| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐདུ། སཱུ་ཏྲ་ཨ་ལ་ད་ཀ་ར་བནྡ་ར་ཐ། བོད་སྐདདུ། མདོ་སྡེ་རྒྱན་གྱི་དོན་བསྡུས་པ། འཕགས་པ་བྱམས་པ་ལ་ཕྱག་འཚོའོ།། མ་བཤད་པའི་སྐྱོན་དང་། བཤད་པའི་སྐྱོན་དང་། ཕྱིན་ཅི་ལོག་ཏུ་བཤད་པའི་སྐྱོན་གསུམ་དང་བྲལ་བར ་བཤད་པར་བྱའོ།། དེ་ནི་སྟོན་པ་དང་སྟོན་པའི་ཚིག་དང་བསྟན་པར་བྱ་བར་ཆོས་དང་། བསྟན་པར་བྱ་བའི་ཐབས་བླ་ན་མེད་པའོ།། དང་པོ་ལ་སྟོན་པའི་དབྱེ་བ་དང་། སེར་སྣ་དགག་པ་དང་། ཆོས་བསྟན་པ་དོན་ཡོད་པ་དང་གསུམོ།། རྒྱལ་སྲས་ཚིག་ནི་མི་ཞན་དང་ཞེས་བྱ་བ་ལ ་སོགས་པ་ཚིག་བརྒྱད་ཀྱིས་སྟོན་པོའི་ཚིགོ།། རྒྱལ་བ་བྱམས་པས་མཛད་པའི་མདོ་སྡེའི་རྒྱན་ལ་བསྟན་པར་བྱ་བའི་ཆོས་ནི་གཅིག་སྟེ། ཉེས་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་མཆོག།། དེ་བསྟན་པར་བྱ་བའི་ཐབས་བླ་ན་མེད་པ་ལ་གཉིས་ཏེ། ཟབ་པ་དང་། རྒྱ་ཆེ་བའོ།། ། ་དེ་ཡང་རྣམ་པ་གསུམ་དང་ལྡན་པའི་དབང་དུ་བྱས་ནས་བཤད། སྒྲ་ནི་ངེས་པར་རྟོགས་པའི་དབང་དུ་བྱས་ནས་བཤད་པ་དང་། སྒྲུབ་པ་ཉམ་སུ་ལེན་པའི་དབང་དུ་བྱས་ནས་བཤད་པ་དང་། བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པའི་མཁས་པའི་དབང་དུ ་བྱས་ཏེ་བཤད་པའོ།། དེ་ཡང་སྡེ་སྣོད་གསུམ་དུ་བསྡུས་ནས་རྣམ་པ་བཞི་བཞིའི་སྒོ་ནས་བཤད་པ་ཡིནོ།། དེ་ལྟར་གཞུང་གི་དོན་བསྡུ་ན་ལྔ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ་ཡོངསུ་གྲུབ་པ་མཐར་ཐུག་པའི་དོན་ནོ།། མིང་དང་རྒྱུ་མཚན་ལ་སོགས་པ་ལྔ་ནི་མི་བཞག་སྟེ། གཞུང་ནས་བརྗོད་བྱར་མ་བཞག་པ་དང་། འབྱོར་པའི་དོན་ཚུལ་བླ་ན་མེད་པ་མ་ཡིན་པའི་ཕྱིརརོ།། འོ་ན་གང་ཡིན་ཞེ་ན། འབྱོར་པའི་དོན་ཚུལ་བླ་མེད་གྱུར་པ་ལྔའི ་བདག་ཉིད་སྟོན་པར་བྱེད་ཅེས་བྱ་བ་དེ་གོང་མ་དང་སྦྱར་བ་དང་། འོག་མ་དང་སྦྱར་བ་གཉིས་བྱམས་པའི་དགོངས་པ་ཡིན་ལ། གོང་མ་དང་སྦྱར་བ་ནི་བླ་མ་རྒྱུད་པ་ལས་ཤེས་ཏོ།། དེ་དབྱིག་གཉེན་གྱིས་མ་བཤད།། དབྱིག་གཉེན་གྱིས་འོག་མ་དང ་སྔར་བའི་བཤད་པ་འདི་ཡིན་ཏེ། གང་ལ་བསླབ་པར་བྱ་བའི་ཡུལ་ཐེག་པ་ཆེན་པོ་བཀར་བསྒྲུབ་པ་དང་། སེམས་བསྐྱེད་ཀྱི་ཡུལ་སྐབསུ་འགྲོ་བ་མཆོག་ཏུ་བསྒྲུབ་པ་དང་། ཉེ་བར་ལེན་པའི་རྒྱུ་ཐེག་པ་ཆེན་པོའི་རིགས་བསྒྲུབ་པ་བསྟན་ཏེ། བསྒྲུབ་པར་བྱ་བ་གསུམ་བསྡུས་པ ་ཡིནོ།། བྱེ་བྲག་ཏུ་ཤེས་པར་བྱ་བ་ནི་གཉིས་ཏེ། སེམས་བསྐྱེད་དང་། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེ་བྲག་ཏུ་ཤེས་པར་བྱ་བའོ།། བསྡམ་པར་བྱ་བ་ནི་གཉིས་ཏེ། ཟབ་པའི་དེ་ཁོ་ན་དང་། རྒྱ་ཆེ་བ་ཐབས་ལ་མཁས་པའི་དེ་ཁོ་ནའོ།། བསམ་གྱིས་མི་ཁྱབ་པ ་ལ་གཉིས་ཏེ། མངོན་པར་ཤེས་པ་ལ་སོགས་པའི་མཐུ་བསྡོམ་གྱིས་མི་ཁྱབ་པ་དང་། དགའ་བ་དང་དད་པ་ལ་སོགས་པ་བདག་དང་གཞན་ཡོངསུ་སྨིན་པ་བསམ་གྱིས་མི་ཁྱབ་པའོ།། ཡོངསུ་གྲུབ་པའི་དོན་ནི་གཅིག་སྟེ། མངོན་པར་བྱང་ཆུབ་པར་མཐར་ཐུག་པ ་ཉྩིསྠོ་དྷྲི་དྷི་མྦྷ་ཧྨཧཱུཾ་ཤེས་པར་བྱེད་པ་གང་ཡོན་ཞེ་མམྦྷ་པའི་སྒྲུབས་ནས་སྨོས་པའི་ཕྱིང་དང་། མཐ་ཀྱི་ཡང་ཉེས་པ་ཀུན་གྱི་དྲི་མ་མེད་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འོཐོག་རིན་ཆེན་སྣོད་ནི་བྱེ་བ་ལྟར།། སངས་རྒྱས་ཉིད་ནི་ཡང་དག་བསྟན་ཞེས་བྱ་བྱུང ་བྱས་ཉི་ཀྱི་ཕྱི་ནི་ན། མ་ནི་དང་པོ་སྒྲུབ་མ་རིགས། དེ་བཞིན་དུན་མིམས་བསྐྱེད་དག། ང་གཞན་དྲོན་དང་དེ་ཉིད་ངོམ་མཐུང་ཡང་སྦྱིན་བྱང་ཚོན་པོ་ཚིགསུ་བཅད་ནས། གང་ཡི་འསླབ་པར་བྱ་བའི་ཡུལ་ཡོངས་རྫོགས་འི་ན་བཐུན་པོ་དོན ་བསྟན་པའོ།། དེ་ལ་ཇི་ལྟར་བསླབ་པར་བྱ་ཞེ་ན། མོས་པ་མང་བ་ཉིད་དང་ནི།། ཆོས་ཚོལ་བ་དང་སྟོན་པ་དང་།། དེ་བཞིན་སྒྲུབ་དང་ཡང་དག་པའི།། གདམས་ངག་རྗེསུ་བསྟན་པ་ཡིན།། ཞེ་བྱ་བ་གསུངས་ཏེ། མགོན་པོས་ཆུ་བོའི་འགྲོས་ལྟ་བུའི་བཤད་པ་ནི་འདི་ཡིན་ཏེ། ཐོག ་མར་ཐེག་པ་ཆེན་པོ་མཆོག་ཏུ་གྲུབ་པ་ལས་བརྩམས་ནས་མོས་པ་འབྱུང་།། མོས་པ་ལས་ཆོས་ཚོལ་བ་འབྱུང་།། དེ་སྟོན་པར་བྱེད་པ་དགེ་བའི་འཤེས་གཉེན་ལ་རག་ལས་པས་ཆོས་སྟོན་པའོ།། དེ་ནས་སྒྲུབ་པ་ནན་ཏན་དུ་བྱ་བ་ཡིན། བསྒྲུབ་པའི་སྐབས ་ཞེས་རང་གི་མིང་ནས་སྨོས་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་ཡི་ནོ།། བྱེ་བྲག་ཏུ་ཤེས་པར་བྱ་བ་ནི་ཡང་དག་པར་གདམས་ངག་དང་རྗེ་སུ་བསྟན་པ་ཡིནོ།། བསམ་པར་བྱ་བ་ནི་དེ་ཁོ་ན་ཉིད་ཟབ་པ་དང་རྒྱ་ཆེ་བ་ཐབས་ལ་མཁས་པའི་སྐབ་སོ།། ཐབས་ཡང་རྣམ ་པ་གསུམ་སྟེ། བསྡུ་བའི་དངོས་པོ་བཞི་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞིས་བསྡུས་པ་དཀོན་མཆོག་མཆོད་པ་ལ་སོགས་པ་བསྟན་པ་དང་། ལམ་གྱིས་བསྡུས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྟན་པའོ།། བསམ་གྱི ་མི་ཁྱབ་པ་ནཱ་ཡ་ནི་ཏན་གྱི་སྐབ་སོ།། ཡོངསུ་གྲུབ་པ་རྟོགས་པའི་དོན་སྔོ་སྔོར་རང་གིས་རིག་པར་བྱ་བ་ནི་མཐར་ཐུག་པའི་སྐབས་ཡིན་ཏེ། དེ་ལྟར་ན་བསྟནྡེ་བཅོས་ཀྱི་ལུས་ཡོངསུ་རྫོགས་པ་མ་དིར་བཞིག་པ་དང་། དཔེ་ལྔས་མཚོན་ནས་བཀོད་པ་འོག ་དང་སྦྱོར་བ་ཡི་ནོ།། གོང་མ་དང་སྦྱར་བ་རྟོགས་པ་བརྒྱ་འོངས་པ་ནི་འདི་ཡིན་ཏེ། ཐེག་པ་ཆེན་པོ་ལོ་འབྱོར་པའི་དོན་ཚུལ་བླ་ན་མེད་པ་ལྔ་སྟེ། གང་ཞེ་ན། རིག་མཆོག་དང་ལྡན་པའི་གང་ཟག་དོན་ཤེས་པར་ནུས་པ་ལ་ཕྱིན་ཅི་མ་ལོག་པར་དོན་སྟོན་པ་དང་། ་སྟོན་པའི་ཚིག་དྲི་མ་མེད་པ་བསྟན་པ་དང་། འགྲོ་བ་ལྔ་པོ་སྡུག་བསྔལ་ལས་བསྒྲལ་བའི་ཆེད་ཡིན་པ་དང་། དེའི་རྒྱུད་སྙིང་རྗེ་ཆེན་པོ་དང་ལྡན་པའི་བདག་ཉིད་དང་། བསྟན་པར་བྱ་བའི་ཆོས་ཐེག་པ་མཆོག་ཏུ་གྱུར་པའོ།། དེ་ལྔ་ནི་ཚིག ་བཅད་དང་པོའི་དོན་ཏེ། དཔེ་ལྔས་མཚོན་པའི་དོན་ལྔ་སྟེ། མདོར་བསྟན་པའོ།། དེ་ལྔའི་རྒྱས་པར་བཤད་པ་ནི་འདི་ཡིན་ཏེ། དོན་ཤེས་ཀྱི་རྒྱས་བཤད་ནི་དམིགས་པར་བྱ་བའི་ཡུལ་ཐེག་པ་ཆེན་པོའི་རྒྱུ་འབྲས་བུ་དང་བཅས་པའི་བྱང་ཆུབ་ཀྱི་སྐབས་ཀྱི ་བར་རོ།། དོན་སྟོན་གྱི་རྒྱས་བཤད་ནི་ཐེག་པ་ཆེན་པོ་ལ་མོས་པ་ཆོས་ཚོལ་བ་ཇི་ལྟ་བ་བཞིན་དུ་སྟོན་པའི་སྒྲུབ་སོ།། རབ་ཏུ་བྱེད་པ་དག་དང་ཚིག་རྣམས་དྲི་མེད་ཀྱི་རྒྱས་བཤད་ནི། རྒྱལ་སྲས་ཚིག་ནི་མོ་ཞན་ཅིང་ནས། ཡན་ལག་དྲུག་ཅུ་བསམ་མི ་ཁྱབ་ཀྱི་བ་རོ།། སྡུག་བསྔལ་བསྒྲལ་ཕྱིར་གྱི་རྒྱུས་བཤད་ནི།། སྒྲུབ་པའི་སྐབས་ནས་ཚད་མེད་པ་རྣམ་པར་དབྱེ་བའི་བ.རོ།། འགྲོ་ལ་སྙིང་རྗེའི་ཕྱིར་ཏེ་དེའི་བདག་ཉིད་ཀྱིས་རྒྱས་བཤད་ནི་རྣམ་པར་དབྱེ་བ་ལས་བརྩམས་པ་མུན་ཆདདོ།། ཐིག་མཆོག ་བསྟན་པའི་རྣམ་པའི་ཆོས་ཀྱི་རྒྱས་ཤད་ནི་ངོ་ཚ་རྣམ་པར་དབྱེ་བ་ནས་བཟུང་སྟེ། མཐར་ཐུག་པའི་སངས་རྒྱས་ཀྱི་མཚན་ཉིད་རྫོགས་ཀྱི་བར་གྱིསོ།། དེ་ལྟར་ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པའི་ཚུལ་གཉིསུ་བཤད་པས ་མདོ་སྡེའི་དོན་བཤད་པ་ཡིན་ལ། ཚོགས་བཅད་གཉིས་པས་རྒྱན་བཤད། ཐེག་པ་ཆེན་པོའི་ཆོས་ནི་དགའ་བ་བསྐྱེད་པའི་ཕྱིར་མདོ་སྡེའི་རྒྱན་ཅེས་བྱ་བ་ཡིནོ།། གལ་ཏེ་ལུས་ཅན་དགའ་བ་བསྐྱེད་པས་རྒྱན་ཡིན་ན། འདི་ལ་དྲི་བ་རྣམ་པ་ལྔ་བྱ་སྟེ། ་དྲི་བ་དང་པོ་ནི་ཐེག་པ་ཆེན་པོ་འདི་བཀར་གྲུབ་ན་བཅོམ་ལྡན་འདས་ལས་ཁྱད་པར་དུ་འཕགས་པའི་སྒྲ་དང་དོན་ཅི་ཞིག་བྱམས་པས་བོགས་དབྱུང་དུ་ཡོད་ནས་དགའ་བ་སྐྱེད་པར་བྱེད་ཅེ་ན། ལན་དུ་གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང ་སོང་ན་ལ་སོགས་པའོ།། དྲི་བ་གཉིས་པ་ནི་ཐེག་པ་ཆེན་པོ་ལས་འགའ་ཞོག་གི་ཚེ་རྣམ་པར་འཚེ་བ་བཤད་པ་དང་། གང་ཡང་མེད་པ་ཉིད་དུ་སྟོན་པའི་ཕྱིར་དགའ་བ་བསྐྱེད་པ་མ་ཡིན་ཞེ་ན། ལན་དུ་ཇི་ལྟར་བསྣམས་ན་རབ་དཀུ་ལ་མན་ཆད་སྨོསོ།། དྲི་བ་གསུམ ་པ་ནི་ཐེག་པ་ཆེན་པོ་ལས་བསྐལ་པ་དཔག་ཏུ་མེད་པར་དཀའ་བ་སྤྱད་པ་སྣ་ཚོགས་འབྱུང་བས་དེའི་ཕྱིར་དགའ་བ་བསྐྱེད་པ་མ་ཡིནོ་ཞེ་ན། ལན་དུ་ཆོས་དཀའ་རྒྱ་ཆེན་ཞེས་བྱ་བ་སྨོསོ།། དྲི་བ་བཞི་པ་ནི་རྟོག་པ་དང་ལྡན་པ་ནི་རང་ལ་ཕན་པ་ཚིལ་བ་ཡིན་ནོ།། ། ་འདི་ལས་ནི་གཞན་ལས་ཕན་པའི་ཕྱིར་རང་ལ་སྡུག་བསྔལ་བསྐྱེད་པས་དགའ་བ་བསྐྱེད་པ་མ་ཡིན་ཞེ་ན། ལན་དུ་རིན་ཆེན་རིགས་ལྡན་རིན་ཐང་མྱེད་པ་ལ་སོགས་པའོ།། ཧཱུ~ཾ་བ་ལྔ་བ་ནི་ཐུན་མོང་དུ་གྲགས་པའི་སྡུད་པ་པོ་མེད་པའི་ཕྱིར་དང་། བདག་ཅག ་ལ་གྲགས་པ་ཁོ་ན་ཐེག་པ་ཆེན་པོ་ཡིན་ཏེ། ཐེག་པ་ཆེན་པོ་བཀོའ་མ་ཡིན་ཞེ་ན། ལན་དུ་སྔར་ལུང་མ་བསྟན་ལྷན་ཅིག་བྱུང་མན་ཆད་སྨོ་སོ།། མདོར་བཞག་པ་ལས་འཕྲོ་སོ།། བསྟན་བཅོས་ཀྱི་རྣམ་བཞག་གཞན་ཡང་ཚིགས་བཅད་དང་པོ་གཉིས་ཀྱིས ་བསྟན་བཅོས་ཀྱིས་མཚན་བཤད་པ་དང་། དེ་ལས་འཕྲོས་པས་ལེའུ་དང་པོས་ལུས་མདོར་བཞག་པ་བསྟན་པ། སྐྱབས་འགྲོ་བསྣུན་པས་རྒྱས་བཤད་བསྟན། ཉེ་བར་ལེན་པའི་རྒྱུ་རིགས་དང་། རྐྱེན་སེམས་བསྐྱེད་ནས་འབྲས་བུ་མཐར་ཐུག་གི་བར་གྱིས་ཤིན་ཏུ ་རྒྱས་པར་བཤད་པ་བསྟན་ཏོ།། རྒྱལ་བ་བྱམས་པས་མཛད་པའི་བསྟན་བཅོས་མདོ་སྡེའི་རྒྱུན་གྱི་ཐོག་མར་མཚན་བཤད་པའི་སྒོ་ནས་ལུས་རྣམ་པར་བཞག་པ་ལ་གསུམ་སྟེ། བྱེད་པ་དང་བྱ་བ་དང་། དགོས་པའོ།། བྱེད་པ་ལ་རྣམ ་པར་དབྱེ་བ་བདུན་ཏེ། དབྱེ་བ་པོ་དང་། བྱེད་པའི་ལས་དང་། བྱེད་པོ་པ་དང་། བྱེད་པ་པོའི་ཆེད་དང་། རྒྱུའི་དོན་དང་། འབྲེལ་པའི་དོན་དང་། གནས་ཀྱི་དེ་ནོ།། བྱ་བ་ནི་ལྔ་སྟེ། བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ ་གྱིས་མི་ཁྱབ་པ་དང་། ཡོངསུ་གྲུབ་པོ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཉིད།། དེ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་འདིས་རིམ་པ་བཞིན་རྣམ་པར་བཀྲོལ་བས་མཁས་པ་དགའ་བ་བསྐྱེད་པའི་ཕྱིར་རྒྱན་དུ ་བཞུའོ།། ཆོས་དེ་རང་བཞིན་གྱིས་རྒྱན་དང་ལྡན་ན་བསྟན་བཅོས་འདིས་རྒྱན་དུ་བྱས་པ་ཅི་ཡོད་ཅེ་ན།། གཟུགས་རྒྱན་རང་བཞིན་ལ་སོགས་པ་སྨོས།། དགོས་པ་ནི་ཕན་ཡོན་རྣམ་པ་གསུམ་སྟེ། སྒྲིབ་པ་སྤོང་བ་དང་། དབང་འབྱོར་པའི་རྒྱུ་དང་། འཕགས ་བའི་ནོར་ལ་ལོངས་སྤྱོད་པའི་རྒྱུའོ།། ཁ་ཅིག་འདི་སྐདདུ། འདི་བཀའ་མ་ཡིན་ན་ཕོ་ནི་ཡོན་ལྟ་སྨོས་ཀྱང་ཅི་དགོས་སྙམ་པ་ལ། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་བཀའ་ཉིད་བསྒྲུབ་པར་བྱ་བ་ཡིན་ཏོ།། གཏན་ཚིག་དང་། བསྒྲུབ་བྱ་བླ་ན་མེད་པའི་ཐབ་སུ་གྲུབ་པ ་དང་། དེ་ལ་སྐྲག་པའི་ཉོས་དམིགས་རྒྱུ་དང་བཅས་པ་དང་། སྐྲག་པར་མི་བྱ་བའི་ཤེས་པའི་གཏན་ཚིགས་དང་། དགག་པ་མི་འགྲུབ་པའི་རྒྱུ་མཚན་དང་། གནས་མ་ཡིན་པ་ལ་སྐྲག་མི་དགོས་པ་དང་། མ་མོས་པ་ཉིད་ཀྱིས་གྲུབ་པ་དང་། རང་གིས་མ་ཐོབ ་པ་སྤང་བར་མི་རིགས་པ་དང་། སྤང་བའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དགག་པ་དང་། ཁོང་དུ་མ་ཆུད་པས་སྤང་བར་མི་རིགས་པ་སྟེ་བཅུ་པའོ།། དེ་ལ་སྔར་ལུང་མ་བསྟན་པ་ལ་སོགས་པ་གཏན་ཚིགས་བདུ་ནོ།། སྔར་ལུང་མ་བསྟན་པས་སྒྲུབ་པ ་ངེས་པ་སྤང་བ་དང་། ཡོད་མེད་ཀྱིས་མ་གྲུབ་པ་སྤང་བ་དང་། སྤྱོད་ཡུལ་མ་ཡིན་པ་སྒྲུབ་པར་བྱེད་པ་སྟེ་གསུམ།། ཐེག་པ་ཆེན་པོར་གྲུབ་པའི་དཀོན་མཆོག་ལ་སྐྱབསུ་འགྲོ་བར་མོས་པ་བསྒྲུབ་པར་བྱ་བ་ལ་དགུ་སྟེ། སྐྱ་བསུ་འགྲོ་བ་མཆོག་གི་ཁྱད་པར་དང་། ་དེ་ལ་སྤྲོ་བར་བྱ་བ་དང་། དེའི་ངོ་བོ་དང་། རྒྱུ་དང་། འབྲས་བུ་དང་། ལས་དང་། ལྡན་པ་དང་། དབྱེ་བ་དང་། ཕན་ཡོ་ནོ།། དེ་ལ་སྐྱབསུ་འགྲོ་བའི་ཁྱད་པར་ནི་ཀུན་ཏུ་འགྲོ་བ་ལ་སོགས་པ་བཞིའོ།། དེའི་ཉེ་བར་ལེན་པའི་རྒྱུ་བསྒྲུབ་པར་བྱ་བའི་ཕྱིར་རིགས་ཡོད་པ་དང་། ་མེད་པ་དང་། རིགས་ཀྱི་ཕྱེ་བ་དང་། འ་བྲས་བུ་ཁྱད་པར་དུ་འཕགས་པ་སྟེ་བཞིའོ།། ཡོད་པ་ཡང་ཡོད་དང་མཆོག་དང་མཚན་ཉིད་དང་།། རྟགས་དང་རིགས་རབ་དབྱེ་བ་དང་།། ཉེས་དམིགས་དང་ནི་ཕན་ཡོན་དང་།། དཔེ་རྣམས་གཉིས་ཏེ་རྣམ་པ་བཞི་སྟེ་རྣམ ་པ་དགུའོ།། དེའི་རྐྱེན་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའི་བདག་ཉིད་སེམས་བསྐྱེད་པ་རྣམ་པ་བཅུ་གསུམ་སྟེ། མཚན་ཉིད་དང་རབ་ཏུ་དབྱེ་བ་དང་། རྣམ་པར་བཞག་པ་དང་། ཡང་དག་པར་བླངས་པ་བརྡའ་ལས་བྱུང་བ་དང་། དོན་དམ་པ་དང་། དཔེའི་ཆེ་བ ་དང་། སེམས་མ་བསྐྱེད་པ་སྨད་པ་དང་། བསྐྱེད་པ་བསྔགས་པ་དང་། མི་བྱེད་པའི་སྡོམ་པ་འཐོབ་པ་དང་། སེམས་མི་ལྡོག་པ་དང་། སྡུག་བསྔལ་གྱིས་མི་འཇིགས་པ་དང་། སེམས་ཅན་ཡལ་བར་མི་འདོར་བ་དང་། ལེ་ལོ་མི་རིགས་པའོ།། བསྡུ་ན་གཉིས་ཏེ། ་མཚན་ཉིད་དང་། དབྱེ་བའོ།། དེ་ལ་དྲུག་སྟེ། མངོན་པར་རྟོགས་པའི་དབྱེ་བ་དང་། རྣམ་པར་བཞག་པའི་དབྱེ་བ་དང་། བརྡར་བརྟགས་དོན་དམ་གྱི་དབྱེ་བ་ད་དཔའི་སྒོ་ནས་དབྱེ་བ་དང་། སྐྱོན་དང་ཡོན་ཏན་གྱི་སྒོ་ནས་དབྱེ་བ་དང་། ལས་ཀྱི ་སྒོ་ནས་དབྱེ་བའོ།། སྒྲུབ་པ་ནི་དགུ་སྟེ། མཚན་ཉིད་དང་མཉམ་པ་ཉིད་དང་། གཞན་གྱི་དོན་ཁྱད་པར་དུ་བྱ་བ་དང་། གཞན་གྱི་དོན་སྒྲུབ་པའི་དབྱེ་བ་དང་། དེའི་ཕུན་སུམ་ཚོགས་པ་དང་། སྒྲུབ་པའི་ཁྱད་པར་དང་། སྤྱོད་ཡུལ་བསྔོ་བ་དང་། གཞན་གྱིས་ཉེས ་པ་བཟོད་པ་དང་། སྒྲུབ་པའི་ཆེ་བ་ཉིད།། བསམ་པར་བྱ་བ་དེ་ཁོ་ན་ཉིད་ཟབ་མོ་རྣམ་པ་དྲུག་གིས་བསྟན་ཏེ། དོན་དམ་པའི་མཚན་ཉིད་དང་། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་དགག་པ་དང་། ཕྱིན་ཅི་ལོག་དམད་པ་དང་། བདག་མེད་ཀྱང་ཞི་བར་རུང་བ་དང་། ་གཉེན་པོ་ཡེ་ཤེས་ལ་འཇུག་པ་དང་ཡེ་ཤེས་ཀྱི་ཆེ་བ་ཉིདདོ།། བསམ་གྱིས་མི་ཁྱབ་པའི་མཐུ་ནི་རྣམ་པ་བདུན་གྱིས་བསྟན་ཏེ། མཚན་ཉིད་རྣམ་པར་དབྱི་བ་དང་། རྒྱུ་དང་འབྲས་བུ་དང་། ལས་དང་ལྡན་པ་དང་། འཇུག་པ་དང་། ཆེ་བའི་ཡོན་ཏནོ།། ། ་ལས་ལ་དྲུག་སྟེ། མཐོ་སྟན་འོད་ཟེར་རྣམ་པར་རོལ་པ། སྤྲུལ་པ་དང་ཞིང་དག་གོ།། ཡོངསུ་སྨིན་པ་ནི་རྣམ་པ་གཉིས་ཏེ། བདུན་དང་གཞ་ནོ།། དེ་ལ་བདག་ཡོངསུ་སྨིན་པ་རྒྱ་ཆེ་བའི་བདག་ཉིད་དང་བཅས་པ་སྟེ། དགའ་དང་དང་དང་རབ་ཞི་སྙིང་བརྩེ ་དང་།། བཟོད་དང་ཡིད་གཞུངས་མཐུ་ཅན་ཉིད་དང་ནི།། མི་འཕྲོག་པ་དང་ཡན་ལག་ལྡན་པར་བ།། དེ་ནི་རྒྱས་ཡོངསུ་སྨིན་པའི་མཚན།། སེམས་ཅན་ཡོངསུ་སྨིན་པོ་ནི་ལྔ་སྟེ། རང་བཞིན་དང་། རབ་ཏུ་དབྱེ་བ་དང་། ཕན་པ་དེའི་བསམ་པ་དང་། སྦྱོར་བ་ཕར་ལ ་ཏུ་ཕྱིན་པ་དྲུག་གིས་བསྒྲུབ་པ་དང་། མཇུག་བསྡུ་བའོ།། ཡོངསུ་གྲུབ་པའི་དོན་བླ་ན་མེད་པའི་བྱང་ཆུབ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དང་པོ་ལ་བཞི་སྟེ། ཡང་དག་པར་འགྲུབ་པ་དང་། ངོ་བོ་ཉིད་དང་། དཔེ་དང་། སངས་རྒྱས་ཉིད་གཉིས ་མེད་པའི་མཚན་ཉིད་མཐུ་དང་བཅས་པའོ།། རྒྱས་པར་བཤད་པ་ལ་བཅུ་གཉིས་ཏེ། དེ་སྐྱབས་གནས་བླ་ན་མེད་པ་དང་། གནས་ཡོང་སུ་གྱུར་པ་དང་། མཛད་པ་ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་འཆད་པ་དང་། ཟག་པ་མེད་པའི་དབྱིངས་ཟབ་པ་དང་། འབྱོར་པ ་རྣམ་པར་དབྱེ་བ་དང་། སེམས་ཅན་ཡོངསུ་སྨིན་པར་མཛད་པའི་རྒྱུ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། སྐུ་གསུམ་ད་གཡེ་ཤེས་རྣམ་པར་དབྱེ་བ་དེ་། སངས་རྒྱས་ཐམས་ཅད་གཅིག་པ་དང་། ཐ་དད་པ་ལས་གྲོལ་བ་དང་། སངས་རྒྱས་ཉིད་ལ ་འཇུག་པའི་ཐབས་དང་། ཕན་ཚུན་མཛད་པ་གཅིག་པ་དང་། སངས་རྒྱས་ཉིད་ལ་སྤྲོ་བར་བྱ་བ་སྟེ་བཅུ་གཉིས།། སྐྱབས་གནས་བླ་ན་མེད་པ་ལ་གསུམ་སྟེ། ཉོན་མོངས་པ་ལས་སྐྱོབ་པ་དང་། འཚེ་བ་ལས་སྐྱོབ་པ་དང་། འཆི་བ་ལ་སོགས་པ་ལས་སྐྱོབ་པ་དང་། ་སྐྱབས་ཆེན་པོ་བླ་ན་མེད་པའི་རྒྱུ་མཚན་དང་། ཡོངསུ་རྫོགས་པ་དང་། ཡུལ་དུས་རྣམ་པར་རྫོགས་པའི་ཕྱིརརོ།། གནས་ཡོངསུ་གྱུར་པ་ལ་བཞི་སྟེ། གཉེན་པོ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། གཞན་ལོས་ཁྱད་པར་དུ་འཕགས་པ་དང་། སྟོན་གྱི་དབྱེ་བ ་ད་པེ་རྣམ་པ་གསུ་མོ།། ཟག་མེད་ཀྱི་དབྱིངས་ཟབ་པ་ལ་རྣམ་པ་གསུམ་སྟེ། མཚན་ཉིད་དང་གནས་དང་། ཕྲིན་ལས་ཟབ་པའོ།། དང་པོ་ལ་བཞི་སྟེ། རྣམ་པར་དག་པའི་མཚན་ཉིད་ཟབ་པ་དང་། བདག་མཆོག་གི་མོ་ཆེན་ཉིད་ཟབ་པ་དང་། ལུང་མི་སྟོན་པ ་མཚན་ཉིད་ཟབ་པ་དང་། རྣམ་པར་གྲོལ་བའི་མཚན་ཉིད་ཟབ་པའོ།། ཕྲིན་ལས་ཟབ་པ་ལ་བཅུ་གཅིག་སྟེ། ཡོན་ཏན་གནས་ཉིད་དང་། སེམས་ཅན་སྨིན་མཛད་དང་། མཐར་ཐུག་གཤེགས་དང་། ཆོས་སྟོན་ཕྲིན་ལས་དང་། མཛད་པ ་གཅིག་དང་། ཡེ་ཤེས་དུ་གཅིག་འཇུག་རྣམ་པར་མི་རྟོག་དང་། ཡེ་ཤེས་སྣ་ཚོགས་ཡེ་ཤེས་མི་འཇུག་དང་། ཡེ་ཤེས་ཁྱད་པར་འཕགས། བདེ་གཤེགས་སྙིང་པོ་ཅ་ནི།། འབྱོར་པ་རྣམ་པར་དབྱེ་བ་ལ་གསུམ་སྟེ། མཐུ་ཕུལ་དུ་བྱུང་བ་དང་། རྣམ་པའི་རབ་ཏུ ་དབྱེ་བ་དང་། གཞན་དུ་གྱུར་པའི་འབྱོར་པའི་རབ་ཏུ་དབྱེ་བའོ།། སེམས་ཅན་ཡོངསུ་སྨིན་པར་མཛད་པའི་རྒྱུ་ལ་བདུན་ཏེ། ཇི་ལྟར་སྨིན་པར་མཛད་པ་དང་། ཡ་མཚན་ཆེ་བ་ཉིད་དང་། སྨིན་པའི་ཐབས་མང་བ་དང་། ལྷུན་གྱིས་གྲུབ་ཅིང་འདུ་བྱེད་པ་དང་བྲལ་བ ་དང་དེའི་དཔེ་དང་། གཅིག་ནས་གཅིག་ཏུ་སྨིན་པ་དང་། ངོམས་པ་དང་། འཕེལ་བ་མེད་པར་བསྟན་པའོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དྲུག་སྟེ་ངོ་བོ་ཉིད་དང་། རྒྱུ་དང་འབྲས་བུ་དང་། ལས་དང་ལྡན་པ་དང་འཇུག་པའོ།། མོས་པའི་ལེའུ་བདུན་གྱིས་བསྟན ་ཏེ། རྣམ་པར་དབྱེ་བ་དང་། བར་དུ་གཅོད་པ་དང་། ཕན་ཡོན་དང་། ཐེག་པ་ཆེན་པོ་ལ་མོས་པ་ལེན་དུ་གཞུག་པ་དང་། ཞུམ་པ་དགག་པ་དང་། བསོད་ནམས་ཀྱི་ཁྱད་པར་དང་། མོས་པའི་འབྲས་བུའོ།། ཆོས་ཚོལ་བ་ལ་བཅུ་དགུ་སྟེ། དམིགས་པ་ཡོངསུ་ཚོལ་བ ་དང་དེ་རྙེད་པ་དང་། ཡིད་ལ་བྱེད་པ་དང་། ཆོས་ཀྱི་དེ་ཁོ་ན་ཉིད་དང་། དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུར་ཡོངསུ་ཚོལ་བ་དང་། ཤེས་བྱ་ཡོངསུ་ཚོལ་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོངསུ་ཚོལ་བ་དང་། རྣམ་པར་རིག་པ་ཙམ་དང་། མཚན་ཉིད་དང་། ་རྣམ་པར་གྲོལ་བ་དང་། ངོ་བོ་ཉིད་མེད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། ཐེག་པ་གཅིག་པ་ཉིད་དང་། རིག་པའི་གནས་དང་། ཁམས་བརྟས་པ་དང་། ཆོས་ཚོལ་བའི་རབ་ཏུ་དབྱེ་བ་དང་། རྒྱུ་ཉི་དུ་དང་། སྤང་བྱ་རྣམ་པར་རྟོག་པ་ཚོལ་བ་དང་། མཇུག་བསྡུ་བ་ཕན ་ཡོན་དང་བཅས་པའོ།། དེ་ཁོ་ན་སྒྱུ་མ་ལྟ་བུར་ཚོལོ་བ་ལ་བཅུ་གཅིག་སྟེ། སྒྱུ་མའི་མཚན་ཉིད་དང་། དུས་གཅིག་ཏུ་རྟོགས་པར་སྤྱོད་པ་དང་། དཔེ་དང་སྦྱར་བ་དང་། དོན་དང་སྦྱར་བ་དང་། དགོས་པ་དང་སྦྱར་བ་དང་། རྒྱུ་མཚན་དང་སྦྱར་བ་དང་། དཔེའི་དབྱེ་བ་དང་། མི་མཐུན ་པ་དང་གཉེན་པོའི་དབྱེ་བ་དང་། སྤོང་བའི་ཚུལ་དང་། ཐར་པའི་དཔེ་དང་། སྒྱུ་མ་ལ་སོགས་པ་དཔེ་བརྒྱད་ཀྱི་དོན་བསྟན་པའོ།། ཆོས་སྟོན་པ་བཅུ་གཅིག་སྟེ། སེར་སྣ་དགག་པ་དང་། ཆོས་དོན་མེད་པ་མ་ཡིན་པ་དང་། སྟོན་པ་རྣམ་པར་དབྱེ་བ་དང་། སྟོན་པ་ཕུན་སུམ་ཚོ ་པ་དང་། ཚིགས་ཕུན་སུམ་ཚོགས་པ་དང་། ཡི་གེ་ཕུན་སུམ་ཚོགས་པ་དང་། སྟོན་པའི་ཆེ་བའི་བདག་ཉིད་དང་། དོན་ཕུན་སུམ་ཚོགས་པ་དང་། ལྡེམ་པོར་དགོངས་པ་དང་། དགོངས་པ་རྣམ་པར་དབྱེ་བ་དང་། ཤིན་ཏུ་རྒྱས་པ་བསྡུས་པ་ཕན་ཡོན་དང་བཅས་པ་བསྟན་པ ་དང་། ཆོས་བསྟན་པའི་ཕན་ཡོ་ནོ།། བསྒྲུབ་པའི་ལེའུ་ལ་བརྒྱད་དེ། རྣམ་པར་དབྱེ་བ་དང་། སྒྲུབ་པ་ལ་བག་ཡོད་པར་བྱ་བ་དང་། ཉོན་མོངས་པ་ཁོ་ནས་ཉོན་མོངས་པ་ལས་ངེས་པར་འབྱུང་བ་དང་། ཐེག་པ་དམན་པ་ཡིད་ལ་བྱེད་པ་སྤང་བ་དང་། རང་བཞིན་གྱིས་དག་པ ་ལ་སྐྲག་པ་སྤང་བ་དང་། ཆགས་པ་ལས་སྐྱེས་པའི་ལྟུང་བ་དགག་པ་དང་། ཇི་ལྟར་གང་དུ་སྒྲུབ་པ་དང་། སྒྲུབ་པའི་འཁོར་གསུམ་ཡོངསུ་དག་པའོ།། བྱེ་བྲག་ཏུ་ཤེས་པར་བྱ་བའི་གདམས་ངག་དང་རྗེ་སུ་བསྟན་པ་ལ་བཅུ་གསུམ་སྟེ། མོས་པ་རྣམ་པར་འཕེལ་བ ་དང་། དེ་བཞིན་དུ་ནི་ཚོགས་བསགས་པ་ལ་སོགས་པ་དང་། ཆོས་ཀྱི་རྒྱུན་གྱི་ཏིངངེ་འཛིན་ཐོབ་པ་ལས་གདམས་ངག་རྙེད་པ་དང་། དེ་ལ་དམིགས་པའི་སེམས་དྲུག་བསྟན་པ་དང་། ཡིད་ལ་བྱེད་པ་བཅུ་གཅིག་བསྟན་པ་དང་། ཞི ་གནས་ཀྱི་སེམས་དགུ་བསྟན་པ་དང་། དེ་ལས་རིམ་གྱིས་བསམ་གཏན་ལས་སུ་རུང་བ་ཅན་ཡོན་ཏན་དང་བཅས་པ་ཐོབ་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། མཐོང་བའི་ལམ་དང་། དེའི་མཚན་ཉིད་རྣམ་པར་བཞག་པ་དང་། ཆེ་བའི་བདག་ཉིད ་དང་། བསྒོམ་པའི་ལམ་དང་། གདམས་ངག་གི་ཆེ་བའི་བདག་ཉིད་བསྟན་པའོ།། ཐབས་དང་ལྡན་པའི་ལས་རྣམ་པར་དབྱེ་བ་ལ་གསུམ་སྟེ། ཀུན་ནས་སློང་བའི་ཐབས་དང་། ལྟ་བའི་ཐབས་དང་། འཁོར་ཡོངསུ་དག་པའི་ཐབས་སོ།། ཕ་རོལ་ཏུ་ཕྱིན་པ ་དྲུག་ལ་གྲངས་དང་དེའི་མཚན་ཉིད་གོ་རིམས་དང་། ངེས་པའི་ཚིག་དང་གོམས་བྱ་ཡོན་ཏན་དང་། དེ་དག་རབ་དང་བསྡུ་དང་མི་མཐུན་ཕྱོགས།། ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཤེས་བྱའོ།། བསྡུ་བའི་དངོས་པོ་བཞི་ལ་དྲུག་སྟེ། ངོ་བོ་དང་བྱེད་པ་དང་། ་ལས་དང་གྲངས་ངེས་པ་དང་། རབ་ཏུ་དབྱེ་བ་དང་། ཕན་ཡོན་ནོ།། མཆོད་ལ་སོགས་པ་བཞི་ནི། སངས་རྒྱས་ལ་མཆོད་པ་དང་། དགེ་བོ་ཤེས་བསྟེན་པ་དང་། ཚད་མེད་པ་བསྒོམ་པ་དང་། དེ་དག་མཇུག་བསྡུ་བའོ།། མཆོད་པ་ལ། རྒྱུ་མཚན་དང་ནི་ཡོངས ་བསྔོ་དང་།། རྟེན་དང་དངོས་དང་རྒྱ་དང་ནི།། ཡེ་ཤེས་དང་ནི་ཞིང་དག་དང་།། གནས་ཀྱི་སྒོ་ནས་རབ་ཏུ་བསྟན།། དགེ་བ་ཤེས་བསྟེན་པ་གཞི་དང་ནི།། རྒྱུ་མཚན་དང་ནི་ཡོངས་བསྔོ་དང་།། རྒྱུ་དང་ཡེ་ཤེས་ཞིང་དག་དང་།། གནས་ཀྱི་སྒོ་ནས་རབ་ཏུ་བསྟན།། ་ཚད་མེད་པ་ལ་གསུམ་སྟེ། ཁྱད་པར་དང་། རབ་ཏུ་དབྱེ་བ་དང་། སྙིང་རྗེའི་རྣམ་པར་དབྱེ་བའོ།། སྙིང་རྗེའི་རྣམ་པར་དབྱེ་བ་ལ་ཉི་ཤུ་རྩ་གཉིས་ཏེ། དམིགས་པའི་རབ་ཏུ་དབྱེ་བ་དང་། འབྲས་བུ་ལྔ་དང་། སྲིད་པ་དང་ཞི་བར་མི་གནས་པ་དང་། འཁོར་བ་ཡོངསུ་ཤེས་པ་དང་། ་རྗེའི་རྒྱུ་རྣམ་པར་དབྱེ་བ་དང་། ལྗོན་ཤིང་གི་དཔེ་དང་། ཕན་ཡོན་དང་། སྙིང་རྗེ་ཆགས་པ་དང་བྲལ་བ་དང་། སྙིང་རྗེ་བྱམས་པས་ཁྱད་པར་དུ་འཕགས་པ་དང་སྐྲག་པ་དང་། དགའ་བའི་རྒྱུ་མཚན་དང་། སྙིང་རྗེའི་སྡུག་བསྔལ་གྱིས་བདེ་བ་ཟིལ་གྱིས ་གནོན་པ་དང་། སྙིང་རྗེས་བྱིན་པའི་ཕན་ཡོན་དང་། སྡུག་བསྔལ་ཁས་ལེན་པ་དང་། རྣམ་པ་གསུམ་པོ་དང་། དེའི་འབྲས་བུ་འཕེལ་བ་དང་། སྦྱིན་པ་ལ་སྤྲོ་བ་བསྐྱེད་པ་དང་། གཞན་བདེ་བས་བདེ་བ་ཉམ་སུ་མྱོང་བ་དང་། སྦྱིན་པ་ལ་རྗེ་སུ་རྟོན་པ་དང་། ་བརྩེ་བས་སྦྱིན་པ་ཁྱད་པར་དུ་འཕགས་པ་དང་། ཉེ་བར་སྤྱད་པའི་ཁྱད་པར་གྱིས་དགའ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་དང་། སྙིང་རྗེའི་རྐྱེན་རྣམ་པ་བཞི་དང་། སྙིང་རྗེ་ཆེན་པོ་མཆོག་གི་རྣམ་པའོ།། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་ཉི་ཤུ ་རྩ་བཞི་སྟེ། ངོ་ཚའི་རྣམ་པར་དབྱེ་བ་དང་། བརྟན་པ་དང་། མི་སྐྱོ་བ་དང་། བསྟན་བཅོས་ཤེས་པ་དང་། འཇིག་རྟེན་ཤེས་པ་དང་། རྟོན་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། ཚོགས་གཉིས་དང་། དྲན་པ་ཉེ་བར་གཞུག་པ་དང་། ཡང་དག་པར ་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་དང་། ཞི་གནས་དང་། ལྷག་མཐོང་དང་། ཐབས་ལ་མཁས་པ་དང་། གཟུངས་དང་། སྨོན་ལམ་དང་། ཏིང་འཛིན་དང་། ཆོས་ཀྱི་སྡོམ ་དང་། དེའི་སྐད་ཅིག་མ་དང་། བདག་མེད་པ་དང་། ངོ་ཚ་ལ་སོགས་པའི་ལས་མདོར་བསྡུས་པ་བསྟན་པའོ།། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཉི་ཤུ་རྩ་བཞི་སྟེ། ངོ་མཚར་ཆེ་བ་དང་མི་ཆེ་བ་རྣམ་པར་དབྱེ་བ ་དང་། སེམས་མཉམ་པ་ཉིད་དང་། ཕན་འདོགས་པ་དང་། ལན་དུ་ཕན་འདོགས་པ་དང་། སྨོན་པ་དང་། སྦྱོར་བ་ཆུད་མི་ཟ་བ་དང་། ཡང་དག་པའི་སྦྱོར་བ་དང་། ཡོང་སུ་ཉམས་པ་དང་། ཁྱད་པར་ཅན་གྱི་ཆོས་རྣམ་པར་དབྱེ་བ་དང་། ་བཅོས་མ་དང་བཅོས་མ་མ་ཡིན་པའི་ཡོན་ཏན་དང་། འདུལ་བ་རྣམ་པར་དབྱེ་བ་དང་། ལུང་བསྟན་པ་དང་། ངེས་པར་འགྱུར་བ་དང་། གདོན་མི་ཟ་བར་བྱ་དགོས་པ་དང་། རྟག་པར་བྱ་བ་དང་། གཙོ་བོའི་དངོས་པོ་དང་། གདགས ་བ་རྣམ་པར་བཞག་པ་དང་། ཡོངསུ་ཚོལ་བ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། དཔག་ཏུ་མེད་པ་དང་། བཤད་པའི་འབྲས་བུ་དང་། ཐེག་པ་ཆེན་པོ་དང་། དེའི་འབྲས་བུ་དང་། བྱང་ཆུབ་སེམས་དཔའ་རྣམ་པར ་དབྱེ་བ་དང་། དེའི་མཚན་གྱི་རྣམ་པར་དབྱེ་བའོ།། ཡོངསུ་གྲུབ་པ་མཐར་ཐུག་པའི་སྐབས་ལ་བཅོ་བརྒྱད་དེ། རྟགས་དང་། ཕྱོགས་དང་། ལྷག་པའི་བསམ་པ་དང་། ཡོངསུ་འཛིན་པ་དང་། སྐྱེ་བོ་དང་། གནས་པ་དང་། ས་རྣམ ་བོར་དབྱེ་བ་མདོར་བསྟན་པ་དང་། སའི་མཚན་ཉིད་དང་། དེའི་གང་ཟག་དང་། དེ་ལ་བསླབ་པ་རྣམ་པར་བཞག་པ་དང་། ཕུང་པོ་རྣམ་པར་གཞག་པ་དང་། གྲུབ་པ་དང་། ས་ལ་ཞུགས་པའི་རྟགས་དང་། ཕ་རོལ་ཏུ་ཕྱིན་པ་ཐོབ ་པའི་རྟགས་དང་། དེའི་ཕན་ཡོན་དང་། སའི་ངེས་པའི་ཚིག་དང་། ཐོབ་པ་དང་། སྤྱོད་པ་དང་། སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་དབྱེ་བའོ།། དེ་ཡང་བསྡུས་ན་གཉིས་ཏེ། རྒྱུའི་ཁྱད་པར་དང་། ངོ་བོའི་སྒོ་ནས་སོ།། རྒྱུ་ལ་དྲུག་སྟེ། ་རྟགས་དང་། ཕྱོགས་དང་། བསམ་པ་དང་། ཡོངས་སུ་འཛིན་པ་དང་། སྐྱེ་བ་དང་། སའི་སྒོ་ནས་སོ།། ངོ་བོའི་སྒོ་ནས་སངས་རྒྱས་ཀྱི་ཡོན་ཏན་བཅོ་བརྒྱད་དེ། ཚད་མེད་པ་དང་། རྣམ་ཐར་ལ་སོགས་པ་དང་། ཉོན་མོངས་པ་མེད ་པ་དང་། སྨོན་ནས་མཁྱེན་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་དང་། མཚན་དང་། དཔེ་བྱད་དང་། ཡོངས་སུ་དག་པ་དང་། སྟོབས་དང་། མི་འཇིགས་པ་དང་། བསྲུང་མེད ་དྲན་པ་ཉེ་བར་གནས་པ་དང་། བག་ཆགས་བཅོམ་པ་དང་། བསྙེལ་བ་མི་མངའ་བ་དང་། ཐུགས་རྗེ་ཆེན་པོ་དང་། མ་འདྲེས་པའི་ཡོན་ཏན་དང་། ཐམས་ཅད་མཁྱེན་པའི་ཡོན་ཏན་དང་། ཕ་རོལ་ཏུ་ཕྱིན་པ་རྫོགས ་པ་དང་། སངས་རྒྱས་ཀྱི་མཚན་ཉིད་རྣམ་པར་དབྱེ་བའོ།། །། རྒྱལ་སྲས་མི་ཕམ་མགོན་ལ་མངོན་སུམ་དུ།། རྣ་བའི་སྙིམ ་པས་བདུད་རྩིའི་རྒྱུན་འཐུངས་པས།། སྐལ་ལྡན་གངྒཱ་དྷ་རའི་སློབ་མ་ནི།། བྲམ་ཟེ་རིན་ཆེན་རྡོ་རྗེས་ལེགས་བཟུང་ནས།། ཐེག་ཆེན་མདོ་སྡེ་མ་ལུས་པ་ཡི་དོན།། མཁས་པ་དགའ་བར་བྱེད་པའི་རྒྱུན་བཤད་པ། ་མཁས་པ་ཛྙཱ་ན་ཤཱི་ཡིས་རྣ་རྒྱུན་ལྟར།། ལེགས་བཟུང་དེས་ནི་བཤད་པ་མངོན་སུམ་དུ།། དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱིས་མཉན་ནས།། མ་ནོར་དོན་ཚིག་ཕྲེང་བྱ ་ལྟར་སྦེད་འདི།། བྱམས་པ་ཉིད་ལས་མཁས་པ་བཞིས་བརྒྱུད་ནས།། ཕྱི་མ་དག་ལས་སྣང་བ་བྱ་ཕྱིར་བྲིས།། ། ཐེག་པ་ཆེན་པོའི་མདོ ་སྡེའི་རྒྱན་གྱི་དོན་བསྡུས་པ། སློབ་དཔོན་མཁས་པ་ཆེན་པོ་དྷཱ་ན~ཾ་ཤྲཱིས་མཛད་པ་རྫོགས་སོ།། ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བརྩོན་འགྲུས ་ཀྱིས་བསྒྱུར་བའོ།། སླར་ཡང་གུ་ཎོ་ད་དྷིས་ལན་ཅིག་ཞུས་སོ།། ་