CLOSE WINDOW

GT3535: mdo sde rgyan gyi tshigs su bcad pa dang po gnyis kyi bshad pa
Wyliee-texts produced with BDRC’s OCR application

།། རྒྱ་གར་སྐད་དུ། སྭཱཏྤ་ལ་ཀཱཪྵ་ཤློཀ་སྱང ་ཡ་སྱ་བྱ་ཁྱཱ་ན། བོད་སྐད་དུ། མདོ་སྡེ་རྒྱུན་གྱི་ཚོགས་སུ ་བཅད་པ་དང་པོ་གཉིས་ཀྱི་བཤད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐུགས་རྗེ་ཆེན་པོས ་གནོན་པའི་ཐུགས་ཀྱིས་འགྲོ་བ་སྣ་ཚོགས་ཀྱི་ཐུགས་ཀྱིས་གཟུང་བའི་དབང་དུ་མཛད་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ ་གང་ལ་གང་གི་དོན་དུ་ཇི་ལྟར་གང་དག་གིས་བསླབ་པར་བྱ་བའི་དོན་བཞི་ལ་དགོངས་ནས། འཁོར་རྣམས་ལ་མཆོག་ཏུ་ཟབ་པའི་དོན་ཅན་གྱི་མདོ་སྡེ་མཐའ་ཡས་པ་སྟོན་པ་ལ ་འཇུག་པར་མཛད།། དུས་ཤིན་ཏུ་ཡུན་རིང་པོར་གོམས་པར་བྱས་པའི་བསོད་ནམས་དང་ཡེ་ཤེས་ཡོངས་སུ་སྨིན་པའི་བསམ་པ་དང་ལྡན་པས། དེའི་དུས་ན་ཉེ་བ་རྣམས་ལ ་ཡོངསུ་དག་པའི་རྒྱུ་ཉིད་ཀྱིས་བསམ་པ་ཇི་ལྟ་བ་བཞིན་དུ་དོན་མཛད་དུ་ཟིན་ན་ཡང་། སྟོན་པ་འགྲོ་བ་རྣམས་ཀྱི་མི་གཅིག་ཏུ་གྱུར་པ་ཡོངསུ་མྱ་ངན་ལས་འདས་པ་ན་བདག་ཅག་ལྟ་བཱི་གདུལ ་བྱའི་སྐྱེ་བོ་ཡོངསུ་གཟུང་བར་བཞེད་ནས་ཡུན་རིང་པོར་གནས་པའི་དོན་དུ་གང་སྡུད་པ་པོས་ཡང་དག་པར་བསྡུས་པ་ཡིནོ།། སྙིགས་མ་ལྔའི་དུས་ཀྱི་ཤ་ཟས་སེམས་ཅན་གྱི་ཚོ་ཌ་ཀྱི་སྙིང ་མེད་པར་གྱུར་པའི་དུས་ཀྱི་ཐ་མ་དེའི་ཚེ་ན་དེའི་དོན་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་འབྲས་བུ་མེད་པར་གྱུར་པ་ལྟ་བུར་ཡང་དག་པར་གཟིགས་ནས་དེ་བདེ་བླག་ཏུ་རྟོག་པར་བྱ་བའི་དོན་དུ། འཕགས་པ་ཐོགས་མེད་ཀྱི་སྐྱེ་ནུས ་སློབ་དཔོན་དབྱིག་གཉེན་ལ་ཆེད་དུ་གཏད་ནས། ཐམས་ཅད་རྗེསུ་གཟུང་བར་བྱ་བའི་ཕྱིར་དེ་ཉོ་བར་སྟོན་པའི་བསྟན་བཅོས་མདོ་སྡེ་རྒྱན་ཅེས་བྱ་བ་འདི། བཅོམ་ལྡན་འདས་བྱམས་པས་ཉེ་བར་བསྟན་པ་ཡིནོ།། གང་ལ་དོན་དང་ལྡན་པའི་མིང ་རྣམ་པར་ཤེས་པར་བྱ་བའི་དོན་དུ་ཚིགསུ་བཅད་པ་ཉེ་བར་བཀོད། དོན་དང་ལྡན་པའི་མིང་རྣམ་པར་ཤེས་པས་ནི་བསྟན་བཅོས་ཉན་པ་པོ་རྣམས་ཀྱིས་གུས་པ་དང་བཅས་པས་འཇུག་པའི་ཡུལ་དུ་ཉེ་བར་འགྲོ་བར་བྱེད།། འདི་ལྟར་ཡང་འདིར་དོན་གྱི ་རྗེསུ་འགྲོ་བར་ཁོང་དུ་ཆུད་པར་བྱ་སྟེ། ཇི་ལྟར་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་འཕྲོ་བ་གསེར་གྱི་རང་བཞིན་གྱི་གདུ་བུ་དང་། དཔུང་རྒྱན་དང་། རྣ་རྒྱན་ལ་སོགས་པའི་རྒྱན་གྱི་མཆོག་ཏུ་གྱུར་པའི་བུད་མེད་ཀྱི་ཡན་ལག་རིང་བཞིན་གྱིས་ཉམས་དགའ་བར ་བྱེད་པ། དཔུང་པའི་ཡན་ལགོ་ལ་སོགས་པ་མཛེས་པར་བྱེད་པ་ན་འཇིག་རྟེན་ལ་མཆོག་ཏུ་དགའ་བ་ཉེ་བར་བསྐྱེད་པ་དེ་བཞིན་དུ། ཉེ་བར་བསྟན་པའི་བསྟན་བཅོས་འདིས་མདོ་སྡེའི་མཆོག་ཏུ་ཟབ་པ་གསལ་བར་བྱེད་པ་ཉིད་ཀྱིས་དམ་པ་རྣམས ་ལ་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པའི་ཕྱིར་འདི་རྒྱན་ཉིད་དང་འདྲ་བ་ཡིན།། འོ་ན་དེ་གང་དག་མདོ་སྡེའི་དོན་ཇི་ལྟ་བ་བཞིན་དུ་གསལ་བའི་འབྲས་བུ་ཉེ་བར་བསྟན་པ་ལ་རང་ཉིད་འཇུག་པ་ལ་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས ་བྱུང་བའི་ཤེས་རབ་དྲི་མ་མེད་པ་ཅན་ཕུལ་དུ་བྱུང་བའི་མཁས་པ་དེ་དག་བསྟན་བཅོས་འདི་ལ་མི་འཇུག་པ་འམ། འཇུག་པ་ན་ཅི་ཡོད་པར་གྱུར་པ་འམ། ཡོད་པ་འམ། ཡོད་པར་གྱུར་པ་མ་ཡིན་ནམ། དེའི་ཕྱིར་རྒྱུ་མཚན་གང་གིས་ན་འདི་ཉིད་ཁྱད་པར ་ཅན་གྱི་དགའ་བ་བསྐྱེད་པའི་རྒྱུ་ཉིད་ཀྱིས་རྒྱན་ཉིད་ཡིན་ཞེས་བྱ་བའི་དོགས་པ་བསལ་བའི་དོན་དུ་ཕྱིན་ཅི་མ་ལོག་པ་ཉིད་དང་། མི་སླུ་བ་ཉིད་དང་། དོན་མ་ལུས་པ་དག་བསྡུས་ནས་ཐུན་མོང་མ་ཡིན་པའི་རྒྱུ་ཉི་དུ་འདིར་བསྟན་པ་ཡིན་ཞེས་བསྟན་པའི་དོན ་དུ་དོན་ཤེས་དོན་སྟོན་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ།། གང་འདིས་ནི་མདོ་སྡེའི་དོན་ནི་བརྒྱན་པར་བྱ་བ་ཉིད་དང་། བཤད་པ་ནི་རྒྱན་ཉིད་དང་། དེའི་རྒྱུ་མཚན་གོང་དུ་བརྗོད་པ་གསུམ་བསྟན་པ་ཡིན།། དེ་ལ་དོན་སྟོན་ཞེས་བྱ་བ་ནི་སྟོན་པ་ཉིད་ཀྱིས་ཉེ་བར ་བསྟན་པའི་དོན་ནི་རྟག་ཏུ་ལྟོས་པ་དང་བཅས་པ་ཡིན་པས། གང་ཡིན་ཞེས་བྱ་བའི་དོགས་པ་བསལ་བའི་ཕྱིར་དེ་དང་འབྲེལ་པས་ཁྱད་པར་དང་བཅས་པའི་ཆོས་ཉེ་བར་བསྟན་པའི་ཕྱིར་མདོའི་དོན་ཁོ་ན་བརྒྱན་པར་བྱ་བ་ཉིད།། མདོའི་སྡེ་ལས་གཞན་པའི ་ཆོས་ན་མདོའི་སྡེ་བཞིན་དུ་ཐིག་མཆོག་བསྟན་པའི་རྣམ་པ་མ་ཡིན་ཏེ། མདོའི་སྡེ་ཁོ་ནས་ཤེས་པར་བྱས་པའི་དོན་ལ་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་རྣམ་པ་འགའ་ཞིག་གིས་རྗེསུ་བརྗོད་པ་ཡིན་པའི་ཕྱིར།། དེ་ཉིད་ཀྱི་ཕྱིར་ཐིག་མཆོག་བསྟན་པ ་ཞེས་བརྗོད་པར་བྱ་བ་ཡིན་ན། བསྟན་བཅོས་མཛད་པས་དབྱངས་ཀྱིས་བསྙད་པ་ལ་སོགས་པ་རྣམ་པར་གཅད་པའི་ཕྱིར་འདིར་བསྒྲུབ་པའི་སྒྲ་ལྷག་པར་བརྗོད་པ་མཛད་པ་ཡི་ནོ།། དེ་ཡང་སྒྲུབ་པས་ན་སྒྲུབ་ཅེས་དངོས་པོ་སྒྲུབ་པ་བསྟན་པས་ནི་མ་ཤེས་པ ་ཤེས་པའི་དོན་ཁོང་དུ་ཆུད་པར་བྱའོ།། བསྒྲུབ་པར་བྱ་བ་ཡིན་པས་བསྒྲུབ་པ་ཞེས་ལ་སུ་སྒྲུབ་པ་ནི་ཤེས་པར་བྱ་བའི་ངོ་བོ་ཡིནོ།། འདིར་ནི་ལསུ་བསྒྲུབ་པ་བསྟན་པར་མངོན་པར་འདོད་དོ།། དེའི་ཕྱིར་དོན་ནི་འདི་ཡིན་ཏེ། ཉན་ཐོས་དང་རང ་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཐེག་པ་ལ་བལྟོས་ནས་ཁྱད་པར་ཅན་ཡིན་པའི་ཕྱིར་ཐེག་མཆོག་སྟེ། རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡིནོ།། དེ་བསྟན་པ་སྟེ་བསྟན་པར་ཤེས་པར་བྱའོ།། སྒྲུབ་པ་ནི་སྒྲུབ་པ་བཞིན་པ་སྟེ། རྗེསུ་གཟུང་བ་རང་གིས་མི་རྟོགས ་པའི་ཕྱིར་དེས་རྟོགས་པར་བྱ་བའི་རང་བཞིན་ཏེ། གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེའིའོ།། དངོས་པོ་སྒྲུབ་པ་བསྟན་ན་ནི་བསྟན་པའི་སྒྲ་དོན་དུ་རྟོགས་པ་ཉིད་ཡིན་པའི་ཕྱིར་དེ་འབྲས་བུ་མེད་པར་ཐལ་བ་བཟློག་པར་དཀའོ།། དེ་བས་ན་དེ་ལྟར ་སྒྲུབ་པའི་སྒྲ་ཉེ་བར་བསྟན་པོའི་ཕྱིར་འདིར་ཁྱད་པར་དུ་བཅས་པའི་ཆོས་ཀྱི་སྒྲས་མདོའི་སྡེ་ཁོ་ན་མངོན་པར་བརྗོད་པ་ཡིནོ།། དེ་སྐད་དུ་ཡང་འགྲེལ་པ་མཛད་པས་ཆོས་ཚོལ་བའི་ལེའུ་ལས། ཐེ་ཚོམ་གྱི་གཉེན་པོར་ནི་མདོ་སྡེ་ཡིན་ཏེ། གང་ཞིག་གང་ལ་ཐེ ་ཚོམ་ཟ་བ་དེ་ལ་དོན་ངེས་པར་བྱ་བའི་ཕྱིར་བསྟེན་པའི་ཕྱིརརོ།། ཡང་ན་མདོ་སྡེ་ནི་ཆོས་ཀྱི་དོན་བསྟན་པ་ཡིནོ་ཞེས་འཆད་པར་འགྱུར་བ་ཡིན།། དེ་བས་ན་དེ་ལྟ་བུ་དེ་ཉིད་ཡིན་ཏེ། གང་གི་ཕྱིར་མཁས་པ་རྣམས་ནི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པ ་དང་། ལུང་དུ་བསྟན་པ་ལ་སོགས་པ་དང་། གསུང་རབ་ཀྱི་རྣམ་པའི་གྲངས་རྗོད་པར་བྱེད་པ་ན་མདོའི་སྡེ་ཁོ་ན་གཙོ་བོ་ཡིན་པའི་ཕྱིར་དང་པོར་གདོན་པ་ཡིན།། དེ་ལྟ་བས་ན་མདོའི་སྡེའི་དོན་ནི་བརྒྱན་པར་བྱ་བ་ཉི་དུ་འདིར་བརྗོད་པ་ཡིན།། སྟོན་པའི་སྒྲ་ནི ་བཤད་པའི་དོན་ཡིན་པའི་ཕྱིར་དེ་དང་དེའི་རྗེསུ་འབྲེལ་པའི་དོན་ནི་བཤད་པར་བྱ་བ་ཉིད་མ་ཡིན་ནམ། ཇི་ལྟར་ན་བརྒྱན་པར་བྱ་བ་ཉིད་ཡིན་ཞེ་ན། གལ་ཏེ་དོན་བཤད་ཅེས་བསྟན་པ་ཡིན་ན་བདེན་ཏེ། དོན་སྟོན་རབ་ཏུ་བྱེད་པ་ཞེས་བསྟན་པ་ན། སྒྲུབ ་བཞིན་པའི་བཤད་པ་ཁྱད་པར་ཅན་དང་། འབྲེལ་པར་ཁོང་དུ་ཆུད་པར་བྱ་སྟེ། དེས་མཁས་པ་རྣམས་ལ་དགའ་བ་སྐྱེད་པར་བྱེད་པའི་ཕྱིར། རྒྱན་པར་བྱེད་པ་དེའི་ཡུལ་ཉི་དུ་གྱུར་པའི་དོན་ཇི་ལྟར་ན་རྒྱན་པར་བྱ་བའི་བདག་ཉིད་འགྱུར་བ་མ་ཡིན། དོན ་འདི་ཉིད་བསྟན་བཅོས་མཛད་པས་གསེར་ལ་བརྡུངས་བྱས་འདྲ་ཞིང་ཞེས་བྱ་བ་ལ་སོགས་པས་དཔེ་ཉེ་བར་བཀོད་པ་སྔོན་དུ་འགྲོ་བས། ཆོས་དེ་འདིར་བཤད་པ་ཡང་དགའ་བའི་མཆོག་བསྐྱེདདོ་ཞེས་བྱ་བའི་ངག་གིས་སྟོན་པར་འགྱུར་རོ།། དེ་ལྟ་བས་ན ་དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བ་ནི་འདིར་དོན་བརྒྱན་པར་བྱེད་པའི་དོན་དུ་ཤེས་པར་བྱའོ།། དེ་ལྟར་ན་སུ་ཞིག་རྒྱན་པར་བྱེད་ཅི་ཞིག་རྒྱན་པར་བྱེད་ཅེས་བྱ་བ་ལ་སོགས་པ་འགྲེལ་པ་མཛད་པོས་མངོན་པར་བརྗོད་པའི་དྲི་བ་དང་། ལན་གྱིས་ཚིག་རྣམ ་ཀྱིས་དོན་འབྲེལ་པ་ཉིད་དུ་འགྱུར་བ་ཡིནོ།། སྒྲ་ཇི་བཞིན་ཤེས་པ་གང་དག་གིས་དགོངས་པའི་དོན་ཁོང་དུ་མ་ཆུད་ན་འགྲོལ་པ་སུ་ཞིག་རྒྱན་པར་བྱེད་ཙོ་ཞིག་རྒྱན་པར་བྱེད་ཅེས་བྱ་བའི་དོགས་པ་གཉིས་བསལ་ནས། སུ་ཞིག་བྱེད་ཅི་ཞིག་བྱེད་ཅེས ་གདོན་པར་རྣམ་པར་བརྟགས་པ་དེས་ནི། སྙོམ་ལས་ཀྱི་བདེ་བ་ལ་ཆགས་པའི་ཡིད་ཅན་གྱིས། རྟོག་པ་མེད་པ་ཉིད་ཁོང་དུ་ཆུད་པར་བྱེའོ།། སྒྲ་ཇི་བཞིན་པ་ཤེས་པ་ཉིད་ཀྱང་། དེ་ལ་ག་ལ་ཡོད། ཅི་ཞིག་གི་དོན་གྱིས་རྒྱན་དུ་བྱེད། གང་གི་ཚོད་དུ ་རྒྱན་དུ་བྱེད་ཅེས་བྱ་བའི་གང་གི་དོན་མ་ངེས་པ་ཉིད་ཀྱི་ཕྱིར།། འདིར་དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བའི་རྗེས་འབྲལ་པ་མེད་པར་ཚིག་ཕྱི་མ་དག་གི་དོན་དུ་རྟོགས་པ་མ་ཡིན་ཏེ། དོགས་པ་ཉེ་བར་མི་བྱེད་པའི་ཕྱིརརོ།། གཞན་ཡང ་ཞིག་གི་དོན་གྱིས་རྒྱན་དུ་བྱེད་ཅེས་བྱ་བ་ལ། འདིར་སྒྲ་དྲན་པ་ལ་མཁས་པའི་མངོན་པའི་ང་རྒྱལ་ཅན་འདས་ཀྱང་དོན་བརྒྱན་པར་བྱ་བའི་བྱ་བ་ལས་ཀྱི་དངོས་པོ་ཐོབ་པས་དོན་ལ་ཞེས་གཉིས་པའི་མཐའ་ཅན་ཉིད་ཀྱིས་མཚན་ཉིད་ཐོབ་པ་ཡིན་ན། དྲུག་པ་མི ་འཐད་པ་ཉིད་ཇི་ལྟར་མི་སྤྱོད། གང་གི་ཚེ་རྒྱན་པར་བྱེད་པ་ཞེས་བྱ་བ་འདི་ལ། དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བའི་དོན་ཇི་སྐད་བཤད་པའི་རིགས་པས་ཡིན་པ་དེའི་ཚེ་ནི་བསྟན་པར་བྱ་བ་ཉིད་འདིར་ལས་ཉིད་རྟོགས་པ་ན་དེན་ལ་དེ་དང་འབྲེལ་པ་ཉིད་རྟོག ་པའི་ཕྱིར། དེ་དང་འབྲེལ་པོ་དྲུག་པ་བསྟན་པ་ལ་མི་འཐད་པ་མེདོ།། དེ་ལྟ་བུས་སུ་ཞིག་རྒྱན་པར་བྱེད་ཅེས་བྱ་བ་ལ་སོགས་པ་དག་རྣམས་ནི་ཇི་ལྟར་རྣམ་པར་བཞག་པར་ཉེ་བར་བསྟན་པ་ཉིད་བཟང་བ་དང་། དེ་མཛད་པ་པོའི་མངོན་པར་འདོད་པ་ཡང་ཡིན།། ་དེ་བས་ན་དེ་ལྟར་དོན་སྟོན་རབ་ཏུ་བྱེད་པ། ཐེག་མཆོག་བསྟན་པའི་རྣམ་པའི་ཆོས་ཀྱི་ཞེས་བྱ་བ་ངག་གི་དུམ་བུ་འདི་ཙམ་གྱིས་བརྒྱན་པར་བྱ་བ་ཉིད་ནི་མདོའི་སྡེའི་དོན་ཡིན་ལ། རྒྱན་ཉིད་ནི་དེ་ཉེ་བར་སྟོན་པར་གྱུར་པའི་བསྟན་བཅོས་འདི་ཡིན་པར་བརྗོད ་པ་ཡིན།། དེ་ལ་ཕྱིན་ཅི་མ་ལོག་པ་ཉིད་ལ་སོགས་པའི། རྒྱུ་མཚན་གང་གིས་བརྗོད་པ་སྟེ། ད་ནི་དེའི་དོན་བཤད་པའི་སྒོ་ནས་གསལ་བར་བྱ་སྟེ། མཁས་པ་ཐམས་ཅད་རིག་པ་མ་ཡིན་པ། མང་དུ་ཐོས་པ་ཅན་ཡིན་ཡང་ཁ་ཅིག་མི་ཤེས་པའི་ཕྱིར ་དང་། ཁ་ཅིག་ལ་ཐེ་ཚོམ་ཟ་བའི་ཕྱིར་དང་། ཁ་ཅིག་ལ་ཕྱིན་ཅི་ལོག་པའི་ཕྱིར། རྣམ་པ་གཞན་དུ་བཤད་པ་ལ་འཇུག་པར་བྱེད་པ་ནི་ཕུལ་དུ་བྱུང་བའི་མཁས་པ་རྣམས་ལ་དགའ་བ་བསྐྱེད་པ་མ་ཡིན་པའི་ཕྱིར། དེ་དང་མི་མཐུན་པའི་མཚན་ཉིད་ལ་བསྟན་པས་འདིར ་རྒྱུ་མཚན་དང་པོ་ཕྱིན་ཅི་མ་ལོག་པ་ཉིད་ཉེ་བར་བསྟན་པའི་དོན་དུ་ཁྱད་པར་ཅན་གྱིས་བྱེད་པ་ངེས་པར་སྒྲུབ་པ་འདི་ལ། དོན་ཤེས་བྱ་བ་ལ་སོགས་པ་སྨོསོ།། འདི་སྐད་བསྟན་པ་ཡིན་ཏེ། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར ་རིག་པ་དག་མ་ཚང་ན་རྣམ་པ་གཞན་དུ་ཉེ་བར་སྟོན་པ་སྲིད་པའི་ཕྱིར། ཕྱིན་ཅི་ལོག་པ་ཉི་དུ་ཡང་འགྱུར་བ་ཡིན་ན། འདིར་ནི་མཛད་པ་པོ་ས་བཅུའི་དབང་ཕྱུག་ཉིད་ཡིན་པའི་ཕྱིར། དེ་ཚང་བར་ཡོད་པ་ཡིན་པས་ཇི་ལྟར་ན་ཕྱིན་ཅི་ལོག་ཏུ་ཉེ་བར་སྟོན་པར་འགྱུར། འདི ་ལྟར་ཆོས་ཀྱི་དོན་ཤེས་ཞེས་བྱ་བ་བརྗོད་པས་ན། སྟོན་པ་པོ་ལ་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་ཚང་བ་ཉིད་བསྟན་ཏོ།། ངག་དང་ཚིག་རྣམས་དྲི་མ་མེད་པ་ཞེས་བྱ་བས་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཚང་བ་ཉིད།། འབྱོར་པའི་དོན་ཚུལ ་བླ་མེད་གྱུར་པ་ལྔའི་བདག་ཉིད་སྟོན་པར་བྱེད་ཅེས་བྱ་བས་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཚང་བ་ཉི་དུ་བསྟན་ཏོ།། དག་ལས་ཚིག་རྣམས་ཇི་ལྟར་ཐ་དད་པ་ཡིན། ཚིག་གམ་ངག་གི་ངོ་བོ་མ་གཏོགས་པར་བྱས་པའི་ངག་གམ་ཚིག་རྣམས་ཡོད་པར ་སྲིད་པ་ཉིད་ན་མ་ཡིན་ཏེ། དེའི་ཕྱིར་གང་ཡང་རུང་བ་བསྟན་པར་བྱ་བ་ཉིད་ཡིན་ན། ཅིག་ཅར་གཉི་གར་སྟོན་པར་བྱེད་ཅེ་ན། སྐྱོན་དེ་དག་ནི་ཡོད་པ་མ་ཡིན་ཏེ། ཚིག་གི་ཚོགས་ལས་གསལ་བྱེད་ཀྱི་ཚོགས་ཀྱིས་མཚན་ཉིད་ནི་ཤིན་ཏུ་ཐ་དད་པའི་ཕྱིར།། འདི ་ལྟར་ཚིག་གི་ཚོགས་ནི་ངག་གི་ཚོགས་ཡིན་ལ། གསལ་བྱེད་ཀྱི་ཚོགས་ནི་ཡི་གེའི་ཚོགས་ཡི་ནོ།། དེ་སྐད་དུ་ཡང་མིང་གི་ཚོགས་ལ་སོགས་པ་ནི། མིང་དང་ངག་དང་ཡི་གེའི་ཚོགས་ཞེས་བ་ཤ་།། འདིར་ཚོགས་ནི་བརྗོད་པའི་ཚོགས་ཡིན ་པར་རིག་པར་བྱའོ།། དེའི་ཕྱིར་འདིར་དག་དང་ཞེས་བྱ་བའི་སྒྲས་ནི་ཚིག་གི་ཚོགས་ངག་ཆེན་པོའི་ངོ་བོ་བསྟན་པ་ཡིན་པར་བལྟ་བར་བྱ་སྟེ། དེ་ཉིད་ཀྱང་ཁོངསུ་གཏོས་པའི་དགེ་ཡང་དག་པར་བསྡུས་པའི་བདག་ཉིད་ཡིན་པའི་ཕྱིར་དང་། དོན་རྟོགས་པའི་སྒྲུབ་པར ་བྱེད་པ་ཉིད་ཀྱིས་ངག་ཉིད་ནི་འདིར་ཚིག་ཡིན་པའི་ཕྱིར།། ཚོགས་ཀྱི་དོན་ནི་བསགས་པའི་དོན་ཉིད་ཡིན་པའི་ཕྱིར།། ཚིག་རྣམས་ཞེས་བྱ་བའི་སྒྲས་ནི། གསལ་བྱེད་ཀྱི་ཚིག་གི་ཁོངསུ་གཏོགས་པའི་ངག་གི་ངོ་བོ་ཡིནོ།། དགོངས་པ་འདི་ཉིད་ཀྱིས་ཀྱང་ངག་དང་ཚིག ་དོག་ནི། གཅིག་གི་ཚིག་དང་། མང་པོའི་ཚིག་གི་མཐའ་ཅན་ཉི་དུ་བསྟན་ཏོ།། ངག་ཆེན་པོ་ནི་གཅིག་ཡིན་པའི་ཕྱིར་དང་། ཁོངསུ་གཏོགས་པའི་ངག་རྣམས་ནི་མང་པོ་ཉིད་ཡིན་པའི་ཕྱིར།། དེ་ལྟར་ཐ་དད་པ་ཡིན་དུ་ཆུད་མོད། ངག་ཁོ་ན་ཚིག་འཕེན་པ་ཉིད་ཡིན ་པའི་ཕྱིར། འདིར་དེ་དག་ལོགས་ཤིག་ཏུ་བསྟན་ཞེས་པ་ཇི་ལྟར་མི་འཐད་པ་མ་ཡིན་ཞེ་ན། མ་ཡིན་ཏེ་སྒྲ་གཞན་གྱིས་དོན་གྱི་ཉེ་བར་བསྟན་པ་ཡིན་ཡང་། རང་གི་སྒྲས་མངོན་པར་བརྗོད་པ་མཐོང་བའི་ཕྱིར་ཏེ། དཔེར་ན་བྲམ་ཟེ་རྣམས་འོང་སོ།། གནས་འཇོག ་ཀྱང་བོངས་ཞེས་བྱ་བ་ལྟ་བུའོ།། དེ་ནི་དེར་གཙོ་བོ་ཉིད་དུ་སྟོན་པ་ལྟ་བུར་ལྷུར་ལེན་པའི་ཕྱིར་སྐྱོན་དེ་མེད་པ་ཡིན་ཞེའོ།། འདིར་ཡང་དེ་རྣམས་གཙོ་བོ་ཉི་དུ་གྱུར་པ་ཡང་ཅི། འདིའི་རྒྱུ་མཚན་ཉི་དུ་ཅིའི་ཕྱིར་ཁས་བླང་བར་བྱ་བ་མ་ཡིན་ཏེ། དེའི་དབང་གིས་ངག་ནི་ཆེས ་གཟུང་བར་བྱ་བ་ཉི་དུ་འགྱུར་བའི་ཕྱིརརོ།། གང་གི་ཕྱིར་སྐྱོན་དང་ལྡན་པའི་ཁོངསུ་གཏོགས་པའི་ངག་ཅན་གྱིས་ངག་ཆེན་པོ་དེ་ནི་མཁས་པ་རྣམས་ཀྱི་གཟུང་བ་མ་ཡིན་པ་ཉིད་ཡིན་ལ་གང་ལ་ཡོན་ཏན་དང་ལྡན་པར་འཇུག་པ་དེ་ནི་གཟུང་བར་བྱ་བ་ཁོ་ན་ཡིནོ།། དེ་ལ ་ཡན་ལག་བརྒྱད་ཀྱི་ངག་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ།། འདི་ལྟ་སྟེ། གྲོང་ཁྱེར་པ་ནི་མི་ཞན་པ་གང་ཡིན་པ་སྟེ། འཁོར་ལ་ཁྱབ་པའི་ཕྱིརརོ།། སྙན་ཅིང་འཇེབས་པ་ནི་སྙན་པ་གང་ཡིན་པ་སྟེ། ཡི་གེ་མི་རྩུབ་པ་ཉིད་ཀྱི་ཕྱིརརོ།། ། ་རྣམ་པར་གསལ་བ་ནི་ལེགས་པར་བཤད་པ་གང་ཡིན་པ་སྟེ། ཡི་གེ་ལེགས་པར་ངེས་པར་བཤད་པ་ཉིད་ཀྱི་ཕྱིརརོ།། རྣམ་པར་རིག་པར་བྱེད་པ་ནི། ཡི་གེ་གྲགས་པ་གང་ཡིན་པ་སྟེ། གྲགས་པ་ཉིད་མངོན་པར་བརྗོད་པ་ཉིད་ཀྱི་ཕྱིརརོ།། མཉམ་པར་འོས་པ་ནི་ཇི ་ལྟར་རིགས་པ་ཡིན་པ་སྟེ། གདུལ་བྱ་དང་རྗེསུ་མཐུན་པའི་ཕྱིརརོ།། རྟེན་མེད་པ་ནི་ཟང་ཟིང་མེད་པ་གང་ཡིན་པ་སྟེ། རྙེད་པ་དང་བཀུར་སྟི་དང་། ཚིགསུ་བཅད་པ་དག་ལ་རྟེན་ཉེས་པ་མེད་པ་ཉིད་ཀྱི་ཕྱིརརོ།། མི་མཐུན་པ་མེད་པ་ནི་རན་པ་གང་ཡིན་པ་སྟེ། མི་རན་པ ་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ལས་ཅིག་ཤོས་ནི་སྐྱོ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་མི་མཐུན་པའི་ཕྱིརརོ།། གཏུགས་པ་མེད་པ་ནི་ཡེངས་པ་གང་ཡིན་པ་སྟེ། ཚད་མས་ཡོང་སུ་དག་པའི་དོན་མངོན་པོར་བརྗོད་པ་ཉིད་ཀྱི་ཕྱིརརོ།། བསྟན་བཅོས་མཛད་པ་པོས།། རྒྱལ ་སྲས་ཚིག་ན་མི་ཞན་པ།། སྙན་ཅིང་ལེགས་བཤད་གྲགས་པ་དང་།། ཅི་རིགས་པ་དང་ཟང་ཟིང་མེད།། རན་ཅིང་དེ་བཞིན་ཡངས་པ་ཡིན། ཞེས་བྱ་བ་འདིས་ངག་ཕུན་སུམ་ཚོགས་པ་འདི་ཉིད་སྟོན་པར་གྱུར་པ་ཡིནོ།། ཆོ་གཽ་རྣམས་ཀྱི་ཡན་ལག་བརྒྱད་ནི་སྔ་མ་ཇི་ལྟ ་བ་བཞིན་དུ་དྲི་མ་མེད་པའི་ཞབས་ཡིནོ།། འདི་ལྟ་སྟེ། རིགས་པ་ནི་གང་དག་ཚད་མ་རྣམས་དང་མི་འགལ་བའི་དོན་ཉེ་བར་བརྗོད་པ་ཉིད།། འབྲེལ་པ་ནི་ཇི་ལྟར་མདོར་བསྟན་པ་བཞིན་དུ་དོན་རྒྱས་པར་བསྟན་པ་གང་དག་ཡིན་པའོ།། མཐུན་པའི ་གང་ཟག་ཐེག་པ་གསུམ་དང་མི་འགལ་བར་འཇུག་པ་ཉིད།། རུང་བ་ནི་བདེ་བ་ལ་བརྟེན་པ་གང་ཡིན་པ་སྟེ། སྒྲ་ཉམ་ང་བ་མེད་པའི་ཕྱིརརོ།། འབྱོར་པ་ནི་གང་དག་གྲགས་པའི་དོན་གྱིས་དོན་དང་ལྡན་པ་ཉིད།། འཕྲོད་པ་ནི་རིགས་པ་གང་ཡིན་པ་སྟེ། གདུལ་བྱ་དང ་རྗེསུ་མཐུན་པ་ཉིད་ཀྱི་ཕྱིརོ།། འཚམ་པ་ནི་གང་དག་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས་འཇུག།། འགྲུས་སྐྱོང་གི་ཡན་ལག་གི་ཚོགསུ་གྱུར་པ་ནི་གང་དགེ་སློབ་པའི་འཕགས་པའི་ལམ་ཡན་ལག་བརྒྱད་དང་རྗེསུ་མཐུན་པའི་ཕྱིར།། རབ་ཏུ་དབྱེ་བ ་འདི་ཉིད་བསྟན་པ་དང་དེ་བཞིན་བཤད་པ་དང་། ཐེག་དང་མཐུན་དང་བདེ་བ་དང་།། གྲགས་པ་དང་ནི་ཅི་རིགས་དང་།། ངེས་པར་འབྱུང་དང་མཐུན་པའི་ཕྱིར།། དེ་འདིར་སེམས་དཔའ་མཆོག་རྣམས་ཀྱིས།། ཡི་གེ་ཕུན་སུམ་ཚོགས་པ་ཡིན།། ཞེས་བྱ་བའི་ཚིག་སུ་བཅད ་པ་ཕྱེད་དང་གཉིས་ཀྱིས་བསྟན་བཅོས་མཛད་པ་པོ་སྟོན་པར་འགྱུརརོ།། དེའི་ཕྱིར་འདིའི་དོན་ནི་འདི་ཡིན་ཏེ། གང་ཞིག་དོན་ཤེས་པ་ཡིན་ཞིང་དེ་ལྟ་བུའི་ངག་དང་། ཚིག་རྣམས་ཀྱི་མདོ་སྡེའི་དོན་སྟོན་པ་ལ་འཇུག་པ་དེ་ནི་ཇི་ལྟར་ན་རྣམ་པ་གཞན་དུ་བཤད་པའི ་དོགས་པ་བྱེད། དོན་ཤེས་པ་ཉིད་ཀྱིས་ན་དེ་མི་ཤེས་པ་དང་ཐེ་ཚོམ་ཟ་བ་དང་། ཕྱིན་ཅི་ལོག་རྣམས་བསལ་བ་ཡིན་པར་མཚོན་པར་བྱེད།། ངག་དང་ཚིག་རྣམས་དྲི་མེད་ཅེས་བཤད་པས་ནི། སྐྱོན་དེ་རྣམས་ཏེ་དེ་དང་ལྡན་པ་ཉིད་ཀྱང་རྣམ་པ་གཞན་དུ་འཆད ་པར་འགྱུརརོ།། དེ་ལྟར་ཕྱིན་ཅི་མ་ལོག་པ་ཉིད་བསྒྲུབས་པ་ཡིནོ།། དོན་ཤེས་པའི་སྤོབས་པ་དང་ལྡན་ཞིང་། གཞན་ཁོང་དུ་ཆུད་པར་བྱེད་པ་ལ་མཁས་པ་ཡིན་ཡང་། སླུ་བར་བསམས་ནས་འཇུག་པ་མ་ཡིན་ནམ། གང་གིས་ན་འདིར་ཕྱིན་ཅི་མ་ལོག་པ་ཉི་དུ་ངེས་པར ་བཤད་པར་འགྱུར་བ་ཇི་ལྟར་ན་རྣམ་པ་གཞན་དུ་ཡང་འཆད་པ་མི་སྲིད་པ་ཉིད་ཅེས་བྱ་བའི་དོགས་པ་དེ་བསལ་བའི་ཕྱིར། དགོས་པ་དང་དེའི་རྒྱུ་བཤད་པའི་སྒོ་ནས་རྒྱུ་མཚན་གཉིས་པ་མི་སླུ་བ་ཉིད། སྡུག་བསྔལ་བསྒྲལ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོ་སོ།། འདི། ་སྐད་བསྟན་པ་ཡིན་ཏེ། གང་གི་ཕྱིར་བསྐལ་པ་དུ་མར་སྡུག་བསྔལ་བའི་སྐྱེ་བོ་ལ་དམིགས་པའི་སྙིང་རྗེ་འབད་པར་གོམས་པ་ལས་གང་ཞིག་དེའི་བདག་ཉིད་དུ་གྱུར་པ་ན་ཉེ་བར་བསྟན་པ་ལ་འཇུག་པ་དེ་གང་གིས་ན་སླུ་བར་བྱེད་པར་འགྱུར་ག་ཇི་ལྟར་ན་སྡུག ་བསྔལ་བསྒྲལ་བ་ལས་གཞན་པའི་དགོས་པ་རྩེད་མོ་ལ་སོགས་པ་འདོད་པར་བྱེད། དེའི་ཕྱིར་ངོའི་བཤད་པ་ནི་མི་སླུ་བར་བྱེད་པ་ཁོ་ནའོ།། སྒྲུབ་པ་ལ་བལྟོས་ནས་སྡུག་བསྔལ་མཚམས་ཉི་དུ་རྟོགས་པའི་ཕྱིར་འབྱུང་ཁུང་གིས་ལྔ་པ་སྡུག་བསྔལ་ལས་ཞེས ་བསྟན་པར་རིག་པ་མ་ཡིན་ནམ། ཇི་ལྟར་ན་སྡུག་བསྔལ་གྱི་ཞེས་བསྟན། སྡུག་བསྔལ་བའི་སྐྱེ་བོ་ནི་སྡུག་བསྔལ་ལས་བསྒྲལ་བར་བྱ་བ་ཉིད་ཡིན་ཞེ་ན། སྐྱོན་དེ་དག་མེད། སྡུག་བསྔལ་གྱི་མཚམས་དང་། དེ་དང་ལྡན་པ་ལ་འབྲེལ་པ་སྲིད་པའི་ཕྱིརརོ།། གང་གི་ཕྱིར ་འདོད་པས་བྱེད་པ་རྣམས་འཇུག་པ་དེའི་ཕྱིར། འདིས་འབྲེལ་པ་འདོད་པ་ཙམ་ལ་རེག་ལས་པའི་དྲུག་པ་འཐད་པ་ཁོ་ནའོ།། ཡང་ན་བསྒྲལ་བའི་བྱེད་པ་པོ་ནི་སྡུག་བསྔལ་ལས་གཞན་པའི་སྡུག་བསྔལ་བའི་བདག་ལ་སོགས་པ་ཡང་དག་པར་མེད་པར ་བསྟན་པའི་ཕྱིར་དེ་ལྟར་བསྟན་པ་ཡི་ནོ།། གང་ཡང་བདག་ཏུ་ལྟ་བ་བདག་ཉིད་བདག་མཚན་མིན།། དྲན་པར་གནས་མིན་མཚན་ཉིད་མི་འདྲ་ཕྱིར།། གཉིས་ལས་གཞན་མེད་དེ་ནི་ནོར་པ་སྐྱེས།། དེ་ཕྱིར་ཐར་པ་ནོར་བཟད་ཙམ་ཡིན།། ཞེས་བསྟན ་པར་འགྱུརརོ།། དེ་ལྟར་ན་སྡུག་བསྔལ་བསྒྲལ་ཕྱིར་ཞེས་བྱ་བ་འདིར། འཁྲུལ་པ་ཟད་ཕྱིར་ཞེས་བྱ་བའི་དོན་དུ་གནས་པ་ཡི་ནོ།། སྡུག་བསྔལ་ཞེས་བྱ་བའི་ཚིག་གིས་ནི་ཀུན་རྫོབ་ཏུ་དེ་ཉིད་མངོན་པར་བརྗོད་པ་ཡིནནོ།། དེ་ལྟར་ན་ཐམས་ཅད་ལེགས་པར་གནས་པ་ཡི་ནོ།། འདི ་དག་ནི་རྟོགས་ཟིན་ཏོ།། གལ་ཏེ་རིག་བྱ་རིག་པ་དང་།། སྙིང་རྗེའི་རང་བཞིན་ཅན་སྡུག་བསྔལ་ཟད་པ་ཉིད་ཀྱི་འབྲས་བུ་རྣམས་གཞན་དག་ལ་སྦྱིན་པའི་དོན་དུ་ཉེ་བར་བསྟན་པ་ལ་འཇུག་པ་ནི་ཕྱིན་ཅི་མ་ལོག་པ་ཉིད་དང་མི་སླུ་བར་བྱེད་པ་ལ་བརྟེན་པ་ཡིན་ཏེ། དེའི་ཕྱིར་དེ་རང ་ལྟར་ཐོས་པ་དང་ལྡན་པ་ཡིན་ཡང་། དེའི་འབྲས་བུ་གྲུབ་པ་ཇི་ལྟར་ན་མཐོང་བ་ཡིན། དེའི་ཕྱིར་བསྟོད་པ་འདི་འབའ་ཞིག་ཉེ་བར་མཚོན་པ་ཨོཾ་ནོ་ཞེས། ཕྱི་མའི་དུསུ་སྒྲོ་འདོགས་པ་རྣམ་པར་བཅད་པའི་དོན་དུ་དེ་འཇུག་པའི་རྒྱུ་མཚན་གདུལ་བྱ་སྐལ་བ་དང་ལྡན་པ་ཉིད ་བསྟན་པའི་དོན་དུ། དེ་ཡིས་འགྲོ་བའི་སེམས་ཅན་ལྔ་ཞེས་བྱ་བ་སྨོས།། འདིར་སྐལ་བ་དང་ལྡན་པ་ཉིད་ཀྱང་དེའི་ངང་ཚུལ་ཅན་དུ་སྒྲུབ་པའི་རྐྱེན་གྱིས་བསྒྲུབ་པ་ཉིད།། དེ་ལ་བརྟེན་ནས་ཉེ་བར་བསྟན་པ་འབྲས་བུ་དང་བཅས་པ་ཁོ་ན་སྟེ། དེ་ལྟར་ན་ཅུང་ཟད་ཀྱང་ཆད་པ་མེདོ།། གང ་ཕྱིར་སྤྲིན་ལས་ཆར་འབད་ཀྱང་།། ས་བོན་མེད་ལས་མི་འབྱུང་ལྟར།། སངས་རྒྱས་རྣམས་ནི་འབྱུང་ན་ཡང་།། བསྐལ་པ་མེད་པས་འབྲོས་མི་མྱོང་།། ཞེས་བཤད་པ་ཡི་ནོ།། དེ་ལྟར་ན་རྒྱན་ཉིད་ལ་ཕྱིན་ཅི་མ་ལོག་པ་ཉིད་དང་། མི་སླུ་བར་བྱེད་པ་ཉིད་ཀྱི་རྒྱུ་མཚན་བསྟན་ནས། ་གསུམ་པ་དོན་མ་ལུས་པ་ཉིད་སྟེན་པར་བཞེད་ནས། འབྱོར་པའི་ཞེས་པ་ལ་སོགས་པ་སྨོས་ཏེ། གསུང་རབ་ལ་ནི་གང་གི་དོ་མ་བསྟན་ན། འདིའི་དོན་མ་རྫོགས་པར་འགྱུར་བ། དོན་རྣམ་པ་ལྔས་ལྷག་པའི་ཤེས་བྱ་སྲིད་པ་འམ། ཉེ་བར་བསྟན་པ་སྲིད་པ་ཡོད་པ་ནི་མ་ཡིན་ཏེ། ་ཐམས་ཅད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་གིས་བསྡུས་པའི་ཕྱིརརོ།། དེ་ལ་ཀུན་ནས་ཉོན་མོངས་པ་ནི་བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དོན་གསུམ་གྱིས་བསྟན་ཏོ།། རྣམ་པར་བྱང་བ་ནི་བསམ་གྱིས་མི་ཁྱབ་པ་དང་། ་ཡོངསུ་གྲུབ་པ་གཉིས་ཀྱིས་བསྟན་ཏོ།། དེ་སྟོན་པའི་ནུས་པ་དང་ལྡན་པ་ནི་འདི་ཉིད་ཡིན་ཏེ། ཏིངེ་འཛིན་དང་གཟུངས་རབ་ཏུ་ཐོབ་པའི་ཕྱིརརོ།། དེའི་ཕྱིར་ཇི་ལྟར་ན། གཞན་གྱིས་བཤད་པ་རྣམས་དོན་མ་ལུས་པར་གསལ་བར་བྱེད་པའི་འབྲས་བུ་ཅན་དུ་འགྱུར། དེ་ལྟ་བས་ན་ཇི ་སྐད་བཤད་པའི་རྒྱུ་རྣམས་ཀྱི་ཉེ་བར་བསྟན་པའི་བསྟན་བཅོས་འདི་མཁས་པ་རྣམས་ལ་ཁྱད་པར་གྱི་དགའ་བ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རྒྱུན་ཉིད་དང་འདྲ་བ་ནི་རིགས་པ་ཁོ་ན་ཡིན།། ཁྱད་པར་ཅན་གྱི་དགའ་བའི་རྒྱུ་དེ་ཉིད་ཁོ་ན་དོན་རྣམ་པ་ལྔའི་དབང་དུ་བྱས་ནས། ་བབཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་བཤད་པའི་བསྟན་བཅོས་འདི་ལ་གོ་རིམས་བཞིན་དུ་གསེར་ལས་བརྡུངས་བྱས་འདྲ་ཞེས་བྱ་བ་ལ་སོགས་པའི་དཔེ་ལྔས་བསྒྲུབ་པའི་དོན་དུ་གསེར་ལས་བརྡུངས་བྱས་འདྲ་ཞེས་བྱ་བ་ལ་སོགས་པ་སྨོ་སོ།། དེ་ལ་དོན་རྣམ་པ་ལྔ་ཇི་འདྲ ་བ་ཡིན་ཞེ་ན། རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཞེས་བྱའོ།། དེ་ལ་རྒྱུ་མཚན་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པའི་རྒྱུ་མཚན་ཉིད་ནི་འདི་ཕན་ཚུན་རྒྱུ་ཉིད ་ཡིན་པའི་ཕྱིརརོ།། མིང་ནི་རྒྱུ་མཚན་དེ་ཉིད་བརྗོད་པར་བྱ་བ་མ་ཡིན་ཡང་མིག་བཅུ་མ་བྱེད་པ་བཞིན་དུ་ཡང་དག་པར་མཚོན་པར་བྱེད་པའི་བརྗོད་པ་གང་ཡིན་པའོ།། རྣམ་པར་རྟོག་པ་ནི་ཇི་སྐད་བཤད་པའི་རྒྱུ་མཚན་གྱི་རང་བཞིན་དང་། ཁྱད་པར་དུ ་རྣམ་པར་རྟོག་པ་སྟེ། ཁམས་གསུམ་པ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའོ།། དེ་བཞིན་ཉིད་ནི་སྟོང་པ་ཉིད།། ཡང་དག་པའི་ཡེ་ཤེས་ནི་དེ་བཞིན་ཉིད་ལ་དམིགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས།། དེ་རྣམས་ཀྱི་གོ་རིམས་ནི་འདི ་ཉིད་ཁོ་ན་ཡིན་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པོའི་གདགས་པའི་གཞི་ཡིན་པའི་ཕྱིར་དང་པོར་རྒྱུ་མན་ནོ།། ཀུན་ནས་ཉོན་མོངས་པ་གདགས་པ་ཉིད་ཀྱི་ཕྱིར། དེ་མ་ཐག་ཏུ་ནི་།། མིང་ཇི་ལྟ་བ་བཞིན་དུ་ཀུན་ནས་ཉོན་མོངས་པའི་གཞིར་རྣམ་པར་རྟོག་པའི་ཕྱིར། དེའི ་འོག་ཏུ་རྣམ་པར་རྟོག་པའོ།། ཀུན་ནས་ཉོན་མོངས་པ་དེ་ཡང་དེ་བཞིན་ཉིད་ལ་ཡང་དག་པའི་ཡེ་ཤེས་ཀྱིས་འགོག་པ་ཉིད་ཡིན་པ་དེའི་ཕྱིར། དེའི་རྗེས་ལ་དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཡི་ནོ།། འགྲེལ་པ་མཛད་པས་ནི་རྒྱུ་མཚན་ལ་བསྒྲུབ་པར་བྱ་བ་ཞེས་བྱ ་བར་བསྟན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་རྒྱུ་དང་རྐྱེན་ལས་ངེས་པར་འབྱུང་བའི་ཕྱིར། གསེར་ལས་བརྡུངས་བྱས་འདྲ་བའོ།། གང་གི་ཕྱིར་གསེར་ནི་གདུ་བུ་དང་། རྣ་རྒྱན་དང་། དཔུང་རྒྱན་ལ་སོགས་པ་ཉིད་རང་བཞིན་གྱིས་གྲུབ་པའི་ངོ་བོ་མ་ཡིན་ཏེ། བསྲེག་པ་དང ་བཅད་པ་དང་། ཆུས་དྲན་པ་དང་། བརྡུང་བ་ལ་སོགས་པའི་རྐྱེན་རྣམས་དོན་མེད་པར་ཐལ་བའི་ཕྱིརརོ།། མིང་ནི་བྱེ་བྲག་ཏུ་ཤེས་པར་བྱ་བ་ཞེས་བྱ་བ་སྟེ། གང་གི་ཕྱིར་མིང་ནི་མར་མེ་བཞིན་དུ་རུང་བ་ཉིད་ཀྱིས་དོན་ཤེས་པར་བྱེད་པ་ནི་མ་ཡིན་ཏེ། བརྡ་རིག་པ་བཞིན་དུ་བརྡ་མ ་རིག་པས་ཀྱང་དོན་རྟོགས་པ་སྐྱེ་བར་ཐལ་བའི་ཕྱིརརོ།། འོ་ན་ཅི་ཞེ་ན། འདི་ནི་འདིའི་བརྗོད་བྱ། འདི་ནི་འདིའི་རྗོད་པར་བྱེད་པ་ཞེས་སྐྱེས་བུའི་འདོད་པས་བརྟགས་པའི་བརྗོད་བྱ་རྗོད་བྱེད་ཀྱི་འགྲེལ་པ་ཤེས་པསོ།། དེ་ཉིད་ཀྱི་ཕྱིར་མིང་ཇི་ལྟ་བའི་དོན་ནི་མི་སྲིད་པའི་ཕྱིར་དོན་གྱི ་དབང་དུ་བྱས་ནས། འདི་ཀུན་བརྟགས་པའི་རང་བཞིན་གྱིས་ཁོངསུ་འདུས་པར་གཞོན་གྱི་བརྗོད་པ་ཡིན་གྱི། རང་གིས་ངོ་བོས་ནི་མ་ཡིན་ཏེ། རྣམ་པར་རིག་པའི་ངོ་བོ་ཉིད་ཡིན་པས་དེ་ནི་བཏགས་པ་ཉིད་མ་ཡིན་པའི་ཕྱིརརོ།། ཤེས་པ་དེ་ཉིད་ཀྱང་བྱེ་བྲག་ཏུ་ཤེས་པ་སྟེ། དེ་ཡང ་བརྡ་ཤེས་པ་བྱེ་བྲག་ཏུ་ཤེས་པ་པོ་ལ་བལྟོས་ནས། གཞན་ལ་འགྱུར་བ་དེའི་ཕྱིར་བྱེ་བྲག་ཏུ་ཤེས་པར་བྱ་ཞེས་བསྟན་ཏེ། པདྨ་རྒྱས་པ་བཞི་ནོ།། གང་ཕྱིར་པདྨ་ནི་འབྱེད་པར་བྱེད་པ་སྐྱེས་བུའི་ལག་པ་དང་། ཉི་མའི་འོད་ཟེར་དང་། ཡོངསུ་འབྲེལ་པ་ལ་བལྟོས་པ་མེད་པར་རྣམ ་པར་དབྱེ་བའི་མཚན་ཉིད་ཅན་གྱིས་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཡུལ་དུ་ཐོབ་པ་མ་ཡིན།། རྣམ་པར་རྟོག་པ་ནི་བསམ་པར་བྱ་བ་ཞེས་བྱ་སྟེ། འདུས་མ་བྱས་ཀྱི་ཁམས་ལ་འཇུག་པར་བྱ་བའི་ཕྱིར། དམ་པའི་ཆོས་ཐོས་པ་ལས་བྱུང་བའི་ཚུལ་བཞིན་ཡིད་ལ་བྱེད་པས། དེ་ནི ་གདོན་མི་ཟ་བར་བསམ་པར་བྱ་བ་ཉིད་ཡིན་པའི་ཕྱིརརོ།། རྣམ་པར་རྟོག་པ་སྤངས་པ་མེད་པར་འདུས་མ་བྱས་ཀྱི་དབྱིངས་ལ་འཇུག་པར་འགྱུར་བ་མ་ཡིནོ།། རྣམ་པར་རྟོག་པ་ཡང་ཐོག་མ་མེད་པ་མ་རིག་པའི་བག་ཆགས་ཀྱི་དབང་གིས་བརྫུན་པ་ཡིན་ཡང་རྒྱུ་མཚན་ལ་རང ་བཞིན་དང་ཁྱད་པར་དག་གི་མིང་ཇི་ལྟ་བ་བཞིན་དུ་བདེན་པ་ཉིད་མངོན་པར་ཞེན་པས་འཇུག་པ་ནི་བདག་ཉིད་ཉེ་བར་ཞི་བའི་ཐབས་རིག་པ་དང་། རྗེ་སུ་མཐུན་པའི་རྣམ་པར་དཔྱོད་པ་མེད་པར་སྤོང་བ་མ་ཡིནོ།། ཇི་སྐད་དུ་རྒྱུ་གཉིས་དང་རྐྱེན་གཉིས་དག་གིས་ཡང་དག་པར ་མཐོང་བ་སྐྱེ་སྟེ། ཕ་རོལ་གྱིས་བསྟན་པ་དང་བདག་ཉིད་ལ་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་གསུང་སོ།། དེ་མ་སྤངས་ན་ཡང་ཀུན་ནས་ཉོན་མོངས་པ་ཁོ་ན་མངོན་དུ་བྱེད་པར་འགྱུར་གྱིས། རྣམ་པར་བྱང་བའི་བདེ་བ་ནི་མ་ཡིན་པའི་ཕྱིར་ཀུན་ན ་ཉོན་མོངས་པ་སྤངས་པ་དང་། རྣམ་པར་བྱང་བ་ཐོབ་པར་བྱ་བའི་ཕྱིར་རྣམ་པར་རྟོག་པ་ནི། མིང་ཇི་ལྟ་བ་ནི་ཡུལ་མེད་པ་ཉིད་དུ་བསམ་པར་བྱ་བ་སྟེ། ཁ་ཟས་གཡོས་ལེགས་བཞི་ནོ།། གང་གི་ཕྱིར་ཁ་ཟས་ལེགས་པར་རང་བཞིན་དང་། ཁྱད་པར་དག་ཏུ་མ་བསམས་པར ་གཡོས་ལེགས་པའམ། དེ་ཉེ་བར་ལོངས་སྤྱོད་པའི་བདེ་བ་ལ་ཆགས་པའི་ཡིད་ཅན་གྱིས་བདེ་བ་སྒྲུབ་པར་གྱུར་པ་ནི་མ་ཡིནོ།། དེས་ན་དེ་ཡང་བསམ་པར་བྱ་བ་ཡིན་ཞེས་གྲགས་པའི་ཕྱིར་འདིར་དཔེར་གྱུར་པ་ཡིནོ།། དེའི་ཕྱིར་དེ་ལྟར་གསུང་རབ་ལས་བསྟན་པའི་རྒྱུ ་མཚན་དང་། མིང་དང་རྣམ་པར་རྟོག་པའི་དོན་གསུམ་ནི། དཔེ་གསུམ་གྱིས་བསྒྲུབ་བྱ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་ཉི་དུ་བསྟན་པའི་དབང་དུ་བྱས་ནས་ཆོས་བསྟན་པར་འཇུག་པས་ཇི་སྟོན་པར་འགྱུར་ཞེ་ན། ཀུན་ནས་ཉོན་མོངས་པ་དང་། དེའི ་ཐ་སྙ་དོ།། དེ་ལ་རྒྱུ་མཚན་ནི་ཀུན་ནས་ཉོན་མོངས་པའོ།། མཽང་དང་རྣམ་པར་རྟོག་པ་དག་ནི་དེའི་ཐ་སྙད་ཡིན་ཏེ། དེ་དག་གིས་དེ་ཉིད་རང་བཞིན་དང་། ཁྱད་པར་དུ་ཐ་སྙ་དུ་བཏགས་པའི་ཕྱིར།། དེ་ཙམ་ཁོ་ན་འཁོར་བ་ཡིན་ཏེ། འདི་ཐ་སྙ་དུ་བྱ་བ་དང་། ཐ་སྙད་དག་ལས་ལྷག་པར ་འགྱུར་བ་རིག་པ་མ་ཡིན།། དེ་ལ་སྒྲུབ་པར་བྱེད་པ་ཞེས་བྱ་བར་བརྗོད་པ་དང་འབྲེལ་བས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་མཚན་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་རྒྱུ་མེད་པ་ཅན་དུ་རྟོག་པ་བསལ་བར་མཛད་པ་ཡིན་རང་གི་ངོ་བོ་སྒྲུབ་པའི་ཕྱིར། གཞན་ལ་བལྟོས་པ་ཁོ ་ན་དེ་ལྟར་བསྙད་པའི་ཡུལ་ཡིན་པའི་ཕྱིརོ།། རྒྱུ་མཚན་ཞེས་བྱ་བ་ནི་མི་མཐུན་པའི་རྒྱུ་ཅན་དུ་རྟོག་པ་བསལ་བ་ཡིན་ཏེ། གང་གི་ཕྱིར་དེ་ལས་གཞན་པའི་རྒྱུ་མཚན་ཉིད་དུ་སྲིད་པ་ཡིན་ན། རྒྱུན་ལ་བརྟེན་ནས་ཕན་ཚུན་རྒྱུ་ཉིད་དུ་བསམས་ནས་དེ་ཉིད་རྒྱུ་མཚན་ཉིད་མངོན་པར ་བརྗོད་པར་རིག་པ་མ་ཡིནོ།། དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པོ་ཉི་དུ་ཡོངསུ་བསྟན་པས་འདི་སྙིང་རྗེ་ཅན་ལ་བརྫུན་པ་ཉིད་ཀྱིས་མི་སྐྲག་པའི་ཡུལ་དུ་ཡང་བསྟན་པ་ཡི་ནོ།། གང་ཡང་རང་དང་གང་གི་བདག་ཉིདདུ།། མེད་ཕྱིར་རང་གི་ངོ་བོ་ལ།། མི་གནས་ཕྱིར་དང་འཛིན་བཞིན་དུ།། མེད ་ཕྱིར་ངོ་བོ་ཉིད་མེད་འདོད།། ཕྱི་མ་ཕྱི་མའི་རྟེན་ཡིན་པས།། ངོ་བོ་ཉིད་མེད་མེད་པ་ཡི།། སྐྱེ་མེད་འགག་མེད་གཟོད་ནས་ཞི།། རང་བཞིན་མྱ་ངན་འདས་པ་འགྲུབ།། ཅེས་སྟོན་པར་འགྱུརརོ།། དེ་ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་དག་པར་རང་བཞིན་མེད་པ་ཡིན ་ཡང་བྱིས་པའི་སྐྱེ་བོ་རང་བཞིན་ཉིད་ཀྱིས་ཞེན་པ་དེའི་ཞེན་པ་ཉིད་བསལ་བའི་དོན་དུ། འདི་ཐམས་ཅད་ནི་མིང་ཙམ་སྟེ། འདི་ལྟ་སྟེ། མིག་དང་གཟུགས་ནས་ཡིད་དང་ཆོས་ཀྱི་བར་དུའོ།། མིང་ནི་གང་དང་གང་དག་གིས།། ཆོས་ནི་གང་དང་གང་བརྗོད་པ།། དེ་ལ་དེ་ནི་ཡོད་མ ་ཡིན།། དེ་ནི་ཆོས་རྣམས་ཆོས་ཉིད།། མིང་ཉིད་མིང་གིས་སྟོང་པ་སྟེ།། མིང་མིན་ལ་ནི་མིང་ཡོད་མིན།། ཆོས་ཀུན་མིང་དང་བྲལ་བ་སྟེ།། མིང་ནི་ཀུན་ཏུ་བརྟགས་པ་ཡིན་ཞེས་བྱ་བའི་ཕྱོགས་ལ། མིང་གི་བདག་ཉིད་ཀྱིས་ཐ་སྙད་བྱེ་བྲག་ཏུ་ཤེས་པར་བྱ་བ་ཉིད་དུ་བསྟན་པའི ་ཕྱིར་བརྫུན་པའི་ཡུལ་ཅན་དུ་བསྟན་པ་ཡི་ནོ།། གང་གི་ཕྱིར་རང་བཞིན་གྱིས་དོན་དང་ལྡན་ནམ། དེ་དང་འབྲེལ་པ་ལ་ཡང་དག་པར་སྲིད་ན་། རྗོད་བྱེད་ཡུལ་མེད་པ་ཅན་དུ་བསྟན་པར་རིགས་པ་དང་ལྡན་པ་མ་ཡི་ནོ།། རྣམ་པར་རྟོག་པའི་བདག་ཉིད་ཀྱིས་ཐ་སྙད་ཀྱི་མིང་ཇི་ལྟ་བ ་xxx ་ཉིད་བསྟན་པ་ཡིན།། འདིར་རང་གི་བྱེ་བོ་རྣམ་པར་དཔྱད་པས་སེལ་བ་ནི་མོ་ཡིན་ཏེ། དེ་ཡང་རྣམ་པར་རྟོག་པའི་བདག་ཉིད་ལས་མ་ལོག་པས་རྣམ་པར་དཔྱོད་པ་གཞན་ལ་བལྟོས་པ་ཡིན་ལ། དེ་ཡང་དེའི་ངོ་བོ་ཉིད་ཡིན་པས་གཞན་ལ་བལྟོས་པ་ཡིན་ན། ཐུག་པ་མེད ་པར་འགྱུར་བའི་ཕྱིར། ནམ་ཡང་དེ་ཡོད་པ་མི་སྲིད་པས་གྲོལ་བ་མེད་པར་ཐལ་བར་འགྱུར་ཏེ། དེ་སྤངས་པ་ཁོ་ན་ཉོན་མོངས་པ་ཉེ་བར་ཞི་བའི་བདག་ཉིད་ཅན་གྱིས་གྲོལ་བའི་ཕྱིརརོ།། སེམས་དཔའ་མཆོག་རྣམས་ནི་རྣམ་པར་རྟོག་པ་ཉིད་ཀུན་ནས་ཉོན་མོངས་པར་ཁས ་ལེན་པ་ཡི་ནོ།། དེ་ཡང་གང་ཚེ་རྣམ་པར་དཔྱོད་པ་ཡི།། རྣམ་པར་དཔྱོད་པས་དཔྱད་བྱས་པ།། དེ་ཚེ་ཐུག་པ་མེད་འགྱུར་ཏེ།། རྣམ་དབྱེད་དེ་ལའང་དཔྱད་ཕྱིརརོ།། ད་པྱད་བྱ་དཔྱོད་པར་བྱེད་པ་ནི།། རྣམ་པར་དཔྱོད་པ་རྟེན་ཡོད་མིན།། རྟེན་མེད་ཕྱིར་ནི་སྐྱེ་བ་མེད།། དེ་ནི་མྱ་ངན་འདས་པར ་བརྗེད་ཅེས་བསྟན་ཏོ།། དེ་བས་ན་དེ་ལྟར་གསུང་རབ་ལས་བསྟན་པའི་རྒྱུ་མཚན་དང་། མིང་དང་རྣམ་པར་རྟོག་པ་རྣམས་ནི་དཔེ་གསུམ་གྱིས་བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་ཉིད་བསྟན་པ་ན་དགོངས་པ་གསལ་བ་ཡིན།། ད་ནི་དཀྱུས་མ ་ཉིད་ཀྱི་རྗེས་འབྲང་བར་བྱ་སྟེ། གལ་ཏེ་འགྲེལ་པ་མཛད་པས་རྣམ་པར་རྟོག་པ་ནི་བསམ་པར་བྱ་བ་ཞེས་བཤད་ན། བསམ་གྱིས་མི་ཁྱབ་པའི་སྒྲ་དོན་ཅི་ཞིག་བརྗོད་ཅེ་ན། དེ་བཞིན་ཉིད།། དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་ཡི་ནོ།། རང་བཞིན་གང་ཡིན་པ་དེ་ཡང་ཇི་ལྟར་འདི ་ངག་གི་འདི་ཡིན་ཞེས་བསམ་པར་བྱ་བ་མ་ཡིན་ཏེ། སྤྲིང་ཡིག་ལེགས་པ་བ་ནི་ནོ།། གང་གི་སྙིང་ཡིག་ལེགས་པ་རང་བཞིན་གྱིས་ཉམས་དཀའ་བ་ནི་ཇི་ལྟར་སྤྲིང་ཡིག་ལེགས་པ་ཡིན་ཞེས་སུས་ཀྱང་བསམ་པར་བྱ་བ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་། དེ་བཞིན་གཤེ ་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་མ་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པའི་མཐའོ་ཞེས་བྱ་བའི་གསུང་ལ་གནས་པ་ཉིད་ཅེས་བྱ་བའི་ཚིག་གིས་གཞན་མ་ཡིན་པའི་དོན་གྱི་དེ་བཞིན་ཉིད་འདི ་བསམ་གྱིས་མི་ཁྱབ་སྟོན་པར་བྱེའོ།། དེ་ལྟར་བས་མ་སྐྱེས་མི་ཁྱབ་པའི་སྒྲས་དེ་བཞིན་ཉི་བརྙེད་པ་སིན་དུ་བཅུག་ན། ལྷག་མར་གྱུར་པ་མི་འཇིག་རྟེན་ལས་འདས་པ་འི་མཐར་ཐུག་པའི་ལམ་གྱིས་ཡང་དག་པར་བསྡུས་པ་ཡང་དག་པའི་ཡེ་ཤེས་ཡོངསུ་གྲུབ་པའི་སྒྲས ་བརྗོད་པ་ནི། དོན་གང་གིས་ཡོངསུ་གྲུང་པ་ཞེས་བརྗོད་ཅེ་ན། དོན་ངགིས་ནི་རིན་པོ་རྗེའི་སྣོང་ཡོངསུ་གང་པོར་གྲུབ་པ་སྟེ། ཇི་ལྟར་དེ་ནི་རིན་པོ་ཆེས་ཡོངས་གང་བར་གྱུར་པན། ཡོངསུ་གྲུབ་པ་ཞེས་བརྗོད་པ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང། རང་གི་མི ་མཐུན་པའི་ཕྱོགས་ངེས་པར་སྤངས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་རིན་པོ་ཆེ་དག་གི་བདག་ཉིད་གྱུར་པའི་ཚུལ་དུ་སྤོང་སུ་རྫོགས་པ་ནི་ཡོངསུ་གྲུབ་པ་ཞེས་བྱ་བར་བསྟན་པ་ཡིནོ།། དེའི་ཕྱིར་དེ་ལྟར་དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཀྱི་ངོས ་གཉིས་ཀྱི་དོན་དཔེ་གཉིས་ཀྱིས་བསམ་གྱིས་མི་ཁྱབ་པོ་དང་། ཡོངསསུ་གྲུབ་པ་ཉིད་བསྟན་པས་ཆོས་སྦྱིན་པ་འཇུག་པོ་ཅི་ཞིག་སྟོན་པ་ཡིན་ཞེ་ན། གང་རྣམ་པར་བྱུང་བ་དང་། གང་གོས་རྣམ་པར་བྱང་བ་དེ་གཉི་གའི་རྣམ་པར་བྱུང་བ་སྟེ། འདི་ལྟ་སྟེ། རང་བཞིན་གྱིས་རྣམ་པར་བྱང ་བ་དང་། དྲི་མ་དང་བྲལ་བའི་རྣམ་པར་བྱང་བ་ཞེས་བྱང་བའོ།། དེ་ལ་དང་པོ་ནི་དེ་བཞིན་ཉིད། རྟག་ཏུ་དེ་བཞིན་ཁོ་ནར་ཡོད་པའི་ཕྱིར།། དེ་ཉིད་ཀྱི་ཕྱིར་དེ་ནི་མི་འགྱུར་བ་ཡོངསུ་གྲུབ་པ་བས་མི་འགྱུར་བ་གྲུབ་པ་ཞེས་བརྗོད་པ་ཡི་ནོ།། གཉིས་པ་ནི ་ཡང་དག་པའི་ཡེ་ཤེས་ཏེ། དེ་ནི་ཕྱིན་ཅི་ལོག་རྣམས་གཏན་དུ་སྤངས་པའི་ཕྱིར་དང་། ཕྱིས་ཡང་སྐྱེ་བར་འགྱུར་བ་ཉིད་དང་བྲལ་བའི་ཕྱིར་ཕྱིན་ཅི་མ་ལོག་པར་ཡོངསུ་གྲུབ་པས་ཡོངསུ་གྲུབ་པ་ཞེས་བརྗོད་པ་ཡིནོ།། དེ་ཙམ་ཉིད་ནི་རྣམ་པར་བྱང་བ་ཡིནོ།། དེ་ལྟར་ན་བླ་ན ་མེད་པའི་ཐེག་པ་རྟོགས་པ་དོན་ལྔའི་བདག་ཉིད་ཀྱི་ཚུལ་དེ་བསྟན་པས་ཀྱང་། མདོའི་དོན་སྟོན་པ་དོན་མ་ལུས་པ་ཉིད་ཡིན་ཞེས་བྱ་བར་བསྟན་པར་རིགས་པ་ཡིན།། དེ་ལྟར་བཤད་པ་འདི་དག་ཙམ་གྱིས་ནི། རྒྱུ་མཚན་ལ་སོགས་པ་དོན་རྣམ་པ་ལྔའི་དབང་དུ ་མཛད་ནས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་གང་ཡིན་པ་དེ་ལ་གོ་རིམས་བཞིན་དུ། གསེར་ལས་བརྡུངས་བྱས་འདྲ་བ་དང་། པདྨ་རྒྱས་པ་དང་། ཁ་ཟས་གཡོས་ལེགས་པ་དང་། སྤྲིང་ཡིག་ལེགས་པ་དང་། རིན་པོ་ཆེའི་སྣོད་ཀྱི་དཔེ་དག་གིས་བསྒྲུབ་པར་བྱ ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངསུ་གྲུབ་པ་ཉི་དུ་བསྟན་པ་ཡི་ནོ།། ཡང་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་བསྟན་པའི་ཆོས་ལ། མདོ་སྡེ་རྒྱན་འདིས་བཤད་པ་ནི་གོ་རིམས་བཞིན་དུ་དཔེ་འདི་དག ་གིས་ཁྱད་པར་ཅན་གྱི་དགའ་བའི་རྒྱུ་ཉི་དུ་སྦྱར་བར་བྱའོ།། དེའི་ཚེ་ནི་བརྡུངས་བྱས་དང་། རྒྱས་པའི་སྒྲ་དག་ནི་བཟླས་ནས་ཐོབ་པ་ཡིན་ལ། ཁ་ཟས་གཡོས་ལེགས་ལ་སོགས་པའི་དཔེ་གསུམ་ལ་ནི། དང་པོ་བཤད་པ་དང་མ་སྦྱར་བའི་ཚིག་གཞན་རྣམས་མ་སྦྱར་བར ་བསྟན་པར་བྱ་བ་ཡིན་ཏེ། དེ་དག་གང་ཞེ་ན། བཀྲེས་པས་ཉེན་པ་ཟླ་བ་འདྲ་བ་དང་། ཐོས་པ་འདྲ་བ་དང་། ཕྱེ་བ་ལྟར་ཞེས་བྱ་བ་དེ་དག་ཡི་ནོ།། དེས་ན་དོན་འདི་བསྒྲུབ་པར་བྱ་སྟེ། ཇི་ལྟར་གསེར་ལས་གདུ་བུ་དང་། རྣ་རྒྱན་ལ་སོགས་པ་ཉི་དུ་བརྡུངས་ཤིང་གཟུགས་ཀྱི་རྣམ་པ ་ཅན་དུ་བྱས་པ་རང་བཞིན་གྱིས་ཉམས་དགའ་བར་བྱེད་པ་ཡིན་ཡང་། བརྒྱན་པར་བྱ་བ་ཡང་ལང་ཆོ་མའི་གཙོ་མོའི་དཔུང་པའི་ཡལ་ག་ལ་སོགས་པ་ལ་བརྡུངས་ཤིང་རྒྱན་ཉི་དུ་སྦྱར་ན། དགའ་བའི་མཆོག་བསྐྱེད་པར་བྱེད་པ་དེ་བཞིན་དུ། བསྒྲུབ་པར་བྱ་བའི་དོན ་གྱིས་དབང་དུ་བྱས་ནས་བསྟན་པའི་ཆོས་འདི་ལ་འཐོད་པའི་སྒྲུབ་བྱེད་ཀྱི་རིགས་པ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་བཞག་པར་བཤད་པ་ན་ཁྱད་པར་ཅན་གྱི་དགའ་བ་སྤྱོད་པར་བྱེད་པ་ཡིན།། དེ་བཞིན་དུ་པདྨ་རྒྱས་པ་ནི་རྣམ་པར་ཕྱེ་བ་སྟེ། ཇི་ལྟར་རྒྱས་པ་རྟོགས ་པ་པོས་དེ་ལྟ་བུ་ཉི་དུ་མཐོང་ནས། དགའ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ། བྱེ་བྲག་ཏུ་ཤེས་པར་བྱ་བའི་དོན་གྱི་དབང་དུ་མཛད་ནས་བསྟན་པའི་ཆོས་འདི་རྣམ་པར་བཀྲོལ་བ་ཡིནོ།། ཇི་ལྟར་ཁ་ཟས་གཡོས་ལེགས་པ་ནི་ལེགས་པར་བསྒྲུབས་པ་སྟེ། བཀྲེས་པས ་ཉེན་པ་ཟ་བ་ན། དེ་དག་ལ་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ། བསམ་པར་བྱ་བའི་དོན་གྱི་དབང་དུ་བྱས་ནས་བསྟན་པའི་ཆོས་འདིས་རྣམ་པར་ཕྱེ་བ་ཡི་ནོ།། ཇི་ལྟར་སྤྲིང་ཡིག་ལེགས་པ་ཐོས་པ་ནི་དོན་ཤེས་པ་སྟེ། མཁས་པ་ལ་ཁྱད་པར་ཅན་གྱི ་དགའ་བ་བསྐྱེད་པ་དེ་བཞིན་དུ། བསམ་པར་བྱ་བའི་དོན་གྱི་དབང་དུ་བྱས་ནས་བསྟན་པའི་ཆོས་འདི་རྣམ་པར་བཤད་པ་ཡི་ནོ།། ཇི་ལྟར་རིན་ཆེན་སྒྲོམ་ཕྱེ་བ་ནི་ཁ་ཁབས་ཕྱེ་བ་སྟེ། རྟོགས་པ་པོ་རྣམས་ཀྱི་མཐོང་བའི་ཡུལ་དུ་གྱུར་པ་ཉིད་མཆོག་ཏུ་དགའ་བ་བསྐྱེད་པ ་དེ་བཞིན་དུ། ཡོངསུ་གྲུབ་པ་དོན་གྱི་དབང་དུ་བྱས་ནས་བསྟན་པའི་ཆོས་འདིས་དོན་རྣམ་པར་བྱེ་བ་ས་ནོ།། འདི་སྐད་བསྟན་པ་ཡིན་ཏེ། གསེར་ལས་བརྡུངས་བྱས་ལ་སོགས་པ་ནི་རང་བཞིན་གྱིས་ཉམས་དགའ་བ་ཡིན་ཡང་། ཇི་ལྟར་རྟོགས ་བ་པོ་རྣམས་ཀྱིས་རྟོགས་པའི་སྤྱོད་ཡུལ་དུ་གྱུར་པ་ཁོ་ན་ཁྱད་པར་ཅན་གྱི་དགའ་བ་བསྐྱེད་པར་བྱེད་ཀྱི་རང་གི་ངོ་བོ་གནས་པ་ཉིད་ཀྱིས་མ་ཡིན་པ་དེ་བཞིན་དུ། དོན་ལྔའི་དབང་དུ་བྱས་ནས་བསྟན་པའི་ཐེག་པ་ཆེན་པོའི་མདོ་སྡེ་ཞེས་བྱ་བའི་ཆོས་འདི་ཉེ་བར ་བསྟན་པའི་བསྟན་བཅོས་འདིའི་དྲངང་གི་སྟེ་རྟོགས་པ་པོ་རྣམས་ལ་མཆོག་ཏུ་དགའ་བ་སྐྱེ་དེ་པར་བྱེད་པ་ཡི་ནོ།། དེའི་ཕྱིར་སྔར་བསྟན་པའི་ཆོས་ཉིད་རབ་ཏུ་དགའ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་རྒྱན་དང་འདྲ་བར་རྒྱན་ཉིད་བསྟན་པ་ཡི་ནོ།། དེ་བས་ན་དེ ་ལྷུལྟར་རྣམ་པ་གཉིསུ་དཔེ་སྦྱར་བའི་སྒོ་ནས་ཚིགསུ་བཅད་པ་འདི་བཤད་པ་ཡིན་པར་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་ཏེ། འགྲེལ་པ་མཛད་པའི་དགོངས་པོ་ཡིན་པའི་ཕྱིར།། གཞན་དུ་གལ་ཏེ་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་བསྟན་པའི ་ཆོས་འདིས་རྣམ་པར་བཀྲོལ་བ་མ། དགའ་བ་སྐྱེད་པར་བྱེད་པའི་སྒྲུབ་པའི་ཡན་ལག་ཉིད་གསུཾར་ལས་བརྡུངས་བྱས་པ་ལ་སོགས་པ་ཉེ་བར་བཀོད་པ་དེ་ལྟ་བུ་ཁོ་ན་བསྟན་བཅོས་མཛོད་པའི་བཤད་པར་བཞེད་པ་ཡིནྡྲ་ན། དེའི་ཆུ་དྲིས་ད་ནི་དོན་དྷཱི ་ལྔའི་བདག་ཉིད་ཚིག་སུ་བཅད་པ་གཉིས་པས་སྟོན་པར་བྱེད་ཞེས་བྱ་བ། ཚིགསུ་བཅད་པ་འདིའི་འཇུག་པར་བྱེད་པ་དང་། ངག་ཐ་དད་པར་བཤད་པར་བྱེད་པ་མ་ཡིན་པར་འགྱུརརོ།། ངག་ཐ་དད་པརྡ་པར་མི་བཞེད་པ་ཡིན་ན་ནི། དེའི་ཞེས་བྱ་བ་འདིར་དེའི་སྒྲས ་རབ་ཏུ་བཟུང་བའི་ཆོས་དེ་མདོ་སྡེ་རྒྱན་འདིས་ཞེས་བྱ་བ་འདིར་ཡང་དེའི་སྒྲས་བསྟན་པ་འབྲེལ་པ་མེད་པ་ཁོ་ནར་འགྱུ་རོ།། དཔེ་ལྔས་ཞེས་བྱ་བའི་འགྲེལ་པའི་གཞུང་ཡང་བརྗོད་པར་འོས་པ་ཉིད་མ་ཡིན་ཏེ། གོ་རིམས་བཞིན་དུ། གསེར་ལས་བརྡུངས་བྱས་པ ་ལ་སོགས་པ་ལྟར་ཞེས་བྱ་བ་འདིས་དོན་རྟོགས་པ་ཡིན་པའི་ཕྱིརརོ།། སྟེར་བཤད་པ་བསྟེན་པའི་རིམ་པས་ནི་མཐའ་དག་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། འདི་ལྟར་དཔེ་ལྔས་ཞེས་བྱ་བ་འདི་ནས་བརྩམས་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད ་ཅེས་བྱ་བའི་བར་གྱི་ངག་གཅིག་གིས་ནི། ཐེག་པ་ཆེན་པོའི་ཆོས་བརྗོད་བྱ་རྒྱུ་མཚན་ལ་སོགས་པའི་དངོས་པོ་སྒྲུབ་པར་བྱ་བ་ལ་སོགས་པ་ཉིད་བསྒྲུབ་པའི་ཡན་ལག་ཉིད་དུ་དཔེ་སྦྱར་བར་མཛད་ནས། མདོ་སྡེ་རྒྱན་འདིས་ཞེས་བྱ་བ་ལ་སོགས ་པའི་ངག་གཉིས་པས་ནི། རྣམ་པ་ལྷ་བསྟན་པའི་ཆོས་བསྟན་བཅོས་འདིས་རྣམ་པར་ཕྱེ་བ་ལ་དགའ་བ་སྐྱེད་པར་བྱེད་པ་ཉིད་སྒྲུབ་པའི་དོན་དུ། གསེར་ལས་བརྡུངས་བྱས་ཞེས་བྱ་བ་སོགས་པའི་དཔེ་ཉེ་བར་འཀོད་པ་འགྲེལ་པོ་མཛད་པས། ་ལེགས་པར་བརྗོད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་དུ་ལེགས་པར་གནས་པ་ཡི་ནོ།། དེ་ཉིད་དོན་རྟོགས་ལ་མཁས་མ་བྲིསྟེན་པ་དང་བློ་ཆུང་བསསྡུ།། ཚིགསུ་བཅད་པ་འདི་ཉིད་ཇི་བཞིན་དུ་ནི་རྟོགས་པ་མྱེད།། དེ་ཕྱིར་འདི་ཡི་རྣམ་བཤད་བྱས་ལས་བྱུང ་འི་སོད་ནམས་གང་།། དོན་དོན་ཀུན་གྲུབ་པའི་གཏི་བཞིན་དུ་ན་གྲུབ་རྒྱུར་ཅིག། མད་ཀྱི་རྐྱེན་ལས་དང་པོའི་སྐམས་ཀྱི་ཚོགས་བཅིད་པོ་གཉིས་པའི་བཤད་པ། ཁ་ཚོའི་ཡུལ་གྱི་མོཁས་པ་ཆེན་པོ་དེ་ལ་བཙུན་པ་སོ་མོ་ཤྲཱི་བི་ཞ་ལོ་སྔནས་ཀྱིན ་ཀྱི་བདྨའི་བྲུའི་རྡུལ་གྱིས་རེག་པ། སློབ་དཔོན་གཞན་ལ་ཕན་པ་བང་བའི་ཞལ་སྣ་ནས་མཛད་པ་རྫོགས།། ་ཐུགས་དང་ས། དྷར་གྱི་དཔ་ལ་ཡིད་བནི་ནི་ལྷུན་གྱིས་སྲུང་བའི་གདུག་ལག་ཁེང་བུ་འི་མཁན་པོ་བཎྜི་ཏ་ས་ཏི་ཏི་ཐཱ་དྲེའིན་ལ་སྔ་ནས་ད་ལོ་རྩུབ་ཤཱཀྱའི་དགེ་སློང་གཞོན་ནུ་མཆོག་གིས་བསྒྱུར་གྱི ་རྫུས་གཏན་པ་ག།། སློང་ཡོན་ཏན་རྒྱ ་མཆེད་ཀྱིས་ལན་ཅིག་ཞུས་སོ།། ་