོས་ཏེ། དེ་དག་ཀྱང་འདུན་པའི་ཏི་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ ་དང་། བརྩོན་འགྲུས་ཀྱི་ཏིང་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྟོང་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞིས་བྱའོ།། དེ་ལ ་འདུན་པ་རྐྱེན་ནིགང་གི་ཚེ་དུན་ཁྱོ་གིས་བརྩོན་གྱིས་སྒོམ་པ་ལ་གྲུས་པར་ཇུག་པནྡྷ་སམས་ཀྱི་གཅིག་པ་ཉིད་ལའི་ལ། ཙྪ་སྒྱུ་ཀྱི་ཧྲཱི་ནྡྲ་ནཱི་གང་ཧྲཱི་ཙྪ་རློམྦུ་ས་རྒྱམ་པོ་ན་གྶ་པ་བ་གྱི་མིས་རྗེ་གཅིག་པ་ཉིད་། ་ནི་ནི་གང་གི་ཚུན་གྱི་ཆེན་གྱིམ་ངོན་པ་གནནས་སེམ་ཉིད་ཀྱི་མ་ཡིན་ཅིང་གང་ས་ཅུ་གཅིག་པ་ཉིད་པ་རེག་ཅིག་སྤྱོད་བཏེ་ན་གང་གོ་མིགས་པ་ནས་པ་བྱེད་པན་སེམཆི་གཅིག་པ་ཉིད་ཀྱིན་པགས ་པ་ནི་འདིར་སེམས་གནས་པ་སྟེ། ཏིང་འཛིན་དུ་རིག་པར་བྱའོ་ཞེས་བྱ་བ་ལ། ཏིང་འཛིན་སྨོས་པ་ནི་འདུས་བྱས་ཀྱི་མཚན་ཉིད་ལས་དབྱེ་བའི་ཕྱིརརོ།། འདི་ལྟར་བརྩོན་འགྲུས་བརྩམས་པ་ནི་སེམས་ལ་སུ་རུང་བ་ཉིད་རྫུ་འཕྲུལ་གྱི་རྐང་པ་བཞིར་གྱུར་པ་དེའི་ཕྱིར་ཡང་དག ་པར་སྤོང་བའི་འོག་ཏུ་རྫུ་འཕྲུབ་གྱི་རྐང་པ་རྣམས་བསྟན་ཏོ།། ལ་སུ་རུང་བ་དེ་ཡང་དགོས་པ་ནི་གང་། རྒྱུ་ནི་གང་ཞེ་ན་དེའི་ཕྱིར། ཉེས་པ་ལྔ་སྤང་བའི་ཕྱིར་འདུ་བྱེད་བསྒོམ་པའི་རྒྱུ་ལས་བྱུང་བར་རིག་པར་བྱའོ་ཞེས་བྱ་བ་སྨོསོ།། ཉེས་པ་ལྔ་པོ་དེ་དག་མི་ཤེས་ནས། དེའི་ཕྱིར ་ཉེས་པ་ལྔ་པོ་དེ་དག་གང་ཞེ་ན་ཞེས་དྲིས་པ་དང་། དེ་དག་ནི་བསྟན་པའི་ཕྱིར། ལེ་ལོ་དང་ནི་གདམས་ངག་རྣམས།། བརྗོད་དང་བྱིང་དང་རྒོད་པ་དང་།། ཞེས་རྒྱ་ཆེར་གསུང་སོ།། དེ་དག་ནི་ཉེས་པ་དྲུག་ཏུ་འགྱུར་རོ་སྙམ་པོ་ལཱ། དེ་ཕྱིར། དེ་ལ་བྱིང་བ་དང་རྒོད་པ་ནི་ཉེས་པ་གཅིག ་ཏུ་བསྡུའོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ལྔར་འགྱུར་རོ།། དེ་ལ་ལེ་ལོ་ནི་སྦྱོར་བའི་ཚེ་ན་ཉེས་པ་སྟེ། དེས་མི་སྦྱོར་བའི་ཕྱིརརོ།། བརྩོན་པའི་ཚེ་གདམས་ངག་བརྗོད་པ་ནི་ཉེས་པ་སྟེ། དེས་སེམས་མཉམ་པར་བཞག་པ་མེད་པའི་ཕྱིརརོ།། མཉམ་པར་བཞག་པ་ལ་བྱིང་པ་དང་རྒོད་པ་ནི ་ཉེས་པ་སྟེ། དེས་སེམས་ལ་སུ་རུང་བ་མེད་པའི་ཕྱིརརོ།། བྱིང་བ་དང་རྒོད་པར་འདུ་མི་བྱེད་པ་ཉེས་པའོ།། མངོན་པ་འདུ་མི་བྱེད་པ་ནི་བཏང་སྙོམས་ཏེ། དེས་དེ་གཉིས་རབ་ཏུ་ཞི་བར་མི་བྱེད་པའི་ཕྱིརརོ།། རབ་ཏུ་ཞི་བའི་ཚེ་ནི་མངོན་པར་འདུ་བྱེད་པའོ་ཞེས་བྱ་བ་ནི་ཉེས་པ་ཞེས ་བྱ་བར་སྙོག་སོ།། མངོན་པར་འདུ་བྱེད་པ་ནི་སེམས་པའོ།། བྱིང་བརྒོད་པ་དང་བྲལ་བས་མཉམ་པ་ཉི་དུ་གྱུར་པའི་ཕྱིར་རབ་ཏུ་ཞི་བ་ཞེས་བྱའོ།། སྤང་བར་བྱ་བའི་ཕྱིར་འདུ་བྱེད་རྣམས་ནི་སྤོང་པོའི་འདུ་བྱེད་རྣམ་སོ།། གང་སྤང་བའི་ཕྱིར་ཞེ་ན། བཤད་མ་ཐོག་པའི་ཉེས་པ ་ལྔ་རྣམས་སྤང་བའི་ཕྱིརརོ།། གལ་ཏེ་དེ་ལྟ་ན་དེས་དེ་དག་སྤོང་བའི་འདུ་བྱེད་བརྒྱད་ཇི་ལྟར་རྣམ་པར་བཞག་པ་བརྗོད་དགོ་སོ།། དེ་ལ་ལོ་སྤང་བའི་ཕྱིར་བཞི་སྟེ། འདུན་པ་དང་རྩོལ་བ་དང་། དད་པ་དང་ཤིན་ཏུ་སྦྱངས་པའོ།། དེ་ལ་འདུན་པ་ནི་འདོད་པའོ།། རྩོལ་བ་ནི་བརྩོན་འགྲུསོ།། དད་པ ་ནི་མངོན་པར་ཡིད་ཆེས་པའོ།། ཤིན་ཏུ་སྦྱངས་པ་ནི་ལ་སུ་རུང་བ་ཉིད།། ཇི་ལྟར་ན་ལེ་ལོ་སྤང་བའི་ཕྱིར་དེ་དག་རྣམ་པར་བཞག་ཅེ་ན། དེའི་ཕྱིར་དེ་དག་ཀྱང་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། གནས་དང་དེ་ལ་གནས་པ་དང་།། རྒྱུ་དང་འབྲས་བུ་ཉི་དུའོ་ཞེས་བྱ་བ་སྨོསོ།། དེ་དག་གཅིག་ལས ་གཅིག་འབྱུང་བས་ན་ལེ་ལོ་སྤོང་བར་འགྱུར་བ་སྟོན་ཏོ།། རྩོལ་བའི་གནས་ནི་འདུན་པའོ།། གནས་པ་ནི་རྩོལ་བ་སྟེ། འདོད་པ་ནི་རྩོལ་བའི་སྔོན་དུ་འགྲོ་བའི་ཕྱིརརོ།། གནས་འདུན་པའི་རྒྱུ་ནི་དད་པ་སྟེ། ཇི་ལྟ་ཞེ་ན། དེའི་ཕྱིར། ཡིད་ཆེས་པར་གྱུར་ན་འདོད་པའི་ཕྱིརརོ་ཞེས་བྱ ་བ་སྨོས་ཏེ། རྒྱུ་དང་འབྲས་བུ་ལ་དྲད་པ་དང་ལྡན་པ་ནི་བྱ་བ་ལ་འདོད་པར་འགྱུརརོ།། གནས་པ་རྩོལ་བ་དེའི་འབྲས་བུ་ནི་ཤིན་ཏུ་སྦྱངས་པ་སྟེ། ཇི་ལྟ་ཞེ་ན། དེའི་ཕྱིར་བརྩོན་འགྲུས་བརྩམས་ན་ཏིངེ་འཛིན་གྱི་ཁྱད་པར་ཐོབ་པའི་ཕྱིརརོ་ཞེས་བྱ་བ་སྨོས་ཏོ།། ཏི་ངེ་འཛིན་ཁྱད་པར ་དུ་དུ་འགྲོ་བ་ནི་ཤིན་ཏུ་སྦྱངས་པའི་རྒྱུའོ།། དེའི་ཕྱིར་བརྩོན་འགྲུས་བརྩམས་པའི་ཏིང་ངེ་འཛིན་ཁྱད་པར་དུ་འགྲོ་བས་ཤིན་ཏུ་སྦྱངས་པ་ནི་རྩོལ་བའི་འབྲས་བུར་བཤད་དོ།། དེ་ལྟར་བརྩོན་འགྲུས་བརྩམས་པ་གནས་ངན་ལེན་གྱི་རྣམ་པར་རྟོག་པའི་ཉེས་པ་དང་བྲལ་བས ་དགའ་བ་སྐྱེའོ།། ཡིད་དགའ་བས་ལུས་དང་སེམས་གཉིས་ཤིན་ཏུ་སྦྱངས་ཏེ་ལ་སུ་རུང་བ་ཉིད་ཀྱི་མཚན་ཉིད།། དེ་བས་ནི་ཏིང་འཛིན་གྱི་ཁྱད་པར་ཐོབ་པའི་ཕྱིར་ཞེས་བྱ་བའོ།། འདིར་ནི་བརྩོན་འགྲུས་རྒྱུ་དང་བཅས་ཤིང་འབྲས་བུ་དང་བཅས་པ་ལེ་ལོའི་གཉེན་པོར་བཤད།། ་ཉེས་པ་བཞིའི་གཉེན་པོར་གྲངས་བཞི་ནོ་ཞེས་བྱ་བ་དེ་ལ་དྲན་པ་ནི་གདམས་ངག་བརྗེད་པའི་གཉེན་པོའོ།། ཤེས་བཞིན་ནི་བྱིང་བ་དང་རྒོད་པའི་གཉེན་པོའོ།། སེམས་པ་ནི་མངོན་པར་འདུ་མི་བྱེད་པའི་གཉེན་པོའོ།། བཏང་སྙོམས་མངོན་པར་འདུ་བྱེད ་པའི་གཉེན་པོ་སྟེ། འདིར་འདུ་བྱེད་ཀྱི་བཏང་སྙོམསུ་ཤེས་པར་བྱའོ།། དྲན་པ་ལ་སོགས་པའི་མཚན་ཉིད་བརྗོད་པར་འདོད་པའི་ཕྱིརརོ།། དེ་དག་ཀྱང་དྲན་པ་ལ་སོགས་པ་རིག་པར་བྱ་སྟེ་གོ་རིམས་བཞི་ནོ་ཞེས་བྱ་བ་འདི་སྨོསོ།། དྲན་པ་ནི་དམིགས་པ་མ་བརྗེད་པའོ་ཞེས་རྒྱུ ་ཆེར་འབྱུང་བ་ལ་དྲན་པ་ནི་དམིགས་པ་མ་བརྗེད་པའོ་ཞེས་བྱ་བ་ནི་སེམས་གནས་པར་བྱ་བའི་གདམས་ངག་ཡིད་ཀྱིས་བརྗོད་ཅེས་བྱ་བའི་ཐ་ཚི་གོ།། ཤེས་བཞིན་ནི་དྲན་པ་མ་བརྗོད་པར་གྱུར་ན་བྱིང་བ་དང་རྒོད་པ་རྟོག་པའོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གནས་པ་ཤེས ་བཞིན་དང་ལྡན་པར་འགྱུརརོ།། དེའི་ཕྱིར་དྲན་པ་མ་བརྗེད་པར་གྱུར་ན་ཞེས་བྱ་བ་སྨོས་ཏེ། བྱེང་པ་དང་རྒོད་པ་རྟོགས་ནས་ཞི་གནས་དང་ལྐོག་མཐོང་གཉིས་ཟུང་དུ་འབྲེལ་པའི་ཕྱིར་བསྒྲིམ་མི་དགོས་པར་འཇུག་ཞེས་བྱ་བའི་ཐ་ཚིགོ།། བཏང་སྙོམས་ཞེས་བྱ་བ་ནི་ཡུལ ་གཞན་ལ་མངོན་པར་འདུ་མི་བྱེད་ཅེས་བྱ་བའི་ཐ་ཚིག། དེ་ནི་འདི་སྐད་དུ་གོ་མས་ངག་ལོ་དྲན་པ་ཤིན་ཏུ་ཉེ་བར་གནས་པ་ནི་བྱིང་བ་དང་རྒོད་པའི་སེམས་ཡང་དག་པ་ཇི་ལྟ་བོ་བཞི་ནི་རབ་ཏུ་ཤེས་ཤིང་བྱིང་བ་དང་རྒོད་པ་དང་འབྲལ་བའི་ཕྱིར་དེ་མངོན་པར་འདུ་བྱེད་ལ ་བྱིང་བ་དང་རྒོད་པ་དང་བྲལ་ནས་ཡང་བཏང་སྙོམ་སུ་བྱེད་ཞེས་བསྟན་པར་འགྱུར།། དེ་ལྟར་དེའི་སེམས་རྣལ་དུ་འཇུག་པ་ལ་སུ་རུང་བ་ཉིད་ཡི་ནོ།། རྫུ་འཕྲུལ་གྱི་རྐང་པའི་འོག་ཏུ་དབང་པོ་ལྔ་རྣམས་ཏེ། དང་པོ་ལ་སོགས་པའོ་ཞེས་བྱ་བ་ནི་བསྟན་ཅེས་བྱ་བར་སྦྱརོ།། དེ་དག ་རྣམ་པར་བཞག་ཅན་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་དགོངས་པ།། དེའི་ཕྱིར་ཐར་པའི་མ་དང་མཐུན་པསྐྱེད་ན།། འདུན་དང་སྦྱོར་བ་དང་པྱོད་ཞེས་རྒྱུ་ཆེར་གསུང་སོ།། དབང་བྱེད་པ་ཞེས་བྱ་བར་སྙེག་སོ་ཞེས་བྱ་བ་འདིས་ནི་བདུན་པ་དང་སྦྱོར་བ་དང་བྱེད་ཅེས་བྱ་བ ་སྒྲ་འདིར་སྨོས་པ་འོག་མ་རྣམས་ལ་ཡང་སྙེགསོ་ཞེས་སྟོན་ཏོ།། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སེམས་ལ་སུ་རུང་བ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ནས་ཞེས་བྱ་བ་ནི་སེམས་ལ་སུ་རུང་བ་སེམས་ཀྱི་རྒྱུད་ལ་ཐུར་པའི་ཚེ་དང་མཐུན་པའི་དགེ་བའི་རྩ ་པ་རབ་ཏུ་འཛག་པ་འཐོ་བ་སྟེ་འདུན་པ་ནི་དབང་བྱེད་པ་ནས་རབ་ཏུ་རྣམ་པར་འབྱེད་པ་ནི་དབང་བྱེད་པའི་བར་དུ་འགྱུར་གྱི་སེམས་ལསུ་མི་རུང་བ་ལ་ནི་མ་ཡིནོ།། སེམས་ལ་སུ་རུང་པོ་ཉི་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་འགྱུར་རོ།། དེ་བས་ན་རྫུ་འཕྲུལ་གྱི་རྐང་པའི ་འོག་ཏུ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩེ་བོ་བསྐྱེད་པ་ལ་དབང་བྱེད་པས་དད་པ་ལ་སོགས་པ་དབང་པོ་ལྷ་རྣམས་རྣམ་པར་བཞགོ།། འདུན་པ་ནི་དབང་བྱེད་པ་ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུ་བཏགས་ནས་དད་པ་ཉིད་ལ་འདིར་འདུན་པའི་སྒྲར་བཤད། དཔེར་ན་ཞོ ་དང་ག་གྲོན་ལ་འཕྲལ་དུ་རིམས་ཤེས་བྱ་བ་ལྟ་བུའོ།། ཡང་ན་ཡོད་པ་ཉིད་དང་སྔོན་དང་ནུས་པ་རྣམས་ལ་གོ་རིམས་བཞིན་དུ་མངོན་པར་ཡིད་ཆེས་པ་དང་། དང་བ་དང་འདོད་པ་རྣམས་ནི་དད་པའི་མཚན་ཉིད།། དེ་བས་ན་འདུན་པ་སྨོས་པས་འདིར་འདོད་པའི ་མཚན་ཉིད་དད་པ་ཉིད་སྨོས་པར་འགྱུར་གྱི་འདུན་པ་ནི་མ་ཡིནོ།། སྦྱོར་བ་ནི་དབང་བྱེད་པ་ཞེས་བྱ་བ་ནི་འདིས་སྦྱོར་བར་བྱེད་པས་ན་སྦྱོར་བ་སྟེ། སྦྱོར་བའི་སྒྲ་ནི་བརྩོན་འགྲུས་ལ་བྱ་བར་དགོངས་པའོ།། དམིགས་པ་མི་བརྗེད་པ་ནི་དབང་བྱེད་པ་ཞེས་བྱ་བ་ནི་དྲན་པའི ་དབང་བྱེད་པ་སྟེ། དམིགས་པ་གསལ་བའི་མཚན་ཉིད་ནི་དྲན་པའི་དབང་པོའོ།། མི་འཕྲོག་པ་ནི་དབང་བྱེད་པ་ཞེས་བྱ་བ་ནི་ཏིངེ་འཛིན་གྱི་དབང་པོ་དབང་བྱེད་པ་སྟེ། སེམས་རྩེ་གཅིག་པའི་མཚན་ཉིད་ཡིན་པས་མི་འཕྲོ་བ་ནི་ཏིངངེ་འཛིན་གྱི་དབང་པོའོ།། རབ་ཏུ ་རྣམ་པར་འབྱེད་པ་ནི་དབང་བྱེད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་པོ་དབང་བྱེད་པ་སྟེ། ཤེས་རབ་ཀྱི་དབང་པོ་ཆོས་རྣམ་པར་འབྱེད་པའི་བདག་ཉིད་ཡིན་པའི་ཕྱིར།། ཀྱང་ཞེས་བྱ་བའི་སྒྲ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས་དད་པ་ལ ་སོགས་པ་དབང་པོ་ལྔ་པོ་དག་དང་གོ་རིམས་བཞིན་དུ་རིག་པར་བྱའོ་ཞེས་བྱ་བར་སྟོན་ཏོ།། དད་པར་གྱུར་པ་ནི་འཁོར་བའི་བཙོན་ར་ནས་འབྱུང་བར་འགྱུར་བས་དེའི་ཕྱིར་བརྩོན་འགྲུས་བརྩོ་མོ་བརྩོན་འགྲུས་བརྩམས་པ་བསླབ་པ་གསུམ་སྒྲུབ་སྟེ། དྲན་པ་དང་ཏིང ་འཛིན་དང་ཤེས་རབ་ཀྱི་དབང་པོ་རྣམས་གོ་རིམས་བཞིན།། དེ་ལྟར་མཐོང་བའི་ལམ་ལ་སྦྱོར་བའི་ས་ལ་དབང་པོ་འདི་རྣམས་གཙོ་བོར་འདོ་དོ།། གཞན་དག་ན་རེ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེད་པ་ལ་དབང་བྱེད་པ་ལ་སོགས་པའི་དབང་པོ་ཞེས་མི་བྱའི། ཐར ་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ནས་འདུན་པ་ལ་སོགས་པ་ལ་དབང་བྱེད་པ་སོ་ན་འདི་དག་དབང་པོ་ཞེས་བྱའོ།། དེ་ཉིད་བསྟན་པའི་ཕྱིར། འདུན་པ་ནི་དབང་བྱེད་པ་ཞེས་བྱ་བ་སྨོས་ཏེ། དད་པའི་དབང་པོ་ཞེས་བྱ་བ་དང་སྐྱ་རོ།། སྦྱོར་བ་ནི་བྱེད་པའོ།། མི་བརྗེད་པ་ནི་དམིགས་པ ་ཆུད་མི་ཟ་བའོ།། འཕྲོ་བ་མེད་པས་ན་མི་འཕྲོ་བའོ།། རབ་ཏུ་རྣམ་པར་འབྱེད་པས་ན་རབ་ཏུ་རྣམ་པར་འབྱེད་པའོ།། སྦྱོར་བ་དང་མི་བྱེད་པ་དང་མི་འཕྲོ་བ་དང་རབ་ཏུ་རྣམ་པར་འབྱེད་པ་དེ་དག་ལ་བརྩོན་འགྲུས་དང་དྲན་པ་དང་ཏིང་འཛིན་དཔོ་ཤེས་རབ་ཅེས་བྱ་བའི་སེམས་ལས་བྱུང་བ ་རྣམས་དབང་བས་ན་དབང་པོ་རྣམས་ཞེས་བྱ་བར་གྱུར་ཏོ་ཞེས་ཟེརོ།། འདིར་ནི་ཇི་སྐད་དུ་བཤད་པར་བྱ་སྟེ། ཐར་པའི་མ་དང་མཐུན་པའི་དགེ་བའི་བ་བསྐྱེད་པ་གཉིས་ཀྱི་དུས་ན་འདུན་པ་ལ་སོགས་པ་དབང་བྱེད་པ་དང་། དད་པ་ལ་སོགས་པ་རང་བཞིན་བྱེ་བྲག་ཏུ་གྱུར་པ་གང ་ཡང་མེད། འདི་ལྟར་དེའི་དུས་ན་དེ་ལ་དབང་བྱེད་པས་དེ་དག་དབང་པོར་བཞགོ།། དད་པ་ལ་སོགས་པ་དེ་དག་ཉིད་སྟོབས་དང་ལྡན་པར་གྱུར་པ་ལ་སྟོབས་རྣམས་ཞེས་བྱ་སྟེ། དབང་པོའི་འོག་ཏུ་བཤད་པའི་ཕྱིརརོ།། དེ་དག་སྟོབས་ལྡན་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མི་མཐུན་ཕྱོགས་ནི ་བསྲབས་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། མིཐུན་པའི་ཕྱོགས་སྲབ་མོར་གྱུར་པའི་ཕྱིརརོ།། དེ་ཉིད་བསྟན་པའི་ཕྱིར། གང་གི་ཚེ་དེ་དག་ཉིད་ཅེས་བྱ་བ་སྨོས་ཏེ། དད་པ་ལ་སོགས་པའི་དབང་པོ་རྣམ་སོ།། མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་ཞེས་བྱ་བ་ནི་མ་དང་། ་པ་དང་ལེ་ལོ་དང་བརྗེད་པ་དང་གཡེང་བ་དང་ཤེས་བཞིན་མེད་པ་རྣམ་སོ།། མི་མཐུན་པའི་ཕྱོགས་རྣམས་དང་། དད་པ་ལ་སོགས་པ་མི་འདྲེ་བ་ནི་རབ་ཏུ་སྲབ་པའི་ཕྱིར་ཏེ། སྐབས་སྐབས་ཀུན་ཏུ་འབྱུང་བ་མེད་པས་ན་སྐབས་མི་ཐོད་ཅེས་བྱ་བའི་ཐ་ཚིགོ།། དེའི་ཚེ་སྟོབས་རྣམས་ཤེས ་བྱའོ་དེའི་ཚེ་ན་ནི་དེ་དག་གིས་མི་མཐུན་པའི་ཕྱོགས་མ་བསྲབས་པས་དབང་པོ་དེ་དག་མི་མཐུན་པའི་ཕྱོགས་རྣམས་དང་འདྲེའོ།། གལ་ཏེ་མི་མཐུན་པའི་ཕྱོགས་རྣམས་མ་ཐུལ་བར་དབང་པོ་རྣམས་ཤེས་བྱ་ན། ཇི་ལྟར་མཁས་པའི་དེ་ཁོ་ན་ཉིད་ལས་འཇིག་རྟེན་པའི་རྣམ་པར ་དག་པའི་དབང་གིས་དད་པ་ལ་སོགས་པའི་དབང་པོར་བཤད་ཅེ་ན་དེར་ནི་དབང་པོ་རྣམས་ལ་བྱེ་བྲག་མེད་པར་དགོངས་པའོ།། འདིར་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་བྱེ་བྲག་ཡོདདོ།། དེ་བས་ན་འགལ་བ་མེ་དོ།། དེའི་ཕྱིར་འདིར་དབང་པོ་དེ་དག་ཉིད ་སྟོབས་རྣམས་ཤེས་བྱ་ཞེས་བྱ་བ་སྨོས།། དད་པར་གྱུར་པ་དེ་རྒྱུ་དང་འབྲས་བུ་ལ་བརྩོན་འགྲུས་བརྩོ་མོ།། འབྲས་བུ་འདི་ཉིད་ཀྱི་རྒྱུ་ནི་འདིའོ།། རྒྱུ་འདི་ཉིད་ཀྱི་འབྲས་བུ་ནི་འདིའོ་ཞེས་དེ་ལྟར་དད་པར་གྱུར་པ་ནི་འབྲས་བུ་ལ་དྲད་པས་དེའི་རྒྱུ་ལ་བརྩོན ་འགྲུས་བཅོ་མོ།། བརྩོན་འགྲུས་བརྩམས་པ་ནི་དྲན་པ་ཉེ་བར་གན་སོ།། དྲན་པ་ཉེ་བར་གནས་པ་ནི་གཡེང་བ་མེད་པའི་ཕྱིར་སེམས་མཉམ་པར་འཇོག་སྟེ། རྩེ་གཅིག་པར་འགྱུར་རོ།། སེམས་མཉམ་པར་བཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ ་ཤེས་ཏེ། ཏིངངེ་འཛིན་གྱིས་རྗེསུ་གཟུང་བའི་ཤེས་རབ་ནི་གསལ་བར་འགྱུར་རོ།། ཐར་པའི་ཆ་དང་མཐུན་པ་སྐྱེད་ཟིན་ལ་དབང་པོ་རྣམས་བསྟན་ན་ཐར་པའི་ཆུ་དང་མཐུན་པའི་འོག་ཏུ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་དང་དབང་པོ་རྣམས་ཀྱི་འོག ་ཏུ་ནི་སྟོབས་རྣམས་བསྟན་ན་དེའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་དབང་པོའི་དུ་སུ་ནི་རིག་པར་བྱ་བ་འམ། འོན་ཏེ་སྟོབས་ཀྱི་དུས་ལ་རིག་པར་བྱ། དེ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་དབང་པོ་དང་སྟོབས་ཀྱི་རང ་བཞིན་ནམ། འོན་ཏེ་དེ་ལས་གཞོན་པའི་རང་བཞིན་ཡིན་པ་བརྗོད་དགོས་ཏེ། དེའི་ཕྱིར་དབང་པོ་རྣམས་དང་སྟོབས་རྣམས་ལ།། ངེས་འབྱེད་ཆ་མཐུན་གཉིས་གཉིས་ཞེས་བྱ་བ་གསུང་སོ།། ཡོང་ན་ཇི་ལྟར་ཐར་པའི་ཆ་དང་མཐུན་པ་རྣམས་གཉེན་པོ་བསྒོམས ་ནས་རབ་ཏུ་ཕྱེ་བ་འམ། དད་པ་ལ་སོགས་པས་རབ་ཏུ་ཕྱེ་བར་གྱུར་པ་དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱང་།། དེའི་ཕྱིར་ཐར་པའི་ཆ་དང་མཐུན་པ་བསྐྱེད་ཟིན་ནས་ཞེས་རྒྱ་ཆེར་སྨོསོ།། དེའི་ཕྱིར་། ངེས་འབྱེད་ཆེ་མཐུན་གཉིས་གཉིས་ཞེས ་བྱ་བ་ཐམས་ཅད་གསུང་སོ།། དྲོ་བར་གྱུར་པ་རྣམས་དང་རྩེ་མོ་དག་གི་ཚེ་ནི་དབང་པོ་རྣམསོ།། དགེ་བའི་རྩ་བ་དེ་དག་ཆུང་བའི་ཕྱིར་ཏེ། དེ་དག་རྣམསུ་མི་རིགས་པས་དེ་དག་དབང་པོ་ཉིད་དོ།། བཟོད་པ་དག་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཀྱིས་ཚེ་ནི་སྟོབས་རྣམསོ་ཞེས་བྱ་བ ་ནི་དེ་དག་ཆེ་བའི་ཚིག་སྟེ། བཟོད་པ་འཇིག་རྟེན་པའི་ཆོས་ཀྱི་མཆོག་དེ་དག་ནི་དབང་པོ་རྣམསུ་མི་རིགས་ཀྱི་སྟོབས་རྣམས་ཉིད་།། ཆུང་དང་འབྲིང་པོ་དང་ཆེན་པོའི་བྱེ་བྲག་གིས་དད་པ་ལ་སོགས་པ་ནི་རྣམ་པ་གསུམོ།། དེ་ལ་ཆུང་ངུ་དང་འབྲིང་པོ་དེ་དག་ནི་དབང་པོ་རྣམ་སོ།། ཆེན་པོ ་དདག་ནི་སྟོབས་རྣམསོ།། ཆུ་ངུ་གང་ཡིན་པ་དག་ནི་དྲོ་བར་གྱུར་པ་རྣམསོ།། འབྲིང་པོ་དག་ནི་རྩེ་མོ་རྣམ་སོ།། ཆེན་པོ་ལ་ཡང་བཞིར་དབྱེ་སྟེ། དེ་ལ་ཆུ་ངུ་དང་འབྲིང་པོ་དང་ཆེན་པོ་རྣམས་ནི་བཟོད་པ་ཆུ་ངུ་དང་འབྲིང་པོ་དང་ཆེན་པོ་དག་གོ་རིམས་བཞི་ནོ།། ཆེན་པོའི་ཡང་ཆེན་པོ ་དངག་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམསོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་དག་ཐཾ་དཾ་ནི་ཏིང་འཛིན་དང་ཤེས་རབ་ཀྱི་རང་བཞིན་ཏེ། མཚུངས་པར་ལྡན་པ་དང་བཅས་པ་རྣམསོ།། དེ་ལ་དྲོ་བའི་རྣམ་པ་ནི་དྲོ་བར་གྱུར་པ་སྟེ། དཔེར་ན་གཙུབས་ཤིང་གཙུབས་པ ་ལས་ཤིང་ཚིག་པར་ནུས་པའི་མེའི་མཚན་མ་ཐོག་མར་བྱུང་བ་ནི་དྲོ་བ་འབྱུང་བའོ།། དེ་བཞིན་དུ་འཕགས་པའི་ལམ་གྱི་མེས་ཉོན་མོངས་པ་ཐམས་ཅད་ཀྱི་སྲེག་པར་ནུས་པའི་ཐོག་མའི་རང་བཞིན་ཡིན་པས་དྲོ་བར་གྱུར་པའོ།། དགེ་བའི་རྩ་བ་གཡོ་བ་རྣམས ་ལས་རྩེ་མོར་ཕྱིན་པས་ན་རྩེ་མོའོ།། བདེན་པའི་དོན་ལ་རབ་ཏུ་བཟོད་པས་བཟོད་པའོ།། ཟག་པ་དང་བཅས་པའི་ཆོས་གཞན་པས་དམ་པ་ཡིན་པས་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཞེས་བྱའོ།། དེ་མ་ཐག་ཏུ་མཐོང་བའི་ལམ་སྐྱེ་བས་ན་དེ་དག་མཆོག་ཅེས་བྱ་སྟེ ་ངག་ནི་སྐད་ཅིག་པའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལྷག་མ་རྣམས་ནི་རྒྱུ་ཅ་ནོ།། དེ་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ནི་འཁོར་བར་རབ་ཏུ་ཕྱེ་བའི་མཐུ་འཇོམས་པའི་ཚུལ་དུ་རིག་པར་བྱའོ།། ངེས་པར་འབྱེད་པའི་ཆ་མཐུན་པའི ་ཟག་པ་མེད་པའི་ཆོས་འབྱུང་བའི་མཐུ་བསྐྱེད་པའི་ཚུལ་དུ་རིག་པར་བྱ་སྟེ་ཆོས་ཀྱི་མཆོག་གི་འོག་ཏུ་མཐོང་བའི་ལམ་འབྱུང་བའི་ཕྱིརརོ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་གི་རབ་ཏུ་ཕྱེ་བའི་ཕྱིར་སྟོབས་ཀྱི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་རྣམས་བཤ་དོ།། དེ་དག་ཇི་ལྟར ་རྣམ་པར་བཞག་ཅེ་ན། ཞེས་བྱ་བ་ནི་ཅིའི་ཕྱིར་རྣམ་པར་བཞག་ཅེས་བྱ་བར་དགོངས་པའོ།། དེའི་ཕྱིར་རང་བཞིན་ཡན་ལག་གནས་ཡན་ལག་ཅེས་རྒྱ་ཆེར་གསུང་སོ།། མཐོང་བའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ་དག་ནི་བྱང་ཆུབ་ཀྱི་ཡན་ལག ་རྣམསོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མ་མཐོང་བ་ལས་དེ་ཐོག་མ་ཉིད་དུ་མཐོང་བའི་ཕྱིར་མཐོང་བའོ།། འཕགས་པའི་སར་ཕྱིན་པར་བྱེད་པའི་ཕྱིར་ལམ་ཞེས་བྱ་བ་སྟེ། དེའི་ཕྱིར་མཐོང་བའི་ལ་མཽ་ཞེས་བྱའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཚེ་ནཱ་ནི་དར་ལས། ་ཆོད་པ་ལྟ་བུར་བདེན་པ་རྣམས་རྟོག་སོ་མཐོང་བའི་ལམ་གྱི་ཚེ་ན་ནི་དེ་བསལ་བ་ལྟ་བུར་རྟོག་སོ།། དེ་ལ་དེ་ཁོ་ན་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེསོ།། དེ་ལ་དྲན་པ་ལ་སོགས་པ་དྲུག་ནི་བྱང་ཆུབ་དང་མཐུན་པའི་ཕྱིར་དེའི་ཡན ་ལག་རྣམ་སོ།། ཆོས་རྣམ་པར་འབྱེད་པ་ནི་རྟོག་པའི་བདག་ཉིད་པས་ན་བྱང་ཆུབ་སྟེ། དེ་དག་གིས་གྲོགསུ་གྱུར་པས་ཡན་ལགོ།། གཞན་ན་རེ་བར་ཆད་མེད་པའི་ལམ་དུ་གཏོགས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལའོ།། རྣམ་པར་གྲོལ་བའི་ལ ་དུ་གཏོགས་པ་ནི་བྱང་ཆུབ་ཅེས་བྱའོ་ཞེས་ཟེའོ།། དེ་ལ་དྲན་པ་ནི་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་སྟེ། དྲན་པའི་སྟོབས་ཀྱིས་དམིགས་པ་དེ་ལ་མི་གཡེང་བའི་ཕྱིར།། ཆོས་རྣམ་པར་འབྱེད་པ་ནི་རང་བཞིན་གྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། ་བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། བརྩོན་འགྲུས་ཀྱི་སོ་སོའི་སྐྱེ་བོའི་ས་ལས་ཤིན་ཏུ་འདྲ་བའི་ཕྱིརོ།། དགའ་བ་ནི་ཕན་ཡོན་གྱི་ཡན་ལག་ཡན་ལག་སྟེ། དེས་ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར།། རྣམ་པ་གསུམ་ནི་ཀུན་ནས་ཉོན་མོངས་པ ་མེད་པའི་ཡན་ལག་སྟེ། ཤིན་ཏུ་སྦྱངས་པ་དང་ཏིང་འཛིན་དང་བཏང་སྙོམ་སོ།། དེ་དག་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོར་གྱུར་པའི་ཕྱིརརོ།། ཡང་ན་ཉོན་མོངས་པ་མེད་པའི་གཞི་དང་གནས་དང་། ངོ་བོ་ཉིད་ཐ་དད་པའི་ཕྱིརརོ།། ཅིའི་ཕྱིར་ཀུན་ནས་ཉོན་མོངས ་པ་མེད་པའི་ཡན་ལག་རྣམ་པ་གསུམ་བསྟན་ཅེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་རྣམ་པ་གསུམ་དུ་བཤད་སྙམ་དུ་བསམས་པ་སྟེ། དེའི་ཕྱིར། འདི་ལ་གཞི་དང་གནས་དང་ནི།། ངོ་བོ་ཉི་དུ་བསྟན་པ་ཡིན་ཞེས་གསུངས།། ཤིན་ཏུ་སྦྱངས་པ་ནི་ཀུན་ནོས་ཉོན་མོངས་པ་མེད་པའི ་གཞི་སྟེ། ཀུན་ནས་ཉོན་མོངས་པ་མེད་པ་ནི་རྣམ་པར་དག་པའོ།། གཞི་ནི་རྒྱུ་ཡི་ནོ།། ཇི་ལྟར་གཞི་ཞེས་བྱ་ཞི་ན། དེའི་ཕྱིར་ཀུན་ནས་ཉོན་མོངས་པ་ནི་གནས་ངན་ལེན་གྱི་རྒྱུ་ལས་བྱུང་བའི་ཕྱིར་དེ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོསོ།། དེ་ནི་འདི་སྐད ་ཀུན་ནས་ཉོན་མོངས་པའི་གཞིའི་གཉེན་པོར་གྱུར་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་ཡི་ནོ།། ཞེས་བསྟན་པར་འགྱུར།། ལུས་དང་སེམས་ལ་སུ་མི་རུང་བ་ཉིད་ནི་གནས་ངན་ལེན་ཅེས་བྱ་སྟེ། དེ་ཡོད་ན་སེམས་རྩེ་གཅིག་པ་མེད་པའི་ཕྱིར་སེམས ་གཡེངས་པར་འགྱུརརོ།། སེམས་གཡེངས་པ་ལ་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་རྣམས་འབྱུང་སྟེ། དེ་ལྟར་ན་གནས་ངན་ལེན་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡི་ནོ།། གནས་ངན་ལེན་དེའི་གཉེན་པོ་ནི་ཤིན་ཏུ་སྦྱངས་པའོ།། ཇི ་ལྟར་ཞེ་ན་ཤིན་ཏུ་སྦྱངས་པས་ན་ལུས་དང་སེམས་གཉིས་ལ་སུ་རུང་བར་འགྱུར་ཏེ། དེ་ལྟར་ན་ཤིན་ཏུ་སྦྱངས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞིར་རྣམ་པར་བཞགོ།། ཏིང་འཛིན་ནི་གནསོ་ཞེས་བྱ་བ་ནི་ལུས་དང་སེམས་གཉིས་ཤིན་ཏུ་སྦྱངས་པས་རྗེ་སུ་གཟུང ་བས་ན་སེམས་མཉམ་པར་འཇོག།། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་ཉོན་མོངས་པ་རྣམས་སྤོང་བ་སྟེ། དེ་ལྟར་ན་ཀུན་ནས་ཉོན་མོངས་པ་མེད་པའི་གནས་ཏིང་འཛིན་ཏོ།། ། ་བཏང་སྙོམས་ནི་ངོ་བོ་ཉིད་ཞེས་བྱ་བ་ནི་གནས་པ་ཀུན་ནས་ཉོན་མོངས་པར་གྱུར་པ་དང་མཐུན་པའི་སེམས་ནི་མཉམ་པ་དང་སེམས་རྣལ་དུ་མི་འཇུག་པ་དང་སེམས་རྩོལ་བ་དང་བཅས་པའི་གཉེན་པོ་ཡིན་པའི་ཕྱིརརོ།། དེ་ལྟར་ན་བཏང་སྙོམས་ནི་ཀུན་ནས ་ཉོན་མོངས་པ་མེད་པའི་ངོ་བོ་ཉིད།། གཞན་ན་རེ་སྤོང་བའི་ལམ་རྣམས་ཀྱིས་མཐོང་བ་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པས་ཉོན་མོངས་པའི་རྗེསུ་འཆིང་བ་དང་བྲལ་བའི་ངོ་བོ་ཉིད་ཀྱིས་རྣམ་པར་དག་བའི་རྣམ་པར་གྲོལ་བའི་ལམ་དུ་གཏོ ་པའི་ཤེས་རབ་ཤེས་བྱ་བ་ལ་ངེས་པ་སྐྱེ་བ་དེ་འདིར་བཏང་སྙོམས་ཞེས་བྱ་སྟེ། དགོས་པ་བྱས་པའི་ཕྱིར་ཟད་པ་ལ་ཟོད་སྙམ་དུ་བཏང་སྙོམ་སུ་བྱེད་པའི་ཕྱིར་ཞེའོ།། བྱང་ཆུབ་ཀྱི་ཡན་ལག་གི་འོག་ཏུ་ལམ་གྱི་ཡན་ལག་རྣམས་ཏེ། དེ་དག་ཇི་ལྟར་རྣམ་པར་བཞག་ཅེ ་ན་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་འོག་ཏུ་བསྒོམ་པའི་ལམ་སྟེ། དེ་ལ་ལམ་གྱི་ཡན་ལག་རྣམས་ཞེས་བྱའོ།། དེའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་གི་འོག་ཏུ་ལམ་གྱི་ཡན་ལག་རྣམས་བརྗོད།། དེ་དག་གླང་གི་དོན་དུ་རྣམ་པར་བཞག་ཅེ་ན། དེའི་ཕྱིར། ཡོངསུ ་ཅོད་དང་གོ་བྱད་དང་ཞེས་རྒྱ་ཆེར་གསུངསོ།། མི་མཐུན་པའི་ཕྱོགས་ལོག་པར་ལྟ་བ་ནས་མི་མཐུན་པའི་ཕྱོགས་ལོག་པའི་ཏིང་འཛིན་གྱི་བར་གྱིས་ཡང་དག་པར་ལྟ་བ་ལ་སོགས་པ་ལམ་གྱ་ཡན་ལག་བརྒྱད་པོ་དག་གོ་རིམས་བཞིན་དུ་རྣམ ་བར་གཞགོ།། ཡོང་དེ་དགི་གོ་རིམས་ཀྱིས་ཏེ། བསྒོམ་པའི་ལམ་ཞེས་རྒྱ་ཆེར་འབྱུང་བའོ།། བརྟེན་པར་བསྒོམ་པར་བྱ་བ་ཡིན་པས་ན་བསྒོམ་པའི་ལ་མོ།། བསྒོམ་པའི་ལམ་དེ་ལ་མཐོང་བའི་ལམ་ཐོབ་པར་བསྒོམ་པས་བསྒོམས་པ་ཡོངསུ་གཅོད་པའི ་ཡན་ལག་ནི་ཡང་དག་པའི་ལྟ་བའོ།། འཇིག་རྟེན་པ་ཞེས་བྱ་བ་ནི་རྟོག་པ་དང་བཅས་པའི་ཕྱིར་འཇིག་རྟེན་པའོ།། དེ་འབྱུང་བའི་མཐུ་རྙེད་པས་ལམ་ལ་མཉམ་པར་བཞག་པ་ནྱ་ཡང་དེ་རྣམ་པར་བཞགོ།། འཇིག་རྟེན་ལས་འདས་པ་ནི་རྣམ་པར་མི་རྟོག ་རྟོག་པའོ།། རྣམ་པར་མི་རྟོག་པར་གྱུར་ཀྱང་ཡང་དག་པར་ལྟ་བའི་གནས་གྱུར་པས་ན་ཡང་དག་པར་ལྟ་བ་ཞེས་བྱའོ།། དེའི་ཕྱིར་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་ཞེས་སྨོས་ཏེ། འཇིག་རྟེན་ལས་འདས་པ་མཐོང་བའི་ལམ་གྱིས་རྗེས་ལས་ཐོབ་པ ་ནི་སྐྱེས་ཞེས་བྱ་བའི་ཐ་ཚིའོ།། དེའི་ཡུལ་གང་ཞེ་ན། དེའི་ཕྱིར་ངེས་རང་གི་རྟོག་པ་ཞེས་བྱ་བ་སྨོསོ།། མཐོང་བའི་ལམ་གྱིས་རྟོགས་པ་ལ་བདག་གིས་འདི་ལྟ་བུ་རྟོག་སོ་ཞེས་ཡོངསུ་གཅོད་པ་སྟེ། མཐོང་བའི་ལམ་ཡུལ་ཡིན་པས་ན་ཡང་དག་པར་ལྟ། ་ཞེས་བྱའོ་གོ་བར་བྱེད་པའི་ཡན་ལག་ཅེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཡང་དག་པའི་ལྟ་བ་དེས་ཡོངསསུ་བཅད་པའི་དེ་ཁོ་ན་ཡང་དག་པའི་ངག་དང་ཡང་དག་པའི་རྟོག་པས་གཞན་ལ་གོ་བར་བྱེད་པའི་ཕྱིར། ཡང་དག་པའི་རྟོག་པ་དང་ཡང་དག་པའི ་ངག་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག། དེའི་ཕྱིར་ཀུན་ནས་སློང་བ་དང་བཅས་པའི་ངག་གིས་དེ་གོ་བར་བྱེད་པའི་ཕྱིར་ཞེས་བྱ་བ་སྨོསོ།། ཡང་དག་པའི་རྟོག་པ་ནི་ངག་ཀུན་ནས་སློང་བ་སྟེ། མ་བརྟགས་མི་དཔྱད་པར་ཚིག་མི་སྨྲའོ་ཞེས་མདོ་ལས་གསུངས།། ་པའི་ཕྱིརརོ།། དེ་འབྱུང་བའི་ཕྱིར་མཉམ་པར་བཞག་པ་ན་ཡང་དེ་གཉིས་དང་ལྡན་པར་རིག་པར་བྱའི་མཉམ་པར་བཞག་པ་ནི་ཡང་དག་པར་རྟོག་པར་བྱེད་པ་འམ་སྨྲ་བ་ནི་མ་ཡིན།། གཞན་ཡིད་ཆེས་པར་བྱེད་པའི་ཡན་ལོག་ནི་རྣམ་པ་གསུམ་སྟེ། ཡང་དག་པའི་ངག། ་དང་ལས་ཀྱི་མཐའ་དང་ལས་ཀྱི་འཚོ་བའོ།། ཇི་ལྟ་ཞེ་ན་དེའི་ཕྱིར། དེ་དག་ཀྱང་གོ་རིམས་བཞིན་དུ། ལཱྀ་དང་ཚུལ་ཁྲིམས་ཡོ་བྱད་སྙུངས།། གཞན་ལ་རྣམ་པར་རིག་བྱེད་འདོད།། ཅེས་བྱ་བ་སྨོས་ཏེ། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང་གོ་རིམས་བཞི་ནོ།། ཡང ་དག་པའི་ངག་གིས་ཞེས་རྒྱ་ཆེར་འབྱུང་བ་ལ། བརྙས་པ་ཞེས་བྱ་བ་ནི་ཆོས་བསྟན་པའོ།། འབྲེལ་བའི་གཏམ་ངེས་པས་ཞེས་བྱ་བ་ནི། མངོན་པར་རྟོག་པ་ལས་བརྩམས་ནས་གཞན་དེ་དག་དང་རྒོལ་ཞིང་ལན་འདེབས་པ་སྟེ། བསྙད་པ་དང་འབེལ་བའི་གཏམ་རྣམ་པར་ངེས ་པ་འདིས་ནི་འདི་ལྟར་འདི་ཐོགས་པ་མེད་པ་དང་། དོན་ཤིན་ཏུ་གཏན་ལ་ཕབ་པ་དང་འགལ་བ་མེད་པ་དང་དོན་གསལ་བ་བརྗོད་པ་ལས་ན་འདིས་དེ་ཁོ་ན་ངེས་པར་རྟོག་སོ་ཞེས་ཤེས་རབ་ལ་གཞན་དག་ཡིད་ཆེས་པར་འགྱུརརོ།། ཡང་དག་པའི་ལས་ཀྱི་མཐའ་ནི་ཚུལ ་ཁྲིམསཱ་ལྔ་སྟེ་ཞེས་བྱ་བ་ནི་ཡིད་ཆེས་པར་འགྱུརརོ་ཞེས་བྱ་བར་སྨྲ་རོ།། ཇི་ལྟར་ཞེ་ན། དེའི་ཕྱིར་བྱ་བ་མ་ཡིན་པ་མི་བྱེད་པའི་ཕྱིརརོ་ཞེས་བྱ་བ་སྨོསོ།། ཡང་དག་པའི་ལས་ཀྱི་མཐའ་ནི་ཉེས་པར་སྤྱོད་པ་དང་མི་མཐུན་པ་སྟེ་དེའི་ཕྱིར་དེ་དང་ལྡན་ན་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི ་བྱེད། དེའི་ཕྱིར་འདི་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡནོ་ཞེས་ཡིད་ཆེས་པ་འབྱུང་།། ཡང་དག་པའི་འཚོ་བས་ནི་ཡོ་བྱད་བསྙུངས་པ་ལ་སྟེ་ཞེས་བྱ་བ་ནི་ཡིད་ཆེས་པར་འགྱུར་ཞེས་བྱ་བར་སྦྱར།། ཇི་ལྟ་ཞེ་ན་དེའི་ཕྱིར། ཆོས་ཀྱིས་གོས་ལ་སོགས་པ་ཚོད་ཟིན་པར ་ཚོལ་བའི་ཕྱིརརོ་ཞེས་བྱ་བ་སྨོས།། འཚོ་བའི་ཡོ་བྱད་ཀྱི་ཕྱིར་ཚུལ་འཆིས་པ་ལ་སོགས་པའི་ཉེས་པ་མེད་པའི་ལུས་དང་ངག་གིས་ཀུན་ཏུ་སྤྱོད་པ་ནི་ཡང་དག་པོའི་འཚོ་བ་སྟེ། དེས་འདི་ལྟར་འདི་ནི་ལུས་གནས་པ་ཙམ་དུ་བྱ་བའི་ཕྱིར་རིགས་པ་དང་ཚོད་ཟིན་པར་ཆོས་གོས་ལ ་སོགས་པ་ཚོལ་བས་ནི་གདོན་མི་ཟ་བར་འདི་ནི་ཡོ་བྱད་རྣམས་ལ་སྲེད་པ་སྤང་སོ་ཞེས་ཡོ་བྱད་བསྙུངས་པར་ཡིད་ཆེས་པར་འགྱུར།། དེ་ལ་ཡང་དག་པའི་ལྟ་བས་ནི་མངོན་པའི་ང་རྒྱལ་མེད་པར་འགྱུར་ཏེ། རང་གི་རྟོགས་པ་ཡང་དག་པོ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པའི་ཕྱིར ་ཡང་དག་པའི་རྟོག་པས་ཀུན་ནས་བསླང་བའི་ཚིག་གིས་ནི་སེངྒེའི་སྒྲ་སྒོགོ།། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་རྣམས་ཀྱིས་ནི་རང་གི་དམ་བཅས་པ་ཡང་དག་པར་བརྗོད།། དེ་ལ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཡན་ལག་རྣམ་གསུམ་མི་ཤེས་ནས། ་དེའི་ཕྱིར། ཡང་དག་པའི་རྩོལ་བ་དང་དྲན་པ་དང་ཏིང་འཛིན་ཏོ།། ཞེས་བྱ་བོ་སྨོསོ།། དེ་དག་ཀྱང་མི་མཐུན་པའི་ཕྱོགས་གང་གི་གཉེན་པོ་ཡིན་ཞེ་ན། དེའི་ཕྱིར་དེ་དག་ནི་གོ་རིམས་བཞིན་དུ། ཉོན་མོངས་ཉེ་བའི་ཉོན་མོངས་དབང་།། མི་མཐུན་ཕྱོགས་ཀྱི་གཉེན་པོའོ་ཞེས་བྱ་བ་གསུངསོ།། ། ་དེ་ལ་དང་པོའི་གཉེན་པོ་ནི་ཡང་དག་པའི་རྩོལ་བ་སྟེ་ཞེས་བྱ་བ་ག། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་མི་མཐུན་པའི་ཕྱོགས་དང་པོ་སྟེ། དེའི་གཉེན་པོ་ནི་ཡང་དག་པའི་རྩོལ་བའོ།། ཇི་ལྟ་ཞེ་ན་དེའི་ཕྱིར། དེས་ཞེས་བྱ་བ་སྨོས་ཏེ། ཡང ་དག་པའི་རྩོལ་བས་ལམ་བསྒོམ་པའི་ཕྱིརརོ།། བྱིང་བ་དང་རྒོད་པ་དང་བྲལ་བའི་ཏིང་འཛིན་གྱི་དུས་ཀྱི་བརྩོན་འགྲུས་ཡང་དག་པའི་ལྟ་བས་བསྡུས་པ་ནི་ཡང་དག་པའི་རྩོལ་བ་སྟེ། དེས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་བྱ་བའི་ཕྱིར ་དོར་གཉེན་པོ་ལམ་བསྒོ་མོ།། དེའི་ཕྱིར་ཡང་དོག་པའི་ཏིང་འཛིན་སྒྲུབ་པས་ཡང་དག་པའི་རྩོལ་བ་ནི་དང་པོའི་གཉེན་པོ་ཞེས་བྱའོ།། ལམ་བསྒོམ་པ་དེ་ཉིད་ལ་གཉིས་པ་ཉེ་བའི་ཉོན་མོངས་པ་བྱིང་བ་དང་རྒོང་པའི་མཚན་ཉིད་ཀྱི་ནི་ཡང་དག་པའི་དྲན་པ ་ཞེས་བྱ་བ་ནི་གཉེན་པོ་ཞེས་བྱ་བར་སྦྱ་རོ།། ཇི་ལྟ་ཞེ་ན་དེའི་ཕྱིར་། ཞི་གནས་ལ་སོགས་པའི་རྒྱུ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གནས་པས་བྱིང་བ་དང་རྒོད་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སོགས་པ་པ་ཞེས་བྱ་བའི་སྒྲ་ནི་རབ་ཏུ་འཛིན་པའི་རྒྱུ་དང་། བཏང་སྙོམས།། ་ཀྱི་རྒྱུ་ཡིན་པར་ཤེས་པར་བྱའོ།། དེ་ལ་གཡེང་བའི་རྒྱུ་ཉེ་བར་ཞི་བར་བྱེད་པས་ཞི་གན་སོ།། ཞི་གནས་ལ་སོགས་པའི་རྒྱུ་ནི་ཞི་གནས་ལ་སོགས་པའི་བྱེད་རྒྱུའོ།། དེ་ལ་སེམས་རྒོད་པའམ་རྒོ་དུ་དོགས་པ་ཞིག་ཏུ་གྱུར་ན། སྐྱེ་བར་འགྱུར་བའི་དངོས་པོ་ཡིད་ལ་བྱེད ་པོ་ནི་ཞི་གནས་ཀྱི་རྒྱུའོ།། སེམས་བྱིང་བའམ། བྱིང་དུ་ངོགས་པ་ཞིག་ཏུ་གྱུར་ན། མངོན་པར་དགའ་བར་གྱུར་པའི་དངོས་པོ་ཡིད་ལ་བྱེད་པ་ནི་རབ་ཏུ་འཛིན་པའི་རྒྱུའོ།། ཞི་གནས་ལ་གཅིག་ཏུ་ངེས་པའི་ལམ་འམ།། ལྷག་མཐོང་ལ་གཅིག་ཏུ་ངེས་པའམ། རྡུང་། ་འབྲེལ་པས་འཇུག་པའང་རུང་སྟེ། ཉེ་བའི་ཉོན་མོངས་པ་དེ་གཉིས་ཀྱིས་ཉེ་བར་ཉོན་མོངས་པར་གྱུར་པ་ལ་ལྷུན་གྱིས་གྲུབ་པ་ཡིད་ལ་བྱེད་པ་ནི་བཏང་སྙོམས་ཀྱི་རྒྱུའོ།། མངོན་པར་ཤེས་པ་ལ་སོགས་པ་སྔོན་གྱི་རང་བཞིན་གྱི་དབང་འབྱོར་པའི་མི་མཐུན་པའི་ཕྱོགས ་གང་ཡིན་པ་ནི། སྙོམས་པར་འཇུག་པའི་སྒྲིབ་པའི་རང་བཞིན་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ།། གསུམ་པ་ནི་དེའི་ཡོང་དག་པཊཱི་ཏིང་འཛིན་ཏེ་གཉེན་པོ་ཞེས་བྱ་བར་སྦྱར།། ཇི་ལྟ་ཞེ་ན་དེའི་ཕྱིར། བསམ་གཏན་ལ་གནས་ནས་མངོན་པར་ཤེས་པ་ལ ་སོགས་པ་སྟོན་མངོན་པར་བསྒྲུབ་པའི་ཕྱིར་ཞེས་སྨོ་སོ།། བསམ་གཏན་ནི་སྟོན་ཁྱད་པར་ཅན་ཐམས་ཅད་མངོན་པར་བསྒྲུབ་པའི་གནས་ཡིན་ཏེ། དེ་བས་ན་མངོན་པར་ཤེས་པ་ལ་སོགས་པ་ཡོན་མངོན་པར་བསྒྲུབ་པའི་མཐུན་པའི་ཕྱོགསུ་གྱུར་པ་ནི། སྙོམས།། ་པར་འཇུག་པའི་སྒྲིབ་པའི་གཉེན་པོའོ།། དེ་ལྟེ་བས་ན་དེ་ལྟར་ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་སྟོན་ཏོ།། ཡང་དག་པའི་དྲན་པས་ནི་ཏིང་འཛིན་ཡོངསུ་དག་པའོ།། ཡང་དག་པའི་ཏིང་འཛིན་གྱིས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་དང ་བྲལ་བའོ།། གཉེན་པོ་བསྒོམ་པ་མདོར་བསྡུས་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ནི། རྩོམ་པ་དང་ཐོབ་པ་དང་གྲུབ་པའི་བྱེ་བྲག་གིསོ།། རྒྱས་པར་བྱས་ན་རྣམ་པ་དུ་མ་ཡོད།། དེ་ཇི་ལྟ་ཞེ་ན། རྗེ་སུ་མཐུན་ལ་ཕྱིན་ཅི་ལོ་ག། ཅེས་རྒྱ་ཆེར་འབྱུང་བ་དེ་ལ། ཕྱིན་ཅི ་མ་ལོག་པའི་རྗེ་སུ་མཐུན་ལ་ཕྱིན་ཅི་ལོག་པ་ཞེས་བྱ་བ་ལ་ཕྱིན་ཅི་མ་ལོག་པ་ནི་མཐོང་བའི་ལམ་སྟེ། དེ་ཁོ་ན་ཡུལ་ཡིན་པའི་ཕྱིར།། དེའི་རྗེ་སུ་མཐུན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་རྗེསུ་མཐུན་པའོ།། འདི་ནི་སོ་སོའི་སྐྱེ་བོའི་སྒོམ་པ་ཡིན་པས་དེ་ཁོ་ན་ཡུལ་དུ ་མ་གྱུར་པའི་ཕྱིར་ཕྱིན་ཅི་ལོག་སྟེ། སོ་སོའི་སྐྱེ་བོས་ཉོན་མོངས་པ་རྣམས་མ་ལུས་པར་མ་སྤངས་པའི་ཕྱིརརོ།། ཇི་ལྟར་ན་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིན་ཅི་ལོག་མེད་པའི་རྗེ་སུ་མཐུན་པར་འགྱུར་ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ ་ཐུན་པ་ཐོས་པའི་བག་ཆགས་ལས་བྱུང་བའི་ཕྱིརརོ།། དེ་ཡང་དྲན་པ་ཉེ་བར་གཞག་པ་བསྒོམས་པ་ནས་བརྩམས་ཏེ། སྟོབས་བསྒོམ་པའི་བར་དུའོ།། ཕྱིན་ཅི་ལོག་མེད་ལ་ཕྱིན་ཅི་ལོག་རྗེསུ་འབྲེལ་པ་ཞེས་བྱ་བ་འདི་ནི་སློབ་མ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག ་བསྒོམ་པ་དང་ལམ་བསྒོམ་པ་སྟེ། དེ་ཁོ་ན་ཡུལ་དུ་གྱུར་པས་ན་ཕྱིན་ཅི་ལོག་མེད་པའོ།། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཡོད་པའི་ཕྱིར་ཕྱིན་ཅི་ལོག་རྗེ་སུ་འབྲེལ་པའོ།། ཕྱིན་ཅི་ལོག་ཀྱང་མེད་ལ་ཕྱིན་ཅི་ལོག་ཀྱང་རྗེ་སུ་འབྲེལ་པ་ཡང་མེད་པ་ཞེས་བྱ་བ་འདི ་ནི་དགྲ་བཅོམ་པ་མི་སློབ་པའི་བསྒོམ་པ་སྟེ། དེ་ཁོ་ན་ཡུལ་དུ་གྱུར་པས་ན་ཕྱིན་ཅི་ལོག་མེད་པའོ།། དགྲ་བཅོམ་པས་ནི་དྲི་མ་རྣམས་མ་ལུས་པར་སྤངས་པའི་ཕྱིར་ཕྱིན་ཅི་ལོག་རྗེསུ་འབྲེལ་པ་མེདོ།། ད་ནི་ཉན་ཐོས་རྣམས་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་གཉེན་པོ་བསྒོམ་པ་ཁྱད་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི།། དམིགས་དང་ཡིད་ལ་བྱེད་པ་དང་།། འཐོབ་པས་དེ་ནི་ཁྱད་པར་འཕག་སོ།། ཞེས་བྱ་བ་སྨོས་ཏེ། དེ་ལ་དམྱིགས་པ་ཁྱད་པར་དུ་འཕགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས།། ་ནི་རང་གི་རྒྱུ་དུ་གཏོགསོ་པའི་ལུས་ལ་སོགས་པ་ཞེས་བྱ་བ་སྟེ། ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་དམིག་སོ།། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གྱི་རྒྱུ་དུ་གཏོགས་པ་རྣམསོ་ཞེས་བྱ་བ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས ་རྣམས་ལ་དམིག་སོ།། ཅིའི་ཕྱིར་དམིགས་པ་ཐ་དད་ཅེ་ན། འདི་ལྟར་ཉན་ཐོས་ལ་སོགས་པ་ནི་རང་གི་དོན་གྱི་དབང་དུ་བྱས་ནས་གཉེན་པོ་བསྒོམ་པ་ལ་འཇུག། བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་གྱི་དོན་གྱི་དབང་དུ་མཛད་པའི་ཕྱིརརོ།། མི་རྟག་པ་ལ ་གས་པའི་རྣམ་པར་ཞེས་བྱ་བ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པའི་རྣམ་པརོ།། ཅིའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་སོགས་པ་དེ་ལྟར་ཡིད་ལ་བྱེད་ཅེ་ན། དེ་དག་ལ་སྐྱོ་བར་བྱེད་པའི་ཕྱིར་ཏེ། སྐྱོ་བར་མ་གྱུར་པ ་དེ་དག་འབྲལ་བར་མི་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ནི་དམིགས་པའི་ཚུལ་དུའོ།། ཞེས་བྱ་བ་ནི་བརྟགས་པའི་ངོ་བོ་ཉིད་དམིགས་པའི་རྣམ་པར་ཞེས་བྱ་བའི་ཐ་ཚི་གོ། ཅིའི་ཕྱིར་དེ་ལྟར་ཡིད་ལ་མཛད་ཅེ་ན་རྣམ་པར་རྟོག་པ་ཐ~ཾད་སྤང་བའི་ཕྱིར་ཏེ། འདི་ནི་དེ ་དག་གི་ཁྱད་པར་ཞེས་བྱའོ།། མཽ་དམིགས་པའི་ཚུལ་འབའ་ཞིག་ཏུ་ཡིད་ལ་མཛད་པ་ཡང་མ་ཡོན་གྱི། མི་རྟག་པ་ལ་སོགས་པའི་རྣམ་པར་ཡང་ཡིད་ལ་མཛདདེ། དེ་ལྟར་ན་ཡིད་ལ་བྱེད་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕག་སོ།། ཅི་ནས་ཀྱང་ལུས་ལ་སོགས ་པ་དང་བྲལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལུས་ལ་སོགས་པ་དང་བྲལ་བ་ནི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དང་། དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའོ།། བྱང་ཆུབ་སེམས་དཔའ་རྣམས་ནི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན། མི། ་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལུས་ལ་སོགས་པ་དང་ཤིན་ཏུ་བྲལ་བ་དང་མ་བྲལ་ན་ཡང་སེམས་ཅན་གྱི་དོན་བྱ་བར་མི་ནུས་པར་འགྱུར་ཏེ། ཉོན་མོངས་པ་ཟད་པ་དང་། སེམས་ཅན་ཕལ་པ་བཞི་ནོ།། གལ་ཏེ་ཡང་འབྲལ་བའི ་ཕྱིར་ཡང་མ་ཡིན་མི་འབྲལ་བའི་ཕྱིར་ཡང་མ་ཡིན་ན་ཅིའི་ཕྱིར་གཉེན་པོ་རྣམས་བསྒོམ་ཞེ་ན་དེའི་ཕྱིར། ཅི་ནས་ཀྱང་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་བསྒོ་མོ་ཞེས་བྱ་བ་སྨོས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་དེ་གང་ཞེ ་ན་བྱང་ཆུབ་སེམས་དཔའི་ཚེ་ན་ནི་ལས་དང་སྐྱེ་བ་ལ་དབང་བ་ལ་གནས་ནས་སྙིང་རྗེ་དང་ལྡན་པའི་ཕྱིར་འཁོར་བར་སྐྱེ་ཡང་ཤེས་རབ་ཀྱི་སྟོབས་ཀྱིས་དེར་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མི་གནས་པའི་མྱ་ངན་ལས་འདས ་པ་ཞེས་བརྗོད་དོ།། འཁོར་བ་གནས་ཀྱང་སོ་སོའི་སྐྱེ་བོ་བཞིན་དུ་ཉོན་མོངས་པར་ཡང་མི་འགྱུར་ལ། ཉན་ཐོས་ལ་སོགས་པོ་བཞིན་དུ་ཉེ་བར་ལེན་པ་མེད་པའི་མྱ་ངན་ལས་འདས་པར་ཡང་མི་འགྱུར་རོ།། དེ་བཞིན་གཤེགས་པའི་དུས་ན་ཡང་ཉོན་མོངས་པ་དང་ཤེས ་བྱའི་སྒྲིབ་པ་སྤངས་པས་འཁོར་བ་ལ་མི་གནས་ལ། ཆོས་ཀྱི་སྐུ་རྒྱུན་མི་འཆད་ཅིང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གཉིས་ཀྱིས་འཇིག་རྟེན་ཇི་སྲིད་པ་དེ་སྲིད་གཞན་གྱིས་དོན་མཛད་པའི་ཕྱིར། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ ་ཡང་མོ་གན་སོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉེན་པོ་བསྒོམ་པ་འདི་ནི་དམིགས་པ་དང་ཡིད་ལ་བྱེད་པ་དང་འབྲས་བུའི་ཁྱད་པར་རྣམས་ཀྱིས་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགསོ།། གཉེན་པོ་བསྒོམ་པ་བཤད་ཟིན་ཏོ།། ། ་གཉེན་པོ་བསྒོམ་པའི་འོག་ཏུ་དེའི་གནས་བཤད། དེའི་ཕྱིར་དེའི་གནས་གང་ཞེ་ན་ཞེས་དྲིསོ།། དེས་ཞེས་བྱ་བ་ནི་གཉེན་པོ་བསྒོམ་པ་དེའི་སྟེ། དེའི་ཕྱིར། རྒྱུ་ནི་གནས་སྐབས་ཞུགས་པ་དང་ཞེས་རྒྱ་ཆེར་གསུང་སོ།། དེ་ལ་རྒྱུ་ཡི་གནས་ནི་གང་རིགས་ལ ་གནས་པའི་གང་བྷགྷོ་ཞེས་བྱ་བ་ལ། རིགས་ནི་རྒྱུ་དང་ས་བོན་ཞེས་བྱ་བའི་ཐ་གོ།། དེ་ལ་གང་རིགས་ཉིད་གྱུར་གྱི་སེམས་བསྐྱེད་པ་ལ་སོགས་པ་ལ་མཱ་ཡིན་ཏེ། དེ་ནི་འདིར་རིགས་ལ་གནས་པར་འདོད། དེ་ནི་གོང་མིའི་གནས་རྣམམཱུ་རྗེ་སུ་འཇུག་སྟེ་མི ་ལྡེ་གོ།། ཁ་ཅིག་ན་རེ་རིགས་དོ་ཡང་དགེ་བའི་རྩ་བའི་རང་བཞི་ནོ་ཞེས་ཟེར་ཏེ། དགེ་བའི་རྩ་བ་ཉིད་ལ་ཁ་ཅིག་ནི་ཉན་ཐོས་ཀྱི་རི་གོས་ཞེས་བྱ་བ་ནས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་ཀྱི་བར་དུའོ་ཞེའོ།། ཁ་ཅིག་ན་རེ་སོ་སོའི་སྐྱེ་བོའི་གནས་ལས་བརྩམས།། ་ཏེ་དབང་པོའི་བྱེ་བྲག་ལ་རིགས་ཞེས་བྱ་སྟེ། སེམས་ཀྱི་ས་བོན་གྱི་མཐུ་ལ་རིགས་ཞེས་དེ་སྐད་ཀྱང་ཟེར་ཏེ་དེ་ཡོད་ན་སོ་སོའི་སྐྱེ་བོའི་དུས་དང་སློབ་པའི་དུས་ན་ཉན་ཐོས་ཀྱི་རིགས་ཞེས་བྱ་བ་ནས་བྱང་ཆུབ་སེམས་དྲབའི་རིགས་ཀྱི་བར་དུའོ་ཞེའོ།། མི་སློབ་པའི་དུས ་ན་ནི་ཉན་ཐོས་ཤི་འམ་རང་སངས་རྒྱས་ཞེས་བྱ་སྟེ། དེ་ནི་གནས་སྐབས་ཀྱི་མཐར་ཐུག་པའི་ཕྱིར་དེ་ནི་རིགས་མ་ཡིནོ།། དེ་ཡང་ཉན་ཐོས་ལ་སོགས་པའི་བྱེ་བྲག་གིས་གསུམ་དུ་དབྱེའོ།། ངེས་པ་དང་མེ་ངེས་པའི་བྱེ་བྲག་གིས་དྲུག་ཏུ་འགྱུར་རོ།། ཞུགས་པའི ་གནས་ནི་སེམས་བསྐྱེད་པའོ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རིགས་རྣམས་དང་གོ་རིམས་བཞིན་དུ། ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པས།། ་རྣམ་པ་གསུམ་དུ་འགྱུར།། དེ་ནི་སྦྱོར་བོའི་རྩ་བར་གྱུར་པའི་ཕྱིར་དེ་བྱུང་ནི་སྦྱོར་བར་ཞུགས་པ་ཡིན་པས་ན། དེ་སྐྱེད་པ་ལ་སྦྱོར་བར་ཞུགས་པའི་གནས་ཞེས་བྱའོ།། དེའི་ཕྱིར་སྦྱོར་བའི་གནས་ནི་སེམས་བསྐྱེད་ནས།། འབྲས་བུ་མ་ཐོབ་ཚུན་མདོ་ཞེས་བྱ་བ་སྟེ། སེམས ་བསྐྱེད་པའི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་ནས་སྟོབས་བསྒོམ་པ་ལ་ཐུག་གི་བར་དུ། དགེ་བའི་རྩ་བ་ཡང་དག་པར་བརྩམས་ཤིང་ཐོག་མའི་འབྲས་བུ་ཐོབ་པར་བྱེད་པའི་ཐབས་ཡིན་པས་དེ་ལ་སྦྱོར་བ་ཞེས་བྱའོ།། ཇི་ལྟར་རྒྱུ་དང་ཞུགས་པའི ་གནས་ལ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པའི་གནས་ཞེས་བཤད་ཅེ་ན། དེའི་རྒྱུ་ཡིན་པའི་ཕྱིར་དེ་བས་ན་འདི་སྐད་རིགས་ནས་སེམས་བསྐྱེད་པ་ཞེས་བྱ་བ་ཕྱི་མ་ཕྱི་མ་འབྲས་བུའོ་ཞེས་བྱ་བ་ལ་སོགས་པ་བཤད་།། འབྲས་བུའི་གནས་ནི་ཐོབ་པའོ་ཞེས་བྱ་བ་ནི་དང་པོའི། ་འབྲས་བུ་སྟེ། འབྲས་བུའི་ཕྱིར་སྦྱོརརོ།། དེ་བས་ན་སྦྱོར་བའི་འོག་ཏུ་འབྲས་བུའི་གན་སོ།། བྱ་བ་མེད་པའི་གནས་ནི་མི་སློབ་པའོ་ཞེས་བྱ་བའོ།། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་མི་སློབ་པ་སྟེ། དེའི་འབྲས་བུ་རྣམས་ཡོངསུ་རྫོགས་པས་ན། འབྲས ་བུ་གཞན་ཐོབ་པར་བྱ་བ་མེད་པའི་ཕྱིར་བྱ་བ་མེད་པའི་གནསོ།། ཁྱད་པར་གྱི་གནས་ནི་མངོན་པར་ཤེས་པ་ལ་སོགས་པ་སྟོན་གྱི་ཁྱད་པར་དང་ལྡན་པའོ་ཞེས་བྱ་བ་ནི་དགྲ་བཅོམ་པོར་མཚུངས་པ་ལས་མངོན་པར་ཤེས་པ་ལ་སོགས་པ་སྟོན་གྱི་ཁྱད ་བར་རྣམས་དང་ལྡན་པས། གཞན་ལས་ཁྱད་ཞུགས་པར་མངོན་པོར་ཤེས་པ་ལ་སོགས་པ་སྟོན་གྱི་ཁྱད་པར་བསྒྲུབ་པའི་གནས་ལ་ཁྱད་པར་གྱི་གནས་ཞེས་བྱའོ།། བླ་མའི་གནས་ནི་ཉན་ཐོས་ལ་སོགས་པ་བས། སར་ཞུགས་པའི་བྱང་ཆུབ་སེམས་དཔའོ་ཞེས། ་བྱ་བ་ནི། བདག་དང་གཞན་གྱི་དོན་བྱེད་པ་འཇིག་རྟེན་ལས་འདས་པའི་ལམ་བདག་མེད་པ་གཉིས་རྟོགས་པར་བྱེད་པ་ཐོབ་པས། དེ་ལས་གཞོན་པའི་ཐེག་པའི་བླ་མར་གྱུར་པས་ན། གནས་དེ་ལ་བླ་མའི་གནས་ཞེས་བྱའོ།། བླ་ན་མེད་པའི་གནས་ནི་སངས་རྒྱས་ཏེ།། ་ཅིའི་ཕྱིར་ནེ་མ་དེའི་ཕྱི། དེའི་གོང་ན་གནས་མེད་པའི་ཕྱིར་ཞེས་བྱ་བ་སྨོས། ཡོན་ཏན་དང་ཉེས་པ་ཐམས་ཅད་ཕུལ་དུ་ཕྱིན་པ་དང་བརྩལ་བའི་མཐར་ཕྱིན་པ་སུ་ན་སངས་རྒྱསུ་གྲུབ་པ་སྟེ། དེའི་གོང་དུ་ཁྱད་པར་ཅན་གྱི་གནས་གཞན་མེད་པས་དེ་ཉིད་ལ་བླ་ན་མེད་པ ་ཞེས་བྱའོ།། དེ་སྙེད་དུ་བཤད་པས་གནས་མ་ལུས་པར་ཡོངསུ་རྫོགས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བཅུ་གཅིག་ཏུ་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། མོས་པས་སྤྱོད་པ་ལ་སོགས་པའི་གནས་ནས། དབང་བསྐུར་བའི་གནས་ལ་ཐུག་གི་བར་དུ་ཡང ་བཤད།། སངས་རྒྱས་རྣམས་ཀྱི་སྐུ་གསུམ་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། ཕྱིན་པའི་གནས་ལ་སོགས་པ་ཡང་གསུམ་དུ་བསྟན་ཏོ།། དེ་ལ་རྒྱུ་དང་ཞུགས་པའི་གནས་ནི་བྱང་ཆུབ་སེམས་དཔའ་དང་གཞན་དག་ཐུན་མོང་བར་རིག་པར་བྱའོ།། དེ་ལ་མོས་པའི་གནས། ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པས་སྤྱོད་པའི་ས་ཐམས་ཅད་ཞེས་བྱ་བ་ནི་སེམས་བསྐྱེད་ནས་ས་ལ་མ་ཞུགས་ཚུན་ཆ་དེ། བར་དེར་དེ་ཁོ་ན་མ་མཐོང་ཡང་དེ་ཁོ་ན་མཐོང་བ་དང་འདྲ་བར་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་མོས་པས་ངོ་བོ ་ཉིད་གསུམ་གྱི་སྒོ་ནས་ཆོས་རྣམས་སྒྲུབ་ཅིང་དེ་ལས་གཞན་པ་སེམས་ཅན་རྣམས་ཀྱི་བྱ་དཀའ་བ་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་སངས་རྒྱསུ་འགྲུབ་པའི་ཚོགས་རྣམས་ལ་འཇུག་པ་སྟེ། དེ་བས་ན་གནས་མོས་པས་རབ་ཏུ་ཕྱེ་བ་ཡིན་པས་མོས ་པས་སྤྱོད་པ་ཞེས་བྱའོ།། དེ་ཡང་བསྐལ་པ་གྲངས་མེད་པ་འམ་དེ་བས་ལྷག་པའོ།། འཇུག་པའི་གནས་ནི་ས་དང་པོའོ་ཞེས་བྱ་བ་ནི་ངོ་བོ་ཉིད་གསུམ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དང་པོ་ཁོ་ནར་དེ་ཁོ་ན་རང་གིས་རིག་ཅིང་རྟོགས་པས་ནི་འཇུག་པའི་གནས ་ཞེས་བྱ་སྟེ། འདི་ཉིད་ནི་བྱང་ཆུབ་སེམས་དཔའི་མཐོང་བའི་ལ་མོ།། ངེས་པར་འབྱུང་བའི་གནས་ནི་དེའི་གོང་མ་ས་དྲུག་པོ་དག་གོ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བའི་མཚན་མ་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པ་སྤངས་པའི་མཐར་ཐུག་པར ་འགྲོ་བ་དང་རྩོལ་བ་དང་བཅས་པའི་སྦྱོར་བའི་མཐར་ཐུག་པར་འགྲོ་བའི་ཕྱིར། ས་འདི་དག་ལ་ངེས་པར་འབྱུང་བའི་གནས་ཞེས་བྱའོ།། ལུང་བསྟན་པའི་གནས་ནི་ས་བརྒྱད་པའོ་ཞེས་བྱ་བ་ནི་མཚན་མ་ཐམས་ཅད་ལ་འབྱུད་པ་དང་འདུ་ཤེས་རྣམ་པ་ཐམས་ཅ་དུ་བྲལ ་བས་ས་བརྒྱད་པ་ནི་སངས་རྒྱསུ་འགྲུབ་པར་ངེས་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་སུམ་དུ་ལུང་བསྟན་པས་ལུང་སྟོན་ཏོ།། བརྗོད་པའི་གནས་ནི་དགུ་པོའོ་ཞེས་བྱ་བ་ནི་ས་དགུ་པར་ཉན་ཐོས་དང་རང་སངས་རྒྱས་རྣམས་པས་སཽ་ཡང ་དག་པར་རིག་པ་བཞི་ཁྱད་པར་དུ་འཕགས་པ་རྙེད་པས་ན་བླ་ན་མེད་པའི་ཆོས་ཆེན་པོ་བརྗོད་པ་ཡིནོ།། དབང་བསྐུར་བའི་གནས་ནི་བཅུ་པའོ་ཞེས་བྱ་བ་ནི་ས་བཅུ་པ་ལ་བྱང་ཆུབ་སེམས་དཔའི་ལམ་གྱི་མཐར་ཕྱིན་པས་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་ན་རྣམ་པར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འོད་ཟེར་དག་གིས་མངོན་པར་དབང་བསྐུར་བས་དབང་བསྐུར་བའོ།། ཕྱིན་པའི་གནས་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་སྤངས་པ་དང་། དེའི་གཉེན ་པོ་ཟག་པ་མེད་པའི་ཆོས་ཀྱི་ས་བོན་རབ་ཏུ་རྒྱས་པས་གནས་གྱུར་པའི་རང་བཞིན་ཆོས་ཐམས་ཅད་ལ་དབང་བྱེད་པ། ཀུན་གཞི་མེད་པ་ཞེས་བྱ་བ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ།། དེས་ན་ཆོས་རྟོགས་པར་བྱ་བའི་མཐར་ཕྱིན་པས་ཕྱིན་པའི་གནས ་ཞེས་བྱའོ།། གཞན་དག་ན་རེ་གློ་བུར་གྱི་དྲི་མ་མ་ལུས་པར་བསལ་བས་ཆོས་ཀྱི་དབྱིངས་རབ་ཏུ་རྣམ་པར་དག་པ་ཉིད་ནི་ཆོས་ཀྱི་སྐུ་ཡིན་པས་ཆོས་ཀྱི་སྐུའོ་ཞེས་ཟེ་རོ།། གཞན་དག་ན་རེ་ཤེས་བྱ་ཐ་ད་ལ་ཡང་ཆགས་པ་མེད་པ་དང་། ཐོགས་པ་མེད་པར་འཇུག་པའི་ཡེ ་ཤེས་ཁྱད་པར་ཅན་ནི་ཆོས་ཀྱི་སྐུའོ།། ཕན་ཡོན་གྱི་གནས་ནི་ལོང་སྤྱོད་རྫོགས་པའི་སྐུའོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་གང་ལ་བཞུགས་ནས་མངོན་པར་རྫོགས་པར་བྱང་ཆུབ་སྟེ། སྐུ་དེ་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་འཁོར་གྱི ་དཀྱིལ་འཁོར་རྣམས་ནི་ཆོས་ཀྱི་འགྲོ་བ་མྱོང་བར་འགྱུར་བ་དེ་ནི་ལོང་སྤྱོད་རྫོགས་པའི་སྐུའོ།། བྱ་བ་བསྒྲུབ་པའི་གནས་ནི་སྤྲུལ་པའི་སྐུའོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུ་ལ་བརྟེན་ནས་སེཾན་གྱི་བསམ་པ་ལ་གཟིགས་ཏེ། འདུལ་བའི་ཕྱིར་བྱ་བ་ལ་ཞུགས་པ་དང ་རབ་ཏུ་དབྱེ་བ་མཐའ་ཡས་པ་ནི་སྤྲུལ་པའི་སྐུའོ།། གནས་རྣམ་པ་མདོ་པོ་འདི་ཐམས་ཅད་ཀྱང་མདོར་བསྡུ་ན་ཆོས་ཀྱི་དབྱིངས་ལ་རྣམ་པ་གསུམ་སྟི་ཞེས་བྱ་བར་རིག་པར་བྱའོ།། ཇི་ལྟ་ཞེ་ན་དེའི་ཕྱིར། མ་དག་མ་དག་དག་པ་དང་།། རྣམ་པར་དོག་པ་ཅི་རིགས་སྦྱར་ཞེས། ་བྱ་བ་གསུང་སོ།། དེ་ལ་མ་དག་པའི་གནས་ནི་རྒྱུའི་གནས་ནས་ཉེ་བར་གཟུང་སྟེ་སྦྱོར་བའི་བར་དུའོ་ཞེས་བྱ་བ་ནི་རྒྱུ་དང་ཞུགས་པ་དང་སྦྱོར་བ་དང་མོས་པའི་གནས་རྣམས་གཟུང་།། གནས་དེ་དག་ནི་ཆོས་ཀྱི་དབྱིངས་དྲི་མ་མ་ལུས་པར་མ་སྤངས་པས་ན་མ་དག་པའི ་གནས་ཞེས་བྱའོ།། མ་དག་པ་དང་དག་པའི་གནས་ནི་སློབ་པ་རྣམསོ་ཞེས་བྱ་བ་ནི་འདིར་ཡང་འབྲས་བུའི་ཁྱད་པར་དང་བཅས་པ་དང་། ཁྱད་པར་ཅན་དང་། བླ་མ་དང་བཅས་པ་དང་། འཇུག་པ་དང་། ངེས་པར་འབྱུང་བ་དང་། ལུང་བསྟན་པ་དང་རྗོད་པ་དང་། དབང་བསྐུར ་ངའི་གནས་རྣམས་བཟུང་སྟེ། གནས་འདི་དག་ན་ཡང་ཆོས་ཀྱི་དབྱིངས་ལ་ཉོན་མོངས་པ་སྤངས་པ་དང་། མ་སྤངས་པའི་ཕྱིར་མ་དག་པ་དང་དག་པ་ཞེས་བྱའོ།། རྣམ་པར་དག་པའི་གནས་ནི་མི་སློབ་པ་རྣམ་སོ་ཞེས་བྱ་བ་ནི་བྱ་བ་མེད་པ་དང་། ཁྱད་པར ་ཅན་དང་བླ་ན་མེད་པ་དང་། ཕྱིན་པ་དང་ཕན་ཡོན་དང་བྱ་བ་སྒྲུབ་པའི་གནས་རྣམས་ལ་རྣམ་པར་དག་པའི་གནས་ཞེས་བྱ་སྟེ། མི་སློབ་པ་རྣམས་ནི་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིརརོ།། གནས་འདི་དག་ནི་སོ་སོའི་སྐྱེ་བོ་དང་། སློབ་པ་དང་མི་སློབ་པ་རྣམས ་ལ་རྣམ་པར་བཞགོ།། དེ་དག་གི་རྣམ་པར་བཞག་པ་རྣམ་པ་མང་པོ་དེ་ཇི་ལྟར་རྣམ་པར་རིག་པར་བྱ་ཞེ་ན་དེའི་ཕྱིར། འདི་ལས་ཇི་ལྟར་འོས་འོས།། གང་ཟག་རྣམ་པར་བཞག་པར་འདོད་ཅེས་བྱ་བ་གསུང་སོ།། འདི་ལས་ཞེས་བྱ་བ་ནི་གོནས་རབ་ཏུ་དབྱེ་བ་ལས་ཞེས་བྱ་བའི ་ཐ་ཚིགོ།། ཇི་ལྟར་འོས་འོསུ་ཞེས་བྱ་བ་ནི་ཇི་ལྟར་མཐུན་པ་སྟེ། འདི་ནི་རིགས་ལ་གནས་པའོ།། འདི་ནི་ཞུགས་པའོ་ཞེས་བྱ་བ་ལ་སོགས་པའོ།། སོགས་པ་སྨོས་པས་ནི་འདི་ནི་སྦྱོར་བའོ།། རྒྱུན་ཏུ་ཞུགས་པའོ།། ལན་ཅིག་ཕྱིར་འོང་བའོ།། ཕྱིར་མི་འོང་བའོ།། དགྲ་བཅོམ ་པའོ།། རྒྱན་དང་བཅས་པའོ།། བྱང་ཆུབ་སེམས་དཔའོ།། དེ་བཞིན་གཤེགས་པའོ།། མོས་པས་སྤྱོད་པའོ།། ལྷག་པའི་བསམ་པ་དག་པ་ལ་སྤྱོད་པའོ།། ངེས་པར་འབྱུང་བའོ།། ལུང་སྟོན་པའོ།། ཆོས་བརྗོད་པའོ།། དབང་བསྐུར་བའོ།། བྱང་ཆུབ་ཐོབ་པའོ།། ལོངས་སྤྱོད་པའོ། ་གཞན་གྱི་དོན་མཛད་པའི་ཞེས་བྱ་བ་དག་གོ།། གནས་བཤད་ཟིན་ཏེ།། ། གནས་ནི་འབྲས་བུའི་སྔོན་དུ་འགྲོ་བས་གནས་ཀྱི་འོག་ཏུ་འབྲས་བུ་བཤད་པའི་ཕྱིར་འབྲས་བུ་ཐོབ་པ་གང་ཞེ་ན་ཞེས་དྲིས་པ་དང་། དེའྀའི་ཕྱིར་སྣོད་གྱུར་རྣམ་པར་སྨིན་བརྗེད་དོང་ཞེས ་རྒྱ་ཆེར་གསུང་སོ།། འདི་མདོར་བསྡུ་ན་འབྲས་བུ་རྣམ་པ་ལྔ་སྟེ། སྣོ་དུ་གྱུར་པ་དང་། སྟོབས་དང་། འདོད་པ་དང་། འཕེལ་བ་དང་། རྣམ་པར་དག་པའོ།། དེ་ལ་སྣོད་གྱུར་པ་ནི་གང་དགེ་བ་དང་རྗེསུ་མཐུན་པའི་རྣམ་པར་སྨིན་པའོ་ཞེས་བྱ་བ་ནི་དེ་ཡང་མི་ཁོམ་པ་བརྒྱད་སྤངས ་པའི་སྐྱེ་མཆེད་དྲུག་ཁྱད་པར་ཅན་ཟག་པ་དང་བཅས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་སྟེ། དགེ་བའི་ཆོས་ཐམས་ཅད་སྐྱེ་བའི་གཞི་ཡིན་པས་སྣོད་ཅེས་བྱའོ།། སྟོབས་ནི་གང་སྟེ་དུ་གྱུར་པའི་དབང་གིས་ཞེས་བྱ་བ་ནི་ལུས་ཉོན་མོངས་པ་སྐྱེ་བ ་ཆུང་བའི་ཕྱིར། དགེ་བ་ཤར་ཆེར་གྱུར་པ་དེ་རྒྱས་པའོ་ཞེས་བྱ་བའི་ཐ་ཚིགོ།། འདི་ནི་སྟོབས་ཞེས་བྱའོ།། འདོད་པ་ནི་གང་སྔོན་གོམས་པར་བྱས་པོས་དགེ་བ་འདོད་པའོ་ཞེས་བྱ་བ་ནི་འདས་པའི་ཚེ་རབས་རྣམས་དགེ་བའི་ཆོས་གོམས་པའི་ཕྱིར། ད་ལྟར་གྱི་ཚེ་དགེ་བའི ་ཆོས་ལ་སེམས་པ་གང་ཡིན་པ་དེ་ནི་འདོད་པའོ།། འཕེལ་བ་ནི་གང་ད་ལྟར་བྱུང་བ་ན་དགེ་བའི་ཆོས་ལ་གོམས་པར་བྱས་པས་སྟོན་མེད་པའི་དགེ་བའི་ཆོས་ཁྱད་པར་ཅན་སྐྱེ་བ་སྟེ། དགེ་བའི་རྩ་བ་རྒྱས་པའོ་ཞེས་བྱ་བར་དགོངས་པའོ།། སྟོབས་དང་འཕེལ་བའི་ཁྱད ་པར་ནི་འདི་ཡིན་ཏེ། སྟོབས་ནི་དགེ་བ་ཆུ་ངུའི་རྣམ་པར་སྨིན་པ་ལ་ཡང་བལྟོས་ནས་མི་འགྱུར་བའོ།། འཕེལ་བ་ནི་དགེ་བ་པ་རྣམས་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའོ།། གཞན་དག་ནི་དགེ་བའི་རྩ་བ་རྒྱས་ཞེས་བྱ་བ་ནི་དགེ་བའི་ཆོས་ཁྱད་པར་ཅན་གྱི་བག ་ཆགས་ལ་འདིར་རྒྱས་པ་ཞེས་བྱའོ་སྙམ་དུ་སིམསོ།། རྣམ་པར་དག་པ་ནི་གང་སྒྲིབ་པ་སྤངས་པའོ་ཞེས་བྱ་བ་ནི། དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པོས་རྣམ་པོར་དག་པས་རྣམ་པར་དག་གོ།། བྱང་ཆུབ་སེམ། ་དཔའི་རིགས་རྣམས་ཀྱི་རྣམ་པར་དག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ།། འདི་དག་ནི་འབྲས་བུ་རྣམ་པ་ལྔ་དང་གོ་རིམས་བཞིན་ཏེ། ཞེས་བྱ་བ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་གང་དགེ་བའི་ཆོས་དང་མཐུན་པར་རྣམ་པར ་སྨིན་པའོ།། བདག་པོའི་འབྲས་བུ་ནི་གང་སྣོ་དུ་གྱུར་པའི་དབང་གིས་དགེ་བ་ཤས་ཚོར་གྱུར་པའོ།། རྒྱུ་མཐུན་པའི་འབྲས་བུ་ནི་གང་སྔོན་གོམས་པར་བྱས་པས་དགེ་བ་འདོད་པའོ།། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གང་ད་ལྟར་བྱུང་བ་ན་དགེ་བའི་ཆོས་གོམས་པར ་བྱིབྱས་པས་དགེ་བའི་རྩ་བ་རྒྱས་པའོ།། བྲལ་བའི་འབྲས་བུ་ནི་གང་སྒྲིབ་པ་སྤངས་པའོ།། ཕྱི་མ་ཕྱི་ག་མ་ཐོག་མ་དང་། ཞེས་རྒྱ་ཆེར་འབྱུང་བས་ནི་འབྲས་བུ་མདོར་བཤད་པ་ལྔ་པོ་འདི་ཉིད་ཀྱི་རབ་ཏུ་དབྱེ་བ་མདོར་སྟོན་ཏོ།། ཕྱི་མ་ཕྱི་མ་འབྲས་བུ་རིགས་ལས་སེམས་བསྐྱེད། ་དོང་སེམས་བསྐྱེད་པ་ལས་སྦྱོར་བ་དང་དེ་ལྟ་བུ་ལ་སོགས་པ་སྟེ། གནས་གཅིག་ནས་གཅིག་ཏུ་རྒྱུད་པ་ཞེས་ཇི་སྐད་དུ་བཤད་པས་རིག་པར་བྱའོ།། ཐེག་མའི་འབྲས་བུ་ནི་དང་པོར་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པའོ་ཞེས་བྱ་བ་ནི་མཐོང་བའི་ལམ་ཐོབ ་པའོ།། གོམས་པོར་བྱས་པའི་འབྲས་བུས་ནི་ངའི་ཕ་རོལ་སློབ་པའི་གན་སོ་ཞེས་བྱ་བ་ནི་མཐོང་བའི་ལམ་ཕན་ཆད་སླེབ་པའི་གནས་ལ། གང་ཟག་ལྔས་རབ་ཏུ་ཕྱེ་བ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་སྟེ། སྦྱོར་བ་དང་བཅས་པའི་རྗེས ་ལ་སྒོམ་པའི་ལམ་གྱི་རང་བཞིན་ཡིན་པས་གོམས་པར་བྱས་པའི་འབྲས་བུའོ།། རྫོགས་པའི་འབྲས་བུ་ནི་མི་སློབ་པའི་ཆོས་རྣམས་ཞེས་བྱ་བ་ནི་དེ་དག་ཀྱི་པོ་ཡང་དག་པའི་ལྟ་བ་དང་། རྟོག་པ་དང། ངག་དང་། ལས་ཀྱི་མཐའ་དག་འཚོ་བ་དང་། རྩོལ་བ་དང་། དྲན ་བ་དང་། ཏིང་འཛིན་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཞེས་བྱ་བ་རྣམས་ཏེ། འབྲས་བུ་ཐམས་ཅད་ཀྱི་མཐའ་ལ་གནས་པའི་ཕྱིར་རྫོགས་པའི་འབྲས་བུ་ཞེས་བྱའོ།། རྗེ་སུ་མཐུན་པའི་འབྲས་བུ་ནི་རྒྱུའི་དངོས་པོས་ཕྱི་མ་ཕྱི་མ་འབྲས་བུར ་རིག་པར་བྱའོ་ཞེས་བྱ་བ་དེ་ལ་སེམས་བསྐྱེད་པ་ནི་རིགས་དང་རྗེ་སུ་མཐུན་པའི་སེམས་བསྐྱེད་པ་ནི་འབྲས་བུའོ།། ཕྱི་མ་ཕྱི་མ་འབྲས་བུ་ལ་སོགས་པ་དང་། རྗེསུ་མཐུན་པའི་འབྲས་བུ་ལ་སོགས་པ་སོ་སོར་སྨོས་པ་ནི་བསྟན་པ་དང་བཤད་པར་རིམ་བཞིན་དུ་རིག་པ ་བྱའོ།། མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་ནི་སྤོང་བའི་ལམ་སྟེ། ཐོག་མིའི་འབྲས་བུ་གང་ཡིན་པ་ཉིད་མི་མཐུན་པའི་ཕྱོགས་ཉིད་འབྲས་བུ་ཡིན་པས་ན་མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་སྟེ། སྤོང་བའི་ལམི་དེས་ཉོན་མོངས་པ་རྣམས་དང་འབྲའོ།། ཐོག་མའི་བྲས ་བུ་ནི་གོང་དུ་བཤད་པ་ཐོག་མར་འཇིག་རྟེན་ལས་འདས་ཆོས་ཐོབ་པའོ་ཞེས་བྱ་བ་གང་ཡིན་པའོ།། མི་མཐུན་པའི་ཕྱོགས་ཀྱི་སྒྲ་མི་གཉེན་པོའི་གགས་ཡིན་པའི་ཕྱིར་སྒྲིབ་པ་ལ་བྱར་ཟིན་ཀྱང་། འདིར་ནི་མི་མཐུན་པའི་ཕྱོགས་གཉེན་པོ་ལ་བྱ་བར་འདོདོ།། སྒྲིབ་པ་གཞི ་བའི་ཕྱོགས་ཡིན་པས་ན་གཉེན་པོ་ཞེས་བྱ་བར་སྦྱརོ།། བྲལ་བའི་འབྲས་བུ་ནི་གོམས་པར་བྱས་པའི་འབྲས་བུ་དང་རྫོགས་པའི་འབྲས་བུ་སྟེ། ཉོན་མོངས་པ་དང་བྲལ་བ་ནི་སློབ་པ་དང་མི་སློང་པ་དང་། རིམ་བཞི་ནོ་ཞེས་བྱ་བ་ལ། གོམས་པར་བྱས་པའི་འབྲས་བུ ་བྲལ་བ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ལ་སོགས་པ་སླེབ་པ་ལྔ་རྣམས་ཏེ། ཉོན་མོངས་པའི་ལྷག་མ་དང་བཅས་པའི་ཕྱིར།། རྫོགས་པའི་འབྲས་བུ་ནི་ཡོང་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་མི་སློབ་པ་རྣམས་ཡིན་ཏེ། དྲུག་ཅར་ཡང་ཁམས ་གསུམ་གྱི་ཉོན་མོངས་པ་རྣམས་མ་ལུས་པར་སྤངས་པའི་ཕྱིརརོ།། གོང་མ་ནི་ཕྱེ་སྟེ་བཤད་པའོ།། འདིར་ནི་མ་ཕྱེ་བ་སྟེ་ཁྱད་པའོ།། ཁྱད་པར་གྱི་འབྲས་བུ་ནི་མངོན་པར་ཤེས་པ་ལ་སོགས་པ་སྟོན་གྱི་ཁྱད་པའོ།། ཞེས་བྱ་བ་འདི་ཡང་གོམས་པར་བྱས་པ་དང་། ་རྫོགས་པའི་འབྲས་བུའི་ཁྱད་པར་ཉི་རིག་པར་བྱའོ།། ཅིའི་ཕྱིར་ཞེ་ན། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པོ་རྣམས་ཀྱི་སྟོན་ཁྱད་པར་ཅན་ཐོབ་པར་བརྗོད་པར ་འདོད་པའི་ཕྱིརརོ།། བླ་མའི་འབྲས་བུ་ནི་བྱང་ཆུབ་སེམས་དཔའི་ས་རྣམས་ཏེ། འདིར་རྒྱུ་སྨོས་པ། དེ་མ་ཡིན་པའི་ཐེག་པ་ལས་བླ་མར་གྱུར་པའི་ཕྱི་རོ་ཞེས་བྱ་བའོ།། བྱང་ཆུབ་སེམས་དཔའི་ས་རྣམས་ནི་མཐོང་བ་དང་། བསྒོམ་པའི་ལམ་གྱི་རང་བཞིན་ཡིན་པས་ཐོག་མའི ་འབྲས་བུ་དང་གོམས་པར་བྱས་པའི་འབྲས་བུ་ཡིན་དུ་ཟིན་ཀྱང་ཉན་ཐོས་དྲང་རང་སངས་རྒྱས་ཀྱི་ཐེག་པ་ལ་བལྟོས་ནས་རྣམ་པར་མི་རྟོག་པ་དང་། སངས་རྒྱས་ཀྱི་རིགས་ཡིན་པ་དང་། བྱང་ཆུབ་ཆེན་པོ་འབྲས་བུ་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ནི་བླ་མའི་བྲས ་བུ་ཡིན་པར་རིག་པར་བྱའོ།། བླ་ན་མེད་པའི་འབྲས་བུ་ནི་སངས་རྒྱས་ཀྱི་སའོ།། ཞེས་བྱ་བ་འདི་ཡང་རྫོགས་པའི་འབྲས་བུ་ཉིད་ཡིན་དུ་ཟིན་ཀྱང་། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐ~ཾད་སྤོངས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པ། ་མོ་ཤེས་པ་སྤངས་པོའི་ཕྱིར་དེའི་གོང་ན་གཞན་མེད་པས་བླ་ན་མེད་པའི་འབྲས་བུ་ཞེས་བྱའོ།། འབྲས་བུ་གཞན་འདི་དག་ནི་མདོ་བསྟན་ཏེ། རྒྱས་པར་བྱ་ན་དཔག་ཏུ་མངོ་ཞེས་བྱ་བ་རྒྱས་པར་བྱ་མཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བལ ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འབྲས་བུ་རབ་ཏུ་ཕྱེ་སྟེ། བཤད་ནས་ཚད་མེད་པར་འགྱུརརོ།། གཉེན་པོ་བསྒོམ་པའི་དོན་བསྡུས་པ་ལས་བྱང་བར་བྱ་བའི་བསྒོམ་པ་ནི། དྲན་པ་ཉེ་བར་གཞག་པ་བསྒོམ་པ་སྟེ། འཕགས་པའི་བདེན་པ་བཞི་ལ་བྱང ་བར་བྱ་བའི་ཕྱིརརོ།། སྲ་བ་པའི་བསྒོམ་པ་ནི་ཡང་དག་པར་སྤོང་བསྒོམ་པ་སྟེ། མི་དགེ་བའི་ཆོས་རྣམས་སྲ་བ་པའི་ཕྱིརརོ།། ཡོངསུ་སྦྱང་བ་བྱ་བའི་བསྒོམ་པ་ནི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་སྟེ། དེ་ལ་ཏིང་འཛིན་ཡོངསུ་སྦྱང་བར་བྱ་བའི་ཕྱིར་ཉེས་པ་ལྔ་སྤངས་པའི ་འདུ་བྱེད་བརྒྱད་བསྟེན་པའི་ཕྱིརརོ།། གྲོང་མ་ཡང་དག་པར་བརྩམས་པའི་བསྒོམ་པ་ནི་དབང་པོ་བསྒོམ་པ་སྟེ། དེ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བོ་བསྐྱེད་པའི་ཕྱིརརོ།། འདྲ་བའི་བསྒོམ་པ་ནི་སྟོབས་བསྒོམ་པོ་སྟེ། མཐོང་པོའི་ལམ་དང་འདྲེ་བའི་ཕྱིར ་ཞུགས་པའི་བསྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་སྟེ། དེར་དེ་ཁོ་ན་ལ་ཞུགས་པའི་ཕྱིར་རམ། འཇིག་རྟེན་ལས་འདས་པའི་ཆོས་ལ་ཞུགས་པའི་ཕྱིར་རམ། འཕགས་པའི་ལམ་ལ་ཞུགས་པའི་ཕྱིརརོ།། མཆོག་གི་བསྒོམ་པ་ནི་ལམ་བསྒོམ་པ་སྟེ། ་མཐོང་བའི་ལམ་པས་བསྒོམ་པའི་ལམ་མཆོག་ཏུ་གྱུར་པའི་ཕྱིརོ།། ཐོག་མའི་བསྒོམ་པ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ཏེ། རྗེསུ་མཐུན་ལ་ཕྱིན་ཅི་ལོག་པའོ།། བར་མའི་བསྒོམ་པ་ནི་སློབ་པའི་གནས་སྐབས་ཏེ། ཕྱིན་ཅི་ལོག་མེད་ལ་ཕྱིན་ཅི་ལོག་རྗེསུ་འབྲེལ་པའོ།། ་མཐའི་བསྒོམ་པ་ནི་མི་སློབ་པའི་གནས་སྐབས་ཏེ། ཕྱིན་ཅི་ལོག་ཀྱང་མེད་ལ་ཕྱིན་ཅི་ལོག་རྗེསུ་འབྲེལ་པ་ཡང་མེད་པའོ།། བླ་མ་དང་བཅས་པའི་བསྒོམ་པ་ནི་ཉན་ཐོས་ལ་སོགས་པའོ།། བླ་མ་མེད་པའི་བསྒོམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། གང་དམིན ་པ་དང་ཡིད་ལ་བྱེད་པ་དང་ཐོབ་པ་ཁྱད་པར་དུ་འཕགས་པ་ཞེས་བསྟན་པའོ།། གནས་སྐབས་རྣམས་ཀྱི་དོན་བསྡུས་པ་ནི་སྐལ་བ་ཡོད་པའི་གནས་སྐབས་ནི་རྒྱུའི་གནས་སྐབ་སོ།། རྩོམ་པའི་གནས་སྐབས་ནི་སེམས་བསྐྱེད་པ་དང་བཅས་པའི་སྦྱོར་བའོ།། ་ག་པ་དང་དག་པའི་གནས་སྐབས་ནི་གནས་གཉིས་ཏེ། འབྲས་བུའི་གནས་དང་། བྱ་བ་དང་བཅས་པའི་གན་སོ།། ཤིན་ཏུ་དག་པའི་གནས་སྐབས་ནི་བྱ་བ་མེད་པའི་གནས་སྐབསོ།། རྒྱན་དང་བཅས་པའི་གནས་སྐབས་ནི་ཁྱད་པར་གྱི་གནས་སྐབསོ་ཀ་ཁྱད ་བྱ་བའི་གནས་སྐབས་ནི་བླ་མའི་གནས་སྐབས་ཏེ། བྱང་ཆུབ་སེམས་དཔའི་ས་བཅུས་ཁྱབ་པས་ན་ཁྱབ་པར་བྱ་བའི་གནས་སྐབསོ་ཞེས་བྱའོ།། བླ་ན་མེད་པའི་གནས་སྐབས་ནི་སངས་རྒྱས་བཅོམ་ལྡན་འདས་ས་རྣམས་ཏེ། དེའི་གོང་ན་གནས་གཞན་མེད་པའི ་ཕྱིརརོ།། དེ་ཡང་ཕྱིན་པའི་གནས་སྐབས་དང་། ཕན་ཡོན་གྱི་གནས་སྐབས་དང་། བྱ་བ་སྒྲུབ་པའི་གནས་སྐབས་ཏེ།། གང་སྔར་བཤད་པའོ།། འབྲས་བུ་རྣམས་ཀྱི་དོན་བསྡུས་པ་དང་བྱེ་བྲག་དང་། སྔོན་གོམས་པར་བྱས་པ་དང་། གོང་ནས་གོང་དུ་སྒྲུབ་པ་དང་། བསྟན་པ་དང་། བཤད། ་པོའོ་ཞེས་བྱ་བ་འདི་དག་ནི་བཤད་པ་བྱེད་པ་ཉིད་ཀྱི་བཤད་པ་སྟེ། དེ་ལ་བསྡུས་པ་ནི་རྣམ་པར་སྨིན་པའི་འབྲས་བུ་ལ་སོགས་པ་འབྲས་བུ་ལྔ་སྟེ། དེ་དག་ཏུ་འབྲས་བུ་ཐམས་ཅད་བསྡུས་པའི་ཕྱིརརོ།། དེའི་བྱེ་བླག་ནི་ལྷག་མ་རྣམསོ་ཞེས་བྱ་བ་ལ། འབྲས་བུ་ལྔ་པོ་དེ་དག ་ཉིད་ཀྱི་རབ་ཏུ་དབྱེ་བའོ།། ལྷག་མ་རྣམས་ནི་ཕྱི་མ་ཕྱི་མ་འབྲས་བུ་ལ་སོགས་པར་རིག་པར་བྱའོ།། སྔོན་གོམས་པར་བྱས་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ་ཞེས་བྱ་བ་ནི་སྔོན་གྱི་ཚེ་རབ་སུ་དགེ་བ་བསགས་པ་ད་ལྟར་གྱི་ཚེ་ལ་རྣམ་པར་སྨིན་པ་སྟེ། དགེ་བ་དང་མཐུན ་བར་སྐྱེ་བས་ན། དེའི་ཕྱིར་སྔོན་གོམས་པར་བྱས་པ་ཞེས་བཤད་དོ།། གོང་ནས་གོང་དུ་སྒྲུབ་པ་ནི་དེ་མ་ཡིན་པ་གཞན་བཞིའོ་ཞེས་བྱ་བ་ནི། བདག་པོའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་བྲལ་བའི་འབྲས་བུའོ།། དེ་ལ་རྣམ་པར་སྨིན ་པས་སྒྲུབ་པ་ནི་སྟོབསོ།། སྟོབས་ཀྱིས་སྒྲུབ་པོ་ནི་འདོད་པའོ།། འདོད་པས་སྒྲུབ་པ་ནི་འཕེལ་བའོ།། འཕེལ་བས་སྒྲུབ་པ་ནི་རྣམ་པར་དག་པའོ།། ཁ་ཅིག་ན་རེ་གོང་ནས་གོང་དུ་བཤད་པས་རབ་ཏུ་ཕྱེ་བས་ན་གོང་ནས་གོང་དུ་སྒྲུབ་པ་ཞེས་བྱའོ་ཞེའོ།། བསྟན་པ་ནི་ཕྱི་མ་ཕྱི་མ ་འབྲས་བུ་ལ་སོགས་པ་བཞིའོ་ཞེས་བྱ་བ་ནི་ཕྱི་མ་ཕྱི་མ་འབྲས་བུ་དང་། ཐོག་མའི་འབྲས་བུ་དང་། གོམས་པར་བྱས་པའི་འབྲས་བུ་དང་། རྫོགས་པའི་འབྲས་བུའོ།། བཤད་པ་ནི་རྗེ་སུ་མཐུན་པའི་འབྲས་བུ་ལ་སོགས་པ་དྲུག་སྟེ། བཞི་པོ་དེ་དག་ཉིད་བཤད་པའི་ཕྱིར། ་ཞེས་བྱ་བ་དེ་ལ། རྗེསུ་མཐུན་པའི་འབྲས་བུ་ནི་ཕྱི་མ་ཕྱི་མ་འབྲས་བུའི་བཤད་པའོ།། མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་ནི། ཐོག་མའི་འབྲས་བུ་བཤད་པའོ།། བྲལ་བའི་འབྲས་བུ་གོམས་པར་བྱས་པ་དང་། རྫོགས་པའི་འབྲས་བུ་གཉིས་ཀྱི་བཤད་པ་སྟེ། ཕྱིར་མི་འོང་བ ་ལ་ཡང་མངོན་པར་ཤེས་པ་ལ་སོགས་པ་སྟོན་འབྱུང་བའི་ཕྱིརརོ།། བླ་ན་མེད་པའི་འབྲས་བུ་ནི་རྫོགས་པའི་འབྲས་བུའི་བཤད་པའོ་ཞེའོ།། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གཉེན་པ་བསྒོམ་པའི་ལེའུར་བཅད་པ་སྟེ་བཞི་པའི་འགྲེལ ་བཤ།། །། མཚན་ཉིད་ལ་སོགས་པ་དངོས་པོ་དྲུག་བཤད་པའི་འོག་ཏུ་ཐེག་པ་བླ་ན་མེད་པ་བསྟན་པས་དེའི་ཕྱིར་དེ་དག་བཤད་པའི་འོག་ཏུ་ཐེག་པ་བླ་ན་མེད་པ་བཤད་པའི་སྐབསུ་བོབ་སྟེ། དེའི་ཕྱིར་ང་ནི་ཐེག་པ་བླ་ན་མེད་པ་བཤད་དགོས་པས་དེ་བརྗོད་ཞེས་བྱ ་སྨོསོ།། ད་ནི་ཞེས་བྱ་བ་ནི་མཚན་ཉིད་ལ་སོགས་པ་དྲུག་བཤད་པའི་འོག་ཏུ་ཞེས་བྱ་བའི་བ་ཆིའོ།། དེ་དག་གི་འོག་ཏུ་བཤད་པའི་ཕྱིརརོ་སྙམ་དུ་དགོངས་པའོ།། ཡང་ན་གཉེན་པོ་བསྒོམ་པ་དང་། གནས་དང་འབྲས་བུ་ཐོབ་པ་དག་ནི་ཉན ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་ཡིན་པར་བཤད།། ཐུན་མོང་མ་ཡིན་པའི་གནས་སྐབསུ་བབ་པས་ན་ཐེག་པ་བླ་ན་མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ལ་སོགས་པར་ཐུན་མོང་མ་ཡིན་ཏེ། འདི་གཙོ ་བོར་བཤད་ཞེས་བསྟན་པའི་ཕྱིར། ད་ནི་ཐེག་པ་བླ་ན་མེད་པ་བཤད་དགོས་པས་དེ་ལ་བཛྲོ་ངོ་ཞེས་བྱ་བ་སྨོསོ།། འདི་ལས་གོང་ན་མེད་པས་ནི་བླ་ན་མེད་པ་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་འཕགས་པའི་རྣམ་གྲངས་གཏོགས་པའོ།། དེ་ཡང་གང་ཞེ་ན་ཐེག་པ ་ཆེན་པོ་སྟེ། ཇི་ལྟར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དག་ལས་ཐེག་པ་ཆེན་པོ་ཁྱད་བར་དུ་འཕགས་པ་དེ་ལྟར་ཐེག་པ་ཆེན་པོ་ལས་ནི་ཁྱབ་པར་དུ་འཕགས་པ་དམ་པ་གཞན་མ་དེ། དེ་ལ་རྒྱུ་དང་འབྲས་བུ་གཉིས་ཤིན་ཏུ་མཆོག་ཏུ་གྱུར་པའི་ཕྱིར།། ་བླ་ན་མེད་པའི་དངོས་པོ་ནི་བླ་ན་མེད་པ་ཉིད།། དེ་ཡང་གང་ཞེ་ན། དེའི་ཕྱིར། བླ་མེད་ཉིད་ནི་སྐྱོབ་པ་དང་ཞེས་རྒྱ་ཆེར་གསུང་སོ།། ཐེག་པ་ཆེན་པོ་ནི་བླ་ན་མེད་པ་ཉིད་རྣམ་པ་གསུམ་སྟེ། ཞེས་བྱ་བ་ལ། ཐེག་པ་ཆེན་པོ་ཞེས་བྱ་བ་དེ་གང་ཞེ་ན། རྣམ་པ་གསུཾ། ་པོ་དེ་དག་ཉིད། སྒྲུབ་པ་དང་། དམིགས་པ་དང་། ཡང་དག་པར་འགྲུང་པོའོ།། དེ་ལ་སྒྲུབ་པ་བླ་ན་མེད་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་པར་བྱེད་པ་ཉིད། ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་བླ་ན་མེད་པ ་ཞེས་བྱའོ།། དམིགས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་དང་། ཆོས་ཀྱི་དབྱིངས་དེ། དམིགས་པ་འདིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་མ་ལུས་པར་མཛད་ནུས་པར་འགྱུརརོ།། དེའི་ཕྱིར་གཞན་གྱི་དོན་བྱེད་ནུས་པའི་རྒྱུའི་དམིགས་པ་ནི ་དམིགས་པ་བླ་ན་མེད་པ་ཉིད།། ཅིའི་ཕྱིར་ཞེ་ན། དེ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པ་དེ་བླ་ན་མེད་པ་ཞེས་བྱའོ།། ཡང་དག་པར་གྲུབ་པ་ནི་རིགས་དང་མོས་པ་དང་སེམས་བསྐྱེད་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་སྟེ། དེ་ནི་རིགས ་ལ་སོགས་པ་ལས་ཡང་དག་པར་འགྲུབ་པར་འགྱུར་འཐོབ་པར་འགྱུར་བྱས་ན་ཡང་དག་པར་འགྲུབ་པ་ཞེས་བྱའོ།། དེ་ཡང་དེ་ལས་ཡང་དག་པར་འགྲུབ་པ་ཁྱད་པར་དུ་འཕགས་པ་གཞན་མེད་པས་ན་བླ་ན་མེད་པ་ཞེས་བྱའོ།། དེ་བས་ན་འདིར་ཡང་དག་པར ་འགྲུབ་པ་དེ་ལས་ཁྱད་པར་དུ་འཕགས་པ་གཞན་མེད་པའི་དངོས་པོ་ཉིད་བླ་ན་མེད་པ་ཉིད།། འདིར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་གཞི་དང་བཅས་པ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བཤད་པ་ཡིན་ཏེ། དེ་ཡང་བླ་ན་མེད་པ་ཉིད ་རྣམ་པ་གསུམ་བཤད་མ་ཐག་པས་བླ་ན་མེད་པ་ཞེས་བྱའོ།། ཡང་ན་ཐེག་པ་ཆེན་པོ་ནི་རྣམ་པར་རྟོག་པའི་སྤྲོས་པ་ཐ~ཾད་དང་བྲལ་བའི་ཡེ་ཤེས་མཚུངས་པར་ལྡན་པ་དང་བཅས་པ་ཚོགས་དང་བཅས་པ། སྦྱོར་བ་དང་བཅས་པ། རྗེས་ལས་ཐོབ་པའི་ཡེ་ཤེས ་དང་བཅས་པ། ཁྱད་པར་ཅན་གྱི་སྟོན་དང་བཅས་པ། དམིགས་པ་དང་བཅས་པ། འབྲས་བུ་དང་བཅས་པའོ།། དེ་ལ་དམིགས་པ་ནི་དེ་བཞིན་ཉི་།། འབྲས་བུ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ།། ཐེག་པ་ཆེན་པོ་འདི་སྟོན་པའི་མདོ་སྡེ་ལ་སོགས་པ ་བཤད་པ་གང་ཡིན་པ་དེ་དག་ཀྱང་ཐེག་པ་ཆེན་པོ་ཡི་ནོ།། ཚིག་ཀྱང་གཞི་དང་འདྲ་བར་གདགས་ཏེ། དཔེར་ན་ཁར་བ་བསད་པ་དང་རིན་པོ་ཆེ་ཕྱོགས་པ་ལྟ་བུའོ།། འདིས་ཐེག་ཆེན་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་ཐེག་པའོ།། ་དེ་ཡང་ཆེན་པོ་རྣམ་པ་བདུན་དང་ལྡན་པས་ན་ཆེན་པོའོ།། དེ་ནི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོའོ།། ཆེན་པོ་རྣམ་པ་བདུན་ནི་དམིགས་པ་དང་། སྒྲུབ་པ་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་དང་། འཐོབ་པ་དང་། ལས་ཆེན ་པོའོ།། དེ་ལ་དམིགས་པ་ཆེན་པོ་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པ་མདོ་སྡེ་མཐའ་ཡས་པའི་ཆོས་རྣམས་བྱང་ཆུབ་སེམས་དཔའི་ལམ་གྱི་དམིགས་པ་ཡིན་པའི་ཕྱིར།། སྒྲུབ་པ་ཆེན་པོ་ནི་བདག་དང་གཞན་གྱི་དོན་མཐའ་དག་སྒྲུབ་པའི་ཕྱིར།། ཡེ་ཤེས ་ཆེན་པོ་ནི་གང་ཟག་དང་། ཆོས་ལ་བདག་མེད་པར་ཤེས་པའི་ཕྱིརོ།། བརྩོན་འགྲུས་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་བྱ་དཀའ་བ་བརྒྱ་སྟོང་ཕྲག་དུ་མ་ལ་སྦྱོར་བའི་ཕྱིརརོ།། ཐབས་མཁས་པ་ཆེན་པོ་ནི་འཁོར་བ་དང་། མྱ་ངན་ལས་འདས་པ་ལ་མི་གན ་པའི་ཕྱིརརོ།། འཐོབ་པ་ཆེན་པོ་ནི་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་སྟོན་དཔག་ཏུ་མེད་པ་གྲངས་མེད་པ་འཐོབ་པའི་ཕྱིརརོ།། ལས་ཆེན་པོ་ནི་འཁོར་བ་ཇི་སྲིད་པ་དྲི་སྲིད་དུ་བྱང་ཆུབ་མངོན་པར་སྟོན་པས་སངས་རྒྱས ་ཀྱི་མཛད་པ་སྒྲུབ་པའི་ཕྱིརརོ།། འདི་དག་ཉིད་ནི་ཐེག་པ་ཆེན་པོ་བླ་ན་མེད་པ་སྟེ། དེ་ལས་ཐེག་པ་ཁྱད་པར་ཅན་གཞན་མེད་པའི་ཕྱིརརོ།། དེ་ཡང་སྒྲུབ་པ་དང་དམིགས་པ་དང་ཡང་དག་པར་འགྲུབ་པ་སྟེ། འདི་ལྟར་དེ་དག་དང་ལྡན་པས་ན་ཐེག་པ་ཆེན་པོ་བླ་ན ་མེད་པ་ཞེས་བྱའོ།། སྒྲུབ་པ་ཉིད་བླ་ན་མེད་པ་ཡིན་པས་སྒྲུབ་པ་བླ་ན་མེད་པ་ཉིད། དེ་བཞིན་དུ་དམིགས་པ་དང་ཡང་དག་པར་འགྲུབ་པ་བླ་ན་མེད་པ་ཉིད་ཀྱང་རིག་པར་བྱའོ།། བླ་ན་མེད་པ་ཉིད་དེ་དག་ནི་བྱང་ཆུབ་སེམས་དཔའི་ལམ་དང་། དེའི་གནས་དང་དེའི ་འབྲས་བུའི་དབང་དུ་བྱས་ཏེ། གོ་རིམས་བཞིན་དུ་རྣམ་པར་བཞགོ།། འདི་ལྟ་སྟེ། སངས་རྒྱས་ཀྱི་གསུང་རབ་ཀྱིས་ཀྱང་སྒྲུབ་པ་དང་དམིགས་པ་དང་དེའི་འབྲས་བུ་དང་འདི་རྣམས་ཙམ་ཞིག་བཤད་པར་ཟ་།། དམིགས་པ་ནི་སྒྲུབ་པའི་སྔོན་དུ་འགྲོ་བས་དམིགས་པ ་སྔར་བཤད་པའི་རིགས་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ལ་སྒྲུབ་པ་སྙིང་པོར་བྱ་བ་བསྟན་པའི་ཕྱིར་སྒྲུབ་པོ་སྔར་བཤདདོ།། དེ་ལ་ཇི་ལྟར་ན་སྒྲུབ་པ་བླ་ན་མེད་པ་ཉིད་ཅེས་བྱ་ཞེ་ན། དེའི་ཕྱིར། སྒྲུབ་པ་བླ་ན་མེད་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྒྲུབ་པར ་རིག་པར་བྱའོ་ཞེས་བྱ་བ་སྨོསོ།། ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནཱན་བྱེད་པའོ།། ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་དེ་ཡང་ཐེག་པ་ཆེན་པོ་ཉིད་དུ་བཤད་ཀྱི། གཞན་ནི་མཽ་ཡིན་པས་ན་ཐེག་པ་ཆེན་པོ་ཉིད་བླ་ན་མེད་པར་སྟོན་ཏོ།། སྒྲུབ་པ ་ཡང་རྣམ་པ་གང་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་ནི་བླ་ན་མེད་པར་འགྱུར་བའི་རྣམ་པ་དེ་དག་བསྟན་པའི་ཕྱིར། སྒྲུབ་པ་དག་ནི་རྣམ་དྲུག་སྟེ་ཞེས་བྱ་བ་གསུང་སོ།། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་པ་ཇི་ལྟར་ན་དམ་པར་འགྱུར་བ་ནས། ཇི་ལྟར་ན་ཁྱད ་བར་མེད་པའི་བར་དུ་འགྱུར་བ་མི་ཤེས་ནས། དེའི་ཕྱིར་དེ་ལ། དམ་པ་བཅུ་གཉིས་བདག་ཉིད་ཞེས་བྱ་བ་སྨོསོ།། དམ་པ་ནི་རྣམ་པ་བཅུ་གཉིས་ཏེ། ཆེ་བ་དང་བླ་ན་མེད་ཅེས་བྱ་བའི་ཐ་ཚིགོ།། དེའི་རྣམ་པ་བསྟན་པའི་ཕྱིར། རྒྱ་ཆེ་བ་དང་ཡུན་རིངས་དང་ཞེས་རྒྱ་ཆེར ་གསུང་སོ།། རྒྱ་ཆེ་བ་དམ་པ་ནས་འགྲུབ་པ་དམ་པ་ཞེས་བྱ་བའི་བར་དུ་རྣམ་པ་བཅུ་གཉིས་པོ་འདི་དག་ནི་དམ་པའོ།། དེ་ལ་རྒྱ་ཆེ་བ་དམ་པ་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་མི་འདོད་པ་དང་མཆོག་ཏུ་རིག་པར་བྱའོ་ཞེས་བྱ་བ་ལ། ཕུན ་སུམ་ཚོགས་པ་ཞེས་བྱ་བ་ནི་མངོན་པར་མཐོ་བའོ།། དེ་ཡང་རྣམ་པ་གཉིས་ཏེ། རྙེད་པ་དང་མ་རྙེད་པའོ།། དེ་ལ་བདག་གི་བདེ་བ་ལ་མི་ཆགས་པ་དང་། གཞན་གྱི་སྡུག་བསྔལ་བསལ་བར་ཞུགས་པའི་ཕྱིར་རྙེད་པ་ལ་མི་ཆགས་ཤིང་མ་རྙེད་པ་མི་འཚོ་ལོ།། ཇི་སྐད་དུ་དགེ ་ང་ཁྱོད་ཀྱི་བསོད་ནམས་བསོད་ནམས་འབྲས་བུ་གང་།། ཐམས་ཅད་གཞན་གྱི་དོན་ཏེ་བདག་གི་དོན་རྒྱུར་མིན་ཞེས་འབྱུང་བ་ལྟ་བུའོ།། སྤོང་བ་ཡེ་ཤེས་དང་མཐུ་ཕུན་སུམ་ཚོགས་པའི་སངས་རྒྱས་ཉིད་འབྲས་བུ་ཡིན་པའི་ཕྱིར་མཆོག། ཡང་ན་འཇིག་རྟེན་ན་རྒྱུ་ཆེ་བ ་ནི་རྣམ་པ་གཉིསུ་བརྗོད། ཆེ་བར་མངོན་པ་དང་ལན་དུ་ཕན་འདོགས་པ་མི་འདོད་པའོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་མི་འདོད་ཀྱང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཇེ་བས་ཚ་ཇེ་ཆེར་སྦྱོར་ཏེ། དེ་བྲ ་ན་དེ་སྒྲུབ་པ་རྒྱ་ཆེ་བ་ཉིད་ཅེས་བྱའོ།། ཡུན་རིང་བ་དམ་པ་ནི་ཡུན་རིང་བའི་ཕྱིར་མཆོག་སྟེ། ཡུན་རིང་བ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཡུན་རིང་པོར་གོམས་པར་བྱེད་པའོ།། དེ་ཡང་དུས་ཇི་སྲིད་པ་མི་ཤེས་ནས་དེའི་ཕྱིར། བསྐལ་པ་གྲངས་མེད་པ་གསུམ ་དུ་སངསུ་བསྒོམ་པའི་ཕྱིརརོ།། ཞེས་བྱ་བ་སྨོ་སྷོ།། བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྒོམ་པ་བསྐལ་པ་གྲངས་མེད་པ་གསུམ་གྱི་མཐར་ཐུག་པར་བྱེད་པས་ཤིན་ཏུ་ཡུན་རིང་བ་ཡི་ནོ།། ཆེ་དུ་བྱ་བ་དམ་པ་ནི་སེམས་ཅམཛད་ཀྱི ་དོན་བྱ་བའི་ཆེད་ཀྱི་ཕྱི་རོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་བདག་གི་བདེ་བ་ལ་མི་ཆགས་པ་རྣམས་ནི། སེམས་ཅན་ལ་ཕན་པ་དང་བོད་པར་བྱ་བའི་ཆེ་དུ་སྦྱིན་པ་ལ་ཞུགས་པས་དེའི་ཕྱིར་ཆེ་དུ་བྱ་བ་དམ་པ་ཞེས་བྱའོ།། ཟད་མི་ཤེས་པ་དམ་པ་ནི་མི་ཟད་པའི ་ཕྱིར་དམ་པ་སྟེ། ཟད་མི་ཤེས་པ་གང་ཞེ་ན། དེའི་ཕྱིར། བྱང་ཆུབ་ཆེན་པོར་ཡོངསུ་བསྔོས་པས། གཏན་དུ་ཡོངསུ་གཏུགས་པར་མི་འགྱུར་བའི་ཕྱིར་ཞེས་བྱ་བ་སྨོསོ།། བྱང་ཆུབ་ཆེན་པོར་ཡོངསུ་བསྔོས་པོའི་སྦྱིན་པ་ལ་སོགས་པ་ནི། སྐྱེ་བའི་གནས་ཐམས་ཅད་རྣམ ་པར་སྨིན་པའི་འབྲས་བུ་བྱིན་ཡང་གཏན་དུ་ཆད་པར་མི་འགྱུར་ཏེ། གནས་གྱུར་པའི་མཚན་ཉིད་ཆོས་ཀྱི་སྐུ་སྒྲུབ་པ་དང་། དེ་ཡང་མི་ཟད་པས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་གཏན་དུ་ཡོངསུ་གཏུགས་པར་མི་འགྱུར་གྱི། ཉན་ཐོས་ལ་སོགས ་བའི་བྱང་ཆུབ་ཏུ་ཡོངསུ་བསྔོས་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་ལུས་རྣམ་པོ་ཐམས་ཅད་དུ་རྒྱུན་ཆད་པས་རྒྱུན་ཆད་པར་འགྱུ་རོ།། ཡང་ན་བྱང་ཆུབ་ཆེན་པོར་ཡོངསསུ་བསྔོས་པས་སྦྱིན་པ་ལ་སོགས་པ་མི་ཟད་པར་འགྱུར་ཏེ། རྣམ་པར ་སྨིན་པ་མང་བའི་ཕྱིརརོ།། མང་བ་ལ་ཡང་མི་ཟད་པ་ཞེས་བྱ་སྟེ། རྣམ་པར་སྨིན་པ་སྦྱིན་པས་གཽཏན་དུ་ཡོངསུ་གཏུགས་པར་མི་འགྱུར་བའི་ཕྱིརོ།། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོས་པ་ལ་ནི་དེ་ལྟར་མི་ཟད་པར་མི་འགྱུརོ།། ཡང་ན་སེམས་ཅན་རྣམ ་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་ཡོངསུ་བསྔོས་པ་དང་། སེམས་ཅན་གྱི་ཁམས་བཞིན་དུ་མི་ཟད་པ་ཡིན་ཏེ། དེ་བས་ན་སེམས་ཅན་གྱི་ཁམས་བཞིན་དུ་གཏན་དུ་ཡོངསུ་གཏུགས་པར་མི་འགྱུར་རོ།། རྒྱུན་མི་འཚང་བ ་དམ་པ་ནི་བདག་དང་གཞན་མཉམ་པ་ཉི་དུ་མོས་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོང་སུ་རྫོགས་པར་བྱེད་པའི་ཕྱིརརོ་ཞེས་བྱ་བ་མིས་རབ་ཏུ་དགའ་བ་ལ་བྱང་ཆུབ་སེམས་དཔའ་ས་ཆོས་ཀྱི་དབྱིང ་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པས་བདག་དང་གཞན་མཉམ་པ་ཉི་དུ་མོ་སོ།། དེ་བདག་དང་གཞན་མཉམ་པ་ཉིད་མོས་པའི་ཕྱིར་བདག་དང་གཞན་དུ་རྣམ་པར་རྟོག་པ་སྤོངས་པས། རང་གི་སྦྱིན་པ་ལ་སོགས་པ་བཞིན་དུ་གཞན་གྱི་སྦྱིན་པ་ལ་སོགས་པས་ཀྱང ་སེམས་ཤིན་ཏུ་དགའ་བ་ཐེ་བོ།། དེ་བས་ན་སྐད་ཅིག་རེ་རེ་འམ་ཡུད་ཙམ་རེ་རེ་འམ་ཉི་མ་རེ་རེར་ཡང་རྒྱུན་མི་འཆད་པར་དེའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངསུ་རྫོགས་པར་འགྱུར།། ཚེགས་མེད་པ་དམ་པ་ནི་གཞན་གྱི་སྦྱིན་པ་ལ་སོགས་པ་ལ ་རྗེསུ་ཡི་རང་བ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོངསསུ་རྫོགས་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ཅི་ནས་ཀྱང་དེ་དག་ལ་རྗེ་སུ་ཡི་རང་བ་ཙམ་གྱིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངསསུ་རྫོགས་པར་འགྱུར་བ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས ་ཅན་རྣམས་ཀྱི་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་ལ་རབ་ཏུ་དགའ་བའི་ཡིད་ཀྱིས་རྗེ་སུ་ཡི་རང་བར་བྱེའོ།། དབང་འབྱོར་པ་དམ་པ་ནི་ན་མཁའ་མཛོད་ཀྱི་ཏིངངེ་འཛིན་ལ་སོགས་པས་སྦྱིན་པ་ལ་སོགས་པ་ཡོངསུ་རྫོགས་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབྱིངས་རྟོགས་པ་བསྒོམ་པས། ཏིང་འཛིན་ནམ་མཁའ་མཛོད་ཅེས་བྱ་བ་འཐོབ་སྟེ། དེ་ཐོབ་པས་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོང་སུ་བསྐང་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་འགྱུར་ཏེ། ་དེའི་དབང་གིས་ན་མཁའ་ཉིད་མཛོད་དམ་ཡང་ན་ན་མཁྲུལ་མཛོད་འཆའ་བའི་ཏིང་ངེ་འཛིན་ལ་ན་མཁའ་མཛོད་ཅེས་བྱ་བར་བརྗོད། འདི་ལྟར་ཏིང་འཛིན་དེའི་མཐུས་ཡོ་བྱད་ཐམས་ཅད་ན་མཁའ་ལས་འབྱུང་བར་འགྱུ་རོ།། སོགས་པའི་སྒྲས་ནི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལ་སོགས་པ་མདོ་ལྔས་འབྱུང་བའི་ཏིང་འཛིན་རྣམས་བསྡུའོ།། ཡོངསུ་བཟུང་བ་དམ་པ་ནི། རྣམ་པར་རྟོག་པའི་ཡེ་ཤེས་ཀྱི་ཡོངསུ་བཟུང་བའི་ཕྱིར་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་སྦྱིན་བདག་དང་སྦྱིན ་པར་བྱ་བ་དང་། ལེན་པ་གསུམ་མི་དམིགས་པས་རྣམ་པར་མི་རྟོག་པའི་ཡེ་ཤེསོ།། དེ་བཞིན་དུ་ཤེས་པར་བྱེད་པ་དང་། ཤེས་པར་བྱ་བ་དང་། ཤེས་པ་གསུམ་གྱིས་བར་དུ་མི་དམིགས་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས ་དམ་པ་དེས་ཡོངསུ་གཟུང་བའི་སྦྱིན་པ་ལ་སོགས་པ་སྨྲ་བོ།། ཇི་ལྟ་ཞེ་ན། དེའི་རྗེ་སུ་འབྲང་བ་དང་དེ་ལ་དམིགས་པའི་ཕྱིར་ཏེ། དེའི་ཕྱིར་དམ་པ་ཞེས་བྱའོ་རྩོལ་བ་དམ་པ་ནི་མོས་པས་སྤྱོད་པོའི་ས་ལ་བཟོད་པ་ཆེར་གྱུར་པའོ་ཞེས་བྱ་བ་ལ། བསྐལ་པ་གྲངས་མེད ་པ་དང་པོ་ནི་མོས་པས་སྤྱོད་པའི་སོ་ལཾ་ཞེས་བྱ་སྟེ། རིགས་དང་བཤེས་གཉེན་གྱི་སྟོབས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ངོ་བོ་ཉིད་གསུམ་གྱིས་སྒོ་ནས་ཆོས་ཐམས་ཅད་ལ་བདག་མེད་པར་ཤིན་ཏུ་མོས་པའི་བཟོད་པ་ཆེ་བ་སྟེ། མ་དད་པ་ལ་སོགས ་པ་མི་མཐུན་པའི་ཕྱོགས་ལས་རྒྱལ་བ་ལ་བྱའོ།། དེ་ནི་བྱང་ཆུབ་སེམས་དཔའི་རྩོམ་པའི་དུས་དོ།། དེའི་ཕྱིར་བཟོད་པ་ཆེན་པོ་ནི་རྩོམ་པ་དམ་པ་ཞེས་བྱ་སྟེ། འཐོབ་པ་དམ་པ་ནི་ས་དང་པོའོ་ཞེས་བྱ་བ་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འཐེབོ་སྔར་ས་དང་པོ་ལྔ་སྦྱོར་བས་བསྡུས་པ་ནི་འཇིག་རྟེན་པ་ཉིད། དེའི་ཕྱིར་ས་དང་པོ་ལ་འཐོབ་པ་དམ་པ་ཞེས་བྱའོ།། རྒྱུ་མཐུན་པ་དམ་པ་ནི་དེ་མ་ཡིན་པ་གཞན་བརྒྱད་པ་དག་ལའོ། ་ཞེས་བྱ་བ་ནི། དེ་མ་ཡིན་པ་གཞན་ས་བརྒྱད་པོ་དག་ལ་གོང་ནས་གོང་དུ་ཁྱད་པར་ཐོབ་པ་ནི་སོ་དང་པོ་ལ་ཐོབ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་མཐུན་པ་ཡིན་པས་རྒྱུ་མཐུན་པ་དམ་པའོ།། ཡང་ན་མོས་པས་སྤྱོད་པའི་ས་ལ་ཕ་རོལ་ཏུ་ཕྱིན་པ་རྣམས ་བསྒོམས་པའི་སྟོབས་ཀྱིས་ས་དང་པོ་འཐོབ་པ་ནི་འཐོབ་པ་དམ་པ་སྟེ། ས་དང་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་དུ་བསྡུས་པ་དེར་ཞུགས་ན། དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པའི་རིགསུ་སྐྱེས་པ་ཡིན་ཞེས ་མདོ་ལས་འབྱུང་།། ས་ལྷག་མ་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམ་པའི་སྟོབས་ཀྱིས་ཐོབ་པའི་ས་དང་པོའི་རྒྱུ་མཐུན་པ་དམ་པའོ།། ཡང་ནས་བརྒྱད་པོ་འདི་དག་ནི་ས་དང་པོ་ལ་རབ་ཏུ་ཐོབ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་མཐུན་པར་འགྱུར ་རྒྱུ་མཐུན་པ་དམ་པའོ།། འགྲུབ་པ་དམ་པ་ནི་ས་བཅུ་པ་དང་དེ་བཞིན་གཤེགས་པའི་ས་ལ་བྱང་ཆུབ་སེམས་དཔའ་འགྲུབ་པ་དང་སངས་རྒྱས་འགྲུབ་པའི་ཕྱིརརོ་ཞེས་བྱ་བ་ལ། ས་བཅུ་པ་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས ་ཅིང་ཚར་ཕྱིན་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱལ་ཚབ་ཏུ་དབང་བསྐུར་ཏེ། བསོད་ནམེས་དང་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཡོངསུ་རྫོགས་པ་དང་། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་དང་བྲལ་བ་དང་། རྣམ་པ་ཐཾད་དུ་བདག ་དང་གཞན་གྱི་དོན་སྒྲུབ་པའི་ཕྱིར། ས་བཅུ་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲུབ་པ་དམ་པའོ།། སྤོང་བ་དང་ཡེ་ཤེས་དང་མཐུ་ཁྱད་པར་ཅན་རྣམས་ཐོབ་པའི་ཕྱིར་བཅོམ་ལྡན་འདས་ནི་འགྲོ་བ་ཐམས་ཅད་ཀྱི་སྟོན་པ་ཡིན་པས་དེའི་ཕྱིར་སངས་རྒྱ་སུ་གྲུབ ་པས་འགྲུབ་པའོ།། འགྲུབ་པ་དེ་ཡང་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་མངོན་པར་སྒྲུབ་པའོ།། ཡང་ན་སློབ་པའི་སར་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཕུལ་དུ་བྱུང་བ་ནི་སོ་བཅུ་པ་སྟེ། དེ་བས ་དེ་ལ་བྱང་ཆུབ་སེམས་དཔའ་ཡོངསུ་འགྲུབོ།། མི་སློབ་པའི་སར་བསྡུས་པ་རྣམས་ཀྱི་ཕུལ་དུ་བྱུང་བ་ནི་སངས་རྒྱས་ཀྱི་ས་སྟེ། ས་དེ་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སློབ་པ་མེད་པའི་ཕྱིར། སངས་རྒྱ་སུ་ཡོངསུ་འགྲུབ་པས་འགྲུབ་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའི ་ཡོངསུ་འགྲུབ་པ་དང་། དེ་བཞིན་གཤེགས་པའི་སར་སངས་རྒྱས་ཡོངསུ་གྲུབ་པས་འགྲུབ་པ་དམ་པར་རིག་པར་བྱའོ།། དེའི་ཕྱིར་དམ་པའི་དོན་གྱི་ནི།། ཕ་རོལ་ཕྱིན་པ་བཅུར་འདོད་ཞེས་བྱ་བ་ནི་འདི་ལྟར་དམ་པ་རྣམ་པ་བཅུ་གཉིས་པོ་འདི་དག་བྱང་ཆུབ་སེམས་དཔ ་རྣམས་ཀྱི་སྦྱིན་པ་ལ་སོགས་པ་ལ་ཡོད་ཀྱི། ཉན་ཐོས་ལ་སོགས་པའི་སྦྱིན་པ་ལ་སོགས་པ་ལ་ནི་མེད་པ་དེའི་ཕྱིར། དམ་པ་ཞེས་བྱ་སྟེ། དོན་འདིས་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱི་སྦྱིན་པ་ལ་སོགས་པ་ཡེ་ཤེས་ལ་ཐུག་པ་རྣམས་ངེས་པའི་ཚིག་གིས་ཚུལ ་གྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ཏུ་སྟོན་ཏོ།། དེ་བས་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་པ་གང་ཡིན་པ་དེ་ཡང་དམ་པ་ཞེས་བྱའོ།། ཁ་ཅིག་ཅེས་བྱ་བ་ནི་གང་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མིང་ཙམ་ཡང་མི་ཤེས་པ་དེ་རྣམས་ལ་དེ་དག་གིས་མིང་བསྟན་པར་བྱ་བའི་ཕྱིར། ་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་དང་ནི་ཤེས་རབ་ཐབས།། སྨོན་ལམ་སྟོབས་དང་ཡེ་ཤེས་དང་།། འདི་དག་ཕ་རོལ་ཕྱིན་བཅུའོ་ཞེས་བྱ་བ་བརྗོད། ཆེ་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཆེད་ཀྱི་ཕྱི་རོ་ཞེས་བཤད་པ་དེའི ་ཕྱིར། འདི་དག་གི་སོ་སོའི་ལས་ཅི་ཞེ་ན་ཅེས་དྲིས་པ་དེའི་ཕྱིར། ལས་ནི་རྗེ་སུ་འཛིན་བྱེད་དང་།། གནོད་མི་བྱེད་དང་དེ་ལ་བཟོད་ཅེས་རྒྱ་ཆེར་གསུང་སོ།། བྱང་ཆུབ་སེམས་དཔའི་སྦྱིན་པས་ནི་སེམས་ཅན་རྣམས་རྗེ་སུ་འཛིན་པའོ་ཞེས་བྱ་བ་ནི་དེ་ལ་མཆོད་པ་དང་། ཕ་ནི་གདགས་པར་འདོད་པ། ་ཕྱི་དང་ནང་གི་དངོས་པོ་ཁ་ན་མ་ཐོ་བ་མེད་པས་ལན་དུ་ཕན་འདོགས་པ་དང་། རྣམ་པར་སྨིན་པ་ལ་སོགས་པ་ལ་མི་ལྟ་བར་སེམས་པ་གང་གིས་ཡོངསུ་གཏོང་ཞིང་ལུས་དང་ངག་གིས་ལས་ཀྱི་ཀྱང་སྒྲུབ་པ་འདི་ནི། བྱང་ཆུབ་སེམས་དཔའི་ཟང་ཟིང་གི་སྦྱིན་པ་སྟེ། འདིས་བཀྲེས་པ ་དང་བསྒོམ་པ་ལ་སོགས་པའི་སྡུག་བསྔལ་སེལ་བས་སེམས་ཅན་རྣམས་རྗེ་སུ་འཛིན་ཏོ།། སྙིང་རྗེ་སྔོན་དུ་བཏང་སྟེ་སེམས་ཅན་རྣམས་ལ་མི་གནོད་པའི་འཚོ་བ་དང་། བསྟན་བཅོས་དང་། སྒྱུ་རྩལ་དང་བཟོ་རྣམས་སྟོན་པ་དང་། བདེ་འགྲོ་དང་ཐར་པའི་ལམོ་སྟོན་པ་ནི་ཆོས་ཀྱི་སྦྱིན་པ ་སྟེ། འདིས་ཀྱང་འཚོ་བ་མེད་པ་དང་ངན་འགྲོ་འཁོར་བའི་སྡུག་བསྔལ་སྤེལ་བས་སེམས་ཅན་རྣམས་རྗེ་སུ་འཛིན་ཏོ།། རྒྱལ་པོ་དང་ཆོམ་རྐུན་དང་བགོ་སྦྲུལ་ལ་སྤྱོད་པ་དང་། གཅན་ཟན་ལ་སོགས་པས་ཟིན་པ་དེ་དག་ལས་ཐར་པར་བྱེད་པ་ནི་མི་འཇིགས་པ་སྦྱིན་པ་སྟེ། འདིས་ཀྱང ་བྲྀག་དང་ལོང་སྤྱོད་དང་ཁུ་དང་ཆུང་མ་ལ་སོགས་པས་ཕོངས་པའི་འཇིགས་པ་སེལ་བས་སེམས་ཅན་རྣམས་རྗེ་སུ་འཛིན་ཏོ།། ཚུལ་ཁྲིམས་ཀྱིས་ནི་དེ་དག་ལོ་གནོད་པར་མི་བྱེད་ཞེས་བྱ་བ་ནི་ལུས་དང་ངག་གིས་ཉེས་པར་སྤྱོད་པ་ཐཾད་སྤོང་བ་དང་འཇིག་རྟེན་དང་མཐུན་པའི ་བཀག་པ་དང་ཁསྒོ་བས་ལུས་དང་ངག་གི་ལུས་ལྡེག་ཅིང་སྒྲུབ་པ་ནི་ཚུལ། མས་ཏེ། ཚུལ་ཁྲིམས་དེ་ལ་རྣམ་པར་གནས་པས་སེམས་ཅན་ལ་གནོད་པ་དང་མི་བདེ་བར་སྒྲུབ་པ་སྲོགི་ཕྱིར་ཡང་བདག་ཉིད་ཀྱང་མི་བྱེད་ཅིང་གཞན་ལ་ཡང་བྱེ་དུ་མི་འཇུག་པའོ།། བཟོད་པ་ནི ་གཞན་དག་གིས་གནོད་པར་བྱས་པ་ལ་ཇི་མི་སྙམ་པར་བྱེདདོ་ཞེས་བྱ་བ་དེ་སྙིང་རྗེའི་སེམས་སྔོན་དུ་བཏང་བས་སྡུག་བསྔལ་གྱི་རྣམ་པ་ཐ~ཾད་ལ་ཇི་མི་སྙམ་པར་བྱེད་ཅིང་དང་དུ་ལེན་པའི་བདག་ཉིད་ཀྱི་བཟོད་པ་སྟེ། དེས་གཞན་དག་གིས་གསོད་པ་དང་འཆང་བ ་དང་རྡེག་པ་ལ་སོགས་པ་བྱས་པ་ལ་སླར་གནོད་པ་མི་བྱེད་པས་ཐི་མི་སྙམ་པར་བྱེད་པའོ།། བརྩོན་འགྲུས་ཀྱིས་ནི་ཡོན་ན་ལས་འཕེལ་བར་བྱེདདོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་ཕྱིར་སྤྲོ་བ་ནི་བརྩོན་འགྲུས་ཏེ། དེས་སྦྱིན་པ་ལ་སོགས་པའི་ཡོན་གོམས ་པར་བྱས་པས་ལྟོན་ཁྱད་པར་དུ་འཕགས་པར་འགྲུབ་པོ་ནི་འཕེལ་བའོ།། བསམ་གཏན་གྱིས་ནི་རྫུ་འཕྲུལ་ལ་སོགས་པས་མགུ་བར་བྱས་ཏེ་འཛུད་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི། སེམས་ཀྱི་རྣམ་གྲངས་ཤེས་པ་བསྡུའོ།། བསམ་གཏན་ནི ་ཏིངེ་འཛིན་ལ་སེམས་རྩེ་གཅིག་པའོ།། རྫུ་འཕྲུལ་ནི་ན་མཁའ་ལ་འགྲོ་བ་ལ་སོགས་པའོ།། འཛུད་པ་ནི་བསྟན་པའི་ཆོས་ཉིད་སྟོན་པ་སྟེ། བསམ་གཏན་གྱི་འབྲས་བུ་རྫུ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་གཉིས་ཀྱིས་མགུ་བར་བྱས་ན་བསྟན་པ་ལ་འཛུད་ནུས ་བར་འགྱུརརོ།། ཤེས་རབ་ཀྱིས་ནི་ཡང་དག་པའི་གདམས་ངག་བྱིན་པས་རྣམ་པར་གྲོལ་བར་བྱེདདོ་ཞེས་བྱ་བ་ལ། ཤེས་རབ་ནི་རྣམ་པ་ཐམས་ཅད་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིདདོ།། དེའི་ལས་ནི་ཡང་དག་པའི་གདམས་ངག་སྦྱིན་པ་སྟེ། ཉོན་མོངས་པ་སྤོང་བ་ཡང ་ཕྱིན་ཅི་མ་ལོག་པར་རྗེ་སུ་བསྟན་པ་ལ་རག་ལུས་པའོ།། དེ་བས་ན་ཤེས་རབ་ཀྱིས་ཡང་དག་པའི་གདམས་ངག་བྱིན་པས་རྣམ་པར་གྲོལ་བར་བྱེད།། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པས་ནི། བྱང་ཆུབ་ཆེན་པོར་ཡོངསུ་བསྔོས་པས། སྦྱིན་པ་ལ་སོ།། ་པ་མི་ཟད་པར་བྱེ་དོ་ཞེས་བྱ་བ་ནི་ཆོས་གང་འགྲུབ་པར་བྱ་བ་དང་། རྣམ་པར་འཕེལ་བར་བྱ་བ་དང་། འཐོབ་པར་བྱ་བ་དང་། སྤང་བར་བྱ་བའི་ཕྱིར་རིགས་པ་གང་ཡིན་པ་དེ་ནི་ཐབས་ཡི་ན།། དེ་ལ་མཁས་པ་ནི་ཐོག་ཏུ་ཕེབས་པ་སྟེ། ཐབས་ལ་མཁས་པའི།། དེའི་ལྷས་ནི་སྦྱིན་པ་ལ ་སོགས་པ་བྱས་ཤིང་བསགས་པ་རྣམས་བྱང་ཆུབ་ཆེན་པོར་ཡོངསུ་བསྔོས་པས་མི་ཟད་པར་བྱེད་པའོ།། བྱང་ཆུབ་ཆེན་པོར་ཡོང་སུ་བསྔོས་པའི་དགེ་བའི་རྩ་བ་རྣམས་ནི་བྱང་ཆུབ་ཆེན་པོ་བཞིན་དུ་མི་ཟད་པར་འགྱུརརོ།། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་ནི ་མཐུན་པའི་སྐྱེ་བ་ཡོངསུ་འཛིན་པས་ཚེ་རབས་ཐམས་ཅད་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང་སྦྱིན་པ་ལ་སོགས་པ་ལ་རྟག་ཏུ་འཇུག་ཞེས་བྱ་བ་ལ། སྨོན་ལམ་ནི་རྣམ་བླ་དུ་མར་སྨོན་པའི་བདག་ཉིད་ཡིན་མོད་ཀྱི། འདིར་ནི་དགེ་བ་དང་མཐུན་པའི་སྐྱེ་བ་ལ ་སྨོན་པ་སྨོན་ལམ་དུ་འདོད་དོ།། དེའི་ལས་ནི་ཚེ་རབས་ཚེ་རབ་སུ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། སྦྱིན་པ་ལ་སོགས་པ་ལ་རྟག་ཏུ་འཇུག་པོའོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་སོ་སོར་རྟོག་པ་དང་། བསྒོམ་པའི་སྟོབས་གཉིས་མི་མཐུན་པའི་ཕྱོགས་ཀྱིས ་ཟིལ་གྱིས་མི་ནོན་པའི་ཕྱིར་སྦྱིན་པ་ལ་སོགས་པ་ལ་ངེས་པར་འཇུག་ཞེས་བྱ་བ་ལ་སོ་སོར་རྟོག་པ་ནི་ཤེས་རའོ།། བསྒོམ་པ་ནི་དགེ་བའི་ཆོས་གོམས་པར་བྱེད་པ་སྟེ། དེ་གཉིས་ལ་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ནི། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ ་བྱའོ།། དེའི་ལས་ནི་སྐད་ཅིག་རེ་རེ་ལ་ཡང་གདོན་མི་ཟ་བར་སྦྱིན་པ་ལ་སོགས་པ་ལ་འཇུག་པའོ།། ངེས་པ་ཞེས་བྱ་བ་ནི་སྒྲ་ནི་རྒྱུན་མི་འཆད་པའི་རྣམ་གྲངསོ།། སོ་སོར་རྟོག་པ་དང་སྒོམ་པའི་སྟོབས་དང་ལྡན་པའི་སྦྱིན་པ་ལ་སོགས་པའི་དགེ་བ་ལ་མི་མཐུན་པའི ་ཕྱོགས་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཏོ།། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི། ཆོས་ལ་སྒྲ་ཇི་བཞིན་དུ་རྨོངས་པ་དང་བྲལ་བས། སྦྱིན་པ་ལ་སོགས་པའི་དབང་དུ་མཛད་པའི་ཆོས་ལ་ལོངས་སྤྱོད་པ་མྱོང་པོ་དང་། སེམས་ཅན་རྣམས་ཀྱང་ཡོངསུ་སྨིན་པ ་བྱེདོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་བསྟན་པ་ཐམས་ཅད་ལ་སྒྲ་ཇི་བཞིན་དུ་རྨོངས་པ་དང་བྲལ་བའི་ཡེ་ཤེས་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། སྒྲ་ཇི་བཞིན་དུ་རྨོངས་པ་དེ་ཡང་གང་ཞེ་ན། གང་གིས་དགོངས་པའི་དོན་སྤངས་ཏེ། སྒྲ་ཇི་བཞིན ་ཉིད་རྟོག་པོ་འདི་ནི་སྒྲ་ཇི་བཞིན་དུ་རྨོངས་པའོ།། སྦྱིན་པའི་དབང་དུ་མཛད་པ་ནི་སྦྱིན་པ་ལ་དམིགས་ནས། མདོ་ལ་སོགས་པའི་ཆོས་བསྟན་པོ་གང་ཡིན་པ་དེ་སྦྱིན་པའི་དབང་དུ་མཛད་པའོ།། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ལ་སོགས ་པའི་དབང་དུ་མཛད་པ་དེ་ཡང་དེ་བཞིན་དུ་ལྟ་བར་བྱའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལས་བརྩམས་ཏེ། ཕྱིན་ཅི་མ་ལོག་པ་འཕེལ་བ་གཏམ་ངེས་པར་མཛད་པ་དང་། སེམས་ཅན་རྣམས་ལ་ཕྱིན་ཅི་མ་ལོག་པའི་ཆོས ་བསྟན་པས། ཡོངསུ་སྨིན་པར་མཛད་པའི་ཆོས་ལ་ལོངས་སྤྱོད་པ་མྱོང་བ་དང་། སེམས་ཅན་ཡོངསུ་སྨིན་པར་མཛད་པ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་ཏེ། མདོ་ལ་སོགས་པའི་ཆོས་བསྟན་པ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་རབ་ཏུ་ཕྱེ་བའི་ཕྱིར། ་དམ་པ་སྒྲུབ་པ་བཤད་པའི་འོག་ཏུ་ཡིད་ལ་བྱེད་པའི་སྒྲུབ་པ་བརྗོད་དགོས་ཏེ། དེའི་ཕྱིར་ཡིད་ལ་བྱེད་པ་སྒྲུབ་པ་གང་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར། ཐེག་པ་ཆེན་པོར་ཇི་ལྟ་བུར།། ཆོས་རྣམས་བརྟགས་པ་མཛད་པ་དང་།། ཞེས་རྒྱ་ཆེར་གསུང་སོ།། སྦྱིན ་པ་ལ་སོགས་པའི་དབང་དུ་མཛད་ནས་ཞེས་བྱ་བ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟེད་པ་དང་། བརྩོན་འགྲུས་ལ་སོགས་པའི་ཆེད་ཀྱི་ཕྱིརརོ།། མདོ་ལ་སོགས་པ་ཇི་ལྟར་བཏགས་པའི་ཆོས་རྣམས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྣམ་པ་གང་གིས་སྦྱིན་པ ་ལ་སོགས་པའི་དབང་དུ་མཛད། མྱདྨོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་ལ་སོགས་པའི་ཆོས་རྣམས་གསུངས་པ་དེ་བཞིན་དུ་དེ་དག་གི་དོན་དང་། ཚིག་འབྲུ་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་མེད་པར་ཡོད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་སྒྲུབ་པ་སྟེ། ་གཞན་དུ་མ་ཡིན།། ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་མ་ཡིན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་བདག་གི་དོན་ཉི་དུ་སྦྱིན་པ་ལ་སོགས་པ་བད་ཀྱི། ཇི་ལྟར་ཐེག་པ་ཆེན་པོར་བདུག་དང་གཞན་གྱི་དོན་བྱེད་པ་ལྟ་བུ་ནི་མ་ཡིན་ཏེ། དེ་བས་ན་ཐོག་པ་ཆེན་པོ་ཉིད ་སྦྱིན་པ་ལ་སོགས་པའི་དབང་དུ་མཛ་དེ། མདོ་ལ་སོགས་པའི་ཆོས་ཇི་ལྟར་བཏགས་པ་རྣམས། བྱང་ཆུབ་སེམས་དཔའ་རྣམས་སྒྲུབ་པ་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་སྒྲུབ་པའོ།། ཉན་ཐོས་ཀྱི་ཐེག་པར་སྦྱིན་པ་ལ་སོགས་པའི་དབང་དུ་མཛད། གསུངས་པའི་མདོ་ལ་སོགས་པ ་ཡོད་ལ་བྱེད་པ་ནི་ལོག་པར་སྒྲུབ་པ་སྟེ། རང་གི་དོན་ཙམ་ལ་བརྟེན་པའི་ཕྱིར་ཞེས་བསྟན་པ་ཡི་ནོ།། དེ་དག་ཀྱང་ཕལ་ཆེར་སེམས་སྙོམས་པ་ཉིད་དང་། མི་ཆགས་པ་དང་། མ་ཁེངས་པ་དང་། མི་དམིགས་པ་རྣམས་ཀྱི་དབང་དུ་མཛད། བཞག་པའོ།། དེ་ལ་གང་སྟོན་ཅན་དང་། སྟོན་མེད ་པ་རྣམས་ལ་མཚུངས་པར་ཕན་འདོགས་པར་འདོད་པ་འདི་ནི་སེམས་སྙོམས་པ་ཉིད།། དེ་ལ་གང་སྲིད་པ་དང་ལོང་སྤྱོད་ལ་འདོད་པ་མེད་པར་གཞན་གྱི་དོན་ཉིད་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་འདི་ནི་མི་ཆགས་པའོ།། དེ་ལ་གང་སྦྱིན་པ་ལ་སོགས་པ་བདག་རློམ་སེམ། ་སུ་མི་བྱེད་ཅིང་། གཞན་ལ་མི་བརྙས་པ་འདི་ནི་མ་ཁེངས་པའོ།། དེ་ལྔ་གང་སྦྱིན་པ་སྦྱིན་བདག་དང་། ལེན་པ་རྣམས་མི་དམིགས་པའི་ཚུལ་གྱིས་འཁོར་གསུམ་ཡོངསུ་དོག་པ་གང་ཡིན་པ་འདི་ནི། མི་དམིགས་པའོ།། ཐོས་པ་དང་ཁསམ་པ་དང་། བསྒོམ་པ་ལས་བྱུང་བའི་ཤེས ་ཀྱིས་ཞེས་བྱ་བ་དེ་ལ། ཡིད་ཆེས་པའི་གསུང་རབ་ལས་སྐྱེས་པའི་ངེས་པོ་ནི་ཐོས་པ་ལས་བྱུང་བའོ།། རིགས་པ་དང་ངེས་པར་སེམས་པ་ལས་སྐྱེས་པ་ནི་བསམ་པ་ལས་བྱུང་བའིའོ།། སྒོམ་པ་ལས་སྐྱེས་པ་ནི་བསྒོམས་པ་ལས་བྱུང་བའིའོ།། རྒྱུན་དུ་ཞེས་བྱ་བ་འདི་ཡང ་དང་ཡང་དུའོ།། འཇུག་པ་ཐམས་ཅད་ནི་འབྲས་བུའི་ཕྱིར་ཏེ། དེ་བས་ན་ཤེས་རབ་རྣམ་པ་གསུམ་གྱིས་ཡིད་ལ་བྱེད་པ་དེ་སྟོན་ཅི་ཞིག་བྱེད་ཅེ་ནུ་ཞེས་དྲིས་པ་དང་། དེའི་ཕྱིར། ཁམས་རྟས་བྱེད་དང་འཇུག་བྱེད་དང་།། དྲོའི་དོན་རྣམས་འགྲུབ་པར་འགྱུར་ཞེས་གསུང་སོ།། ཁམས་ནི ་རིགས་དང་ས་བོན།། དེའི་བརྟས་པ་ནི་འཕེལ་བའོ།། ཁམས་བརྟས་པས་ནི་ཚེ་ཕྱི་མ་ཤེས་རབ་ཆེ་ཞིང་གསལ་བར་འགྱུ་རོ།། ཐོས་པ་དེའི་དོན་ལ་སྙིང་ནས་འཇུག་པར་བྱེ་དོ་ཞེས་བྱ་བ་ནི་མདོ་ལ་སོགས་པའི་ཆོས་ཐོས་པ་དེའི་དོན་ལ་རིགས་པའི་སྟོབས་བསྐྱེད་པས། ་བསམས་པ་ལུས་བྱུང་བའི་ཤེས་རབ་ཀྱིས་དོན་ཡོད་པ་ཕྱིན་ཅི་མ་ལོག་པ་ལ་བསམ་པ་ཐག་པ་ནས་འཇུག་པའོ།། བསྒོམས་པས་ལས་བྱུང་བ་ནི་དོན་འགྲུབ་པར་འགྱུར་ཏེ་ཞེས་བྱ་བ་ལ། དོན་གྲུབ་པ་ནི་དེ་ཁོ་ན་ཁོང་དུ་ཆུད་པའོ།། ཇི་ལྟ་ཞེ་ན་དེའི་ཕྱིར། ས་ལོ་འཇུག ་པ་ཡོངསུ་སྦྱོང་བའི་ཕྱིརརོ་ཞེས་བྱ་བ་སྨོས་ཏེ་དྲན་པ་ཉེ་བར་གཞུག་པ་ལ་སོགས་པ་ཡོངསུ་དག་པས་ས་ལ་འཇུག་པའི་ཕྱིརརོ།། དེའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཉིད་ཀྱིས་སྲ་ལ་འཇུག་པར་བསྟན་ཏོ།། དེ་བས་ན་དྲན་པ་ཉེ་བར་གཞག་པ ་ལ་སོགས་པ་ས་ལ་འཇུག་པར་གྱུར་པ་རྣམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཡོངསུ་སྦྱོང་བས་དོན་འགྲུབ་པར་འགྱུར་ཏེ། ས་ལ་འཇུག་ཞེས་བྱ་བའི་ཐ་ཚིགོ།། ཡིད་ལ་བྱེད་པ་སྒྲུབ་པ་འདི་ཡང་འཁོར་དང་བཅས་པར་ཤེས་པར་བྱ་སྟེ། འབའ་ཞིག་ནི་མ ་ཡིནོ།། དེའི་འཁོར་གང་ཞེ་ན། དེ་ནི་ཆོས་སྤྱོད་རྣམ་བཅུ་དང་། ཡང་དག་ལྡན་པར་ཤེས་པར་བྱ་ཞེས་གསུངསོ།། ཡོངསུ་ཟིན་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་ཀུན་ནས་བསྐོར་བ་ཞེས་བྱ་བའི་ཐ་ཚོག་གོ།། ཆོས་ཀྱི་བདག་ཉི་དུ་འམ་ཆོས་ཀྱི་ཕྱེ་དུ་སྤྱོད་པ་དག་ནི་ཆོས་སྤྱོད ་བ་དག་གོ།། དེ་དག་ཀྱང་མི་ཤེས་ནས། དེའི་ཕྱིར། ཆོས་སྤྱོད་རྣམ་པ་བཅུ་གང་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར། ཡི་གེ་འདྲི་མཆོད་སྦྱིན་པོ་དང་ཞེས་བྱ་བ་རྒྱ་ཆེར་གསུང་སོ།། དེ་ལ་ཡི་གེར་འདྲི་བ་ནི་ཐེག་པ་ཆེན་པོ་ཡུན་རིང་དུ་གནས་པར་བྱ་བ་འམ། མཉན་པའམ ་བཀླག་པའི་ཕྱིར་བདག་གམ་གཞན་གྱིསོ།། མཆོད་པ་ནི་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། སྤོས་ལ་སོགས་པས་ཐེག་པ་ཆེན་པོ་ལ་མཆོད་པའོ།། སྦྱིན་པ་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་གཞན་དག་ལ་ཡི་གེར་དྲས་པའི་གླེགས་བམ་ལ་སོགས་པ ་བསྟི་སྟང་དུ་བྱས་ཏེ་སྦྱིན་པའོ།། གཞན་ཀློག་པ་ལ་ཉན་པ་ནི་བསྟི་སྟང་དུ་བྱས་ཏེ་ཉན་པའོ།། བདག་ཉིད་ཀློག་པ་ནི་གུས་པ་ཆེར་བྱས་ཏེ་ཀློག་པའོ།། ལེན་པ་ནི་དང་བ་ཆེན་པོས་བདག་ལ་བདོག་པར་བྱེད་པའོ།། ཚིག་དང་དོན་འཆང་བ་ནི་འབད་པ་ཆེན་པོས་འོས་པ ་རྣམས་ལ་སྟོན་པར་བྱེད་པའོ།། ཁ་དོན་དུ་བྱེད་པ་ནི་བླངས་པའི་ཕྱིར་ཞིང་གོམས་པར་བྱེད་པའོ།། སེམས་པ་ནི་རིགས་པའི་དོན་ལ་དེའི་སྒོ་ནས་སྤྱོད་པའོ།། བསྒོམ་པ་ནི་མཉམ་པར་བཞག་པའི་ཤེས་རབ་ཀྱིས་གྲོམས་པར་བྱེད་པའོ།། དྲང་ཞེས་བྱ་བ་ནི་བསྡུ་བའི་དོན ་ཏོ།། དེ་ལ་ཡི་གེར་འདྲི་བ་དང་། མཆོད་པ་དང་། སྦྱིན་པ་དང་། ཉན་པོ་ཞེས་བྱ་བའི་ཚིག་བཞི་པོ་འདི་དག་གིས་ནི། ལུས་ཀྱི་ལས་རབ་ཏུ་བསྟན་ཏོ།། ཀློག་པ་དང་། ལེན་པ་དང་། འཆད་པ་དང་། ཁ་ཏོན་དུ་བྱེད་པ་ཞེས་བྱ་བའི་ཚིག་བཞི་པོ་འདི་དག་གིས་ནི་དོག་གི་ལས་རབ་ཏུ་སྟོ། ་ཏོ།། སེམས་པ་དང་སྒོམ་པ་ཞེས་བྱ་བ་དེ་དག་གིས་ནི་ཡིད་ཀྱི་ལས་རབ་ཏུ་སྟོན་ཏོ།། སྤྱོད་པ་དེ་བཅུའི་བདག་ཉིད་ནི།། བསོད་ནམས་ཕུང་པོ་དཔག་ཏུ་མེད།། གང་ཆོས་ལ་སྤྱོད་པ་རྣམ་པ་བཅུ་གསུངས་པ་དེ་ལ་ཆོས་སྤྱོད་པ་གཅིག་ལས་བསོད་ནམས་ཀྱི་ཕུང་པོ་སྐྱེ་བ་གང་ཡིན། ་པ་དེ་ཡང་ཤིན་ཏུ་མང་བའི་ཕྱིར། བདག་གམ་གཞན་གྱིས་ཚད་གཟུང་བར་མི་ནུས།། སྦྱིན་པ་དང་། ཚུལ་ཁྲིམས་དང་། བསམ་གཏན་ལ་སོགས་པའི་ཆོས་འདྲ་བར་བསྟན་པ་ལས། ཅིའི་ཕྱིར་མདོ་དག་ལས་ཐེག་པ་ཆེན་པོ་ཉིད་ཀྱི་ཆོས་སྤྱོད་པ་ཤིན་ཏུ་འབྲས་བུ་ཆེ་བར ་བསྟན་གྱི། ཉན་ཐོས་ཀྱི་ཐེག་པཱ་ལ་ནི་མ་ཡིན་ཞེ་ན་ཞེས་བྱ་བ་ནི་ཆོས་སྤྱོད་པ་འབྲས་བུ་ཆེ་བར་བསྟན་ཅེས་བྱ་བར་སྦྱརོ།། རྣམ་པ་གཉིས་ཀྱིས་ཕྱིར་ཏེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་སྤྱོད་པ་འབྲས་བུ་ཤིན་ཏུ་ཆེ་བར་བསྟན་ཏོ་ཞེས་བྱ་བར་སྦྱརོ།། རྣམ་པ་གཉིས་པོ ་གང་ཞེ་ན། དེའི་ཕྱིར་ཁྱད་པར་ཕྱིར་དང་མི་ཟང་ཕྱིར་ཞེས་བྱ་བ་གསུང་སོ།། དེ་ཉིད་ཀྱང་མི་ཤེས་ནས་དེའི་ཕྱིར། ཁྱད་པར་ཕྱིར་དང་མི་ཟད་ཕྱིར་ཞེས་བྱ་བ་གསུང་སོ།། དེ་ཉིད་ཀྱང་མི་ཤེས་ནས་དེའི་ཕྱིར། ཁྱད་པར་གྱི་ཕྱིར་ནི་ཇི་ལྟ་བུ་མི་ཟད་པའི་ཕྱིར་ནི་ཇི་ལྟ་བུ་ཞེ་ན་ཞེས་དྲིས ་པ་དང་། དེའི་ཕྱིར། གཞན་ལ་ཕན་འདོགས་མ་ཞི་ཕྱིར་ཞེས་བྱ་བ་གསུང་སོ།། ཐེག་པ་ཆེན་པོར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱིན་པ་ལ་སོགས་པ་སྒྲུབ་པས་སེམས་ཅན་ཐཾད་ཀྱི་དོན་བྱ་བར་རོ་གཅིག་པར་བསྟན་གྱི་ཉན་ཐོས་ཀྱི་ཐེག་པ་ལས ་ནི་བདག་གི་དོན་གཙོ་བོར་བཤད།། དེ་བས་ན་ཉན་ཐོས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་གཞན་ལ་ཕན་འདོགས་པའི་ཕྱིར་ཁྱད་པར་དུ་འཕགས་ཏེ། དེ་ལྟར་རྒྱུ་བརྗོད་པས་ཉན་ཐོས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་ཁྱད་པར་དུ་འཕག་སོ།། བསོད་ནམས་དང་ཡེ ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་སྐུ་གསུམ་དུ་བསྡུས་པ། འཇིག་རྟེན་ཇི་སྲིད་ཡོད་ལ་དེ་སྤྱི་དུ་སེམས་ཅན་ལ་ཕན་པར་མཛད་པར་ཞུགས་པ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་ཡང་རྒྱུན་མི་འཆད་པ་གནས་གྱུར་པའི་མན ་ཉིད་བསྟན་པས་མི་ཟད་པ་ཡིནོ།། ཉན་ཐོས་ཀྱི་ཐེག་པ་ནི་དེ་ལྟ་མ་ཡིན་ཏེ། ཉན་ཐོས་ཀྱི་ཚོགས་ཀྱི་འབྲས་བུ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་རྣམས་ཐམས་ཅད་དུ་རྒྱུན་འཆད་པའི་ཕྱིར་ཟད་པར་བཤད།། དེ་ལྟར་མྱ་ངན་ལས་འདས་པ་ན་ཡང་འབྲས་བུ ་རྒྱུན་མི་འཆད་པར་བསྟན་པས། ཉན་ཐོས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་ཁྱད་པར་དུ་འཕག་སོ།། ཡང་ན་ཐེག་པ་ཆེན་པོའི་དོན་ནི་སྦྱིན་པ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་གདགས་པར་ཞུགས་པའོ།། ཉོན་ཐོས་ཀྱི་ཐེག་པའི་དོན་ནི་དེ་ལྟ་མ་ཡིནྟེ། ་ཉིན་ཐོས་རྣམས་རང་གི་དོན་ལ་བརྩོན་པའི་ཕྱིར།། སྦྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དག་གི་ཆོས་རྣམས་ཟག་པ་མེད་པའི་ལུས་གྱུར་པས། མྱ་ངན་ལས་འདས་ཀྱང་རྒྱུན་འཆད་པར་མི་འགྱུར་གྱིས། ཉན་ཐོས་རྣམས་ཀྱི་ལམ་ནི་གཟིངས་ལྟ་བུ་ཡིན་པས ་ཡོངསུ་མྱ་ངན་ལས་འདས་པར་རྒྱུན་འཆད་པར་འགྱུར་ཏེ། དེ་དག་གི་ནི་མི་ཟད་པ་མ་ཡིནོ།། དེ་བས་ན་ཐེག་པ་ཆེན་པོ་ཉིད་ཀྱི་ཆོས་སྤྱོད་པ་འབྲས་བུ་ཆེན་པོར་རིགས་ཀྱི་ཉན་ཐོས་ཀྱི་ཐེག་པ་ནི་མ་ཡི་ནོ།། དེ་ལ་ཡིད་ལ་བྱེད་པ་སྒྲུབ་པའི་འོག་ཏུ་རྗེ་སུ་མཐུན་པའི་ཆོས་སྒྲུས ་བ་བརྗོད་པར་བྱ་སྟེ། དེའི་ཕྱིར་རྗེ་སུ་མཐུན་པའི་ཆོས་སྒྲུབ་པ་གང་ཞེན་ཞེས་དྲིས་བུ་དང་། དེའི་ཕྱིར། མི་གཡེང་ཕྱིན་ཅི་མ་ལོག་པར།། འགྱུར་བར་རྗེསུ་མཐུན་པའི་ཆོས་ཞེས་བྱ་བ་གསུང་སོ།། བསམ་གཏན་དུ་བྱ་བཱ་དང་། ཤེས་པར་བྱ་བའི་ཆོས་ཀྱི་རྗེསུ་སོང་བ ་རྗེསུ་ཞུགས་པོའི་ཞི་གནས་དང་ལྷག་མཐོང་བསྒོམ་པོའི་བདག་ཉིད་ཀྱི་སྒྲུབ་པ་ནི། རྗེསུ་མཐུན་པའི་ཆོས་སྒྲུབ་པའོ།། དེ་ལ་ཞི་གནས་བསྒོམ་པའི་བདག་ཉིད་ནི་མི་ག་ཡེང་བའོ།། ལྷག་མཐོང་བསྒོམ་པའི་བདག་ཉིད་ནི་ཕྱིན་ཅི་མ་ལོག་པར་གྱུར་པ་ཞེས་བྱ་སྟེ། ་འདི་རྣམ་གཉིས་ནི་རྗེ་སུ་མཐུན་པའི་ཆོས་སྒྲུབ་པའོ།། མི་ཞེས་བྱ་བ་ནི་དོན་མོང་ཞིག་ཏུ་ཡང་བསྙེགས་པས་མི་གཡེང་བ་ཞེས་བྱ་བ་ཇི་ལྟ་བུ་ཡིན་པར་མི་ཤེས་ནས། དེའི་ཕྱིར། དེ་ལ་གཡེང་བ་རྣམ་པ་དྲུག་མེད་པའི་ཕྱིར་མི་གཡེང་བའོ་ཞེས་བྱ་བ་སྨོ་སོ།། གཡེང ་བ་རྣམ་པ་དྲུག་མི་ཤེས་ཏེ། ཇི་ལྟ་བུ་ཞིག་སྙམ་པ་ལ། དེའི་ཕྱིར་གཡེང་བ་རྣམ་པ་དྲུག་ནི་ཞེས་རྒྱ་ཆེར་སྨོསོ།། དེ་ལྟར་ཡང་རབ་ཏུ་དབྱེ་བ་ཙམ་ཞིག་བསྟན་གྱི་གཡེང་བའི་རང་གི་ངོ་བོ་ནི་མ་བཤད་པས་ནཱ། གུ་ཡེ་དྲཝ་བ་རྣམ་པ་དྲུག་པོ་འདི་དག་གི་མཚན་ཉིད་ཇི་ལྟ ་བུར་རིག་པར་བྱ་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར་ལྗང་དང་ཡུལ་ལ་འཇུག་པ་དང་ཞེས་རྒྱ་ཆེར་གསུང་སོ།། བློ་ལྡན་ཞེས་བྱ་བ་ནི་བློ་ཅན་ཏེ་བྱང་ཆུབ་སེམས་དཔའོ།། དེ་ལ་ལྡང་བ་ནི་རྣམ་པར་ཤེས་པ་ལྔ་རྣམས་ཀྱི་ཏི་ངེ་འཛིན་ལས་ལྡང་བ་སྟེ་ཞེས་བྱ་བ་ནི། གང་གི་ཚེ་མཉེ་བར ་བཞག་པ་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་རྣམས་ལས་གང་ཡང་རུང་བ་གཅིག་ཅིག་འབྱུང་བ་དེའི་ཚེ་ཏིང་འཛིན་ལས་ལངས་པར་གྱུར་པས་འདི་ནི། ངོ་བོ་ཉིད་ཀྱི་གཡེང་བ་སྟེ། ཕྱི་རོལ་ཏུ་བལྟས་པའི་ཕྱིར།། རྣམ་པར་ཤེས་པའི་ཚེགས ་ལྔ་རྣམས་གཡེང་བའི་བདག་ཉིད་ཡིན་པའི་ཕྱིར།། རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཀྱིས་ཏྲི་འཛིན་ལས་ལྷུང་བར་གྱུར་པས་ན་ངོ་བོ་ཉིད་ཀྱིས་གཡེང་བ་ཞེས་བྱའོ།། ཡུལ་ལ་འཇུག་པ་ནི་ཕྱི་རོལ་དུ་གཡེང་བ་ཞེས་བྱ་བ་ནི། ཁ་ཅིག་ན་རེ་གང་གི་ཚེ་མཉམ ་པར་བཞག་པ་ཏི་ངེ་འཛིན་ལ་དམིགས་པ་ལས། མི་འདོད་བཞིན་དུ་དམིགས་པ་གཞན་ལ་ཡིད་ཀྱི་རྣམ་པར་ཤེས་པ་འཇུག་པ་དེའི་ཚེ། དམིགས་པ་གཞན་ལ་འཕོས་པས་ཕྱི་རོལ་ཏུ་གཡོང་པའོ་ཞེའོ།། གཞན་ན་རོ་མཉམ་པར་གཞག་པའི་ཏིངངེ་འཛིན ་གྱི་དམིགས་པ་སྤངས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གཞན་དུ་འཕོས་པ་ནི་ཕྱི་རོལ་དུ་གཡེང་བའོ་ཞེའོ།། ཏིང་ངེ་འཛིན་གྱི་རོ་མྱང་བ་དང་བྱིང་བ་དང་རྒོད་པ་ནི་ནང་གི་གཡེང་བའོ་ཞེས་བྱ་བ་ལ། གལ་ཏེ་མཉམ་པར་བཞག་པས་ཏིངེ་འཛིན་དེ་ཉིད་ལ་སྲེད་པ་ལ ་སོགས་པ་ཉོན་མོངས་པས་རོ་མྱངས་ན། ཉོན་མོངས་པ་ཅན་གྱི་ཏི་ངེ་འཛིན་ཉེ་བར་གནས་པའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་དེ་ལས་གཡེང་བར་འགྱུརོ།། བྱིང་བ་དང་རྒོད་པ་དག་གིས་ཀྱང་ཞི་གནས་དང་ལྷག་མཐོང་མཉམ་པར་འཇུག་པའི་ཏིང་འཛིན་ལྔ ་གཡེང་བར་འགྱུའོ།། རོ་མྱོང་བ་དོང་བྱིང་བ་དང་རྒོད་པས་ཏིང་ངེ་འཛིན་ཉམས་པར་འགྱུར་བས་ན། རྀ་མྱང་བ་ལ་སོགས་པ་ནི་ནང་གི་གཡེང་བའོ།། ཡིད་ཆེས་པའི་བསམ་པ་ནི་མཚན་མའི་གཡེང་བ་སྟེ་ཞེས་བྱ་བ་ནི། བདག་ལ་འདི་ནས་བསམ་གཏན་པ་སྟེ། ཚེ ་བའི་བདག་ཉིད་ཅནོ་ཞེས་དེ་ལྟར་ཡིད་ཆེས་པར་འགྱུར་སྙམ་པའི་མཚན་མ་དེས། ཏིངངེ་འཛིན་ལ་བརྩོན་པ་ནི་བསམ་པ་ལོག་པར་ཞུགས་པའི་ཕྱིར་དགེ་བའི་ཕྱོགས་ཐོབ་པ་འམ། མ་ཐོབ་པ་ལས་གཡེངས་པས་མཚན་མའི་གཡེང་བ་ཞེས་བྱ་སྟེ། འདིར ་རྒྱ་སྨོས་པ། དེ་ལ་མཚན་མར་བྱས་ནས་སྦྱོར་བའི་ཕྱིར་རོ་ཞེས་བྱ་བའོ།། ཤེས་ཀྱི་ཁེ་འདོད་པས་ཡིད་ཆེས་པའི་བསམ་པ་དེ་མཚན་མར་བྱས་ནས་བདག་ལ་ཡི་ད་ཆེས་པར་འགྱུརརོ་སྙམ་སྟེ། ཏིངེ་འཛིན་དུ་ཞུགས་པའི་ཕྱིརརོ།། ངར་འཛིན་པ་དང་བཅས་པའི ་ཡིད་ལ་བྱེད་པ་ནི་གནས་ངན་ལེན་གྱི་གཡེང་བ་སྟེ་ཞེས་བྱ་བ་ནི་སྙིང་ནས་ཏིང་འཛིན་གྱི་སྟོན་འདོད་ཀྱང་། བདག་ནི་བསམ་གཏན་པའོ་ཞེས་ངའོ་སྙམ་པའི་ང་རྒྱལ་དང་ལྡན་ཏེ། དེའི་ཕྱིར། བདག་ལ་ནི་བསྟོད་གཞན་ལ་ནི་ཁྱད་དུ་བསོད་པས་ན། ངར་འཛིན་པ་དང་། ་བཅས་པོའི་ཡིད་ལ་བྱེད་པའོ།། ཅིའི་ཕྱིར་འདི་ལ་གནས་ངན་ལེན་གྱི་ཡིད་ལ་བྱེད་པ་ཞེས་བྱ་ཞེ་ན། དེའི་ཕྱིར། གནས་དྲན་ལེན་གྱི་དབང་གིས་ངའོ་སྙམ་པའི་ང་རྒྱལ་ཀུན་འབྱུང་བའི་ཕྱིར་ཞེས་བྱ་བ་སྨོས།། དེ་ནི་འདི་སྐདདུ། གཡེང་བ་ནི་གནས་ངན་གྱིས་རབ ་ཏུ་ཕྱེའོ་ཞེས་སྟོན་པར་འགྱུརརོ།། གནས་ངན་ལེན་ཅི་ཞེ་ན། ངའོ་སྙམ་པའི་ང་རྒྱལ་གྱི་བག་ཚོགས་ཡོང་སུ་བལྟས་པ་སྟེ། དེས་པའི་སྙམ་པའི་ང་རྒྱལ་ཀུན་ཏུ་འབྱུང་བས། དེའི་དབང་གིས་ངའོ་སྙམཽ་པའི་ང་རྒྱལ་ཀུན་ཏུ་འབྱུང་བའི་ཕྱིརརོ།། གཞན་དག་ན་རེ ་འཇོག་ཚོགས་ལ་ལྔ་པ་ནི་གནས་ངན་ལེན་ཏོ་ཞེའོ།། དམན་པའི་སེམས་ནི་ཡོད་ལ་བྱེད་པའི་གཡེང་བ་སྟེ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་རོག་སུ་མ་ངེས་པ་ཐེག་པ་ཆེན་པོ་ཡིད་ལ་བྱེད་པ་དང་ལྡན་པ་འཁོར་བའི་སྡུག་བསྔལ་གྱིས་སྐྲག་པ་དང་། སེམས ་ཅན་ལོག་པར་ཞུགས་པ་དང་། མི་དགེ་བའི་བཤེས་གཉེན་གྱིས་བརྟེན་པས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་འགྱུར་ཏེ། རང་གི་དོན་ཙམ་འཛིན་པའི་ཕྱིར་དེ་ནི་སེམས་དམན་པའོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི ་སེམས་དེ་ནི། ཐེག་པ་ཆེན་པོ་ཡིད་བྱེད་པ་ལས་གཡེང་བར་བྱེད་པས་ཡིད་ལ་བྱེད་པའི་གཡེང་བ་ཞེས་བྱ་སྟེ། འདིར་རྒྱུ་སྨོས་པ། ཐེག་པ་དམན་པ་ཡིད་ལ་བྱེད་པས་ཀུན་ཏུ་འབྱུང་བའི་ཕྱིརརོ་ཞེས་བྱ་བའོ།། ཐེག་པ་དམན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི ་ཐེག་པ་སྟེ། བདག་ཡོངསུ་མྱ་ངན་ལས་འདའ་བར་བྱ་བའི་ཚེ་དུ་ཞུགས་པ་དགཱ་ཡིད་ལ་བྱེད་པའི་གཡེང་བ་ཀུན་ཏུ་འབྱུང་བའི་ཕྱིར་ཐེག་པ་ཆེན་པོ་ཡིད་ལ་བྱེད་པ་ལས་གཡེང་བར་བྱེད་པས་ན། དམན་པའི་སེམས་ནི་ཡིད་ལ་བྱེད་པའི་གཡེང་བ་ཞེས་བྱའོ།། དེ་ལྟར ་ན་ན་འདི་ནི་བྱང་ཆུབ་སེམས་དཔའ་གཡེང་བ་རྣམ་པ་དྲུག་གི་སྐྱོན་དང་བྲལ་བའི་ཞི་གནས་བསྒོམ་པར་རིག་པར་བྱའོ།། དེ་ལྟར་གཡེང་བ་མེད་པས་ཇི་ལྟར་ཕྱིན་ཅི་མ་ལོག་པར་གྱུར་པའི་རྗེ་སུ་མཐུན་པའི་ཆོས་སྒྲུབ་པ་བསྒོམ་པར་བྱ་བ་དེ་ལྟར་འཆ་དེ། ཕྱིན་ཅི་མ་ལོག ་པའི་བདག་ཏུ་ཞུགས་པ་ནི་ཕྱིན་ཅི་མ་ལོག་པར་གྱུར་པའོ།། དེ་ལ་གང་ཇི་ལྟར་གནས་པའི་གཞི་དེ་ལ་དེ་བཞིན་དུ་ཤེས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། གཞི་དེ་ཡང་རྣམ་པ་དྲུག་ཏུ་ཡོད་མི་ཤེས་ནས། དེའི་ཕྱིར་ན་དེ་ལ་ཕྱིན་ཅི་མ་ལོག་པ་ནི་དངོས་པོ་རྣམ་པ་བཅུར ་རིག་པར་བྱ་སྟེ། ཞེས་བྱ་བ་སྨོས།། ཕྱིན་ཅི་མ་ལོག་པའི་གཞི་བསྟན་པའི་ཕྱིར། འདི་ལྟ་སྟེ། ཡི་གེ་དོན་དང་ཡིད་བྱེད་དང་། མི་འཕྲོ་བ་དང་མཚན་ཉིད་གཉིས་ཞེས་བྱ་བ་སྨོསོ།། དེ་ནི་གཞི་དེ་དག་ལ་ཇི་ལྟར་ཕྱིན་ཅི་མ་ལོག་པར་གྱུར་པ་དེ་བསྟན་པའི་ཕྱིར་དེ་ལ། འབྲེལ ་བའི་ཕྱིར་དང་འདྲིས་ཕྱིར་དང་།། མ་འབྲེལ་ཕྱིར་དང་མ་འདྲིས་ཕྱིར།། དོན་ཡོད་པ་དང་མེད་པ་སྟེ། དེ་ནི་ཡི་གེར་མ་ལྡོག་པའོ་ཞེས་བྱ་བ་སྨོསོ།། ཡི་གེ་རྣམས་འབྲེལ་ཏེ་ཞེས་བྱ་བ་ལ། འབྲེལ་པ་ནི་ཕན་ཚུན་འབྱུང་བ་ཡིན་ན། ཅིག་ཅར་འབྱུང་བ་མེད་པའི་ཕྱིར་དེ་ཡང་ཡི་གེ་རྣམས ་ལ་མེདོ།། ཡི་གེ་རྣམས་ལ་ཅིག་ཅར་བརྗོ་དུ་མི་རུང་སྟེ། སྔར་བརྗོད་པ་རྣམས་ནི་བརྗོད་མ་ཐག་ཏུ་ཞིག་པས་ཡི་གེ་ཕྱི་མ་བརྗོད་པའི་དུསུ་མི་སྡོ་དོ་སྙམ་པའི་དོགས་པ་བསལ་བའི་ཕྱིར། རྒྱུན་མི་འཆད་པར་བརྗོད་པ་ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐབུ་མ་ནོར་བ་དང་མ་ཐོགས ་པར་བརྗོད་པ་ལ་འདིར་ཡི་གེ་རྣམས་འབྲེལ་པར་འདོད་ཀྱི་ཡི་གེ་རྣམས་ཕན་ཚུན་འབྱར་བ་ནི་མ་ཡིནོ་ཞེས་བསྟན་པར་འགྱུར་རོ།། འདིའི་མིང་ནི་འདི་ཞེས་བྱའོ་ཞེས་འདྲིས་པས་ཞེས་བྱ་བ་ནི་དངོས་པོ་འདིའི་མིང་འདིའི་ཞོས་བརྡ་ལ་གོམས་པར་གྱུར་པ་སྟེ། དེ་ལྟར་རྣམ་པ ་འདི་གཉིས་ཀྱི་ཡི་གེ་རྣམས་དོན་ཡོད་པ་ཉིད་དུ་ཁོང་དུ་ཆུད་པར་བྱེདོ་ཞེས་བྱ་བའི་ཐེ་ཚོ་གོ།། བཟློག་པ་ནི་དོན་མེད་པ་ཉིད་དོ་ཞེས་བྱ་བ་ནི་གཉི་ག་མེད་པ་འམ། གང་ཡང་རུང་བ་མ་ཚང་བ་ནི་བཟློག་པའོ།། དེ་ལྟར་བཟློག་པ་གང་ཡིན་པ་ཞེས་བྱ་བ་ནི་ཤེས་པའོ།། དེ་ནི་ཡི་གེ་ལ ་ཕྱིན་ཅི་མ་ལོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པར་ནི་ཕྱིན་ཅི་མ་ལག་པར་ན་ཕྱིན་ཙམ་ལོག་པར་རྣམ་པར་མི་རྟོག་པའི་ཕྱིར།། ཕྱིན་ཅི་མ་ལོག་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་སྒྲའི་དོན་དང་བྲལ ་བྱའི་ཆོས་ཐད་རྟོག་པར་འགྱུར།། དེ་ནཱི་ཡི་གྲིར་འདོགས་པའི་རྒྱུའི་དོན་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། གཉིས་སྣང་བར་གྱུར་པ་ནི། དེ་ལྟར་ཡོད་པ་མ་ཡིན་ཏེ་ཞེས་རྒྱ་ཆེར་གསུང་སོ།། གཉིས་ནི་གཟུང་བ་དང་འཛིན་པོར་སྣང་བ་སྟེ་ཞེས་བྱ་བ་ནི་གང་ཞིག་ཅེ་ན། ་གཞན་གྱི་དབང་གི་ངོ་བོ་ཉིད།། ཅིའི་ཕྱིར་ཞེ་ན། གཟུང་བ་དང་འཛིན་པའི་ས་བོན་དང་ལྡན་པའི་ཕྱིརརོ།། འདི་ལ་སྣང་བའི་དོན་གང་ཞེ་ན། དེའི་ཕྱིར་དེའི་རྣམ་པར་འབྱུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་འབྱུང་བས་གཟུང་བ ་དང་འཛིན་པར་སྣང་གི། ཤེལ་སྐེ་ང་ལྟར་ཉེ་བར་གཞག་པས་འགྱུར་པ་ལྟ་བུ་ནི་མ་ཡིནོ།། དེ་ལྟར་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གཉིས་པོ་མེད་པའི་རང་བཞིན་ཡིན་པས་ཇི་ལྟར་སྣང་བའི་རྣམ་པ་དེ་ལྟར་མེད་པའོ།། དེ་ལྟར་འཕྲུལ་པའི་རྣམ་པར་ཤེས་པ་འབྱུང ་པའི་རྒྱུར་གྱུར་པའི་ཕྱིར། དོན་ལ་མཐོང་བ་གང་ཡིན་པ་དེ་ནི་དེ་ལ་ཕྱིན་ཅི་མ་ལོག་པའོ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་སྤངས་པའི་ཕྱིརརོ་སྙམ་དུ་དགོངས་པའོ།། དོན་གྱི་ཡོད་པ་སྤངས་པ་ཞེས་བྱ་བ་ལ། འདིར་རྒྱུ་སྐྱེས་པ། གཟུང་པོ་དང་འཛིན་པའི་དངོས་པོ་མེད ་པའི་ཕྱིར་ཞེས་བྱ་བའོ།། དོན་གྱི་ཡོད་པ་ནི་གཟུང་བ་དང་འཛིན་པ་ཡོད་པའོ།། དེ་སྤངས་པ་ནི་གཟུང་བ་དང་འཛིན་པའི་རྣམ་པས་སྟོང་པའི་ཕྱིརརོ།། མེད་པ་སྤངས་པ་ཅིའི་ཕྱིར་ཞེ་ན། དེར་སྣང་བའི་འཁྲུལ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། གཟུང་བ་དང་འཛིན་པར་སྣང་བའི ་འཁྲུལ་པ་ཡོདོ་ཞེས་བྱ་བའི་ཐ་ཚི་གོ།། འདི་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་ཞེས་བྱ་བའི་དོན་དམ་པར་ནི་མ་ཡིན་ཏེ། རྣམ་པར་རྟོག་པ་དང་བཅས་པའི་ཕྱིའོ།། ཕྱིན་ཅི་མ་ལོག་པར་ཤེས་པ་འདིས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་གཟུང་བ་དང་འཛིན་པའི་ངོ་བོ་ཉིད ་དང་བྲལ་བར་རབ་ཏུ་རྟོག་སོ།། ད་ནི་གཟུང་བ་དང་འཛིན་པའི་རྒྱུ་ཀུན་གཞི་རྣམ་པར་ཤེས་པ་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། རྟོག་པ་དེ་ཡི་བསྒོས་པ་ཡི།། རྟོག་པ་ཡིད་བྱེད་དེའི་གནས་ནི་ཞེས་རྒྱ་ཆེར་གསུང་སོ།། གཟུང་བ་དང་འཛིན་པར་རྟོག་པས་ཡོངསུ་བསྒོས་པ་ནི། ་རྟོག་པའི་ཡིད་ལ་བྱེད་པ་སྟེ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་མཚན་ཉིད་ཀྱི་དོན་དེ་ལ་འདི་ནི་གཟུང་བའོ།། འདི་ནི་འཛིན་པའོ་ཞེས་དག་དང་ཡིད་གཉིས་ཀྱིས་བརྗོད་པ་གང་ཡིན་པ་དེ་ནི་རྟོག་པ་ཞེས་བྱའོ།། རྟོག་པ་དེས་ཡོངསུ་བསྒོས་པ་ནི་མ ་འོངས་པ་ནི། རིགས་འདྲ་བའི་རྟོགས་པ་བསྐྱེད་པའི་ཕྱིར། ས་བོན་ཡོངསུ་རྟས་པར་བྱེད་པས་ན་བསྒོས་པ་ཞེས་བྱའོ།། དེ་ནི་རྟོག་པའི་ཡོངསུ་བསྒོས་པའི་ཕྱིར། འབྲས་བུ་ལ་རྒྱུ་བཏགས་ཏེ་རྟོག་པ་ཡིད་ལ་བྱེད་པ་ཞེས་བྱའོ།། རྟོགས་པའི་བག་ཆགས་ནི་འདྲིར་རྟོག་པ་སྟེ། ་དེ་ལ་རྟོག་པ་ཡོད་པས་ན་རྟེན་དང་བརྟེན་པོ་དབྱེ་བ་མ་བྱས་པའི་ཕྱིར་རམ། ཡང་ན་རྟེན་གྱི་སྒྲ་མ་སྨོས་པའི་ཕྱིར་རྟོག་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་དེའི་ས་བོན་གྱི་རྟེན་དུ་གྱུར་པོའི་ཕྱིརརོ།། དེ་ལ་བརྟེན་ནས་ཡང་རྟོག་པ་འབྱུང ་བའི་ཕྱིརརོ།། རྟེན་ཡིན་པས་འདི་ནི་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པའོ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་ཤེས་པའི་ཞེས་བྱ་བའི་ཐ་ཆེ་གོ། ཡིད་ལ་བྱེད་པ་གང་ལ་ཕྱིན་ཅི་མ་ལྡོག་པའི་ཡིད་ལ་བྱེད་པ་དེ་ཡང་མི་ཤེས་ནས། ཡིད་ལ་བྱེད་པ་གང་ལ་ཕྱིན་ཅི་མ་ལོག་ཅེ་ན་ཞེས ་དྲིས་པ་དང་། དེའི་ཕྱིར་ཡིད་ལ་བྱེད་པའི་ཁྱད་པར་བསྟན་པའི་ཕྱིར་གཟུང་བ་དང་འཛིན་པར་སྣང་བའི་རྒྱུ་ལ་སྟེ་ཞེས་བྱ་བ་སྨོས་ཏེ། ཀུནཱ་གཞི་རྣམ་པོར་ཤེས་པའི་ཁྱད་པར་གྱི་བདག་ཉིད་ཅེས་བྱ་བའི་ཐ་ཚོགྲོ།། ཇི་ལྟར་འདི་གཟུང་བ་དང་འཛིན་པར་སྣང་པའི་རྒྱུར་འགྱུར་བ་དེ ་བསྟན་པའི་ཕྱིར། རྟོག་པ་ཡིད་ལ་བྱེད་པ་ནི་བརྗོད་པའི་འདུ་ཤེས་ཀྱིས་ཡོངསསུ་བསྒོས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ།། གཟུང་བ་དང་འཛིན་པར་སྣང་བའི་རྒྱུ་ཡིནོ་ཞེས་བྱ་བར་སྨྲརོ།། ཡང་ན་རྟོག་པོའི་ཡིད་ལ་བྱེད་པ་ཞེས་བརྗོད་པ་འཇུག་པའི་རྒྱུ་ཡིན་པར་བསྟན་པའི་ཕྱིར ་བརྗོད་པའི་འདུ་ཤེས་ཀྱིས་ཡོངསུ་བསྒོས་པའི་ཕྱིར་རྟོག་པ་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་བྱ་བ་སྨོ་སོ།། བརྗོད་པ་ལས་བྱུང་བ་འམ། བརྗོད་པ་ཀུན་ནས་སློབ་པའི་འདུ་ཤེས་པ་ནི་བརྗོད་པའི་འདུ་ཤེས་ཏེ། མཚུངས་པར་ལྡན་པ་དང་བཅས་པ་དེས། ་རྟོག་པའི་ཡིད་ལ་བྱེད་པ་ལ་རང་གི་ས་བོན་ཡོངསུ་གསོས་པས་རྟོག་པ་ཡིད་ལ་བྱེད་པ་ཡོངསུ་བསྒོས་པ་ཞེས་བྱའོ།། འདི་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་སྟེ། དོན་དམ་པར་ནི་མ་ཡིནོ།། ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་གཞི་གཟུང་བ ་དག་འཛིན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཡོངསུ་སྤོང་བ་སྟེ། དེ་ལྟར་ན་གནས་ངན་ལིན་དེ་བདེ་བླག་ཏུ་སྤོང་བར་འགྱུརོ།། ད་ནི་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིརརོ།། དོན་གྱི་ཡོད་དང་མེད་པ་སྟེ།། སྒྱུ་མ་ལ་སོགས་བཞིན་དུ་འདོད།། ཅེས་རྒྱ་ཆེར ་གསུང་སོ།། དོན་གྱི་ཡོད་པ་དང་མེད་པ་གོང་དུ་བཤད་མ་ཐག་པ་གང་ཡིན་པ་ཞེས་བྱ་བ་ལ། གོང་དུ་བཤད་པ་གང་ཞེ་ན་གཉི་སུ་སྣང་བར་གྱུར་པ་མི་དེ་ལྟར་ཡོད་པ་མ་ཡིན་ཏེ། དེ་ནི་དོན་ལ་མ་ལོག་པ་ཡོད་དང་མེད་པ་རྣམ་པར་སྤངས་ཞེས་བྱ་བའོ།། དེ་ནི་སྒྱུ་ལ ་སོགས་པ་བཞིན་དུ་འད་དེ། སྒྱུ་མ་ལ་སོགས་པ་དང་འདྲེ་བས་ན། སྒྱུ་མ་ལ་སོགས་པ་བཞི་ནོ།། དེ་ཉིད་བསྟན་པའི་ཕྱིར། དཔེར་ན་སྒྱུ་མ་ནི་རང་གི་བདག་ཉིད་ཀྱིས་མེད་བཞིན་དུ། གླང་པོ་ཆེ་ལ་སོགས་པའི་བདག་ཉི་དུ་སྣང་བས་ན། གླང་པོ་ཆེ་ལ་སོགས་པའི་དངོས་པོར་ཡོད ་པ་མ་ཡིན་ལ་ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པའི་དངོས་པོར་མེད་པས། རྣམ་པ་ཐམས་ཅད་མེད་པ་ཡང་མ་ཡིན་ཏེ། དེ་ནི་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་མེད་པའང་མ་ཡིན་ཏེ། གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྣང་བ་དེ་ནི། འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་ཡེ ་མེད་པའང་མ་ཡིནོ།། དེ་བཞིན་དུ་ཡོད་ཀྱང་ཇི་ལྟར་གཟུང་བ་དང་འཛིན་པར་སྣང་བ་ལྟར་ཡོད་པའང་མ་ཡིན་ལ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་རང་གི་ངོ་བོ་དེ། དེ་ལྟ་བུར་སྣང་བ་དེ་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་མེད་པའང་མ ་ཡིནོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་སྨིག་རྒྱུ་དང་རྨི་ལམ་དང་། ཆུ་ཟླ་ལ་སོགས་པ་ཆུ་དང་སྐྱེས་པ་དང་བུད་མེད་ཀྱི་བདག་ཉི་དུ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་མ་ཡིན་ལ། དེ་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་མེད་པའང་མ་ཡིན་དེ་བཞིན་དུ་དོན་ལ ་ཆེར་སོ་སོར་སྦྱར་བར་བྱའོ།། འདིར་ཡང་སོགས་པའི་སྒྲ་ནི་དྲི་ཟའི་གྲོང་ཁྱེར་དང་། བྲག་ཅ་ལ་སོགས་པར་རིག་པར་བྱའོ།། དེ་ལྟར་དོན་ལ་སྒྱུ་མ་ལ་སོགས་པ་ལྟ་བུར་མཐོང་ནས། ཡོད་པ་དང་མེད་པའི་ཕྱོགས་ལ་སེམས་མི་འཕྲོ་སྟེ། གཡེང་བ་མེད་པར་མཐོང་བ་གང ་ཡིན་པ་དེ་ནི་མོ་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པའོ།། མི་འཕྲོ་བ་གང་ཞེ་ན། གཞན་དག་ན་རེ་དབུ་མའི་ལམ་གྱི་ཏི་ངེ་འཛིན་ཏོ།། ཞིའོ་གལ་ཏེ་དེ་ལྟ་ན་ཇི་ལྟར་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པར་འགྱུར་ཞེ་ན། དེའི་ཕྱིར་དེས་ཡོད་པ་དང་མེད་པ་ལ་སེམས་འཕྲོ་བ་མེད་པའི ་ཕྱིརརོ་ཞེས་བྱ་བ་སྨོས།། ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའ་ཡོད་པ་དང་མེད་པར་རྟོག་པ་མེད་པའི་ཕྱིརརོ།། སྟོང་པ་ཉིད་ལ་དམིགས་པ་ལས་མི་གཡེང་སྟེ། དེ་བས་ན་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ།། འདི་ཡང་ཀུན་རྟོག་ཏུ་ཕྱིན་ཅི་མ་ལོག་པ ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པའི་ཕྱིརརོ།། ད་ནི་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར། རྟོག་པ་ཐང་མི་འཇུག་ཕྱིར།། ཐམས་ཅད་མིང་ཙམ་ཁོ་ན་སྟེ་ཞེས་བྱ་བ་རྒྱ་ཆེར་གསུང་སོ།། གང་འདི་མིག་དང་གཟུགས་རྣམ ་ནས། ཡིད་དང་ཆོས་རྣམས་ཞེས་བྱ་བའི་བར་འདི་དག་ཐམས་ཅད་ནི་མིང་ཙ་མོ་ཞེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་བདག་ཉིད་ཤེས་བྱ་ཐམས་ཅད་ནི་མིང་ཙ་མོ།། དེ་ལ་མིང་གི་ངོ་བོ་ཉིད་དང་ཁྱད་པར་དུ་འདོགས་པའོ།། གདགས་པར་བྱ་བའི་དོན་དང ་བཏགས་པ་ནི་ངོ་བོ་ཉིད་མེད། དེའི་བདག་ཉིད་དུ་ཀུན་བརྟགས་པའི་ཕྱིརརོ།། ཀུན་བརྟགས་པ་ཡང་མེད་པའི་ཕྱིརརོ།། གཞན་དུ་ན་ནི་མིང་ལ་མི་བལྟོས་པར་མིག་ལ་སོགས་པར་འཛིན་པར་འགྱུར་ཏེ། བརྡ་ལ་མ་བྱང་བར་མི་འཛིན་པ་མེདདོ།། དེ་བས་ན་མིག་དང་གཟུགས་ཞེ ་བྱ་བ་དེ་ནི། དོན་གྱི་ངོ་བོ་ཉིད་མ་ཡིན་པས་མིག་དང་གཟུགས་ནས་ཡིད་དང་ཆོས་རྣམས་ཞེས་བྱ་བའི་བར་དག་ནི་མིང་ཙམ་ཞེས། དེ་ལྟར་གང་ཤེས་པ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་འདི་ནི་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའོ་ཞེས་བྱ ་བ་ནི་ཀུན་བརྟགས་པའི་ཆོས་ཀྱི་སྒོ་ནས། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་ཐད་འཇུག་སྟེ། དེ་བས་ན་མིང་ཙམ་དུ་རྟོགས་པའི་ཤེས་པ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་ནི། རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ཞེས་བསྟན་ཏོ།། དེའང་ཅི་དོན་དམ་པའི ་རང་གི་མཚན་ཉིད་ལ་འམ་འོན་ཏེ་ཀུན་རྫོབ་ཀྱི་ལ་བྱ་བ་མི་ཤེས་ནས། དེའི་ཕྱིར། རང་གི་མཚན་ཉིད་གང་ལ་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར། དོན་དམ་པའི་རང་གི་མཚན་ཉིད་ལའོ་ཞེས་བྱ་བ་གསུངས་ཏེ། འདི་ནི་ཕྱིན་ཅི་མ་ལོག་པའོ།། དོན་དམ་པའི་རང་གི ་མཚན་ཉིད་ནི་བརྗོད་མེད་པའི་ཕྱིར་ཀུན་རྫོབ་ཏུ་ནི་མ་ཡིནོ།། ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་རྫོབ་ཏུ་ནི་མིང་འདི་ཙམོ་ཞེས་འཛིན་པ་མེད། བརྗོད་པའི་སྒོ་ནས་ཆོས་ཀྱི་ངོ་བོ་ཉིད་ལ་ཀུན་ཏུ་རྟོག་པ་འཇུག་པའི་ཕྱིར། འདི་ནི་ཀུན་རྫོབ་ཉིད་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ།། ་མིང་ཙམ་དུ་རྣམ་པར་རྟོག་པའི་ཕྱིརརོ།། ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའ་ཀུན་རྫོབ་དང་དོན་དམ་པ་ལ་མཁས་པར་འགྱུར་རོ།། ད་ནི་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། ཆོས་ཀྱི་དབྱིངས་ནི་མ་རྟོག་པར། འདི་ལྟར་ཆོས་ཡོད་མ ་ཡིན་ཏེ་ཞེས་རྒྱ་ཆེར་གསུང་སོ།། ཆོས་ལ་དབང་མེད་པ་ལ་མ་གཏོགས་པའི་ཆོས། གཟུགས་ཅན་ནམ་གཟུགས་མེད་པ་གང་ཡང་མེད། ཆོས་ཐམས་ཅད་ནི་བརྗོདདུ་མེད་པའི་རང་བཞིན་ཡིན་ལ། གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བའི་ཕྱིརརོ།། དེ་བས་ན་ཆོས ་ཀྱི་དབྱིངས་ནི། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཞེས་བྱ་སྟེ། ཆོས་ཐམས་ཅད་ལ་བྱེ་བྲག་མེད་པར་དེ་ཡོད་པའི་སྤྱིའི་མཚན་ཉིད་ཅེས་བྱའོ།། དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་སྟེ། ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར ་ནི་མ་ཡིན་ཏེ་དེ་རྣམ་པར་མི་རྟོག་པའི་ཕྱིརརོ།། ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་དམིགས་པ་ལ་མཁས་པར་འགྱུར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིརརོ།། རངདྭ་དང་སྤྱིའི་མཚན་ཉིད་གཉིས་ལ་ཁྱད ་པར་ཅི་ཡོད་ཅེ་ན། བརྗོད་པའི་ངོ་བོ་ཉི་དུ་སྒྲོ་བཏགས་པའི་གཉེན་པོར་བཛྲོ་དུ་མེད་པའི་ངོ་བོ་ཉིད་ནི་དོན་དམ་པའི་མཚན་ཉིད།། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་བདག་མེད་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། སྤྱིའི་མཚན་ཉིད།། དེ་ལྟར་མཐོང་བ་ཐ་དད ་པའི་དབང་གིས་ཁྱད་པར་དུ་གྱུར་གྱི། དོན་ལས་ནི་མ་ཡིན།། ད་ནི་ཆོས་ཀྱི་དབྱིངས་རྣམ་པར་མ་དག་དང་། རྣམ་པར་དག་པ་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། ཕྱིན་ཅི་ལོག་གི་ཡིད་ལ་བྱེད། མ་སྤངས་པ་དང་སྤངས་པ་ལས་ཞེས་རྒྱ་ཆེར་གསུང་སོ།། ཕྱིན ་ལོག་གི་ཡིད་ལ་བྱེད་པ་མ་སྤངས་པ་ནི། ཆོས་ཀྱི་དབྱིངས་དེ་རྣམ་པར་དག་པའོ།། སྤངས་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་དེ་ལ། ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པ་ནི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག ་པ་སྟེ། དེ་མ་སྤངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་མ་དག་པའོ།། སྤོངས་པ་ནི་རྣམ་པར་དག་པ་སྟེ། དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་མ་དག་པ་དང་། རྣམ་པར་དག་པ་ལ་ཕྱིན་ཅི་མ་ལོག་པ་སྟེ། གོ་རིམས་བཞིནོ་ཞེས་བྱ་བ་ལ། ཕྱིན་ཅི ་ལོག་གི་ཡིད་ལ་བྱེད་པ་མ་སྤངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་མ་དག་པའོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་མ་དག་པ་ལ་ཕྱིན་ཅི་མ་ལོག་པའོ།། དེ་སྨད་པ་ནི་རྣར་དྲག་པོའོ་ཞེ་བྱ་བ་ནི་རྣར་དྲག་པ་ལ་ཕྱིན་ཅི་མ་ལོག་བློ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིང ་ལ་གློ་བུར་གྱིས་ཉེ་བའི་ཉོན་མོངས་པར་གྱུར་པའི་ཕྱིརརོ།། འདི་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་སྟེ། དོན་དམ་པར་ནི་མ་ཡིནོ།། ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱིངས་ལ་སྒྲིབ་པ་སྤངས་པ་དང་། མ་སྤོངས་པ་རབ་ཏུ་ཤེས ་ད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མ་དག་པ་གློ་བུར་དུ་འབྱུང་བ་ལ་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར། ཆོས་ཀྱི་དབྱིངས་ན་རང་བཞིན་གྱིས།། རྣམ་པར་དག་ཕྱིར་ན་མཁོའ་བཞིན་ཞེས་རྒྱ་ཆེར་གསུང་སོ།། ཆོས་ཀྱི་དབྱིངས་ན་མཁའ ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། རྣམ་པར་མ་དག་པ་དང་ཕྱིས་རྣམ་པར་དག་ཅེས་བྱ་བ་འདི་གཉིས་ཀྱང་གློ་བུར་ཡིན་ཞེས་བྱ་བ་དེ་ལ། ཆོས་ཀྱི་དབྱིངས་ལ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་ཉེ་བའི་ཉོན་མོངས་པས་རྣམ ་པར་མ་དག་པ་ཞེས་བཤད།། ཕྱིས་གཉེན་པོ་བྱུང་ནས་དེ་སྤངས་པས་རྣམ་པར་དག་སྟེ། དེ་གཉི་ག་ཡང་ཆོས་ཀྱི་དབྱིངས་ལ་གློ་བུར་ཡིནོ།། ཅིའི་ཕྱིར་ཞེ་ན། ནམ་མཁའ་བཞིན་དུ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར།། རང་བཞིན་གྱིས་རྣམ་པར་དག་པ ་ལ་རྣམ་པར་མ་དག་པ་ནི་གློ་བུར་ཡིན་གྲང་ན་རྣམ་པར་དག་པ་ནི་རྟག་ཏུ་རྣམ་པར་དག་པ་ཡིན་པས་ཇི་ལྟར་གློ་བུར་དུ་འགྱུར་ཞེ་ན། དྲི་མ་དང་བྲལ་བས་རྣམ་པར་དག་པ་གང་ཡིན་པ་དེ་འདིར་བརྗོད་པས་འདོད་པས་ན་ཉེས་པ་འདི་མེད། དེ་བས་ན་འདི་སྐད་དུ་རྣམ་པར ་དག་པ་ནི་ཕྱིས་རྣམ་པར་དག་ཅེས་བཤདདོ།། དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་ལ་རྣམ་པར་མ་དག་པ་དང་རྣམ་པར་དག་པ་གློ་དུར་དུ་བྱུང་བ་ཉིད་ལ་ཕྱིན་ཅི་མ་ལོག་པའོ།། འདི་ཡང་ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར་ནི་མ་ཡིནོ།། ཕྱིན་ཅི་མ་ལོག་པ ་འདིས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དུས་ན་བཅོས་མ་མ་ཡིན་པར་རབ་ཏུ་ཤེསོ།། ད་ནི་མི་སྐྲག་པ་དང་མ་ཁེངས་པ་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། ཆོས་རྣམས་དང་ནི་གང་ཟག་གི། ཀུན་ནས་ཉོན ་མོངས་རྣམ་དག་མེད། ཅེས་རྒྱ་ཆེར་གསུང་སོ།། གང་ཟག་གིས་ཀུན་ནས་ཉོན་མོ་ངེས་པ་མེད། རྣམ་པར་དག་པ་མེད། ཆོས་ཀྱང་མེདདེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་ཞེས་བྱ་བར་བསྙེག་སོ།། འདིར་རྒྱུ་སྨོས་པ་འདི་ལྟར་གང་ཟག་མེད་ཅིང་ཆོས་མེད་པའི་ཕྱི ་ཞེས་བྱ་བ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་ཀྱི་དུས་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མ་གཏོགས་པར་གང་ཞིག་ཡོད་ན་ནི། དེའི་ཀུན་ནས་ཉོན་མོངས་པ་འམ་རྣམ་པར་བྱང་བར་ཡོང་སུ་རྟག་ཏུ་རུང་སྟེ། དེ་ཐ་དད་པས་འགྲིབ་པ་དང ་འཕེལ་བར་ཡང་འགྱུར་ན། དེ་ལྟ་བུའི་གང་ཟག་ནི་མེད། མངོན་སུམ་དང་རྗེསུ་དཔག་པའི་ཡུལ་མ་ཡིན་པའི་ཕྱིར།། དངོས་པོ་གཅིག་ལ་དུ་མར་ཡོང་སུ་རྟོག་པ་འཇུག་པའི་ཕྱིར་ཀུན་བརྟགས་པའི་བདག་ཉིད་ཀྱི་ཆོས་ཀྱང་ཡོད་པ་མ་ཡིན་ཏེ། གཅིག ་ནི་དུ་མའི་བདག་ཉི་དུ་མི་རུང་།། དེ་བས་ན་གང་ཟག་དང་། ཆོས་གཉིས་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་པས་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེའོ།། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གཞན་གྱི་དབང་ལ་ནི། ཀུན་ནས་ཉོན་མོང ་པ་དང་རྣམ་པར་བྱང་བར་མི་འདོད་།། ཅིའི་ཕྱིར་ཞེ་ན། བརྗོད་མེད་པ་དང་གཉིསུ་མེད་པའི་རང་བཞིན་ཡིན་པའི་ཕྱིརརོ།། གལ་ཏེ་གཞན་གྱི་དབང་གི་ཡང་མ་ཡིན་པར་འདོད་ན་གོ་དེ་དག་གི་ཡིན་ཏེ། དེ་མེད་ན་ཀུན་ནས་ཉོན་མོངས་སྤང་བ་དང་། རྣམ་པར་བྱང་བ་ཐོབ་པར ་བའི་ཕྱིར་འབད་པ་དོན་མེད་པར་འགྱུརའོ་ཞེ་ན། ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པར་འགྱུར་པས་ཉེས་པ་འདི་མེདདེ། ཆོས་ཀྱི་དབྱིངས་དེའི་བདག་ཉིད་མ་ཡིན་པ་ཉིད་ལ་དེ་དག་རྣམ་པར་བཞག་སྟེ། ཆོས་ཀྱི་དབྱིངས་ལ་དེ་གཉི་ག་ལ་ཡང་གློ ་བུར་ཡིན་ལ་ཆོས་ཀྱི་དབྱིངས་ཀྱང་ན་མཁའ་བཞིན་དུ་འགྱུར་བ་མེད་པའི་ཕྱིརརོ།། དེའི་ཕྱིར། ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་སུའི་འགྲིབ་པ་ཡང་མེད་ལ། རྣམ་པར་བྱང་བའི་ཕྱོགས་ལ་སུའི་ཁྱད་པར་དུ་འགྱུར་བ་ཡང་མེད་ན། གང་གི་ཕྱིར་སྐྲག་པ་འམ་ང་རྒྱལ་དུ ་འགྱུར་ཏེ། འདི་སྐྲག་པ་མེད་པ་དང་ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པའོ།། གཞན་དོག་ན་རེ་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་ཡང་སུའི་འགྲིབ་པ་ཡང་མེད་ལ། རྣམ་པར་བྱང་བའི་ཕྱོགས་ལ་ཡོང་སུའི་ཁྱད་པར་དུ་འགྱུར་བ་ཡང་མེད། དེ་གཉི་ག་དང་ལྡན་པ་སུ་ཡང་མེད་པའི ་ཕྱིརརོ།། གང་གི་ཕྱིར་དེ་དག་ནི་དེ་ལྟ་ཡིན་པས་དེ་ལ་ངའི་འདི་མདོ་ཞེས་སྐྲག་པར་འགྱུར་དུའང་ཅི་ཡོད། ངའི་ཁྱད་པར་ནི་འདི་ཡིནོ་ཞེས་ང་རྒྱལ་དུ་འགྱུར་དུ་ཡང་ཅི་ཡོད་ཅེས་ཟེརོ།། གཞན་དག་ནི་འདི་སྙམ་དུ་སེམས་ཏེ། གང་ཟག་ནི་མེད་པ་ཉི་འོ།། གང་གནས་འདི་གཉིས ་མྱོང་བ་དང་འདི་གཉིས་གང་ལ་བརྟག་པའི་ཆོས་དེ་ཡང་མེད་པ་ཉིད།། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་འདི་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་ཟང་སྙམོ།། འདི་ཡང་ཀུན་རྫོབ་ཏུའོ།། དོན་དམ་པར་ནི་མ་ཡིན་ཏེ། དེ་ནི་རྣམ་པར་མི་རྟོག་པའི་ཕྱིར།། ་ཕྱིན་ཅི་མ་ལོག་པ་འདིས་ཆོས་ཀྱི་དབྱིངས་ཟད་པ་དང་འཕེལ་བ་མེད་པའི་ཕྱིར་འགྱུར་བ་མེད་པར་རབ་ཏུ་རྟོག་པར་འགྱུར་རོ།། གཞན་ན་རི་ཕྱིན་ཅི་མ་ལོག་པའིངས་སྒྲིབ་པ་ཐམས་ཅད་སྤངས་ཏེ། སྒྲིབ་པ་དང་བྲལ་བར་ངེས་པར་འབྱུང་ཞེའོ།། ཡཱང་ན་ཀུན་རྫོབ་ཀྱི་བདག་ཉིད ་ཕྱིན་ཅི་མ་ལོག་པ་འདི་བཅུས། དོན་དམ་པའི་ཕྱིན་ཅི་མ་ལྡོག་པར་འདི་བསྟན་ཏེ། གཞན་དུ་ནི་བསྟན་པ་མི་འཐད་པའི་ཕྱིརོ།། གཞན་ན་རེ་གང་དག་ཡི་གེ་དང་། དོན་དང་། ཡིད་ལ་བྱེད་པ་དང་། མི་འཕྲེ་བ་དང་། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། མ་དག ་དང་། དག་པ་དང་། གློ་བུར་དང་། མི་སྐྲག་པ་དང་། ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་དེ་དག་ངོ་བོ་ཉིད་གསུམ་གྱི་དབང་དུ་བྱས་པའོ་ཞེའོ།། དེ་ལ་ཡི་གེ་དང་དོན་ལ་ཕྱིན་ཅི་མོ་ལོག་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱཱས་པཱ་སྟེ། འབྲེལ་པ་དང་གཉིས ་ལྷུལྟུང་བའི་དོན་ནི་བརྟགས་པའི་ཕྱིར།། དེ་ཁོ་ནའི་ཡུལ་མ་ཡིན་དུ་ཟིན་ཀྱང་། དེ་བཞིན་དུ་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་ཀྱི་ཕྱིར་ཏེ། དེ་གཉིས་ཕྱིན་ཅི་མ་ལོག་པ་ཉིད།། ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ།། ། ་རྟོག་པ་དང་ཡིད་ལ་བྱེད་པ་གཉིས་རང་བཞིན་གྱིས་ཀུན་གཞི་རྣམ་པར་ཤེས་པ་ཡིན་པའི་ཕྱིརརོ།། མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་ནི་ཡོང་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པར་མི་རྟོག་པའི་ཡིས་ནི། ཡོད་པ་དང་མེད་པ ་ལ་གཡེང་བ་དང་བྲལ་བའི་ཕྱིར་དང་། ཕྱིན་ཅི་མ་ལོག་པར་ཡོངསུ་གྲུབ་པས་ཡོངསུ་གྲུབ་པའི་ངོ་བོ་ཉིད་དུ་བསྡུས་པའི་ཕྱིརརོ།། རང་དང་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ་སྟེ། རྣམ་པར་རྟོག་པའི་ཡུལ་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱི ་མ་དག་པ་དང་དག་པ་ལ་ཕྱིན་ཅི་མ་ལོག་པ་ནི་ཆོས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལའོ།། གློ་བུར་ལ་ཕྱིན་ཅི་མ་ལོག་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ་སྟེ། དེ་ན་མཁའ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པ་དེ་གསེམས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ ་འདི་གཉིས་ནི་གློ་བུར་ཡིན་པར་རྣམ་པར་བཞགོ།། མི་སྐྲག་པ་དང་ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་ལ་ནི་ཆོས་ཀྱི་དབྱིངས་ཉིད་ལྔ་སྟེ། དེ་ན་མཁའ་བཞིན་དུ་བཅོས་མ་མ་ཡིན་པའི་ཕྱིར་འབྲི་བ་དང་ཁྱད་པར་དུ་གྱུར་པ་མེད་པའི་ཕྱིརརོ།། དེ་ལྟར་ཕྱིན་ཅི་མ་ལོག་པ་བཅུ་པོ་འདི ་ངོ་བོ་ཉིད་གསུམ་དུ་རིག་པར་བྱའོ།། བཤད་མ་ཐག་པའི་ཕྱིན་ཅི་མ་ལོག་པ་བཅུ་པོ་འདི་དག་ནི་མདོ་སྡེ་ལས་གསུངས་པའི་རྡོ་རྗེའི་ཚིག་བཅུ་དག་དང་གོ་རིམས་བཞིན་དུ་སྦྱར་བར་བྱ་སྟེ། རྡོ་རྗེའི་ཚིག་བཅུ་པོ་གང་ཞེ་ན། ཡོད་པ་དང་མེད་པ་དང་། ཕྱིན་ཅི་མ་ལོག་པ་དང་། གནས་དང ་སྒྱུ་མ་ལྟ་བུ་ཉིད་དང་། རྣམ་པར་མི་རྟོག་པ་ཉིད་དང་། རང་བཞིན་གྱིས་འོད་གསལ་བ་ཉིད་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ནམ་མཁའ་ལྟ་བུ་དང་། འགྲིབ་པ་མེད་པ་དང་། ཁྱད་པར་དུ་འཕགས་པ་མེད་པའོ།། དེ་ལ་ཕྱིན་ཅི་མ་ལོག་ཐ་འཇོམས་པ་དང་། དེ་དག་གི ་མི་ཆོམས་པའི་ཕྱིར་རྡོ་རྗེ་དང་འདྲ་བས་ན་རྡོ་རྗེ་ཞེས་བྱ་སྟེ། བཤད་མ་ཐག་པའི་ཕྱིན་ཅི་མ་ལོག་པའི་ཤེས་པའོ།། རྡོ་རྗེ་དེ་ནི་འདི་དག་གིས་རྟོགས་པར་བྱེད། ཁོང་དུ་ཆུད་པར་བྱེད་པས་རྡོ་རྗེའི་ཚིག་རྣམས་ཏེ། རྡོ་རྗེའི་རྣམ་པར་བཤད་པ་ཞེས་བྱ་བའི་ཐ་ཚིག།། ཇི་སྟེ་ན ་ཡང་ཡི་གེ་དང་དོན་དང་ཡིད་ལ་སོགས་པ་ཉིད་ལ་ཚིག་ཅེས་བྱ་བའི་སྒྲར་བརྗོད། དེའི་ཕྱིར། རྡོ་རྗེའི་ཚིག་རྣམས་ཏེ། དམིགས་པ་ཞེས་བྱ་བའི་ཐ་ཆི་འོ།། ཡང་རྡོ་རྗེ་བཞིན་དུ་མི་ཚམས་པའི་ཚིག་དེ་དག་ནི་རྡོ་རྗེའི་ཚིག་རྣམས་ཞེས་བྱའོ།། འདིར་ཕྱིན་ཅི་མ་ལོག་པ་རྣམས་མདོ་སྡོང ་སྦྱར་བར་བྱ་བའི་ཕྱིར་རྡོ་རྗེའི་ཚིག་རྣམས་བཀོ་།། ཡང་ན་རྡོ་རྗེའི་ཚིག་རྣམས་ནི་ཕྱིན་ཅི་མ་ལོག་པ་རྣམ་པ་བཅུའི་སྒོ་ནས་བཤད་པར་བསྟན་པའོ།། དེ་ལ་ཡི་གེ་རྣམས་ཀྱི་དོན་ཡོད་པ་དང་མེད་པ་སྟེ། དེ་བས་ན་ཡི་གེ་རྣམས་ལ་ཕྱིན་ཅི་མ་ལོག་པ་ནི། རྡོ་རྗེའི་ཚིག་རྣམ ་ཀྱོ་ནང་ནས་ཡོད་པ་དང་མེད་པར་རིག་པར་བྱའོ།། གཉི་སུ་སྣང་བ་ཀུན་བརྟགས་པ་དེ་ནི། འདིར་དོན་ཡིན་ཏེ། དེ་ཡང་དེ་ལྟར་ཡོད་པ་མ་ཡིན་ཞེས་བྱ་བ་འདི་ནི་འདིར་ཕྱིན་ཅི་མ་ལོག་པ་སྟེ། དེ་ལྟར་དོན་ལ་ཕྱིན་ཅི་མ་ལོག་པ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་ནང་ནས་ཕྱིན་ཅི་མ་ལོག་པ ་དང་སྦྱར་བར་བྱའོ།། རྟོག་པའི་ཡིད་ལ་བྱེང་པ་ཉིད་འདིར་གནས་ཏེ། དེ་བས་ན་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་ནང་ནས་གནས་ཞེས་བྱ་བ་དང་སྦྱ།། སྒྱུ་མ་ལ་སོགས་པ་ལྟ་བུར་གང་སེམས་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་འདི་ནི་རྡོ་རྗེའི་ཚིག ་གི་ནོང་ནས་སྒྱུ་མ་ལྟ་བུ་ཉིད་དང་སྦྱརོ།། ཆོས་ཀྱི་དབྱིངས་ཀྱི་རང་གི་མཚན་ཉིད་ནི་རྟོག་པ་དང་བྲལ་བས་རྣམ་པར་མི་རྟོག་པ་སྟེ། དེ་བས་ན་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ནི་རྣམ་པར་མི་རྟོག་པ་ཉི་དུ་བལྟའོ།། ཆོས་ཀྱི་དབྱིངས་ཀྱི་སྤྱི་ནི་རང་བཞིན་གྱིས་འོད་གསལ ་པ་སྟེ། དེ་བསྡུ་ན་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ནི་རང་བཞིན་གྱིས་འོད་གསལ་བར་བསྡུ་སོ།། ཆོས་ཀྱི་དབྱིངས་རྣམ་པར་མ་དག་པའི་བྱེ་བྲག་དང་། རྣམ་པར་དག་པའི་བྱེ་བྲག་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་སྟེ། དེའི་ཕྱིར་མ ་དག་པ་དང་དག་པ་ལ་ཕྱིན་ཅི་མ་ལོག་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ནང་དུ་འདུས།། ཆོས་ཀྱི་དབྱིངས་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་གཉིས་གློ་བུར་དུ་བྱུང་བ་ལ་ཕྱིན་ཅི་མ་ལོག་པ་འདི་ཡང་ན་མཁའ་ལྟ་བུ་ཉིད་དང་སྦྱར་བར་བྱའོ།། ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དུས་གཉིས་ན། ཆོས་ཀྱི་དབྱིངས་ཟད་པ་དང་འཕེལ་བ་མེད་པས། མི་སྒྲོག་པ་དང་ཁོངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་ནང་ནས། འགྲིབ་པ་མེད་པ་དང་ཁྱད་པར་དུ་འཕགས་པ་མེད་པ་དྲང་སྐྱ་རོ།། དེ ་ལྟར་ཕྱིན་ཅི་མ་ལོག་པ་བཅུ་པོ་འདི་དག་ནི། རྡོ་རྗེའི་ཚིག་བཅུ་པོ་དང་གོ་རིམས་བཞིན་དུ་སྦྱརོ།། རྡོ་རྗེའི་ཚིག་རྣམས་ཀྱི་ལུས་རྣམ་པར་བཞག་པ་ཞེས་བྱ་བ་ནི་དོན་གང་དག་གི་དབང་དུ་བྱས་ཏེ། རྡོ་རྗེའི་ཚིག་རྣམས་འཇུག་པའི་དོན་དེ་རྣམས་དེ་དག་གི་ཁུསོ།། དེ་དག་ཀྱང ་རྣམ་པ་བཞིར་བཞག་སྟེ། ངོ་བོ་ཉིད་དང་དམིགས་པ་དང་། རྣམ་པར་མི་རྟོག་པ་ཉིད་དང་། རྒལ་བ་དང་། ལ་ནོ།། དེ་ལ་ངོ་བོ་ཉིད་ནི་གསུམ་སྟེ་ཡོངསུ་གྲུབ་བྱ་དང་། ཀུན་བརྟགས་པ་དང་། གཞན་གྱི་དབང་ཞེས་བྱ་བ་དག་སྟེ། ཚིག་དང་པོ་གསུམ་དང་གོ་རིམས ་བཞིནོ་ཞེས་བྱ་བ་དེ་ལ། དང་པོ་ནི་ཡོད་པ་དང་། མེད་པ་དང་། ཕྱིན་ཅི་མ་ལོག་པ་དང་། གནས་ཞེས་བྱ་བའོ།། དེ་ལ་ཡོངསུ་གྲུབ་པ་ནི་ཡོད་པ་དང་མེད་པར་བཤ་དོ།། ཀུན་བརྟགས་པ་ནི་ཕྱིན་ཅི་མ་ལོག་པར་བཤདདོ།། གཞན་གྱི་དབང་ནི་གན་སུ་བཤད།། ཇི་ལྟར་ཞེ་ན། ཁ ་ཅིག་ན་རེ་ཡོངསུ་གྲུབ་པ་ནི་ཡོད་པ་དང་མེད་པའི་ཕྱིར་ཡོད་པ་དང་མེད་པར་བསྟན་པ་ཡིནོ་ཞེའོ།། ཇི་ལྟར་ཡོད་པ་དང་མེད་པའི་མཚན་ཉིད་ཀྱི་ཕྱིར་ཡོངསུ་གྲུབ་པ་ཡིན་ཞེ་ན། ཁ་ཅིག་ན་རེ་ཡོང་པ་དང་མེད་པར་བརྗོད་པའི་ཕྱིརརོ།། ཞེའོ་གཞན་དག་ན་རེ་ཡི་གེ་རྣམ ་འབྲེལ་པ་དང་འདྲེས་པའི་ཕྱིར་རྣམ་པར་བརྟགས་པའི་དོན་གྱིས་དོན་ཡོད་པ་དང་། བཟློག་ན་དོན་མེད་པར་མཐོང་བས་ཡོངསུ་གྲུབ་པའི་ངོ་བོ་ཉིད་བརྗོད་དུ་མེད་པར་རྟོགས་པར་འགྱུར་ཏེ། དེ་བས་ན་དེ་ཡོད་པ་དང་མེད་པོ་ནི་ཡོངསུ་གྲུབ་པའི་ངོ་བོ་ཉིད་དུ ་བཤདོ་ཞེའོ།། གཞན་ན་རེ་ཐེག་པ་ཆེན་པོ་བསྟན་པའི་ཆོས་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་དང་། ཕྱིན་ཅི་ལོག་གི་གཉེན་པོའི་དམིགས་པ་ཡིན་པའི་ཕྱིར། ཡོངསུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་སྟེ། རྣམ་པར་བརྟགས་པའི་ངོ་བོ་ཉིད་ཀྱི ་དོན་ཡིན་དུ་ཟིན་ཀྱང་ཀུན་བརྟགས་པ་མ་ཡིན་ཏེ། དེའི་ཕྱིར། ཡོད་པ་དང་མེད་པ་ནི་ཡོངསུ་གྲུབ་པའི་ངོ་བོ་ཉི་དུ་བཤད་ཞེའོ།། གཞན་དག་ན་རེ་ཡོད་པ་དང་མེད་པར་ཕྱིན་ཅི་མ་ལོག་པའི་ཕྱིར་ཡོངསུ་གྲུབ་པའི་ངོ་བོ་ཉིད་དུ་བཤད་ཞེའོ།། ཕྱིན་ཅི་མ་ལོག་པ་ནི་ཀུན་བརྟགས་པ ་སྟེ། ཡོད་པ་མ་ཡིན་ཡང་གཉིས་པོ་མེད་པའི་ངོ་བོར་སྣང་བའི་མཚན་ཉིད་གྱུར་པའི་ཕྱིརརོ།། གནས་ནི་གཞན་གྱི་དབང་སྟེ། དེ་ནི་རྒྱུ་ཡིན་པས་ན་གནས་ཞེས་བྱའོ།། འབྲས་བུ་ཡིན་པས་ན་གཞན་གྱི་དབང་ཞེས་བྱའོ།། ངོ་བོ་ཉིད་གསུམ་པོ་འདི་དག་ཉིད་ཤེས་པར་བྱ་བ ་ཡིན་པས་དམིགས་པའོ།། རྣམ་པར་མི་རྟོག་པ་ཉིད་ཅེས་བྱ་བ་ནི་འདིར་ཚིག་རྣམ་པར་སྦྱར་བའི་བྱེ་བྲག་གིས་ན། གང་གིས་རྣམ་པར་མི་རྟོག་ཅེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིསོ།། གང་ལ་རྣམ་པར་མི་རྟོག་ཅེ་ན། རང་བཞིན་གྱིས་འོད་གསལ་བ་ལའོ་ཞེས ་བྱ་བ་སྨྲསོ།། དེ་ལ་ཚིག་རྣམ་པར་སྦྱར་བའི་བྱེ་བྲག་ནི་འདི་ཡིན་ཏེ། འདིས་རྣམ་པར་མི་རྟག་པས་ན་རྣམ་པར་མི་རྟོག་པ་དང་། དེ་རྣམ་པར་རྟག་པར་བྱ་བ་མ་ཡིན་པས་ན། རྣམ་པར་མི་རྟོག་པ་སྟེ། དེའི་དངོས་པོ་ནི་རྣམ་པར་མི་རྟོག་པ་ཉིད།། དེ་ལྟར་རྣམ་པར་མི ་རྟོག་པ་ཉིད་ནི། རྡོ་རྗེའི་ཚིག་གཉིས་ཀྱིས་བརྗོད་པོར་བསྟན་ཏོ།། དེ་བས་ན་འདི་ཤེས་བྱ་དང་། ཤེས་པ་རྣམ་པར་བཞག་པ་འདི་ལྟ་སྟེ། ངོ་བོ་ཉིད་གསུམ་དང་། རྣམ་པར་མི་རྟོག་པ་ཉིད་དང་། གོ་རིམས་བཞིན་དུ་རིག་པར་བྱའོ།། དེ་ལ་ངོ་བོ་ཉིད་གསུམ་ནི་གཟུང་བ་ཡིན ་པའི་ཕྱིར་ཤེས་བྱར་རྣམ་པར་བཞགོ།། རྣམ་པར་མི་རྟོག་པ་ཉིད་ནི་འཛིན་པ་ཡིན་པའི་ཕྱིར་ཤེས་པར་རྣམ་པར་བཞའོ།། བརྒལ་བ་དང་ལ་ནི་རྡོ་རྗེའི་ཚིག་བཤད་པའི་ལྷག་མ་རྣམསོ།། འདི་ལ་རྡོ་རྗེའི་ཚིག་ཁ་ཅིག་ནི་བརྒལ་བའི་ལན་ཉིད། འདི་ལྟ་སྟེ། སྒྱུ་མ ་ལྟ་བུ་ཉིད་དང་། ནོམཁའ་ལྟ་བུ་ཉིད་དང་། འགྲིབ་པ་མེད་པ་ཉིད་དང་། ཁྱད་པར་དུ་འཕགས་པ་མེད་པ་ཞེས་བྱའོ།། ཁ་ཅིག་ནི་བརྒལ་བ་ཉིད། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བའོ།། དེ་བས་ན་བརྒལ་བའི་ལན་དང་བརྒ་ལ་བ ་ནོ། བརྒལ་བ་དང་། ལན་ཏེ་མི་མཐུན་པ་གཅིག་མ་བཅུག་པའོ།། དེ་ལ་བརྒལ་བ་ནི་གལ་ཏེ་ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་ཀྱི་ཆོས་དེ་དག་མེད་ན། གཟུང་བ་དང་འཛིན་པ་ཉི་དུ་ཞེས་བྱ་བའི་ཚིག་གིས་ལྷག་མའོ།། ཇི་ལྟར་དམིགས་པར་འགྱུར། ་གཟུང་བ་དང་འཛིན་པ་ཉི་དུ་ཞེས་བྱ་བར་དགོད་སོ།། ཇི་སྟེ་ཡོད་ན་དེ་ལྟ་ན་གོ་ཆོས་རྣམས་རང་བཞིན་གྱིས་འོད་གསལ་དེ་ཉི་དུ་མི་རུང་སྟེ། གཟུང་བ་དང་འཛིན་པའི་བདག་ཉིད་ཡོད་པའི་ཕྱིར།། འདི་ནི་བརྒལ་བའོ།། དེའི་ལན་ནི་སྒྱུ་མ་ལྟ་བུ་ཉིད་ཡིན་ཏེ། དཔེར་ན་སྒྱུ་མ་བྱས ་པ་ལྟ་བུ་ནི་མེད་ཀྱང་དམིགས་པ་ལྟ་བུའོ།། ཞེས་བྱ་བ་སྟེ། སྒྱུ་མ་ནི་དམིགསུ་ཡོད་ཀྱང་དེའི་ཕྱིར་དེ་བཞིན་དུ་ཡོད་ཞེས་བྱ་བར་ཤེས་པར་མི་ནུ་སོ།། གལ་ཏེ་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཡིན་ན། ཇི་ལྟར་སྔར་ཀུན་ནས་ཉོན་མོངས་ལ་ཕྱིས་རྣམ་པར་བྱང་ཞེས ་བརྒལ་ཏེ། རང་བཞིན་གྱིས་རྣམ་པར་དག་པ་ཡིན་ན། ནམ་དུ་ཡང་ཀུན་ནས་ཉོན་མོངས་པ་མི་འཐང་ཞེས་བྱ་བ་དེའི་ལན་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ན་མཁའ་ལྟ་བུར་རིག་པར་བྱ་བ་ཡིན་ཏེ། དཔེར་ན་ན་མཁའ་རང་བཞིན་གྱིས་རྣམ་པར་དག་པ ་ལ་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་ཀུན་ནས་ཉོན་མོང་སོ།། དེ་དང་བྲལ་བ་རྣམ་པར་བྱའོ་ཞེས་བྱ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡང་གློ་བུར་གྱིས་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་ཉོན་མོང་སོ།། དེ་དང་བྲལ་ན་རྣམ་པ ་བྱ།། གལ་ཏེ་སངས་རྒྱས་དཔག་ཏུ་མེད་པ་བྱུང་སྟེ། སེཾན་དཔག་ཏུ་མེད་པ་དག་གིས་ཀུན་ནས་ཉོན་མོངས་པ་བསལ་ཏེ། ཐོག་མ་མེད་པའི་འཁོར་བར་སངས་རྒྱས་འབྱུང་བ་རེ་རེས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་འཁོར་བ་དང་ཕྲལ་ཏེ། མྱ་ངན་ལས་འདས་པ ་བཙུད་ན། དེའི་ཕྱིར། ཇི་ལྟར་འཁོར་བ་རྒྱུན་འཆད་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་འཕེལ་བར་མི་འགྱུར་ཞེས་བརྒལ་བ་དེའི་ལན་ནི་འགྲིབ་པ་མེད་པ་དང་། ཁྱད་པར་དུ་འཕགས་པ་མེད་པ་ཉིད་ཡིན་ཏེ། སེམས་ཅན་གྱི་ཁམས་དང་རྣམ་པར་བྱང་བའི་ཕྱོགས ་དཔག་ཏུ་མེད་པའི་ཕྱིརརོ་ཞེས་བྱ་བ་སྟེ། ཚད་དང་ལྡན་པའི་དངོས་པོ་ནི་འགྲིབ་པ་འམ་རྒྱུན་འཆད་པར་སྔོན་གྱི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་དེ་ལ་ནི། འགྲིབ་པར་ཡང་མི་མངོན་ན་རྒྱུན་ཆད་པར་ལྟ་ག་ལ་མངོན་ཏེ་ན་མཁའ་བཞི་ནོ།། རྣམ་པར་བྱང་བ་ཡང་དཔག ་ཏུ་མེད་པའི་ཕྱིར་ཁྱད་པར་ཉིད་ཀྱང་མེད་ན། དེ་འཕེལ་བར་ཇི་ལྟར་འགྱུར་ཏེ། ན་མཁའ་སྒྲིབ་པ་དང་བྲལ་བ་དང་སྒྲིབ་པ་འབྱུང་བ་བཞི་ནོ།། ལུས་རྣམ་པར་གཞག་པ་གཉིས་ནི་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་ཞེས་བྱ་བར་སྦྱརོ།། གང་ལ་གང་ཞིག་གང་ལས ་གཁྲུལ།། མ་འཁྲུལ་གང་ཞིག་གང་ལ་དང་།། འཁྲུལ་དང་མ་འཁྲུལ་འབྲས་བུ་ཉིད།། དེ་ཉིད་ཀྱི་ནི་ཐ་མའོ་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་འཁྲུལ་པའི་ཡུལ་དང་། འཁྲུལ་པའི་རང་གི་ངོ་བོ་ཉིད་དང་། འཁྲུལ་པའི་རྒྱུ་དང་། འཁྲུལ་པའི་འབྲས་བུ་དང་། འཁྲུལ་པའི་འབྲས་བུ ་མཐར་ཕྱིན་པ་བསྟན་ཏོ།། དེ་བཞིན་དུ་མ་འཁྲུལ་པའི་རང་གི་ངོ་བོ་དང་། མྱ་འཁྲུལ་པའི་ཡུལ་དང་། མ་འཁྲུལ་པའི་འབྲས་བུ་དང་། དེའི་མཐར་ཕྱིན་པ་ཡང་བསྟན་ཏོ།། དེ་ལ་གང་ལ་འཁྲུལ་ཅེས་བྱ་བ་ནི། ཡོད་པ་དང་མེད་པ་ལ་སྟེ། ཡི་གེ་རྣམས་ཀྱི་དོན་ཡོད་པ་དང་མེད་པའི ་མཚན་ཉིད་ལ་རྗོད་པ་དང་བརྗོད་པར་བྱ་བ་དང་། དེའི་འབྲེལ་བ་ནི་དངོས་པོའི་ངོ་བོར་ཀུན་བརྟགས་པའི་ཕྱིརརོ་གང་ཞིག་འཁྲུལ་ཅེས་བྱ་བ་ལ། ཕྱིན་ཅི་ལོག་ནི་འཁྲུལ་པ་སྟེ། བདག་ཉིད་ལ་ཡོད་པ་མ་ཡིན་པར། གཉིས་ཀྱི་རྣམ་པར་སྣང་བའི་ཕྱིརརོ།། གང་ལ་འཁྲུལ་ཞེས་བྱ ་བ་།། གནས་ལས་འཁྲུལ་བ་སྟེ། གནས་མི་རྟོག་པས་ཡོངསུ་བསྒོས་པའི་ཡིད་ལ་བྱེད་པ་ཀུན་གཞི་རྣམ་པར་ཤེས་པའི་བདག་ཉིད་།། མ་འཁྲུལ་གང་ཞིག་ཅེས་བྱ་བ་ནི། སྒྱུ་མ་ལ་སོགས་པ་ལྟ་བུར་དོན་གྱིས་ཡོད་པ་དང་མེད་པར་མི་འཕྲོ་བ་ནི་མ་འཁྲུལ་པའོ།། ། ་དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཞེན་པ་འཁྲུལ་པའི་གཉེན་པོ་ཡང་མི་འཁྲུལ་པ་སྟེ། དེ་ནི་སྒྱུ་མ་ལྟ་བུ་ཉིད་དང་། རྣམ་པར་མི་རྟོག་པ་ཉི་དུ་གོ་རིམས་བཞིན་དུ་བསྟན་ཏོ།། གང་ལ་ཞེས་བྱ་བ་ནི་གང་ལ་དེ་མ་འཁྲུལ་པའོ།། དེ་ཡང་རང་བཞིན་གྱིས་འོད ་གསལ་བ་ཉིད་ལ་སྟེ། ཡོངསུ་གྲུབ་པའི་ངོ་བོ་ཉིད་མཚན་ཉིད་ལའོ།། འཁྲུལ་དང་མ་འཁྲུལ་འབྲས་བུ་ཉིད་ཅེས་བྱ་བ་དེ་ལ། འཁྲུལ་པའི་འབྲས་བུ་ནི་ཀུན་ནས་ཉོན་མོངས་པ་སྟེ། འཁྲུལ་པའི་རྒྱུ་མཐུན་པའི་ཞེས་བྱ་བའི་ཚིག་གི་ལྷག་མའོ།། མ་འཁྲུལ་བའི་རྒྱུ་མཐུན་པའི ་མ་འཁྲུལ་བ་ནི། མ་འཁྲུལ་པའི་འབྲས་བུའི་ཕྱིར་མ་འཁྲུལ་པའི་འབྲས་བུ་ནི་རྣམ་པར་བྱང་བ་སྟེ། མཚུངས་པར་ལྡན་པ་དང་བཅས་པའི་ཞེས་བྱ་བའི་ཚི་གི་ལྷག་མའོ།། ཉིད་ཅེས་བྱ་བ་བརྗོད་པས་དེའི་འབྲས་བུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བ ་འདིས་བཤད། ན་མཁའ་ལྟ་བུ་ཉིད་ཅེས་བྱ་བས་ནི་ཆོས་ཀྱི་དབྱིངས་གང་གིས་འཁྲུལ་པ་དང་མ་འཁྲུལ་པའི་འབྲས་བུ་དེ་དག་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདག་ཉིད་ཡིན་གྱི། དེ་དེའི་རང་བཞིན་མ་ཡིནོ་ཞེས་བསྟན་པའི་ཕྱིརརོ།། དེ་གཉིས་ནི་ཐ་མའོ་ཞེས ་བྱ་བ་ནི། ཁ་ཅིག་ན་རེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་ཀྱི་མཐའ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཡང་འགྲིབ་པ་མེད་པ་དང་ལྷག་པ་མེད་པས་མཐར་ཐུག་པ་མེད་པའི་ཕྱིར་བཤད་ཞེའོ།། གཞན་དག་ན་རེ་འཁོར་བ་དཔག་ཏུ་མེད་པའི་ཕྱིར། འབྲི་བ་མེད ་པས་འགྲིབ་པ་མེད་པ་དང་ལྡན་པས་ནི་ཀུན་ནས་ཉོན་མོངས་པའི་ཐ་མའོ།། མྱ་ངན་ལས་འདས་པ་དཔག་ཏུ་མེད་པས་འཕེལ་བ་མེད་པའི་ཕྱིར། ཁྱད་པར་དུ་འཕགས་པ་མེད་པ་དང་ལྗོན་པ་ནི་རྣམ་པར་བྱང་བའི་མཐའོ་ཞེས་ཟེ་རོ།། རྡོ་རྗེའི་ཚིག་བཅུ་པོ་འདི་དག་ནི ་ཕྱིན་ཅི་མ་ལོག་པའི་ཞར་ལ་བཤས་ཀྱི་མདོར་བྱས་པ་ལས་ནི་མི་འབྱུང་།། དེ་བས་ན་ཡོད་མེད་ཕྱིན་ཅི་མ་ལོག་དང་།། གནས་དང་སྒྱུ་མ་ལྟ་བུ་ཉིད།། མི་རྟོག་པ་དང་རང་བཞིན་གྱིས།། རྟག་པར་འོད་གསལ་ཉིད་དང་ནི།། ཀུན་ནས་ཉོན་མོངས་རྣམ་བྱང་དང་།། དེ་བཞིན་ན་མཁའ ་ལྟ་བུར་ཉིད།། འགྲིབ་དང་མེད་པ་ལྷག་མེད་པ།། རྡོ་རྗེའི་ཚིག་ནི་བཅུ་ཞེས་བྱའོ།། ཞེས་བྱ་བ་བར་གྱི་ཚིགསུ་བཅད་པ་གཉིས་ཀྱི་སྐུད་དོ།། འདི་ལ་ཡོངསུ་གྲུབ་པའི་སྒྲ་དང་དོན་འབྲེལ་བར་ལྟ་བའི་ཕྱིན་ཅི་ལྡོག་དང་། དོན་རྣམས་ཇི་ལྟ་བུར་སྣང་བ་དེ་ལྟ་བུར་ངོ། ་བོ་ཉི་དུ་ཡོད་པར་མཐོང་བའི་ཕྱིན་ཅི་ལོག་དང་། དོན་དེ་འབྱུང་བའི་རྒྱུ་ལ་ཕྱིན་ཅི་ལོག་དྲང་། དོན་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པར་ལྟ་བའི་ཕྱིན་ཅི་ལོག་དང་། མིང་ཇི་ལྟ་བ་བཞིན་དུ་དོན་གྱི་ངོ་བོ་ཉི་དུ་ལྟ་བའི་ཕྱིན་ཅི་ལོག་དང་། དངོས་པོ་རྣམས་ཀྱི་རདྭ་དང་སྤྱིའི ་མཚན་ཉིད་ལ་དངོས་པོ་ཉི་དུ་ཕྱིན་ཅི་ལོག་དང་། བཀྲ་ཤིས་པ་དང་བཀྲ་ཤིས་པ་མ་ཡིན་པ་ཀུན་ཏུ་སྤྱོད་པ་ལས་རྣམ་པར་དག་པ་དང་། རྣམ་པར་མ་དག་པར་ལྟ་བའི་ཕྱིན་ཅི་ལོག་དྲང་། གཅིག་ཁོ་ན་ལ་རྣམ་པར་མ་དག་པ་དང་རྣམ་པར་དག་པར་ལྟ་བའི་ཕྱིན་ཅི ་ལོག་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སྤང་བ་དང་། འཐོབ་པ་འགྲིབ་པ་དང་ཁྱད་པར་དུ་ལྟ་བས་སྐྲག་པ་དང་རྒྱལ་བ་འབྱུང་བའི་ཕྱིན་ཅི་ལོག་སྟེ། འདི་དག་ནི་ཕྱིན་ཅི་ལོག་བཅུའོ།། བྱང་ཆུབ་སེམས་དཔའ་ལ་དེ་དག་མེད་པས། ཇི་སྐད་བཤད་པའི ་དོན་རྣམས་ལ་ཕྱིན་ཅི་མ་ལོག་པར་གནས་པ་ནི་ལྷག་མཐོང་བསྒོམ་པ་ཡིན་པར་རིག་པར་བྱའོ།། རྗེ་སུ་མཐུན་པའི་ཆོས་སྒྲུབ་པ་བཤད་ཟིན་ཏོ།། ། ཎཱཾ་སུ་མཐུན་པའི་ཆོས་སྒྲུབ་པའི་འོག་ཏུ་མཐའ་གཉིས་སྤང་བ་སྒྲུབ་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་མཐའ་གཉིས ་སྤངས་པ་སྒྲུབ་པོ་གང་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར་གང་དཀོན་མཆོག་བརྩེགས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་ཡང་དག་པར་སྒྲུབ་པའི་ངོ་བོ་ཉིད་བསྟན་པའི་ཕྱིར། དབུ་མའི་ལམ་བཤད་ཞེས་བྱ་བ་སྨོསོ།། འོད་སྲུངས་འདི་ལྟ་སྟེ། དཀོན་མཆོག་བརྩེགས་པ ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་རབ་ཏུ་ཆོས་ལ་སྦྱར་བར་བྱའོ།། ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་སྟེ། གང་བདག་མེད་པར་རྟོག་པ་དང་། སེ་ན ་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། སྐྱེས་བུ་མེད་པ་དང་། གང་ཟག་མེད་པ་དང་། ཤེད་ལས་སྐྱེ་མེད་པ་དང་། ཤེད་བུ་མེད་པར་སོ་སོར་རྟོག་པོ་འདྲི་ནི། འོད་སྲུངས་དབུ་མའི་ལ་མོ་ཞེས་བྱ་བ་ནས། མར་མེའི་དཔེ་གཉིས་པ་ལ་ཐུག་གི་བར་དུ་རྒྱ་ཆེར་འབྱུང་བའོ།། མཐའ ་གང་སྤངས་པས་དོ་རིག་པར་བྱ་ཞུ་ན། ཞེས་བྱ་བའི་མཐའ་གང་སྤངས་པས་དབུ་མའི་ལམ་ཤེས་པར་བྱ་ཞེས་བྱ་བའི་ཐ་ཚིའོ།། དེའི་ཕྱིར། ཐ་དད་པ་དང་གཅིག་མཐའ་དང་།། མུ་སྟེགས་ཉན་ཐོས་གཉིས་ཀ་དང་།། ཞེས་རྒྱ་ཆེར་གསུང་སོ།། བཅོ་ལྔ་པོ་འདི་དག་ནི་མཐའ་གཉིས ་དབྱེ་བ་སྟེ། འདི་དག་སྤངས་པས་དེ་རིག་པར་བྱའོ།། འདིར་ཐ་དད་པ་ལ་སོགས་པར་ལྟ་བའི་མཐའ་ནི་ཕྱོགས་རེ་རེ་ལ་མངོན་པར་ཞེན་པའི་ཕྱིར་འབྲས་བུ་ལ་སྒྱུ་གདགས་པར་བྱས་པའོ།། དེ་ལ་གཟུགས་ལ་སོགས་པ་དང་བདག་ཐ་དད་ཅེས་བྱ་བ་ཡང་མཐའོ།། གཅིག་ཅེས ་བྱ་བ་ཡང་མཐའོ་ཞེས་བྱ་བ་དེ་ལ། གཟུགས་ལ་སོགས་པ་ཕུང་པོ་རྣམས་དང་། སྐྱེ་མཆེད་རྣམས་དང་ཁམས་རྣམས་ནི་བདག་རྟག་པའི་སྤྱད་པར་བྱ་བའི་འོསུ་རྟོག་པ་གང་ཡིན་པ་དེ་དག་ནི་གཟུགས་ལ་སོགས་པ་དང་བདག་ཐ་དད་སྙམ་པའི་མཐའོ།། ནང་གི་འདུ་བྱེད་གཟུགས་ལ། ་སོགས་པ་ལ་བདག་ཏུ་འདུ་ཤེས་ནས་གང་མཐོང་བ་དང་། ཐོས་པ་དང་། ཤེས་པ་དེ་ནི་བདག་ཡིན་ལ། ཕྱིའི་རྣམས་ནི་བདག་གི་བ་ཡིན་པར་རྟོག་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ་དང་བདག་གཅི་གོ་ཞེས་བྱ་བའི་མཐའ་སྟེ། གང་མདོ་སྡེ་ལས། སྲོག་ཀྱང་གཞན་ལ་ལུས་ཀྱང ་གཞན་པ་དང་སྲོག་དེ་ལུས་དེ་ཡིན་ཞེས་བྱ་བར་ལྟ་བ་ཉིད་འདིར་མཐའ་ཞེས་བྱ་བའི་སྒྲར་བསྟན་ཏོ།། དེ་ཡོངསུ་སྤངས་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དང་བདག་དེ་ཉིད་དང་གཞན་གྱི་མཐའ་ཡོངསུ་སྤང་བའི་ཕྱིརརོ།། དབུ་མའི་ལམ་གང ་ཆོས་ཙམ་ཞིག་ཡུལ་དུ་གྱུར་པའི་ཡེ་ཤེ་སོ།། དེ་ཉིད་བསྟན་པའི་ཕྱིར་གང་བདག་མེད་པར་སོ་སོར་རྟོག་པ་ནས་ཤེད་བུ་མེད་པར་སོ་སོར་རྟོག་པའི་བར་དུའོ་ཞེས་བྱ་བ་སྨོསོ།། ཆོས་ཙམ་དུ་མཐོང་བས་ནཱི་བདུག་མོ་བཤམ་གྱི་བུ་བཞིན་དུ་མེད་པར་ཁོང་དུ་ཆུད་ནས་མེད་པར ་སོ་སོར་རྟོག་སྟེ། རྗེ་སུ་རྟོགས་ཞེས་བྱ་བའི་ཐ་ཚིགོ།། དེ་དང་གཟུགས་ལ་སོགས་པ་དེ་ཉིད་དམ་གཞན་དུ་འཛིན་པར་ལྟ་ག་ལ་འགྱུར། བདག་ཅེས་བྱ་བའི་སྒྲ་ཉིད་ཀྱིས་དེའི་དོན་ཁོང་དུ་ཆུད་པར་འགྱུར་ན། ཅིའི་ཕྱིར་སེན་ལ་སོགས་པ་རྣམ་གྲངས་ཀྱི་བྱེ་བྲག་སྨོས་ཞེ་ན། ཐད ་ཀྱིས་རྣམ་གྲངས་ཐམས་ཅད་ཁོང་དུ་ཆུད་པར་མི་འགྱུར་ཏེ། དེའི་ཕྱིར་ཐམས་ཅད་ཀྱིས་དེའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྣམ་གྲངས་པ་ཤྭ་དོ།། ཡང་ནི་དེའི་དུས་གཡེངས་པ་རྣམས་ལ་རྣམ་གྲངས་གཞན་གྱིས་དེའི་དོན་རྟོགས་པར་བྱ་བའི་ཕྱིར་ཏེ། རྗོད་པར་བྱ་བ་དེ་ཉིད་བརྗོད ་ན་ནི་གཞན་དག་གིས་བརྙད་པར་འགྱུར་བའི་ཕྱིརརོ།། གཟུགས་ལ་སོགས་བརྟ་གོ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་མཐའ་སྟེ། དེ་དག་ནི་རྟག་པར་ཕྱིན་ཅི་ལོག་གིས་ནོན་པའི་ཕྱིར་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ལ་དངོས་པོ་ཁོ་ནར་མངོན་པར་ཞེན་ནས་རྟག་པ ་ཉིད་རྟོ།། མི་རྟག་ཞེས་བྱ་བ་ནི་ཉན་ཐོས་ཀྱི་མཐའ་སྟེ། དེ་དག་ཀྱང་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པ་ལ་དངོས་པོའི་ངོ་བོར་མི་རྟག་པ་ཉི་དུ་སྒྲོ་འདོགས་པའི་ཕྱིར་མཐའ་ཉིད། ཤིན་ཏུ་འཁོར་བ་ལས་སྐྱོ་བར་བྱེད་པ་དང་མྱ་ངན་ལས་འདས་པའི་མ ་ལྷུལྟུང་བར་བྱེད་པས་མི་རྟག་པར་ལྟ་བའི་མཐའོ།། དེ་གཉི་ག་ཡོངསུ་སྤང་བའི་ཕྱིར་ཞེས་བྱ་བ་ནི་རྟག་པ་དྲང་མི་རྟག་པར་ལྟ་བ་ཡོང་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་གཟུགས་ལ་སོགས་པ་ལ་རྟག་པར་ཡང་མི་རྟོག། མི་རྟག་པར་ཡང་མི་རྟོག་པའོ།། དེ་ཡང ་གང་ཞེ་ན། རྣམ་པར་མི་རྟག་པའི་ཡེ་ཤེས་ཏེ། གང་གཟུགས་ལ་སོགས་པ་ལ་གཟུགས་ལ་སོགས་པ་ཉིད་རྟག་པ་འམ། མི་རྟག་པར་མི་རྟོག་པའོ།། གཟུགས་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་རྣམ ་ཤེས་པའི་ཕུང་པོ་རྣམས་དང་། ས་དང་། ཆུ་དང་། མི་དང་། རླུང་དང་། ནམ་མཁའི་ཁམས་རྣམས་དང་། མིག་དང་། རྣ་པ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་མཆེད་རྣམས་བསྡུའོ།། བདག་ཡོད་ཅེས་བྱ་བའི་སྒྲས་ནི་གང་ཟག་ཏུ་སྒྲོ་འདོགས་པའི་མཐའོ་ཞེས ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དང་། ཐ་དད་པ་འམ། ཐ་དད་པ་མ་ཡིན་པའང་རུང་སྟེ། བདག་མོ་གཤམ་གྱི་བུ་བཞིན་དུ་རྫས་མེད་པར་མཐོང་ཡང་། གང་ཟག་ལ་བདག་ཏུ་དངོས་པོའི་ངོ་བོར་སྒྲོ་འདོགས་པའི་ཕྱིར་མཐའོ།། བདག་མེད་ཅེས་བྱ་བ ་ནི་སྐུར་པ་འདེབས་པའི་མཐའ་སྟེ། ཞེས་བྱ་བ་ནི་ཡོད་པ་ལ་མེད་པར་ཡོངསུ་རྟོག་པ་ནི་སྐུར་པ་འདེབས་པ་ཞེས་བྱ་ན། བདག་ནི་མེད་པས་ཇི་ལྟར་བདག་མེད་ཅེས་བྱ་བ་ལ་སྐུར་པ་འདེབས་པའི་མཐར་འགྱུར་ཞེ་ན། དེའི་ཕྱིར། བརྟགས་པའི་ཡོད་པ་ལ་སྐུར་པ་འདེབས་པའི ་ཕྱིར་ཞེས་བྱ་བ་སྨོས་ཏེ། བདག་མེད་པར་སྐུར་པ་འདེབས་པའི་མཐའ་ཞེས་བྱ་བ་དང་སྤྱིསྦྱར།། དེ་ཡང་ཆོས་རྣམས་ཀྱི་རྒྱུན་ཏེ། གང་ལ་རྒྱུ་དང་འབྲས་བུ་འབྲེལ་བར་མངོན་པའོ།། ཡང་ན་སྤྱིར་གང་དུ་ལྷ་དང་མིར་གདགས་པའོ།། དེ་ཡོངསུ་སྤངས་པའི་ཕྱིར་དེའུ་མའི་ལམ་སྟེ་ཞེ ་བྱ་བ་ནི་བདག་ཡོད་པ་དང་མེད་པར་ལྟ་བ་ཡོངསུ་སྤང་བའི་ཕྱིར།། དེ་ནི་དབུ་མའི་ལམ་གང་ཡིན་པ་རྟག་པར་བྱ་བའི་ཕྱིར། གང་བདག་དང་བདག་མེད་པ་དེ་གཉིས་ཀྱི་དབུས་ཞེས་བྱ་བ་སྨོ་སོ།། དེའི་དབུས་ཅི་ཞིག་ཅེ་ན། རྣམ་པར་མི་རྟོག་པའི་ཡེ ་ཤེསོ།། གཟུང་བའི་དོན་ལ་རྣམ་པར་རྟོག་པ་མཐའ་ཉི་དུ་བསྟན་ནས། འཛིན་པའི་དོན་ལ་རྣམ་པར་རྟོག་པ་མཐའ་ཉིད་དུ་བསྟན་པའི་ཕྱིར། སེམས་ཡང་དག་པའོ་ཞེས་བྱ་བ་ལ་སོགས་པ་སྨོསོ།། ཡང་ན་གང་ཟག་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི ་མཐའ་བསྟན་ནས། ཆོས་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་བསྟན་པའི་ཕྱིར། སེམས་ཡང་དག་པའོ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོསོ།། སེམས་ཇི་ལྟར་སྣང་བ་དང་ཇི་ལྟར་བརྗོད་པ་དེ་བཞིན་དུ་ཡང་དག་པར་ཡོ་དོ་ཞེས་བྱ་བ ་འདི་ནི། ཆོས་ལ་སྒྲོ་འདོགས་པའི་མཐའ་སྟེ་སེམས་ཀྱི་ངོ་བོ་ཉིད་ཡང་དག་པ་མ་ཡིན་པ་ལ་ཡང་དག་པ་ཉི་དུ་སྒྲོ་འདོགསོ་པའི་ཕྱིརརོ།། སེམས་ཡང་དག་ཕྱི་མ་ཡིནོ་ཞེས་བྱ་བ་ནི་སྐུར་པ་འདེབས་པའི་མཐའོ།། དེ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི ་བདག་ཉིད་བརྗོད་དུ་མེད་པར་ཡོད་ཀྱང་མེད་པར་མཐོང་སྟེ། ཆོས་ཀྱི་ངོ་བོ་ཉིད་ལ་རྣམ་པ་ཐམས་ཅད་དུ་སྐུར་པ་འདེབས་པས་ན་སྐུར་པ་འདེབས་པའི་མཐའོ།། དེ་ཡོངསུ་སྤང་བའི་ཕྱིར་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དང་བྲལ་བ་ཆོས་ལ ་བདག་མེད་པར་རྟོགས་པར་བྱ་བའི་ཕྱིར། དབུ་མའི་ལམ་སྟེ། དེ་ནི་གང་ལ་སེམས་མེད་པ་དང་། ཡིད་མེད་པ་དང་། རྣམ་པར་ཤེས་པ་མེད་པ་ཞེས་བྱ་བ་ནི་མངོན་པར་ཞེན་པ་འབྱུང་བ་མེ་དོ་ཞེས་བྱ་བའི་ཚིག་གི་ལྷག་མའོ།། ཡང་ན་ཡུལ་གང་ལ་ཟག་པ ་དང་བཅས་པའི་བག་ཆགས་བསགས་པའི་བདག་ཉིད་ཀྱི་སེམས་མི་འཇུག་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ཀྱི་སེམས་པ་མེད་པ་དང་རློམ་སེམས་ཀྱི་རྣམ་པའི་ཡིད་མེད་པ་དང་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་མེད་པ་འདི་ནི་དབུ ་མའི་ལམ་ཤེས་ཞེས་བྱའོ།། དེ་ལ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་བསགས་པའི་ཕྱིརརོ།། སེམས་པ་ནི་ཡིད་ཀྱི་ལས་ཏེ། དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་ལ་སེམས ་འཇུག་པར་བྱེད་པའི་ལས་ཅནོ།། ཡིད་ནི་ཉོན་མོངས་པ་ཅན་གྱི་ཡི་དོ།། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲའོ།། མི་དགེ་བ་ལ་སོགས་པས་ཆོས་རྣམས་ནི་ཀུན་ནས་ཉོན་མོངས་པའོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་མཐའོ།། དགེ་བ་ལ ་སོགས་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་ནི་གཉེན་པོའི་མཐའོ།། ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས ་དང་འདུས་མ་བྱས་ལ་སོགས་པ་བསྟན་པར་འགྱུར་རོ།། དེ་ལ་དགེ་བ་དང་མི་དགེ་བའི་ཆོས་ཇི་ལྟར་སྣང་བ་དང་བརྗོད་པ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་ལྟ་བ་ནི། མི་མཐུན་པའི་ཕྱོགས་ཀྱི་མཐའ་དང་། གཉེན་པོའི་མཐའོ།། དེ་ལ་མི་དགེ་བ ་ནི་མི་བདེ་བའི་དོན་ཏོ།། ཁ་ན་མ་ཐོ་བ་དང་བཅས་པ་ནི་ཉེས་པར་སྤྱོད་པ་ཀུན་ནས་སློང་བའི་ཕྱིརརོ།། འཇིག་རྟེན་པ་ནི་ཕྱིན་ཅི་ལོག་གི་ཕྱིར།། ཟག་པ་དང་བཅས་པ་ནི་ཟག་པ་རྒྱས་པར་འགྱུར་བའི་ཕྱིརརོ།། འདུས་བྱས་ནི་རྐྱེན་རྣམས་ཀྱིས་བསྐྱེད་པའི་ཕྱིརརོ།། དེ་ལས་བཟློག་པ ་ནི་དགེ་བ་ལ་སོགས་པར་རིག་པར་བྱའོ།། དེ་ཡོངསུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ་ཞེས་བྱ་བ་ལ། མི་མཐུན་པའི་ཕྱོགས་དང་གཉེན་པོ་ནཱི་དེ་ཞེས་བྱ་བའི་སྒྲ་དང་སྦྱརོ།། དབུ་མའི་ལམ་མི་ཤེས་ནས། དེའི་ཕྱིར། གང་མཐའ་དེ་གཉིས་ཁས་མཱི་ལེན་ཉིང། ་མི་བརྗོད་མི་སྨྲའོ་ཞེས་བྱ་བ་སྨོསོ།། དེ་ཁས་མི་ལེན་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་མངོན་པོར་ཞེན་པ་མེད་པའོ།། མི་བརྗོད་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་མཐའ་དེ་ལ་གཞན་དགྲ་ཡང་དག་པར་འཛིན་དུ་འཇུག་པའི་ཕྱིར།། མི་སྨྲ་བ་ནི་མཐུན་པ ་ཕྱོགས་དང་གཉེན་པོ་གཉིས་མི་བརྗོད་པའི་ཕྱིརརོ།། མུ་སྟེགས་ཅན་དང་ཉན་ཐོས་ཀྱི་མཐའི་གཉེན་པོར་དབུ་མའི་ལམ་བསྟན་ནས། བྱང་ཆུབ་སེམས་དཔའི་མཐོའི་གཉེན་པོར་དབུ་མའི་ལམ་བསྟན་པའི་ཕྱིར། གང་ཟག་དང་ཆོས་དེ་གཉིས་ཡོད་ཅེས་བྱ་བ་མི་རྟག་པའི།། ། ་མཐའོ།། མདོ་ཞེས་བྱ་བ་ནི་འཆད་པའི་མཐའོ་ཞེས་བྱ་བ་སྨོས་ཏེ། རང་གི་མཚན་ཉིད་ལ་རྟག་པར་སྒྲོ་འདོགས་པའི་ཕྱིར། ཡོདོ་ཞེས་བྱ་བ་ནི་རྟག་པའི་མཐའོ།། རང་གི་ངོ་བོ་ལྔ་རྣམ་པ་ཐ་དུ་སྐུར་པ་འདེབས་པའི་ཕྱིར་མེདོ་ཞེས་བྱ་བ་ནི་ཆད་པའི་མཐོའོ།། དེ་ཡོངསུ ་སྤང་བའི་ཕྱིར་དབུ་མོའི་ལམ་སྟེ། མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པའོ་ཞེས་བྱ་བ་ལཱ། ཁ་ཅིག་ནཱ་རི་མཐའ་གཉིས་ཀཽ་དང་བྲལ་བ་ནི་འདིར་དབུ་མར་འདོདོ་ཞེའོ།། གཞན་ནཱ་རེ་འདི་གཉི་གའི་མཚན་ཉིད་ནི་འདིར་མཐུའ་གཉིས་ཀྱི་དབུསོ་ཞེའོ།། ཇི་ལྟ་ཞེ་ན། ཡང་དག་པ ་མ་ཡིན་པ་ཀུན་རྟོག་པ་ལྟ་བུ་འམ། ཆོས་ཀྱི་དབྱིར་ལྟ་བུར་ཤེས་བྱ་དང་བརྗོད་པར་བྱ་བའི་དངོས་པོ་རྫས་ཉིད་དང་དོན་དམ་པར་ཡོད་ཞེས་མངོན་པར་ཞེན་པ་དེ་ནི་རྟག་པའི་མཐའ་སྟེ། དེ་ནི་དེ་བཞིན་དུ་མེད་པའི་ཕྱིརརོ།། དེ་ལྟར་རི་བོང་གི་རྭ་བཞིན་དུ་མེད་པ་ཉིད་དུ་ལྟ་བ ་ནི་ཆད་པའི་མཐའ་སྟེ། ཅིའི་ཕྱིར་ཞེ་ན། དེ་བརྟགས་པར་ཡོད་པའི་ཕྱིར།། དེ་བས་ན་དེ་བསལ་བར་བྱ་བའི་ཕྱིར་ཆད་པའི་མཐའ་ཞེས་བྱའོ།། དེའི་ཕྱིར་ཡེང་བ་ཉིད་དང་མེད་པ་ཉིད་ཀྱི་དབུས་རྫས་ཉིད་དང་དོན་དམ་པར་མེད་པ་ལྔ་བརྟགས་པར་ཡོད་ཞེས་བྱ་བ་ནི ་གཉི་གཱའི་མཚན་ཉིད་ཡིནོ།། དེ་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་སྒྲོ་འདོགས་པའི་མཐའི་དབང་དུ་མཛད་མ་རིག་པ་ལ་གཟུང་པོའོ།། འཛིན་པའོ་ཞེས་བྱ་བ་ནི་མཐའ་སྟེ། དེ་བཞིན་དུ་མ་རིག་པ་དང་། འདུ་བྱེད་རྣམས་དང་། དེའི་གཉེན་པོ་འདུས་མ་བྱས་ལ་གཟུང ་པའོ་འཛིན་པའོ་ཞེས་བྱ་བ་ཡང་མཐའ་སྟེ། འདིར་རྒ་ཤིའི་བར་ལ་ཞེས་བྱ་བའི་མཐའ་སྨོས་པ་ནི་རྣམ་པར་ཤེས་པ་དང་། མིང་དང་གཟུགས་ལ་སོགས་པ་ཡང་བསྡུའོ།། རྣམ་པར་ཤེས་པ་ལ་གཟུང་བའོ་འཛིན་པའོ་ཞེས་བྱ་བ་ཡང་མཐའོ།། དེ་བཞིན་དུ་མིང་དང་གཟུགས་དང ་སྐྱེ་མཆེད་དྲུག་དང་། རིག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤཱི་ལ་གཟུང་བའོ་འཛིན་པའོ་ཞེས་བྱ་བ་ཡང་མཐའོ།། དེ་ལ་མི་རིག་པ་ནི་བདེན་པ་དང་དཀོན་མཆོག་མི་ཤེས་པའི་བདག་ཉིད་།། འདུ་བྱེད་རྣམས་ནི་བསོད་ནམས་དང ་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ངོ་བོ་ཉིད། ཟག་པ་དང་བཅས་པའི་སེམས་པས་ཡང་སྲིད་པ་མངོན་པར་འདུ་བྱེད་པའི་ཕྱིརརོ།། དེ་བཞིན་དུ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་བཤད་པའི་ཚུལ་དུ་རྣམ་པར་ཤེས་པ་ལ་སོགས་པ་ཡང་རྒྱ་ཆེར་བརྗོད ་པར་བྱའོ།། རིག་པ་ནི་ཟག་པ་མེད་པའི་ཡེ་ཤེསོ།། འདུ་བྱེད་རྣམས་ཀྱི་གཉེན་པོ་ནི་འདུས་མ་བྱས་ཀྱི་ཡེ་ཤེསོ།། དེ་ཉིད་ཀྱི་ཕྱིར་འདུས་མི་བྱས་གཞན་ལས་དབྱེ་བའི་ཕྱིར་གཉེན་པོ་ཞེས་བྱ་བ་སྨོས།། གཞན་དག་ནི་མི་སྐྱེ་བ་ཅན་ཡིན་པས་ན་འདུས་མ་བྱས་རྣམ ་པ་བརྒྱད་ཅར་ཡང་འདིར་འདོད་དོ།། གཉེན་པོ་ནི་ཟག་པ་མེད་པའི་སེམས་པ་སྟེ། ཡང་སྲིད་པ་མངོན་པར་འདུ་མི་བྱེད་པའི་ཕྱིར་སྙམ་དུ་སེམསོ།། དེ་འགོག་པ་ལ་གཟུང་བའོ་འཛིན་པའོ་ཞེས་བྱ་བ་ཡང་མཐའ་སྟེ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲས་ནི་རྣམ་པར་ཤེས ་པ་ལ་སོགས་པ་ནས་རྒ་ཤི་ལ་ཐུག་གི་བར་དུ་སྦྱ་རོ།། འགོག་པ་ཡང་ངོ་བོ་ཉིད་དམ་རྒྱུ་ཡིན་པ་མི་ཤེས་ནས། དེའི་ཕྱིར་ལམ་གང་གི་མིང་དང་གཟུགས་འགག་པའོ་ཞེས་བྱ་བ་སྨོསོ།། གང་གིས་མིང་དང་གཟུགས་དེ་འགག་པར་འགྱུར་ཞེ་ནོ། མིདྲ་དང་གཟུགས་ཀྱི་གཉེན། ་པོ་ཟག་པ་མེད་པའི་ལམ་གྱིསོ།། རིག་པ་དང་མ་རིག་པ་དེ་ནི་གཉི་སུ་མེ་དེ་གཉི་སུ་བྱར་མེདོ་ཞེས་བྱ་བ་དེ་ནི། འདིར་ཡེ་ཤེས་འཁོར་དང་བཅས་པ་སྟེ་ལ་མོ།། དེའི་ཕྱིར་འདིས་འགོག་པར་བྱེད་པས་འགོག་པའོ།། དེ་ལ་མཐའ་གང་ཞེ་ན། གཟུང་བ་དང་འཛིན་པ་ལ་མངོན་པར ་ཞེས་པ་འདི་ཉིད།། ཅིའི་ཕྱིར་ཞེ་ན། མ་རིག་པ་ལ་སོགས་པ་གཉིས་མེད་པའི་རང་བཞིན་དག་ལ་མེད་བཞིན་དུ་གཉིསུ་སྒྲོ་འདོགས་པ་འཇུག་པའི་ཕྱིརརོ།། དེ་བཞིན་དུ་ནག་པོ་དང་དཀར་པོའི་ཕྱོགས་ཀྱི་བྱེ་བྲག་གིས། གཟུང་བ་དང་འཛིན་པའི་མཐའ་རྣམ་པ་གཉིསོ་ཞེས་བྱ་བ ་དེ་ལ་ནག་པོའི་ཕྱོགས་ནི་མ་རིག་པ་ནས་རྒ་ཤིའི་བར་སྲིད་པའི་ཡན་ལྷག་བཅུ་གཉིས།། དེ་བཞིན་དུ་དཀར་པོའི་ཕྱོགས་ཀྱང་མ་རིག་པ་ལ་སོགས་པ་འགག་པའི་བྱེ་བྲག་གིས་མྱ་རིག་པ་འགོག་པ་ནས།། རྒ་ཤི་འགག་པའི་བར་རྣམ་པ་བཅུ་གཉི་སོ།། དེ་ལྔ་འདིས་མ་རིག་པ ་ལ་སོགས་པ་འགོག་པར་འགྱུར་བས་ན། དེའི་གཉེན་པོར་གྱུར་པ་འམ་ཉིད་ལ་འགོག་པའི་སྒྲར་བརྗོད།། དེ་ཡོངསུ་སྤང་བའི་ཕྱིར་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་མཐའ་ཡོངསུ་སྤང་བའི་ཕྱིར་དབུ་མའི་ལམ་བསྟན་ཏོ་ཞེས་བྱ་བ་དང་སྦྱར་དེ་ཡང་མི་ཤེས་ཏེ། དེའི་ཕྱིར ་རིག་པ་དང་མ་རིག་པ་འདི་ནི་གཉི་སུ་མེད་ཅེས་བྱ་བ་སྨོ་སོ།། ཇི་ལྟར་ན་རིག་པ་དང་མ་རིག་པ་ནུས། རྒ་ཤི་དང་རྒ་ཤི་འགག་པའི་བར་དུ་གཉིསུ་མེད་ཅེ་ན། དེའི་ཕྱིར་རིག་པ་དང་མ་རིག་པ་ལ་སོགས་པ་གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བ་སྨོསོ།། ། ་དེའི་དངོས་པོ་མེད་པ་ནི་མ་རིག་པ་ལ་སོགས་པ་གཉི་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིརརོ།། ཡང་ན་རིག་པ་དང་མ་རིག་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད།། དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་རིག་པ་དང་། མ་རིག་པ་དངོས་པོ་མེད་པར་མཚུངས་པས། རིག་པ ་དང་མ་རིག་པ་གཉི་སུ་མེ་དོ།། དེ་བཞིན་དུ་འདུ་བྱེད་རྣམས་དང་། འདུས་མ་བྱས་དང་། རྣམ་པར་ཤེས་པ་དང་། དེ་འགོག་པ་ནས་འགོག་པ་དང་རྒ་ཤི་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ།། འདིར་དབུ་མའི་ལམ་གང་ཞེ་ན། རིག་པ་དང་མ་རིག་པ་འདི་ནི་གཉིསུ་མེ་དེ་གཉིས ་བྱར་མེད་པར་ཤེས་པ་དེ་ཉིད་དེའི་རིག་པ་བསྐྱེད་པར་བྱ་བ་ཡང་མེད་ཅིང་མ་རིག་པ་དགྲག་པར་བྱར་ཡང་མེད་ཅིང་། འདུ་བྱེད་རྣམས་སྤང་བར་བྱ་བ་ཡང་མེད་ལ། དེ་འགོག་པ་ཐོབ་པར་བྱ་བ་ཡང་མེད་པ་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་གཉི་སུ་དབྱེར་མེད་པའོ།། ། ་ཀུན་ནས་ཉོན་མོངས་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་དེ་ལ། ཉོན་མོངས་པ་རྣམས་ནི་ལས་དོང་ཚེའི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པ་དང་། བདག་ཉིད་ཀྱང་ཉོན་མོངས་པར་གྱུར་པས་ཀུན་ནས་ཉོན་མོངས་པ་ཞེས་བྱའོ།། ཡང་ན་བདག་དང་གཞན་ལོ་གནོད་པར་བྱེད ་པའི་རྒྱུ་ཡིན་པས། ཀུན་ནས་ཉོན་མོངས་པ་ཞེས་བྱའོ།། ལས་ཀྱང་ཉོན་མོངས་པའི་དབང་གིས་བྱུང་བ་དང་། ཚེའི་རྒྱུར་གྱུར་པ་དང་། བདག་ཉིད་ཀྱང་ཁ་ཅིག་ཉོན་མོངས་པར་གྱུར་པས་ཀུན་ནས་ཉོན་མོངས་པ་ཞེས་བྱའོ།། ཚེ་ཡང་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ ་དང་གནོད་པ་ཐམས་ཅད་ཀྱི་གནསུ་གྱུར་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཞེས་བྱའོ།། ཡང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་དུ་དབྱེ་བ་བསྟན་པའི་ཕྱིར། ཀུན་ནས་ཉོན་མོངས་པ་ཡང་རྣམ་པ་སྟེ། ཞེས་རྒྱ་ཆེར་སྨོསོ།། དེ་ལ་ལྟ་བ་ནི། ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཉིད་རྒྱུ་སྟེ། མྱ་ངན་ལ་སོགས་པའི་རྒྱུ་དང་ཡང་སྲིད་པའི་རྒྱུ་ཡིན་པའི་ཕྱིར།། གཞན་དག་ན་རེ་འདོད་ཆགས་ལ་སོགས་པའི་རྒྱུ་ནི་དེའི་རྗེ་སུ་མཐུན་པ་དབང་པོ་དང་ཚུལ་བཞིན ་མ་ཡིན་པ་ཡིད་ལ་བྱེད་པ་དང་། འདོད་ཆགས་ལ་སོགས་པའི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་ཟེ་རོ།། དེར་སྣང་བ་ནི་འདོད་ཆགས་ལ་སོགས་པའི་རྒྱུའོ་ཞེས་དེ་སྐད་ཀྱང་འཛེར་ཏོ།། ཡང་སྲིད་པ་ལ་སྨྱོན་པ་ནི་སྲིད་པ་ཕྱི་མ་འདོད་པའོ།། དེའི ་གཉེན་པོ་ནི་སྟོང་པ་ཉིད་ཤེས་པ་ཞེས་རྒྱ་ཆེར་འབྱུང་བ་དེ་ལ་ལྟ་བ་རྣམས་ཀྱི་གཉེན་པོ་ནི་སྟོང་པ་ཉིད་ཤེས་པ་སྟེ། སྟོང་པ་ཉིད་ཀྱི་ཡུལ་ལ་ཤེས་པ་ནི་འདིར་སྟོང་པ་ཉིད་ཤེས་པའོ།། འདོད་ཆགས་ལ་སོགས་པའི་རྒྱུའི་གཉེན་པོ་ནི་མཚན་མ་མེད་པ་ཤེས་པ་སྟེ། ་མཚན་མ་ཐམས་ཅད་བྲལ་བའི་ཕྱིར་རམ། མཚན་མ་མེད་པ་ཡུལ་དུ་གྱུར་པ་ཤེས་པ་ནི་མཚན་མ་མེད་པ་ཤེས་པ་སྟེ། ཀུན་བརྟགས་འདོད་ཆགས་ལ་སོགས་པའི་སྟོང་པ་ཉིད་ཡུལ་དུ་གྱུར་པའི་ཕྱིར། ཡང་སྲིད་པར་གྱུར་པའི་གཉེན་པོ་ནི་སྨོན་པ་མེད ་པ་ཤེས་པ་སྟེ། ཡང་སྲིད་པར་སྨོན་པ་དང་བྲལ་བ་འམ། ཡང་སྲིད་པའི་སྟོང་པ་ཉིད་ཡུལ་དུ་གྱུར་པ་ཤེས་པ་ནི་སློན་པ་མེད་པ་ཤེས་པའོ།། ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་པའོ་ཞེས་བྱ་བ་ནི་སྲིད ་པ་ལ་འཕེན་པའི་ལས་དགེ་བ་དང་མི་དགེ་བ་གཉིས་སོགས་པ་དང་མངོན་པར་འགྲུབ་པ་མངོན་པར་འདུ་བྱེད་པའོ།། གཉེན་པོ་ནི་མངོན་པར་འདུ་མི་བྱེད་པ་ཤེས་པའོ་ཞེས་བྱ་བ་ནི། ཤེས་པ་གང་གིས་ལས་ཀྱིས་དེའི་ཡང་སྲིད་པ་མངོན་པར་འདུ་མི་བྱེད ་པ་ཤེས་པ་སྟེ། དེའང་དེ་བཞིན་ཉིད་ཡུལ་དུ་གྱུར་པའོ།། ཚེའི་ཀུན་ནས་ཉོན་མོངས་པ་ནི་ཡང་སྲིད་པར་སྐྱེ་བ་ཞེས་བྱ་བ་ནི་ཉིད་མཚམས་སྦྱོར་བའི་སེམ་སོ།། སྐྱེས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་རེ་རེ་ལ་འབྱུང་བ་ཞེས་བྱ་བ་ནི་ཉིད་མཚམས ་བ་ཕན་ཆད་མ་ཤི་ཚུན་ཆད་དོ།། ཡང་སྲེད་པའི་རྒྱུན་ཏོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བཅས་པའི་འཆི་བའི་སྲིད་པ་དང་དེའི་འོག་ཏུ་བར་མ་དོའི་སྲིད་པ་དང་། དེ་ནས་ཡང་སྐྱེ་བའི་སྲིད་པའོ།། གཟུགས་མེད་པའི་སྙོམས་པར་འཇུག་པོ་ཐོབ་པ་རྣམས ་ཀྱི་ནི་འཆི་བའི་སྲིད་པ་དེ་ཉིད་ཀྱི་འོག་ཏུ་སྐྱེ་བའི་སྲིད་པའོ།། དེའི་གཉེན་པོ་ནི་སྐྱེ་བ་མེད་པ་ཤེས་པ་དང་། འབྱུང་བ་མེད་པ་ཤེས་པ་དང་། ངོ་བོ་ཉིད་མེད་པ་ཤེས་པའོ།། ཞེས་བྱ་བ་དེ་ལ་ཆེས་ཐམས་ཅད་ཀུན་བརྟགས་པའི་བདག་ཉིད་ཀྱིས་མ་སྐྱེས་པར་ཤེས་པ་དང་། ་སྟོང་པ་ཉིད་ཡུལ་དུ་གྱུར་པའི་ཤེས་པ་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་ཤེས་པའོ།། ཀུན་བརྟགས་པའི་ཆོས་རྣམས་ཀྱི་སྟོང་པ་ཉིད་ཡུལ་དུ་གྱུར་པའི་ཤེས་པ་ནི་འབྱུང་བ་མེད་པ་ཤེས་པ་སྟེ། དེས་དེ་དག་གིས་འབྱུང་བ་མེད་པ་རྟོག་པའི་ཕྱིརརོ།། མོ ་གཤམ་གྱི་བུ་བཞིན་དུ་མེད་པའི་ཕྱིར་དངོས་པོའི་རྒྱུན་ངོ་བོ་ཉིད་མེད་པ་ཤྭེ་བ་གང་ཡིན་པ་དེ་ནི་ང་ཉིད་མེད་པ་ཤྭེ་བའི།། སྟོང་པ་ཉིད་ཤེ་བ་ལ་སོ།། ཁརྣབ་བདུན་པོ་དེ་དག་ནི་ཇི་སྐད་བཤད་པ་མི་མཐུན་པའི་ཕྱོགས་ལྟ་བ་ལ་སོགས་པ་རྣམ་པ་བདུན་གྱི་གཉེན ་པོའོ།། ཉོན་མོངས་པ་དང་། ལྔས་དང་། ཚེའི་ཀུན་ནས་ཉོན་མོངས་པ་རྣམ་པ་དེ་གསུམ། རྣམ་པ་བདུན་དུ་ཐ་དད་པར་གྱུར་པ་དེ་དགྲ་དང་བྲལ་པ་ནི་རྣམ་པར་བྱང་བ་སྟེ། བྲལ་བ་ནི་སྤངས་པའོ།། གཞན་དག་ནི་དེ་བཞིན་ཉིད་དང་། ལམ་དང་། མྱ་ངན ་ལས་འདས་པ་ནི་རྣམ་པར་བྱང་བ་སྟེ། འདི་ལ་ལམ་འདིས་བྲལ་བ་ནི་བྲལ་བ་སྟེ། དེ་ལྟར་ཚིག་རྣམ་པར་སྦྱར་བ་ཐ་དད་པའི་ཕྱིར། དེ་བཞིན་ཉིད་ལ་སོགས་པ་ནི་རྣམ་པར་བྱེད་པའོ་སྙམ་དུ་སེམ་སོ།། དེ་ལྟར་སྟོང་པ་ཉིད་ཤེས་པ་ལ་སོགས་པས་ཞེས་བྱ་བ ་གས་པའི་སྒྲས་ནི་སྟོང་པ་ཉིད་ཤེས་པ་དང་། མཚན་མ་མེད་པ་ཤེས་པ་དང་། སྨོན་པ་མེད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་དང་། སྐྱེ་བ་མེད་པ་ཤེས་པ་དང་། འབྱུང་བ་མེད་པ་ཤེས་པ་དང་། ངོ་བོ་ཉིད་མེད་པ་ཤེས་པ་ཡོངསསུ ་བསྡུའོ།། ཤེས་བྱ་སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་ཞེས་བྱ་བ་ནི་འདི་ལ་ཡང་སོགས་པའི་སྒྲས་ཤེས་བྱ་སྟོང་པ་ཉིད་དང་། ཤེས་བྱ་མཚན་མ་མེད་པ་ཉིད་དང་། ཤེས་བྱ་སྨོན་པ་མེད་པ་ཉིད་དང་། ཤེས་བྱ་མངོན་པར་འདུ་མི་བྱེད་པ་ཉིད་དང་། ཤེས ་བྱ་སྐྱེ་བ་མེད་པ་དང་། ཤེས་བྱ་འབྱུང་བ་མེད་པ་དང་། ཤེས་བྱ་ངོ་བོ་ཉིད་མེད་པ་ཡོངསུ་གྲུབ་པའི་མཚན་ཉིད་རྣམས་ཡོང་སུ་བསྡུའོ།། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དེ་དག་དང་ཅི་རིགས་པར་སྟོང་པ་ཉིད་ལ་སོགས་པའི་བར་དུ་མི་བྱེད། ཞེས་བྱ ་བ་ནི། ཤེས་བྱ་སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་ནི་བཤད་པ་ཐག་པའི་ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་དག་ཐ་དད་པར་གྱུར་པའོ།། རང་བཞིན་གྱིས་སྟོང་པ་ཉིད་ལ་སོགས་པའོ་ཞེས་བྱ་བ་ནི། སྟོང་པ་ཉིད་ཤེས་པ་ལས། ་པས་སྟོང་པ་ཉི་དུ་མི་བྱེད་པའོ།། ཅི་རིགས་པར་ཞེས་བྱ་བ་ལ། འདིར་རིགས་པས་ནི་འདི་ཡིན་ཏེ། སྟོང་པ་ཉིད་ཤེས་པས་ཤེས་བྱ་སྟོང་པ་ཉིད་ལྟ་བའི་ཀུན་ནས་ཉོན་མོངས་པ་དང་མི་ལྡན་ཞིང་བྲལ་བར་མི་བྱེད། ལྟ་བའི་སྟོང་པ་ཉིད་ནི་བདག་ཉིད་ཀྱིས་ལྟ་བའི་ངོ ་མ་ཡིན་པའི་ཕྱིརརོ།། དེ་བཞིན་དུ་མཚན་མ་མེདོ་པ་ཤེས་པས་ཤེས་བྱ་མཚན་མ་མེད་པ་འདོད་ཆགས་ལ་སོགས་པའི་མཚན་མ་རྣམས་དང་བྲལ་བར་མི་བྱེད། འདོད་ཆགས་ལ་སོགས་པའི་མཚན་མའི་སྟོང་པ་ཉིད་ནི། བདག་ཉིད་ཀྱི་མཚན་མ་མེད་པའི་ཕྱིརརོ།། ་སྨོན་པ་མེད་པ་ཤེས་པས་ཤེས་བྱ་སྨོན་པ་མེད་པར་མི་བྱེད། སྟོན་པའི་སྟོང་པ་ཉིད་ནི་རང་བཞིན་གྱིས་སྨོན་པ་མེད་པའི་མཚན་ཉིད་ཡིན་པའི་ཕྱིརརོ།། མངོན་པར་འདུ་མི་བྱེད་པ་ཤེས་པས་ཤེས་བྱ་མངོན་པར་འདུ་མི་བྱེད་པར་མི་བྱེད། མངོན་པར་འདུ་བྱེད་པའི་སྟོང་པ་ཉིད ་ནི་རང་བཞིན་གྱིས་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིརོ།། སྐྱེ་བ་མེད་པ་ཤེས་པས་ཤེས་བྱ་སྐྱེ་བ་མེད་པར་མི་བྱེད། སྐྱེ་བ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྐྱེ་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིརརོ།། འབྱུང་བ་མེད་པ་ཤེས་པས་ཤེས་བྱ ་འབྱུང་བ་མེད་པར་མི་བྱེད། སེམས་དང་སེམས་ལས་འབྱུང་བ་སྐད་ཅིག་རེ་རེ་ལ་འབྱུང་བའི་སྟོང་པ་ཉིད་ནི། རང་བཞིན་གྱིས་འབྱུང་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར།། ངོ་བོ་ཉིད་མེད་པར་ཤེས་པས་ཤེས་བྱ་ངོ་བོ་ཉིད་མེད་པར་མི་བྱེད། ཡང་སྲིད་པོའི ་ངོ་བོ་ཉིད་ནི་རང་བཞིན་གྱིས་ངོ་བོ་ཉིད་མེད་པའི་ཕྱིར།། ཡང་ན་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དེ་དག་དང་ཅི་རིགས་པར་ཞེས་རྒྱ་ཆེར་སྨོས་པ་ནི། ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་རྣམ་པ་བདུན་དུ་ཕྱེ་བ་དང་ཤེས་བྱ་སྟོང་པ་ཉིད ་ལ་སོགས་པའི་ཆོས་རྣམས་ཀྱི་ནང་ནས་ཆོས་གང་ཀུན་ནས་ཉོན་མོངས་པ་ཐ་དད་པ་གང་དང་སྦྱར་བར་རིགས་པའི་ཆོས་དེ་ནི་སྟོང་པ་ཉིད་ཤེས་པ་ལ་སོགས་པས་སྟོང་པ་ཉིད་དུ་མི་བྱེད་ཀྱི་ཤེས་པར་བྱ་བ་ཉིད།། དེ་ལ་ལྟ་བའི་ཀུན་ནས་ཉོན་མོངས་པ ་ནི་སྟོང་པ་ཉིད་ཤེས་པ་དང་སྦྱརོ།། དེ་བཞིན་དུ་ཡང་སྲིད་པའི་རྒྱུན་ནི་ངོ་བོ་ཉིད་མེད་པ་ཤེས་པ་དང་སྦྱར་བའི་བར་དུའོ།། ཅིའི་ཕྱིར་མི་བྱེད་ཅེ་ན། འདི་ལ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མ་གྱུར་པའི་ཕྱིར། དེ་དག་རང་བཞིན་གྱི་སྟོང་པ ་ཉིད་ལ་སོགས་པའོ།། དེ་ལ་ལྟོ་བ་རྣམས་ནི་སྟོང་པ་ཉིད་ཤེས་པས་སྟོང་པར་མི་བྱེད། དེ་དག་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།། འདོད་ཆགས་ལ་སོགས་པའི་རྒྱུ་ནི་མཚན་མ་མེད་པ་ཤེས་པས་མཚན་མོ་མེད་པར་མི་བྱེད། ཆོས་ཀྱི ་དབྱིངས་རང་བཞིན་གྱིས་མཚན་མ་མེད་པའི་ཕྱིརརོ།། དེ་བཞིན་དུ་ཡང་སྲིད་པའི་རྒྱུན་ནི་ངོ་བོ་ཉིད་མེད་པར་ཤེས་པས། ངོ་བོ་ཉིད་མེད་པར་མི་བྱེད་པའི་བར་དུ་སྟེ། འདི་ལྟར་གཉེན་པོ་མ་སྐྱེས་ཀྱང་ཀུན་བརྟགས་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་པ་ཉིད།། དེ་གང་གི་ཕྱིར ་དེ་ལྟ་བུར་གྱུར་པ་དེའི་ཕྱིར། གལ་ཏེ་ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་དག་པར་འགྱུར་བའོ་སྙམ་དུ་རྟོག་པ་འདི་ནི་མཐའ་སྟེ། ཅིའི་ཕྱིར་ཞེ་ན་དེའི་ཕྱིར། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ལ་ནི་ཉོན་མོངས།། ་པ་དང་། རྣམ་པར་དག་པ་མེད་པའི་ཕྱི་རོ་ཞེས་བྱ་བ་སྨོས་ཏེ། ན་མཁའ་བཞི་ནོ།། མཐའ་དེ་གཉིས་ཡོངསུ་སྤང་བར་བྱ་བའི་ཕྱིར་དབུ་མའི་ལམ་སྟེ་གང་སྟོང་པ་ཉིད་རིག་པའི་བདག་ཉིད་ཀྱིས་ཤེས་བྱ་སྟོང་པ་ཉིད་ལ་སོགས་པའི་ཆོས་ཡོངསུ་གྲུབ་པའི་ངོ་བོ་ཉིད་ཀྱིས ་བདག་ཉིད་རྣམས། དེའི་མི་མཐུན་པའི་ཕྱོགས་གཞན་གྱི་དབང་གི་ངོ་བོ་ཉིད་ལྟ་བ་ལ་སོགས་པ་དང་བྲལ་བར་སྟོང་པར་མི་བྱེད་ཀྱི་རིག་པ་མ་སྐྱེསུ་ཟིན་ཀྱང་ལྟེ་བའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ཉིད་ཀྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའོ།། དེ་བཞིན་དུ་གང་མཚན ་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད། ཆོས་རྣམས་ཉིད་ཀྱིས་མཚན་མ་མེད་པ་ནས། ངོ་བོ་ཉིད་མེད་པས་ཆོས་རྣམས་ངོ་བོ་ཉིད་མེད་པར་མི་བྱེད། ཆོས་རྣམས་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་བར་དུའོ།། གང་དག་དེ་ལྟར་སོར་རྟོག་པ་འདི་ནི་འོད་སྲུངས་ཆོས།། ་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ།། དེ་བཞིན་དུ་རིག་པ་ཡོད་པ་དང་། དེའི་མི་མཐུན་པའི་ཕྱོགས་ཡོད་པ་ཡང་ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བར་བསྟན་པས། སྒྲོ་བརྟགས་པ་དང་སྐུར་པ་འདེབས་པའི་མཐའ་སྦྱངས་པ་ཡི་ནོ།། གང་རྟག་ཏུ་འདས ་བའི་རྣམ་པར་རྟོག་པའི་རབ་ཏུ་དབྱེ་བ་དེ་ལ་ས་འདི་ནི་གཞན་ཡིན་ཏེ། རྣམ་པར་རྟག་པའི་མཐའ་གཉིས་རྣམ་པ་བདུནོ།། རྣམ་པར་རྟོག་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། འདི་ལྟ་སྟེ། དངོས་པོ་ཡོད་པར་རྣམ་པར་རྟོག་པ་ཡང་མཐའོ།། དངོས་པོ་མེད་པར་རྟོག་པ ་ཡང་མཐའོ་ཞེས་བྱ་བ་སྨོས་ཏེ་ཇི་ལྟ་ཞེ་ན་དེའི་ཕྱིར། གང་ཟག་ཡོད་དེ་གཞིག་པའི་ཕྱིར་སྟོང་པ་ཉིད།། ཡང་ན་བདག་མེད་པ་ཡང་མེདོ་སྙམ་དུ་རྟོགས་པའི་ཕྱིར་སྟེ་ཞེས་བྱ་བ་སྐྱེ་སོ།། གལ་ཏེ་ཆོས་རྣམས་རང་བཞིན་གྱིས་སྟོང་པའི་ཕྱིར་སྟོང་པ་ཉིད་ཀྱི་སྟོང་པར་མི་བྱེད་ན་དེས ་ན་གང་ཟག་ཡོད་གཞིག་པའི་ཕྱིར་སྟོང་པ་ཉིད།། ཡང་ན་གང་ཟག་མེད་པའི་ཕྱིར་བདག་མེད་པ་ཡང་མེད་པར་འགྱུར་ཏེ། གཉེན་པོ་ནི་མི་མཐུན་པའི་ཕྱོགས་མེད་པ་མ་ཡི་ནོ།། དེ་བས་ན་གདོན་མི་ཟ་བར་གང་ཟག་ཡོད་པ་འམ། བདག་མེད་པར་ཡང་མེད་པར་ཤེས་པར་བྱའོ།། ་ཞོ་ནད་དོ་མེད་པར་ཡང་རྣམ་པར་རྟོགས་པའི་མཐའོ།། ཡོད་པ་དང་མེད་པར་རྣམ་པར་རྟོག་པའི་མཐའ་འདི་གཉིས་སྤང་བའི་ཕྱིར་དབུ་མའི་ལམ་འདི་སྟེ། འོད་སྲུངས་གང་ཟག་རྣམ་པར་གཞིག་པའི་ཕྱིར། སྟོང་པ་ཉིད་མ་ཡིན་གྱི་སྟོང་པ་ཉིད་ཀྱིས་སྟེང་ཞེས་མདོ ་ལས་རྒྱ་ཆེར་འབྱུང་བའོ།། དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་གང་ཟག་རྣམ་པར་གཞིག་པ་དང་། རྣམ་པར་བྱང་བའི་གང་ཟག་བསྐྱེད་པར་བྱ་བའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱི། གང་ཟག་བསྐྱེད་པར་བྱ་བ་དང་། གཞིག་པར་བྱ་བའི་དངོས་པོ་མེད་པའི་ཕྱིར། དམག ་ལ་སོགས་པ་བཞིན་བཏགས་པར་ཡོད་པས་སྟོང་པ་ཉིད་ཀྱིས་སྟོང་གི། འཇིག་ཚོགས་ལ་ལྟ་བས་གང་ཟག་ཏུ་སྒྲོ་བཏགས་པས་ནི་མ་ཡིན་ཏེ། དེ་ནི་གཏན་མེད་པའི་ཕྱིརརོ།། དེ་ལྟར་བྱས་ན་གང་ཟག་དང་ཆོས་ཀྱི་བདག་ཉིད་ཀྱི་སྟོང་པ་ཉིད་དངོས་པོ་མ་ཡིན་གྱི ་དེ་དང་བྲལ་བའི་ཕྱིརརོ།། ཡོངསུ་གྲུབ་པའི་བདག་ཉིད་ཀྱིས་ནི་དངོས་པོ་མེད་པ་མ་ཡིནོ།། སྟོང་པ་དེ་ཡོངསུ་འགྲུབ་པའི་བདག་ཉིད་དུ་བསྟན་པའི་ཕྱིར། སྔོན་གྱི་མཐའ་སྟོང་པ། ཕྱི་མོའི་མཐའ་སྟོང་གང་ལྟར་བྱུང་བ་སྟོང་པ་ཞེས་བྱ་བ་སྨོས་ཏེ། དུས་གསུམ་ཆར་དུ་ཡང་དེ ་བཞིན་དུ་ཡོད་པར་བསྟན་པའོ།། ཡང་ན་སོ་སོའི་སྐྱེ་བོ་དང་། སློབ་པ་དང་མི་སློབ་པའི་དུས་དག་ནའང་དེ་བཞིན་དུ་ཡོད་པར་བསྟན་པ་སྟེ། དེ་ལ་སོ་སོའི་སྐྱེ་བོའི་དུས་ནི་སྔོན་གྱི་མཐའོ།། མི་སློབ་པའི་དུས་ནི་ཕྱི་མའི་མཐའོ།། སློབ་པའི་དུས་ནི་ད་ལྟར་བྱུང་བའི་མཐའོ། ་གང་གི་ཕྱིར་དེ་ལྟར་ཡིད་པ་དང་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་པ་དེའི་ཕྱིར་འོད་སྲུངས་སྟོང་པ་ཉིད་ལ་བརྟེན་པར་བྱའོ་ཞེས་གསུངས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པར་བསྟོན་ཏོ།། གང་ཟག་ལ་ནི་མ་ཡིན་ཞེས་བྱ་བ་ནི་བརྗོད་པ་ཙམ ་དུ་ཟད་པའི་ཕྱིརརོ།། ཞི་བར་བྱ་བར་རྣམ་པར་རྟོག་པ་ཡང་མཐའོ།། ཇི་ལྟ་ཞེ་ན་དེའི་ཕྱིར། སྤང་བར་བྱ་བ་དང་སྤོང་བར་བྱེད་པར་རྟོག་པས་སྟོང་པ་ཉིད་ཀྱིས་སྐྲག་པའི་ཕྱིརརོ་ཞེས་བྱ་བ་སྨོསོ།། དེ་ལ་ཞི་བར་བྱ་བ་ནི་སྤང་བར་བྱའོ།། ཞི་བར་བྱེད་པ་ནི་སྤོང་བར་བྱེད་པ ་སྟེ། ཆོས་རྣམས་ནི་སྤང་བར་བྱ་བ་ཉིད། སྟོང་པ་ཉིད་ནི་སྤོང་བར་བྱེད་པ་བརྟགས་ནས་སྟོང་པ་ཉིད་ལ་སྐྲག་པ་སྐྱེའོ།། ཇི་ལྟ་ཞེ་ན་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ནི་སྦྱང་བར་བྱི་བུ་ཡིན་ན། གལ་ཏེ་དེ་རང་བཞིན་གྱི་སྟོང་པ་ལྡ་ན་གོ།། དེའི་ཕྱིར་གང་ཟག་སྤང ་བར་བྱ་བ་མ་ཡིན་པར་འགྱུརརོ།། སྤང་བར་བྱ་བ་མེད་ན་སྤོང་བར་བྱེད་པ་ཡང་མེདོ་ཞེས་སྟོང་པ་ཉིད་ཀྱི་སྐྲག་པ་སྐྱེ་སྟེ། འོདི་ཡང་མཐའ་ཉིད། ཅིའི་ཕྱིར་ཞེ་ན། གཟུགས་དང་ཚོར་བ་ལ་སོགས་པོའི་ཆོས་ཇི་ལྟར་རྣམ་པར་ཤེས་པའི་བདག་ཉིད་ལ་སྣང་བ་དེ་བཞིན་དུ་དེ་དང ་རྫ་སུ་ཡད་ཞེས་མངོན་པར་ཆགས་ཏེ། ཀུན་བརྟགས་པའི་ངོ་བོའི་གཟུགས་ལ་སོགས་པ་དེ་དག་བདག་བཞིན་དུ་རང་བཞིན་གྱིས་མེད་པར་མ་ཤེས་ནས་སྟོང་པ་ཉིད་ཀྱི་སྐུའོ།། དེ་བས་ན་རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངསུ་སྤོང་བར་བྱ་བའི་ཕྱིར། དཔེ ་ན་མཁའ་སྟེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ན་མཁའ་ལ་སྐྲག་ཅིང་འཇིགས་ནས་བྲང་བརྡུང་ཞི་ང་སྟེ། ན་མཁའ་ནི་སོལ་ཞེས་དེ་སྐད་ཟེར་མ་འོད་སྲུངས་དེ་ཇི་སྙམ་དུ་སེམས། ནམ་མཁའ་དེ་གསལ་བར་ནུས་སམ། གསོལ་པ། བཅྡོཾས་དེ་ནི་རྔོ་མི་ཐོག་ལ་གསོ ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་ངམ་བྲམ་ཟེ་གང་དག་སྟོང་པ་ཉིད་ཀྱི་སྐྲག་རབ་ཏུ་སྐྲག་ན། དེ་དག་ནི་སེམས་འཁྲུགས་པ་ཆེན་པོར་གྱུར་ཏོ་ཞེས་ང་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་དེ་དག་སྟོང་པ་ཉིད་ལ་སྤྱོད་ན། ་དེ་ཉིད་ཀྱིས་འཇིགས་པའི་ཕྱིརརོ་ཞེས་འབྱུང་བའོ།། དེ་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཇི་ལྟར་ན་མཁའ་གཟུགས་ཐམས་ཅད་ཀྱིས་རྗེསུ་སོང་བས་གསལ་བར་མི་ནུས་པ་དེ་བཞིན་དུ། ཆོས་ཐམས་ཅད་ལ་སྟོང་པ་ཉི་དུས་ཐམས་ཅད་གནས་པར་གསལ ་བར་མི་ནུས་ཏེ། ཆོས་མ་སྤངས་སྟོང་པ་ཉིད་གནས་པ་ལས་གསལ་བར་ཡང་མི་ནུས་ལ། ཆོས་གསལ་བས་སྟོང་པ་ཉིད་བཞག་པ་ཡང་མ་ཡིནོ།། དེའི་ཕྱིར་འདི་ནི་སྐྲག་པའི་གནས་མཱ་ཡིནོ་ཞེས་སྟོན་ཏོ།། སྐྲག་པར་བྱ་བར་རྣམ་པར་རྟོག་པ་ཡང་མཐའོ།། ་སྐྲག་པར་བྱ་བ་དེ་ལས་འཇིགས་པར་རྣམ་པར་རྟོག་པ་ཡང་མཐའ་སྟེ། གང་ལས་འཇིགས་པར་འགྱུར་བ་དེ་ནི་སྐྲག་པར་འགྱུར་བའོ་ཞེས་བྱའོ།། དེ་ལས་འཇིགས་པ་བྱུང་བས་ན་འཇིག་པ་སྟེ། དེ་ལས་མི་འདོད་པའི་འབྲས་བུའོ།། སྐྲག་པར་བྱ་བ་དེ་དང་། ་འཇིགས་པ་དེ་ལ་གང་རྣམ་པར་རྟོག་པ་དེ་ནི་མཐའ་སྟེ། ཇི་ལྟ་ཞེ་ན་དེའི་ཕྱིར། སྡུག་བསྔལ་གྱིས་ཁོང་སྦྲེངས་པས་ཀུན་བརྟགས་པའི་གཟུགས་ལོ་སོགས་པ་ལ་སྐྲག་པའི་ཕྱིརརོ་ཞེས་བྱ་བ་སྨོསོ།། བྱིས་པ་ནི་ཀུན་བརྟགས་པའི་ངོ་བོ་གཟུགས་ལ་སོགས་པ ་ལ་དངོས་པོར་ཀུན་བརྟགས་ནས། དེ་དག་ལ་ནི་འདོད་པའི་འབྲས་བུ་འཇིགས་པར་རྣམ་པར་རྟོག།། དེའི་ཕྱིར་སྡུག་བསྔལ་གྱིས་ཁོང་སྤངས་པས། གཟུགས་ལ་སོགས་པ་དེ་དག་དང་། དེའི་མཚན་མི་རྣམས་ཀྱིས་འཇིགས་ཤིང་སྐྲག་པར་འགྱུརརོ།། རྣམ་པར་རྟོག་པའི ་མཐའ་དེ་གཉིས་ཡོངསུ་སྤང་བའི་ཕྱིར་དཔེ་རི་མོ་མཁན་ཏེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རི་མོ་མཁན་ཞིག་བདག་ཉིད་ཀྱིས་གནོད་སྦྱིན་གྱི་གཟུགས་འཇིགས་འཇིགས་ལྟ་ཞིག་བྲིས་ནས། དེས་འཇིག་སྐྲག་ཏེ། ཁ་བུབ་ཏུ་འགྱེལ་ནས་བརྒྱལ་བར་གྱུར། ་པ་དེ་བཞིན་དུ་འོད་སྲུངས་བྱིས་པ་སོ་སོའི་སྐྱེ་བོ་རྣམས། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་བདག་ཉིད་ཀྱིས་བྱས་པ་དེ་དག་གིས་འཁོར་བ་ན་འཁོར་ཡང་། ཆོས་དེ་དག་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེསོ་ཞེས་འབྱུང་བའོ།། ཇི ་ལྟར་རི་མོ་མཁན་གྱིས་བདག་ཉིད་ཀྱིས་གནོད་སྦྱིན་གྱི་གཟུགས་འཛེགས་འཇིགས་ལྟ་ཞིག་བྲིས་པ་ལ་ལོག་པར་རྣམ་པར་རྟོག་པས། གནོད་སྦྱིན་གྱི་དངོས་པོ་ཡང་དག་པའོ་སྙམ་དུ་སྒྲོ་བཏགས་ཏེ། དེས་བསྐྲག་ནས་བརྒྱལ་བར་འགྱུར་བ་དེ ་བཞིན་དུ། བྱིས་པ་ལོག་པར་རྣམ་པར་རྟོག་པ་ལ་ཞུགས་པ་སྐད་ཅིག་གི་གནས་སྐབས་པ་ཐམས་ཅད་ནི། བདག་ཉིད་ཀྱིས་བྱས་པ་ཞེས་བྱ་བ་བདག་ཉིད་ཀྱིས་རྣམ་པར་བརྟགས་པ་བདག་གི་འཁོར་ན་འཁོར་ཏེ། རིགས་མཐུན་པར་སྐད་ཅིག་ཀྱང ་མི་གནས་པའི་ཕྱིརརོ།། དཔེ་ལྔ་མ་ནི་ཉན་ཐོས་ལ་སོགས་ལས་བརྩམས་པའོ།། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་པའོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་ཉན་ཐོས་ནི་སྟོང་པ་ཉིད་ཡོངསུ་འདྲིས་པར་མ་བྱས་པས་སྟོང་པ་ཉིད་ཀྱིས་སྐྲ་གོ།། བྱང ་ཆུབ་སེམས་དཔའ་ནི་ཀུན་བརྟགས་པའི་ཆོས་ལ་རྣམ་པ་ཀུན་ནས་ཉོན་མོངས་པ་སྟེ། རྣམ་པར་རྟོག་པ་ནི་ཉོན་མོངས་པའི་ཕྱིརརོ་ཞེའོ།། གཞན་དག་ན་རེ་འདི་གཉིས་ལ་དོན་དུ་བྱེ་བྲག་མེད་མོད་ཀྱི། རིས་གཉིས་ཀྱིས་དབོང་གིས་གཉིསུ་བརྗོད་ཞེའོ།། གཞན ་དག་ན་རེ་ཉན་ཐོས་ནི་སྟོང་པ་ཉིད་ཀྱིས་སྐྲག་པའི་ཕྱིར་རྟོགས་པར་བྱ་བ་མ་རྟོག་སོ།། བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་བརྟགས་པའི་ཆོས་ཀྱིས་སྐྲག་པའི་ཕྱིརརོ་ཞེའོ།། ཁ་ཅིག་ན་རེ་སྔ་མ་ནི་བདག་ཏུ་འཛིན་པའི་གཉེན་པོའོ།། འདི་ནི་ཆོསུ་འཛིན་པའི ་གཉེན་པོའོ་ཞེའོ།། གཟུང་བར་རྣམ་པར་རྟོག་པ་ཡང་མཐའོ།། འཛིན་པར་རྣམ་པར་རྟོག་པ་ཡང་མཐའོ།། གཟུང་བ་དང་གཟུགས་ལ་སོགས་པ་དང་། དེ་ལ་འཛིན་པ་རྣམ་པར་ཤེས་པའི་ཚོགས་དེ་དག་རང་གི་མཚན་ཉིད་དང་འབྲས་བུས་ཤེས ་ར་ཡོད་བཞིན་དུ། བདག་ལ་སོགས་པ་དང་འདྲ་བར་སྒྲོ་བཏགས་པའི་བདག་ཉི་དུ་ཇི་ལྟར་འགྱུར་ཞེས། དེ་ལྟར་གཟུང་བ་དང་འཛིན་པ་གཉིས་ལ་དངོས་པོར་ཡོང་སུ་རྟོག་པ་ནི་འདིར་མཐར་འདོད་དོ།། རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོང་སུ་སྤང་བའི ་ཕྱིར་དཔེ་སྒྱུ་མ་བྱེད་པ་སྟེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྐྱེ་མ་བྱེད་པའི་མི་ཞིག་གིས་སྒྱུ་མ་སྤྲུལ་པ་སྤྲུལ་ནས། སྒྱུ་མ་སྤྲུལ་པ་དེས་སྒྱུ་མ་བྱེད་པ་དེ་ཉིད་ཟློས་པ་དེ་བཞིན་དུ། འོད་སྲུངས་དགེ་སློང་རྣལ་འབྱོར་སྤྱོད་པ་དམིགས་པ་གང་དང་གང་ཡིད་ལ ་བྱེད་པ་དེ་དྲོག་ཐམས་ཅད་དེ་ལ་གསོག་ཏུ་སྣང་ངོ་ཞེས་རྒྱ་ཆེར་འབྱུང་བའོ།། ཇི་ལྟར་འདི་ས་རྣམ་པར་རྟོག་པའི་མཐའ་འདི་གཉིས་ཡོངསུ་སྤོང་ཞེ་ན། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་ཤེས་པས་དོན་དངོས་པོ་མེད་པར་ཤེས་པར་བྱས་ནས། དོན ་དངོས་པོ་མེད་པར་ཤེས་པ་དེས་ཀྱང་རྣམ་པར་རིག་པ་ཙམ་དུ་ཤེས་པ་དེ་ཉིད་རྣམ་པར་བཟློག། དོན་དངོས་པོ་མེད་ན་རྣམ་པར་ཤེས་པ་མི་སྲིད་པའི་ཕྱིར་ཏེ། དེ་ལྟར་ན་འདི་ནི་འདིར་མཚུང་སོ་ཞེས་བྱ་བ་སྨོས་ཏེ། སྒྱུ་མ་བྱེད་པ་ལྟ་བུ་ནི་རྣམ་པར་རིག་པ ་ཙམ་དུ་ཤེས་པའོ།། སྤྲུལ་པའི་གནོད་སྦྱིན་ལྟ་བུ་ནི་དོན་དངོས་པོ་མེད་པར་ཤེས་པ་ནི་རྣམ་པར་རིག་པ་ཙམ་དུ་ཤེས་པས་རབ་ཏུ་ཕྱེ་བའི་ཕྱིརརོ།། ཇི་ལྟར་སྤྲུལ་པ་བྱེད་པ་སྤྲུལ་པ་ཟོས་པ་དེ་བཞིན་དུ། དོན་དངོས་པོ་མེད་པར་ཤེས་པས་ཀྱང་རྣམ་པར་རིག་པ ་ཙམ་དུ་ཤེས་པ་དེ་ཉིད་ཟོས་ཏེ། དོན་ལ་དམིགས་པ་ནི་རྣམ་པར་རིག་པ་ཤེས་བྱ་བས། དོན་མེད་ན་རྣམ་པར་རིག་པ་ཙམ་ཡང་མེད་པའི་ཕྱིརརོ།། ཡང་དག་པ་ཉིད་རྣམ་པར་རྟོག་པ་ཡང་མཐུའོ།། ལོག་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའ་སྟེ། ངེས་པར་འབྱེད་པའི་ན་དང ་མཐུན་པའི་དུས་ན། ཡང་དག་པར་སོ་སོར་རྟོག་པ་ན་ཡང་དག་པ་ཉི་དུ་འམ། ལོག་པ་ཉིད་རྟོགས་པའི་མཐའ་གཉིས།། ཇི་ལྟ་ཞེ་ན། ཡང་དག་པ་ཉིད་ནི་ཟག་པ་མེད་པའི་ཆོས་རྣམ་སོ།། ལོག་པ་ཉིད་ནི་ཟག་པ་དང་བཅས་པའི་ཆོས་རྣམ་སོ།། དེ་ལ་གལ་ཏེ་སོ ་ཡང་དག་པར་རྟོག་པ་ན་ཡང་དག་པ་ཉིད་ཆགས་ན། དེ་ལྟ་ན་ནི་ཟག་པ་དང་བཅས་པའི་དགེ་བ་དང་། ཡང་དག་པར་སོ་སོར་རྟོག་པར་མི་འགྱུར་རོ།། ཅི་སྟེ་ཡང་དག་པ་མ་ཡིན་པའི་མཚན་ཉིད་ཁོ་ནའོ་སྙམ་ན། དེ་ལྟ་ན་ཡང་ཁམས་གསུམ་དང་ལྡན་པའི ་དགེ་བ་བཞིན་དུ་ལོག་པ་ཉིད་དུ་འགྱུར་ཏེ། མཐའ་དེ་གཉིས་ཡོངསུ་སྤངས་པའི་ཕྱིར། དཔེ་ཤིང་གཉིས་ལས་མེ་འབྱུང་བ་དེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུང་བ་ལས་མཱ་བྱུང་སྟེ། བྱུང་མ་ཐག་ཏུ་ཤཱིང་དེ་གཉིས་ཚིག་པར་བྱེད་པ་དེ་བཞིན ་དུ་འོད་སྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། སྐྱེས་མ་ཐག་ཏུ་ཡང་དག་པར་སོ་སོར་རྟོག་པ་ཉིད་ཚིགས་པར་བྱེདདོ།། ཞེས་འབྱུ་།། དེའི་དོན་ནི་འདྲི་ཡིན་ཏེ། དཔེར་ན་མེའི་མཚན་ཉིད་མ་ཡིན་པ་ཤིང་གཉིས་ལུས་མེ ་འབྱུང་སྟེ། བྱུང་ནས་ཀྱང་ཤིང་གཉིས་ཚིག་པར་བྱེདོ།། དེ་བཞིན་དུ་ཡང་དག་པ་ཉིད་ཀྱིས་མཚོན་ཉིད་མ་ཡིན་པ་ཡང་དག་པར་སོ་སོར་རྟོག་པ་ལས། ཡང་དག་པ་ཉིད་ཀྱི་མཚན་ཉིད་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། སྐྱེས་ནས་ཀྱང་ཡང་དག་པར་སོར་རྟོག་པ ་ཉིད་ཚིག་པར་བྱེད། རྣམ་པར་འཇིག་པར་བྱེད་ཅེས་བྱ་བའི་ཐ་ཚི་གོ། རྣམ་པར་འཇིག་པ་དེ་ཡང་ཚིག་པ་དང་འདྲ་བར་བྱེད་པས་ན་ཚིག་པར་བྱེད་ཅེས་བྱ་སྟེ། གྱུར་པར་མཐོང་བའི་ཕྱིརོ།། ཡང་དྲག་པར་སོ་སོར་རྟོག་པ་འདི་ཟག་པ་དང་བཅས་པ་ཡིན། ་ཡང་ཡང་དག་པ་ཉིད་ཀྱི་རྗེ་སུ་མཐུན་པའི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བར་སྟོན་ཏོ།། བྱེད་པར་རྣམ་པར་རྟོག་པ་ཡོང་མཐའོ།། མི་བྱེད་པ་རྣམ་པར་རྟག་པ་ཡང་མཐའ་སྟེ། ཇི་ལྟ་ཞེ་ན་དེའི་ཕྱིར། ཡེ་ཤེས་ནི་བློ་སྔོན་དུ་འགྲོ་བས་བྱེད་པ་འམ། མཐུ་མེད ་པཔར་རྟོག་པའོ་ཞེས་བྱ་བ་སྨོསོ།། གལ་ཏེ་ཡེ་ཤེས་འདིས་མི་ཤེས་པ་སྤོ་ངོ་སྙམ་དུ་རྟོགས་ནས་དེ་སྤང་བའི་ཕྱིར་འཇུག་ཞེས་བྱ་བ་འདི་ནི། བྱེད་པའི་རྣམ་པར་རྟོག་པའི་མཐའོ།། ཡེ་ཤེས་ནི་སྐད་ཅིག་པ་ཡིན་པས་སྤྱོད་པ་བྱེད་པའི་དུས་ནི་མི་སྲིད། དེ་བས་ན ་མི་ཤེས་པ་སྤང་བའི་མཐུ་མ་དོ་ཞེས་བྱ་བ་འདི་ནི་མི་བྱེད་པར་རྣམ་པར་རྟོག་པའི་མཐའོ།། རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངསུ་སྤང་བའི་ཕྱིར་དཔེ་མར་མེ་སྟེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མར་མེ་བྱུང་ནི་མུན་པོ་མུན་ནུག་ཐཾད་མེད་པར་འགྱུར ་འོད་སྲུངས་མར་མེ་འདི་ལྟར་བདག་གི་མུན་པ་མུན་ནག་ཐམས་ཅང་བས་ལོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་མར་མེ་ལ་བརྟེན་ནས་མུན་པ་མུན་ནག་མེད་པར་འགྱུར་པ་དེ་བཞིན་དུ། འོད་སྲུངས་ཡེ་ཤེས་སྐྱེས་ན་ནི་མི་ཤེས་པ་མེད་པར་འགྱུར་ཏེ། ་ཡེ་ཤེས་ནི་འདི་སྙམ་དུ་བདག་གིས་མི་ཤེས་པ་བསལ་ཏོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་ཡེ་ཤེས་ལ་བརྟེན་ནས། མུན་པ་མེད་པར་འགྱུརརོ་ཞེས་འབྱུང་བའོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ། དཔེར་ན་མར་མོ་ནི་བྱེད་པས་སྟོང་ཞིང་མུན་པ་མུན ་ནག་བསལ་བར་བསམ་པ་མེད་ཀྱང་། ཕྱོགས་གང་དུ་བྱུང་བའི་ཕྱོགས་དེར་མུར་མེ་ཡོད་པ་ཙམ་གྱི་མུན་པ་མུན་ནག་ཐད་མེད་པར་འགྱུ་རོ།། དེ་བཞིན་དུ་རྒྱུད་གང་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པར་གྱུར་མ་དེ་ཡོད་པ་ཙམ་གྱིས་རྒྱུ་དེ་ལས་མི་ཤེས ་པ་མེད་པར་འགྱུར་ཏེ། ཡེ་ཤེས་ནི་རྣམ་པར་མི་རྟོག་པ་དང་། བྱེད་པ་མེད་པའི་ཕྱིརརོ།། དེ་ལྟར་ཡེ་ཤེས་ནི་བྱེད་པའི་མཐུ་མེད་ལ། མར་མེ་བཞིན་དུ་ཡོད་པ་ཙམ་གྱི་མི་མཐུན་པའི་ཕྱོགས་སེལ་ཏོ།། སྐྱེ་བ་མེད་པར་རྣམ་པར་རྟོག་པ་ཡང་མཐའོ།། དུས་མཉམ་པ་ཉིད་དུ་ཚུར ་རྟོག་པ་ཡང་མཐའོ།། ཇི་ལྟ་ཞེ་ན་དེའི་ཕྱིར། གལ་ཏེ་གཉེན་པོ་མ་སྐྱེས་པ་འམ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་དུས་ཇི་སྲི་སྔོན་གཉེན་པོ་མ་སྐྱེས་པ་དེ་བཞིན་དུ་ང་ཡང་མི་སྐྱེའོ་སྙམ་པ་འདི་ནི་སྐྱེ་བ་མེད་པར་རྟོག་པའི་མཐའོ།། ཡང་ན་ཀུན་ནས་ཉོན་མོངས་པ་ཡུན་རིང ་བ་ཉི་དུ་རྟོག་པ་ཞེས་བྱ་བ་ནི་མི་ཤེས་པ་དང་། ཡེ་ཤེས་མི་མཐུན་པོར་གནས་པས་ཡེ་ཤེས་འབྱུང་བའི་མཐུ་མེད་དོ།། ཇི་སྟེ་རྒྱལ་སྐྱེསུ་ཟིན་ནོ་ཡང་མི་ཤེས་པ་དེ་ཡུན་རིང་པོ་ནས་གནས་གནོས་པའི་ཕྱིར། ཡེ་ཤེས་སྐད་ཅིག་པ་དེས་གསལ་བར་བྱ་མི་ནུསོ།། དེ་བས ་ན་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་དུས་མཉམ་པ་ཉིད་སྙམ་པའི་རྣམ་པར་རྟོག་པའི་མཐའ་དེ་ཉིད་ཡོངསུ་སྤང་བའི་ཕྱིར་མར་མེའི་ཕྱིར་མར་མེའི་དཔེ་གཉིས་པ་སྟེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཁྱིམ་མམ་ཁང་པ་འམ་ཁང་ཕྲན་ལོ་བརྒྱ་སྟོང་འདས་པར ་སུས་ཀྱང་ལན་འགའ་ཡང་མར་མེ་མ་བུས་པ་དེར་མི་ལ་ལ་ཞིག་གིས་མར་མེ་བུས་ན། འོད་སྲུངས་དེ་ཇི་སྙམ་དུ་སེམས། མུན་པ་མུན་ནག་དེ་འདི་ལྟར་བདག་ནི་ལོ་བརྒྱ་སྟོང་དུ་བསགས་པ་ཡིན་ཏེ། བདག་འདི་ནས་མི་འགྲོའོ་སྙམ་དུ་སེམས་སམ། གསོལ་པ་བཅྡོཾས ་མི་སེམས་ཏེ། མར་མེ་བྱུང་ན་མུན་པ་མུན་ནག་ལ་མི་འཆི་བའི་ནུས་པ་མ་མཆིས་ཀྱི། གདོན་མི་འཚལ་བར་མ་མཆིས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་ལས་དང་ཉོན་མོངས་པ་བསྐལ་པ་བརྒྱ་སྟོང་དུ ་བསགས་པ་ཡང་ཚུལ་བཞིན་ཡིད་ལ་བྱེད་པའི་སོ་སོར་རྟོག་པ་གཅིག་གིས་མེད་པར་འགྱུ་རོ།། འོད་སྲུངས་མར་མེ་ཞེས་བྱ་བ་དེ་ནི་འཕགས་པའི་ཤེས་རབ་ཀྱི་དབང་པོའི་ཚིག་བླ་དག་སོ་འོད་སྲུངས་མུན་པ་མུན་ནག་ཅེས་བྱ་བ་དེ་ནི་ལས་དང་ཉོན་མོངས་པས ་ཚིག་བླ་དག་སོ་ཞེས་འབྱུང་བའོ།། དེ་བས་ན་འདིས་ནི་སྐྱེ་བོ་རྐྱེན་ལ་རག་ལས་པའི་ཕྱིར་གཉེན་པོ་མི་སྐྱེ་བ་དང་། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་། དུས་མཉམ་པ་ཉིད་ཀྱི་ལམ་བཏབ་པ་སྟེ། ནུག་པོའི་ཕྱོགས་སྟོབས་ཆུང་ཞིང་གཉེན་པོ་དེ་སྟོབས་དང ་ལྡན་པའི་ཕྱིར་མུན་པ་མུན་ནག་དང་མར་མེ་བཞི་ནོ།། མཐའ་གཉིས་སྤངས་པ་སྒྲུབ་པ་བཤད་ཟིན་ཏོ།། ། མཐའ་གཉིས་སྤངས་པ་སྒྲུབ་པའི་འོག་ཏུ་ཁྱད་པར་ཅན་དང་ཁྱད་པར་མེད་པ་སྒྲུབ་པ་སྨོསོ།། དེའི་ཕྱིར་མཐའ་གཉིས་སྤངས་པ་སྒྲུབ་པ་བཤད་པའི ་འོག་ཏུ་ཁྱད་པར་ཅན་དང་ཁྱད་པར་མེད་པ་སྒྲུབ་པ་གང་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར་ཁྱད་པར་ཅན་དང་ཁྱད་མེད་དང་།། ས་བཅུ་དག་ཏུ་ཤེས་པར་བྱ། ཞེས་བྱ་བ་གསུང་སོ།། ས་བཅུ་པོ་དེ་དག་རེ་རེ་ལ་ཡང་སྒྲུབོ་པ་རྣམ་པ་གཉི་ག་གཉི་གའོ།། ཇི་སྙེད་ཞེ་ན་དེའི་ཕྱིར། ་ས་གང་ལ་ཕ་རོལ་ཏུ་ཕྱིན་པ་གང་གི་ཤས་ཆེ་བ་ཞེས་བྱ་བ་རྒྱ་ཆེར་སྨོ་སོ།། བྱང་ཆུབ་སེམས་དཔའི་ས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་གང་ལ་ལྷག་པར་སྤྱོད་པ་དེ་ནི། བྱང་ཆུབ་སེམས་དཔའ་ས་དེ་ལ་ཕ་རོལ་ཏུ་ཕྱིན་པ། ་གཞན་དག་པས་ཤས་ཆེར་གྱུར་པས་ན་ཁྱད་པར་ཅན་ཞེས་བྱ་སྟེ། འདི་ལྟར་ས་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། དེ་ལ་སྒྲུབ་པ་ཁྱད་པར་ཅན་ཞེས་བྱའོ།། དེ་བཞིན་དུ་ས་བཅུ་པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ།། ས ་དེདང་དེར་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཐམས་ཅད་ལ་ཡང་། ཁྱད་པར་མེད་པར་ཡང་དག་པོར་སྒྲུབ་པ་ནི་དེ་དག་ལ་སྒྲུབ་པ་ཁྱད་པར་མེད་པ་ཞེས་བྱ་སྟེ། ཇི་སྐད་དུ་ས་རབ་ཏུ་དགའ་བ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཤར་ཆེ་བ་ཡིན་ཏེ། ལྷག་མ་རྣམས ་ཀྱང་ཅི་ནུས་ཅི་འོ་སུ་ཡང་དག་པར་མི་སྒྲུབ་པ་མ་ཡིནོ་ཞེས་གསུངས་པ་ལྟ་བུའོ།། དེ་བཞིན་དུ་ས་ལྷག་མ་རྣམས་ལ་ཡང་མདོ་ལས་ཇི་སྐད་བཤད་པ་བཞིན་དུ་རིག་པར་བྱའོ།། སྒྲུབ་པ་བློ་ན་མེད་པ་ཉིད་བཤད་ཟིན་ཏོ།། ད་ནི་དམིགས་པ་བླ་ན་མེད་པ ་བཤད་པའི་སྐབསུ་བབ་སྟེ། དེའི་ཕྱིར་དམིགས་པ་བླ་ན་མེད་པ་ཉིད་གང་ཞེ་ན་ཞེས་བྱ་བ་སྨོས།། དེའི་འོག་ཏུ་དེ་དམིགས་ཀྱིས་དབྱེ་བའི་ཕྱིར། རྣམ་པར་བཞག་དང་དེ་བཞིན་དབྱིངས་ཞེས་རྒྱ་ཆེར་གསུངསོ།། དམིགས་པ་ནི་རྣམ་པ་བཅུ་གཉིས་པོ ་འདི་དག་སྟེ། རྣམ་པར་བཞག་པའི་དམིགས་པ་ནས། ཕུལ་དུ་བྱུང་བའི་དམིགས་པའི་བར་དུའོ།། དྲི་མ་ཡིན་པའི་དམིགས་པ་གཞན་ཐང་པོས་མཆོག་ཡིན་པས། དམིགས་པ་བླ་ནཱ་མེད་པོ་ཉིད་ཅེས་བྱའོ།། དེ་ལ་དང་པོ་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་གླེང་དག་སྟེ། དེ ་དག་ཀྱང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ལ་ཕན་གདགས་པའི་ཕྱིར། རྣམ་པར་བཞག་པས་ན་རྣམ་པར་བཞག་པའོ།། དེ་ཉིད་བསྟན་པའི་ཕྱིར་འགྲེལ་པ་བྱེད་པས་ཀྱང་ཆོས་བརྟགས་པ་རྣམ་པར་བཞག་པའི་དམིགས་པ ་ཞེས་བྱ་བ་སྨོསོ།། ཆོས་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། ཕུང་པོ་ལ་སོགས་པ་བརྟགས་པ་སྟེ། འདིས་རྣམ་པར་བཞག་པ་འམ་ཡང་ན་དེ་འདིར་བཞག་པས་ན། ཆོས་བརྟགས་པ་རྣམ་པར་བཞག་པའོ།། མངོན་པར་རྟོགས ་པ་དྲང་མཐུན་པའི་ཕྱིར། འདིར་རྣམ་པར་བཞག་པའི་དམིགས་པ་ལ་སོགས་པའི་གོ་རིམསུ་བལྟའོ།། གཉིས་པ་ནི་དེ་བཞིན་ཉིད་ཆོས་ཀྱི་རྣམ་གྲངསུ་གཏོགས་པའི་ཕྱིར།། གསུམ་པ་དང་བཞི་པ་ཞེས་བྱ་བ་དེ་ལ། གསུམ་པ་ནི་སྒྲུབ་པའི་དམིགས་བྱའོ།། བཞི ་པཔ་ནི་སྒྲུབ་པའི་དམིགས་པའོ།། དེ་དག་ཉིད་ལ་ཞེས་བྱ་བ་ནི་དང་པོ་དང་གཉིས་པའོ།། གོ་རིམས་བཞིན་ཏེ་ཞེས་བྱ་བ་ལ་དང་པོ་ནི་བསྒྲུབ་པའི་དམིགས་པའོ།། གཉིས་པ་ནི་སྒྲིབ་པའི་དམིགས་པ་སྟེ། འདིར་རྒྱུ་སྨོས་པ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས། ཕ་རོལ་ཏུ་ཕྱིན ་པ་ལ་ལ་སོགས་པའི་ཆོས་རྣམས་ཁོང་དུ་ཆུད་པའི་ཕྱི་རོ་ཞེས་བྱ་བའོ།། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས་ཟག་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་མངོན་པར་ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་སྟེ། དང་པོ་ནི་སྒྲུབ་པའི་དམིགས་པའོ།། གཉིས་པ་ནི་སྒྲུབ་པའི་དམིགས་པའོ། ་ལྔ་པཱ་ནི་འཛིན་པའི་དམིགས་པ་སྟེ། ཐོས་པ་ལས་བྱུང་བའི་ཤཽསུ་པའི་དམིགས་པའོ།། ཐོས་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་དང་། ཆོས་ཀྱི་དབྱིངས་འཛིན་པས་མ་ཐོས་པ་ལས་བྱུང་བའི་ཤེས་པ་ནི་འཛིན་པ་ཞེས་བྱའོ།། འཛིན་པའི་དམིགས་པ ་ནི་འཛིན་པའི་དམིགས་པ་སྟེ། དེ་ཡང་དང་པོ་དང་གཉིས་པ་དེ་ཉིད། རྣམ་པར་བཞག་པ་དང་ཆོས་ཀྱི་དབྱིངས་ཀྱི་དམིགས་པའོ།། དྲུག་པ་ནི་བསམས་པ་ལས་བྱུང་བ་སྟེ། རྟོགས་ནས་འཛིན་པའི་ཕྱི་རོ་ཞེས་བྱ་བ་ནི། ལྟོས་པ་དང་བྱ་བ་བྱེད་པ་དང་འཐད་པ་སྒྲུབ་པ་དང་ཆོས ་ཉིད་ཀྱི་རིགས་པ་རྣམས་ཀྱིས་ཐོས་པའི་དོན་ཁོང་དུ་ཆུད་ནས་འཛིན་པའི་ཕྱིརརོ།། ངེས་པར་འཛིན་པ་ནི་བསམས་པ་ལས་བྱུང་བའི་ཤེས་པ་སྟེ། དེའི་ངེས་པ་ནི་ངེས་པར་འཛིན་པའི་དམིགས་པའོ།། བདུན་པ་ནི་བསྒོམ་པ་ལས་བྱུང་བ་སྟེ་ཞེས་བྱ་བ་ནི་དམིགས་པ ་ཞེས་བྱ་བ་དང་སྦྱ་རོ།། སོ་སོ་རང་གིས་རིག་པའི་ཕྱིར་ཞེས་བྱ་བ་ནི། སོ་སོ་རང་གིས་དོན་འཛིན་པས་ན་རབ་ཏུ་འཛིན་པ་སྟེ། ས་དང་པོ་ལ་འཇུག་པར་སྦྱོར་བ་ཅན་བསྒོམས་པ་ལས་བྱུང་བའི་ཤེས་པའོ།། དེ་ཡང་དྲན་པ་ཉེ་བར་གཞག་པ་ནས་བརྩམས་ནས་སྟོབས་ཀྱི ་བར་དུ་སྟེ། དེའི་དམིགས་པ་ནི་རབ་ཏུ་འཛིན་པའི་དམིགས་པའོ།། བརྒྱད་པ་ནི་ས་དང་པོ་ལ་མཐོང་བའི་ལམ་གྱིའོ་ཞེས་བྱ་བ་ནི། སོ་སོ་རང་གི་ཆོས་ཀྱི་དབྱིངས་གཉིསུ་མེད་པ་ཐམས་ཅད་སོང་བ་རྟོགས་པའོ།། ཡང་ན་མཐོང་བས་སྤང་བར་བྱ་བའི་ཉོན ་མོངས་པ་རྣམས་དང་། ཐམས་ཅད་འགྲོ་བའི་དོན་གྱི་ཡུལ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་དགྲ་བོ་རྟོགས་པ་ནི་རབ་ཏུ་རྟོགས་པ་སྟེ། དེ་ཡང་མཐོང་བའི་ལམོ།། དེའི་དམིགས་པ་ནི་རབ་ཏུ་རྟོགས་པའི་དམིགས་པའོ།། དགྲོ་བ་ནི་བསྐུ ་པའི་ལམ་གྱི་སྟེ། ས་བདུན་པའི་བར་དུའོ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་དེ་ཉིད་གོམས་པར་བྱས་པས། གོང་ནས་གོང་དུ་ཁྱད་ཞུགས་པར་འགྲོ་བས་རབ་ཏུ་རྒྱས་པ་སྟེ། བསྒོམ་པའི་ལམ་ས་བདུན་པའི་བར་དུའོ།། བསྒོམ་པའི་ལམ་དེའི། ་དམིགས་པ་ནི་རབ་ཏུ་རྒྱས་པའི་དམིགས་པའོ།། བཅུ་པ་ནི་དེ་ཉིད་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་སྟེ་ཞེས་བྱ་བ་མི་དམིགས་པའོ་ཞེས་བྱ་བ་དང་སྐྱརོ།། ཆོས་རྣམ་པར་ཁོད་དུ་ཆུད་པའི་ཕྱིར།། ཞེས་བྱ་བ་ནི་ས་དེ་ཉིད་ན་མདོ་ལ་སོགས ་ཐ་ནས་ཀྱི་ས་ཚན་མའི་རྣམ་པ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་བྲལ་བའི་སྒྲོན་ས་ཆོས་རྣམ་པ་འོང་དུ་ཆུད་པས་ན་ནཱམྦྷ་པར་ཁོང་དུ་ཆུད་པ་ག། ང་ཉིད་ནི་བསྐུམ་པའི་ལྡུམ་ས་བྱཱ་སྐྱེས་བདུན་པ་ག་ན་པདྨ་ཧཱུ~ཾང་དུ་། ་པའི་དམིགས་པ་ནི། རྣམ་པར་ཁོང་དུ་ཆུད་པའི་དམིགས་པའོ།། བཅུ་གཅིག་པ་ནི་ས་བརྒྱད་པ་ལའོ་ཞེས་བྱ་བ་ནི། མཚན་མ་དང་འབད་པའི་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་ནས་རང་གི་ཚུལ་གྱིས་རྣལ་དུ་འདུག་པས་འཇུག་པའི་ཕྱིར་ཏེ། སྒྲ ་པའི་ལམ་དེ་ཉིད་ལ་རྣལ་དུ་འདུག་པ་ཞེས་བྱའོ།། རྣལ་དུ་འདུག་པའི་དམིགས་པ་ནི། རྣལ་དུ་འདུག་པའི་དམིགས་པའོ།། བཅུ་གཉིས་པ་ནི་ས་དགུ་པོ་ལ་སོགས་པ་གསུམ་ལའོ་ཞེས་བྱ་བ་ནི། ས་དགུ་པ་ལ་སོ་སོ་ཡང་དག་པར་རིག་པོའི་ཡེ་ཤེས ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར།། ས་བཅུ་པ་ལ་ནི་ལས་ལ་དབང་བ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རོ།། སངས་རྒྱས་ཀྱི་སར་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལྷག་མ་རྣམ་པར་དག་པོ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་ཏེ། དེ་ལྟ་རཱ་ས་དགུ་པ་ལ ་སོགས་པ་གསུམ་ལ་ཡེ་ཤེས་དང་། ལས་དང་། རྣམ་པར་དག་པ་ཕུལ་དུ་བྱུང་བས་ས་དེ་དག་ལ་གནས་པའི་དམིགས་པ་གང་ཡིན་པ་དེ་དག་ནི། ཕུལ་དུ་བྱུང་བའི་དམིགས་པ་ཞེས་བྱའོ།། གཞན་ན་རེ་ལམ་ཕུལ་དུ་བྱུང་བ་ཉིད་ཆུ་ངུ་དང་། འབྲིང ་དང་ཆེན་པོར་ཕྱེ་ནས། ས་གསུམ་པོ་དག་ལ་ཕུལ་དུ་བྱུང་བའི་དམིགས་པར་བཤདདོ་ཞེའོ།། དང་པོ་དང་གཉིས་པ་དེ་དག་ནི་དེ་དང་དེའི་དམིགས་པའི་མིང་འཐོ་བོ་ཞེས་བྱ་བ་མི་དམིགས་པོ་དེ་དག་ཀྱང་འདི་ལྟ་སྟེ། ཆོས་རྣམ་པར་བཞག་པའི་ད་མི ་བ་དང་། ཆོས་ཀྱི་དབྱིངས་ཀྱི་དམིགས་པའོ།། དེ་ལ་དམིགས་པ་དེ་ཉིད་ཀྱང་ཡེ་ཤེས་དེ་དང་དེ་དག་དུ་དེ་དང་དེའི་མིང་འཐོབ་སྟེ། ཐོས་པ་ལས་བྱུང་བའི་ཤེས་པའི་དུས་ནི་འཛིན་པའི་དམིགས་པ་སྟེ། འཛིན་པའི་ཡེ་ཤེས་ཀྱི་ཡུལ་ནི་ཐོས་པ་ཡིན་པའི་ཕྱིར་དེ་བས ་ན་འཛིན་པའི་ཤེས་པ་ལ་འཛིན་པ་ཞེས་བྱའོ།། དེ་བཞིན་དུ་ཕུལ་དུ་བྱུང་བའི་དམིགས་པའི་བར་དུ་བརྗོད་པར་བྱའོ།། ས་དགུ་པ་དང་བཅུ་པ་དང་སངས་རྒྱས་ཀྱི་སར་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་དེའི་རྗེས་ལས་ཐོབ་པ་དག་པོ་འཇིག ་རྟེན་པ་ཕུལ་དུ་བྱུང་བ་བརྙེས་ཏེ། འདིའི་དམིགས་པ་ནི་ཕུལ་དུ་བྱུང་བའི་དམིགས་པའོ།། དམིགས་པ་བླ་ན་མེད་པ་ཉིད་བཤད་ཟིན་ཏོ།། །། དེ་ན་ཡང་དག་པར་གྲུབ་པ་བླ་ན་མེད་པ་ཉིད་ཀྱི་སྐབསུ་བདེ་པས་དེ་བསྟན་པའི་ཕྱིར། ཡང་དག་པར་འགྲུབ་པ་གང་ཞེ་ན ་ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་དེ་དང་དེས་ཡང་དག་པར་འགྲུབ་པས་ན་ཡང་དག་པར་འགྲུབ་པའོ།། དེ་ལས་གཞན་པའི་ཡང་དག་པར་འགྲུབ་པ་རྣམས་ལས་ཁྱད་པར་དུ་འཕགས་པ་དང་། ཡང་དག་པར་འགྲུབ་པ་ཁྱད་པར་ཅན་དེ་ལས་གཞན་མེད་པའི་ཕྱིར་བླ་ན ་མེད་པ་ཞེས་བྱའོ།། དེ་བསྟན་པའི་ཕྱིར། མ་ཚང་མེད་དང་མི་སྤོང་དང་།། མི་གཡེང་བ་དང་རབ་རྫོགས་དང་། ཞེས་རྒྱ་ཆེར་གསུང་སོ།། དེ་ལ་རྐྱེན་མ་ཚངས་པ་མེད་པོ་ནས་བརྩམས་ཏེ། བྱང་ཆུབ་ཀུན་ཏུ་སྟོན་བྱ་བའི་བར་དུ་རྣམ་པ་བཅུ་པོ་དེ་ལྟ་བུ་ནི་ཡང་དག་པར་འགྲུབ ་པའོ།། དེ་ལ་རྐྱེན་མ་ཚང་བ་མེད་པ་ནི་རིགས་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ལ་རྐྱེན་རྣམས་མ་ཚང་བ་མེད་པ་ནི་ཐད་ཚོགས་པའོ།། དེ་དག་ཚོགས་ན་རིགས་ཡང་དགེ་བར་འགྲུབ་སྟེ། རྒྱས་པ་དང་ཁྱད་པར་ཅན་དུ་འགྱུར་ཞེས་བྱ་བའི་ཐེ་ཚིག།། དེ་ཡང་སྐྱེས་བུ ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོགས་པའོ།། རིགས་དང་བ་ཤེས་གཉེན་ལ་སོགས་པ་དེ་དག་མ་ཆད་བས་མཚད་བུའོ།། ཐེག་པ་ཆེན་པོ་མི་སྤོང་བ་ནི་མོས་པ་ཡང་དག་པར་འགྲུབ་པའོ།། ་གལ་ཏེ་ཟབ་ཅིང་རྒྱ་ཆེ་བའི་མཚན་ཉིད་ཐེག་པ་ཆེན་པོའི་ཆོས་མི་སྤོང་ན། དེ་ལྟར་ན་དེའི་ངེས་པར་འཛིན་པའི་བདག་ཉིད་ཀྱི་མོས་པ་རྒྱས་པར་འགྱུར་རོ།། ཐེག་པ་དམན་པར་མི་གཡེང་བ་ནི་སེམས་བསྐྱེད་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ནི། གལ་ཏེ ་བྱང་ཆུབ་ཏུ་སེམས་བསྐྱེད་ལ་བྱང་ཆུབ་ཀྱི་སེམས་ལས་ལྡོག་པའི་རྐྱེན་ཡི་དུ་ཟིན་ཀྱང་། ཉན་ཐོས་ཀྱི་ཐེག་པ་འམ་རང་སངས་རྒྱས་ཀྱི་ཐེག་པར་དེས་སེམས་མི་འཇུག་ན། དེ་ལྟ་ན་བྱང་ཆུབ་ཀྱི་སེམས་དེ་རྟས་པར་འགྱུར་རོ།། ཕ་རོལ་ཏུ་ཕྱིན་པ་ཡོང་སུ ་རྫོགས་པ་ནི་འགྲུབ་པ་ཡང་དག་པོར་འགྲུབ་པའོ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དག་དེའི་དབང་གིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངསུ་རྫོགས་པས་ཐ་མཁྱེན་པ་ཉིད་སྒྲུབ་པ་རྒྱས་པར་འགྱུར་རོ།། འཕགས་པའི ་བསྐྱེད་པ་ནི།། སྐྱོན་མེད་པར་འཇུག་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ནི།། ཐོག་མ་ཉི་དུ་སྔོན་མ་སྐྱེས་པའི་འཕགས་པའི་ལམ་བསྐྱེད་པས་སྐྱོན་མེད་པ་ལ་འཇུག་པར་འགྱུར།། སྐྱོན་ཞེས་བྱ་བ་ནི་ཉེས་པ་འམ། ཟག་པ་སྟེ། གང་ན་དེ་མེད་པ་དེ་ནི ་སྐྱོན་མེད་པ་སྟེ། རླུང་མེད་པ་བཞིན་ཏེ་ཟག་པ་མེད་པའི་སའོ།། ངེས་པར་འཇུག་པ་ཞེས་འབྱུང་བ་ཡང་མེད་པ་ཉིད་ངེས་པ་སྟེ། འདི་ལྟར་མཐོང་བའི་ལོ་མ་སྐྱེས་ན། བདེ་འགྲོ་དང་མྱ་ངན་ལས་འདས་པ་ཉི་དུ་ངེས་པར་འགྱུ་རོ།། དགེ་བའི་རྩ་བ་འཕེལ་བ་ནི་ཡུན། ་རིང་པོ་ནས་འདྲེས་པར་བྱ་བའི་ཕྱིར། སེམས་ཅན་ཡོངསུ་སྨིན་པར་བྱེད་པ་ཡང་དག་པར་འགྲུབ་པའོ།། ཞེས་བྱ་བ་ནི་མཐོང་བའི་ལམ་ཐོས་ནས། དེའི་རྗེས་ལས་ཐེབ་པ་བསྒོམ་པའི་ལམ་ལ་ཡུན་རིང་པོར་འདྲིས་པར་བྱས་གོམས་པར་བྱས་པས། དགེ་བའི ་རྩ་བ་འགྲུབ་པ་ནི་དགེ་བོའི་རྩ་བ་འཕེལ་བའོ།། དེས་སེམས་ཅན་ཡོངསུ་སྨིན་པར་བྱེད་ནུས་པར་འགྱུར་ཏེ། དེའི་ཕྱིར་དགེ་བའི་རྩ་བ་འཕེལ་བ་ནི། སེཾ་ནི་ཡོངསུ་སྨིན་པར་བྱེད་པ་ཡང་དག་པར་འགྲུབ་པའོ།། གཞན་དག་ན་རེ་དེའི་སེམས་ཅན་ཡོངསུ་སྨིན་པར་བྱེད ་པ་ཡང་དག་པར་འགྲུབ་པ་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟར་འདིས་ཡུན་རིང་པོ་ནས་གོམས་པར་བྱེད་པ་ལ་བརྟེན་ནས། སེམས་ཅན་རྣམས་ཀྱི་རྒྱུད་ལ་དགེ་བའི་རྩ་བ་བརྟར་པོར་བྱས་པར་གྱུར་པའོ་ཞེས་ཟེརོ།། སེམས་ལ་སུ་རུང་བ་ནི། ཞིང་ཡོངསུ་དག་པ་ཡང་དག་པར ་འགྲུབ་པའོ་ཞེས་བྱ་བ་ལ། དེ་ལྟར་བསྒོམས་པས། དགེ་བའི་རྩ་བ་རྣམས་འཕེལ་ནས་གཅིག་ཏུ་བགྲོད་པའི་ལམ་གྱིས་མི་མཐུན་པའི་ཕྱོགས་མཚན་མ་དང་འབད་པ་དང་བྲལ་བའི་ཕྱིར། སེམས་ལསུ་རུང་སྟེ། ལས་རུང་བ་དེའི་དབང་གིས་ཇི་ལྟར་འདོད་པ ་བཞིན། སངས་རྒྱས་ཀྱི་ཞིང་ཤེལ་ལ་སོགས་པ་ལྟ་བུར་སྟོན་ཏེ། དེ་བས་ན་སེམས་ལསུ་རུང་བ་ནི་ཞིང་ཡོངསུ་དག་པ་ཡང་དག་པར་འགྲུབ་པའོ།། མདོ་གཞན་ལས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པར་འདོད་པས། རང་གི་སེམས་ཡོངསུ་དག ་པར་བྱའོ་ཞེས་གསུང་སོ།། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ནི། ཕྱིར་མི་ལྡེག་པའི་ས་ལ་ལུང་བསྟན་པ་ཐོས་པ་ཡང་དག་པར་འགྲུབ་པ་སྟེ། ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལས་ཕྱིར། ་མི་ལྡོག་པའི་ཕྱིར་ཞེས་བྱ་བ་སྨྲ་སོ།། དེ་ལྟར་སེམས་ལས་རུང་བས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པར་འགྱུར་ཏེ། སེམས་ཅན་ལ་ལྟ་བའི་ཕྱིར། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་གྱི་འབྲས་བུ་མངོན། ་པར་མཐོ་བ་ཡོངསུ་འཛིན་པས་མྱ་ངན་ལས་འོངས་པ་ལ་མི་གན་སོ།། བརྩོན་འགྲུས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་ཡེངསུ་གཟུང་བས། འཁོར་བའི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་ཉོན་མོངས་པར་མི་འགྱུར་ཏེ། དེ་བས་ན་འཁོར་བ་ལ་ཡང་མི་གན་སོ།། ཡང་། ་ན་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ནི། དེ་ལས་མི་ལྡོག་པའོ།། དེ་ལ་སེམས་ཅན་ལ་ལྟ་བའི་ཕྱིར་འཁོར་བ་ལས་མི་ལྡོག་པ་སྟེ། སྙིང་རྗེས་འཁོར་བ་ལེན་པའི་ཕྱིར།། ཤེས་རབ་ཀྱིས་མྱ་ངན་ལས་འདས་པ་ལས་མི་ལྡེའོ།། དེ་ལྟར་འཁོར་བ་དང་མྱ ་ངན་ལས་འདས་པཱ་ལ་མི་གནས་པའི་བྱང་ཆུབ་སེམས་དཔའི་ན། ཕྱིར་མི་ལྡོག་པའི་ས་མི་གཡོ་བ་ལ་གནས་པས།། སངས་རྒྱསུ་ལུང་བསྟན་པ་འཐོབ་པ་ཡང་དག་པར་འགྲུབ་པ་ཡི་ནོ།། ཡང་ན་ཕྱིར་མི་ལྡོག་པའི་ས་ཐོབ་པ་དང་། ལུང་བསྟན་པ་ཐོབ་པ་ཡང་དག་པར ་འགྲུབ་པ་ཡིནོ།། སྒྲུབ་པ་མེད་པའི་སངས་རྒྱས་ཀྱི་ས་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ནི། འདི་ལྟར་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པས་སྐུ་གསུམ་དུ་བསྡུས་པའི་སངས་རྒྱས་ཀྱི་ས་ཡང་དག་པར ་འགྲུབ་སྟེ། དེ་བས་ནི་སྒྲིབ་པ་མེད་པ་ནི་སངས་རྒྱས་ཀྱི་ས་ཡང་དག་པར་འགྲུབ་པའོ།། དེ་རྒྱུན་མི་གཅོད་པ་ནི། བྱང་ཆུབ་ཀུན་ཏུ་སྟོན་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བྱང་ཆུབ་དེ་རྒྱུན་མི་གཙད་པ་ནི་ཐུགས་རྗེ་ཆེན་པོའི་དབང་གིས ་འཇིག་རྟེན་ཇི་སྲིད་པ་དེ་སྲིད་བྱང་ཆུབ་རབ་ཏུ་སྟོན་པ་ནི། བྱང་ཆུབ་ཀུན་ཏུ་སྟོན་པ་ཡང་དག་པར་འགྲུབ་པ་སྟེ། འདིར་ཡང་དགའ་ལྷུན་གྱི་གནས་རབ་ན་བཞུགས་པ་དང་། ལྷྭམ་སུ་ཞུགས་པ་དང་། བལྟམས་པ་དང་། འཁྲུངས་པ་དང་། འདོད་པ་ལ་ལུང་སྤྱད་པ་དང ་མངོན་པར་འབྱུང་བ་དང་། དཀོའ་བ་སྤྱོད་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པ་ཡང་འདིར་བསྟན་པ་ཡིན་ཏེ། བྱང་ཆུབ་ཀུན་ཏུ་སྟོན་པ་ནི། དེ་དག་དང་ཐ་དུད་པ་མ་ཡིན་པའི་ཕྱིརརོ།། བྱང་ཆུབ ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ནི། དཔེ་ཙམྦོ་དུ་སྨོ་སུ་ཟད་པས། ལྷག་མ་རྣམས་ཀྱང་གཟུང་།། དེ་ལྟར་ཞེས་བྱ་བ་ནི། འདིར་ཚི་ག་དོན་དཀྱུས་མ་རྣམས་རྫོགས་པ་ལ་བྱེ་སྟེ། དོན་དང་མཐུན་པའི་མེད་དུ་བརྗོད་པ་འམ། རབ་ཏུ་རྟོག་པའི་དོན་དུ། འདི་ནི་དབུས་རྣམ་པར་འབྱིང ་བའི་བསྟན་བཅོས་ཏེ་ཞེས་བྱ་བའོ།། འདིར་འཛུད་པ་འཇུག་པའི་རྒྱུ་སྨོས་པ། དབུ་མའི་ལམ་རབ་ཏུ་སྟོན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བསྟན་བཅོས་འདིར་འདི་ལྟར་རྟག་པ་དང་ཆད་པའི་མཐའ་དང་བྲལ་བ། དབུ་མའི་ལམ་རབ་ཏུ་བསྟན་པས། དེའི་ཕྱིར་བསྟན ་བཅོས་འདི་དབུས་རྣམ་པར་འབྱེད་པ་ཞེས་བྱ་སྟེ། དབུས་རྣམ་པར་འགྲེལ་པ་དང་། རབ་ཏུ་བཤད་ཅེས་བྱ་བའི་ཐ་ཚིགོ།། འདི་ནི་དབུས་དང་མཐའ་རྣམ་པར་འབྱེད་པ་ཡང་ཡིན་ཏེ། འདིར་རྒྱུ་སྨོས་པ། དབུས་དང་མཐའ་གཉིས་རབ་ཏུ་སྟོན་པའི་ཕྱི་རོ་ཞེས་བྱ་བ་སྟེ། དེའོ་། ་དབུས་དང་མཐའ་རྣམ་པར་འབྱེད་པ་ཞེས་བྱའོ།། དེ་ལ་དབུས་ནི་ཆོས་ཀྱི་དབྱིངས་གཉིས་མེད་པའོ།། མཐའ་ནི་སྒྲོ་འདོགས་པ་དང་སྦྱར་པ་འདེབས་པའོ།། ཡང་ན་ཐོག་མ་དང་ཐེ་མོ་སྤངས་པའི་དབུས་རབ་ཏུ་སྟོན་པའི་ཕྱིར་ཞེས་བྱ་བ་ནི།། ཁ་ཅིག་ན ་བཞིན་ཉིད་དོ་ཞེའོ།། གཞན་དྲག་ན་རེ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཐོག་མ་དྲང་ཐ་མ་མེད་པ་ནི། འདིར་དབུས་དང་མཐའ་ཞེས་བྱ་བ་དང་སྦྱར་ཏེ། རབ་ཏུ་སྟོན་ཏོ་ཞེའོ།། རྟོགས་པར་དཀའ་དང་སྙིང་པོའི་དོན་ཅེས་བྱ་བ་དང་། གོ་རིམ་བཞིན་ཞེས ་བྱ་བ་ནི་རྟོ་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་བའི་དོན་ཏོ།། ཕས་ཀྱི་རྒོལ་བ་དག་གིས་མི་ཤེས་པའི་ཕྱིར་སྙིང་པོའི་དོན་ཏེ། རྟོག་གེའི་སྤྱོད་ཡུལ་མོ་ཡིན་པ་ནི་འདི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་རྟོགས་པའི་ཕྱིརརོ།། སྙིང་པོའི་དོན་ནི་དོན ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་བསྟན་པའི་ཕྱིརརོ།། དོན་ཆེན་ནི་བདག་དང་གཞན་གྱི་དོན་གྱི་ཆེད་ཀྱི་ཕྱིར་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚོད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ཡང་བདག་དང་གཞན་གྱི་དོན་སྒྲིབ་པར་བྱེད་པའི་ཕྱིརོ།། ། ་དེ་བཞིན་དུ་ཀུན་གྱི་དོན་ནི་ཐེག་པ་གསུམ་ཅར་གྱི་དབང་དུ་བྱས་པའི་ཕྱིརརོ།། ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བཤད་པའི་ཕྱིར།། དོན་མེད་ཐམས་ཅད་སེལ་བའོ།། ཞེས་བྱ་བ་ནི། ཉོན་མོངས་པ་དང་ཤེས་བྱའི ་སྒྲིབ་པ་སྤོང་བར་བྱེད་པའོ།། བླ་ན་མེད་པ་ཉིད་ཀྱི་དོན་བསྔོས་པ་ཞེས་བྱ་བ་ལ། དོན་བསྡུས་པ་བརྗོད་པའི་དགོས་པ་ནི་སྔར་བཤད་ཟིན་ཏོ།། མདོར་བསྡུ་ན་བླ་ན་མེད་པ་ཉིད་རྣམ་པ་གསུམ་སྟེ། ཞེས་བྱ་བ་ནི། རྒྱས་པར་མཐོའ་ཡས་པའོ།། སྒྲུབ་པ་ནི་བླ་མེད་ཉིད་ཀྱི ་སྒྲུབ་པ་དང་ཞེས་གང་གསུངས་པའོ།། སྒྲུབ་པའི་གཞི་ནི་དམིགས་པ་ཞེས་གང་གསུངས་པའོ།། སྒྲུབ་པའི་འབྲས་བུ་ཡང་དག་འགྲུབ།། བསྟན་པ་ཉིད་འདོད་པ་ཡིན། ཞེས་གསུངས་པའོ།། སྒྲུབ་པ་དེ་ཡང་ཇི་ལྟ་བུ་ཞེ་ན། དམ་པའོ་ཞེས་བྱ་བ་ནི། དམ་པ་བཅུ ་གཉིས་བདག་ཉི། ཞེས་གསུངས་པའོ།། གང་གིས་ཤེ་ན། ཐེག་པ་ཆེན་པོར་ཇི་ལྟ་བུར།། ཆོས་རྣམས་གདུགས་པར་མཛད་པ་དག། ཅེས་བྱ་བ་ལ་སོགས་པསྟེ།། ཞེས་བྱ་བྱས་ནི། བྱང་ཆུབ་སེམས་དཔས་རྟག་པར་ཡང་།། ཤེས་རབ་གསུམ་གྱིས་ཡིད་བྱེད་པའོ ་ཞེས་འབྱུང་བའི་ཕྱིར།། དེ་བཞིན་དུ། དེ་ནི་ཆོས་སྤྱོད་རྣམ་བཅུ་དང་།། ཡང་དག་ལྡན་པར་ཤེས་པར་བྱ།། ཞེས་བྱ་བའོ།། ཇི་ལྟ་བུར་ཞེ་ན། རྣམ་པ་གང་གིས་ཞི་གནས་བསྒོམ་པ་ལ་གཡེང་བ་མེད་པར་གྱུར་པ་ཞེས་བྱ་བ་ནི་གཡེང་བ་རྣམ་པ་དྲུག་མེད་པོའི ་ཕྱིརརོ།། ལྷག་མཐོང་བསྒོམ་པ་ལ་ཕྱིན་ཅི་མ་ལོག་པར་གྱུར་པའོ་ཞེས་བྱ་བ་ནི། ཡི་གེ་ལ་སོགས་པ་བཅུ་ལ་ཕྱིན་ཅི་ལོག་མེད་པའི་ཕྱིར།། གང་གི་དོན་དུ་ཞེ་ན། དབུ་མའི་ལམ་གྱི་ངེས་པར་འབྱུང་བར་བྱ་བའི་དོན་དུའོ་ཞེས་བྱ་བ་ནི། མཐའ་གཉིས་སྤངས་པ ་སྒྲུབ་པ་གང་ཞེ་ན་ཞེས་འབྱུང་བའོ།། གང་དུ་ཞེ་ན། ས་བཅུ་དྲུག་ཏུ་སྟེ། ཇི་ལྟ་ཞེ་ན། དེའི་ཕྱིར། ཁྱད་པར་ཅན་དང་ཁྱད་པར་མེད་པ་ཞེས་གསུང་སོ།། ཅི་ཞིག་ཅེ་ན། ས་བཅུ་དག་ཏུ་ཤེས་པར་བྱ། ཞེས་འབྱུང་བ་སྟོན་ཏོ།། ཕྱིན་ཅི་མ་ལོག་པ་རྣམས་ཀྱི་དོན་བསྡུས་པ་ནི་ཡི ་གོ་ལ་ཕྱིན་ཅི་མ་ལོག་པས་ཞི་གནས་ཀྱི་མཚན་མ་དམིགས་པ་ཞེས་བྱ་བ་འགྲེལ་རང་བཞིན་དང་བྲལ་ངོ་མངོན་སུམ་དུ་བྱེད་པ་དང་། དོན་ལ་ཕྱིན་ཅི་མ་ལོག་པས་ཕྱིན་ཅི་ལྡོག་གི་མཚན་མ་གཉིས་ཀ་ཡང་སྣང་བ་ཙམ་དུ་རབ་ཏུ་རྟོགས་པ་དང་། ཡིད་ལ ་བྱེད་པ་ལ་ཕྱིན་ཅི་མ་ལོག་པས་ཕྱིན་ཅི་ལོག་གི་གཞི་ཀུན་གཞི་རྣམ་པར་ཤེས་པ་ལ་གཉིསུ་མངོན་པར་ཞེན་པའི་ས་བོན་བསགས་པ་ཡོངསུ་སྤོང་བ་དང་། མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པས་ཕྱིན་ཅི་ལོག་གི་མཚན་མ་སྒྱུ་མ་ལ་སོགས་པ་ལྟ་བུར ་ཡོད་པ་དང་མེད་པར་མངོན་པར་ཞེན་པ་མེད་པས་ལེགས་པར་རྟོགས་པར་བྱེད་པ་དང་། རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པས་དེའི་གཉེན་པོ་རྣམ་པར་མི་རྟོག་པ་བརྗོད་པ་དང་བྲལ་བ་ཆོས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ལ། ལམ ་བསྒོམ་པ་དང་། སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པས་ཆོས་ཐམས་ཅད་སྤྱིར་རྣམ་པར་བྱང་བའི་རང་བཞིན་དུ་རྟོགས་པ་དང་། མ་དག་པ་དང་དག་པའི་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པས་དེའི་སྒྲིབ་པ་མ་སྤངས་པ་དང་། སྤངས་པར་རབ་ཏུ ་ཤེས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་འོད་གསལ་བ་ལ་གློ་བུར་གྱི་ཉོན་མོངས་པོས་ཉེ་བར་ཉོན་མོངས་པར་གྱུར་པའི་ཕྱིརརོ།། དེའི་གློ་བུར་དུ་བྱུང་བ་ལ་ཕྱིན་ཅི་མ་ལོག་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དག་པ ་ལྟ་བ་བཞིན་རབ་ཏུ་ཤེས་པ་ཞེས་བྱ་བ་ནི། རང་བཞིན་གྱིས་འོད་གསལ་བ་ལ་གཞན་དུ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་མི་སྲིད་པའི་ཕྱིརརོ།། མི་སྐྲག་པ་དང་། ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པས། ཆོས་དང ་གང་ཟག་ལ་མངོན་པར་ཞེན་པ་མེདོ།། སྒྲིབ་པ་མེད་པར་ངེས་པར་འབྱུང་བའོ།། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཐོག་པ་བླ་ན་མེད་པའི་ལེའུར་བཙོད་པ་ལྔའི་འགྲེལ་པ་བཤད། སློབ་དཔོན་བློ་བོརྟན་གྱིས་མཛད་པ་རྫོགས ་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་