| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་སཱུ་དྷཱ་ལངྒ་ར་ཊཱི་ཀ་ཁོད་སྐད་དུ། ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚའོ།། དཀོན་མཆོག་གསུམ་པོ་སྟོན་གཏེར་གྱུར་པ། ་ཤཱཀྱ་ཐུབ་པའི་སྲས་ཀྱི་ཐུ་བོ་དང་།། རྒྱལ་བའི་སྲས་གཞན་དེ་དང་དེ་དག་དང་།། ཐེགས་མེད་ཞལ་སྔ་ནས་དང་དེའི་གཅུང་དང་།། བླ་མ་གང་ལས་བདག་གིས་སྐྱེ་བོ་ལ།། གསལ་ཞིང་སྣང་བྱེད་བསྟན་བཅོས་འདི་ཐོས་དེ།། ཀུན་ལ་བདག་རྟག་མགོ་བོ་སར་གཏུག ་ནས།། ཞེས་ས་དང་བཅས་ཡང་དྲག་གུས་ཕྱག་འཚལ།། དོན་བསམ་རྣམས་ལ་བློ་བརྟུལ་བསྟན་བཅོས་འདི།། ཚིག་དོན་ཟབ་པར་རྣམ་བསམས་བཤད་སྦྱར་དག། བྱ་བའི་བསམ་པའང་བདག་ལ་འགའ་ཡང་མེད།། དེ་ལྟས་རང་ལ་ཕན་ཕྱིར་ཅུང་ཟད་བྱ།། ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་ལུས་ནི་བྱང་ཆུབ་སེམས་དཔའ་རིགས་ལ་གནས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡིན ་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་མདོར་བསྡུ་ན། རྣམ་པ་གསུམ་པོ་དེ་གང་ལ་སློབ་པ་དང་། རྡོ་ལྟར་སློབ་པ་དང་། གང་དག་སློབ་པ་ཡིན་ཏེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། ཡང་བྱང་ཆུབ་སེམ ་དཔའ་དོག་གང་ལ་སློབ་ཅེ་ན། གནས་བདུན་ལ་སློབ་བོ།། གནས་བདུན་པོ་གང་དག་ཡིན་ཞེ་ན། རང་གི་དོན་དང་། གཞན་གྱི་དོན་དང་། དེ་ཁོ་ན་ཉིད་ཀྱི་དོན་དང་། མཐུ་དང་། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོང་སུ་སྨིན་པ་དང་སེམས་ཅན་ཡོངསུ་སྨིན་པ་དང་། ་གནས་བདུན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། རང་གཞན་དོན་དང་དེ་ཉིད་དོན།། མཐུ་དང་རང་གི་སངས་རྒྱས་ཀྱི།། ཆོས་དང་སེམས་ཅན་ཡོངས་སྨིན་དང་།། བདུན་པ་བྱང་ཆུབ་མཆོག་ཡི་ནོ།། བྱང་ཆུབ་སེམས་དཔས ་གང་ལ་བསླབ་པར་བྱ་བ་དེ་ནི་བསྟན་ཟིན་ཏོ།། ཇི་ལྟར་བསླབ་པར་བྱ་བ་དེ་བསྟན་པར་བྱ་བ་སྟེ། འདི་ལ་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔས་དང་པོ་ཁོ་ནར་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་མང་བར་བྱ་བ་དང་། ་ཆོས་ཚོལ་བ་དང་། ཆོས་སྟོན་པ་དང་། ཆོས་དང་མཐུན་པའི་ཆོས་སྒྲུབ་པ་དང་། ཡང་དག་པའི་གདམས་ངག་རྗེ་སུ་སྟོན་པ་ལ་གནས་པ་དང་། ལུས་དང་དྲག་དང་ཡིད་ཀྱིས་ལས་ཐབས་ཀྱིས་ཟིན་པར་བྱ་སྟེ། རིམ་པ་འདིས་གང་དག་སློབ་པ་ཡིན་ཞེས་བྱ་བར་དེ ་ཁོང་དུ་ཆུད་པར་བྱའོ།། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཚང་རྒྱའོ།། སྡོམ་ནི་མོས་པ་མང་བ་ཉིད་དང་ནི།། ཆོས་ཚོལ་བ་དང་སྟོན་པ་དང་།། དེ་བཞིན་སྒྲུབ་དང་ཡང་དག་པའི།། གདམས་ངག་རྗེ་སུ་སྟོན ་པ་དང་།། ལུས་དང་ངག་དང་ཡིད་ཀྱི་ལ་སྷོ།། ཐབས་ཀྱི་ཟིན་པ་ཐ་མ་ཡིན།། གང་དགྲ་སློབ་པ་ཡིན་ཞེས་བཤོད་པ་གང་ཡིན་པ་གང་དག་ཅིག་སློབ་ཅེ་ན། བྱང་ཆུབ་སེམས་དཔའ་དག་སློ་འོ།། དེ་ལྟར་སློབ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན ་པར་རྫོགས་པར་འཆང་རྒྱ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་མཚན་ཉིད་ཇི་ལྟ་བུ་དག་ཅིག་ཡིན་ཞེ་ན། དེ་དག་ནི་མདོར་བསྡུན་བཅུར་རིག་པར་བྱ་སྟེ། རིགས་ལ་གནས་པ་དང་། ཞུགས་པ་དང་། བསམ་པ་མ་དག་པ་དང་། བསམ་པ་དག་པོ་དང་། བསམ་པ ་ཡོངསུ་མ་སྨིན་པ་དང་། བསམ་པ་ཡོང་སུ་སྨིན་པ་དང་མ་ངེས་པར་རྟོགས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པའོ།། ཡང་བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ཀྱི་མིང་བྱེ་བྲག་མེད་པར་ནི་དེ་ལྟ་བུའི་ཆ་དང་མཐུན་པ་འདི་དངག་ཡིན ་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། བློ་དང་ལྗོན་པ་གསལ་བའི་མཆོག་ཅེས་བྱ་བ་ལ་སོགས་པ་ཡིན།། དེའི་ལུས་ནི་དེ་ཡིན་ཏེ་དེ་ནི་ཕྱོགས་ཡིན།། ཕྱོགས་དེས་གཞན་ཡང་ཁོང་དུ་ཆུད་པར་བྱའོ།། དེ་ལ་བསྡུས་ཏེ་བཤད ་བ་ནི། ཚིག་སུ་བཅད་པ་དང་པོ་གསུམ་གྱིས་ཇི་ལྟ་བ་བཞིན་དུ་ཡོད་པ་དང་། ཇི་སྙེད་ཡོད་པ་བསྟན་ཏེ། ཇི་ལྟ་བ་བཞིན་ཡོད་པའི་བཤད་པ་ནི། ཅི་ཞེས་བསྟན་པས་སྟོན་ཏོ།། ཇི་ལྟ་བ་ཞེ་ན། བྱེད་པ་པོ་དང་། ལུས་དང་། བྱེད་པ་དང་དེའི་ཕྱིར་དང་རྒྱུའི་དོན་དང་། ཡན་ལག ་གི་དྲོན་དང་། ཚོད་ཀྱི་དོན་ཏེ། རྣམ་པར་དབྱེ་བ་བདུན་པོ་འདི་དག་དང་། དོན་ཤེས་དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བ་ནས་བཟུང་སྟེ། དེ་ཡིས་འགྲོ་བ་སེམས་ཅན་ལ་ཞེས་བྱ་བའི་བར་དང་། གོ་རིམས་བཞི་ནོ།། ཇི་སྙེད་ཡོད་པའི་བཤད་པ་ནི། གྲངས་བསྟན་པས་རྣམ་པ ་ཇི་སྙེད་པའོ།། དེ་ཡང་རྣམ་པ་དུ་ཞིག་ཅེ་ན། རྣམ་པ་ལྔ་སྟེ། འབྱོར་པའི་དོན་ཚུལ་བླ་མེད་གྱུར་པ་ལྔའི་བདག་ཉིད་ཅེས་བྱ་བ་འདྲི་ནས་བཟུང་སྟེ། གསེར་ལས་བརྡུངས་བྱས་པ་ལ་སོགས་པ་ལྟ་བུ་དཔེ་ལྔས་བསྟན་པའི་བར་ཡི་ནོ།། གཟུགས་རྒྱན་གྱི་དཔེས་ནི་དོན ་འདི་ཁོ་ན་རྒྱན་ཉིད་དུ་སྟོན་པར་བྱེའོ།། དེ་ལྟར་ན་བསྡུས་ཏེ་བཤད་པ། རྣམ་པ་ཐམས་ཅད་ཀྱི་དོན་དང་ལྡན་པའི་ཕྱིར་ཕྱིན་ཅི་མ་ལོག་པ་ཡིན་ལ། རྣམ་པ་ཐམས་ཅད་ཡོང་སུ་རྫོགས་པའི་ཕྱིར་རྒྱས་པ་ཡང་ཡི་ནོ།། དེ་ལ་གྲོང་ཁྱེར་ལ་སོགས་པའི་ངག་ནི་ཡར ་ལག་བརྒྱད་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། གྲོང་ཁྱེར་བ་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་དང་། རྣམ་པར་རིག་པར་བྱེད་པ་དང་། མཉན་པར་འོས་པ་དང་། རྟེན་པ་མེད་པ་དང་། མི་མཐུན་པ་མེད་པ་དང་། གཏུགས ་པ་མེད་པའོ།། དེ་ལ་གྲོང་ཁྱེར་པ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་བྱས་པའི་ཕྱི་རོ།། སྙན་ཅིང་འཇེབས་པ་ནི་གདངས་སྙན་པའི་ཕྱིརརོ།། རྣམ་པར་གསལ་བ་ནི་ངེས་པའི་ཚིག་དང་། ཡི་གེ་བཟང་བའི་བྱརོ།། རྣམ་པར་རིག་པར་བྱེད་པ་ནི་གོ་བར་བྱེད་པ ་ཡིན་པའི་ཕྱིརརོ།། མཉན་པར་འོས་པ་ནི་ཆོས་ཀྱི་དོན་དང་ལྡན་པའི་ཕྱིརརོ།། རྟེན་པ་མེད་པ་ནི་རབ་ཏུ་དང་བ་ལྷག་པའི་རྟེན་ཡིན་པའི་ཕྱིར།། མི་མཐུན་པ་ནི་མངོན་པར་འདོད་པ་བརྗོད་པའི་ཕྱིར།། གཏུགས་པ་མེད་པ་ནི་རྒྱ་ཆེན་ལ་མཁས་པའི་ཕྱིརརོ།། རྣམ་པ་བརྒྱད ་དང་ལྡན་པའི་ངག་འདི་ནི་མདོར་བསྡུས་ན་སྟོན་གསུམ་དང་ལྡན་པར་རིག་པར་བྱ་སྟེ། དབང་དུ་བྱ་བའི་སྒོ་ནས་ནི་རྣམ་པ་དང་པོ་གཅིག་གིསོ།། ངོ་བོ་ཉིད་ཀྱི་སྒོ་ནས་ནི་རྣམ་པ་གཉིས་ཀྱི་སོ་སྦྱོར་བའི་སྒོ་ནས་ནི་རྣམ་པ་ལྷག་མ་རྣམས་ཀྱིསོ།། ཚིག་དྲི་མ་མེད་པས ་ཞེས་བྱ་བ་ནི་ཚིག་དང་ཡི་གེ་རིགས་པ་དང་འབྲེལ་ཞེས་བྱ་བ་ནི་ཚིག་དང་ཡི་གེ་རིགས་པ་ཞེས་བྱ་བ་ནས་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཞེས་བྱ་བའི་བར་ཡིན་ཏེ། ཚིག་དང་ཡི་གེ་རིགས་པ་དང་། འབྲེལ་པ་དང་། མཐུན་པ་དང་། རུང་བ་དང་། འབྱོར་པ ་དང་། འཕྲོད་པ་དང་། འཚམ་པ་དང་། འགྲུས་སྐྱོང་གི་ཡན་ལག་གི་ཚོག་སོ།། དེ་ལ་རིགས་པ་ནི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་གོ་རིམ་དུ་ལེགས་པར་བཀོད་པའི་ཕྱིརརོ།། ཡང་རིགས་པ་རྣམ་པ་བཞི་ལ་རྟེན་པའི་ཕྱིར་རིགས་པ་ཡི་ནོ།། འབྲལ་བ ་ནི་སྒྲུབ་པ་དང་འབྱོར་པའོ།། རུང་བ་ནི་ཚིག་དང་ཡི་གེ་གསལ་བའོ།། འབྱོར་པ་ནི་སྙིད་ལ་འབབ་ཕྱིརརོ།། འཕྲོད་པ་ནི་འཁོར་ཇི་ལྟ་བ་བཞིན་དུའོ།། འཚམ་པ་ནི་ཆོས་དང་མཐུན་པ་དང་དོན་དང་ལྡན་པ་དང་དུས་དང་འཚམ་པ་ཡི་ནོ།། འགྲུས་སྐྱོང་གི་ཡན་ལག་གི་ཆོས ་ས་ཞེས་བྱ་ལ། འགྲོས་སྐྱོང་ཞེས་བྱ་བ་ནི་མཁས་པར་བྱེད་པ་དང་། རྟག་ཏུ་བྱེད་པ་སྟེ། དེའི་ཡན་ལག་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་ཡིནོ།། གསེར་ལས་བརྡུངས་བྱས་ཞེས་བྱ་བ་ནི་ཚིགསུ་བཅད་པ་འདིས་ནི་དཔེ་ལྔས་ཐེག་པ་ཆེན་པོའི་ཆོས་དེ་དོན་རྣམ ་པ་ལྔའི་དབང་དུ་བྱས་ནས་བསྟན་པ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངསུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིགས་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་མཐུན་པའི ་ངོ་བོ་ཉིད་དོ།། འདི་ནི་ཐེག་པ་ཆེན་པོ་དངོས་པོ་ལྔ་པོ་དང་། ངོ་བོ་ཉིད་གསུམ་དང་། གང་ཟག་རྣམ་པར་བཞག་པ་སྟེ། རྣམ་པ་གསུམ་གྱིས་འགྲེལ་ཏོ།། དེ་ལ་དངོས་པོ་ལྔ་གང་ཞེ་ན། མིང་དང་རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། རྣམ་ནི་རྟོག ་པའི་ཡེ་ཤེ་སོ།། དེ་ལ་མིང་ནི་བརྡར་ཐ་སྙད་གདགས་པ་མངོན་པར་བརྗེད་པའི་རང་བཞིན་ཡིན་ཏེ། དེ་ཡང་འཇིག་རྟེན་ནི་ཆོས་འདི་དག་ཇི་ལྟར་མིང་གིས་མངོན་པར་བརྗོད་པ་དེ་ཁོ་ན་བཞིན་དུ་ངོ་བོ་ཉི་དུ་ཡོད་ཞེས་མིང་སྒོ་ནས་ཆོས་ཐམས་ཅད་ལ་མངོན་པར་ཞེན་ཏོ།། ་མིང་གིས་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་མེད། བཅོམ་ལྡན་འདས་ཀྱི་ཇི་སྐདདུ། མིང་ནི་གང་དང་གང་དག་གིས།། ཆོས་ནི་གང་དང་གང་བརྗོད་པ།། དེ་ནི་དེ་ལ་ཡོད་མིན་ཏེ།། འདི་ནི་ཆོས་རྣམས་ཆོས་ཉིད་ཡིན།། ཞེས་གསུངས་པ་ལྟ་བུའོ།། མིང་གི་སྒོ་ནས ་ཆོས་རྣམས་ལ་ངོ་བོ་ཉིད་དུ་མངོན་པར་ཞེན་པ་དེ་དག་ལ་མིང་གི་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་མེདོ་ཞེས་བྱ་བ་འདི་ཤེས་པར་བྱ་དཀའ་བའི་ཕྱིར་བསྒྲུབ་པར་བྱ་བ་ཡིན།། དེ་དང་ཆོས་མཐུན་པར་གསེར་ལས ་བརྡུངས་བྱས་པ་དང་འདྲ་སྟེ། དཔེར་ན་བསྲེག་པ་དང་ཆུས་གདབ་པ་དང་། བརྡུང་བ་ལ་སོགས་པ་འབད་པ་ཆེན་པོས་གསེར་ལ་སུ་རུང་བར་བྱས་པ་བརྒྱན་ལ་སོགས་པར་བརྡུངས་ན་རྣམ་པར་མཛེས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་མིང་གིས་པོ ་བོ་ཉིད་དུ་མངོན་པར་ཞེན་པ་རྣམས་ལ་མིང་གིས་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་མདོ་ཞེས་རང་གི་ཕྱོགས་སྒྲུབ་པ་དང་། གཞན་གྱི་ཕྱོགས་སུན་དབྱུང་བ་ལ་སོགས་པས་བསྒྲུབས་ན་གསེར་ལས་བརྡུངསུ་བྱས་པ་བཞིན་དགའ ་པའི་མཆོག་བསྐྱེད་པས་སྒྲུབ་པ་ཞེས་བཤད།། རྒྱུ་མཚན་ནི་གང་ལ་བརྟེན་ནས་མི་འཇུག་པ་སྟེ། མངོན་པར་བརྗེད་པའི་བདག་ཉིད་ཀྱི་མི་དེ་ཉིད་ཀྱི་རྟེན་གྱི་དངོས་པོ་གཞན་གྱི་དབང་གི་ངོ་བོ་ཉིད་བཟུང་བའི་ཆ་ཡིན།། དངོས་པོ་དེ་ཡང་རྟེན་ཅིང་འབྲེལ་བར ་འབྱུང་བ་སྣང་བ་ཙམ་དང་རེག་པ་ཡིན་ཏེ། དེ་ནི་བྱེ་བྲག་ཏུ་ཤེས་པར་བྱ་བ་འབའ་ཞིག་ཏུ་ཟད།། རང་རིག་པ་དེ་ལ་ནི་འཇིག་རྟེན་མཚར་གཅིག་ལོག་པར་རྟོགས་པ་མེད་པས་བྱེ་བྲག་ཏུ་ཤེས་པར་བྱ་བ་འབའ་ཞིག་ཏུ་ཟད་།། དེ་དང་ཆོས་མཐུན་པར་དཔེ ་པདྨ་སྟེ། དཔེར་ན་འབད་པ་མེད་པར་ཉི་མའི་འོད་ཟེར་གྱིས་ཁ་བྱེ་བའི་པདྨ་དགའ་བའི་མཆོག་བསྐྱེད་པ་དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་འབད་པ་མེད་པར་ཤེས་པར་བྱས་པ་ཡང་དག་པའི་མཆོག་སྐྱེད་པས་བྱེ་བྲག་ཏུ་ཤེས ་པར་བྱ་བ་ཞེས་བཤད་དོ།། རྣམ་པར་རྟོག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དངོས་པོ་ཙམ་དེ་ཉིད་སེམས་དང་སེམས་ལས་བྱུང་བ་འཛིན་པའི་ཆར་རབ་ཏུ་སྐྱེ་བ་ཡིན་ཏེ། ཚུལ་བཞིན་དུ་རྣམ་པར་རྟོག་པ་དམ་པའི་ཆོས་མཉན་པའི་རྒྱུ་ལས་བྱུང་བ་དག ་གིས་བསམ་པར་བྱ་བ་ཡིན།། ཇི་སྐད་དུ་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ཆོས་ལ་རབ་ཏུ་བརྩོན་བརྩོན་པ་ཆོས་རྣམས་དཔྱོད་པར་བྱེད་ན། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད ་ཀྱི་རིགས་པ་སྟེ། རིགས་པ་བཞིསོ།། རིགས་པ་འདི་བཞིས་ཚུལ་བཞིན་དུ་རྣམ་པར་བརྟགས་ན་ཀུན་ནས་ཉོན་མོངས་པ་སྤོང་བ་དང་། རྣམ་པར་བྱང་བ་དང་། མཐུན་པར་ཡང་འགྱུརརོ་ཞེས་བཤད་པ་ལྟ་བུའོ།། དེ་དང་ཆོས་མཐུན་པར་དཔ་གཡོས་ལེགས། ་བའི་ཁ་ཟས་ཏེ། དཔེར་ན་གཡོས་ལགས་པའི་ཁ་ཟས་ཁ་དོག་དང་རོ་ལ་སོགས་པ་ཕུན་སུམ་ཚོགས་པ་བཀྲེས་པས་ཉེན་པ་རྣམས་ཀྱིས་ཟོས་ནི་དགའ་བའི་མཆོག་བསྐྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོའི་ཆོས་བདུད་རྩི་དང་འདྲ་བ་འདི་ཡང་ངམ ་པའི་ཆོས་མཉན་པས་བཀྲེས་པ་ཚུལ་བཞིན་དུ་རྣམ་པར་རྟོག་པ་རྣམས་ཀྱིས་དཔྱད་པ་དགའ་བའི་མཆོག་སྐྱེད་པས་བསམ་པར་བྱ་བ་ཞེས་བཤད།། དེ་བཞིན་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། བསྡམ་པའི་སྤྱོད་ཡུལ་ལས་ཡང་དག ་པར་འདས་པའི་ཕྱིར་དང་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར།། ཇི་ལྟར་དུ་ཐེག་པ་ཆེན་པོ་བསྡུས་པ་ལས་ཆོས་ཀྱི་སྐུ་ནི་བསོམ་གྱིས་མི་ཁྱབ་པའི་མཚན་ཉིད་དོ།། ཞེས་བཤད་པ་ལྟ་བུ་སྟེ། དེ་བཞིན་ཉིད་རྣམ་པར་དག་པ་དེ་འཇིག་རྟེན་ན ་དཔེ་མེད་པ་དང་། རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར།། དེ་དང་ཆོས་མཐུན་པར་དཔེ་ཕྲིན་ཡིག་སྟེ། དཔེར་ན་ཕྲིན་ཡིག་ལེགས་པར་མཁས་པ་རྣམས་ཀྱི་ལག་ཏུ་སོན་ན་དོན་ལོག་པའི་རྣམ་པར ་རྟོག་པ་སྤངས་པའི་སྒོ་ནས་མཆོག་ཏུ་དགའ་བ་བསྐྱེད་པ་དེ་བཞིན་དུ། དེ་བཞིན་ཉིད་སོ་སོ་རང་གིས་རིག་པར་བྱ་བ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ས་དང་པོ་ཐོབ་པའི་དུས་ནས ་བཟུང་སྟེ། དགའ་བ་ཟག་པ་མེད་པ་སྐྱེད་པར་བྱེད་ཁྱིས་པ་དེ་ཁོ་ན་ཉིད་མ་རྟོགས་པ་རྣམས་ཀྱི་བསམ་པའི་ཡུལ་ལོས་ཡང་དག་པར་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཤ་དོ།། རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན ་བའི་ངོ་བོ་ནི་ཡོངསུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ཡིནོ།། ཡང་ཅིའི་ཕྱིར་ཡོངསུ་གྲུབ་པའི་ངོ་བོ་ཉིད་དུ་འདྲ་བ་ལས་དེ་བཞིན་ཉིད་ནི་བསམ་གྱིས་མི་ཁྱབ་པར་བཤད་ལ། རྣམ་པར་མི་རྟོག་པའི ་ཡེ་ཤེས་ལ་སོགས་པ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ནི་མ་ཡིན་ཞེ་ན། དེ་ནི་དེ་ལྟར་བདེན་མོད་ཀྱི།། དེ་བཞིན་ཉིད་ནི་ནམ་ཡང་དེ་ཁོ་ན་ཉིད་མ་རྟོགས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་མ་ཡིནོ།། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི ་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་དག་སྟེ། ཟག་པ་མེད་པ། དེ་དག་དེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་མོད་ཀྱི། དེ་ཡང་ཐོས་པ་དང་བསམ་པའི་གནས་སྐབས་ན་དེ་ཁོ་ན་ཉིད་མ་རྟོགས་ཀྱང་ཆོས་ཀྱི་སྐུའི་རྒྱུ་འཐུན ་པ་ཐེག་པ་ཆེན་པོའི་དམ་པའི་ཆོས་མཉན་པས་ཚུལ་བཞིན་རབ་ཏུ་སྦྱོར་བ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་དང་མཐུན་པར་འགྱུརརོ།། ཇི་སྐད་ཐེག་པ་ཆེན་པོ་བསྡུས་པ་ལས་ཡོངསུ་གྲུབ་པའི་ངོ་བོ་ཉི་དུ་ཇི་ལྟ་བུ་ཡིན་པར་རིག་པར་བྱ་ཞེ་ན། རྣམ་པར་བྱང་བའི་ཆོས ་རྣམ་པ་བཞི་བསྟན་པས་རིག་པར་བྱའོ།། རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་བསྟན་པ་ལ་རང་བཞིན་གྱིས་རྣམ་པར་བྱང་བ་ནི་དེ་བཞིན་ཉིད་ལ་སོགས་པའོ།། དྲི་མ་དང་བྲལ་བས་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། དེ་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བའོ།། དེ་འཐོབ་པའི ་ལམ་གྱིས་རྣམ་པར་བྱང་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་དོ།། སྐྱེ་བའི་དམིགས་པ་ནི་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོའི་དམ་པའི་ཆོས་བསྟན་པའོ་ཞེས་བཤད་པ་ལྟ་བུ་སྟེ། འདི་ལྟར་དེ་ནི་རྣམ་པར་བྱང་བའི་རྒྱུ་མཚན་ཡིན་པའི་ཕྱིར་ཀུན ་བརྟགས་པ་ཡང་མ་ཡིན་ལ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པའི་ཕྱིར། གཞན་གྱི་དབང་ཡང་མ་ཡིན།། དེའི་ཕྱིར་ཐོས་པ་དང་བསམ་པའི་གནས་སྐབས་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཟག་པ་མེད་པ་དང་མཐུན་པས་ཟག་པ་མེད་པ ་བཞིན་ཉེ་བར་གདགས་ཏེ། འདི་ནི་ཁྱད་པར་ཡིན་པར་མངོན།། དེ་ལྟར་རེ་ཞིག་ཐེག་པ་ཆེན་པོ་དངོས་པོ་ལྔ་དང་ཆོས་མཐུན་པར་བསྒྲུབ་པར་བྱ་བ་ལ་སོགས་པའི་དངོས་པོ་ལྔ་གསེར་ལས་བརྡུངས་བྱས་པ་ལ་སོགས་པའི་དཔེ་ལྔ་དང་བཅས་ཏེ། བཤད་པ་ཡི་ནོ།། རྣམ་པ་གཅིག ་ཏུ་ངོ་བོ་ཉིད་གསུམ་དུ་བཤད།། ཇི་ལྟ་ཞེ་ན། རེ་ཞིག་བསྒྲུབ་པར་བྱ་བ་ཞེས་སྨོས་པ་གང་ཡིན་པ་དེའི་བཤད་པ་ནི་ཛ་སྐད་དུ་ཐེག་པ་ཆེན་པོ་བསྡུས་པ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐེག་པ་ཆེན་པོ་ཤིན་ཏུ་འདས་པ་བསྟན་པ་གང་ཡིན་པའི་བསྟན་པ ་དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་པར་རིག་པར་བྱ་ཞེ་ན། རབ་འབྱོར་སངས་རྒྱས་མེདོ།། ཆོས་མདོ།། དགེ་འདུན་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྟན་པསོ་ཞེས་བཤད་པ་ལྟ་བུ་སྟེ། ཚིག་དང་ཡི་གེ་སྐྲག་པ་སྐྱེད་པར་བྱེད་པ་འདི་དག ་ནི་འཇིག་རྟེན་གྱིས་ཐོས་ན་སྐྲག་པར་འགྱུར།། ཀུན་བརྟགས་པའི་ངོ་བོ་ཉིད་དེ་ནི་བསྒྲུབ་པར་བྱའོ་ཞེས་བཤད།། ཆོས་འདི་དག་ནི་རྣམ་པ་ཐམས་ཅད་མེད་པ་ཁོ་ན་མ་ཡིནོ།། འོན་ཀྱང་བྱིས་པ་སྐྱེ་བོས་ཀུན་བརྟགས་པའི་བདག་ཉིད་དུ་མེད། ཇི་སྐད་བཅོམ་ལྡན་འདས་ཀྱིས། ཆོས ་ཀུན་མེད་ཕྱིར་རྣམ་དག་གང་།། ཀུན་ནས་ཉོན་མོངས་མེད་གང་།། ཇི་ལྟར་མཐོང་བ་དེ་ལྟར་མེད།། དེ་དག་མེད་ན་ཁོ་ནའང་མིན་ཞེས་གསུངས་པ་ལྟ་བུའོ།། དེ་དང་ཆོས་མཐུན་པར་དཔེ་གསར་ཏེ། དཔེར་ན་གསེར་བསྲེགས་པ་དང་། བརྡུང་བ་ལ་སོགས་པ་འབད་པ་ཆེན་པོས་ལ་སུ་རུང་བར ་བྱས་པ་གདུ་བུ་དང་དཔུང་རྒྱན་ལ་སོགས་པའི་ངོ་བོར་བརྡུངསུ་བྱས་པ་དགའ་བ་བསྐྱེད་པ་དེ་བཞིན་དུ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱང་བསྒྲུབས་ན་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་སྒོ་ནས་སྐྱེ་བོ་ཡ་རབས་ཀྱི་དགའ་བའི་མཆོག་བསྐྱེད་པས་བསྒྲུབ་པར་བྱའོ་ཞེས ་ཤདདོ།། གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ཏེ། ཐེག་པ་ཆེན་པོ་ལས་ཀུན་བརྟགས་པའི་ངོ་བོ་ཉིད་བསྒྲུབས་ན་གཞན་གྱི་དབང་གི་བསྡུས་པའི་ཆོས་རྣམས་བྱེ་བྲག ་དུ་ཤེས་པར་བྱ་སླ་བས་བྱེ་བྲག་ཏུ་ཤེས་པར་བྱའོ།། ཞེས་བཤད།། དེ་དང་ཆོས་མཐུན་པར་དཔེ་པདྨ་སྟེ། སྔ་མ་དང་མཐུན་པར་ཁོང་དུ་ཆུད་པར་བྱའོ།། གཞན་གྱི་དབང་གི་ངོ་བོ་ཉིད་ཁོ་ན་ཉིད་བསམ་པར་བྱ་བ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་དེ་ནི ་འདོད་ཆགས་ལ་སོགས་མི་དགེ་བའི་ཆོས་གསལ་བ་དང་། དད་པ་ལ་སོགས་དགེ་བའི་ཆོས་ལ་གོམས་པས་ཚུལ་བཞིན་དུ་བསམ་པར་བྱ་བ་ཡི་ནོ།། དེ་དང་ཆོས་མཐུན་པར་དཔེ་ཁ་ཟས་ཏེ་སྔ་མ་དང་མཐུན་པར་ཁོང་དུ་ཆུད་པར་བྱའོ།། ཡོངསུ་གྲུབ་པའི་ངོ་བོ་ཉིད་ནི་རྣམ་པ ་གཉིས་ཏེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད།། དེ་ལ་དེ་བཞིན་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ཇི་སྐད་སྔར་བཤད་པ་ཡིནོ།། འཕགས་པ་དཀོན་མཆོག་སྔོན་གྱི་མདོ་ལས་ཀྱང་། བྱང ་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཅེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། དེ་ཁོ་ན་ཉིད་ཅེས་བྱ་བ་ནི་ཡང་དག་པའི་དོན་གྱི་ཚིག་བླ་དགས ་ཡིནོ།། གསོལ་པ། བཅོམ་ལྡན་འདས་ཡང་དག་པ་ཞེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མི་སླུ་བ་གང་ཡིན་པ་དེ་ནི་ཡང་དག་པ་ཡི་ནོ།། གསོལ་པ། བཅོམ་ལྡན་འདས་མོ་སླུ་བ་ཞེས་བགྱི་བ་འདི་ཅི་ལགས། བཅྡོཾས ་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་དང་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་གང་ཡིན་པའོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ཅེས་བགྱི་བ་དེ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་འདི ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་གྱི། ཆོས་འདི་ཡི་གེ་དག་གིས་གདགས་པར་ནི་མི་ནུསོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི་ཡི་གེ་ཐམས་ཅད་ལས་ཡང་དག་པར་འདས་པའོ།། ཆོས་འདི་ནི་མངོན་པར་བརྗོད་པ་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། ངག་གི ་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། ངག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བའོ།། རྟོག་གེ་ཐམས་ཅད་དང་བྲལ་བ་སྟེ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའོ།། བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་སྟེ། བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའོ།། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་སྟེ། ཆོས་ཀྱི་དབྱིངས་བསམ ་གྱིས་མི་ཁྱབ་པ་ཞེས་བྱའོ།། ཞེས་གསུང་སོ།། དེ་ལྟར་ན་དེ་བཞིན་ཉིད་ཅེས་བྱ་བའི་ཆོས་འདི་ནི་སྤྲོས་པ་དང་རྟོག་གེ་དང་རྣམ་པར་ཤེས་པའི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་བྱིས་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ།། དེ ་དང་ཆོས་མཐུན་པར་དཔེ་ཕྲིན་ཡིག་ཀྱང་སྔ་མ་དང་མཐུན་པར་ཁོང་དུ་ཆུད་པར་བྱའོ།། རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་སོ་སོ་རང་གིས་རིག་པར་བྱ་བ་རྟོགས་པའི་དོན་དེ་དང་ཆོས་མཐུན་པར་དཔེ་རིན་པོ་ཆེའི་སྒོམ་སྟེ། ་ན་རིན་པོ་ཆེའི་སྒོམ་ཁ་གབ་ཕྱེ་ན་དགའ་བའི་མཆོག་བསྐྱེད་པ་དེ་བཞིན་དུ། འདི་ཡང་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་ཀྱི་དོན་རྟོག་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམ་པར་མི་རྟོག་པ་ལ་སོགས་པས་རྒྱུད་གསལ་བར་བྱས་པ་རྣམས་ལ་དགའ་བ ་ཆེན་པོ་བསྐྱེད་པས་ཡོངསུ་གྲུབ་པ་རྟོགས་པ་དོན་སོ་སོ་རང་གི་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་། མཐུན་པའི་ངོ་བོ་ཉི་དུ་བཤད།། ངོ་བོ་ཉིད་གསུམ་དུ་བཤད་པ་ནི་དེ་ལྟ་བུ་ཡིནོ།། དེ་ནས་གང་ཟག་རྣམ་པར་བཞག་པས་བཤད་པ་ཇི་ལྟ་བུ་ཞེ་ན། འདི་ན་གང ་ཟག་རྣམ་པ་གསུམ་ཞིག་སྣང་སྟེ། མི་ཤེས་པ་དང་ཐེ་ཙོམ་ཅན་དང་ལོག་པར་ཤེས་པ་རྣམ་སོ།། དེ་ལ་ལོག་པར་འཛིན་པ་ལ་མངོན་པར་ཞེན་པ་རྣམས་དང་ཐེ་ཚོམ་ཅན་རྣམས་ལ་ནི་ལོག་པར་འཛིན་པ་དང་ཐེ་ཚོམ་བསལ་བའི་ཕྱིར་འདི་ཁོ་ན་ཐེག་པ་ཆེན་པོ་ཁོ་ན་ཡིན་གྱི ་གཞན་གྱི་ནི་མ་ཡིན།། ཞེས་ཐེག་པ་ཆེན་པོའི་ཆོས་བསྒྲུབ་པར་བྱ་བ་ཡི་ནོ།། དེ་དང་ཆོས་མཐུན་པར་དཔེ་གསེར་ཏེ། སྔ་མ་བཞིན་དུ་རིག་པར་བྱའོ།། དེ་ལྟར་ཞུགས་པའི་གང་ཟག་དེ་དག་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པའི་གནས་རྣམས་སྤང་བར་བྱ་སྟེ། ཇི་སྐད་དུ་སངས ་རྒྱས་ཀྱི་བྱེ་བ་སྒྲུབ་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པོ།། ཕྱི་རོལ་གྱི་དངོས་པོ་ཐམས་ཅད་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པའི་ལས་བསམ་གྱིས་མི་ཁྱབ་བོ།། ནོར་བུ་དང་སྤྱན་དང་མཁྱུད་དཔྱད་ཀྱི་སྦྱོར་བ་དང་ལྡན་པའི་ལས་བསམ་གྱིས་མི་ཁྱབ་པོ་ཞེས ་གསུངས་པ་ལྟ་བུ་སྟེ། དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་སེམས་ན་སེམས་བསླད་པའི་གནས་དག་ཏུ་འགྱུར་བས་བསམ་གྱིས་མི་ཁྱབ་པར་བཤད།། དེའི་ཕྱིར་བསམ་གྱིས་མི་ཁྱབ་པའི་གནས་སྤོང་བའི་ཕྱིརརོ།། བསམ་པར་བྱ་བའི ་གནས་སེམས་པའི་ཕྱིར་དགའ་བ་ཆེན་པོ་སྐྱེ་བས་དཔེ་ཕྲིན་ཡིག་དང་ཁ་ཟས་ཏེ། སྔ་མ་དང་མཐུན་པར་ཁོང་དུ་ཆུད་པར་བྱའོ།། གང་ཟག་དེ་དག་ཉིད་ཚུལ་བཞིན་དུ་རབ་ཏུ་སྦྱོར་ན་ཡོངསུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོག ་དང་མཐུན་པའི་ངོ་བོ་ཉིད་རྟོགས་པར་འགྱུར།། དེ་དང་ཆོས་མཐུན་པར་རིན་པོ་ཆེའི་སྒོམ་སྟེ། དཔེར་ན་རིན་པོ་ཆེའི་སྒྲོམ་ཁོ་ག་བ་ཕྱི་སྟེ། རིན་པོ་ཆེ་དག་སྣང་ན་དགའ་བ་བསྐྱེད་པ་དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་ཐེག་པ་ཆེན་པོའི་ཆོས ་དང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མི་མཐུན་པའི་ཕྱོགསུ་གྱུར་པའི་ཆོས་ཉོན་མོངས་པ་དྲང་། ཤེས་བྱའི་སྒྲིབ་པའི་གནས་ལྟ་བུ་གང་དྲག་ཡིན་པ་དེ་དག་བསལ་བས་དགའ་བ་ཆེན་པོ་ཡང་སྐྱེ་ལ། རྒྱུད་ཀྱང་གསལ་བར་འགྱུར་རོ།། དེའི ་ཕྱིར་དོན་ལྔ་པ་ཡོངས་གྲུབ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ངོ་བོ་ཉིད་སོ་སོ་རང་གིས་རིག་པར་བྱ་བ་ཞེས་བྱ་སྟེ། དེ་ནི་གང་ཟག་རྣམ་པར་བཞག་པས་བཤད་པ་ཡི་ནོ།། ཐེག་པ་ཆེན་པོ་ལས་ནི་གདུལ་བའི་སྐྱེ་བོ་ལ་བལྟོས་ཏེ། བསྒྲུབ་པར་བྱ་བ་ལ་སོགས་པའི་དོན ་གྱི་ཁྱད་པར་དེ་དག་ཙམ་ཞིག་སྟོན་ཏེ། ངོ་བོ་ཉིད་མེད་པ་ལ་སོགས་པའི་དོན་ནི་བསྒྲུབ་པར་བྱེད།། གཞན་གྱི་དབང་གི་ངོ་བོ་ཉི་དུ་བསྡུས་པ་སེམས་དང་སེམས་ལས་བྱུང་བའི་རང་བཞིན་དག་བྱེ་བྲག་ཏུ་ཤེས་པར་བྱ་བ་ཡི་ནོ།། དེ་དག་ཉིད་མི་དགེ་བའི་ཆོས་ཡོངསུ ་སྤངས་པ་དང་། དགེ་བའི་ཆོས་སྒོམས་པས་བསམ་པར་བྱ་བ་ཡིན་པས་ན་བསམ་པར་བྱ་བ་དག་ཏུ་བསྟན་ཏོ།། སངས་རྒྱས་ཀྱི་བྱ་བ་བསྒྲུབ་པ་དང་། ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པ་དག་ནི་བསམ་གྱིས་མི་ཁྱབ་པའི་གནསུ ་གྱུར་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བཤ་དོ།། ཡོངསུ་གྲུབ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཡིན་ཏེ། མདོ་སྡེའི་རྒྱན་འདིས་རྣམ་པར་བཀྲོལོ།། ཆོས་ལྔ་པོ་འདི་དགུ་གིས་ནི། ཆོས ་ཐམས་ཅད་ཡང་དག་པར་བསྡུས་པར་བསྟན་ལ། འདི་དག་ཡང་དག་པར་རྣམ་པར་བཀྲོལ་བས་གསེར་ལ་སོགས་པ་དང་། ཆོས་མཐུན་པར་མཁས་པ་རྣམ་དགའ་བ་སྐྱེད་དེ་ནི་བསྡུས་པའི་དོན་ཡིནོ།། དོན་ཤེས་པ་དོན་སྟོན་པར་ནི་ཆོས་དེ་རྒྱན་པ ་བྱེད་ཀྱི། གཞན་གདུ་བུ་དང་དཔུང་རྒྱན་ལ་སོགས་པས་མ་ཡིན་པས་དེའི་ཕྱིར་ཕྱོགས་སྔ་མ་གང་གི་ཚེ་ཆོས་དེ་རང་བཞིན་གྱིས་སྟོན་དང་ལྡན་པ་ཡིན་ན། ཇི་ལྟར་དེ་བརྒྱན་པར་བྱེད་ཅེས་བྱ་བ་བླང་བར་བྱེའོ།། དེ་ཡོངསུ་སྤང་བའི་ཕྱིར་ཚིག་སུ་བཅད་པ་རྩོམ་པར ་བྱེད། གཟུགས་རྒྱན་ཅེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་གདོང་གི་གཟུགས་བཟང་པོ་བརྒྱན་པ་མེ་ལོང་གི་ནང་དུ་སོང་ན། ཤིན་ཏུ་དགའ་བ་བསྐྲད་པ་དེ་བཞིན་དུ།། ཐེག་པ་ཆེན་པོའི་ཆོས་ཀྱི་གཟུགས་སོ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐུན་མོང་མ་ཡིན་པ ་བསྟན་པ་རང་བཞིན་གྱིས་སྐྱོན་དང་ལྡན་པ་འདི་ཡང་དོན་བསྟན་པའི་མེ་ལོང་ཤིན་ཏུ་དྲི་མ་མེད་པའི་ནང་དུ་སྣང་བ་སྐྱེད་པས་བརྒྱན་པ་ཡིན།། ད་ནི་སྣརོན་ལ་སོགས་པའི་དཔེ་གསུམ་གྱིས་ཆོས་ཀྱི་བསྔགས་པ་སྟོན་པར་བྱེའོ།། སྣརོན་གྱི་རིགས་ལ་ལ་འདི་འདྲ་སྟེ། གང་གིས ་བསྣམས་ན་ནི་སྣའི་དབང་པོ་ཚིམ་པར་མི་བྱེད་ཅིང་། སྐྱོ་བ་བསྐྱེད་ལ། སྨན་དེ་ཉིད་གང་གི་ཚེ་ལྕེའི་དབང་པོས་མྱངས་ན་ནི་རོ་ཕུན་སུམ་ཚོགས་པས་ལྷོའི་དབང་པོ་ཚིམ་པར་བྱེད་ཅིང་དགའ་བ་ཡང་སྐྱེད། སྟེང་ངེ་འཇུག་པ་ན་རིམ་གྱིས་ལུས་ལ་ཡོད་པའི་ནད་ཐམས་ཅད་ཀྱང ་སེལ་བར་བྱེད།། དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་གཉིསུ་གནས་པ་ཡང་གོ་རིམ་བཞིན་དུ་སྨན་དཀུ་ལ་ཞིམ་པ་དང་འདྲ་བར་མི་དགའ་བ་བསྐྱེད་པ་བྱེད་པ་དང་དགའ་བ་བསྐྱེད་པར་བྱེད་པ་ཡིན་ཏེ། རབ་འབྱོར་སངས་རྒྱས་མེ་དོ།། ཆོས་མེདོ།། དགེ་འདུན་མེདོ།། ཞེས་བྱ་བ ་དེ་ལྟ་བུ་ལ་སོགས་པའི་མིང་དང་ཚིག་དང་ཡི་གེ་དག་ཐོས་ནས། མནམས་ན་རབ་ཏུ་དཀུ་བའི་སྨིན་བཞིན་དུ་སྐྱོ་བ་བསྐྱེད།། གང་གི་ཚེ་དགེ་བའི་བཤོས་གཉེན་དང་འཕྲད་མེང་དང་། ཚིག་དང་ཡི་གེ་འདི་དག་གི་དོན་ནི་སྒྲ་ཇི་བཞིན་པ་མ་ཡི་ནོ།། ཞེས་བྱ་བ་དེ་ལྟ་བུ་ལ ་པ་ཐེག་པ་ཆེན་པོའི་དོན་རྟོགས་པ་དེའི་ཚེ་མྱངས་ན་ཞིམ་པའི་སྨན་མྱངས་པ་བཞིན་དུ་དགའ་བ་སྐྱེད་ལ། ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་གྱིས་བསྒོམས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཉེ་བར་ཞི་བར་བྱེད་པས་སྤྲིང་། ་པ་སྤང་བའི་རྒྱུ་ཉི་དུ་བསྟན་ཏོ།། རྒྱལ་པོ་མཉེས་པར་དཀའ་བ་ཞེས་བྱ་བ་ནི། ཡབ་དང་སྲས་མཇལ་བའི་མདོ་ལས། འཆར་བྱེད་ཀྱིས་ཇི་སྐདདུ། རྒྱལ་པོ་རྣམས་ནི་བསྙེན་པར་དཀའ་བ་ལགས་ཏེ། མཉེས་པར་བགྱི་དཀའ་བ་ལགསོ།། ནམ་ཞིག་མཉེས་པར་བགྱིས་ནི་ཇི ་ལྟར་འདོད་པའི་དོན་རྩོལ་བར་བགྱིད་པ་ལག་སོ།། ཞེས་བཤད་པ་ལྟ་བུའོ།། དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་ཀྱང་མཉེས་པར་དཀའ་བ་ཡིན་ཏེ། ཇི་སྐད་འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས། བློ་གྲོས་རྒྱ་མཚོ་སངས་རྒྱསུ་འགྱུར་བར་བྱའོ།། ཞེས་བྱ་བ་འདི་ནི་རྙེད་པར ་སླའོ།། ཚོགས་རྣམས་ཡང་དག་པར་བསྒྲུབ་པར་བྱ་བ་ནི་དཀའོ་ཞེས་གསུངས་པ་ལྟ་བུ་ཡི་ནོ།། གང་གི་ཚེ་གོ་ཆའི་བརྩོན་འགྲུས་བརྩམས་པས་མགུ་བར་བྱེད་པ་དེའི་ཚེ་སྟན་ཁྱད་པར་ཅན་མངོན་པར་ཤེས་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་སྟོན ་རྣམས་ཀྱི་དབང་ཕྱུག་རྙེད་པར་འགྱུར་བས་དབང་འབྱོར་པའི་རྒྱུ་ཉི་དུ་བསྟན་ཏོ།། རིན་པོ་ཆེ་རིགས་དང་ལྡན་པའི་རང་བཞིན་གྱིས་འོད་གསལ་ཞིང་དབྱིབས་ཀྱི་ཚད་ལ་སོགས་པ་ཕུན་སུམ་ཚོགས་པ་ཡིན་ཏེ། རིན་པོ་ཆེ་དེ་ལྟ་བུ་སྐྱེ་བོ་ལྷ་མི་ཤེས་པའི་ལག་དུ་སོན་ན ་སྐྱེ་བོ་ལྟ་མི་ཤེས་པ་དེའི་སེམས་ཡོངསུ་མགུ་བར་མི་འགྱུར་གྱི། དེ་ཉིད་སྐྱེ་བོ་ལྟ་ཤེས་པའི་ལག་ཏུ་སོན་ན་སྐྱེ་བོ་དེ་རབ་ཏུ་དགའ་བ་མཆོག་གིས་མགུ་བར་བྱེད་ཅིང་གསེར་ལ་སོགས་པ་གཞན་མང་པོའི་རྒྱུར་ཡང་འགྱུར།། དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས ་འདི་ཡང་སྐྱེ་བོ་ལྟ་མི་ཤེས་པ་དོན་མངོན་པ་མི་ཤེས་པའི་ལག་དུ་སོན་ན་དགའ་བ་མི་བསྐྱེད་ཀྱི་གང་གི་ཚེ་འདི་ཉིད་སྐྱེ་བོ་ལྟ་ཤེས་པའི་ལག་དུ་སོན་པར་གྱུར་པ་དེའི་ཚེ་དགའ་བ་དང་རབ་ཏུ་དགའ་བའི་མཆོག་ཀྱང་སྐྱེད་ལ། འཕགས་པའི་ནོར་དད་པ་དང་། ་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ལ་ཉེ་བར་སྤྱོད་པའི་རྒྱུ་མཚན་ཡིན་པས་འཕགས་པའི་ནོར་ལ་སྤྱོད་པའི་རྒྱུ་ཉི་དུ་བསྟན་ཏོ།། ད་ནི་ཆོས་ཀྱི་སྟོན་བརྗོད་པ་སྒྲུབ་པའི་སྐབས་ཡིན་ཏེ། སྤྱོད་ཡུལ་མ ་ཡིན་ཞེས་བྱ་བ་ནི་ལ་ལ་འདི་སྙམ་དུ་ཐེག་པ་ཆེན་པོ་འདི་ནི་རྟོག་གེ་བ་རྣམས་ཀྱིས་གཞན། དག་བསླུ་བར་བྱ་བའི་ཕྱིར་བཀོད་པ་ཡིན་ཏེ། འདི་ལྟར་དེ་དག་ལ་ཡང་ཚུལ་འདི་ལྟ་བུ་དམིག་སོ།། དེ་བས་ན་ཁོ་བོ་ཉིད་དོག་སོ་ཞེས་བྱ་བར་སེམས་ན། དེ་ལྟར་དོགས ་པར་བྱར་མི་རུང་བ་ཉིད། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཚུལ་ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པ་དེ་ལྟ་བུ་ནི་མུ་སྟེགས་ཅན་གྱི་བསྟན་བཅོས་དག་ལ་མི་དམྱིགསོ།། གཞན་ཡང་ཁྱོད་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་དད་པ་ཡིན་ན། ཇི་ལྟར་འཕགས་པ ་བློ་གྲོས་མི་ཟད་པ་དང་། བློ་གྲོས་རྒྱ་མཚོ་དང་། དཀོན་མཆོག་སྦྱིན་དང་། ལག་བཟངས་ལ་སོགས་པའི་མདོ་ལས། ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཐོས་ནས། འདི་ནི་རྟོག་གེ་བས་བཀོད་པ་ཡིན་ཞེས་བྱ་བར་སེམས་དད་པར་འགྱུརརོ།། བདག་མེད་པ་ལ་སོགས་པའི ་ཚིག་གི་དོན་གང་ཡིན་པ་དགེ་ལ་མ་མོས་པ་དེ་དག་ནི་གང་ཟག་ལ་སོགས་པ་བསྟན་པ་བཞིན་དུ་སྒྲ་ཇི་བཞིན་པའི་དོན་མ་ཡིན་ཏེ། དེ་དག་བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་བདག་ཉིད་ངོ་བོ་ཉིད་མེད་པ་ཡིན་གྱི། འཕགས་པའི་ཡེ་ཤེས་དང་དེའི ་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་ཡུལ་ཉི་དུ་མ་ཡིན་པས་གནས་མ་ཡིན་པར་དོགས་པར་མ་བྱེད་ཅིག། ཡོད་དང་མེད་ན་ཡོད་མེད་དང་། ཞེས་བྱ་བ་ལ། ཡོད་པ་དང་མེད་པ་ནི་ཡོད་དང་མེདོ།། དེ་ཡོད་དང་མེད་ན་གོ་རིམ་བཞིན་དུ་ཡོད་པའི་ཕྱིར ་དང་། མེད་པའི་ཕྱིར་ཏེ། གལ་ཏེ་ཐེག་པ་ཆེན་པོ་ཅུང་ཟད་ཅིག་ཡོད་ན་ནི་དེ་ཡོད་དང་འདི་སངས་རྒྱས་ཀྱི་བཀའ་ཡིན་པར་གྲུབ་སྟེ། འདི་ལ་གཞན་པའི་ཐེག་པ་ཆེན་པོ་མེད་པའི་ཕྱིརརོ།། ཞེས་བྱ་བ་འདི་ཡོད་ན་ཡོད་པའི་རྣམ་པར་བཤད་པ་ཡིནོ།། འོན་ཏེ་མེད་ན་ནི་དེ ་མེད་དང་ཉན་ཐོས་ཀྱི་ཐེག་པ་ཡང་མེད། སངས་རྒྱས་ཀྱི་ཐེག་པ་མེད་པར་ཉན་ཐོས་ཀྱི་ཐེག་པ་མེདོ།། འདི་ནི་མེད་པའི་རྣམ་པར་བཤད་པ་ཡིནོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བསྡུས་པའི་སྟོན་པ་ཡང་ཆུང་ལ་ཞེས་བྱ་བ་ནི་གཟར་བུ་གང་ཙམ་བྱིན ་བས་གང་ཟག་ལ་བདག་མེད་པ་ཡོང་སུ་འཛིན་པ་ཡིནོ།། རང་གི་ཐེག་པ་ཆེན་པོའི་མདོ་སྡེ་ལ་ཡང་འཇུག་པ་ཁོ་ནའོ།། ཞེས་བྱ་བ་འདི་ནི་སྦྱར་བ་གང་ཡིན་ཞེ་ན། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ན་ར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་གི་མཚན་ཉིད་ནི་ནག ་བོ་བསྟན་པ་དང་། ཆེན་པོ་བསྟན་པ་ལས་གང་མདོ་སྡེ་ལ་ཡང་འཇུག། འདུལ་བ་ལ་ཡང་སྣང་། ཆོས་ཉིད་དང་ཡང་མི་འགལ་བའོ།། ཞེས་བསྟན་ཏེ། དེ་ནི་སངས་རྒྱས་ཀྱི་བཀའ་ཡིན་ན་ཐེག་པ་ཆེན་པོ་འདི་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་ཕྱིར་མདོ་སྡེ ་ལ་ཡང་མི་འཇུག་ལ་སངས་རྒྱས་མེདོ།། ཆོས་མེདོ།། དགེ་འདུན་མདོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འདོན་ན་ལྟུང་བྱེད་དང་བཅས་པར་འགྱུར་བས་འདུལ་བ་ལ་ཡང་མ་སྣངངོ་ཞེས་ཟེར་བ་ལ་སོགས་པ་ནི་དེ་དག་གི་ཚིག་གིས་སྐབས་ཡིནོ།། དེ་དག་ལ་འདི་འདྲི་བར ་བྱ་སྟེ། ཐེག་པ་ཆེན་པོའི་མདོ་སྡེ་ནི་གང་ལ་མི་འཇུག། འདུལ་བ་ནི་གང་ལ་མི་སྣང་། རེ་ཞིག་གལ་ཏེ་འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་ལུང་གི་མདོ་སྡེ་ལ་ཡང་མི་འཇུག། འདུལ་བ་ལ་མི་སྣང་ཞེ་ན་དེ་ནི་སྡེ་པ་བཅོ་བརྒྱད་ཀྱི་མདོ་སྡེ་མང་པོ་རྣམས་ཕན་ཚུན ་འགལ་ཏེ། འཕགས་པ་མང་པོས་བཀུར་བའི་སྡེ་པ་རྣམས་ནི་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་རྣམས་མི་བརྗོད།། འཕགས་པ་དགེ་འདུན་ཕལ་ཆེན་སྡེ་པ་རྣམས་ནི་སྲིད་པ་བར་མ་སྟོན་པའི་མདོ་སྡེ་རྣམས་སྤང་།། དེ་བཞིན་དུ་མདོ་སྡེ་གཞན་དང་གཞན་དག་ཀྱང ་སྡེ་པ་ཐ་དད་པ་རྣམས་ཀྱི་ཕན་ཚུན་འགལ་བས་དེ་དག་ཀྱང་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་འགྱུར་ལ། འདུལ་བ་དང་ཆོས་མངོན་པ་ཆོ་ག་ཟང་པ་དང་གཞུང་སྩམ་པས་དང་གཞུང་ལུགས་ཐ་དད་པས་ཕན་ཚུན་འགལ་བའི་ཕྱིར། སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་དུ་འགྱུར།། ་འོན་ཏེ་བདག་ཉིད་ཀྱི་སྡེ་པ་རྣམས་ལ་རང་གི་སྡེ་པའི་མདོ་སྡེ་ལ་འཇུག་པ་ཡིནོ་ཞེ་ན། ཐེག་པ་ཆེན་པོ་ཡང་རང་གི་ཐེག་པ་ཆེན་པོའི་མདོ་སྡེ་ལ་ཡང་འཇུག་པ་ཁོ་ནའོ།། ཉོན་མོངས་པ་འདུལ་བ་ལ་སོགས་པ་ལ་ཡང་སྣ་།། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཉིད་དང་ཡང ་མི་འགལ་ཏེ། བྱང་ཆུབ་ཆེན་པོ་འཐོབ་པར་འགྱུར་བའི་ཆོས་ཉིད་ནི་འདི་ཁོ་ན་ཡིན་ན་ཇི་ལྟར་སངས་རྒྱས་ཀྱི་བཀའ་ཉིད་མ་ཡིན། འོན་ཏེ་སྡེ་པ་ཐམས་ཅད་ཀྱིས་བསྡུས་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་བཀའ་ཡིནོ་ཞེ་ན་ནི་སྡེ་པ་ཐམས་ཅད་བསྡུས་པའི་ཕྱིར་ཐེག ་པ་ཆེན་པོ་ཁོ་ན་སངས་རྒྱས་ཀྱི་བཀའ་ཡིན་པར་འགྱུར་གྱི། ཉན་ཐོས་ཀྱི་ཐེག་པ་ནི་མ་ཡིནོ།། དེ་བས་ན་མཚན་ཉིད་དང་མི་འགལ་བའི་ཕྱིར་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིནོ་ཞེས་བྱ་བ་འདི་ནི་འཐད་པ་ཡིནོ།། དེ་ལས་གཞན་དང་གཞན་མེད་ཅེས་བྱ་བ ་ནི་འདི་དེ་ལས་གཞན་པའི་ཐེག་པ་ཆེན་པོ་ཡང་མེད་པའི་ཕྱིར་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱང་མེད་པའི་ཕྱིར།། གཞན་དང་གཞན་ཞེས་སྨོས་པ་ནི་ཐེག་པ་ཆེན་པོ་དང་ཉན་ཐོས་དང་རང་སངས་རྒྱས་དག་དང་སྦྱར་བར་བྱའོ།། སངས ་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པ་ནི་ཤིན་ཏུ་ཟབ་ཅེས་བྱ་བ་ལ། དགོངས་པ་ནི་བསམ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསམ་པ་དང་། བག་ལ་ཉལ་ཡོངསུ་མཁྱེན་པའི་ཕྱིར་དགོངས་པ་མང་པོས་ཆོས་སྟོན་པས་སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་དགོངས་པ་ནི་ཟབ་ཅེས་བྱའོ།། རིང་དུ་རྗེ་སུ་ཞུགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་རིང་དུ་རྗེ་སུ་ཞུགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། གང་ལ་ཐམས་ཅད་ཐོགས་པ་མེད་པའི་ཡེ་ཤེས་འཇུག་པ་ཡོད་པ་དེས་སྤང་བར་བྱ་བར་རིགས་ན་དེ་མེད ་པ་ན་གོ་ཇི་ལྟར་སྦྱོང་བར་བྱེད། དེ་ལས་དེའི་འབྲས་བུ་ཆོས་འཐབ་ཞེས་བྱ་བའི་ཡང་དག་པའི་ལྟེ་བའི་འབྲས་བུ་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཏེ་དེ་དག་འཐོ་བོ། རེ་ཞིག་གལ་ཏེ་བདག་གིས་འདི་མི་ཤེས་པས་སྐྲག་པའི་གནས་ཡིནོ་ཞེ་ན། དེ་ནི ་རིགས་པ་མ་ཡིནོ།། ཅིའི་ཕྱིར་ཞེ་ན། འདི་ནི་དགེ་བའི་རྩ་བ་མ་བསགས་པ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་མ་བྱས་རྣམས་ཀྱིས་རྟོགས་པར་མི་ནུསོ།། རྟོགས་པར་དཀའ་བ་འདི་ཉིད་སེམས་ལ་བཞག་ནས་སེམས་དང་བཅས་པས་ཐེག་པ་ཆེན་པོ ་རྟོགས་པར་བྱེད་པའི་ཕྱིར། མགོ་དང་གོས་ལ་མེ་འབར་བ་བཞིན་དུ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བ་ལ་འབད་པར་བྱའོ།། འདིར་ཚིགསུ་བཅད་པ། གལ་ཏེ་ཐབས་ཚུལ་མཁས་པས་བློ་རྣམས་མ་དུབ་ན། སྐྱེ་བོ་ཐབས་ལ་མཁས་པའི་སྤྱོད ་པའི་རྗེསུ་འབྲོངས།། གལ་ཏེ་དེ་ཡང་མི་འདོད་མཆོག་དགའ་བྲལ་བ་ཡིན། ཕོངས་པ་མང་དུ་ཡོངསུ་སྤྱོད་པར་སྟ་གོན་གྱིས།། འོན་ཏེ་སངས་རྒྱས་ཀྱང་ཚིག་གི་དོན་ཟབ་མོ་ཐུགསུ་ཆུད་པ་མ་ཡིན་ན། དེ་ཅིའི་ཕྱིར་ཟབ་མོ་སྟོན་པར་འགྱུར་ཞེས་སྐྲག་པའི་གནས་ཡིནོ་ཞེ་ན། དེ་ཡང་རི ་པ་མ་ཡིནོ།། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་མཚན་ཉིད་འདི་ནི། དོན་དང་མཐུན་པ་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་དང་། ཤེས་བྱ་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁ་བྱེ་བའི་ཕྱིར་སངས་རྒྱས་ཡིན།། ་ཏེ་སེམས་ཅན་འདི་ལྟ་དུས་ཀྱང་ཁྱད་པར་དག་ཐུགསུ་མ་ཆུད་ན་བདག་ཅག་ལ་སོགས་པས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལ་ཡང་སྐྲག་པར་རིགས་པ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བ་ཁོ་ན་ལ་འབད་པར་གྱིས་ཤིག་དང་། དེ་ནས་ཅི་སངས ་རྒྱས་ཀྱིས་ཟབ་མོ་ཐུགསུ་ཆུད་དམ་བོན་ཏེ་མ་ཡིན་ཞེས་བྱ་བ་དག་ཉིད་ཀྱིས་ཤེས་པར་འགྱུརརོ།། འོན་ཏེ་ཅིའི་ཕྱིར་ཟབ་མོ་རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་ཞེས་སྐྲག་པའི་གནས་ཡིན་ཞེ་ན། དེ་ཡང་རིགས་པ་མ་ཡིནནོ།། ཅིའི་ཕྱིར་ཞེ་ན། རྟོག་གེ་གསལ་བ་ལ་འབད་པར་བྱ་བའི་སྐྲག ་ར་བྱ་བ་མ་ཡིནོ།། དེ་ལྟར་ན་ཐེག་པ་ཆེན་པོའི་ཆོས་འདི་ནི་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་ཡང་མ་ཡིནོ།། གང་གི་ཕྱིར་དེ་ལྟར་ཡིན་པས་ན་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པས་བསྟོད་པ། ཐུབ་པ་སྐྱེས་མཆོག་དགོངས་པ་ནི།། རྟོག་གོ། ་པ་ཡི་ཡུལ་མ་ལགས།། བྱིས་པའི་སྤྱོད་ཡུལ་མ་ལགས་ཏེ།། སེམས་དང་སེམས་བྱུང་རྣམས་ལས་འདས།། སློབ་དཔོན་མ་ཁོལ་གྱི་ཞལ་སྔ་ནས་ཀྱིས་ཀྱང་བདག་ནི་རྟོག་གེ་པ་ཡིན་ན། ཉན་ཐོས་རྟོགས་པ་པོ་གང་དག་ཡིན་པ་དེ་དག་ཀྱང་སྟོབས་དང་མི་འཇིགས་པ་ལ ་སོགས་ལ་ནུས་པ་རྡུགསོ་སྙམ་ནས། བཅོམ་ལྡན་འདས་བསྟོད་པ། གལ་ཏེ་སྐལ་ཆེན་དེ་དག་ཀྱང་ནི་ཁྱོད་ལ་མཐུ་རྡུགས་ན།། བདག་འདྲ་སྲིད་པའི་ཕྱི་བའི་སྲིན་བུས་བསམ་སྐབས་གྲལ་མཆིས།། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ།། ་མི་རིག་པ་ཡི་གཟུགས་ལའང་མི་རིགས་ན། ཞེས་བྱ་བ་ནི་མི་རིགས་པའི་གཟུགས་ཕན་པ་མ་ཡིན་པ་ལ་སོགས་པ་བྱེད་པ་སྒྲ་ལ་སོགས་པ་གང་ཡིན་པ་དེ་ལ་ཡང་ཁོང་ཁྲོ་བ་བསྐྱེད་པར་རིགས་པ་མ་ཡིནོ།། ཅིའི་ཕྱིར་ཞེ་ན། ཆོས་མངོན་པ་ཀུན་ལས་བཏུས་ལས། ཇི ་ཉོན་མོངས་པའི་སྐབས་ནས། མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། ཆོས་གང་ཞིག་སྐྱེ་བ་ན་རབ་ཏུ་མ་ཞི་བར་སྐྱེ་ལ། གང་ཞིག་སྐྱེ་ནས་ཀྱང་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ནི་ཉོན་མོངས་པའི་མཚན་ཉིད།། དེ་ལྟ་བས་ན་གང་ཞིག་སྐྱེས་ན་སེམས་ཀྱི་གནས ་སྐབས་འདི་འདྲ་བར་འགྱུར་པ་ཁོང་ཁྲོ་བ་ནི་དགྲ་ལ་སོགས་པ་ལྡན་པ་མ་ཡིན་པ་ལ་སོགས་པ་ལ་ཞུགས་པ་དག་ལ་ཡང་བསྐྱེད་པར་མི་བྱའོ་ཞེས་བཤད་པ་ལྟ་བུའོ།། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་དེ་དང་དེ་དག་ལས་ལྷངས་པོར་བཀག་སྟེ། བཅོམ་ལྡན ་འདས་ཀྱིས་སོག་ལེ་ལྟ་བུ་ལ་སོགས་པའི་མདོ་ལས། སྡོང་དུམ་ཚིག་པ་ལ་ཡང་ཞེས་བྱ་བ་རྒྱས་པར་གསུང་སོ།། གང་ལ་ཐེ་ཚོམ་ཟ་བ་དེ་ལ་སེམས་དང་བཅས་པས་ཇི་ལྟར་ཁོང་ཁྲོ་བ་བསྐྱེད་པར་རིགས།། དེ་ཉིད་ཀྱི་ཕྱིར་མཁས་པ་རྣམས།། གྲོག་མཁར་དུ་ནི་ལག ་བཅུག་ནས།། སྟོན་ཅུང་ཞིག་རྙེད་མི་འགྱུར།། གལ་ཏེ་སྦྲུལ་ཞིག་ཡོད་གྱུར་ན།། བྱིས་པ་དག་ནི་ཕུང་བར་འགྱུར་ཞེས་གདོན་ཏོ།། གཞན་དག་ཀྱང་། འཇིག་རྟེན་ཕ་རོལ་ཐེ་ཚོམ་ཡང་།། འཛངས་པ་རྣམས་ཀྱིས་སྡིག་པ་སྤངས།། བརྒྱ་ལ་མེད་ནའང་དེར་ཟད་མོང་།། གལ་ཏེ ་ཡོད་ན་མེད་ལྟ་བརླག་ཅེས་ཟེའོ།། རེ་ཞིག་མཁས་པས་ནི་གཟུ་བོའི་གཞུང་བཟུང་ལ་སྐྱེ་བོ་མཁས་པ་མགུ་བར་འགྱུར་བའི་རིགས་པ་འདི་ཁོང་དུ་ཆུད་པར་བྱས་པ་དང་། ཅི་འདི་ཁོང་ཁྲོ་བའི་གཞི་ཡིན་ནམ། འོན་ཏེ་དང་བའི་གཞི་ཡིན་ཞེས་བྱ་བ་འདི ་བདག་ཉིད་ཀྱིས་ཤེས་པར་འགྱུར་རོ།། རིགས་པ་ཁས་མི་ལེན་ན་ནི་བློ་ཐེ་ཚོམ་ཅན་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཁོང་ཁྲོ་བ་སྤོང་བར་འདོད་པས་བཏང་སྙོམསུ་བྱའོ།། ཐེག་པ་ཆེན་པོ་སྒྲུབ་པའི་སྐབ་སོ།། ་དོན་ཤེས་པ་དོན་སྟོན་པས་ཆོས་རྒྱན་པར་བྱེདདོ་ཞེས་བཤད་པ་དང་གང་གི་ཚེ་ཆོས་དེ་རང་བཞིན་གྱིས་སྟོན་དང་ལྡན་པ་ཡིན་ན་ཇི་ལྟར་རྒྱན་པར་བྱེད་ཅེས་བྱ་བའི་ཀླན་ཀཱ་འདི་ཡོངསུ་སྤང་བའི་ཕྱིར། གཟུགས་རྒྱན་རང་བཞིན་སྟོན་ལྡན་པ་མེ ་ལོང་ནང་སོང་ན། ཞེས་བྱ་བ་སྨོས་ཏེ། འདི་ཁ་ནས་འདི་རྒྱན་ཉིད་ཡིན་པར་བསྟན་ཏོ།། ཆོས་ཀྱི་བསྔགས་པ་ནི་སྨན་ལ་སོགས་པའི་དྲཔེ་གསུམ་གྱིས་བཤདདོ།། དེའི་འོག་ཏུ་ཁ་ཅིག་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ན། དེ་ལ་སྟོན་འདི ་ལྟ་ག་ལ་ཡོད་ཅེས་ལོག་པར་ཞུགས་པ་ལ་ཆོས་བསྔགས་པར་སྟོན་བརྗོད་པ་བསྒྲུབ་པའི་སྐབསུ་ཇི་ལྟར་ཐེག་པ་ཆེན་པོ་འདི་ཁོ་ན་ཡིན་གྱི་གཞན་ནི་མ་ཡིནོ་ཞེས་བྱ་བ་དེ་ལྟར་ཐེག་པ་ཆེན་པོ་བསྒྲུབ་པར་བྱསོ།། ཐེག་པ་ཆེན་པོ་བསྒྲུབས་པ་དང་སངས་རྒྱས ་ཉིད་ཐོབ་པར་བྱེད་པའི་ལམ་ནི་འདི་ཁོ་ན་ཡིན་གྱིས་གཞན་ནི་མ་ཡིནོ་ཞེས་རངས་པར་གྱུར་པ་གང་དག་སངས་རྒྱས་ཉིད་དོན་དུ་གཉེར་བ་དེ་དག་ལ་ཐེག་པའི་མཆོག་བསྟན་པས་ཇི་ལྟར་ན་སངས་རྒྱས་ལ་སོགས་པ་དཀོན་མཆོག་དག་ལ་སྐྱབསུ་འགྲོ་བར ་འགྱུར་བ་དེ་ལྟར་སྐབསུ་འགྲོ་བའི་དབང་དུ་བྱས་ཏེ། རང་དང་གཞན་ལ་ལེགས་པར་བྱེད་པ་སངས་རྒྱས་ཉིད་དོན་དུ་གཉེར་བས་ཆོས་ལ་འཛུད།། ངེས་པ་ཞེས་བྱ་བའི་སྒྲ་ནི་སྨོན་ལམ་ཡིན་པར་བཤད།། ཐེག་པ་ཆེན་པོ་ལ་སྐྱབསུ་འགྲོ་བ་ནི། ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་གྲགས་པ་དག་གི་རྒྱུ་ཡིནོ།། དེ་དག་གི་ཉེས་པ་དང་། ལྟོན་ལ་རྣམ་པར་མི་རྟོག་པའི་ཕྱིར། དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་ལོ་བྱེ་བྲག་མེདདོ།། ཞེས་བྱ་བ་ནི་ཤེས་རབ་ཀྱིས་འཁོར་བའི་ཉེས་པ་དང་། སྙིང་རྗེས ་མྱ་ངན་ལས་འདས་པའི་སྟོན་ལ་མི་རྟོག། དེ་ཁོ་ནའི་དངོས་པོ་དོན་དུ་གཉེར་བ་སྟེ་ཞེས་བྱ་བ་ནི་སྐྱབས་འོས་ཀྱི་དངོས་པོ་སྟེ། བདག་ཀྱང་སངས་རྒྱསུ་གྱུར་ཅིག་ཅེས་བྱ་བ་ཡི་ནོ།། འཁོར་ལོས་སྒྱུར་བའི་བུ་མཚན་ཉིད་ཇི་ལྟ་བུ་དང་ལྡན་པ་ཞིག་འཁོར་ལོས་སྒྱུར་བའི་རིགས ་རྒྱུད་མི་གཅོད་པར་རུང་ཞེ་ན། གལ་ཏེ་འཁོར་ལོས་སྒྱུར་བ་ཁོ་ན་བཙུན་མོ་དམ་པ་ལ་ས་བོན་འཇོག་པར་བྱེད་ཀྱི། ངན་པ་དང་བྲན་མོ་ལ་སོགས་པ་ལ་མ་ཡིན་པ་དང་། ཕ་དང་མ་ཕུན་སུམ་ཚོགས་པའི་ས་བོན་དེ་ཡང་གལ་ཏེ་མངལ་གྱི་གནས་སོན་པ་ན་རླུང་དང་མཁྲིས ་བ་དང་བད་ཀན་ལ་སོགས་པའི་གནོད་པས་མ་ཉམས་པ་ཡིན། གང་གི་ཚེ་འཁོར་ལོས་སྒྱུར་བའི་བུ་དེ་ཟླ་བ་ཚང་ནས་བདེ་བླག་ཏུ་ལེགས་པར་བཙས་པ་དེའི་ཚེ་ཡང་མ་མ་བཟང་མོའི་ལག་ཏུ་སོན་པ་ཡིན་ཏེ། དེ་ལྟར་རིམ་གྱིས་བསྐྱེད་པ་ནི་འཁོར་ལོས་སྒྱུར་བའི ་རིགས་རྒྱུན་མི་གཅོད་པར་བྱེད་པ་ཡི་ནོ།། དེ་བཞིན་དུ་འདི་ལ་ཡང་ཐེག་པ་ཆེན་པོ་ཆོས་ལོ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་པ་ནི་སངས་རྒྱས་ཀྱི་གདུང་མི་འཆད་པའི་བྱེད་པའི་ས་བོན་ཡིནོ།། དེ་ཡང་གལ་ཏེ་སངས་རྒྱས་ཀྱི་རིགས ་ཅན་ཁོ་ན་ཞིག་སེམས་སྐྱེད་པར་བྱེད་ཀྱི་རིགས་མེད་པ་དང་མ་ངེས་པའི་རིགས་ཅན་ཡུང་མ་ཡིན་པ་དང་། ས་བོན་དེའི་མ་ཡང་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི་གཞན་མ་ཡིན་པ་དང་། གལ་ཏེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན ་པ་མངལ་གྱི་གནས་ཡིན་པ་དང་། དེ་ལ་ཡང་གལ་ཏེ་མི་མཐུན་པའི་ཕྱོགསུ་གྱུར་པའི་ཆོས་རྣམས་ཀྱིས་བར་ཆད་མ་བྱས་ཏེ། དེ་ལྟར་མ་ཉམས་པ་ཡིན་པ་དང་། སྐྱེ་གནས་ཀྱང་གལ་ཏེ་སྙིང་རྗེ་མ་མ་ཡིན་པ་དེ་ཡང་མྱ་ངན་ལས་འདས་པའི་མཐར་ཐུག་པར ་སྐྱོང་བའི་ཕྱིར་སྐྱེད་པར་བྱེད་པ་ཡིན་ན། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལེགས་པར་སྐྱེས་པ་ཉིད་ཀྱིས་སངས་རྒྱས་ཀྱི་གདུང་མི་འཆད་པར་བྱེད་པ་ཡིནོ།། སྣ་ཚོགས་ཞེས་སྨོས་པ་ནི་འཁོར་ལོས་སྒྱུར་བ་ལ་སོགས་པའི་མཚན་པས་ཆེས་གསལ་བར་བསྟན་པའི ་ཕྱིར།། སོགས་པ་ཞེས་སྨོས་པ་ནི་བརྒྱ་བྱིན་ཚངས་པ་ལ་སོགས་པ་བསྡུའོ།། བློན་པོ་ཆེན་པོ་ཞེས་སྨོས་པ་ནི་བློན་པོ་ཆེན་པོའི་ཁྱད་པར་བསྟན་པས་བྱང་ཆུབ་སེམས་དྲཔའི་ཁྱད་པར་སྟོན་པར་བྱེ་དོ།། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་མང་པོའི་དོན་ཞེས ་བྱ་བ་ལས། རྟག་ཏུ་ཞེས་བྱ་བ་ནི་སྐྱེ་བ་བརྒྱུད་པའོ།། རྒྱུན་མི་འཆད་ཅེས་བྱ་བ་ནི་སྐད་ཅིག་མ་བརྒྱུད་པ་སྟེ། དཔེར་ན་སྨྲ་བ་པོ་ཉིན་རེ་ཞིང་ལན་རེ་སྦྱིན་པ་སྨྱོན་པ་ལ་རྟག་ཏུ་སྦྱིན་པའོ་ཞེས་བྱའོ།། གཞན་ཞིག་གིས་ཉིན་རེ་ཞིང་ལན་ཅིག་མ་ཡིན་གྱི་རྒྱུན་ཆགསུ་ཡང ་དང་ཡང་སྦྱིན་པ་སྦྱིན་ན་རྒྱུན་མི་འཆད་པར་སྦྱིན་པ་སྦྱིན་པའོ།། ཞེས་བྱའོ་ཞེས་ཟེར་བ་ལྟ་བུའོ།། སེམས་ཅན་མང་པོའི་དོན་བྱེད་པ་ནི་སེམས་ཅན་རྒྱ་ཆེན་པོའི་དོན་བྱེད་པའོ།། མང་པོ་ཞེས་བྱ་བའི་སྒྲ་འདི་ནི་མཐའ་ཡས་པ་དང་ཡངས་པ་དང་རྒྱ་ཆེན་པོའི་རྣམ ་གྲངས་ཡིན་པར་ལྟ་བར་བྱ་སྟེ། སེམས་ཅན་མང་པོ་རྣམས་ཀྱི་དོན་བྱེད་པའི་ཕྱིརརོ།། མངོན་པར་རྟོགས་པའི་དུས་ན་སེམས་ཅན་ཐམས་ཅད་བདག་ཉིད་ཁས་བྱུངས་པས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོར་རབ་ཏུ་ཞི་བ་ཞེས་བྱ་བ་ནི་འདི ་ལྟར་ས་དང་པོ་ཐོབ་པའི་དུས་ན་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རྟོག་སོ།། དེ་རྟོགས་པས་སེམས་ཅན་ཐམས་ཅད་བདག་མཉམ་པ་ཉིད་འཐོག།། དེ་ཉིད་ཀྱི་ཕྱིར་ས་དང་པོའི་ངེས་པའི་ཚི་ག་ཅིའི་ཕྱིར་ས་དང་པོར་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་ཞེ་ནོ།། དེས་དང་པོར ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་ཞེས་འཆང་བར་འགྱུར་ཏེ། རྟོགས་པ་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱེདོ།། རྟོགས་པ་འདིས་བདག་དང་གཞན་དག་གིས་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པས། ་ན་རབ་ཏུ་ཞི་བ་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་ས་དང་པོ་ལ་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་ཞི་བས་འཇིགས་པ་ལྔ་ལས་ཡང་དག་པར་འདས་པ་ཡིན་ཏེ། ས་དང་པོ་ལ་ཇི་ལྟར་བདག་གིས་སྡུག་བསྔལ་རབ་ཏུ་ཞི་བར་བྱས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་བྱའོ། ་སྙམ་པ་ལྷག་པའི་བསམ་པ་འཐོ་བོ།། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དུས་ན་བློ་མཆོག་གི་བདེ་བའོ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཐོབ་པའི་ཕྱིར། བློ་མཆོག་གི་བདེ་བ་ཞེས་བྱ་སྟེ། དེ་ཉིད་ཀྱི་ཕྱིར་མཆོག་ཅེས་བྱ་བ ་སྨྲ་སོ།། ས་དེ་ལ་མངོན་པར་འདུ་བྱེད་པ་མེད་པར་རང་གིས་དང་གིས་འབྱུང་བ་ཉིད་ཀྱི་ཕྱིར་དཔ་གྲུ་པོ་ཆེ་འབྱུང་།། སྲིད་པ་དང་ཞི་བ་དག་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ལ། སྲིད་པ་ལས་རྣམ་པར་གྲོལ་བ་ནི། འདི་ལྟར་འཁོར་བའི་སྐྱོན་གྱིས་མི་གོས་པའོ།། ཞི་བ་ལས ་རྣམ་པར་གྲོལ་བ་ནི་འདི་ལྟར་ན་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་གཞོལ་བ་མ་ཡིན་པའོ།། དགེ་བ་དང་དགེ་བའི་རྩ་བ་ཞེས་བྱ་བ་ནི་དོན་གཞན་མ་ཡིནོ།། དགེ་བའི་རྩ་བ་རྒྱ་ཆེན་པོ་ཉིད་དང་ཞེས་བྱ་བ་ལ་སོགས་པ་བསྟན་པ་གང་ཡིན་པ་དགེ་བ་རྣམ ་བཞི་བཤད་པ་གང་ཡིན་པ་དེ་ཡང་འཇིག་རྟེན་དང་འཇིག་རྟེན་མ་ཡིན་པ་ལ་སོགས་པ་ཡིན་ཏེ། དགེ་བའི་རྩ་བ་རྒྱ་ཆེ་བ་ཉིད་ནི་འཇིག་རྟེན་པའོ།། དོན་ཆེ་བ་ཉིད་ནི་འཇིག་རྟེན་ལས་འདས་པའོ།། ཚད་མེད་པ་ཉིད་ནི་ཡོང་སུ་སྨིན་པར་བྱས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས ་ཀྱིས་དགེ་བ་ཡོངསུ་སྨིན་པར་བྱེད་པ་དེ་ནི་ས་དང་པོ་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟོན་གྱི་ཁྱད་པར་གྱི་ཚད་མེད་པའི་ཕྱིར་ཚད་མེད་པ་ཡིན།། ཟད་མི་ཤེས་པ་ཉིད་ཀྱི་སོ།། ཞེས་བཤད་པ་གང་ཡིན་པ་དེ་ནི་དབང་འབྱོར་ཕ་ཡིན་པར་རིག ་བྱ་སྟེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་མི་ཟད་པའི་ཕྱིརརོ།། སངས་རྒྱས་ཉིད་འདོད་པས་ཁས་ལེན་པ་ནི་སྐྱབསུ་འགྲོ་བའི་ངོ་བོ་ཉིད་ཡིནོ།། ཞེས་བྱ་བ་ནི་སྐྱབས་འོསུ་ཁས་ལེན་པ་ཉིད་ཀྱིས་བདག་ཀྱང་སྐྱབས་འོསུ་གྱུར་ཅིག། སེམས་ཅན་ཐད ་ཀྱི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱའོ།། ཞེས་བྱ་བ་ཡིན་གྱི། ཉན་ཐོས་ལྟར་དཀོན་མཆོག་གསུམ་ལ་སྐྱབསུ་སོང་བས་འཁོར་བ་ལས་གྲོལ་བར་གྱུར་ཀྱང་ཅི་མ་རུང་ཞེས་བདག་ཉིད་བསྐྱབ་པའི་ཕྱིར་སྐྱབསུ་འགྲོ་བ་ནི་མེ་ཡིནོ།། སེམས་ཅན་རྣམས་ལ་ཕན ་པ་དང་། བདེ་བར་བྱེད་ཅེས་བྱ་བ་ལ། ཕན་པ་བྱེད་པ་ནི་ཕྱི་མ་པའི་ལྷ་ལ་སོགས་པའི་བདེ་བ་ལ་སྦྱོར་བའོ།། བདེ་བ་བྱེད་པ་ནི་མཐོང་བའི་ཆོས་ཁོ་ན་ལ་བདེ་བ་ལ་སྦྱོར་བའོ།། ངེས་པར་འབྱུང་བར་བྱ་བ་ལ་ཐེག་པ་ཐམས་ཅད་ཀྱིས་སྟོན་པའི་སྟོན་དང་ལྡན་པའོ་ཞེས་བྱ ་བ་ནི་ཐེག་པ་གསུམ་སྟོན་པར་བྱེད་པས་སེམས་ཅན་ཐམས་ཅད་ཀྱི་སྟོན་པར་འགྱུར་བ་ཡིན།། ཞེས་བྱ་བའི་ཚེ་གོ།། བརྡར་བརྟགས་པའི་སྒྲུབ་སུ་འགྲོ་བ་ནི། དགེ་བའི་བཤེས་གཉེན་དང་ཕྲང་ནས་འབྱུང་བ་གང་ཡིན་པའོ།། ཆོས་ཉིད་ཀྱིས་ཐོབ་པ་ནི ་རྟོགས་པའི་དུས་ན་སྟེ། དེ་ཉིད་ཀྱི་ཕྱིར་རགས་པ་དང་། ཕྲ་བོའི་ཁྱད་པར་རོ།། གཞན་གྱི་དོན་སྒྲུབ་པ་ཡང་བསམ་པའི་སྒོ་ནས་ནི་སྙིང་རྗེས་ཁྱབ་པསོ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་འགྲོ་བ་ཁྱབ་པར་བྱེད།། ཞེས་བྱ་བའི་ཐ་ཚིགོ།། སྦྱོར་བའི་སྒོ་ནས་ནི་ཐེག་པ་ཆེན་པོའི་ཆོས་རྒྱས ་པར་བྱེད་པའི་ཕྱིར། ཞེས་བྱ་བ་ནི་གདུལ་བའི་རྒྱུད་བྱང་ཆུབ་སེམས་དཔའི་རིགས་ཅན་དག་ལ་བསྙད་པའི་ཕྱིར་རྒྱས་པར་བྱས་པ་ཡིན་ཏེ། རྒྱ་བསྐྱེད་ཅེས་བྱ་བའི་དོན་ཏོ།། ཐེག་པ་ཆེན་པོ་ནི་འཕགས་པ་ཆེན་པོ་རྣམས་ཀྱི་ཆོས་ཡི་ནོ།། ཞེས་བྱ་བ་ལ། འཕགས་པ་ནི་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་རྣམ་སོ།། ཉན་ཐོས་རྣམས་ཀྱང་འཕགས་པ་ཡིན་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིརརོ།། རྒྱ་ཆེན་པོ་ཞེས་བྱ་བ་ནི་སྒྲ་སྦྱོར།། འཕགས་པ་ཆེ་བ་ནི་འཕགས་པ་ཆེན་པོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ་སོ་ཞེས་བྱ་བའི་ཐུ་ཚི་གོ།། ཐེག་པ ་ཆེན་པོ་ནི་དེ་དག་གི་ཆོས་ཡིན་པས། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། ཐོག་པ་ཆེན་པོ་ཁོ་ན་ཡིན་གྱི། ཆུང་ངུ་ནི་མ་ཡིནོ།། །། སྐྱབསུ་འགྲོ་བའི་སྐབསོ།། །། སྐྱབསུ་འགྲོ་བའི་འོག་ཏུ། རིགས་ཀྱི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང ་ཡིན་ཞེ་ན། སྐྱབསུ་འགྲོ་བ་འདིར་སོང་དོན་ཆེ་སྟེ།། དེ་ནི་ཚད་མེད་སྟོན་ཚོགས་འཕེལ་འགྱུར།། འགྲོ་བ་འདི་ལ་སྙིང་རྗེ་བསམ་པས་ཁྱབ།། མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད།། ཅེས་བཤད་མ་ཐག་པའི་ཚིགསུ་བཅད་པ་འདིས་ནི་སྐྱབསུ་འགྲོ་བ་དོན་ཆེ་བ ་ཉིད་རང་བཞིན་གྱིས་དོན་བསྒྲུབ་པ་དྲུག་བསྟན་ཏོ།། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་ལྟ་བུ་དེ་ཅི་ངེས་པ་མེད་པར་སངས་རྒྱས་ཉིད་དོན་དུ་གཉེར་བ་ཐམས་ཅད་ཀྱི་ཡིན་ནམ། འོན་ཏེ་ངེས་པ་ཅི་ཞིག་ཡོད་ཅེ་ན། སྨྲས་པ་ཡོད།། ངེས་པ་གང་ཡིན་ཞེ་ན། གཞན ་གྱི་དོན་ཕུན་སུམ་ཚོགས་པ་སྟན་གྱི་ཚོགས་འབྱོར་པ་དང་ལྡན་པ་འདི་ནི་སངས་རྒྱས་ཀྱི་རིགས་ཅན་ཡིན་གྱི།། གཞན་གྱི་ནི་མ་ཡིན་པས་དེའི་ཕྱིར་སྐྱབསུ་འགྲོ་བའི་འོག་ཏུ་རིགས་ཀྱི་སྐབས་ཡིནོ།། མ་ངེས་པའི་རིགས་ཅན་གྱི་ནི། གལ་ཏེ་མ་ཡིན་ལ། གལ་ཏན་མ་ཡིན། ་པས་གདོན་མི་ཟ་བར་མ་སྨོས།། སངས་རྒྱས་ཀྱི་དེའི་བསྐལ་པ་ཡོད་པ་ནི་རིགས་ཡིན་ཏེ། རིགས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ཡིནོ།། ས་བོན་མེད་པར་ཡང་འབྲས་བུ་མ་མཐོང་སྟེ། དེའི་ཕྱིར་དེ་འཐོབ་པའི་བསྐལ་པ་དང་ལྡན་པའི་དོན་དུ་སྐྱབསུ་འགྲོ ་བའི་འོག་ཏུ་རིགས་ཡིནོ།། སེམས་ཅན་རྣམས་ནི་ཁམས་སྣ་ཚོགས་པ་ཡིན་པའི་ཕྱིར་རོ།། ཁམས་ཀྱི་དབྱེ་བ་དཔག་ཏུ་མེདོ།། ཇི་སྐ་དུ་བ་རུ་རའི་མདོ་ལས་བཤད་པ་ལྟ་བུའོ།། ཞེས་བྱ་བ་ནི་དེ་ལས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དཔེར་ན་བ་རུ་རུའི་ཕུང་པོ ་འཕང་དུ་དཔག་ཚད་ཙམ་རྒྱར་ཡང་དཔག་ཚད་ཙམ་ཞིག་ཡོད་པར་གྱུར་ལ། ཁ་རུ་རའི་ཕུང་པོ་དེ་ལས་འགའ་ཞིག་གིས་ལོ་བརྒྱ་ལོ་བརྒྱ་འདས་ཤིང་བཱ་རུ་ར་རེ་རེ་ཞིག་བླངས་ཏེ་། ཁ་རུ་ར་འདི་ནི་ཁམས་ཚ་ག་མེ་ཞིག་ཏུ་དོ་རོ།། བ་རུ་རུ་འདི་ནི་ཁམས་ཆེ་ག་མོ་ཞིག་ཏུ་དོར ་ཞེས་དེ་སྐད་ཟེར་ན། བ་རུ་རའི་ཕུང་པོ་དེ་ནི་མྱུར་པ་ཁོ་ནར་ཟད་པ་དང་ཡོངསུ་གཏུགས་པར་འགྱུར་གྱི། ཁམས་ནི་དེ་ལྟར་ཡོངསུ་གཏུགས་པ་མ་ཡིན་ཞེས་བཤ་དོ།། གསུང་རབ་ལས་བྱུང་བའི་ཁམས་ཀྱི་དོན་གང་ཡིན་ཞེ་ན། མིག་ལ་སོགས་པའི་ཁམས་ཀྱི་དབྱེ ་པ་བསྟན་པ་དང་། ཁམས་མང་པོའི་མདོ་དང་སྦྱར་ན་ནི་ཁམས་ཀྱི་དབྱེ་བ་རྣམ་པ་མང་པོ་ཞིག་ཡོད།། རིགས་ཀྱི་སྐབས་འདིར་ནི་རིགས་ས་བོན་ཡིན་ཏེ། ཁམས་དང་རྒྱུ་ཞེས་བྱ་བ་ནི་རྣམ་གྲང་སོ།། ཇི་ལྟར་སེམས་ཅན་རྣམས་ལ་འདོད་ཆགས་ལ་སོགས ་པའི་ཆོས་སྐྱེ་བའི་རྒྱུར་འགྱུར་བ་གང་ཡིན་པ་སོ་སོ་རང་རང་གི་རྒྱུད་ཀྱི་ཁྱད་པར་ཆོས་དུ་མའི་ནུས་པ་དང་ལྡན་པ་དག་ཡོད་པ་དེ་བཞིན་དུ་ཟག་པ་གསུམ་གྱི་རིགས་ཀྱི་ཁྱད་པར་ཡང་ཡོད་པར་འགྱུར་ཏེ། རིགས་ཐ་དད་པོ་མེད་པ་ནི་ཐེག་པ་ཐ་དད་པར་འོས་པ་མ་ཡིན ་བས་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད།། རང་བཞིན་དུ་གནས་པའི་རིགས་ནི་ཡང་དག་པར་མ་བསྒྲུབས་པ་གང་ཡིན་པ་སྟེ། སྐྱེ་མཆེད་དྲུག་གི་ཁྱད་པར་ཐོག་མ་མེད་པའི་དུས་ཅན་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་པར་རྫོགས་པར་འཚང་རྒྱ་བའི་སྐལ་པ་ཅན་གང་ཡིན་པ་དེ་ལྟ་བུ་ཡོད།། རང་བཞིན་གྱིས་རིགས་དེ་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གང་གི་ཚེ་དགེ་བའི་བཤེས་གཉེན་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང ་དག་པར་ལེན་དུ་བཅུད་པ་དེའི་ཚེ་རིགས་དེ་ཡང་དག་པར་བསྒྲུབས་པ་ཞེས་བྱའོ།། རང་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་ཡང་དག་པར་བསྒྲུབས་པའི་རྟེན་དུ་གྱུར་པ་ཡིནོ།། ཡང་དག་པར་བསྒྲུབས་པ་ནི་རྟེན་པའི་ངོ་བོ་ཉིད་ཡིནོ།། དེ་ནི་རྒྱུའི་དངོས་པོར་ཡོད།། འབྲས ་བུའི་དངོས་པོར་མདོ།། ཞེས་བྱ་བའི་རང་བཞིན་གྱི་རིགས་དེའི་འབྲས་བུ་ནི་ཡང་དག་པར་བསྒྲུབས་པའི་རིགས་ཡིནོ།། དེའི་ཕྱིར་དེ་ནི་རྒྱུའི་དངོས་པོར་ཡོད་ལ་འབྲས་བུའི་དངོས་པོར་མེད་ཅེས་བྱ་སྟེ། རྒྱུར་གྱུར་པའི་རིགས་དེ་ནི་ནམ་ཡང་འབྲས་བུར་འགྱུར་བ་འོས ་པ་མ་ཡིན།། འདི་ལྟར་དེ་དག་ལ་བརྟེན་ནས་འབྲས་བུར་འགྱུར་བར་འོས་པ་མ་ཡིནོ།། འདི་ལྟར་དེ་དག་ལ་བརྟེན་ནས་འབྲས་བུར་གྱུར་པ་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟོན་ཐམས་ཅད་འགྲུབ་པར་འགྱུརརོ།། རིགས་ངེས་པ་ནི་ཉན་ཐོས་དང་། རང་སངས ་རྒྱས་དང་། སངས་རྒྱས་ཀྱི་རིགསུ་ངེས་པར་གནས་པ་གང་ཡིན་པ་སྟེ། ཉན་ཐོས་ཉིད་འཐོབ་པར་ངེས་པའི་རིགས་གང་ཡིན་པ་དེ་ནི་ནམ་ཡང་རང་སངས་རྒྱས་དང་སངས་རྒྱས་ཉིད་འཐོབ་པའི་རྒྱུར་མི་འགྱུརརོ།། དེ་བཞིན་དུ་རང་སངས་རྒྱས་དང་སངས་རྒྱས་ཀྱི་རིག ་དག་ཀྱང་སྦྱར་བར་བྱའོ།། མ་ངེས་པའི་རྐྱེན་གྱི་དབང་གིས་ཉན་ཐོས་དང་སངས་རྒྱས་དང་སངས་རྒྱས་ཀྱིས་རིགས་རྣམས་ཀྱི་རྒྱུར་འགྱུར་ཏེ། དཔེར་ན་རིའི་ཕྱོགས་གང་དག་ལ་གདོན་མི་ཟ་བར་གསེར་འབའ་ཞིག་འབྱུང་གི་དངུལ་འབའ་ཞིག་ཀྱང་མ་ཡིན་ལ་ཟངས ་འབའ་ཞིག་ཀྱང་མ་ཡིན་པ་དེ་ལྟ་བུ་ཡང་ཡོད་ལ། ཕྱོགས་གང་ཞིག་འཇིམ་གོང་དྲིལ་བ་ལ་སོགས་པའི་བཅོས་ལེགས་བྱ་བའི་དབང་གི་གདོན་མི་ཟ་བར་རེས་འགའ་གསེར་འབྱུང་ལ། རེས་འགའ་དངུལ་ལ་སོགས་པ་འབྱུང་བར་ཡང་ཡོད་པ་དེ་ལྟ་བུའོ།། དེ་ཉིད ་ཀྱི་ཕྱིར་རིགས་ངེས་པ་ནི། རྐྱེན་རྣམས་ཀྱིས་མི་འཕྲོགས་ལ་མ་ངེས་པ་ནི། འཕྲོགས་པ་ཡིནོ།། ཡོ་བྱད་ཀྱིས་ཕོངས་པ་ཞེས་བྱ་བ་ནི་དབུལ་ན་སྦྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མི་འཇུག།། གཞན་གྱི་དབང་དུ་གྱུར་པ་ནི་བྲན་ལ་སོགས་པར ་གྱུར་པའོ།། དེར་སྐྱེས་པའི་སེམས་ཅན་རྣམས་ཞེས་བྱ་བ་ནི་ངན་སོང་དུ་སྐྱེས་པ་རྣམས་ཞེས་བྱ་བའི་ཐ་ཚིགོ།། འོད་གསལ་བ་དང་དྲི་མ་མེད་པའི་གནསུ་འགྱུར་བ་ལ། འོད་གསལ་བ་ནི་གསལ་བ་ལ་བྱའོ།། ལ་ལ་དྲི་མ་ཅུང་ཟད་ཆགས་ཀྱང་འོད་གསལ་བས་གང ་ལ་དྲི་མ་ཅུང་ཟད་ཀྱང་ཆགས་པ་མེད་པ་དེ་ནི་དྲི་མ་མེད་པ་ཞེས་བྱའོ།། ཡང་ན་གསེར་འོད་གསལ་བ་ཁ་ཅིག་བསྲེགས་ན་ཁ་དོག་ངན་པར་འགྱུར་བས་གང་ལ་བསྲེགས་ཀྱང་ཁ་དོག་ངན་པར་འགྱུར་བ་མེད་པ་དེ་ནི་དྲི་མ་མེད་པ་ཞེས་བྱ ་ཉོན་མོངས་པའི་དྲི་མ་མེད་པ་འཐོབ་པའི་གནས་ཞེས་བྱ་བ་ནི་རིགས་དེ་ཉོན་མོངས་པའི་གནས་ངན་ལེན་དང་འབྲལ་ཞིང་མི་ལྡན་པ་ཐོབ་པའི་གནས་ཡིན་པ་འམ། ཡང་ན་རིགས་དེ་ཉོན་མོངས་པ་སྤངས་ན་ཟག་པ་མེད་པའི་ཆོས་དྲི་མ་མེད་པ་རྣམས་ཀྱིས་འཐོབ ་པ་གང་དག་ཡིན་པ་དེ་དག་གི་གནས་ཡིན་པ་ན་ཉོན་མོངས་པའི་དྲི་མ་མེད་པ་འཐོབ་པའི་གནས་ཞེས་བྱའོ།། བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཡིན་པའི་ཕྱིརརོ།། ཞེས་བྱ་བ་ནི་མཐར་ཐུག་པའི་གནས་སྐབས་བྱང་ཆུབ་ཆེན་པོ་ནི་རིན་པོ་ཆེ་དྲི་མ་མེད་པ་ལྟ་བུ་ཡིན་ཏེ། དེ་ནི ་རྡོ་རྗེ་ལྟ་བུའི་ཏིངེ་འཛིན་གྱི་མཇུག་ཐོག་སུ་འབྱུང་བ་ཡི་ནོ།། ཡེ་ཤེས་ཆེན་པོ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ལ་སོགས་པའོ།། དོན་འདི་ལ་རིགས་མེད་པ་ལ་གནས་པ་ཡོངསུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པར་བཤདོ་ཞེས་བྱ་བ་ནི་མེད་པ་ཞེས་བྱ་བ ་འདི་ལ་ལར་ནི་སྤྱད་པ་ལ་མཐོང་སྟེ། ཆུང་མ་ངན་པ་ལ་ཆུང་མ་མེ་དྲོ་ཞེས་བྱ་བ་དང་། བུ་ངན་པ་ལ་བུ་མེདོ་ཞེས་བྱ་བ་ལྟ་བུའོ།། ལ་ལར་ནི་ཅུང་ཟད་ཡོད་པའི་དོན་ལ་སྟེ། བུ་མོ་ལྟོ་མེད་ཅེས་བྱ་བ་ལྟ་བུའོ།། ལཱ་ལར་ནི་མེད་པ་ལ་མཐོང་སྟེ་རྙེད་པ་མེད་ཅེས་བྱ་བ་ལྟ་བུའོ།། ་མེད་ཅེས་བྱ་བ་འདི་ནི་སྨད་པ་དང་མེད་པ་ལ་བལྟ་བར་བྱ་སྟེ། ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད་ཅེས་བྱ་བ་ནས་བཟུང་སྟེ། དགེ་བའི་རྩ་བ་དམན་པ་ཡོད་པ་ཚོགས་ཡོངསུ་མ་རྫོགས་པའོ།། ཞེས་བྱ་བའི་བར་འདི་ནི་དེའི་དུསུ་ཡོངསུ་མྱ་ངན་མི་འདའ་བའི་ཕྱིར་རིགས ་བར་མེད་པར་བཤད་པ་ཡིན་པས་མེད་པ་ཞེས་བྱ་བ་འདི་ནི་སྨད་པ་ལ་བལྟ་བར་བྱའོ།། ལ་ལ་གཅིག་ཏུ་ཉེས་པ་སྤྱོད་ངེས་ཡོད་ཅེས་བྱ་བ་ནི་ལས་བྱེད་པར་ངེས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། གཅིག་ཏུ་ལས་བྱེད་པར་ངེས་པ་གང་གིས་གདོན་མི་ཟ་བར ་མ་ལ་སོགས་པ་གསོད་པར་འགྱུར་བ་དེ་ནི། གནས་སྐབས་དེ་ན་རིགས་ཡོད་ཟིན་ཀྱང་མ་ལ་སོགས་པ་བསད་པའི་སྨད་པས་རིགས་མེད་པ་ཞེས་བྱའོ།། དཀར་པོའི་ཆོས་ཀུན་ཏུ་བཅོམ་པ་ལ་སོགས་པ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ།། རྒྱུ་དང་བྲ ་བའི་ཡོངསུ་མྱ་ངན་ལས་མི་འད་བའི་ཆོས་ཅན་ཞེས་བྱ་བའི་མེད་པ་ཞེས་བྱ་བ་འདི་ནི་མེད་པ་ལ་བསྟན་པར་བྱའོ།། ཟབ་ཅིང་རྒྱ་ཆེ་བའི་དོན་མི་ཤེས་པ་བཞིན་དུ་མོས་པ་རྒྱ་ཆེན་པོ་འབྱུང་ཞེས་བྱ་བ་ནི་སྒྲ་ཙམ་ཐོས་ནས་ཁོ་ནས་མོས་ཀྱི་དོན་ཡོངསུ་ཤེས་པ་ལས་ནི ་མ་ཡིན་པའོ།། རྣམ་པ་གཉིས་ཀྱི་མཆོག་ཅེས་བྱ་བ་ནི་འཇིག་རྟེན་པ་དང་། ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕུན་སུམ་ཚོགས་པ་མཆོག་དང་ཕུལ་དང་རབ་དང་རབ་མཆོག་ཡིན།། བྱང་ཆུབ་གང་ལ་སྟོན་ཤིན ་ཏུ་རྒྱ་ཆེན་པོ་ཡོད་པ་དེ་ནི་སྟོན་ཤིན་ཏུ་རྒྱ་ཆེ་བའི་བྱང་ཆུའོ།། ལྗོན་ཤིན་ཏུ་རྒྱ་ཆེ་བའི་བྱང་ཆུབ་ཉིད་ཤིང་ཡིན་པས་ན། སྟོན་ཤིན་ཏུ་རྒྱ་ཚེ་བྱང་ཆུབ་ཤིང་།། སྟོན་ཤིན་ཏུ་རྒྱ་ཆེ་བ་རྣམས་ཀྱི་བྱང་ཆུབ་ཀྱི་ཤིང་ཡིན་པ་ན་ལྗོན་ཤིན་ཏུ་རྒྱ་ཆེ་བ་བྱང་ཆུབ་ཤིང་།། དེ་བསྐྱེད་པ་ནི ་གྱོན་ཤིན་ཏུ་རྒྱ་ཆེ་བ་བྱང་ཆུབ་ཀྱི་ཤིང་བསྐྱེད་པོའོ།། དེའི་ཕྱིར་ཏེ། སྟོན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར།། ཙོ་ཞེ་ན། འོག་ནས་རིགས་བརྩ་བ་ཡིན་ཞེས་འཆང་བར་འགྱུར།། བདེ་དང་སྡུག་བསྔལ་ཆེན་པོ་ཞི་བོ་ཐོབ་བྱའི་ཕྱིར།། ཞེས་བྱ་བ་ནི་འདིར་གོ་རིམ་ཇི་ལྟ ་བ་བཞིན་བལྟ་བར་བྱ་བ་མ་ཡིནོ།། འོན་ཀྱང་དེ་ནི་བདེ་བ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་དང་། སྡུག་བསྔལ་ཆེན་པོ་ཞི་བར་བྱ་བའི་རྩ་བ་ཡིནོ།། དེ་ལྟ་བས་ན་རིགས་འདི་བྱང་ཆུབ་ཀྱི་ཤིང་དེ་ལྟ་བུའི་རྩ་བ་ཡིན་པ་དང་། རང་གི་དོན་དང་གཞན་གྱི་དོན ་སྒྲུབ་པར་བྱེད་པས། བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུ་ཞེས་བཤད། སྟོན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར། ཞེས་བྱ་བི་ནི་རང་གི་དོན་ཏོ།། གཞན་ནི་གཞན་གྱིས་དོན་ཏོ།། རིགས་ཀྱི་སྐབསོ།། །། རིགས་ཀྱི་འོག་ཏུ་སེམས་བསྐྱེད་པའི ་སྐབས་ཡོན་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། ལྗོན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར།། ཁདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་ཕྱིར།། བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར།། རིགས་མཆོག་དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན།། ཞེས་བཤད་མ ་ཐག་པ་ཡིན་ཏེ། ཇི་ལྟར་ཤིང་ལྗོན་པ་རྩ་བ་བཟང་པོ་ཟུག་ན་རང་གི་དོན་ཕུན་སུམ་ཚོགས་པ་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་ཕལ་མོ་ཆེ་འབྱུང་ལ། ཕུན་སུམ་ཚོགས་པ་དེ་ལྟ་བུ་དེ་ནི་སྐྱེ་བོ་ཕལ་པོ་ཆེས་ལོངས་སྤྱོད་པར་ཡང་འགྱུར་བས ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞེས་བྱ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་རང་བཞིན་གྱི་རིགས་ལ་གནས་པ་ཡོད་ན་གཉིས་འགྲུབ་པར་འགྱུ་རོ།། གཉིས་འགྲུབ་པ་དེ་ཡང་སེམས་བསྐྱེད་པ་ལ་སོགས་པའི་རིམ་གྱིས་འགྱུར་གྱི་གཞན་དུ་ནི་མ་ཡིན།། ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་ཡང་རིགས་ཡོད་ན་འགྱུར་ཏེ། གང་ལ་བྱང་ཆུབ་སེམས་དཔའི་རིགས་ཡོད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པས་དེའི་ཕྱིར་རིགས་ཀྱི་འོག་ཏུ་སེམས་བསྐྱེད་པའི་སྐབས ་ཡིནོ། ཡང་ན་སེམས་བསྐྱེད་པ་ནི་དྲོན་དུ་གཉེར་བ་ཡི་ནོ།། གང་ཞིག་དོན་དུ་གཉེར་ཞེ་ན། བྱང་ཆུབ་ཆེན་པོ་སྟེ། སེམས་ཅན་གྱི་དོན་བྱེད་པར་འདོད་པ་ནི་དེས་དེའི་ཐབསུ་གྱུར་པ་བྱང་ཆུབ་ཆེན་པོ་འདོད་ལ། རིགས་ཀྱི་སྟོབས་ཀྱིས་སེམས་བསྐྱེད་པ་ཡང་མི་བཟློག ་པའི་ཆོས་ཅན་དུ་འགྱུར་བས་དོན་འདི་ཡང་དག་པར་བསྟན་པའི་ཕྱིར་རིགས་ཀྱི་འོག་ཏུ་སེམས་བསྐྱེད་པའི་སྐབས་ཡིནོ།། སེམས་འབྱུང་བ་ཞེས་བྱ་བ་ལ། འབྱུང་བ་དང་བསྐྱེད་པ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིནོ།། སེམས་དཔའི་མཚན་ཉིད་ཀྱི་སེམས་བསྐྱེད ་སེམས་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚི་གོ།། སེམས་བསྐྱེད་པ་རྣམ་པར་གཏན་ལ་དབབ་པ་ཞེས་བྱ་བ་ནི་སེམས་བསྐྱེད་པ་དྲི་བ་སྔོན་དུ་བཏང་བའི་རྣམ་པར་གཏན་ལ་དབབ་པ་ལ་སེམས་བསྐྱེད་པ་རྣམ་པར་གཏན་ལ་དབབ་པ་ཞེས་བྱའོ།། དྲི་བ་སྔོན་དུ་བཏང་བ་ཇི་ལྟ ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྣམ་པ་བཞི་པ་འདིའི་རྩ་བ་ནི་གང་། བསམ་པ་ནི་གང་། མོས་པ་ནི་གང་ཞེས་བྱ་བ་ལ་སོགས་པ་ཡིན།། སྙིང་རྗེ་ཆེན་པོ་ནི་སེམས་བསྐྱོད་པའི་རྩ་བའོ་ཞེས་བྱ་བ་ནི་དེ་ནི་འགྲོ་བ་འཁྱུད་འདུག་པ་ཡིནོ།། གལ་ཏེ ་སྙིང་རྗེ་ཆེན་པོ་རྩ་བ་ཡིན་པར་མ་གྱུར་ན་བྱང་ཆུབ་སེམས་དཔའ་རྣམས་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་འགྱུར་གྱིས། སེམས་ཅན་ལ་མི་ལྟ་བས་ཉན་ཐོས་དྲག་བཞིན་དུ་མྱ་ངན་ལས་འདས་པ་ལ་གཞོལ་བར ་འགྱུ་རོ།། སོ་སོ་རང་གིས་ས་ལ་སྦྱོར་བས་གང་ཞིག་ས་གང་ལ་སྦྱོར་བས་ཞུགས་པའི་ས་དེ་ནི་དེའི་མཐར་ཐུག་པ་ཡི་ནོ།། ཞེས་བྱ་བ་ནི་ས་དང་ས་ལོ་སྦྱོར་བ་ནས་བཟུང་སྟེ་བསྒོམས་པ་མཐར་ཐུག་པར་འགྲོ་བའི་ཕྱིར་མཐར་ཐུག་པ་ཞེས་བྱ་སྟེ། དེ་དང་མཚུངས ་པར་ལྡན་པ་སེམས་པའི་ཁྱད་པར་གྱི་མཐར་ཐུག་པ་ནི་ས་ཡིན་པར་བརྗོད།། ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་པ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་སོགས་པས་སྨྲས་པ་བཟླས་པའི་ཚུལ་གྱིས་མནོས་པའོ།། སངས ་རྒྱས་ཉིད་ལ་སེམས་མཉམ་པ་ཉིད་ནི་དེའི་ཆོས་ཀྱི་དབྱིངས་དང་། བདག་དབྱེར་མེད་པར་རྟོགས་པའི་ཕྱིརརོ་ཞེས་པ་ནི་ཆོས་ཀྱི་སྐུ་དང་ཐ་མི་དད་པ་ཐོབ་པའི་ཕྱིར།། ཞེས་བྱ་བའི་ཐ་ཆེ་གོ།། ཇི་སྐད་དུ་ས་དང་པོ་ལ་བདག་ནི་སངས་རྒྱས་ཀྱི་ས་དང་ཉེ་བར་གྱུར་ཏོ།། ཞེས་འབྱུང་བ་ལྟ་བུ་ཡིན ་ཏེ། ཉེ་བ་ཉིད་རྟོགས་པའི་ཕྱིར་ཐ་མི་དད་པར་མོས་པར་འགྱུར་རོ།། སངས་རྒྱས་ཉིད་མཆོག་ཅེས་སྨོས་པ་ནི་རང་སངས་རྒྱས་བསེལ་བའི་ཕྱིརརོ།། དེ་ལ་སྐྱེ་བ་ནི་ས་བོན་དང་མ་དང་མངལ་དང་། མ་མའི་བྱེ་བྲག་ལས་རིག་པར་བྱའོ།། ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བའི་བདུན་པ་ནི་དམིགས ་ཀྱིས་དབྱེ་བའི་དོན་ཡིན་ཏེ། སྐྱེ་བ་དང་རྒྱ་ཆེ་བ་ལ་སོགས་པ་དོན་དྲུག་སྔར་བསྟན་པ་དེ་དག་ལས་སྐྱེ་བ་བཀར་ཏེ་ས་བོན་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་སྟོན་ཏོ།། ཆོས་ལ་མོས་པ་ས་དོན་དང་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཆེན་པོ་གང་ཡིན་པ་དེ་ནི ་ས་བོན།། ཕ་རོལ་ཏུ་ཕྱིན་པའི་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིནོ།། བསམ་གཏན་ལས་བྱུང་བདེ་བའི་མངལ་ཞེས་བྱ་བ་ནི་གནས་པས་གནས་བསྟན་པ་ཡིན་ཏེ། མངལ་གྱི་གནས་ནི་བསམ་གཏན་ངག་ཡིནོ།། རྒྱ་ཆེན་པོ་ནི་སྨོན་ལམ་ཆེན་པོ་བཅུ་མངོན་པར ་སྒྲུབ་པའི་ཕྱིརརོ།། ཞེས་བྱ་བ་ནི་ཇི་སྐད་འཕགས་པ་ས་བཅུ་ལས་འདི་སྐད། སངས་རྒྱས་མ་ལུས་པ་ལས་མཆོད་པ་དང་། རིམ་གྲོ་ལྷག་མ་མེད་པ་མཐའ་དག་བྱ་བའི་ཕྱིར། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ། ཆོས་ཀྱི་དབྱིངས ་ལྟར་རྒྱ་ཆེ་གན་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའ་ལུར་ཐུག་པ་བསྐལ་པ་བགྲང་བར་སངས་རྒྱས་འབྱུང་བ།། གྲངས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་དང་པོ་མངོན་པར་བསྡུ་བོ་ཞེས་གསུངས་པ་ལྟ་བུ ་ཡིན་ཏེ། ས་དང་པོ་ལས་དེ་ལྟ་བུ་ལ་སོགས་པ་སྨོན་ལམོ་བཅུ་འབྱུང་།། བསམ་པ་དག་པ་ནི་བྱང་ཆུབ་དང་ཉེ་བར་ཤེས་པའི་ཕྱིར་ཞེས་བྱ་བ་ནི་ས་དང་པོ་རྟོགས་པའི་དུས་ན་བསམ་པ་དག་པོ་ཐོབ་སྟེ། དེ་ཐོབ་དེ་འདི་སྙམ་དུ་བདག་ནི་སངས་རྒྱས་ཀྱི་ས་དང་། ཉེ་བར་གྱུར་ཏོ་སྙམ་དུ ་སེམསོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་ནི་ས་དང་མཚུངས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། དེའི་ཚིགས་འཕེལ་བའི་རྟེན་དུ་གྱུར་པའི་ཕྱིརོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་རྣམས་ནི་སངས་རྒྱས་ཀྱི་ས་ལ་མཆོག་ཏུ་མཐར་ཐུག་པར་གྱུར ་པ་ཡིན་ཏེ། དེ་དག་དང་དེ་དག་གི་ཚོགས་རྣམས་ཐོབ་པར་བྱ་བའི་ཕྱིར། འདི་ལྟར་གང་གི་ཚེ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་སེ་ལ་སེམས་བསྐྱེད་པའི་བྱེད་པའི་སེམས་བསྐྱེད་པ་དེ་ནི་རྟེན་དུ་གྱུར་པ་ཡིན་ཏེ། གང་གི་ཕྱིར་ས་ལ་བརྟེན་ནས་རྩཝ་དང་གེལ་པཾ་དང་སྨན་པ་དང་། ་ནགས་ཚལ་དག་བཞིན་དུ་དེ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་རྣམས་དང་དེ་དག་གི་ཚིགས་རྣམས་ཡོང་སུ་རྫོགས་པར་འགྱུར་བ་དེའི་ཕྱིར་སེམས་བསྐྱེད་པ་དང་པོ་ནི་ས་དང་མཚུངས་པ་ཞེས་བྱའོ།། ཕན་པའི་བསམ་པ་ནི་གང་གིས་ཚེ་རབས་གཞན་དུ་ཡང་ཕན་པ་དང་། ་སྤྲོསྤྱོད་པར་བྱེད་པའོ།། བདེ་བའི་བསམ་པ་ནི་གང་གིས་ཚེ་འདི་ཁོ་ན་ལ་བདེ་བ་དང་སྤྲོད་པར་བྱེད་པའོ།། གསེར་བཟང་པོ་དང་འདྲ་སྟེ། འགྱུར་བ་མི་རྟོན་པའི་ཕྱིར་ཞེས་བྱ་བ་ནི་གསེར་བཟང་པོ་བསྲེགས་པ་དང་། བཅས་པ་དང་བདར་བ་ལ་སོགས་པས་བརྟགས་ན་འགྱུར་བ་མི་རྟེན ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ཕན་པ་དང་བདེ་བའི་བསམས་པ་ཅན་ཡང་གནས་སྐབས་ཐམས་ཅད་འགྱུར་བ་མི་སྟོན་ཏོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་ནི་གཏེར་ཆེན་པོ་བཞིན་ཞེས ་བྱ་བ་ནི་ཇི་ལྟར་མདོ་དག་ལས་དུད་ལ་སོགས་པ་གཏེར་ཆེན་པོ་བཞི་འབྱུང་བ་དེ་དག་ནི་བྱིན་ཏེ་བོར་ཡང་ཟད་པར་མི་འགྱུར་ཞིང་འཇིག་རྟེན་ཡང་ཚིམ་པར་བྱེད་པ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཆོས་དང་ཟང་ཟིང་ལ་སོགས་པའི་ལོངས་སྤྱོད་ཀྱིས་སེམས ་ཅོན་དཔག་ཏུ་མེད་པ་ཚིམ་པར་བྱེད་ཅིང་སྦྱིན་པ་དེ་ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་ཟད་པར་ཡང་མི་འགྱུར་བས་མི་ཟད་པ་ཞེས་བྱའོ།། མཽ་ཤིགས་པ་ཉིད་ཀྱི་ས་བའི་ཕྱིར་ཞེས་བྱ་བ་ནི་ལེ་ལོས་མི་ཤིགས་པ་ཉིད་ཀྱིས།། སྨན་གྱི་རྒྱལ ་ཞེས་བྱ་བ་ལྟ་བུ་ནི། ཇི་ལྟར་སྨན་གྱི་རྒྱལ་པོ་མཐོང་བ་དང་། མནམས་པ་དང་མྱངས་པ་དང་རེག་པ་ལ་སོགས་པས་ནང་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལྡན་པའི་སེམས་བསྐྲད་པ་ཡང་མཉན་པ་དང་བསམ་པ ་དང་བསྒོམས་པ་ལ་སོགས་པས་རྣམ་པར་སུན་འབྱིན་པ་དང་རྣམ་པར་གནོད་པ་དང་སྤོང་བ་ལ་སོགས་པས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པསོ།། སྨན་གྱི་རྒྱལ་པོ་ལྟ་བུ་ཞེས་བྱའོ།། ཚད་མེད་པ་དང་ལྡན་པ་ནི་མཛའ ་བོ་ཆེན་པོ་དང་འདྲ་ཞེས་བྱ་བ་ནི། བྱམས་པ་དང་ལྡན་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དག་གནས་སྐབས་ཐམས་ཅད་དུ་སེམས་ཅན་འགའ་ཡང་ཡལ་བར་འདོར་བར་མི་འགྱུར་ཏེ། བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་པ་ཡང་མ ་ཡིན་པའི་གནས་སྐབས་ཐམས་ཅད་དམིགས་པའི་ཕྱིརརོ།། རྟོན་པ་དང་ལྡན་པ་ནི་རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། ཆུད་མི་ཟ་བའི་རྒྱུ་ཡིན་པའི་ཕྱིརརོ།། ཞེས་བྱ་བ་ནི། དཔེར་ན་རྒྱལ་པོ་རང་གི་རིགསུ་གཏོགས་པ་ལ། བསྙེན་བཀུར་ལེགས་པ་ཉིད་དང་ལེགས་པ་ཉིད་མ་ཡིན་པར་བྱེད ་པ་དག་གོ།། རིམ་བཞིན་དུ་ཆུད་མི་ཟ་བ་དང་ཆུད་ཟ་བའི་རྒྱུ་ཡིན་པ་དེ་བཞིན་དུ། རྟེན་པ་དང་ལྡན་པའི་སེམས་བསྐྱེད་པ་ཡང་ཆུད་ཟ་བའི་རྒྱུ་དང་ཆུང་མི་ཟོ་བའི་རྒྱུ་ཡིན།། ཇི་ལྟར་ན་ཆུད་ཟ་བའི་རྒྱུ་ཡིན། ཇི་ལྟར་ན་ཆུང་མི་ཟ་བའི་རྒྱུ་ཡིན་ཞེ་ན། གལ་ཏེ་གང་ཟག་དང་ཚིག་འབྱུང་དང་དྲང ་བའི་དོན་གྱི་མདོ་དང་རྣམ་པར་ཤེས་པ་ལ་རྟོན་པར་གྱུར་ན་ཆུང་ཟ་བའི་རྒྱུ་ཡིནོ།། བཟློག་ན་ཆུང་མི་ཟ་བའི་རྒྱུར་འགྱུར་བས་ཆུད་མི་ཟ་བའི་རྒྱུ་ཞེས་བྱའོ།། ཞི་གནས་ལྷག་མཐོང་དང་ལྡན་པ་ནི་ཐེག་པ་ལྟ་བུ་ཞེས་བྱ་བ་ནི་གང་གི་ཚེ་སེམས་དཔའི་ཁྱད་པར་ཟུང་དུ་འབྲེལ་བར ་འབྱུང་བས་ཞི་གནས་དང་ལྷག་མཐོང་དང་ལྡན་པ་ཡིན་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་ས་འདིས་སེམས་ཅན་གྱི་ཁུར་བདེ་བླག་ཏུ་ཁྱེར་བས་ནི་ཐེག་པ་ལྟ་བུ་ཞེས་བྱའོ།། གཟུངས་དང་སྤོབས་པ་དང་ལྡན་པ་ནི་དཀོད་མ་ལྟ་བུ་སྟེ། ཆུ་འཛིན་ཅིང་མི་ཟད་པར་འབྱིན་པ་དང་ཆོས ་མཐུན་པར་ཐོས་པ་དང་མ་ཐོས་པའི་ཆོས་དང་དོན་འཛིན་ཅིང་མི་ཟད་པར་འབྱིན་པའི་ཕྱིར་ཞེས་བྱ་བ་ནི་གཟུངས་ཀྱི་སྟོབས་ཀྱིས་ཐོས་པའི་ཆོས་དང་དོན་འཛིན་པར་བྱེད་ལ། སྤོབས་པའི་སྟོབས་ཀྱིས་མ་ཐོས་པའི་ཆོས་དང་དོན་འཛིན་པར་བྱེད་པས་ན་བཀོད་མ་ལྟ་བུ་ཞེས་བྱ་སྟེ། ་སྟོང་ཕྱོགས་ན་ཆུའི་དོང་དག་ལ་དཀོད་མ་ཞེས་བྱའོ།། ཆོས་བཤད་པ་དང་ལྡན་པ་ནི་ཀུན་དགའ་བའི་སྒྲ་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བ་རྣམས་ལ་སྙན་པ་ཐོས་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། སྡུག་བསྔལ་བའོ།། བདག་མེད་པའོ།། ་མྱ་ངན་ལས་འདས་པ་ནི་ཞི་བའོ།། ཞེས་བྱ་བ་ཐོས་ནས་ཐར་པ་འདོད་པ་རྣམས་བདུད་རྫས་ཚིམ་པར་འགྱུར་བ་དང་འདྲ་པ་ས་ཀུན་དགའ་བའི་སྒྲ་དང་འདྲ་ཞེས་བྱའོ།། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་མ་རང་གི་རང་གིས་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་ས ་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བྱ་བར་རྣམ་པར་སྨིན་པ་ལས་བྱུང་བའི་ཡེ་ཤེས་རང་གི་ངང་གིས་འབྱུང་བས་ཆོས་ཐམས་ཅད་ཤེསཽ།། ས་དང་པོ་རྟོགས་པའི་དུས་ན་ཡང་འདིས་དེ་ལྟར་ཤེས་མོད་ཀྱི།། ས་བརྒྱད་པ་ལ་ནི་རྒྱ་མཚོར ་བཏང་བའི་གྲུ་བོ་ཆེ་དང་། ཆོས་མཐུན་པར་རང་གི་ངང་གིས་འབྱུང་བ་དེ་བཞིན་དུ། སེམས་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ།། ཇི་ལྟར་སྣོད་ཀྱི་འཇིག་རྟེན་གྱི་འབྱོར་པ་ཐམས་ཅད་སྤྲིན་ལས་འབྱུང་བ་ལྟར་ཞེས་བྱ་བ་ནི་ཇི་ལྟར་སྣོད་ཀྱི་འཇིག་རྟེན་ས་ལ་འབྲུ་དང་། སྨན་དང་། ་ནགས་ཚལ་ལ་སོགས་པ་འབྱོར་པ་ཐམས་ཅད་སྤྲིན་ལས་འབྱུང་བ་དེ་བཞིན་དུ། སེམས་ཅན་གྱི་འཇིག་རྟེན་གྱི་འབྱོར་པ་ན་ཐོ་རིས་དང་བྱང་གྲོལ་གྱིས་ཕྱུགས་པ་ཐམས་ཅད་ཀྱང་ཤེས་རབ་དང་སྙིང་རྗེའི་ཐབས་མཁས་པ་དང་ལྡན་པའི་སེམས་བསྐྱེད་པ་ལས་བྱུང་བས ་སྤྲིན་ལྟ་བུ་ཞེས་བྱའོ།། དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་མི་ཟད་པ་ཉིད་འབྱུང་བ་དང་སྦྱར་བར་ཁོང་དུ་ཆུད་བར་བྱའོ།། ཞེས་བྱ་བ་ནི་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས ་སེམས་བསྐྱེད་པ་དང་། བསམ་པ་དང་། སྦྱོར་བ་དང་། ལྷག་པའི་བསམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་དག་དང་། མངོན་པར་ཤེས་པ་དང་བསྡུ་བའི་དངོས་པོ་དང་། སོ་སོ་ཡང་དག་པོར་རིག་པ་དང་། རྟོན་པ་དང་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དང་། ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་ཞི་གནས་དང་། ལྷག་མཐོང་དང་། གཟུངས་དང་། སྤོབས་པ་དང་། ཆོས་བཤད་པ་དང་། བགྲོད་པ་གཅིག་པའི་ལམ་དང་། ཐབས་ལ་མཁས་པ་དང་། དེ་ལ་སོགས་པ་གོ་རིམ་བཞིན་དུ་འབྱུང་སྟེ། ཇི་སྐད་དུ་བཤད་པའི་སེམས་བསྐྱེད་པ ་འདི་དག་ཀྱང་གོ་རིམ་འདི་ཁོ་ནས་སྦྱར་བར་བྱའོ།། ངན་འགྲོ་དང་ཡོངསུ་སྐྱོ་ངས་འཇིགས་པ་མེད་པའི་ཕྱིར་སེམས་བསྐྱེད་པ་བསྔགས་པར་ཚིག་སུ་བཅད་པ་ཞེས་བྱ་བ་ནི་སེམས་བསྐྱེད་པ་དང་དུས་མཉམ་པ་ཉིད་ན་སེམས་དེ་འགྲོ་བ་ཐམས་ཅད་ཀྱིས་བསྔགས་པར ་བྱ་བ་ཡིན་ཏེ། ཇི་སྐད་དུ་གང་གི་ཚེ་ན་ཁྱོད་ཀྱི་ཐུགས།། དང་པོ་སྐྱེས་པ་དེ་ཡི་ཚེ།། ཁྱོད་ནི་འཇིག་རྟེན་འདི་དག་གི། མཆོད་གནས་བླ་ན་བཞུགས་པ་ལགས།། ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ།། སེམས་བསྐྱེད་པ་བསྔགས་པར་བྱ་བ། དེ་ཡོད་ན་རབ་ཏུ་བསྡམས ་བའི་སེམས་དང་ལྡན་པ་ས་དང་པོ་རྟོགས་པའི་དུས་ནས་བཟུང་སྟེ་ངན་སོང་དག་གིས་འཇིགས་པར་མི་འགྱུརརོ།། བྱང་ཆུབ་སེམས་དཔའ་བརྩེ་བ་དང་ལྡན་པའི་ཕྱིར་སེམས་ཅན་གྱི་བྱ་བ་མང་པོའི་ཡོངསུ་སྐྱོ་བོས་འཇིག་པར་མི་འགྱུར་བས་ངན་སོང་དང་ཡོངསུ་སྐྱོ ་བས་འཇིགས་པ་མེད་པ་ཞེས་བྱའོ།། སྐྱེ་བ་སྐྱེད་མོས་ཚལ་དུ་འགྲོ་བ་ལྟ་བུར་མཐོང་བའི་ཕྱིར་རྒུད་པའི་དུས་ན་སྡུག་བསྔལ་གྱིས་མི་འཇིགས་པ་ཞེས་བྱ་བ་ནི་དོན་གྱི་རྣམ་པ་ཕུན་སུམ་ཚོགས་པ་དག་ལ་གང་གི་ཚེ། ཆོམ་རྐུན་དང་། ཆུ་དང་མེ་ལ་སོགས་པས ་རྒུད་པར་བྱས་པ་དེའི་ཚེ་དེ་དག་རྒུང་ན་རྒུད་པས་འཇིགས་པ་མདོ་ཡོ་བྱད་ཀྱིས་འཕོངས་ན་འཚོ་བར་འགྱུར་ན་གང་ཞིག་ལེགས་པར་བྱེད་པའི་ལས་བྱས་པས་སྐྱེ་བ་སྐྱེད་མོས་ཚལ་གྱི་དགའ་སྟོན་ལྟ་བུར་ལྟ་བ་དེ་ལྟར་སྡུག་བསྔལ་དག་གིས་འཇིགས་པར་འགྱུ་རོ།། ་ཉན་ཐོས་ཀྱི་བརྩོན་འགྲུས་པས་བརྩོན་འགྲུས་བརྒྱ་འགྱུར་དུ་བྱ་བའི་རིགས་ཞེས་བྱ་བའི།། བརྒྱ་ཞེས་སྨོས་པ་ནི་གྲངས་བསྟན་པའི་ཕྱིར་ཏེ། དེ་བརྩོན་འགྲུས་ཚད་མེད་པ་བྱ་དགོ་སོ།། བདག་དང་གཞན་འཆིང་བ་རྣམ་པ་སྣ་ཚོགས་པ་ཉོན ་མོངས་པ་དང་ལས་དང་སྐྱེ་བའི་ངོ་བོ་ཉིད་དག་གིས་ཤིན་ཏུ་བཅིངས་པ་ཡིན།། ཞེས་བྱ་བ་ནི་མཚམས་མེད་པའི་ལས་རྣམས་དང་། ཉོན་མོངས་དག་དང་ངན་འགྲོ་དང་།། སྒྲ་མི་སྙན་དང་འདུ་ཤེས་མེད།། སེམས་ཅན་སྒྲིབ་པ་གསུམ་དུ་འདོད་ཅེས་བྱ་བ་ཡིན་ཏེ། འདི ་དག་ནི་འཕགས་པའི་ལ་མོ་ལ་སྒྲིབ་པའི་ཕྱིར་འཇིག་རྟེན་འཁོར་བར་འཁྱམ་པར་བྱེད་པས་འཆིང་བ་དག་ཅེས་བྱའོ།། སེམས་བསྐྱེད་པའི་སྐབས་སོ།། །། སེམས་བསྐྱོད་པའི་འོག་ཏུ་སྒྲུབ་པའི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང་ཞེ་ན། བྱང་ཆུབ་སེམས ་དཔའ་མགོ་ལ་སེམས་ཅན་གྱི་ཁུར་ཆེན་པོ་ཐོགས་ནས་ཕ་རོལ་གནོན་པ་དལ་བ་ནི་མི་མཛེས་ཀྱི། དེས་ཉན་ཐོས་ཀྱི་བརྩོན་འགྲུས་པས་བརྩོན་འགྲུས་བརྒྱ་འགྱུར་དུ་བྱ་བའི་རིགས་ཞེས་བཤད་མ་ཐག་པ་ཡིན་ཏེ། སྒྲུབ་པ་མེང་པར་སེམས་བསྐྱེད་པ་ཙམ་ཁྲོ ་ནས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པ་མ་ཡིན།། དེའི་ཕྱིར་སེམས་བསྐྱེད་ནས་གདོན་མི་ཟ་བར་སྒྲུབ་པས་བསྒྲུབས་པར་བྱ་དགོས་པས་སེམས་བསྐྱེད་པའི་འོག་ཏུ་བསྒྲུབ་པའི་སྐབས་ཡིནོ།། དེ་ཉིད་ཀྱི་ཕྱིར་སྒྲུབ་པའི་གནོས་ཆེན་པོ་ནི ་སེམས་བསྐྱེད་པ་ལ་གནས་པའི་ཕྱིར་ཞེས་བཤད་།། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱོད་ནས་དེ་ལ་བརྟེན་ཏེ་བསྒྲུབ་པ་ལ་རབ་ཏུ་སྦྱོར་བའོ།། སེམས་བསྐྱེད་པ་ཡོད་ཟིན་ཀྱང་བསྒྲུབ་པ་དང་ལྡན་པས ་གཞན་གྱི་དོན་འགྲུབ་ཀྱི་སྒྲུབ་པ་དང་མི་ལྡན་པས་ནི་མ་ཡིན་པས་སེམས་བསྐྱེད་པའི་འོག་ཏུ་སྒྲུབ་པའི་སྐབས་ཡིནོ།། ཡང་ན་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། བསླབ་པར་བྱའོ་ཞེས་མཇུག་ཐོག་སུ་བསླབ་པ་བསྟན་པ་དེ་དམིགས་པ་གང་གིས་འཇུག་པ་དེ་བརྗོད ་དགོས་པས། དེའི་ཕྱིར་མཇུག་ཐོགསུ་བསླབ་པའི་དམིགས་པའི་ཁྱད་པར་ཅན།། བསླབ་པའི་དམིགས་པ་ཁྱད་པར་ཅན་ཡང་གང་ཞེ་ན། གཞི་ལྔའོ།། བཞི་གྲང་ལྔ་གང་ཞེ་ན། རུང་དང་གཞན་གྱི་དྲོན་དང་། དེ་ཁོ་ན་ཉིད་ཀྱི་ཕོ་དང་མཐུ་དང་ཡོངསུ་སྨིན་པར་བྱེད་པ་དང་། བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབོ།། ཇི་ལྟར་ན་འདི་ནི་ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་ཞུགས་པ་ཡིན་ཞེ་མཉན་ཐོས་ལ་སོགས་པའི་བསླབ་པའི་དམིགས་པ་ནི། རང་གི་དོན་དང་། དེ་ཁོ་ན་ཉིད་ཀྱི་དོན་གང་ཟག་ལ་བདག་མེད་པ་དང་། མཐུ་ཆུང་བ་དང་། བདག་ཡོངས ་སྨིན་པར་བྱེད་པ་དང་། དེའི་འབྲས་བུ། བྱང་ཆུབ་དམན་པ་ཡིན་པ་ཡིནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་དམིགས་པ་ནི་དེ་ལས་བཟློས་པ་རང་དང་གཞན་གྱི་དོན་ལ་སོགས་པའི་ཁྱད་པར་དུ་འཕགས་པ་ཡི། ན་པར་ཤེས་པར་བྱའོ།། ཡང་གཞི་ལྔ་པོ་འོད ་ངག་ལ་ཇི་ལྟར་དམིགས་ཤེ་ན། བཞི་པ་ལ་ནི་རྒྱུ་ཉིད་དུའོ།། ལྔ་པ་ནི་འབྲས་བུ་ཉིད་དུའོ།། ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་ནས། བསླབ་པར་བྱའོ་ཞེས་བྱ་བ་གང་ལ་བསླབ་པར་བྱ་བ་དེ་བསྟན་རང་དང་གཞན་གྱི་དོན་ལ་སོགས་པ་ལ་བསླབ་པར ་བྱ་བ་ཡིན་པས། དེའི་ཕྱིར་སེམས་བསྐྱེད་པའི་འོག་ཏུ་བསྒྲུབ་པའི་སྐབས་ཡིན་ཏེ། རང་དང་གཞན་གྱི་དོན་ལ་སོགས་པ་འདི་དག་ཀྱང་སྒྲུབ་པ་དང་ལྡན་པ་ཡིན་གྱི་གཞན་གྱི་ནི་མ་ཡིནོ།། དེ་དག་ཉིད་ཀྱི་གོ་རིམ་བཞིན་དུ་ཞེས་བྱ་བ་ནི། གནས་རྩོམ་འབྲས་བུ་འབྱུང་བ་ཆེ ་བདག་ཉིད།། ཅེས་བྱ་ཚིགས་སུམ་འདི་དག། རྟག་ཏུ་ལེན་པ་ཆེ་དང་བཟོད་པ་ཆེ།། དོན་ཆེན་ཡང་དག་བསྒྲུབ་པའི་བྱ་བུ་བྱེད། ཅེས་བྱ་བའི་ཚིག་རྣམ་ས་དང་། སྦྱར་བར་བྱའོ།། ལེན་པ་ཆེན་པོ་སེམས་ཅན་ཐམས་ཅད་ཉེ་བར་ལེན་པའི་ཕྱིར།། ་ཞེས་བྱ་བ་ནི་འདི་ལྟར་སེམས་ཅན་ཐམས་ཅད་ཉེ་བར་ལེན་པར་བྱེད། སེམས་ཅན་རྣམས་བདག་གིས་བསྐྱབ་པོ། སྙམ་དུ་སེམསོ་ཞེས་ཟེར་བའི་ཕྱིརརོ།། གཞན་གྱི་དོན་དུ་བདག་ཉིད་ལ་ཤིན་ཏུ་གདུང་བར་བྱེད་པའི་ཕྱིརརོ།། ཞེས་བྱ་བ་ནི་གཞན་དག་ལ་ཕན་པ་དང ་བདེ་བའི་དོན་དུ་བདག་ཉིད་ལ་ཤིན་ཏུ་གདུང་བར་བྱེད་ཞེས་བྱ་བའི་ཐ་ཚིགོ།། རྗེ་སུ་བསྟན་པ་དང་། ཀུན་རྗོད་པའི་ཆོ་འཕྲུལ་དག་གིས་ལེགས་པ་སྟོན་པ་ཞེས་བྱ་བ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་ཁྱོད་ཀྱི་སེམས་ནི་འདི་ལྟ་བུ་ཡི་ནོ།། ཁྱོད་ཀྱི་སེམས་ནི་སྙམ་པ་ཡིནོ།། ། ་ཞེས་བྱ་བ་ལ་སོགས་པས་སེམས་ཀུན་བརྗོད་ནས་རྗེ་སུ་བསྟན་པའི་ཆོ་འཕྲུལ་གྱིས་གདམས་ངགུ་ཐུན་མོང་མ་ཡིན་པ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཕྱིན་ཅི་མ་ལོག་པ་དང་རྗེ་སུ་ལྡན་པས་རྗེ་སུ་སྟོན་ཏོ།། དེ་ལ་སྟོན་ཁྱད་པར་ཅན་ཡང་དག་པར་འགྲུབ་པའི ་བར་ནི་གཞན་གྱི་དོན་བྱ་བ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་པ་ཡིནོ།། དེ་བཞིན་གཤེགས་པའི་རིགསུ་སྐྱེ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའི་དོན་ཐུན་མོང་མ་ཡིན་པ་ཡིན།། གལ་ཏེ་རིགས་ལ་གནས་པའི་སྐྱེ་བོ་དང་མཐུན་ཞིང་ཕྱིན་ཅི་མ་ལོག་པར ་འཆད་པར་འགྱུར་བ་ཞེས་བྱ་བ་ལ། རིགས་ཞེས་སྨོས་པས་ནི་ཉན་ཐོས་ལ་སོགས་པའི་རིགས་ཅན་གྱི་སྐྱེ་བོ་གཟུང་།། ཕྱིན་ཅི་མ་ལོག་པར་འཆད་པར་འགྱུར་བ་ཞེས་སྨོས་པས་ནི་ཉན་ཐོས་ལ་སོགས་པ་དེ་དག་ཉིད་ལས་འདོད་ཆགས་ལ་སོགས་པ་སྤྱོང ་པའི་བྱེ་བྲག་གིས་མི་སྡུག་པ་ལ་སོགས་པ་འཆད་པར་འགྱུར་བ་སྟོན་ཏེ། བཟློག་པ་ནི་ཕྱིན་ཅི་ལོག་ཏུ་འཆད་པ་ཡིནོ།། ཞུགས་པ་རྣམས་ལ་བདག་གི་བུར་འཛིན་པ་མེད་པ་ཞེས་བྱ་བ་ནི་བདག་གྲི་བར་འཛིན་ན་ཁོང་ཁྲོ་བ་དང་རྗེ་སུ་ཆགས་པ་དག་ཏུ་འགྱུརརོ།། དོན་རྣམ་པར ་ངེས་པར་བྱ་བ་ལ་མཁས་པའི་སྒྲུབ་པ་ཡིན་ཞེས་བྱ་བ་ནི་མི་ཤེས་པ་དང་ཐེ་ཚོམ་ཅནྡ་དང་ལོག་པའི་ཤེས་པ་ལ་མངོན་པར་ཞེན་པ་རྣམས་ཀྱི་མི་ཤེས་པ་ལ་སོགས་པ་སེལ་བའི་ཕྱིར།། རིགསུ་སྐྱེ་བ་ལ་སོགས་པ་ཤིན་ཏུ་རིང་དུ་སོང་བའི་སྒྲུབ་པ་ཡིན་ཞེས་བྱ་བ ་ནི་གལ་ཏེ་འདི་ས་དང་པོ་ལ་རྟོགས་པ་ཐོབ་པའི་ཕྱིར།། དེ་བཞིན་གཤེགས་པའི་རིགསུ་སྐྱེད་པ་ཡིན། ས་བརྒྱད་པ་ཡན་ལ་སོགས་པར་ལུང་བསྟན་པ་ཐོབ་པའི་ཕྱིར་ལམ་མངོན་པར་འདུ་བྱ་བ་མེད་པར་རང་གིས་འབྱུང་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ ་མཁས་པ་ཡིམས་བཅུ་པ་ལ་འོད་ཟེར་དག་གིས་དབང་བསྐུར་བ་ཐོབ་པའི་ཕྱིར་དབང་བསྐུར་བ་ཡིན་ན་དེ་ལྟ་ན་གཞན་དག་རིགསུ་སྐྱེ་བ་ལ་སོགས་པར་བྱ་བར་ནུསོ།། མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདེ་བའི་ཚོར་བ་ནི་སྐྱེ་བོའི་དུས་ན་ཕན་འདོགས་པ་ཡིན་ལ ་འཇིག་པའི་དུས་ན་གནོད་པར་བྱེད་པ་ཡིན་ཏེ། དེ་བས་ན་མི་རྟག་པའི་ཕྱིར་སྡུག་བསྔལ་པ་ཞེས་བྱ་བའོ།། ཞི་དགའའུ་རང་གིས་ལེན་པ་རབ་ཞི་ལ། ཞེས་བྱ་བ་ནི་ཉན་ཐོས་རྣམས་ནི་སོ་སོ་རང་གི་བདག་ཉིད་ཀྱིས་ལེན་པ་ཉོན་མོངས་པ་ཉེ་བར་ཞི་བར་བྱེད། ཉོན་མོངས་པ ་ཉིད་ལེན་པ་ཡིན་པས་ན་ལེན་པོ་ཉོན་མོངས་པའོ།། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་གལ་ཏེ་གཟུགས་དངོས་པོར་གྱུར་གྱི་དངོས་པོ་མེད་པ་མ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཙོས་པའི་འཇིག ་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་ཞེས་བྱ་བ་ནི་འདི་སྐད་བཤད་པ་ཡིན་ཏེ། གལ་ཏེ་གཟུགས་ལ་སོགས་པའི་ཆོས་འདི་དག་ཇི་ལྟར་བྱིས་པ་རྣམས་ཀྱིས་མངོན་པར་བརྗོད་ཅིང་འཛིན་པ་དེ་ཁོ་ན་ལྟར་འདྲ ་དྲག་ཡོངསུ་གྲུབ་པ་ཉི་དུ་གྱུར་ཅིང་དངོས་པོར་གྱུར་གྱི་ཞེས་བྱ་བའི་ཐ་ཚིགོ།། དངོས་པོ་མེད་པ་མ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ལྷ་དང་མི་ལ་སོགས་པ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་ངེས་པར་འབྱུང་བར་མི་འགྱུར་རོ།། ཅིའི ་ཕྱིར་ཞེ་ན། བྱས་པ་དང་མཁས་པ་དག་ལ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བ་ཁོ་ནར་འགྱུར་ཏེ། དེ་ཅི་སྐ་དུ་བཅོམ་ལྡན་འདས་ཀྱིས། དངོས་པོ་རྣམས་ཡོད་པ་ཉིད་ཇི་ལྟར་བྱིས་པ་རྣམས་བརྟགས་ཤིང་། དེ་ལྟར་མཐོང་སྟེ་གལ་ཏེ་ཡིན།། ་ཐམས་ཅད་དེ་ཉིད་མཐོང་བར་འགྱུར་ཞེས་གསུངས་པ་ལྟ་བུའོ།། གང་གི་ཕྱིར་གཟུགས་ལ་སོགས་པའི་ཆོས་དང་། འདི་དག་བྱས་པས་ཀུན་བརྟགས་པའི་བདག་ཉིད་ཀྱིས་མེད་པའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚུལ ་བཞིན་རབ་ཏུ་སྦྱོར་བ་རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཐག་པ་ཆེན་པོ་ཡིན་ཏེ། རྒྱུ་འདི་ཉིད་ཀྱིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུརརོ།། ། ་སྒྲུབ་པའི་འོག་ཏུ་དེ་ཁོ་ན་ཉིད་ཀྱི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། སྒྲུབ་པ་འདི་ནི་སྲིད་དང་འགྲོ་བ་ཀུན་ཟིལ་གྱིས་མནན་འགྲོ་ཞི་བ་མཆོག་དང་ལྡན།། ཞེས་བྱ་བ་ལ་སོགས་པ་བཤད་མ་ཐག་པ་ཡིན་ཏེ། ཆེ་བ་ཉིད་དེ་རྣམ་པ་བཞི་ཆར་ཡང་སྒྲུབ་པ་དང ་ལྡན་པ་དེ་ཁོ་ན་ཉིད་མཐོང་བ་ཡིན་གྱི། གཞན་གྱིས་ནི་མ་ཡིན་པས་རང་དང་གཞན་གྱི་དོན་བསྒྲུབ་པ་ནི་བཤད་མ་ཐག་པ་ཡིནོ།། རང་དང་གཞན་གྱི་དོན་ལ་ཞུགས་པ་ཡང་ཀུན་ནས་ཉོན་མོངས་པ་མེད་པར་བྱ་དགོས་པས་དེའི་ཕྱིར་མཇུག་ཐོག་སུ་ཀུན་ནས་ཉོན ་མོངས་པ་མེད་པའི་ཐབས་དེ་ཁོ་ན་ཉིད་ཀྱི་སྟོན་ཏོ།། ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིནོ།། ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། དེ་ནི་བསླབ་པའི་དམིགོས་པ་ཉི་བཤད།། རྣམ་པར ་མི་རྟོག་པའི་ཡེ་ཤེས་ཀྱང་ལམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡོངསུ་གྲུབ་པའི་ངོ་བོ་ཉིད་ཡིན་མོད་ཀྱི་ནས་ཚིགསུ་བཅད་པ་འདིར་མ་སྨོས་ཏེ། དེའི་མཚན་ཉིད་ནི་ལོགས་ཤིན་ཏུ་འཆད་པར་འགྱུརརོ།། །། ཀུན་བརྟགས་པ་དང་གཞན་གྱི་དབང་དག་དང ་ཡོངསུ་གྲུབ་པར་གཅིག་པ་ཉིད་མེད་པས་དེ་བཞིན་མ་ཡིནནོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཆོས་རྣམས་ནི་ཡོད་པ་མ་ཡིན་པ་ལས་ཡང་དག་པ་མ་ཡིན་པ་ཉི་དུ་སྣང་བ་ཡིན་ལ། ཡོངསུ་གྲུབ་པའི་ངོ་བོ་ཉིད་ནི་བདེན་པ་ཡང་དག་པ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། དེས ་ནའདི་ཀུན་བརྟགས་པའི་ངོ་བོ་ཉིད་མ་ཡིན།། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་ཀུན་བརྟགས་པ་དེའི་གཞིར་འགྱུར་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་ནས་ཉོན་མོངས་པའི་བདག་ཉིད་སྣང་བ་ཡིན་ལ། ཆོས་ཀྱི་དབྱིངས་ནནི་དེ་ལས་བཟློག་པ་ཡིན་ཏེ། དེ་ལྟ་བས་ན ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་མ་ཡིན།། དེ་དག་ཁོ་ན་དང་གཞན་པ་ཉིད་མེད་པས་གཞན་མ་ཡིནོ་ཞེས་བྱ་བ་ནི་གང་གི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བ་ནི་ཡོངསུ་གྲུབ་པོའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར་གཞན་ཉི་དུ་ཡང་རྣམ ་པར་མི་བཞག་སྟེ། མི་རྟག་པ་ཉིད་ལ་སོགས་པ་བཞི་ནོ།། འགག་པ་དང་སྐྱེ་བ་ན་དེ་བཞིན་གནས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ནི་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་འགག་པ་ན་ཡང་ཉམས ་པ་མེད་ལྔ། རྣམ་པར་བྱང་བ་ལམ་གྱི་ངོ་བོ་ཉིད་ཆོས་སྐྱེ་བ་ན་ཡང་འཕེལ་བ་མེད། ན་མཁའ་ལ་སྦྱིན་དང་ཁུག་རྣ་གློ་བུར་བ་འོངས་པ་དང་བྲལ་བ་བཞི་ནོ།། བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་དགག་པར་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པའི་དབང་དུ ་བྱས་པ་ཡིནོ།། རེ་ཞིག་བདག་དུ་ལྟ་བ་ཉིད་ནི་བདག་གི་མཚན་ཉིད་མ་ཡིནོ།། ཅིའི་ཕྱིར་ཞེ་ན། བདག་ནི་རྟག་པ་དང་ཐམས་ཅད་ན་ཡོད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡོན་ལ། བདག་ཏུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་སྟེ། སེམས་ལས་བྱུང་བ ་ཆོས་ཐམས་ཅད་ནི་ཡོད་པ་མ་ཡིན་པ་མི་རྟག་པ་བདག་ཉིད་ཐོབ་པའི་དུས་ན་ཡང་བྱེད་པ་དང་བཅས་པ་ལྟ་བུར་སྣང་བས་བྱ་བ་དང་བཅས་པོ་ཡིན་ཏེ། དེ་ལྟ་བས་ན་བདག་ཏུ་ལྟ་བ་ཉིད་ནི་བདག་གི་མཚན་ཉིད་མ་ཡིནོ།། རྣམ་པ་འདི་ཉིད་ཀྱིས་ངན་པར ་གནས་པ་ཡང་བདག་གིས་མཚན་ཉིད་མ་ཡིན་ཏེ། ངན་པར་གནས་པ་ཞེས་སྨོས་པས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་བཟུང་།། འདི་གཉིས་ལས་གཞན་པའི་བདག་གི་མཚན་ཉིད་ཀྱང་མི་དམིགས་ཞེས་བྱ་བ་ནི་དངོས་པོ་ཡོད་པ་གང་དག་ཡིན་པ་དེ་དག་ནི། ་ངོན་སུམ་གྱི་ཚད་མ་འམ་རྗེསུ་དཔག་པས་དམིགས་ཏེ། གཟུགས་ལ་སོགས་པ་ནི་མངོན་སུམ་གྱིསོ།། མིག་ལ་སོགས་པ་ནི་རྗེ་སུ་དཔག་པས་སོ།། བདག་གི་མངོན་སུམ་དང་རྗེསུ་དཔག་པ་དག་གིས་མི་དམིགས་ཏེ་དེ་ལྟ་བས་ན་བདག་ནི་མེད་ཀྱི། ་སེམས་ཁོ་ན་ལ་བདག་ཏུ་འདོགས་པར་ཟདདོ།། བདག་ཏུ་ལྟ་བ་གང་ཡིན་པ་དེ་ནི་ནོར་པ་སྐྱེས་པ་ཡི་ནོ།། ཞེས་བྱ་བ་ནི་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞི་ནོ།། ཐར་པ་ཡང་ནོར་བ་ཙམ་ཟད་པ་ཡིན་ཞེས་བྱ་བ་ནི་ཐ་ག་པ་ལ་སྦྲུལ་དུ་འཁྲུལ་པ་དང་བྲལ་བས། ་ལུས་དང་སེམས་ཉམ་ང་བ་མེད་པ་དང་། འདྲའོ།། ཙམ་ཞེས་སྨོས་པ་ནི་བདག་གི་དངོས་པོ་མེད་པའི་ཕྱིར་ནོར་པ་ཙམ་ཁོ་ན་ཡོད་ཀྱི། བདག་ནི་མ་ཡིན།། ཞེས་བྱ་བ་ཡིནོ།། སྡུག་བསྔལ་རང་བཞིན་རྒྱུན་ཆགས་རྟོགས་མི་འགྱུར། ཞེས་བྱ་བ་ནི་སྡུག་བསྔལ ་གྱི་རང་བཞིན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འཇིག་ཚོགས་ལ་ལྟ་བ་དང་བཅས་པའི་མ་རིག་པས་སྒྲིབས་པ་རྟོགས་པར་མི་འགྱུར་ཞེས་བྱ་བ་ཡི་ནོ།། རིག་མིན་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཤེས་པས་ཉམ་སུ་མྱོང་བའི་རྣམ་པ་ཅན་གྱིསོ།། དེ་ཇི ་ལྟར་མཐོང་བ་ལ་སོགས་པ་ནི་གཞན་གྱིས་བྱས་ཞེས་བྱ་བའི་ལྟ་བ་འདི་ལ་བརྟེན་ཅེས་བྱ་བ་ནི་མཐོང་བ་དང་ཐོས་པ་དང་སྒོམ་པ་དང་མྱོང་བ་དང་རེག་པ་དང་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་ཕྱུག་ལ་སོགས་པས་བྱསོ་ཞེས་བྱ་བ་སྟེ། འཛངས ་ཤིང་མཁས་པ་སུ་ཞིག་རྟེན་ཅིང་འབྲེལ་པོར་འགྱུར་བ་མཐོང་ནས་དབང་ཕྱུག་ལ་སོགས་པས་བྱས་པར་ལྔ་པ་འདི་ལ་བརྟན། བདག་མེད་པར་ཞི་བ་རུང་བར་ཚིགསུ་བཅད་པ་ཞེས་བྱ་བ་ནི་བདག་ཅེས་བྱེ་དའི་སྒྲ་ནི་གང་ཟག་ལོ་སོགས་པོའི་རྣམ་གྲངས་པ ་ཡང་མཐོང་སྟེ་ཁདག་དང་སེམས་ཅན་དང་སྲོག་དང་སྐྱེ་བ་པོ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་དག་ལའོ།། ཆོས་དག་ལ་ཡང་མཐོང་སྟེ། ཆོས་ངོ་བོ་ཉིད་དང་བཅས་པ་ཞེས་བྱ་བ་ནི་བདག་དང་བཅས་པོ་ཞེས་བྱ་བར་ཤེས་པདེ་ལས་ཕྱི་རོལ་པ་ཕྱིན ་ལོག་ཏུ་གྱུར་པ་དག་ནི་བདག་མེད་པ་ལས་བདག་ཏུ་མངོན་པར་ཞེན་ལ། ཉན་ཐོས་ཀྱི་ཐེག་པ་རྣམས་ནི་ཆོས་འདི་དག་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་དམིགས་པ་དེ་ཁོ་ན་བཞིན་དུ་འདི་དག་བདག་གི་ངོ་བོ་ཉིད་ཡོད་ཞེས་ཆོ། ་རྣམས་ལ་ཕྱིན་ཅི་ལོག་སྟེ། ཕྱིན་ཅི་ལོག་ཏུ་གྱུར་པ་བདག་ཏུ་ལྟ་བ་དང་ཆོསུ་ལྟ་བ་ལ་གནས་པར་དམིགས་པ་དེ་དག་གལ་ཏེ་བདག་གམ་ཆོས་ཤིག་མེད་ན་ཇི་ལྟར་ན་ཐར་སུ་ཞིག་ནི་ཐར་ཞེས་ཕྱིར་རྒོལ་བར་བྱེད། དེ་དག་ལ་བྱིས་པའི་སྐྱེ་བོས་ཀུན་བརྟགས ་པའི་བདག་དང་ཆོས་རྣམས་མེད་ན་ཐར་གྱིས་ཡོད་ན་ནི་མ་ཡིན་ཞེས་བཤད།། འདི་ལ་དོན་དམ་ཚུལ་གྱིས་ཞི་བ་དང་།། སྐྱེ་བ་དེ་གཉིས་ཁྱད་པར་ཅི་ཡང་མེད།། ཅེས་བྱ་བ་ནི་དོན་དམ་པའི་ཚུལ་པོ་དག་མེད་པར་མཉམ་པ་ཉིད་ཀྱིས་ནི་ཇི་ལྟར་འཁོར་བ་གང་ཟུག ་དང་བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་ཆོས་རྣམས་ཀྱི་སྟོང་པ་ལྟར་མྱ་ངན་ལས་འདས་པའི་ཡང་ཡིན་པས་རྒྱུ་འདི་ན་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཁྱད་པར་ཅི་ཡང་མེདོ།། སྐྱེ་བ་ནི་འཁོར་བ་ཡིན་ཏེ། དེ་ནི་ཕྱིན་ཅི་ལོག་ཚུལ་བཞིན་མ་ཡིན ་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་ལ་སོགས་པས་སྐྱེ་བ་ཡིན།། སྐྱེ་བ་དེ་ཟད་པ་ནི་ཐར་པ་ཐོབ་པ་ཡིན་ལ། དེ་ཡང་དགེ་བ་བྱེད་པ་ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུས་ལམ་བསྒོམ་པ་རྣམས་ཀྱི་ཡོན་པས་སྐྱེ་བ་ཟད་པར་ཐར་པ་ཞེས་བྱའོ།། དོན་དམ་པའི་ཡེ ་ཤེས་ལ་འཇུག་པའི་ཚིགསུ་བཅད་པ་བཞི་སྟེ། ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འཇུག་པ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་ཆོས་ལ་བདག་མེད་པར་རྟོགས་པར་འགྱུར་བ་དེའི་དབ ་དུ་བྱས་ནས་ཚིག་སུ་བཅད་པ་ཡི་ནོ།། སྔར་ནི་གང་ཟག་ལ་བདག་མེད་པར་བཤད་པ་ཡིན།། ད་ནི་ཆོས་ལ་བདག་མེད་པའོ།། དོན་གྱིས་རྣམ་པར་བརྗོད་པའི་རྒྱུད་ཅན་རྟོགས།། ཞེས་བྱ་བ་ནི་སྣ་ཚོགས་འདི་ནི་ཡིད་ལ་རྗོད་པ་ཙམ་ཁོ་ནར་ཟད་ཀྱི་འདི་ལ་ཕྱི་རོལ་གྱི ་གཟུགས་ལ་སོགས་པའི་དོན་ནི་ཡོད་པ་མ་ཡིནོ།། ཞེས་བྱ་བ་སྟེ། དྲོ་བར་གྱུར་པའི་གནས་སྐབས་སྣང་བ་ཐོབ་པའི་ཏིང་འཛིན་ཡི་ནོ།། མཐའ་ཡས་ཕ་རོལ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་དང་པོའི་ཕ་རོལ་ཏུ་ཕྱིན་ནས་ས་དང་པོ་རྟོགས་པར་འགྱུར།། ཞེས་བྱ ་ངའི་དོན་ཏོ།། དེ་ཡིས་བརྗོད་པ་ཙམ་དུ་དོན་རིགས་ནས། ཞེས་བྱ་བ་ནི་དྲོ་བར་གྱུར་པའི་རབ་ཀྱི་མཐར་ཕྱིན་ཏེ། རྩེ་མོ་འཇུག་པའི་གནས་སྐབས་སྣང་བ་མཆེད་པའི་ཏིང་འཛིན་ཅེས་བྱའོ།། དེར་སྣང་བ་སེམས་ཙམ་ལཱ་ནི་ཡང་དག་གནས། ཞེས་བྱ་བ་ནི་ཁོ་ནའི་དོན་གྱི ་ཕྱོགས་ཅིག་ལ་ཞུགས་པའི་ཏིང་འཛིན་ཏེ། བཟོད་པའི་གནས་སྐངས་ཡིན།། དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང་བྲལ་བ་མངོན་སུམ་ཉིད་རྟོགས་པར་འགྱུར། ཞེས་བྱ་བ་ནི་བར་ཆད་མེད་པའི་ཏིང་འཛིན་ཏེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས ་སྐོསློབསོ།། གཉིས་ཀྱི་མཚན་ཉིད་དང་བྲལ་བ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་དང་ངོ་།། དེ་ནས་ནི་མཐོང་བའི་ལམ་གྱི་གནས་སྐབསུ་འགྱུརརོ།། གང་དུ་དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། ཞེས་བཤད་པ ་དེ་ནི་གཟུང་བ་མེང་པར་བསྟན་ཏོ།། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། དེ་ནས་སེམས་ཀྱང་མེད་པ་ཉིད་རྟོགས།། ཞེས་བྱ་བས་ནི་འཛིན་པ་མེད་པར་བསྟན་ཏོ།། བཟོད་པ་ཆེན་པོའི་གནས་སྐབས་ན་ནི་བཟུང་བ་མ་ལུས་པར་མེད་པར་རྟོག་སོ།། དེའི ་མཇུག་ཐོག་སུ་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ནི་གཟུང་བ་མེ་ད་ན་གང་འཛིན་ཅེས་འཛིན་པ་མེད་པར་རྟོགས་ཏེ། རིམ་པ་འདིས་གཟུང་བ་དང་འཛིན་པ་མེད་པར་སྟོན་ཏོ།། འདི་ལ་རྟེན་པའི་ཉེས་ཚོགས་ཚང་ཚིང་དག ་དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། ཅེས་བྱ་བ་ལ། དེ་ལ་རྟེན་པའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ག་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་དེ་ལ། བརྟེན་ནས་སྐྱེས་པ་རྣམ་པར་མ་རྟོག་པའི་ཡེ་ཤེས་དུག་སྨན་ལྟ་བུ ་དེས་དེ་ལ་བརྟེན་ནས་སྐྱེས་པ་ཉེས་པའི་ཚོགས་ཚང་ཚོང་ནས་ཞུགས་པ་གང་ཡིན་པ་དེ་སོལ་བར་བྱེད་པ་ཡིནོ།། བྱང་ཆུབ་སེམས་དཔའ་དོན་དམ་པའི་ཡེ་ཤེས་ལ་ཞུགས་པ་དེས་སངས་རྒྱས་ཀྱིས་གསུངས་པའི་དམ་པའི་ཆོས་ལེགས་པར་བཞག ་པརྩ་བའི་སེམས་བསྡུས་པའི་ཆོས་ལ་དམིགས་པའི་ཆོས་ཀྱི་དབྱིངས་ལ་བློ་གྲོས་བཞག་སྟེ། ཞེས་བྱ་ལ་རྩ་བའི་སེམས་བསྡུས་པའི་ཆོས་ལ་དམིགས་པ་ཞེས་ཇི་ལྟར་ཤེས་ཤེ་ན། མདོ་སྡེའི་རྒྱན་འདི་ཉིད་ལས་ཤེས་ཏེ། འདི་ལྟར་འདི་ཉིད་ལས་གང ་ངག་རྗེསུ་བསྟན་པའི་ལེའུ་ལས་དེ་ནས་མདོ་ལ་སོགས་པའི་ཆོས། མི་གཉིས་དོན་སྟོན་བྱེད་པ་ལ།། ཐོག་མ་ཁོ་ནར་སྡོམ་བརྩོན་དེ།། མདོ་སོགས་མིང་ལ་སེམས་འཇོག།། དེ་ནས་ཚིག་པར་བྱེད་རྣམས་ལ།། རིམ་གྱི་རྣམ་པར་དཔྱོད་པར་བྱེད། ཅེས་འཆད ་བར་འགྱུར་ཏེ། དེ་ལ་སོགས་པའི་ཚིགསུ་བཅད་པ་གསུམ་གྱིས་སེམས་དྲུག་པོ་རྩ་བའི་སེམས་དང་རྗེསུ་དཔྱོད་པའི་སེམས་དང་། རྣམ་པར་དཔྱོད་པའི་སེམས་དང་། ངེས་པར་འཛིན་པའི་སེམས་དང་། སྡོམ་པའི་སེམས་དང་། རེག་པའི་སེམས་ཞེས ་འཆད་པར་འགྱུརརོ།། དེ་ལ་རྩ་བའི་སེམས་ནི་མདོ་ལ་སོགས་པའི་ཆོས་རྣམས་ཀྱི་མིང་ལ་དམིགས་པ་གང་ཡིན་པ་སྟེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་ཆོས་ལྔ་མདོའི་སྡེ་ཞེས་ཞེས་བྱ་བ་ནི་ས་བཅུ་པ་ཡིནོ་ཞེས་བྱ་བ་ལ་སོགས་པ ་ལྟ་བུའོ།། ཡང་ན་ཐེག་པ་ཆེན་པོའི་ཆོས་མཐའ་དག་ལ་སེམས་གང་གིས་དམིགས་པ་དེ་ནི་རྩ་བའི་སེམས་ཡིན།། ཚིག་རབ་ཏུ་དབྱེ་བ་དག་ལས་གྲངས་ཏེ་བསྡུས་པའི་ཆོས་ལ་དམིགས་པའི་སེམས་གང་ཡིན་པ་དོནི་ལ་སུ་རུང་བ་ཡིན་ཞེས་རྣལ་འབྱོར ་སྤྱོད་པ་རྣམས་འཆའོ།། བསྡུས་པའི་ཆོས་ལ་དམིགས་པ་དེའི་ཆོས་ཀྱི་དབྱིངས་ལ་བློ་གྲོས་བཞག་ནས་དྲན་པ་གང་དང་གང་སྐྱེ་བའི་དྲན་པ་འཇུག་པ་དེ་དག་ཐམས་ཅད་རྟོག་པ་ཙམ་དུ་ཁོང་དུ་ཆུདདེ། དེ་ལྟར་ན་མྱུར་དུ་ཡོན་རྒྱ་མཚོའི་ཕ་རོལ་སངས་རྒྱས་ཉི་དུ་འགྲོ ་བར་འགྱུར་ཏེ། ཚིག་སུ་བཅད་པ་འདིས་ནི་ཇི་ལྟར་ན་བསྒོམ་པའི་ལམ་གྱི་མཐར་ཐུག་པར་གྱུར་པ་སངས་རྒྱས་ཀྱི་ས་ལ་འཇུག་པ་དེ་བཞིན་དུ་བསྟན་ཏོ།། ཚིགསུ་བཅད་པ་འདི་རྣམས་ཀྱིས་བསྡུས་པའི་དོན་ནི་དང་པོས་ནི་ཚོགས་ཀྱི་ལམ་བསྟན་ཏོ།། གཉིས ་པའི་ཕྱེད་ཀྱིས་ནི་སྦྱོར་བའི་ལ་མོ།། གཉིས་པའི་ཕྱེད་འོག་མས་ནི་མཐོང་བའི་ལ་མོ།། བཞི་པས་ནི་བསྒོམས་པའི་ལ་མོ།། ལྦུ་པས་ནི་མཐར་ཐུག་པའི་ལ་མོ།། དེ་ཁོ་ན་ཉིད་ཀྱི་སྒྲུབ་སོ།། །། དེ་ཁོ་ན་ཉིད་ཀྱི་སྐབས་ཀྱི་འོག་ཏུ་མཐུའི་སྐབས་ཡི་མོ།། འདིའི་འབྲེལ་པ ་གང་ཞེ་ན། བྱང་ཆུབ་སེམས་དཔའས་ནི་རང་གི་དོན་དང་གཞན་གྱི་དོན་གཉིས་བྱ་དགོ་སོ།། དེ་ལ་སངས་རྒྱས་ཀྱི་ཆོས་ཡོངསུ་རྫོགས་པ་ནི་རང་གི་དོན་ཡི་ནོ།། སེམས་ཅན་ཡོངསུ་སྨིན་པར་བྱེད་པ་ནི་གཞན་གྱི་དོན་ཡིན།། དེ་ཁོ་ན་ཉིད་རྟོགས་པ་ལས་ནི་སངས་རྒྱས་ཀྱི་ཆོས ་ཡོངསུ་རྫོགས་པར་འགྱུར་ལ། དེའི་འོག་ཏུ་ནི་དེ་ཁོ་ན་ཉིད་རྟོགས་པས་སེམས་ཅན་ཡོངསསུ་སྨིན་པར་བྱ་བ་ལ། སྟོན་ཁྱད་པར་ཅན་མངོན་པར་སྒྲུབ་པས་སེམས་ཅན་ཡོངསུ་སྨིན་པར་བྱའོ།། མངོན་པར་ཤེས་པ་ལ་སོགས་པ་སྟོན་ཁྱད་པར་ཅན་དེ ་དྲག་ཀྱང་རྗེས་ལ་མངོན་པར་རྟོགས་པ་དང་། མཐར་ཐུག་པའི་མངོན་པར་རྟོགས་པས་འགྲུབ་པས་དེ་ཁོ་ན་ཉིད་ཀྱི་སྐབས་ཀྱི་འོག་ཏུ་མཐུའི་སྐབས་ཡིན།། ཡང་ན་ཀུན་ནས་ཉོན་མོངས་པ་མེད་པའི་སྐབསུ་དེ་ཁོ་ན་ཉིད་ཀྱི་དོན་བཤདོ།། ཀུན་ནས་ཉོན་མོངས་པ་མེད་པ་ཡང་ཇི ་སྲི་འདུལ་བ་དག་ལ་དབང་མ་ཐོབ་པ་དེ་སྲིད་དུ་གདུལ་བ་བསྒོ་བ་མི་ཉན་པས་ཡོངསུ་སྐྱོ་བར་འགྱུར་ཏེ། དེ་དག་དད་པར་བྱེད་མི་ནུས་པའི་ཕྱིརརོ།། དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་འོག་ཏུ་ཡོངསུ་མི་སྐྱོ་བའི་ཐབས་མཐུའི་སྐབས་ཡིནོ།། གཞན་དག་གི་སྐྱེ་བ་ཤེས་པ་ནི་འཆི་འཕོ་དང་། སྐྱེ་བ་མངོན ་བར་ཤེས་པ་ཡིནོ།། ཞེས་བྱ་བ་ནི་གཞན་དག་གི་སྐྱེ་བ་ཤེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེས་ནི་འཆི་འཕོ་ཡང་ཤེས་ཏེ། དུ་བ་ལས་མེ་བཞིན་དུ་གང་ན་སྐྱེ་བ་ཤེས་པ་ཡོད་པ་དེ་ནའིཆི་འཕོ་ཤེས་པ་ཡང་གདོན་མི་ཟ་བར་ཡོད་པས་སྐྱེ་བ་ཤེས་པ་ཁོ་ན་བཤ་དོ།། དེ་དང་དེ་དག་ཏུ ་སྐྱེས་པ་རྣམས་ཇི་སྐད་དུ་སྨྲ་བའི་ཚིག་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཚིག་གང་སྨྲ་བ་དེ་དག་བྱང་ཆུབ་སེམས་དཔའི་ལྷའི་རྣ་བས་ཐོསོ།། སྔོན་དགེ་བ་དང་མི་དགེ་བ་བསྐྱེད་པ་ཤེས་པ་ནི་སྔོན་གྱི་གནས་མངོན་པར་ཤེས་པའོ།། ཞེས་བྱ་བ་ནི་གང་ཟག་གི་ཚེ་རབས་སྔ་མ ་གཞན་དག་ལ་དགེ་བའོམ་མི་དགེ་བའི་ལས་གང་ཞིག་བྱས་པའི་ལས་བག་ཆགས་ཀྱི་གནས་སྐབས་དེ་ཤེས་པ་ནི་དགེ་བ་དང་མི་དགེ་བ་བསྐྱེད་པ་ཤེས་པའོ།། ཇི་ལྟར་རྣམ་པར་གནས་པ་ཡིན་ལ་བྱེད་པ་ནི་མངོན་པར་ཤེས་པ་གང་དང་གང་རྣམ་པ་གང་གིས་སྐྱེ་བ་འགྱུར ་བ་འདི་ལྟ་སྟེ། རྫུ་འཕྲུལ་གྱིས་མངོན་པར་ཤེས་པའི་ལུས་ཡང་དག་པར་མོས་པ་ལ་སོགས་པ་ལྟ་བུ་དེ་ལྟ་དེ་ལྟར་ཡིད་ལ་བྱེད་པ་ལས་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེ་ལ། དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བས་ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། ཞེས་བྱ་སྟེ། ་རིམ་པ་འདིས་དང་རྒྱུ་འདི་དང་བྱེད་རྒྱུ་འདིས་མཐུ་འགྲུབ་པར་འགྱུརརོ།། ཞེས་བྱ་བའི་ཐ་ཚིགོ།། གང་གིས་འཕགས་དང་ལྷ་དང་ཚངས་པ་ཡི།། གནས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་མཐུ་གང་གིས་གནས་པོ་དང་ཡང་དག་པར་འཆོས་པར་བྱེད་པ་དང་རྣམ་པར་དག་པ ་སྐྱེད་པར་བྱེད་པ་ཞེས་བྱ་བར་སྦྱ་རོ།། འཕགས་པ་ལ་སོགས་པའི་བདེ་བར་གནས་པ་ཞེས་བྱ་བ་ལ། འཕགས་པའི་གནས་པ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། འཕགས་པའི་བདེན་པ་བཞི་དང་། ས་དང་ཕ་རོལ་ཏུ་ཕྱིན་པས་བསྡུས་པའོ།། ལྷའི ་གནས་པ་ནི་བསམ་གཏན་དང་།། གཟུགས་མེད་པའོ།། ཚངས་པའི་གནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་འཇིག་རྟེན་གྱི་ཁམས་རྣམས་སྒྱུ་མ་ལྟ་བུ་ཉི་དུ་མཐོང་ལ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་ལ་ཡང་དག་པ་མ་ཡིན་པ་གླང་པོ་ཆེ་དང་། རྟ་ལ་སོགས ་བ་སྐྱེ་བ་ཡང་སྣང་། འཇིག་པ་ཡང་སྣང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་འཆགས་པར་མཐོང་ལ། གཞན་དག་ནི་འཇིག་པར་མཐོང་ངོ་།། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཏིང་འཛིན་དཔག་ཏུ་མེད་པས་རྣར ་རོལ་པས་ཀུན་ཏུ་སྟོན་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་བཅོམ་ལྡན་འདས་ཀྱི་འཁོར་གྱི་ནང་དུ་ཏིང་འཛིན་ལ་སྙོམས་པར་ཞུགས་པ་བྱང་ཆུབ་སེམས་དཔའ་གང་གིས་ཀྱང་ཏི་ངེ་འཛིན་དེ་ལས་བསླང་བར་མ་ནུས་པ་ལས ་བུ་མོ་བློ་གྲོས་བཟང་མོས་བསླང་བ་ལྟ་བུ་སྟེ། དེ་ལྟ་བུ་ལ་སོགས་པ་ཏིང་འཛིན་གྱིས་རྣམ་པར་རོལ་པ་ཐེག་པ་ཆེན་པོའི་མདོ་སྡེ་ལས་འབྱུང་བ་དག་ཡི་ནོ།། མངོན་པར་ཤེས་པ་ནི་དྲུག་སྟེ། འཕོ་བ་དང་། མཐུན་པར་ཐོས་པ་དང་། སེམས་ཀྱི་སྤྱོང་བ་དང་། ་འཇུག་པ་དང་། འགྲོ་བ་དང་། འོང་བ་དང་། ངེས་པར་འབྱུང་བའི་སྒོ་ནས་རིག་པར་བྱའོ།། རིག་པ་ནི་གསུམ་སྟེ། སྔོན་གྱི་མཐའ་ལ་སོགས་པ་ལ་མ་རིག་པར་བཟློག་པའི་ཕྱིར།། རྣམ་པར་ཐར་པ་ནི་བརྒྱ་དེ། གཟུགས་ཅན་གཟུགས་རྣམས་ལས་བསྟན་པ་ནི་རྣམ་པར་ཐར་པ་དང་པོའོ།། ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་བ་ནི། རྣམ་པར་ཐར་པ་གཉིས་པའོ།། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱ་བ་ནས་རྫོགས་པར་བྱ་སྟེ། གནས་པ་ནི་གསུམ་པའོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་པའོ།། ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ།། ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ།། ཡོད་མིན་མེད་མིན་སྐྱེ་མཆེད་ནི་བདུན་པའོ།། འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པའོ།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་བརྒྱད། ནང་གཟུགསུ་འདུ་ཤེས་པས་ཕྱི་རོལ་གྱི ་གཟུགས་ཆུ་ངུ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་བོལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ།། གཟུགས་ཆེན་པོ་ལ་ཡང་དེ་དང་འདྲ་སྟེ། འདི ་ནི་གཉིས་པའོ།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་གྱིས་མནན ་པའི་སྐྱེ་མཆེད་གསུམ་པའོ།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་ངན་པ་རྣམས་ལ་བལྟ་ཞིང་ཞེས་བྱ་བ་ལ་སོགས་པ་འདི་ནི་བཞི་པའོ།། བཞི་ནི་སྔོན་པོ་དང་། སེར་པོ་དང་དམར་པོ་དང་དཀར་པོ་དག་གོ། ཟད་པར་གྱི ་སྐྱེ་མཆོད་ནི་ཟད་པར་ས་དང་ཆུ་དང་མེ་དང་རླུང་དང་། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་། ནམཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་གོ།། ཏིང་འཛིན་དཔའ་བར་འགྲོ་བ་ལ་སོགས་པ་དཔག་ཏུ་མེད་པའོ།། མཐུ་དང་ཆ ་བའི་བདག་ཉིད་ལ་ཁྱད་པར་ཅན་ཡོད་ཅེ་ན། མཐུ་ནི་རང་གི་རྟེན་ལ་ཡོད་པའོ།། ཆེ་བའི་བདག་ཉིད་ནི་མཐུ་དང་ལྡན་པ་གཞན་དག་ལ་ཕན་པ་བྱེད་པའོ།། མཐུའི་སྐབས་རྫོགས་སོ།། །། མཐུའི་འོག་ཏུ་ཡོངསུ་སྨིན་པའི་སྐབས་ཡིན་ཏེ། དེའི་འབྲེལ་པ་གང་ཡིན་ཞེ་ན། ་སྔར་རྒྱ་ཆེ་ཕྱིར་དང་ཟབ་པའི་ཕྱིར། ཡོངསུ་སྨིན་པ་དང་མི་རྟོག། དེ་ཕྱིར་འདི་ལས་གཉིས་བསྟན་ཏེ། དེ་ནི་བླ་ན་མེད་པའི་ཐབས་ཞེས་བཤད་པས་མཐུ་རྒྱ་ཆེན་པོ་བསྟན་པ་མཐོང་བས་ནི་སེམས་ཅན་རྣམས་ཡོངསུ་སྨིན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་མཐུ ་མཐོང་ནས་དེ་ལ་མོས་པ་རྣམས་དེ་ཐོབ་པར་བྱ་བའི་ཕྱིར་འངངོ་།། ཟབ་མོ་བསྟན་པས་ནི་རྣམ་པར་མི་རྟོག་སྟེ། དེ་དག་གིས་གོ་རིམ་བཞིན་དུ་སེམས་ཅན་རྣམས་ཡོངསུ་སྨིན་པ་དང་། བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱེདོ་ཞེས་དེ་སྐད་དུ་བཤ་།། དེའི ་ཕྱིར་མཐུའི་འོག་ཏུ་ཡོངསུ་སྨིན་པའི་སྐབས་ཡིནོ།། རྣམ་པ་གཅིག་ཏུ་ན་ཡོངསུ་མི་སྐྱོ་བའི་ཐབས་མཐུ་བཤད་མ་ཐག་པ་ཡིན་ཏེ། འཁོར་བའི་ལོག་པར་བསྒྲུབ་པ་དང་། སྡུག་བསྔལ་དག་གིས་མི་སྐྱོ་བའི་དུས་རིང་པོར་སངས་རྒྱས་ཀྱི་ཆོས་དང་། སེམས་ཅན ་ཡོངསུ་སྨིན་པར་བྱེད་པ་ན་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བར་འགྱུར་བས་དེའི་འོག་ཏུ་དགེ་བ་འཕེལ་བའི་ཐབས་ཡོངསུ་སྨིན་པའི་སྐབས་ཡིནོ།། སྤོང་བའི་ཡན་ལག་རྣམས་དང་ལྡན་པ་ཉི་དོ་ཞེས་བྱ་བ་ལ། སྟོང་བའི་ཡན་ལག་ནི་ལྔ་སྟེ། དད་པ་དང་། གཡོ་མེད ་པ་དང་། སྒྱུ་མེད་པ་ཉིད་དང་། ནད་ཉུང་བ་དང་། ཤེས་རབ་བསྒོམ་པའོ།། ཉོན་མོངས་པ་སེལ་བ་ནི་བྱང་ཆུབ་སེམས་དཔའི་ཞི་བ་ཞེས་བྱ་བ་ནི་སྡོམ་པོ་ནོད་པའི་དུས་ནས་བཟུང་སྟེ། དབང་པོའི་སྒོ་བསྡམས་པ་ལ་སོགས་པས་ཚོགས་ཀྱིས་ལམ་དང་། སྦྱོར་བ་དང་། མཐོང་བ་དང་། སྒོམ་པ ་དང་། མཐར་ཐུག་པའི་ལམ་དག་གིས་འདོད་པའི་གནོད་སེམས་ལ་སོགས་པ་ཉོན་མོངས་པ་རྣམས་རབ་ཏུ་ཞི་བ་སྟེ། བྱང་ཆུབ་སེམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་པས་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་རྣམ་པར་རྟོག་པའི་ཉོན་མོངས་པ་རྣམས་སྤངས ་པལ་རབ་ཏུ་ཞི་བ་ཞེས་བྱའོ།། རང་བཞིན་སྙིང་བརྩེ་བ་ཞེས་བྱ་བ་ལ། རང་བཞིན་ཞེས་བྱ་བའི་སྒྲས་ནི་རིགས་བཟུང་སྟེ། དེ་སྐད་དུ་བྱང་ཆུབ་སེམས་དཔའི་ས་ལ། རིགས་དང་ཁམས་དང་ས་བོན་དང་རང་བཞིན་ཞེས་བྱ་བ་ནི་རྣམ་གྲང་སོ།། ཞེས་བཤད་པ་ལྟ་བུའོ།། རང་བཞིན་བརྟན ་པ་ཞེས་བྱ་བ་འདིར་ཡང་རང་བཞིན་ཞེས་སྨོས་པས་ནི་བཟོད་པའི་རིགས་བཟུང་སྟེ། ལས་དང་པོ་པ་བཟོད་པ་དང་ལྡན་པའི་ཆོས་དག་མ་ཐོས་པར་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ལ་སོགས་པ་འཇོག་པ་གང་ཡིན་པ་དེ་ནི་རིགས་ཀྱི་སྟོབས་ཀྱིས་ཡིནནོ།། སོ་སོར ་རྟགས་པ་ནི་ཤེས་རབ་སྟེ། ཤེས་རབ་ཀྱིས་བཟོད་པ་དང་ལྡན་པའི་ཆོས་རྣམས་དཔྱད་ཅིང་དཔྱང་ནས་དེའི་འོག་ཏུ་སེམས་ཅན་དག་ལས་མི་འདོད་པ་འབབ་པ་ལ་སོགས་པ་བཟོད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཡི་ནོ།། དེའི་འོག་ཏུ་མཉམ་པར་བཞག་པའི ་གནས་སྐབས་ན་སྒོམ་པའི་སྟོབས་ཀྱི་སོ།། དྲན་པ་དང་ཤེས་རབ་མཚུངས་པར་ལྡན་པ་ལ་ཡིད་གཞུངས་པ་ཞེས་བྱ་བའི་ཆོས་གང་ག་སོ།། ཡང་ན་འདི་ལྟར་གསུང་རབ་ལས་ཡིད་གཞུངས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རྣམ་གྲངསུ་འབྱུང་བས་ཡིད་གཞུངས་པ་ཞེས་བྱ་བ ་ནི་ཤེས་རབ་ཀྱི་རྣམ་གྲངས་ཁོ་ན་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས་ཤེས་རབ་ཀྱི་དབང་དུ་ན་ཛད་ན་ཤེས་རབ་དང་ཤེས་རབ་གསལ་དང་ཡིད་གཞུངས་པ་དང་མཁས་པ་ཞེས་གསུངས་པ་ལྟ་བུའོ།། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་སྐྱེ ་པར་རུང་བ་ཉིད་ནི་ཡིད་གཞུངས་པའི་ལསོ་ཞེས་བརྗོད་པ་གང་ཡིན་པ་དེར་ནི་དེ་ཁོ་ན་ཉིད་མ་རྟོགས་པའི་ཤེས་རབ་བསྐལ་པ་གྲངས་མེད་པ་དང་པོ་ལ་ངེས་པར་སྐྱེས་པ་གང་ཡིན་པ་དེ་ལ་ཡིད་གཞུངས་པ་ཞེས་བྱའོ།། ཡིད་གཞུངས་པའི་རང་བཞིན་གྱིས་ཤེས་རབ་དེ་ཡོད ་འཇིག་རྟེན་ལས་འདས་པའི་ཤེས་རབ་སྐྱེ་བར་རུང་བ་ཡིན་པས་དེ་ནི་དེའི་ལསུ་བསྟན་ཏེ། ཆོས་དེ་ཉིད་ཆོས་དེ་ཉིད་ཀྱི་ལསུ་ཇི་ལྟར་འགྱུར་ཞེ་ན། ཚུལ་འདིས་ཉེས་པ་མེདོ།། ནམ་བདུད་ཀྱིས་བར་ཆད་བྱ་མི་ནུས་ཞེས་བྱ་བ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་གནས་སྐབས ་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་ཆོས་ཀྱི་རྗེ་སུ་འབྲང་བ་ལ། གང་གི་ཚེ་བདུད་བྱང་ཆུབ་སེམས་དཔའ་དང་བསྐལ་པ་འདྲ་བ་ལྟ་བུ་ཉེ་བར་འོང་བས་བར་ཆད་བྱ་བར་མི་ནུས་པ་དེའི་ཚེ་མི་འཕྲོགས་པ་ཉིད་ཡིན་ཏེ། རང་བཞིན་གྱིས་ཡོངསུ་སྨིན་པ་ཡི་ནོ།། བྱང་ཆུབ ་སེམས་དཔའ་ཡོངསསུ་སྨིན་པའི་སྐབསོ།། །། བྱང་ཆུབ་སེམས་དཔའ་ཡོངསསུ་སྨིན་པའི་འོག་ཏུ་སེམས་ཅན་ཡོངསུ་སྨིན་པ་སྟེ། འདིའི་འབྲེལ་པ་ཡང་དེ་ཉིད་ཡིན་ལ་བདག་ཡོངསུ་སྨིན་པས་ཀྱང་། སེམས་ཅན་ཡོངསསུ་སྨིན་པར་བྱེད་པར་རུང་བ་ཡིནོ།། དེ ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་།། དེ་བཞིན་སྤྱད་པ་ཉི་དུ་སྨན་པ་བསྟན། ཅེས་བྱ་བ་ནི་གོ་རིམ་བཞིན་དུ་མི་མཐུན་པ་ཞི་བ་དང་གཉེན་པོ་སྦྱར་བའོ།། ཕྱི་རོལ་པའི་ཡོངསུ་སྨིན་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་མཆོག་ཏུ་སྨིན་པར་བྱེད་པ་ནི། ་རབ་ཏུ་སྨིན་པ་བྱེད་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱིས་ཡོངསུ་སྨིན་པ་ལས་ཡོངསུ་སྨིན་པར་ཁྱད་པར་དུ་འཕགས་པ་ཡི་ནོ།། འཚམ་པར་སྨིན་པར་བྱེད་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྤྱད་པ་རྣམས་ལ་མི་སྡུག་པ་ལ་སོགས་པ་སྟོན་པསོ།། རྟོགས་པས་སྨིན ་པར་བྱེད་པ་ནི་རྟོགས་པ་སྨིན་པར་བྱེད་པའོ།། ཞེས་བྱ་བ་ནི་ཆེད་ཀྱི་དོན་དུ་གསུངས་པ་ཡིན་ཏེ། དཔེར་ན་ཟས་ཀྱི་སྡོང་ཞེས་བྱ་བ་ལྟ་བུའོ།། ཡང་ན་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་རྟོགས་པས་སྨིན་པར་བྱེད་པ་ནི་རྟོགས་པར་སྨིན་པར་བྱེད་པ་ཞེས་བྱའོ།། ཕྱིན་ཅི་མ་ལོག་པའི ་དོན་གྱིས་རྟག་ཏུ་སྨིན་པར་བྱེད་པ་ནི་རྟག་ཏུ་སྨིན་པར་བྱེད་པའོ།། ཞེས་བྱ་བ་ནི་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ཀྱི་དོན་ཕྱིན་ཅི་མ་ལྡོག་པར་སྟོན་པ་སྟེ། འདས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ ་གང་ཡིན་པ་དེ་ལ་མིང་གི་ཚོགས་ལ་སོགས་པ་གང་དག་ཡོད་པ་དེ་དག་གིས་དོན་གདུལ་བའི་སྐྱེ་བོ་ལ་བལྟོས་ནས་ཕྱིན་ཅི་མ་ལོག་པར་བསྟན་པ་གང་ཡིན་པའི་དོན་དེ་རྟག་ཏུ་དེ་ཁོ་ན་བཞིན་དུ་རབ་ཏུ་བསྟན་པས་སེམས་ཅན་རྣམས་ཡོངསུ་སྨིན་པར་འགྱུར་བ་གང་ཡིན ་པ་དེ་ནི་རྟག་ཏུ་སྨིན་པར་བྱེད་པའོ།། རྣམ་པ་གཅིག་ཏུ་ན་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་ངོ་བོ་ཉིད་ཀྱིས་ཆོས་རྣམས་ལ་ནམ་ཡང་རྟོག་པར་རང་བདེ་བ་ལ་སོགས་པར་མངོན་པར་ཞེན་ནས་ཕྱིན་ཅི་ལོ་གོ་ཏུ་སྟོན་པར་མི་བྱེད་ཀྱི་། རྟག་ཏུ ་མི་རྟག་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པའི་དོན་རབ་ཏུ་སྟོན་པས་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད་པས་རྟག་ཏུ་སྨིན་པར་བྱེད་པ་ཞེས་བྱའོ།། ཡོངསུ་ཉམས་པར་མི་འགྱུར་བའི་དོན་གྱིས་གྲོང་ནས་གོང་དུ་རིམ་གྱིས་སྨིན་པར་བྱེད་པ་ནི་གོང་དུ་སྨིན་པར་བྱེད་པ ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པ་དང་། ཉན་ཐོས་རྒྱུན་ཏུ་ཞུགས་པ་ཡོངསུ་སྨིན་པར་བྱ་བ་དག་སངས་རྒྱས་ཉིད་དང་། དགྲ་བཅོམ་པོ་ཉིད་འཐོབ་པ་སྟེ། དེ་དག་གིས་ཡོངསུ་སྨིན་པ་གང་ཡིན་པ་དེ་ནི་གོང་དུ་འགྲོ་བའི་ཕྱིར་གོང་དུ་སྨིན་པ་ཞེས་བྱའོ།། ། ་དེ་བཞིན་པ་དད་མ་དང་གཉེན་བཤེས་རྣམས།། བུ་དང་གཉེན་པ་རྣམས་ལ་ལེགས་མི་གནས་ཞེས་བྱ་བ་འདི་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམ་པ་ལ་ལེགས་པར་གནས་པ་དེ་ལྟར་ཕ་དང་མ་དག་ཀྱང་བུ་རྣམས་ལ་ལེགས་པར་མི་གནས། དེ་ལྟར་གཉེན་བ ་རྣམས་ཀྱང་གཉན་པ་དག་ལ་ལེགས་པར་མི་གནས།། ཞེས་དེ་སྐད་དུ་སྦྱར་བར་བྱའོ།། འཇིག་རྟེན་བདག་ལ་བྱམས་པ་ནི་བདག་ཉིད་ལ་ཕན་པ་མ་ཡིན་པ་དང་བདེ་བ་མ་ཡིན་པར་སྦྱརོ།། ཞེས་བྱ་བ་ནི་རྨོངས་པ་ནི་བུ་དགྲ་ཉིད་བདེ་བར་བྱའོ།། སྙམ་ནས་མ་བྱིན་པར་ལོན་པ་ལ་སོགས ་པ་ལ་རབ་ཏུ་སྦྱརོ།། དེའི་མ་བྱིན་པར་ལེན་པ་ལ་སོགས་པ་དེ་ཡང་ཚེ་ཕྱེ་མེ་ལ་ངན་འགྲོར་ཁྲིད་པར་བྱེད་པ་ཡིན་པས་ཕན་པ་མ་ཡིན་པར་འགྱུར་ཏེ། དེ་ལྟར་ན་འཇིག་རྟེན་ནི་བདགི་ཉོད་ཕན་པ་མ་ཡིན་པ་ལ་སྦྱོརོ།། དེའི་རྐྱེནི་གྱིས་འདི་ཉིད་ལ་གསད་པ་དང་བཅི་བ་དང་བརྡེག་པ་ལ་སོགས ་པའི་སྡུག་བསྔལ་གང་ཡིན་པ་དེ་ནི་དེའི་བདེ་བ་མ་ཡིན་པའོ།། ཡང་ན་མུ་སྟེགས་ཅན་གྱི་ལྟ་བ་བསྟན་པའི་ཕྱིར་ཏེ། ཀུན་ཏུ་གདུང་བ་དང་། ཡོངསུ་གདུང་བ་དང་། མེར་འཇུག་པ་དང་། ཟས་མི་ཟ་བ་ལ་སོགས་པ་བརྟེན་པས་འདི་ཉིད་ལ་སྡུག་བསྔལ་འཐོའོ།། དེའི་ཕྱིར་བདེ་བ་མ་ཡིན་པ ་ལ་སྦྱོརརོ།། དེའི་རྐྱེན་གྱིས་ངན་འགྲོར་འགྲོ་བ་གང་ཡིན་པ་དེ་ནི་ཕན་པ་མ་ཡིན་པ་ལ་སྦྱརོ།། བྱང་ཆུབ་སེམས་དཔའ་ནི་ཕ་དང་མ་དང་གཉེན་བཤེས་ཀྱི་བསམ་པ་པས་བཀྲེས་པ་དང་། སྐོམ་པ་དང་། གྲང་བ་དང་། ཚ་བ་ལ་སོགས་ལ་སྲོག་ལ་འབབ་པའི ་སྡུག་བསྔལ་ཡང་བརྩིས་ལ་མི་ཆགས་པར་གོ་ཆ་དང་། སྦྱོར་བ་དང་། མི་འགོད་པ་དང་། མི་འཁྲུག་པ་དང་། ཆོ་ག་མི་ཤེས་པའི་བརྩོན་འགྲུས་ཀྱིས་བདག་ལ་མི་ལྟ་བ་སྦྱིན་པ་དང་། སྙན་པར་སྨྲ་བ་ལ་སོགས་པས་སེམས་ཅན་རྣམས་ཀྱིས་ཇི་ལྟར་བསམ་པའི་དོན་ཡོངསུ་རྟོགས ་པར་བྱེད་པའི་ཕྱིར་བདེ་བའི་བསམ་པ་ཅན་ཞེས་བྱའོ།། དེའི་འོག་ཏུ་བསྒྲུབ་པའི་དངོས་པོ་རྣམས་ཀྱིས་བསྡུས་ནས་བསྟན་པ་ལ་འཛུད་པ་དང་། རབ་ཏུ་འབྱུང་བ་ལྔ་སོགས་པ་ཕན་པ་ལ་སྦྱོར་བའི་ཕྱིར་ཕན་པའི་བསམ་པ་ཅན་ཞེས་བྱའོ།། རང་གི་ལུས་དང་ལོངས་སྤྱོད་ཐ~ཾད ་སྦྱིན་པ་ཞེས་བྱ་བ་ནི། མགོ་དང་རྐང་པ་དང་། ལག་པ་དང་། མིག་དང་། ཤཾ་དང་ཁྲག་དག་ཚིལ་དང་། རྐང་ལ་སོགས་པ་སྦྱིན་པའི་ཕྱིར། རཧཱ་གི་ལུས་ཐམས་ཅད་སྦྱིན་པ་ཡི་ནོ།། ནོར་དང་། འབྲུ་དང་། མཛོད་དང་། བཱང་མཛོད་དང་། ནོར་བུ་དང་། མུ་ཏིག་དང་། རྒྱན་དང་གླང་པོ་ཆེ་དང་། རྟ་དང ་བུ་དང་། བྲན་ལ་སོགས་པ་སྦྱིན་པའི་ཕྱིར་ལོངས་སྤྱོད་ཐམས་ཅད་སྦྱིན་པ་ཡི་ནོ།། མཱི་མཉམ་པ་མེད་པར་སྦྱིན་པ་དང་ངོམོས་པ་མེད་པར་སྦྱིན་པས་སོ།། ཞེས་བྱ་བ་ཚོགསུ་བཅད་པ་ལས་ཚིག་གང་དང་གང་གིས་བསྟན་ཅེ་ན། མཉམ་པར་སྦྱིན་པའི་སྟོན་ངོམས་པར་མི་འགྱུརརོ།། ་ཞེས་བྱ་བ་སྟེ། མི་མཉམ་པ་མེད་པར་སྦྱིན་པ་ཉིད་དང་། ངོམས་པ་མེད་པར་སྦྱིན་པ་ཉིད་གང་དག་ཡིན་པའི་སྟོན་ཡི་ནོ།། མི་མཉམ་པ་མེད་པར་སྦྱིན་པ་ནི་སྙིང་རྗེས་སྣོད་ཀྱི་ཁྱད་པར་ལ་མི་བལྟ་བའི་ཕྱིརརོ།། ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་འདོགས་པས་ཏེ་ཞེས་བྱ་བ་ཚིག་སུ་བཅད་པའི ་ཚིག། ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད། ཅེས་བྱ་བ་འདིས་བསྟན་ཏོ།། རྟག་པ་ཞེས་བྱ་བས་ནི་བརྟན་པའི་ཚུལ་ཁྲིམས་སྟོན་ཏེ། ཡང་དག་པར་བླང་བ་ལེན་པ་གང་ཡིན་པ་དེ་དུས་ཐམས་ཅད་རྗེསུ་འཇུག་ཅིང་སྲོག་ལ་དབ་ཀྱང་ཡོངསུ་མི་གཏོང་བས་དེའི ་ཕྱིར་བསྟན་པའི་ཚུལ་ཁྲིམས་ཞེས་བྱའོ།། རང་བཞིན་གྱི་ཚུལ་ཁྲིམས་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་ཤིན་ཏུ་གོམས་པའི་ཕྱིར་རང་བཞིན་གྱིས་ཚུལ་ཁྲིམས་ཅན་དུ་འགྱུར་བ་སྟེ། སོ་སོར་བརྟགས་ནས་ཚུལ་ཁྲིམས་ཡང་དག་པར་ལེན་པ་ལ་འཇུག་པ་མ་ཡིནོ།། གཞན ་ལ་ཚེ་ཕྱི་མ་ལ་ཕན་འདོགས་པ་ནི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་སྟོན་ངག་བརྒྱུད་པས་བྱེད། དེའི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དག་ཕན་ཚུན་མཐུན་པས་རྒྱུན་མི་འཆད་པའི་ཕྱིརརོ།། ཞེས་བྱ་བ་ནི་འདི་ལྟར་ཚུལ་ཁྲིམས་དང་། ལྡན་པ་བདེ་འགྲོར་སྐྱེ་བ་ནི་རྣམ་པར ་སྨིན་པའི་འབྲས་བུའོ།། དེ་སྔོན་གོམས་པའི་དབང་གིས་ཡང་དང་ཡང་དུ་ཚུལ་ཁྲིམས་ཡང་དག་པར་བླང་བ་ལ་འཇུག་པ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། རྒྱུ་མཐུན་རྒྱུ་དང་འདྲ་བའོ་ཞེས་འབྱུང་བའི་ཕྱིར།། དེ་ནས་ཤི་འཕོས་ནས་ཡང་གོམས་པའི་དབང་གིས་ཚེ་རབས་གཞན། ་དག་དུ་དེ་ཁོ་ན་བཞིན་དུ་འཇུག་པའི་ཕྱིར་བརྒྱུད་པས་ཤེས་བྱ་སྟེ། རྣམ་པར་སྨིན་པ་དང་། རྒྱུ་མཐུན་པ་དག་ཕན་ཚུན་མཐུན་པས་རྒྱུན་མི་འཆད་པའི་ཕྱིར།། བརྩོན་འགྲུས་མཆོག་ལ་ཞེས་བྱ་བ་ནི། བརྩོན་འགྲུས་ཆེན་པོ་ལ་ཞེས་བྱ་བའི་དོན་ཏོ།། གཞན་གྱི་སེམས་དགེ་བ་གཅིག ་གི་ཕྱིར་ཡང་ཞེས་བྱ་བ་ནི་གལ་ཏེ་གཞན་བསྐལ་པ་བྱེ་བ་སྟོང་གིས་དགེ་བའི་སེམས་གཅིག་སྐྱེད་པ་བྱེད་ན་ཡང་དེས་ཀྱང་བྱང་ཆུབ་སེམས་དཔའ་ལ་སྐྱོ་བ་མེད་པའོ།། ཟང་ཟིང་མེད་པ་གཞན་གྱིས་མཆོད་འདོད་པ་ཐམས་ཅད་ངེས་པར་བཅོམ་པ་ཞེས་བྱ་བ་ནི་ང ་སྙམ་དུ་གཞན་དག་བདག་ལ་མཆོད་པ་དང་བཀུར་སྟི་ལ་སོགས་པ་བྱེད་པར་འགྱུར་བས་དེའི་ཕྱིར་བདག་གིས་བསྒྲིམ་པར་བྱའོ།། སྙམ་དུ་མི་སེམས་ཀྱི། ཟང་ཟིང་མེད་པའི་སེམས་མཆོད་པ་དང་བཀུར་སྟི་འདོད་པ་དང་བྲལ་བས་ཡོངསུ་སྨིན་པ ་བྱེ།། དེ་ཉིད་ཀྱི་དོན་གྱི་ཚུལ་ནི་དོན་དམ་པའི་ཚུལ།། དགོངས་དོན་ཚུལ་ནི་དགོངས་པའི་དོན་གྱི་ཆུ་ལོ་ཡོངསུ་སྨིན་པའི་སློབ་སོ།། །། ཡོངསུ་སྨིན་པའི་འོག་ཏུ་ཐམས་ཅད་མཁྱེན་པ་ཉིད་དེའི་འབྲེལ་པ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་དེ་ལྟར་དགེ ་བའི་རྩ་བའི་ཚོགས་ཡོངསུ་སྨིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་འགྱུར་བས་དེའི་ཕྱིར་དེའི་འོག་ཏུ་བྱང་ཆུབ་ཀྱི་སྐབས་ཡིནོ།། རྣམ་པ་གཅིག་ན་བསླབ་པའི་དམིགས་པ་རང་དང་གཞན་གྱི་དོན་ལ་སོགས་པ་དངོས་པོ་བདུན ་པ་བཤད། འདི་ལྟར་བྱང་ཆུབ་ཀྱི་སེམས་ཀྱིས་བྱང་ཆུབ་དོན་དུ་གཉེརོ།། དེ་ཡང་ཅིའི་ཕྱིར་ཞེ་ན། བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར་ཏེ། དེའི་ཕྱིར་རང་དང་གཞན་གྱི་དོན་གྱི་སྐབས་ཡིན།། རང་དང་གཞན་གྱི་དོན་ལ་ཞུགས་པ་ནི་ཀུན་ནས་ཉོན་མོངས་པ་མེད ་བར་བྱ་དགོས་པས་དེའི་འོག་ཏུ་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་དེ་ཁོ་ན་ཉིད་ཀྱི་སྐབས་བཤ་།། དེའི་འོག་ཏུ་གདུལ་བའི་སེམས་ཀྱི་དོན་དུ་ཡོངསུ་མི་སྐྱོ་བའི་ཐབས་མཐུའི་སྐབས་བཤ་།། དེ་ཁོ་ན་ཉིད་དང་མཐུ་འདྲེ་དག་ཁོ་ནས་གོ་རིམ་བཞིན་དུ་བྱང་ཆུབ ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པ་དང་། སེམས་ཅན་ཡེངསུ་སྨིན་པར་འགྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་རྟོགས་པའི་བདག་ཡོངསུ་སྨིན་པ་དགའ་བ་ལ་སོགས་པ་རྣམ་པ་དགུ་པོ་ཤིན་ཏུ་ཆེན་པོར་འགྱུར་གྱི་དེ་ཁོ་ན་ཉིད ་མ་རྟོགས་པ་མ་ཡིནོ།། མཐུ་དང་ལྡན་པ་ཡོངསུ་སྐྱོ་བ་མེད་པས་སེམས་ཅན་ཡོངསུ་སྨིན་པར་འགྱུར་གྱི་མཐུ་མི་ལྡན་པས་ནི་མ་ཡིན་པས་དེའི་ཕྱིར་ཡོངསུ་སྐྱོ་བ་མེད་པའི་ཐབས་མཐུ་བཤ་དོ།། དེ་ལྟར་བདག་དང་སེམས་ཅན་ཡོངསུ་སྨིན་པར་བྱས་ནས་ཚོགས་ཡོངས ་རྫོགས་པ་དེ་དེའི་རྗེས་ལ་བདེ་བླག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡོངསུ་སྨིན་པའི་འོག་ཏུ་བྱང་ཆུབ་ཀྱི་སྐབསོ།། རང་དང་གཞན་གྱི་དོན་ལ་སོགས་པ་དངོས་པོ་བཞི་ནི་རྒྱུར་གྱུར་པ་ཡིནོ།། དེ་ཉིད་ཀྱི་ཕྱིར་བྱང་ཆུབ ་སེམས་དཔའ་རྣམས་དངོས་པོ་བཞི་པ་ལ་ནི་རྒྱུ་ཉི་དུ་དམིགས་ལ། ལྔ་པ་ལ་ནི་འབྲས་བུ་ཉེ་དུ་དམིགས་ཏེ། དེ་བས་ན་གོ་རིམ་ཁ་ན་མ་ཐེ་བོ་མེད་པ་ཡིན།། བསྐལ་མཆོག་དུས་རིང་འགྲོ་བ་ཞེས་བྱ་བ་ལ། མཆོག་ཅེས་བྱ་བའི་སྒྲ་ནི་བསྐལ་པ་ཆེན་པོ་བཟུང་བའི་ཕྱིར།། བསྐལ ་པ་མཆོག་དེ་དག་དུས་རིང་པོར་འགྲོ་བ་སྟེ། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཞེས་བྱ་བའི་ཐ་ཚི་གོ།། རིང་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་བཟུང་བའི་ཕྱིརརོ།། གཉིསུ་མེད་པའི་མཚན་ཉིད་མཐུ་དང་བཅས་པ་ལ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ནི་ཀུན ་བརྟགས་པའི་ངོ་བོ་ཉིད་ཀྱིས་ཡོད་པའི་མཚན་ཉིད་ཀྱང་མ་ཡིན་ལ། ཡོངསུ་གྲུབ་པའི་ངོ་བོ་ཉིད་ཀྱིས་མེད་པའི་མཚན་ཉིད་ཀྱང་མ་ཡིནོ་རིན་པོ་ཆེའི་འབྱུང་གནས་ལྟ་བུ་ཉིད་ནི་མཐུ་ཡིནནོ།། དེ་བཞིན་ཉིད་ཐ་དད་པའི་རང་བཞིན་མ་ཡིན་པའི་ཕྱིར་དང་། སངས་རྒྱས་ཉིད ་ཀྱང་དེ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་ཆོས་ཐམས་ཅད་ཀྱང་སངས་རྒྱས་ཉིད་ཡིན་ཞེས་བྱ་བ་ནི་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་རྗེ་སུ་སོང་བ་ཡིན་ལ། ཆོས་དང་ཆོས་ཅན་དག་ཀྱང་ཐ་མི་དད་པས་དེའི་ཕྱིར་ཆོས་ཐམས་ཅད་སངས་རྒྱས་ཉི་དུ་བརྗོད།། དེ ་དག་གིས་དེ་བསྟན་པར་བྱ་བ་ཡང་མ་ཡིན་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཀུན་བརྟགས་པའི་ངོ་བོ་ཡོངསུ་མ་གྲུབ་པའི་ཕྱིརརོ།། གདུལ་བའི་རྒྱུད་ཀྱི་ཞིང་ལ་དགེ་བའི་ལོ་ཏོག་རྣམས་ཞེས་བྱ་བ་ནི་དེར་རབ་ཏུ་བསྐྲུན་པའི་ཕྱིརརོ།། ། ་ཞེས་བྱ་བར་སྦྱརོ།། སངས་རྒྱས་ཉིད་དེ་ནི་གདུལ་པོའི་ཞིང་དག་ལ་དགེ་བའི་ཆོས་ཀྱི་ལོ་ཏོག་མངོན་པར་འཕེལ་བ་གང་ཡིན་པ་དེའི་རྒྱུ་ཡིན་ཏེ། དགེ་བའི་ལོ་ཏོག་འཕེལ་བ་དེ་ནི་དེ་ལས་རག་ཏུ་སྐྱེའོ།། སྐྱེ་དགུ་རྣམས་ལ་ལེགས་པར་བཤད་པ་མི་ཟད་པའི་ཆོས་ཀྱི་ཚོར་ཆེན ་བོ་འབེབས་པས་ན་ཞེས་བྱ་བས་འདིར་ཚིག་རྣམ་པར་སྦྱར་བར་རིག་པར་བྱའོ་ཞེས་བྱ་བ་ནི་ཚིག་སུ་བཅད་པ་ལས། སྐྱེ་དགུ་རྣམས་ལ་ལོགས་པར་བཤད་པ་མི་ཟད་པའི་ཆོས་ཀྱི་ཆར་ཆེན་འོབེ་བས་པས་ན། ཞེས་གང་བཤད་པའི་ཚིགསུ་བཅད་པའི་བཞི་ཆ་འདི་ལྔ ་ཆོས་ཀྱི་ཆར་ཞེས་བྱ་བའི་སྒྲ་དང་། འབེབས་པ་ཞེས་བྱ་བའི་སྒྲ་ནི་དང་པོར་འབྱུང་ལ། ལེགས་བཤད་དང་མི་ཟད་པ་ཞེས་བྱ་བའི་སྒྲ་ནི་མཇུག་ནས་འབྱུངངོ་།། དེ་ལ་ལེགས་བཤད་དང་། མི་ཟད་ཅེས་བྱ་བའི་ཚིག་དག་ནི་དང་པོར་རིག་པར་བྱ་ལ། ཆོས་ཀྱི་ཆར་དང་འབབས་པ ་ཞེས་བྱ་བའི་སྒྲ་དག་ནི་ཐ་མར་རིག་པར་བྱའོ།། དེ་ལྟར་ན་སྐྱེ་དགུ་རྣམས་ལ་ལེགས་པར་བཤད་པ་མི་ཟད་པའི་ཆོས་ཀྱི་ཆར་ཆེན་པོ་འབེབས་པས་ན་ཞེས་བྱ་བ་ཡིན་ཏེ། ཚིག་རྣམ་པར་སྦྱར་བ་འདི་མཐུན་པར་འགྱུར་རོ།། དེ་བཞིན་དུ། རིན་ཆེན་ཆོས་རབ་ཆེ་ཡངས་འབྱུང་ཕྱིར ་ཞེས་བྱ་བ་དེ་ལ་ཡང་སྦྱར་བར་བྱའོ།། །། སངས་རྒྱས་ཉིད་ཀྱི་ངོ་བོ་འོག་ཏུ་སྐྱབས་བླ་ན་མེད་པའི་ཁྱད་པར་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། འདི་སྐད་དུ་བཤད་པ་ཡིན་ཏེ། མཐུའི་ཁྱད་པར་འདི་ལྟ་བུ་དང་ལྡན་པའི་བཅོམ་ལྡན་འདས་ནི་སྐྱབས་བླ་ན་མེད་པ་ཡིན ་པས་བླ་ན་མེད་པའི་སྐྱབ་སོ།། གོང་དུ་ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང་། དེ་ཉིད་སྒྲུབསུ་སོང་བ་རྣམས་ཀྱི་མཆོག་ཤེས་བྱ།། ཞེས་བྱ་བ་ནི་གང་ཟག་གི་ཁྱད་པར་གྱི་སྒོ་ནས་སྐྱབསུ་འགྲོ་བ་བཤད་པ་ཡིན་ཏེ། གང་ཟག་འཇིགས་པས་སྐྲག་པ ་གང་དྲག་རི་ལ་སོགས་པ་ལ་སྐྱབསུ་འགྲོ་བ་དང་། ཉན་ཐོས་ལ་སོགས་པའི་གང་ཟག་འཁོར་བའི་འཇིགས་པས་སྐྲག་པ་གང་དག་བདག་ཉིད་བསྐྱབ་པའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བའི་གང་ཟག་དེ་དག་པས་བྱང་ཆུབ་སེམས་དཔའི་གང་ཟག ་བབདག་ཉིད་སངས་རྒྱས་ཀྱི་དོན་དུ་གཉེར་བ་གང་ཞིག་བདག་ཀྱང་སངས་རྒྱས་ཉིད་ཐོབ་ནས་སྐྱབསུ་འགྲོ་བར་བྱའོ།། ཞེས་དེ་སྙམ་དུ་བསམ་ནས་དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བ་འདི་ཉིད་མཆོག་ཡི་ནོ།། སྐབས་ཀྱི་དོན་ནི་སྐྱོབ་པའི་དོན་ཡིན་པས་བཅོམ་ལྡན ་འདས་འཚེ་བ་གང་དག་ལས་སྐྱོབ་པས་སྐྱབས་བླ་ན་མེད་པ་ཡིན་པ་དང་། རྒྱུ་གང་དག་གིས་ན་སྐྱབས་རི་ལ་སོགས་པ་བས་སྐྱབས་བླ་ན་མེད་པ་ཡིན་པ་དེ་སྟོན་པར་བྱེད།། སྔ་རོ་ནི་སྐྱབསུ་འགྲོ་བའི་སྐབས་ཀྱིས་བསམ་སོ།། ད་ནི་བྱང་ཆུབ་ཀྱི་སྐབས་ཀྱིས་བསམས་ཏེ། ས ་རྒྱས་ཉིད་ནི་བླ་ན་མེད་པ་ཡིན་ལ།། དེ་ཡང་སྐྱབས་ཐམས་ཅད་པས་སྐྱབས་གཙོ་བོ་ཡིན།། ཆུ་དང་འཆི་བ་དག་ལས་ཀྱང་།། ཞེས་བྱ་བ་ནི་སྐྱེ་བ་མེད་པར་མ་དང་འཆི་བ་མང།། རྒ་བ་དང་འཚོ་བ་ཞེས་བྱ་བའི་སྒྲས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཤད།། སྣ་ཚོགས་འཇིག ་གྱུར་འཇིག་ཚོགས་ཀུན་དང་ཐེག་པ་དང་། ངན་སོང་རྣམ་མང་སྡུག་བསྔལ་ཐབས་མིན་སོང་བ་རྣམས།། ཞེས་བྱ་བ་ནི་ལོང་པོ་ལ་སོགས་པ་འཆེ་བ་སྣ་ཚོགས་ངག་དང་། འཇིགས་པའི་བདག་ཉིད་ལྷ་དང་མོ་ལ་སོགས་པ་ཐམས་ཅད་ལས་ནི་ཐེག་པ་གཉིས་ཀྱིས ་ཡོངསུ་སྐྱོ་བོ།། མ་ངེས་པའི་རིགས་ཅན་རྣམས་ནི་ཐེག་པ་དམན་པ་ལས་ཡོངསུ་སྐྱོ་འོ།། ངན་སོང་དག་ན་སྡུག་བསྔལ་རྣམ་པ་མང་པོ་ཡོད་པ་གང་དག་ཡིན་པ་དེ་དག་ལས་ཡོངསུ་སྐྱོབ་པས་མངན་སོང་རྣམ་མང་སྡུག་བསྔལ་ལས་ཡོངས ་སྐྱོབ་པའོ།། ཐབས་མིན་སོང་ཞེས་བྱ་བ་ནི་ཐབས་མ་ཡིན་པ་ལས་ཡོངསུ་སྐྱོབ་པ་སྟེ། ཐབས་མ་ཡིན་པ་ལས་ཡོང་སུ་སྐྱོབ་པ་ཉིད་ཀྱང་མུ་སྟེགས་ཅན་གྱི་ལྟ་བ་ལས་སློང་བའི་ཕྱིར།། དམ་ཆོས་ལ་སེམས་ཅན་གདུལ་བའི་ཐབས་མཁྱེན་པའི་ཕྱིར་ཞེས་བྱ ་ལེགས་པར་གསུངས་པའི་ཆོས་གདུལ་བ་ལ་སེམས་ཅན་རྣམས་འདོད་ཚོགས་སྤྱོད་པ་ལ་སོགས་པ་ལ་མི་སྡུག་པ་བསྟན་པ་ལ་སོགས་པ་རྣམ་པ་གང་དང་གང་གིས་གདུལ་བར་བྱ་བ་དེ་ཐམས་ཅད་དང་ཇི་ལྟར་བཞིན་མཁྱེན་ཏོ།། ཐུགས་རྗེས་ཕ་རོལ་ཏུ་ཕྱིན ་བའི་ཕྱིརོ།། ཞེས་བྱ་བ་ནི་ཐུགས་རྗེས་བསྐུལ་བས་སངས་རྒྱས་ཀྱི་སྟོན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིནོ།། ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་ཕྱིར་ཐུགས་རྗེའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། མཐར་ཕྱིན་པ་བརྙེས་ཧཱུཾ་བྷ་བཱི་\ུ0f7f་ཎི་གོ་འཛིན་ཇི་སྐད་ནི་བྱ་བ།། འཇིག ་ན་གྱི་ཁམས་ཀྱི་མཐར་ཐུག་པའི་མཐའ་གང་ཡིན་པ་དེ་སྐྱབས་སངས་རྒྱས་ཀྱི་མཐའ་ཡང་དེ་ཡིན།། འཇིག་རྟེན་གྱི་ཁམས་ཀྱི་མཐའ་ལ་ནི་མཐར་ཐུག་པ་མེད་ལ་སྐྱབས་ལ་ཡང་མཐར་ཐུག་པ་མེད་པས་སངས་རྒྱས་ཉིད་དེ་ནི་སྐྱབས་དཔེ་མེད་ཅིང་མཆོག་ཡིན་པར ་འདོ་དོ།། དེ་ནི་མི་རྟོག་ཡེ་ཤེས་ལམ་གྱིས་འཐོབ་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་ལམ་ཐོབ་པསོ།། ཤིན་ཏུ་ཡུལ་ཆེན་ཡེ་ཤེས་ལམ་གྱི་ཐོབ།། ཅེས་བྱ་བ་ནི་དེའི་རྗེས་ལ་འཐོབ་པ་ཤེས་བྱ་མཐའ་ཡས་པའི་ཡུལ་ཅན ་ཀྱི་ལམ་ཐོབ་པས་ཏེ། འདི་གཉིས་བཤད་པར་བྱ་བའི་ཚིག་ཡིན་པར་སྦྱརོ།། སངས་རྒྱས་ཀྱི་སེམས་ཅན་གྱི་ཚོགས་ཀུན་ཏུ་སོང་བ་ཉིད་ནི་སེམས་ཅན་ཐམས་ཅད་བདག་ཉིད་ཞལ་གྱིས་བཞེས་པ་ཡོངས་གྲུབ་པ་ལས་རིག་པར་བྱའོ།། ཞེས་བྱ་བ་ནི་དེས་ས་དང་པོ་ལ ་ཆོས་ཀྱི་དབྱིངས་ཐམས་ཅད་འགྲོ་བའི་དོན་དུ་རྟོགས་པས་བདག་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ཡིན་ཞེས་སེམས་ཅན་ཐམས་ཅད་དང་མཉམ་པ་ཉིད་འཐབ་པོ།། སེམས་ཅན་ཐམས་ཅད་བདག་ཉིད་ཁས་བླངས་པ་དེ་སངས་རྒྱས་ཀྱི་ས་ལ་ཡོངསུ་གྲུབ་སྟེ། ་དེ་བཞིན་ཉིད་ནི་ཐམས་ཅད་སོང་བ་ཉིད་དུ་རབ་ཏུ་གྲུབ་པས་འདི་ནི་ཁྱད་པར་གཞན་ཡི་ནོ།། ཇི་ལྟར་རྔ་དག་མ་བརྡུངས་པར།། ཞེས་བྱ་བ་ནི་ཇི་ལྟར་སེམས་ཅན་རྣམས་ཀྱི་སྔོན་གྱི་དགེ་བའི་རྩ་བའི་དབང་གིས་རྔ་དག་མ་བརྡུངས་པ་ལས་གཟས་པ་མེད་པར་གྲོགས་པོ་དག་འད ་པ་རྣམས་ནི་མི་རྟག་པ་མི་བརྟན་པ་ཡིད་བརྟན་དུ་མི་རུང་སྟེ། ངན་འགྲོའི་རྒྱུ་ཡིནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་སྒྲ་འབྱུང་བ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་རང་བཞིན་གྱི་སྐུ་ལ་བཞུགས་པ་རྣམས་ཀྱང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ལྷུན་གྱི ་གྲུབ་པར་ཆོས་འཆང་བ་འབྱུང་།། དེ་བཞིན་དུ་ཇི་ལྟར་ནོར་བུ་འབང་བ་མེད་པར་རང་གི་འོད་སྟོན་པ་ལྟ་བུ་སྟེ། ནོར་བུ་འདི་སྙམ་དུ་བདག་གིས་འོད་ཀྱིས་བྱ་བ་བྱའོ།། སྙམ་དུ་མོ་སེམས་མོད་ཀྱི་འོན་ཀྱང་རྟོག་པ་མེད་པར་འོང་སྟོན་པར་འགྱུར་ལ་སྙིང་བཞིན་གྱི་ནོར་བུ་ཡང་མཐུ ་སྟན་ཏོ།། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ལྷུན་གྱིས་གྲུབ་པའི་གནས་སྐབས་ན་བཟའ་བ་མི་མངར་ང་རྣམ་པར་མི་རྟོག་པ་བཞིན་དུ་སངས་རྒྱས་ཀྱིས་མཛད་པ་མཛད་པར་འགྱུརརོ།། ཚིགསུ་བཅང་བ་འདི་གཉིས་ཀྱིས་ནི་ལྷུན་གྱིས་འགྲུབ་པ་ཉིད ་བསྟན་ཏོ།། ད་ནི་ཚིག་སུ་བཅད་པ་གཉིས་ཀྱིས་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆང་པ་ཉིད་སྟོན་པར་བྱེད། ཇི་ལྟར་ན་མཁའ་ལ་འཇིག་རྟེན་གྱི་བྱ་བ་རྒྱུན་མ་འཆད་པར་སྣང་བ་ལྟ་བུའོ།། ཇི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུན ་མི་འཆད་ཅེ་ན། འཇིག་རྟེན་གྱི་ཁམས་གཞན་ཞིག་སྟེ། སྟོངས་པ་དག་ཏུ་འཇིག་རྟེན་གྱི་བྱ་བ་རྣམས་མི་སྣང་མོད་ཀྱི། འོན་ཀྱང་གང་དག་ཆགས་པ་དེ་དག་ན་འཇིག་རྟེན་གྱི་བྱ་བ་རྣམས་རྒྱུན་མ་འཆད་པར་སྣང་ངོ་།། དེ་བཞིན་དུ་ཟགས་པ་མེད་པའི་དབྱིངས་ན་མཁའ་ལྟར ་ཆད་པ་མེད་པ་ལ་ཡང་སངས་རྒྱས་ཀྱིས་མཛད་པ་རྒྱུན་མི་འཆང་བར་འབྱུང་།། ཇི་ལྟར་ན་མཁའ་ལ་རྟག་ཏུ་བྱ་བ་རྣམས་སྐྱེ་ཞིང་འཇིག་པར་འགྱུར་བ་དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་ཀྱི་ཕྲིན་ལས་སྐྱེ་ཞིང་འབྲི་སྟེ། སེམས་ཅན་གང་དག་སྐལ་པ་དང ་ལྡན་པ་དེ་དག་ལ་ནི་སྐྱེ་ལ། སྐལ་པ་དང་མི་ལྡན་པ་དེ་དག་ལ་ནི་འབྲིའོ།། སྔ་མ་དང་ཕྱི་མུ་ཁྱད་པར་མེད་པའི་ཕྱིར་དག་པ་ཡང་མ་ཡིན་ཞེས་བྱ་བ་ནི་གང་གི་ཕྱིར་སྔར་ཡང་ཀུན་ནས་ཉོན་མོངས་པ་མ་ཡིན་ལ། ཕྱིས་ཀྱང་མ་ཡིན་པ་དེའི་ཕྱིར་དག་པ་མ་ཡིན་ཏེ། གང་ལ་དྲི་མ ་ཡོད་པ་དེ་དག་པར་འགྱུར་ན་ཆོས་ཀྱི་དབྱིངས་དེ་ནི་སྔར་རམ་ཕྱིས་ཀྱང་དྲི་མེ་ཅན་མོ་ཡིནོ།། གློ་བུར་གྱི་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བའི་ཕྱིར་མ་དག་པ་ཡང་མ་ཡིནོ།། བདག་མེད་པའི་མཆོག་ནི་དེ་བཞིན་ཉིད་རྣམ་པར་དག་པའོ།། དེ་ཡང་ངོ་བོ་ཉིད་ཀྱི་དོན་གྱིས་སངས ་རྣམས་ཀྱི་བདག་ཡིན་ཞེས་བྱ་བ་ལ་བདག་ཅེས་བྱ་བའི་སྒྲ་འདི་ནི་བརྟགས་པའི་བདག་ལ་མཐོང་།། ཆོས་ཀྱི་ངོ་བོ་ཉིད་ལ་ཡང་མཐོང་སྟེ། དཔེར་ནས་ནི་སྲ་བའི་བདག་ཉིད་དོ་ཞེས་བྱ་བ་སྲ་བའི་བདག་ཉིད་ཞེས་བྱ་བ་ཤེས་པ་དང་། མེ་ནི་དྲོ་བའི་བདག་ཉི་དོ་ཞེས་བྱ་བ་ནི་དྲོ་བའི་ངོ ་ཉིད་ཞེས་བྱ་བར་ཤེས་པ་ལྟར་འདིར་ཡང་དེ་དང་འདྲ་སྟེ། བདག་མེད་པའི་མཆོག་ནི་དེ་བཞིན་ཉིད་རྣམ་པར་དག་པ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དེ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར་བདག་ཅེས་བྱ་བའི་སྒྲ་ནི་བདག་མེད་པའི་མཆོག་རྫ ་བོ་ཉིད་ཡིན་པར་བལྟ་བར་བྱའོ།། དེའི་ཕྱིར་སངས་རྒྱས་ཡོད་མིན་ཞིང་།། མེད་པར་ཡང་ནི་མི་བརྗོད།། དེ་བཞིན་ཉིད་ཀུན་བརྟགས་པའི་གང་ཟག་དང་ཆོས་མེད་པའི་མཚན་ཉིད་ཡིན་པའི་ཕྱིར།། འདི་ལྟར་དེ་བཞིན་ཉིད་ནི་གང་ཟག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱང་མ་ཡིན་ལ། ཆོས་ཀྱི ་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱང་མ་ཡིན་ཏེ། ཀུན་བརྟགས་པའི་གང་ཟག་རི་བོང་གི་རྭ་དང་འདྲ་ལྔ། ཀུན་བརྟགས་པའི་ཆོས་ཀྱང་དེ་ཁོ་ན་དང་འདྲ་བས་སོ།། དགོངས་པ་འདིས་ནི་སངས་རྒྱས་ཉིད་ཡིནོ།། དེ་བཞིན་ཉིད་ཀྱི་མཚན་ཉིད་ཡོད་པའི་ཕྱིར་མེད་པ་ཡང་མ་ཡིནནོ།། ཇི་ལྟར་ལྕགས ་ལ་ཚ་བ་ཞི་བ་དང་། མིག་ལ་རབ་རིབ་ཞི་བ་ན་གདུང་བ་དང་། རབ་རིབ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཡོད་པ་ཡང་མ་ཡིན་ཞེས་བྱ་བ་ནི་འདི་ལྟར་ཚ་བ་མེད་པ་དང་། རབ་རིབ་མེད་པ་ནི་ཡོད་པ་ཡང་མེ་ཡིན་ཏེ། རིམས་ནད་མེད་པ་བཞིནོ།། ཇི་ལྟར་རིམས་ནད་དང་བྲལ་བ་ཡོད་པ ་མ་ཡིནོ།། ཞི་བའི་མཚན་ཉིད་ཡོད་པའི་ཕྱིར་མེད་པའི་ཡང་མ་ཡིན།། ཞེས་བྱ་བ་ནི་ཚ་བཞི་སྡེ་ལྕགས་གྲང་མོར་གྱུར་པ་ལྕགས་ཀྱིས་ལྕགས་ཀྱི་བྱ་བ་མི་བྱེད་པ་ཡང་མ་ཡིན་ལ། མིག་ལ་རབ་རིབཞི་ན་ཡང་མིག་གིས་མཐོང་བའི་བྱ་བ་མི་བྱེད་པ་མ་ཡིན།། གལ་ཏེ་མེད་པ ་ཙམ་ཞིག་ཡིན་པར་གྱུར་ན་ན་གཟུགས་མེད་པའི་ཕྱིར་ལྕགས་ཀྱིས་ལྕགས་ཀྱི་བྱ་བ་མི་བྱེད་ལ། མིག་གིས་ཀྱང་མིག་གི་བྱ་བ་མི་བྱེད་པར་འགྱུརརོ།། ཇི་ལྟར་རིམས་ནད་ཉེ་བར་ཞི་བ་མེད་པ་ཙམ་ཁོ་ན་མ་ཡིན་གྱི་རིམས་ནད་ཉེ་བར་ཞི་ན་ལུས་ལ་ནད་སོས་པོར་གཞན ་འབྱུང་བ་དེ་བཞིན་དུ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་དང་ཡེ་ཤེས་ལ་གདུང་བ་དང་རབ་རིབ་ལྟ་བུ་འདོད་ཆགས་དང་མ་རིག་པ་དག་ཞི་བ་ནི་ཡོད་པར་མི་བརྗོད།། སེམས་དང་ཤེས་རབ་རྣམ་པར་གྲོལ་བ་དག་ནི་དེས་རབ་ཏུ་ཕྱེ་བའི ་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་མེད་པ་དང་། མ་རིག་པ་མེད་པ་དང་། འགགས་པ་དང་། ཉེ་བར་ཞི་བ་དང་། ནུས་པ་ནི་ཡོད་པ་མ་ཡིནནོ།། མེད་པ་ཡང་མ་ཡིན་ཏེ། རྣམ་པར་གྲོལ་བའི་མཚན་ཉིད་དེ་ལྟ་བུར་ཡོད་པའི་ཕྱིར་ཞེས་བྱ་བ་ལ། རྣམ་པར་གྲོལ་བའི་མཚན་ཉིད་ནི་རྣམ་པར་གྲོལ ་བ་བདག་ནི་རྣམ་པར་གྲོལོ་སྙམ་པའི་ཡེ་ཤེས་བདག་ཉིད་ཀྱིས་སོ་སོར་རང་གིས་རིག་པ་འབྱུང་བ་འདི་ཡིན་ཏེ། ཇི་ལྟར་རིམས་ནད་ནུབ་སྟེ་ཉེ་བར་ཞི་ན་སོ་སོ་རང་གིས་རིམས་ནད་སོས་པ་སོ་སོར་ཉམ་སུ་མྱོང་བ་དེ་བཞིན་དུ་འདོད་ཆགས་ཀྱི་རིམས་ནད་དང་། མི་རིག་པའི་རབ་རིབ ་ངག་ནུབ་སྟེ་ཉེ་བར་ཞི་ན་སོ་སོ་རང་གིས་རྣམ་པར་གྲོལ་བའི་མཚན་ཉིད་ཀྱི་ནད་སོས་པ་སོ་སོ་རང་གིས་ཉམ་སུ་མྱོང་བར་འགྱུར་རོ།། ཚིགསུ་བཅད་པ་སྔ་མ་རྣམས་ནི་དེ་བཞིན་ཉིད་ཀྱི་གནསུ་གྱུར་པའི་མཚན་ཉིད།། ཚིགསུ་བཅད་པ་འདི་ནི་གདུང་བ་དང་རབ་རིབ་ཞི་བ་ལྟ་བུ ་གནས་ངན་ལེན་གྱི་ལམ་གྱི་རྟེན་གྱུར་པའི་མཚན་ཉིད།། ན་མཁའ་ལྟར་ལུས་མེད་པས་ན་མང་པོ་ཉིད་ཀྱང་མ་ཡིནོ་ཞེས་བྱ་བ་ནི་འདི་ལྟར་བདག་ཏུ་འཛིན་པ་མེད་པའི་ཕྱིར་རྟེན་ཐ་དད་པར་བརྗེད་པར་མི་ནུས་ཏེ། བདག་ཏུ་འཇུག་པ་ཡོད་ན་ནི་འདི་ནི་བདག་གོ།། ལྷས་བྱིན་ནི་གཞན། ་སྙམ་པ་དེ་ལྟར་འགྱུར་གྱི་བདག་ཏུ་འཛིན་པ་མེད་པ་ལ་ནི་དེ་ལྟ་བུར་མི་འགྱུརརོ།། དེ་བས་ན་བདག་ཏུ་འཛིན་པ་མེད་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་སྐུ་ལོ་གནས་པ་རྣམས་ན་མཁའ་བཞིན་དུ་ཐ་དད་པར་བྱ་བར་མི་ནུསོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ ་གནས་པ་ཆོས་ཀྱི་སྐུ་ཡོངསསུ་མ་རྫོགས་པ་རྣམས་ལ་ནི་ཐ་དད་དུ་མི་བྱ་བ་མ་ཡི་ནོ།། ཡེ་ཤེས་སྣང་བ་བྱེད་པའི་ཕྱིར། ཉི་མ་ཆེན་པོ་འདྲ་བར་འདོད། ཅེས་བྱ་བ་ལ། ཉི་མ་ཆེན་པོ་ནི་ཀུན་བརྟགས་པར་བྱ་བ་ཡིན་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་སྣང་བར་བྱེད་པའི་ཉི། ་མཚན་པོ་དེ་ལྟ་བུ་འགའ་ཞིག་ཡོད་པར་གྱུར་ནའོ།། སྤྲུལ་པ་ལ་སོགས་པའི་མཛད་པ་ལ་འདྲེས་པའི་མཛོད་པ་གཅིག་པ་ཉིད་སྟོན་ཏོ།། ཞེས་བྱ་བ་ལ་སོགས་པ་ཞེས་སྨོས་པས་ནི་བྱིན་གྱིས་བརླབས་ཀྱི་མཛད་པ་ལ་སོགས་པ་བསྡུ་བར་རིག་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱིས་མཛད་པ་ནི་འདྲེས་པ་ཡིན་པའི་ཕྱིར་སངས་རྒྱས་གཅིག་གིས་སྤྲུལ་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་གང་ཡིན་པ་དེ་དེས་ལས་གཞན་པ་དག་གིས་ཀྱང་མཛད་པ་ཡིནོ།། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དུས་གཅིག་ཏུ་འཇུག་པར་སྟོན ་ཏོཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་པའི་ཕྱིར་ལྷུན་གྱིས་གྲུབ་པར་འཇུག་པ་ལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དུས་གཅིག་ཏུ་འཇུག་སྡེ་མཛད་པ་གཅིག་པའི་ཕྱིརརོ།། ཉི་མ་འོད་ཟེར་གཏོང་བ་རྣམ་པར་རྟོག་པ ་མེད་པར་འཆར་བ་ནི་འོད་ཟེར་ཁ་ཅིག་སྡེར་འཆར་ལ། གཞན་དག་ཕྱིས་འཆར་བ་མ་ཡིན་གྱི་ཐམས་ཅདདུ་དུས་གཅིག་ཁོ་ནར་འབྱུང་།། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་མཛད་པ་ཐ་མི་དད་པ་རྣམས་ཀྱང་ངར་འཛིན་པ་དོང་ང་ཡིར་འཛིན་པ་དང་བྲལ་བའི་ཕྱིར་གང་གི ་ཚེ་དེ་ཁོ་ན་གཅིག་གི་ཡེ་ཤེས་འབྱུང་བ་དེའི་ཚེ་ཁོ་ན་སངས་རྒྱས་ཐམས་ཅད་ཀྱི་འབྱུང་།། ཇི་ལྟར་ཉི་མའི་ཉི་ཟེར་དག། འཇུག་ལ་བདག་གིར་བྱ་བ་མེད།། ཅེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིརོ།། ཉི་མ་ནི་འོད་ཟེར་རྣམས་འཇུག་པ་ལ་བདག་གིར་བྱ་བ་མེད། ལྷུན་གྱིས་འགྲུབ ་པར་འཇུག་པའི་ཕྱིར།། ཉི་མ་འདི་སྙམ་དུ་བདག་ནི་བསྲེགས་པ་དང་སྐེམས་པ་ལ་སོགས་པའི་ལས་ལ་ཞུགས་པ་ཡིན་པས་བདག་གིས་བསྲེག་པར་བྱའོ་སྙམ་དུ་མི་སེམས་མོད་ཀྱི་ཁོན་ཀྱང་རྣམ་པར་མི་རྟོག་པ་བཞིན་དུ་བདག་གིར་བྱ་བ་མེད་པར་འདྲ། ་ཟེར་འགྱེད་པར་འགྱུརརོ།། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་སྐུ་ལ་གནས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་ཏེ་སྤངས་པ་དར་འཛིན་པ་དང་ངར་འཛིན་པ་སྤངས་པ་རྣམས་ཀྱི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་གང་དག་ཡིན་པ་དེ ་དག་འཇུག་པ་ལ་ཡང་བདག་གིར་འཛིན་པ་མི་མངའི། ང་ཡིར་འཛིན་པ་མི་མངའ་བར་ཤེས་བྱ་ཐམས་ཅད་ལ་འཇུག།། སྙིགས་མ་ལྔ་ཤས་ཆེ་བ་ཞེས་བྱ་བ་ལ། སྙིགས་མ་ལྔ་ནི་ཉོན་མོངས་པ་དང་། ལྔ་བ་དང་། སེམས་ཅན་དང་། བསྐལ་པ་དང་། ཚེ་སྙིགས་མ་དག་ཡིན་ཏེ། སྙིགས་མ ་ཞེས་བྱ་བ་ནི་སྙིགས་མ་དང་ངན་པ་དང་ཐ་ཤལ་ཡི་ནོ།། ལྷག་མ་རྣམས་ཀྱིས་ནི་ཕྲིན་ལས་ཟབ་པའོ།། ཞེས་བྱ་བ་ལ། སྟོབས་སོགས་སངས་རྒྱས་ཆོས་རྣམས་ལ། བྱང་ཆུབ་རིན་ཆེན་འབྱུང་གནས་འདྲ།། ཞེས་བྱ་བ་འདིས་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རིན་པོ་ཆེའི་གནས ་ཉིད་ཀྱི་ཕྲིན་ལས་བསྟན་ཏོ།། འགྲོ་བའི་དགེ་བའི་ལོ་ཏོག་ལ།། སྤྲིན་ཆེན་དང་ཡང་འདྲ་བར་འདོད།། ཅེས་བྱ་བ་ཕྱེད་འདིས་ནི་སེམས་ཅན་ཡོངསུ་སྨིན་པར་མཛད་པའི་འཕྲིན་ལས་བསྟན་ཏོ།། བསོད་ནམས་ཡེ་ཤེསཽ་རབ་རྫོགས་ཕྱིར།། ཟླ་བ་ཉེ་བ་ལྟ་བུར་འདོད།། ཅེས་བྱ་བ་འདིས་ནི ་མཐར་ཐུག་པར་གཤེགས་པའི་ཕྲིན་ལས་བརྗོད།། ཡེ་ཤེས་སྣང་བ་བྱེད་པའི་ཕྱིར།། ཉི་མ་ཆེན་པོ་འདྲ་བར་འདོད།། ཅེས་བྱ་བ་འདིས་ན་ཆོས་སྟོན་པའི་ཕྲིན་ལས་བརྗོད།། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱིས།། འོད་ཟེར་དཔག་ཏུ་མེད་འདྲེས་ཤིང་། ཞེས་བྱ་བ་འདིས་དང་། དེ་བཞིན ་ཟག་མེད་དབྱིངས་ན་ཡང་།། སངས་རྒྱས་དཔག་ཏུ་མེད་འདྲས་ཤིང་།། ཞེས་བྱ་བའི་ཚིགསུ་བཅད་པ་གཉིས་པོ་འདི་ཐམས་ཅད་ཀྱིས་ནི་སྤྲུལ་པ་ལ་སོགས་པ་མཛད་པའི་ཕྲིན་ལས་བསྟན་ཏོ།། དཔེར་ན་ཉི་མའི་འོད་ཟེར་གཅིག། ཅེས་བྱ་བའི་ཚིགསུ་བཅད་པ་འདིས་ནི་ཡེ་ཤེས ་འའཇུག་པའི་ཕྲིན་ལས་བསྟན་ཏོ།། ཇི་ལྟར་ཉི་མའི་འོད་ཟེར་དག། ཅེས་བྱ་བ་འདིས་ནི་རྣམ་པར་མི་རྟོག་པའི་ཕྲིན་ལས་བརྗོད།། ཉི་མའི་འོད་ཟེར་གཅིག་བཏང་བས།། ཞེས་བྱ་པ་འདིས་ནི་ཡེ་ཤེས་རྣམ་པ་སྣ་ཚོགས་པའི་ཕྲིན་ལས་བསྟན་ཏོ།། ཇི་ལྟར་ཉི་མོའི་འོད་ཟེར་རྣམས།། ཞེས་བྱ ་བ་འདིས་ནི་ཡེ་ཤེས་མི་འཇུག་པའི་ཕྲིན་ལས་བརྗོད།། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་ནི་སྣ་ཚོགས་པ་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་མ་སྤངས་པོའི་ཕྱིར་ཤེས་བྱ་སྣ་ཚོགས་པ་དག་ལ་ཤེས་པ་མི་འཇུག།། དྲི་མེད་དབྱིངས་ལ་སངས་རྒྱས་ཀྱི།། མཚན ་ཉིད་དང་ནི་གནས་པ་དང་།། ཕྲིན་ལས་ཟབ་པ་འདི་བཤད་པ།། མཁའ་ལ་ཚོན་གྱི་རི་མོ་འབྲི།། ཞེས་བྱ་བ་ནི་དཔེར་ན་འགའ་ཞིག་ནམ་མཁའ་ལ་ནཻ་རཱ་མོ་འབྲི་བ་དཀའ་བ་བྱེད་པ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ་སོ་རང་གིས་རིག་པའི་ཆོས་བསྙད་པའི ་རྣམ་པར་སྟོན་པ་མཛད་པ་གང་ཡིན་པ་དེ་ནི། དཀའ་བ་མཛད་པ་ཡི་ནོ།། གོས་བཀྲུ་བ་ཉིད་དང་ན་མ་ཁཱའོ་ལ་རི་མ་ཉིད་ནི་རྒྱ་མཚོའི་བློ་གྲོས་ཀྱི་མདོའི་རྗེ་སུ་འབྲང་བར་ཁོང་དུ་ཆུད་པར་བྱའོ།། འབྱོར་པ་རྣམ་པར་དབྱེ་བ་ལ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་སངས ་རྒྱས་རྣམས་ཀྱི་འབྱོར་པ་ཐ་མ་དང་། འབྲིང་དང་། མཆོག་ཏུ་རྣམ་པར་དབྱེ་བས་སོ།། དེ་ཉིད་ཀྱི་ཕྱིར་རིམ་གྱིས་གཞན་དང་གཞན་ཟིལ་གྱིས་གནོན་ཏོ།། རྣམ་པའི་རབ་ཏུ་དབྱེ་བའི་ཁྱད་པར་དང་། ཟབ་པའི་ཁྱད་པར་གྱིས་འབྱོར་པ་སྟོན་ཏོ།། ཞེས་བྱ་བ་སྦྱར་ཏེ། དཔག་ཏུ ་མེད་པ་ཉིད་ཀྱིས་ནི་རྣམ་པའི་རབ་ཏུ་དབྱེ་བའི་ཁྱད་པར་བསྟན་ལ། བསམ་གྱིས་མི་ཁྱབ་པ་ཉིད་ཀྱིས་ཟབ་པའི་ཁྱད་པར་བསྟན་ཏོ།། ཇི་ལྟར་བསམ་གྱིས་ཁྱབ་པ་ཡིན་ཇི་ལྟར་ཚད་མེང་བ་ཡིན་ཞེ་ན། སྨྲས་པ། དེ་གང་ཟག་དང་གང་གི་དོན་དང་། འཇིག ་རྟེན་གྱི་ཁམས་གང་དུ་དང་། རྣམ་པ་ཅི་འདྲ་བ་དག་དང་། བསྐལ་པ་ཅི་ཙམ་དུ་བྱང་ཆུབ་ཀྱི་ཆེ་དུ་བཞུགས་ནས་འཇུག་པ་སྟེ། དེ་ལྟ་བུ་ལོ་སོགས་པ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་འཇུག་པ་དེ་ཆེད་གཟུང་བ་དང་བསམ་པར་མི་ནུ་སོ།། དབང་པོ་ལྔ ་གཞན་དུ་གྱུར་ན་འབྱོར་པ་དམ་པ་རྣམ་པ་གཉིས་འཐོ་བོ་ཞེས་བྱ་བ་གཟུགས་མེད་ན་ཇི་ལྟར་དབང་པོ་གཞན་དུ་འགྱུར་བར་འདོད་ཅེ་ན། རང་གི་ས་བོན་གང་ལ་སུ།། རྣམ་རིག་སྣང་བ་གང་བྱུང་བ།། དེ་དག་དེའི་སྐྱེ་མཆེད་ན།། རྣམ་པ་གཉི་སུ་ཐུབ་པས་གསུངས།། རང་གི་ས ་བོན་ཡོངསུ་གྱུར་པའི་ཁྱད་པར་ཐོབ་པ་གང་ལས་གཟུགསུ་སྣང་བའི་རྣམ་པར་རིག་པ་འབྱུང་བའི་ས་བོན་གང་ཡིན་པ་དེ་དང་སྣང་བ་གང་ཡིན་པ་དེ་སྟེ། དེ་དག་ནི་བཅོམ་ལྡན་འདས་ཀྱིས་གོ་རིམ་བཞིན་དུ་དེའི་མིག་དང་གཟུགས་ཀྱི་སྐྱེ་མཆེད་ནས་ལུས་དང་རེག་བྱའི ་སྐྱེ་མཆེད་ཀྱི་བར་དུ་གསུང་སོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཁམས་གསུམ་པ་འདི་སེམས་ཙ་མོ་ཞེས་བྱ་བར་ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་གྱིས་གཟུགས་ཀྱི་འདུ་ཤེས་ཟིལ་གྱིས་མནན་ཏེ། གཟུགསུ་ཕྱིན་ཅི་ལོག་སྤོང་བར་བྱེད་པ་དེའི་ཚེ་སྐྱེ་མཚ་ཉིད། ་ཕྱིན་ཅི་ལོག་པར་གྱུར་པའི་རྣམ་པར་རིག་པོ་གང་ཡིན་པ་དེ་དག་ཡོངསུ་གྱུར་ན་ཕྱིན་ཅི་ལོག་སྤངས་པའི་ཕྱིར་དབང་པོ་ལྔ་གཞན་དུ་གྱུར་པ་རྣམ་པར་བཞགོ།། འབྱོར་པ་རྣམ་པ་གཉིས་ལ་དབང་པོ་ལྔ་པོ་ཐམས་ཅད་དོན་ལྔ་པ་ཐམས་ཅད་ལ་འཇུག་པ་ཞེས་བྱ་བ་ནི་མིག་གིས ་གཟུགས་མཐོང་བ་ནས་རེག་བྱ་ལ་རེག་པའི་བར་དུ་སྟེ། དཔུང་པོ་རེ་རེ་ལ་ཡང་འབྱོར་པ་དེ་ལྟ་བུ་དང་གཟུགས་ལ་སོགས་པ་མཐོང་བས་སྟོན་བརྒྱ་ཕྲག་བཅུ་གཉིས་འཐོབ་པའོ།། གཟུགས་ལ་སོགས་པ་མངོན་པར་ཞེན་པ་ཡོད་ན་དོན་ཐམས་ཅད་ལ་འཇུག་པ་འགལ་གྱི། ་དེ་མངོན་པར་ཞེན་ན་སྤངས་པའི་ཕྱིར་ཉེས་པ་མེད། དེ་ན་འདི་ནི་འཕགས་པ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པའི་མདོ་ལས་ཁོང་དུ་ཆུད་པར་བྱའོ།། ཡིད་གཞན་དུ་གྱུར་ན་འགྱུར་བ་དང་མཐུན་པར་སྤྱོད་པ་རྣམ་པར་མི་རྟོག་པའི་ཡེ ་ཤེས་ཤིན་ཏུ་རྣམ་པར་དག་པ་ལ་འབྱོར་པའི་མཆོག་རྙེད་པར་གྱུར་ཏེ། ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་གཞན་དུ་གྱུར་ནའོ།། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པར་འཇུག་ལ། དེའི་རྟེན་ན་ཡིད་ཡིན་ཏེ། མིག་གི་རྣམ་པར། ་ཤེས་པ་ལ་སོགས་པའི་མིག་ལ་སོགས་པ་ལྟ་བུའོ།། ཇི་སྲིདདུ་ཉོན་མོངས་པ་ཅན་གྱི་ཡིད་དེ་གཞན་དུ་མ་གྱུར་པའི་བར་དུ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་པ་བཞི་དང་། མཚུངས་པར་ལྡན་པར་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ནས་ཕྱིན་ཅི ་ལོག་ཏུ་འཇུག་པ་དེ་སྲིད་དེ་ལ་བརྟེན་པ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཟུགས་ལ་སོགས་པའི་ཡུལ་ལ་ཅི་རིགས་པར་གཟུགས་ལ་སོགས་པའི་ཡུལ་མེད་བཞིན་དུ་ཡོད་པ་ཡང་དག་པར་བཟུང་ནས་ཕྱིན་ཅི་ལོག་ཏུ་འཇུག། ཉོན་མོངས་པ་ཉན་གྱི་ཡིད་བཞིན་དུ་གྱུར་ན ་དེ་ལ་བརྟེན་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འབྱོར་པ་འཐོབ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྱོར་པ་དེ་ལ་རག་ལས་པ་དང་། དེའི་རྗེས་འཐོབ་པའི་ཡེ་ཤེས་ལ་རག་ལས་པས་ན་དེ་དང་མཐུན་པར་སྤྱོད་པ་ཡི་ནོ།། དོན་གཞན་དུ་གྱུར་པ་གཟུགས་ལ་སོགས་པ་རྡུལ ་ལྔ་གཞན་དུ་གྱུར་པའོ།། འཛིན་པ་གཞན་དུ་གྱུར་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་གཞན་དུ་གྱུར་པ་སྟེ། ཇི་ལྟར་རྣམ་པར་མ་དག་པའི་གནས་སྐབས་ན་ཡུལ་ལྔ་པོ་སྣ་ཚོགསུ་དམིགས་པ་དེ་བཞིན་དུ། གཞན་དུ་གྱུར་པའི ་གནས་སྐབས་ན་བཻ་ཌཱུརྱ་ལ་སོགས་པའི་ཞིང་སྣ་ཚོགསུ་སྣང་བ་རྣམ་པར་དག་པ་ཡི་ནོ།། རྣམ་པར་རྟོག་པ་གཞན་དུ་གྱུར་ན་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཞན་དུ་གྱུར་པ་སྟོན་ཏོ།། ཡེ་ཤེས་ཐམས་ཅད་ཅེས་བྱ་བ་ནི། མ་ལིང་ལྟ་བུའི་ཡེ་ཤེས་ལ ་སོགས་པ་ལྟ་བའོ།། ཕྲིན་ལས་ཐམས་ཅད་ལ་ཞེས་བྱ་བ་ནི་སྤྲུལ་པའི་ཕྲིན་ལས་སོགས་པ་ལ་སྟེ། དུས་ཐམས་ཅད་ཐོགས་པ་མང་པོ་ལ་འབྱོར་པའི་མཆོག་ཐོབ་པར་འགྱུརརོ་ཞེས་བྱ་བ་ཡིནོ།། རྟེན་ནི་གཞན་དུ་གྱུར་པ་ན་ཞེས་བྱ་བ་ལ་རྟེན་དུ་གྱུར་པ་ནི་ས་ཏེ། དེ ་གཞན་དུ་གྱུར་ན་མི་གནས་པའི་མྱ་ངན་ལས་འདས་པ་ལ་འབྱོར་པ་ལ་ཐོབ་པར་འགྱུར་རོ།། འདི་ནི་ཀུན་གཞི་རྣམ་པར་ཤེས་པའི་དམིགས་པ་གཞན་དུ་གྱུར་པ་ཡིན་ཏེ། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ནི། དེ་ནི་ལེན་པ་དག་དང་གནས།། རྣམ་པར་རིག་པ་མི ་རིག་པ་ཞེས་བྱ་བ་འབྱུང་བ་ཡིནོ།། རྟེན་དེ་གཞན་དུ་གྱུར་པ་ནི་གནས་ངན་ལེན་གྱི་རྟེན་གྱི་དམིགས་པ་གཞན་དུ་གྱུར་པ་གཞན་དུ་རྣམ་པར་བཞརེ།། འཁྲིག་པ་གཞན་དུ་གྱུར་པ་ནི་ལུས་ཀྱི་དབང་པོའི་ཕྱོགས་གཅིའོ།། དེ་ལྟར་སངས་རྒྱས་དྲི་མེད་པའོ།། གནས་ན ་གཞན་གྱུར་དཔག་མེད་པས།། ཞེས་བྱ་བ་ནི་དབང་པོ་ལྔ་གཞན་དུ་གྱུར་པ་ལ་སོགས་པ་ཇི་སྐད་བཤད་པ་འདི་ན་སྒོ་ཙམ་དུ་ཟད་ཀྱི། རྒྱས་པར་ནི་ཆོས་མང་པོ་གཞན་དུ་གྱུར་པ་ཐེག་པ་ཆེན་པོའི་མདོ་དག་ལས་ཁོང་དུ་ཆུད་པར་བྱའོ།། འབྱོར་པའི་སྐབས་ཀྱི ་འོག་ཏུ་སངས་རྒྱས་ཉིད་ཀྱི་སེམས་ཅན་ཡོངསསུ་སྨིན་པར་མཛད་པའི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། དེ་ལྟར་འབྱོར་པ་བརྙེས་པ་རང་གི་དོན་གྱི་མཐར་ཕྱིན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟར་རྩོལ་བ་མི་མངའ་བར་རྣམ་པར་མི ་རྟོག་པ་བཞིན་དུ། སེམས་ཅན་ཡོངསུ་སྨིན་པར་མཛད་པས་འདིའི་དབང་དུ་བྱས་ཡོངསུ་སྨིན་པར་མཛད་པའི་སྐབས་ཡི་ནོ།། སྔར་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པའི་ཡོངསུ་སྨིན་པ་ཡི་ནོ།། དེ་ནི་མཐར་ཕྱིན་པ་མཉེས་པ་སངས་རྒྱས་ཀྱི་ས་ལ ་བཞུགས་པ་ཡི་ནོ།། མ་སྨིན་པ་ནི་སྨིན་པར་འགྲོ་ལ། སྨིན་པ་ནི་རྣམ་པར་དག་པར་འགྲོ་སྟེ། དེ་ལྟར་དུས་རྟག་ཏུ་འགྲོ་ཡང་ཞེས་བྱ་བ་ནི་འཇིག་རྟེན་དང་སྦྱ་རོ།། དེ་ལྟར་ཐོབ་དཀའ་ཞེས་བྱ་བ་ནི་ཚོགས་ཆེན་པོས་འཐོབ་པ་ནས་ཐོབ་དཀའ་སྟེ། ཐོབ་པར་དཀའ་བ་དེའོ།། ལ ་ལར་སྐྱེ་བ་མི་སྣང་ཞེས་བྱ་བ་ནི་སྐྱེ་བ་དང་མི་སྣང་བ་ནི་སྐྱེ་བ་མི་སྣང་བའོ།། ཡང་ན་སྐྱེ་བ་མི་སྣང་བའི་སྐྱེ་བ་མི་སྣང་བའོ།། ཇི་ལྟར་གང་ན་གནས་ཏེ་སེམས་ཅན་རྣམས་འདུལ་བའི་ཞེས་བྱ་ན་བ་ནི་ཅིག་ཅར་ལ་ལར་སྒོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང་ཞེས་བྱ་བ་དེ ་ལྟལྟ་བུ་ལ་སོགས་པའི་རྣམ་པས་འདུལ་བ་ནི་ཇི་ལྟར་འདུལ་བ་ཡི་ནོ།། ཆོས་ཀྱི་སྐུ་ལས་མ་གཡོས་པར་འདུལ་བ་ནི། གང་ལ་གནས་ཏེ་འདུལ་བ་ཞེས་བྱའོ།། ཡོངསུ་སྨིན་པར་མཛད་པའི་འོག་ཏུ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྐབས་ཏེ། འདིའི་འབྲེལ་པ་གང ་ཡིན་ཞེ་ན། འདི་ནི་བྱང་ཆུབ་ཀྱི་སྐབས་ཡི་ནོ།། སྔར་ནི་ངལ་བརྒྱས་རྨད་བྱུང་དཀའ་སྤྱད་དག་ཀུན་བསགས།། བསྐལ་མཆོག་དུས་རིང་འགྲོ་བ་སྒྲི་བ་ཀུན་ཟད།། སར་གཏོགས་སྒྲིབ་པ་ཕྲ་བཅོམ་སངས་རྒྱས་ཏེ།། དེ་ནི་མཐུ་ཆེན་རིན་ཆེན་སྣོད་ཕྱེ་བཞིན།། ཞེས་བྱ ་བ་ལ་སོགས་པ་ནི་རྣམ་པས་བྱང་ཆུབ་ཕྱིར་བསམ་སོ།། དེའི་འོག་ཏུ་ནི་སངས་རྒྱས་ཉིད་བརྙེས་པའི་གནས་སྐབས་ན་སེམས་ཅན་ཡེངསུ་སྨིན་པར་མཛད་པ་བསམ་སོ།། ད་ནི་ངོ་བོ་ཉིད་དང་། རྒྱུ་དང་། འབྲས་བུ་དང་། ཕྲིན་ལས་དང་། ལྡན་པ་དང་། ་འཇུག་པའི་རབ་ཏུ་དབྱེ་བས་པས་མོ།། ཡང་ན་འདི་ནི་བྱང་ཆུབ་ཀྱི་སྐབས་ཡི་ནོ།། སྔར་ནི་བྱང་ཆུབ་སེམས་དཔའ་གང་དག་ལ་སློབ་ཅེ་མ་གནས་བདུན་པོ་རང་དང་གཞན་གྱི་དོན་ནས་བཟུང་སྟེ་བྱང་ཆུབ་ཀྱི་བར་ལ་སློབ་ཞེས་བཤདདོ།། བྱང་ཆུབ་ཀྱང་མེད་དག་ལས ་རྣམ་པ་མང་པོ་ཞིག་འབྱུང་བས་སྔར་བྱང་ཆུབ་བསམས་པ་ནི་ཇི་ལྟར་མ་གཞན་དང་གཞན་དག་ལས་འབྱུང་བ་དེ་ལྟར་བས་མོ།། དེ་བས་ན་འདིའི་དབང་དུ་བྱས་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྐབས་ཡིན་ཏེ། འདིར་ནི་གོ་རིམ་འདི་ཉིད་ལེགས་སོ།། སངས ་རྒྱས་ཀྱི་སའི་མདོ་ལས་སངས་རྒྱས་ཀྱིས་ན་ཆོས་ལྔ་པོ་ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བསྡུས་པར་འབྱུང་བས། སངས་རྒྱས་ཀྱི་སའི་དབང ་དུ་བྱས་ནས། ཆོས་ལྔ་པོ་གོ་རིམ་བཞིན་རྣམ་པར་གཏན་ལ་དབབ་པོ།། དེ་ལས་ཀྱང་ཆོས་དབྱིངས་དང་པོར་བསྟན་པས་དེའི་ཕྱིར་དང་པོར་ཆོས་ཀྱི་དབྱིངས་རྣམ་པར་དྲག་པའི་སྒྲུབ་སོ།། །། དེའི་འོག་ཏུ་ཡེ་ཤེས་བཞི་སེམས་པར་འགྱུ་རོ།། ཆོས་ལྔ ་པོ་འདི་དག་གིས་རྣམ་པར་གཏན་ལ་དབབ་པར་རབ་ཏུ་དབྱེ་བ་རྒྱས་པར་ནི་ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་ཁོ་ན་ལས་བལྟོ་བར་བྱའོ།། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་རྣམ་པར་དག་པའི་མཚན་ཉིད་ཅེས ་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་ལས་རྣམ་པར་དག་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའོ།། གང་ཞིག་རྣམ་པར་དག་ཅེ་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད། འདིས་ནི་དེ་བཞིན་ཉིད་ཀྱི་གནས་ཡོངསུ་གྱུར་པ་བསྟ། ་ཏོ། དངོས་པོ་ཤེས་པ་ནི་རྗེས་ལ་ཐོབ་པའི་ཡེ་ཤེ་སོ།། དངོས་པོ་ཞེས་བྱ་བའི་སྒྲས་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་གཞན་གྱི་དབང་གི་ངོ་བོ་ཉིད་གཟུང་སྟེ། འདིས་ནི་གནས་ངན་ལེན་གྱི་གནས་ཡོངསུ་གྱུར་པ་བསྟན་ཏོ།། གཞན་གྱི་དབང་གི་ངོ་བོ་ཉིད ་ཡོངསུ་གྱུར་ན་རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་འགྱུར་གྱི། གཞན་གྱི་ནི་མ་ཡིནོ།། དེ་ལ་དམིགས། དབང་ཟད་མི་ཤེས་པའི་མཚན་ཉིད་།། ཞེས་བྱ་བ་འདིས་ནི་ལམ་གྱི་གནས་ཡོངསུ་གྱུར་པ་བསྟན་ཏོ།། དེ་ཞེས་བྱ་བའི་སྒྲ་ནི་བཤད་མ ་ཐག་པོའི་ཆོས་ཀྱི་དབྱིངས་བཟུང་།། དབང་ཟད་མི་ཤེས་པའི་མཚན་ཉིད།། ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་དེ་བཞིན་ཉིད་དབང་ཟད་མི་ཤེས་པ་འཐོབ་སྟེ། བཞོད་དགུར་ན་ཉམ་པར་འཇོག་པའི་ཕྱིར།། དེའི་རྗེས་ལ་ཐོབ་པ་ཡེ་ཤེས་ནི་ཕྱིན་ཅི་མ་ལོག ་པའི་དོན་གྱི། གཞན་གྱི་དབང་གི་ངོ་བོ་ཉིད་ལ་དབང་ཟད་མི་ཤེས་པ་འཐོབོ།། དེ་བཞིན་ཉིད་ཤེས་ཐམས་ཅད་ནས། བསྒོམ་པ་ལས་ཤེས་བྱ་བ་ལ། དེ་བཞིན་ཉིད་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ས་དང་པོ་རྟོགས་པའི་དུས་ན་ཐོབ་པ་ཡིནོ།། དེ་བསྒོམ་པ ་ནིས་ལྷག་མ་རྣམསུ་སྟེ། ཤེས་པ་དེ་ཇི་ལྟར་ཐོས་པ་དང་། བསམ་པ་དང་བསྒོམ་པ་ལ་སོགས་པའི་རིམ་གྱིས་སྦྱོར་བ་ལ་སོགས་པའི་གནས་སྐབས་ན་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་ཐམས་ཅད་ནས་སྒོམ་པ་དེ་ལྟ་དེ་ལྟར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུར་འགྱུར། ་པ་དེ་ནི་བསྒོམ་པ་ཡི་ནོ།། དེའི་སྟོབས་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པ་བསྐྱེད་པ་དང་། བདེ་བ་བསྐྱེད་པ་དང་། གཉིས་མཛད་པ་གང་ཡིན་པ་དེ་ནི་དེའི་འབྲས་བུ་ཡིནོ།། སྐུ་ལ་སོགས་པ་རྣམ་པ་གསུམ་སྤྲུལ་པ་ནི་ཕྲིན་ལ་སོ་ཞེས་བྱ་བ་ལ། གསུང ་སྤྲུལ་པ་ནི་ནམ་མཁའ་དང་ཤིང་དང་ནགས་ཚལ་དང་། རྩིག་པ་ལ་སོགས་པ་ལས་ཆོས་སྟོན་པའི་སྒྲ་གྲགས་པ་གང་ཡིན་པའོ།། ཐུགས་སྤྲུལ་པ་ནི་གང་གིས་ན་དེས་རྟོགས་པར་འགྱུར་བར་གཞན་གྱི་སེམས་སྤྲུལ་ནས་ཆོས་སྟོན་པར་མཛད་པ་གང་ཡིན་པའོ།། རྣམ་པ ་ཅིག་ཏུ་ན་གཞན་གྱི་སེམས་ཇི་ལྟར་གནས་བརྟན་རབ་འབྱོར་ལ་སོགས་པ་ཆེན་པོ་འཆད་པ་དེ་ལྟར་སྤྲུལ་པར་མཛད། དེ་ལྟ་བུ་ལ་སོགས་པ་གཞན་ཡང་བལྟ་བར་བྱའོ།། སྤྲུལ་པའི་སྦྱོར་བ་ཐབས་ཀྱི་ལས་ཅན་ཏེ། ཞེས་བྱ་བ་ནི་སྤྲུལ་པའི་སྦྱོར་བའི་ཐབས་གང་ཡིན ་པ་སྟེ། ཐབས་དེ་མཁྱེན་པའི་ཕྱིར་དེའི་ཕྲིན་ལས་ཅན་ཞེས་བྱའོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཉིད་སྐུ་གསུམ་གྱི་བྱེ་བྲག་གིས་ཐ་དད་དུ་འཇུག་པ་ཡིན།། ཆོས་ཀྱི་དབྱིངས་དེ་ནི། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད།། སྒྲིབ་གཉིས་དག་པའི་མཚན་ཉིད། ཞེས ་བྱ་བ་ནས་བཟུང་སྟེ། ངོ་བོ་ཉིད་དང་། རྒྱུ་དང་འབྲས་བུ་དང་། ལས་དང་། ལྡན་པ་དང་།། འཇུག་པའི་དོན་གྱི་བསྟན་པ་ཡིན།། འཁོར་ཡོངསུ་སྡུད་པའི་བྱེ་དྲག་ནི་འཁོར་གྱི་དཀྱིལ་འཁོར་གྱི་བྱེ་བྲགོ།། ཞིང་གི་བྱེ་བྲག་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་ལའི་སངས་རྒྱས་ཀྱི་ཞིང་ནི ་ཤེལ་གྱི་རང་བཞིན་ཡིན་ལ། ལ་ལོའི་སངས་རྒྱས་ཀྱི་ཞིང་ནི་བཻ་ཌཱུརྨའི་རང་བཞིན་ཡིན་པ་དེ་ལྟ་བུ་ལ་སོགས་པའོ།། མཚན་གྱི་བྱེ་བྲག་ནི་དཔེར་ན་འོད་དཔག་མེད་ཅེས་བྱ་བ་དང་། རྣམ་པར་སྣང་མཛད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ།། སྐུའི་བྱེ་བྲག་ནི་ལ་ལས་ཤེལ ་ལ་སོགས་པའི་རླུང་བཞིན་གྱིས་བྱེ་བྲག་གིས་སམ། སྐུ་ཆུ་ངུ་སྐུ་ཆེན་པོའི་བྱེ་བྲག་གིས་རྣམ་པ་འགའ་ཞིག་གིས་མཐོང་བའོ།། ཆོས་ལ་ལོངས་སྤྱོད་རྫོགས་པའི་བྱེ་བྲག་གིས་ས་བཅུ་པ་དང་། བློ་གྲོས་མི་ཟད་པ་བསྟན་པ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་ཐ་དད ་པསོ།། མཛད་པའི་བྱེ་བྲག་ནི་བྱང་ཆུབ་སེམས་དཔའ་འདུས་པའི་བསམ་པ་ལས་བལྟོས་ནས་མཛད་པ་ཡི་ནོ།། ལོངས་སྤྱོད་རྫོགས་པའི་སྐུ་དེ་དང་། འབྲེལ་པ་ཞེས་བྱ་བ་ལ། འདིའི་འབྲེལ་པ་ཉིད་གང་ཡིན་ཞེ་ན། དེའི་རྒྱུར་གྱུར་པ་ཉིད། འདི་ལྟར་ཆོས་ཀྱི་སྐུ་ནི་ལོངས་སྤྱོད་རྫོགས ་པའི་སྐུའི་རྒྱུ་ཡིན།། ལོངས་སྤྱོད་རྫོགས་པ་ནི་དེའི་རྒྱུའོ་མཐུན་པའི་འབྲས་བུར་གྱུར་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར་དག་ཏུ་བྱང་ཆུབ་སེམས་དཔའ་སར་ཆུད་པ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཐུན་མོང་མ་ཡིན་པ་སྟོན་པས་དེའི་ཕྱིར་ལོང་སྤྱོད་རྫོགས་པ་ཆོས་སྐུ་དང ་འབྲེལ་པ་ཞེས་བྱའོ།། ཡང་ནི་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྣམ་པར་མི་རྟག་པའི་རྗེས་ལ་ཐོབ་པའི་ངོ་བོ་ཉིད་ཡིན་ལ། རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པ་དེ་ཡང་རྟོགས་པ་དང་། ཛྷ་སུ་དྲན་པ་དང་། རྣམ་པར་འཇོག་པ་དང་། འདྲེས་པ་དང་། ངེས་པར་སྤྱོད་པའི་ངོ་བོ་ཉིད ་དང་། རྣམ་པ་ལྔར་བསྟན་ཏེ། དེའི་ཕྱིར་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་སྐུ་དང་འབྲེལ་པ་ཞེས་བྱའོ།། ལོངས་སྤྱོད་རྫོགས་པ་ནི་རང་གི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སར་ཆུད་པ་རྣམས་དང་། ཐབས་གཅིག ་ཏུ་ཐེག་པ་ཆེན་པོའི་ཆོས་ཐུན་མོང་མ་ཡིན་པའི་ལོངས་སྤྱོད་རྫོགས་པར་སྐུ་ཉམ་སུ་བསྟར་བའི་ཕྱིར།། ཕུན་སུམ་ཚོགས་པ་དེ་ནི་ཆོས་ཀྱི་སྐུ་ལ་བརྟེན་པ་ཡི་ནོ།། གཞན་གྱི་ཕུན་སུམ་ཚོགས་པོ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟན་པ་ཡང་ཡིན་ལ། སྤྲུལ་པའི་སྐུ ་ལ་བརྟེན་པ་ཡང་ཡིན་ཏེ། དེ་དག་ནི་སྐུ་གསུམ་ཡིནོ།། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་པོ་དེ་དག་གི་གོ་རིམ་བཞིན་དུ་རྣམ་པ་གསུམ་གྱིས་ཁྱད་པར་མེད། ཞེས་བྱ་བ་ལ། འཇིག་རྟེན་གྱིས་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱུ་སྒྲུ ་མི་དད་དོ།། ཇི་ལྟར་ཐ་མི་དད་ཅེ་ན་དེའི་ཕྱིར་སྨྲས་པ། ཆོས་ཀྱི་དབྱིངས་ཐ་མི་དད་པའི་ཕྱིར།། དགོངས་པས་ནི་ལོངས་སྤྱོད་རྫོགས་པའོ།། སངས་རྒྱས་ཀྱི་དགོངས་པ་ཐ་དད་པ་མེད་པའི་ཕྱིར་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་ནི་འགྲའ་ལ་ཡང་དགོངས་པ་མཐོ་དམན་གྱི་བྱེ་བྲག ་ཐ་དད་པ་མི་མངའོ།། ཕྲིན་ལས་ཀྱིས་ནི་སྤྲུལ་པའི་སྐུ།། ཕྲིན་ལས་ཐུན་མོང་བའི་ཕྱིར་ཏེ། ཇི་ལྟར་སྤྲུལ་པའི་སྐུ་གཅིག་གིས་སྤྲུལ་པས་ཕྲིན་ལས་མཛད་པ་དེ་བཞིན་དུ་གཞན་དག་ཀྱང་མཛད་པས་གཅིག་གིས་མཛད་པོ་གང་ཡིན་པ་དེ་ཐུན་མོང་མ་ཡིན་པའི་ཕྱིར་གཞན ་གྱིས་ཀྱང་མཛད་པ་དེ་ཁོ་ན་ཡིནོ།། སྐུ་གསུམ་གྱི་སྐབས་ཀྱི་འོག་ཏུ་ཡེ་ཤེས་ཀྱི་སྐབས་ཏེ། འདིའི་འབྲེལ་པ་གང་ཡིན། ཞེ་ན། འདི་ནི་བྱང་ཆུབ་ཀྱི་སྐབས་ཡིནོ།། སངས་རྒྱས་ཀྱི་ས་ནི་ཆོས་ལྔ་པོ་ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བཞིས་བསྡུས ་སོ། དེ་ལ་ཆོས་ཀྱི་དབྱིངས་བརྟགས་པའི་སྐབས་ཀྱི་ཆོས་ཀྱི་དབྱིངས་ནི། རང་བཞིན་རྟོགས་པའི་ལོངས་སྤྱོད་དང་། སྤྲུལ་པ་དག་གིས་ཐ་དད་འཇུག། ཅེས་དབྱེ་བའི་དབང་དུ་བྱས་ནས་ཆོས་ཀྱི་དབྱིངས་ལ་སྐུ་གསུམ་པ་བྱའོ།། ང་ནི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་ས ་རྒྱས་ཀྱི་ཡེ་ཤེས་མོ་ལོང་ལྟ་བུ་ལ་སོགས་པ་བཞི་པས་མོ།། མེ་ལོ་ཡེ་ཤེས་ང་ཡི་མེད།། ཡོངསུ་མ་ཆད་ཅེས་བྱ་བ་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། གཟུང་བ་དང་འཛིན་པ་མེད་པའི་ཕྱིར་ང་ཡི་བ་མེད་པ་ཡིན།། ཡུལ་གྱི་སྒོ་ནས་ཡོངསུ་མ་ཆད་པ་ཞེས་བྱ་བ། ་ནི་འདི་ལ་ཤར་ལ་སོགས་པ་ཡུལ་ཐ་དད་པར་ཡོང་སུ་ཆད་པ་མེད་པའོ།། རྟག་ཏུ་སྒྲིབ་པ་དང་བྲལ་བའི་ཕྱིར་ཤེས་བྱ་བ་ཐམས་ཅད་ལ་མ་རྨོངས་པ་ཡང་ཡིན་ཞེས་བྱ་བ་ནི་འདི་ལ་འདི་ལྟར་དེ་ནི་དུས་ཐམས་ཅད་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་། བྲལ ་བས་སོ།། རྣམ་པ་མེད་པའི་ཕྱིར་ཆོས་དེ་དག་ལ་མངོན་དུ་ཕྱོགས་པ་ཡང་མ་ཡིནོ།། ཞེས་བྱ་བ་དེ་ནི་ཤེས་བྱ་དག་ལ་གཟུགས་ལ་སོགས་པ་ལ་དམིགས་བཞིན་དུ་དམིགས་པའི་བྱེ་བྲག་གམ་སྔོན་པོ་ལ་སོགས་པའི་རྣམ་པའི་བྱེ་བྲག་གིས་འཇུག་པ་ཡིན་པའོ།། དེ ་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པས་མཉམ་པ་རྣམ་པར་མི་རྟོག་པ་དེ་བཞིན་ཉིད་ལ་དམིགས་པའི་ངོ་བོ་ཉིད། དེ་ཉིད་ཀྱི་ཕྱིར་མི་གཡོ་བ་ཡིནོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་དེ་དག་གི་རྣམ་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས ་ཐམས་ཅད་ཀྱི་འབྱུང་གནས་ལྟ་བུའོ།། ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྟེན་གྱི་ཡེ་ཤེས་དང་ལྡན་པའི་ཕྱིར་ཡེ་ཤེས་ཀྱི་འབྱུང་གནས་ཆེན་པོའོ། ་ཞེས་འབྱུང་བའི་མདོའི་དུམ་བུ་འོད་དང་སྦྱར་བར་བྱའོ།། དེ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱང་ཡིན་ལ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཡིན་པའི་ཕྱིར། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཞེས་བྱའོ།། ཡེ་ཤེས་ཀྱི་གཟུགས་བརྙན ་འབྱུང་བའི་ཕྱིར་དེ་ཞེས་བྱ་བའི་སྒྲ་ནི་མེ་ལོང་ལྟ་བུ་ཡི་ཤེས་དང་སྦྱར་བར་བྱའོ།། དུས་ཐམས་ཅད་དུ་བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་དང་། ལྡན་ཞེས་བྱ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་འདི་ལ་དཔེ་ནི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང ་ན་ཐམས་ཅད་དགའ་བའི་ཕྱིར། ཡེ་ཤེས་ཆེན་པོའི་ཟླ་བ་ཡི་ནོ་ཞེས་འབྱུང་བ་ཡིན་སོ་སོར་རྟོག་པའི་ཡེ་ཤེས་ནི་ཤེས་བྱ་ཀུན་ལ་རྟག་མི་ཐོགས།། ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་ཁྱད་པར་གྱིས ་འཇུག་པའི་ཕྱིར་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བ་ཡིནོ།། འཁོར་གྱི་དཀྱིལ་འཁོར་རྣམསུ་མི་འབྱོར་པ་ཐམས་ཅད་སྟོན་མཛད་པ།། ཐེ་ཚོམ་ཐམས་ཅད་གཅོད་པ་ཡི།། ཆོས་ཆེན་ཆར་ནི་རབ་ཏུ་འབེབས་ཞེས་བྱ་བ་འདི་ལ་ནི་དཔེ་མདོ་ལས། སངས ་རྒྱས་བཅོམ་ལྡན་འདས་རྣམས་ནི་རྣམ་པ་ཐམས་ཅད་དུ་ཤེས་བྱ་ཡང་དག་པར་རབ་ཏུ་གསལ་བར་མཛད་པའི་ཕྱིར། ཡེ་ཤེས་ཆེན་པོའི་ཉི་མ་ཡིནོ།། ཞེས་འབྱུང་བ་འདི་སྦྱར་བར་བྱའོ།། བྱ་བ་གྲུབ་པའི་ཡ་ཤེས་ནི། ཞེས་བྱ་བའི་འདི་ལ་ནི་དཔེ་མདོ་ལས། སངས ་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་པའི་ཕྱིར། ཡེ་ཤེས་ཆེན་པོའི་སྨན་ཡིནྡོ་ཞེས་འབྱུང་བ་ཡི་ནོ།། འཛིན་པའི་ཕྱིར་ནི་ཐོས་པའི་ཆོས་རྣམས།། བྱ་བ་ནི་རྒྱུ་འདི་དང་རིམ་པ་འདིས་མེ་ལོང་ལྟ་བུའི་ཡེ་ཤེས་ཡང ་དག་པར་འགྲུབ་པར་འགྱུརརོ།། སེམས་མཉམ་པའི་ཕྱིར་ནི་སེམས་ཅན་ཐམས་ཅད་ལ་བདག་དང་གཞན་མཉམ་པ་ཉིད་ཀྱི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡང་དག་པར་འགྲུབ་སྟེ་འདི་ལྟར་དེ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་མཉམ་པ ་ཉིད་བསྒོམས་པས་ཡང་དག་པར་འགྲུབ་པོ་སོ་སོར་རྟོག་པའི་ཡེ་ཤེས་ནི་ཆོས་ཡང་དག་པར་རབ་ཏུ་སྟོན་པའི་རྒྱུ་ལས་འབྱུང་བ་ཡིནོ།། བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་ཐམས་ཅད་སྒྲུབ་པའི་རྒྱུ་ལས་འབྱུང་བ་ཡིན་ཏེ། སྦྱོར་བ་ལ་སོགས ་པའི་གནས་སྐབས་འདི་དག་ཡོངསུ་དག་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་མཐར་བྱིན་པར་འགྱུར་རོ།། སངས་རྒྱས་ཀྱི་སའི་སྐབས་ཀྱིས་ཅི་སངས་རྒྱས་གཅིག་ཁོ་ནར་ཟད་དམ། འོན་ཏེ་མང་མོ་ཞིག་ཅེ་ན། དེ་ལ་རེ་ཞིག་ཁ་ཅིག་ན་རེ་ཇི་སྲིད་འཇིག་རྟེན ་གྱི་ཁམས་གཅིག་ན་ཡོད་པ་དེ་སྲི་དུ་འཇིག་རྟེན་གྱི་ཁམས་གཞན་དུ་སངས་རྒྱས་མི་འབྱུང་ཞེས་ཟེརོ།། གཞན་དག་ན་རེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་གཅིག་ཁོ་ན་ཞིག་ལྕགས་སྡོང་བཞིན་དུ་བཞུགས་ཤིང་སངས་རྒྱས་ཀྱི་མཛད ་མཛད་ཀྱི། མང་པོ་མངོན་པར་རྫོགས་པར་འཚང་རྒྱུ་བ་ནི་མདོ་ཞེས་ཟེརརོ།། གཞན་ངག་ན་རེ་སངས་རྒྱས་ནི་མང་པོ་ཞིག་ཡིན་ན་ཆོས་ཀྱི་སྐུ་ལ་བཞུགས་པ་ངར་འཛིན་པ་དང་ང་ཡིར་འཛིན་པ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་པ་དང་། ་བཅས་ཏེ་སྤངས་པ་དེ་དག་ཀྱང་མང་པོ་ཉིད་ཡིནོ།། ཞེས་ཟེར་ཏེ། དེ་དག་འགགས་པའི་ཕྱིར་སངས་རྒྱས་གཅིག་པ་ཉིད་མང་པོ་ཉིད་མ་ཡིན་པའི་སྐབ་སོ།། ཐ་དད་རིགས་དོན་མེད་ཕྱིར་དང་།། རྫོགས་དང་ཐོག་མ་མེད་པའི་ཕྱིར།། སངས་རྒྱས་གཅིག་མ་ཡི་ནོ།། དྲི ་མ་མེད་གནས་ཏེ་ཟག་པ་མེད་པའི་དབྱིངས་ན་ཆོས་ཀྱི་སྐུ་ཐ་དད་མིན་ཏེ་མང་པོ་ཉིད་མ་ཡིན་གྱི། གཅིག་པ་ཉིད།། སངས་རྒྱས་ཉིད་དེ་ལ་ཇི་ལྟར་འཇུག་པ་དེའི་ཐབས་ཀྱི་དབང་དུ་བྱས་ནས་ཚིག་སུ་བཅད་པ་བཞིའོ།། བསྒོམོ་པའི་མི་དམིགས་པ་གང་ཡིན་པ་དེ། ་ཉིད་བསྒོམ་པ་དམ་པ་ཡིན་ཞེས་བྱ་བ་ནི་གང་གི་ཚེ་འདི་ཀུན་བརྟགས་པ་གཟུང་བ་དང་འཛིན་པ་དང་ངར་འཛིན་པ་དང་། ང་ཡིར་འཛིན་པ་ཐམས་ཅད་དང་རྣམ་པར་རྟོག་པ་ཐམས་ཅད་དང་། བྲལ་བ་བསྒོམ་པ་སྟེ། ས་དང་པོ་ཐོབ་ནས་བཟུང་སྟེ་མཐར་ཐུག་པར ་བར་གྱི་ལམ་བསྒོམ་པ་དེ་ནི་སྒོམ་པ་དམ་པ་ཞེས་བྱའོ།། དོན་འདི་ཉིད་ནི་དོན་གྱི་ངོ་བོ་ཉིད་ཡོང་སུ་གཏོད་པར་བྱེད་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་ལས་བལྟ་བར་བྱའོ།། གང་དག་སངས་རྒྱས་ཉིད་ལ་བླ་མ་ཡ་མཚན་རྒྱ ་དང་ལྡན་པར་ལྟ་བ་ཞེས་བྱ་བ་ལ། ཡ་མཚན་གྱི་ཆོས་དང་ལྡན་པ་ནི་སངས་རྒྱས་ཉིད་།། ཐོབ་པར་བྱའོ་ཞེས་དེ་ལྟར་རྣམ་པར་བརྟགས་ནས་ཁེངས་པར་འགྱུར་བ་སྟེ། སངས་རྒྱས་ཉིད་བརྩོན་འགྲུས་ཆེན་པོ་ཡུན་རིང་པོ་ནས་གོམས་པས་དཀའ་བ་སྤྱད་པ་མང་པོ་ཕུལ ་དུ་ཕྱིན་པས་ཐོབ་པར་བྱ་བ་ཡིན་ལ། བདག་ཀྱང་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ཡིན་པས་རྣམ་པ་དེ་ལྟ་བུས་སངས་རྒྱས་ཉིད་ཐོབ་པར་བྱའོ་སྙམ་དུ་བསམ་ནས་གཞན་དག་ཁྱ་བསད་གྱོང་བར་འགྱུར་བ་དེ་དག་ནི་དེ་ལྟར་ང་རྒྱལ་ཀུན་ཏུ་སྤྱོད་བའི་ཕྱིར་སངས་རྒྱས་ཉིད ་ལས་ཐག་རིང་བར་འགྱུརརོ།། ཡང་ན་ང་རྒྱལ་ཞེས་བྱ་བའི་སྤྲིན་འདིར་དམིགས་པའི་རྣམ་པར་རྟོག་པའི་རྣམ་གྲངས་ཡིན་པར་ལྟ་བར་བྱའོ་འདི་དག་ཐམས་ཅད་ནི་རྟོག་པ་ཙ་མོ་ཞེས་བྱ་བ་ནི། བླ་མ་རིང་དང་མཚན་མ་དང་། ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཤད་མ་ཐག་པ ་གང་ཡིན་པའོ།། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་གནས་སྐབས་ན་ཞེས་བྱ་བ་ནི་ས་བརྒྱད་པ་ལ་ལམ་མངོན་པར་འདུ་བྱ་བ་མེད་པར་འབྱུང་ཕྱི་རོ།། བསླབ་པའི་དམིགས་པའི་ཁྱད་པར་བཤད་ཟིན་ཏོ།། ད་ནི་ཇི་ལྟར་བསླབ་པ་ཡིན་པ་དེ་བརྗོད་པར་བྱའོ།། དེ་ནི་ཇི ་ལྟར་བསླབ་པ་ཡིན་ཞེ་ན། སྦྱོར་བ་རིས་ལ་རྣམ་པ་གང་དག་གིས་དེ་སློབ་པ་སྟེ། བསམ་པའི་ཁྱད་པར་དང་། སྦྱོར་བ་དང་། གཞན་ལ་ཕན་པ་སྒྲུབ་པ་དང་། རང་ལ་ཕན་པ་སྒྲུབ་པ་དང་། རང་དང་གཞན་ལ་ཕན་པ་རྣམ་པར་དག་པ་ངེས་པར་འབྱུང་བའི་ཁྱད་པར་གྱི་སྒོ་ནསོ།། ་བསམ་པའི་སྒོ་ནས་ཇི་ལྟར་སློབ་ཅེ་ན། དམ་པའི་ཆོས་ལ་མོས་པ་རྒྱུ་དང་འབྲས་བུ་འཚམ་ཞིང་ཕྱིན་ཅི་མ་ལོག་པར་རང་དང་གཞན་གྱི་དོན་ལ་སོགས་པ་གཞི་ལྔས་བསྡུས་པ་མཐོང་བ་དེས་དང་པོ་ཁོ་ནར་ཆོས་ཟད་ཅིང་རྒྱ་ཆེ་བ་དེ་ལ་ངེས་པར་བརྟགས་པ་ལྷུར་བླང་བ་བྱ ་དགོས་པས་དེའི་ཕྱིར་བྱང་ཆུབ་ཀྱི་འོག་ཏུ་མོས་པའི་སྐབ་སོ།། ཡང་ན་བྱང་ཆུབ་སེམས་དཔའ་དག་གིས་གང་བསླབ་པར་བྱ་བ་རང་དང་གཞན་གྱི་དོན་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་གཞི་བདུན་པོ་དེ་ནི་བཤད་ཟིན་ཏོ།། ད་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམ་པ་གང ་གིས། སློབ་པ་དེ་སྟོན་ཏོ།། ཇི་ལྟར་སློབ་ཅེ་ན། མོས་པ་དང་ཆོས་ཡོངསུ་ཚོལ་བ་ལ་སོགས་པའི་རིམ་གྱིསོ།། ཇི་ལྟར་ཕུང་པོའི་དྲོན་ལས་བརྩམས་ཏེ། གཟུགས་གང་ཅི་ཡང་རུང་འདྲས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱིའི་འམ། རགས་པ་འམ། ་ཕྲ་བ་འམ། ངན་པ་འམ། གྱ་ནོམ་པ་འམ། ཉེ་བ་ན་འཇུག་པ་གང་ཡིན་པ་འམ། ཐག་རིང་པོ་ན་འདུག་པ་གང་ཡིན་པ་ཞེས་བྱ་བའི་རིམ་པ་འདིས་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རབ་ཏུ་དབྱེ་བ་བསྟན་པ་དེ་བཞིན་དུ་མོས་པ་ཡང་མདོ་དག་ལས་འདས་པ་ལ་སོགས ་པའི་བྱེ་བྲག་གིས་དབྱེ་བ་བསྟན་ཏོ།། གཟུང་བར་གྱུར་པ་ནི་ཕྱི་རོལ་གྱི་སྟེ་གང་ལ་དམིགས་པ་ཉེ་དུ་མོས་པའོ་ཞེས་བྱ་བ་ནི་མོས་པ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ཏེ། གང་གི་ཚེ་དེ་ཐེག་པ་ཆེན་པོའི་ཆོས་ལ་དམིགས་ཏེ་སྐྱེ་བ་དེའི་ཚེ་ནི་འཛིན་པ་ཉི་དུ་བསྟན་ཏོ།། གང ་གི་ཚེ་དེ་ཉིད་ལ་འདས་པ་ལ་རོ་མྱང་བ་འམ། རྗེ་སུ་ཡི་རང་བ་འམ། མ་འོངས་པ་ལ་མངོན་པར་དག་དེ་བ་ལ་སོགས་པར་དམིགས་པ་དེའི་ཚེ་ནི་བཟུང་བ་ཉེ་དུ་བསྟན་ཏོ།། ཡང་ན་སེམས་ཉིད་ཐམས་ཅད་གཉིས་ཀྱི་རྣམ་པ་ཅན་དུ་འཇུག་པས་མོས་པ་རྣམ་པ་གཉིས་བརྗོད ་ལོག་པར་མོས་པའི་ཕྱིར།། ཞེས་བྱ་བ་ནི་དཔེར་ན་ཉན་ཐོས་ཀྱིས་ཐེག་པ་པ་རྣམས་ཉན་ཐོས་ཀྱི་ཐེག་པ་ཆེར་བསྒོམ་པ་ཁོ་ནས་སངས་རྒྱས་ཉིད་ཐོབ་པར་འགྱུརརོ་ཞེས་བྱ་བར་མོས་པ་ལྟ་བུ་སྟེ། དགོངས་པ་ཅན་གྱི་དོན ་ལ་སྒྲ་ཇི་བཞིན་དུ་མོས་ན་ལོག་པར་མོས་པའི་ཕྱིར་ནོར་པོ་ཞེས་བྱའོ།། མངོན་གསུམ་པ་ཉེ་བ་སྟེ། རྐྱེན་ཉེ་བའི་ཕྱིརརོ།། ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་སོགས་པ་རྐྱེན་ཉེན་དེ་ལྔས་དེ་ཐོས་མ་ཐག་ཏུ་མོས་པ་སྐྱེ་བྱའོ།། འཕྲོགས་དང ་འདྲེས་དང་མི་མཐུན་ཕྱོགས་མ་འདྲེས། ཞེས་བྱ་བ་མོས་པའི་རག་ཏུ་དབྱེ་བ་འདི་ནི་མདོ་ལས། ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། དམན་པ་དང་། རྒྱ་ཆེན་པོ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། བརྩོན་པ་དང་། མི་པོ་རྩོན་པ་དང་། བསགས་པ ་དང་། མ་བསགས་པ་དང་། བསྟན་པ་དང་། རྙིང་དུ་ཞུགས་པའི་བྱེ་བྲག་གོས་བརྗོད་པ་སྟེ་གཞན་ཡིན།། འདྲེས་པ་ནི་འབྲིང་པོའོ།། ཞེས་བྱ་བ་ནཱི་རས་འགའ་མི་མོས་པ་སྟེ། མ་མོས་ཡང་མོས་པ་འདྲེས་པའི་ཕྱིར་འདྲེས་པ་ཞེས་བྱའོ།། མ་མོས་པ་ནི་འདུན ་པ་མེད་པ་དང་། ལེ་ལོ་ལ་སོགས་པའོ།། བསྒྲིབས་པ་ནི་ཁྱད་པར་དུ་འགྲོ་བར་བྱ་བ་ལ་སྒྲིབ་པ་དང་བཅས་པའོ་ཞེས་བྱ་བ་ནི་མོས་པ་ཡོད་དུ་ཟིན་ཀྱང་བྱ་བ་ངན་པས་བྲེལ་བས་ཁྱད་པར་མི་འཐོབ་སྟེ། དེའི་ཕྱིར་སྒྲིབ་པ་ཞེས་བྱའོ།། ཡང་ན་གང་གིས་ནི་ཚེ ་ཕྱི་མ་ལ་མོས་པར་འགྱུར་བ་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་པའི་ཕྱིར་སྒྲིབ་པ་དང་བཅས་པ་ཞེས་བྱའོ།། རྟག་ཏུ་ཞེས་བྱ་བ་ནི་རྟོག་ཏུ་སྤྱན་མ་འཆང་པར་རོ།། རྟག་ཏུ་ཡིན་ཡང་ལ་ལོ་བསམ་པ་དྲག་པོས་མི་བྱེད་པས་དེ་ཡོངསུ ་སྤངས་པའི་ཕྱིར་གུས་པས་བྱས་ཏེ་ཞེས་བྱ་བ་སྨོསོ།། བསགས་པ་ནི་དེ་རྟོགས་པར་རུང་བའོ།། ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་པ་དང་པོས་བསྡུས་པ་ཙམ་གྱི་སོ།། གཟུང་བ་དང་འཛིན་པར་གྱུར་པ་ལ་ནི་རྣལ་འབྱོར ་འཁྲུགས་པ་ཞེས་བྱ་བ་ནི་ལོས་དང་པོ་པ་ལ་གཟུང་བ་དང་། འཛིན་པའི་དངོས་པོ་སྔར་བཤད་པའི་ཚུལ་དུ་བདེན་པར་རྣམ་པར་འཇོའོ།། གླང་གི་ཚེ་ཐམས་ཅདདུ་གཟུང་བ་དང་། འཛིན་པ་ལ་གཞོལ་བར་གྱུར་ན་དྭེ་ནི་རྣལ་འབྱོར་འཁྲུགས་པ་ཞེས་བྱའོ།། སུའི་འཁྲུགས ་ཤེ་ན། རྣལ་འབྱོར་པའི་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་གཟུང་བ་དང་། འཛིན་པ་དང་། བྲལ་བ་ལ་གཉི་སུ་མངོན་པར་ཞེན་པའི་ཕྱིརོ།། བདག་ཉིད་མོས་པ་ལ་ནི་དགེ་བའི་རྩ་བ་ཉམ་ཆུང་པའོ།། ཞེས་བྱ་བ་ནི་དད་པ་དང་མ་ཆགས་པ་ལ་སོགས་པ་དགེ་བའིརྩ ་བ་དག་ཡང་དང་ཡང་དུ་མ་གོམས་པར་གྱུར་པའོ།། ནོར་པའི་མོས་པའི་བར་དུ་གཅོད་པ་ནི་བསམ་པར་མི་བྱ་སྟེ། དེ་ཉིད་བར་དུ་གཅོད་པོ་ཡིན་པས་སོ།། དཀར་པོའི་ཕྱོགས་ཀྱི་མོས་པ་ཁོ་ནའི་བར་དུ་གཅོད་པ་བསམ་པར་བྱ་བ་ཡིན་པས་མངོན་སུམ་པ་མ་ཡིན་པ ་བར་དུ་གཅོད་པ་ཡང་བསམ་པར་མི་བྱ་སྟེ། རང་ཉིད་རབ་ཏུ་གཅོད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར།། ཞི་གནས་ཙམ་གྱིས་མངོན་པའི་ང་རྒྱལ་བྱེད་པའོ།། ཞེས་བྱ་བ་ནི་ལྷག་མཐོང་ལ་མངོན་པར་བརྩོན་པར་མི་བྱེད་པ་སྟེ། གང་གི་ཚེ་ཞི་གནས་དང་ལྷག་མཐོང་། ་ངག་མཉམ་པར་འཇུག་པ་དེའི་ཚེ་ཟུང་དུ་འབྲེལ་པའི་ལམ་ཐོབ་པའི་ཕྱིར་མོས་པ་གྲགས་མེད་པོར་འགྱུརརོ།། མ་བསྒྲིབས་པ་ལ་ནི་སྒྲིབ་པའོ་ཞེས་བྱ་བ་ནི་གང་གི་ཚལ་ལ་ལ་སོགས་པ་མི་མཐུན་པའི་ཕྱོགས་དག་གིས་དོན་ངན་པ་ལ་འབྲེལ་པའི་བྱ་བས་གོང ་ནས་གོང་དུ་ཁྱད་པར་དུ་འགྲོ་བར་མི་འགྱུརརོ།། སྐྱེས་པ་དེ་ལྟར་བྱུང་བའི་ནི་བསོད་ནམས་ཆེན་པོའོ་ཞེས་བྱ་བ་ནི་སྔར་མོས་པ་ནི་འདས་པ་དང་། ད་ལྟར་བྱུང་བ་རྣམ་པ་གཉིསུ་བཤ་དོ།། དེ་ལ་ད་ལྟར་བྱུང་བའི་ཕན་ཡོན་ནི་བསོད་ནམས་ཆེན ་པོ་ཡིནནོ།། འདས་པ་ནི་མངོན་པར་དགའ་བ་ལ་སོགས་པའི་མོས་པས་ཡང་དང་ཡང་དུ་གོམས་པར་བྱས་པ་ལ་འགྱོད་པ་མེད་པོ་ཕན་ཡོན་ཡིན་ཏེ། ཡིད་ལ་གཅགས་པ་མེད་པའི་ཕྱིརརོ།། འཛིན་པ་དང་གཟུང་བར་གྱུར་པའི་ནི་ཡིད་བདེ་བ་ཆེན་པོ་སྟེ། ཏིངངེ་འཛིན ་དང་ཡང་ལྡན་པའི་ཕྱིར།། ཞེས་བྱ་བ་ནི་གང་གི་ཚེ་གཟུང་བ་དང་འཛིན་པར་འགྱུར་བའི་མོས་པ་དེ་ལྟ་མངོན་པར་ཞེན་པར་མི་བྱེད་ཀྱི་གཟུང་བ་དང་འཛིན་པ་ཉིད་རྣམ་པར་འཇིག་པར་བྱེད་པ་དེའི་ཚེ་མངོན་པར་ཞེན་པ་བོར་བུས་ཏིང་འཛིན་འཐོ་བོ།། རྒྱ་ཆེན་པོའི ་ནི་གཞན་གྱི་དོན་ཐོབ་པའི་མཆོག་གོ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཐོབ་པའོ།། ཞེས་བྱ་བའི་ཐ་ཆེ་གོ།། ཕན་ཡོན་ནི་མངོན་པར་ཤེས་པ་མྱུར་བ་ཉིད་ཞེས་བྱ་བ་ལ། མངོན་པར་ཤེས་པ་མྱུར་བ་ཉིད་ནི་དབང་པོ་རྣོན་པོ་ཉིད། མགོ་སྨོས་པས་གོ་བའི་ཕྱིར ་ཆོས་མྱུར་དུ་རབ་ཏུ་ཤེས་པ་ཡིནོ།། འཇིག་རྟེན་པའི་ཏིང་འཛིན་དང་ལྡན་པ་རྣམས་ཀྱི་ནི་རུས་སྦལ་བཞི་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ཁོང་དུ་ཆུད་པའི་ཕྱིར་མོས་པ་འཁུམས་པ་ཞེས་བྱའོ།། ཡང་ན་བསམ ་གཏན་དང་ཏི་འཛིན་དང་། སྙོམས་པར་འཇུག་པ་ཐོབ་པ་ཅན་གྱི་ཕྱིར་དང་། དེ་ཙམ་གྱིས་ཆོག་པར་འཛིན་པའི་ཕྱིར་དང་། དེ་ཁོ་ན་ཉིད་མ་རྟོགས་པའི་ཕྱིར་དང་། སྟོན་ཁྱད་པར་ཅན་མ་ཐོབ་པའི་ཕྱིར་འཁུམས་པ་ཞེས་བྱའོ།། རང་གི་དོན་དང་ལྡན་པ་ཉན ་ཐོས་རྣམས་ཀྱིས་ནི་གང་ཟག་ལ་བདག་མེད་པ་རྟོགས་པའི་ཕྱིར་ཆོས་ཐམས་ཅད་སྤྱིའི་རྣམ་པར་ཤེསོ།། དེ་གཉིས་ཀྱི་ཕྱིར་དེ་དག་གི་མོསུ་པ་རུས་སྦྲུལ་ལྟ་བུ་ནི་མ་ཡིནོ།། འོན་ཀྱང་རང་གི་དྲོན་ལྷུར་ལེན་པའི་ཕྱིར་འཁོར་བས་སྐྱུག་པས་སྐྱེ་སྟེ། བྲན་བཞིན་དུ ་འཇིགས་ཤིང་སྐྲག་པའི་ལུས་ཀྱིས་རྣམ་པར་རྒྱུ་བས་དེའི་ཕྱིར་དྲན་དང་འདྲའོ་ཞེས་བྱའོ།། དོན་དེ་ཉིད་གཞན་གྱིས་བསྟན་ནས་ཞེས་བྱ་བ་ནི། ཇི་ལྟར་ཁྱི་ནི་རྟག་ཏུ་ལྟོགས་ཤིང་སྡུག་བསྔལ་གྱིས་ཉན་ཆོག་མི་ཤེས།། ཞེས་བྱ་བའི་ཚིགསུ་བཅད་པོ་འདི་ནི་ཚིགསུ། ་བཅད་པ་དང་པོ་ལས་གཞན་ཡིནོ།། འདིས་བསྟན་ནས་ངོའི་འོག་ཏུ་གསུམ་པས་ཐོག་པ་ཆེན་པོ་ལ་མོས་པ་ཡང་དག་པར་ལེན་དུ་འཇུག་པ་ཡིན་ཏེ།། ཐེག་པ་ཆེན་པོ་དེ་ལ་དེ་མཆོག་ཚུ་ལྡེ་བཞིན་རིག་ནས་ནི། འདི་ན་བསྟན་པོས་དེ་ལ་དེ་ཉིད་རྟག་པར་རབ་ཏུ་ཚོལ ་ཞེས་དེ་སྐད་ཐེག་པ་ཆེན་པོ་ལ་མོས་པ་ཡང་དག་པར་ལེན་དུ་འཇུག། བདག་ཉིད་ཟ་བ་མ་ཡིན་པའི་ཞེས་བྱ་བ་ནི་རང་གི་དོན་གྱི་དབང་དུ་བྱས་ནས་ཞེས་བྱ་བར་སྦྱར།། རེ་ཞིག་གང་ཞིག་རྩེ་བའི་དོན་དང་རྒྱགས་པ་དང་ཆུབ་ལ་སོགས་པའི་དོན་དུ་ཟ་བ ་དེདེའི་ཟས་དེ་ནི་བསོད་ནམས་མ་ཡིན་པ་ཁོ་ནར་འགྱུར་རོ།། གང་ཞིག་ལུང་དུ་མ་བསྟན་པར་ཟ་བ་དེའི་ཟས་དེ་ནི་བསོད་ནམས་ཀྱང་མ་ཡིན། བསོད་ནམས་མོ་ཡིན་པ་ཡང་མ་ཡིནོ།། གང་ཞིག་རྒྱགས་པ་ལ་སོགས་པ་པའི་དོན་དུ་མི་ཟའི་འོན་ཀྱང་ཁལ་དགལ ་བའི་དོན་དུ་ཤིང་རྟའི་སྲེག་ཤིང་སྐུད་པ་ལྟ་བུའི་ཚུལ་དུ་ལུས་འཚོ་བས་དགེ་བའི་ཕྱོགས་ལ་རུང་བར་འགྱུར་ཞིང་དགེ་སྦྱོང་གི་ཚུལ་དུ་འབྲས་བུ་འཐོབ་པར་འགྱུར་སྙམ་ནས་ལུས་འཚེ་བར་བྱ་བའི་དོན་དུ་ཟ་བའི་ཟས་དེ་ནི་བསོད་ནམསུ་འགྱུར་གྱི་བསོད ་ནམས་འབྱུང་བ་ཆེན་པོར་ནི་མི་འགྱུར།། དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་ཆེན་པོ་ལ་མོས་པ་ལས་ཀྱང་གཞན་གྱི་དོན་གྱི་རྟེན་ཐེག་པ་ཆེན་པོའི་ཆོས་བསྟན་པ་ཚིགསུ་བཅད་པ་གཅིག་ཉན་པ་དང་། སྟེན་པ་ལ་སོགས་པ ་ལས་ཕན་ཡོན་ཇི་སྐད་དུ་ཐེག་པ་ཆེན་པོའི་མདོ་དེ་དང་དེ་དག་ལས་འབྱུང་བ་ཅི་འདྲ་བར་བསོད་ནམས་འབྱུང་བ་ཆེན་པོ་མ་ཡིནོ།། དེ་ལྟར་འཕགས་པ་ཆེན་པོའི་ཆོས་ནི་ཡངས། གྱུར་ལ་ཞེས་བྱ་བ་ལ། ཡངས་པར་གྱུར་པ་ནི་ཐེག་པ་ཆེན་པོ་སྟེ། མདོ་སྡེ་འབུམ ་པ་དུ་མ་བསྟན་པའི་ཕྱིར།། གང་ལ་དང་གང་ཞིག་དང་མོས་པ་ཇི་ལྟ་བུས་འབྲས་བུ་གང་ཡོངསུ་འཛིན་པ་ཞེས་བྱ་བ་ལ། གང་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ཡངས་པ་ལའོ།། གང་ཞིག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བློ་དང་ལྡན་པའོ།། མོས་པ ་ཇི་ལྟ་བུ་ཞེས་བྱ་བ་ནི་མོས་པ་ཡོང་སུ་ཉམས་པར་མི་འགྱུར་བ་རྒྱ་ཆེན་པོས་ཏེ། མོས་པ་ཆེ་ཞེས་གང་བཤད་པོ་ཡི་ནོ།། འབྲས་བུ་གང་ཡོངསུ་འཛིན་པ་ཞེས་བྱ་བ་ནི་བསོད་ནམས་རྒྱ་ཆེན་པོ་འཕེལ་བ་ལ་སོགས་པ་འབྲས་བུ་རྣམ་པ་གསུམ་ཡོངསུ་འཛིན ་མོས་པའི་སྐབས་ཀྱི་འོག་ཏུ་ཆོས་ཡོངསུ་ཚོལ་བའི་སྐབས་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། དེ་ལྟར་མོས་པ་མང་པོའི་བྱང་ཆུབ་སྙོམས་དཔའ་ནི་ཆོས་ཡོངསུ་ཚེལོ།། ཆོས་ཡོངསུ་ཚོལ་བ་དེའི་དམིགས་པ་ཅི་ཞིག་ཡིན་ཞེ་ན། དེའི ་ཕྱིར། སྡེ་སྣོང་དག་ནི་གསུམ་མམ་གཉིས་ཀྱང་རུང་། ཞེས་བྱ་བ་སྨོ་སོ།། དེ་ལ་གསུང་གི་ཡན་ལག་ཏུ་གཏོགས་པ་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡི་ནོ།། ལྷག་མ་ནི། ་ཕལ་ཆེར་ཉན་ཐོས་ཀྱི་སྡེ་སྣོད་ཡི་ནོ།། པལ་ཚྭ་ར་ཞེས་སྨོས་པ་ནི་ཡན་ལག་ཁ་ཅིག་ནི་ཐེག་པ་ཆེན་པོ་དང་ཉན་ཐོས་ཀྱི་ཐེག་པ་ཐུན་མོང་ཡིན་པསོ།། དེ་ཡང་གསུམ་མམ་གཉིས་ཡིནོ།། ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། སྨྲས་པ། བསྡུས་པའི་ཕྱིར་ཏེ་དོན ་ཐམས་ཅད་བསྡུས་པའི་ཕྱིར་ཞེས་བྱ་བ་ནི་དབར་ན་གནས་གཞན་ཁ་ཅིག་ནི་བྲེ་བཅུ་གང་པ་ལ་ནུས་བཱི་གྱི་སྟེ་སྣོད་ཅེས་བྱ་བ་དེ་བཞིན་དུ་འདིར་ཡང་ཤེས་བྱ་བའི་དོན་ཐམས་ཅད་བསྡུས་པའི་ཕྱིར་སྡེ་སྣོད་ཅེས་བྱ་བ་དེ་བཞིན་དུ་འདིར་ཡང་ཤེས་བྱའི་དོན་ཐཾང ་བསྡུས་པའི་ཕྱིར་སྡེ་སྣོད་ཅེས་བྱའོ།། ཅིའི་ཕྱིར་གསུམ་ཁོ་ནུ་ཞེ་ན། རྒྱུ་དགུས་ཞེས་བྱ་བ་ནི་མདོ་སྡེ་དང་། ཆོས་མངོན་པ་དང་། འདུལ་བ་རྣམས་ལ་སོ་སོར་ཐེ་ཚོམ་དང་མཐའ་གཉིས་དང་། ལྟ་བ་མཆོག་ཏུ་འཛིན་པ་ལ་སོགས་པ་སྟེ། རེ་རེ་ལ་རྒྱུ་གསུམ་ཡོད ་པས་རྒྱུ་དགུར་འགྱུར།། ཐེ་ཙོམོ་གྱི་གཉེན་པོར་ནི་མདོ་སྡེ་སྟེ། གང་ཞིག་དོན་ལ་གང་ལ་ཐེ་ཚོམ་ཟ་བ་དེ་ངེས་པར་བྱ་བའི་ཚེ་དུ་བཤད་པའི་ཕྱིར།། ཞེས་བྱ་བ་ནི་གང་ཞིག་དོན་གྲང་ལ་ཐེ་ཙོམ་ཟ་བ་དེ་བསལ་བའི་ཕྱིར་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད ་དྲང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བདེན་པ་དང་། སྭ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་དག་ལ་ཐེ་ཚོམ་ཟ་བ་རྣམས་ལ་ཐེ་ན་མ་སྤང་བའི་ཕྱིར་དེ་དང་འཚམ་པར་བཤད་པ་མོས་པའི་ཚུལ་དུ་མདོ་སྡེ་བཤད་པས་དེའི ་ཕྱིར་ཐེ་ཚོམ་གྱི་གཉེན་པོར་མདོ་སྡེ་བཤད།། མཐའ་གཉིས་ལ་སྦྱོར་བའི་གཉེན་པོ་ནི་འདུལ་བ་སྟེ་ཁ་ན་མ་ཐོ་བ་དང་བཅས་པའི་ཡོངསུ་སྤྱད་པ་བཀག་པའི་སྒོ་ནས་ཞེས་བྱ་བ་ནི་མཐའ་གཉིས་ལ་སྦྱོར་བ་ནི་འདོད་པའི་བསོད་ཉམས་དང་བདག་ཉི་དུབ་པ ་ལ་སྦྱོར་བ་དག་གོ།། འདོད་པ་བསོད་ཉམས་ལ་སྦྱོར་བ་ནི་དཔེར་ན་འདོད་པ་ཅན་ཡོངསུ་སྤྱོད་པ་ལྟ་བུར་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅས་པ་དེ་ལས་ལངས་ཏེ་གསོག་འཇོག་བྱས་པ་ལ་སོགས་པ་ཡོངསུ་སྤྱོད་པས ་བདག་ཉིད་ཚ་བ་ལ་སོགས་པའི་དོན་དུ་ཡོངསུ་སྤྱོད་པ་གང་ཡིན་པོ་སྟེ། དེའི་གཉེན་པོའོ།། ཇི་ལྟར་ཞེ་ན། གང་ཞིག་ཡོངསུ་སྤྱད་པ་བཀླག་པ་མཛད་པ་དེ་ལྟ་བུ་དེ་ཐག་བསྲིངས་ཏེ་ཡོངསུ་སློབ་པ་ནི་གུས་པ་དག་པོས་བསླབ་པའི་གནས་ཇི་ལྟར་བཅས་པ ་དག་ལ་གུས་པར་བྱེད་པས། དེ་ལྟར་ན། ཁ་ན་མ་ཐོ་བ་དང་བཅས་པའི་ཡོངསུ་སྤྱད་པ་བཀག་པ་ཡིནོ།། བདག་ཉིད་དུབ་པ་ལ་སྦྱོར་བའི་མཐའི་གཉེན་པོར་ནི་ཁ་ན་མ་ཐོ་བ་དང་མེད་པའི་ཡོངསུ་སྤྱད་པའོ།། ཁ་ན་མ་མེད་པ་བཅོམ་ལྡན་འདས་ཀྱིས་ཇི ་ལྟར་སྣང་བ་དེ་ཡོངསུ་སྤྱོད་ཀྱི། བདག་ཉིད་ནུབ་གསུམ་དང་ནུབ་དྲུག་ཏུ་གདུང་བ་དང་། ཡོངསུ་གདུང་བ་ལ་སོགས་པས་དུབ་པར་མི་བྱེད་པ་སྟེ། ཇི་སྐད་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་ནི་ངས་ཟས་རོ་བརྒྱ་དང་ལྡན་པ་དང་། གོས། ་འབུམ་རི་བ་ཡང་གནང་ཞེས་གསུངས་པ་ལྟ་བུའོ།། ཟས་དེ་ཡང་ཟ་བ་ན་ཆགས་ཤྲིང་རྒྱགས་པ་ལ་སོགས་པའི་དོན་དུ་མ་ཡིན་པར་ཟ་ན། དེ་ལྟ་ན་ཁ་ན་མ་ཐོ་བ་མེད་པའི་ཡོངསུ་སྤྱད་པ་བདག་ཉིད་དུབ་པ་ལ་སྦྱོར་བའི་མཐའི་གཉེན་པོར་འགྱུརརོ།། འདུལ་བས ་ནི་ཆོས་དང་དོན་འགྲུབ་པ་སྟེ། ཉོན་མོངས་པ་འདུལ་བ་ལ་རབ་ཏུ་བརྩོན་པས་དེ་གཉིས་རྟོགས་པའི་ཕྱིར་ཞེས་བྱ་བ་ལ། ཉོན་མོངས་པ་འདུལ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་མི་སྡུག་པ་ལ་སོགས་པ་ལ་སོགས་པ་བསྒོམ་པ་གང ་ཡིན་པའོ།། ཆོས་དང་དོན་དག་གིས་ཇི་ལྟར་རྟོགས་ཤེ་ན། ཆོས་ནི་མིང་གི་ཚོགས་ལ་སོགས་པས་བསྡུས་པའོ།། དོན་དེ་ནི་དེ་དག་གིས་བརྗོད་པར་བྱ་བའོ།། གལ་ཏེ་མིང་དེ་ཡང་དོན་ལ་གློ་བུར་བ་ཡིན་ལ་དོན་ཡང་མྱིང་ལ་གློ་བུར་བ་ཡིན་པར་ལྟའི། དོན ་ཡང་མིང་གི་ངོ་བོ་ཉིད་མ་ཡིན། ལ་མིང་ཡང་དོན་གྱི་ངོ་བོ་ཉིད་མ་ཡིན་པར་འཛིན་ན། དེ་ལྟར་ཚུལ་བཞིན་རབ་ཏུ་བརྩོན་པས་ཆོས་དང་དོན་རྟོགས་པར་འགྱུར་རོ།། ཡང་ན་ཚུལ་ཁྲིམས་དང་ལྡན་པ་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་དེ་ཁོ་ན་ཉིད་རྟོགས ་འི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་གྱིས་དོན་དུ་ཆོས་དང་དོན་འགྲུབ་ཅེས་བྱའོ།། ཐོས་པས་ནི་སེམས་ལ་བག་ཆགས་ཀྱི་སྒོ་ནས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ཀྱི་སྒོ་ནསོ།། བསམས་བླ ་ནི་རྟོགས་པར་བྱེད་པའི་སྒོ་ན་སོ།། ཞེས་བྱ་བ་ནི་ཐོས་པ་དེ་ཇི་ལྟ་ཇི་ལྟར་བསམས་པ་དེ་ལྟ་དེ་ལྟར་དེ་རྟོགས་པར་འགྱུརརོ།། རྟོགས་ནས་ཤེས་རབ་དང་ལྡན་པ་བསྒོམ་པ་ལ་རབ་ཏུ་བརྩོན་པ་ཞི་གནས་འཐོབ་པར་འགྱུར་བས་བསམ་གཏན་གྱི་སྟོབས་ཀྱིས ་ཉོན་མོངས་པ་རྣམས་ཞི་བར་བྱེད།། མཉམ་པར་བཞག་པས་ལྷག་མཐོང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་དེ་ཁོ་ན་ཉིད་རྟོགས་པ་སྟེ་དེ་ལྟར་ན་སེམས་ཅན་རྣམས་ཀྱང་རྣམ་པར་གྲོལ་བར་བྱེད་པ་ལ་སངས་རྒྱས་ཉིད་ཀྱང་འཐོའོ།། གན ་ནི་ཡུལ་གང་དུ་གང་གི་ཕྱིར་བཤད་པའོ།། ཞེས་བྱ་བ་ནི་གནས་རྣམ་པ་གསུམ་བཤད་པའོ།། དེ་ལ་གང་དུ་ཞེས་བྱ་བ་ནི་ཇི་སྐད་དུ་མདོ་གཞན་དེ་དང་དེ་དག་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱལ་པོའི་ཁབ་ལ་སོགས་པའི་གནས་ཉི་དུ་བསྟན་ཏོ།། གང་གིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་གནས་ཉིད་བསྟན་པའོ།། གང་གི་ཕྱིར་ཞེས་བྱ་བ་ནི་གང་ཟག་གང་གི་ཕྱིར་ཆོས་འཆད་པའི་གང་ཟག་གནས་ཉིད་དུ་བསྟན ་པ་ཡི་ནོ།། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དང་། དོན་དམ་པའི་བདེན་པའི་མཚན་ཉིད་ཞེས་བྱ་བ་ནི་བུམ་པ་དང་། རས་ཡུ་ག་དང་། གང་ཟག་ལ་སོགས་པ་བཤད་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། བརྗོད་པ་དང་དེ་ལས་གཞན་པ་ལ་བལྟོས་པའམ་དབང་པོའི་སྤྱོད་ཡུལ ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ།། དོན་དམ་པའི་བདེན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གང་ཡིན་པཱ་དཱ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། བཟློག་པ་ནི་དོན་དམ་པའི་བདེན་པ་ཡིནོ།། ཟས་ནི་བཞི་སྟེ། ཁམ་དང་། རེག་པ་དང་། ཡིད་ལ་སེམས་པ་དང་། ་རྣམ་པར་ཤེས་པའོ།། བདེན་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་། མཐུན་པ་དང་། རྣམ་པར་ཐར་པའི་སྒོ་ལ་སོགས་པ་སྟོན་པའི་ཕྱི་རོ།། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའོ་ཞེས་བྱ་བར་སྦྱོརོ།། ལྟུང་བའི་རིགས་ལྔ་ནི་ཕས་ཕམ་པ་དང་། དགེ་འདུན་ལྷག་མ ་དང་། ཉེས་པ་སྦོམ་པོ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པའི་ལྟུང་བའོ།། བག་མེད་ན་ཤེསུ་ཟིན་ཀྱང་ཁྱེའུ་དང་བུ་མོ་དང་ཁྱིམ་ལ་འདྲིས་པ་ལ་སོགས་པས་བྱ་བ་ངན་པ་ལ་བྲལ་བའི་ཕྱིར་ལྟུང་བ་དང་བཅས་པར་འགྱུརརོ།། མ་གུས་པ་ལས་ནི་འཚོ་བ་མེད་པ་ལ ་སོགས་པའི་འཇིགས་པས་རབ་ཏུ་བྱུང་བ་ནི་བསླབ་པ་དག་ལ་མ་གུས་པ་འབྱུང་།། རབ་ཏུ་འབྱུང་བའི་བསམ་པས་རབ་ཏུ་བྱུང་ཡང་ལེ་ལོ་ལ་སོགས་པས་བསླབ་པ་དག་ལ་མ་གུས་པར་བྱེད།། བསླབ་པ་བྱིན་པ་ལ་སོགས་པ་ཆད་པའི་ལས་ཁས་ལེན་པ་ནི ་ཁས་ལེན་པ་སྟེ། གང་ཟག་གང་ཞིག་ཕས་ཕམ་པའི་ལྟུང་བ་བྱུང་ཡང་ཁ་ན་མ་ཐོ་བ་གཅིག་ཀྱང་བཅབ་པའི་སེམས་མེད་པ་དེ་ལ་ཆད་པའི་ལས་འདི་ལྟ་སྟེ། གང་ཟག་བསྙེན་པར་རྫོགས་པ་རྣམས་ཀྱི་མཇུག་ཏུ་བཟའ་བར་བྱ་བ་དང་། ཐ་མར་བཀད་པར་བྱ་བ་དེས་བསྙེན་པར་རྫོའོ། ་པ་རྣམས་ཁོ་ན་ལ་དྲང་བར་བྱ་བ་དང་། དེ་བདག་ཉིད་ཀྱིས་ཀྱང་དགེ་སྦྱོང་ལ་སོགས་པས་དྲངས་ལ་བཟའ་བར་བྱ་བ་གང་ཡིན་པ་ཆད་པའི་ལས་དེ་ལྟ་བུ་ལ་སོགས་པ་ཁས་བླངས་པས་ལྟུང་བ་ལས་འབྱུང་བར་འགྱུར་རོ།། དགེ་འདུན་ཚོགས་པས་བསླབ་པའི་གཞི་བག་ཡངས ་སུ་བྱ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་ཀུན་དགའ་བོ་མྱ་ངན་ལས་འདའ་བའི་ཚེ་སྐུ་ལ་ཅིག་དང་། བསླབ་པའི་གཞི་ཇི་ལྟར་བཅས་པ་དག་ལས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་ཁ་ཅིག་བག་ཡངསུ་བྱའོ་ཞེས་བཀའ་སྩལ་པ་དང་། ཡོངསུ་མྱ་ངན ་ལས་འདར་བའི་ཚེ་འཕགས་པ་ཀུན་དགའ་བོ་མྱ་ངན་གྱིས་ནོན་པས་བརྗོད་བརྗོད། བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་པ་དང་། འཕགས་པ་འོད་སྲུངས་ཆེན་པོ་ལ་སོགས་པ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱི་ས་གཞི་དེ་ལས་འཕགས་པ་ཀུན ་དགའ་བོ་ལ། བཅོམ་ལྡན་འདས་ཀྱིས་ནི་ཡོངསུ་མྱ་ངན་ལས་འདའ་བའི་ཚེ་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་ཁ་ཅིག་བག་ཡང་སུ་མཛདདོ།། སྙམ་པའི་དགོངས་པ་འདིས་དཀའ་སྩལ་ནས། ཅིའི་ཕྱིར་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་མ་བསྐུལ་ཞེས་ཆད་པའི་ལས ་བྱེད་བཅུགོ།། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ་ནི་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་ཁ་ཅིག་གལ་ཏེ་དགེ་འདུན་ཚོགས་པས་བག་ཡང་སུ་བྱསྣ་བག་ཡངས་ཡིནོ་ཞེས་གྲགོ།། འདི་ཡང་གྲག་པ་ཙམ་དུ་ཟད་ཀྱི་བསླབ་པའི་གཞི་འགའ་ཡང་དགེ ་སློང་གི་དགེ་འདུན་གྱིས་ངག་ཡང་སུ་བྱས་པ་འམ་བྱེད་པ་ནི་མེད་ཀྱི་བྱེ་བྲག་ཏུ་སྨྲ་བ་འདུལ་བ་འཛིན་པ་དག་ལྟུང་བ་ལས་ལྡང་བ་དེ་ལྟ་བུ་འདོད་ཞེས་གྲགོ་ལྟུང་བ་ཐུན་མོང་མ་ཡིན་པ་ཞེས་བྱ་བ་ནི་དགེ་སློང་ལ་མོའི་མཚན་དོད་ན་དག ་སློང་གི་ལྟུང་བ་ཐུན་མོང་མ་ཡིན་པའི་ལྟུང་བ་གང་ཡིན་པའི་ལྟུང་བ་དེ་ལས་ནི་དགེ་སློང་མཚན་དུ་གྱུར་ན་བཤགས་པ་ལ་སོགས་པའི་བྱ་བ་མེད་པར་ལངས་པར་འགྱུར་ལ།། དགེ་སློང་མའི་ལྟུང་བ་ཐུན་མོང་མ་ཡིན་པ་ལས་ནི་མོའི་མཚན་ནུབ་ནས་པོའི ་མཚན་སྐྱེས་ན་ཅི་རིགས་པར་ལྟུང་བ་སླར་བཅོས་པ་མེད་པར་ལྡང་བར་འགྱུརརོ།། ཆོས་ཀྱི་སྡོམ་གྱིས་རྣམ་པར་སོ་སོར་རྟོག་པར་ཁྱད་པར་སྷོ།། ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བ་ནི་གང་གི་ཚེ་ཆོས་རྣམས་ལ་ཆོས་ཀྱི་སྡོམ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང ་སྨོན་པ་མོད་པ་དག་ཏུ་ཚུལ་བཞིན་དུ་སོ་སོར་རྟོག་པ་དེའི་ཚེ་ལྟུང་བ་ཕྲ་མོའི་ཡང་ཕྲ་མོ་དག་ལས་ལྡང་བར་འགྱུར་རོ།། རབ་ཏུ་དབྱེ་བ་ལས་ཞེས་བྱ་བ་ནི་དཔེར་ན་རྩ་སྔོན་པོ་དང་ཆུ་ལ་སོགས་པར་བཤང་བ་དང་གཅི་བ་མི་བྱའོ་ཞེས་བསླབ་པའི་གཞི་བཅས་པ་འདིའི ་རབ་ཏུ་དབྱེ་བ་དྲུག་སྟེ། རྒྱལ་པོའི་སྐྱེད་མོས་ཚལ་དུ་དོང་བ་དག་གིས་རོལ་པའི་ནིརུ་སིང་དང་ཆུ་ལ་སོགས་པར་བཤང་བ་དང་གཅི་བ་ལ་སོགས་པ་བྱས་པ་དང་དའི་ཕྱིར་བསླབ་པའི་གཞི་བཙས་པ་ཡིན་པ་ལྟ་བུ་སྟེ། དེ་བཞིན་དུ་བསླབ་པའི་གཞི་གཞན ་དག་ལ་ཡང་ཤེས་པར་བྱའོ།། །། ཆོས་ཀྱི་དམིགས་པ་ཡོངསུ་ཚོལ་བའི་སྐབས་ཀྱི་འོག་ཏུ་དམིགས་པ་རྙེད་པ་ཡོངསུ་ཚོལ་བ་སྟེ། དམིགས་པ་ཉེས་པར་བཟུང་ནས་དེའི་འོག་ཏུ་ཇི་ལྟར་འདི་རྙེད་པར་འགྱུར་ཞེས་དམིགས་པ་རྙེད་པ་ཡོངས། ་སུ་ཚོལ་བའི་སྐབས་ཡིནོ།། དེ་ལ་དམིགས་པ་ནི་རྣམ་པ་བཞི་སྟེ། དམིགས་པ་ཆོས་ནི་བཤད་པ་གང་ཡིན་པའོ།། ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་མདོ་སྡེ་དང་དབྱངས་ཀྱི་བསྐྲད་པའི་སྡེ་ལ་སོགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔར་ཤེས་རབ་རྣོན་པོའི། ་དམིགས་པ་ཡིན་གྱི་ཐམས་ཅད་ཀྱི་ནི་མ་ཡིན་པ་ཉིད་དོ།། ལུས་ལ་སོགས་པ་ནི་ནང་སྟེ་ཞེས་བྱ་བ་ནི་དམིགས་པ་གཉིས་པའོ།། སོགས་པ་ཞེས་སྨོས་པ་ནི་ཚོར་བ་དང་སེམས་དང་ཆོས་རྣམས་བསྡུའོ།། ཡང་ན་དམིགས་པ་ཆོསོ་ཞེས་སྨོས་པ་ནི་སྐྱེ་བ་ན་ཡང་། ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ཁོ་ན་སྐྱེ་ལ་འགག་པ་ན་ཡང་འགོག་གི་གཞན་ནང་བྱེད་པའི་སྐྱེས་དུ་ནི་འགའ་ཡང་མདོ་ཞེས་བྱ་བ་ཡིནོ།། དེ་ལ་ནང་གི་དམིགས་པ་འཛིན་པར་གྱུར་པ་ནི་དབང་པོའི་གཟུགས་ཅན་མིག་ལ་སོགས།། ་པ་དང་ཡིདདོ།། ཕྱི་རོལ་གྱི་དམིགས་པ་གཟུང་བ་ནི་འཛིན་པའི་སྤྱོད་ཡུལ་གྱི་དོན་ཉིད་དམ། གཟུགས་ལ་སོགས་པ་སྟེ་གསུམ་པ་ཡིནོ།། ནང་དང་ཕྱི་དེ་དག་ཉིད་ཀྱི་དེ་བཞིན་ཉིད་གཉིས་ནི་དམིགས་པ་བཞི་པ་ཡིན་ཏེ། འདི་ནི་ཚིགསུ་བཅད་པ་ལས། དམིགས་པ་ཆོས ་དང་ནང་དང་ནི།། ཕྱི་དང་གཉིས་ནི་ཡིན་པར་འདོད། ཅེས་དམིགས་པ་རྣམ་པ་བཞི་བཤད་པ་གང་ཡིན་པ་རྣམ་པར་ཕྱེ་བ་ཡིནོ།། དེ་ལ་ནང་གི་དམིགས་པ་ལ་སོགས་པ་ནི་འཛིན་པ་ལ་སོགས་པའི་བྱེ་བྲག་གིས་རྩ་བའི་གཞུང་ཉིད་ལས་ཤིན་ཏུ་རྣམ་པར་ཕྱེ་བ ་ཡང་ཟད་ན་དམིགས་པ་དེ་དག་ཉིད་ཀྱི་དེ་བཞིན་ཉིད་གཉིས་ཞེས་བྱ་བ་དེ་བཞིན་ཉིད་ལ་ནི་ཐ་དད་པ་ཡོད་པ་མ་ཡིན་ཞེ་ན། ནང་གི་ལ་སོགས་པའི་དབྱེ་བས་དེ་བཞིན་ཉིད་ཀྱི་དབྱེ་བ་ཐ་དད་པར་བཞག་སྟེ། དཔེར་ན་བུམ་པའི་ནམ་མཁའ་དང་གནས་ཁང་གི་ན་མཁ ་ཞེས་བྱ་བ་དང་འདྲ་བར་ཆོས་ཅན་གྱི་བྱེ་བྲག་གིས་ཐ་དད་པར་བཞག་གི་རང་གི་ངོ་བོས་ནི་མ་ཡིནོ།། དེ་ལ་ཆོས་ཀྱི་དམིགས་པ་དང་པོར་བསྟན་པ་དང་དེ་ནི་བརྗོད་པར་བྱ་བ་མང་པོའི་ཕྱིར་ཚིགསུ་བཅད་པ་གཉིས་པ་དང་གསུམ་པ་དག ་གིས་རྒྱས་པར་འགྱུརརོ།། ནང་གི་དམིགས་པ་ལ་སོགས་པ་ནི་བརྗོད་པར་བྱ་བ་ཉུང་བས་དེ་དག་གིས་དམིགས་པ་རྙེད་པ་དང་པོ་བརྗོད།། དེ་ལ་ནང་དང་ཕྱིའི་དམིགས་པ་གཉིས་ནི་དོན་གཉིས་ཀྱིས་གོ་རིམ་བཞིན་དུ་རྙེ་དེ། གལ་ཏེ་བཟུང་བའི་དོན་ལས་འཛིན་པ ་དོན་ཐ་མི་དད་པར་མཐོང་བ་འམ། ཞེས་བྱ་བ་ཇི་ལྟར་ཐ་མི་དད་པར་མཐོང་ཞེ་ན། གཉིས་སྣང་བ་འདི་ཡང་རྣམ་པར་ཤེས་པ་ཁོ་ན་རྣམ་པར་ཟད་ཀྱི། དམིགས་དང་གཟུགས་ལ་སོགས་པ་རྣམ་པར་ཤེས་པ་མ་རྟོགས་པར་རང་གི་ངོ་བོ་གཉིསུ་ཡོངསུ་གྲུབ་པས ་གྲུབ་པ་ནི་མེདོ།། ཞེས་བྱ་བར་སྦྱར་ཏེ། བྷ་དྲི་ཧ་རི་ཛི་སྐདདུ། ན་མཁའ་ས་རླུང་ཉི་མ་དང་། རྒྱ་མཚོ་གླིང་དང་ཕྱོགས་རྣམས་ནི།། ནང་གི་ཤེས་པའི་ངོ་བོ་ཡི།། ཆ་ལས་ཕྱི་རོལ་ལྟ་བུར་འདུག་ཅེས་བཤད་པ་ལྟ་བུ་ཡི་ནོ།། འཛིན་པའི་དོན་ལྔས་བཟུང་བའི་དོན་ཐ་མི་དད་མཐོང་བའོ།། ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་ནི་རྣར་ཤྲ་བ་ཁོ་ན་ཟིའི་\ུ0f88\ུ0f90ར་ཤྲཱི་བ་ས་རྟོགས་པ་བྱིས་པས་ཀུན་བརྟགས་པ་མིག་ལ་སོགས་པ་འཛིན་པའི་དོན་ནི་ཡོད་པ་མ་ཡིནོ་ཞེས་བྱ་བར་ཏེ། དེའི་ཕྱིར་དོན་དུ་སྣང་བ་ཐམས་ཅད་སེམས་ཁོ་ན་ཡིན་པར་བལྟའི། དོན་སེམས་ལས་གཞན ་པར་ནི་མི་བལྟའོ།། དེའི་ཚེ་ནི་འདིའི་གཟུང་བ་ལ་རྣམ་པར་གཡེང་བ་སྤངས་ལ་འཛིན་པའི་རྣམ་པར་རྟོག་པ་འབའ་ཞིག་ལུས་ཏེ། དེ་ནི་བཟོད་པའི་གནས་སྐབས་ཡི་ནོ།། དེ་ནས་མྱུར་དུ་བར་ཆད་མེད་པའི་ཏིང་འཛིན་ཐོབ་སྟེ། དེ་ནི་འདིའི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི ་གནས་སྐབས་ཡིན།། དེ་ལྟར་ན་ནང་དང་ཕྱིའི་དམིགས་པ་ཐོབ་པ་ཡི་ནོ།། ཕྱི་དང་ནང་གི་དམིགས་པ་གཉིས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྙེད་པ་ནི་གཟུང་བ་དང་འཛིན་པ་དེ་གཉིས་ཉིད་མི་དམིགས་པ་ལས་རིག་པར་བྱའོ།། ཞེས་བྱ་བ་ནི་ཇི་སྐད། དེ་ནས་དེ་ནི་འཇིག་རྟེན ་ལས། འདས་པའི་ཡེ་ཤེས་བླ་མེད་པ།། རྣམ་པར་མི་རྟོག་དྲི་མ་མེད།། འཛིན་པ་གཉིས་དང་བྲལ་བ་འཐོབ།། ཅེས་བྱ་བ་པར་འགྱུར་བ་ལྟ་བུ་ཡི་ནོ།། ནང་དང་ཕྱི་དང་ཕྱི་ནང་གི་དེ་བཞིན་ཉིད་ཀྱིས་དམིགས་པ་ལ་རྙེད་པ་བཤད་ཟིན་ཏོ།། དྲ་ནི་ཆོས་ཀྱི་དམིགས་པ་ཇི་ལྟར་རྙེད་པ ་དེ་བཞིན་དུ་སྐབས་དང་སྦྱརོ།། དེ་ལ་མཉམ་པར་བཞག་པའི་སེམས་ཀྱིས་ཞེས་བྱ་བ་ནི་སེམས་རྣམ་པར་གཡང་པོས་མ་ཡིན་པ་སྟེ། གང་གི་ཚེ་ཆོས་ངག་ཉོན་པ་ནི་སེམས་རྩེ་གཅིག་པས་ཉན་པའོ།། སེམས་མཉམ་པར་བཞག་པ་ཉིད་ནི་འདིར་རྣ་བཏོད་པ་ཡིནོ།། ཡིད་ཀྱི་བརྗོད།། ་པབ་དག་གིས་ཞེས་བྱ་བ་ནི་ཡང་དག་པར་རྟོག་པ་དག་གིས་ཏེ། རྣ་བའི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་མེད་པས་ནི་དོན་ངེས་པར་འཛིན་པར་བྱེད་ནུས་པ་མ་ཡིན་གྱི། རྣ་བའི་རྣམ་པར་ཤེས་པའི་རྗེས་ལ་ཡིད་ཀྱི་བརྗོད་པ་རྣམ་པར་རྟོག་པ་དང་བཅས་པ་དག་གིས་མདོ་དང་། ་ས་ཀྱིས་བསྙད་པའི་སྔ་ལ་སོགས་པའི་ཆོས་ཀྱི་དོན་ཇི་སྐད་བཤད་པ་ངེས་པར་འཛིན་པར་བྱེདདོ།། དེ་ལྟར་ན་རེ་ཞིག་ཐོས་པ་ལས་བྱུང་བའི་ཤེས་པས་ཆོས་ཀྱི་དམིགས་པ་རྙེད་པ་ཡིནོ།། དམིགས་པ་གཉིས་རྙེད་པ་ལས་ཇི་སྐད་བཤད་པ་ལྟར་ཡིད་ཀྱི་བརྗོད་པ་ལས ་གཞན་པ་ནི་མ་ཡིནོ་ཞེས་བྱ་བར་མཐོང་ནའོ།། ཞེས་བྱ་བ་ནི་གལ་ཏེ་གཟུང་བའི་དོན་ལས་འཛིན་པའི་དོན་ཐ་མི་དད་པར་མཐོང་བ་འམ་ཞེས་བྱ་བ་ཡིནོ།། འདི་སྐད་དུ་ཆོས་འཆད་པ་ན་སེམས་ཁོ་ན་མིང་གི་ཚོགས་དང་ཡི་གེའི་ཚོགས་ཉིད་དུ་སྣང་གི། སེམས་ལ་མ་གཏོགས ་པ་དོན་གཞན་ནི་ཡོད་པ་མ་ཡིནོ།། ཞེས་བྱ་བར་མཐོང་ནའོ་ཞེས་བྱ་བར་བཤད་པར་འགྱུར་ཏེ། དེ་ལྟར་ན་བསམ་པ་ལས་བྱུང་བའི་ཤེས་པས་ཆོས་ཀྱི་དབྱིངས་ཀྱི་དམིགས་པ་རྙེད་པ་ཡིནོ།། སེམས་ནི་མིང་ལ་གནས་པའི་ཕྱིར་བསྒོམས་པ་ལས། ་བྱུང་བའི་ཡེ་ཤེས་པས་ཞེས་བྱ་བ་ལ། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ།། དེ་ལ་ཇི་ལྟར་གནས་ཤེ་ན། མིང་གི་དེ་བཞིན་ཉིད་ལ་གནས་པའི་ཕྱིར་མིང་ལ་གནས་པ་ཡིན་ཏེ། ཆོས་དང་ཆོས་ཅན་དག་ཐ་མི་དད་པའི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་མཇུག་ཐོགསུ།། ་བསྒོམ་པ་ལས་བྱུང་བའི་ཤེས་པས་དྲི་རྙེད་པར་རིག་པར་བྱའོ།། ཞེས་བཤདདོ།། གཉིས་མི་དམིགས་པས་རྙེད་པས་ཇི་སྐད་བཤད་པ་ལྟར་གཉིས་མི་དམིགས་པའི་ཕྱིར།། ཞེས་བྱ་བ་ནི་སྔར་ཕྱི་ནང་གི་དམིགས་པ་གཉིས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྙེད་པ། ་ནི་གཟུང་བ་དང་འཛིན་པ་དེ་གཉིས་ཉིད་མི་དམིགས་པ་ལས་རིག་པར་བྱའོ།། ཞེས་གཉིས་ཀའི་དམིགས་པ་རྙེད་པ་ལྟ་བུ་བཤད་པ་ཡིན་ཏེ། དེ་ལྟར་ན་བསྒོམས་པ་ལས་བྱུང་བའི་ཤེས་པས་ཆོས་ཀྱི་དམིགས་པ་རྙེད་པར་རིག་པར་བྱའོ།། དེ་ཉིད་ཀྱི་ཕྱིར་དམིགས། ་རྣམ་པ་གསུམ་རྙེད་པ་སྔར་བཤད་པ་དེ་ནི་ཆོས་ཀྱི་དམིགས་པ་རྙེད་པ་ལས་ཡང་དག་པར་རྟེན་པ་ཡིན་པར་རིག་པར་བྱའོ།། ཞེས་བྱ་བ་ནི་ཆོས་ཀྱི་དམིགས་པ་རྙེད་པ་ཁོ་ནས་ནང་གི་དམིགས་པ་ལ་སོགས་པ་སྔར་བཤད་པའི་དམིགས་པ་རྣམ་པ་གསུཾ ་རྙེད་པར་འགྱུརརོ།། དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་དམིགས་པ་རྙེད་པ་ཐམས་ཅད་ཀྱི་ནང་ན་གཙོ་བོ་ཡིན་ལ་གསུམ་པ་ནི་དེ་ལ་བརྟེན་པ་ཡིན།། །། དམིགས་པ་རྙེད་པའི་འོག་ཏུ་ཡིད་ལ་བྱེད་པ་ཡོངསུ་ཚོལ་བའི་སྐབས་ཏེ། དེ་ཇི་ལྟར་བཤད་པའི་དམིགས་པ་རྙེད ་བ་ལས་ཡིད་ལ་བྱེད་པ་རྙེད་པ་ནི་རྣལ་འབྱོར་པ་ཞེས་བྱའོ།། ཡང་ནི་ཡིད་ལ་བྱེད་པའི་ཁྱད་པར་ཇི་ལྟ་བུ་དག་གིས་དམྱིགས་པ་རྙེད་པར་འགྱུར་བ་དེ་ལྟར་རྣམ་པར་གཏན་ལ་དབབ་པ་བརྩམ་པར་བྱའོ།། དེ་ལ་རིགས་ངེས་པ་ནི་ཉན་ཐོས་ལ་སོགས་པའི་རིགསུ་ངེས་པ་གང ་ཡིན་པའོ།། ཞེས་བྱ་བ་ནི་ཡིད་ལ་བྱེད་པ་སྦྱར་བསམ་པ་ཡི་ནོ།། ཚོགས་བསོགས་པའི་བྱེ་བ་བྱེད་པ་ཞེས་བྱ་བ་ནི་རྟོགས་པའི་གནས་སྐབས་ནའོ།། མི་གནོད་པ་རྟེན་བཅས་གཞན་ཡིནོ།། ཞེས་བྱ་བ་ནི་གནོད་པའི་རྟེན་དང་བཅས་པ་སྟེ། ཁྱིམ་ན་གནས་པའི་རྟེན་ཅན ་དང་རབ་ཏུ་བྱུང་བའི་རྟེན་ཅན་ཞེས་བྱ་བའི་ཐ་ཚི་གོ། མོས་པ་འཇོག་པར་བྱེད་པ་ནི་སངས་རྒྱས་རྗེསུ་དྲན་པ་དང་ལྡན་པ་གང་ཡིན་པའོ།། ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྡུས་པ་ལ་སོགས་པ་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་རྣམས་ནི་མདོར་བསྡུ་ན། རྣམ་པ ་བདུན་གྱིས་སངས་རྒྱས་རྗེསུ་དྲན་པ་བསྒོམས་པར་བྱེའོ།། ཞེས་སངས་རྒྱས་རྗེསུ་དྲན་པ་བཤད་པ་ལྟ་བུ་སྟེ། སངས་རྒྱས་རྗེསུ་དྲན་པ་དང་ལྡན་པ་ཡིད་ལ་བྱེད་པ་འདི་ནི་སངས་རྒྱས་དཀོན་མཆོག་ལ་སོགས་པ་ལ་མོས་པ་དྲག་པོ་འཇོག་པར་བྱེད་པ་ཡི་ནོ།། འདུན ་པ་སྐྱེད་པར་བྱེད་པ་ནི་དེ་ལ་ཡིད་ཆེས་པ་དང་ལྡན་པ་གང་ཡིན་པའོ།། ཞེས་བྱ་བ་ནི་སངས་རྒྱས་དཀོན་མཆོག་ལ་སོགས་པ་ལ་དད་པོ་རབ་ཏུ་དང་བ་དང་ལྡན་པ་གང་ཡིན་པ་དེ་ནི་འདུན་པ་བསྐྱེད་པར་བྱེད་པ་སྟེ། དེ་ཉིད་ཀྱི་ཕྱིར་དད་པ་ན་འདུན་པ་བསྐྱེད་པའི་ལས་ཅན་ཡིན།། ། ་ཏིང་འཛིན་ལ་བརྟེན་པ་ནི་ཉེར་བསྡོགས་དང་དངོས་གཞིའི་ཏིང་འཛིན་དང་ལྡན་པ་གང་ཡིན་པ་སྟེ། ཞེས་བྱ་བ་ནི་དམན་པའི་རྟེན་ཅན་ནི་ཉེར་བསྡོགས་ཀྱི་ཏིང་འཛིན་དང་ལྡན་པ་ཡིན།། རྫོགས་པའི་རྟེན་ཅན་ནི་དངོས་གཞིའི་བསམ་གཏན་དང་ལྡན་པ་ཡི་ནོ།། རྗོད་པ། ་དང་བཅས་པ་ནི་ཉེར་བསྡོགས་དང་བསམ་གཏན་དང་པོ་དང་བསམ་གཏན་ཁྱད་པར་ཅན་ལ་སོགས་པ་ནའོ།། རྗོད་པ་མེད་པ་ནི་བསམ་གཏན་གཉིས་པ་ལ་སོགས་པ་ནའོ།། ཤེས་པ་དང་མཚུངས་པར་ལྡན་པ་ཡིད་ལ་བྱེད་པ་ནི ་རྣལ་འབྱོར་གྱི་རྒྱུ་དང་བཅས་པ་ཞེས་བྱ་བ་ནི་ཐོས་པའི་གནས་སྐབས་དང་བསམས་པའི་གནས་སྐབས་དང་། བསམ་པའི་གནས་སྐངས་ན་ཡིད་ལ་བྱེད་པ་གང་ཡིན་པ་སྟེ། འདི་ལྟར་ཐོས་པའི་གནས་སྐབས་དང་བསམས་པའི་གནས་སྐབས་ནི་རྣལ་འབྱོར ་གྱི་རྒྱུར་གྱུར་པ་ཡི་ནོ།། རྣལ་འབྱོར་གྱི་ཤེས་པ་དང་བཅས་པ་གང་ཡིན་པ་ཞེས་བྱ་བ་ནི་བསྒོམ་པའི་གནས་སྐབས་ན་སྟེ། གནས་སྐབས་དེ་ན་ཞི་གཽནས་དང་ལྷག་མཐོང་གི་ལམ་རྣལ་འབྱོར་ཡི་ནོ།། འདྲེས་པ་ལ་དམིགས་པ་ནི་མདོ་དང་སྡོམ་གྱི་ཚིགསུ་བཅད ་པ་ལ་སོགས་པ་ལས་དམིགས་པ་ཞེས་བྱ་བ་ནི་མདོ་ཐམས་ཅད་ལས་དོན་གྱི་ཁྱད་པར་གསུངས་པ་གང་དག་ཡིན་པ་དེ་དག་ཚིག་རབ་ཏུ་དབྱེ་བའི་སྒོ་ནས་བསྡོམས་ཏེ་སྤྱོད་པར་བྱེད་ཅིང་སོ་སོ་རང་གིས་ཚུལ་བཞིན་དུ་ཡོངསུ་བརྟགས་པ་ངེས་པར་བཟུང་ནས ་དོན་དེ་དག་ཆོས་ལ་སྡོམ་པར་བྱེད། མདོ་འདི་ནི་ས་བཅུ་པ་ཡིནྡོ།། ཞེས་དྲར་དོན་ཐམས་ཅད་ཉེ་བར་སྡུད་པར་བྱེདདོ།། དེ་བཞིན་དུ་སྡོམ་གྱི་ཚིགསསུ་བཅད་པ་ལ་སོགས་པ་ལས་དྲོན་རྒྱས་པར་བསྟན་པ་དག་ཀྱང་གཅིག་ཏུ་སྡོམ་པར་བྱེདདོ།། མ་འདྲེས་པ་ལ་དམིགས ་པ་ཞེས་བྱ་བ་ནི་ཐ་དད་པ་རྣམ་པོ་དུ་མར་དམིགས་པ་ཞེས་ཚིག་སྟེ། མིང་ལ་དམིགས་པ་ལས་ཀྱང་ཚིག་ལ་དམིགས་པ་ཐ་དད་པ་ལ། ཚིག་ལ་དམིགས་པ་ས་ཀྱང་ཡི་གེ་ལ་དམིགས་པ་ཐ་དད་དོ།། གང་ཟག་ལ་བདག་མེད་པ་ལ་དམིགས་པ་ལས་ཀྱང ་ཆོས་ལ་བདག་མེད་པ་ལ་དམིགས་པ་ཐ་དད་ལ། དེ་བཞིན་དུ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དག་ཀྱང་ཐ་དད་པ་ཡི་ནོ།། མཐོང་བའི་རྣམ་པ་བསྒོམ་པའི་ཡིད་ལ་བྱེད་པ་ནི་མཐོང་བའི་ལམ་གྱི་གནས་སྐབས་ན་སྟེ། འདི་ལྟར་བསྒོམ་པའི་གནས་སྐབས ་ན་ནི་ཤེས་པ་དགྲ་ཁོ་ན་འཐོ་བོ།། ཡང་ན་མཐོང་བའི་རྣམ་པ་བསྒོམ་པ་ནི་བཟོད་པའི་གནས་སྐབས་ནའོ།། ཤེས་པའི་རྣམ་པ་བསྒོམ་པ་ནི་ཤེས་པའི་གནས་སྐབས་ནའོ།། ཞི་གནས་དང་ལྷག་མཐོང་གིས་བྱས་པའི་ཁྱད་པར་ཡོད་དེ། མཐོང་བའི་རྣམ་པ་བསྒོ། ་པ་ནི་ཞི་གནས་ཀྱི་གནས་སྐབས་ནའོ།། ཤེས་པའི་རྣམ་པ་བསྒོམ་པ་ནི་ལྷག་མཐོང་གི་གནས་སྐབས་ནའོ།། སྡུག་བསྔལ་གྱི་རྣམ་པ་བསྒོམ་པ་ནི་ཚོར་བ་དང་ལྡན་པ་སྟེ། ཚོར་བ་ནི་སྡུག་བསྔལ་བའི་ཕྱིར།། བསལ་བའི་རྣམ་པ་སྒོམ་པ་ནི་སྡིག་པ་མི་དགེ་བའི། ་ཆོས་སྐྱེས་པ་རྣམས་སྟོང་པར་བྱེད་པ་ཡིནོ།། ཇི་ལྟར་ན་སྡིག་པ་མི་དགེ་བའི་ཆོས་སྐྱེས་ཟིན་པ་རྣམས་སྤོང་བར་འགྱུར་ཞེ་ན། མི་དགེ་བའི་ཆོས་རྒྱུན་གྱིས་སྐྱེ་བ་རྣམས་རྣམ་པར་གཅོད་པར་བྱེད་པ་གང་ཡིན་པ་འམ་ས་བོན་སྤངས་པའི་སྒོ་ནས་སྤོང་བ་ཡིན།། དེ། ་ལྟ་མ་ཡིན་ན་ཆོས་སྐྱེས་པ་རྣམས་ནི་རང་གི་ངང་གིས་སྐད་ཅིག་མར་འཇིག་པས་འགག་པར་འགྱུརརོ།། གཉེན་པོའི་རྣམ་པ་བསྒོམ་པ་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པའི་ཕྱིར་གཉེན་པོ་འཐོབ་པ་ཡིནོ།། གཉེན་པོ་ཐོབ་ནས་ནི་ས་བོན་ཀུན ་ནས་འཇོམས་པར་བྱེད་ལ། དེ་ཀུན་ནས་བཅོམ་པས་ཀྱང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་སྟེ། དེ་ལྟར་ན་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བར་འགྱུརརོ།། ཆོག་པར་འཛིན་པའི་གཉེན་པོ་ཡིད་ལ་བྱེད་པ་བསྒོམ་པ་ནི་གང ་གི་ཚེ་འདུན་པ་སྐྱེད་པར་བྱེད་པ་ནའོ།། ཞེས་བྱ་བ་ནི་དགེ་བའི་ཆོས་བསྒོམ་པ་ཅུང་ཟད་ཙམ་གྱི་ཆོག་པར་འཛིན་པ་གང་ཡིན་པ་དེའི་གཉེན་པོར་འདུན་པ་སྐྱེད་པར་བྱེད་པ་ཡི་ནོ།། རྣམ་པར་གཡེང་བའི་གཉེན་པོ་ནི། འབད་པ་དང་ལྡན་པའི་ཡིད ་ལ་བྱེད་པ་ཡིན།། ཐེ་ཚོམ་གྱི་གཉེན་པོ་ནི་བརྩོན་འགྲུས་དྲང་ལྡན་པའི་ཡིད་ལ་བྱེད་པ་ཡི་ནོ།། རྒོད་པའི་གཉེན་པོ་ནི་ཞི་གནས་དང་ལྡན་པའི་ཡིད་ལ་བྱེད་པ་ཡི་ནོ།། ཞུམ་པའི་གཉེན་པོ་ནི་ལྷག་མཐོང་དང་ལྡན་པའི་ཡིད་ལ་བྱེད་པ་ཡིན།། སེམས་གནས་པ་ཞེས ་བྱ་བ་ནི། འཇིག་རྟེན་པའི་ཏིང་འཛིན་ལ་གནས་པའོ།། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་ཡིད་ཆེས་པའི་རྣམ་པ་བསྒོམ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་མངོན་སུམ་དུ་བྱ་བ་ལྔ་དད་པའི་དབང་པོ་དང་ལྡན་པ་སྟེ། དད་པ་ནི་ཡིད ་ཆོས་པའི་རྣམ་པ་ཡིནོ།། རྫོགས་པའི་བྱང་ཆུབ་རབ་ཏུ་སྣང་བའི་རྣམ་པ་བསྒོམ་པ་ཞེས་བྱ་བའི་དོན་ཏེ། དེ་ཉིད་ལ་རྣམ་པར་འབྱེད་པ་ཞེས་བྱ་བ་ནི་མ་བརྗེད་པའི་རྣམ་པར་འབྱེད་པ་གང་ཡིན་པའོ།། མཐོང་བའི་ལམ་གྱི་གནས་སྐབས་ན་རྣམ་པར་འབྱེད་པ་གང་ཡིན། ་ཞེ་ན། དེ་ཁོ་ན་ཉིད་ཡང་དག་པར་རྟོགས་པ་གང་ཡིན་པའོ།། ཡོངསུ་སྦྱང་བའི་ས་ཤེས་པའི་རྣམ་པ་སྒོམ་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེས་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་གྱིས་དེ་ཁོ་ན་ཉིད་རྟོགས་ཏེ་ལངས་པ་དང་བདག་གིས་རིམ་པ་འདིས ་དེ་ཁོ་ན་ཉིད་རྟོགསོ་ཞེས་ཡོངསུ་སྦྱོང་བའི་ས་དེ་ཇི་ལྟ་བ་བཞིན་ཤེས་པར་བྱས་ནས་རྗེས་ལ་དེ་ཁོ་ན་ཉིད་རྟོགས་པ་རྣམས་དེ་ཁོ་ན་བཞིན་དུ་ཡང་དག་པའི་རྟོགས་པས་སྟོན་པར་བྱེད་པ་ཡིན། ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱིས་མཐའ་ནི་འཕགས། ་པ་རྣམས་དགྱེས་པ་དང་བཞེད་པ་དང་ཐུགསུ་བྱོན་པའི་ཚུལ་ཁྲིམས་ཡི་ནོ།། ཡོ་བྱད་བསྙུངས་པའི་ཚུལ་ཀུན་ཏུ་སྤྱོད་པའི་རྣམ་པ་བསྒོམ་པའི་ཡིད་ལ་བྱེད་པ་ནི་ཡང་དག་པའི་འཚོ་བ་ཡི་ནོ།། སྔོན་བསྒོམས་པས་ཐོབ་པའི་ལམ་གོམས་པའི་རྣམ་པ ་བསྒོམ་པ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་བརྩོན་འགྲུས་ཀྱི་ཁྱད་པར་ཐོབ་པ་གང་ཡིན་པ་སྟེ། དེའི་ཕྱིར་སྔོན་བསྒོམོས་པས་ཐོབ་པའི་ལམ་གོམས་པའི་རྣམ་པ་བསྒོམ་པ་ཞེས་བྱའོ།། ཆོས་གནས་པའི་རྒྱུ་མཚན་རྣལ་འབྱོར་པས་ཤེས་པ་གང་དག་ཡིན་པ་དེ ་དག་ལ་དྲན་པས་མི་བརྗེད་པ་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། ཞི་གནས་དང་རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་དག་ཡིནོ།། མཚན་མ་མེད་པ་ལ་སེམས་གནས་པས་གནས་ཡོངསུ་གྱུར་པའི་རྣམ་པར་སྒོམ་པ་ཞེས་བྱ་བ་ནི་རྣམ་པར་གཡེང་བའི ་རྒྱུ་མཚན་གང་དག་ཡིན་པ་དེ་དག་ལ་མཚན་མར་འཛིན་པ་ཡིན་ཏེ། དེས་ན་སེམས་གནས་པ་འཐོའོ།། སེམས་གནས་ན་གནས་ཡོངསུ་འགྱུརརོ།། ཞི་གནས་དང་ལྷག་མཐོང་བསྒོམ་པ་ལམ་གྱི་རང་བཞིན་དག་ལ་བཤད་པ་གང་ཡང་མིདོ།། ཞེས་བྱ་བ་ནི་འདི་ལྟར ་ཞི་གནས་དང་ལྷག་མཐོང་གི་ལམ་དག་ནི་ཡིད་ལ་བྱེད་པ་ཐ~ཾད་སྡུད་པར་བྱེད་པ་ཡི་ནོ།། ཕན་ཡོན་ཡིད་ལ་བྱེད་པ་ནི་རྣམ་གཉིས་ཏེ། གནས་ངན་སེལ་བ་དང་ཞེས་བྱ་བ་ནི་གང་གིས་ལུས་ཀྱི་གནས་ངན་ལེན་དང་། སེམས་ཀྱི་གནས་ངན་ལེན་སེལ་བར་བྱེད་པས ་ཏེ། ལུས་ཀྱི་གནས་ངན་ལེན་སྲོགཅོད་པ་ལ་སོགས་པ་མི་དགེ་བའི་ལསོ་ལ་འཇུག་པ་པའོ།། སེམས་ཀྱི་གནས་ངན་ལེན་ནི་དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་ཀུན་ཏུ་སྤྱོད་པའོ།། ལྟ་བའི་མཚན་མ་སེལ་བའོ།། ཞེས་བྱ་བ་ནི་ལྟ་བ་ཉིད་མཚན་མ ་ཡིན་པས་ལྟ་བའི་མཚན་མ་སྟེ། འཇིགས་ཚོགས་ལ་ལྟ་བ་ལ་སོགས་པའོ།། ལྟ་བའི་མཚན་མ་དེ་ཡིད་ལ་བྱེད་པ་གང་གིས་སེལ་བར་བྱེད་པའི་ཡིད་ལ་བྱེད་པ་དེ་ནི་ལྟ་བའི་མཚན་མ་སེལ་བ་ཡི་ནོ།། ཏིང་འཛིན་གྱི་སྤྱོད་ཡུལ་ལ་གྲངས་ཉེ་བར ་རྟོག་པ་སྦྱོར་བ་ཞེས་བྱ་བ་ནི་སྦྱོར་བའི་དུས་ན་ཏིང་འཛིན་ལ་དམིགས་པའི་སེམས་ཀྱི་ཡིད་ལ་བྱེད་པ་གང་ཡིན་པའོ།། གནས་པ་ཉེ་བར་སྦྱོར་བ་པ་ནི་གང་གིས་ན་གནས་པ་རྣམ་པ་གཉིས་ཉེ་བར་རྟོག་པར་བྱེད་པ་སྟེ་ཞེས་བྱ་བ་ལ། ཚད་ཡོད་པར་གནས་པ་ནི་ཡི་གེ ་མ་སོ་ཞེས་བྱ་བ་ནི་འདི་ལྟར་ཡི་གེ་རྣམས་ནི་ཨ་ཨཱ་ཞེས་བྱ་བ་ནས་བཟུང་སྟེ། ཀྵ་ཞེས་བྱ་བ་ལ་ཐུག་པའི་བར་ཡི་གེ་བཞི་བཅུ་རྩ་བརྒྱད་ཡོད་པས་ཚད་ཡོད་པ་ཡིན་ཏེ། དེ་ལྟར་ན་ཡི་གེ་རྣམས་ནི་ཚད་ཡོད་པར་གནས་པ་ཡིནོ།། ཚད་མེད་པར་གནས་པ་ནི་མིང་དང ་ཚིག་དག་གོ།། ཞེས་བྱ་བ་ནི་མདོ་སྡེ་འབུམ་པ་དུ་མ་དམིགས་པོའི་ཕྱིར་ཏེ། མདོ་སྡེ་དང་དེ་དག་ལ་མིང་དང་ཚིག་དཔག་ཏུ་མེད་པ་དག་ཡོད།། ཡི་གེ་ནི་ཀུན་བརྟག་པར་བྱ་བ་མ་ཡིནོ།། ཞེས་བྱ་བ་ནི་ཡི་གེ་གཅིག་ནི་མིང་མ་ཡིན་ལ། མིང་མེད་པར་ཡང་དོན་ཀུན་ཏུ་རྟོག ་པར་མི་འགྱུར་བས་སོ།། གང་ཡང་ཀ་ཞེས་བྱ་བ་ནི་སྐྱེ་དགུ་བདག་པོར་བསྟན་ཏོ།། ཀོ་ཞེས་བྱ་བ་ནི་རླུང་ཡིན་པར་བརྗོད།། ཞེས་བྱ་བ་ལྟ་བུ་ལ་སོགས་པ་ལྟ་ཡང་ཨ་དང་ལྡན་པའི་ཕྱིར་དང་། ཚིག་གིས་བཅད་པར་བྱ་བ་ཡིན་པའི་ཕྱིར་ཡི་གེ་གཅིག་པ་མ་ཡི་ནོ།། རིམ ་བ་ཉེ་བར་རྟག་པ་སྤྱོ་པ་ནི་གང་གིས་མིང་འཛིན་པོ་སྔོན་དུ་འགྲོ་བ་ཅན་གྱིས་དོན་འཇུག་པ་ཉེ་བར་རྟོག་པར་བྱེད་པའོ།། ཞེས་བྱ་བ་ནི་འདི་ལྟར་འཇིག་རྟེན་ནི་དང་པོ་ཉིད་ཐ་དད་དུ་བྱ་བའི་ཕྱིར་དོན་དེ་དང་དེ་དག་ལ་ལྷས་བྱིན་ཞེས་བྱ་བ་དང་བུམ་པ་ཞེས་བྱ་བ་དང ་རས་ཡུག་ཅེས་བྱ་བ་ལ་སོགས་པ་དེ་ལྟ་བུར་མིང་འདོག་སོ།། གང་གི་ཚེ་མིང་འདིས་ནི་དོན་འདི་བསྟན་ཏོ།། ཞེས་མིང་དེ་ལ་བརྡར་བཏགས་པ་ལ་དེའི་ཚེ་རིམ་པ་འདིས་མིང་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་དོན་འཛིན་པ་ལ་འཇུག་པ་ཉེ་བར་རྟོག་པ། དེས་ན་དོན་དེ་དང ་དེ་དག་གིས་ཐ་དད་ལ་མཁས་པར་འགྱུར་རོ།། རྟོགས་པ་སྦྱོར་བ་པ་ཞེས་བྱ་བ་ལྔ་པ་ཡི་ནོ།། དེ་ནི་རྣམ་པ་བཅུ་གཅིག་སྟེ། གློ་བུར་པ་ཉིད་རྟོགས་པ་ཞེས་བྱ་བ་ནི་མིང་ཡང་དོན་ལ་གློ་བུར་བ་ཡིན་ཏེ། མིང་གི་སྔོན་རོལ་ན་དོན་གྱི་བློ་མེད་པའི་ཕྱིར།། སྣང་བའི་རྒྱུ་མཚན་རྟོགས ་ཞེས་བྱ་བ་ལགདོན་དུ་སྣང་བའི་རྒྱུ་མཚན་ནི་སེམས་དང་སེམས་ལས་བྱུང་བ་འཁྲུལ་པ་གཟུང་བ་དང་། འཛིན་པར་སྣང་བ་དག་སྟེ། འདི་ནི་དྲོད་དང་རྩེ་མོའི་གནས་སྐབས་ན་རྟོག་སོ།། དོན་མི་དམིགས་པ་རྟོགས་པ་ཞེས་བྱ་བ་ནི་བཟོད་པའི་གནས་སྐབས་ནའོ།། དམིགས ་པ་མི་དམིགས་པར་རྟོགས་པ་ནི་འཇིག་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ན་སྟེ། དེ་མེད་པས་ནི་དེ་ཡང་མེད་ཅེས་བྱ་བའི་ཕྱིརརོ།། གཟུང་བའི་དོན་མེད་ན་འཛིན་པའི་སེམས་གང་གིས་དམིགས་པ་དེ་ཡང་མི་དམིགས་པར་འགྱུར་བས་དེའི་འོག་ཏུ་གཟུང་བ་དང་། ་འཛིན་པ་མེད་ན་ཆོས་ཀྱི་དབྱིངས་རྟོགས་པ་ཡིནོ།། བསམ་པ་དམན་པ་རྟོགས་པ་ཞེས་བྱ་བ་ཉན་ཐོས་ཀྱི་ཐེག་པ་རྣམས་ཀྱིའོ།། ཇི་ལྟར་རྟོགས་པའི་ཆོས་རྣམ་པར་གཞན་པར་རྟོགས་པ་ཞེས་བྱ་བ་ནི་ཡང་དག་པའི་གནས་སྐབས་ནའོ།། ཆོས་རྣམ་པར་བཞག་ལ ་རྟོགས་པ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་ཡང་དག་པར་རྟོགས་པའི་གནས་སྐབས་ནའོ།། སྟོན་མངོན་པར་བསྒྲུབ་པ་ཤིན་ཏུ་རྣམ་པར་དག་པའོ།། ཞེས་བྱ་བ་ཡིད་ལ་བྱེད་པ་གང་གིས་སྟོན་ཁྱད་པར་སྟོན་ཅན་མངོན་པར་སྒྲུབ་པར་བྱེད་པའོ།། ། ་ཡིད་ལ་བྱེད་པ་རྙེད་པའི་འོག་ཏུ་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཡོངསུ་ཚོལ་བའི་སྐབས་ཏེ། འདི་ལྟར་སེམས་རྩེ་གཅིག་པ་ཉིད་རྙེད་པས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུརརོ།། དེ་ཁོ་ན་ཉིད་མི་བསླུ་བ་དང་། ཕྱིན་ཅི་མ་ལོག་པ་ག ་ཡིན་པའོ།། དེ་འཇིག་རྟེན་ལས་འོངས་པའི་ཡེ་ཤེས་ཐོབ་པས་དམིགས་པ་གང་ཡིན་པ་དེ་ནི་ཁོ་ན་ཉིད་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱུང་བ་པའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྱིར་བརྟག་པ་ཡིནོ།། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཉིད་ནི། ་གཉིས་དང་བྲལ་བ་ཡིན་ལ། གཉིསུ་སྣང་བ་ཉིད་ནི་འཁྲུལ་པ་ཡིན་ཏེ། ཇི་སྲིད་འདི་འཁྲུལ་པས་དམིགས་པ་དེ་སྲིད་དེའི་ཡང་དག་པ་དམིགས་པ་མེདོ།། དྲིས་དེར་ཀུན་རྟོག་པའི་ཕྱིརརོ།། ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་འཁྲུལ་པས་གཉིས་པོ་དེར་ཀུན་རྟོག ་སྟེ། ཐག་པ་ལ་སྦྲུལ་བཞི་ནོ།། ཆོས་ཉིད་དང་ཆོས་ཐ་མི་དད་པའི་ཕྱིརརོ།། ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཀྱི་དབྱིངས་ནི་སྤྱིའི་རྣམ་པར་ཆེས་ཐམས་ཅད་ཀྱི་རྗེ་སུ་ཞུགས་པ་ཡིན་པའི་ཕྱིརརོ།། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལ་ཐ་དད་པ་མ་ཡི་ནོ།། ཡོད་པ་ཀུན་ནས ་སྤངས་ཏེ། མེད་པ་ལ་མངོན་ཞེ་ན་གང་ཡིན་པ།། འཇིག་རྟེན་རྨོངས་པའི་རྣམ་པ་ཚ་བ་ཆེན་འདི་གོ་ཇི་ལྟ་བུ།། ཞེས་བྱ་བ་ལ། ཡོད་པ་ཀུན་ནས་སྔངས་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཡོད་པ་ཡིན་ན་འཇིག་རྟེན་གཉི་སུ་འཛིན་པས་དེ་ལ་རྨོངས་ནས་ཆོས་ཀྱི་དབྱིངས ་དེ་སྤངས་ཏེ་གཟུགས་ལ་སོགས་པ་ཡོད་པ་མ་ཡིན་པ་གཞན་ཁོ་ན་ལ་མངོན་པར་ཞེན་ཏོ།། མེང་པོ་ནི་བྱིས་པོས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་སྟེ། འཇིག་རྟེན་ནི་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་འདི་དག་ཡོད་པ་ལས ་ཡང་དག་པ་ཉི་དུ་སྣང་བ་ཡིནོ།། ཞེས་དེ་ལ་རྨོངས་པས་འཇུག་ཅིང་དེ་དག་ལ་ཡང་དག་པ་ཉི་དུ་མངོན་པར་ཞེན་ཏོ།། ཡང་འགྲོ་བ་དག་ན་དེ་ལས་གཞན་ཡང་ཅུང་ཟད་ཡོད་མྱིན་ལ། ཞེས་བྱ་བ་ནི་ངོ་བོ་ཉིད་གསུམ་སྟེ། འགྲོ་བ་ན་ངོ་བོ་ཉིད་གསུམ་ལ་མ་གཏོགས་པ ་གཞན་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། འགྲོ་བ་མ་ལུས་ཡང་དེ་ལ་རྨོངས་ཏེ་ཕྱིན་ཅི་ལོག་ཏུ་འཛིན་པ་ལ་མངོན་པར་ཞེན་པའི་ཕྱིར།། དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུ་ཡོངསུ་ཚོལ་བ་ཞེས་བྱ་བ་དེ་ཁོ་ན་ཉིད་ནི་ཡང་དག་པ་མ་ཡིན་པ་འམ་ཡང་དག་པ་ཉི་དུའང་རུང་། གང ་གི་ངོ་བོ་ཉིད་གང་ཡིན་པར་ཕྱིན་ཅི་མ་ལོག་པ་སྟེ། ཡང་དག་པ་ཉིད་མ་ཡིན་པ་ལ་ཡང་དག་པ་མ་ཡིན་པ་ཉི་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཡང་དེ་ཁོ་ན་ཉིད་ཡིནོ།། ཡང་དག་པ་ལ་ཡང་དག་པ་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཡང་དེ་ཁོ་ན་ཉིད་ཡིན་ཏེ། ་རྟག་ཏུ་གཉིས་བྲལ་འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་པ་ཀུན་ཏུ། བརྗོད་པར་ནུས་པ་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་ཁོ་ན་ཞེས་བཤད་མ་ཐག་པའང་ཡི་ནོ།། ཀུན་བརྟགས་པ་དང་གཞན་གྱི་དབང་དང་། ཡོངསུ་གྲུབ་པའི་ངོ་བོ་ཉིད་གསུཾ ་ནཱ་གོ་རིམ་བཞིན་གཉིས་དང་བྲལ་བ་དང་འཁྲུལ་པའི་རྟེན་དང་བརྗོད་མེད་པའི་སྤྲོས་པ་མེད་པའི་བདག་ཉེ་དུ་བསྟན་ཏེ། འདི་ནི་གོ་རིམ་བཞིན་དུ་དེ་དག་གི་དེ་ཁོ་ན་ཉིད་ཡི་ནོ།། འདི་ནི་དེ་ཁོ་ན་ཉིད་དེ་ལ་རྣམ་པ་གང་གི་སྒྱུ་མ་ལྟ་བུ་ཉིད་ཡིན་པ་དེའི་དབང་དུ་བྱས་པ ་ཡིན་ཏེ། གཙུག་ལག་གི་མདོ་སྡེ་དང་དེ་དག་ལས་ཀྱང་ཆོས་རྣམས་ནི་སྒྱུ་མ་ལྟ་བུའོ་ཞེས་འབྱུང་།། དེ་ལ་འཁྲུལ་པའི་རྒྱུ་མཚན་ཤིང་དང་བོང་བ་ལ་སོགས་པ་སྒྱུ་མའི་སྔགས་ཀྱི་བཏབ་པ་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན ་གྱི་དབང་གི་ངོ་བོ་ཉིད་རིག་པར་བྱའོ།། ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་རིག་པར་བྱ་བ་སྟེ། དེ་དག་ནི་ཤིང་དང་བོད་པ་ལ་སོགས་པ་སྒྱུ་མའི་སྔགས་ཀྱིས་བཏབ་པ་ལྟ་བུ་ཡིན་པར་རིག་པར ་བྱ་ལ། གཟུགས་ལ་སོགས་པ་ནི་སྒྱུ་མ་བྱ་བ་རྟ་དང་གླང་པོ་ཆེ་ལ་སོགས་པ་ལྟ་བུ་ཡིན་པར་རིག་པར་བྱའོ།། ཇི་ལྟ་དེ་ལ་དེ་མེད་པ་སྟེ། སྒྱུ་མ་བྱས་པ་དེ་ལ་གླང་པོ་ཆེ་ལ་སོགས་པ་མེད་པ་དེ་བཞིན་དུ་གཞན་གྱི་དབང་དེ་ལ་ཀུན་བརྟགས་པ་གཉིས་ཀྱི་མཚན ་ཉིད་མེད་པ་དོན་དམ་པར་འདོད་དོ་ཞེས་བྱ་བ་ནི་ཇི་ལྟར་ཐག་པ་ལ་སྦྲུལ་མེད་པར་མཐོང་བ་དེ་བཞིན་དུ་གཞན་གྱི་དང་གི་ངོ་ཉིད་ལ་གཉིས་མེད་པར་མཐོང་།། གཉིས་དང་བྲལ་བ་ཉིད་མཐོང་བས་གཉིསུ་འཁྲུལ་པ་དང་བྲལ་བའོ།། གཉིསུ་འཁྲུལ་པ་དང་བྲལ ་བབརྣམ་པ་ཅན་གྱིས་ཀྱང་ཡོངསུ་གྲུབ་པའི་ངོ་བོ་ཉིད་མཐོང་བར་འགྱུར་རོ།། གང་གི་ཚེ་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོག་པ་དག་པ་འཇིག་རྟེན་པ་ཕྱིན་ཅི་མ་ལོག་པས་གཞན་གྱི་དབང་དེ་མཐོང་བ་དེའི་ཚེ་ཡང་གཉིསུ་འཁྲུལ་པ་དེ་མི་འབྱུང་བ་ཁོ་ནའོ།། ཇི ་ལྟར་སྒྱུ་མ་བྱས་པ་དེ་གླང་པོ་ཆེ་ལ་སོགས་པའི་ངོ་བོར་དམིགས་པ་དེ་བཞིན་དུ་ཡང་དག་པ་མ་ཡིན་པ་ལས་ཀུན་བརྟགས་པ་དེ་ཀུན་རྫོབ་ཀྱི་བདེན་པར་དམིགསོ་ཞེས་བྱ་བ་ནི་དེ་ལྟར་ན་དེ་ནི་ཡང་དག་པར་མ་ཡིན་པ་ཉི་དུ་སྣང་བ་ན་ཀུན་ནས་ཉོན་མོངས་པའི ་དམིགས་པོར་འགྱུརརོ།། གང་ཡང་དེ་དང་དེ་ལས་བདེན་པ་ནི་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ་ཞེས་འབྱུང་དེ་ཡང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་ཁོ་ན་ལ་དེ་ལྟར་རྣམ་པར་བཞགོ།། དེ་བཞིན་དུ་གནས་གཞན ་དུ་གྱུར་ན་གཉི་སུ་འཁྲུལ་པ་མེད་པའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་དོན་ཡང་དག་པ་དམིགསོ་ཞེས་བྱ་བ་ནི་གཉིསུ་འཁྲུལ་པ་མེད་པའི་ཕྱིར་ཡོངསསུ་གྲུབ་པའི་ངོ་བོ་ཉིད་དམིགས་པར་འགྱུར་རོ།། དེ་མཐོང་ན་ཕྱིན་ཅི་མ་ལོག་པ་རྣམ་པར་མི་རྟོག་པའི ་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་གཞན་གྱི་དབང་གི་ངོ་བོ་ཉིད་གཉིས་དྲང་བྲལ་བ་མཐོང་སྟེ། དེ་ལྟར་ན་དེའི་དོན་ཡང་དག་པ་དམིགས་པར་འགྱུར་ལ། གཉིསུ་འཁྲུལ་པ་དང་བྲལ་བས་ཀྱང་རྣལ་འབྱོར་པའི་གནས་གཞོན་དུ་འགྱུར་རོ།། དེ་ལྟ་བུ་ནི་དེ་ལ་ཡོད། དེའི ་དངོས་པོ་ཡོད་མ་ཡིན།། དེ་ལྟས་སྒྱུ་མ་ལ་སོགས་ལ།། ཡོད་དང་མེད་པ་ཉི་དུ་བརྗོད།། ཚིགསུ་བཅད་པ་འདི་ནི་དོན་གོ་བར་ཟད།། ཇི་ལྟར་དོན་གོ་ཞེ་ན། ཇི་ལྟར་སྒྱུ་མ་བྱས་པ་གླང་པོ་ཆེ་ལ་སོགས་པའི་གཟུགས་དེའི་ངོ་བོར་ཏེ། གླང་པོ་ཆེ་ལ་སོགས་པ་གཟུགས ་ཉིདུ་སྣང་བའི་གླང་པོ་ཆེའི་གཟུགས་དེ་ནི་གླང་པོ་ཆེ་ཉི་དུ་ཡོད་པ་མ་ཡིན་པ་ཁོ་ན་ཡིན་ལ། སེམས་དང་སེམས་ལས་བྱུང་བའི་ཕྱིན་ཅི་མ་ལོག་པ་རྣམས་ནི་གླང་པོ་ཆེ་ལ་སོགས་པ་ལྟ་བུ་ཉི་དུ་ཡོད་པས་དེ་ལྟ་བཱ་ན་ཡོད་པ་ཉིད་དང་མེད་པ་ཉི་དུ་བརྗོད།། དེ་ལྟ་བུ ་ཉིདུ་ཡོད་པ་ལ་ཡང་དག་པའི་དོན་དུ་ནི་མདོ་ཞེས་བྱ་བ་དེ་བཞིན་དུ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ལ་གཉི་སུ་འཁྲུལ་པ་གཟུགས་ལ་སོགས་པ་གཟུང་བ་དང་འཛིན་པ་ཉི་དུ་སྣང་བ་དེ་ནི་ཡོད།། ཞེས་བྱའོ།། ཇི་ལྟར་སྒྱུ་མ་ཡོངསུ་ཤེས་ནས་གླང་པོ ་ཆེཚེ་ལ་སོགས་པ་མི་སྣང་བའི་ཕྱིར་གླང་པོ་ཆེ་ལ་སོགས་མེདོ།། ཞེས་བྱ་བ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་གཉིས་པོ་མི་སྣང་བའི་ཕྱིར་མེདོ་ཞེས་བྱའོ།། དེ་ལ་ཡོད་པ་མེད་པ་ཡིན་ཞེས་བྱ་བ་ནི་སྒྱུ་མ་ལ་གློ་ང་པོ་ཆེ་ལྟ་བུ་ཡོད་པ་ནི་མེད་པར ་མི་འདོད་དོ།། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཉི་དུ་ཡོད་པའི་ཕྱིར།། མེད་པ་ཡོད་པ་ཉིད་མ་ཡིན། ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་ཡང་དག་པ་ཉིད་ཀུན་བརྟགས་པའི་གླང་པོ་ཆེ་ལ་སོགས་པ་མེད་པ་གང་ཡིན་པ་དེ་ནི་དོན་དམ་པར་དབྱུང ་ན་ཡོད་པ་ཉིད་མ་ཡིན།། འོ་ན་ཅི་ཞེ་ན། སྒྱུ་མ་དག་ལ་སོགས་པ་ལ། ཡོད་མེད་ཁྱད་པར་མེད་པ་འང་བརྗོད།། ཅེས་བྱ་བ་ནི་དེ་ལ་དེ་ལྟ་བུ་ཡོད་པ་སྟེ། གླང་པོ་ཆེ་ལྟ་བུ་ཡོད་པ་གང་ཡིན་པ་དེ་ཉིད་གླང་པོ་ཆེ་ལ་སོགས་མེད་པ་ཡིནོ།། དེ་ལ་འདྲ་བ་ཙམ་དང་འཁྲུལ་པ་ཙམ་ཡོད ་ཀྱི་ཡང་དག་པ་ཉི་དུ་གླང་པོ་ཆེ་ཡོད་པ་ནི་མ་ཡིན་པས་གང་གི་ཚེ་དེ་ལྟར་ཤིས་པ་དེའི་ཚེ་གླང་པོ་ཆེར་འཛིན་པ་ལྡོག་སྟེ། གླང་པོ་ཆེ་ལྟ་བུ་ཙམ་དུ་སྣང་བ་གང་ཡིན་པ་དེ་ཉིད་གླང་པོ་ཆེ་མེད་པ་ཡིན།། དེ་ལྟར་ན་འདི་མཉམ་པ་ཉིད་དུ་འགྱུར་ཏེ། དབུས་དང་མཐའ་རྣམ་པར་འབྱེད ་པ་ལས་ཇི་སྐདདུ། དེའི་ཕྱིར་ན་དམིགས་པ་དང་། མི་དམིགས་མཉམ་པར་ཤེས་པར་བྱ་ཞེས་བྱ་བ་ལྟ་བུ་ཡིན།། རིམ་པ་འདིས་ན་ཡོད་པ་དང་མེད་པ་ཁྱད་པར་མེད་པར་མཐོང་སྟེ། དཔེར་ན་གང་གི་ཚེ་ཁོ་ན་ཉེ་བར་ལེན་པའི་ཕུང་པོ་ལྔར་མ་མཐོང་དེ་ཁོ་ནའི་ཚེ ་བདག་ཡོད་པ་བལྟ་ལ། གང་གི་ཚེ་ཁོ་ན་བདག་མེད་པར་མཐོང་བ་དེའི་ཚེ་ཕུང་པོ་ཙམ་དུ་ལྟ་བ་དང་འདྲའོ།། དེ་ལྟས་གཟུགས་ལ་སོགས་པ་ལ། ཡོད་པ་དང་མེད་པ་ཉི་དུ་བརྗོད།། ཅེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་ལ་ཀུན་རྫོབ་ཏུ ་ཟུགས་ལ་སོགས་པ་ཡོད་པ་ཉིད་དུ་བརྗོད་པར་བྱ་སྟེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་སྐད་དུ་ཡང་དག་མ་ཡིན་ཀུན་རྟོག་ཡོད།། དེ་ལ་གཉིས་པོ་ཡོད་མ་ཡིན་ཞེསོ་བཤད་པ་ལྟ་བུ་སྟེ། དེ་ལ་ནི་གཉིས་པོ་གཟུང་བ་དང་། འཛིན་པ་ཀུན་རྫོབ ་ཏུ་ཡོད་ཀྱི།། དོན་དམ་པར་ནི་མ་ཡིནོ།། གང་གི་ཚེ་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་མཐུན་པའི་ཕྱོགས་བསལ་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བས་བྱིས་པས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ཆོསུ་བཟུང་བ་མེད་པར་མཐོང་བ་དེའི་ཚེ་མེ་དོ་ཞེ ་བྱའོ།། མེད་པ་ནི་ཡོད་པ་ཉིད་མ་ཡིན་ཏེ། གཉིས་ཀྱི་དངོས་པོ་མེད་པ་ཉིད་གང་ཡིན་པའོ།། ཞེས་བྱ་བ་ནི་གཉིས་ཀྱི་དངོས་པོ་མེད་པ་གང་ཡིན་པ་དེ་ནི་དོན་དམ་པར་ཡོད་པ་ཉིད་མ་ཡིན།། འོ་ན་ཅི་ཞེ་ན། མེད་པ་མ་ཡིནོ།། གཉིས་པོ་སྣང་བར་འགྱུར་བ་གང་ཡིན ་བ་དེ་ཉིད་ཀྱི་དངོས་པོར་མེད་པ་ཡིན་པསོ་ཞེས་བྱ་བ་ལ། གཉིས་པོ་སྣང་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་མ་ཡིནོ།། གང་གི་ཚེ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། མིང་དང་གཟུགས་ལ་སོགས་པ་གཉིས་དང་བྲལ་ཞིང ་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉི་དུ་ཤེས་པ་དེའི་ཚེ་འདི་གཉི་སུ་འཛིན་པ་ལྡོག་ཅིང་། འདི་ལ་སེམས་དང་སེམས་ལས་བྱུང་བར་སྣང་བ་ཉིད་དུ་འགྱུར་ཏེ། དེ་ལྟར་ན་གཉིས་པོ་སྣང་བ་གང་ཡིན་པ་དེ་ཉིད་གཉིས་ཀྱིས་དངོས་པོ་མེད་པ་ཡིན་པས་ཡོད། ་པ་དང་མེད་པ་དག་མཉམ་པ་ཉིད་དུ་འགྱུར་རོ།། ཐེག་པ་དམན་པས་འགྲོ་བ་དགག་པའི་ཕྱིར་ཞེས་བྱ་བ་ལ། ཐེག་པ་དམན་པས་འགྲོ་བ་ནི་ཐེག་པ་དམན་པས་འགྲོ་བའོ།། ཐེག་པ་དམན་པས་འགྲོ་བ་དེ་དགག་པའི་ཕྱིར་ཡོད་པ་དང་མེད་པ་དག་ཁྱད་པར ་མེད་པ་བསྒོམ་པ་ཡིན་ཏེ། ཡོད་པ་དང་མེད་པར་ཁྱད་པར་མེད་པ་ཉི་དུ་རིག་ནས་ཡོད་པས་ཡིད་འབྱུང་བར་མི་འགྱུར།། ཇི་ལྟར་ན་སྒྲོ་འདོགས་པ་བཀག་པ་ཡིན། ཇི་ལྟར་ན་སྐུར་པ་འདེབས་པ་བཀག་པ་ཡིན།། ཇི་ལྟར་ན་ཡོད་པ་དང་མེད་པ་དག་ཁྱད་པར་མེད ་པར་བསྒོམ་པ་ཡིན་ཏེ། དེ་ལ་ཡོད་པ་མེད་པ་ཡིན། ཞེས་བྱ་བ་ནི་གཉིསུ་སྣང་བ་གང་ཡིན་པ་སྟེ། གཉིསུ་སྣང་བ་ཡོད་པ་གང་ཡིན་པ་དེ་ནི་མེད་པ་མ་ཡིནོ།། འོ་ན་ཅི་ཞེ་ན། དེ་ནི་ཡོད་པ་ཁོ་ནའོ།། དེ་ལྟར་བཟོད་པའི་གནས་སྐབས་ན་རྣམ་པར་ཤེས ་པ་འདི་ཉིད་གཉིསུ་སྣང་བར་རབ་ཏུ་འབྱུང་གི། ཕྱི་རོལ་གྱི་དོན་ནི་མདོ་ཞེས་ཕྱི་རོལ་གྱི་དོན་རྣམ་པར་འཇིག་པས་སེམས་ཙམ་དུ་རྟོག་པར་འགྱུར་ཏེ། དེའི་ཚེ་ཡོད་པར་རིག་ནས་སྐུར་པ་འདེབས་པར་མི་བྱེད།། མེད་པ་ཡོད་པ་ཉིད་མ་ཡིན། ཞེས་བྱ་བ་ནི་ཀུན་བརྟགས ་པ་གཉིས་ཀྱི་དངོས་པོ་མེད་པ་ཉིད་གང་ཡིན་པོ་སྟེ། མེད་པ་ནི་ཡོད་པ་ཉིད་མ་ཡིནོ།། འོ་ན་ཅི་ཞེ་ན། དེ་ནི་རྟག་ཏུ་མེད་པ་ཁོ་ན་ཡིན་ཏེ། དེ་ལྟར་ན་མེད་པ་ལ་མེད་པར་རིག་ནས་སྒྲོ་འདོགས་པར་མི་བྱེད།། ཇི་ལྟར་ན་དེ་དག་ཁྱད་པར་མེད་པ་ཡིན་ཞེ་ན། གཞན་གྱི་དབང ་གི་གཉི་སུ་སྣང་བ་གང་ཡིན་པ་དེ་ཉིད་རྣམ་པར་ཤེས་པ་ལ་མི་གཏོགས་པའི་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ཡོད་པ་ཉིད་ཀུན་བརྟགས་པའི་བདག་ཉིད་ཀྱིས་མེད་པ་ཡིན་ལ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ཀུན་བརྟགས་པའི་བདག་ཉིད་ཀྱིས་མེད ་པ་གང་ཡིན་པ་དེ་ཉིད་རྣམ་པར་རིག་པ་ཙམ་ཡིན་ཏེ། དེ་ལྟར་ན་མཐོང་བ་དེ་ནི་བྱིས་པས་ཀུན་བརྟགས་པ་ཡོད་པ་ལ་མངོན་པར་ཞེན་པ་ལས་ཡིད་འབྱུང་བར་མི་འགྱུར་རོ།། ཉན་ཐོས་ནི་གཟུགས་ལ་སོགས་པ་ལ་ཡོད་པ་ཉི་དུ་ཀུན་བརྟགས་ནས། འདི་དག་ལ་སྐྱེ་བ ་དང་འཇིག་པས་སྡུག་བསྔལ་གྱི་རང་བཞིན་ཡིན་པར་དམིགས་པ་ན་འཁོར་བའི་ངོ་བོ་ཉིད་ལས་ཡིད་འབྱུང་བར་འགྱུརརོ།། ཡིད་བྱུང་ན་འདོད་ཆགས་དང་བྲལ་བས་དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་གི། བྱང་ཆུབ་སེམས་དཔའ་ནི་ཇི་སྐད་བཤད། ་པའི་ཚུལ་འདིས་ཡོད་པ་དང་མེད་པ་དག་ཁྱད་པར་རིག་ནས་འཁོར་བ་ལས་ཡིད་འབྱུང་བར་མི་འགྱུར་རོ།། ཡིད་མི་འབྱུང་ན་ཉན་ཐོས་མགོ་དང་གོས་ལ་མེ་འབར་བ་ལྟར་བྱེད་པ་བཞིན་དུ་མྱ་ངན་ལས་འདས་པ་ལ་གཞོལ་བར་མི་འགྱུར་པས་དེའི་ཕྱིར་ཉན་ཐོས ་ཀྱི་ཐེག་པས་ངེས་པར་མི་འབྱུང་།། འཁྲུལ་པའི་རྒྱུ་དང་འཁྲུལ་པ་ནི། ཞེས་བྱ་བ་ནི་བྱིས་པ་རྣམ་པར་རིག་པ་འདི་ནི་རྣམ་པ་གཉིསུ་འབྱུང་སྟེ། འདི་ལྟ་སྟེ་འཁྲུལ་པའི་རྒྱུ་དང་། འཁྲུལ་པའོ།། དེ་ལ་འཁྲུལ་པའི་རྒྱུ་ནི་གཟུགས་ཀྱི་རྣམ་པར་རིག་པ་ཡིན་པར་འདོད། གཟུ། ་ཞེས་སྨོས་པས་ནི་མིང་དང་གཟུགས་ལ་སོགས་ཀྱི་ཕུང་པོ་བསྡུའོ།། འདི་ལྟ་སྟེ་བྱིས་པ་རྣམས་ནི་ཐོག་མ་མེད་པའི་དུས་ནས་གོམས་པས་བདག་མེད་བཞིན་དུ་གཟུགས་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་རྣམས་བདག་ཉི་དུ་སྣང་།། དེ་ལྟར་བྱིས་པས་ཀུན ་བརྟགས་པ་མིག་དང་གཟུགས་ལ་སོགས་པའི་དོན་མེད་བཞིན་དུ་ཐོག་མ་མེད་པའི་དུས་ནས་གོམས་པའི་དབང་གིས་བྱིས་པ་རྣམས་ལ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་མིག་དང་གཟུགས་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་རྣམས་བདག ་ཉི་དུ་སྣངོ་།། དེ་ལྟར་བྱིས་པས་ཀུན་བརྟགས་པ་མིག་དང་གཟུགས་ལ་སོགས་པ་དེ་ནི་འདི་ཡིན་ཞེས་འཛིན་པའི་རྣམ་པའི་རྣམ་པར་འཇུག་པ་གང་ཡིན་པ་གཟུགས་ཅན་མ་ཡིན་པའི་རྣམ་པར་རིག་པ་འདི་ནི་འཁྲུལ་པའི་ངོ་བོ་ཉིད་ཡིན།། འཁྲུལ་པའི་རྒྱུར ་གྱུར་ཅིང་གཞིར་གྱུར་པ་གཟུགསུ་སྣང་བའི་རྣམ་པར་རིག་པ་དེ་མེད་པའི་ཕྱིར་ཅིག་ཤོས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་རྣམ་པར་རིག་པ་ཡང་མེད་པར་འགྱུར་རོ།། རྒྱུ་མེད་པའི་ཕྱིར།། ཞེས་བྱ་བ་ལ། རྒྱུ་ནི་མང་དང ་གཟུགས་ལ་སོགས་པ་སྟེ། རྒྱུ་དེ་མེད་པའི་ཕྱིར་འབྲས་བུ་གྱུར་པའི་རྣམ་པར་རིག་པར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་མེད་པར་འགྱུརརོ།། ཉིས་པོ་ཇི་ལྟ་བར་མེད་ཀྱང་གཉི་སུ་ཡང་དམིག་སོ།། ཞེས་བྱ་བ ་ནི་སྒྱུ་མའི་གླང་པོ་ཆེའི་གཟུགསུ་འཁྲུལ་པ་ཡང་དག་པ་ཉིད་གླང་པོ་ཚོལ་སོགས་པོ་གཟུང་བ་དང་འཛིན་པ་མེད་མོད་། འོན་ཀྱང་བྱིས་པ་མ་རིག་པས་ལྡོངས་པ་རྣམས་གླེང་།། ཟུགསུ་འཁྲུལ་པའི་སྒོ་ནས་འདི་དག་ནི་གླང་པོ་ཆེལ་མོ་གསོ་པ ་བདག་ནི་འདི་དག་འཛིན་པའོ་ཞེས་བྱ་བར་གཉིསུ་མངོན་པར་ཞེན་ཏོ།། ཀེང་རུས་ཀྱི་ནི་གཟུགས་འཛིན་པ། འཁྲུལ་ཕྱིར་གཉིསུ་བརྗོད་པ་སྟེ། ཞེས་བྱ་བ་ནི་ཏིང་འཛིན་གྱི་གནས་སྐསུ་དང་པོ་པའི་རྣལ་འབྱོར་ཅན་རུས་པའི་ཀཾང་རུས་སྒོམ་པར་བྱེད ་པཔའི་ཏིངངེ་འཛིན་གྱི་མེ་ལོང་ལ་ཀེང་རུས་ཀྱིས་གཟུགས་བརྙན་སྣང་ལ། ཀེང་རུས་ཀྱི་གཟུགསུ་འཁྲུལ་པ་དེ་ལས་གཟུང་བ་དང་འཛིན་པ་གཉིསུ་བརྗོད།། དེ་ལ་ནི་ཡང་དག་པ་ཉིད་དུ་ན་རུས་པའི་ཀེང་རུས་ཀྱང་མེད་ལྀ་དེ་མེད་ན་འཛིན་པ་ཡང་མེད་མོད་ཀྱི། འོན ་ཀྱང་དེ་བཞིན་དུ་ཡང་སྣང་།། ཡོད་པ་དང་མེད་པ་དེ་དག་ཀྱང་ཁྱད་པར་མེད་པའི་ཕྱིར།། ཡང་ཡོད་པ་ཡང་ཡིན་ལ་མེད་པ་ཡང་ཡིན།། སྒྱུ་མུའི་མཚན་ཉིད་ཀྱང་དེ་དང་འདྲ་སྟེ། དེ་བས་ནཱ་སྒྱུ་མ་ལྟ་བུ་ཡི་ནོ།། ཞེས་པ་ནི་དེ་ལ་གླང་པོ་ཆེའི་གཟུགས་ཡོད་པ་གང་ཡིན ་བ་དེ་ཉིད་གླང་པོ་ཆེ་ཉིད་ལ་སོགས་པར་མེད་པ་ཡིན་ལ། གླང་པོ་ཆེ་ཉིད་ལ་སོགས་པར་མེད་པ་དེ་ཉིད་གླང་པོ་ཆེའི་གཟུགསུ་ཡོད་པ་ཡིན།། དེ་ལྟ་བས་ན་སྒྱུ་མ་ལ་ཡོད་པ་དང་མེད་པ་ཉི་དུ་ཁྱད་པར་མེད། སྒྱུ་མ་ལ་ཡོད་པ་ཉིད་གང་ཡིན་པ་དེ་ནི་ཀུན་རྫོབ་ཏུའོ།། ་མེད་པ་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའོ།། སྒྱུ་མ་ལ་ཡོད་པ་དང་མེད་པ་དག་ཁྱད་པར་མེད་པར་བཤད་པ་ཇི་ལྟར་བར་གཟུགས་ལ་སོགས་པའི་ཆོས་རྣམས་ལ་ཡང་དེ་དང་འདྲ་སྟེ། ཇི་སྐད་དེ་བཞིན་ཉིད་སྨངད་དེ་ལ་ཡོད།། དེ་ཡི་དངོས་པོ་ཡོད་མ་ཡིན།། དེ ་ལྟས་གཟུགས་ལ་སོགས་པ་ལྟ་བུ་ཡིན།། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་དེ་ལ་རྣམ་པར་ཤེས་པའི་གཉིསུ་སྣང་བ་གང་ཡིན་པ་དེ་ནི་དེ་ལ་ཡོད་ལ། རྣམ་པར་ཤེས་པ་སྣང་བ་གསལ་ཏེ་ཡང་དག་པ་ཉི་དུ་གཟུགས་ལ་སོགས་པའི་དོན ་གྱིས་གཉིས་ཀྱི་ངོ་བོ་གང་ཡིན་པ་དེ་ནི་ང་ལ་མདོ།། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ལ་གཉིསུ་སྣང་བ་གྲང་ཡིན་པ་དེ་ཉིད་གཉིསུ་མེད་པ་ཡིན་ཏེ། དེ་ལྟར་ན་ཡོད་པ་དང་མེད་པ་དག་ཁྱད་པར་མེད་པ་ཡིནོ།། དེ་ལྟ་བས་ན་ཆོས་འདི་དག་སྒྱུ་མ་བཞིན་དུ ་ཡོད་པ་ཉིད་དང་མེད་པ་ཉིད་ཡིན་པས་དེའི་ཕྱིར་སྒྱུ་མ་ལྟ་བུ་བརྗོད།། ཀུན་ནས་ཉོན་མོངས་པ་འགྲུབ་པ་ལ་དབང་བྱེད་པའི་ཕྱིརརོ།། ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀུན་ཏུ་སྤྱོད་པ་དང་ལྡན་པ་ཡིན་ན་ཀུན་ནས་ཉོན་མོངས་པ་རྣམས་ཡང་དང་ཡང ་དུ་འགྲུབ་པར་འགྱུར་བས་སོ།། མིག་ཡོ་རཱ་ལྟ་བུ་ནི་ནང་གི་སྐྱེ་མཆེད་རྣམས་ཀྱི་གྲིབ་མ་ལྟ་བུ་ཡིན་པའི་ཕྱིར་ཕྱིའི་སྐྱེ་མཆོད་དྲུག་ཁོ་ན་སྟེ། དེའི་དབང་གིས་འབྱུང་བས་སོ་ཞེས་བྱ་བ་ནི་ཇི་ལྟར་གདུགས་ལ་སོགས་པའི་དབང་གིས་གྲིབ་མ་འབྱུང་བ་དེ་བཞིན་དུ ་ནང་གི་སྐྱེ་མཆེད་གདུགས་ལྟ་བུ་རྣམས་ཀྱི་དབང་གིས་ཕྱིའི་སྐྱེ་མཆེད་གྲིབ་མ་ལྟ་བུ་རྣམས་འབྱུང་།། བྲག་ཅ་ལྟ་བུ་ནི་བཤད་པའི་ཆོས་རྣམསོ་ཞེས་བྱ་བ་ནི་ཇི་ལྟར་བྲག་ཙོ་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་གྲག་པ་ལྟར་བཤད་པའི་ཆོས་རྣམས་ཀྱང་དེ་དང ་འདྲའོ།། འདི་དག་ལ་མ་རིག་པ་དང་ཉོན་མོངས་པ་རྣམས་དང་ལྷན་ཅིག་འཇུག་པ་ཡོད་པས་ནི་འདི་དག་ནི་མ་རིག་པ་དང་ཉོན་མོངས་པ་དང་ལྷན་ཅིག་འཇུག་པ་ཡིན།། ཞེས་བྱ་བ་ལ། མ་རིག་པ་ནི་མ་རིག་པ་ཉིད།། ཉོན་མོངས་པ་ནི་འདོད་ཆག ་ལ་སོགས་པ་སྟེ་དྲུག་གམ་བཅུའོ།། མ་རིག་པ་ལོགས་ཤིག་ཏུ་སྨོས་པ་ནི་དབང་བྱེད་པའི་དོན་ཏོ།། མ་རྨོངས་པ་ལ་གཞན་མི་འབྱུང་བའི་ཕྱིརརོ།། ཉོན་མོངས་པ་སྨོས་པས་ནི་ཁྲོ་བ་དང་ཁོན་དུ་འཛིན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་བསྡུས ་པར་རིག་པར་བྱའོ།། གཟུགས་དང་སྒྲ་ལ་སོགས་པའི་རྣམ་པར་རྟག་པ་འདི་དག་ལ་མ་རིག་པ་དང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་འཇུག་པ་ཡོད་པས་ན་འདི་དག་ནི་མ་རིག་པ་དང་ཉོན་མོངས་པ་དང་། ལྷན་ཅིག་འཇུག་པ་ཡིན་ཏེ།། རྣམ ་པར་རྟོག་པ་དང་གང་ཀུན་ཏུ་འབྱུང་བ་ན་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་འཇོག་པའི་བག་ཆགས་དེ་ཉིད་རྣམ་པར་རྟོག་པ་དེ་དང་དེའི་རྒྱུར་འགྱུརརོ།། དེ་ནི་སྔར་བཤད་ཟིན་ཏོ།། ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་ཤེས་པ་གསུམ་གྱིས། ཆོས་ཀྱི ་དམིགས་པ་རྙེད་པར་འགྱུར་ཞེས་བྱ་བ་དེ་ལྟ་བུ་ལ་སྩོགས་པའི་གཞུང་གི་སོ།། རང་གཱི་དབྱི་སྣ་ནཱི་རྣམ་པར་མཱ~ཾ་རྟག་པ་རྣམས་ཀྱི་དེ་བཞིན་ཉིད་ཞེས་བྱ་བ་འདི་ནི་རྣམ་པར་བྱུང་བའི་སྐབས་ཀྱིས་འོང་པོ་ཡིན་བྱས་རང་གི་དབྱིངས་ནི་རྣམ་པར་བྱུང་བ་ཚུལ་བཞིན་ནམ་ཧཱ། ་རྟོག་པ་རྣམས་ཀྱིས་ཆོས་ཀྱི་དབྱིངས་ཡིན་ཏེ། འདི་ནི་དེ་བཞིན་ཉིད་ཀྱི་རྣམ་གྲངས་ཀྱི་མིང་ཡི་ནི།། དེ་བཞིན་ཉིད་ཀྱི་ཕྱིར་དབུས་དང་མཐའ་རྣམ་པར་འབྱེད་པ་དང་། ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སོགས་པ་ལས་ཆོས་ཀྱི་དབྱིངས་ཀྱི་ངེས་པའི་ཚིག་ཉན་ཐོས ་དག་རང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་མཚན་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱའོ།། ཞེས་འབྱུང་།། མིང་ལ་སེམས་གནས་པའི་ཕྱིར།། ཞེས་བྱ་བ་ལ། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། དེ་ལ་སྤྱིའི་རྣམ་པར་གནས་པའི་ཕྱིར ་ལ་གནས་པ་ཡིནོ།། རྣམ་པར་མི་རྟོག་པའི་ཡེ་ཤེས་རྙེད་ནས་མིང་ལ་གནས་པར་འགྱུར་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པར་བྱང་བར་འགྱུརརོ།། ཞི་གནས་བསྒོམས་པ་ཆུ་ལྟ་བུ་ནི་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་དག་གིས་ཁེངས་པར་བྱས ་པའི་སེམས་དེ་མཉེན་པར་འགྱུར་རོ།། ལྷག་མཐོང་བསྒོམས་པ་མེ་ལོང་ལྟ་བུས་ནི་ལས་དང་པོ་པའི་གནས་སྐབས་ན་ལྟ་བ་དྲན་པ་ལ་སོགས་པས་ཡོན་པར་གྱུར་པའི་ཤེས་རབ་མདའ་ཡོན་པོ་ལྟ་བུ་གང་ཡིན་པ་དེ་མཉམ་པར་བཞག་པའི་གནས་སྐབས་ན་ལྷག ་མཐོང་གོམས་པས་མདའ་མེས་བསྲོས་པ་བཞིན་དུ་དྲང་པོར་འགྱུར་རོ།། དེའི་ཕྱིར་སེམས་དང་ཤེས་རབ་འདོད་ཆགས་དང་མ་རིག་པའི་ཉོན་མོངས་པ་དག་དང་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་རྣམས་ལས་རྣམ་པར་གྲོལ་བར་འགྱུར་ཞིང་། གནས་ཡོངསུ་གྱུར་པ ་ལ་ཁེངས་པ་དང་ཡོན་པོ་ཉིད་དུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ཉིད་ཀྱང་གཉི་སུ་སྣང་བར་མི་འཇུག། རྣམ་པར་རིག་པ་ཙམ་ཡོངསུ་ཚོལ་བ་ཞེས་བྱ་བ་ལ། ཙམ་ཞེས་སྨོས་པ་ནི་དོན་དགག་པའི་ཚད་ཡིནོ།། སེམས་འབའ་ཞིག་གཟུང་བ་ནི་མ་ཡིན། སེམས་དེ་ཡང་འདིར ་མཚུངས་པར་ལྡན་པ་དང་བཅས་པར་བལྟ་བར་བྱའོ།། ཞེས་བྱ་བའི་ཕྱིར་འདིར་ནི་སེམས་ལས་བྱུང་བ་རྣམས་ཀྱང་བཟུང་།། སེམས་ཙམ་པོ་འདི་གཟུང་བར་སྣང་བ་དང་འཛིན་པར་སྣང་བ་དང་གཉིསུ་སྣང་བར་འདོད་དེ། ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་མེདོ།། ཞེས་བྱ་བའི ་ཐ་ཆི་གོ།། དེ་བཞིན་དུ་དེ་བཞིན་ཉིད་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྣང་བ་འམ་དད་པ་ལ་སོགས་པ་དགེ་བའི་ཆོསུ་སྣང་བར་འདོད་པ་ལ་ཞེས་བྱ་བ་ནི་གང་གི་འདོད་ཆགས་ལ་དམིགས་པ་འམ། དད་པ་ལ་དམིགས་པ་སྐྱེ་བ་དེའི་ཚེ་སེམས་དེ་ཉིད ་དེ་ལྟར་སྣང་གི་འདོད་ཆགས་ལ་སོགས་པ་དམིགས་པ་ཉི་དུ་ཡོད་པ་ནི་མ་ཡིན་ལ། སེམས་ལ་འདོད་ཆགས་ལ་སོགས་པ་དང་། མཚུངས་པར་ལྡན་པར་མི་འདོད་པ་ཡང་མ་ཡིན།། དཔེར་ན་གཉི་སུ་སྣང་བ་ལས་གཞན་པ་གཉིས་ཀྱི་མཚན་ཉིད་མེད་པ་བཞིན་ཞེས་བྱ་བ་ནི ་སེམས་སྣང་བ་ལ་མེ་གཏོགས་པ་མིག་དང་། གཟུགས་ལ་སོགས་པ་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་དན་དམ་པ་ཉིད་མེད་པ་ལྟར་འདོད་ཆགས་ལ་སོགས་པ་ཡང་ད་པ་པྲ་། སམས་འདི་ཉིད་རྣམ་གྲངས་ཀྱིས་འདོད་ཆགསུ་སྣང་བ་མ། ཞེ་རྡོ ་འམ། དེ་ལས་གཞན་པའི་ཆོ་སུ་སྣང་བ་སྣ་ཚོག་སུ་སྣང་བ་ཅན་དུ་འཇུག་ཞེས་བྱ་བ་ནི་འདི་སྐད་བཤད་པ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་དམིགས་པས་རྣམ་གྲངས་ཀྱི་འདོད་ཆགས་ལ་སོགས་པར་སྣང་བའི་སེམས་སྐྱེ་བ་གང་ཡིན་པ་དེ་ནི་སེ་རྨྨ་ཐམས་ལས་བྱུང ་རྣམས་དང་ལྷན་ཅིག་སྐྱེ་བ་ཡིན་གྱི་འདོད་ཆགས་ལ་སོགས་པ་ནི་མ་ཡིནོ།། ཇི་ལྟར་གཟུགས་ལ་སོགས་པ་དོན་གཞན་དུ་གྱུར་པ་དམིགས་པ་ཉི་དུ་ཡོད་པ་མེད་པ་མ་ཡིན་པ་ལྟར་འདོད་ཆགས་ལ་སོགས་པ་ཡང་དེ་དང་འདྲ་སྟེ། ཇི་སྐད་དུ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས ་རྣམ་པར་རིག་པ་ཙམ་ལ་སེམས་ཀྱང་སེམས་གཞན་གྱིས་དམིགས་པར་ཡོད་པ་མ་ཡིནོ།། ཞེས་བཤད་པ་ལྟ་བུའོ།། ཅིག་ཅར་དད་པ་དང་བརྩོན་འགྲུས་ལ་སོགས་པའི་རྣམ་པ་སྟེ། རྣམ་པ་སྣ་ཚོགས་ཅན་དུ་འཇུག་ཞེས་བྱ་བ་ནི་འདི་ཉིད་ཀྱི་སེམས་ལས་འབྱུང་བ ་དག་ཡོད་ཀྱི་དེ་དག་སེལ་བ་ནི་མ་ཡིནོ།། ཞེས་བྱ་བར་ཤེས་ཏེ། སེམས་ལས་བྱུང་བ་དག་ཡོད་ན་དེ་དག་གི་རྣམ་པར་སྐྱེ་བས་རྣམ་པ་སྣ་ཚོགས་ཉིད་སྲིད་ཀྱི་མེད་པར་ནི་མ་ཡིནོ།། གལ་ཏེ་སེམས་ཁོ་ན་རྣམ་གྲངས་ཀྱིས་སྐྱེ་བ་ན་སེམས་ལས་བྱུང་བ་ཞེས་བྱ་བར་འགྱུརརོ། ་ཞེ་ན། སེམས་ལས་བྱུང་བ་དག་མེད་པར་གང་ཞིག་ཅིག་ཅར་སྣ་ཚོགས་ཀྱི་རྣམ་པ་ཉིད་དུ་འགྱུརརོ།། དེ་ལྟ་བས་ན་སེམས་ལས་བྱུང་བ་དག་ནི་ཡོད་དོ།། ཉོན་མོངས་པ་དང་དགེ་བའི་གནས་སྐབས་ཀྱི་སེམས་ལ་སྣང་བ་ཡོད་པ་དང་། མེད་པ་ཞེས་བྱ་བ་ནི་སེམས་ལས་བྱུང ་བར་སྣང་བ་ཉིད་ཡོད་པས་ཡོད་པའོ།། དེ་མ་གཏོགས་པ་གཞན་གཟུང་བ་དང་འཛིན་པར་གྱུར་པའི་ཆོས་དག་མེད་པས་ན་མེད་པའོ།། གང་དག་སེམས་ལས་བྱུང་བ་ཡོད་པར་མི་འདོད་པ་དེ་དག་གི་ལྟར་ན་ནི་ཚིགསུ་བཅད་པ་དག་གིས་དོན་གོ་བར་ཟདདོ།། མཚན ་གཞི་ནི་མཚོན་པར་བྱ་བ་ཡིན་པས་མཚན་གཞིའོ།། མཚན་ཉིད་ནི་ངོ་བོ་ཉིད་གསུམ།། དེ་བས་ན་མཚན་གཞི་དང་མཚན་ཉིད་འདི་ནི་ལས་ལྟ་བུ་ཡིན་ལ། མཚོན་པ་ནི་བྱེད་པ་པོ་ལྟ་བུ་ཡིན་ཏེ། འདི་ལྟར་དེས་མཚན་གཞི་དང་མཚན་ཉིད་དེ་མཚོན་པར་བྱེད།། ཞེས ་འཆད་པར་འགྱུར་རོ།། སེམས་ནི་ལྟར་བཅས་གང་ཡིན་དང་། ཞེས་བྱ་བ་ལ། སེམས་ཞེས་སྨོས་པས་ནི་གཉིསུ་སྣང་བའི་སེམས་གཟུང་བར་སྣང་བ་དང་། འཛིན་པར་སྣང་བ་བཟུང་སྟེ། དྲི་ལ་སེམས་ནི་རྣམ་པར་ཤེས་པ་དང་གཟུགས་སོགས་ཞེས་འབྱུང་བས་སོ།། ། ་ལྟ་བ་ནི་སེམས་ལས་བྱུང་བའི་ཆོས་རྣམསོ་ཞེས་བྱ་བ་ནི་གསོལ་བའི་ཕྱིར་ཐམས་ཅད་ལྟ་བ་ཡིན་པར་ཐ་སྙད་གདག་སོ།། དེའི་རྣམ་པར་རིག་པ་རྟག་ཏུ་དེ་བཞིན་དུ་འཇུག་པའི་ཕྱིརརོ་ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་པའི་རྣམ་པར་རིག་པ་ལ་འགྱུར་བ་མེད། ་པས་རྟག་པའོ།། བག་ཆགས་དེ་ལས་ཀྱང་ཞེས་བྱ་བ་ནི་བག་ཆགས་ལ་གནས་པའི་བརྗོད་པ་དྲི་ལས་ཀྱང་ཞེས་བྱ་བའི་ཐ་ཚི་གོ། ཐ་སྙད་ལ་མི་མཁས་པ་རྣམས་ལ་དོན་དུ་སྣང་བ་གང་ཡིན་པའོ།། ཞེས་བྱ་བ་ནི་བྱིས་པ་ཆུང་རྣམས ་ལའོ།། བརྗོད་པའི་དོན་གྱི་འདུ་ཤེས་མེད་པར་ཤེས་བྱ་བ་ནི་བྱོས་པ་ཆུ་ངུ་ལ་སོགས་པ་ལ་བུམ་པ་ཞེས་བྱ་བའི་སྒྲས་ནི་བརྗོད་པར་བྱའི་དོན་ལྷོ་ཡངས་པ་དང་། མགྲིན་པ་བྱ་བ་གང་ཡིན་པ་བརྗོདདོ།། ཞེས་བྱ་བར་བྱེ་དྲག་ཏུ་རྟོགས་པ་དེ་མེད། བརྗོད་པའི ་འདུ་ཤེས་ཡང་བཞིན་དུ་ཅི་ཞིག་ཏུ་རྣམ་པ་ཚུགས་པ་བྱུང་།། ཏྀང་བ་བཞིན་དུ་དྲན་དུ་ཛྲ་ཤེས་ཧཱུ~ཾ་ཞེས་བྱེ་ནི་རློམ་དེ་ལ་སྩོགས་པའི་མངོན་པ་བརྗིད་པ་ཅི་འདྲ་བའི་སེམས་ལས་བྱུང་བ་མརྟེན་མ་འཛིན་པའི་བདགེ་འད་ནི ་ཤེསོ།། སེམས་ལས་བྱུང་བ་ཞེས་སྨོས་པས་ནི་ལྷས་བྱིན་ཞེས་བྱ་བ་ལྟ་བུ་མི་གསལ་བ་ཡི་ནི།། འདུ་ཤེས་དེའི་དམིགས་པ་སྔོན་པོ་དང་སེར་པོ་དང་སྐྱེས་པ་དང་བུད་མེད་ལ་སོགས་པ་གླང་ཡིན་པ་དེ་ནི་རྒྱུ་མཚན་ཡིན་ཏེ། རྒྱུ་མཚན་དེས་འདུ་ཤེས་དེ ་འཇུའོ།། དེ་ལྟར་ན་ཐ་སྙད་ལ་མཁས་པ་འམ་ཐ་སྙད་ལ་མི་མཁས་པོ་བརྟག་པར་བྱ་བ་བུམ་པ་ལ་སོགས་པ་དོན་གང་ཡིན་པ་དང་རྒྱུ་གང་ལས་ཡིན་ཞེས་བྱ་བ་ནི་བག་ཆགས་གང་ལས་ཡིན་པས་ཏེ། དེ་དེ་ག་ནི་ཀུན་བརྟགས་པའི་མཚན་ཉིད་ཡིན་པར ་རིག་པར་བྱའོ།། གལ་ཏེ་མིང་ཇི་ལྟ་བར་དོན་དུ་སྣང་ངམ་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་དོན་མིང་གི་ངོ་བོ་ཉིད་ཁོ་ན་ཡིན་པའམ། མིང་དོན་གྱི་ངོ་བོ་ཉིད་ཁོ་ན་ཡིན་པ་འམ། མིང་དོན་གྱི་ངོ་བོ་ཉིད་ཡིན་པར་ཀུན་རྟོགས་པར་བྱེད་པ་སྟེ། གང་དག་མིང ་དང་དོན་དག་གློ་བུར་བ་ཉིད་ཡིན་པར་བསམས་ནས་དོན་མིང་གི་རང་བཞིན་ཡིན་པ་འམ། མིང་དོན་གྱི་རང་བཞིན་ཡིན་པར་རྟོག་པར་བྱེདོ།། གན་སུ་སྣང་བ་ཞེས་བྱ་བ་ནི་ས་ལ་སོགས་པར་སྣང་བ་སྟེ། ཀུན་གཞི་རྣམ་པར་ཤེས་པ་གནས་ཀྱི་རྣམ་པར་རིག་པ ་ལ་དྭེར་སྣང་བ་ཉིད་སྟོན་ཏོ།། དོན་དུ་སྣང་བ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡུལ་རྣམ་སོ།། ལུསུ་སྣང་བ་ནི་མིག་ལ་སོགས་པ་དབང་པོ་རྣམསོ།། ཡོད་པ་དང་མེད་པ་དེ་དག་ཐ་མི་དད་པའི་ཕྱིར་ཡོད་པ་དང་མེད་པ་མཉམ་པ་ཉིད་ཀྱ་ང་ཡིནོ།། ཞེས་བྱ ་བ་ནི་དེ་བཞིན་ཉིད་ནི་སངས་རྒྱས་ཉིད་ཡིན་པས་ཇི་སྐད་དུ་སངས་རྒྱས་ཉིད་ལ་འཇུག་པའི་ཐབས་ཀྱི་སྐབས་ནས། མེད་པ་གང་ཡིན་དེ་ཉིད་ནི། ཡང་བ་ཡི་ནི་དམ་པ་ཡིན་ཞེས་བཤད་པ་ལྟ་བུ་སྟེ། ཀུན་བརྟགས་པའི་མཚན་ཉིད་གཉིས་པོ་མེད་པ་གང་ཡིན ་པ་དེ་ཉིད་དེ་བཞིན་ཉིད་ཡོད་པ་ཡིན་ལ། དེ་བཞིན་ཉིད་ཡོད་པ་གང་ཡིན་པ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་མེད་པ་ཡི་ནོ།། རྣལ་འབྱོར་གྱི་ས་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་སྟེ། དེ་ཡང་རྣམ་པ་ལྔའོ།། མེ་ལོང་ལྟ་བུ་ནི་སེམས་ཀྱི ་དབྱིངས་ལ་གནས་པའི་ཏིང་འཛིན་ཏེ། གོང་དུ་མིང་ལ་གནས་པར་བཤད་པ་གང་ཡིན་པ་ཉིད་།། ཞེས་བྱ་བ་གློང་དུ་ཇི་སྐད་བཤད་ཅེ་ན། སེམས་མིང་ལ་གནས་པའི་ཕྱིར་བསྒོམས་པ་ལས་བྱུང་བའི་ཤེས་པ་རྙེད་པར་རིག་པར་བྱ་སྟེ། གཉིས་མི་དམི་ལཝ་རྙེད ་པལླ་ཇི་སྐད་བཤད་པ་ལྟ་བུར་གཉིས་མི་དམིགས་པའི་ཕྱིརརོ་ཞེས་བཤད། གཟུང་བ་དང་འཛིན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིགོ།། འདི་ནི་མཐོང་བའི་ལམ་གྱི་གནས་སྐབས་ཡིནོ།། རྟེན་ནི་གནས་གཞན་དུ་གྱུར་པའོ་ཞེས་བྱ་བ་ནི་མེད་པ ་ཡིན་པའི་ཕྱིར་རྟེན་སྨོས་ཀྱིས། ཚིགསུ་བཅད་པ་ལས་ནི་རྟེན་སྨོས་པ་མེདོ།། རྣལ་འབྱོར་གྱི་ས་ཐོབ་པ་འདིས་མཉམ་པ་ཉི་དུ་འགྱུར་བ་ལ་སོགས་པ་ཡི་ནོ།། རྣལ་འབྱོར་གྱིས་དེས་མཚན་གཞི་ལྔ་དང་མཚན་ཉིད་དེ་མཚོན་པར་བྱེདདོ།། ། ་མཚན་གཞི་དེ་གང་ཞེ་ན། གཟུགས་དང་། སེམས་དང་། སེམས་ལས་བྱུང་བ་དང་། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དག་དང་འདུས་མ་བྱས་ཤེས་བྱ་བ་རྣམ་པ་ལྔས་བཤད་པ་ཡང་ཡིན་པའོ།། མཚན་ཉིད་ནི་ཀུན་བརྟགས་པ་དང་། གཞན་གྱི ་དབང་དུ་ཡོངསུ་གྲུབ་པའི་མཚན་ཉིད་རྣམསོ།། མཚོན་བྱ་ནི་རྣམ་པ་ལྔ་ཡིན་པས་གཞི་དང་སྐྱེད་པ་དང་མེ་ལོང་ལྟ་བུ་དང་སྣང་བ་དང་རྟེན་གྱི་བྱེ་བྲག་གིས་ཐ་དད་པ་ལམ་རྣམ་པ་ལྔའི་ངོ་བོ་ཉི་དུ་རིག་པར་བྱ་སྟེ། ཚོགས་དང་སྦྱོར་བ་དང་མཐོང་པ་དང་བསྒོམ ་པ་དང་མཐར་ཐུག་པའི་ལམ་གྱི་ངོ་བོ་ཉིད་གོར་མ་བཞི་ནོ།། མཚོན་པ་ཤེས་རབ་ཀྱི་ངོ་བོ་ཉིད་དེས་མཚན་གཞི་དང་མཚན་ཉིད་དེ་མཚན་པོར་བྱེད། ཐོས་པ་དང་བསམས་པ་དང་། བསྒོམས་པ་ལ་སོགས་པའི་རིམ་གྱིས་ཡང་དག་པར་ཤེས་པར་བྱེདདོ།། ་བྱ་བའི་དོན་ཏོ།། མཉམ་པ་ཉིད་དུ་འགྱུར་བ་ནི་ཟག་པ་མེད་པའི་དབྱིངས་ན་ཞེས་བྱ་བ་ནི། ཟག་པ་མེད་པ་དབྱིངས་ན་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པ་དང་མཉམ་པའི་ཡེ་ཤེས་ཐོབ་པའི་ཕྱིར་འགྱུར།། དེ་ཉིད་ཀྱི་ཕྱི་རོ།། དེ་ཉིད་ཀྱི་ཕྱིར ་མཇུག་ཐོག་སུ།། འཕགས་རིགས་ཤིན་ཏུ་དྲི་མེད་པ་ཞེས་བཤ་དོ།། དེ་ལྟར་ན་རྣལ་འབྱོར་གྱིས་རྣམ་པ་ལྔ་པོ་འདི་ཞེས་བྱ་བའི་མཉམ་པ་ཉིད་དུ་འགྱུར་བ་ལ་སོགས་པ་དང་བཅས་པའོ།། ས་བོན་གཞན་དུ་གྱུར་པའི་ཕྱིར། གནས་དོན་ལུསུ་སྣང་བ་དག། གཞན་དུ ་གྱུར་པ་ཟག་མེད་དབྱིངས།། དེ་ནི་རྟེན་ཀུན་འགྲོ་བ་ཅན།། ཞེས་བྱ་བ་ནི་ཚིགསུ་བཅད་པ་འདི་ལས་དབྱིངས་ཞེས་བྱ་བའི་སྒྲ་རྐང་པ་གསུམ་པའི་དང་པོ་ལས་འབྱུང་བ་ཟག་པ་མེད་པ་ཞེས་བྱ་བའི་སྒྲ་རྐང་པ་གཉིས་པ་ནས་འབྱུང་བ་དང་ལྷན་ཅིག་སྦྱར་བར་བྱ། ་སྟེ། ཇི་སྐདདུ། གཞན་དུ་གྱུར་པ་ཟག་མེད་དབྱིངས་ཞེས་བཤད་པ་ཡིནོ།། གནས་དང་དོན་དང་ལུསུ་སྣང་བའི་རྣམ་པར་ཤེས་པ་རྣམས་གཞན་དུ་གྱུར་པ་ཞེས་བྱ་བ་ལ། གནས་ནི་རྟེན་ཡིན་པས་གནས་སྨོས་པས་རྟེན་དུ་གྱུར་པ་ས་ལ་སོགས་པ ་བཟུང་སྟེ། དེ་དག་གཞན་ལས་གྱུར་པ་ཞེས་བྱ་བའི་ཐ་ཚིགོ།། གཟུགས་ལ་སོགས་པ་དོན་གྱི་རྣམ་པར་རིག་པ་དང་མིག་ལ་སོགས་པ་ལུས་ཀྱི་རྣམ་པར་རིག་པ་གཞན་དུ་གྱུར་པ་ནི་ཟག་པ་མེད་པའི་དབྱིངས་ཡིནོ།། ཡིད་དང་འཛིན་དང་རྣམ་པར་རྟོག། ་གྱུར་ཕྱིར་ཞེས་བྱ་བ་ནི་དབང་རྣམ་པ་བཞི་འཐོབོ་ཞེས་བྱ་བར་སྦྱར།། ཉོན་མོངས་པ་ཅན་གྱི་ཡིད་གཞན་དུ་གྱུར་ན་རྣམ་པར་མི་རྟོག་པ་གང་ལ་དབང་ཐོབ་སྟེ། འདི་ལྟར་གང་དུ། ཡིད་ནི་གཞན་དུ་གྱུར་པ་ནི།། འབྱོར་དང་མཐུན་སྤྱོད་མི་རྟག་པའི།། ཡེ་ཤེས ་ཤིན་ཏུ་དྲི་མེད་ལ།། འབྱོར་པ་དམ་པ་ཐོབ་པར་འགྱུར།། ཞེས་བཤད་པ་ཡིནོ།། འཛིན་པ་གཞན་དུ་གྱུར་ན་ཞིང་ལ་དབང་འབྱོར་པ་ཐོབ་སྟེ། འདི་ལྟར་དོན་བཅས་ཡིད་ནི་གཞན་དུ་གྱུར་པ་ན།། ཇི་ལྟར་འདོད་བཞིན་ལོངས་སྤྱོད་དག། བསྟན་ཕྱིར་ཞིང་ནི་དག་པ ་ལ། འབྱོར་པ་དམ་པ་འཐོབ་པར་འགྱུར།། ཞེས་བཤད་པ་ཡིནོ།། རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ།། དེ་བཞིན་དུ་གྱུར་ན་ཡེ་ཤེས་དང་ལས་ལ་དབང་བ་ཉིད་འཐོབ་སྟེ། ཇི་སྐད་དུ་རྣམ་རྟོག་གཞན་དུ་གྱུར་ན་ནི།། དུས་རྣམས་རྟག་ཏུ་ཡེ་ཤེས ་དང་། ལས་རྣམས་ཀུན་ལ་ཐོག་མེད་ལ།། འབྱོར་པ་དམ་པ་ཐོབ་པར་འགྱུར།། ཞེས་བཤད་པ་ལྟ་བུ་ཡི་ནོ།། བདག་མེད་པ་རྣམ་པ་གཉིས་པོ་དེ་ཡང་མཉམ་པར་ཤེས་ནས་ཞེས་བྱ་བ་ལ། བདག་ཅེས་བྱ་བའི་སྒྲ་ནི་ཀུན་བརྟགས་པའི་གང ་ཟག་ལ་སོགས་པ་ལ་ཡང་བལྟ་བར་བྱའོ།། ཆོས་རྣམས་ཀྱི་ངོ་བོ་ཉིད་ལ་ཡང་བལྟ་བར་བྱ་སྟེ། མེ་ནི་ཚ་བའི་ངོ་བོ་ཉིད་ཞེས་བྱ་བ་ཚ་བའི་བདག་ཉིད་ཞེས་བྱ་བའི་ཐ་ཚིགོ།། དེ་ནི་ཇི་ལྟར་ཀུན་བརྟགས་པའི་གང་ཟག་བདག་མེད་པ་ལྟར་ཀུནྡ་བརྟགས་ཆོས་བདག ་མེད་པར་ཤེས་ཏེ། དེ་ལྟར་བདག་མེད་པ་རྣམ་པ་གཉིས་ཤེ་སོ།། འདི་ནི་འཛིན་པ་ཙ་མོ་ཞེས་བྱ་བ་ལ། ཙམ་ཞེས་བྱ་བའི་སྒྲ་ནི་དོན་གསལ་བའི་ཕྱིར་ཏེ། ཕྱི་རོལ་གྱི་དོན་དང་བྲལ་བ་འཛིན་པ་ཙམ་སེམས་ལས་བྱུང་བ་ཙ་མོ་ཞེས་བྱ་བའི་ཐ་ཚིག།། དེ་ཁོ་ན་ཉིད ་རྣམ་པར་རིག་པ་ཙམ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་རིག་པ་ཙམ་དེ་ཁོ་ན་ཉིད་ཡིན་ཞེ་ན། འདི་ལྟར་རྣམ་པར་རིག་པ་ཙམ་ཉིད་ལ་ཞུགས་ན་བཟོད་པའི་གནས་སྐབས་ན་གཟུང་བའི་དོན་དམིགས་པར་འགྱུར་ལ། དེ་ཡང་དེ་ཁོ་ནའི་དོན་གྱི་ཕྱོགས་གཅིག་ལ ་ཞུགས་པ་དང་ལྡན་པའི་ཏིང་འཛིན་ཡིན་པས་དེ་ཁོ་ན་ཉིད་ཅེས་བྱའོ།། སྔོན་གྱི་ཚོགས་ཀྱི་སྟོབས་ཀྱི་སོ་ཞེས་བྱ་བ་ནི་ཚེ་རབས་གཞན་དག་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྒྲུབས་པ་གང་དག་ཡོད་པ་ཡིན་པའོ།། མིང་ཙམ་དུ ་མཐོང་བར་འགྱུར།། ཞེས་བྱ་བ་ནི་མངོན་པར་བརྗོད་པ་ཙམ་དུ་སྟེ་ཞེས་བྱ་བ་མངོན་པར་བརྗོད་པ་ནི་ཡིད་ཀྱི་བརྗོད་པ་ཙམ་ཞེས་བྱ་བའི་དོན་ཏེ། དེ་ཉིད་ཀྱི་ཕྱིར་མཇུག་ཐོག་སུ་དོན་དང་བྲལ་བར་རོ་ཞེས་བཤདདོ།། དོན་མེད་ན་དེའི་རྣམ་པར་རིག་པ་མི་མཐོང་བའི ་ཕྱིརོ།། ཞེས་བྱ་བ་ནི་གཟུང་བའི་དོན་མེད་ན་འཛིན་པ་ཡང་མི་མཐོང་བས་སོ།། བདག་ཏུ་ལྟ་བའི་ཞགས་པས་ཟིན་པ་ཞེས་བྱ་བ་ནི་བདག་ཏུ་ལྟ་བས་བཅིངས་པ་ཞེས་བྱ་བའི་དོན་ཏོ།། བདག་ཏུ་ལྟ་བའི་འཆིང་བ་དེ་ནི་གནས་ངན་ལེན་ཡིན་ཏེ། ལེན་ཅེས་བྱ་བའི ་སྐད་ཀྱིས་དབྱིངས་འདི་ནི་ལེན་པར་བྱེད་པའི་དོན་ལ་འབྱུང་།། སེམས་དེ་ནི་ཇི་ལྟ་ཇི་ལྟར་ཕྱིན་ཅི་ལོག་ཏུ་གྱུར་ནས་བདག་ཏུ་ལྟ་བ་ལེན་པ་དེ་ལྟ་དེ་ལྟར་འགྲོ་བ་ལྔའི་འཁོར་བ་ན་སྡུག་བསྔལ་མང་པོ་ལ་བརྟེན་པར་འགྱུརརོ།། དེ་ལྟར་ན་ངོ་བོ་ཉིད་མེད་པ་རྣམ་པ་གསུ ་པོ་འདི་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་པོ་འདི་དང་སྦྱར་བར་རིག་པར་བྱའོ་ཞེས་བྱ་བ་ལ་འདུས་བྱས་ཀྱི་མཚན་ཉིད་ནི་གསུམ་སྟེ། སྐྱེ་བ་དང་འཇིག་པ་དང་གནས་པ་གཞན་དུ་འགྱུར་བའོ།། འདུས་བྱས་ཀྱི་མཚན་ཉིད་གསུམ་པོ་འདི་ནི། དུས་གསུམ་དང་། ་སྦྱར་བར་བྱ་སྟེ། རང་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ནི་མ་འོངས་པའི་དུས་ནས་ཆོས་རྣམས་མ་བྱུང་བ་ལས་འབྱུང་བ་གང་ཡིན་པ་དེ་ནི་སྐྱེ་བ་ཡིན་གྱི་གྲངས་ཅན་པ་རྣམས་ཀྱི་ལྟར་གཙོ་བོ་ལས་ཡོད་པ་ཁོ་ན་སྐྱེ་བ་མ་ཡ་ནོ།། རང་གི་བདག་ཉིད་དུ་ནི ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ནི་ཆོས་འགགས་པ་དེ་དག་གྲངས་ཅན་པ་རྣམས་ཀྱི་ལྷར་མི་སྣང་བར་གྱུར་ཅིང་རང་གི་ངོ་བོར་གནས་པ་ནི་མ་ཡིནོ།། དེའི་ཕྱིར་ཡང་ངོ་བོ་ཉིད་མེད་པ་ཡིན་ཏེ། འདི་ནི་འདུས་བྱས་ཀྱི་མཚན་ཉིད་གཉིས་འཇིག་པ་ཡིན།། རང ་གི་ངོ་བོ་ལ་མི་གནས་པའི་ཕྱིར་ཞེས་བྱ་བ་ནི་སྐྱེས་པ་སྐད་ཅིག་ལས་ཕྱིན་ཆད་མི་གནས་པའི་ཕྱིར་ཏེ། དེ་ལྟར་བྱུང་བ་རྣམས་སྐད་ཅིག་ལས་ཕྱིན་ཆད་གནས་པ་ནི་མདོ།། དེའི་ཕྱིར་ཡང་ངོ་བོ་ཉིད་ཀྱི་མེད། འདི་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་པ་མ་ཡིནོ།། ། ་འཛིན་པ་བཞིན་ནི་དེ་མེད་ཕྱིར། ཞེས་བྱ་བ་ནི་ཇི་ལྟར་བྱིས་པ་རྣམས་ཆོས་རྣམས་ལ་རྟག་པ་དང་། བདེ་བ་དང་གཙང་བ་དང་བདག་ཏུ་འཛིན་པ་འམ། ཇི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་ལ། གཉིསུ་མངོན་པར་ཞེན་པར་འཛིན་པ་དེ་ལྟར ་མེད་པའི་ཕྱིར་ངོ་བོ་ཉིད་མེད། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས།། ཆོས་ཀུན་གལ་ཏེ་བྱིས་པ་ཡིས།། ཇི་ལྟར་རྣམ་བརྟགས་མཐོང་བ་བཞིན།། དེ་དག་ཡོད་པར་གྱུར་ན་ནི།། ཐམས་ཅད་དེ་ཉིད་མཐོང་བས་འགྱུར་ཞེས་བཤད་པ་ལྟ་བུ་ཡིནོ།། ཕྱི་མ་ཕྱི་མའི་རྟེན ་ཡིན་པས།། ངོ་བོ་ཉིད་ནི་མེད་པ་ཡིས།། སྐྱེ་མེད་འགག་མེད་གཟོད་ནས་ཞི།། རང་བཞིན་མྱ་ངན་འདས་པ་གྲུབ།། ཅེས་བྱ་བ་ནི་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྟེན་ཡིན་ཏེ། གཞི་སྔ་མ་ངོ་བོ་ཉིད་མེད་པ་ནི་ཕྱི་མ་མ་སྐྱེས་པའི་རྟེན་ཡིནོ།། ཇི་ལྟར་ངོ་བོ་ཉིད་མེད་པས་གྲུབ ་ཅེ་མ་ཇི་ལྟར་རང་མེད་པའི་ཕྱིར་དང་།། རང་བདག་ཉི་དུ་མེད་པའི་ཕྱིར་དང་། རང་གི་བདག་ཉི་དུ་མེད་པའི་ཕྱིར་དང་། རང་གྲི་ངོ་བོ་ལ་མི་གནས་པོའི་ཕྱིར་དང་འཛིན་པ་བཞིན་དུ་དེ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་དེ་བཞིན་དུ་རང་མ་སྐྱེས་པའི་ཕྱིར་དང་། རང་གི ་བདག་ཉི་དུ་མ་སྐྱེས་པའི་ཕྱིར་དང་། རང་གི་ངོ་བོ་ལ་མི་གནས་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རིམ་གྱིས་ངོ་བོ་ཉིད་མེད་པ་ལ་བརྟེན་ནས་ཆོས་རྣམས་མ་སྐྱེས་པ་ཡིནོ།། གང་དག་མ་སྐྱེས་པ་དེ་དག་ནི་མ་འགགས་པ་ཡི་ནོ།། བྱིས་པས་ཀུན ་བརྟགས་པའི་ངོ་བོ་ཉིད་མཽ་སྐྱེས་པ་དང་། མ་འགགས་པ་གང་ཡིན་པ་དེ་ནི་གཟོད་མ་ནས་ཞི་བ་ཡིནོ།། དེ་ལྟ་བས་ན་མ་སྐྱེས་པ་དང་མ་འགག་པའི་གཞི་དེ་དག་ཁོ་ན་ལ་བརྟེན་ནས་གཟོད་མ་ནས་ཞི་བ་ཉིད་འགྲུབ་སྟེ། འདུ་བྱེད་སྐྱེ་བ་དང་འགགས ་པ་གཡེན་སྐྱོ་བ་སོག་ལེ་བསྲེགས་པས་གཤེགས་པ་ལྟ་བུར་མྱི་བཟད་པ་ལྕགས་ཀྱི་གར་བུ་རབ་ཏུ་འབར་བས་རེག་པ་ལྟ་བུས་རབ་ཏུ་མ་ཞི་བ་རྣམས་ནི་འཕགས་པ་རྣམས་ཀྱིས་མཆོག་ཏུ་ཡིད་བྱུང་བར་བྱ་བ་ཡིན་ལ། སྐྱེ་བ་དང་འགག་པ་སྤངས་པ་བདུད་རྩིའི ་དབྱིངས་ནི་འཕགས་པ་རྣམས་ཤིན་ཏུ་དགྱེས་པ་ཡིན་པས་སོ།། གཟོད་མ་ནས་ཞི་བ་དེ་ཉིད་ལ་བརྟེན་ནས་ཆོས་ཐམས་ཅད་རང་བཞིན་གྱི་ཡོངསུ་མྱ་ངན་ལས་འདས་པ་ཡོངསུ་གྲུབ་པའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། གང་ཞིག་གཟོད་མ་ནས། ་ཞི་བ་དེ་ནི་རང་བཞིན་གྱིས་ཡོང་སུ་མྱ་ངན་ལས་འདས་པ་རབ་ཏུ་སྐྱིད་པའི་མཚན་ཉིད་ཡིན་གྱི། འཕགས་པ་རྣམས་ཀྱི་ལམ་བསྒོམ་པས་ཡོང་སུ་མྱ་ངན་ལས་འདས་པར་བྱ་བ་ནི་མ་ཡིན།། དེ་ལྟར་ན་ངོ་བོ་ཉིད་མེད་པ་ལ་སོགས་པ་འདི་དག་ནི་ཕྱི་མ་ཕྱི་མའི ་རྟེན་ཡིན་པས་འགྲུབ་པར་རིག་པར་བྱའོ།། ཐོག་མ་ནི་འཁོར་བ་ལ་སྟེ་དེ་ཐོག་མ་སྐྱེ་བ་མེདོ།། ཞེས་བྱ་བ་ནི་གང་དག་འཁོར་བ་ཐོག་མ་དང་ལྡན་པར་རྟོག་པར་བྱེད་པའི་འཁོར་བའི་ཐོག་མ་ཀུན་བརྟགས་པ་དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། འཁོར། ་བ་ནི་ཐོག་མ་མེད་པ་ཅན་ཡིན་གྱིས། འདི་ལ་དང་པོ་འབྱིན་པ་དབང་ཕྱུག་ལ་སོགས་པ་ནི་འགའ་ཡང་མེདོ།། ཞེས་དེ་ལྟར་བཟོད་པས། དེའི་ཕྱིར་འཁོར་བ་ལ་སྐྱོ་བ་མེད་པར་བཟོད་པ་ཐོབ་པ་ཞེས་བྱའོ།། དེ་ཉིད་དང་གཞན་ཉིད་ནི་སྔ་མ་དང་ཕྱི་མ་རྣམས་ལ་སྡེ་ཞེས ་བྱ་བ་དེའི་ངོ་བོ་ཉིད་ནི་དེ་ཉིད།། འཁོར་བ་ན་ཆོས་གང་དག་སྔར་སྐྱེས་པ་དེ་དག་ཉིད་སྐྱེ་བ་ནི་མེད། དེའི་ངོ་བོར་མི་སྐྱེ་བའི་ཕྱིརརོ།། ཞེས་བྱ་བ་ནི་ཆོས་སྔོར་སྐྱེས་པ་རྣམས་དེའི་ངོ་བོ་ཉིད་ཁོ་ནར་མི་སྐྱེ་བར་བཟོད་པའི་ཕྱིར་བཟོད་པ་ཐོབ་པ་ཞེས་བྱའོ།། ཕྱིས་མ་འོངས་པའི་དུས་ནས ་སྐྱེ་བ་གང་དག་ཡིན་པ་དེ་དག་ཀྱང་སྔོན་མེད་པ་མི་སྐྱེ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་གྲགས་པ་གང་དག་ཡིན་པ་ཁོ་ན་སྐྱེའི། སྔོན་མེད་པའི་སེམས་ཅན་འབྱུང་བ་ནི་མེད་པས་གཞན་དག་ཀྱང་སྔོན་མེད་པ་སྐྱེ་བ་མེད་པར་བཟོད ་པའི་ཕྱིར་བཟོད་པ་ཐོབ་པ་ཞེས་བྱའོ།། གཞན་གྱི་དབང་ལ་ནི་རང་སྐྱེ་བ་མེད་པར་བཟོད་པའི་ཕྱིརརོ།། ཡོངསུ་གྲུབ་པ་ལ་ནི་གཞན་དུ་འགྱུར་བ་མེད་པར་བཟོད་པའི་ཕྱིར་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་དེ་ལ་གཞན་དུ་འགྱུར་བར་སྐྱེ་བ་མེདོ།། ཟད་པ་ཤེས་པ་ཐོབ་པའི་དགྲ་བཅོམ་པ་ལ་ཀུན ་ནས་ཉོན་མོངས་པ་སྐྱེ་བར་མི་བལྟའོ།། ཞེས་དེ་ལྟར་བཟོད་པའི་ཕྱི་སྤྱི་བ་མེད་པ་ལ་བཟོད་པ་ཐོབ་པ་ཞེས་བྱའོ།། ཐེག་པ་གཅིག་པ་ཉིད་ཡོངསུ་ཚོལ་བ་ལ་ཆོས་ཀྱི་དབྱིངས་མཚུངས་པའི་ཕྱིར་དང་། བདག་མེད་པ་མཚུངས་པའི་ཕྱིར་དང་། རྣམ་པར་གྲོལ་བ་མཚུངས་པའི་ཕྱིར།། དེ་ལ་ཆོས་ཀྱི ་དདབྱིངས་མཚུངས་པའི་ཕྱིར་ཞེས་བྱ་བ་ན་ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་ནི་མཚུངས་ཏེ། ན་མཁའ་བཞི་ནོ།། ནམ་མཁའ་ལ་ནི་གསུ་ཡང་མི་མཚུངས་པ་མེད་པ་ལྟར་ཆོས་ཀྱི་དབྱིངས་ཀྱང་དེ་དང་འདྲའོ།། བགྲོད་པར་བྱ་བས་ན་ཐེག་པ་ཡིན་པས་སོ།། ཞེས་བྱ་བ་ཇི་ལྟར་ན་བགྲོད་པར་བྱ་བ་ཡིན ་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ལ་བརྟེན་ཅིང་ཆོས་ཀྱི་ཐོབ་ནས་ཉན་ཐོས་ལ་སོགས་པ་ལ་ཉན་ཐོས་ལ་སོགས་པའི་ཆོས་འབྱུང་བར་འགྱུར་བས་སོ།། བདུག་མེད་པ་འདྲ་བས་ན་ཞེས་བྱ་བ་ནི་འགྲོ་བ་པོའི་གང་ཟག་ཉན་ཐོས་གང་དག་ཡིན་པ་དེ་དག་ཀྱང་བདག་མེད་ལ། སངས་རྒྱས་བཅྡོཾས ་ཀྱང་བདག་མེད། དེའི་ཕྱིར་བདག་མེད་པ་མཚུངས་པ་ཉིད་ཀྱིས་གང་ཟག་ལ་ཐེག་པ་ཉེ་བར་བརྟགས་པའི་ཕྱིར་ཐེག་པ་གཅིག་པ་ཉིད།། འགྲོ་བས་ནི་ཐེག་པ་མ་ཡིན་པས་སོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ལ་ཐ་དད་དུ་བྱ་བ་མེད་པས་རྣམ་པར་གྲོལ་བ་ལ་ཐེག་པ་ཉེ་བར་བརྟགས ་པའི་ཕྱིར་ཏེ། ངོ་བོ་ཉིད་སྒྲུབ་པསོ།། རིགས་ཐ་དད་པའི་ཕྱིར་ཐེག་པ་གཅིག་པ་ཉིད་ཅེས་བྱ་བ་ནི་རིགས་ངེས་པ་ཐ་དད་པའི་ཕྱིར་དང་མ་ངེས་པའི་རིགས་ཐ་དད་པའི་ཕྱིར་ཏེ། མ་ངེས་པའི་རིགས་ཅན་གང་དག་ཡིན་པ། དེ་དག་ཉན་ཐོས་ཀྱི་སྤྱོད་པ་སྤྱད་ནས་དེ་ནས་དུས་ཕྱིས་དགེ་བའི།། ་བབཤེས་གཉེན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པའི་སྒོ་ནས་ཉན་ཐོས་ཀྱི་སྤྱོད་པ་བོར་ཏེ། ཐེག་པ་ཆེན་པོས་ངེས་པར་འབྱུང་།། དེ་བས་ན་ཉན་ཐོས་ཀྱི་སྤྱོད་པ་སྤྱད་པ་རྣམས་ཐེག་པ་ཆེན་པོས་ངེས་པར་འབྱུང་བས་ཐེག་པ་གཅིག་པ་ཉིད། རིགས་ལ་ཐེག་པ་ཉེ་བ། ་བཏགས་པའི་ཕྱིརརོ།། བསམ་པ་གཉིས་ཐོབ་པའི་ཕྱིར་ཐེག་པ་གཅིག་པ་ཉིད། སངས་རྒྱས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་བདག་ཉིད་ཀྱི་དགོངས་པ་བརྙེས་པའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔསྔ་ས་དང་པོ་ཐོབ་པའི་དུས་ན་སེམས་ཅན་རྣམས་ལ་བདག་དང ་གཞན་མཉམ་པ་ཉིད་ཀྱི་བསམ་པ་ཐོབ་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་གནས་སྐབས་ན་ཤིན་ཏུ་རྣམ་པར་དག་པར་འགྱུར་ཏེ། བདག་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ཡིན་སྙམ་པའི་ཕྱིར།། ཉན་ཐོས་དེའི་རིག་སུ་ངེས་པ་སྔོན་བྱང་ཆུབ་ཀྱི་ཚོགས་བསགས་པ་རྣམས་ཞེས་བྱ ་ཉན་ཐོས་ཀྱི་རིགས་ཅན་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་ཏེ། ཉན་ཐོས་ཀྱི་རིགསུ་ངེས་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་བོར་ནས་ཉན་ཐོས་ཉི་དུ་ངེས་པར་འབྱུང་བ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདི་དག་ནི་སྔོན་བྱང་ཆུབ ་སོསེམས་དཔའི་སྤྱོད་པ་ལ་སྤྱད་པ་ཡིན་ཞེས་བྱ་བར་རྣམ་པར་གཟིགས་ཏེ། ཐོབ་པ་གང་ཞིག་སངས་རྒྱས་དང་རྒྱུད་ཐ་མི་དད་པར་མོས་པ་ཉིད་ཀྱིས་འཐོབ་པར་འགྱུར་བ་སངས་རྒྱས་ཀྱི་དགོངས་པ་ཐོབ་པ་ལ་སྦྱོར་བར་མཛད་དོ།། དེ་བཞིན་གཤེགས་པའི་དེས་བཟུང་བའི་ཁྱད་པར ་ཕྱོགས་པ་ཙམ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་དགོངས་པ་ཐོབ་པ་གང་ཞིག་རྒྱུད་ཐ་མི་དད་པར་མོས་པའི་སྒོ་ནས་ཐོབ་པའི་དགོངས་པ་ཐོབ་པ་དེ་ཕྱོགས་ཙམ་ཞིག་ཐོབ་ཀྱི་དུས་གཏན་དུ་ཐོབ་པ་ནི་མ་ཡིནོ་ཞེས་བྱ་བའི་ཐ་ཚི་གོ་ཁྱོགས ་ཙམ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དེའི་ཆེད་ཀྱི་བཞི་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་དགོངས་པ་ཐོབ་པ་འཛིན་དུ་འཛུད་པ་མཛད།། དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་དེའི་ཉན་ཐོས་རྣམས་བསམ་པ་གཅིག་པ་ཉིད་རྙེད་པའི་ཕྱིར་ཐེག་པ ་གཅིག་པ་ཉིད།། མཐར་ཐུག་པའི་ཕྱིར་ཡང་ཐེག་པ་གཅིག་པ་ཉིད། གང་ཕན་ཆད་བགྲོད་པར་བྱ་བ་མེད་པ་དེ་ནི་ཐེག་པ་ཡིན་པས་སངས་རྒྱས་ཉིད་ཁོ་ན་ཐེག་པ་གཅིག་པ་ཡིན།། ཞེས་བྱ་བ་ནི་དཔེར་ན། སྒྲ་ངན་རྒྱ་མཚོས་ཀླས་པ་ཅན།། གཞུ་བདུད་མི་ནི་ཇི་སྙེད་པ། གཞུ་མཆོག་ཅན ་གྱི་གནན་ནི།། བུད་མེད་ཡིན་པར་ཤེས་པར་གྱིས།། ཞེས་བྱ་བ་ལྟ་བུ་སྟེ། འདི་སྐདདུ། ཕོ་ནི་དེ་གཅིག་ཁོ་ནར་ཟད་ཀྱིས་དེ་ལས་རྩལ་ཚ་བ་གཞན་ན་མདོ།། ཞེས་སྨྲས་པ་ཡི་ནོ།། དེ་བཞིན་ཐོག་པ་ཐམས་ཅད་ཀྱི་མཐར་ཐུག་པ་ནི་ཐེག་པ་ཆེན་པོ་ཡིན་ཏེ། དེའི་ཕྱི་རོལ་ན་ཐེག་པ་ཁྱད་པརཱ། ་ཅཅན་གཞན་མེད་པས་ཐེག་པ་གཅིག་པ་ཉི་དྲོ།། ཉན་ཐོས་ཀྱི་རིགས་ཅན་མ་ངེས་པ་གང་དག་ཡིན་པའོ་ཞེས་བྱ་བ་ཇི་ལྟར་ན་ཉན་ཐོས་ཀྱི་རིགས་ཅན་ཡིན་ལ་མ་ངེས་པ་ཡིན་ཞེས་ཀྱང་བྱ་ཞེ་ན། དེ་དག་ནི་ཉན་ཐོས་ཁོ་ན་ཡིནོ།། འོ་ན་ཅི་ཞེ་ན། མ་ངེས་པའི་རིགས་ཅན་དག་ཅིག་ཉོན་ཐོས ་ཀྱི་སྤྱོད་པ་ལ་སྤྱད་པས་ན་དེའི་ཕྱིར་ཉན་ཐོས་ཀྱི་རིགས་ཅན་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་རིགས་ཅན་མ་ངེས་པ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། ཡང་ཅིའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་ངེས་པའི་རིགས་ཅན་དག་ཡལ་བར་བོར།། གང ་གིས་ན་ཉན་ཐོས་ཀྱི་སྤྱོད་པ་ལ་རབ་ཏུ་སྦྱོར་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མ་ཡིན་ཞེ་ན། གནས་སྐབས་ངེས་པའི་ཕྱིར་བཏང་སྙོམསསུ་འཇུག།། གནས་སྐབས་དེར་མ་ཕྱིན་པར་མ་ངེས་པའི་རིགས་ཅན་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་པར་ནི་མི་ནུས་ཏེ།། ་ཇི་སྐ་དུ་འཕགས་པ་མ་ཁོལ་གྱི་ཞལ་སྔ་ནས་ཀྱི། འདི་ནི་གཡང་སའི་ཡུལ་གྱི་མུར་མ་ཕྱིན་པར་ནོར་ཅན་ཉིད་མི་འགྱུར་ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུ་ཡི་ནོ།། ཉན་ཐོས་མ་ངེས་པ་ཡང་རྣམ་པ་གཉིས་ཏེ། ཐོག་པའི་དོན་མཐོང་བ་དང་ཐེག་པའི་དོན་མ་མཐོང་བའོ།། ་ཞེས་བྱ་བ་ནི་བདེན་པ་མཐོང་བ་དང་བདེན་པ་མ་མཐོང་བའོ།། ཞེས་བྱ་བའི་དོན་ཏོ།། འཕགས་པའི་ལམ་དེ་སྐྱེ་བར་བསྒྱུར་བ་ནི་བསམ་གྱིས་མི་ཁྱབ་སྟེ། ཞེས་བྱ་བ་ནི། འཕགས་པའི་ལམ་གྱི་སྐྱེ་བ་ལ་སྡང་བ་ཡིན་ན་ཇི་ལྟར་སྐྱེ་བར་སྦྱར་བར་བྱེད་ཅེ་ན། དེ་ནི་བདེན་ན་དེ་འཕགས ་པའི་ལམ་ཁོ་ནས་སྐྱེ་བ་ནི་མ་ཡིནོ།། འོ་ན་ཅི་ཞེ་ན། ཉོན་མོངས་པ་ལྷག་མ་མ་སྤངས་པ་རྣམས་ཀྱིས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངེས་པའི་རིགས་ཅན་གྱི་ཉོན་མོངས་པ་དེ་དག་ལ་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ཅི་ནས་ཀྱང་ལྷག་མཐོང་ལྷུར་ལེན ་ཅིང་ཐར་པ་ལ་སྨོན་པོའི་ལམ་འདོར་ཞིང་འཁོར་བ་ལ་མངོན་དུ་ཕྱོགས་པ་སྙིང་རྗེ་བསྒོམ་པའི་ལམ་ལ་སྦྱོར་བ་དེ་ལྟར་འདོམས་ལ། སྙིང་རྗེའི་དབང་གིས་ན་འཕགས་པའི་ལམ་སྲིད་པ་ལ་སྡང་བ་དེ་ཅི་ནས་ཀྱང་སྲིད་པ་ལ་རྒྱབ་ཀྱིས་ཕྱོ་གས་ཏེ་མི་གནས་པ་དང་མྱ་ངན་ལས ་འདས་པ་ལ་གཞོལ་བར་མི་འགྱུར་བ་དང་། སེམས་ཅན་གྱི་དོན་དུ་ཡང་དང་ཡང་དུ་སྐྱེ་བ་ལེན་པ་དེ་ལྟར་ངེས་པར་བྱེད།། དེ་ལྟར་ན་སྐྱེ་བར་བསྒྱུར་བ་ཡི་ནོ།། དེ་ཉིད་ཀྱི་ཕྱིར་སྐྱེ་བ་དེ་ནི་བསམ་གྱིས་མི་ཁྱབ་པར་བསྒྱུར་བ་ཡིན།། གཅིག་སྟེ་འདོད་ཆགས་དང་མ་བྲལ་བ་གང་ཡིན ་པ་དེ་ནི་སྨོན་ལམ་གྱི་དབང་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་འཛིན་ཏོ།། ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་སྐྱེ་བ་ཡོངསུ་འཛིན་པའི་སྒོ་ནས་ཡིན་གྱི། ལས་དང་ཉོན་མོངས་པའི་དབང་གི་སྐྱེ་བ་ནི་མ་ཡིན།། ཞེས་བྱ་བའི་ཐ་ཚིའོ།། དེ་ནི་འདོད་ཆགས་དང ་བྲལ་བ་ཡིན་ཏེ། གང་དང་གང་དུ་སེམས་ཅན་གྱི་དོན་མཐོང་བ་དེ་དང་དེར་སྐྱེ་བར་སྨོན་ལམ་འདེབསོ།། འདོད་པ་ལས་འདོད་ཆགས་དང་བྲལ་བ་གང་ཡིན་པ་ནི་ཕྱིར་མི་འོང་བ་དང་ལྡན་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་བསམ་གཏན་གྱི་སྟོབས་ཀྱིས་ཞེས་བྱ་བའི་དོན་ཏེ། ་བསམ་གཏན་གྱི་སྟོབས་ཀྱི་སྤྲུལ་པ་རྣམས་སྤྲུལ་ནས་དེ་དག་ཏུ་སྐྱེ་བ་ཀུན་ཏུ་བསྟན་པས་སེམས་ཅན་གྱི་དོན་བྱེད།། བདེན་པ་མཐོང་བ་འདོད་ཆགས་དང་བྲལ་བའི་དོན་མ་བྱས་པ་སློབ་པ་གང་ཡིན་པ་དེ་ཞེས་བྱ་བ་ནི་སློབ་པ་དང་འདོད་ཆགས་དང་མེ་བྲལ་བ་སྟེ། འདོད་པ་ན། ་སྤྱོད་པའི་ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་སྐྱེ་ལ། འདྲར་ནི་བསྟན་པ་ནུབ་པར་འགྱུར་བ་དང་དེའི་འོག་ཏུ་ཤི་འཕོས་ནས་སངས་རྒྱས་མེད་པའི་དུསུ་སྐྱེས་ཏེ་བསམ་གཏན་གྱི་དོན་དུ་བརྩོན་པར་འགྱུརརོ།། ཅིའི་ཕྱིར་བསམ་གཏན་གྱི་དོན་དུ་བརྩོན་ཞེ་ན། སྤྲུལ་པ་དོན་དུ་གཉེར་བས་ཏེ། ་ད་ནི་སྔོན་འཕགས་པའི་ལམ་ཐོབ་པའི་སྟོབས་ཀྱིས་འདོད་པའི་ཁམས་ཀྱང་རྣམ་པར་སུན་འབྱིན་པར་བྱེད་ལ་དེའི་སེམས་ཡུལ་དག་ལ་ཡང་མངོན་པར་མི་དགའོ།། དེ་ནས་སྔོན་གོམས་པའི་སྟོབས་ཀྱིས་སློབ་དཔོན་མེད་པར་འཕགས་པའི་ལམ་མངོན་སུམ་དུ་བྱེད་ཅིང ་བསམ་གཏན་དག་སྐྱེད་པར་བྱེའོ།། དེ་ནས་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་རང་གིས་ལུས་ཡུན་རིང་པོ་གནས་པར་བྱ་བའི་ཕྱིར་སྤྲུལ་པར་བྱེད། འདི་ནི་དེའི་རང་བཞིན་སངས་རྒྱས་ཀྱི་གནས་སྐབས་ཡིནོ།། ཚོགས་ཡོངསུ་རྫོགས་པར་བྱ་བའི་ཕྱིར་སྤྲུལ་པ་གཞན ་དང་གཞན་དག་ཀྱང་སྤྲུལ་ཏེ། དེ་ནས་རིམ་གྱིས་ཤེས་བྱའི་སྒྲིབ་པ་སྤངས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོ་།། མའི་དཔེ་ཞེས་བྱ་བ་ནི་དཔེར་ན་ལྕི་བའི་མེ་ལས་རྩའི་མེར་འགྱུར་ལ། རྩཝའི་མེ་ལས་ཤིང་གི་མར་འགྱུར་བ་ལྟར་ཞེས་བྱ་བ་ཡི་ནོ།། གང་གི་ཚེ ་སྔོན་བདེན་པ་ན་ཐོང་བའི་གནས་སྐབས་དང་། གང་གི་ཚེ་སངས་རྒྱས་མེད་པའི་དུསུ་བདག་ཉིད་ཀྱིས་ཡོངསུ་བསམ་གཏན་བསྐྱེད་ནས་སྐྱེ་བའི་ལུས་པོ་རྀ་ཏཱཾ་ཞེས་བྱ་བ་ནི་འདིས་དུས་འདི་སྲིད་ཅིག་ཐུབ་པོ་ཞེས་བྱ་བ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་གནས་སྐབས་དེ ་རན་ནས་སྤྲུལ་པའི་ལུས་ཡོངསུ་འཛིན་ཏོ།། དེའི་འོག་ཏུ་བླ་ན་མེད་པ་བྱང་ཆུབ་འཐོབོ།། རྟེན་ལ་དེ་རྗེ་སུ་དྲན་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་དེ་དག་རྗེ་སུ་དྲན་པ་ནི་དེའི་རྗེསུ་དྲན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་རྗེ་སུ་དྲན་པ་ཞེས་བྱ་བའི་ཐི་ཆེ་གོ།། རྗེ་སུ་དྲན་པ་ཞེས་བྱ་བའི་སྒྲས་ནི་མཐོང་བའི་བྱ་བ ་སྟོན་ཏེ། དེ་ཉིད་ཀྱི་ཕྱིར་འགྲེལ་པ་བྱེད་པས་རྟེན་དུ་གྱུར་པ་བྱང་ཆུབ་ཀྱི་སེམས་ཡང་དག་པར་རྗེ་སུ་མཐོང་བ་དང་། ཞེས་བཤདདོ།། ཡང་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྟེན་ནི་བྱང་ཆུབ་ཀྱི་སོམ་སོ།། ཕ་རོལ་ཏུ་ཕྱིན་པའི་རྟེན་དུ་གྱུར་པ་བྱང་ཆུབ་ཀྱི་སེམས་དེ་ཡང་དག་པར་རྗེ་སུ་མཐོང ་བདང་ཞེས་བྱ་བས་ནི་དྲན་པ་ཤེས་རབ་དང་བཅོས་པ་སྟོན་ཏེ། ཤེས་རབ་ཀྱིས་བྱང་ཆུབ་ཀྱི་སེམས་ཡང་དག་པར་རྗེསུ་མཐོང་ཞིང་དྲན་པས་བཤད་མ་ཐག་པའི་རིགས་ཡང་དག་པར་རྗེསུ་དྲན་ཞིང་།། ཇི་ལྟར་བྱང་ཆུབ་པ་ནི་ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ན་ཉིད་ཐུག་སུ་ཆུད་པ་སྟེ། ་དེ་ཉིད་ཀྱི་ཕྱིར་མཇུག་ཐོག་སུ།། ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཞེས་བྱ་བ་ལ་སོགས་པ་སྨོསོ།། མཐུ་རྣམ་པ་བཞི་ཡང་དག་པར་མཐོང་ནས་དགའ་བའི་ཕྱིརརོ་ཞེས་བྱ་བ་ལ།། མཐུ་ནི་སྟོབ་སོ།། མཐུ་སྟོབས་མེད་པར་སེམས་ཅན་གྱི་དོན་བྱ་བ་མི་འགྲུབ་པས་ཀུན་ནས ་ཉོན་མོངས་པ་མེད་པའི་ཐབས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ལ་མོས་ནས་མཐུ་སྟོབས་དང་ལྡན་པའི་ཡིད་ལ་བྱེད་པ་ཡོངསུ་ཚོལ་ཏེ། མི་མཐུན་པའི་ཕྱོགས་སྤོང་བ་ལ་སོགས་པ་མཐུ་ཡིད་ལ་བྱེད་པ་རྣམ་པ་བཞིའོ།། རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་བྲས ་བུ་འབྱིན་པ་ཉིད།། ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་ནི་དབང་ཕྱུའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདེ་འགྲོའོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཁོར་ཏོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནི་ལས་ཀྱི་མཐའ་གྲུབ་པ་ཉིད།། བསམ་གཏན་གྱི་ཕ ་རོལ་ཏུ་ཕྱིན་པ་ནི་གནོད་པ་ཆུང་ཉིད།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པའོ།། རྒྱུ་མཐུན་པའི་འབྲས་བུ་ནི་སྦྱིན་པ་ལ་སོགས་པ་གོང་དུ་བྱ་བ་ཀུན་ཏུ་སྤྱོད་པ་གང་ཡིན་པའོ།། སེམས་ཅན་དང་རང་གི་སངས་རྒྱས་ཀྱི་ཆོས་ཡོངསསུ་སྨིན ་པ་ལས་བརྩམས་ཏེ་ཞེས་བྱ་བ་ནི་སེམས་ཅན་ཡོང་སུ་སྨིན་པ་ལས་བརྩམས་པ་དང་། རང་གི་སངས་རྒྱས་ཆོས་ཡོང་སུ་སྨིན་པ་ལས་བརྩམས་པ་སྟེ། སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་ལོག་པར་བསྒྲུབ་པས་སྐྱོ་བ་མེད་ལ། རང་གི་སངས ་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱ་བ་ལ་ཕྱི་དང་ནང་གི་སྡུག་བསྔལ་འབབ་པ་ཐམས་ཅད་ཀྱིས་སྐྱོ་བ་མེད། སྒྲུབ་པ་རྣམ་པ་བཞི་ཡིད་ལ་བྱེད་པ་ལ་མདོའི་ཚིག་བཞི་སྟེ། སྡིག་པ་ཐམས་ཅད་འཆག་སོ།། བསོད་ནམས་ཐམས་ཅད་ཀྱི་རྗེ་སུ་ཡི་རངོ་།། སངས་རྒྱས་ཐམས་ཅད ་ལ་གསོལ་བ་ལ་འཚོའོ།། བདག་གི་ཡེ་ཤེས་བླ་ན་མེད་པར་གྱུར་ཅིག་ཅེས་བྱ་བ་ཡིན།། རབ་ཏུ་དང་བ་ཡིད་ལ་བྱེད་པའོ།། ཞེས་བྱ་བ་ནི་དད་པས་མོས་པ་དང་བཅས་པ་ཡོངསུ་བཟུང་།། ཆོས་དེ་ཉིད་ལ་མི་སྨོས་པའི་ཚུལ་གྱིས་ཞེས་བྱ་བ་ལ། མི་སྨོང་པ་ནི་མི་སྤོང་བ་སྟེ། ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་ལ་གུས་པས་ཡང་དག་པར་ནོད་ཅིང་ལེན་ཅེས་བྱ་བའི་ཐ་ཚི་གོ། ཡིད་ལ་བྱེད་པ་གསུམ་པོ་འདི་དག་ཁོ་ན་རྗེསུ་སྟོན་པ་དང་སྦྱར་བར་བྱའོ་ཞེས་བྱ་བ་ནི་གོ་ཆ་དང་སྨོན་ལམ་དང་མངོན་པར་དགའ་བ་ཡིད་ལ་བྱེད་པ་རྣམས་ཏེ། འདི་ལྟར་དེ་བཞིན་བསྒྲུབ ་ང་དག་པའི།། གདམས་ངག་རྗེསུ་སྟོན་པ་དང་།། ཞེས་འབྱུང་བའི་ཕྱིར་བསྒྲུབ་པའི་འོག་ཏུ་གདམས་ངག་རྗེ་སུ་སྟོན་པ་ཡིན་པས་སོ།། གདམས་ངག་གི་དོན་དུ་གོ་ཆ་གྱོན་པར་བྱེད། སྨོན་ལམ་འདེབས། མངོན་པར་དགའ་སྟེ། ཨ་ལ་ལ་བདག་གིས་འདོམས་པ་པོར་འགྱུར་རོ།། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བདག་ལ་འདོམས་པར་འགྱུརརོ།། སྙམ་ནས་མངོན་པར་དགའོ།། །། གདམས་ངག་རྗེ་སུ་སྟོན་པའི་སྐབས་ཀྱི་འོག་ཏུ་ཐབས་དང་ལྡན་པའི་ལས་ཀྱི་སྐབས་ཡིན་པས་དེའི་ཕྱིར་དེ་ཡིད་ལ་བྱེད་པའི་འོག་ཏུ་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པའི་སྐབ་སོ།། སྦྱིན་པའི་སྦྱིན་པ་ཞེས་བྱ་བ་ལ། སྦྱིན་པ་ནི་དགེ་བའི་ཕུང་པོ་ལྔའོ།། སྦྱིན་པའི་ངོ་བོ་ཉིད་དེ་དག་གིས་གང་གཱ་ཚེ་གཞན་ལ་ནང་དང་ཕྱིའི་སྦྱིན་པ་སྦྱིན་པར་བྱེད་པ་ནི། སྦྱིན་པ་སྦྱིན་པ་ཡིནོ།། ཡང་ན་ནང་དྲང་ཕྱིའི་ནོར་དང་འབྲུ་ལ་སོགས་པ་གང་ཡིན་པ་དེ་ནི་སྦྱིན་པ་ཞེས ་བྱའོ།། དེ་ནི་སྦྱིན་པའི་ཕྱིར་སྦྱིན་པ་སྦྱིན་པ་ཡི་ནོ།། ཚུལ་ཁྲིམས་ལ་སོགས་པའི་སྦྱིན་པ་ནི་གང་གི་ཚེ་གཞན་གྱི་རྒྱུད་ལ་ཚུལ་ཁྲིམས་ལ་སོགས་པ་འཇོག་པ་འམ་སྟོན་པའོ།། ཕ་རོལ་ཏུ་ཕྱིན་པ་དག་ཁོ་ནས་བསྡུ་བའི་དངོས་པོའི་སྦྱོར་བས་སེམས་ཅན་ཡོངསུ་སྨིན་པ་ལ་ཞེས་བྱ་བ ་ནི་སྤྲོ་བ་ཡིད་ལ་བྱེད་པོ་ཞེས་བྱ་བར་སྦྱར་ཏེ། ནམ་ཞིག་ནི་བདག་བསྡུ་བའི་དངོས་པོ་དག་གི་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད་པ་གང་ཡིན་པ་དེར་འགྱུར་སྙམ་ནས། དེ་ནས་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྦྱིན་པས་སེམས་ཅན་རྣམས་རྗེ་སུ་འཛིན་ཏོ།། སྙན་པར་སྨྲ་བ ་ནི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཁོ་ན་ཡི་ནོ།། དོན་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་ལེན་དུ་འཇུག་པའོ།། དོན་མཐུན་པ་ཉིད་ནི་གང་ལ་གཞན་ཡང་དྲག་པར་ལེན་དུ་འཇུག་པ་དེ་ལ་བདག་རྗེ་སུ་འཇུག་པའོ།། ལྷག་མ་རྣམས་ཀྱིས་བསྒྲུབ ་པའི་མཆོད་པ་དང་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གིས་སྒྲུབ་པས་མཆོད་པའོ།། སྦྱིན་པ་ལ་སོགས་པ་སྒྲུབ་པས་བྱམས་པ་ཞེས་བྱ་བ་ལ། བྱམས་པ་ནི་བདེ་བ་དང ་ཕྲད་པར་འདོད་པ་སྟེ། བྱང་ཆུབ་སེམས་དཔའ་ནི་བདེ་བ་དང་འདོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་བདེ་བ་དང་སྦྱོར་བར་ཡང་བྱེའོ།། སེར་སྣ་ལ་སོགས་པ་དང་འགྲོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བ་ཞེས་བྱ་བ་ལྀ།། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམས ་པའོ།། སེར་སྣ་ལ་སོགས་པ་དང་འགྲོགས་པ་ནི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་སྡུག་བསྔལ་ཏཽ། དེའི་ཕྱིར་སེམས་ཅན་སེར་སྣ་ཅན་རྣམས་ལ་སྙིང་རྗེའོ།། སྙིང་རྗེ་འབའ་ཞིག་ཏུ་མ་ཟད་ཀྱི་སེར་སྣ་འདོར་དུ་ཡང་འཇུག།། དེ་དག་ལ་ཀུན་ནས་ཉོན ་ས་པ་མེད་པར་མོས་པའི་སྒོ་ནས་བཏང་སྙོམསུ་བྱེད་ཅེས་བྱ་བ་ནི་སེམས་ཅན་པ་དེ་བ་དང་ལྡན་པ་རྣམས་ནི་སེམས་ཅན་འདི་དག་བདེ་བ་ལ་སོགས་པ་ལ་རྗེསུ་འཆགས་པར་མ་གྱུར་ཅིག། དེ་འཕྲོག་པར་བྱེད་པ་རྣམས་ལ་ནི་ཀུན་ནས་ཉོན་མོངས་པ་ཁོང་ཁྲོ ་བར་མ་གྱུར་པར་བཏང་སྙོམ་སུ་གྱུར་ཅིག་ཅེས་དེ་དག་ལོ་ཀུན་ནས་ཉོན་མོངས་པ་མེད་པར་མོས་པར་བྱེད།། སྦྱིན་པ་ལ་སོགས་པ་མ་བྱས་པ་འམ། ཡོངསུ་མ་རྫོགས་པ་འམ་ལོག་པར་བྱས་པ་དག་ལ་ཞེས་བྱ་བ་ནི་མི་བྱེད་པ་ནི་སྦྱིན་པ་ལ་སོགས་པ་ལ་མི་འཇུག་པ་གང ་ཡིན་པའོ།། ཡོངསུ་མ་རྫོགས་པར་བྱེད་པ་ནི་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པ་སྦྱིན་པ་དག་ལས་གང་ཡང་རུང་བ་ཞིག་ལ། འཇུག་པ་དང་། གང་ལ་འཇུག་པ་དེ་ཡང་ཡོང་སུ་རྫོགས་པར་མི་བྱེད་པའོ།། ལོག་པར་བྱེད་པ་ནི་བཅོས་པ་བྱེད་པ་གང་ཡིན ་པའོ།། ངོ་ཆ་ནས་ནི་འཇུག་པ་དང་ལྡོག་པར་བྱ་བའི་ཕྱིར་ཡུན་མི་རིང་བར་འགྱོད་པ་བྱེའོ།། ཞེས་བྱ་བ་ལ། ཡུན་རིང་པོ་ནི་རྟག་ཏུ་རྗེསུ་འབྲེལ་བའོ།། གང་གི་ཚེ་སྦྱིན་པ་ལ་སོགས་པ་མ་བྱས་པ་ལ་འགྱོད་པ་ན་རྒྱུན་ཆགསུ་རྫ་སུ་འབྲེལ་བར་འགྱོད་པར་ནི་མི་བྱིད་འདི་ལྟར་རྒྱུན་ཆགས ་པར་འགྱོད་ན་དགེ་བ་ལ་འཇུག་པ་ཉི་ཡང་འགྱུརརོ།། དེ་བས་ན་སྦྱིན་པ་ལ་སོགས་པ་མ་བྱས་པ་འམ། ངན་པར་བྱས་པ་གང་ཡིན་པ་དེ་ལ་ཡུད་ཙམ་ཞིག་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པ་མི་བྱེད་པ་འམ་ངན་པར་བྱེད་པའམ་བྱེད་པ་ནི་རིགས་པ་ནི་མ་ཡིན།། ། ་སྙམ་དུ་སེམས་ལ་བསམས་ནས་དེའི་འོག་ཏུ་སྦྱིན་པ་ལ་སོགས་པ་མ་བྱས་པ་འམ་ཡོང་སུ་རྫོགས་པར་མ་བྱོས་པ་དག་ལ་འགྱོད་པ་བཟློག་པའི་ཕྱིར་མ་བྱས་པ་གང་ཡིན་པ་དེ་ལོ་ནི་བྱ་བའི་ཕྱིར་འཇུག་ལ། རྫོགས་པར་མ་བྱས་པ་གང་ཡིན་པ་དེ་ལ་ནི་རྫོགས་པར་བྱ་བའི ་བྱཕྱིར་རྟག་ཏུ་བྱ་བ་དང་གུས་པར་བྱས་ཏེ་འཇུག།། སྦྱིན་པ་ལ་སོགས་པ་ལོག་པར་བྱས་པ་དག་ལ་ནི་བྱིན་ཆད་སོགས་པ་མི་འཇུག་ཞེས་ལོག་པར་བྱེད་པ་ལྡོག་པར་བྱེའོ།། དེ་ལྟར་ན་འདིའི་འགྱོད་པ་དེ་ལྡོ་གོ།། ཡུལ་ལ་དགའ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཡུལ་ལ་སྟེ། སྦྱིན་པ ་ལ་སོགས་པ་དམིགས་པ་ལ་ཞེས་བྱ་བའི་དོན་ཏོ།། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བསྟན་བཅོས་འགོད་པར་མངོན་པར་འདུ་བྱེད་པའི་ཕྱིར།། ཞེས་བྱ་བ་ནི་ཇི་ལྟར་མདོ་སྡེ་རྒྱན་འདི་ཉིད་ལས་གྲངས་དང་དེའི་མཚན་ཉིད་གོ་རིམ་དང་། ཞེས་བྱ་བའི་རིམ་པ་ཕ་རོལ་ཏུ་ཕྱིན་པ་འགོད ་པ་མངོན་པར་འདུ་བྱེད་པ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་འགོད་པར་མངོན་པར་འདུ་བྱེད་པ་ཡིནོ།། སྣོད་ཇི་ལྟ་བ་བཞིན་དུ་བརྗོད་པ་ཞེས་བྱ་བ་ནི་ཁ་ཅིག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་དུ་རུང་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བའི་ཆོས་བསྟན་དུ་རུང་བའི་བར་ཡི་ནོ།། རྟེན་ནི་སྦྱིན་པ་ལ་སོགས་པ་ཡིན་གྱི།། དབང་ཕྱུག་ལ་སོགས་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཕྱི་རོལ་ཏུ་ཕྱིན་པ་མ་གཏོགས་པར་དབང་ཕྱུག་ལ་སོགས་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་རྟེན་དུ་མི་འགྱུར་བའོ།། སེར་སྣ་ལ་སོགས ་བ་ལ་ནི་སྐྱོན་ཉི་དུ་སོ་སོ་ཡང་དག་པར་རིག་ལ། སྦྱིན་པ་ལ་སོགས་པ་སེར་སྣ་ལ་སོགས་པའི་གཉེན་པོ་ལ་ནི་སྟོན་ཉིད་དུ་སོ་སོ་ཡང་དག་པར་རིག།། སྦྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་འཐོབ་པའི་དོན་དུ་ཡང་དག་པར ་མཐོང་བའི་ཕྱིར་ཞེས་བྱ་བ་ལ། བྱང་ཆུབ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཕ་རོལ་ཏུ་ཕྱིན་པ་འདི་དག་བསྒོམས་པ་ན་བྱང་ཆུབ་ཆེན་པོ་དེའི་ཕྱོགས་དང་མཐུན་པའི་ངོ་བོར་གན་སོ།། ཚོགས་ཀྱི་འོག་ཏུ་ཡང་བྱང་ཆུབ ་ཀྱི་ཕྱོགས་དང་མཐུན་པར་བསྒོམ་པ་འབྱུང་སྟེ། འོད་དང་ལྡན་པའི་ཡིད་ལ་བྱེད་པ་ནི་དོན་ཆེན་པོ་ཡིན།། རྣམ་པར་མི་རྟོག་པ་འདོད་པ་ཡོད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱ་བའི་དོན་དུ་ཐབས་ལ་མཁས་པ་འདོད་པའི་ཕྱིར།། ཞེས་བྱ་བ་ནི་ཕ་རོལ ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་བྱ་བའི་ཐབས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་ལ་འདོད་པ་ཡིད་ལ་བྱེདདོ།། ཡང་ན་སྦྱོར་བའི་གནས་སྐབས་ཉིད་ན་རྟོགས་པ་མེད་ཅིང་རྣམ་པར་རྟོག་པ་མེད་པར་སྦྱིན་པ་ལ་སོགས་པ་འཇུག་པར་འགྱུར་བར་མེད་ན་པར ་འདུ་བྱེད།། དེ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་ནི་རྣམ་པར་མི་རྟོག་པ་ཁོ་ནར་སྦྱིན་པ་ལ་སོགས་པ་འཇུག་པར་འགྱུརོ།། འཛིན་པ་འདོད་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་གཟུགས་ཀྱི་དབང་དུ་བྱས་ནས།། རྣམ་སྨིན་ཐོས་ལ་གོམས་པ་དང་།། ཏིང་འཛིན ་གྱི་གཟུངས་དག་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུ་ཡིནོ།། རྐྱེན་དང་ཕྲད་པ་འདོད་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངསསུ་རྫོགས་པར་བྱ་བའི་ཕྱིར་དེ་སྐྱེ་བ་ཐམས་ཅད་དགེ་བའི་བཤེས་གཉེན་དང་ཕྲད་པ་ལ་སོགས ་པ་དང་ལྡན་པར་གྱུར་ཅིག་ཅེས་རྐྱེན་ཚོགས་པར་སྨོན་ལམ་འདེབས་པ་ཡི་ནོ།། མེད་པ་ལ་ཡོད་པར་འཛིན་པ་ཞེས་བྱ་བ་ནི་བདག་མེད་པ་འམ། ཀུན་བརྟགས་པའི་ཆོས་རྣམས་ལ་ཡོད་པ་ཉི་དུ་འཛིན་པ་སྟེ། དེའི་གཉེན་པར་སྟོང་པ་ཉིད་ཀྱི་ཏིང་འཛིན་ཏོ།། ཉེས་པ་དང ་ལྡན་པ་ལ་སྟོན་དང་ལྡན་པ་ཉི་དུ་འཛིན་པ་ཞེས་བྱ་བ་ནི་འཁོར་བའི་ཉེས་པ་དང་། ལྡན་པ་ཡིན་ནུ་དེ་རྟག་པ་དྲུང་བདེ་བ་དང་གཙང་བ་ལ་སོགས་པར་སྐྱོན་དང་ལྡན་པ་ཉིད་འཛིན་ཏེ། དེའི་གཉེན་པོར་སྨོན་པ་མེད་པའི་ཏིང་འཛིན་ཏོ།། སྟོན་དང་ལྡན་པ་ལ་སྟོན་དང་ལྡན་པ ་མ་ཡིན་པ་ཉེ་དུ་འཛིན་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་སྟོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡི་ནོ།། དེ་ལ་བྱིས་པ་ཐམས་ཅད་པའི་འཇིགས་པས་སྟོན་དང་ལྡན་པ་མ་ཡིན་པར་འཛིན་ཏོ།། འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ།། ཞེས་བྱ་བ་ནི་ཟག ་པ་དང་བཅས་པ་ཁོ་ན་སྟེ། ཐམས་ཅད་ཅེས་བྱ་བའི་སྒྲ་ཕྱོགས་གཅིག་བརྗོད་པ་ཡིན་པར་བལྟའོ།། ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་། འདུས་བྱས་དང་འདུས་མ་བྱས་རྣམས་ཏེ། ཐམས་ཅད་ཅེས་བྱ ་པའི་སྒྲ་འདིར་ནི་རིལ་བརྗོད་པ་ཡིན་པར་བལྟའོ།། ངོ་མཚར་ལ་འདུ་ཤེས་རྣམ་པ་པ་ནི་ཡང་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྒྱ་ཆེ་བའི་འདུ་ཤེས་དང་ཞེས་བྱ་བ་ནི་འདི་ལ་ངོ་མཚར་ཆེ་བ་དེ་ཅི་ཞིག་ཅན། དེ་ཞིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལན། ་རང་གི་ལུས་གཏོང་བ་ངོ་མཚར་ཆེའོ།། ཚུལ་ཁྲིམས་ལ་ནི་སྡོམ་པའི་ཕྱིར་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་གཏོང་བ་ངོ་མཚར་ཆེའོ།། བཟོད་པ་ལ་ནི་མཐུ་མེད་པ་དག་ལ་བཟོད་པ་སྟེ། མ་རབས་བཀྲེན་པ་གདོལ་པའི་བུ་ལ་སོགས་པས་ལན་ཅིག་མ་ཡིན་པར་གནོད་པ་བྱས། ་ཀྱང་བུ་གཅིག་པ་ལ་བྱམས་པ་བཞིན་དུ་བཟོད་པ་ངོ་མཚར་ཆེའོ།། བསམ་གཏན་ལ་ནི་བདེ་བའི་བདག་ཉིད་ཀྱི་བསམ་གཏན་དག་ལ་ཡང་རོ་མྱང་བ་མེད་པ་ངོ་མཚར་ཆེའོ།། ཤེས་རབ་ལ་ནི་མི་རྟོག་པ་ངོ་མཚུར་ཚ་བ་སྟེ། དེ་ལྟར་ན་འདི་དག་ནི་ངོ་མཚར་བ་ཆེ་བ་ཉིད་ཀྱིས ་རྒྱ་ཆེ་བ་ཡིནོ།། ཡུན་རིང་བའི་འདུ་ཤེས་ཞེས་བྱ་བ་ནི་དེ་ལྟར་ངོ་མཚར་ཆེ་བ་ཉིད་ཀྱིས་རྒྱ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་དུ་ཀུན་ཏུ་སྤྱོད། འདི་ཡང་ངོ་མཚར་ཆེ་བ་ཡིནོ།། སེམས་ཅན་གང་དག་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས ་ཕན་འདོགས་པར་བྱེད་པ་ཡང་ལེན་ལ་རེ་བ་མེད་པ་འདི་ཡང་ངོ་མཚར་ཆེ་བ་ཡིནོ།། རྣམ་པར་སྨིན་པ་ལ་མི་ལྟེ་བའི་འདུ་ཤེ་སཽ།། ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཆེ་ཕྱེ་མོའི་དབང་ཕྱུག་ལ་སོགས་པ་ལ་མི་ལྟའོ།། ངོ་མཚར་མེད་པ་ལ་ཡང་འདུ་ཤེས་རྣམ་པ་བཞི་ཡིད ་ལ་བྱེད་དེ་ཞེས་བྱ་བ་ལ། ངས་མར་མེད་པ་རྣམ་པ་བཞི་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་རྒྱ་ཆེ་བ་དང་ཡུན་རིང་བ་ཉིད་ཡིན་ན་ནི་འབྲས་བུ་སངས་རྒྱས་ཉིད་མངོན་པར་འགྲུབ་པོ་དང་ཞེས་བྱ་བ་ནི་རྒྱུ་འདི་ལྟ་བུའི་འབྲས་བུ་སངས་རྒྱས་ཉིད་ཡིན་ཞེས་བྱ་བ་ལ་ངོ་མཚར་ཆེབ་མ ་གཉིས་པོ་དེ་ཉིད་ཡོད་ན་ཞེས་བྱ་བ་ནི་རྒྱ་ཆེ་དང་ཡུན་རིང་བ་ཉིད།། རང་དང་གཞན་ལ་སེམས་མཉམ་པར་འཇོག་པ་གང་ཡིན་པ་དེ་ངོ་མཚར་ཆེ་བ་མེདོ།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཕལ་པ་བཞིན་དུ་གནོད་པས་རང་གི་དོན་བསྒྲུབས་པ་འམ། གཞན ་ལ་མི་ལྟ་བར་བདག་ཉིད་ཁོ་ནའི་དོན་བྱེད་པ་མ་ཡིན་གྱི་འདི་ལྟར་དེ་ནི་རང་གི་ལུས་ཡོངསུ་གཏོང་བ་ལ་སོགས་པ་བྱེད་ལ། རང་གི་ལུས་ཡོངསསུ་གཏོང་བ་ལ་སོགས་པ་དེ་ཡང་བསྐལ་པ་མི་ཉུང་བར་ཀུན་ཏུ་སྤྱོད་རྒྱ་ཆེ་བ་དང་ཡུན་རིང་བ་ཉིད་འདིས་རང་དང་གཞན་ལ་སེམས ་མཉམ་པར་འགྱུར་བ་ལ་ངོ་མཚར་ཚ་བ་མེདོ།། དེ་དག་པས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་སེམས་ཅན་སྐྱེ་བོ་སྡུག་བསྔལ་བར་གྱུར་པ་དག་པས་ཁྱད་པར་དུ་འཕགས་པ་སྟེ། བརྒྱ་བྱིན་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་བར ་གྱུར་པ་གང་དག་ལ་སྦྱིན་པ་ལ་སོགས་པས་ཕན་འདོགས་པར་བྱེད་པ་དེ་དག་ལས་བལྟོས་ནི་ཁྱད་པར་དུ་འཕགས་པ་ཡིན།། བརྒྱ་བྱིན་ལ་སོགས་པ་ལས་མཆོད་པ་རྙེ་དུ་ཟིན་ཀྱང་ལྡན་ལ་མི་ལྟ་ན། གང་དག་ལ་སྦྱིན་པར་བྱ་བ་ཉིད་ཀྱང་མེད་པའི་སེམས་ཅན་སྡུག་བསྔལ ་བར་གྱུར་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ལ་ངོ་མཚར་ཆེ་བ་མེད། གང་ཞིག་བརྒྱ་བྱིན་ལ་སོགས་པ་ཆེས་ཁྱད་པོར་དུ་འཕགས་པ་ཡང་ལན་ལ་མི་དེ་ལྟ་བ་དེ་ཇི་ལྟར་སྐྱེ་བོ་གཞན་ལ་ཡང་ལེན་རེ་བར་འགྱུརརོ།། འཇིག་རྟེན་ཐམས་ཅད་ལ་མངོན་པར ་འཕགས་པའི་ལུས་དང་ལོངས་སྤྱོད་འཐོབ་ཏུ་ཟིན་ཀྱང་རྣམ་པར་སྨིན་པ་ལ་མི་ལྟ་བ་ཉིད།། ཞེས་བྱ་བ་ནི་གང་ཞིག་སྦྱིན་པ་ལ་སོགས་པའི་འབྲས་བུ་དབང་ཕྱུག་ལ་སོགས་པའི་བདག་ཉིད་མི་འདོད་བཞིན་དུ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ལུས ་ཀྱང་འཐོབ་ལ། ལོངས་སྤྱོད་རྣམ་པ་སྣ་ཚོགས་ཀྱང་འཐོབ་པ་དེ་རྣམ་པར་སྨིན་པ་ལས་མི་ལྟའོ།། ཞེས་བྱ་བ་འདི་ནི་ངོ་མཚར་ཆེ་བ་མདོ།། སྙོམས་པ་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་འཇུག་པར ་མངོན་པར་འདུ་བྱེད་པའི་ཕྱིར།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་སོགས་པའི་བྱ་བ་ལ་ཞུགས་པ་ལ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་གཉེན་པོ་ལ་སོགས་པ་སྟེ། བདག་ལ་བྱམས་པ་ཡིན་པས་འདི་དག་ནི་སྦྱིན་པ་ལ་སོགས་པ་རབ་ཏུ་སྦྱིན ་པར་བྱའོ།། འདི་དག་ནི་གཉེན་པ་མ་ཡིན་ཏེ། བྱམས་པ་མ་ཡིན་པ་འདི་དག་ལ་ནི་རབ་ཏུ་སྦྱིན་པར་མི་བྱའོ་སྙམ་དུ་སེམས་པའི་མ་སྙོམས་པར་འགྱུར་བ་མེདོ།། འོ་ན་ཅི་ཞེ་ན། ཁྱད་པར་མེད་པར་སམྦ་ཅན་ཐམས་ཅད་ལ་སྦྱིན་པ་ལ་སོགས་པ་ལ་འཇུག། བདག་ཉིད་ཆེན་པོ་མཐོང ་བ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སེམས་ཅན་ལ་ཕན་པ་ཉི་དུ་ཡང་དག་པོར་མཐོང་བའི་ཕྱིརརོ།། ཞེས་བྱ་བ་ནི་སྦྱིན་པས་ནི་སེམས་ཅད་རྣམས་དགེ་བ་བྱ་བའི་སྣོད་ཉིད་ལ་འགོད་པར་བྱེདོ།། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕན་པ་ཉིད་ཡིནོ།། ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕན་པ་ཉིད་ནི་གཞན་དག་སྡོམ་པ་ལྔ་སོགས་པ་ཚུལ་ཁྲིམས་གསུམ་ལ་འགོད་པོ་ཡིནོ།། བཟོད་པས་ཕན་པ་ཉིད་ནི་གནོད་པ་བྱེད་པ་ལ་བཟོད་པོ་ཡིན།། བརྩོན་འགྲུས་ཀྱིས་ནི་དོན་བྱེད་པར་འགྱུར་བ་ཉིད་ཡི་ནོ། བསམ་གཏན་གྱིས་ནི་མཐུར་ཁྱད་པར ་དང་ལྡན་པའི་ཕྱིར་དད་པར་བྱེད་པ་ཡིནོ།། ཤེས་རབ་ཀྱིས་ནི་ཐེ་ཙོམ་ཅན་རྣམས་ཀྱི་ཐེ་ཚོམ་གཅོད་པ་ཡི་ནོ།། ལ་ན་ར་ཡིད་ལ་བྱེད་པ་ནི་གཞན་དག་ལ་སྦྱིན་པ་ལ་སོགས་པའི་ཡོན་ལ་འཇུག་པསོ།། ཞེས་བྱ་བ་ནི་གལ་ཏེ་གཞན་དག་ལ་སྦྱིན་པ་ལ་སོགས་པ་རབ་ཏུ་སྦྱོར་ན་དེ ་ལྟར་ན་དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་ལན་དུ་ཕན་བདགས་པར་འགྱུརརོ།། སྨོན་པ་ཡིད་ལ་བྱེད་པ་ནི་སེམས་ཅན་དག་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་གསུམ་དུ་སྨོན་པའི་ཕྱིར་ཏེ་ཞེས་བྱ་བ་ནི། རྟག་ཏུ་འཕེལ་དང་ཉམས་པ་དང་།། སེམས་ཅན་རབ་ཏུ་སྨིན་པ་དང་།། ་ས་ལ་ཁྱད་པར་འགྲོ་བ་དང་།། བླ་ན་མེད་པའི་བྱང་ཆུབ་འདོད།། ཅེས་འབྱུང་བ་ལྟ་བུ་ཡིནོ།། རྒྱུན་ཏུ་ཡིད་ལ་བྱེད་པ་ནི་སྦྱིན་པ་ལ་སོགས་པས་དུས་དོན་ཡོད་པར་བྱེད་པར་མངོན་པོར་འདུ་བྱེད་པའི་ཕྱིར།། ཞེས་བྱ་བ་ནི། འཇིག་སྤངས་ཡང་དག་བསྐྱེད་པ་དང་།། ཐེ་ཚོམ་དག ་ནི་གཅོད་པ་དང་། ཞེས་བྱ་བ་ལྟ་བུ་ལ་སོགས་པ་ལྟ་བུས་དུས་དོན་སྲིད་པར་བྱེད་པར་མངོན་པར་འདུ་བྱེད།། ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་ནི་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ཡིད་ལ་བྱེད་པ་དང་། ཚུ་རོལ་ཏུ་མི་གནས་པའི་ཡིད་ལ་བྱེད་པས་དེ་སྟོན་པར་བྱེད། ཇི ་སྐད་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། རྣམ་པར་སྨིན་པ་ལྀ་རེ་བ་མེད་པའི་སྦྱིན་པས་ཞེས་བྱ་བ་ལ་སོགས་པས་ཇི་སྲིད་ཀྱིས་ཐོབ་པར་བྱ་བའི་དོན་མཐར་ཕྱིན་པ་དེ་སྲིདུ་ཕྱིན་ཅི་མ་ལོག་པའི་སྦྱོར་བས་རབ་ཏུ་སྦྱོརོ།། ཇི་སྲིདུ་ཐོབ་པར་བྱ་བའི་དོན ་དེ་མ་ཐོབ་པ་དེ་སྲིདདུ་རྣམ་པ་གང་གིས་ཀྱང་ཚུ་རོལ་ཏུ་མི་གནསོ་ཞེས་འབྱུང་བ་ལྟ་བུ་སྟེ། ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ།། མ་དད་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ལས་མ་དད་པ་ཞེས་བྱ་བར་སྦྱརོ།། ཡང ་དག་པ་ལ་ནི་དད་པ་སྟེ། རེ་བ་མེད་པའི་སྦྱིན་པ་དང་། ཡང་སྲིད་པ་མི་འདོད་ཚུལ་ཁྲིམས་དང་། ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུ་ཡིན།། དང་དུ་མི་ལེན་པར་ཡིད་ལ་བྱེད་པ་ཞེས་བྱ་བ་ཇི་ལྟར་ན་དང་དུ་ལེན་པར་མི་བྱེད་ཅེ་ན། འདི་ལྟར་སེར་སྣ་ལ་སོགས་པ་མི ་མཐུན་པའི་ཕྱོགས་འདུལ་བར་མངོན་པར་འདུ་བྱེད་པས་སྟེ། མི་མཐུན་པའི་ཕྱོགས་དེ་དག་ཅི་ནས་ཀྱང་ཡང་མི་འབྱུང་བ་དེ་ལྟར་འདུལ་བར་བྱེའོ།། དགའ་བ་ཡིད་ལ་བྱེད་པ་ནི་རྣམ་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པ་ལུང་བསྟན ་པ་ཐོབ་པར་དགའ་བ་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ནི། གང་ཟག་དུས་ཀྱི་བྱེ་བྲག་གིས།། བློ་ལྡན་ལུང་བསྟན་རྣམ་པ་གཉིས།། བྱང་ཆུབ་དང་ནི་ལུང་བསྟན་པར།། ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུ་ཡི་ནོ།། དགའ་བ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོག ་པ་ལུང་བསྟན་པ་འཐོབ་པར་བྱེད་པའི་ཆ་དུ་སྟེ། དུས་འདི་སྲིད་པ་ཅིག་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངསསུ་རྫོགས་པར་འགྱུརརོ་ཞེས་དེ་ལྟར་ལུང་སྟོན་པའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་ལ་ནི་ལུང་སྟོན་པ་དེ་ལྟ་བུ་ལ་དགའ་བ་ཡིད་ལ་བྱེད་པ་འབྱུང་།། ཕ་རོལ་ཏུ་ཕྱིན་པ ་ངེས་པའི་ས་ལ་གནས་པ་འཐོབ་པར་འགྱུར་སྙམ་དུ་དེ་ལྟར་དགའ་བ་ཡིད་ལ་བྱེད་པ་བསྐྱེད་པའོ།། ཕ་རོལ་ཏུ་ཕྱིན་པ་རྣམས་ངེས་པའི་ས་ལ་གནས་འཐོབ་པ་ནི་ས་ཐོབ་པའི་དུས་ནས་བཟུང་སྟེ། བློ་ལྡན་རྣམ་པ་ཐམས་ཅདདུ།། ཕུན་སུམ་ཚོགས་དང་སྐྱེ་བ་ངེས།། ཞེས་བྱ་བ ་ལ་སོགས་པ་ངེས་པར་འགྱུར་བ་རྣམ་པ་དྲུག་འཆད་པར་འགྱུར་བ་ལྟ་བུ་ཡི་ནོ།། ཕུན་སུམ་ཚོགས་པ་ངེས་པར་གྱུར་ན་རྟག་ཏུ་ལོངས་སྤྱོད་ཕུན་ཚོགས་པ་རྒྱ་ཆེན་པོ་ཐོབ་པའི་ཕྱིརརོ།། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའིའོ།། སྐྱེ་བ་ལ་སོགས ་བངེས་པར་འགྱུར་བ་ནི་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་ཡོང་སུ་འཛིན་པ་ལ་སོགས་པ་ཡོན་པར་རིག་པར་བྱའོ།། ཆེ་ཕྱི་མ་ལ་མཐོང་བའི་ཕྱིར་འཇུག་པ་ཡིད་ལ་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ཕན་ཆང་འགྲོ་བ་གང་དུ་སོན་ཡང་སྦྱིན་པ་ལ་སོགས་པ ་གདོན་མི་ཟ་བར་བྱ་དགོསོ་སྙམ་དུ་མངོན་པར་འདུ་བྱེད་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ནམ་ཡང་རུང་སྟེ། གདོན་མི་ཟ་བར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གནས་པར་བྱ་དགོ་སོ།། འདི་དག་ལ་མི་གན། ་ཕན་ཆད་བྱང་ཆུབ་སེམས་དཔའ་ཉིད་ཀྱང་མ་ཡིནོ་ཞེས་དེ་ལྟར་ལྟ་སྟེ། མཆོད་བསླབ་ཡང་དག་བླང་བ་དང་།། སྙིང་རྗེ་དགེ་བ་བསྒོམ་པ་དང་།། ཞེས་བྱ་བ་ལ་སོགས་འབྱུང་བ་ལྟ་བུ་ཡི་ནོ།། མཉམ་པ་ཉི་དུ་བལྟ་བ་ཡོད་ལ་བྱེད་པ་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས ་དཔའ་རྣམས་བདག་དང་ལྷན་ཅིག་ཕ་རོལ་ཏུ་ཕྱིན་པ་རྟག་ཏུ་བྱ་བར་མོས་པའི་ཕྱིརརོ།། ཞེས་བྱ་བ་ནི་བདག་གང་ཡིན་པ་དེ་ཉིད་བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་ཡིནོ།། ཞེས་མཉམ་པ་ཉི་དུ་ལྟ་བའི་ཕྱིར་ཏེ། དེ་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཀུན་ཏུ་སྤྱོད་པ་གང་ཡིན། ་པ་དེ་བདག་གིས་ཡང་ཡིན་ལ། བདག་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་བྱེད་པ་གང་ཡིན་པ་དེ་ལ་གཞན་དག་ཀྱང་སྦྱོར་བ་ཡིནོ་ཞེས་དེ་ལྟར་མོས་པའི་ཕྱིར་རྟག་ཏུ་ཕྱེད་པ་ཉིད་འགྱུར་ཏེ། འདི་ལྟར་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བྱང་ཆུབ་སེམས་དང ་རྣམས་སྐད་ཅིག་རེ་རེ་རྟག་ཏུ་གུས་པར་བྱས་ཏེ། སྦྱོར་བས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་སྦྱོརརོ།། བདག་ཉིད་མཆོག་ཏུ་ངེས་པར་འཛིན་པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་མཆོག་གིས་ཆོས་ལ་ཞུགས་པས་བདག་ཉིད་གཙོ་བོའི་ངོ་བོར་ཡང་དག་པར་མཐོང་བའི ་ཕྱིརོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་པ་དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་ནི་འཇིག་རྟེན་གྱི་ཆོས་དག་པས་གཙོ་བོ་དམ་པ་ཡི་ནོ།། ཞེས་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་མཆོག་ཉིད་འཛིན་ཏོ།། ཡང་ན་ཕ་རོལ་ཏུ་ཕྱིན་པ ་རྣམ་པ་གསུམ་པོ་དག་ལ་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་དང་མི་འཇིགས་པ་སྦྱིན་པ་རྣམས་ཀྱི་ནང་ན་ནི་ཆོས་ཀྱི་སྦྱིན་པ་གཙོ་བོ་ཡིན་ལ། ཚུལ་ཁྲིམས་རྣམ་པ་གསུམ་ལ་ནི་ཟློག་པའི་ཚུལ་ཁྲིམས་གཙོ་བོ་ཡིནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་རོ།། ། ་ཕ་རོལ་ཏུ་ཕྱིན་བཅུའི་བརྒྱུད་བྱུང་བ།། དགེ་བ་ཡིད་ལ་བྱེད་འདི་དག། ཅེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ལྡན་པའི་ཕྱིར་བརྒྱུད་ལས་བྱུང་པོ་ཞེས་བྱའོ།། རྟག་ཏུ་བྱང་ཆུབ་སེམས་དཔའ་ཡིས།། ཁམས་ནི་རྟས་པར་བྱེད་པ་ཡིན།། ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་རིགས་རྟས ་པར་བྱེད་པ་ཡི་ནོ།། ཞེས་བྱ་བའི་དོན་ཏོ།། ཆོས་ཡོངསུ་ཚོལ་བའི་རབ་ཏུ་དབྱེ་བ་ལ་ཚིགསུ་བཅད་པ་གཉིས་ཏེ། ཞེས་བྱ་བ་ནི་ཆོས་ཡོང་སུ་ཚོལ་པོའི་རབ་ཏུ་དབྱེ་བ་གང་དག་ཡིན་པ་དེ་དག་གི་དབང་དུ་བྱས་ཏེ། ཚིགསུ་གཅད་པ་གཽཉིས།། ཐོས་པ་ལྀ་མོས་པ་བརྒྱས་པས། ་ཞེས་བྱ་བ་ནི་ལས་དང་པོ་པའི་གནས་སྐབས་ན་ཐེག་པ་ཆེན་པོ་ལ་མོས་པ།། སྐྱེ་བ་གང་ཡིན་པའོ།། ལྷག་པའི་བསམ་པའི་ནི་ཆོས་ཀྱི་སྒོའི་རྒྱུན་གྱིསོ་ཞེས་བྱ་བ་ལ་བསམ་པ་ལྷག་མིན་ལྷག་པའི་བསམ་པས་ཏེ་ས་དང་པོ་ཐོབ་པའི་དུས་ཀྱི་ནའོ།། ལྷག་པའི་བསམ་པ་དེ་ནི་ཆོས ་ཀྱི་རྒྱུན་གྱིས་འཐོབ་སྟེ། འདི་ལྟར་ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་ནི་མོས་པས་སྤྱོད་པའི་ས་རྩེར་ཕྱིན་པ་ལས་འབྱུང་ལ་དེའི་མཇུག་ཐོག་སུ་ནི་ས་ཐོ་བོ།། དེ་ཉིད་ཀྱི་ཕྱིར་སྤང་བ་མེད་པ་ནི་གཉིས་པའོ་ཞེས་འཆད་པར་འགྱུརརོ།། ཆེན་པོ་ནི་དབང་འབྱོར་པ་ཐོབ་པ་རྣམས་ཀྱིའོ་ཞེས་བྱ་བ ་ལདབང་འབྱོར་པ་ནི་བརྒྱད་པ་ལ་སོགས་པ་ས་ཆེན་པོ་ལ་ཞུགས་པ་རྣམས་ཡིནོ།། སྐུ་དང་བཅས་པ་ནི་མོས་པས་སྤྱོད་པ་ནི་བསྒོམས་པ་ལས་བྱུང་བའོ།། ཞེས་བྱ་བ་ནི་མོས་པས་སྤྱོད་པའི་གནས་སྐབ་ནའོ།། ས་དང་པོ་མ་ཐོབ་པར་ཇི་ལྟར་སྐུ་དང་བཅས་པ་ཡིན་ཞེ་ན། ་གཟུང་བ་དང་འཛིན་པའི་དོན་འཇིག་པའི་དོན་འཇིག་པས་ཅུང་ཟད་ཅིག་ཐོབ་པའི་ཕྱིར་སྐུ་དང་བཅས་པ་ཡི་ནོ།། ས་དང་པོ་ལ་སོགས་པ་ལ་ནི་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྤངས་པའི་ཕྱིར་དང་གཉི་སུ་འཛིན་པ་དང་བྲལ ་བའི་ཕྱིར་སྐུ་ཐོབ་པ་ཞེས་བྱའོ།། རྒྱུ་ཉིད་ཀྱི་ཆོས་ཡོངསུ་ཚོལ་བ་ལ་ཚིགསུ་བཅད་པ་ཞེས་བྱ་བ་ནི་འདི་ལྟར་ཆོས་ཡོངསུ་བཙལ་ན་མཚན་དང་དཔེ་བྱད་བཟང་པོ་ལ་སོགས་པོའི་རྒྱུར་འགྱུར་བས་སོ།། ཆོས་ནི་གཟུགས་ལ་ནི་མཚན་གྱི་རྒྱུའོ་ཞེས་བྱ་བ་ནི་གཟུགས་ཀྱི ་ཕུང་པོ་ལ་མཚན་རྣམས་གསལ་གྱི་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་ལ་ནི་མ་ཡིན་པས། དེའི་ཕྱིར་ཆོས་ནི་གཟུགས་ལ་ནི་མཚན་གྱི་རྒྱུའོ་ཞེས་བཤད་དོ།། གཟུགས་ཅན་མ་ཡིན་པ་ལ་ནི་ནད་མེད་པའི་རྒྱུ་ཞེས་བྱ་བ་ལ་ཆོས་གཟུགས་ཅན་མ ་ཡིན་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་གང་དག་གིས་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དེ་དག་ཉེ་བར་ཞི་བར་བྱེད་པས་དེའི་ཕྱིར་ཆོས་ནི་ནད་མེད་པའི་རྒྱུར་བཤ་།། དེ་དག་ཟད་མི ་ཤེས་པ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པར་འདུ་ཤེས་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བའི་སྒྲས་ནི་མངོན་པར་ཤེས་པ་ལ་སོགས་པའི་ནོར་བཟུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ལ་ནི་རྣམ་པ་གང ་གིས་ཀྱང་ཟད་པ་མེད་པས་དེའི་ཕྱིར་མྱ་ངན་ལས་འདས་པ་བཞིན་དུ་མངོན་པར་ཤེས་པ་ལ་སོགས་པའི་ནོར་ཡང་ཡོངསསུ་ཟད་པར་མི་འགྱུར་རོ།། འཇིག་རྟེན་ནི་ནོར་ཟད་པས་འཇིགས་པར་འགྱུར་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར ་ཤེས་པ་ལ་སོགས་པའི་ནོར་ལ་ནི་ཟད་པ་མེད་པས་དེའི་ཕྱིར་འཇིགས་པ་མེདོ།། རྣམ་པར་རྟོག་པ་ནི་དང་པོ་མེད་པ་དང་ཡོད་པར་རྣམ་པར་རྟོག་པ་དེ་དག་ནི་གང་ཟག་ལ་བདག་མེད་པའི་མི་མཐུན་པའི་ཕྱོགསསུ་གྱུར་པ་ཡི་ནོ།། གཉིས་པ ་དྲག་ནི་ཆོས་ལ་བདག་མེད་པའི་མི་མཐུན་པའི་ཕྱོགསུ་གྱུར་པ་ཡི་ནོ།། གཟུགས་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་དང་ཆོས་ཅན་གཞན་མ་ཡིན་པའི་ཕྱིར་ཏེ། སྟོང་པ་ཉིད་གཟུགསོ་ཞེས་བྱ་བ་ཡང་དེ་དང་འདྲའོ།། ཐབས་ཀྱི་ཆེ་བ་ཉིད་ནི་བརྩོན་འགྲུས་དྲག་པོས ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བརྩོན་འགྲུས་མི་དམན་པ་དང་ནི་མི་འཁྲུག་པ་དང་ཆོག་པར་མི་འཛིན་པས་ཏེ། བརྩོན་འགྲུས་དྲག་པོ་དེ་ཡང་ཐབས་ཀྱིས་ཡོངསུ་ཟིན་པ་ཡིན་གྱིས། གཟུ་ལུམས་ཀྱི་བརྩོན་འགྲུས་ཀྱིས་ནི་མ་ཡིན།། དེ་བཞིན་ཉིད་བཅས་གཉིས་ཀྱིས་ཆོས ་ཉིད་ཡོངས་བཙལ་བ།། ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་ཆོས་ཉིད་དང་། དོན་དམ་པའི་བདེན་པའི་ཆོས་ཉིད།། དེ་ཡིངསུ་ཚོལ་བ་ནི་གཉིས་ཀྱིས་ཡོངསུ་ཚོལ་བ་སྟེ། འདི་སྐད་ཀུན་རྫོབ་ཀྱི་བདེན་པའི་ཆོས་ལ་མཁས་པ་དང་། དོན་དམ་པའི་ཆོས་ལ་མཁས་པ་ཞེས ་བཤད་པ་ཡིནོ།། ཆོས་ཡོངསུ་ཚོལ་བའི་སྐབས་རྫོགསསོ།། །། ཆོས་ཡོངསུ་ཚོལ་བའི་སྐབས་ཀྱི་འོག་ཏུ་ཆོས་སྟོན་པའི་སྐབས་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་མགོང་དུ་རྣམ་པ་གང་དག་གིས་དེ་སྦྱོར་བའི་ས་ལ་སློབ་པ་དེ་དག་ནི་སློབ་པའི་རྣམ་པའི་ཁྱད ་པར་ཡིན་ཏེ། དེ་དག་ཀྱང་བསམ་པའི་ཁྱད་པར་ལ་སོགས་པའོ་ཞེས་བཤད་པ་ལ་བསམ་པ་དང་སྦྱོར་བའི་ཁྱད་པར་དག་མོས་པ་ཡོངསུ་ཚོལ་བའི་སྐབསུ་བཤད་ཟིན་ཏོ།། ད་ནི་གཞན་ལ་ཕན་པ་བསྒྲུབས་པའི་ཁྱད་པར་གྱི་སྐབས་ལ་བབ་པས་དེ་བརྗོད།། ཇི་ལྟར ་ན་གཞན་ལ་ཕན་པ་བསྒྲུབ་པ་ཡིན་ཞེ་ན། གཞན་དག་ལ་དམ་པའི་ཆོས་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་ཏེ། དེ་བས་ན་ཆོས་ཡོངསུ་ཚོལ་བའི་སྐབས་ཀྱི་འོག་ཏུ་ཆོས་སྟོན་པའི་སྐབས་ཡིནོ།། ཆོས་སྟོན་པ་ལ་སར་སྣ་དག་པའི་ཚིགསུ་བཅད་པ་ཞེས་བྱ་བ་ནི་ཇི་ལྟར་ན་ཆོ། ་སྟོན་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེར་སྣའི་སྐབས་ཉིད་མེད་པ་དེ་སྟོན་པར་བྱེད་པའོ།། བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེས་སྲོག་དང་། ལོངས་སྤྱོད་ཆགས་ཆེན་པོས་རྙེད་ཅིང་ཟད་པར་འགྱུར་བས་སྙིང་པོ་མེད་པ་དག་ཀྱང་སེམས་ཅན་སྡུག་བསྔལ ་བར་གྱུར་པ་རྣམས་ལ་སྦྱིན་པར་བྱེད་པ་ན་ཞེས་བྱ་བ་ནི་ཡོ་བྱད་ཟད་ནའང་སྡུག་བསྔལ་བར་འགྱུར་ལོ།། སྲོག་ཟད་ན་ཡང་འཆི་བར་འགྱུར་བས་གང་ཞིག་ཟད་པར་འགྱུར་བ་དེ་ནི་སྦྱིན་པར་མི་ནུས་ཀྱི། གང་ཞིག་སྦྱིན་ཡང་ཟད་པ་མེད་པ་དེ་ལ་ནི་སེམས་ཞུམ་པར་མི་འགྱུརརོ།། ། ་ཆོས་ནི་བྱིན་ཡང་ཟད་པར་མི་འགྱུར་གྱི་མར་མོ་ལས་མར་མི་འབར་བ་བཞིན་དུ་འཕེལ་བར་འགྱུ་རོ།། ལོངས་སྤྱོད་ཀྱང་ཚེགས་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་ལ། མི་ཉིད་ཀྱང་ཡིད་ལ་སྨོན་པ་བརྒྱ་ཕྲག་མང་པོས་འཐོབ་ཏེ། གང་ཞིག་དེ་ལྟར་ཆགས་ཆེན་པོས་རྙེད་པའི ་ལུས་དང་ལོངས་སྤྱོད་དེ་དག་ཀྱང་ཡོངསུ་གཏོང་བ་དེ་ཇི་ལྟར་ཚེགས་ཆེན་པོས་རྙེད་པ་མ་ཡིན་པ་ཆོས་ཡོངསུ་གཏོང་བར་མི་བྱེད། ཆོས་ནི་སྲོག་དང་ལོངས་སྤྱོད་དག་པས་ཀྱང་ཆེས་ཤིན་ཏུ་རྙེད་པར་དཀའ་བས་ཚིག་སུ་བཅད་པའི་ཕྱེད་ཙམ་གྱི་ཕྱིར་ཡང་བྱང་ཆུབ ་སེམས་དཔའ་བདག་ཉིད་ཡོངསུ་བཏང་སྟེ། ཇི་སྐདདུ། ལེགས་གསུངས་ཚིགས་བཅད་ཕྱེད་ཙམ་ཡང་།། ཉིད་ཀྱི་སྐུ་ཡི་དྲིན་གྱིས་བསྒྲུབས་ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུ་དང་། ཇི་སྐད་དུ་བདག་ནི་ཚིགས་བཅད་གཅིག་གི་ཕྱིར་ཡང་བདག་ཉིད་ཚངས་པའི་ཇིག ་རྟེན་ནས་མའི་འོང་སུ་འདོར་བར་སྤྲོའོ་ཞེས་གསུངས་པ་ལྟ་བུའོ།། དེ་ལྟ་བས་ན་གང་ཞིག་དེ་ལྟར་རྙེད་དཀའ་བ་དེ་ལ་འདི་སྐདདུ། རྙེད་པར་སླ་བ་ཞེས་ཇི་སྐ་དུ་བརྗོད་ཅེ་ན། དེ་ནི་ད་ལྟར་མི་བཟུང་གི། སངས་རྒྱས་བྱུང་བ་ནས་བཟུང་སྟེ། ཇི་སྲིད་བསྟན་པ་གཱནྡ ་པ་དེའི་བར་དུ་ནི་དམ་པའི་ཆོས་ཚེགས་ཆེན་པོས་རྙེད་པ་མ་ཡིན་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུལ་བའི་སྐྱེ་བོའི་ཐ་དད་དུ་གཤེགས་ཤིང་གཤེགས་ནས་ཡུལ་དང་དུས་ལ་སོགས་པ་ལ་བལྟས་ཏེ། སེམས་ཅན་དག་ལ་ནི་མི་འདོད་བཞིན ་དུ་ཡང་སྟོན་པར་མཛད་པས་དེའི་ཕྱིར་ཚེགས་ཆེན་པོས་རྙེད་པ་མ་ཡིན་པ་ཞེས་བྱའོ།། ཆོས་ཡངས་པ་ནི་ཐེག་པ་ཆེན་པོའི་ཆོ་སོ།། གང་ཕྱིར་རང་རིག་ཆེས་པས་བཅོམ་ལྡན་འདས་ཀྱིས་མ་བསྟན་ཅེས་བྱ་བ་ནི་གང་གི་ཕྱིར་ཆོས་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པ།། ། ་བཅོམ་ལྡན་འདས་ཀྱིས་མ་བསྟན་དེའི་ཕྱིར་ཆོས་བསྟན་པ་དྲིན་མེད། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགསུ་ཆུད་པའི་ཆོས་སོ་སོ་རང་གིས་རིག་པར་བྱ་བའི་གནས་སྐབས་གང་ཡིན་པའི་སོ་སོ་རང་གིས་རིག་པར་བྱ་བ་དེ་ནི་གཞན་དག་ལ་བསྟོན་པར་མི ་ནུསོ།། མི་ཞེས་བྱ་བའི་སྒྲས་ནི་མའི་རང་གི་ངོ་བོ་བརྗོད་པར་མི་ནུས་ཏེ། གལ་ཏེ་མེ་ཞེས་བྱ་བའི་སྒྲས་མའི་རང་གི་ངོ་བོ་བརྗོད་ན་ནི་མེ་ཞེས་བྱ་བའི་སྒྲས་བརྗོད་པའི་དུས་ན་ཁ་ཚིག་པར་འགྱུརརོ་ཞེ་ན། ཚིག་གིས་ཆོས་ཀྱི་ངོ་བོ་ཉིད་བརྗོད་པར་མི་ནུས་མོད་ཀྱི། འོན་ཀྱང་སངས ་རྒྱས་བཅོམ་ལྡན་འདས་རྣམས་དེ་དང་མཐུན་པའི་གཏམ་སྙད་པ་ཆོས་བསྟན་པས་སོ་སོ་རང་གིས་རིག་པར་བྱ་བ་ལ་གདུལ་བ་རྣམས་ཀྱིས་རྟོགས་པ་བསྐྱེད་པར་མཛད།། དེའི་ཕྱིར་འདི་སྐདདུ། རིགས་བཤད་ཆོས་རྣམས་ཀྱིས། སྐྱེ་བོ་ཉིད་ཀྱིས་ཆོས་ལ་ཀུན་ནས་དྲངས།། ་ཞེས་བྱ་བ་སྨོ་སོ།། འདི་ལྟར་རིག་པར་བཤད་པའི་ཆོས་བསྟན་པས་འཇིག་རྟེན་ཉིད་ཀྱི་ཆོས་ལ་ཀུན་ནས་དྲངས་ཏེ་། རྒྱུ་འདིས་ན་ཆོས་བསྟན་པ་དོན་མེད་པ་མ་སྟན།། ཉིད་ཀྱིས་ཆོས་ནི་བཅོམ་ལྡན་འདས་ཀྱི་བཀ། ར་སྒྲ། ཆོས་བསྟན་པ་དལ་འགོད་པར་མ་ཛྙཱ།། ཡང་ན་ཉིད་ཀྱིན ་ནི་བསྟན་པ་ལ་འཇུག་པ་སྟེ། ཞུགས་ན་ཐོས་པ་དང་བསམས་པ་དང་བསྒོམ་པའི་རིམ་གྱིས་རྟོགས་པ་འཐོབ་པས་ཆོས་བསྟན་པ་དོན་མེད་པར་མི་འགྱུརརོ།། ཇི་ལྟར་ན་ཆོས་བསྟན་པ་དོན་མེད་པར་མི་འགྱུར་བ་ནི་ཚིགསུ་བཅད་པ་གཉིས་པའི་ཕྱེད་ཀྱིས་སྟོན་ཏོ།། གལ ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་བར་འགྱུར་ན་བསྒོམ་ན་པ་དོན་མེད་པར་འགྱུར་ཞེས་བྱ་བ་ལ། གལ་ཏེ་མཐོང་བ་ཞེས་བྱ་བ་ནི་དོན་རྟོགས་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་སྟེ། གལ་ཏེ་དོན་གང་ཞིག་རྟོགས་པས་མངོན་སུམ་དུ་བྱ་བ་དེ་ཐོས་པ་ཙམ་ཁོ་ནས ་མངོན་དུ་བྱེད་ཅིང་རྟོགས་པར་འགྱུར་ན་ནི་དེའི་ཕྱིར་བསྒོམ་པ་དོན་མེད་པར་ཡང་འགྱུར་བ་ཞིག་མ་གང་གི་ཕྱིར་དོན་དེ་བསྒོམ་པས་མངོན་སུམ་དུ་བྱེད་པ་དེའི་ཕྱིར་བསྒོམ་པ་དོན་མེད་པར་མི་འགྱུརརོ།། དེ་ལྟས་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་པ་དེ ་ཡང་དོན་མེད་མིན།། ཞེས་བྱ་བ་ཇི་ལྟར་བསྟན་པ་དོན་མེད་པར་མི་འགྱུར་བ་དེ་ནི་རྐང་པ་ཐ་མ། གལ་ཏེ་མ་ཐོས་པར་ཡང་བསྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། ཞེས་བྱ་བས་བསྟན་ཏེ། མཉམ་པ་ད་ནི་བསྒོམ་པར་འགྱུར་རོ།། དེ་ལྟ་བས་ན་ཆོས་བསྟན། ་པ་དོན་མེད་པ་མ་ཡིན་ཏེ། ཇི་སྐད་དུ་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། གཉིས་ཀ་ལ་བརྟན་ན་གཉི་གར་གནས་པར་འགྱུརརོ།། ཞེས་བཤད་པ་ལྟ་བུའོ།། སྟོན་པ་རྣམ་པར་དབྱེ་བ་ལ་ཚིགསུ་བཅད་པ་ཞེས་བྱ་བ་ཇི་ལྟར་ནི་ལུང་ལ་སོགས་པས་སྟོན ་པ་རྣམ་པར་དབྱེ་བ་ཡིན་ཞེ་ན། ལུང་ལས་རྣམ་པར་དབྱེ་བ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དག་ལས་ཆོས་ཐོས་ནས་གཞན་དག་ལ་སྟོན་པར་བྱེད། དེ་ལྟ་བས་ན་ལུང་ལས་ཀྱང་ཆོས་རྣམ་པར་དབྱེ་བ་བྱས་པ་ཡིནོ།། རྟོག་པ་ལས ་ཀྱང་ཞེས་བྱ་བ་ནི་ཆོས་རྟོགས་ནས་དེ་ཉིད་སེམས་ཅན་དག་ལས་སྟོན་པར་བྱེད། དེ་ལྟར་ནི་རྟོགས་པ་ལས་ཀྱང་རྣམ་པར་ཕྱེ་བ་ཡིནོ།། གཟུགས་ཀྱང་ཞེས་བྱ་བ་ནི་ཆོས་གཟུགས་ཅན་ཤིང་དང་སིལ་སྙན་ལ་སོགས་པ་ལས་ཆོས་སྟོན་པ་འབྱུང་བ་གང་ཡིན་པའོ།། དམ ་པའི་ཆོས་ཡོངསུ་འཛིན་པས་ནི་དོན་སྣ་ཚོགས་ཀྱང་རྟོགས་པར་འགྱུར་ལོ།། མང་དུ་ཐོས་པ་ཡང་འཕེལ་བར་འགྱུར་ཏེ། དེ་བས་ན་སྟོན་རྒྱ་ཆེན་པོར་འགྱུརརོ།། སྐྱེས་བུ་དམ་པའི་ལས་བྱེད་པ་ཞེས་བྱ་བ་ནི་གལ་ཏེ་ཁ་ན་མ་ཐོ་མེད་པའི་ལས་བྱེད་པས་ཁ་ན་མ་ཐོ་བ་མེད་པའི ་ལས་ཅན་སྒྲུབ་པ་ལ་གནས་པ་ཞིག་ཆོས་སྟོན་ན་དེས་ན་ཕུན་སུམ་ཚོགས་པར་འགྱུར་ཏེ། དེ་ལྟར་ན་ཚིག་བཟུང་བར་འོས་པར་འགྱུརརོ།། ཆོས་ཀྱི་སྦྱིན་པ་ཆེན་པོ་རྣམ་པར་འབྱེད།། ཞེས་བྱ་བ་ནི་གཞན་དག་ལ་རྣམ་པར་འབྱེད་ཅིང་ཚིག་དོན་རྒྱས་པར་སྤྱོད་པ་ཡིནོ།། རྒྱགས་པ ་དང་བྲལ་བ་ནི་བསྟོད་དམ་གྲུབ་ན་རྒྱགས་པར་མི་འགྱུར་བའི་ཕྱིརརོ་ཞེས་བྱ་བ་ནི་བཤད་པ་དེས་རངས་པར་བྱས་པ་གང་ཡིན་པས་བསྐྱོད་ན་ང་རྒྱགས་པ་འམ་ཁེངས་པར་མི་འགྱུར་ལ། གང་གི་ཚེ་དོན་རྟོགས་པར་དཀའ་བ་གང་ཡིན་པ་དེ་བཤད་པས་གསལ་བར་བྱང་སྒྲུབ་བྱེད ་ལ། དེ་གྲུབ་ན་དེ་འདི་སྙམ་དུ་ཨ་ལ་ལ་བདག་གིས་དོན་རྟོགས་པར་དཀའ་བ་བསྒྲུབ་སོ།། སྙམ་དུ་རྒྱགས་པར་མི་འགྱུར་བ་ཡིནོ།། མི་སྐྱོ་བའི་དུབ་པ་མེད་པའི་ཕྱིརརོ།། ཞེས་བྱ་བ་ལ་དུབ་པ་ནི་སྐྱོ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་སྟོན་པ་ལ་དུབ་པ་ཉིད་མེད་པའི་ཕྱིར་སྟོན ་པ་མི་སྐྱོ་བ་ཞེས་བྱའོ།། ཟང་ཟིང་མེད་པ་ནི་དད་པའི་ལྷག་པར་བྱ་བ་དོན་དུ་མི་གཉེར་བའི་ཕྱིར།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི་སེམས་ལ་འདི་སྙམ་དུ་འཇིག་རྟེན་གྱི་ཆོས་ཐོས་ཏེ་ཡི་རངས་ནས་རྙེད་པ་དང་བཀུར་སྟི་ལ་སོགས་པས་མཆོད་པ་བྱེད་པར་འགྱུ་རོ།། སྙམ་དུ ་བབསམས་ནས་ཆོས་སྟོན་པར་མི་བྱེད་ཀྱི། འོན་ཀྱང་ཟང་ཟིང་མེད་པའི་སེམས་ཀྱིས་རྙེད་པ་དང་བཀུརི་སྟི་ལ་སོགས་པ་དོན་དུ་མི་གཉེར་བར་སྙིང་རྗེས་ཆོས་སྟོན་ཏོ།། གྲོང་ཁྱེར་པའི་གསུང་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་དང་། རྣམ་པར་རིག་པར་བྱེད ་པ་དང་། མཉན་པར་འོས་པ་དང་། བརྟེན་པ་མེད་པ་དང་། མི་ཐུན་པ་མེད་པ་དང་། གཏུགས་པ་མེད་པས་ཆོས་སྟོན་ཏོ།། ཞེས་བྱ་བའི་མདོའི་ཚིག་འདི་དག། རྒྱལ་སྲས་ཚིག་ནི་མི་ཞེན་པ་སྙན་ཅིང་ལེགས་བཤད་གྲགས་པ་དང་།། ཞེས་བྱ་བའི་ཚིགསུ་བཅད་པའི་ཚིག་འདི་དག་གི། ་འགྲེལ་པས་ལྔས་སྦྱར་བར་ཤེས་པར་བྱ་སྟེ། སྙན་ཅིང་འཇེབས་པ་ནི་བཟང་པོའོ་ཞེས་བྱ་བའི་ཐ་ཚིགོ། རླན་པ་ནི་མི་མཐུན་པ་མེད་པ་སྟེ། ཇི་ལྟར་མི་མཐུན་པ་མེད་ཅེ་ན་དེ་སྟོན་ཏེ། ཚིག་རན་པ་ལྔ་མི་སྐྱོ་བའི་ཕྱིརརོ།། འདི་ལྟར་བཤད་པའི་ཚད་ངེས་པ་མེད་པ་ནི་འཇིག་རྟེན་དང་མིཐུན ་པར་འགྱུརརོ།། མི་མཐུན་པའི་ཕྱིར་སྐྱོ་བ་སྐྱེའོ།། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་འགྲེལ་པ་ལས་རན་པ་ལ་མི་སྐྱོ་བའི་ཕྱིརརོ།། ཞེས་བསྟན་ཏེ། ཡི་གེ་མདོར་བསྡུས་ཏེ་བསྟན་ནི་དགའ་བར་འགྱུར་ཞིང་སྐྱོ་བ་མི་སྐྱེའོ།། ཡངས་པ་ནི་གཏུགས་པ་མེད་པའོ།། ཞེས་བྱ་བ་ནི་ཚིག་འདི་ལ ་གཏུགས་ཤིང་ཡོང་སུ་ཟད་པོ་མོད་པས་གཏུགས་པ་མེད་པ་ཞེས་བྱའོ།། ཚིག་དང་ཡི་གེ་རིག་པ་དང་། འབྲེལ་བ་དང་། མཐུན་པ་དང་། རུང་བ་དང་། འབྱོར་པ་དང་། འཕྲོག་པ་དང་། མཚམ་པ་དང་། འགྲུས་སྐྱོང་གི་ཡན་ལག་གི་ཚོགས་དག་གིས།། ཞེས་བྱ་བའི་མདོར་ཚིག་འདི་དག ་གིས་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། བསྟན་དང་དེ་བཞིན་བཤད་པ་དང་།། ཞེས་བྱ་བའི་ཚིག་སུ་བཅད་པ་འདའ་འགྲེལ་བ་ལས་སྦྱར་བར་ཤེས་པར་བྱའོ།། རྟག་ཏུ་མཁས་པར་སྐྱོང་བའི་ཕྱིར།། འགྲུས་སྐྱོང་སྟེ་སློབ་པ་ལ་བྱའོ།། དེར་མདོར་སེམས་དཔའ་མཆོག ་རྣམས་ཀྱི།། ཡི་གེ་ཕུན་ཚོགས་ཡིན་ཞེས་ཏེ།། བདེར་གཤེགས་གསུང་ནི་མཐའ་ཡས་ཏེ།། ཡན་ལག་དྲུག་ཅུ་བསམ་མི་ཁྱབ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡི་གེ་ཕུན་སུམ་ཚོགས་པ་དེ་རྣམ་པར་སྦྱངས་ནི། སངས་རྒྱས་ཀྱི་གནས་སྐབས་ན་གསུང་རྣམ་པ་དྲུག་ཅུ་དང་ལྡན་པ ་བབསམ་གྱིས་མི་ཁྱབ་པར་འགྱུར་རོ།། མཉེན་པ་ནི་སེམས་ཅན་གྱི་ཁམས་ཀྱི་དགེ་བའི་རྩ་བ་སྟོན་པའི་ཕྱིརརོ་ཞེས་བྱ་བ་ནི་དཔེར་ན་ཆུ་མཉེན་པོ་རྩཝ་དང་གེལ་བ་དང་། སྨན་དང་ནགས་ཚལ་རྣམས་ཀྱི་རྩ་བ་ཉེ་བར་སྟོན་པར་བྱེད་ཅིང་། དེ་དག་ཉེ་བར་བསྟན་ན་འཕེལ་ཞིང་རྒྱས་པ་ཉིད་དུ་འགྱུར་བ ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་མཉེན་པ་དེ་ཐོས་པའི་སྒོ་ནས་སེམས་ཅན་དགེ་བའི་རྩ་བ་མ་བསགས་པ་རྣམས་དགེ་བའི་རྩ་བ་བསོགས་པར་འགྱུར་ཞིང་། དེ་དག་ཉེ་བར་བསགས་ན་དགེ་བའི་ཆོས་འཕེལ་བར་འགྱུ་རོ།། འཇམ་པ་ནི་མཐོང་བའི་ཆོས ་ཁོ་ན་ལ་རེག་ན་བདེ་བའི་ཕྱིརརོ།། ཞེས་བྱ་བ་ནི་དར་བ་དང་། རས་བལ་གྱི་འདབ་མ་དང་། ག་ཙ་ལིན་དི་ཀའི་རས་ལ་སོགས་པར་འཇམ་པའི་ཕྱིར་ལུས་ཀྱི་དབང་པོ་རེག་པ་ཙམ་ཁོ་ནས་བདེ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་འཇམ་པོ་ཡང ་མཐོང་བའི་ཆོས་ཁོ་ན་ལ་མཉན་པའི་དུས་ཉིད་ན་བདེ་བའི་རིག་པ་བསྐྱེད།། ཡི་དུ་འོང་བ་ནི་དོན་བཟང་པོའི་ཕྱིརརོ་ཞེས་བྱ་བ་ནི་འདི་ལྟར་ཡིད་ཀྱིས་དོན་རྣམས་བྱེ་བྲག་ཏུ་ཤེས་ཀྱི་རྣ་བའི་རྣམ་པར་ཤེས་པས་ནི་དོན་ངེས་པར་གཟུང་བར་བྱ་མི་ནུ་སོ།། བདག་པ་ནི་འཇིག་རྟེན་ལས་འདས་པ ་གོང་ན་མེད་པའི་རྗེས་ལ་ཐོབ་པའི་ཕྱིརརོ།། ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱང་འཇིག་རྟེན་ལས་འདས་པ་ཡིན་མོད་ཀྱི། ཉན་ཐོས་རྣམས་ཀྱང་འཇིག་རྟེན་ལས་འདས་པ་ཡིན་དུ་ཟིན་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་བལྟོས་ན་གོང་མ་དང་བཅས་པ་ཡིནོ།། དེ་བས་ན ་སངས་རྒྱས་རྣམས་ཀྱི་བཀའ་ནི་འཇིག་རྟེན་ལས་འདས་པ་གོང་ན་མེད་པ་ཡིན་ཏེ། དེ་བས་ཆོས་གོང་མར་གྱུར་པའི་ཚིག་མང་བས་ན་འཇིག་རྟེན་ལས་འདས་པ་གོང་ན་མེད་པ་ཞེས་བྱའོ།། མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་འཇོམས་པར་བྱེད་པའི་སྟོབས་ནི་མུ་སྟེགས ་ཅན་བློ་གྲོ་ས་ངན་པ་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་སྟོབ་སོ།། སྟོབས་ཉིད་སྟོན་ཡིན་པས་ན་སྟོབས་ཀྱི་ལྟོནོ།། དེ་དང་ལྡན་པའི་ཕྱིར་སྟོབས་ཀྱི་སྐྱོན་དང་ལྡན་པ་ཞེས་བྱ་སྟེ། ལྡན་པའི་ཕྱིར་སྙན་ཅིང་འཇེབས་པ་ཡི་ནོ།། མཉན་པར་འོས་པ་ནི་བསྒྲུབས་པས་ངེས་པར་འབྱུང་བའི་ཕྱིར། ་ཞེས་བྱ་བ་ནི་དེ་མཉན་པའི་སྒོ་ནས་ཉན་པ་པོ་སྒྲུབ་པ་དང་ལྡན་པར་འགྱུར་ཞིང་དེའི་འོག་ཏུ་ངེས་པར་འབྱུང་བར་འགྱུར་རོ།། མི་ཚུགས་པ་ནི་ཕས་ཀྱིས་རྒོལ་བ་ཐམས་ཅད་ཀྱི་མི་རྫི་བའི་ཕྱིར།། ཞེས་བྱ་བ་ནི་འདི་ལྟར་ཁུང་བའི་སྦྲང་རྩི་གནོད་བྱེད་པ།། བདུད་རྩི་ལྟ་བུ་འདོད་པ་ལྟར།། ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཀ་རྫི་ཞིང་གནོང་པར་མི་ནུས།། མི་རྩུབ་པ་ནི་བསླབ་པ་ཆད་པའི་ཐབས་བདེ་བའི་ཕྱིརརོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅའ་བ་གང་ཡིན་པ་དེ་ནི་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཐབས་བདེ་བ་ཡིན་གྱི། དགེ་སྦྱོང་གཅེར་པུ་པའི ་ལ་སོགས་པ་ལྟ་བུར་གདུང་བ་དང་། ཡོངསུ་གདུང་བ་དང་། སྐྲ་འབལ་བ་དང་། རི་དང་གཡང་ས་ནས་མཆོང་བ་དང་། མེ་དང་ཆུར་འཇུག་པ་ལ་སོགས་པས་ཚེ་འདི་དང་ཕྱི་མའི་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་བ་ནི་མ་ཡིནོ།། ཡང་ན་བསླབ་པའི་གཞི་འཆའ་བའི་དུས་ནི ་འདི་ནི་ཁྱེད་ལ་ཕན་པར་འགྱུར་བ་དང་། བདེ་བར་འགྱུར་བ་ཡིནོ།། ཞེས་དེ་སྐད་དུ་སྙན་པར་བརྗོད་པའི་ཕྱིར་མི་རྩུབ་པ་ཡིནོ།། མི་བརླང་བ་དེ་ལས་འདས་ན་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པའི་ཕྱིརརོ།། ཞེས་བྱ་བ་ནི་འདི་ལྟར་བསླབ་པ་ལས་འདས ་ན་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པས་དེའི་ཕྱིར་མི་བསླབ་པ་ཞེས་བྱའོ།། ལུས་ཚིམ་པར་བྱེད་པ་ནི་ཏོང་འཛིན་བསྐྱེད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་ཞི་གནས་ཀྱི་ལམ་སྐྱེད་པསོ།། ཡོངསུ་གདུང་བ་མེད་པ་ནི་སྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིརརོ་ཞེས་བྱ་བ་ནི།། ་དེའི་ཚེ་དེ་མཉན་པའི་སྒོ་ནས་སྒྲུབ་པ་ལ་སྦྱོར་ཞིང་བསྒྲུབས་ནས་མཇུག་ཏུ་མངོན་སུམ་དུ་མཐོང་ན་འགྱོད་པ་མེད་པར་འགྱུརརོ།། ཀུན་ཤེས་པར་བྱེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཆོས་ཡང་དག་པར་སྟོན་པའི་ཕྱིརརོ་ཞེས་བྱ་བ་ལ་བསམ་གྱིས་མི་ཁྱབ་པའི་ཆོས་ནི་སོ་སོར ་རིག་པར་བྱ་བ་ས་དང་ཕ་རོལ་ཏུ་ཕྱིན་པ་དང་དབང་བཅུ་ལ་སོགས་པའོ།། ཡང་ན་ཆོས་ཉིད་གང་ཞིག་བསམས་ན་སྐྱོ་བ་དང་། ཁྲག་ཏུ་སྐྱུག་པ་ལ་སོགས་པར་འགྱུར་བ་ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་འགྲུབ་པོར་བྱེད་པའི་ལས་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ཆོས་དེ ་ལྟ་བུ་ལ་སོགས་པ་ཅི་ནས་ཀྱང་བསམ་གྱིས་མི་ཁྱབ་པ་དེ་དག་ཉནུ་པ་པོ་མངོན་པར་མི་བརྩོན་ཞིང་ཡོངསུ་སྤྱོད་པར་བྱ་བའི་གནས་རྣམས་ཡོངསུ་སྤོང་བར་འགྱུར་བར་ཡང་དག་པར་སྟོན་ཏོ།། ཟློས་པའི་སྐྱོན་མེད་པ་ནི་དོན་མེད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། མི་རིགས ་བ་གང་ཞེ་ན། ཀུན་ཏུ་རྨོངས་པའོ་ཞེས་བྱ་བའི་ཚིག་དེ་ལྟ་བུ་དག་ནི་ཟློས་པའི་སྐྱོན་མེད་པ་ཡིན་ཏེ། འདི་ལྟར་འདུལ་བ་མང་པོ་ཉེ་བར་གནས་ན་ལ་ལ་རྣམ་གྲངས་འགའ་ཞིག་གིས་གོ་བར་འགྱུརརོ།། དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྟོན་པ་དོན་ཡོད་པར་མཛད་པ ་ཡིན།། གཞན་དག་གིས་སོ་སོ་ཡང་དག་པར་རིག་པའི་ས་བོན་སྐྱེད་པའི་ཕྱིར།། རྣམ་གྲངས་བརྗོད། རྣམ་གྲངས་ཀྱི་དགོས་པ་རྒྱས་པར་ནི་རྣམ་པར་བཤད་པའི་རིགས་པ་ལས་བལྟ་བར་བྱའོ།། གླང་པོ་ཆེའི་སྒྲ་སྐད་ནི་རྒྱ་ཆུ་བའི་ཕྱི་རོ་ཞེས་བྱ་བ་ལ། གླང་པོ་ཆེ་ནི་གླང་པོ་ཆེས་བསྲུང་གི ་བུ་ལ་སོགས་པ་གཟུང་།། དེ་དག་གི་སྒྲ་ནི་རྒྱ་ཆེ་བ་དང་། བརྗིད་ཆོ་བ་ཡིནོ།། ཀླུའི་དབང་པོའི་སྒྲ་ནི་གཟུང་བར་འོས་པའི་ཕྱིརརོ་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་རྣམས་ནི་ཀླུའི་གནས་དག་ན་ཚིག་མཉན་པ་ཡིན་ཏེ། ཀླུ་གཞན་དག་གི་ཚིག་ལོས་མི་འདའོ།། ཀ་ལ་བིང་ཀའི་སྒྲ་དབྱངས་ནི་ཙཱ་བ་དང ་འཇིག་པའི་ཕྱིརརོ།། ཞེས་བྱ་བ་ནི་ཀ་ལ་བིད་ཀའི་སྒྲ་ནི་ཞེན་པར་འཇུག་པ་དང་། འཇིག་པའི་ངང་ཅན་ཡིན་ལ་ཡི་འོང་བ་ཉིད་ཀྱིས་ཞིག་ན། ཡང་མཉན་པར་བྱ་བའི་དགའ་བ་ཆེན་པོ་སྐྱེ་བ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཡང་ཉན་པ་པོ་རྣམས་ཀྱི་སྙིང་ལ ་འབབ་ཅིང་གསུང་དབྱངས་ཞིག་ན་ཡང་དེ་ཉན་པར་བྱ་བའི་དགའ་བ་འབྱུང་།། གཞན་དག་ནི་ཡང་དང་ཡང་དུ་འཇིག་པའི་ཕྱིརརོ།། ཞེས་བྱ་བར་འདོན་ཏོ།། དེ་དོག་གི་ལྟར་ན་བ་དན་བཞིན་དུ་ཡང་དང་ཡང་དུ་འཇིག་པ་ཡིན་ཏེ། ཡང་དང་ཡང་དུ་གཞན་རྣམ་པ་སྣ་ཚོགས་འབྱུང་བའི ་བྱབྱོའོ།། སྒྲ་ཐམས་ཅད་ཀྱི་རྗེ་སུ་ཞུགས་པ་ནི་ཐམས་ཅད་ལུང་བསྟན་པའི་མཚན་ཉིད་ལ་རྣམ་པ་ཐམས་ཅད་རྗེསུ་ཞུགས་པའི་ཕྱིརརོ།། ཞེས་བྱ་བ་ལ། ཐམས་ཅད་ལུང་བསྟན་པ་ཞེས་བྱ་བ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་པ་གང་རིག་ཡིན་པ་སྟེ་ཇི་ལྟར ་ཉན་ཐོས་རྣམས་སྐྱེ་བར་ལུང་སྟོན་པ་དང་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཉི་དུ་ལུང་སྟོན་པ་ཞེས་བྱ་བ་དེའི་སྒྲ་ལ་ཞུགས་པའི་ཕྱིར་སྒྲ་ཐམས་ཅད་ཀྱི་རྗེ་སུ་ཞུགས་པ་ཞེས་བྱའོ།། ཐོ་བ་དང་བཅས་པའི་ཆེད་ནི་སེམས་ཅན་རྣམས་ཀྱི་དེ་དག་གི་དོན་ཐཾད ་བསྒྲུབ་པར་བྱེད་པའི་ཕྱིརརོ།། ཞེས་བྱ་བ་ནི་སེམས་ཅན་ཐ་བ་ཅན་དང་བཅས་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར་ཏེ། སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་ཐ་བར་གྱུར་པ་ཡིན།། དགེ་བའི་རྩ་བ་བསྐྱེད་པ་རྣམས་ནི་ཐ་བར་གྱུར་པ་ཡིན།། དགེ་བའི་རྩ་བ་བསྐྱེད ་པ་རྣམས་ནི་ཐ་བ་མ་ཡིན་པའོ།། དེ་དག་གི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིར་ཐ་བ་དང་བཅས་པའི་ཆེད་ཅེས་བྱའོ།། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི་གསུང་གཅིག་ལས་སྒྲའི་རྣམ་པར་རིག་པར་རྣམ་པ་དུ་མ་ཉེ་བར་གནས་པའི་ཕྱིར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི ་གསུང་ངོ་བོ་གཅིག་སྟོན་པ་ཡིན་ཡང་གསུང་གིས་བསྙད་པར་བྱ་བ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷོ་མ་ཡིན་དང་། ཡི་དགས་དང་། རི་རྒོད་པ་དང་། གདོལ་པ་དང་། ཀླ་ཀློ་ལ་སོགས་པ་གང་ཞིག་སྒྲའི་ཁྱད་པར་ཇི་ལྟ་བུ་མངོན་པར་ཤེས་པ་དེས་དེ་ཁོ་ན་བཞིན་དུ་ཐོསོ།། ། ་གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར།། ཞེས་བྱ་བ་ནི་གང་ཞིག་དོན་གྱི་རྣམ་པར་རིག་པ་ལྟ་བུ་ལ་ཡིད་ཆེས་པར་འགྱུར་བ་དེ་ལ་དེ་བཞིན་དུ་གཅིག་ཡིན་པ་ལ་གདུལ་བ་ཐམས་ཅད་ཀྱི་དོན་རྟོགས་པའི་ཕྱིར་དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ཡིན།། ་ཡང་ན་དད་པའི་དབང་པོ་ལ་སོགས་པའི་དོན་ཚིམ་པར་བྱེད་པ་ཡི་ནོ།། མ་སྨད་པ་ནི་དམ་བཅས་པ་ཇི་ལྟ་བ་བཞིན་པའི་ཕྱིརརོ།། ཞེས་བྱ་བ་ནི་ཇི་ལྟར་དམ་བཅས་པ་དེ་ཁོ་ན་བཞིན་དུ་མང་པོས་སྒྲུབ་པར་བྱེད་པས་དེའི་ཕྱིར་མ་སྨད་པོ་ཞེས་བྱའོ།། མི་འགྱུར་བ་ནི་དུས་ལ་ཐོབ་པར ་རབ་ཏུ་སྦྱོར་བའི་ཕྱིརརོ་ཞེས་བྱ་བ་ནི་གང་ཞིག་དུས་གང་དུ་དགེ་བའི་ཕྱོགས་ལ་རུང་བར་འགྱུར་བ་དེ་ལ་དེའི་དུས་ཁོ་ནར་དགེ་བའི་རྩ་བ་བསྐྱེད་པ་ལ་སོགས་པས་སོ་སོར་ཐར་པར་བྱེད་པའི་ཕྱིར་ཏེ། ཇི་སྐདདུ། ལ་ལར་ཞུགས་ཀྱང་མི་གསུང་ལོ།། ཆེད་ཀར་ཡང་ནི་གསུང་བར་མཛད།། ་ཅེས་བཤད་པ་ལྟ་བུ་ཡི་ནོ།། བརྗོད་འདོག་སོ།། རྣམ་པར་འབྱེདའོ།། རྣམ་པར་འགྲེལ་ཏོ།། གསལ་བར་བྱེདདོ།། སྟོན་ཏོ།། ཡང་དག་པར་རབ་ཏུ་སྟོན་ཏོ།། ཞེས་བྱ་བའི་མདོའི་ཚིག་འདི་དག་སློབ་དཔོན་གྱིས། ངག་ཚིག་ཤིན་ཏུ་རིགས་པ་དང་།། སྙན་དུ་རྣམ་འབྱེད་ཐེ་ཙོམ་གཅོད།། ཅེས་བྱ་བའི ་ཚིག་སུ་བཅད་པ་འདིའི་འགྲེལ་པ་ལས་སྦྱར་བར་ཤེས་བྱ་སྟེ། འདོགས་པ་ནི་ཚིག་ཤིན་ཏུ་རིགས་པ་དག་གི་སོ་ཞེས་བྱ་བ་ནི་རིགས་པའི་དོན་རྗོད་པར་བྱེད་པ་དག་གིསོ།། འཁོར་གསུམ་གྱིས་དག་པ་ཞེས་བྱ་བ་ལ། འཁོར་ཞེས་བྱ་བའི་སྒྲ་ནི་རྣམ་པར་དག་པ་བརྗོད་པ་ཡིན ་བལྟ་བར་བྱའོ།། གང་གིས་སྟོན་པ་སྟེ། ངག་དང་ཚིག་དག་དང་། ཞེས་བྱ་བའི་ངག་དག་པ་དང་། ཚིག་དག་པ་ནི་འཁོར་བ་དག་པ་གཅིག་ཡིནོ།། ཇི་ལྟར་སྟོན་པ་ནི་བསྟན་པ་དང་། རྣམ་པར་འབྱེད་པ་དང་། ཐེ་ཙོམ་གཅོད་པ་དང་། ལན་མང་དུ་བྱེད་པ་དག་ཏུ་སྟེ་བསྟན་པ ་དག་དང་། རྣམ་པར་འབྱེད་པ་དག་དང་། ཐེ་ཚོམ་གཅོད་པ་དག་དང་། ལན་མང་དུ་བྱེད་པ་དག་དང་། དག་པ་གཞི་དག་པ་གཅིག་ཏུ་བྱའོ།། འདི་ལྟར་རྣམ་པ་འདི་བཞིས་སྟོན་པས་འདི་ནི་སྟོན་པ་དག་པ་ཡིན་ཏེ། དེ་ནི་འཁོར་དག་པ་གཉིས་པ་ཡིན།། མགོ་སྨོས་པ་དང་རྣམ་པ ་སྤྲོས་པ་ན་གོ་བ་རྣམས་ལ་དོན་སྟོན་པ་འཁོར་དག་པ་གསུམ་པ་ཡིན་ཏེ། གང་ཞིག་གླེངས་པ་ཙམ་གྱིས་གོ་བ་དེ་ནི་མགོ་སྨོས་པ་སཽ་གོ་པཱ་ཡིནོ།། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐོག་མར་དག་པ་ཁར་དུ་དགེ་བ། ཐ་མར་དག་པ་དང་། དོན་བཟང་པོ།། ཚིག་འབྲུ་བཟང་པོ། ་མ་འདྲེས་པ། ཡོངསུ་རྫོགས་པ། ཡོང་སུ་དག་པ། ཡོངསུ་བྱང་བ་སྟོན་ཏོ།། ཞེས་བྱ་བའི་མདོའི་ཚིག་འདི་དག། དད་དང་དགའ་དང་བློ་རྣམས་ཀྱི།། རྒྱུ་ཕྱིར་ཆོས་ནི་དགེ་པ་ཡིན།། ཞེས་བྱ་བའི་ཚིགསུ་བཅད་པ་འདི་ལས་སྦྱར་བར་ཤེས་པར་བྱའོ།། ཆོས་ཐོག་མ་དང་ཁར་དང་ཐ་མར ་དགེ་བ་ཡིནོ་ཞེས་བྱ་བ་ལ། ཐོས་པས་ནི་ཐོག་མར་དགེ་སྟེ། འདི་ལྟར་ཐོས་ནས་འདི་ལ་ཡིད་ཆེས་པ་ལས་སྐྱེས་པའི་མོས་པ་འབྱུང་སྟེ། ཐོས་པ་དེ་ནི་འདིའི་མོས་པའི་རྒྱུ་ཡིནོ།། བསམས་པས་ནི་ངར་དུ་དགེ་སྟེ་རིགས་པས་ངེས་པར་བརྟགས་པ་ལས ་སྐྱེས་པའི་ཤེས་རབ་ཀྱིས་རྣམ་པར་སྤྱོད་ན་བྷུ་བྱཱང་ནུས་པས་དགར་པའི་རྒྱུར་འགྱུར།། སྙོམས་པས་ནི་ཐ་མར་དགེ་བ་ཡིན་ཏེ། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་སྐྱོངས་ཤེས་པའི་ཕྱིར།། ཡོང་སུ་བྱུང་བ་ནི་དྲི་མ་རྣམ་པར་དག་པའི་སྣནས ་ཟག་པ་ཟད་པ་རྣམས་ཀྱི་རྒྱུ་རྣམ་པར་དག་པའི་ཕྱིརརོ།། ཞེས་བྱ་བ་ནི་སྔོན་ཟག་པ་དང་བཅས་པའི་ཆོས་དང་ལྡན་པས་རྒྱུ་དྲི་མ་དང་བཅས་པར་གྱུར་པ་ལས་ཟག་པ་མེད་པའི་ཆོས་དང་ལྡན་པས་དྲི་མ་ཡོངསུ་བྱང་བ་ཞེས་བྱའོ།། གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་ཉན ་ཐོས་རྣམས་ལ་བལྟ་བར་བྱ་སྟེ། བསྟན་པ་ལ་འཇུག་པར་བྱ་བའི་དོན་དུ་མི་སྐྲག་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པ་ཡོད་པ་ཉི་དུ་བསྟན་པའི་ཕྱིར།། ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱི་གཟུགས་ལ་སོགས་པོའི་ཆོས་རྣམས་ཡོདདོ་ཞེས་ཆོས་ཡོད་པ་ཉི་དུ་ཞལ་གྱིས་བཞེས ་ནས་གང་ཟག་ལ་བདག་མེད་པར་བཟུང་བར་སྤྱོད།། དེ་ལྟ་མ་ཡིན་ན་གང་ཟག་ཀྱང་མེད་པ་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱང་མེདོ་སྙམ་ནས། བཅོམ་ལྡན་འདས་ཀྱིས་བསྟན་པས་དང་ཞིང་འཇུག་པར་མི་འགྱུརརོ།། དེ་བས་ན་བསྟན་པ་ལ་འཛུད་པ་ལ་སོགས་བལྟོས ་ནས་གཟུགས་ལ་སོགས་ཡོད་པ་ཉི་དུ་སྟོན་པ་མཛད།། མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་ཀུན་བརྟགས་པ་ལ་སོགས་པ་ངོ་བོ་ཉིད་གསུམ་ལ་བལྟ་བར་བྱ་སྟེ། ཞེས་བྱ་བ་ནི་གང་དུ་མེད་པར་བཤད་པ་བསྟན་དེར་ནི་ཀུན་བརྟགས་པའི་ངོ་བོ་ཉི་དུ་ཤེས་པར་བྱའོ།། གང ་དུ་སྒྱུ་མ་དང་སྨིག་རྒྱུ་དང་ཐིལ་མ་ལ་སོགས་པ་ལྟ་བུར་བཤད་པ་དེ་ནི་གཞན་གྱི་དབང་གིས་ངོ་བོ་ཉིད་བཤད་པ་ཡིན་པར་ཤེས་པར་བྱའོ།། གང་དུས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པའི་ཆོས་བཤད་པ་དེ་ནི་ཡོངསུ་གྲུབ་པའིངོ ་ཉིད་ཡིན་པར་རིག་པར་བྱའོ།། གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་ཉེས་པ་རྣམས་གདུལ་བ་ལ་བལྟ་བར་བྱ་སྟེ། གང་དུ་མི་སྡུག་པ་བཤད་པ་དེ་ནི་འདོད་ཆགས་ཀྱི་གཉེན་པོར་བཤད་པར་ཤེས་པར་བྱའོ།། དེ་བཞིན་དུ་ཅི་རིགས་པར་ཞེ་སྡང་ལ་སོགས་བཤད་པ་ནི་གཉེན་པོར ་བཤད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། ཕྱིན་ཅི་ལོག་པར་ལེགས་པར་གནས། ཞེས་བྱ་བ་ནི་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཏུ་འཛིན་པ་ལས་བཟློག་སྟེ། ཕྱིན་ཅི་ལོག་མི་རྟག་པ་ལ་སོགས་པ་ལ་ཡོངསུ་མི་ཉམས་པའི་སྒོ་ནས་ལེགས་པར་གནས་པ་ཡིནོ་ཞེས ་བྱ་བ་ནི་བཟློག་སྟེ་གནས་པའི་ཕྱིན་ཅི་ལོགོ།། མི་རྟག་པ་ལ་སོགས་པ་ནི་རྟག་པ་ལ་སོགས་པ་ལས་བཟློག་པ་ཡིན་ཏེ། མི་རྟག་པ་ལ་སོགས་པ་དེ་དག་ལ་ཡོངསུ་མི་མཉམ་པའི་སྒོ་ནས་གནས་པ་ཕྱིན་ཅི་ལོག་ལ་ལེགས་པར་གནས་ཞེས་བྱའོ།། ཡང་ན་ཕྱིན་ཅི་ལོག་ལ ་ལེགས་པར་གནས་ཞེས་བྱ་བ་ནི་རྟག་པ་ལ་སོགས་པ་ལ་ཕྱིན་ཅི་ལོག་ཁོ་ན་ལ་ལེགས་པར་གནས་པ་ཡིན།། ཇི་ལྟར་ལེགས་པར་གནས་ཤེ་ན། དེའི་བློ་ལ་འདི་སྙམ་དུ་དངོས་པོ་རྟོག་པ་ལ་སོགས་པ་ནི་དུས་རྟག་ཏུ་ཕྱིན་ཅི་ལོག་ཏུ་གྱུར་པ་ཁོ་ན་ཡིན་གྱི་དེ་དག་ནམ་ཡང ་ཕྱིན་ཅི་ལོག་ཏུ་མ་གྱུར་པ་ནི་མ་ཡིན་སྙམ་དུ་མི་གཡོ་བ་ཡིན།། འདོད་ཆགས་སྤྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་ཤིན་ཏུ་བསྔགས་པ་ལྟ་བུའོ།། ཞེས་བྱ་བ་ནི། གང་དག་ལ་ཁམས་གསུམ་པའི ་འདོད་ཆགས་མངོན་པར་ཞེན་པ་ཁམས་གསུམ་པས་བསྡུས་པའི་ཕུན་སུམ་ཚོགས་པ་གང་ཡིན་པ་ཉིད་མཆོག་དང་གཙོ་བོ་ཡིནོ།། སྙམ་པ་ཡོད་པ་དེའི་གཉེན་པོར་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་བསྔག་སོ།། ང་རྒྱལ་སྤྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ ་ང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་ལ་ལའི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་པ་ལྟ་བུའོ་ཞེས་བྱ་བ་ལ། ང་རྒྱལ་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སེམས་ཁེངས་པ་གང་ཡིན་པའོ།། ལྷ་དང་། ཀླུ་དང་། གནོད ་དང་། དྲི་ཟ་ལ་སོགས་པ་ཁ་ཅིག་བདག་ནི་གཟུགས་དང་ལྡན་པ་སྟེ། བལྟ་ན་སྡུག་པ་དང་ལྡན་པ་མཐུ་དང་ལྡན་པ་ཡིན།། བདག་པས་མཐུ་ལ་སོགས་པས་ཆེས་ཁྱད་པར་དུ་འཕགས་པ་གཞན་ནི་མེདོ་སྙམ་ནས། གཟུགས་དང་མཐུ་དང་ཡངས་པ་དང་དབང་ཕྱུག་ལ་སོགས ་པས་སེམས་ཁེངས་པར་འགྱུར་རོ།། རྒྱགས་པས་གོས་པ་དེ་ལྟ་བུ་དེ་དགྲ་གི་སེམས་སྤང་བའི་ཕྱིརརོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕུན་སུམ་ཚོགས་པ་ནི་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ། བསམ་གྱི་མི་ཁྱབོ་ཞེས་སངས ་རྒྱས་ལ་ལའི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་ཏེ། དེས་ན་གཟུགས་དང་ན་ཚོད་དང་དབང་ཕྱུག་དང་། རིགས་པ་ལ་སོགས་པས་དྲེགས་པ་ཡོངསུ་འདོར་བར་འགྱུརརོ།། འགྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི་གང་དགུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ ་གནོད་པ་བྱེད་པ་དེ་དག་ཐམས་ཅད་ནི་མཐོ་རིསུ་འགྲོ་བར་འགྱུར་རོ།། ཞེས་བྱ་བ་དེ་ལྟ་བུའོ།། ཞེས་བྱ་བ་ནི་གང་དག་མི་ཤེས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱེད་པ་དེ་དག་དགེ་བའི་བཤེས་གཉེན་དང་ཕྲང་ནས་འགྱོད་པ་ཆེན་པོ་སྐྱེས་ཏེ། བསོད ་ནམས་ཕུང་པོ་འདི་ལྟ་བུ་ལ་བདག་གིས་གནོད་པ་བྱསོ་སྙམ་ནས་རྟག་ཏུ་འགྱོད་པ་རྒྱུན་ཆགས་པར་ཁོ་ནར་འགྱུར་ཞིང་། དགེ་བའི་ལས་ལ་ཡང་མི་སྦྱོར། འགྱོད་པའི་གཉེན་པོ་ཡང་མི་བསྟེན་ནས། དེ་དག་གི་ཚེ་དུ་འདི་སྐ་དུ། གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་རྣམས་ལ་གནོད་པ་བྱེད་པ་དེ་དག་ཐམས་ཅད་ནི་མཐོ་རིསུ་འགྲོ་བར་འགྱུར་ཞེ་གསུངས། དུ་གང་ན་དེའི་ཚེ་སེམས་ཅན་དེ་དག་འདི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱས་པས་ཀྱང་མཐོ་རིསུ་འགྲོ་བར་འགྱུར་ན་ཕན་པ་བྱས་པས་ལྟ་སྨོས་ཀྱང་ཅི་དགོས ་ཞེས་རྗེ་སུ་འབྲེལ་བའི་འགྱོད་པ་ཡོངསུ་འདོརོ།། དེ་ནས་གཉེན་པོ་བསྟེན་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་སྟི་རྣམ་པ་མང་པོ་བྱེད་པར་འགྱུར་རོ།། དེ་བས་ན་གནོད་པར་བྱེད་པ་སྔོན་དུ་འགྲོ་བའི་ཕན་པ་བྱེད་པས་མཐོ་རིསུ་འགྲོ་བར་འགྱུར་བས་གནོད་པས ་མཐོ་རིསུ་འགྲོའོ་ཞེས་བྱ་བ་ཐ་སྙད་འཐོབོ།། མ་ངེས་པ་བཟློག་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ན་དེ་ལ་མ་ངས་པ་བཟློག་པ་ནི་བྱང་ཆུབ་སེམས་དཔའ་ངེས་པ་རྣམས་ཐེག་པ་ཆེན་པོ་ལས་ཟློག་པ་སྟེ། བྱང་ཆུབ་སེམས་དཔའ་མ་ངེས་པའི་རིགས་ཅན་གང་དག་བྱང་ཆུབ་སེམས ་དཔའི་སྤྱོད་པ་སྤྱད་པ་དེ་དག་མི་དགེ་བའི་གྲོགས་པོ་དང་ཕྲད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ཡོངསུ་བོར་ནས་ཉན་ཐོས་ཀྱི་ཐོག་པས་མྱ་ངན་ལས་འདའ་བར་འདོདདོ།། དེ་དག་གི་ཐེག་པ་དམན་པར་འགྲོ་ཞིང་ལྷུང་བ་དེ་ནི་སྒྲིབ་པ་ཡིན་ཏེ། དེ་གཉེན་པོར་འཕགས་པ་དམ་པའི ་པདྨ་དཀར་པོ་ལ་སོགས་པ་ལས་ཐེག་པ་ནི་གཅིག་ཁོ་ན་སྟེ། གཉིས་པ་མདོ་ཞེས་ཐོག་པ་ཡང་གི་ཅིག་ཏུ་བཤད་ལ། ཉན་ཐོས་ཆེན་པོ་རྣམས་ཀྱང་སངས་རྒྱས་ཉི་དུ་ལུང་བསྟན་ཏོ།། ཉན་ཐོས་ལུང་བསྟན་པ་དང་ཐེག་པ་གཅིག་བཤད་པ་དེ་ཐོས་ནས་ཀྱང་བྱང་ཆུབ ་སེམས་དཔའ་མ་ངེས་པའི་རིགས་ཅན་དེ་དག་ཉན་ཐོས་ཀྱི་ཐེག་པ་ཡོང་སུ་བོར་ནས་ཐེག་པ་ཆེན་པོ་ཁོ་ན་བསྟེན་ཅིང་དེ་ཁོ་ན་ལ་སྦྱོར་བར་བྱེདདོ།། རྒྱུ་ལྔ་ནི་གང་གིས་ཕྱིན་ཅི་མ་ལོག་པར་འཆད་པ་ཞེས་བྱ་བ་ནི་དེ་ལྟར་བློ་བཟང་ཞེས་བྱ་བ་ནི་དེ་ལྟར་བློ་བཟང་ཞེ ་བྱ་བའི་ཚིག་འདིས་སྟོན་ཏེ། བྱང་ཆུབ་སེམས་དཔའ་བློ་བཟང་པོས་ཕྱིན་ཅི་མ་ལོག་པར་འཆད་པ་ཡིནོ།། ཡང་དང་ཡང་དུ་འཆད་པ་ཞེས་བྱ་བ་ནི་སྐྱོ་བ་མད་ལྡན་ཞེས་བྱ་བའི་ཚིག་འདི་སོ།། ཟང་ཟིང་མེད་པའི་སེམས་ཀྱིས་འཆད་པ་ནི་བརྩེ་བ་ཅན་ཞེས་བྱ་བའི་ཚིག་འདི་སོ།། ཚིག་བཟུག ་བར་འོས་པས་ཚད་པ་ཞེས་བྱ་བ་ནི་སྙན་པར་རབ་གྲགས་ཞེས་བྱ་བའི་ཆོ་ག་འདི་སོ།། གདུལ་བ་དང་འཚམ་པར་འཆད་པ་ཞེས་བྱ་བ་ནི། ཆོ་ག་བཟང་ཤེས་ལྡན་པ་ཡི།། ཞེས་བྱ་བའི་ཚིག་འདི་སོ།། ། ཆོས་སྟོན་པའི་འོག་ཏུ་སྒྲུབ་པའི་སྐབས་ཏེ། འདིའི་འབྲེལ་བ་གང་ཡིན ་ན། གཞན་ལ་ཕན་པ་བསྒྲུབ་པ་ནི་ཆོས་བཤད་པ་ཡི་ནོ།། བདག་ལ་ཕན་པ་བསྒྲུབ་པ་ནི་བདག་ཉིད་དེའི་དོན་སྤྱོད་པ་ཡིན།། གཞོན་དག་ལ་ཆོས་ཡང་དག་པར་སྟོན་པ་ཡང་མང་དུ་ཐོས་པས་བྱ་དགོས་ལ་རང་གི་དོན་ཡང་སྒྲུབ་པས་བསྒྲུབ་དགོས་པས་སྟོན་པའི་འོག་ཏུ་སྒྲུབ་པའི ་སྐངས་ཡིན།། ཇི་སྐདུ་དོན་ཀུན་ཤེས་ཤིང་ཆོས་ཀུན་ཤེས་ནས་ཆོས་དང་མཐུན་པའི་ཆོས་ལ་ཞུགས་པ་ཡིན། མཐུན་པར་ཞུགས་པ་ཡིན། མཐུན་པའི་ཆོས་ལ་སྤྱོད་པ་ཡིན་ཞེས་བྱ་བ་མདོའི་ཚིག་འདི་དག་ནི་སྒྲུབ་པ་རྣམ་པར་དབྱེ་བ་ལ་ཚིག་སུ་བཅང་བ་དྲུག་སྟེ་ཞེས་བྱ་བ ་དེ་ལ་མདོར་ཚིག་བཞིན་དུ་ནི་ཚིགསུ་བཅད་པ་བནི་དང་། གོ་རིམ་བཞིན་དུ་སྦྱོརོ།། ཚིག་ཐ་མ་མཐུན་པའི་ཆོས་ལ་སྤྱོད་པ་ཡིན་ཞེས་བྱ་བ་འདི་ནི་ཚིག་སུ་བཅད་པ་གཉིས་དང་སྦྱར་བར་བྱའོ།། ཡང་ཟག་དང་ཆོས་ལ་བདོག་མེད་པར་ཤེས་པའི་ལྟར་རྣམ་པ་གཉིས་ཡིན་ནོ་མང་སྟོན་པ ་དོ།། གཟུང་བ་དང་འཛིན་པ་མེད་པའི་ཕྱིརརོ།། གང་ཟག་ཀྱང་གཟུང་བ་ཉིད་འཛིན་པ་ཉི་དུ་མེད་ལ། བྱིས་པས་ཀུན་བརྟགས་པའི་ཆོས་རྣམས་ཀྱང་དེ་དང་འདྲ་བ་འདི་ནི་བདག་མེད་པ་རྣམ་པ་གཉིས་ཡི་ནོ།། གང་ལ་ཤེས་ཤེ་ན་མེད་པ་དང་ཡོད་པ་གཉིས་ལ་སྟེ། དེ་ལ་ཀུན་བརྟགས་པའི ་ངོ་བོ་ཉིད་མེད་པ་ལ་ནི་སྟོང་པ་ཉིད་ཀྱི་ཏིང་འཛིན་ཏེ། སྟོང་པ་ཉིད་ཀྱི་ཏིང་འཛིན་གྱིས་ཀུན་བརྟགས་པའི་གང་ཟག་མེད་པ་ཆོས་མེད་པར་ཤེསོ།། ཡོད་པ་ལ་ནི་སྨོན་པ་མེད་པ་དང་། མཚན་མ་མེད་པའི་ཏིང་འཛིན་དག་ཡིན་ཏེ། གཞན་གྱི་དབང་པོ་ནི་སྨོན་པ་མེད་པའོ།། ཡོངསུ་སྒྲུབ་པ ་ནི་མཚན་མ་མེད་པ་སྟེ། སྨོན་པ་མེད་པའི་ཏིང་འཛིན་གྱིས་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན་གྱི་དབང་ཞེས་བྱ་བ་ཉེས་པ་མང་པོ་སྐྱོན་ཅན་དུ་གྱུར་པ་ལ་སྨོན་པར་མི་བྱེདོ།། མཚན་མ་མེད་པའི་ཏིང་འཛིན་གྱིས་ནི་མཚན་མའི་ཉེས་པ་ཐམས་ཅད་དང་བྲལ་བ་ཡོངས ་གྲུབ་པའི་ངོ་བོ་ཉིད་ཤེསོ།། ཏིངངེ་འཛིན་གསུམ་པོ་ཇི་ལྟར་ཡང་དག་པ་ཉིད་དམ་ལོག་པ་ཉིད་མ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་སྐབས་ལ་བལྟོས་པའི་ཕྱིརརོ།། ད་ལྟར་ན་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་པས་དོན་ཤེས ་བ་ཡིནོ།། དེ་ལྟར་དོན་ཤེས་པའི་ཆོས་ཐད་གཟིངས་ལྟ་བུར་ཤེས་ཤིང་ཞེས་བྱ་བ་ནི་འདི་སྐད་བསམས་པ་ལས་བྱུང་བའི་ཤེས་རབ་ལ་གུས་པ་སྐྱེ་བར་འགྱུར་གྱི། ཐོས་པ་ལས་བྱུང་བ་ལ་ནི་མ་ཡིནོ།། དེ་ཉིད་ཀྱི་ཕྱིར་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་སྤོང་བར་བྱེད། ཞེས་སྨོས ་པ་ཡིན་ཏེ། ད་ལྟར་ན་ཆོས་ཤེས་པ་ཡིན།། ཞེས་བཤད་པ་ཡིནི།། དེ་ལྟར་ཐོས་པའི་གནས་སྐབས་དང་། བསམས་པའི་གནས་སྐབས་ན་སོ་སོའི་སྐྱེ་བོར་ཤེས་པས་དོན་དང་ཆོས་ཤེས་ནས་སོ་སོའི་སྐྱེ་བོའི་ཤེས་པ་དེ་རྣམ་པར་དག་པར་བྱ་བའི་ཕྱིར་ཆོས་ཀྱི་རྗེ་སུ་མཐུན་པའི ་ཆོས་སྡུག་འདི་སྐད་དོན་དང་ཆོས་ད་ཇི་ལྟ་བ་བཞིན་དུ་ཐོས་པ་དང་བསམས་པས་ཤེས་ནས་དེའི་འོག་ཏུ་བསྒྲུབ་པ་སྟེ། སྒོམ་པས་ཆོས་དང་མཐུན་པའོ་ཆོས་སྒྲུབ་ཅང་ཏིང་འཛིན་འཐོབ་སྟེ། ད་ལྟར་ན་ཆོས་དང་མཐུན་པའི་ཆོས་ལ་ཞུགས་པ་ཡིན།། ཞེས ་ད་པ་ཡིནོ།། འདི་ནི་ངེས་པར་འབྱེད་པའི་ཆ་དང་། མཐུན་པའི་གནས་སྐབས་ཡིན་ཏེ། དེའི་འོག་ཏུ་ནི་བསྒོམ་པ་ལ་རབ་ཏུ་སྦྱོ་རོ།། རྣམ་པར་འཇོག་པར་བྱེད་པའི་ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་གང་ཡིན་རྣམ་པར་བཞག་པ་ཤེས་ནས་མཐུན ་པའི་གནས་སྐབས་ཡིན་ཏེ། དེའི་འོག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ས་དེ་ཡོངསུ་སྦྱོར་བར་བྱེད་ཅིང་ས་མ་ཐོབ་པ་རྣམས་ཀྱང་ཐོབ་པར་བྱེད། དེ་ལྟར་མཐུན་པའི་ཆོས་ལ་སྤྱོད་པ་ཡིནོ།། ལྷན་ཅིག་སྤྱོད་པ་ཡིས་ཞེས་བྱ་བ་ནི་རྗེ་སུ་འབྲེལ་བར་སྤྱོད་པ་སྟེ་ཞེས་བྱ་བ་རྣམ་པར་མི ་རྟོག་པ་དང་རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་བར་དུ་ཆོད་པ་དང་བཅས་པ་དང་བར་དུ་ཆོད་པ་མེད་པར་ཀུན་ཏུ་འབྱུང་བས་སོ།། འཁོར་ལོ་བཞིས་ངག་ཡོད་པའི་ཤིང་རྟ་འགྲོ་བར་འགྱུར་ཏེ། འཁོར་ལོ་བཞི་ནི་མཐུན་པའི་ཡུལ་དུ་གནས་པ་དང་། སྐྱེས་བུ་དམ་པ ་ལ་བརྟུན་པ་དང་། བདག་ཉིད་ཀྱི་ཡང་དག་པའི་སྨོན་ལམ་དང་། སྔོན་བསོད་ནམས་བྱས་པ་ཉིད།། མདོའི་ཚིག་འདི་དག་ནི་སྒྲིབ་པ་ལ་ངག་ཡོད་པར་བྱ་བའི་ཚིགསུ་བཅད་པ་བཞི་དང་གོ་རིམ་བཞིན་དུ་སྦྱར་བར་བྱའོ།། གྲོགས་བཟང་པོ་ནི་གྲོགས་ཚུལ་ཁྲིམས་དང་ལྟ་བ་མཐུན ་པའི་ཕྱིརརོ།། ཞེས་བྱ་བ་ནི་གལ་ཏེ་ཡུལ་དེ་ན་རྣལ་འབྱོར་པ་དེ་ལ་གྲགས་བཟང་པོ་ཚུལ་ཁྲིམས་མཐུན་པ་དང་ལྟ་བ་མཐུན་པ་དག་ཡོད་ན་དེ་ལྟ་ན་ཡུལ་གྲོགས་བཟང་པོ་ཅན་ཡིན་པར་རིག་པར་བྱའོ།། རྣལ་འབྱོར་བདེ་བ་ནི་ཉིན་པར་འདུ་འཛི་ཉུང་ཞིང་ལྡན་ལྗིན་ཉུང་བའི་ཕྱིར་ཞེས་བྱ ་བལ། རྣལ་འབྱོར་ནི་ཞི་གནས་དང་ལྷ་མཐོང་གི་བསྡུས་པའི་ལམ་ཟུང་དུ་འབྲེལ་བར་འབྱུང་བ་ཡི་ནོ།། གལ་ཏེ་ཞི་གནས་དང་ལྷག་མཐོང་གི་མི་མཐུན་པའི་ཕྱོགས་སྤངས་པར་གྱུར་ན་དེ་ལྟ་ན་ཡུལ་ང་རྣལ་འབྱོར་བདེ་བ་ཅན་ཡིན་ཏེ། དེས་ན་རྣལ་འབྱོར་པ་དེ་ཡུལ་དེར་སེམས་མཉམ ་པར་འཇོག་པ་ཡིནོ།། དེའི་མི་མཐུན་པའི་ཕྱོགས་ནི་ཁྱེའུ་དང་བུ་མོ་འདུ་འཛི་དང་སྐྱེ་བོ་ཁྱི་བ་དང་འདྲ་སྟེ། དེ་ཉིན་ལྡན་ལྗིན་ཏཱཾ་ལང་ལོང་ཡིནོ།། ཡང་ན་ཕྱག་དར་ལ་སོགས་པ་ཡིནོ།། མཚན་མོ་སྒྲ་ཆུང་བ་ལ་སོགས་པའི་ཕྱི་རོ་ཞེས་བྱ་བ་ལ་སོགས་པ་ཞེས་སྨོས་པས་ནི་སྦྲང་བུ ་ན་ཆུ་རིངས་དང་། ཤ་སྦྲང་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་ལ་སོགས་པ་ཤེས་པར་བྱ་སྟེ། སྤྱི་ནི་བསམ་གཏནྡ་གྱི་ཆེར་མ་ཡིན་པའི་ཕྱིརརོ།། དེ་ལས་བཟློག་ན་ཡུལ་རྣལ་འབྱོར་བདེ་བ་ཅན་ཡིན་པར་བཤད་པ་ཡིན།། ཞི་གནས་ལ་སོགས་པའི་རྒྱུ་མཚན་དུ་སུ་བསྒོམ་པ ་ཞེས་བྱ་བ་ལ། འདི་དག་དུསུ་བསྒོམ་པ་གང་ཡིན་ཞེ་ན། གང་གི་ཚེ་སེམས་རྒོད་པར་འགྱུར་བ་དེའི་ཚེ་ཞི་གནས་ཀྱི་རྒྱུ་མཚན་བསྒོམ་པ་ལ་རབ་ཏུ་སྦྱོར་རོ།། གང་གི་ཚེ་ཞུམ་པ་དེའི་ཚེ་ལྷག་མཐོང་གི་རྒྱུ་མཚན་བསྒོམ་པ་ལ་རབ་ཏུ་སྦྱོརརོ།། གང་གི་ཚེ་མཉམ་པར་འདུག་པ ་དེའི་ཚེ་བཏང་སྙོམ་སུ་འཇུག།། དེ་ལྟར་ན་དེ་ཐབས་བཟུང་པོ་ཅན་དུ་བསྟེན་པ་ཡིན་ཏེ། ཡང་དག་པའི་སྨོན་ལམ་དང་སྦྱར།། ངེས་པར་འབྱུང་བ་བཟང་བ་ཉིད་ཀྱིས་ནི་གོང་དུ་བྱ་བ་ཡོད་པས་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པ་ཡི་མོ།། སྦྱོར་བ་ཞེས་བྱ་བའི་སྒྲས་ནི་རྟག་ཏུ ་གུས་པར་བྱས་ཏེ། སྦྱོར་བ་ཉིད་སྟོན་ཏོ།། དགའ་བའི་རྒྱུ་ཉིད་ཅེས་བྱ་བ་ནི་འདིས་སྔོན་གྱི་མི་མཐུན་པའི་ཡུལ་ན་གནས་ན་ཡང་དགའ་བའི་རྒྱུར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་རྒྱུ་བསོད་ནམས་བྱས་པ་ཡིན་ནད་མེད་པ་དང་ཏིང་འཛིན་དང་ཤེས་རབ་ཀྱི་རྒྱུ་ནི་འདིས་སྔོན་གང ་གང་གིས་ན་ཡང་དག་པར་འཇོག་པའི་རྒྱུར་འགྱུར་བ་དེ་ལྟ་བུ་བསགས་པ་ཡིན་ཏེ། ཡང་དག་པར་འཇོག་པ་ནི་དོན་ཐམས་ཅད་འགྲུའོ།། མ་རིག་པ་དང་བྱང་ཆུབ་ཀྱི་ཆོས་ཉིད་ལ་དེ་དག་ལ་ཉེ་བར་བརྟགས་པའི་ཕྱིརརོ།། ཞེས་བྱ་བ་ནི་མ་རིག་པ་དང་། ་བྱང་ཆུབ་ཀྱི་ཆོས་ཉིད་གང་ཡིན་པའི་ཆོས་ཉིད་དེ་ལ་མ་རིག་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིནོ་ཞེས་མ་རིག་པ་དང་བྱང་ཆུབ་ཉེ་བར་བརྟགས་ཏེ་ཆོས་དང་ཆོས་ཅན་དག་ཐ་མི་དད་པའི་ཕྱིརརོ།། འདོད་ཆགས་ལ་སོགས་པ་དེ་དག་ཁོ་ན་ལ་ཚུལ་བཞིན་དུ་འཇུག་ན་དེ ་དག་ལས་རྣམ་པར་གྲོལ་བར་འགྱུརརོ་ཞེས་བྱ་བ་ལ། ཇི་ལྟར་ཚུལ་བཞིན་དུ་འཇུག་ཙོ་མ། འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ནི་མི་དགེ་བ། སྡུག་བསྔལ་གྱི་རྩ་བ། རིམས་ནད་དང་བཅས་པ། འཁྲུག་པ་དང་བཅས་པ་སྟེ། འདོད་ཆགས ་ལ་སོགས་པ་ཀུན་འབྱུང་བའི་བདེན་པའི་གནས་ལྟ་བུ་དག་ཡོད་ན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བས་འདི་དག་ནི་སྤང་བར་བྱ་ཞིང་དོར་བར་བྱ་བ་དགེ་བའི་ཆོས་རྣམས་ཀྱི་མི་མཐུན་པའི་ཕྱོགསུ་གྱུར་པ་ཡིནོ།། ཞེས་བྱ་བར་ཤེས་པར་བྱས་ནས་ཚུལ ་བཞིན་ཡིད་ལ་བྱེད་པ་ལ་སོགས་པ་ཡང་དག་པར་བསྒྲུབས་ན་སྤོང་སྟེ་དེས་ནི་རྣམ་པར་གྲོལ་བར་འགྱུར་རོ།། བྱང་ཆུབ་དྲི་མེད་ཡངས་པའི་བར་དུ་གཅོད་བྱེད་ཡིན། ཞེས་བྱ་བ་ལ། དྲི་མ་མེད་པ་ནི་ཉོན་མོངས་པ་དང་ཤེས་རབ་བྱ་བའི་སྒྲིབ་པ་བག་ཆགས་དང་བཅས་ཏེ ་སྤངས་པའི་ཕྱིར་རོ།། ཡངས་པ་ནི་ཤེས་བྱ་ཐམས་ཅད་ཡུལ་ཡིན་པའི་ཕྱིརརོ།། གཞན་གྱི་དབང་གི་སེམས་ནི་རྟག་ཏུ་རང་བཞིན་གྱིས་འོད་གསལ་བར་རུང་བ་མ་ཡིན་ཏེ། གང་གི་ཕྱིར་སེམས་དེ་ནི་སྐད་ཅིག་གཅིག་ལ་འདོད་ཆགས་དང་དད་པ་ལ་སོགས་པ་གང་ཟག ་བུ་དང་བཅས་པའི་ཆོས་རྣམས་དང་ལྷན་ཅིག་སྐྱེ་བ་དང་འགག་པ་ཉིད་ཀྱིསུ་ཀུན་ནས་ཉོན་མོངས་པ་ལ། ཐོག་མ་མེད་པའི་དུས་ནས་གང་ཟག་པ་བཅས་པའི་ཆོས་དང་འབྲེལ་པ་ཡང་ཡིན་པ་དེའི་ཕྱིར་གཞན་གྱི་དབང་གིས་སྙེམས་ནི་རྟག་ཏུ་འོད་གསལ་བ་ཉིད་མི་འཐོདདོ།། སམ ་ཆོས་ཉིད་ནི་རྟག་ཏུ་འོད་གསལ་བ་སྟེ། དེར་ནི་རོས་འགའ་ཡང་འཁོར་བའི་ཆོས་ཟག་པ་དང་བཅས་པ་དག་གིས་ལྷན་ཅིག་སྐྱེ་བ་དང་འགག་པའི་རིམ་གྱིས་མ་རྙོགས་པ་ཡིན།། དེ་ལྟ་བས་ན་དེ་ཁོ་ན་རྟག་ཏུ་འོད་གསལ་བ་ཉིད་དུ་བརྗོདདོ།། སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར། ་དེ་ལ་ཆགས་སྐྱེས་ལྟུང་མི་འགྱུར།། ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་བྱམས་པ་གང་ཡིན་པ་ནི་འདིར་འདོད་ཆགསུ་དགོངས་ཏེ། ཞེས་བྱ་བ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་བྱམས་ཤིང་དགའ་བ་གང་ཡིན་པ་དེ ་ནི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་ཕན་པ་ཡིན་ཏེ། དེས་ན་དེ་དག་ལ་དེས་བྱས་པའི་ལྟུང་བ་དགག་གོ།། ཁོང་ཁྲོ་བ་ལས་སྐྱེས་པའི་ལྟུང་བ་ནི་ཉེས་པ་མང་སྟེ། འདི་ལྟར་ཡིད་ཀྱི་ཉེས་པ་ནི་རང་བཞིན་གྱི་སྐྱོན་ཆགས་པ་ཡིན།། དེ་ལྟར་རེ་ཞིག་བྱང་ཆུབ་སེམས ་དཔའ་རབ་ཏུ་བྱུང་བ་ལ་སེམས་ཅན་ཐམས་ཅད་ལས་འདོད་ཆགས་ལས་སྐྱེས་པའི་ལྟུང་བ་རྣམ་པར་མི་བཞགྲོ། བྱང་ཆུབ་སེམས་དཔའ་ཁྱིམ་པའི་བུ་དང་ཆུང་བ་ལ་སོགས་པ་ལ་བྱམས་པས་བྱས་པའི་འདོད་ཆགས་གང་ཡིན་པ་དེ་ཡང་ཧ་ཅང་ཉེས་པ་མང་བ ་ཡིན་ཏེ། འདོད་ཆགས་ཀྱིས་ནི་སེམས་ཅན་ཡོངསུ་གཏོང་བ་མེད་ལ། ཁོང་ཁྲོ་བ་ནི་ཡོངསུ་གཏོང་བའི་མཚན་ཉིད་ཡི་ནི།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལ་ནི་ཁོང་ཁྲོ་བས་བྱས་པ་ཁོ་ནརའི་ལྟུང་བ་རྣམ་པར་བཞག་གི་འདོད་ཆགས་ལས་སྐྱེས་པ་ནི་མ་ཡིན། ་གང་གི་ཕྱིར་དོན་བྱེད། ཕྱིར་སྒྱུ་སེམས་འགལ་ཞེས་བྱ་བ་ལ། སྒྱུ་ནི་གཡོ་ཡིན་ཏེ། འདི་ལྟར་དོན་བསྒྲུབ་པར་འདོད་ལ་དེ་གཡོ་དང་སྒྱུ་དང་དོར་དང་ཐབས་ལ་སོགས་པ་གཞན་སླུ་བར་བྱེད།། ཞེས་བྱ་བ་དེ་ནི་འགལོ།། ཇི་ལྟར་ནད་པ་སྨན་བཟང་པོ་ཁ ་ཞིང་ཚ་བ་ལ་སོགས་པ་ལ་ཡང་སོ་སོར་བརྟགས་ནས་འཇུག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཁོར་བ་ལ་སོ་སོར་བརྟགས་ནས་ཡོངསུ་མི་འདོར་བར་འཇུག་ཞེས་བྱ་བར་སྦྱ་རོ།། ཇི་ལྟར་སྨོན་པ་ཕན་པོར་འདོད་པས་ནད་པ་ལ་སྒྲུབ་པ་དེ་བཞིན་དུ་བྱང་ཆུབ ་སེམས་དཔའ་ཕན་པར་འདོད་པ་སྨན་པ་ལྟ་བུ་ཡང་སེམས་ཅན་ནད་པ་ལྟ་བུ་རྣམས་ལ་བསྒྲུའོ།། ཇི་ལྟར་ན་ཇོ་བོ་བྲན་མ་གྲུབ་པ་ལ་གྲུབ་པར་བྱ་བའི་ཕྱིར་སྒྲུབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བདག་ཉིད་ལ་སྒྲུབ་པར་བྱེད། སེམས་ཅན་ལ་བདག་ཉིད་ཅེ ་ཉེ་བར་བཏག་སོ།། སེམས་ཅན་མ་གྲུབ་པ་གྲུབ་པར་བྱ་བའི་ཕྱིར་སྒྲུབ་སྟེ། ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་འདི་ལྟ་སྟེ། རྟ་མཁན་མཁས་པ་ནི་གང་དང་གང་དུ་རྟ་འབྲུམ་པ་འམ། མི་སྲུན་པར་འགྱུར་བ་དེ་དང་དེར་དེ་ཚར་གཅོད་པར་བྱེད།། ་དེ་བཞིན་དུ་དགེ་སློང་རྣལ་འབྱོར་སྐྱིད་པ་ཡང་གླང་གོང་ཁོ་ནར་སེམས་འགྱུར་བར་མཐོང་བ་དེ་དང་དུ་ཁོ་ནར་དེ་ཆར་གཅད་པའི་ཕྱིར་སྒྲུབ་སྟེ། དེ་ནི་ཙེ་ནས་ཀྱང་ཕྱིས་འཁྲུག་པར་མི་འགྱུར་བྱ་དེ་ལྟ་དེ་ལྟར་སེམས་ཚར་བཅད།། ཞེས་གསུངས་པ་ལྟ་བུའོ།། དེ་ལྟར་བྱང ་ཆུབ་སེམས་དཔའ་དེ་བདག་ཉིད་ལ་སྒྲུབ་པ་ཡིན་ཏེ། འདི་ནི་རང་གི་སེམས་ལེགས་པར་འཆོས་པའི་ཕྱིར་ཞེས་བྱ་བ་འདིས་རྣམ་པར་བཤ་དོ།། ཇི་ལྟར་ཚོང་པོ་ཟོང་ལ་སྒྲུབ་པ་བཞིན་ཏེ། ཚོང་པ་རྣམས་ཟོང་འདི་དར་བར་བྱའོ་ཞེས་དར་བར་བྱ་བའི་དོན་དུ་ཟོང་སྒྲུབ་པར ་བྱེད། ཚོང་པ་རྣམས་དར་བར་བྱ་བའི་ཕྱིར་དང་། འུ་དང་ཆུང་མའི་དོན་དུ་སྲེད་པས་ཀྱང་ཟོང་སྒྲུབ་པར་བྱེད་པས་དེ་ནི་འདིར་མ་སྦྱར་གྱི། འདིར་ནི་དར་བར་ཙམ་ཞིག་ཚེས་མཐུན་པ་ཡིན་ཏཱཾ། དེ་དང་འདྲ་བ་རོ།། ཡུལ་གཟུགས་དང་སྒྲ་དང་རོ་དང་རེག་བྱ་རྣམས་ནི་འདོད་པ ་ཞེས་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། འདོད་པ་འདོད་པ་རྣམས་ཞེས་བྱ་བའི་འདོད་པ་འདི་ནི་ཡུལ་ལྔའི་ཚིག་བླ་དགས་ཡིན་ཞེས་གསུངས་པ་ལྟ་བུའོ།། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་འཕེལ་བར་བྱ་བའི་ཕྱིར་ཡུལ་དེ་དག་སྒྲུབ། ་ཇི་ལྟར་བཙོ་བླག་མཁན་གོས་ལ་གོས་དག་པར་བྱ་བའི་ཕྱིར་སྒྲུབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ལུས་ལ་སོགས་པའི་ལས་ཡོངསུ་དག་པར་བྱ་བའི་ཕྱིར་བསྒྲུའོ།། ཡིད་བརྟན་པ་ནི་འདིར་དཀོར་གྱི་བླ་མ་ལྟ་བུ་སྟེ་དཀོར་སྤྱན་ཞེས་བྱ་བའི་ཐ་ཚིའོ།། ཇི་ལྟར ་རྒྱལ་པོའི་དཀོར་སྤྱན་གཙང་མ་རྒྱལ་པོའི་དཀོར་ལ་རྣམ་པ་གང་གིས་ཀྱང་སྲེད་པ་མི་སྐྱེ་རང་གྲིར་བྱ་བར་མི་སྒོམ་ན་དེ་ལྟ་ན་འདི་ཡིད་བརྟན་པར་འོས་པ་ཡི་ནོ།། བྱང་ཆུབ་སེམས་དཔའ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་སྦྱོར་བ་ནི་སྲེད་པའི་རོ་མྱ ་བ་ལ་སོགས་པའི་ཉེས་པ་དང་བྲལ་བས་རབ་ཏུ་སྦྱོ་རོ།། རྟག་ཏུ་བརྩོན་འགྲུས་དང་ལྡན་པ་ཉིད་ནི་རྟག་ཏུ་རྒྱུན་ཆགས་པསོ།། བརྩོན་འགྲུས་རྒྱ་ཆེན་པོ་དང་ལྡན་པ་ཉིད་ནི་ཐེག་པ་ཆེན་པོ་ལས་བསྟན་ཏེ། བརྩོན་འགྲུས་རྒྱ་ཆེན་པོའི་ཚུལ་གྱིསོ།། སྒྲུབ་པའི ་སྐབས་རྫོགསོ།། །། སྒྲུབ་པའི་སྐབས་ཀྱི་འོག་ཏུ་གདམས་ངག་རྗེསུ་བསྟན་པའི་སྐབས་ཏེ། དེའི་འབྲེལ་པ་གང་ཡིན་ཞེ་ན། འདི་བསླབ་པའི་རྣམ་པར་བཤད་པར་བྱ་བའི་སྐབས་ཡིནོ།། བསླབ་པའི་རྣམ་པའི་ཁྱད་པར་ཡང་མོས་པའི་སྐབས་ནཱ ་བཟུང་སྟེ། གདམས་ངག་རྗེ་སུ་བསྟན་པའི་སྐབས་ཀྱི་བར་འདི་དག་ཡིན་ཏེ། དེ་ལ་མོས་པའི་སྐབས་ལ་སོགས་པ་ལ་ནི་བསམ་པ་དང་སྦྱོར་བ་ལ་སོགས་པའི་ཁྱད་པར་ལ་སོགས་རྣམ་པར་བཤད་ཟིན་ཏོ།། ད་ནི་རང་དང་གཞན་ལྔ་ཕན་པ་རྣམ་པར ་དག་པའི་མཐར་ཐུག་པར་ངེས་པར་འབྱུང་བའོ་ཁྱད་པར་གྱིས་གདམས་ངག་རྗེ་སུ་བསྟན་པ་བརྩལ་བ་དང་། གཞན་དག་ལ་ཡང་གདམས་ངག་བྱ་དགོ་སོ།། དེ་བས་ན་བསྒྲུབ་པའི་འོག་ཏུ་གདམས་དག་རྗེ་སུ་བསྟན་པའི་སྐབས་ཡིནོ།། དེ་ཉིད་ཀྱི་ཕྱིར་འོག་ནས་དེ་ཚེ་ཆོས ་རྒྱུན་ལ་མི་སངས་རྒྱ་སྨནན་སུ་ལས་ནི་གནས་དང་། ས་ཤེས་སངས་པ་བའི་བྱར་བྱེར།། གདམས་དྲུག་མ་ཚན་རྙེད་པར་འགྱུར། ཞེས་འཆང་པོར་འགྱུར།། བས་བྲུ་གྲངས་མེད་ངེས་འབྱུང་ཤིང་། སྐྱེས་བྱ་ནི་བཱསྐལ་བ་གྲངས་མེད་པ་དང་པོ་བྱང་ནུབ་སེམས་ད ་སྤྱོད་པ་སྤྱད་པ་ཞེས་བྱ་བའི་ཐ་ཆེའོ།། དེའི་ཚེ་ཆོས་ཀྱི་རྒྱུན་ལ་སངས་རྒྱས་རྣམས་ལས་གདམས་ངག་འཐོབ་ཞེས་བྱ་གདམས་ངག་ཇི་ལྟ་བུ་ཞིག་འཐོབ་ཅེས། རྒྱ་ཆེན་པོ་སྟེ། སར་གཏོགས་པར་བཏུབ་པ་ཡིནོ།། འདིས་ནི་ཉན་ཐོས་ཀྱི་གདམས་ངག་བསལ་བ་བྱས་པ་ཡིནོ།། ། ་ཅིའི་ཕྱིར་འདོམས་ཤེ་ན། ཞི་གནས་དང་ཡེ་ཤེས་ཡེངས་པ་ཐོབ་པར་བྱ་བའི་ཕྱིར་ཏེ། ཞི་གནས་ཡངས་པ་ཐོབ་པར་བྱ་བའི་ཕྱིར་དང་། ལྷག་མཐོང་ཡངས་པ་ཐོབ་པར་བྱ་བའི་ཕྱིར།། དེ་ནས་དང་པོར་སྡོམ་བརྩོན་དེ།། མདོ་ཡི་སྡེ་ལ་སོགས་པའི་ཆོས།། མིག་གཉིས་དོན་ནི་རྣམ ་འབྱེད་པ་ཞེས་བྱ་བ་ལ། གཉི་སུ་མེད་པའི་ཆོས་གཟུང་བ་དང་། འཛིན་པ་དང་བྲལ་བ་རྣམ་པར་འབྱེད་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་ཡི་ནོ།། སེམས་དྲུག་ནི་རྩ་བའི་སེམས་དང་། རྗེསུ་སྤྱོད་པའི་སེམས་དང་། རྣམ་པར་དཔྱོད་པའི ་སེམས་དང་། ངེས་པར་འཛིན་པའི་སེམས་དང་། སྡོམ་པའི་སེམས་དང་། སྨོན་པའི་སེམསསོ།། དེ་ལ་རྩ་བའི་སེམས་ནི་མདོའི་སྡེ་ལ་སོགས་པའི་ཆོས་རྣམས་ཀྱི་མིང་ལ་དམིགས་པ་གང་ཡིན་པ་སྟེ། གདམས་ངག་འཐོབ་ནས་སམ། བདག་ཉིད་ཀྱིས་བརྟགས་ནས་འདི་ལྟ་སྟེ། ་འདི་ནི་ས་བཅུ་པའི་མདོ་སྡེ་ཡི་ནོ།། སྙམ་པ་ཡིནོ།། ལ་སོགས་པ་ཞེས་སྨོས་པས་ནི་ཚིག་སུ་བཅད་པའི་སྡེ་དང་གླེང་གཞིའི་སྡེ་ལ་སོགས་པ་བཟུང་།། རྗེ་སུ་སྤྱོད་པའི་སེམས་ནི་གང་གི་མདོའི་སྡེ་ལ་སོགས་པ་མིང་གི་སྒོ་ནས་དམིགས་པ་རྣམས་ཀྱི་ཚི་གི་དོན་རྗེ་སུ་འགྲོ་བའོ།། ་རྣམ་པར་དཔྱོད་པའི་སེམས་ནི་གང་གིས་ན་དོན་དང་ཡི་གེ་དཔྱོད་པར་བྱེད་པའོ།། དེ་ལ་དོན་ནི་རྣམ་པ་བཞིས་སྤྱོད་པར་བྱེད། བགྲང་བ་དང་། འཇལ་བ་དང་། རྟོག་པ་དང་། སོ་སོར་རྟོག་པསོ།། དེ་ལ་བགྲང་བ་ནི་གྲངས་འཛིན་ཏེ། དཔེར་ན་གཟུགས་ཀྱི་སྐྱེ་མཆེད་བཅུ་དང་། གཅིག་གི ་ཕྱོག་སོ།། ཚོར་བ་ནི་ཚོར་བ་དྲུག་གི་ཚོག་སོ།། ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ།། འཇམ་པ་ནི་གྲངས་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་མེད་པར་འཚམ་པར་འཛིན་པའོ།། རྟོག་པ་ནི་ཚད་མས་རྟོག་པའོ།། སོ་སོར་རྟོག་པ་ནི་བགྲང ་པོ་དང་། གཞལ་བ་དང་བརྟག་པའི་དོན་ལ་བལྟ་བའོ།། རྣམ་པར་དཔྱོད་པའི་སེམས་གཉིས་པ་ནི་ཡི་གྲཝ་ན་རྣམ་པ་གཉིས་ཀྱིས་དཔྱོད་པར་བྱེད། ཡི་གེ་ཚོགས་པ་རྣམས་དོན་དང་བཅས་པ་ཉིད་དང་། སིལ་བུ་རྣམས་དོན་མེད་པ་ཉིད་ཀྱི་སོ།། ངེས་པར་འཛིན་པའི་སེམས་ནི་གང ་གིས་ཇི་ལྟར་རྗེ་སུ་དཔྱད་པས་འམ། རྣམ་པར་དཔྱད་པ་དེའི་རྒྱུ་མཚོན་ངེས་པར་འཛིན་པའོ།། སྡོམ་པའི་སེམས་ནི་ཇི་ལྟར་རྣམ་པར་དཔྱད་པོའི་དོན་ནི་རྩ་བའི་སེམས་ལ་བསྡུས་ཏེ་ཀུན་ནས་སྡོམ་པའི་རྣམ་པར་འབྱུང་བའོ།། སྨོན་པའི་སེམས་ནི་ཏིང་འཛིན་གྱི་དོན་ཏམ། དེ ་ཡོང་སུ་རྫོགས་པར་བྱ་བའི་དོན་ཏམ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུའི་དོན་ཏམ། ས་ལ་འཇུག་པའི་དོན་ཏམ།། ཁྱད་པར་དུ་འགྲོ་བའི་དོན་ཀྱང་རུང་། གང་གི་དོན་དུ་རབ་ཏུ་བརྩོན་པ་དེ་ལ་འདུན་པ་དང་ལྷན་ཅིག་འབྱུང་བའོ།། འདི་སེམས་ཁོ་ན་དམིགས་པ ་སྣང་བར་འབྱུང་གི། སེམས་ལ་མ་གཏོགས་པའི་དམིགས་པ་ནི་མདོ་ཞེས་སེམས་ཙམ་དུ་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་སྟེ། དམིགས་པ་ནི་སེམས་ཡིན་གྱི་གཞན་ནི་མ་ཡིན་པས་སེམས་རྣམ་པ་དྲུག་པོ་དམིགས་པར་སྣང་བར་རྣམ་པར་བཞགོ།། བཙལ་བྱ་ཞེས་བྱ ་བ་འདིས་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཡིད་ལ་བྱེད་པ་བཤ་དོ།། ཚོལ་བ་ཞེས་བྱ་བ་འདི་ནི་ཀུན་ཏུ་ཚོལ་བའི་རྣམ་པར་རྟོག་པའི་མིང་གི་རྣམ་གྲངས་ཡིན་ཏེ། རྟོག་པའི་མཚན་ཉིད་ལས་ཇི་སྐད་དུ།། རྟོག་པ་གང་ཞེ་ན། སེམས་པའམ་ཤེས་རབ་ལ་བརྟེན ་ནས་ཀུན་ཏུ་ཚོལ་བ་ཡིད་ཀྱི་བརྗོད་པ་སྟེ། སེམས་རགས་པ་གང་ཡིན་པའོ།། ཞེས་བཤད་པ་ལྟ་བུའོ།། འདོད་ཆགས་དང་མ་བྲལ་བ་ནི། གང་ལ་རྟོག་པ་ཡོད་པ་དེ་ལ་གདོན་མི་ཟ་བར་དཔྱོད་པ་ཡོད་པས་ཚོལ་བ་ཞེས་བྱ་བའི་སྒྲས་གཉི་ག་ཡང་བསྡུ་སོ།། སོ་སོར་བརྟག་པར་བྱ ་ཞེས་བྱ་བ་འདི་ནི་རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱི་ཡིད་ལ་བྱེད་པ་བསྟན་ཏོ།། སོ་སོར་རྟོག་པ་ཞེས་བྱ་བའི་སྒྲས་དཔྱོད་པ་བསྟན་པར་ཅི་ཡང་མངོན་ཅེ་ན། དཔྱོད་པའི་མཚན་ཉིད་ལས་ཇི་སྐད་དུ་དཔྱོད་པ་གང་ཞེ་ན། སེམས་པའམ་ཤེས་རབ་ལ་རྟེན་ནས་སོ་སོར་རྟོག་པ ་ཡིད་ཀྱིས་བརྗོད་པ་སྟེ། ཞེས་ཇི་སྐད་དུ་བཤད་པ་ལྟ་བུ་སྟེ། འདི་ལས་མངོན།། ཡིད་ལ་བྱེད་པ་བརྗོད་མེད་པ།། རོ་གི་ཅིག་པས་ཀྱང་དཔྱད་པར་བྱ། ཞེས་བྱ་བ་འདིས་ནི་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་བསྟན་ཏོ་ཆོས་ཀྱི་མིང་ནི་བསྡོམས་པའང་འདིའི་ཞེས་བྱ་བ་ནི་མིང ་གང་གིས་བསྡོམས་པའི་ཆོས་འཛིན་པར་བྱེད་པ་སྙོམས་པའི་ཆོས་ལ་དམིགས་པའི་མིང་ལ་སེམས་ཉེ་བར་གཏོད་པ་ཡིན་ཏེ། འང་ཞེས་བྱ་བའི་སྒྲ་ནི་གཏོང་བ་འདྲེན་ཏོ།། དམིགས་པ་ལ་ནི་སེམས་གཏང་ནས། ཞེས་བྱ་བ་ནི་སེམས་འཇོག་པ་ཡི་ནོ།། དེའི་རྒྱུན་རྣམ་པ་། ་གཡེང་མི་བྱ།། ཞེས་བྱ་བ་ནི་ཀུན་ཏུ་འཇོག་པ་ཡིནོ།། རྣམ་གཡེང་མྱུར་དུ་རྟོག་བྱས་ནས།། དེ་ལ་སླར་ནི་བླན་པར་བྱ། ཞེས་བྱ་བ་ནི་སེམས་ངེས་པར་གནས་པ་ཡིན་ཏེ། མྱུར་ཏུ་རྟོག་པར་བྱས་ནས་ཞེས་བྱ་བ་ནི་མྱུར་ཏུ་ཤེས་པར་བྱ་བ་ནས་ཞེས་བྱ་བའི་དོན་ཏོ།། དེ་བླ ་ན་གཡེང་བ་རྟོགས་པར་བྱས་ནས་སེམས་དེ་ངེས་པར་འཇོག་པར་བྱའོ།། གང་གི་ཚེ་རྣལ་འབྱོར་པའི་སེམས་དེ་རྣམ་པར་གཡེང་བ་དེའི་ཚེ་རྣམ་པར་གཡེང་བ་དེ་ལ་སྐྱོན་དུ་ལྟ་བར་འགྱུརརོ།། རྣམ་པར་གཡོངས་ན་ཡང་སེམས་དེ་དམིགས་པ་དེ་ལ་མི་དགའོ།། གཉེན་པོ ་བསྒོམས་པར་རྣམ་པར་ག་ཡེང་བ་དང་བྲལ་བའི་ཕྱིར་མི་དགའ་བ་དེ་ཞི་བར་བྱེད། དེ་བས་ནཱ་ཞི་གནས་ཀྱི་རྣམ་པར་སེམས་གནས་པ་ཞེས་བྱའོ།། དེ་ནས་དེ་ཡི་ལུས་དང་སེམས།། ཤིན་ཏུ་སྤྱད་པ་ཆེ་ཐོབ་ནས།། ཡིད་ལ་བྱེད་དང་བཅས་ཤེས་བྱ།། ཡིད་ལྔ་བྱེང་བ་ཐོབ་པ ་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་ཚེ་རྣལ་འབྱོར་པ་དེ་ཡིད་ལ་བྱེད་པ་ཐོབ་པ་ཞེས་བྱའོ།། དེ་ཡིད་དེ་ནི་འཕེལ་བྱས་ནས། ཞེས་བྱ་བ་ནི་རྣལ་འབྱོར་པ་དེས་ཡིད་ལ་བྱེད་པ་བཤད་མ་ཐག་པ་བཅུ་གཅིག་པོ་འཕེལ་བར་བྱས་ནའོ།། འཕེལ་བ་རིང་དུ་འགྲོ་བ་ཡིས།། དངོས་གཞིའི ་གནས་པ་དེས་འཐོབ།། དེ་ཉེར་བསྡོགས་པས་དངོས་གཞིའི་བསམ་གཏན་ལ་འཇུག་སྟེ། དེ་ནི་དངོས་གཞིའི་གནས་པ་ཡིནོ།། མངོན་ཤེས་དོན་དུ་གཉེར་བས་དེ།། སྦྱང་ན་ལ་སུ་རུང་བའི་མཆོག། བསམ་གཏན་ལ་འཐོབ་ཅེས་བྱ་བ་ནི་དངོས་གཞིའི་བསམ་གཏན་དེ ་ཐོབ་ནས། དེའི་འོག་ཏུ་སྦྱངས་ན་ལ་སུ་རུང་བའི་མཆོག་ཐོ་བོ།། གང་ལ་འཐོབ་ཅེ་ན། བསམ་གཏན་ལས་ཏེ། མངོན་པར་ཤེས་པ་སྒྲུབ་པའི་བསམ་གཏན་ལ་ལསུ་རུང་བའི་མཆོག་འཐོ་བོ།། དེ་ནས་རྣལ་འབྱོར་པ་དེ་འཇིག་རྟེན་གྱི་ཁམས་རྣམསུ་འགྲོའོ།། ཅིའི་ཕྱིར ་འགྲོ་ཞེ་ན། སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་པའི་ཕྱིར་དང་། ཐེག་པ་ཆེན་པོའི་ཆོས་མཉན་པའི་ཕྱིར།། ལྷག་པའི་བསམ་པ་དག་པའི་ས་ནི་ས་དང་པོ་སྟེ། ཇི་སྲིད་དུ་ས་དེ་མ་ཐོབ་པ་དེ་ཐོབ་པར་དེ་མངོན་པར་རྟོགས་པའི་སྔོན་རོལ་དུ་ལུས་གནས་ངན་ལེན་གྱི་ལུས་ཀུན་ཟད་པར ་འགྱུར་བ་ལ་སོགས་པ་ཕན་ཡོན་ལྔ་འཐོའོ།། འདི་ལུས་གནས་ངན་ལེན་ལུས་ཀུན།། སྐད་ཅིག་རེ་རེ་ལ་ཟང་འགྱུར།། ཞེས་བྱ་བ་ནི་ཞི་གནས་ཆུ་ལྟ་བུ་སྟེ། ངེས་གནས་ངན་ལེན་དེ་བུལ་ཏོག་གི་ཆུས་གོས་ཀྱི་དྲི་མ་བཞིན་དུ་ལུས་ལས་འདག་པར་བྱེའོ།། ལུས་དང་སེམས་ནི་ཀུན་ཏུ ་ཡང་།། ཤིན་ཏུ་སྦྱངས་པས་གང་བར་འགྱུར།། ཞེས་བྱ་བ་ནི་ལུས་དང་སེམས་ཤིན་ཏུ་སྦྱངས་པས་རབ་ཏུ་གང་བ་སྟེ། གནས་ངན་ལེན་འདག་པ་དང་།། ཕན་ཡོན་འདི་གསུམ་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པར་རིག་པར་བྱའོ།། ཡོངསུ་ཆད་པ་མེད་པ་དང་།། ཡང་དག་པ་ཡི ་མཚན་མ་ནི།། མ་བརྟགས་པ་དག་རབ་ཏུ་མཐོང་།། ཞེས་བྱ་བ་ས་ཐོབ་པའི་དུས་ན་ལུས་ལས་སྲིན་བུ་ཕྱིར་འབྱུང་བར་མཐོང་བ་དང་། ལུས་མི་གཙང་བས་སྦགས་པ་སྦྱོར་བར་མཐོང་བ་དང་། དེ་ལྟ་བུ་ལ་སོགས་པ་བརྟགས་པ་མ་ཡིན་པའི་མཚན་མ་མཐོང་བ་སྟེ། རྒྱས་པར ་ནི་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ཆུ་ངུ་ལས་མཚན་མ་ཀུན་ཏུ་འབྱུང་བ་བཞིན་བལྟ་བར་བྱའོ།། འདི་དག་ན་ཡོངསུ་ཆད་པ་མེད་པ་དང་། མ་བརྟགས་པའི་ཕན་ཡོན་ཡིན་ཏེ། འདི་གཉིས་ནི་ལྷག་མཐོང་གི་ཕྱོགས་དང་མཐུན་པར་རིག་པར་བྱའོ།། རང་གི་མཚན་ཉིད་དང་སྤྱིའི ་མཚན་ཉི་དུ་སྣང་བ་བ་ནས་བྱ་བ་ལ་གཟུགས་ནི་གཟུགསུ་རུང་བའི་མཚན་ཉིད།། ཚོར་བ་ནི་མྱོང་བའི་མཚན་ཉིདའོ།། ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད།། ཆོས་ཟུག་པ་དང་བཅས་པ་དང་།། ཆོས་ཟག་པ་མེད་པ་རྣམས་དང་། འདུས་བྱས ་རྣམས་དང་། འདུས་མ་བྱས་རྣམས་དང་། གཟུགས་ཅན་རྣམས་དང་། གཟུགས་མེད་པ་མ་ཡིན་པ་རྣམས་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་ཡིནོ།། མི་རྟག་པ་སྡུག་བསྔལ་བ་ལ་སོགས་པ་ཡང་སྤྱིའི་མཚན་ཉིད་ཡིནོ།། སྣང་བ་ཞེས་བྱ་བ་འདི་ནི་ཆོས་ལ་དྲི ་པར་བརྟག་པའི་བཟོད་པའི་ཚིག་བླ་དག་སོ།། ཞེས་བྱ་བ་ནི་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་བཟུང་བའི་དོན་རྣམ་པར་གཞིག་པའི་སྒོ་ནས་ཆོས་ཐམས་ཅད་སེམས་ཙ་མོ་ཞེས་བྱ་བར་བཟོད་པའི་ཕྱིར་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཞེས་བྱ་སྟེ། དེ་ཉིད་ཆོས ་རྣམས་ཀྱི་སྣང་བ་ཡིན།། འདི་དག་སེམས་ཡིན་པར་རྟོགས་པའི་ཕྱིར་དེའི་ཚེ་དེ་ལ་མཉམ་པར་བཞག་པའི་གནས་སྐབས་ན་འདིའི་སེམས་ཁོ་ནར་ཟད་སྙམ་པའི་ཤེས་པ་ཡང་དག་པ་འབྱུང་།། གཟུང་བའི་རྣམ་པར་རྟོག་པ་རྣམ་པར་བཤིག་སྟེ་བཟུང་བ་མེད་ན་གང་ལ་འཛིན ་ཅེས་དེའི་འོག་ཏུ་འཛིན་པའི་རྣམ་པར་རྟོག་པ་རྣམ་པར་འཇིག་པར་བྱེད། འདི་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ཡིནོ།། དེ་ནས་དེ་ནི་འཇིག་རྟེན་ལས།། འདས་པའི་ཡེ་ཤེས་བླ་མེད་པ།། རྣམ་པར་མི་རྟོག་དྲི་མ་མེད།། འཛིན་པ་གཉིས་པ་དྲལ་བ་འཐོབ།། ་གཟུང་དང་འཛིན་པའི་རྡུལ་དང་དྲལ་བའི་ཕྱིར་རྡུལ་དང་བྲལ་བའོ།། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་དྲི་མ་དང་བྲལ་བའོ།། རང་དང་གཞན་གྱི་རྒྱུད་དག་ལ་བདག་མེད་པ་དང་སྡུག་བསྔལ་བ་དག་ཁྱད་པར་མེད་པའི་ཕྱིར།། ཞེས་བྱ་བ་ནི་ཇི་ལྟར་བདག ་མེད་པ་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་ལ། ཇི་ལྟར་རང་གིས་བདག་ཉིད་ཀྱི་སྡུག་བསྔལ་ཉེ་བར་ཞི་བར་བྱ་དགོས་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཡང་དེ་དང་འདྲ་བས་སོ།། རྣམ་པ་གཅིག་ཏུ་ན་ཇི་ལྟར་རང་གི་འདུ་བྱེད་ཟག་པ་བཅས ་པ་རྣམས་སྡུག་བསྔལ་ཡིན་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཡང་དེ་དང་འདྲ་བས་སོ།། སྡུག་བསྔལ་གྱི་རྣམ་པ་ནི་རྒྱུ་མི་རྟག་པའི་རྣམ་པས་འདྲེན་ཏེ། དེ་བས་ན་སྡུག་བསྔལ་གྱི་རྣམ་པ་ཁོ་ན་སྨོ་སོ།། བདག་མེད་པའི་རྣམ་པ་ནི་སྟོང་པ་ཉིད་ཀྱི་རྣམ་པས་འདྲེན་ཏེ། དེ་བས ་ན་བདག་མེད་པའི་རྣམ་པ་ཁོ་ན་སྨོས་ཏེ། དེའི་ཕྱིར་མཚུངས་པ་ཉིད་གཉིས་ཁོ་ན་སྨོས་པ་ཡིན།། དེས་ནི་ཁམས་གསུམ་པའི་འདུས་བྱས་རྣམས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་དུ་མཐོང་ཞེས་བྱ་བ་ནི་ཁམས་གསུམ་པ་ནི་སེམས་ཙ་མོ་ཞེས་བྱ་བ་དེ་ལྟར ་ཕྱིན་ཅི་མ་ལོག་པ་ནི་བསྒོམ་པའི་ལམ་ལ་རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་སྒྱུ་མ་མཁན་གྱིས་སྒྱུ་མ་ལྟ་བུར་གཞན་གྱི་དབང་གི་ངོ་བོ་ཉིད་མཐོང་།། མེད་པའི་སྟོང་པ་ཉིད་ཤེས་ཤིང་། ཞེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིའོ།། དེ་བཞིན ་ཡོད་པའི་སྟོང་པ་ཉིད་དང་། ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་ནི་བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཇི་ལྟར་བཟུང་བ་དེ་ལྟར་སྟོང་།། རང་བཞིན་སྟོང་པ་ཉིད་ཤེས་ནས། ཞེས་བྱ ་བ་ནི་ཡོངསུ་གྲུབ་པའི་ངོ་བོ་ཉིད། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། སྟོང་པ་ཉིད་དེའི་ངོ་བོ་ཉིད་དེ་བཞིན་ཉིད་ཀྱི་མཚན་ཉིད་གང་ཡིན་པའི་དེ་བཞིན་ཉིད་ཤེས་ནས།། དེའི་ངོ་བོ་ཉིད་ཀྱང་གང་ཞེ་ན། ཀུན་ནས་བརྟགས་པའི་གཉིས་མེད་པའི་ངོ་བོ་གང་ཡིན་པ་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་སོ་རང་གིས་རིག་པར་བྱ་བའི་གནས་སྐབས་བསྟན་དུ་མང་ཅིང་བསམ་གྱིས་མི་ཁྱབ་བརྟག་གའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་སྟེ། ཛས་དུ་ཐག་པ་ཆེན་པོ་བསྡུས་པ་ལས། ཆོས་ཀྱི་སྐུ་དུ་བཞིན་ཉིད་རྒྱ་མཚན་ཉིད་ནི་བསམ་གྱིས་མ ་ཁྱབ་པའི་མཚན་ཉིད་། དེ་བཞིན་ཉིད་དེ་ནི་འཇིག་རྟེན་ན་དཔེ་མེད་པའི་ཕྱིར་དང་། རྟོག་གཱའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་སོ་སོ་རང་གིས་རིག་པར་བྱ་བ་ཡིན།། ཞེས་བཤད་པ་ལྟ་བུ་དང་། འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་དོན་དམ་པ་བསྟན་པའི་སྐབས་ནས ་ཇི་ལྟར་བསྟན་པ་ལྟ་བུ་ཡིན།། མཚན་མེད་བཞི་ནི་རྣམ་རྟོག་རྣམས།། ཡང་དག་ཟད་པ་ཡིན་ཞེས་བྱ། ཞེས་བྱ་བ་ལ། རྣམ་པར་རྟོག་པ་ཡང་དག་པར་ཟད་པ་ནི་རྣམ་པར་རྟོག་པ་འགགས་པའོ།། གང་དུ་རྣམ་པར་རྟོག་པ་ཡང་དག་པར་ཟད་པ་དེ་ནི་གཞི་ཞེས་བྱ་སྟེ། ཇི་སྐད་ཆོས་མངོན་པ་ཀུན ་ལས་བཏུས་པ་ལས་འགོག་པའི་བདེན་པའི་མཚན་ཉིད་ལས་ཇི་ལྟར་ཤེས་པར་བྱ་ཞེ་ན། གང་དུ་འགོག་པར་འགྱུར་བ་དེ་བཞིན་ཉིད་དང་། གང་གིས་འགགས་པར་འགྱུར་བ་ལམ་དང་། འགག་པ་གང་ཡིན་པ་ཉོན་མོངས་པ་མི་སྐྱེ་བའོ་ཞེས་བཤད་པ་ལྟ་བུ་སྟེ། དེ་བཞིན་ཉིད་གང་དུ་ནིར ་རྟོག་པའི་ཟད་པ་དེ་ནི་མཚན་མ་མེད་པའི་ཏིང་འཛིན་གྱི་དམིགས་པ་ཞེས་བྱའོ།། སྨོན་པ་མེད་པའི་ཏིང་འཛིན་གྱི་དེ། ཡང་དག་པ་མ་ཡིན་ཀུན་རྟོགོ།། གཞི་སྟེ་དམིགས་པའི་ཞེས་བྱ་བའི་ཐ་ཚིགོ།། དེ་ཞེས་བྱ་བའི་སྒྲས་ནི་གཞི་སྟེ། དམིགས་པ་གཟུང་།། སྡུག་བསྔལ་རྒྱས་པ་ཙམ་ཤེས ་ཞེས་བྱ་བ་ནི་འདིནི་འདུ་བྱེད་ཙམ་སྟེ་ཀུན་བརྟགས་པའི་གང་ཟག་དང་ཆོས་དང་བྲལ་བ་སྡུག་བསྔལ་རྒྱས་ཤིང་རྒྱ་ཆེ་བར་ཤེས། སེམས་ཅན་ཐམས་ཅད་ལ་བདག་དང་མཚུངས་པའི་སེམས་རྙེད་པའི་ཕྱིར། བདག་ཏུ་བལྟ་བ་རྣམ་པར་མི་རྟོག་པ་མི་ཤེས་འ་ཐོབ་སྟེ། དེ་ཐོབ་པས་ན། ་སེམས་ཅན་ཐམས་ཅད་ལ་བདག་དང་མཚུངས་པའི་ལྟ་བ་ཅན་དུ་འགྱུརརོ།། འདི་ན་འཇིག་རྟེན་ཚེ་གཅིག་རང་སྡུག་བཀུར་མི་ནུས། འཇིག་རྟེན་གནས་པ་སྲིད་གཞན་སྡུག་བསྔལ།། བསྡོམས་པ་སྨོས་ཅི་དགོས་ཏེ་བསམ་དུ་མེད།། ཅེས་བྱ་བ་ནི་འཇིག་རྟེན་ནི། ་ཚེ་གཅིག་རང་གི་སྡུག་བསྔལ་བཀུར་བར་ནུས་ན། འཇིག་རྟེན་ཇི་སྲིད་པ་དེ་སྲིདདུ་རང་གི་སྡུག་བསྔལ་བཀུར་ཞེས་བྱ་བ་འདི་ལ་ལྟ་བསམ་དུ་ཡང་མེད་པ་ཉིད།། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་དེ་ལ་དེ་ལས་བཟློག་པ་ཡིན་པས་འཇིག་རྟེན་སྲིད་པ་དེ་སྲིད་སྡུག་བསྔལ་བསྡོམས ་བ་ཐམས་ཅད་བཀུར་བར་ནུས་ཏེ། བྱང་ཆུབ་སེམས་དཔའ་ཕན་པ་དང་བདེ་བ་བཞེད་པས། བ་བེའུ་ལ་བྱམས་པ་བཞིན་དུ། སེམས་ཅན་དེ་དག་བྱམས་པས་ལེན་ཏོ།། དེ་ནས་འདི་ནི་ལྷག་མ་ཡི།། ས་རྣམས་བསྒོམ་པའི་ལམ་འདི་ལ། ཞེས་བྱ་བ་ནི་ས་དང་པོ་ལ་ཡང་མཐོང་བའི་ལམ ་གྱི་འོག་ཏུ་བསྒོམ་པའི་ལམ་ཡོད་མོད་ཀྱི། ས་མ་ལུས་པར་ཡོངསུ་དག་པ་ལས་ས་གཉིས་པ་ལ་སོགས་པའི་བསྒོམ་པའི་ལམ་གང་ཡིན་པ་དེའི་དབང་དུ་མཛད་ནས། འདི་སྐད་དུ་དེ་ནས་འདི་ནི་ལྷག་མ་ཡི།། ས་རྣམས་བསྒོམ་པའི་ལམ་འདི་ལ། ཞེས་བཤད།། གང་གི་ཕྱིར། དེ་ནས ་དེས་ནི་འཇིག་རྟེན་ལས།། འདས་པའི་ཡེ་ཤེས་བླ་མེད་པ།། རྣམ་པར་མི་རྟོག་དྲི་མ་མེད།། འཛིན་པ་གཉིས་དང་བྲལ་བ་འཐོའོ།། དེ་འདིའི་གནས་ཡོངས་གྱུར་པ་སྟེ།། ས་ནི་དང་པོ་ཡིན་པར་འདོད།། འདིའི་དེ་བསྐལ་པ་དཔག་མེད་ཀྱིས།། ཤིན་ཏུ་རྣམ་པར་དག་པར་འགྱུར་ཞེས ་བཤད་པ་འདི་ལྟ་བུ་ལས་ཀྱང་ས་དང་པོ་ལ་ཡང་བསྒོམ་པའི་ལམ་ཡོད་པར་མངོན་ཏེ། ས་ཐོབ་པ་དེ་བསྐལ་པ་དཔག་ཏུ་མེད་པས་ཡོངསུ་སྦྱོང་བ་གང་ཡིན་པ་ཡང་ནས་ཡང་དུ་གོམས་པར་བྱེད་པ་དེ་ནི་བསྒོམ་པའི་ལམ་ཞེས་བྱའོ།། རྣམ་པར་རྟོག་པའི་བག་ཡེ་ཉལ་གྱིས་མི ་མི་ཤིག་པའི་དོན་གྱིས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བག་ཆགས་ལས་རྣམ་པར་རྟོག་པ་གང་དག་འབྱུང་བའི་རྣམ་པར་རྟོག་པ་དེ་དག་གིས་རྡོ་རྗེ་ལྟ་བུའི་ཏིང་འཛིན་དེ་གཞིག་པར་མི་ནུས་ལ། དེས་ནི་རྣམ་པར་རྟོག་པའི་བག་ཆགས་ཐམས་ཅད་མ་ལུས་པར་ཤིགས ་པསོ།། དེའི་འོག་ཏུ་གནས་གཞན་དག་དུ་འགྱུར་བའི་མཐར་ཕྱིན་པ་འཐོའོ།། ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་ངན་ལེན་མ་ལུས་པར་སྤངས་པས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་མཇུག་ཐོག་སུ་གནས་གཞན་དུ་གྱུར་པ་མཐར་ཐུག་པ་འཐོག།། ཐམས་ཅད ་མཁྱེན་པ་ཉིད་ཀྱི་གོ་འཕང་བླ་ན་མེད་པ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པ་འཐོབོ།། ཞེས་བྱ་བ་ནི་ལམ་གྱི་གནས་ཡོངསུ་གྱུར་པ་འཐོབ་པའོ།། སངས་རྒྱས་རྣམས་ནི་རྟག་ཏུ་རང་དོན་ཡང་དག་སྦྱོར་ལ་ལེགས་པར་བསྔགས་པ་དང་། ཞེས ་བྱ་བ་ནི་གདམས་ངག་རྗེསུ་བསྟན་པ་མདོར་བསྡུས་ནས་ཚིགསུ་བཅད་པ་གཅིག་གིས་སྟོན་ཏེ། ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་མཛད་ནས། རང་དོན་ཡང་དག་པར་སྦྱོར་ལ་ཞེས་བྱ་བ་གསུང་སོ།། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ ་པ་སྟེ། བྱང་ཆུབ་སེམས་དཔའི་རང་གི་དོན་ཡིནོ།། དེ་ལ་ཡང་དག་པར་སྦྱོར་བའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་གསོ་ལེག་སོ།། ཞེས་ཡང་དག་པར་གཟེངས་བསྟོད་ཅིང་བསྔགས་པ་མཛད།། ལོག་པར་སྦྱོར་བ་ལེ་ལོ་ཅན་རབ་ཏུ་མི་སྦྱར། ་བ་རྣམས་ལ་ནི་སྨོད་པར་མཛད།། ལྷག་པའི་སེམས་ལྷག་པའི་ཤེས་རབ་ཀྱི་དབང་མཛད་ནས། གནས་དང་རྣམ་འབྱེད་ལྷུར་ལེན་ཅེས་གསུངས་ཏེ། ཞི་གནས་དང་གནས་པ་དང་། ཏིང་འཛིན་ཅེས་བྱ་བ་ནི་རྣམ་གྲང་སོ།། རྣམ་པར་འབྱེད་པ་ནི་ལྷག་མཐོང་གི་རྣམ་གྲང་སོ།། གང་ཞིག ་སྤངས་པ་དང་རྟེན་པས་ཞེས་བྱ་བ་ནི་བར་ཆད་དང་བཅས་པའི་ཆོས་རྣམས་ནི་སྤོད་ལ་མཐུན་པ་ནི་བསྟེན་ཏོ།། དེ་ནི་མཐོང་བ་རབ་དག་ཅེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ།། མི་རྟོག་བྱང་ཆུབ་ཀྱིས་ཞེས་བྱ་བ་ནི། རྟོག་པ་མེད་པའི་ཡེ་ཤེས་ཀྱིས ་ཞེས་བྱ་བའི་ཐ་ཚིག་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་དང་བྲལ་བ་དེ་དག་གིསོ།། མུན་པ་ཆེན་པོ་ཞེས་བྱ་བ་ལ། མུན་པ་ཆེན་པོ་ནི་ཤེས་བྱའི་ཚོགས་ཆེན་པོ་ལ་སྒྲིབ་པའི་ཕྱིར་ཤེས་བྱའི་སྒྲིབ་པ་ཡིན་ཏེ། མུན་པ་དེ་ཡེ་ཤེས་འདི་དག་གིས་བསལ་ནསོ།། ཉི་མ་ཆེན ་བོ་དག་ཤར་བ་བཞིན་དུ་འགྲོ་བ་རྣམས་ལ་ལམ་མེའོ།། ཞེས་བྱ་བ་ནི་ཉི་མ་བརྟགས་པར་བྱས་པ་སྟེ། ཉི་མ་གང་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འགྲོ་བ་ཐམས་ཅད་ལ་སྣང་བར་ཡང་བྱེད་ལ་རྟག་ཏུ་ཡང་སྣང་བར་བྱེད་ཅིང་། ནུབ་པར་ཡང་མི་འགྱུར་བ་དེ་ལྟ་བུ་འགའ་ཞིག ་ཡོད་པར་གྱུར་ན་དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་མུན་པ་ཆེན་པོ་ཤེས་བྱའི་སྒྲིབ་པ་བསལ་ནས་ཡེ་ཤེས་ཀྱི་འོད་ཟེར་དག་གིས་འགྲོ་བ་ཐམས་ཅད་ལ་སྣང་བར་བྱེའོ།། གདམས་ངག་རྗེསུ་བསྟན་པའི་སྐབས་རྫོགསོ།། །། གདམས་ངག་རྗེསུ་བསྟན་པའི་སྐབས ་ཀྱི་འོག་ཏུ་ཐབས་དང་ལྡན་པའི་ལས་ཀྱི་སྐབས་ཏེ། འདི་འབྲེལ་པ་གང་ཡིན་ཞེ་ན། འདི་སྐདདུ། བསླབ་པ་གང་ཡིན་པ་དང་ཞེས་བཤད་པས་དེའི་ཕྱིར་དེ་ནི་དམིགས་པ་གང་ལ་རྣམ་པ་འདི་དག་གིས་འཇུག་དགོས་པས་མཇུག་ཐོག་སུ་བསླབ་པའི་ཁྱད་པར་བརྗོད་པར་བྱའོ།། དེ་ལ ་བསླབ་པ་ནི་གང་ཡིན། དེའི་ཁང་པར་ནི་གང་ཡིན་ཞེ་ན། བསླབ་པ་ནི་རང་གི་བྱ་བ་སྒྲུབ་པ་ཡིནོ།། དེའི་ཁྱད་པར་ནི་ཐུན་མོང་མ་ཡིན་པ་ཉིད་ཡིནནོ།། རང་གི་བྱ་བ་སྒྲུབ་པ་ནི་འདིར་ཐུན་མོང་དང་ཁྱད་པར་སྟེ། དེ་ལ་ཐུན་མོང་ནི་ལས་མངོན་པར་འདུ་བྱ་བ་ཕྱིན་ཅི་མ་ལོག་པར་བྱེད་པ་སྟེ། ཐབ་།། ་དང་ལྡན་པའི་ལས་གང་ཞེས་གང་བཤད་པ་ཡིནོ།། དེའི་ཐུན་མོང་ནི་ལས་མངོན་པར་འདུ་བྱེད་པ་དགེ་བ་ཐམས་ཅད་ལ་ཀུན་ཏུ་འགྲོ་བའི་ཕྱིརརོ།། ཁྱད་པར་ནི་ཕ་རོལ་ཏུ་ཕྱིན་པ་འཆད་པར་འགྱུར་བ་དག་ལྟ་བུ་ཡིནོ།། ཐབས་དང་ལྡན་པའི་ལས་རྣམ་པར་དབྱེ་བ་ཞེས་བྱ་བ་ལ།། ་ཐབས་དང་ལྡན་པའི་ལས་རྣམ་པར་དབྱེ་བ་ནི་འདི་ལྟར་འཇུག་ནས། དེས་ན་འདིས་ནི་དེའི་ཐབས་ཡང་དག་བཟུང་བའི་ཕྱིར། ལས་རྣམས་དག་པ་མཐའ་ཡས་དེའི་ཕ་རོལ་འགྲོ་ཞེས་འཆད་པར་འགྱུར་བ་ལྟ་བུ་ཡིན།། དཔེར་ན་སེམས་ཅན་དང་སེཾན་མ་ཡིན་པར་བགྲང་བའི་རྟེན།། ་ས་ཡིན་པ་ལྟ་བུ་སྟེ། སེམས་ཅན་སྨོས་པས་ནི་སེམས་ཅན་དུ་དགྲང་བ་ཇི་སྙེད་པ་ཐམས་ཅད་བསྡུས་ཏེ། དེ་དག་ཀྱང་ཉེ་བར་སྤྱོད་པ་པོ་ཉི་དུ་བསྟན་ཏོ།། སེམས་ཅན་མ་ཡིན་པར་བགྲང་བ་ནི་ནགས་ཚལ་དང་། རི་དང་། ཆུ་བོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། ཉེ་བར་སྤྱད་པར། ་བྱ་བ་ཉི་དུ་བསྟན་ཏོ།། བརྟན་པ་ནི་རི་ལ་སོགས་པའོ།། མི་བརྟན་པ་ནི་ཆུ་བོ་ལ་སོགས་པའོ།། འདི་དག་ཐམས་ཅད་ཀྱི་རྟེན་ས་ཡིན་པ་དེ་བཞིན་དུ། སྦྱིན་པ་ལ་སོགས་པའི་དགེ་བ་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པའི་རྟེན་ཀྱང་ལུས་ལ ་སོགས་པའི་ལས་གསུམ་ཡིནོ།། འདི་ནི་ལས་དགེ་བའི་ཐབས་ཡིན་ཏེ། ཇི་ལྟར་ས་ལ་བརྟན་ནས་ནགས་ཚལ་ལ་སོགས་པ་སྐྱེ་བ་དེ་བཞིན་དུ་དགེ་བའི་ཆོས་ཐམས་ཅད་ཀྱང་ལུས་ལ་སོགས་པའི་ལས་གསུམ་ལ་བརྟེན་པ་ཡིན་གྱི། ལུས་ལ་སོགས་པའི་ལས་གསུམ ་མེད་པར་ནི་དགེ་བའི་ཆོས་འགའ་ཡང་ཀུན་ནས་ལྡང་བ་མེདོ།། ཞེས་དེ་ལྟར་ཐབས་ཡིན་པར་ཁོང་དུ་ཆུད་ནས། བྱང་ཆུབ་སེམས་དཔའ་ལས་གསུམ་ཡོངསུ་སྦྱངས་པའི་ཕྱིར་འཇུག་པས་ན། ཀུན་ནས་སློང་བའི་ཐབས་ཞེས་བྱའོ།། ཤིན་ཏུ་དཀའ་བའི་ལས་ནི་ངོ་བོ་སྣ ་ཚོགས་པ། བསྐལ་པ་མང་པོས་མཐར་ཕྱིན་པ་སྔོན་བརྩོན་བདག་ཉིད་ཅན། ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཤིན་ཏུ་དཀའ་བ་ངོ་བོ་སྣ་ཚོགས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་ལས་བསྡུས་པ་རྣམ་སོ།། སྦྱིན་པ་ལ་སོགས ་བའི་ལས་ཡན་ལག་གི་དམ་པ་མགོ་དང་ལག་པ་དང་རྐང་པ་དང་མིག་ལ་སོགས་པ་ཡོངསུ་གཏོང་བས་ལྷག་པར་སྤྱོད་པ་གང་ཡིན་པ་སྣ་ཚོགས་པ་དེ་དག་ཉིད་བསྐལ་པ་མ་དཔོས་ཡོང་སུ་རྫོགས་པར་འགྱུར་ཏེ། བསྐལ་པ་རྫོགས་པ་ནི་ཚོར་ཕྱིན་པ་ཞེས་བྱའོ།། དེ་ལྟར ་རབ་ཏུ་སྦྱོར་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ལ་སོགས་པའི་ལས་ལ་སྐྱོ་བ་མེདདོ།། དེ་ཅིའི་ཕྱིར་ཞེ་ན། ཡུན་རིང་པོ་ནས་འདྲིས་པའི་ཕྱིརརོ།། དེས་ནི་ཡུན་རིང་པོ་ནས་ཐེག་པ་ཆེན་པོ་ཆོས་ལ་གོམས་པ་ངང་དུ་གྱུར་པ་ཡིན་ཏེ། ཇི་སྐདདུ། དགེ་བའི་ཆོས་འདི་དག་ཉིད་གོམས ་བ་ལ་བརྟེན་ནས་གང་གིས་ན་སོ་སོར་མ་བརྟགས་པར་དེ་དག་ཁོ་ན་ལ་དགའ་བར་འགྱུར་བ་དེ་ལྟ་བུའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱེད་ཞེས་གསུངས་པ་ལྟ་བུའོ།། དེ་ལྟར་བསྐལ་པ་མང་པོ་ཚར་ཕྱིན་པས་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ། སྐྱོ་བ་འབྱུང་བར་མི།། ་འགྱུར་ཏོཏེ།། ང་དུ་གྱུར་པ་ནི་རྨི་ལམ་ན་ཡང་ཀུན་ཏུ་སྤྱོད།། འདི་ལྟར་བདག་ལ་ཕན་པར་འདོད་ཅིང་གསོན་པར་འདོད་པ་ནི་དུག་དང་མཚན་དང་གནམ་ལྕགས་ཆེན་པོ་དང་། དགྲ་ལས་བདག་ཉིད་སྐྱོབ་པར་བྱེའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ལུས་ལ་སོགས་པའི་ལས་ཉན ་ས་དང་རང་སངས་རྒྱས་ཀྱི་ཐེག་པར་ལྟུང་བ་ལས་སྐྱོབ་པར་བྱེད་ཅིང་ཉན་ཐོས་ཀྱི་ཐེག་པར་ཡོང་སུ་མི་བསྔོའོ།། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོང་པ་ལ་རབ་ཏུ་ཞུགས་པ་དེ་ཡོངསུ་བོར་ནས་ཐེག་པ་དམན་པ་ལ་བརྟེན་པ་ནི་འཆི་བ་ཡིན་པས་བྱང་ཆུབ་སེམས ་དཔའི་ལུས་ལ་སོགས་པའི་ལས་དགེ་བ་ཐེག་པ་དམན་པར་ཡོངསུ་བསྔོས་པ་ནི་དུག་དང་མཚོན་དང་གནམ་ལྕགས་ཆེན་པོ་དང་དགྲ་དང་འདྲའོ་ཞེས་བྱ་བར་རིག་སྟེ། བྱང་ཆུབ་སེམས་བསྐྱེད་ལ། ཡང་དེ་ཡོངསུ་བོར་བར་ནི་རིགས་པ་མ་ཡིན་སྙམ་ནས་ཐེག་པ་དམན་པར་ཡོངསུ ་བསྔོས་པའི་སེམས་དེ་དེ་ལས་བསླང་སྟེ་ཐེག་པ་ཆེན་པོ་ཁོ་ན་ལ་འཇུག་པར་བྱེད་པས་ན་ལྡང་བའི་ཐབས་ཞེས་བྱའོ།། ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བ་གཅོད་པའི་ཕྱིར་དང་། དགེ་བ་མ་སྐྱེས་པ་མི་སྐྱེད་ཅིང་ཞེས་བྱ་བ་ནི་ཇི་ལྟར་མཚོན་ལ་སོགས་པས་ཤིང་ལ་སོགས་པའི་རྩ། ་བ་བཅད་ན། ཡལ་ག་དང་ལོ་མ་དང་། མེ་ཏོག་ལ་སོགས་མ་སྐྱེས་པ་རྣམས་མི་སྐྱེ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ལུས་ལ་སོགས་པའི་ལས་ཐེག་པ་དམན་པར་ཡོངསུ་བསྔོས་པས་མཚོན་ལ་སོགས་པ་དང་འདྲ་བས་དེ་བཞིན་གཤེགས་པའི་ལྗོན་ཤིང་སྐྱེ་བར ་ད་འི་རྩ་བ་ཀུན་ཆད་པར་འགྱུརརོ།། དེས་ན་ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་དག་སྐྱེ་བར་མི་འགྱུརརོ།། དགེ་བའི་ལོ་ཏོག་སྐྱེས་པ་འཇོམས་པ་ནི་གནམ་ལྕགས་དང་ཆོས་མཐུན་པསོ།། སངས་རྒྱས ་ཉིད་ཕུན་སུམ་ཚོགས་པ་འཐོབ་པའི་གནས་གྱུར་པ་ནི་དགྲ་དང་ཆོས་མཐུན་པསོ།། རྟག་ཏུ་རྣམ་པར་མི་རྟོག་ལས་ཅན་ལས་མིན་ཞིང་།། ལྔས་ཀྱི་བྱ་བ་དང་། རྣམ་གསུམ་ལ་མི་ལྟ་སྟེ། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྟག་ཏུ་རྣམ་པར་མི་རྟོག་པ་ནི། བྱེད་པ་པོར་ཡང་མི་རྟོག། ་ལསུ་ཡང་མ་ཡིན། ལས་ཀྱི་བྱ་བར་ཡང་མ་ཡིན།། ལས་མངོན་པར་འདུ་བྱེད་པ་ནི་དགེ་པའི་ཆོས་ཐམས་ཅད་ལ་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར་བསླབ་པའི་ཕྱིར་བསྟན་ཏེ།། ད་ནི་ཁྱད་པར་བརྗོད་དགོས་ཏེ། དེ་བསྟ་དོ།། ལས་ནི་རང་གི་སངས་རྒྱས་ཀྱི་ཆོས་ཚོགས་ཕ་རོལ་ཏུ་ཕྱིན་པ་དང ་རྗེ་སུ་བཟུང་བའི་བྱ་བ་དགེ་བའི་ལས་ཀུན་ཏུ་འགྲོ་བའི་ཕྱིར་གཙོ་བོ་ཡིན་ཏེ། དེའི་ཕྱིར་འདི་དང་པོར་སྨོ་སོ།། རང་ལ་ཕན་པ་ཕུན་སུམ་ཚོགས་ན་གཞན་ལ་ཕན་པ་སྒྲུབ་པར་བཟོད་པར་འགྱུར་བར་དེའི་ཕྱིར་དང་པོར་རང་ལ་ཕན་པ་སྒྲུབ་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམ་སོ།། དེའི ་འོག་ཏུ་གཞན་རྗེ་སུ་བཟུང་བའི་ཕྱིར་བསྡུ་བའི་དངོས་པོ་རྣམས་འབྱུང་།། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གིས་ནི་མངོན་པར་མཐོ་བ་རྣམ་པ་བནི་བསྟན་ཅེས་བྱ་བ་ནི་དེ་དག་བསྟེན་པས་ཚེ་ཕྱི་མ་ལ~ཾ་ཕུན་སུམ་ཚོགས་པོའི་ལོངས་སྤྱོད་ད ་ལུས་ཁྱད་པར་དུ་འཕགས་པ་འཐོབ་པ་ལ་སོགས་པ་ལས་གང་ཡིན་པ་དེ་དག་བསྟན་ཏོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་བྱ་བ་བརྩམ་པ་ལ་ཕྱིན་ཅི་མ་ལོག་པར་བསྟན་ཏོ།། མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐམས་ཅད་ནི་འདི་ཙམ་དུ་ཟད་ལ། དེ་དག་ཀྱང་ཕ་རོལ་ཏུ་ཕྱིན ་པ་དྲུག་པོ་ཁོ་ནས་འགྱུར་གྱི། ཉུ་དུས་ཀྱང་མ་ཡིན་ལ། མང་པོས་ཀྱང་མ་ཡིན།། རྣམ་པར་མི་འཚེ་བ་ཞེས་བྱ་བ་ནི་བདག་ཉིད་རྣམ་པར་འཚེ་བར་མི་བྱེད་པའོ།། རྣམ་པར་འཆི་བ་བཟོད་པ་ཞེས་བྱ་བ་ནི་གཞན་དག་གིས་དབྱུག་པ་དང་། མཚན་ལ་སོགས་པས་རྣམ་པར་གཙེས་པ་ཐད ་བཟོད་པའོ།། སེམས་ཅན་དང་སེམས་ཅན་མ་ཡིན་པས་བྱས་པའི་སྡུག་བསྔལ་ཞེས་བྱ་བ་ལ། སེམས་ཅན་གྱིས་བྱས་པའི་སྡུག་བསྔལ་ནི་མི་ལ་སོགས་པས་བྱས་པ་གང་ཡིན་པའོ།། སེམས་ཅན་མ་ཡིན་པས་བྱས་པ་ནི་རླུང་དང་ཉི་མ་དང་ཆར་པ་དང་སེར་བ་ལ་སོགས་པས་བྱས ་པ་གང་ཡིན་པའོ།། ཚུལ་ཁྲིམས་ནི་དེ་ཐོབ་པའི་རྣམ་པར་གཡེང་བ་ཡང་དག་པར་སྡོམ་པ་རྣམས་ཀྱི་ལམ་སྟེ། ཞེས་བྱ་བ་ལ་དེ་ཞེས་བྱ་བའི་སྒྲས་ནི་ཡུལ་བཟུང་།། དེ་དག་ཐོབ་པ་ནི་དེ་ཐོབ་པའོ།། དེ་ཐོབ་པར་བྱ་བའི་ཕྱིར་རྣམ་པར་གཡེང་བ་ནི་དེ་ཐོབ་པའི་རྣམ་པར་གཡེང་བའོ།། དེ་ཐོབ ་པའི་རྣམ་པར་གཡེང་བ་ཡང་དག་པར་སྡོམ་པ་ནི་ཐོབ་པའི་རྣམ་པར་གཡེང་བ་ཡང་དག་པར་སྡོམ་པ་སྟེ། དགེ་སློང་གི་སྡོམ་པ་ལ་གནས་པ་ལ་ཡུལ་ཐོབ་པར་བྱ་བའི་ཕྱིར་རྣམ་པར་གཡེང་བ་གང་དག་ཡིན་པ་དེ་དག་མི་འབྲུའོ།། དེ་གཉིས་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི ་སྒྲིབ་པ་རྣམ་པར་སྦྱོར་བའི་ཕྱིར།། ཞེས་བྱ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ནི་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་རྣམ་པར་གནོད་པར་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མ་ལུས་པར་རྩ་ནས་འདོན་པར་བྱེད།། དང་པོ་གསུམ་ཞེས་བྱ་བ་ལ་བསླབ་པ་དང ་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དག་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ།། ཚོགས་དང་བཅས་པ་དང་འཁོར་དང་བཅས་པ་གཟུང་བའི་ཕྱིར།། ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་ཚོགས་ནི ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། དེའི་ངོ་བོ་ཉིད་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འཁོར་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། སྦྱིན་པ་ནི་མི་མཐུན་པའི་ཕྱོགས་སར་སྣ་ཉམས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང་འདོད་པ་ཐམས་ཅད་ཡོངསུ་རྫོགས ་པར་བྱེད་པ་དང་། སེམས་ཅན་ཡོངསུ་སྨིན་པར་བྱེད་པ་སྟེ། མཚན་ཉིད་རྣམ་པ་འདི་བཞི་དང་ལྡན་པའི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་ཀྱི། གཞན་དུ་མ་ཡིན།། གཞན་དག་ལ་ལུས་དང་ངག་ཐམས་ཅད་ཡང་དག་པར་སྡོམ་པས་འདོད་པ་ཡོངསུ ་རྫོགས་པར་བྱེད་པའི་ཕྱིརརོ།། ཞེས་བྱ་བ་ནི་གལ་ཏེ་གཞན་འདི་སྙམ་དུ། ཀྱེ་མ་བདག་ལ་ལུས་དང་ངག་དོང་ཡིད་ཀྱིས་རྣམ་པར་མི་འཚོ་ཡང་ཅི་མ་རུང་སྙམ་ན། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་གཞན་ལ་རྣམ་པར་འཚེ་བ་མི་སྐྱེདདོ།། གནོད་པ་བྱེད་པ་ལ་བཟོད་པས ་གཞན་དག་གི་འདོད་པ་ཡོངསུ་རྫོགས་པ་ནི་གལ་ཏེ་གཞན་དག་ལུས་ལ་སོགས་པས་བྱང་ཆུབ་སེམས་དཔའ་ལ་གནོད་པ་རྣམ་པ་སྣ་ཚོགས་བྱེད་ཅིང་གནོད་པ་བྱེད་པ་དེ་དག་ཀྱང་འདི་སྙམ་དུ། ཀྱེ་མ་བདག་གིས་ལུས་ལ་སོགས་པས་གནོད་པ་བྱས་པ་བཟོད ་སྙམ་དུ་སེམས་ལ་བྱང་ཆུབ་སེམས་དཔའ་ཡང་བུ་གཅིག་པ་ལ་བྱམས་པ་ལྟ་བུས་ཐམས་ཅད་བཟོད། ལན་མང་པོ་ཞིག་ཏུ་རྣམ་པར་གཙེས་ཀྱང་གཞན་དག་ལ་གནོད་པ་བྱ་བའི་ཕྱིར་མི་འཇུག། དེ་བཞིན་དུ་བརྩོན་འགྲུས་ལ་སོགས་པས་གྲོགས་བྱེད་པར་འདོད་པ་ལ་སོགས་པ་ལ ་ཡང་སྦྱར་བར་བྱའོ།། སྦྱིན་པ་ནི་ཉོན་མོངས་པ་མང་བ་ཉིད་ཀྱིས་དམན་ལ་ཚུལ་ཁྲིམས་ནི་མཆོག་ཡིན་ཏེ། ལུས་དང་ངག་དང་ཡིད་བསྡམས་པ་ལ་ཉོན་མོངས་པ་ཉུང་བའི་ཕྱིར།། སྦྱིན་པ་ནི་འཇུག་སླ་བའི་ཕྱིར་རགས་ཞེས་བྱ་བ་ནི་སྦྱིན་པ་ལ་ནི་འཇུག་པར་ཡང་སླ་ལ་བྱ་བར་ཡང ་སླ་སྟེ། འདི་ལྟར་སྦྱིན་པ་ནི་ཀླ་ཀློ་དང་གདོལ་པ་ལ་སོགས་པ་ཡང་སྦྱིན་པར་བྱེད་ལ། དེ་དག་ཚུལ་ཁྲིམས་ཡང་དག་པར་བླང་བར་ནི་རྣམ་པ་གང་གིས་ཀྱང་མི་བཟོད།། ཕ་རོལ་ཏུ་ཕྱིན་པ་པོ་སྒོམ་པ་རྣམ་པ་བཞི་ཞེས་བྱ་བ་ནི་དངོས་པོ་ལྔ་བརྟེན་པ་ནི་རྣམ་པ་བཞིའོ།། ཡིད་ལ་བྱེད་པ་ལ ་བརྟན་པ་ཡང་རྣམ་པ་བཞིའོ།། བསམ་པ་ལ་བརྟེན་པ་ཡང་རྣམ་པ་དྲུག། ཐབས་ལ་བརྟེན་པ་ནི་རྣམ་པ་གསུ་མོ།། དབང་འབྱོར་པ་ཉིད་ལ་ཡང་རྣམ་པ་གསུམ་ཁོ་ན་སྟེ། འདི་དག་གི་རྣམ་པར་དབྱེ་བ་ནི་འགྲེལ་པ་ནི་ཁོ་ན་ལས་ལགས་པར་རྣམ་པར་ཕྱེ་བ་ཡི་ནོ།། དངོས་པོ་ལ་བརྟེན།། ་པ་ཞེས་བྱ་བ་ལ། དངོས་པོ་ནི་གཞི་ཞེས་བྱ་བ་ལ་དོན་ཐ་དད་པ་མ་ཡིན་པས་གཞི་ལ་བརྟེན་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐ་དུ། དངོས་པོ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་འདི་དག་དང་ལྡན་པའི་དད་པའི་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་འབྱུང་བ ་གཞི་དང་བཅས་པའི་བསོད་ནམས་བྱ་བའི་གཞི་ཞེས་བྱ་བར་མངོན་པ་ལྟ་བུའོ།། རྒྱུ་ལ་བརྟེན་པ་ནི་རིགས་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསྒྲུབ་པ་གོམས་པ་གང་ཡིན་པའོ།། ཞེས་བྱ་བ་ནི་དགེ་པའི་བཤེས་གཉེན་ལ་བརྟན་པ་ལ་སོགས་པ་མེད་པར་སྐྱེ ་མཆེད་དྲུག་གི་ཁྱད་པར་ཐོག་མ་མེད་པོ་ནས་བརྒྱུད་འོངས་པ་ཆོས་ཉིད་ཀྱིས་ཐོབ་པ་ཁོ་ན་དེ་འདྲ་སྟེ། དེའི་སྟོབས་ཁོ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་པ་གང་ཡིན་པ་དེ་ནི་རྒྱུ་ལ་བརྟེན་པ་ཞེས་བྱའོ།། རྣམ་པར་སྨིན་པ་ལ་བརྟེན་པ་ནི་ལུས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས ་གང་ཡིན་པའོ།། ཞེས་བྱ་བ་ནི་སྔོན་སྦྱིན་པ་ལྔ་སོགས་པ་གང་གིས་ན་ཚེ་རབས་གཞན་དག་ན་སོ་སོར་བརྟག་པ་མེད་པར་སྦྱིན་པ་ལ་སོགས་པ་ལ་དགའ་བ་འབྱུང་བར་འགྱུར་བ་དེ་ལྟ་བུའི་རྣམ་པོར་སྨིན་པ་མངོན་པར་འགྲུབ་པར་འགྱུར་བ་དེ་ལྟར་ཤིན་ཏུ་གོམས་པ་ཡིན།། སྨྱོན ་ལམ་གྱི་སྟོབས་ཀྱིས་ཞེས་བྱ་བ་ནི་སྔོན་སྦྱིན་པ་ལ་སོགས་པ་ལ་གོམས་པ་མེད་ཀྱི་སྨོན་ལམ་བཏབ་པ་འབའ་ཞིག་ཏུ་ཟད་པ་སྟེ། ང་དང་ང་ཡི་ཞེས་བྱ་བྲལ།། དངོས་པོ་ཀུན་ལ་མི་བརྟེན་ཅིང་།། སེར་སྣ་མེད་པར་སེམས་ཅན་དག། ཀུན་ལ་ཕན་ཕྱིར་སྦྱིན་པ་སྦྱིན།། ཞེས་བྱ་བ་ལ་སོགས ་པ་དེ་ལྟ་བུའི་སྨོན་ལམ་གྱི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་གང་ཡིན་པ་དུ་ནི་སྨོན་ལམ་གྱི་སྟོབས་ཞེས་བྱའོ།། སོ་སོར་རྟོག་པའི་སྟོབས་ལ་བརྟེན་པ་ནི་ཤེས་རབ་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་གང་ཡིན་པའོ།། ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟོབས ་ཀྱིས་ཡུལ་གྱི་ཉེ་བར་སྤྱད་པ་རྣམས་ནི་རྨི་ལམ་གྱི་ཉེ་བར་སྤྱད་པ་ལྟ་བུ་སྟེ། མི་བསྟན་པ། ཡིད་བརྟན་དུ་མི་རུང་བ། འཇིག་པའི་ཆོས་ཅན་ཡིནོ་ཞེས་དེ་ལྟར་ཡོངསུ་དཔྱད་ནས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་སྟོབས་ལ་བརྟེན་པ་ཞེས་བྱའོ།། ་མོས་པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་ཐམས་ཅད་ལ་མོས་པ་ཡིནོ།། ཞེས་བྱ་བ་ནི་ཇི་ལྟར་མོས་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་ཁམས་རྟས་པར་འགྱུར་བའོ།། ངོམས་མི་ཤེས་པའི་བསམ་པ་རྣམ་པར་ཞི་ལ་དངོས་པོས་ངོམས་མི་ཤེས ་པའི་བསམ་པ་ནི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ་སྦྱིན་པར་བྱེད་ཅེས་གང་བཤད་པ་ཡིནོ།། བདག་ཉིད་ཡོངསུ་གཏོང་བ་ཡིན་པས་མི་ཤེས་པའི་བསམ་པ་ནི་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྦྱིན་པར་བྱེད་ཅིང་ཞེས་གང་བཤད་པ ་ཡིན།། དུས་ཀྱིས་ངོམས་མི་ཤེས་པའི་བསམ་པ་ནི་དེ་བཞིན་དུ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྐད་ཅིག་མ་རེ་རེ་ལ་སྦྱིན་པར་བྱེད་ཅེས་གང་བཤད་པ་ཡིནོ།། སེམས་ཅན་རྣམས་ངོམས་མི་ཤེས་པའི་བསམ་པ་ནི་སེམས་ཅན་གཅིག་ལ་ཇི་ལྟ་བ་བཞིན་དུ་བླ་ན་མེད་པ་ཡང་དག། ་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསསུ་སྨིན་པར་བྱ་བའི་སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་དག་ལ་རྣམ་གྲངས་འདིས་སྦྱིན་པར་བྱེད་ཀྱང་། བྱང་ཆུབ་སེམས་དཔའི་སྦྱིན་པའི་བསམ་པ་ལ་ངོམས་པ་མེད་པ་ཉིད་ཅེས་བཤད་པ་ཡིན་ཏེ། དེ་ནི་མདོར་བསྡུས་ན་དངོས་པོས་ངོམས་མི་ཤེས། ་བསམ་པ་དང་། བདག་ཉིད་ཡོངསུ་གཏོང་བས་ངོམས་མི་ཤེས་པའི་བསམ་པ་དང་། དུས་ཀྱིས་ངོམས་མི་ཤེས་པའི་བསམ་པ་དང་། སེམས་ཅན་རྣམས་ལ་ངོ་མོས་མི་ཤེས་པའི་བསམ་པ་ཡིནོ།། ཉམས་པར་མི་བྱེད་ཅེས་བྱ་བ་ནི་སྐད་ཅིག་མ་འདབ་ཆགསུ་ཟིན་ཀྱང་གལ་ཏེ་ན་དུས ་ཅུང་ཟད་ཅིག་འཇུག་སྲིད་པས་དེ་ཡོངསུ་སྤང་བའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བར་རྒྱུན་གཅོད་པར་མི་བྱེད་ཅེས་བྱ་བ་སྨོསོ།། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་སྟོན་པ་ཡིན་པའི་ཕྱིརརོ་ཞེས་བྱ་བ་ནི་སེམས་ཅན་དེ་དག་ལ་དེ་ལྟར་ཕན་བརྟགས ་ན་བྱང་ཆུབ་ཉེ་བར་སྟོན་པར་འགྱུར་བའོ།། ལུས་གཅིག་གིས་སྡུག་བསྔལ་ཉམསུ་མྱོང་བ་ནི་ཧ་ཅང་དཀའ་བ་མ་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཞེས་བྱ་བ་སྨོས་ཏེ་མང་བ་ཉིད་སྟོན་ཏོ།། ལུས་མང་དུ་ཟིན་ཀྱང་ཚེའི་ཆང་ལོ་བརྒྱལ་སོ།། ་པར་སྡུག་བསྔལ་ཉམ་སུ་མྱོང་བར་ནི་ཧ་ཅང་དཀའ་བ་མ་ཡིན་པས་དེའི་ཕྱིར། དེའི་ཚད་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེདདུ་ཞེས་བྱ་བ་སྨྲ་སོ།། རྟག་པར་ཡོ་བྱད་ཐམས་ཅད་ཀྱིས་ཕོངས་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེ་མར་མུར་གྱིས་རབ་ཏུ ་གང་བར་ཞེས་བྱ་བ་ནི་མེས་བསྲེག་པ་ལ་མེ་ཞི་བར་བྱེད་པའི་ཡོ་བྱད་ཆུ་དང་། ཙུན་དང་བྱུག་པ་ལ་སོགས་པ་ཐམས་ཅད་ཀྱིས་ཕོངས་པ་སྟེ། སྲེག་པ་ལ་གཽཉེན་པོར་གྱུར་པ་ཆུ་ལ་སོགས་པ་དེ་དག་མཱ་། དེ་ལྟར་སྲེག་ཀྱང་གལ་ཏེ་སྤྱོད་ལམ་འགའ་ཞིག་གིས། འདུག་པ་འམཉལ ་བ་ལ་མེའི་ཚ་བ་ཧ་ཅང་བྱ་དཀའ་བ་མ་ཡིན་པ་དེའི་ཕྱིར། སྤྱོད་ལམ་རྣམ་པ་བཞི་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་སྨོ་སོ།། སྤྱོད་ལམ་བཞི་ལ་ཞུགས་པའི་ཡང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་མཐའ་དག་ཡོངསུ་རྫོགས་པར་འགྱུར་ན་ནི་ཧ་ཅང་བྱ་དཀའ་བ་མ་ཡིན་པས ་དེའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྐད་ཅིག་མ་གཅིག་སྒོམ་པར་བྱེད་ཅིང་ཞེས་བྱ་བ་སྨོས་ཏེ། རྣམ་གྲངས་འདིས་ནི་བྱང་ཆུབ་སེམས་དཔའ་ངོམས་ཤེས་པའི་བསམ་པ་ཉིད་ཡིནོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་རྗེསུ ་འཛིན་པ་ནི་ཞེས་བྱ་བ་ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྗེ་སུ་འཛིན་ཅོ་ནི། སྡོམ་པོའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ལ་སྲོག་གཅོད་པ་ལ་སོགས་པ་ལྷག་པར་མི་སྤྱོད། དེ་ལྟར་ན་དེ་དག་རྗེསུ་བཟུང་བ་ཡིན།། བྱང་ཆུབ་སེམས ་དཔའ་རྣམས་ཀྱི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱང་སེམས་ཅན་གྱི་དོན་ཁོ་ན་ཡིནོ།། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་ངེས་དང་པོ་ཁོ་ནར་སེམས་ཅན་རྣམས་རྗེ་སུ་འཛིན་ཏེ། དེ་ལྟར་ཚུལ་ཁྲིམས་རྣམ་པ་གསུམ་གྱིས་ཀྱང་རྗེ་སུ་བཟུང ་བ་ཡི་ནོ།། ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཐབས་ལ་བརྟེན་པ་ནི་རྣམ་པ་གསུམ་སྟེ། ཞེས་བྱ་བ་ནི་འཁོར་གསུམ་ཡོང་སུ་དག་པར་སོ་སོར་རྟོག་པ་སྟེ། སྦྱིན་པ་པོ་མི་དམིགས་ཞེས་བྱ་བས་ནི་གང་ཟག་ལ་བདག་མེད་པར་སྟོན་ཏོ།། འདིས་ནི་བདག་མངོན་པར་ཞེན་པ་གང་ཡིན་པ་དེ་མི ་འབྱུང་།། སྦྱིན་པར་བྱ་བ་དང་ལེན་པ་པོ་མི་དམིགས་ཞེས་བྱ་བ་འདིས་ནི་ཆོས་ལ་བདག་མེད་པར་སྟོན་ཏེ། རྣམ་པར་མི་རྟག་པའི་ཡེ་ཤེས་ཡོངསུ་བཟུང་བས་དངོས་པོ་ལ་མངོན་པར་ཞེན་པ་དང་། འདི་ལ་ནི་སྦྱིན་ཞེས་འདི་ལ་ནི་མི་སྦྱིནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལེན་པ་པོ་ལ ་མངོན་པར་ཞེན་པ་གང་ཡིན་པ་དེ་མི་འབྱུང་།། ཡང་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་དེ་གསུམ་ཆར་ཡང་མི་འབྱུང་བས་ཡོངསུ་འཛིན་པ་མེད་པ་ཉིད་མཆོག་ཡིནོ།། སྐུ་ལ་དབང་འབྱོར་པ་ཉིད་ནི་དེ་བཞིན་གཤེགས་པའི་སྐུ་གཉིས་པོ་ངོ་བོ་ཉིད་ཀྱི་དང་། ལོངས་སྤྱོད ་རྫོརྫོགས་པའི་ཡིན་པར་བལྟ་བར་བྱའོ།། ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་འདི་གཉིས་ནི་དབང་འབྱོར་པ་ཐུན་མོང་མ་ཡིན་པ་བརྙེས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཐམས་ཅད་དུ་ཐོགས་པ་མེད་པའི་ཕྱིར ་ན་མཁའ་ལྟ་བུ་དབང་འབྱོར་པ་རྙེད་པ་ཡི་ནོ།། ལོངས་སྤྱོད་རྫོགས་པའི་ནི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཐེག་པ་ཆེན་པོའི་ཆོས་ཐུན་མོང་མ་ཡིན་པ་ལ་རྫོགས་པར་ལོངས་སྤྱོད་པ་དང་། སངས་རྒྱས་ཀྱི་འབྱོར་པ་སྟོན་པས་དབང་འབྱོར་པ་བརྙེས་པ་ཡི་ནོ།། རྒྱུ་ནི་མ་ཆགས ་པ་ལ་སོགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པའོ་ཞེས་བྱ་བ་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དེ་ནི་རྒྱུ་ཡིན་ཏེ། རྒྱུ་འདིས་སྦྱིན་པ་ལ་འཇུག།། གནས་ལྔ་པའི་མདོ་ལས་བྱུང་བ་བཞི་ནོ།། ཞེས་བྱ་བ་ནི་གཞན ་དག་ལ་ཟས་བྱིན་ན་གནས་ལྔ་འཐོབ་པར་འགྱུར་ཏེ། ཚེ་དང་ཁ་དོག་དང་སྟོབས་དང་བདེ་བ་ལྡན་པ་ནི་སྤོབས་པ་ཡིནོ།། ཞེས་འབྱུང་བ་ལྟ་བུ་སྟེ། དེ་ནི་འབྲས་བུ་ཡི་ནོ།། གཉིས་རྗེ་སུ་འཛིན་པ་ཞེས་བྱ་བ་ནི་རང་དང་གཞན་རྗེ་སུ་འཛིན་པའོ།། རྫོགས་པར་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ ་པོའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་སྟེ། འདི་ནི་ལས་ཡིནོ།། དེ་ཡང་སེར་སྣ་མེད་དང་ལྡན། ཞེས་བྱ་བ་ནི་སེམས་ཅན་སེར་སྣ་མེད་པ་དག་ལས་ཡོད་འདི་ནི་ལྡན་པ་ཡིནོ།། ཆོས་དང་ཟང་ཟིང་དང་མི་འཇིགས་པ་ལ་མཐོང་ཞེས་བྱ་བའི་བདུན་པ་གསུམ་པའི་དོན་ཡིནོ།། ཡན ་ལག་དྲུག་ནི་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་བལྟ་བ་དང་། བསླབ་པའི་གཞི་རྣམས་ལ་ཡང ་དག་པར་བླངས་ཏེ་སློབ་པ་ཡིནོ།། མྱ་ངན་ལས་འདས་པའི་བསམ་པས་ཡང་དག་པར་ལེན་པའི་ཕྱིར།། ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་རྒྱུ་ཅན་གྱི་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད། དཔེར་ན་ཟས་གནསོ།། རིག་པས་གནསོ་ཞེས་བྱ་བ་ནི་ཟས་ཀྱི་རྒྱུ་ཅན་དང་རིག ་པའི་རྒྱུ་ཅན་དུ་གནས་པ་ཡིན་པར་ཁོང་དུ་ཆུད་པ་དེ་བཞིན་དུ་མྱ་ངན་ལས་འདས་པའི་རྒྱུ་ཅན་གྱི་ཚུལ་ཁྲིམས་ཡང་དག་པར་ལེན་པ་ཡི་ནོ།། ཉོན་མོངས་པའི་ཡོངསུ་གདུང་བས་ཞི་བས་ཞི་བའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཡང་དག་པར་བླངས་པས་ཉོན་མོངས་པ ་རྣམས་རྣམ་པར་གནོད་པར་བྱེའོ།། དེ་ནས་ཚུལ་ཁྲིམས་ལ་བརྟེན་ནས་བསམ་གཏན་ཐོབ་པ་རེ་ཞིག་ཙམ་སྤོང་ལ། འཕགས་པའི་ཤེས་རབ་ཀྱིས་ས་བོན་ཀུན་ནས་བཅོམ་པའི་སྒོ་ནས་དེ་གཏན་དུ་སྦྱོང་སྟེ། དེ་ལྟར་ན་ཉོན་མོངས་པའི་ཡོངསུ་གདུང་བ ་ཞི་བས་ཞི་བ་ཞེས་བྱའོ།། སྲོག་གཅོད་པ་ལ་སོགས་པའི་རྒྱུནུ་ཅན་གྱིས་འཇིགས་པ་དང་།། ཁ་ན་མ་ཐོ་བ་དང་ཁོ་ན་རྣམས་མི་འབྱུང་བའི་ཕྱིར་འཇིགས་པ་མེད་པའོ།། ཞེས་བྱ་བ་ནི་ཚུལ་ཁྲིམས་ཡང་དག་པར་བླངས་པས་སྲོགཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའི ་རྐྱེན་ཅན་གང་དག་ཡིན་པ་སྟེ། དེའི་རྒྱུ་ཅན་ཞེས་བྱ་བའི་ཐ་ཚིག།། དེ་དག་ཀྱང་གང་ཞེ་ན། འཇིགས་པ་དང་མྱ་ངན་ལ་སོགས་པ་མི་འབྱུང་བ་སྟེ། དེ་དག་ནི་དེའི་རྩ་བ་ཅན་ཡིན་པས་དེ་དང་བྲལ་བའི་ཕྱིར་དེ་དག་ཀྱང་མེད། དེ་བཞིན་དུ་སྲོག་གཅོད་པ་ལ་སོགས་པས་སེམས་ཅན ་དམྱལ་བ་ལ་སོགས་པས་སེམས་ཅན་དམྱལ་བ་ལ་སོགས་པ་འགྲོ་བ་གང་ཡིན་པ་དེ་ཡང་མི་འབྱུང་།། མི་དག་པ་བྱེད་པ་སྲོག་གཅོད་པ་པ་དེ་ཉིད་ལ་ཤ་ཁོན་དུ་འཛིན་པ་རྣམས་ཚུལ་ཡང་དག་པར་བླངས་པའི་ཕྱིར་དེ་ལ་འབྱུང་སྟེ། དེ་ལྟར་ན། རྟེན་དང་གཞི་དང་འཇིགས ་པ་མེད་ཅེས་བྱའོ།། རབ་ཏུ་དབྱེ་བ་རྣམ་པ་གསུམ་གྱིས་འཇུག་པའི་ཕྱིརརོ།། ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པས་བསྡུས་པ་དང་། བསམ་གཏན་གྱིས་སྡོམ་པས་བསྡུས་པ་དང་། ཟག་པ་མེད་པའི་སྡོམ་པས་བསྡུས་པའོ།། མི་མཛད་ཇི་མི་སྙམ་ཤེས་དང་། ཞེས་བྱ་བ་ནི ་བཟོད་པ་རྣམ་པ་གསུམ་གྱི་ངོ་བོ་ཉིད་ཡིན།། ཞེས་བྱ་བ་ནི་གནོད་པོ་བྱེད་པ་ལ་མི་མཇེད་པའི་བཟོད་པ་ནི་མི་མཛད་པ་ཞེས་བྱ་བའི་སྒྲར་བཤད། མི་མཛད་པ་ནི་མི་ཐིང་བ་ཡིན་པའི་ཕྱིར་རོ།། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ནི་ཇི་མོ་སྙམ་པ་ཞེས་བྱ་བའི་སྒྲར ་བཤད།། ཇི་མི་སྙམ་པ་ནི་དྲུང་དུ་ལེན་པའི་ཡིན་པའི་ཕྱིར།། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི་ཤེས་པ་ཞེས་བྱ་བའི་སྒྲར་བ་ཤད། མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་བྱིས་པས་ཀུན་བརྟགས་པའི་ཆོས་རྣམས་ལ་གང་གི་ཚེ་ཤེས་པས་ཆོས ་ཉིད་མེད་པར་བཟོད་པ་དེ་ནི་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཞེས་བྱ་སྟེ། མི་མཛད་པ་དང་ཇི་མི་སྙམ་པ་དང་ཤེས་པ་ཞེས་བྱ་བ་འདི་ནི་བཟོད་པ་རྣམ་པ་གསུམ་ཆེར་གྱི་ངོ་བོ་ཉིད་ཡིནོ།། སྙིང་རྗེ་དང་ཆོས་ལ་བརྟེན་པ་ནི་རྒྱུའོ།། ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་བཟོད་པའི་རྒྱུ ་ཡིན་ཏེ། སྙིང་རྗེ་དང་ལྡན་པ་ནི་བཟོད་པ་བྱེདོ།། ཆོས་ལ་བརྟེན་པ་ནི་ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་ཐོས་པ་ཆུབ་པའོ།། ཞེས་བྱ་བ་ནི་ཚུལ་ཁྲིམས་ཡང་དག་པར་ལེན་པའི་རྒྱུ་ཅན་གྱི་བཟོད་པ་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ལུས་དང་ངག་དང་ཡིད་བསྡམས་པ ་གཞན་དག་ལ་མི་བཟོད་པ་ནི་ཆ་མ་ཡིནོ།། ཐོས་པ་ཆུབ་པའི་རྒྱུན་ཅན་གྱི་བཟོད་པར་ཡང་བྱེད། ཐོས་པའི་སྟོབས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཐེག་པ་ཆེན་པོའི་ཆོས་ཚིག་དང་དོན་གྱི་སྒོ་ནས་ཐོས་ནས་དེའི་སྟོབས་ཀྱིས་བཟོད་པར་བྱེད། དེ་བས་ན། སྙིང ་རྗེས་ཆོས་ལ་བརྟེན་པའི་ཕྱིར།། ཞེས་བྱ་བ་ནི་རྒྱུ་ཡི་ནི།། མི་མཛད་པ་དང་ཇི་མི་སྙམ་པ་དང་། ཤེས་པ་ཞེས་བྱ་བའི་དབང་དུ་བྱས་པའོ།། ཞེས་བྱ་བ་ནི་དེ་ནི་ཞེས་བྱས་པའི་དབང་དུ་བྱས་པ་ཡི་ནོ།། དང་དང་འདུན་པ་བརྟེན་པ་དང་། ཞེས་བྱ་བ་ནི་དད་པ་ནི་བརྩོན་འགྲུས་ཀྱི་རྟེན ་ཡིན་ཏེ། འདི་ལྟར་དད་པ་དང་དོན་དུ་གཉེར་བ་བརྩོན་འགྲུས་རྩོམ་པར་བྱེའོ།། མ་ཆགས་པ་ལ་སོགས་སྟོན་ལྡན། ཞེས་བྱ་བ་ལྡན་པའོ།། ཞེས་བྱ་བ་ནི་འདི་ལྟར་མ་ཆགས་པ་ལ་སོགས་པ་ནི་དགེ་བའི་རྩ་བ་ཡིན་ཏེ། གང་གི་ཚེ་དགེ་བའི་ཆོས་དག་ལ་ངེས་པར་བརྩོན་འགྲུས ་དང་ལྡན་པར་གནས་པ་དེའི་ཚེ། མ་ཆགས་པ་ལ་སོགས་པ་དང་ལྡན་པ་ཡི་ནོ།། ལུས་ཀྱི་བརྩོན་འགྲུས་ནི་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པ་སྟེ། དེ་ནི་དབང་པོའི་སྒོ་བསྡམས་ཏེ་གནས་པ་ཉིད་ཀྱིས་ལྷག་པའི་ཚུལ་ཁྲིམས་ཞེས་བྱའོ།། ལྷག་པའི ་སེམས་ནི་རྣམ་པ་དྲུག་པའོ།། ལྷག་པའི་ཤེས་རབ་ནི་རྣམ་པ་བདུན་པའོ།། དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས། ལུས་དང་སེམས་ཀྱིས་ཞེས་སྟོན་ཏོ།། ལུས་ཀྱི་རྣམ་པ་ལྔ་དང་། སེམས་ཀྱི་རྣམ་པ་གཉིསོ།། དགའ་བ་དང་ལྡན་པ་ནི་བསམ་གཏན་གཉིས་ཀྱིའོ།། སིམ་པ་དང་ལྡན་པ་ནི ་བསམ་གཏན་གསུམ་པའི་སྟེ། སེམས་ཀྱི་ཚོར་བ་ལ་ནི་སིམ་པ་ཞེས་བྱའོ།། བཏང་སྙོམས་དང་ལྡན་པ་ནི་བསམ་གཏན་བཞི་པ་ལ་སོགས་པའི་འོ།། ཤེས་བྱ་བ་ཞེས་བྱ་བ་ནི་འཇིག་རྟེན་པའི་བྱ་བ་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་བསལ་བའི་ཕྱིར།། ཞེས་བྱ་བ་ནི་འདི་ལས ་ཕྱི་རོལ་པ་རྣམས་ཀྱི་ཤེས་བྱ་ལྟར་སྣང་བ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཡང་དག་པའི་ཤེས་བྱ་མ་ཡིནོ།། བདེན་པ་བཞིས་བསྡུས་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ལ་མཁས་པ་དང་། ཁྱད་པར་དུ་ན་ཐེག་པ་ཆེན་པོ་གང་ཡིན་པ་ནི་ཤེས་བྱ་ཡིན ་ཏོཏེ། རིག་པའི་གནས་ལྔ་ནི་དེ་དག་གི་ཁོངསུ་འདུས་པ་ཉིད།། ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། ཞེས་བྱ་བ་ནི་ཤེས་རབ་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་སྐབས་དང་སྦྱ་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་རབ་ཏུ་རྣམ་པར་འབྱེད་པ་ནི་ཤིན་ཏུ་རྣམ་པར་གྲོལ་བའི ་ཚད་ཡིན་ཏེ། དེངས་ཉོན་མོངས་པ་ལས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུརརོ།། ཇི་ལྟར་ཤིན་ཏུ་རྣམ་པར་གྲོལ་ཞེ་ན། འཇིག་རྟེན་པ་ལ་སོགས་པའི་ཤེས་རབ་རབ་ཏུ་རྣམ་པར་འབྱེད་པས་ཞེས་བྱ་བས་དེ་སྟེན་པར་བྱེ།། བཤད་པས་ནི་ཆོས་ཡང་དག་པར་འཆད་པར་བྱེད།། ཤེས་རབ ་ནི་ཆོས་ཐམས་ཅད་ཀྱི་མཆོགོ་ཞེས་བྱ་བ་ནི་ཤེས་རབ་ནི་ཆོས་རྣམས་ཀྱི་མཆོག་སྟེ། ཤེས་རབ་ནི་གཙོ་བོ་ཡི་ནོ།། སྦྱིན་པ་དང་ཡང་དག་པར་བླངས་པའི་ཚུལ་ཁྲིམས་དག་ནི་མཉམ་པར་བཞག་པ་མ་ཡིན་པའི་ཕྱིརརོ།། ཞེས་བྱ་བ་ནི་སྦྱིན་པ་ནི་རྣམ་པ་གསུམ་ཆར་ཡང་མཉམ་པར ་བཞག་པ་མ་ཡིན།། ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པས་བསྡུས་པ་རྣམ་པར་བཞག་པ་མ་ཡིན་ཏེ། འདི་ལྟར་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པས་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་མཉམ་པར་གཞག་པ་ཡིན་པར་འདོད།། བསམ་གཏན་དང ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་དག་ནི་མཉམ་པར་བཞག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ཡང་དག་པ་བཞིན་ཞེས་སྨོས་པ་ནི་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བའི་ཤེས་རབ་གསལ་བའི་ཕྱིར་ཏེ། དེ་དག་ནི་མཉམ་པར་བཞག་པ་མ་ཡིན་པས་དེ་དག་མཉམ ་མ་བཞག་པའི་ཕྱོགས་ཁོ་ནར་བསླན་ཏོ།། བཟོད་པ་དང་བརྩོན་འགྲུས་ནི་མཉམ་པར་བཞག་པའི་གནས་སྐབས་ན་ཡང་ཡོད་ལ་མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང་ཡོད།། དེའི་མི་མཐུན་པའི་ཕྱོགས་ཆགས་པའི་བག་ལ་ཉལ་ཡང་དག་པར་མ་བཅོམ་པའི་ཕྱིར ་ཞེས་བྱ་བ་ནི་ཇི་སྲིད་ཆགས་པའི་བག་ལ་ཉལ་ཡང་དག་པར་མ་བཅོམ་པ་དེ་སྲིད་ཡོ་བྱད་རྣམས་ལ་ཆགས་པར་འགྱུར། དེ་ཡང་དག་པར་བཅོམ་པས་ཆགས་པ་མེད། ཇི་སྐད་དུ། ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ཉོན་མོངས་པའི་བག་ལ་ཉལ་ཡང་མ་སྤངས་པ་ཡིན་ལ། ཉོན་མོངས།། ་པའི་གནས་ལྟ་བུའི་ཆོས་རྣམས་ཀྱང་སྣང་བར་འགྱུར་ན། དེ་ལྟ་ན་ཉོན་མོངས་པ་སྐྱེ་བར་འགྱུརརོ།། ཞེས་བཤད་པ་ལྟ་བུའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཆལ་བའི་ཚུལ་ཁྲིམས་ལ་ཆགས་པ་ནི། སྲོག་གཅོད་པ་ལ་སོགས་པ་ལ་ཡང་ཆགས་པ་གང་ཡིན་པའོ།། ལ་ལ་ནི། ་འདོད་ཆགས་ཀྱི་སྒོ་ནས་ཆགས་པ་ལ། ལྔ་ལ་ནི་ཞེ་སྡང་གི་སྒོ་ནས་དང་། ལ་ལཱ་ནི་གཏི་མུག་གི་སྒོ་ནས་ཏེ། འདི་ལྟར་མི་དགེ་བའི་ལས་ཀྱི་ལམ་གྱི་བཅུ་ཆར་ཡང་རྣམ་པ་གསུམ་གསུམ་དུ་འདོད་པས་སྲོག་གཅོད་པ་ཡང་འདོད་ཆགས་ལས་སྐྱེས་པ་དང་། ཞྭ ་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པ་ཡིནོ།། ཚུལ་ཁྲིམས་ལ་བཤོལ་བ་ལ་ཆགས་པ་ནི་ཚུལ་ཁྲིམས་ཡང་དག་པར་བླང་བ་ལ་མོད་པ་མི་འཇུག་པའམ། གསད་པར་བྱ་བ་ལ་སོགས་པ་བཟུང་ནས་བཤོལ་ཏེ་གཏིང་བ་ཡིན།། ཚུལ་ཁྲིམས་ལན་རེ་པ་ལ་ཚོགས་པ་ནི ་འདིས་བདག་ལ་ཕན་པ་བྱས་པ་འམ་བྱེད་པར་འགྱུརརོ་ཞེས་ལན་ལ་ལྟ་བས་སྲོག་ཆགས་མི་གསོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་མི་སྤྱོད་པ་ཡིནོ།། ཚུལ་ཁྲིམས་ལ་མི་མཐུན་པའི་ཕྱོགས་ལ་ཆགས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཡང་དག་པར་མ ་བཅོམ་པ་གང་ཡིན་པའོ།། བཟོད་པའི་ཚོགས་པ་ནི་ཞེ་སྡང་ལ་ཆགས་པ་གང་ཡིན་པ་སྟེ། རྟག་ཏུ་སེམས་ཅན་རྣམས་ལ་སྡང་བ་ཡི་ནོ།། བཟོད་པའི་བཤོལ་བ་ལ་ཆགས་པ་ནི། བཤོལ་ཞིང་བཟོད་པར་བྱེད་ཀྱིས་མྱུར་དུ་མ་ཡིན་པ་དང་། བསྡིགས་ནས་བཟོད་པར་བྱེད་པ་གང་ཡིན་པའོ།། ་མི་མཐུན་པའི་ཕྱོགས་ལ་ཆགས་པ་ནི་ཞེ་སྡང་ཡང་དགེ་པར་མ་བཅོམ་པའི་ཕྱིརོ།། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ནི་ལེ་ལོའོ།། དེ་ལ་ཆགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་མྱི་མཐུན་པའི་ཕྱོགས་ལྔ་ཆགས་པ་སྟེ། དེ་ལ་ཆགས་པ་ཡང་རྟག་ཏུ་ལེ་ལོ་ཅན་ལས་ངན་པའི ་རློ་ནི་ན་པ་ཆེན་ཀྱི་ནིས་པ་ལ་ཆགས་པ་ནི་ན་ཚོར་རྣམས་པ་གྱུར་དུ་མ་འག་པ་ན།། མི་ཛིན་པའི་ཕྱིགས་ལཆགས་པནི་པའི་མི་དུ་མ་ཡོན། མམ་གཏན་གྱི་མི་མཐུན་པའི་ཕྱོགས་པ་རྣམ་པར་ནི་འོ། རྣམ་པ་དས ་ཆགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ལ་ཆགས་པ་སྟེ་ཇི་སྲིད་རྣམ་པར་གཡེང་ཞིག་ཁ་ཕྱིར་བསྡུས་པ་དེ་སྲིང་མཉམ་པར་བཞག་པ་མི་འཐོག།། ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ནི་འཆལ་པའི་ཤེས་རབ་སྟེ། ཤེས་རབ་འཕེལ་བར་བྱ ་བའི་ཕྱིར། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བ་ལྔ་བརྩོན་པར་མི་བྱེད་པ་གང་ཡིན་པ་འདི་ནི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ལ་ཆགས་པ་ཡིནོ།། དེ་ལས་བཟློག་པ་ནི་མ་ཆགས་པ་སྟེ། ཇི་སྐདདུ། གང་ཞིག་འདོན་དང་འདྲི་དང་སྤྱོད་པ་དང་།། གཞན་ལ་འདྲི་ཞིང་ཐོས་པ ་འཛིན་བྱེད་པ།། དེ་ཡི་བློ་ནི་ཉི་མའི་འོད་གཟེར་གྱིས།། པདྨ་བཞིན་དུ་རྣམ་པར་ཁ་ཕྱེའོ།། ཞེས་གསུངས་པ་ལྟ་བུའོ།། རབ་ཏུ་དབྱེ་བའི་འོག་ཏུ་སྟོན་གྱི་སྐབས་ཏེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་སོ་སོ་ལ་སྟོན་རྣམ་པ་བཞིའོ།། སྟོན་རྣམ་པ་བཞི་ནི་རྒྱ་ཆེ་བ་ཉིད་དང་། ་ཟང་ཟིང་མེད་པ་ཉིད་དང་། དོན་ཆེན་པོ་ཉིད་དང་། མི་ཟད་པ་ཉིད།། དེ་ལ་རྩ་བ་དང་པོས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱ་ཆེ་བ་ཉིད་བཤད།། ཇི་ལྟ་ཞེ་ན། སངས་རྒྱས་སྲས་རྣམས་སློང་དང་ཕྲད་ནས་རང་གི་སྲོག་ཀྱང་རྟག་ཏུ་བཏང་།། ཞེས་བྱ་བས་དེ་སྟོན་ཏོ།། རང་གི་སྲོག་སྦྱིན་པར ་ཡོངསུ་བསྒྲགས་པས་ཕྱི་རོལ་གྱི་དངོས་པོ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཇི་སྐད་དུ་སློབ་དཔོན་མ་ཁོལ་གྱི་ཞལ་སྔ་ནས་ཀྱི། ཉིད་ཀྱི་ཤ་ཡང་བཏང་གྱུར་ན།། དངོས་པོ་གཞན་ལྟ་སྨོས་ཅི་འཚལ། ཞེས་བཤད་པ་ལྟ་བུའོ།། རང་གི་སྲོག་དེ་ཡོད་རེས་འགའ་ཞིག་ཡོངསུ་གཏོང་བ་མ ་ཡིན་གྱི། སློང་བ་པོ་གང་གི་ཚེ་སྲོག་དོན་དུ་གཉེར་བ་དེ་ཁོ་ནའི་ཚེ། དཔྱད་པ་མེད་པར་སྦྱིན་པར་བྱེའོ།། རང་གི་སྲོག་སྦྱིན་པ་སྨོས་པས། ཡན་ལག་དང་ཉིང་ལག་སྦྱིན་པ་ནི་དབྱ་ང་ཡང་མེད་པ་ཉིད། འདིས་ནི་སྦྱིན་པའི་རྒྱ་ཆེ་བ་ཉིད་བཤདདོ།། སྙིང་རྗེས་གཞན་ལས་ལན་ཀྱང་མི་རེ་འདོད། ་པའི་འབྲས་བུ་དོན་མི་གཉེར། ཅེས་བྱ་བ་འདིས་ནི་སྦྱིན་པའི་ཟད་ཟིང་མེད་ཉིད་བསྟན་ཏེ། རྒྱུད་སྙིང་རྗེས་བརླན་པ་ནི་སློང་བ་པོ་རྣམས་ལ་རང་གི་སྲོག་ཀྱང་སྦྱིན་པར་བྱེད་ཅིང་དེ་དག་ལས་ལན་ཀྱང་མི་རེ་ལ། འབྲས་བུ་དབང་ཕྱུག་ལ་སོགས་པ་ཡང་དོན་དུ་གཉེ་རོ།། ། ་པ་གང་ཞིག་ལན་ལ་བལྟ་བའམ། འབྲས་བུ་ལ་ལྟ་བས་སྦྱིན་པར་བྱེད་པ་དེ་ནི་སྨད་པས་བདག་གིར་བྱས་པ་ཡིནོ།། དེས་བདག་གིར་བྱས་པའི་སྦྱིན་པ་ནི་འཁོར་བར་ལྟུང་བ་ཁ་ན་མ་ཐོ་བ་བཅས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་གོས་པ་དང་བཅས་པ་ཡིནོ།། དེ་ལས ་བཟློག་པ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། རྩ་བ་གཉིས་པ་འདིས་ནི་སྙིང་རྗེས་ཡོངསུ་ཟིན་པའི་ཕྱིར་སྦྱིན་པའི་ཟང་ཟིང་མེད་པ་ཉིད་བཤ་དོ།། སྦྱིན་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། ཅེས་བྱ་བ། འདིས་ནི་སྦྱིན་པའི་དོན་ཆེན་པོ་ཉིད་བསྟན་ཏེ། སྐྱེ་བོ་ཐཾད ་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་ལ་བཀོད་པའི་ཕྱིརོ།། ཐེག་པ་གང་ཡང་རུང་བ་ཞོག་ཡོངསུ་བཏང་བ་འམ། སེམས་ཅན་གང་ཡང་རུང་བ་ཞིག་ཡོངསུ་བཏང་བས་ནི། དོན་ཆེན་པོ་ཉིད་དུ་མི་འགྱུར་བས་དེའི་ཕྱིར་སྐྱེ་བོ་ཐམས་ཅད་ཀྱང་སྨོས་ལ། ཐེག་པ་གསུམ་ཆར་ཡང་སྨོ་སོ།། ། ་འཇིག་རྟེན་དག་ན་མི་ཟད་བཞག། ཅེས་བྱ་བ་འདིས་སྦྱིན་པ་མི་ཟད་པ་ཉིད་ཡོང་སུ་བསྟན་ཏོ།། ཇི་ལྟར་ཞེ་ན་རོ་ཞིག་ཇི་ལྟར་འཇིག་རྟེན་པ་དག་སྦྱིན་པ་བྱིན་པ་ལྟར་གལ་ཏེ་བྱང་ཆུབ་སེམས་དཔའ་ཡང་དེ་ཁོ་ན་ལྟར་སྦྱིན་པར་བྱེད་ན་ནི་དབང་ཕྱུག་དང་། མཐོ་རིས་དང་། གཟུགས་བཟང་པོ ་ལ་སོགས་པས་ཀྱང་བདག་གིར་བྱས་པའི་ཕྱིར་འཁོར་བར་ལྟུང་བས་ཏེ། ད་ནི་རྣམ་པར་སྨིན་པ་ཟད་པས་ཟད་པར་འགྱུརརོ།། འོན་ཏེ་ཉན་ཐོས་ལྟ་བུར་འཁོར་བས་འཇིགསོ་ཤིང་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ལ་མྱ་ངན་ལས་འདས་པ་ལ་གཞོལ་བས་རང་གྲོལ་བར་བྱ་བའི་ཕྱིར་སྦྱིན ་པར་བྱེད་ན་དེ་ཡང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཟད་པས་ཟད་པར་འགྱུརརོ།། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་གཉིས་ཀ་ཡོངསུ་སྤངས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངསུ་ཟིན་པས་སྦྱིན་པར་བྱིན་པར་བྱའོ།། དེ་ཉིད་ཀྱི་ཕྱིར་འཁོར་བ་དང ་ན་ལས་འདས་པ་ལ་མི་གནས་པའི་སྒོ་ནས། མི་ཟད་པ་ཉིད་དུ་བསྟན་ཏེ། ཚུལ་ཁྲིམས་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། སངས་རྒྱས་སྲས་རྣམས་ཤིན་ཏུ་བྱ་དཀའ་བཟོ་།། ཞེས་བྱ་བ་ནི་སྡུག་བསྔལ་ལ་ཇི་མི་སྙོམ་པའི་བཟོད་པ་སྟེ། སེམས་ཅན་གྱི་དོན་ལ་རབྷུ ་སྦྱོར་བ་ལས་སྡུག་བསྔལ་གང་དག་འབྱུང་བ་དེ་དག་ལ་ཇི་མི་སྙམ་པར་བྱེད་ཅིང་སྡུག་བསྔལ་དེས་ཅི་ལ་མ་ཆགས་པར་བྱས་ནས་སེམས་ཅན་གྱི་དོན་བྱ་བ་དག་ལ་འཇུག།། དེ་བཞིན་མིའི་གནོད་ཀུན་བཟོད་ཅེས་བྱ་བ་ནི་གནོད་པ་བྱེད་པ་ལ་མི་མཇེད་པའི་བཟོད་པ་སྟེ། སེམས་ཅན ་གོགང་དག་དབྱུག་པ་དང་། མཚོན་ཆ་དང་བོང་བ་ལ་སོགས་པས་བསྣུན་པར་བྱེད་པ་དེ་དག་ཐམས་ཅད་ལ་བུ་གཅིག་པ་ལ་བྱམས་པ་ལྟ་བུས་བཟོ་དོ།། ཆོས་ལ་ངེས་པར་རྟག་པའི་བཟོད་པ་ནི་འདིའི་ཁོངསུ་འདུས་པ་ཁོ་ནར་བལྟ་བར་བྱའོ།། རྒྱལ་བའི་སྲས་རྣམས་གོ་ཆ་སྦྱོར ་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས། ཞེས་བྱ་བ་འདིས་ནི་གོ་ཆའི་བརྩོན་འགྲུས་སྟོན་ཏེ། འདི་ཉིད་ཀྱི་བརྩོན་འགྲུས་ཀྱི་རྒྱ་ཆེ་བ་ཉིད་སྟོན་ཏོ།། དཔེ་མེད་པ་ཉིད་ཀྱི་ནི་འཇིག་རྟེན་པ་དང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བརྩོན་འགྲུས་དག་ལས་བྱང་ཆུབ་སེམས་དཔའི ་བརྩོན་འགྲུས་ཁྱད་པར་དུ་བྱེད།། བྱང་ཆུབ་སེམས་དཔའི་གོ་ཆའི་བརྩོན་འགྲུས་ཇི་ལྟར་དཔེ་མེད་པ་ཡིན་ཞེ་ན། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། བཙུན་པ་ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་གོ་ཆ་མི་ཟད་པ་གང་ཞེ་ན། འཁོར་བ་ན་ཡོངསུ་མི་སྐྱོ་བ་གང ་ཡིན་པ་སྟེ། དེ་ནི་བསྐལ་པ་འདི་སྙེད་ཅིག་ཏུ་གོ་བགོའོ།། ཞེས་བསྐལ་པ་གྲང་བས་བྱང་ཆུབ་ཚོལ་བར་མི་བྱེད་ཀྱི། འོན་ཀྱང་བསམ་གྱིས་ཡི་ཁྱབ་པ་ཁོ་ནར་གོ་གྱོན་པར་བྱེད།། ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། འདི་ནི་བརྩོན་འགྲུས ་ཀྱིརྒྱ་ཆེ་བ་ཉིད་བཤདདོ།། རང་དང་གཞན་གྱི་ཉོན་མོངས་ཚོགས་གཞོམ་བྱང་ཆུབ་དམ་པ་ཐོབ་པར་བྱེའོ།། ཞེས་བྱ་བ་འདིས་ནི་ཟང་ཟིང་མེད་པ་ཉིད་ཀྱི་སྦྱོར་བའི་བརྩོན་འགྲུས་སྟོན་ཏོ།། ཇི་ལྟར་ཟོང་ཟིང་མེད་པ་ཡིན་ཞེ་ན། རང་དང་གཞན་གྱི་ཉོན་མོངས་པ་ཡང་དག་པར་གཞོམ་པའི ་ཕྱིར་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེདདོ།། དེ་ནི་སྲིད་པས་བདག་གིར་མ་བྱས་པའི་ཕྱིར་ཉོན་མོངས་པ་གཏན་དུ་ཡང་དག་པར་འཇོམས་པས་ཟང་ཟིང་མེད་པ་ཡི་ནོ།། བརྩོན་འགྲུས་གང་ཞིག་བདག་གིས་དངོས་པོར་དང་། ལྟ་བ་སྲེད་པས་བདག་གིར་བྱས ་པ་དེ་ནི་ཟང་ཟིང་དང་བཅས་པ་ཡིན།། འདི་ཇི་ལྟར་སྦྱོར་བའི་བརྩོན་འགྲུས་ཡིན་ཞེ་ན། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ཁོ་ན་ལས་སྦྱོར་བའི་བརྩོན་འགྲུས་ཀྱི་དབང་དུ་མཛད། དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་མི་ཟད་པ་གང་ཞེ་ན། གང་སྟོང་གསུམ་གྱི་སྟེ ་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངསུ་གང་བར་ཡང་བརྒལ་ནས་དེ་བཞིན་གཤེགས་པ་ལ་བལྟ་བར་སྤྲོས་པ་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་ཡི་ནོ།། དམ་པའི་ཆོས་མཉན་པའི་རྒྱུ་ཅན་གྱི་སྤྲོ་བ་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་ཡིནོ།། སེམས ་ཅན་ཡོངསུ་སྨིན་པར་བྱེད་པའི་རྒྱུ་ཅན་གྱི་སྤྲོ་བ་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་མི་ལྷོད་པ། མི་ཞན་པ་བརྟན་པ། མི་བཟློག་པ། དགེ་བའི་བསམ་པ་ཅན། སྙིང་རྗེ་ཆེན་པོ་ལ་བརྟེན་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ཏེ། དེ་ནས་ཕ་རོལ་ཏུ་གནོན་པ་ཞེས་བྱའོ།། ཞེས ་གསུངས་པ་ལྟ་བུ་ཡིནོ།། རྒྱལ་བའི་སྲས་རྣམས་ཏིང་འཛིན་མང་ལྡན་བསམ་གཏན་རྣམ་པ་ཐམས་ཅད་བསྒྲུབས།། ཞེས་བྱ་བ་འདིས་ནི་ཏིང་འཛིན་མང་བ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བསམ་གཏན་གྱི་རྒྱ་ཆེ་བ་ཉིད་སྟོན་ཏེ། ཇི་སྐད་དུ་ཆོས་མངོན་པ་ཀུན་ལས ་བཏུས་པ་ལས་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན་ནས་བསམ་གཏན་དང་པོས་བསྡུས་པའི་ཏིང་འཛིན་ཇི་སྙེད་པ་ལ་སྙོམས་པར་ཞུགས་པ་དེ་དག་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མིང་ཡང་ཤེས།། ་བར་མི་འགྱུར་ཏེ། བསམ་གཏན་དང་པོས་བསྡུས་པ་ཇི་ལྟ་བུར་བསམ་གཏན་ལྷག་མ་དང་། གཟུགས་མེད་པོས་བསྡུས་པ་རྣམས་ཀྱང་དེ་དང་འདྲའོ།། ཞེས་བཤད་པ་ལྟ་བུའོ།། རྒྱལ་བའི་སྲས་རྣམས་དེ་ཉིད་ཤེས་བྱ་གང་ཡིན་མཐའ་དག་རྣམས་ཀུན་ཤེས།། ཞེས་བྱ་བ་འདིས། ་ནི་ཤེས་རབ་ཀྱི་རྒྱ་ཆེ་བ་ཉིད་བསྟན་ཏེ། དེ་ཉིད་ཅེས་བྱ་བ་ནི་བཟང་པོ་ཞེས་བྱ་བའི་དོན་ཏོ།། གཞན་དག་ན་རེ་དེ་ཉིད་ཅེས་བྱ་བ་ནི་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་སྟེ། གཉིས་ལ་བདག་མེད་པ་ཡིནོ་ཞེས་ཟེར།། རང་གི་བརྡ་ལ་སོགས་པའི་མཚན་ཉིད་ཀྱི་དབྱེ་བ་མཐའ་ཡས་ཐ་དད ་པའི་ཤེས་བྱ་གང་ཡིན་པ་དེ་ཡིན།། ཞེས་བྱ་བ་ནི་རི་ཁྲོད་པ་དང་ཀླ་ཀློ་ལ་སོགས་པའི་ཡུལ་གང་དང་གང་དག་ན་རང་གི་བརྡའི་མཚན་ཉིད་ཀྱི་དབྱེ་བས་ཐ་དད་པའི་ཤེས་བྱ་དེ་སྒྱུ་མ་མཁན་ལ་སོགས་པ་སྒྱུ་མ་བྱས་པ་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པ་ལྟར། ཟག་པ ་དང་བཅས་པ་དང་ཟག་པ་མེད་པ་དང་འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་རྣམས་ལ་ཀུན་ཏུ་མ་སྨོས་པས་འཇིག་རྟེན་ལ་ཐ་སྙདདུ་བྱ་བའི་ཕྱིར་རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་སྒྱུ་མ་དང་སྨིག་རྒྱུ་དང་ཆུ་ཟླའི་ཚུལ་དུ་ཐ་སྙད་འདོགས་ཤིང་ཐད། ་ཇིམ་བ་བཞིན་དུ་ཡང་ཤེས།། ཤས་སེམས་ཅན་ཡོངསུ་བཟུང་བས་འཇིག་རྟེན་དགུ་ན་མི་བྱུང་བཞག་ཅེས་བྱ་བ་འདིས་ན་ཡེ་ཤེས་མི་ཟད་པ་ཉིད་སྟོན་ཏེ། སྣང་རྗེས་ཡོངསུ་གཟུང་བ་རྣམ་པར་མ་རྟོག་པ་ཡེ་ཤེས་ནི་མི་ཟད་པར་འགྱུར།། སྣང་རྫས ་ནི་སེམས་ཅན་ཡོངསུ་མི་གཏོང་སྟེ། དེས་ན་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་གཞོལ་བར་མི་འགྱུར་རོ།། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་འཇིག་རྟེན་པ་དག་ལྟར་འཁོར་བ་ལ་གནས་པར་མི་འགྱུར་བས་དེ་ནི་མི་ཟད་པ་ཡིན།། དེ་བས་ན་འཁོར་བ་དང་། ་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་ཡེ་ཤེས་དེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་མི་ཟད་པར་འགྱུརརོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་སྤྲུལ་པའི་སྐུས་སྟོན་པ་གང་ཡིན་པའོ།། སློང་བ ་བོའི་སྦྱིན་པ་པོ་མཐོང་བས་དགའ་བ་ཡིན་པ་དང་། མཐོང་ནས་རེ་བ་ཡོངསུ་རྫོགས་པས་དགའ་བ་གང་ཡིན་པ་དང་། སློང་བ་པོའི་སྦྱིན་པ་པོ་མ་མཐོང་བས་མི་དགའ་བ་གང་ཡིན་པ་དང་། སློང་བ་པོའི་ཡིད་ལ་རེ་བ་ཡོངསུ་མ་རྫོགས་པས་ཡོངསུ་མི་དགའ་བ་གང་ཡིན་པ་དང་། ་སློང་བ་པོའི་སྨོན་པ་པོ་གང་ཡིན་པ་སྟེ། སྦྱིན་པ་པོ་མཐོང་བ་དང་། ཡིད་ལ་རེ་བ་ཡོངསསུ་རྫོགས་པར་སྨོན་པ་གང་ཡིན་པ་དགའ་བ་དང་མི་དགའ་བ་དང་སྨོན་པ་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་བརྩེ་བ་དང་ལྡན་པས་སྙིང་རྗེ་ལྷག་པར་ལྡན་པའི་སྒོ་ནས་ཟིལ་གྱིས ་གནོན་ཏེ། བྱང་ཆུབ་སེམས་དཔའི་རྒྱུད་སྙིང་རྗེས་བརླན་པས་སློང་བ་པོ་མཐོང་བ་དང་། དེའི་ཡིད་ལ་རེ་བ་ཡོངསུ་རྫོགས་པས་སློང་བ་པོ་བས་ལྷག་པར་དགའ་བ་སྐྱེ་ལ། བྱང་ཆུབ་སེམས་དཔའ་སློང་བ་པོ་མ་མཐོང་བ་དང་། དེའི་ཡིད་ལ་རེ་བ་ཡོངསུ་མ་རྫོགས་པས་ཀྱང་སློང་བ ་པོ་བས་ལྷག་པར་མི་དགའ་བ་སྐྱེའོ།། བྱང་ཆུབ་སེམས་དཔའ་སློང་བ་པོ་མཐོང་བར་སྨོན་པ་དང་། དེའི་ཡིད་ལ་རེ་བ་ཡོངསུ་རྫོགས་པར་སྨོན་པ་ཡང་སློང་བ་པོ་བས་ལྷག་པར་སྐྱེ་བས་དེའི་ཕྱིར་ཟིལ་གྱིས་གནོན་ཏོ།། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་གྱི་ཁྱད་པར་སྟེ། ་ཚིག་སུ་བཅད་པ་གཅིག་གིས་བསྟན་པ་ཡི་ནོ།། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་བསྡུས་པ་ཡིན་པས། དེ་ལ་བསམ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྲོག་དང་ལོང་སྤྱོད་དང་ཆུང་མ་དག་གཏོང་ཞིང་ཤིན་ཏུ ་དགའ་བར་བྱེད་པས་ཏེ། རབ་ཏུ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཇི་ལྟར་སྲོ་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པར་སྤྱོད་པར་འགྱུར། བྱང་ཆུབ་སེམས་དཔའ་ནི་གནོད་པ་བྱེད་པ་ལ་ཡང་ཕན་པའི་འདུ་ཤེས་འཐོབ་ལ། གཞན་ལ་ཕན་པར་བྱ་བ་ལ་བརྩོན ་པ་ལ་རླུང་དང་ཉི་མ་དང་སྡིག་སྦྲུལ་ལ་སོགས་པ་ལ་སྡུག་བསྔལ་བསྐྱེད་པ་གང་ཡིན་པ་དེ་ལ་ཡང་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བ་རྙེད་པར་འགྱུར་ཏེ། བཟོད་པའི་ཚོགས་ཡོང་སུ་རྫོགས་པའི་རྒྱུ་མཚན་ཡིན་པའི་ཕྱིར་གནོད་པ་བྱེད་པ་གང་ཡིན་པ་ལ་ཡང་ཕན་པའི ་ཤེས་ཐོབ་ལ་གཞན་ལ་ཕན་པར་བརྩོན་པ་ལ་སྡུག་བསྔལ་སྐྱེ་བ་གང་ཡིན་དེ་ལ་ཡང་དགའ་བ་འཐོབ་ན་གང་ལ་དགྲ་ལ་སོགས་པ་ལ་ཡང་གནོད་པ་བྱེད་པའི་འདུ་ཤེས་མི་འབྱུང་ལ། གཞན་གྱི་དོན་ལ་བརྩོན་པ་ལ་སྡུག་བསྔལ་ལ་ཡང་སྡུག་བསྔལ་གྱི་བློ་མི་འབྱུང་། ་བ་དེས་གང་ལ་ཅི་ཞིག་བཟོད་པར་བྱ། འདི་དག་གིས་ནི་གོ་རིམ་བཞིན་དུ་གནོད་པ་བྱེད་པ་ལ་མི་མཇེད་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དག་བཤད།། བདག་པས་ཆེས་ལྷག་གཞན་ལ་རྟག་བྱམས་དང་། ཞེས་བྱ་བ་ནི་ཇི་སྐད་དུ་སྒྲུབ་པའི་སྐབས་ནས། ཇི་ལྟར་སྙིང ་རྗེའི་བདག་ཉིད་གཞན་གྱི་ཕྱིར།། བདག་ལ་སྡུག་བསྔལ་མི་བཟད་གདུང་རབ་རབ་བྱེད་པ།། དེ་ལྟར་འཇིག་རྟེན་གདུང་བའི་ལས་ཀྱི་གཞན་དཔྲལ།། ཤིན་ཏུ་བརྩེ་བ་མེད་པར་རབ་ཏུ་འཇུག་མ་ཡིན། ཞེས་བཤད་པ་ལྟ་བུའོ།། ཇི་ལྟར་མུན་ཁུང་ན་ལག་ནོམ་དག་གིས ་ཤེས་པ་ཡུལ་ཆུང་གཞེས་བྱ་བ་ནི་ལག་པ་ལ་སོགས་པས་མནམས་ནས་དེའི་རྗེས་ལ་དྲན་པས་འདི་ནི་བུམ་པའོ།། འདིས་ནི་རས་ཡུ་གོ་ཞེས་བྱ་བར་ཤེས་པ་དེ་ནི་ཤེས་པ་ཡུལ་ཆུ་ངུ་ཅན་ཡི་ནོ།། མངོན་སུམ་མ་ཡིན་པ་ཞེས་བྱ་བ་ནི་དངོས་པོ་དེ་མིག་གི་མངོན་སུམ་དུ་མ་གྱུར ་བའི་ཕྱིར་ཏེ། ལག་ནོམ་གྱི་གཟུང་བའི་ཁ་དོག་ལ་སོགས་པ་ཡོངསུ་བཅད་པ་ནི་མི་ནུསོ།། ཤིན་ཏུ་དྲི་མ་མེད་པ་མ་ཡིན་པ་ལྟར་ཞེས་བྱ་བ་ནི། ཉན་ཐོས་རྣམས་ཀྱི་ཤེས་པ་དེ་ནི་བག་ཆགས་དང་ལྡན་པའི་ཕྱིར་བག་ཆགས་དང་བཅས་པ་ཡི་ནོ།། ཡང་ན་བྱིས་པས་ཀུན་བརྟགས་པའི།། ་ཆོས་ལ་འཛིན་པ་མ་སྤངས་པའི་ཕྱིར།། མི་འཇིགས་པ་སྦྱིན་པ་ནི་ངན་སོང་དང་འཁོར་བས་འཇིགས་པ་དག་ལ་དེ་དག་གིས་མི་འཇིགས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་འཕགས་པའི་ལམ་བསྐྱེད་པས་ངན་སོང་ལས་ཡོངསུ་སྐྱོ་བ་ལ། བདེན་པ་མཐོང་བ་ནི ་འཇིགས་པ་ལྔ་ལས་ཡང་དག་པར་བཟླ་བས་སྐྱོའོ།། རྒྱུན་ཏུ་ཞུགས་པ་ལ་སོགས་པ་ནི་དགྲ་བཅོམ་པ་ཉིད་ལ་འགོད་པས་འཁོར་བ་ལས་ཡོངསུ་སྐྱོ་བོ་རྒྱུ་མཚན་ནི་སྙིང་རྗེའོ།། ཞེས་བྱ་བ་ནི། སྙིང་རྗེས་ཡོངསུ་ཟིན་པའི་སྦྱིན་པ་ནི་སྦྱིན་པ་མཆོག་ཡིན་ཏོ།། སྙིང་རྗེས་ཡོངསུ་ཟིན་པས ་སྦྱིསྦྱིན་པ་གཞན་དག་ལས་ཁྱད་པར་འཕག་སོ།། རྒྱུ་ནི་སྔོན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པའི་བག་ཆག་སོ།། ཞེས་བྱ་བ་ནི་ཚེ་རབས་གཞན་དག་ན་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་སེམས་པ་ཀུན་ཏུ་སྤྱད་པས་བག་ཆགས ་བཞག་པ་གང་ཡིན་པའི་བག་ཆགས་དེའི་སྟོབས་ཀྱི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་དེ་ནི་རྒྱུ་སྟེ། དེས་ན་མཆོག་ཏུ་འདོད་དོ།། གོང་དུ་ནི་སྙིང་རྗེའི་རྒྱུ་མཚན་ཅན་གྱི་སྦྱིན་པ་གང་ཡིན་པ་དེ་ནི་རྒྱུ་མཚན་གྱི་སྒོ་ནས་མཆོག་ཡིནོ།། ཞེས་བཤད།། ད་ནི་སྔོན་གྱི་སྦྱིན། ་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པའི་བག་ཆགས་ལས་རྒྱུའི་སྒོ་ནས་མཆོག་ཡིནོ་ཞེས་བཤད་ན། རྒྱུ་དང་རྒྱུ་མཚན་ལ་ཁྱད་པར་ཅི་ཡོད་ཅེ་ན། རྒྱུ་ནི་ཐུན་མོང་མ་ཡིན་པའི་རྒྱུ་སྟེ། དཔེར་ན་མྱུ་གུའི་ས་བོན་ལྟ་བུའོ།། རྒྱུ་མཚན་ནི་ལྷན་ཅིག་བྱེད་པའི་རྒྱུ་མཚན་ཏེ། དཔེར་ན་མྱུ་གུ། ་དེ་ཉིད་ཀྱིས་བྱེད་རྒྱུས་དང་ཆུ་ལ་སོགས་པ་ལྟ་བུའོ།། དེ་ལྟར་ན་གྲངས་བཞིན་དུ་སྦྱིན་པ་ལ་སོགས་པའི་དགེ་བ་ལ་གོམས་པའི་བག་ཆགས་ནི་རྒྱུ་ལྟ་བུ་སྟེ། ཐུན་མོང་མ་ཡིན་པའི་རྒྱུ་ཡི་ནོ།། སྙིང་རྗེ་ནི་ཐུན་མོང་གི་རྒྱུ་སྟེ། ས་དང་ཆུ་ལ་སོགས་པ་ལྟ་བུའོ།། ཞིང་ནི་རྣམ་པ་ལྔ་སྟེ། ་སློང་བ་དང་། སྡུག་བསྔལ་བ་དང་། རྟེན་མེད་པ་དང་། ཉེས་པར་སྤྱད་པ་སྤྱོད་པ་དང་། སྐྱོན་དང་ལྡན་པའོ་ཞེས་བྱ་བ་གོང་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡོངསུ་ཟིན་པས་སྦྱིན་པ་པོ་དང་། སྦྱིན་པར་བྱ་བ་དང་ལེན་པ་པོ་རྣམ་པར་མི་རྟོག་པའི་ཕྱིར་སྦྱིན་པ་ཁྱད་པར་དུ་འཕགསོ ་ཞེས་བཤད་མི་ཐག་ཏུ་མ་ཡིན་ནམ། ད་ནི་དོན་ལ་སོགས་པར་རྣམ་པར་རྟོག་པའི་ཕྱིར་སྔ་ཕྱི་མི་འགལ་ཞེ་ན། འགལ་བ་མེད། འདི་ལྟར་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་མ་རྫོགས་པའི་གནས་སྐབས་ན་སོ་སོའི་སྐྱེ་བོའི་གནས་སྐབས་ཉམ་ང་བར་འགྱུར་བ་ཡིན།། རྣམ་པ། ་མི་རྟོག་པའི་གནས་སྐབས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསསུ་རྫོགས་པའི་གནས་སྐབས་ཏེ། དེའི་ཚེ་ནི་འདི་གང་ཞིག་གང་སློབ་པ་དེ་ལ་སྦྱིན་པར་བྱེད།། དོན་ལ་སོགས་པར་རྣམ་པར་རྟོག་པའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའི་དངུལ་བའི་གནས་སྐབས་ཡིན ་པར་སློང་བ་པོ་ཐམས་ཅད་ལ་སྦྱིན་པ་སྦྱིན་པར་ནུས་པར་འགྱུར་བ་གང་ཡིན་པ་འདི་མི་སྲིད།། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ནི། དེ་ལ་སྦྱིན་པ་པོ་དང་སྦྱིན་པ་དང་ལེན་པ་པོར་མངོན་པར་ཞེན་པ་མི་འབྱུང་སྟེ། འདིར་ཡང་མངོན་པར་ཞེན་པ ་འའགོག་པར་ཟད་པས་འགལ་བ་མེ་དོ།། མོས་པ་དང་ཡིད་ལ་བྱེད་པ་དང་ཏིང་འཛིན་གྱི་སྒོ་ནས་སྦྱིན་པ་མཆོག་ཏུ་འདོདདེ། མོས་པའི་སྒོ་ནས་ཇི་ལྟ་བུ་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ལྡན་པའི་མདོ་སྡེ་ཐམས་ཅད་ལ་བསམ་པ་ཐག་པའི་བར་དུ་དང་བས་མོས་པའོ།། ཡིད ་ལ་བྱེད་པའི་སྒོ་ནས་ཇི་ལྟ་བུ་ཞེ་ན། རོ་མྱང་བ་བྱེད་པས་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ལ་སྔོན་དུ་ལྟ་བའི་ཚུལ་གྱི་རོ་མྱང་བར་བྱེད་པ་དང་། རྗེ་སུ་ཡི་རང་བ་ཡིད་ལ་བྱེད་པས་འཇིག་རྟེན་ཐམས་ཅད་ནུ་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ལ་རྗེ་སུ་ཡི་རང་བ་དང་། མངོན ་པར་དགའ་བ་ཡིད་ལ་བྱེད་པས་དུ་དག་ཉིད་དོང་སེམས་ཅན་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་མ་འོངས་པ་རྣམས་ལ་མངོན་པར་དགའ་བ་ཡིནོ།། ཏིང་འཛིན་ལ་བརྟེན་པས་སྦྱིན་པ་མཆོག་ཡིནོ།། ཏིང་འཛིན་ནམ། མཛོད་ལ་སོགས་པས་ཏེ། ས་བརྒྱད་པ་ལ་སོགས་པ་ལ ་བྱང་ཆུབ་སེམས་དཔའི་ལམ་མངོན་པར་འདུ་བྱེད་པ་མེད་པའི་གནས་སྐབས་ན་མཁའ་ཉིད་མཛོད་དུ་གྱུར་ཏེ། གང་དང་གང་ལ་ཅི་དང་ཅི་དགོས་པ་དེ་དང་དེ་ལ་ན་མཁའ་ཁོ་ན་ལས་ཐམས་ཅད་སྦྱིན་པར་བྱེད་ཅིང་ནན་པའི་མཛོད་ལ་སོགས་པ་ཏིང་འཛིན་གྱི་རྣམ་པ་དུ་མ་ཡང་སྔོན ་ཏོ། ཇི་སྐད་དེ་ཉིད་ལས་དབང་འབྱོར་པ་བཤད་པ་ལྟ་བུའོ།། ཞེས་བྱ་བ་གང་ནས་བཤད་ཅེ་ན། ཕ་རོལ་ཏུ་ཕྱིན་པ་སྒོམས་པ་དབང་འབྱོར་པ་ཉིད་ལ་བརྟེན་པ་ནི་རྣམ་པ་གསུམ་སྟེ། སྐུ་ལ་དབང་འབྱོར་པ་ཉིད་དང་། སྤྱོད་པ་ལ་དབང་འབྱོར་པ་ཉིད་དང་། སྟོན་པ་ལ་དབང་འབྱོར་པ་ཉིད། ་ཞེས་བཤདདོ།། དེ་ལ་སྐུ་ལ་དབང་འབྱོར་པ་ཉིད་ནི་དེ་བཞིན་གཤེགས་པའི་སྐུ་གཉིས་པོ་ངོ་བོ་ཉིད་ཀྱི་དང་། ལོངས་སྤྱོད་རྫོགས་པའི་བལྟ་བ་སྟེ། སྐུ་འདྲི་གཉིས་ནི་ཆོས་དཀར་པོ་ཐམས་ཅད་ཀྱི་ཚོགས་ཡི་ནོ།། ཆོས་དཀར་པོའི་ཚོགས་ཉིད་ཡིན་དུ་ཟིན་ཀྱང་། ཏིང ་འཛིན་སྨོན་པས་དབང་འབྱོར་པའི་ཕྱོགས་གཅིག་གཟུང་སྟེ། ན་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་བཟུང་།། དེ་ལྟར་ན་ཏིང་འཛིན་ལ་བརྟེན་པས་སྦྱིན་པ་མཆོག་ཡིན་པར་འདོདདོ།། རྣམ་པ་ཇི་སྙེད་སྦྱིན་པ་ནི་སྦྱིན་པ་ཡི་ནོ་ཞེས་བྱ་བ་དེ་ནི་མོས་དང་། ཡིད་ལ་བྱེད་པ་དང་།། ་འཛིན་ལ་བརྟེན་པའི་རྣམ་པའི་དབྱེ་བས་རྣམ་པའི་བྱེ་བྲག་ཤེས་པར་བྱ་བ་ཡིནོ།། ཚུལ་ཁྲིམས་ཀྱི་རྟེན་ནི་བྱང་ཆུབ་སེམས་དཔའོ།། གཞི་མཆོག་ནི་བྱང་ཆུབ་སེམས་དཔའི་སྡོམ་པའོ།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྡོམ་པས་ཚུལ་ཁྲིམས་རྣམ་པ་གསུམ ་པོ་སྡོམ་པ་དང་། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ་བསྡུསོ།། བཟོད་པ་ནི་ངན་པ་སྟོབས་ཆུང་ངུས་གསོད་པ་དག་གོ་ཞེས་བྱ་བ་ནི་ལག་དབྱུག་པ་དང་། ཐལ་ལྕགས་ལ་སོགས་པ་བཟད་པ་གང་ཡིན་པ་དེ་ནི་ངོ་མཚར ་མི་ཆིའི། རྗེ་དཔོན་ཡིན་ལ་གསོད་པ་ངན་པ་བྲན་དང་གདོལ་པ་ལ་སོགས་པའི་བཟོད་པ་གང་ཡིན་པ་འདི་ནི་རབ་ཏུ་ངོ་མཚར་ཆེའོ།། ངན་དུ་ཟིན་ཀྱང་གལ་ཏེ་སྟོབས་དང་ལྡན་པ་ཡིན་ན་སྟོབས་དང་ལྡན་པ་བཟོད་པ་གང་ཡིན་པ་དེ་ཡང་ཚར་གཅིག་ངོ་མཚར་མི་ཆེའོ།། གལ ་ཏེ་ངན་པ་སྟོབས་ཀྱང་ཆུང་ན་ངོ་མཚར་ཚ་སྟེ། དེའི་བཟོད་པ་གང་ཡིན་པ་དེ་ནི་གཞི་མཆོག་ཏུ་གྱུར་པས་བཟོད་པ་ཁྱད་པར་དུ་འཕག་སོ།། ཡན་ངན་པ་ཡང་གཞན་ཁོ་ན་ཡིན་ལ། སྟོབས་ཆུང་ངུ་ཡང་གཞན་ཡིན་ཏེ། ངན་པ་ནི་དྲན་ལ་སོགས་པའོ།། དེ་ལས་གཞན་པ་རིགས ་མཐུན་ཞིང་།། དབང་ཕྱུག་ལྔ་སོགས་པ་དང་བྲལ་བར་བྱ་བའི་མཐུ་མེད་པ་དེ་ནི་སྟོབས་ཆུང་བའོ།། ཤེས་རབ་ཀྱི་གཞི་མཆོག་ནི། དེ་བཞིན་ཉིད་ཞེས་བྱ་བ་ལ། དེ་བཞིན་ཉིད་ནི་གཉིས་ལ་བདག་མེད་པའོ།། དེ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི ་མཆོག་ཡིན་ཏེ། གཞི་ཞེས་བྱ་བའི་སྒྲ་ནི་དམིགས་པར་བཤདདོ།། ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཞིང་ནི་ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་དེ་དག་གི་ཐེག་པའི་ཞིང་གི་བསྡུས་པའི་ཚུལ་ཁྲིམས་ལ་སོགས་པ་ག ་ཡིན་པ་དེ་ནི་མཆོག་མ་ཡིན་གྱི། ཐེག་པ་ཆེན་པོ་བསྟན་པས་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་གང་ཡིན་པ་དེ་ནི་ཐེག་པ་དམན་པའི་ཞིང་མཆོག་ཏུ་འདོདདོ།། གནས་ནི་མོས་པ་ལ་སོགས་ཏེ། མོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་ལྡན་པའི ་ས་ལ་མས་པའོ།། ལྟར་མོས་ན་མོས་པ་ལ་བརྟེན་པའི་ཚུལ་ཁྲིམས་ལ་སོགས་པ་མཆོག་ཅེས་བྱའོ།། ཡིད་ལ་བྱེང་པ་ནི་རི་མྱང་བ་དང་རྗེ་སྭཱ་ཡི་རང་བ་དང་། མངོན་པ་དྨ་དགའ་བ་ཡིད་ལ་བྱེད་པའི་སྐེ་ནས་ར་མྱང་བ་ཡིད་ལ་བྱེད་པ་ལ་སོགས་པས་ཚུལ་ཁྲིམས་ཀྱི་ཕ་ར ་ཕྱིན་པ་ལ་སོགས་པ་ལ་རོ་མྱང་བར་བྱེད་པ་དང་རྗེསུ་ཡི་རང་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་ཡིནོ།། ཏིང་འཛིན་ལ་བརྟེན་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པོ་མཆོག་ཏུ་འདོད། ཚུལ་ཁྲིམས་ནི་དགེ་བའི་ཆོས་སྡུད་པ་གང་ཡིན་པ་དེའི་ཕྱོགས ་གཅིག་གཟུང་།། དེ་བཞིན་དུ་བཟོད་པ་ལ་སོགས་པ་ལ་ཡང་སྦྱར་བར་བྱ་སྟེ། ཏིང་འཛིན་འགྲུབ་པར་བྱ་བའི་ཕྱིར་སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་ལ་སོགས་པའི་ཕྱི་དོང་ནང་གི་སྡུག་བསྔལ་བཟོད་པ་དང་། ཏིང་འཛིན་དང་ལྡན་པའི་ཆོས་བཤད་ན། ཆོས་ལ་ངེས་པར་རྟོགས ་པའི་བཟོད་པས་བཟོད་པ་གང་ཡིན་པའི་བཟོད་པ་དེ་ནི་ཏིང་འཛིན་པས་མཆོག་ཡིན་པར་འདོད། འདི་ལྟར་བཟོད་པ་ལ་བརྟེན་ནས་ཏིང་འཛིན་དེ་དག་འགྲུབ་པ་སོ།། འདི་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྟོན་གྱི་གནས་སྐབས་ཡིན་པས་སྟོན་གྱི་སྐབས་ཉིད་ཀྱི་སྦྱིན་པ་དང་། བརྩོན ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གིས་སྟོན་ལྷག་པར་སྔགས་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། སེམས་ཅན་གཅིག་བདེ་བསྐལ་མང་དུ། གནོད་པ་བྱེད་ཀྱང་དགའ་འགྱུར་ན།། ཞེས་བྱ་བ་ལ་སོགས་པའི་ཚོགསུ་བཅད་པས། སྦྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ ་ཕྱིན་པ་དག་གི་ལྕེན་ལྷག་པར་བརྗོད།། དེའི་ཚེ་རྫས་ངན་ལྟ་ལ་མོས་ཀྱང་ཅི་ཞིག་དགོས།། ཞེས་བྱ་བ་ནི་ལུས་ལས་གཞན་ནི་རྫས་ནི་ངན་པ་སྟེ། མཆོག་མ་ཡིནོ་ཞེས་བྱ་བའི་ཐི་ཚ་གོ།། བཏང་དགའ་ལོངས་སྤྱོད་ཅན་ཞེས་བྱ་བ་ནི་བཏང་བ་ཉིད་ལོངས་སྤྱོད་ཡིན་ལ། དགའ་བ་ཉིད ་ལོངས་སྤྱོད་ཡིན་ཏེ། དྲི་གང་ལ་ཡོད་པ་དེ་ནི་བཏང་དགའ་ལོངས་སྤྱོད་ཅ་ནོ།། བྱང་ཆུབ་སེམས་དཔའ་ཁོ་ན་ལ་ཡོན་འདི་དག་ཡོད་ཀྱི་མི་གཞན་ལ་ནི་མེདོ།། ཡང་ན་བཏང་བ་ལ་དགའ་བ་ནི་བཏང་དགའོ།། དགས་ཉིད་ལོངས་སྤྱོད་ཡིན་པས་ན་བཏང་དགའ་ལོངས་སྤྱོད།། གཙོ་བོ་ལ ་སོགས་པའི་བྱེ་བྲག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོན་ལྷག་པར་བསྔག་སོ།། བརྩོན་འགྲུས་ཀྱི་ནི་སྲིད་སྤྱོད་འདོད་པ་ཐོབ།། ཅེས་བྱ་བ་ནི་འདོད་པའི་སྲིད་པར་གཏོགས་པའི་ལོངས་སྤྱོད་ནི་སྲིད་སྤྱོད།། བརྩོན་འགྲུས་ཀྱི་ནི་དག་པ་རབ་འགྱུར་ལྡན།། ཞེས་བྱ་བ་ནི ་གཟུགས་དང་གཟུགས་མེད་པའི་དག་པ་སྟེ། འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་པས་བསྡུས་པ་ཡིན།། བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་གནས་ནས་གྲོལ། ཞེས་བྱ་བ་ནི་ཉོན་ཐོས་དང་། རང་སངས་རྒྱས་རྣམས་གང་ཟག་ལ་བདག་མེད་པར་མཐོང ་པས་སོ།། བརྩོན་འགྲུས་ཀྱི་ནི་བྱང་ཆུབ་མཆོག་སངས་རྒྱས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་གང་ཡིན་པའོ།། གཞན་ཡང་ཉམས་འཕེལ་བའི་བརྩོན་འགྲུས་དང་། ཞེས་བྱ་བ་ལ་སོགས་པ་ཚིག་སུ་བཅད་པ་གཉིས་ཀྱིས་ནི། ་ཡང་དག་པར་སྤོང་བ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་རྣམས་བརྩོན་འགྲུས་ཀྱི་རྣམ་པས་དབྱེ་བ་བསྟན་ཏོ།། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་བསམ་གཏན་གྱི་ངོ་བོ་ཉིད་ཡིན་པས་དེ་དག་ཏུ་བརྩོན་འགྲུས་མ་བསྟན་ཏོ།། ་ཉན་ཐོས་རྣམ་སྤྱི་ནི་བསམ་པ་དང་། བློ་ཞན་པ་དང་ལྡན་པའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་བསམ་པ་དང་བློ་རྒྱ་ཆེན་པོ་དང་ལྡན་པའི་ཕྱིརརོ།། ལོངས་སྤྱོད་ལ་ཆགས་པ་ནི་དེ་ཀུན་ཏུ་འཛིན་པའི་ཕྱིར།། ཞེས་བྱ་བ་ནི་ལོངས་སྤྱོད་གཟུགས་ལ་སོགས་པའི་ཡུལ ་བསྒྲུབས་པ་དག་ལ་ཆགས་པ་གང་ཡིན་པ་མི་སྤྱོད་པ་དང་མི་བརྟེན་པ་བར་དུ་སྤྱོད་པ་དེའི་གཉེན་པོར། བརྩོན་འགྲུས་ལྡན་པ་ལོངས་སྤྱོད་ཀྱི་ཕ་མ་མེད། ཅེས་བརྗོད་སྤྱད་པར་བྱ་བ་ནི་ལོངས་སྤྱོད་ཡིན་པའི་ཕྱིར།། ཉོན་མོངས་པ་ནི་དེ་ཡོངསུ་སྤྱོད་པ་ལ་ལྷག་པར་ཞེན་པའི་ཕྱིར། ་ཞེས་བྱ་བ་ནི་ལོངས་སྤྱོད་དག་སྤྱོད་པ་ལ་ལྷག་པར་ཆགས་ཤིང་སྲེད་པ་གང་ཡིན་པ་བར་དུ་གཅོད་པ་དེའི་གཉེན་པོར། བརྩོན་འགྲུས་ལྡན་པ་ཉོན་མོངས་ཀྱིས་ཕམ་མེད། ཅེས་བྱ་བ་སྟེ། བརྩོན་འགྲུས་དང་ལྡན་པ་དགེ་བའི་ཆོས་ལ་བརྩོན་པ་ནི་ཉོན་མོངས་པ་རྣམས་ཀྱི་ཕམ ་པར་མི་འགྱུར་སྟོན་གྱི་སྐབས་རྫོགསོ།། །། མི་འཇིགས་པའི་སྦྱིན་པས་ནི་ཚུལ་ཁྲིམས་དང་བཟོད་པས་བསྡུས་ཏེ། དེ་ལྟར་འདི་གཉིས་ཀྱི་མི་འཇིགས་པ་སྦྱིན་པར་བྱེད་ཞེས་བྱ་བ་ནི་ཚུལ་ཁྲིམས་ཡང་དག་པར་ལེན་པ་ནི་སེམས་ཅན་ཐམས་ཅད་ལ་མི་འཇིགས།། ་པསྦྱིན་པར་བྱེད་ཅིང་གཞན་གཤེ་བ་དང་རྡེག་པ་ལ་སོགས་པས་རྣམ་པ་དུ་མར་འཚེ་བ་ཡང་ཐམས་ཅད་བཟོད་ཅིང་དང་དུ་ལེན་ཏེ། འདི་ལྟར་ཚུལ་ཁྲིམས་ཡང་དག་པར་བླངས་པས་ནི་གཤེས་ཀྱང་སླར་མི་གཤེ་བར་བྱ།། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ། རྡེག་ཀྱང་སླར ་མི་རྡེག་པར་བྱ། མཚང་འབྲུ་ཡང་སླར་མ་ཚང་འབྲུ་བར་མི་བྱའོ།། སྙམ་དུ་དེ་ལྟར་སོ་སོར་བརྟགས་ནས་བཟོད་པ་གཞན་དག་ལ་མི་འཇིགས་པ་སྦྱིན་པར་བྱེད་པས། མི་འཇིགས་པ་སྦྱིན་པས་ནི་ཚུལ་ཁྲིམས་དང་བཟོད་པ་བསྡུས་པར་རིག་པར་བྱའོ།། ཆོས་སྦྱིན་པས་ནི་བསམ ་གཏན་དང་ཤེས་ར་བ་དག་སྟེ། འདི་ལྟར་དེ་ཉིད་ཀྱིས་ཆོས་སྦྱིན་པར་བྱེདདོ་ཞེས་བྱ་བ་ནི་བསམ་གཏན་གྱིས་རྫུ་འཕྲུལ་དང་ཀུན་རྫོབ་པ་ལ་སོགས་པས་མགུ་བར་བྱས་ཏེ། སྣོ་དུ་རུང་བར་བྱས་ནས་ཆོས་སྟོན་ཏོ།། གཉི་གས་ནི་བརྩོན་འགྲུས་ཏེ། འདི་ལྟར་དེས་གཉི་ག་སྦྱིན་པར་བྱའོ།། ་ཞེས་བྱ་བ་ནི་མི་འཇིགས་པ་སྦྱིན་པའི་དུས་ན་ཆོས་སྦྱིན་པའི་དུས་ན་བརྩོན་འགྲུས་གདོན་མི་ཟ་བར་ཡོད་པསོ།། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ནི་སྦྱིན་པ་ལ་སོགས་པ་ཐམས་ཅད་བསྡུས་ཏེ། ཞེས་བྱ་བ་ནི་འདི་ལྟར་སྦྱིན་པ་དང་། ཚུལ་ཁྲིམས་དང་བཟོད་པ་དང་། བརྩོན ་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་དགེ་བའི་ཆོས་ཀྱི་ཚོགས་ཡིན་པས་དེ་བས་ན་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ཐམས་ཅད་བསྡུ་སོ།། དེ་བཞིན་དུ་གཞན་དག་ཀྱང་སྦྱར་བར་བྱའོ།། ཞེས་བྱ་བ་ནི་གནོད་པར་བྱེད་པ་ལ་མི་ཇེད ་པའི་བཟོད་པས་ནི་མི་འཇིགས་པ་སྦྱིན་པ་དང་། ཚུལ་ཁྲིམས་དག་བསྡུས་ཏེ། འདི་ལྟར་དེ་གཉིས་ཀྱི་ནི་གནོད་པར་བྱེད་པ་ལ་མི་མཛད་པ་བྱེདོ།། ཆོས་ལ་ངེས་པར་རྟོགས་པའི་བཟོད་པས་ནི་བསམ་གཏན་དང་ཤེས་རབ་དག་བསྡུས་ཏེ། འདི་ལྟར་དེ་གཉིས་ཀྱི་གོ་རིམ་བཞིན ་དུ་སེམས་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། གཉི་གས་ནི་བརྩོན་འགྲུས་ཏེ། འདི་ལྟར་དེས་གཉི་ག་སྦྱིན་པར་བྱེདོ།། བརྩོན་འགྲུས་ཀྱིས་ནི་ཐམས་ཅད་བསྡུ་སོ།། མངོན་པར་བསྒྲུབ་པར་བྱ་བ་སྒྲུབ་པའི་བསམ་གཏན་གྱིས ་ཀྱང་ཐམས་ཅད་བསྡུས་ཏེ། སྦྱིན་པ་ལ་སོགས་པའི་དུས་ན་ན་མཁའ་མཛོད་ལ་སོགས་པ་མངོན་པར་བསྒྲུབ་པའི་ཕྱིར་རོ།། ཤེས་རབ་ཀྱིས་ཀྱང་ཐམས་ཅད་སྡུས་ཏེ། འདི་ལྟར་ཤེས་རབ་ཀྱི་རྣམ་པར་དཔྱད་ནས་སྦྱིན་པ་ལ་སོགས་པའི་རབ་ཏུ་སྦྱོར་བས་སོ།། སྦྱིན་པའི་སྦྱིན་པ་དང ་ཚུལ་ཁྲིམས་ཀྱི་སྦྱིན་པ་ནས་ཤེས་རབ་ཀྱི་སྦྱིན་པའི་བར་ཡིན་ཞེས་བྱ་བ་ལ། སྦྱིན་པའི་སྦྱིན་པ་གང་ཞེ་ན། གཞན་དག་ལ་ནོར་དང་འབྲུ་ལ་སོགས་པའི་དངོས་པོ་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའི་སྦྱིན་པ་ཞེས་བྱའོ།། ཚུལ་ཁྲིམས་ཀྱི་སྦྱིན་པ་ནི་གཞན་གྱི་རྒྱུད་དག་ལ་སྡོམ་པའི ་ཚུལ་ཁྲིམས་ལ་སོགས་པ་འགོད་པ་སྟེ། ཤེས་རབ་ཀྱི་སྦྱིན་པའི་བར་དུ་ཡང་དེ་དང་འདྲ་བར་རིག་པར་བྱའོ།། ཡང་ན་དེ་དག་དང་ལྡན་པའི་ཆོས་སྟོན་པ་ཡིནོ།། ཆོས་ཉིད་ཀྱི་རྣམ་པར་ངེས་པའི་སྦྱིན་པ་ལ་སོགས་པའི་དོན་གང་ལ་མདོ་ལ་སོགས་པ་སྣང་བ་གང་དག་ཡིན་པ་དང་། མདོ ་ལ་སོགས་པའི་ཆོས་གང་དག་ལ་སྦྱིན་པ་ལ་སོགས་པ་སྣང་བ་གང་དག་ཡིན་པར་རིག་པར་བྱའོ།། ཞེས་བྱ་བ་ནི་བརྗོད་པ་དང་བརྗོད་པར་བྱ་བ་བསྡུས་པ་ཞེས་བྱ་བའི་དོན་ཏོ།། སྦྱིན་པ་ནི་ཚུལ་ཁྲིམས་ལ་སོགས་པའི་རྒྱུ་མཚན་ཡིན་ཏེ། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས ་ལ་སོགས་པ་ལ་འཇུག་པའི་ཕྱིར།། ཞེས་བྱ་བ་ནི་འདི་ལྟར་ལོངས་སྤྱོད་ལ་མི་ལྡན་ཚུལ་ཁྲིམས་ཀྱང་ཡང་དག་པར་ལེན་ལ། གཞན་དག་གིས་ཕྲོགས་ན་ཡང་དེ་ལ་མི་ལྟ་བས་བཟོད་།། ལོངས་སྤྱོད་པ་ཀུན་ཏུ་ཆགས་པའི་ལེ་ལོ་དགེ་བའི་ཆོས་རྣམས་ལ་མི་འཇུག་པ་གང་ཡིན་པ ་ཡིན་པ་དེ་ཡང་མི་ལྟ་བ་ལ་མི་འཇུག་སྟེ། རྣམ་པར་གཡེང་བ་དང་འཆལ་པའི་ཤེས་རབ་ཀྱང་དེ་དང་འདྲའོ།། ཚུལ་ཁྲིམས་ཀྱང་སྦྱིན་པ་ལ་བརྩོན་པའི་རྒྱུ་མཚན་ཡིན་ཏེ། དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ན་ཡོང་སུ་འཛིན་པ་ཐམས་ཅད་གཏོང་བའི་ཕྱིར་དང་། ཚུལ ་ཁྲིམས་ལ་གནས་ན་བཟོད་པ་ལ་སོགས་པ་དང་ལྡན་པའི་ཕྱིརརོ།། ཞེས་བྱ་བའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ནི་གཞན་དག་ལས་ལུས་དང་ངག་ལས་བྱུང་བའི་མི་འདོད་པ་འོངས་པ་ཐམས་ཅད་བཟོད།། ཚུལ་ཁྲིམས་ཡང་དག་པར་བླངས་པ་ནི་དགེ་བའི་ཚུས་རྣམས། ་ལ་སྤྲོ་བ་འཕེལ་བར་འགྱུར་ཞིང་འགྱོད་པ་མེད་པའི་རིམ་གྱིས་སེམས་རྩེ་གཅིག་པ་ཉེ་དུ་ཡང་འགྱུར་ལ། དེ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་ཡོངསུ་ཤེསོ།། བཟོད་པ་དང་ལྡན་པ་ནི་སྦྱིན་པ་ལ་སོགས་པའི་དུས་ན་ཉེས་པར་སྨྲས་ཤིང་མི་སྙན་པར་གྱུར་པའི་ཚིག་ལམ། ་དང་བརྡེག་པ་ལ་སོགས་པ་ཐམས་ཅད་བཟོད།། དེ་བཞིན་དུ་ཚུལ་ཁྲིམས་མ་ཉམས་པ་ཡིན་ཞིང་བརྩོན་འགྲུས་དང་ལྡན་པ་ཡིན་པ་སེམས་རྩེ་གཅིག་པོ་ཉིད་ལས་ཡོངསུ་འཐོབ་པས་བཟོད་པ་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རྒྱུ་ཡིན།། དེ་བཞིན་དུ་བརྩོན་འགྲུས ་དང་བསམ་གཏན་དང་ཤེས་རབ་ཀྱང་སྦྱར་བར་བྱའོ།། ཕ་རོལ་ཏུ་ཕྱིན་པའི་སྐབས་རྫོགསོ།། །། ཕ་རོལ་ཏུ་ཕྱིན་པའི་སྐབས་ཀྱི་འོག་ཏུ་བསྡུ་བའི་དངོས་པོའི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ནི་བྱང་ཆུབ་སེམས་དཔའ ་སངས་རྒྱས་ཀྱི་ཆོས་ཡོངསུ་རྫོགས་པར་བྱེད་པ་ཡིན་པས་རང་གི་དོན་ཏོ།། བསྡུ་བའི་དངོས་པོ་རྣམས་ནི་གཞན་གྱི་དོན་ཏོ།། དེའི་ཕྱིར་བསྡུ་བའི་དངོས་པོའི་སྐབས་ཏེ། བསྡུ་བའི་དངོས་པོ་བཞིས་གཞན་གྱི་དོན་བྱེད།། སྦྱིན་མཚུངས་ཞེས་བྱ་བ་ནི་གྲངས་དང་དེའི་མཚན་ཉིད་གོ། ་རིམ་དང་། ཞེས་བྱ་བ་ལ་སོགས་པས་ཇི་སྐད་བསྟན་པ་ལྟ་བུ་ཡིན།། དོན་སྤྱོད་པ་ནི་དེ་ཡང་དག་པར་ལེན་དུ་འཇུག་པའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་ལེན་དུ་འཇུག་པ་ནི་དོན་སྤྱོད་པ་ཞེས་བྱའོ།། དེ་ལ་བདག་ཉིད་རྗེ་སུ་འཇུག་པའོ།། ཞེས་བྱ་བ་ནི། ་སྦྱིན་པ་ལ་སོགས་པ་གང་ལ་གཞན་ཡང་དག་པར་ལེན་དུ་འཇུག་པ་དེ་ཉིད་ལ་སྙམ་དུ་བསམ་སོ།། དོན་མཐུན་པས་ནི་ཡུན་རིང་པོར་སྒྲུབ་པའི་ཕྱིར། སྒྲུབ་པ་དེ་རྣམ་པར་སྦྱོང་བར་བྱེད་ཅིང་བྱ་བ་ནི་ཡང་དག་པར་ལེན་དུ་འཇུག་པ་པོ་ནི་ཇི་སྐད་སྨྲ་བ་དེ་བཞིན་བྱེད་པ་ཡིན།། ཞེས་བྱ།། ་བར་རིག་ནས་ཡུན་རིང་པོར་གུས་པས་སྒྲུབ་པ་དེ་སྦྱོར་བར་བྱེ།། ཡང་བཅོམ་ལྡན་འདས་ཀྱིས་གདུལ་བ་མདོར་བསྡུས་པ་ལ་དད་པ་ལ་བལྟོས་ནས། བསྡུ་བ་གཞན་གཉིས་གསུངས་པའི་བསྡུ་བ་གཉིས་པོ་དེས་ཀྱང་བསྡུ་བ་བཞི་པོ་འདི་དག་བསྡུ་སོ།། དམིགས་པའི་ཆོས་ནི་ཕ ་རོལ་ཏུ་ཕྱིན་པའི་ཚེ་སོ།། དམིགས་པའི་ཆོས་དེས་སྙན་པར་སྨྲ་བ་བསྡུས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་ཆོས་ལ་དམིགས་ནས་གཞན་དག་ལ་བྱེ་བྲག་ཏུ་ཤེས་པར་ཡང་བྱེད། ཐེ་ཚོམ་གཅོད་པར་ཡང་བྱེའོ།། སྒྲུབ་པའི་ཆོས་ཀྱིས་ནི་དོན་སྤྱོད་པ་བསྡུས ་ཏེ། སྒྲུབ་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་སྦྱོར་བ་ན་དོན་སྤྱོད་པ་ལ་རབ་ཏུ་བརྩོན་པ་ཡི་ནོ།། དེ་རྣམ་པར་སྦྱོང་བའི་ཆོས་ཀྱིས་ནི་དོན་མཐུན་པ་བསྡུས་ཏེ། དོན་མཐུན་པའི་སྒྲུབ་པ་དེ་རྣམ་པར་སྦྱོང་བར་བྱེདོ།། ཕལ་ཆར་དོན་མེད་པ་ནི་མོས་པས་སྤྱོད་པའི་ས་ལའོ།། ཞེས་བྱ་བ་ནི་གདུལ ་བ་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་བ་ཡང་དག་པར་ཇི་ལྟ་བ་བཞིན་ཡོངསུ་མི་ཤེས་པའི་ཕྱིར་དེ་ཁོ་ན་ཉིད་མ་ཐང་བའི་ནི་ཕལ་ཆེར་དོན་མེད་པ་ཡིནོ།། ཕལ་ཆར་ཞེས་སྨོས་པས་རྣམ་པ་ཐམས་ཅད་དོན་མེད་པ་ནི་མ་ཡིནོ།། དེ་ལྟར་རྟག་ཏུ་ལོངས་སྤྱོད་མ་ཆགས་བློ།། ། ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ལོང་སྤྱོད་དག་ལ་མ་ཆགས་པ་སྟོན་ཏོ།། ཞི་ཞེས་སྨོས་པས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་ཉེ་བར་བྱེད་པའི་ཕྱིརརོ།། སྡོམ་ཞེས་སྨོས་པས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ།། ། ་འདི་ལྟར་སྡོམ་པ་བྱ་བའི་སྐད་ཀྱི་དབྱིངས་ནི་ཉེ་བར་ཞི་བའི་དོན་དུ་འདོན་ཏེ། བཟོད་པ་དང་ལྡན་པ་ནི་གཤེ་བ་དང་བརྡེག་པ་ཐམས་ཅད་བཟོད།། སྲིད་ཡུལ་མཚན་མ་རྣམ་པར་མི་རྟོག་པ། ཞེས་བྱ་བ་ལ། སྲིད་པ་ཞེས་སྨྲས་པས་ནི་ནང་གི་ཆོས་རྣམས་གཟུང་།། ཡུལྀ་ཞེས་སྨོས ་པས་ནི་ཕྱི་རོལ་གྱི་དངོས་པོ་རྣམས་གཟུང་སྟེ། བྱང་ཆུབ་སེམས་དཔའ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་དེ་དག་ལ་རྣམ་པར་རྟོག་པར་མི་བྱེད།། དེ་ནི་སེམས་ཅན་ཚོགས་སྡུད་བྱེད་པ་ཡིན། ཞེས་བྱ་བ་ནི་བསྡུ་བའི་དངོས་པོ་བཞིས་སེན་གྱིས་ཚོགས་སྡུད་པར ་བྱེ།། བསྡུ་བའི་དངོས་པོའི་སྐབས་རྫོགསོ།། །། འདི་མན་ཆད་ནི་སངས་རྒྱས་ལ་མཆོད་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ཚོད་མེད་པ་རྣམས་ཏེ། འདི་དག་གི་འབྲེལ་བ་གང་ཡིན་ཞེ་ན། རང་ལ་ཕན་པ་བསྒྲུབས་པའི་ཕྱིར་སྔར་ཕ་རོལ་ཏུ་ཕྱིན་པ ་བསྟན་ཏོ།། གཞན་ལ་ཕན་པ་བྱ་བ་བསྒྲུབ་པའི་ཕྱིར། བསྡུ་བའི་དངོས་པོ་རྣམས་བསྟན་ཏོ།། རང་ལ་ཕན་པ་ཕུན་སུམ་ཚོགས་པ་ལ་བདེ་བ་ལ་ལྷག་པར་ཞེན་པ་སྲིད་པས་དེའི་ཕྱིར་དེའི་འོག་ཏུ་བདེ་བ་ལ་ལྷག་པར་ཞེན་པའི་གཉེན་པོར་སངས་རྒྱས་ལ་མཆོད་པ་དང་། ཀཽ་ཤེས ་གཉེན་ལ་བརྟེན་པ་སྟེ། སངས་རྒྱས་ལ་མཆོད་པའི་ཕྱིར། སྒྲུབ་པའི་དངོས་པོ་ཡོངསུ་གཏོང་བ་ལ་གོམས་པས་ལོངས་སྤྱོད་ཀྱི་བདེ་བ་ལྷག་པར་ཞེན་པར་མི་འགྱུར་ལ། ལུས་དང་སྲོག་ལ་མི་ལྟ་ཞིང་བཤེས་གཉེན་མགུ་བར་བྱ་བ་ལ་རབ་ཏུ་ཞུགས་པ་ཡང་བདག་ཉིད་བདེ ་བ་ལ་ལོངས་སྤྱོད་པར་མི་འགྱུར་བས་སངས་རྒྱས་ལ་མཆོད་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་འདི་གཉི་ག་ཡང་བདེ་བ་ལ་ལྷག་པར་ཞེན་པའི་གཉེན་པོར་བཤད་དོ།། བསྡུ་བའི་དངོས་པོ་རྣམས་ཀྱིས་གཞན་ལ་ཕན་པ་ལ་འཇུག་པར་རབ་ཏུ་སྦྱོར་བ་དེའི ་ལོག་པར་བསྒྲུབ་པས་སྡུག་བསྔལ་ཡལ་བར་འདོད་ཏེ། ཇི་ལྟ་ཇི་ལྟར་སེམས་ཅན་དེ་དག་ཡོངསུ་སྨིན་པར་བྱེད་པ་ནི་ལོག་པར་བསྒྲུབ་ཅིང་འདུལ་བ་ལ་མི་གནས་པ་ད་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ཡལ་བར་འདོར་བར་འགྱུར་བ་དེའི་གཉེན་པོར་ཚད་མེད་པ་རྣམ་སོ།། ཁྱ ་ཆུབ་སེམས་དཔའ་སེམས་བྱམས་པ་ལ་སོགས་པས་ཡོངསུ་བསྒོམས་པས་ནི་གནས་སྐབས་གང་དུ་ཡང་སེམས་ཅན་རྣམས་ཡལ་བར་མི་འདོར་བས་དེའི་ཕྱིར་ཚད་མེད་པ་དུག་བསྟན་ཏེ།། ཡོང་སུ་བསྔོ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པར ་བྱེད་པའོ་ཞེས་བྱ་བ་ནི་མཆོད་པ་འདིས་རིང་པོར་མི་ཐོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པར་གྱུར་ཅིག་ཅེས་བཅོམ་ལྡན་འདས་ལ་མཆོད་པ་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པར་བྱ་བའི་དོན་དུ་ཡོངསུ་སྔོ་བར་བྱེད ་པའོ།། རྒྱུ་ནི་སྔོན་གྱི་སྨོན་ལ་མོ་ཞེས་བྱ་བ་ནི་ཚེ་རབས་གཞན་དག་ན་སྨོན་ལམ་བཏབ་པ་གང་ཡིན་པ་དེ་རྒྱུ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་མཇུག་ཐོག་སུ།། བདག་ལ་སངས་རྒྱས་འབྱུང་བ་དོན་ཡོད་པར་གྱུར་ཅིག་ཅེས་བྱ་བ་སྨོ་སོ།། ཞིང་ནི་སེམས་ཅན་ཚད་མེད་པ་རྣམས་ཏེ། ་ཡོངསུ་སྨིན་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་དོན་དུ་ཞེས་བྱ་བའི་ཐ་ཚིགོ། དེ་དག་གིས་དེ་ལ་རབ་ཏུ་སྦྱར་བས་སེམས་ཅན་དེ་དག་གིས་མཆོད་པ་དེ་ལ་རབ་ཏུ་སྦྱོར་བར་བྱེ།། དེ་དག་གིས་རབ་ཏུ་སྦྱར་བས་སེམས་ཅན་ཞིང ་ལྟ་བུ་དེ་དག་ལ་མཆོད་པ་ས་བོན་ལ་སོགས་པ་ལྟ་བུ་མ་འོངས་པ་ན་སངས་རྒྱས་ལ་མཆོད་པའི་ལོ་ཏོག་སྐྱེ་བར་བྱ་བའི་དོན་དུ་ཞེས་བྱ་བའི་ཕྱིར་བཏབ་པར་འགྱུར་རོ།། མོས་པ་ལ་སོགས་པ་ཞེས་བྱ་བ་ནི་མོས་པ་དང་། བསམ་གཏན་པ་དང་། དབང་འབྱོར་པ་ཉིད།། དེ་ལ་མོས་པ་ནི ་འདི་ལྟ་སྟེ་མཆོད་པ་དང་ལྡན་པའི་ཐེག་པ་ཆེན་པོའི་ཆོས་ལ་མོས་པའོ།། བསམ་པ་ནི་བསམ་པ་དགུ་པོ་རོ་མྱང་བ་དང་། རྗེ་སུ་ཡི་རང་བ་དང་། མངོན་པར་དགའ་བའི་བསམ་པ་དག་པ་དང་། ངོམས་ཤིང་མི་ཤེས་པ་དང་། རྒྱ་ཆེན་པོ་དང་། དགའ་བ་དང་། ཕན་པ་དང་། མ་གོས་པ ་དང་། དགེ་བའི་བསམ་པ་དག་གོ།། དབང་འབྱོར་པ་ཉིད་ནི་ན་མཁའ་མཛོད་ལ་སོགས་པའི་ཏི་འཛིན་ཏོ།། འདི་ནི་སེམས་ལ་བརྟེན་པའི་མཆོད་པ་ཡི་ནོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ་འདིར་ཚིགསུ་བཅད་པ་སྦྱར་བའི་ངོར་སྨོན་ལམ་ཉིད་བཤད་པ་དང་། ཞེས་བྱ་བ་ནི་འདི ་ལྟར་ཚིགསུ་བཅད་པ་ནི་སྨོན་པ་ཞེས་སྦྱོར།། སྨོན་ལམ་གང་ཡིན་པ་དེ་སེམས་བསྐྱེད་པ་ཡི་ནོ།། ཞེས་སེམས་བསྐྱེད་པའི་རྣམ་གྲངསུ་ཡང་སྟོན་ཏེ།། འདི་ཡང་སེམས་ལ་བརྟེན་པའི་མཆོད་པ་ཁོ་ན་ཡིན་ལ། སེམས་ཅན་ལ་བརྩེ་བའི་མཆོད་པ་གང་ཡིན་པ་དེ་ཡང་སེམས ་ལ་བརྟེན་པ་ཁོ་ན་ཡིན་པར་བལྟའོ།། གཞི་ལ་གཏོང་དང་རྟོགས་པ་དང་། ཞེས་བྱ་བ་ནི་གཞི་ལ་གཏོང་བ་དང་། གཞི་རྟོགས་པ་སྟེ། ཚུལ་བཞིན་ཡང་ལ་བྱེད་པ་དང་། ཡང་དག་པའོ་ལྟ་བ་ཡིན་པར་སྟོན་ཏེ། དེ་བཞིན་ཉིད་ཀྱི་སྒོ་ནས་ནི་བྱང་ཆུབ་ཆེན་པོ་འཐོབ་པ་ཞེས་བྱ་བའི ་ཐ་ཚིག་སྟེ། བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་མཆོད་པ་ལ་སོགས་པའི་རིམ་གྱིས་འཇུག་པ་རྣམ་སངས་རྒྱས་ཉིད་འཐོབ་པ་གང་ཡིན་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པའི་མཆོག་ཡིནོ།། རྒྱུ་དང་འབྲས་བུ་ཉིད་དང་ནི།། ཞེས་བྱ ་ཁ་ནས་གཟུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། ནང་དང་། ཕྱི་དང་། རགས་པ་དང་། ཕྲ་བ་དང་། དམན་པ་དང་གྱ་ནོམ་པའི་དབྱེ་བས་མཆོད་པ་ཤེས་པར་བྱ་སྟེ། རྐྱེན་དང་བཀུར་སྟིའི་སྒོ་ནས་མཆོད་པ་ལ་རྙེད་པ་ནི་ཆོས་གོས་ལ་སོགས ་བའོ།། བཀུར་སྟི་ནི་བསྟོད་པ་དང་ཕྱག་བྱ་བ་དང་། ཐལ་མོ་སྦྱར་བ་ལ་སོགས་པའོ།། ཡང་ང་རྒྱལ་དང་བཅས་པ་ནི་དམན་པའོ།། ང་རྒྱལ་མེད་པ་ནི་གྱ་ནོམ་པ་སྟེ་ཞེས་བྱ་བ་ནི་ཚིགསུ་བཅད་པ་ལས་དེ་རྣམ་པ་གཉིས་ཞེས་བཤད་པ་གང་ཡིན་པ་ཞེས་བྱ་བའི་སྒྲས་རྣམ ་པ་གཉིས་ཉིད་སྟོན་ཏོ།། སྒྲུབས་པ་དེའི་དམན་པ་ཉིད་ཆུ་དྲིའུ་དབྱེ་བ་དང་ང་རྒྱལ་གྱི་དབྱེ་བས་རྣམ་པ་གཉིསུ་སྟོན་ཏེ། སྒྲུབ་པ་ཆུང་ངུ་ཡང་དམན་པ་ཡིན་ལ། ང་རྒྱལ་དང་བཅས་པ་ཡང་དམན་པ་ཡི་ནོ།། སྒྲུབ་པའི་གྱ་ནོམ་པ་ཉིད་ཀྱང་རྣམ་པ་གཉིསུ་སྟོན་ཏེ། སྒྲུབ་པ་ཆེན་པོ ་ཡང་གྱ་ནོམ་པ་ཡིན་ལ། ང་རྒྱལ་མེད་པ་ཡང་གྱ་ནོམ་པ་ཡིན།། སྦྱོར་བ་ཞེས་བྱ་བ་ནི་དུས་གཞན་དང་། དེའི་དུསུ་སྦྱོར་བའི་བྱེ་དྲག་གིསོ།། འགྲོ་བ་རྣམ་པར་ཆད་པས་ནི། རིང་པོའོ་ཞེས་བྱ་བ་ནི་ཚེ་རབས་གཞོན་མང་པོ་ཞིག་འདས་ནས། བཅོམ་ལྡན་འདས་ལ་མཆོད་པ་ཐོབ ་པར་གྱུར་པ་གང་ཡིན་པའོ།། དེ་མ་ཐག་པའི་ཉེ་བའོ།། ཞེས་བྱ་བ་ནི་དེ་ལྟར་གྱི་དུས་ཀྱིས་མཆོད་པ་གང་ཡིན་པ་སྟེ། དེ་ནི་ཐོབ་མ་ཐག་ཏུ་བཅོམ་ལྡན་འདས་ལ་མཆོད་པ་ལ་འཇུག་པ་ཡིན་པའོ།། དོན་ཐམས་ཅད་ནི་འདྲེས་པ་ཡིན་པའི་ཕྱིརརོ།། ཞེས་བྱ་བ་ནི་འདྲེས་པ་མ་ཕུལ ་དུ་བྱུང་བར་སྟོན་ཏོ།། དགེ་བའི་བཤེས་གཉེན་ལ་བརྟན་པའི་གནས་སྐབསུ་བདེ་བ་ལ་ལྷག་པར་ཞེན་པའི་གཉེན་པོ་ནི་བཤད་མ་ཐག་པར་ཁོ་ནར་སྦྱར་བར་བྱའོ།། དུལ་བ་ནི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་དབང་པོ་དུལ་བས་སོ།། ཞེས་བྱ་བ་ནི་ཀུན་ཏུ་ཆགས་པར་གྱུར ་པའི་དངོས་པོ་དག་ལ་མཚན་མར་འཛིན་པར་མི་བྱེད། མངོན་རྟག་སུ་འཛིན་པར་མི་བྱེད་པར་དབང་པོ་རྣམས་ཀྱི་སྒོ་བསྡམས་ཏེ། གནས་པ་ཡི་ནོ།། ཞི་བའི་ཏིང་འཛིན་དང་ལྡན་པའི་ཕྱིར། སེམས་ནང་དུ་ཞི་བར་གནས་པའོ།། ཞེས་བྱ་བ་ནི་གང་གི་ཚེ་སེམས་ཕྱི་རོལ་ཏུ་འཕྲོགས་པ ་ཞིཞེ་གགནས་ཀྱི་སྟོབས་ཀྱིས་དམིགས་པ་གཅིག་ལ་འཇུག་པ་དེའི་ཚེ་ཞི་བ་ཞེས་བྱའོ།། ཉེ་བར་ཞི་བ་ནི་ཤེས་རབ་དང་ལྡན་པའི་ཕྱིར་ཉོན་མོངས་པས་ཉེ་བར་གནས་པ་ཉེ་བར་ཞི་བས་སོ།། ཞེས་བྱ་བ་ནི་གང་གི་ཚེ་འདིའི་སེམས་རྣམ་པ་འགའ་ཞིག་གིས་ཕྱི་རོལ་ཏུ་འཕྲོ་ཞིང་ཉོན ་མོངས་པ་རྣམས་ཀྱིས་དམིགས་པ་ལས་རབ་ཏུ་བསྐྱོད་པ་དེའི་ཚེ་ཡང་ཤེས་རབ་ཀྱི་གཉེན་པོའི་སྟོབས་ཀྱིས་མྱུར་བ་མྱུར་བ་ཁོ་ནར་ཞི་བར་བྱེད་པས་སོ།། བཀུར་སྟི་རྙེད་པ་གང་དང་རིམ་གྲོ་དང་། ཞེས་བྱ་བ་ལ་བཀུར་སྟི་ནི་ཡང་དག་པའི་སྟོན་བསྒྲགས་པ་དང་ཕྱག་འཚལ ་བ་དང་། ལྡང་བ་དང་ཐལ་མོ་སྦྱར་བ་ལ་སོགས་པའོ།། རྙེད་པ་ནི་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་སྟེ། འདི་དག་གིས་དགེ་བའི་བཤེས་གཉེན་མཆོད་པར་བྱེའོ།། རིམ་གྲོ་ནི་བསྐུ་བ་དང་། ཕྱི་བ་དང་། བཀྲུ་བ་ལ་སོགས་པའོ།། སྒྲུབ་པ་ནི་དགེ་བའི་བཤེས་གཉེན་གྱི་ཇི ་སྐང་གདམས་པ་དེ་ཁོ་ན་བཞིན་དུ་བསྒྲུབས་པ་ལ་སྒྲུབ་པར་བྱེད་པ་སྟེ། སྒྲུབ་པས་བསྒྲུབས་པས་དགེ་བའི་བཤེས་གཉེན་མཆོད་པར་འགྱུར་རོ།། དེ་བཞིན་བློ་ལྡན་ཆོས་ལ་ནི།། ཤེས་སམ་དུསུ་འདུད་པས་བཤེས་གཉེན་བགྲོད་ཅེས་བྱ་བ་ནི་ཀུན་ཤེས་པར་འདོད་པ་ཉིད ་སྟོན་ཏེ། ཀུན་ཤེས་པར་འདོད་པའི་བསམ་པས་དགེ་བོའི་བཤོས་གཉེན་བགྲོད་ཀྱི། རྣམ་པར་ཐོ་འཚམས་པའི་བསམ་པས་ཀྱང་མ་ཡིན་ལ། ཆོས་བརྐུ་བའི་ཕྱིར་ཡང་མ་ཡིནོ།། དུ་སུ་ཞེས་བྱ་བ་ནི་དུས་ཤེས་པ་ཉིད་སྟོན་ཏེ། དུ་སུ་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོའི།། ་ཟན་ཟ་བ་ལ་སོགས་པའི་དུསུ་ནི་མ་ཡི་ནོ།། འདུད་པས་ཞེས་བྱ་བ་ནི་ང་རྒྱལ་བཅག་ཅིང་དམན་པའི་སེམས་ཀྱིས་ཉེ་བར་འགྲོ་བའོ།། དེ་ནི་བསྙེན་བཀུར་རྙེད་ལ་འདོད་པ་མེད།། བསྒྲུབ་པར་བྱ་ཕྱིར་དེ་ཡོངས་སྔོ་བར་བྱེད། ཅེས་བྱ་བ་ནི་བསྒྲུབ་པར་བྱ་བའི་དོན་དུ་དག ་བའི་བཤེས་གཉེན་བརྟེན་གྱི། རྙེད་པ་དང་བཀུར་སྟིའི་དོན་དུ་ནི་མ་ཡིན་པ་སྟེ་། བདག་དགེ་བའི་ཆོས་རྣམས་ལ་སྒྲུབ་པར་གྱུར་ཅིག། རྙེད་པ་དང་བཀུར་སྟིའི་ངང་ཚིག་སུ་བཅད་པ་ལ་སོགས་པའི་དོན་དུ་ནི། མ་གྱུར་ཅིག་ཅེས་བྱ་བ་ཡི་ནོ།། ཞིང་དག་པ་ཡང་སྦྱང་བར་བྱ་བའི་ཕྱིར། ་ཞེས་བྱ་བ་ནི་ཞིང་དག་པ་སྦྱང་བ་ཡིནོ།། འོ་ན་ཅི་ཞེ་ན། སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པ་ཅི་འདྲ་བ་དེ་ལྟ་བུར་བདག་གིས་ཀྱང་ཡོངསུ་སྦྱང་བར་བྱའོ།། ཞེས་བྱ་བ་ཡིན།། བློ་ལྡན་རྒྱུ་དང་འབྲས་བུ་དང་། ཞེས་བྱ་བ་དགེ་བའི་བཤེས་གཉེན་ལ་བརྟེན་པ་འདས་པོ་ནི་ད་ལྟར་བྱུང་བའི ་རྒྱུ་ཡི་ནོ།། ད་ལྟར་བྱུང་བ་ནི་འབྲས་བུ་ཡི་ནོ།། དེ་ཉིད་མ་འོངས་པའི་རྒྱུ་ཡིན་ཏེ། འདི་ནི་རྒྱུ་དང་འབྲས་བུར་རྣམ་པར་བཞག་པའོ།། ཆོས་ཀྱི་སྒོའི་རྗེསུ་འགྲོ་བས་བཤེས་གཉེན་ལ་བརྟེན་ཅིང་བྱ་བ་ལ། ཆོས་ཀྱི་སྒོའི་རྗེསུ་འགྲོ་བ་ནི་ཆོས་ཀྱི་སྒོའི་རྒྱུན་གྱི་ཏིང་འཛིན་ཏེ། གང་གི་ཚེ་དགེ་བའི ་བཻ་ཤེས་གཉེན་དང་ཕྲད་ནས་ཏིང་འཛིན་དེ་ཐོབ་ལ། ཆོས་ཀྱི་རྒྱུན་དུ་ཡང་དང་ཡང་དུ་སྒོམ་པར་བྱེད་ན། དེ་ལྟར་ན་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པར་འགྱུར།། བློ་ལྡན་སྦྱོར་དང་འགྲོ་བ་དང་། མོས་པའི་སྒོ་ནས་རིང་བ་དང་། ཉེ་བའི་དབྱེ་བ་སྟེ། སྔ་མ་བཞིན་དུ་སྦྱར་བར་བྱའོ།། ་ཞེས་བྱ་བ་ནི་འགྲོ་བ་རྣམ་པར་ཆད་པ་ནི་རིང་བའོ།། དེ་མ་ཐག་པའི་ནི་ཉེ་བའོ།། དུས་གཞན་ན་སྦྱར་བར་བྱ་བ་ནི་རིང་བའོ།། དེའི་དུསུ་སྦྱར་བར་བྱ་བ་ནི་ཉེ་བའོ།། དགེ་བའི་བཤེས་གཉེན་ལ་བརྟེན་པ་གང་ཞིག་རབ་ཏུ་སྦྱར་བར་སྨོན་ལམ་འདེབས་པ་དེ་ནི་རིང་བའོ།། གང་ཞོག་བྱ་བར ་སྨོན་ལམ་འདེབས་པ་ནི་ཉེ་བའོ།། བཤེས་གཉེན་དམ་པ་ལ་བརྟེན་པའི་མཆོག་ནི་སྔ་མ་བཞི་ནོ་ཞེས་བྱ་བ་ནི་རྣམ་པ་ལྔས་རང་གི་སེམས་ཀྱིས་དགེ་བའི་བཤེས་གཉེན་རྣམས་ལ་བརྟེན་པ་མཆོག་ཏུ་རིག་པར་བྱའོ།། འདི་ལྟ་སྟེ་བརྟན་པ་དང་ལྡན་པའི་ཐེག་པ་ཆེན་པོའི་ཆོས་ལ ་མོས་པ་དང་བསམ་པ་སྟེ། བསམ་པ་དགུ་པོ་རོ་མྱང་བ་དང་། རྗེ་སུ་ཡི་རང་བ་དང་། མངོན་པར་དགའ་བའི་བསམ་པ་དག་དང་། ངོམས་མི་ཤེས་པ་དང་། རྒྱ་ཆེན་པོ་དང་། དགའ་བ་དང་། ཕན་པ་དང་། མ་གོས་པ་དང་། དགེ་བའི་བསམ་པ་རྣམས་དང་། དབང་འབྱོར་པ་ཉིད། ནམ་མཁའ ་མཛོད་ལ་སོགས་པའི་ཏིང་འཛིན་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཐབས་ཡོངསུ་བཟུང་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། དོན་གཅིག་པ་ཉིད་ལ་འཇུག་པའི་སྒོ་ནས་ཏེ། དོན་ཐམས་ཅད་ནི་འདྲེས་པ་ཉེ་བར་འདྲེས་པ་ཡིན་པའི་ཕྱིརརོ།། དེ་ཉིད་སེམས་ཀྱི ་རྣལ་འབྱོར་ཡིནོ་ཞེས་བྱ་བ་ནི་བསམ་པ་དང་བསྒོམ་པ་གང་ཡིན་པའོ།། ཚད་མེད་པ་རྣམ་པར་དབྱེ་བ་ནི་གཞན་གྱི་དོན་བྱ་བ་དག་ལ་མི་སྐྱོ་བའི་ཐབས་ཏེ། བྱང་ཆུབ་སེམས་དཔའ་ཚངས་པའི་གནས་པ་དག་གིས་གནས་པ་ནི་གཞན་གྱི་དོན་བྱ་བ་དག་ལ་སྐྱོ་བར་མི་འགྱུར་རོ།། ་བཏང་སྙོམས་ནི་ཚོར་བ་དེ་དག་ལ་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་སྒྲུབ་པའི་རྣམ་པ་ཡིནོ།། ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་མེད་པར་སྒྲུབ་པའི་རྣམ་པ་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྒྲུབ་པའི་རྣམ་པས་ཏེ། སེམས་ཅན་འདི་རྣམས་ཚོར་བ ་འདི་དག་ལ་རྗེ་སུ་ཆགས་པ་དང་། ཁོང་ཁྲོ་བའི་ཉེས་པ་འབྱུང་བར་མ་གྱུར་ཅིག་སྙམ་པའོ།། དམིགས་པ་མེད་པ་ནི་དེ་བཞིན་ཉིད་ལ་འཇུག་པ་སྟེ། དེ་དག་ཏུ་རྣམ་པར་མི་རྟག་པའི་ཕྱིར། དམིགས་པ་མེད་པ་དང་འདྲ་བས་ན་དམིགས་པ་མེད་པའོ།། ཞེས་བྱ་བ་ནི་ཀྱེ་མ་བདེ་བའོ།། ་སྡུག་བསྔལ་བའོ།། དགའ་བར་གྱུར་ཅིག་ཅེས་བྱ་བ་དང་། སེམས་ཅན་རྣམ་སོ་ཞེས་བྱ་བར་རྣམ་པར་མི་རྟོག་པར་རོ་གཅིག་པའི་ཕྱིར་གནས་སྐབས་དེ་ན་སེམས་དང་སེམས་ལས་བྱུང་བའི་ཚོགས་ཀྱི་རྣམ་པ་སོ་སོར་ངེས་པའི་མཚན་ཉིད་མ་ཡིན་པས་དམི ་བ་མེད་པ་ཞེས་བྱའོ།། དེ་དག་ལ་གནས་སྐབས་དེ་ན་དེ་བཞིན་ཉིད་ལ་དམིགས་པ་མེད་པ་མ་ཡིན་པས། རྣམ་པར་ཤེས་པ་ལྔ་རྣམ་པར་མི་རྟོག་པ་ལྟ་བུར་རྣམ་པར་མི་རྟོག་པ་དག་ཅེས་བྱའོ།། ཁམས་རྒྱས་པས་དེ་རྣམ་པར་དག་པ་ཞེས་བྱ་བ་ནི་ཆོས་དཀར་པོ་འཕེལ་བར ་གྱུར་པས་སྡང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་སྤངས་པའི་ཕྱིར་བྱམས་པ་ལ་སོགས་པའི་ས་བོན་རྒྱས་པ་ནི་ཁམས་རྒྱས་པ་ཞེས་བྱའོ།། ཁམས་རྒྱས་པས་བྱམས་པ་ལ་སོགས་པ་དེ་དག་ས་བརྒྱད་པ་ལ་སོགས་པ་ལ་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པར་འཇུག ་སྟེ། དེའི་ཕྱིར་གནས་སྐབས་དེ་ན་དམིགས་པ་མེད་པ་ཞེས་བྱའོ།། ལས་གཉིས་ཏེ་ལུས་དང་ངག་གི་ལས་བྱམས་པའི་རྒྱུ་མཐུན་པས་བསྡུས་པ་གང་ཡིན་པ་ཞེས་བྱ་བ་ནི་བྱམས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཞི་བ་གང་ཡིན་པ་དེ་ནི་བྱམས་པའི་རྒྱུ་མཐུན ་བ་ཞེས་བྱ་སྟེ། ལུས་དང་ངག་གི་ལས་དེ་ཡང་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་དམིགས་པ་མེད་པ་ཡི་ནོ།། དེ་བས་ན་དེ་ལ་བྱམས་པ་ཉེ་བར་བརྟགས་ནས་བྱམས་པས་དམིགས་པ་མེད་པ་ཞེས་བྱའོ།། ཉོན་མོངས་པ་ཟད་པས་ཚད་མེད་པ་རྣམས་དམིགས་པ་མེད་པའོ།། ། ་ཇི་ལྟར་ཤེས་ཤེ་ན། འདི་ལྟར་ཉོན་མོངས་པ་ནི་དམིགས་པར་བཤད་དེ། ཡིད་ཀྱི་མདུད་པ་རྣམས་སྤངས་པའི་ཕྱིར་དམིགས་པ་འཚའོ་ཞེས་འབྱུང་བའི་ཕྱིར།། ཞེས་བྱ་བ་མདོའི་དུམ་བུས་དེ་སྟོན་པར་བྱེའོ།། ཉོན་མོངས་པ་ནི་དམིགས་པར་བཤད་པས་ཉོན་མོངས་པ་སྤངས་པའི། ་ཕྱིར། བྱམས་པ་ལ་སོགས་པ་དམིགས་པ་མེད་པ་ཡིནོ།། ཉོན་མོངས་པ་འགག་པ་ནི་མེད་པའི་ཕྱིར་དམིགས་པ་མེད་པ་སྟེ། འགགས་པ་དེ་ནུབ་པ་ཡིན་པའི་ཕྱིར།། གནས་པ་ཁྱད་པར་དུ་འགྱུར་བའི་སྐལ་པ་ཅན་ཞེས་བྱ་བ་ནི་གནས་པའི་སྐལ་བ་ཅན་ཞེས་བྱ་བ་དང་ཁྱད་པར ་དུ་འགྱུར་བའི་སྐལ་བ་ཅ་ནོ།། དེ་ལ་ཆུ་ངུ་ནི་རྣམ་པ་དྲུག་སྟེ། ཞེས་བྱ་བ་རྣམ་པ་དྲུག་གང་ཞེ་ན། མཉམ་པར་མི་བཞག་པ་དང་། ཆུ་ངུ་དང་། འབྲིང་དང་། དམན་པའི་ས་པ་དང་། བསམ་པ་དམན་པ་དང་། ང་རྒྱལ་དང་བཅས་པ་རྣམསོ།། རྣམ་པ་དྲུག་པོ་འདི་དག་ནི་དམན་པ་སྟེ། ཆུ་ངུ་དག ་ཡིན། གཞནི་ཉིད་ལྷག་པའོ་ཞེས་བྱ་བ་གཞན་ཇི་ལྟ་བུ་ཞེ་ན། མཉམ་པར་མ་བཞག་པ་ལས་བཟློག་པ་མཉམ་པར་གཞག་པ་རྣམས་ནི་མཉམ་པར་མ་གཞག་པ་དག་ལས་ལྷག་པའོ།། ཆེན་པོ་རྣམས་ནི་ཆུ་ངུར་ལྷག་པའོ།། མཆོག་གི་ས་པ་དག་ནི་དམན་པའི་ས་དག་པས་ལྷག ་བ་སྟེ། མོས་པར་སྤྱོད་པའི་ས་ལ་ཆུ་ངུ་དག་ཡིནོ།། རབ་ཏུ་དགའ་བ་ལ་ནི་ཆེན་པོ་ངག་ཡིནོ།། དེ་ལ་ནི་ཆུ་ངུ་དག་ཡི་ནོ།། དྲི་མ་མེད་པ་ལ་ན་ཆེན་པོ་དག་ཡིན་ཏེ། དེ་བཞིན་དུ་ས་གོང་ནས་གོང་དུ་ས་འོག་མ་ལས་ལྟོས་ནས་ལྷག་པར་དག་པ་ཡི་ནོ།། ཉན་ཐོས་དང་རང་སངས་རྒྱས་རྣམས ་ཀྱི་ནི་དམན་པའོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ལྷག་པའོ།། ང་རྒྱལ་དང་བཅས་པ་ནི་ས་བདུན་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་བྲལ་བ་དག་གོ།། དེ་ཡན་ཆད་ནི་མཱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ལྷག་པ་ཡི་ནོ།། ཚངས་པའི་གནས་དག་གིས་གནས ་པ་ནི་རྒྱུའོ།། ཞེས་བྱ་བ་གང་གི་རྒྱུ་ཡིན་ཞེ་ན། རྣམ་པར་སྨིན་པ་ལ་སོགས་པའི་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་བསམ་གྱོས་མི་ཁྱབ་པའི་བསམ་གཏན་གྱིས་གནས་པ་ནི་ཚངས་པའི་གནས་པ་བསྒོམ་པས་གཟུགས་ཀྱི་ཁམསུ་སྐྱེ་བའི་རིགས་པ་ལས་འདུལ་བའི་སྐྱེ ་ཁོ་ལ་བལྟོས་ནས་འདོད་པའི་ཁམ་སུ་སྐྱེ་སྟེ། འདི་ནི་དེའི་རྣམ་པར་སྨིན་པའི་འབྲས་བུ་ཡིནོ།། ཚོགས་རྣམས་རྫོགས་པར་བྱེ་དོ་ཞེས་བྱ་བའི་འབྲས་བུའི་བདག་པའོ།། ཞེས་བྱ་བ་ནི་ཚངས་པའི་གནས་པའི་དབང་གིས་ཚོགས་རྣམས་ཡོངསུ་རྫོགས་པར་བྱེད་པ ་གང་ཡིན་པ་དེ་ནི་བདག་པོའི་འབྲས་བུའོ་ཞེས་བྱའོ།། སེམས་ཅན་དག་ཡོངསུ་སྨིན་པར་བྱེའོ་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ།། ཞེས་བྱ་བ་ནི་སྐྱེས་བུ་བྱེད་པ་ཡང་བརྩོན་འགྲུས་ཀྱི་ཁྱད་པར་ལས་འགྱུར་ལ། སེམས་ཅན་ཡོངསུ་སྨིན་པ་ཡང་བརྩོན་འགྲུས་ཀྱི་ཁྱད ་བར་མེད་པར་མི་འབྱུང་བས་དེའི་ཕྱིར་སྐྱེས་བུ་བྱེད་པ་ལས་འབྱུང་བ་གང་ཡིན་པ་དེ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱའོ།། རྐྱེན་མི་བཟང་པས་ཀྱང་མི་འགྱུར་ཞེས་བྱ་བ་ནི་རྟག་སོ་ཞེས་བྱ་བ་ནི་གནོད་སེམས་ལ་སོགས་པའི་གནས་ལྟ་བུའི་ཡུལ་མི་བཟད་པ་མཐོང་བས ་ཀྱང་འགྱུར་བ་མེད། རྟགས་འདིས་ནི་གཞན་དག་གིས་འདི་ནི་བྱམས་པ་ལ་སོགས་པ་ཐོབ་པ་ཡི་ནི་ཞེས་བྱ་བར་ཤེསོ།། གནོད་སེམས་དང་འདོད་པའི་འདོད་ཆགས་དགྲ་ནི་བཏང་སྙོམས་ཀྱི་ཡིནོ་ཞེས་བྱ་བ་རྗེ་སུ་ཆགས་པ་དང་། ཁོང་ཁྲོ་བ་སྟེ། འདོད་ཆགས་ཀྱིས་ནི་རྗེ་སུ་ཆགས ་པ་གནོད་སེམས་ཀྱིས་ཁོང་ཁྲོ་བར་བྱེའོ།། ཚུལ་ཁྲིམས་འཇོམས་པས་གཉི་ག་ལ་ཡང་གནོད་པར་བྱེད་ཅེས་བྱ་བ་ནི་ཚུལ་ཁྲིམས་འཇོམས་པ་ནི་ཇི་ལྟ་བུ། དེ་བཅོམ་པས་ནི་ཇི་ལྟར་ན་གཉི་ག་ལ་གནོད་པར་བྱེད་ན། གཉེན་པོ་སྟོབས་ཆུང་བ་ནི་གནོད་སེམས་དང་རྣམ་པར་འཚེ་བ ་ལ་སོགས་པས་ཀུན་ཏུ་སྤྱོད་པས་ཚུལ་ཁྲིམས་ཡང་དག་པར་བླངས་པ་མི་དག་པའི་ཆོས་ལྷག་པར་སྤྱོད་པས་འཇོམ་སོ།། དེ་བཅོམ་པས་འདི་ཉིད་ལ་གསད་པ་དང་བཅིང་བ་དང་བརྡེག་པ་ལ་སོགས་པའི་སྡུག་བསྔལ་ཉམསུ་མྱོང་བ་དང་། ཕ་རོལ་ཏུ་ཡང་སེམས་ཅན་དམྱལ་བར ་འགྲོ་བ་ལ་སོགས་པའི་གང་ཡིན་པ་དེ་ནི་བདག་ཉིད་ལ་གནོད་པ་ཡིནོ།། རང་ཉམ་ཅན་ཚུལ་ཁྲིམས་ཉམས་པས་སྲོག་གཅོད་པ་ལ་སོགས་པ་ལ་འཇུག་པ་གང་ཡིན་པ་དེ་ནི་གཞན་ལ་གནོད་པ་ཞེས་བྱ་སྟེ། དེ་ལྟར་ན་གཉི་གྲ་གནོད་པར་བྱེད་པ་ཞེས་བྱའོ།། ཉམས་བཅས་ཞེས་བྱ ་བ་ནི་ཚུལ་ཁྲིམས་ཉམས་པ་སྟེ། ཚུལ་ཁྲིམས་རལ་པ་ཞེས་བྱ་བའི་དོན་ཏོ།། འདི་ལ་བདག་ཉིད་སྨོད་ཅེས་བྱ་བ་ནི་སེམས་ཅན་ལ་བདག་ཏུ་ཉེ་བར་འདོགས་ཏེ། འཆལ་པའི་ཚུལ་ཁྲིམས་ལ་གནས་པ་ནི་སེམས་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱི་སེམས་ཉིད་ལ་སྨོད་པར་བྱེད། དགེ ་བའི་ལམ་འཇིགས་པ་མེད་པ་བོར་ནས་མི་དག་པའི་ལམ་འཇིགས་པ་དང་བཅས་པ་མཁས་པ་རྣམས་ཀྱི་སྨད་པ་རྣམས་ལ་བརྟེན་པ་གང་ཡིན་པ་དེ་ནི་ངན་ཏོ་ཞེས་དེ་ལྟར་སྨོད་པའི་ཕྱིར།། རྙེད་པས་དམན་ཞེས་བྱ་བ་ནི་འདི་ལ་གཞན་དག་སྨོང་པ་ཡིན་ཏེ། ཆོས་གོས་དང ་བསོད་སྙོམས་ཀྱང་མི་སྙེད་ལ། མཐོང་ན་ཡང་འདི་སྐད་དུ་ཚེ་དང་ལྡན་པ་འདི་ནི་འདི་ལྟ་བུ་བྱེད་པ་འདི་ལྟ་བུར་སྤྱོད་པ་མི་གཙང་བ་སྟེ། གྲོང་གི་ཚེར་མ་ཡིནོ་ཞེས་སྨྲའོ།། སྲུང་བས་སྨད་པོ་ནི་འདི་ཚུལ་ཁྲིམས་དང་ལྡན་པའི་ཚེ་བསྲུང་བ་བྱས་པའི་ལྷ་གང་དག་ཡིན་པ་དེ་དག་ཀྱང ་སློང་ཅིང་བསྲུང་བར་མི་བྱེའོ།། དེ་བཞིན་སྟོན་པས་སྨད་ཅེས་པ་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་བོང་བུ་ལྟར་ཀུན་ཏུ་སྤྱོད་ཅེས་བྱ་བ་ལ་སོགས་པས་སྨོད་ཅིང་ཚུལ་ཁྲིམས་ཉམས་པས་འདོར་བ་མཛད།། རྩོད་བཅས་ཅེས་བྱ་བ་ནི་འདི་ལ་ཚངས་པ་མཚུངས་པར་སྤྱོད་པ ་མཁས་པ་གཞན་དག་ཀྱང་ཆོས་ཉིད་ཀྱིས་རྣམ་པར་སྨོ་དོ་ཞེས་བྱ་བའོ།། མི་སྙན་ཞེས་བྱ་བ་ནི་ཕྱོགས་མཚམ་སུ་ཡང་འདིའི་སྒྲ་དང་ཚིག་སུ་བཅད་པ་མི་སྙན་པ་དག་འབྱུང་བའོ།། དེ་ནི་གཞན་དུ་མི་ཁོམ་རྣམསུ་སྐྱེ། ཞེས་བྱ་བ་ནི་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་བར་འགྱུར། ་ཞེས་སྟོན་ཏོ།། ཐོབ་པ་ལས་ཉམས་པ་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་ཐོབ་པ་ལས་ཡོངསུ་ཉམས་པ་ཡིན་པ་སྟེ། འདི་ནི་ཚེ་ཁོ་ནའི་ཁ་ན་མ་ཐོ་བ་ཡིན།། མ་ཐོ་བ་ཉམས་པས་ཞེས་པ་འདིས་ནི་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་བར་སྟོན་ཏེ་འདི་ལྟར་ངོ ་ཚ་བ་རྣམ་པར་དབྱེ་བ་ལས་སློབ་དཔོན་གྱིས་ཐོབ་པ་དང་མ་ཐོབ་པ་ལས་ཡོངསུ་ཉམས་པ་ནི་ཚེ་འདི་དང་ཕྱི་མའི་ཁ་ན་མ་ཐོ་བ་དང་སྦྱོར་བར་འགྱུར་རོ།། ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། ཅེས་བྱ་བ་ནི་དེ་ལས་སྐྱེས་པ་སེམས་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་བ་ལུས ་ཀྱི་དང་སེམས་ཀྱི་ཚེ་འདི་དང་ཚེ་ཕྱི་མ་ལ་འཐོབ་པ་སྟེ། འདི་ནི་ཚད་མེད་པ་རྣམས་སྤྱིར་བསམ་པ་ཡིན།། ད་ནི་ཁྲིད་པར་ཏེ་ཚད་མེད་པ་རྣམས་ཀྱི་ནང་ན་སྙིང་རྗེ་མཆོག་ཡིན་པས་དེ་དམིགས་པ་ལ་སོགས་པའི་དབྱེ་བས་ཕལ་ཚར་བསམ་ཏེ། རབ་འབར་དགྲའི་དབང་དུ་སོང་། ཞེས ་བྱ་བ་ལ་སོགས་པའི་རབ་ཏུ་དབྱེ་བས་དེ་བརྩམ་པར་བྱའོ།། དགྲའི་དབང་དུ་སོང་བ་ནི་གང་གི་ཚེ་བདུད་ཀྱིས་དགེ་བ་ལས་རབ་ཏུ་བསྐྱོད་པར་བྱེད་པའོ།། བགྲོད་དཀའ་ལམ་ལ་ཀུན་ཏུ་ཞུགས།། ཞེས་བྱ་བ་བགྲོད་ད། ར་བ་ནི་འཁོར་བ་སྟེ། དེར་འགྲོ་བའི་ལམ་ལ་ཀུན་ཏུ་ཞུགས་པ་ནི ་བགྲོད་དཀའ་བའི་ལམ་ལ་ཀུན་ཏུ་ཞུགས་པ་ཞེས་བྱའོ།། དེ་དག་ཀྱང་གང་ཞེ་ན། དེ་དག་བསྟན་པའི་ཕྱིར། ཡོངསུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཏེ་ཞེས་བྱ་བ་སྨོསོ།། ལམ་རབ་ཏུ་སྟོར་བ་ནི་མངོན་པའི་ང་རྒྱལ་ཅན་རྣམས་ཏེ། ཐར་པའི་ལམ་ནོར་བའི་ཕྱི་ན ་བྱ་བ་ནི་དེ་དག་ཡོངསུ་མྱ་ངན་ལས་འདིའི་ཆོས་ཅན་ཡིན་པ་ལས་མངོན་པའི་ང་རྒྱལ་ཅན་དུ་འགྱུར་བའི་ཕྱིར་ཡུན་རིང་མོ་ཞིག་ཏུ་ཐོགས་ཏེ། དེ་དག་ནི་དེ་ཁོ་ན་ཉིད་མི་རྟོགས་པར་རྟོགས་པར་ང་རྒྱལ་བྱེའོ།། དེ་ལྟར་ན་དེ་དག་ཇི་སྲིད་ང་རྒྱལ་ཀུན་ཏུ་སྤྱོད་པ་དེ་སྲིདདུ་འཕགས།། ་པ་རྣམས་ཀྱི་ལམ་སྟེར་བར་འགྱུར་བས་ལམ་སྟོང་པ་ཞེས་བྱའོ།། བྱང་ཆུབ་མཆོག་ས་བོན་ཉིད་ཀྱིས་ནི་བདག་པོའི་འབྲས་བུའོ་ཞེས་བྱ་བ་ནི་འདི་ལྟར་སྙིང་རྗེ་ནི་བྱང་ཆུབ་མཆོག་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་ས་བོན་ཡི་ནོ།། ཛ་ལྟར་ས་བོན་ཡིན་ཞེ་ན་འདི་ལྟར་དེའི་དབང་གིས།། ་ཐོབ་པར་འགྱུརརོ།། གོ་རིམ་བཞིན་དུ་གཞན་དག་བདག་ཉིད་ལ་བདེ་བ་བསྐྱེད་པ་དང་། གདུང་བར་བྱེད་པ་ཉིད་ཀྱིས་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ།། ཞེས་བྱ་བ་ནི་སྐྱེས་བུ་བྱེད་པས་ནི་སེམས་ཅན་རྣམས་ཀྱི་བདེ་བ་མཐོ་རིས་དང་བྱང་ཆུབ་གྲོལ་གྱི་ངོ་བོ་ཉིད་བསྐྱེད་ལ།། ་བདེ་བསྐྱེད་པ་དེ་ཡང་ནང་དང་ཕྱིའི་དངོས་པོ་ཡོངསུ་གཏོང་བར་འགྱུར།། ཆོས་ལ་བརྟེན་པའི་ཞེས་བྱ་བ་ནི་ཇི་སྐད་བཤད་པའོ་འབྲས་བུ་ལྔ་དང་ལྡན་པའི་སྙིང་རྗེའི་ཆོས་ལ་བརྟེན་པའི་ཞེས་བྱ་བའི་ཐ་མའོ།། བྱང་ཆུབ་སེམས་དཔའ་འཁོར་བར་རྟོག་པ་ཐམས་ཅད་ཡང་དག ་བཔ་ཇི་ལྟ་བ་བཞིན་ཡོངསུ་ཤེས་ནས་སྙིང་རྗེ་དང་ལྡན་པའི་ཕྱིར། ཡོངསུ་སྐྱོ་བར་ཡང་མི་འགྱུར་ལ། ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདའ་བ་ལ་མི་གནས་པ་ཉིད་སྟོན་ཏེ། སྙིང་རྗེའི་སྟོབས་ཀྱིས་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་གཞོལ་བར་མི་འགྱུར་རོ།། བློ་མཆོག ་དང་ལྡན་པའི་ཕྱིར་ཉེས་པ་ངག་གིས་གནོད་པར་ཡང་མི་འགྱུར་རོ།། ཞེས་བྱ་བ་འདས་ནི་འཁོར་བ་ལ་མི་གནས་པ་ཉིད་སྟོན་ཏེ།། ཤེས་རབ་ཀྱི་སྟོབས་ཀྱིས་འཇིག་རྟེན་པ་བཞིན་དུ་འཁོར་བ་ལ་གཞོལ་བར་མི་འགྱུརརོ།། དེ་ལྟར་ན་ཤེས་རབ་ཀྱི་སྟོབས་ཀྱི་སོ་སོའི་སྐྱེ་བོ་བཞིན ་དུ་འཁོར་བ་ལ་ཡང་མི་གནས་ལ། སྙིང་རྗེའི་སྟོབས་ཀྱིས་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ཡང་མི་གནས་པས་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱའོ།། འཇིག་རྟེན་སྡུག་བསྔལ་བདག་ཉིད་ལྟ་བ་ཡིན། ཞེས་བྱ་བ་ནི་སྡུག་བསྔལ་གྱི་ངོ་བོ་ཉིད་ཅེས ་བྱ་བའི་ཐ་ཚིགོ།། སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་འདི། རང་བཞིན་དང་ཞེས་བྱ་བ་ལ། རང་བཞིན་གྱི་སྒྲས་ནི་བརྩེ་བའི་རིགས་བསྟན་ཏོ།། སོ་སོར་བརྟག་པ་ཞེས་བྱ་བ་ནི་སྟེན་དང་སྦྱིན་ཡོངསུ་རྟག་པསོ།། དེ་སྔོན་གོམས་པར་བྱས་དང་ལྡན་པ་དང་། ཞེས་བྱ་བ ་ནི་ཚེ་རབས་གཞན་ན་ཡོངསུ་བསྒོམས་པསོ།། མི་མཐུན་ཕྱོགས་ཉམས་རྣམ་དག་ཐོབ་པས་ཞི། ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་ཐོབ་པའི་སྒོ་ནས་ཏེ། དེའི་མི་མཐུན་པའི་ཕྱོགས་རྣམ་པར་འཚེ་བ་སྤངས་ན་སྙིང་རྗེ་རྣམ་པར་དག་པ་ཐོབ་པར་འགྱུར་རོ།། མཉམ་པ་མ་ཡིན་པ ་གང་ཡིན་པ་དེ་ནི་བརྩེ་བ་མ་ཡིན་ཞེས་བྱ་བ་འཇིག་རྟེན་པོ་དང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་བརྩེ་བ་ནི་སེམས་ཅན་སྡུག་བསྔལ་ཞིང་སྡུག་བསྔལ་གྱི་ཚོར་བས་ཉེན་པ་དག་ཁོ་ན་ལ་བརྩེ་བས་མཉམ་པ་མ་ཡིན་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་བརྩེ་བ་ནི་གང་ཅི་ཚོར་བ་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་བས་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ལ་མནར་མེད་པ་དག་ལ་ཇི་ལྟ་བར་སྲིད་པའི་རྩེ་མོར་སྐྱེས་པ་རྣམས་ལ་ཡང་དེ་དང་འདྲ་བར་བརྩེ་སྟེ། དེ་བས་ན་སེམས་ཅན་ཐད་ལ་མཉམ་པ་ཞེས་བྱའོ།། ཇི་ལྟར ་ཉན་ཐོས་རྣམས་ཀྱི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཟད་པས་ཟད་པར་འགྱུར་བ་ལྟ་བུ་རྟག་ཏུ་མ་ཡིན་པ་དེ་ཡང་བརྩེ་བ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བརྩེ་བ་ནི་རྟག་ཏུ་སྟེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཡང་ཟད་པར ་མི་འགྱུརརོ།། དེ་བཞིན་དུ་ལྷག་པའི་བསམ་པ་ལ་སོགས་པ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ།། འདོད་ཆགས་དང་བྲལ་བས་ནི་ངའི་མི་མཐུན་པའི་ཕྱོགས་རྣམ་པར་འཚེ་བ་སྤངས་པའི་ཕྱིརརོ་ཞེས་བྱ་བ་ནི་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་ཞེས་བྱ་བའི་དོན་ཏེ། དེ་ལྟར་ན་ཉན་ཐོས ་དེ་དག་ལས་ཀྱང་ཁྱད་པར་དུ་འཕག་སོ།། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིརརོ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་སོགས་པ་ལ་ལམ་མངོན་པར་འདུ་བྱ་བ་མེད་པའི་ཕྱིརརོ།། དེའི་རྩ་བ་ནི་སྙིང་རྗེའོ་ཞེས་བྱ་བ་ནི་སྙིང་རྗེའི་ཤིང་གི་ཞེས་བྱ་བའི་ཐ་ཚིག་སྟེ། ཤིང་ལ་ནི་རྩ་བ་མེད་ན ་སྡོང་པོ་མེདོ།། སྡོང་པོ་མེད་ན་ཡལ་ག་མདོ།། ཡུལ་ག་མེད་ནུ་ལོ་མ་མེདོ།། ལོ་མ་མེད་ན་མེ་ཏོག་མེདོ།། མེ་ཏོག་མེད་ན་འབྲས་བུ་མེ་དོ།། དེ་བཞིན་དུ་སྙིང་རྗེའི་ཤིང་ལ་རྩ་བ་སྙིང་རྗེ་མེད་ན་སྡེང་པོ་བཟོད་པ་མེདོ།། སྡོང་པོ་བཟོད་པ་མེད་ན་སེམས་ཅན་གྱི་དོན་སེམས་པ་ཡལ་ག་ལྟ་བུ་མདོ།། ་དེ་མེད་ན་སྐྱེ་བ་བཟང་པོ་ཡོངསུ་བཟུང་བའི་དོན་སྨོན་པ་ལོ་མ་ལྟ་བུ་མེ་དོ།། དེ་མེད་ན་སྐྱེ་བ་བཟང་པོ་མེ་ཏོག་ལྟ་བུ་མེད།། དེ་མེད་ན་སེམས་ཅན་ཡོངསུ་སྨིན་པ་འབྲས་བུ་ལྟབ་མེདོ།། སྙིང་རྗེའི་ཤིང་འདི་ཇི་ལྟར་འཕེལ་བར་འགྱུར་བ་དེ་བསམ་པར་བྱ་སྟེ། སྙིང་རྗེ་ནི་རྩ་བ་བཤད་དོ།། རྩ་བ་དེའི་ཆུ ་ལྟ་བུ་ནི་བྱམས་པ་སྟེ། དེས་རྩ་བ་འཆུ་བར་བྱའོ།། སྙིང་རྗེའི་སྡུག་བསྔལ་ལས། བདེ་བ་སྐྱེ་བ་གང་ཡིན་པའི་བདེ་བ་དེས་ནི་ཤིང་དེའི་སྡོང་པོ་བཟོད་པར་རྒྱས་པར་བྱེ།། སྔ་མ་དང་ཕྱི་མ་འགག་པ་དང་སྐྱོ་བའི་རིམ་གྱི་སྨོན་ལམ་གྱི་རྒྱུན་མ་བཅོད་པས་སྨོན་ལམ་རྣམས་ལོ་མ་འདོར་བ ་དུདྲིདུང་ལེན་པ་དང་ཆོས་མཐུན་པར་རིག་པར་བྱའོ།། ཞེས་བྱ་བ་ནི་དཔེར་ན་ཤིང་ནི་ལི་མ་རྙིངས་པ་ཡོངསུ་འདོར་ཞིང་སར་པ་ཡོངསུ་ལེན་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྔོན་གྱི་སྨོན་ལམ་ཆུང་ངུ་ཡོངསུ་བཏང་ནས་སྨོན་ལམ་ཆེན་པོ་མཆོག་འཛིན་པར ་བྱེད། དེ་ལྟར་ན་གོང་ནས་གང་དུ་བྱ་བས་སྨོན་ལམ་ཆུ་ངུ་རྣམས་ནི་ཡོངསུ་གཏོང་ལ། ཆེན་པོ་མཆོག་རྣམས་ནི་འཛིན་པར་བྱེདདོ།། དཔེར་ན་དུས་བཟང་པོ་ལས་སྐྱེས་པའི་ཤིང་དུས་དུསུ་བཅུས་པ་ལས་གདོན་མི་ཟ་བར་མེ་ཏོག་ལ་སོགས་པ་འབྱུང་བ་དེ་བཞིན་དུ་ནང་གི ་རྐྱེན་གྲུབ་སྟེ། རང་གི་རྒྱུད་ཡོངསུ་སྨིན་པ་ལས་མེ་ཏོག་ལ་སོགས་པ་ལྟ་བུའི་སྐྱེ་བ་ལ་སོགས་པ་ཁྱད་པར་དུ་འཕགས་པར་འགྱུ་རོ།། དེ་དག་ལ་ཆགས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། ཞེས་བྱ་བ་ནི་འཇིག་རྟེན་པའི་བདེ་བ་དང་རང་གི་སྲོག་ལའོ།། ། ་འཇིག་རྟེན་པའི་སྙིང་རྗེས་གནས་པ་རྣམས་ཀྱི་ནི་ཁ་ན་མ་ཐོ་བ་མེད་ཀྱང་འཇིག་རྟེན་པ་ཡིནོ་ཞེས་བྱ་བ་ནི་གང་ཟག་དང་བཅས་པའོ་ཞེས་བྱ་བའི་ཐ་ཚོགོ།། འདྲེན་པའི་ཐབས་གང་ཡིན་པ་ཞེས་བྱ་བ་ནི་སྙིང་རྗེས་བྱམས་པའི་རང་བཞིན་གྱི་ཐབ་སོ།། སེམས་ཅན་རྣམས་ལ ་སྡུག་བསྔལ་མེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བའི་རྒྱུ་མཚན་དུ་ཞེས་བྱ་བའི་ཐ་ཚི་གོ།། བདག་དང་གཞན་མཉམ་པ་ཉིད་ཀྱི་སྡུག་བསྔལ་ལ་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་མ་རེག་པའི་ཕྱིར།། ཞེས་བྱ་བ་ནི་འདིར་ཇི་སྲི་དུས་དང ་པོ་མ་ཐོབ་པ་དེ་སྲིད་དུ་བདག་དང་གཞན་མཉམ་པ་ཉིད་འཐོབ་པར་མི་འགྱུར་གྱི། ས་དང་པོ་ཐོབ་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་ཕྱིར་སྡུག་བསྔལ་གྱི་ཆོས་ཉིད་རྟོགས་པའི་སྒོ་ནས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ལ་རེག་པར་འགྱུར།། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེས་བསྐྱེད་པའི་སྡུག་བསྔལ་ཉིད་འདི་ལྟར་འཇིག་རྟེན་པའི་བདེ་བ་ཉིད་ཡིན་པ་ཐམས་ཅད་ཟིལ་གྱིས་གནོན་པ་དེ་ལྟ་བུའི་བདེ་བར་འགྱུར་ཞིང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས ་གཡེན་སྐྱོ་བ་རྣམས་ཀྱིས་དེ་ལས་ཡོངསུ་བསྐྱབ་པའི་ཕྱིར་ཞུགས་པ་རྣམས་ལ་ནི། སེམས་ཅན་དམྱལ་བའི་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་ཡང་སེམས་ཅན་ཡོངསུ་བསྐྱབ་པ་ལས་བལྟོས་ནས་དེ་དག་གི་བདེ་བ་ཆེན་པོ་ཡིན་ཏེ། འཇིག་རྟེན་པའི་བདེ་བ་གང་ཡིན་པ་དེ ་དག་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བ་ནི་སྙིང་རྗེས་བསྐྱེད་པའི་བདེ་བ་དེ་སོ།། དགྲ་བཅོམ་པ་དོན་བྱས་པ་རྣམས་ཀྱང་བདེ་བ་དང་མི་ལྡན་ན་ཞེས་བྱ་བ་ནི་སྙིང་རྗེས་སྡུག་བསྔལ་ལས་སྐྱེས་པའི་བདེ་བ་གང་ཡིན་པ་དེ་ནི་ཉན་ཐོས་རང་གི་དོན་ལྷུར་ལེན་པ་རྣམས་ལ ་མེད་པས་དེ་དག་དེ་དང་མི་ལྡན་པ་ཡིན།། གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམ་སོ།། ཚོགསུ་བཅད་པ་འདིས་ལས་ནི་སྡུག་བསྔལ་གྱིས་བདག་ཉམ་སུ་མྱོང་བ་སྐོ་དུ་བཤད་ལ་འགྲེལ་པ་ལས་ནི་སྙིང་རྗེས་དྲངས་པའི་བདེ་བས་བདེ་བ་ཉམ་སུ ་མྱོང་བར་བཤད་པ་ནི་འདི་ལྟར་རུང་།། དེ་ལྟ་མ་ཡིན་ན་ཇི་ལྟར་དོན་བྱས་པ་རྣམས་ཀྱང་དེ་དང་མི་ལྡན་ཞེས་བརྗོད་བདེ་བ་དེ་ལྟ་བུ་གང་ཡིན་པ་དེ་དང་ཉན་ཐོས་རྣམས་མི་ལྡན་གྱི་སྡུག་བསྔལ་དང་ནི་མ་ཡི་ནོ།། འཇིག་རྟེན་གསུམ་གྱི་བདེ་བ་ཉེ་བར་སྤྱད་པ་རྣམས་ཀྱིས་བདེ་བ ་བྱས་པ་གང་ཡིན་པ་དེས་ཀྱང་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་བརྩེ་བས་སྦྱིན་པ་དང་། ལྡན་པའི་བདེ་བ་གང་ཡིན་པ་དེས་ཀྱང་ཞེས་བྱ་བར་སྦྱ་རོ།། གསུམ་དང་དེ་དག་གི་འབྲས་བུ་འཕེལ་བའི་ཞེས་བྱ་བ་ནི་གསུམ་འཕེལ་བ་དང་། གསུམ་པོ་དེ་ལས་འབྲས་བུ་བར ་བ་རྣམ་པ་གསུམ་པོ་དེ་འཕེལ་བའི་ཚོགསུ་བཅད་པའོ།། དེའི་རྗེ་སུ་འཛིན་པར་བྱེད་པའི་མཐུས་བྱས་པའོ་ཞེས་བྱ་བ་ནི་སེམས་ཅན་རྗེ་སུ་འཛིན་པར་བྱེད་པའི་མཐུས་བྱས་པ་ཞེས་བྱ་བའི་ཐ་ཚིག་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པ་སྦྱིན་པ་ནི་ཡོ་བྱད་ཀྱིས་ཕོངས་པར་མི་འགྱུར།། ་ཡོ་བྱད་ཀྱིས་ཕོངས་པ་མེད་པ་སྦྱིན་པའི་དུས་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་ཇི་ལྟར་འདོད་པ་བཞིན་སྦྱིན་པའི་མཐུ་ཐོགས་པ་མེད་པར་འགྱུར་ཏེ། འདི་ནི་འབྲས་བུ་གསུམ་པོ་ཡི་ནོ།། ངོ་བོ་ཉིད་རྒྱས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་སྦྱིན་པའི་སྙིང་རྗེ་རྒྱས ་པར་འགྱུར་བ་འདི་ནི་ངོ་བོ་ཉིད་རྒྱས་པ་ཡིན།། འཕེལ་བ་ཞེས་བྱ་བ་ནི་བརྩེ་བས་སྦྱིན་པ་བྱིན་པའི་བྱང་ཆུབ་སེམས་དཔའ་ལ་བརྩེ་བའི་ཁྱད་པར་གྱིས་སྦྱིན་པ་ཆུང་ཡང་འཕེལ་བར་འགྱུར་ཏེ། དེ་བས་ན་ལོངས་སྤྱོད་དག་གི་སྙིང་རྗེ་འཕེལ་བར་བྱེའོ།། སྦྱིན་ལ ་ཡོངསུ་སྨིན་བྱ་ཞེས་བྱ་བ་ནི་གསུམ་པའི་དོན་དུ་བདུན་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས་སྦྱིན་པས་སེམས་ཅན་ཡོངསུ་སྨིན་པར་བྱ་བ་དང་ཞེས་བཤད་དོ།། ཚོགས་ཀུན་ཏུ་འདྲེན་པ་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལོ་སོགས་པའོ།། སྙིང་རྗེ་ནྡན་ནི་རྟག་ཏུ་རང་སྦྱིན ་ལ་སྟོན་དང་འདྲ་སྟེ་ཞེས་བྱ་བ་ནི་སྦྱིན་པ་ནི་ཕྱིའི་དངོས་པོ་ཡིན་པའི་ཕྱིར་དེ་ནི་སེམས་པ་མེད་པ་ཡིན་པས་དེ་ལ་བསྟན་དུ་ཅི་ཞིག་ཡོད། དེ་བས་ན་སྟོན་དང་འདྲ་ཞེས་བྱ་སྟེ། ཇི་ལྟར་སེམས་པ་དང་བཅས་པ་ལ་རྗེསུ་སྟོན་པ་དེ་བཞིན་དུ་དེ་ལ་རྗེས་སྟོན་པ་ཡིནནོ།། རང་བདེ་མི་འདོད ་བ་ཞེས་བྱ་བ་ནི་བདག་ཉིད་བདེ་བར་མི་འདོད་ཀྱི་རྣམ་པ་ཐམས་ཅད་སེམས་ཅན་རྣམས་ཁོ་ན་ལ་བདེ་བར་འདོད་པའོ།། ཡང་ན་ཐ་དད་མིན་བདེ་བདག་ལའང་མིན།། ཞེས་བྱ་བ་ནི་སེམས་ཅན་རྣམས་དང་ཐ་དད་པ་མ་ཡིན་པའི་བདེ་བ་ཞེས་བྱ་བའི་ཐེ་ཚི་གོ།། སེམས་ཅན་རྣམས་ལ ་བདེ་བ་གང་ཡིན་པ་དེ་ཉིད་བྱང་ཆུབ་སེམས་དཔའི་བདེ་བ་ཡིན་ཏེ། འདི་ནི་བདག་ཉིད་ཀྱི་བདེ་བ་སེམས་ཅན་རྣམས་ཀྱི་དང་ཐ་དད་པར་མི་འདོད་པས་ཐ་དད་པ་མ་ཡིན་པའི་བདེ་བའོ།། བདག་གིས་སྦྱིན་པ་དང་སྦྱིན་པའི་འབྲས་བུ་གང་ཡིན་པ་ཐམས་ཅད་སེམས་ཅན་ཁོ་ན་ལ ་སྨིན་ན། ཇི་ལྟར་ན་བདག་གིས་བདེ་བ་ཐ་དད་པ་ཡིན་པར་སེམས། དེ་དག་བདེ་བ་ཉིད་བདག་གི་བདེ་བ་ཡིན་པས་ཞེས་བྱ་བ་དེ་དག་གི་བདེ་བ་ནི་དེ་དག་བདེ་བ་སྟེ། སེམས་བདེ་བ་ཞེས་བྱ་བའི་དོན་ཏོ།། གང་ལ་དེ་དག་བདེ་བས་བདེ་བ་ཡོད་པ་དེ་ནི་དེ་དག་བདེ་བ་སྟེ། དེ་བ ་ནོནདེ་དག་བདེ་བའི་བདེ་བས་བདག་བདེའོ་ཞེས་བྱ་བར་སྟོན་ཏོ།། བདག་ནི་ལོངས་སྤྱོད་དག་དེ་ལྟར་ཉེ་བར་གནས་པའི་བདྲེ་བ་གང་ཡིན་པ་དེ་ནི་མི་འདོད་ཅེས་བྱ་བ་ནི་ལོངས་སྤྱོད་ལ་རྒྱབ་ཀྱིས་ཕྱོགས་པ་ལ་ལོངས་སྤྱོད་ཤིན་ཏུ་མང་པོར་འགྱུར་བ་གང་ཡིན་པ་ཞེས ་བྱ་བའི་ཐ་ཚིགོ།། གཞན་ཡང་གལ་ཏེ་བདག་ཅུང་ཟད་ཅིག་ཡོངསུ་གཏོང་ཞིང་ཅུང་ཟད་ཅིག་བདག་གིར་བྱེད་ན་ནི། དེ་ལ་འདི་སྙམ་དུ་འདི་ནི་བདག་ཉིད་ཀྱང་སྦྱིན་པའི་འབྲས་བུ་དོན་དུ་གཉེར་ཞིང་ལོངས་སྤྱོད་འདོད་པས་སྦྱིན་པ་བྱིན་ཞེས་བྱ་བར་དོགས་པར་ཡང་འགྱུར་ན། ་གང་གི་ཚེ་བདག་བདོག་པ་ཐམས་ཅད་ཡོངསུ་གཏོང་ཞིང་དེ་ཡང་བརྩེ་བས་ཏེ། ལན་དང་རྣམ་པར་སྨིན་པ་ལ་མི་ལྟ་བར་ཞུགས་པ་དེ་ཉིད་ཀྱི་ཕྱིར་ཁྱེད་ཀྱིས་བདག་ལ་སྦྱིན་པའི་འབྲས་བུ་དོན་དུ་གཉེར་བ་མེད་པ་ཉི་དུ་ཤེས་པར་བྱའོ།། ཞེས་བྱང་ཆུབ་སེམས་དཔའ་བྱིན ་པ་ལ་རྗེསུ་སྟོན་པར་བྱེདདོ།། ཁྱོད་ཀྱི་ལན་ལ་ལྷ་དང་བྲལ་བྱས་ན།། འབྲས་བུ་ཤིན་ཏུ་གཞན་ལ་གཏོང་བ་ཡིན།། ཞེས་བྱ་བ་ནི་ཁྱོད་ཀྱིས་ཐམས་ཅོད་ལན་ལ་ལྟ་བས་འབྲས་བུ་འབྱིན་ཏེ། བདག་ནི་ཁྱོད་ཀྱི་ལན་ལྔ་ལྟ་བ་དང་དྲལ་བས་འབྲས་བུ་གཞན་ལ་གཏོང་ཞེས་དེ ་སྐདུ་བྱང་ཆུབ་སེམས་དཔའི་སྦྱིན་པ་ལྔ་རྗེསུ་སྟོན་ཏོ།། ཚོལ་བ་མེད་པ་ཞེས་བྱ་བ་ནི་གཞན་གྱི་མ་བརྩལ་ཏེ། དོན་དུ་མི་གཉེར་བ་གཞན་གྱི་ཚུལ་ཙམ་གྱིས་བྱང་ཆུབ་སེམས་དཔའ་སེམས་ཤེས་པ་སྦྱིན་པ་བྱིན་པར་བྱེད།། དགའ་བ་ནི་སོ་སོར་བརྟག་པ་མེད་པར་རབ་ཏུ ་དགའ་བས་སྦྱིན་པའི་ཕྱིར།། ཞེས་བྱ་བ་ནི་ཤེས་རབ་ཀྱི་སེར་སྣའི་སེམས་ཚར་བཅད་ནས་སྦྱིན་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག། སྦྱིན་པའི་སྒོ་ནས་དགའ་བ་ནི་སྦྱིན་པས་དགའ་བའོ།། འདི་ལྟར་སྙིང་རྗེས་ཕ་རོལ་ཏུ་ཕྱིན་པ་རྣམས་མངོན་པར་བསྒྲུབ་པར་འགྱུར་བ ་དེ་ལྟ་ཚིགསུ་བཅད་པའོ།། སྙིང་རྗེས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་འགྱུར་ཞེ་ན། དེའི་མཐུན་པའི་ཕྱོགས་རྣམ་པར་སུན་འབྱིན་པའི་ཕྱིར། དེ་སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་རྣམ་པར་སུན་འབྱིན་པའི་ཕྱིར་ཞེས ་བྱ་བའི་ཐ་ཚིགོ།། དེ་ལྟར་ན་དེའི་མི་མཐུན་པའི་ཕྱོགས་རྣམ་པར་སུན་ཕྱུང་བས་སྙིང་རྗེ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མངོན་པར་གྲུབ་པར་བྱེད་པར་འགྱུར་ཏེ། དེ་བས་ནི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པའི་སྙིང་རྗེ་ཞེས་བྱའོ།། སྙིང་རྗེའི་རྐྱེན་བརྟན་པོའི་ཚོགསསུ་བརྗོད་པ་ཞེ ་བྱ་བ་ནི་མོད་ལས། རྐྱེན་ཉིད་གཞི་གསུངས་ཏེ། དམིགས་པ་དང་། བདག་པོ་དང་། མཚུངས་པ་དེ་མ་ཐག་པ་དང་། རྒྱུའི་རྐྱེན་ཉིད།། སྙིང་རྗེའི་དམིགས་པ་ལ་སོགས་པའི་རྐྱེན་ཛོ་ལྟ་བུ་ཞེ་ན། དེ་བསམ་པར་བྱ་སྟེ། ཚོར་བ་རྣམ་པ་གསུམ་ཅེར་ཡང་དམིགས་པའི་རྐྱེན་ཡིན་ཏེ། ཁདེ། ་བའི་ཚོར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་དམིགས་པ་ཡིནོ།། སྡུག་བསྔལ་ན་སྡུག་བསྔལ་གྱི་ངོ་བོ་ཉིད་ཀྱིས།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་དམིགས་པ་ཡིན།། འདི་ནི་བདེ་བ་དང་སྡུག་བསྔལ ་དག་གི་རྒྱུ་ཡིན་ཏེ། ཡང་དེ་དག་འདྲེན་པའི་ཕྱིརརོ།། ཞེས་བྱ་བ་ནི་འདི་ལྟར་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་མཚན་ཉིད་ནི་འདི་ཡིན་ཏེ། དེ་གཉི་གའི་གནས་ངན་ལྡནྡ་ཡོངསུ་འཛིན་པས་གཉིས་ལས་རྣམ་པར་གྲོལྔ་བ་དང་། མཱི་རྟག་པོ་ཉིད་དང་རྗེས ་འབྲེལ་བའི་ཕྱིར། སྡུག་བསྔལ་ཡང་མི་ཡོན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཚོར་བར་བཤད།། དེ་བས་ན་བདེ་བ་དང་སྡུག་བསྔལ་བ་ཉིད་ཀྱི་གནས་ངན་ལེན་པ་དང་རྗེ་སུ་འབྲེལ་བའི་ཕྱིར། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་དམིགས་པ་ཉི་དུ་བསྟན། ་ཏོ། རྒྱུའི་རྐྱེན་ནི་སྙིང་རྗེའི་བག་ཆགས་གང་ཡིན་པ་སྟེ། སྙིང་རྗེ་ཀུན་ཏུ་སྤྱད་པས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་བག་ཆགས་གཞན་པ་དེའི་རྒྱུའི་རྐྱེན་ཏོ།། དགེ་བའི་བཤེས་གཉེན་གྱི་དབང་གིས་སྙིང་རྗེས་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་ནི་བདག་པོའི་རྐྱེན ་ཏོ། སེམས་དང་སེམས་ལས་བྱུང་བའི་ཚོགས་སྔར་བྱུང་བ་ནི་སྙིང་རྗེ་སྐྱེ་བར་འགྱུར་བའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏོ།། དེའི་བསམ་ཕྱིར་བྱ་བ་དེ་སེམས་པའི་ཕྱིར་ཡིན་པར་ཤེས་པར་བྱའོ།། མི་དམིགས་པའི་ཕྱིར་ནི་བདག་དང་གཞན་དང་སྙིང་རྗེར་མི་དམིགས་པའི ་ཕྱིརརོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་གནས་སྐབས་ནའོ།། རང་གི་སེམས་ཀྱིས་བྱམས་པ་ལ་སོགས། བསྒོམ་པ་མཆོག་ཅེས་བྱ་བ་ནི་སེམས་ཅན་གྱི་ཁམས་ལ་ཁྱིམ་དང་གྲོང་ཁྱེར་ལ་སོགས་པའི་དབྱེ་བས་ཉི་ཚེ་བའི་ཡོ་བྱད་ཀྱི་རྫས་ཀྱིས་བྱམས་པར་བྱེད་པ་གང་ཡིན ་པ་དེ་ནི་མཆོག་མ་ཡིན་གྱི། རང་གི་སེམས་ཀྱིས་བྱམས་པ་ལ་སོགས་པ་བསྒོམ་པ་གོང་ཡིན་པ་དེ་ནི་འདིར་མཆོག་དང་གཙོ་བོ་ཡིནོ།། རང་གི་སེམས་ཀྱིས་ཇི་ལྟ་བུ་ཞེ་ན། དེ་སྟོན་ཏེ་ཆོས་ལོ་མོས་པའི་སྒོ་ནས་ནི་མདོ་ལ་སོགས་པ་ལས་ཚད་མེད་པའི་དབང་དུ་བྱས་པའི་ཆོས་གང ་ཡིན་པ་ཐོས་ནས་ཆོས་དེ་ལ་ཤིན་ཏུ་སྙིང་ནས་མོས་ཤིང་སེམས་ཅན་ཐཾད་ལ་དམིགས་ནས་བྱམས་པ་ལ་སྙོམས་པར་འཇུག་པ་ཡི་ནོ།། བསམ་པའི་སྒོ་ནས་ནི་རོ་མྱང་བ་ལ་སོགས་པའི་བསམ་པ་དགུ་སོ།། དབང་འབྱོར་པ་ཉིད་ཀྱིས་ནི་སེམས་ཅན་ཚད་མེད་པ་ལ་བྱམས་པའོ།། རྣར ་མི་རྟོག་པའི་ཡེ་ཤེས་ཀྱི་ཐབས་ཡོངསུ་བཟུང་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དོན་བྱེད་པའི་ཁྱད་པར་གྱི་སྒོ་ནས་ནི་དོན་ཐམས་ཅད་འདྲེས་ཤིང་ཉེ་བར་འདྲེས་པའི་ཕྱིར།། རྫས་ཆེན་པོས་ཞེས་བྱ་བ་ནི་མུ་ཏིག་དང་། བཻ་ཌཱུརྱ་དང་། ཆོས་གོས་དང་། བསོད་སྙོམས་ལ་སོགས ་པ་རྙེད་པའི་གྱ་ནོམ་པ་དག་གི་སོ།། བཀུར་སྟི་ཆེན་པོས་ཤིན་ཏུ་མཆོད་པ་དང་། ལྡན་པ་ཞེས་བྱ་བ་ནི་ཡང་དག་པར་སྒྲུབ་པའི་དོན་དུ་མཆོད་པའི་ཕྱིརརོ།། རྒྱུན་ཅེས་བྱ་བ་ནི་རྟག་ཏུ་ཞེས་བྱ་བའི་ཐ་ཚིག་སྟེ། རྟག་ཏུ་བཅོམ་ལྡན་འདས་ལ་མཆོད་པ་ལ་སོགས་པ་ལ་འཇུག ་པ་ཡིན་པས་ཚིགསུ་བཅད་པ་ཕྱེད་པོ་འདིས་ནི་མཆོད་པ་སྙེ།། སྟོན་མང་ལྡན་ཕན་བྱེད་པཤེས་ལ་རྟག་བརྟེན་པ། ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་བཤད།། འགྲོ་ལ་རྗེ་སུ་བརྩེ་བ་གྲུབ་པ་ཀུན་ཐོབ་འགྱུར། ཞེས་བྱ་བ་ནི་རྗེ་སུ་བརྩེ་བར་བྱེད་པ་དིའི་ཚད་མེད་པ་རྣམས། ་སྟོན་ཏེ།། དེ་བས་ན་ཚིགསུ་བཅད་པ་འདིས་ནི་ཇི་སྐད་བཤད་པའི་མཆོད་པ་དང་། བརྟེན་པ་དང་ཚད་མེད་པ་རྣམས་ཀྱི་གོ་རིམ་དང་སྟོན་མདོར་བསྡུས་ནས་བསྟན་ཏོ།། ཞེས་བྱ་བ་ལ་གོ་རིམྦ་ནི་བཤད་མ་ཐག་པའི་ཚུལ་གྱིས་བསྟན་ཏོ།། སྣརོན་ནི་རྫས་དང་བཀུར་སྟི་ཆེན་པོས་ཞེས་བྱ་བ ་སོགས་པས་བསྟན་ཏེ།། སྟོན་མང་པོ་དང་ལྡན་པ་ནི་དེ་ལས་གཞན་པ་དག་དང་ངོ་ཞེས་བྱ་བ་ནི་བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ་སྟོན་ལྷག་པ་བརྩོན་བྱས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན་ཅེས་བྱ་བ ་ལ་སོགས་པའི་སྟོན་དང་ལྡན་པ་སྟེ། སྙིང་རྗེའི་སྐབས་ཡིན་པའི་ཕྱིར་དེ་ལས་གཞན་པོ་ཞེས་བྱ་བ་སྨོསོ།། མཆོད་པ་དང་རྟེན་པ་དང་ཚད་མེད་པའི་སྐབས་རྫོག་སོ།། །། ཚད་མེད་པའི་འོག་ཏུ་ངོ་ཚ་བའི་སྐབས་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། འདི་ལྟར་རང་དང་གཞན་ལ ་ཕན་པ་ལ་ཞུགས་པ་དེ་སྒྲུབ་པའི་དོན་དུ་དེ་དང་རྗེ་སུ་མཐུན་པའི་ལམ་སྒོམ་པར་བྱེད་པས། དེའི་འོག་ཏུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབ་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་དམིགས་པ་རྣམ་པ་འདི་ནི་ངོ་བོ་ཉིད་དང་། ཁྱད་པར་གྱི་སྒོ་ནས་བསླབ་པའི་ལམ་གྱི ་རྣམ་པ་ཐམས་ཅད་ཡིན་པས་ངོ་ཚ་བའི་སྐབས་ནས་བཟུང་སྟེ། གང་ཟག་ལྔ་བདག་མེད་པའི་སྐབས་ཀྱི་བར་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབས་ཡིན་པར་རིག་པར་བྱའོ།། ངོ་ཚ་མི་མཐུན་ཕྱོགས་སྤངས་དང་། ཞེས་བྱ་བ་ནི་ངོ་ཚ་བའི་ངོ་བོ་ཉིད་བསྟན་པ་སྟེ། མི་ཐུན་པའི ་ཕྱོགས་ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་སྤངས་པའི་ཕྱིར་ང་ཚ་བ་མི་མཐུན་པའི་ཕྱོགས་མེད་པར་འགྱུར་བས་ངོ་ཚ་བའི་ངོ་བོ་ཉི་བཤདདོ།། གྲོགས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེསོ།། ཡུལ་ཁ་ན་མ་ཐོ་བོ་མེད་ཅིང་དམན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པས་ཏེ། ཟག་པ ་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་ཡིན་པའི་ཕྱིར་དམན་པའོ།། བསྟན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག། བསྟེན་པ་ལས་ནི་ལེ་ལོ་ལས་ངོ་ཚ་བར་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་གི་ཚེ་བསྟེན་པར་འོས་པ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ལོ ་བྱེད་ཅིང་སྟེན་པར་མི་བྱེད། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་མི་སྦྱོར་ན་དེས་ན་ངོ་ཚ་བར་འགྱུརརོ།། འདི་ནི་སྦྱོར་བ་དང་མི་སྦྱོར་བས་ངོ་ཚ་བ་ཡིནོ།། ཞེས་བྱ་བ་ནི་སྦྱར་བ་མ་ཡིན་པ་ལ་སྦྱོར་བ་གང་ཡིན་པའོ།། སྦྱར་བ་མ་ཡིན་པ་ལ་སྦྱོར་བ་གང་ཞེ་ན། གང་གི་ཚེ་ལེ་ལོས་ཉོན་མོངས་པ་དང ་མཐུན་པའི་ཆོས་རྣམས་ལ་སྦྱར་བའོ།། འདྲི་ནི་ངོ་ཚ་ཆུ་ངུ་དང་ཆེན་པོ་སྟེ། སྔར་བཤད་པའི་རྗེསུ་འབྲངས་ནས་ཁོང་དུ་ཆུད་པར་བྱའོ།། ཞེས་བྱ་བ་ནི་མཉམ་པར་མ་གཞག་པའི་ས་པའི་བློ་ཚ་བ་དང་། མཉམ་པར་མ་བཞག་པའི་ས་པོ་ཡང་ཆུ་ངུ་དང་འབྲིང་དང་དམན་པ་དང་ཉན་ཐོས་ཀྱི་ཐོག ་པ་མཚུངས་པར་ལྡན་པའི་ངོ་ཚ་བ་གང་ཡིན་པ་དང་ས་བདུན་པོ་དག་ལ་ང་རྒྱལ་དང་བཅས་པ་སྟེ། ངོ་ཚ་བ་ཇི་སྐད་བསྟན་པ་དེ་དག་ཐམས་ཅད་ནི་དམན་པའོ།། ས་ལས་བལྟོས་ན་ནི་དམན་པ་ཡང་ཡིན་ལ། ལྷག་པ་ཡང་ཡི་ནོ།། དེ་ལས་བཟློག་པ་ལྷག་པ་སྟེ། མཉམ་པར་བཞག་པའི ་xxx ་དང་དུ་ལེན་ཅེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་སྤྱོད་པས་བདག་ཉིད་ལ་གནོད་པར་བྱེད་པ་ཡི་ནོ།། ཁོང་ཁྲོ་བས་ནི་གཞན་ལ་གནོད་པར་བྱའོ།། ཡལ་བར་འདོར་བ་དང་ང་རྒྱལ་དག་གིས་ནི་གཉི་གེ་ལ་གནོད་པར་བྱེད།། དེ་ཉིད་ཀྱི་ཕྱིར་ཡལ་བུར་འདོར་བ་དང་། ་ང་རྒྱལ་གྱི་མཇུག་ཐོག་སུ། སེམས་ཅན་རྣམས་དང་ཚུལ་ཁྲིམས་འཇོམས་ཞེས་བཤད། ཡལ་བར་འདོར་བས་ནི་སེམས་ཅན་གྱི་དོན་ལ་བག་མེད་པར་འགྱུར་། ང་རྒྱལ་གྱིས་ནི་སེམས་ཅན་གདོལྔ་པ་ཡན་ཆད་ཀྱི་དྲུང་དུ་སོང་ནས་དགེ་བའི་ཆོས་ལ་སྦྱོར་བར་མི་བྱེའོ།། དེ་ལྟར་ནས་མས ་ལ་གནོད་པ་ཡིནོ།། བདག་ཉིད་ལ་ཡང་འདི་ལྟར་ཡལ་བར་འདོར་བས་དགེ་བའི་ཆོས་ལ་འཇུག་པ་ཡལ་བར་འདོར་ཞིང་མི་དགེ་བའི་ཆོས་ལ་འཇུག་པ་དང་དུ་ཡིན་ཏོ།། ང་རྒྱལ་གྱིས་ཀྱང་ཁེངས་པ་ཉིད་ཀྱིས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་ཞིང་བསྙེན་བཀུར་བྱ་བ་དང་ཆོས ་མཉན་པ་ལ་སོགས་པ་ལ་མི་འཇུག།། དེ་བས་ན་མི་དགེ་བའི་བཤེས་གཉེན་དང་ཕྲད་པས་ན་འདིའི་ཚུལ་ཁྲིམས་ལ་གནོད་པར་འགྱུརརོ།། ང་རྒྱལ་གྱིས་ཉམས་པ་ནི་གང་ཆུང་ཟད་ཤེས་པ་ཡང་གཞན་དག་ལ་མི་སྟོན་ཞིང་སོང་ཞིང་སོང་ནས་སེམས་ཅན་གྱི་དོན་བྱ་བ་དག་ལ ་ཡང་མི་འཇུག་སྟེ། དེ་ལྟར་བདག་ཉིད་དང་གཞན་ལ་གནོད་པ་ཡིན།། འགྱོད་པས་བདག་ཉིད་ལ་གནོད་པར་བྱེད་ཅེས་བྱ་སྟེ། འདི་ལྟར་བཤད་མ་ཐག་པའི་ཁོང་ཁྲོ་བ་ལ་སོགས་པ་ཀུན་ཏུ་སྤྱོད་པ་འགྱོད་པ་དང་བཅས་པར་འགྱུར།། དེ་བས་ན་འགྱོད་པར་བྱེད་པ་ནི་བདག ་ཉིད་ལ་སྨོད་དོ།། བཀུར་སྟིས་དམན་པའི་ཕྱིར་གཞན་དག་སྨོད།། དད་ལྡན་མི་མིན་ཚོགས་དང་ནི།། ཞེས་བྱ་བ་ནི་ལྷའོ།། སྟོན་པས་བཏང་སྙོམསུ་མཛད་པའི་ཕྱིར་སྟོན་པས། བོང་བུ་ལྟར་སྤྱོད་པ་ཞེས་བྱ་བ་ལ་སོགས་པས་སྨོད། བཅོམ་ལྡན་འདས་ཀྱིས་འདི་ནི་འཕགས་པའི་ཆོས ་རྣམས་ཀྱི་སྣོད་མ་ཡིན་ཞེས་བྱ་བར་མཁྱེན་ནས་བཏང་སྙོམ་སུ་མཛད།། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་ཆོས་ཉིད་ཀྱི་རྣམ་པར་སྨོད་པའི་ཞེས་བྱ་བ་ནི་ཆོས་མཐུན་པས་རྣམ་པར་སྨད་པའི་ཕྱིརརོ།། ཕྱོགས་དང་ཕྱོགས་མཚམ་སུ་ཡང་འདྲི་མི་སྙན་པ ་འབྱུང་བའི་ཕྱིར། འཇིག་རྟེན་ལས་མི་སྙན་པ་འཐོ་བོ་བྱ་བའི་ཐ་ཚིག།། དེ་ལས་སྐྱེས་པའི་སེམས་ལ་བྱུང་བའི་སྡུག་བསྔལ་དང་ཡིད་མི་བདེ་བ་སོ་སོར་མྱོང་བར་འགྱུརརོ།། ཞེས་བྱ་བ་ལ། སྡུག་བསྔལ་ནི་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པའོ།། ཡིད་མི་བདེན ་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའོ།། ངོ་ཚ་བས་ཚོགས་ཡོངསུ་རྫོགས་པར་བྱེའོ།། ཞེས་བྱ་བ་འདིས་ནི་བདག་པོའི་འབྲས་བུའོ་ཞེས་བྱ་བ་ནི་ངོ་ཚབ་ནི་སྔོན་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། དེར་དབང་གིས་ཚོགས་ཡོངསུ་རྫོགས་པར་འགྱུརརོ།། འདིས ་ནི་ངོ་ཚ་མེད་པ་ནི་ངེས་ལས་གཞན་པོའི་གོས་ཀྱིན་ཡང་ཉེས་པས་དྲི་མ་ཅན་ཡིན་པའི་ཕྱིརོ།། ངོ་ཆུ་བོ་ནི་གོས་ཁྱོད་པར་དུ་ཡང་འཕགས་པ་ཡིནོ།། ཞེས་བྱ་བ་ནི། བྱིས་པས་གློས་ཀྱི་ག་ཡོགས་པ་ནི་ཝཱ་སྥུ་ལ་སའི་རྡུལ་ལ་སོགས་པ་དྲི་མ་མི་འབྱུང་མོད་ཀྱི། རྐྱེན་ཀྱང་ནང ་གི་འདོད་ཆགས་ལ་སོགས་པའི་དྲི་མ་དང་ལྡན་པས་གོས་དང་བཅས་ཀྱང་དྲི་མ་ཅན་ཡིན་པའི་ཕྱིར་དྲི་མ་དང་བཙས་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་ངོ་མོ་ཤེས་པའི་གོས་ཀྱིས་གཡོགས་པ་ནི་གོས་མེད་ཀྱང་ནང་གི་འདོད་ཆགས་ལ་སོགས་པའི་དྲི་མ་མེད ་པར་ཕྱིརོ།། དེ་ཁོ་ནའི་ལུས་དྲི་མ་དང་དྲལ་བ་ཡིན་པས། དེ་ཁོ་ན་གོས་དང་བཅས་པ་ཡིན་གྱི་གཞན་ནི་མ་ཡིན། དེ་ཉིད་ཀྱི་ཕྱིར། རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་མཱི་དགབ་པ་མེད་ཀྱང་ཉེས་པའི་དྲི་མ་བྲལ་ཞེས་བྱ་བ་བཤད།། ནམཁའ་དང་རྒྱན་དང ་བ་ཉི་དུ་བསྟོན་ཏོ།། ཞེས་བྱ་བ་ནི། ན་མཁའ་དང་འདྲ་བ་ཉིད་དང་། རྒྱན་དང་འདྲ་བ་ཉིདདོ།། འདི་སྐད་བཤད་པ་ཡིན་ཏེ། ཇི་ལྟར་ན་མཁའ་རང་བཞིན་གྱིས་དྲི་མ་མེད་པ་ལ་སྤྲིན་དང་ཁུག་རྣ་ལ་སོགས་པས་མི་གོས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ངོ་ཚ་དང་ལྡན་པ་ཡང་འཇིག། ་རྟེན་གྱི་ཆོས་རྙེད་པ་དང་མི་རྙེད་པ་ལ་སོགས་པས་མི་གོ་སོ།། ཇི་ལྟར་རྒྱན་དང་ཆོས་མཐུན་པ་ཡིན་ཞེ་ན། ཇི་ལྟར་ཕལ་པ་འགའ་ཞིག་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ་མི་དག་གི་ནང་དུ་སོང་ན་མཛེས་པ་ལྟར་བྱང་ཆུབ་སེམས་དཔའ་ངོ་ཚ་ཤེས་པའི་རྒྱན་གྱིས་བརྒྱན་པ་ཡང་དེ ་བཞིན་དུ་མཛེསོ།། བསྐྱབ་པར་བྱ་བའི་སེམས་ཅན་ཡལ་བར་བོར་ནས་ངོ་ཚ་བའི་ཕྱིརརོ།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི་མ་ལྟ་བུར་བྱམས་པ་དང་ལྡན་པས་འཁོར་བའི་སྡུག་བསྔལ་ལས་ཡོངསུ་བསྐྱབ་པའི་ཕྱིར། བདག་གིས་ཡལ་བར་བོར་ནས་སེམས་ཅན་འགའ་ཞིག ་ལོག་པར་ལྟུང་བར་སོང་ན་མི་རུང་།། ཞེས་སེམས་ཅན་གྱི་དོན་དུ་རྟག་ཏུ་བག་ཚ་བ་ཁོ་ནར་གནས་པ་སོ།། རྟ་དང་གླང་པོ་ཆེའི་ཚོགས་ལ་སོགས་པ་འདྲ་བའི་ཕྱིར།། ཞེས་བྱ་བ་ནི་ཇི་ལྟར་རྒྱལ་པོ་གླང་པོ་ཆེ་དང་། རྟ་དང་ཤིང་རྟ་ལ་སོགས་པས་ཕྱིར་རྒོལ་བ་དག་ལས། སྲུང་བ་དེ་བཞིན ་དུ་ངོ་ཚ་བ་ཡང་སེམས་ཅན་འཁོར་བ་པ་རྣམས་ཀྱི་ཉེས་པ་ཐམས་ཅད་ལས་ཀུན་ཏུ་སྲུང་བར་བྱེད་པ་ཡིནོ།། གོས་ལ་སོགས་པའི་དཔེ་འདི་རྣམས་ཀྱིས་ནི་ངོ་ཚ་བས་གནས་པ་ན། ཉོན་མོངས་པའི་གཉེན་པོ་ཉིད་ཅེས་བྱ་བ་ནི། རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། དགག ་པ་མེད་ཀྱང་ཉེ་བའི་དྲི་མ་བྲལ། ཞེས་གང་བཤད་པ་ཡིན་ཏེ། གནས་པ་ནི་སྐྱིལ་མོ་དཀྲུང་བཅས་ནས་བསམ་གཏན་བྱེད་པའི་ནང་དུ་ཡང་དག་པར་འཇོག་པའི་གནས་སྐབས་ཡིན་ཏེ། འཆག་པ་དང་ཉལ་བ་དང་བགྲང་བ་དག་ན་ཡང་དེ་དང་འདྲའོ།། རྒྱུ་བ་ན་འཇིག་རྟེན་གྱི་ཆོས ་ཀྱི་གཉེན་པོ་ཉིད་ཅེས་བྱ་བ་ནི། རྒྱལ་བའི་སྲས་ནི་ཁྲེལ་དང་ལྡན་གྱུར་པ། ན་མཁའ་བཞིན་དུ་ཆོས་ཀྱིས་མི་གོས་འགྱུར། ཞེས་གང་བཤད་པ་ཡིན་ཏེ། རྒྱུ་བ་ནི་བསོད་སྙོམས་བྱེད་པའི་གནས་སྐབ་སོ།། ཆོས་མཐུན་པ་དང་། གནས་པ་དང་། མཐུན་པ་ཉིད་ཅེས་བྱ་བ་ནི། རྒྱལ་སྲས ་རྣམས་ཀྱི་ནང་དུ་འདུས་གྱུར་པ། ངོ་ཚ་ཤེས་པས་བརྒྱན་པ་མཛེས་པ་ཡིན། ཞེས་བྱ་བ་ལ་སོགས་པའོ།། སེམས་ཅན་ཡོངསུ་སྨིན་པར་བྱེད་པ་དང་མཐུན་པ་ཉིད་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི། ངོ་ཚ་བས། གདུལ་བ་རྣམས་ལ་མ་བཞིན་བྱམས་པ་ཉིད།། ཅེས་བྱ་བ་འདི ་སྟོན་ཏོ།། ཉོན་མོངས་པ་ཅན་མ་ཡིན་པར་འཁོར་བ་དང་མཐུན་པ་ཉིད་ནི། ངོ་ཚ་བ་ནི་ཉེ་བ་ཐམས་ཅད་ལས། འཁོར་བ་ཀུན་ཏུ་སྲུང་བར་བྱེད་པའང་ཡིན།། ཞེས་བྱ་བ་འདིས་བསྟན་ཏོ།། ངོ་ཚ་ཤེས་པ་བསྒོམ་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། ཞེས་བྱ་བ་ཇི་ལྟར་སྔ་མ་བཞིན་ཞེ་ན། ཇི ་ལྟར་དྲི་དང་ཕྲེང་བ་དང་བྱུག་པ་ལ་སོགས་པས་མཆོད་པ་གཙོ་བོ་མ་ཡིན་གྱི། རང་གི་སེམས་ཀྱིས་མཆོད་པ་གཙོ་བོ་ཡིན་པ་དེ་བཞིན་དུ། གཞན་ལ་ལྟོས་ནས་ངོ་ཚ་བ་བྱེད་པའི་ངོ་ཚ་བ་ནི་ཆུང་ལ་རང་གི་སེམས་ཀྱིས་ངོ་ཚ་བ་ནི་གཙོ་བོ་ཡིནོ།། རང་གི་སེམས་ཀྱིས་ངོ་ཚ་བ་དེ་ཡང ་རྣམ་པ་ལྔས་མཆོག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ་ངོ་ཚ་ཤེས་པ་དང་ལྡན་པའི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་བསམ་པ་སྟེ། བསམ་པ་དགུ་པོ་རོ་མྱང་བར་བྱེད་པ་དང་། རྗེ་སུ་ཡི་རང་བ་དང་། མངོན་པར་དགའ་བའི་བསམ་པ་ངག་དང་། ངོམས་མི་ཤེས་པ་དང་། རྒྱ་ཆེན་པོ ་དེ་ལྟ་ཚིགསུ་བཅད་པའོ།། སྙིང་རྗེས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་འགྱུར་ཞེ་ན། དེའི་མཐུན་པའི་ཕྱོགས་རྣམ་པར་སུན་འབྱིན་པའི་ཕྱིར། དེ་སེར་སྐྱ་དང་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་རྣམ་པར་སུན་འབྱིན་པའི་ཕྱིར་ཞེས ་བྱ་བའི་ཐ་ཚིགོ།། ད་ལྟར་ན་དེའི་མི་མཐུན་པའི་ཕྱོགས་རྣམ་པར་སུན་ཕྱུང་བས་སྙིང་རྗེ་ད་ནི་ཕ་རོལ་ཏུ་ཕྱིན་པ་མངོན་པར་གྲུབ་པར་བྱེད་པར་འགྱུར་ཏེ། དེ་བས་ནི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པའི་སྙིང་རྗེ་ཞེས་བྱའོ།། སྙིང་རྗེའི་རྐྱེན་བརྟན་པོའི་ཚོགསསུ་བརྗོད་པ་ཞེས ་བྱ་བ་ནི་མོད་ལས། རྐྱེན་ཉིད་གཞི་གསུངས་ཏེ། དམིགས་པ་དང་། བདག་པོ་དང་། མཚུངས་པ་དེ་མ་ཐག་པ་དང་། རྒྱུའི་རྐྱེན་ཉིད།། སྙིང་རྗེའི་དམིགས་པ་ལ་སོགས་པའི་རྐྱེན་ཇི་ལྟ་བུ་ཞེ་ན། དེ་བསམ་པར་བྱ་སྟེ། ཚོར་བ་རྣམ་པ་གསུམ་ཅར་ཡང་དམིགས་པའི་རྐྱེན་ཡིན་ཏེ་ཁདེ ་འི་ཚོར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་དམིགས་པ་ཡིནོ།། སྡུག་བསྔལ་ན་སྡུག་བསྔལ་གྱི་ངོ་བོ་ཉིད་ཀྱིསོ།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་དམིགས་པ་ཡིན།། འདི་ནི་བདེ་བ་དང་སྡུག་བསྔལ ་དག་གི་རྒྱུ་ཡིན་ཏེ། ཡང་དེ་དག་འདྲེན་པའི་ཕྱིརོ།། ཞེས་བྱ་བ་ནི་འདི་ལྟར་ལྡོག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་མཚན་ཉིད་ནི་འདི་ཡིན་ཏེ། དེ་གཉི་གའི་གནས་ངན་ལཱིནྡྷ་ཡོང་སུ་འཛིན་པས་གཉིས་ལས་རྣམ་པར་གྲོལྔ་བ་དང་། མཱི་རྟག་པ་ཉིད་དང་རྗེས ་འབྲེལ་བའི་ཕྱིར། སྡུག་བསྔལ་ཡང་མི་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཚོར་བར་བཤད་དོ།། དེ་བས་ན་བདེ་བ་དང་སྡུག་བསྔལ་བ་ཉིད་ཀྱི་གནས་ངན་ལེན་པ་དང་རྗེ་སུ་འབྲེལ་བའི་ཕྱིར། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་དམིགས་པ་ཉིད་དུ་བསྟན ་ཏོཏོ། རྒྱུའི་རྐྱེན་ནི་སྙིང་རྗེའི་བག་ཆགས་གང་ཡིན་པ་སྟེ། སྙིང་རྗེ་ཀུན་ཏུ་སྤྱད་པས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་བག་ཆགས་གཞན་པ་དེའི་རྒྱུའི་རྐྱེན་ཏོ།། དགེ་བའི་བཤེས་གཉེན་གྱི་དབང་གིས་སྙིང་རྗེས་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་ནི་བདག་པོའི་རྐྱེན ་ཏོ། སེམས་དང་སེམས་ལས་བྱུང་བའི་ཚོགས་སྔར་བྱུང་བ་ནི་སྙིང་རྗེ་སྐྱེ་བར་འགྱུར་བའི་མཚུངས་པ་དེ་མ་ཐུག་པའི་རྐྱེན་ཏོ།། དེའི་བསམ་ཕྱིར་བྱ་བ་དེ་སེམས་པའི་ཕྱིར་ཡིན་པར་ཤེས་པར་བྱའོ།། མི་དམིགས་པའི་ཕྱིར་ནི་བདག་དང་གཞན་དང་སྙིང་རྗེར་མི་དམིགས་པའི ་ཕྱིཕྱིརོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་གནས་སྐབས་ནའོ།། རང་གི་སེམས་ཀྱིས་བྱམས་པ་ལ་སོགས། བསྒོམ་པ་མཆོག་ཅེས་བྱ་བ་ནི་སེམས་ཅན་གྱི་ཁམས་ལ་ཁྱིམ་དང་གྲོང་ཁྱེར་ལ་སོགས་པའི་དབྱེ་བས་ཉི་ཚོ་བའི་ཡོ་བྱད་ཀྱི་རྫས་ཀྱིས་བྱམས་པར་བྱེད་པ་གང་ཡིན ་པ་དེ་ནི་མཆོག་མ་ཡིན་གྱི། རང་གི་སེམས་ཀྱིས་བྱམས་པ་ལ་སོགས་པ་བསྒོམ་པ་གང་ཡིན་པ་དེ་ནི་འདིར་མཆོག་དང་གཙོ་བོ་ཡི་ནོ།། རང་གི་སེམས་ཀྱིས་ཇི་ལྟ་བུ་ཞེ་ན། དེ་སྟོན་ཏེ་ཆོས་ལོ་མོས་པའི་སྒོ་ནས་ནི་མདོ་ལ་སོགས་པ་ལས་ཚད་མེད་པའི་དབང་དུ་བྱས་པའི་ཆོས་གང ་ཡིན་པ་ཐོས་ནས་ཆོས་དེ་ལ་ཤིན་ཏུ་སྙིང་ནས་མོས་ཤིང་སེམས་ཅན་ཐ~ཾད་ལ་དམིགས་ནས་བྱམས་པ་ལ་སྙོམས་པར་འཇུག་པ་ཡི་ནོ།། བསམ་པའི་སྒོ་ནས་ནི་རོ་མྱང་བ་ལ་སོགས་པའི་བསམ་པ་དགུ་སོ།། དབང་འབྱོར་པ་ཉིད་ཀྱིས་ནི་སེམས་ཅན་ཚད་མེད་པ་ལ་བྱམས་པའོ།། རྣར ་མི་རྟོག་པའི་ཡེ་ཤེས་ཀྱི་ཐབས་ཡོངསུ་བཟུང་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དོན་བྱེད་པའི་ཁྱད་པར་གྱི་སྒོ་ནས་ནི་དོན་ཐམས་ཅད་འདྲེས་ཤིང་ཉེ་བར་འདྲེས་པའི་ཕྱིར།། རྫས་ཆེན་པོས་ཞེས་བྱ་བ་ནི་མུ་ཏིག་དང་བཻ་ཌཱུརྱ་དང་། ཆོས་གོས་དང་། བསོད་སྙོམས་ལ་སོགས ་པ་རྙེད་པའི་གྱ་ནོམ་པ་དག་གི་སོ།། དཀུར་སྟི་ཆེན་པོས་ཤིན་ཏུ་མཆོད་པ་དང་། ལྡན་པ་ཞེས་བྱ་བ་ནི་ཡང་དག་པར་སྒྲུབ་པའི་དོན་དུ་མཆོད་པའི་ཕྱིརརོ།། རྒྱུན་ཅེས་བྱ་བ་ནི་རྟག་དྷ་ཞེས་བྱ་བའི་ཐ་ཚིག་སྟེ། རྟག་ཏུ་བཅོམ་ལྡན་འདས་ལ་མཆོད་པ་ལ་སོགས་པ་ལ་འཇུག ་པ་ཡིན་པས་ཚིགསུ་བཅད་པ་ཕྱེད་པོ་འདིས་ནི་མཆོད་པ་སྙེད།། སྟོན་མང་ལྡན་ཕན་བྱེད་པ་ཤེས་ལ་རྟག་བརྟེན་པ། ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་བཤད་།། འགྲོ་ལ་རྗེ་སུ་བརྩེ་བ་གྲུབ་པ་ཀུན་ཐོབ་འགྱུར།། ཞེས་བྱ་བ་ནི་རྗེ་སུ་བརྩེ་བར་བྱེད་ཉིད་ནི་ཚད་མེད་པ་རྣམས ་སྟོན་ཏོ།། དེ་བས་ན་ཚིགསུ་བཅད་པ་འདིས་ནི་ཇི་སྐད་བཤད་པའི་མཆོད་པ་དང་། བརྟེན་པ་དང་ཚད་མེད་པ་རྣམས་ཀྱི་གོ་རིམ་དང་སྟོན་མདོར་བསྡུས་ནས་བསྟན་ཏོ།། ཞེས་བྱ་བ་ལ་གོ་རིམཱ་ནི་བཤད་མ་ཐག་པའི་ཚུལ་གྱིས་བསྟན་ཏོ།། སྣརོན་ནི་རྗེས་དང་བཀུར་སྟི་ཆེན་པོས་ཞེས་བྱ་བ་། ་སོགས་པས་བསྟན་ཏོ།། སྟོན་མང་པོ་དང་ལྡན་པ་ནི་དེ་ལས་གཞན་པ་དག་དང་ངོ་ཞེས་བྱ་བ་ནི་བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། སྟོན་ལྷག་པ་བརྩོན་བྱས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན་ཅེས་བྱ་བ ་ལ་སོགས་པའི་སྟོན་དང་ལྡན་པ་སྟེ། སྙིང་རྗེའི་སྐབས་ཡིན་པའི་ཕྱིར་དེ་ལས་གཞན་པོ་ཞེས་བྱ་བ་སྨོསོ།། མཆོད་པ་དང་རྟེན་པ་དང་ཚད་མེད་པའི་སྐབས་རྫོག་སོ།། །། ཚད་མེད་པའི་འོག་ཏུ་ངོ་ཚ་བའི་སྐབས་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། འདི་ལྟར་རང་དང་གཞོན་ལ ་ཕན་པ་ལ་ཞུགས་པ་དེ་སྒྲུབ་པའི་དོན་དུ་དེ་དང་རྗེ་སུ་མཐུན་པའི་ལམ་སྒོམ་པར་བྱེད་པས། དེའི་འོག་ཏུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབ་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་དམིགས་པ་རྣམ་པ་འདི་ནི་ངོ་བོ་ཉིད་དང་། ཁྱད་པར་གྱི་སྒོ་ནས་བསླབ་པའི་ལམ་གྱི ་རྣམ་པ་ཐམས་ཅད་ཡིན་པས་ངོ་ཚ་བའི་སྐབས་ནས་བཟུང་སྟེ། གང་ཟག་ལ་བདག་མེད་པའི་སྐབས་ཀྱི་བར་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབས་ཡིན་པར་རིག་པར་བྱའོ།། ངོ་ཚ་མི་མཐུན་ཕྱོགས་སྤངས་དང་། ཞེས་བྱ་བ་ནི་ངོ་ཚ་བའི་ངོ་བོ་ཉིད་བསྟན་པ་སྟེ། མཐུན་པའི ་ཕྱོགས་ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་སྤངས་པའི་ཕྱིར་ངོ་ཚ་བ་མི་མཐུན་པའི་ཕྱོགས་མེད་པར་འགྱུར་བས་ངོ་ཚ་བའི་ངོ་བོ་ཉི་བཤད།། གྲོགས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེསོ།། ཡུལ་ཁ་ན་མ་ཐོ་བ་མེད་ཅིང་དམན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐག་པས་ཏེ། ཟག་པ ་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་ཡིན་པའི་ཕྱིར་དམན་པའོ།། བསྟན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག། བསྟེན་པ་ལས་ནི་ལེ་ལོ་ལས་ངོ་ཚ་བར་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་གི་ཚེ་བསྟེན་པར་འོས་པ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ལེ་ལོ ་བྱེད་ཅིང་སྟེན་པར་མི་བྱེད། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་མི་སྦྱོར་ན་དེས་ན་ངོ་ཚ་བར་འགྱུ་རོ།། འདི་ནི་སྦྱོར་བ་དང་མི་སྦྱོར་བས་ངོ་ཚ་བ་ཡིནོ།། ཞེས་བྱ་བ་ནི་སྦྱར་བ་མ་ཡིན་པ་ལ་སྦྱོར་བ་གང་ཡིན་པའོ།། སྦྱར་བ་མ་ཡིན་པ་ལ་སྦྱོར་བ་གང་ཞེ་ན། གང་གི་ཚེ་ལེ་ལོས་ཉོན་མོངས་པ་དང ་མཐུན་པའི་ཆོས་རྣམས་ལ་སྦྱར་བའོ།། འདྲི་ནི་ངོ་ཚ་ཆུང་དང་ཆེན་པོ་སྟེ། སྔར་བཤད་པའི་རྗེསུ་འབྲངས་ནས་ཁོང་དུ་ཆུད་པར་བྱའོ།། ཞེས་བྱ་བ་ནི་མཉམ་པར་མ་གཞག་པའི་ས་པའི་ངོ་ཚ་བ་དང་། མཉམ་པར་མ་བཞག་པའི་ས་པོ་ཡང་ཆུ་ངུ་དང་འབྲིང་དང་དམན་པ་དང་ཉན་ཐོས་ཀྱི་ཐེགས ་བཔ་མཚུངས་པར་ལྡན་པའི་ངོ་ཚ་བ་གང་ཡིན་པ་དང་ས་བདུན་པོ་དག་ལ་ང་རྒྱལ་དང་བཅས་པ་སྟེ། ངོ་ཚ་བ་ཇི་སྐད་བསྟན་པ་དེ་དག་ཐམས་ཅད་ནི་དམན་པའོ།། ས་ལས་བལྟོས་ན་ནི་དམན་པ་ཡང་ཡིན་ལ། ལྷག་པ་ཡང་ཡི་ནོ།། དེ་ལས་བཟློག་པ་ལྷག་པ་སྟེ། མཉམ་པར་བཞག་པའི ་ན་མ་གནས་ས་ས་ང་ས་གགས་དུ་ས་པ་རྫུ་གྶཎྚ་དྷཱ་དུ་། སུ་ལྡན་ས་། ་དང་དུ་ལེན་ཅེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་སྤྱོད་པས་བདག་ཉིད་ལ་གནོད་པར་བྱེད་པ་ཡི་ནོ།། ཁོང་ཁྲོ་བས་ནི་གཞན་ལ་གནོད་པར་བྱའོ།། ཡལ་བར་འདོར་བ་དང་ང་རྒྱལ་དག་གིས་ནི་གཉི་ག་ལ་གནོད་པར་བྱའོ།། དེ་ཉིད་ཀྱི་ཕྱིར་ཡལ་བར་འདོར་བ་དང་། ་ང་རྒྱལ་གྱི་མཇུག་ཐོག་སུ།། སེམས་ཅན་རྣམས་དང་ཚུལ་ཁྲིམས་འཇོམས་ཞེས་བཤད། ཡལ་བར་འདོར་བྱས་ནི་སེམས་ཅན་གྱི་དོན་ལ་བག་མེད་པར་འགྱུར་ལོ།། ང་རྒྱལ་གྱིས་ནི་སེམས་ཅན་གྲདོལ་པ་ཡན་ཆད་ཀྱི་དྲུང་དུ་སོང་ནས་དགེ་བའི་ཆོས་ལ་སྦྱོར་བར་མི་བྱེའོ།། དེ་ལྟར་ན་སེམས ་ལ་གནོད་པ་ཡིནོ།། བདག་ཉིད་ལ་ཡང་འདི་ལྟར་ཡལ་བར་འདོར་པས་དགེ་བའི་ཆོས་ལ་འཇུག་པ་ཡལ་བར་འདོར་ཞིང་མི་དགེ་བའི་ཆོས་ལ་འཇུག་པ་དང་དུ་ལེན་ཏོ།། ང་རྒྱལ་གྱིས་ཀྱང་ཁེངས་པ་ཉིད་ཀྱིས་དག་པའི་བཤེས་གཉེན་གྱི་དྲུང་དུ་འགྲོ་ཞིང་བསྙེན་བཀུར་བྱ་བ་དང་ཆོས ་མཉན་པ་ལ་སོགས་པ་ལ་མི་འཇུག། དེ་བས་ན་མི་དགེ་བའི་བཤེས་གཉེན་དང་ཕྲད་པས་ན་འདིའི་ཚུལ་ཁྲིམས་ལ་གནོད་པར་འགྱུར་རོ།། ང་རྒྱལ་གྱིས་ཉམས་པ་ནི་གང་ཆུང་ཟད་ཤེས་པ་ཡང་གཞན་དག་ལ་མི་སྟོན་ཞིང་སོང་ཞིང་སེང་ནས་སེམས་ཅན་གྱི་དོན་བྱ་བ་དག་ལ ་ཡང་མི་འཇུག་སྟེ། དེ་ལྟར་བདག་ཉིད་དང་གཞན་ལ་གནོད་པ་ཡིན། འགྱོད་པས་བདག་ཉིད་ལ་གནོད་པར་བྱེད་ཅེས་བྱ་སྟེ། འདི་ལྟར་བཤད་མ་ཐག་པའི་ཁོང་ཁྲོ་བ་ལ་སོགས་པ་ཀུན་དུ་སྤྱོད་པ་འགྱོད་པ་དང་བཅས་པར་འགྱུར།། དེ་བས་ན་འགྱོད་པར་བྱེད་པ་ནི་བདག ་ཉིད་ལ་སྤོད་།། བཀུཥུ་སྟིས་དམན་པའི་ཕྱིར་གཞན་དག་སློང།། དང་ལྡན་མི་མིན་ཚོགས་དང་ནི། ཞེས་བྱ་བ་ནི་ལྷའོ།། སྟོན་པས་བཏང་སྙོམ་སུ་མཛད་པའི་ཕྱིར་སྟོན་པས། ཁོང་བུ་ལྟར་སྤྱོད་པ་ཞེས་བྱ་བ་ལ་སོགས་པས་སློང། བཅོམ་ལྡན་འདས་ཀྱིས་འདི་ནི་འཕགས་པའི་ཆོ ་རྣམས་ཀྱི་སྣོད་མ་ཡིན་ཞེས་བྱ་བར་མཁྱེན་ནས་བཏང་སྙོམ་སུ་མཛད།། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་ཆོས་ཉིད་ཀྱི་རྣམ་པར་སྨོད་པའི་ཞེས་བྱ་བ་ནི་ཆོས་མཐུན་པས་རྣམ་པར་སྨད་པའི་ཕྱིརརོ།། ཕྱོགས་དང་ཕྱོགས་མཚམ་སུ་ཡང་འདྲི་མི་སྙན་པ ་འབྱུང་བའི་ཕྱིར། འཇིག་རྟེན་ལས་མི་སྙན་པ་འཐོ་བོ་བྱ་བའི་ཐ་ཚིག།། དེ་ལས་སྐྱེས་པའི་སེམས་ལ་བྱུང་བའི་སྡུག་བསྔལ་དང་ཡིད་མི་བདེ་བ་སོ་སོར་མྱོང་བར་འགྱུརརོ།། ཞེས་བྱ་བ་ལ། སྡུག་བསྔལ་ནི་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པའོ།། ཡིད་མི་བདེན ་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའོ།། ངོ་ཚ་བས་ཚོགས་ཡོངསུ་རྫོགས་པར་བྱེདདོ།། ཞེས་བྱ་བ་འདིས་ནི་བདག་པོའི་འབྲས་བུའོ་ཞེས་བྱ་བ་ནི་ངོ་ཚ་བོ་ནི་སྨོན་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། དེའི་དབང་གིས་ཚོགས་ཡོངསུ་རྫོགས་པར་འགྱུར་རོ།། འདིས ་ནི་ངོ་ཚ་མེད་པ་ནི་དེས་ལས་གཞན་པའི་གོས་གྱོན་ཡང་ཉེས་པས་དྲི་མ་ཅན་ཡིན་པའི་ཕྱིརརོ།། ངོ་ཚ་བ་ནི་གོས་ཁྱད་པར་དུ་ཡང་འཕགས་པ་ཡིན།། ཞེས་བྱ་བ་ནི། བྱིས་པས་གྲོས་ཀྱི་གཡོགས་པ་ནི་ལུས་ལ་སའི་རྡུལ་ལ་སོགས་པ་དྲི་མི་མི་འབྱུང་མོད་ཀྱི། འོན་ཀྱང་ནང ་གི་འདོད་ཆགས་ལ་སོགས་པའི་དྲི་མ་དང་ལྡན་པས་གོས་དང་བཅས་ཀྱང་དྲི་མ་ཅན་ཡིན་པའི་ཕྱིར་དྲི་མ་དང་བཅས་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་ངོ་ཚ་ཤེས་པའི་གོས་ཀྱིས་གཡོགས་པ་ནི་གོས་མེད་ཀྱང་ནང་གི་འདོད་ཆགས་ལ་སོགས་པའི་དྲི་མ་མེད ་པའི་ཕྱིརོ།། དེ་ཁོ་ནའི་ལུས་དྲི་མ་དང་བྲལ་བ་ཡིན་པས། དེ་ཁྲོ་ན་གོས་དང་བཅས་པ་ཡིན་གྱི། གཞན་ནི་མ་ཡིན།། དེ་ཉིད་ཀྱི་ཕྱིར། རྒྱ་ལ་སྲས་ངོ་ཚ་ཤེས་པའི་གོས་ཅན་མི་དགབ་པ་མེད་ཀྱང་ཉེས་པའི་དྲི་མ་བྲལ་ཞེས་བྱ་བ་བཤདོ།། ན་མཁའ་དང་རྒྱན་དང ་བ་ཉིད་དུ་བསྟོན་ཏོ།། ཞེས་བྱ་བ་ནི། ནམ་མཁའ་དང་འདྲ་བ་ཉིད་དང་། རྒྱན་དང་འདྲ་བ་ཉི་དོ།། འདི་སྐད་བཤད་པ་ཡིན་ཏེ། ཇི་ལྟར་ན་མཁའ་རང་བཞིན་གྱིས་དྲི་མ་མེད་པ་ལ་སྤྲིན་དང་ཁུག་རྣ་ལ་སོགས་པས་མི་གོས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ངོ་ཚ་དང་ལྡན་པ་ཡང་འཇིག ་རྟེན་གྱི་ཆོས་རྙེད་པ་དང་མི་རྙེད་པ་ལ་སོགས་པས་མི་གོསོ།། ཇི་ལྟར་རྒྱན་དང་ཆོས་མཐུན་པ་ཡིན་ཞེ་ན། ཇི་ལྟར་ཕལ་པ་འགའ་ཞིག་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ་མི་དག་གི་ནང་དུ་སོང་ན་མཛེས་པ་ལྟར་བྱང་ཆུབ་སེམས་དཔའ་ངོ་ཚ་ཤེས་པའི་རྒྱན་གྱིས་བརྒྱན་པ་ཡང་དེ ་བཞིན་དུ་མཛེ་སོ།། བསྐྱབ་པར་བྱ་བའི་སེམས་ཅན་ཡལ་བར་བོར་ནས་ངོ་ཚ་བའི་ཕྱིརརོ།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི་མ་ལྟ་བུར་བྱམས་པ་དང་ལྡན་པས་འཁོར་བའི་སྡུག་བསྔལ་ལས་ཡོངསུ་བསྐྱབ་པའི་ཕྱིར། བདག་གིས་ཡལ་བར་བོར་ནས་སེམས་ཅན་འགའ་ཞིག ་ལོག་པར་ལྟུང་བར་སོང་ན་མི་རུང་།། ཞེས་སེམས་ཅན་གྱི་དོན་དུ་རྟག་ཏུ་བག་ཚ་བ་ཁོ་ནར་གནས་པསོ།། རྟ་དང་གླང་པོ་ཆེའི་ཚོགས་ལ་སོགས་པ་འདྲ་བའི་ཕྱིར།། ཞེས་བྱ་བ་ནི་ཇི་ལྟར་རྒྱལ་པོ་གླང་པོ་ཆེ་དང་། རྟ་དང་ཤིང་རྟ་ལ་སོགས་པས་ཕྱིར་རྒོལ་བ་དག་ལས། སྲུང་བ་དེ་བཞིན ་དུ་ངོ་ཚ་བ་ཡང་སེམས་ཅན་འཁོར་བ་པ་རྣམས་ཀྱི་ཉེས་པ་ཐམས་ཅད་ལས་ཀུན་ཏུ་སྲུང་བར་བྱེད་པ་ཡི་ནོ།། གོས་ལ་སོགས་པའི་དཔེ་འདི་རྣམས་ཀྱིས་ནི་ངོ་ཚ་བས་གནས་ཕ་ན། ཉོན་མོངས་པའི་གཉེན་པོ་ཉིད་ཅེས་བྱ་བ་ནི། རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། དག ་བ་མེད་ཀྱང་ཉེ་བའི་དྲི་མ་བྲལ། ཞེས་གང་བཤད་པ་ཡིན་ཏེ། གནས་པ་ནི་སྐྱིལ་མོ་དཀྲུང་བཅས་ནས་བསམ་གཏན་བྱེད་པའི་ནང་དུ་ཡང་དག་པར་འཇོག་པའི་གནས་སྐབས་ཡིན་ཏེ། འཆག་པ་དང་ཉལ་བ་དང་བགྲང་བ་དག་ན་ཡང་དེ་དང་འདྲའོ།། རྒྱུ་བ་ན་འཇིག་རྟེན་གྱི་ཆོས ་ཀྱི་གཉེན་པོ་ཉིད་ཅེས་བྱ་བ་ནི། རྒྱལ་བའི་སྲས་ནི་ཁྲེལ་དང་ལྡན་གྱུར་པ། ན་མཁའ་བཞིན་དུ་ཆོས་ཀྱིས་མི་གོས་འགྱུར། ཞེས་གང་བཤད་པ་ཡིན་ཏེ། རྒྱུ་བ་ནི་བསོད་སྙོམས་བྱེད་པའི་གནས་སྐབསོ།། ཆོས་མཐུན་པ་དང་། གནས་པ་དང་། མཐུན་པ་ཉིད་ཅེས་བྱ་བ་ནི། རྒྱལ་སྲས ་རྣམས་ཀྱི་ནང་དུ་འདུས་གྱུར་པ། ངོ་ཚ་ཤེས་པས་བརྒྱན་པ་མཛེས་པ་ཡིན། ཞེས་བྱ་བ་ལ་སོགས་པའོ།། སེམས་ཅན་ཡོངསུ་སྨིན་པར་བྱེད་པ་དང་མཐུན་པ་ཉིད་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི། ངོ་ཚབས། གདུལ་བ་རྣམས་ལ་མ་བཞིན་བྱམས་པ་ཉིད། ཅེས་བྱ་བ་འདི ་སྟོན་ཏོ།། ཉོན་མོངས་པ་ཅན་མ་ཡིན་པར་འཁོར་བ་དང་མཐུན་པ་ཉིད་ནི། ངོ་ཚ་བ་ནི་ཉེ་པ་ཐམས་ཅད་ལས། འཁོར་བ་ཀུན་ཏུ་སྲུང་བར་བྱེད་པའང་ཡིན།། ཞེས་བྱ་བ་འདིས་བསྟན་ཏོ།། ངོ་ཚ་ཤེས་པ་བསྒོམ་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། ཞེས་བྱ་བ་ཇི་ལྟར་སྔ་མ་བཞིན་ཞེ་ན། ཇི ་ལྟར་དྲི་དང་ཕྲེང་བ་དང་བྱུག་པ་ལ་སོགས་པས་མཆོད་པ་གཙོ་བོ་མ་ཡིན་གྱི། རང་གི་སེམས་ཀྱིས་མཆོད་པ་གཙོ་བོ་ཡིན་པ་དེ་བཞིན་དུ། གཞན་ལ་ལྟོས་ནས་ངོ་ཚ་བ་བྱེད་པའི་ངོ་ཚ་བ་ནི་ཆུང་ལ་རང་གི་སེམས་ཀྱིས་ངོ་ཚ་བ་ནི་གཙོ་བོ་ཡིན།། རང་གི་སེམས་ཀྱིས་ངོ་ཚ་བ་དེ་ཡང ་རྣམ་པ་ལྔས་མཆོག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ་ངོ་ཚ་ཤེས་པ་དང་ལྡན་པའི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་བསམ་པ་སྟེ། བསམ་པ་དགུ་པོ་རོ་མྱང་བར་བྱེད་པ་དང་། རྗེ་སུ་ཡི་རང་བ་དང་། མངོན་པར་དགའ་བའི་བསམ་པ་དག་དང་། ངོམས་མི་ཤེས་པ་དང་། རྒྱ་ཆེན་པོ ་དགར་བ་དང་། ཕན་པ་དང་། མ་གོས་པ་དང་། དག་པའི་བསམ་པ་རྣམས་དང་། ང་འབྱེར་བ་སྟེ། ས་ཆེན་པོ་ལྟ་ཞུགས་པ་རྣམས་ཀྱང་རྩུབ་གང་ཡིན་པ་དང་། རྣམ་པར་མརྟོག་པའི།། རྣམ་པར་མ་རྟག་པའི་ས་ཤེས་ཀྱྀ་བས་ཡོངསུ་བཟུང་བ་དང་དརྒྱན། ་པ་ཉིད། དོན་ཐམས་ཅད་འདྲེས་པ་ཉེ་བར་འདྲེས་པའི་ཕྱིར།། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དོན་གཅིག་ལ་འཇུག་པསོ།། ངོ་ཚ་བའི་སྐབས་རྫོག་སོ།། །། ངོ་ཚ་བའི་འོག་ཏུ་བསྟན་པ་རྣམ་པར་དབྱེ་བ་སྟེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་དང ་མཐུན་པའི་ཆོས་རྣམས་ཀྱི་གཙོ་བོར་གྱུར་པ་ནི་ངོ་ཚ་བོ་ཡིན་པས་སྔར་བསྟན་ཏོ།། དེ་ལྟར་ཁྲེལ་དང་ལྡན་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་བསྒོམ་པ་ལ་རབ་ཏུ་སྦྱོར་བ་ནི་ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཚལ་པའི་ཤེས་རབ་བསལ་ནས་བརྟན་པ་ཕུན་སྦོམ་ཚོགས་པ ་འགྱུརརོ།། དེ་ཉིད་ཀྱི་ཕྱིར་ཆོས་གསུམ་པོ་བརྩོན་འགྲུས་དང་། ཏིངེ་འཛིན་དང་། ཤེས་རབ་ལ་སྙིང་སྟོབས་དང་སྲན་ཐོབ་དང་། བསྟོན་པ་ཞེས་བྱའོ།། ཆོས་དེ་དག་དང་ཁྲེལ་དང་ལྡན་པ་ལ་འགྲུབ་པས་དེའི་ཕྱིར་ངོ་ཚ་ཤེས་པའི་འོག་ཏུ་བསྟན་པ་རྣམ་པར་དབྱེ་བ་ཡིནོ།། བཛིན་འགྲུས་ལ ་སོགས་པའི་མཚན་ཉིད།། ཞེས་བྱ་བ་ནི་བརྩོན་འགྲུས་དང་ཏིང་འཛིན་དང་། ཤེས་རབ་ཅེས་བྱ་བ་འདི་ནི་བརྟན་པའི་མཚན་ཉིད། བརྩོན་འགྲུས་ལ་སོགས་པའི་ཆོས་གསུམ་པོ་འདི་ལ་སྙིང་སྟོབས་དང་སྨན་ཐུབ་པ་དང་བརྟན་པ་ཞེས་མིང་དུ་གདག་སོ།། ལྷག་མ་ནི་སྒྲུབ་པའོན ་བྱ་བ་ནི་དེ་གང་ཕྱིར་གསུམ་གྱི་བྱང་ཆུབ་སེམས། འཇིག་པ་མེད་པར་རབ་ཏུ་འཇུག། ཅེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཆོས་གསུམ་པོ་འདི་དག་གིས་འཇིགས་པ་མེད་པར་འགྱུར་བ་དེའི་ཕྱིར་བརྟན་པ་ཞེས་བྱ་བའི་མིང་འཐོའོ།། ཞེས་བྱ་བ་ནི་དེ་ལྟར་སྒྲུབ་པར་བྱེད།། དེ་ལ་མི་སྤོང་བའི་ཕྱིར ་ཞེས་བྱ་བ་ནི་ཞུམ་པའི་སེམས་ཀྱི་བྱ་བ་དག་ལ་མི་སྤྲོ་བ་གང་ཡིན་པའོ།། ཡང་ན་ནི་རྨོངས་པས་ཏེ། དེའི་ཐབས་མི་ཤེས་པའི་ཕྱིར།། ཞེས་བྱ་བ་ནི་ཀུན་ཏུ་རྨོངས་པའི་སེམས་ཀྱི་བྱ་བ་སྒྲུབ་པའི་ཤེས་པ་གང་ཡིན་པའོ།། སོ་སོར་བརྟགས་པ་མེད་པར་བྱེད་པའོ།། ཞེས་བྱ་བ་ནི་བརྩོན ་འགྲུས་ལ་སོགས་པ་རབ་ཀྱི་མཐར་ཕྱིན་ཅིང་རང་གིས་འཇུག་པའོ་ཞེས་བྱ་བའི་ཐ་ཚིགོ། རང་བཞིན་ཞེས་བྱ་བ་ནི་རིག་སོ།། སྨོན་ལམ་ཞེས་བྱ་བ་ནི་སེམས་བསྐྱེད་པའོ།། ལྟ་བོ་མེད་པ་ཉིད་ནི་རང་གི་དོན་ཏོ།། སེམས་ཅན་ལོག་པར་སྒྲུབ་པ་ཉིད་ནི་གཞན་གྱི་དོན་ཏོ།། ཟབ་མོ་ཐོས་པ ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏོ།། རྒྱ་ཆེ་བ་ཐོས་པ་ཉིད་ནི་མཐུའོ།། གདུལ་བར་བྱ་བ་གདུལ་དཀའ་བ་ཉིད་ནི་སེམས་ཅན་ཡོངསུ་སྨིན་པར་བྱེད་པའོ།། སྐུ་བསམ་གྱིས་མི་ཁྱབ་པ་ནི་བྱང་ཆུབ་མཆོག་སྒོ་ནས་ཏེ། འདི་ནི་བསྟན་པའི་རབ་ཏུ་དབྱེ་བ་ཡིནོ།། ཡང་བྱ་དཀའ་བ་ལ་ཞེས་བྱ་བ་དེ ་ལྟ་བུ་ལ་སོགས་པས་ཀྱང་བརྟན་པ་རབ་ཏུ་དབྱེའོ།། ཇི་ལྟར་ཕྱེ་མཱ་ལེབ་དག་གིས་རི་རབ་བསྐྱོད་པར་མི་ནུས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་གྲོགས་པོ་ངན་པ་དག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་གཡོས་པར་མི་ནུ་སོ།། གྲོགས་པོ་ངན་པ་བྱང་ཆུབ ་སེམས་དཔའ་བྱེ་མ་ལེབ་ལྷུར་ཡང་བར་སྣ་།། ཇི་ལྟར་ན་མཁྱེའི་ལྡིང་ལྷ་སོགས་པ་བྱ་གཞན་ཐམས་ཅད་ཀྱི་འདབ་ལྕག་གིས་རི་རབ་བསྐྱོད་པར་མི་ནུས་པ་དེ་བཞིན་དུ་ཕྱི་དང་ནང་སྡུག་བསྣོལ་འབྲབ་པ་དག་གིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས ་གཡོས་པར་མི་ནུསོ།། ཇི་ལྟར་རྒྱ་མཚོ་དག་གིས་རི་རབ་བསྐྱོད་པར་མི་ནུས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་ཟབ་ཅིང་རྒྱ་ཚོ་བར་ཐོས་ནས་དེ་ལས་མི་གཡོའོ།། དེ་ཉིད་ཀྱི་ཕྱིར་དཔེ་གསུམ་པོ་འདིས་ནི་བྱང་ཆུབ་སེམས་པ ་བརྟན་པའི་མི་འགྱུར་བ་ཉིད་བཤདོ་ཞེས་སྨོསོ།། །། བརྟན་པའི་འོག་ཏུ་མི་སྐྱོ་བའི་སྐབས་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟར་བརྟན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ལ་སྐྱོ་བར་མི་འགྱུར་བས་མི་སྐྱོ་བ་བརྗོད།། དེ་དག་གིས ་སྐྱོ་བ་སྐྱེས་ན་ངོ་ཚ་ཞིང་མི་སྐྱོ་བར་ཡང་བྱེདའོ།། ཞེས་བྱ་བ་ནི་ཁྲེལ་ཡོད་པ་དང་ངོ་ཚ་བ་ལ་བརྟེན་པས་ནི་སྐྱེ་བ་མི་སྐྱེདདོ།། བྱང་ཆུབ་ཆེན་པོ་ལ་འདུན་པ་དྲག་པོ་ནི་ངོ་བོ་ཉིད་ཞེས་བྱ་བ་ཇི་ལྟར་ངོ་བོ་ཉིད་ཡིན་ཞེ་ན། འདུན་པ་ལོག་ན་སྐྱོ་བར་འགྱུར་བས་སོ་ཞེས་བྱ་བས་དེ་སྟོན་ཏེ། ་འདིར་ནི་བརྩོན་འགྲུས་དང་ལྡན་པའི་འདུན་པ་བཟུང་།། མི་སྐྱོ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ།། དེ་ཉིད་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅནོ་ཞེས་འབྱུང་།། འདུན་པ་ཡང་མི་སྐྱེ་བའི་རྒྱུ་ཡིན་པས་རྒྱུ་ལ་འབྲས་བུ་བཏགས་ནས་རྒྱུ་ངོ་བོ ་ཉི་དུ་བསྟན་ཏོ།། མི་སྐྱོ་བའི་འོག་ཏུ་བསྟན་བཅོས་ཤེས་པ་ཉིད། མི་སྐྱོ་བ་དང་ལྡན་པ་ནི་བསྟན་བཅོས་མཉན་པའི་ཕྱིར་རབ་ཏུ་སྦྱོར་རོ།། བསྟན་བཅོས་ཤེས་པ་ཉིད་ཀྱི་གཞི་ནི་རིག་པའི་གནས་ལྔ་སྟེ། ཞེས་བྱ་བ་ལ། གཞི་ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བའི་ཐ། ་ཚིག། ཚེ་དུ་བྱ་བ་ནི་རང་དང་གཞན་གྱི་དོན་བྱའོ།། ཞེས་བྱ་བ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་དོན་དང་ག་ཞོན་གྱི་དོན་གྱི་ཆེ་དུ་རིག་པའི་གནས་དག་ལ་རབ་ཏུ་སྦྱོ་རོ།། གཉིས་པ་ལ་དེའི་སྐྱོན་ཡོངསུ་ཤེས་ཤིང་ཞེས་བྱ་བ་ནི་བརྩད་པའི་སྐྱོན ་ཡོངསུ་ཤེས་པ་ཞེས་བྱ་བའི་ཐ་ཆེ་གོ།། གཞན་ཡིད་ཆེས་པར་བྱེད་པ་ཞེས་བྱ་བ་འདི་ནི་བསྟན་བཅོས་ཤེས་པ་ཡིནོ།། ཞེས་བྱ་བར་གཞན་ཡང་དག་ཡིད་ཆེས་པར་བྱེད་པའོ།། ཡང་ན་བསྟན་བཅོས་ཤེས་པར་སྔར་ཚིག་གི་མཚམས་བཅོད་ནས། དེའི་འོག་ཏུ ་ཚིག་ཏུ་བསྡུ་ཞེས་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པས་གཞན་དག་ལ་དོན་བསྟན་ལ་འབེབས་པས་ཡིད་ཆེས་པ་སྐྱེད་པར་བྱེདདོ།། དེས་ན་ཡིད་ཆེས་པར་འགྱུར་ན་བྱང་ཆུབ་སེམས་དཔའ་དབང་དུ་འགྲོ་བར་འགྱུར་རོ།། ཐོས་ནས་གོ་རིམ་བཞིན་དུ་ཞེས་བྱ་བ་ནི། ་སྤྱིར་ཐོས་པའོ།། འཛིན་པས་ནི་འཛིན་པར་འགྱུར།། ཁ་ཏོན་བྱེད་པས་ནཱ་གཞུང་ལ་ཞུགས་པའི་སྒོ་ནས་ཚིག་གིས་བྱུང་བར་འགྱུརརོ།། ཡིད་ཀྱིས་ལེགས་པར་བརྟགས་པོ་ཞེས་བྱ་བ་ནི་རབ་ཏུ་དང་བའི་ཡིད་ཀྱིས་དོན་ཕྱིན་ཅི་མ་ལེག་པར་སེམས་ཀྱི་སྒོ་ནསྟེ།། ཇི་ལྟར ་དོན་ཕྱིན་ཅི་མ་ལོག་པར་སེམས་པའི་སྒོ་ནས་ཡིན་ཞེ་ན། ཅི་རིགས་པའི་དེ་དྲག་གི་སྐྱོན་དང་སྟོན་ཁོང་དུ་ཆུད་པའི་སྒོ་ནས།། ཛཱ་ལྟར་མཐོང་བས་ལེགས་པར་རྟོགས་པ་དག་ཡིན་ཞེ་ན། བཤད་པ། ལེགས་པར་བཤད་པ་དང་། ཉེས་པར་བཤད་པ་དམིགས་ཕྱེད ་པའི་ཕྱིར་ཏེ། གསུང་རབ་ཀྱི་ལུགས་ཀྱི་ལེགས་པར་བཤད་པ་དག་ཡིནོ།། འདི་ལས་ཕྱི་རོལ་པ་རྣམས་ཀྱི་ནི་ཉེས་པར་བཤད་པ་དག་ཡིནོ།། ཡང་ན་ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་རིག་པའི་གནས་ལྔ་པོ་འདི་དག་ཡང་དག་པར་རབ་ཏུ་སྟོན་པས་ལེགས་པར ་བཤད་པ་ཡིན།། བཟློག་པ་ནི་ཉེས་པར་བཤད་པ་ཡི་ནོ།། ཡང་ན་དོན་བཟང་པོ་སེམས་ཉིད་ཀྱིས་སྟོན་དུ་མཐོང་བ་ཡིནོ།། བཟློག་པ་ནི་སྐྱོན་དུ་མཐོང་བ་ཡིན།། ཚིག་འབྲུ་བཟང་པོ་རྟོགས་པའི་ཕྱིར་ལེགས་པར་བཤད་པ་ཡིནོ།། ཚིག་འབྲུ་ཕྱིན་ཅི་ལྡོག་ཏུ་བཟུང་བའི་ཕྱིར ་ཉེས་པར་བཤད་པ་ཡིན།། ཏིང་འཛིན་གྱི་སྒོ་དག་ནས་དེའི་བྱ་བ་བསྒྲུབ་པའི་ཕྱིརརོ།། ཞེས་བྱ་བ་ནི་སེམས་ཅན་གྱི་བྱ་བ་བསྒྲུབ་པའི་ཕྱིར་ཏེ། རྫུ་འཕྲུལ་དང་ཀུན་བརྗོད་པའི་ཚེ་འཕྲུལ་ལ་སོགས་པས་སྣོད་བྱས་ནས། སྐལ་བ་ཇི་ལྟ་བ་བཞིན་དུ་རིག་པའི་གནས་སྟོན ་པའི་ཕྱིརརོ།། དམ་པའི་ཆོས་འཛིན་པར་བྱེད་པ་ཡང་ཡིན་ཏེ། གཟུངས་དག་གིས་དེ་འཛིན་པའི་ཕྱིརརོ།། ཞེས་བྱ་བ་ནི་གཟུངས་དག་གིས་ཐེག་པ་ཆེན་པོ་ལ་སོགས་པའི་རིག་པའི་གནས་རྣམས་བདེ་བླག་ཏུ་འཛིན་པ་ཡི་ནོ།། བསྟན་བཅོས་ཤེས ་པ་ཉིད་ཀྱི་འོག་ཏུ་འཇིག་རྟེན་ཤེས་པ་ཉིད།། བྱང་ཆུབ་སེམས་དཔའ་བསྟན་བཅོས་དག་ཁོང་དུ་ཆུད་ནས་བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པར་འགྱུརརོ།། བསྟན་བཅོས་ཤེས་པ་ནི་འཇིག་རྟེན་ཤེས་པར་འགྱུར་ལ། འཇིག་རྟེན་ཤེས་པ་ཡང་གང་ལ་གང་ཞིག ་ཇི་ལྟར་བྱ་བ་ཤེས་པའི་ཕྱིར།། དེ་ལ་དེ་ཁོ་ན་བཞིན་དུ་སྟེན་ཏོ།། དེའི་ཕྱིར་བསྟན་བཅོས་ཤེས་པ་ཉིད་ཀྱི་འོག་ཏུ། འཇིག་རྟེན་ཤེས་པ་ཉིད། བསྟན་བཅོས་ཤེས་པ་ཉིད་དེ་ནི་འཇིག་རྟེན་ཤེས་པས་གསལ་བར་བྱེད།། གང་འབྱུང་བ་ནི་སྡུག་བསྔལ་གྱི་བདེན་པའོ།། ་གང་དག་གིས་འབྱུང་བ་ནརྀ་ཀུན་འབྱུང་བའི་བདེན་པའོ།། ནུབ་པ་གང་ཡིན་པ་ཞེས་བྱ་བ་ནི། འགོག་པའི་བདེན་པ་སྟེ། ཉོན་མོངས་པ་རྣམས་ནུབ་པ་ནི་འགོག་པའི་བདེན་པ་ཡི་ནོ།། གང་གིས་ནུབ་པར་འགྱུར་བ་ཞེས་བྱ་བ་ནི་ལམ་གྱིས་བདེན་པསྷོ།། ། ་འཇིག་རྟེན་ཤེས་པ་ཉིད་ཀྱི་འོག་ཏུ་སྟོན་པ་རྣམས་ཏེ། དེ་ལྟར་འཇིག་རྟེན་ཤེས་པ་དང་བསྟན་བཅོས་ཤེས་པ་ནི་འཇིག་རྟེན་གྱི་སྟོན་པར་འགྱུརརོ།། གཙུག་ལག་བསྟན་པའི་ཆོས་དང་ནི་ཞེས་བྱ་བ་ནི་དྲང་སྲོང་གིས་བཤད་པའི་ཆོས་ནི་སྟོན་པ་ཡིནོ།། དྲང་སྲོང་ནི ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། གཞན་དག་ནི་མ་ཡིན།། དེ་དག་གིས་བཤད་ཅིང་བསྟན་པའི་ཆོས་ནི་སྟོན་པ་ཡིན་གྱི། གང་ཟག་ཕྱིན་ཅི་ལོག་པས་བཤད་པ་མ་ཡིནོ།། དེའི་དོན་དགོངས་པ་ཅན་དང་ནི།། ཞེས་བྱ་བ་ནི་གཙུག་ལག་གི་ཆོས ་དག་གིས་དགོངས་པ་ཅན་ནི་སྟོན་པ་ཡིན་གྱི། ཕ་དང་མ་ནི་བསད་བྱས་ཤིང་།། ཞེས་བྱ་བ་ལ་སོགས་པ་ལྟ་བུའི་ཚིག་འབྲུ་ནི་མ་ཡིནོ།། གསུམ་པ་ལ་ནི་ལོག་པར་བསམ་པའི་དོན་ཕྱིན་ཅི་ལོག་ཏུ་དྲངས་པའོ།། ཞེས་བྱ་བ་ནི་ཇི་སྐད་ཁ་ཅིག་གང་ཟག་ཅིག་འབྱུང་བ་ན་འབྱུང ་ཞེས་བྱ་བའི་ཚིག་འདིས་ན། གང་ཟག་ཡོདོ་ཞེས་ཟེར་ཞིང་མངོན་པར་ཞེན་པ་ལྟ་བུའོ།། དོན་དེ་ལྟ་བུ་ནི་བསྟེན་པར་མི་བྱ་སྟེ། འདི་ལྟར་བསྟན་པ་དེ་ལྟ་བུ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས་རྣམ་པར་ཕྱེ་སྟེ། མིག་དང་གཟུགས་རྣམས་ལ་རྟེན་ནས ་མིག་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ནས། དེའི་འོག་ཏུ་འོད་ལ་སེན་དང་། མི་དང་གང་ཟག་དང་ཤེད་ལས་སྐྱེས་དང་ཤད་བུ་ཞེས་མིང་དུ་དག་སོ།། ཞེས་བྱ་བ་ལ་སོ་ཥ་གསུཔ?་དེ་ལྟ་བུ་ངེས་པའི་དོན་ལ་བརྟེན་པར་བྱའོ།། བརྗོད་པ་དང ་ས་པའི་ཤེས་པ་ཞེས་བྱ་བ་ནི་བརྗོད་པ་དང་བཅས་པའི་ཤེས་པ་བཟུང་བ་དང་འཛིན་པ་དང་ལྡན་པ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་ཅན། ཤེས་བྱ་སྣ་ཚོགས་ཀྱི་རྣམ་པ་ཅན། ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི་སྟོན་པ་ཡིནོ།། གསུམ་པ་ནི ་གཞན་ལས་དེའི་དོན་གྱི་ཚུལ་ཕྱིན་ཅི་མ་ལོག་པར་ཐོས་པ་ལསོ།། ཞེས་བྱ་བ་ནི་སྟོན་པ་ཚད་མར་གྱུར་པ་འམ། དེས་ཚད་མར་མཛད་པ་ཉན་ཐོས་ལྔ་སྩོགས་པས་ངེས་པར་བྱས་ཤིང་རྣམ་པར་ཕྱེ་བ་གང་ཡིན་པ་དེ་ལས་ཉམས་པར་མི་འགྱུར་བ་ཡི་ནོ།། རྟོན་པའི་འོག་ཏུ ་སོ་སོ་ཡང་དག་པར་རིག་པ་རྣམས་ཏེ། དེ་ལྟར་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་དང་། ལྡན་པ་སྟོན་པར་འགྱུར་བ་ནི་ཆོས་དང་། དོན་དང་ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད། དེ་བས་ན ་སྟོན་པའི་འོག་ཏུ་སོ་སོ་ཡང་དག་པར་རིག་པ་རྣམ་སོ།། རྣམ་གྲངས་ཤེས་པ་དེ་དོན་རེ་རེའི་མིང་གི་རྣམ་གྲངས་ཇི་སྙེད་པ་ཤེས་པ་ཡིན།། ཞེས་བྱ་བ་ནི་དཔེར་ན། མ་རིག་པ་དང་མུན་ནག་དང་ཀུན་ཏུ་རྨོངས་པ་དང་མུན་པ་ཞེས་བྱ་བ་དེ་ལྟ་བུ་ལ་ས།། ་བའོ། མཚན་ཉིད་ཤེས་པ་ཞེས་བྱ་བ་ནི་རང་དྲང་སྤྱིའི་མཚན་ཉིད་ཤེས་པ་གང་ཡིན་པའོ།། གསུམ་པ་ནི་ཚིག་ཤེས་པ་སྟེ། ཡུལ་མི་སོ་སོའི་སྐད་གང་དག་ཡིན་པ་དེ་དག་ལ་ཐོགས་པ་མེད་པར་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས ་བྱའོ།། བཞི་པ་ནི་ཡེ་ཤེས་ཞེས་བྱ་བ་ནི་བདག་ཉིད་ཀྱི་སྤོབས་པ་ཞེས་བྱ་བ་གང་ཡིན་པའི་ཡེ་ཤེས་ཤེས་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་སྟེ། བྱང་ཆུབ་སེམས་དཔའ་ནི་གང་གིས་ན་ཆོས་སྟོན་འདིའི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་འདུས་བྱས ་དང་། འདུས་མ་བྱས་ལ་སོགས་པའི་ཆོས་རབ་ཏུ་དབྱེ་བ་སྤོབས་པ་ཟང་མི་ཤེས་པ་དེ་ལྟ་བུའི་སྤོབས་པ་ལ་དབང་བ་ཉིད་འཐེ་བོ།། དེ་ལ་ཆོས་དང་དོན་དོག་སྟོན་པ་ནི་ཆོས་སྟོན་པ་དང་། བཤད་པའི་ཕྱིརརོ།། ཞེས་བྱ་བ་ནི་གང་གི་ཚེ་ཆོས་བསྟན་ནས་ཚིག་དང་དོན་གྱི་སྒོ ་ནས་འཆད་པར་བྱེད་པ་ཡི་ནོ།། འདིས་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ངེས་པའི་ཚིག་བསྟནོ་ཞེས་བྱ་བ་ནི་སོ་སོ་རང་གི་ཤེས་བྱའི་སྒྲས་ནི་སོ་སོ་ཞེས་བྱ་བ་བསྡུ་སོ།། མཉམ་པ་ཉིད་ཁོ་ན་ཉིད་རིག་ནས་ཞེས་བྱ་བ་ནི་ཡང་དག་པར་ཞེས་བྱ་བ་བསྡུས།། ་རྣམ་གྲངས་ལ་སོགས་པ་རབ་ཏུ་ཞེས་པ་ཞེས་བྱ་བ་ནི་རིག་པ་ཞེས་བྱ་བ་བསྡུས་ཏེ། འདི་ནི་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བའི་ངེས་པའི་ཚིག་ཡིན།། །། སོ་སོ་ཡང་དག་པར་རིག་པའི་འོག་ཏུ་ཚོགས་ཀྱི་སྐབས་ཏེ། དེ་ལྟར་སོ་སོ་ཡང་དག ་པར་རིག་པ་ཐོབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པར་འགྱུར་བས་ཚོགས་ཀྱི་སྐབས་ཡིནོ།། ཀུན་ནས་ཉོན་མོངས་པ་མེད་པར་འཁོར་བར་འགྱུརརོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་འཇོ་འགྱུར་ཏེ། སེཾ་ན ་གྱི་དོན་དུ་ཆེ་དུ་བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངསུ་འཛིན་པའི་ཕྱིར་འཁོར་བའི་ཉེས་པ་དག་གིས་མི་གོས་ཤིང་ལས་དང་ཉོན་མོངས་པའི་དབང་དུ་འགྲོ་བར་མི་འགྱུར་རོ།། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་སྟོབས་ཀྱིས་ནི་གཉི་ག་བྱེད།། ་ཞེས་བྱ་བ་ནི། གནོད་པ་བྱེད་པ་དང་དུ་ལེན་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དག་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུ་སོ།། ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུ་སོ།། འཇིག་རྟེན་པའི་བསམ་གཏན་དང་། གཟུག ་མེད་པའི་སྙོམས་པར་འཇོག་པ་དག་དང་། སེམས་ཅིན་ལ་ཕན་པ་བྱེད་པ་གང་ཡིན་པ་དེ་དག་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུ་སོ།། ཏིང་འཛིན་གང་ཞིག་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒྲུབ་པར་བྱེད་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས ་ཏེ། བརྩོན་འགྲུས་ཀྱང་དེ་དང་འདྲ་བར་ཤེས་པར་བྱའོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྔ་ཆར་ཡང་ཡེ་ཤེས་ཀྱི་ཚོགས་ཡིན་པར་འདོད། སྦྱིན་པ་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོས་པའི་ཕྱིརརོ།། ཚོགས་ཀྱི ་ངེས་པའི་ཚིག་ལ་རྒྱུན་ཏུ་ཞེས་བྱ་བ་ནི། ས་མ་ཞེས་བྱ་བ་འདི་བསྡུ་སོ།། བསྒོམ་པ་ཐོས་ནས་ཞེས་བྱ་བ་ནི། བྷ་ར་ཞེས་བྱ་བ་འདིས་བསྡུས་ཏེ། དེ་ལྟ་བུའི་ཚོགས་ཀྱིས་ངེས་པའི་ཚིག་ཡི་ནོ།། ས་དྲུག་པོ་དག་གི་ནི་མཚན་མ་མེད་པ་ཞེས་བྱ་བ་ནི་མཚན་མ་མེད་པའི ་དོན་དུ་ཡིན་པས། མཚན་མ་མེད་པར་བྱ་ཞེས་བདུན་པ་ལ་འཇུག་པའི་ཕྱིར་ཡིན་ཏེ། དེ་མཚན་མ་ཀུན་ཏུ་མི་སྤྱོད་པའི་ཕྱིར།། གཉེན་པོས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པའི་ཆོས་ལ་བདག་མེད་པར་འཇུག་པའི་སྒོ་ནས་ཕྱིན་ཅི་ལོག་བཞིའི་གཉེན་པོ་མི ་གཙང་བ་དང་། སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པའི་འདུ་ཤེས་རྣམས་ཀྱི་ཡང་། གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་འདི་སྐད་དུ་བཤད་པ་ཡིན་ཏེ། ཉན་ཐོས་རྣམས་ཀྱི་གཙང་བ་ལ་སོགས་པར་བྱིན་ཅི་ལོག་པའི་གཉེན་པོར་གྱུར་པ་མི ་གཙང་བ་ལ་སོགས་པའི་རྣམ་པ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་མི་མཐུན་པའི་ཕྱོགསསུ་གྱུར་པ་ཡིན་ཏེ། འདི་ལྟར་ལུས་ལ་སོགས་པ་ནི་བྱིས་པས་ཀུན་བརྟགས་པའི་བདག་ཉིད་དུ་མེ་དོ།། དེ་མེད་པའི་ཕྱིར། མི་རྟག་པ་ལ་སོགས་པའི་རྣམ་པ་ཡང ་གཟུང་བ་དང་། འཛིན་པའི་དངོས་པོར་མ་གྲུབ་པ་སྟེ། དེ་བས་ན་མི་རྟག་པ་ལ་སོགས་པའི་རྣམ་པའི་ཡང་གཉེན་པོ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་བཞག་པ་དག་ནི། ཉན་ཐོས་རྣམས་དང་ཐུན་མོང་མ་ཡིན་ཞེས་བྱའོ།། དབུས་དང་མཐའ ་རྣམ་པར་འབྱེད་པ་ལས་ཇི་སྐད་བཤད་པ་ལྟ་བུ་ཡི་ནོ།། ཞེས་བྱ་བ་ནི་ལུས་ཀྱི་ན་གནས་ང་ནི་ལེན་རབ་ཏུ་སྟོན་ཏེ། དེ་ལ་རབ་ཏུ་བརྟོགས་པས་སྡུག་བསྔལ་གྱིས་བདེན་པ་ལ་འཇུག།། དེའི་མཚན་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་ཡིན་པའི་ཕྱིརརོ།། གནས ་ངན་ལེན་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད།། དེས་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་འཕགས་པའི་སྡུག་བསྔལ་དུ་གཟིག་སོ།། སྲེད་པའི་རྒྱུ་ནི་ཚོར་བ་སྟེ། དེ་ཡོངསུ་བརྟགས་པས་ཀུན་འབྱུང་བའི་བདེན་པ་ལ་འཇུག།། བདག་ཏུ་མངོན་པར་ཞེན་པའི་གཞི་ནི ་སེམས་ཏེ། དེ་ལ་ཡོངསུ་བརྟགས་པས་འགོག་པའི་བདེན་པ་ལ་འཇུག་སྟེ། བདག་ཆུད་པར་དོགས་པའི་འཇིགས་པ་མེད་པའི་ཕྱིར།། ཆོས་ལ་ཡོངསུ་བརྟགས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ལ་རྨོངས་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་ཞེས་བྱབ ་མ་ཡིནོ།། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་ལ་དམིགས་པའི་ཕྱིར།། ཞེས་བྱ་བ་ན་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་སྦྱོར་བར་བྱའོ།། ཡིད་ལ་བྱེད་པས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པ་མྲྀ ་དམིགས་པའི་ཕྱིརརོ།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི་ཇི་ལྟར་བྱིས་པ་རྣམས་ཀྱིས་ལུས་ལ་སོགས་པ་ལ་གཟུང་བ་དང་། འཛིན་པ་ཉི་དུ་དམིགས་པ་དེ་ལྟར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཡིན་གྱི། འོ་ན་ཅི་ཞིག་ཅེ་ན། ཆོས་ལ་བདག་མེད་པར་ཡིད་ལ་བྱེདདོ།། ཐོབ ་པས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པ་དང་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན། མི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་པའོ།། ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་ནི་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ལུས་ལ་སོགས་པ་དག་ནི་མི་འབྲས ་བཱར་བྱ་བའི་ཕྱིར་ཡང་མ་ཡིན་པའོ།། མཐུན་པས་ཇི་ལྟ་བུ་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དང་མཐུན་པས། དེའི་མཱི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིརརོ།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་སྒོམ་པས། ལུས་ལ་འདི ་ནིམོ་རྟོག་པོ་ལ་སོགས་པ་ཡིནོ་སྙམ་ནས་ནང་དང་ཕྱིའི་དངོས་པོ་ལ་ལྷག་པོར་མ་ཞེན་པས་ནང་དང་ཕྱིའི་དངོས་པོ་ཐམས་ཅད་ཡོངསུ་གཏངོ་།། །། དེ་བཞིན་དུ་སྲོག་གི་ཕྱིར་ཡང་སྲོག་གཅོད་པ་ལ་སོགས་པ་ལ་མི་འཇུག།། གཤི་བ་དང་སྤྱོ་བ་དང ་དབྱུག་པ་དང་། མཚོན་གྱིས་བསྣུན་པ་ལ་སོགས་པ་ཐམས་ཅད་ཀྱང་བཟོད།། ལེ་ལོ་སྤངས་པས་སེམས་ཅན་དེ་དང་དེ་དག་གི་གྲོགས་ཀྱི་ངོ་བོར་ཡང་འགྲོའོ།། ལུས་ལ་སོགས་པ་དྲན་པ་ཉེ་དར་གཞག་པ་བསྒོམས་པས། རྣམ་པར་གཡེང་བ། ་དང་འཆལ་པའི་ཤེས་རབ་ཀྱང་རབ་ཏུ་སྤོང་སྟེ། དེ་ལྟར་ན་དེའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཡི་ནོ།། དེ་དག་ལ་དེ་བསྟན་པའི་ཕྱིར་དེ་དང་ལྡན་པའི་དྲན་པ་ཉེ་བར་གཞག་པ་བསྒོ ་པའི་ཕྱིར།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མིང་བསྟན་པའི་ཕྱིར་མདོ་སྡེ་ལ་སོགས་པ་ལས་འཇིག་རྟེན་པ་དང་། ཉན་ཐོས་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བཤད་པ་གང་ཡིན་པ་དེ་ལ་མཁས་པར་བྱེའོ།། དེ་ཁོ་ན་བཞིན་དུ་ཡང་དག་པ་མ་ཡིན་པའི ་ངོ་བོར་སྣང་བའི་ཕྱིར།། ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་ལ་སྒྱུ་མ་བྱས་པའི་གླང་པོ་ཆེ་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལྟར་ལུས་ཀྱང་དེ་དང་འདྲེའོ།། སེམས་ནི་ན་མཁའ་བཞིན་དུ་རང་བཞིན་གྱིས་འོད་གསལ་བ་ཡོངསུ་ཤེསོ།། ཞེས་བྱ་བ་ལ་སེམས་ཞེས་བྱ་བའི་སྒྲས་ནི། ་སེམས་ཀྱི་ཆོས་ཉིད་བཟུང་སྟེ། ད་ནི་ན་མཁའི་བཞིན་དུ་གཅིག་ཏུ་འོད་གསལ་བས་སོ།། ཆོས་རྣམས་ནི་གློ་བུར་ཉི་དུ་ཡོངསུ་ཤེས་པསོ།། ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པས་བསྡུས་པའི་ཆོས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གང་དག་ཡིན་པ ་དེ་དག་ནི་ཀུན་བརྟགས་པ་སྟེ། དཔེར་ན་ན་མཁའ་ལ་གློ་བུར་གྱི་རྡུལ་དང་དུ་བ་དང་སྤྲིན་དང་ཁུག་རྣ་ལྟ་བུ་ཡི་ནོ།། འདྲེས་པ་ཉེ་བར་འདྲེས་པ་བསྒོམ་པའི་ཕྱིརརོ།། ཞེས་བྱ་བ་ནི་ས་བརྒྱད་པ་ལ་སོགས་པ་ལའོ།། ས་བཅུ་པ་དང་སངས་རྒྱས་ཀྱི་ས་ལ་ནི་མ་ལུས་པར་ཡང་དག ་སར་འགྲུབ་པ་ཉིད་ཀྱིས་ཡང་དག་པར་འགྱུར་རོ།། དྲན་པ་ཉེ་བར་གཞག་པའི་འོག་ཏུ་ཡང་དག་པར་སྦྱོང་པ་བསྒོམ་པ་སྟེ། དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཇི་སྐད་བཤད་པ་དེ་དག་གི་མི་མཐུན་པའི་ཕྱོགས་ཉེས་པ་རྣམས་ཀྱི་གཉེན་པོར་ཡང་དག་པར་སྤོང་བ་བསྒོ་མོ།། ་བྱ་བ་ནི་བརྟེན་ལ་སོགས་པས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བཤད་པ་ལ། ཐེག་པ་ཆེན་པོ་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས། བསྒོམ་པ་བཤད་པ་ཤེས་རབ་དེ་གསུམ་ཆར་གྱི་མི་མཐུན་པའི་ཕྱོགས་མི་ཉན་པ ་ལ་སོགས་པ་གང་ཡིན་པ་དེའི་གཉེན་པོར་ཡང་དག་པར་སྤོང་བ་བསྒོམ་པ་སྟེ། དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལྷག་མ་རྣམས་ཀྱི་གཉེན་པོར་ཡང་དག་པ་སྤོང་བ་བསྒོམ་པར་ཡང་བྱའོ།། འཁོར་བའི་ཕུན་སུམ་ཚོགས་པ་རྣམས་ཀུན་ནས་ཉོན་མོངས་པ་མེད ་བར་ཡེངསུ་ལོངས་སྤྱད་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཡང་དག་པར་བསྤོང་བ་བསྒོམ་པས་འཁོར་བའི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པ་མེད་པར་ཡོངསུ་སྤྱོད།། འདུན་པ་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ཞེས ་བྱ་བའི་རྣལ་འབྱོར་བསྒོམ་ཞིང་འོབ་དོ།། ཞེས་བྱ་བ་ནི་ཡང་དག་པར་སྤོང་བ་བསྒོམ་པ་ཡང་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་ལ། འབད་པ་དང་བརྩོན་འགྲུས་རྩོམ་ཞེས་བྱ་བ་ལ་སོགས་པ་ཡང་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་ན། དེ་ཇི་ལྟར་འབ་ཞེས་བྱ་ཞེ་ན། དེ ་བསྟན་པར་བྱ་སྟེ། རོ་ཞིག་དང་པོ་ཁོ་ནར་རྣལ་འབྱོར་པ་བྱེད་འདོད་པ་ཉེ་དུ་འགྱུར་རོ།། དེ་ལ་བརྟེན་ནས་འདི་ཉོན་མོངས་པ་དག་དང་ལྷན་ཅིག་འགྱེད་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཞེས་བྱ་བ། བསྒོམ་པ་ལ་རབ་ཏུ་བརྩོན་པ་འབད་པར་བྱའོ།། འབད ་པར་བྱེད་པ་དེ་ལ་ཉོན་མོངས་པའི་དགྲ་རྣམ་པར་ཆད་པར་བྱེད། ཞི་གནས་ཀྱི་མི་མཐུན་པའི་ཕྱོགས་ནི་ཞུམ་པའོ།། ལྷག་མཐོང་གི་ནི་རྒོད་པའོ།། དེ་དག་བསལ་བའི་ཕྱིར་རྣལ་འབྱོར་པ་འདི་བརྩོན་འགྲུས་ཀྱི་གནས་སྐབས་ཆོས་ཁྱད་པར་དུ་འཕག་སོ།། བརྩོན ་འགྲུས་བསྒོམ་པ་དེ་སེམས་དེ་ཞུམ་པ་ལ་ཡང་རབ་ཏུ་འཛིན་ལ་རྒོད་པ་ཡང་ཡང་དགྲ་པར་རབ་ཏུ་འཛག་སྟེ། དེ་ཉིད་ཀྱི་ཕྱིར་ཞུམ་པ་དང་རྒོད་པ་དག་གིས་གཉེན་པོར་བརྩོན་འགྲུས་རྩོ་མོ།། ཞེས་བཤདོ།། གང་གི་ཚེ་སེམས་དེ་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ ་མཉམ་པ་ཐོབ་པར་གྱུར་པ་དེའི་ཚེ་ནི་བཏང་སྙོམསུ་འཇོག་སྟེ། རབ་ཏུ་འཛིན་པར་ཡང་མི་བྱེད་རབ་ཏུ་འཇོག་པར་ཡང་མེ་བྱེད།། ཡང་དག་པར་སྤོང་བའི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་ཐམས་ཅད་ལ་གཉེན་པོ་ཞེས་བྱའོ།། ཞེས་བྱ་བ་ནི་འདུན་པ་ལ་ནི་བརྟེན་ནསུ། རྣལ་འབྱོར ་རྒྱུ་མཚན་བཅས་བསྒོམ་པ། ཞེས་བཤད་མ་ཐག་པ་གང་ཡིན་པའོ།། དད་ཅིང་དོན་དུ་གཉེར་ན་འབད་པའི་ཕྱིར།། ཞེས་བྱ་བ་ནི་དྲད་ན་བྱེད་འདོད་པ་ཉི་དུ་འགྱུར་ཏེ།། དེ་ཉིད་ཀྱི་ཕྱིར་དད་པ་ནི་འདུན་པའི་རྟེན་བྱེད་པའི་ལས་ཅནོ་ཞེས་འབྱུང་།། བྱེད་འདོད་ན་བརྩོན་འགྲུས་རྩོམ་སྟེ།། ་དེ་ཉིད་ཀྱི་ཕྱིར་འདུན་པ་ཡང་བཙུན་འགྲུས་ཀྱི་བརྟེན་བྱེད་པའི་ལས་ཅན་དུ་བསྟན་ཏོ།། གཅིག་གིས་ནི་སེམས་དམིགས་པོ་ལས་མི་འཕྲོ་བར་བྱེད་པའི་ཕྱིར།། ཞེས་བྱ་བ་ནི་ད་དྲོན་པསོ།། གཉིས་པས་འཕྲོ་བ་ཅན་རབ་ཏུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་ཤེས་བཞིན་གྱི་སོ།། ཤེས ་བཞིན་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཏེ། གང་གི་ཚེ་སེམས་དེ་དག་དམིགས་པ་ལས་བུ་དུ་འཕྲོ་བ་དེའི་ཚེ་ཤེས་བཞིན་གྱིས་མྱུར་བ་ཁོ་ནར་བདག་གི་སེམས་རྣམ་པར་གཡེངས་ཞེས་བྱ་བར་ཡོངསུ་གཙོ་།། སེམས་དང་པོཏང་སྙེམས་ནི་གཉེན་པོ་པའི་ཐབས་ཞེས་བྱ ་བྱ་ནི་ཤེས་བཞིན་གྱིས་ནི་སེམས་དེ་རྣམ་པར་གཡེངསོ་ཞེས་བྱ་བ་དེ་ཙམ་ཞིག་ཤེས་པ་འབའ་ཞིག་ཏུ་ཟད།། བཏང་སྙོམས་ནི་ཤེས་རབ་ཀྱི་ཁྱད་པར་ཏེ་དེས་ཉེ་བའི་ཉོན་མོངས་པ་རྣམས་རབ་ཏུ་སྤོང་བ་དེའི་ཕྱིར་བཏང་སྙོམས་ལ་གཉེན་པའོ་ཞེས་བྱའོ།། སེམས་པ ་ནི་སེམས་ཀྱི་བྱེད་པ་ཡིན་ཏེ། དེས་སེམས་དེ་དག་པ་ལ་གཏོང་པོར་བྱེའོ།། གང་གི་ཕྱིར་སེམས་པས་ཞུམ་པ་ནི་རབ་ཏུ་འཛིན་ལ་རྒོད་པ་ནི་རབ་ཏུ་འཇིགས་པ་དེའི་ཕྱིར་སེམས་ལ་གཉེན་པོ་ཞེས་བྱའོ།། ཤའི་སྤྱན་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པས་བསྒོམ་པས་བྱང ་ཆུབ་སེམས་དཔའ་གང་གི་ན་སྟོང་གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམ་སུ་གཏོགས་པའི་གཟུགས་ཀྱི་དབྱེ་བཞིན་དུ་ཕྲ་བས་ཡང་མཐོང་བ་དེ་ལྟ་བུའི་རྣམ་པར་སྨིན་པ་གྲུབ་པའི་མིག་མངོན་པར་འགྲུབ་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས ་ཇི་སྐད་འབྱུང་བ་ལྟ་བུ་ཡི་ནོ།། ལྷའི་སྤྱན་ནི་བསམ་གཏན་གྱི་མངོན་པར་འདུས་བྱས་པ་སྟེ། ཤའི་སྤྱན་པས་ཆེས་ཁྱད་པར་དུ་འཕགས་པ་ཡི་ནོ།། ཤེས་རབ་ཀྱི་སྤྱན་འཕགས་པའི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་བཞིན་ཉིད་སྤྱོད་ཡུལ་བ་ཡིན།། ཆོས་ཀྱི་སྤྱན་ནི ་མདོའི་སྡེ་དང་དབྱངས་ཀྱི་བསྙད་པའི་སྡེ་ལ་སོགས་པའི་ཆོས་ཐམས་ཅད་དུ་ཐོགས་པ་མེད་པ་ཡི་ནོ།། གནས་པས་རྣམ་པར་བརྩེ་བ་ཞེས་བྱ་བའི་ཏིང་འཛིན་གྱིས་རྣམ་པར་བརྩེ་བ་སྟེ། ཏིང་འཛིན་ནི་གནས་པའི་སྒྲར་བརྗོད།། ཏིང་འཛིན་གྱི་དབང་པོའི་དམིགས་པ་ནི་ཞོ་གནས ་ཡིནོ།། ཞེས་བྱ་བ་ནི་གང་ལ་བརྟེན་ན་བྱང་ཆུབ་སེམས་དཔའི་སྟོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་ཞི་གནས་ཁྱད་པར་ཅན་བཟུང་སྟེ། ཏིང་འཛིན་ནི་འཇིག་རྟེན་པའི་སེམས་རྩེ་གཅིག་པ་ཙམ་ཐོབ་པའོ།། ཤེས་རབ་ཀྱི་དབང་པོའི་གཞི་ནི་ལྷག་མཐོ་།། ཞེས ་བྱ་བ་ནི་འདིར་ཡང་མཉམ་པར་མ་བཞག་པའི་གནས་སྐབས་སམ། འཇིག་རྟེན་པའི་མཉམ་པར་བཞག་པའི་གནས་སྐབས་ཀྱི་ཤེས་རབ་ཀྱི་དབང་པོ་ཡིན་པར་གཞགོ།། ལྷག་མཐོང་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་བས་ན་ཤེས་རབ་ཀྱི ་དབང་པོའི་དེའི་དམིགས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་དེ་དག་གི་དོན་གྱི་སྐབས་ཁོ་ནས་དད་པ་ལ་སོགས་པ་འདི་དག་དབང་བྱེད་པའི་དོན་གྱི་དབང་པོ་རྣམས་ཤེས་བྱའོ།། ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དམིགས་པ་བྱང་ཆུབ་ལ་སོགས་པའི་དོན་གང ་དག་ཡིན་པ་དེ་དག་ལ་དེ་རྣམས་དབང་བྱེདདོ།། ས་ལ་ཞུགས་པའི་གནས་སྐབས་ན་གོ་རིམ་བཞིན་དུ་ཆོས་ལ་བདག་མེད་པ་དང་བདག་དང་གཞན་མཉམ་པ་ཉིད་ཀྱི་ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་རྟོགས་པའི་ཕྱིརརོ།། ཞེས་བྱ་བ་ནི་ཆོས་ལ ་བདག་མེད་པས་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོག་སོ།། གང་ཟག་ལ་བདག་མེད་པས་ནི་སེམས་ཅན་ཐམས་ཅད་མཉམ་པ་ཉིད་རྟོག་སོ།། ཡང་ན་བྱང་ཆུབ་སེམས་དཔས་ས་དང་པོ་ཐོབ་པའི་དུས་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོག་པས་སེམས་ཅན་ཐམས་ཅད ་བདག་ཏུ་མཉམ་པ་ཉིད་འཐོབ་སྟེ། ས་དང་པོ་ཐོབ་པའོ་དུས་ན་བདག་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ཡིན་པས་ཇི་ལྟར་བདག་གིས་བདག་ཉིད་ཀྱི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཁྱད་པར་མེད་པ་ཉིད་འཐོབ་པས་བདག་དང ་གཞན་མཉམ་པ་ཉིད་ཀྱི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་རྟོག་ཞེས་བྱའོ།། ཤེས་བྱ་མི་རྒྱལ་རྒྱལ་བྱའི་ཕྱིར། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པོའི་ས་ལ་གནས་པ་ནི་ས་དང་པོ་མ་རྒྱལ་བ་ཡིན་ཏེ། དེ་རྒྱལ་བར་བྱ་བའི་ཕྱིར་དྲན་པ་ཀུན ་ཏུསྤྱོད། མ་རྟོག་པ་རྟོགས་པ་གང་ཡིན་པ་དེ་ནི་ཤེས་བྱ་མ་རྒྱལ་བ་རྒྱལ་བ་ཡིནོ།། འདིའི་རྣམ་འབྱེད་རྟོག་པ་ཡི།། མཚན་མ་ཐམས་ཅད་འཇོམས་པར་བྱེད།། ཅེས་བྱ་བ་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གང་ཟག་དང་ཆོསུ་འཛིན་པའི་རྣན།། ་རྟོག་པ་རྣམས་འཇོམས་པར་བྱེད་པ་ཡིན།། དེའི་རྗེས་ལ་ཐོབ་པའི་གནས་པས་གཞན་འབུལ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཡེ་ཤེ་སྤྱི་མ་རྟོགས་པ་གང་ཡིན་པ་དེ་འབུལ་བ་ཡིནོ།། གཞན་འདོར་བའི་ཕྱིར་ཞེས་བྱ་བ་ནི་རྟོགས་པ་གང་ཡིན་པ ་དེ་འདོར་བ་ཡིནོ།། རྣམ་པར་མི་རྟོག་པའི་གནས་པས་དེ་ལ་རྩོལ་བ་མེད་པར་གནས་པར་བྱེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བཏང་སྙོམས་ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པ་དེས་རྒྱལ་པོ་གང་ཡིན་པ་དེ་ལ་གནས་པར་བྱེདའོ།། ། ་ཤིན་ཏུ་སྦྱངས་པ་དང་ཏི་ངེ་འཛིན་དང་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལོག་སྟེ་ཞེས་བྱ་བ་ནི། གང་གིས་ཀུན་ནས་ཉོན་མོངས་པ་མེད་པ་ནི་ཤིན་ཏུ་སྦྱངས་པས་གནས་ངན་ལེན་དང་བྲལ་བའི་ཕྱིར།། གང་ལ་བརྟེན་ནས་ཀུན་ནས་ཉོན ་མོངས་མེད་པར་བྱེད་པ་ནི་ཏིང་འཛིན་ལ་བརྟེན་ནས་རྣམ་པར་གཡེང་བ་དང་བྲལ་བའི་ཕྱིརརོ།། ཀུན་ནས་ཉོན་མོངས་པ་མེད་པ་གང་ཡིན་པ་ཞེས་བྱ་བ་ནི་བཏང་སྙོམ་སོ།། རྟོག་པ་དེ་ཉིད་ཀྱི་རྣམ་པར་བཞག་པ་ཡོང་སུ་གཅོད་པ་ནི་ཡང་དག་པའི་རྟོག་པའོ།། ཞེས་བྱ་བ ་ནི་ཡང་དག་པའི་རྟོག་པས་ནི་བདག་གིས་རྣམ་པ་འདིས་ཁོ་ན་ཉིད་འདི་ལྟ་བུ་ཞིག་རྟོགས་ཞེས་དེ་ཁོ་ན་ཉིད་རྟོག་པ་གང་ཡིན་པ་སྟེ། རྣམ་པར་འཇོམ་པར་བྱེད་ཅིང་དེ་ཁོ་ན་བཞིན་དུ་གཞུང་དུ་ཡང་བྱེད་ལ་གཞན་དག་ལ་ཡང་སྟོན་ཏེ་དེ་རྣམ་པར་བཞག་པ ་མདོའི་སྡེ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་འཇུག་པ་ཡང་དེ་ཉིད་ཡིན་ཏེ། དེས་དེའི་དོན་རྟོགས་པའི་ཕྱི་རོ་ཞེས་བྱ་བ་ལ། དེ་རྣམ་པར་བཞག་པ་ཞེས་བྱ་བའི་ཐ་ཚིགོ།། མདོའི་སྡེ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས།། ་པ་ལ་ཞེས་བྱ་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཞེས་བྱ་བའི་དོན་ཏོ།། འཇུག་པ་ཡང་དེ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་བདག་ཇི་ལྟར་ཞུགས་པ་ལྟར།། དེས་དེའི་དོན་རྟོགས་པའི་ཕྱིརརོ།། ཞེས་བྱ་བ་ནི་རྟོག་པ་སྔོན་དུ་འདྲ། ་བ་ཅན་གྱི་ཡང་དག་པར་རྟོག་པ་དེས་དེའི་དོན་ཏེ་གསུང་རབ་ཀྱི་དོན་རྟོག་པའི་ཕྱིར།། ཞེས་བྱ་བའི་ཐ་ཚིག་སྟེ། གསུང་རབ་ལ་མངོན་སུམ་པའི་བློ་དང་དོན་ཕྱིན་ཙོ་མ་ལོག་པར་མཐོང་བ་ཡིནོ།། ལས་གསུམ་རྣམ་པར་དག་པ་ནི་ཡང་དག་པའི་ངག་དང་ལས་ཀྱི་མཐའ ་དང་འཚོ་བ་སྟེ། ཞེས་བྱ་བ་ནི་ངག་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པའོ།། གཉི་ག་རྣམ་པར་དག་པ་ནི་དེ་ཉིད་གཉི་ག་རྣམ་པར་དག་པ་ཡིན་ཏེ། འཚེ་བ་རྣམ་པར་དག་པའོ།། འདི་ནི་ལས་གསུམ་རྣམ་པར་དག་པ་ཡིན་ཏེ། ངག་གིས་ཁ་གསག་དང་གཅམ་བུ་ལ ་སོགས་པའམ། ལུས་ཀྱི་སྤྱོད་ལམ་བཅོས་མ་ལ་སོགས་པས་ལོག་པར་འཚོ་བར་བྱེད་ན་རྣལ་འབྱོར་པ་འདི་ལ་ནི་མཐོང་བའི་ལམ་ཐོབ་པའི་ཕྱིར་དེ་གཉི་ག་ཡང་མེད་ལ། ངག་གི་ལས་ཁ་གསག་དང་གཙམ་བུ་ལ་སོགས་པ་འམ། ལུས་ཀྱི་ལས་སྤྱོད་ལམ་བཅོས ་མ་ལ་སོགས་པ་ལ་མི་བྱ་བའི་སྡོམ་པ་འཐོབ།། དེ་ཐོབ་པས་ལོག་པར་ཆོས་གོས་ལ་སོགས་པ་ཚོལ་བར་མི་བྱེད། དེ་ཉིད་ཀྱི་ཕྱིར་གཉི་ག་རྣམ་པར་དག་པས་ཡང་དག་པའི་འཚོ་བ་རྣམ་པར་དག་པ་ཡིན།། ཞི་གནས་དང་ལྷག་མཐོང་གི་ཆོས་འདི་དག་ཀྱང་བྱང ་ཆུ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ཡིན་པས། དེའི་ཕྱིར་ཞི་གནས་དང་ལྷག་མཐོང་རྣམ་པར་དབྱེ་བ་བརྩམ་སྟེ། ཞི་གནས་དང་ལྷག་མཐོང་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་བསྒོམ་པའི་ཐབས་ཡིནོ།། ཡང་དག་པའི་ཏིང་འཛིན་ལ་བརྟེན་ནས་ཞེས་བྱ་བ་ནི་ཝཱི ་གནས་ཀྱི་ངོ་བོ་ཉིད་ཀྱི་ཡང་དག་པའི་ཏིང་འཛིན་དེ་ལ་བརྟེན་ནསོ།། སེམས་ལ་སེམས་འཇོག་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ་ཁམས་གསུམ་པ་འདི་ནི་སེམས་ཙ་མོ་ཞེས་བྱ་བ་སྟེ། གང་གི་ཚེ་དེ་ལྟར་སེམས་ལ་སེམས་འཇོག་པར་གྱུར་པ་དེའི་ཚེ་ཞི་གནས་ཀྱི་ཏིང་འཛིན ་གྲུབ་པ་ཐོབ།། ཞི་གནས་ཐོབ་པས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཐོབ་པས་ལྷག་མཐོང་ཐོབ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་ལ ་ཐུན་མོང་མ་ཡིན་པ་ཡིན།། ཞི་གནས་དང་ལྷག་མཐོང་ཆུ་གཅིག་པ་ནཱི་གང་གི་ཚེ་ཞི་གནས་བསྒོམ་པར་བྱེད་པའོ་ཞེས་བྱ་བ་ནི་གང་གི་ཚེ་ཞི་གནས་ཤས་ཆེ་བ་གཟུགས་མེད་པ་དག་ཡིན་པ་དེའི་ཚེ་ནི་ཞི་གནས་སྒོམ་པ་ཁོ་ན་རབ་ཏུ་ཤེསོ།། བསམ་གཏན་གསུམ་གྱི ་གནས་སྐབས་ན་ནི་ལྷག་མཐོང་བསལ་བ་ཡིན།། གཉི་གའི་ཆ་ནི་གང་གི་ཚེ་ཅིག་ཅར་གཉི་ག་སྒོམ་པར་བྱེད་པའོ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་དེ་ནི་མོས་པས་སྤྱོད་པའི་ས་ལ་རྒྱུ་ཡིན་པར་འདོད་ཞེ ་བྱ་བ་ནི་ཇི་ལྟར་རྒྱུ་ཡིན་པར་འདོད་ཅེ་ན། འདི་ལྟར་ཞི་གནས་དང་ལྷག་མཐོང་དང་ལྡན་པས་ས་དང་པོ་རྟོག་པ་དང་ངེས་པོར་འབྱུང་བ་ལ་སོགས་པ་འགྱུར་བསོ་ཞི་གནས་དང་ལྷག་མཐོང་ནི་དོན་དེ་དག་གི་རྟེན་ཡིན།། རྟེན་དུ་གྱུར་པའི་ཕྱིར་རྒྱུ་ཡི་ནོ།། ཞི་གནས་དང་ལྷག་མཐོང་། ་གི་རྣལ་འབྱོར་འདི་ནི་ཐམས་ཅད་སྒྲུབ་པར་བྱེད་པའི་ཐབས་ཡིནོ།། ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་རབ་ཏུ་ཞུགས་པ་ཐབས་མཁས་པས་དེ་ཐེག་པ་ཆེན་པོར་ཡོང་སུ་བསྔོ་བར་བྱེད་པས་དེའི་ཕྱིར་ཐབས་ལ་མཁས་པ་རྣམ་པར་དབྱེ་བ་ཡི་ནོ།། སངས་རྒྱས་ཀྱི་ཚེ། ་རྣམས་རྫོགས་པར་བྱ་བའི་ཐབས་གང་ཡིན་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེ་སོ།། མྱུར་དུ་མངོན་པར་རྫོགས་པའི་བྱང་ཆུབ་པའི་ཐབས་གང་ཞེ་ན། སྡིག་པ་ཐམས་ཅད་སོ་སོར་བཤུགསོ།། བསོད་ནམས་ཐམས་ཅད་ཀྱི་རྗེ་སུ་ཡི་ར་།། སངས་རྒྱས་ཐམས་ཅད་ལ་གསོལ་བ ་འདྲེ་བ་སོ།། བདག་གི་ཡེ་ཤེས་རྫོགས་པར་བྱང་ཆུབ་པར་གྱུར་ཅིག་ཅེས་བྱ་བ་སྟེ། གཙུག་ལག་གི་ཚིག་བཞི་པོ་འདི་དག་གི་དོན་ནི་གོ་རིམ་བཞིན་དུ་སོ་སོར་བཤགས་པ་དང་རྗེ་སུ་ཡི་རང་བ་དང་གསོལ་བ་དང་ཡོངསུ་སྤྲོ་བ་ཡི་ནོ།། འདི་ནི་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ ་པའི་ཐབས་ཡིན་ཏེ། དེ་ལ་མཁས་པ་གང་ཡིན་པའོ།། ལམ་རྒྱུན་མི་གཅོད་པའི་ཐབས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིནོ།། ཞེས་བྱ་བ་ནི་དེ་ལ་མཁས་པ་ཤེས་རབ་ཀྱི་སྟོབས་ཀྱིས་འཁོར་བར་ཡང་འཁོར་ལ་ཆུ་ཡི་པདྨ་བཞིན་དུ་འཁོར་བ་པའི་ཉེས་པ་དག་གིས་ཀྱང་མི ་སོསོ། སྙིང་རྗེའི་སྟོབས་ཀྱིས་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་ཡང་མི་གནས་ཏེ། འདི་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་མཁས་པ་ཡིནོ།། བྱང་ཆུབ་སེམས་དཔའི་གཟུངས་རྣམས་ཀྱང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཞེས་བྱ་བའི་མིང་ཐོབ་པས་དེ ་ཕྱིར་གཟུངས་བསམ་སྟེ། དེ་ལྟར་ཐབས་ལ་མཁས་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་གཟུངས་ཀྱི་སྟོབས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཤད་པ་ཡང་འཛིན་པར་བྱེད་ལ། འདི་ལ་སྔོན་མ་ཐོས་པའི་ཆོས་དག་ཀྱང་རྣམ་པ་ཐམས་པ ་སྟོངོ་།། གཟུངས་ཀྱི་རབ་ཏུ་དབྱེ་བ་ལས་བསྟན་གྱི་ངོ་བོ་ཉིད་མ་བཤད་པ། གཟུངས་ནི་ཤེས་རབ་དང་དྲན་པའི་ངོ་བོ་ཉིད་ཡིན་ཏེ། ཤེས་རབ་དང་དྲན་པ་ཁྱད་པར་དུ་འཕགས་པ་ནི་གཟུངས་ཞེས་བྱ་བའི་མིང་ཐོ་བོ།། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་ནི་འདིས་ཚེ་རབས་གཞན ་དག་ན་ཡི་གེར་འདྲི་བ་དང་མཆོད་པ་ལ་སོགས་པ་གཟུངས་མངོན་པར་འགྲུབ་པར་བྱེད་པའི་ལས་བསོགས་པར་གྱུར་པ་གང་ཡིན་པ་དེའི་དབང་གིས་གང་གིས་ན་ལན་ཅིག་གིས་ལེན་ཅིང་འཛིན་པར་བྱེད་པ་དེ་ལྟ་བུའི་རྣམ་པར་སྨིན་པ་ཐོ་བཱ་སྟེ། ཇི་ན་དུ་ཆོས་མངོན་པ་ཀུན་ལས ་བཏུས་པ་ལས། སྐྱེ་བའི་ཐོབ་པའི་དགེ་བ་གང་ཡིན་ཞེ་ན། དགེ་བའི་ཆོས་རྣམས་ལ་སྔོན་གོམས་པ་ལ་བརྟེན་ནས་གང་གིས་ན་སོ་སོར་བརྟགས་པ་མེད་པར་དགེ་བའི་ཆོས་རྣམས་ལ་འདོད་པ་གྲོམ་པ་ཀུན་ཏུ་གནས་པ་དེ་ལྟ་བུའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་ཡིནོ་ཞེས ་བཤད་པ་ལྟ་བུའོ།། ས་ལཱ་མ་ཞུགས་པ་རྣམས་ཀྱི་ནི་ཆུདུའོ་ཞེས་བྱ་བ་ནི་མོས་པས་སྤྱོད་པ་རི་ས་ལ་གནས་པ་རྣམས་ཀྱིའོ།། གཞི་ནི་ཡེ་ཤེས་ཞེས་བྱ་བ་ནི་སེམས་ཡེ་ཤེསུ་ལྗོང་སུ་བསྔོས་པའི་ཕྱིརརོ།། སེམས་ལས་མོད་ལ་འབྲས་བུར་འགྱུར་བ་ཡང་སེམས་ཙམ་ལས་ཇི་ལྟར་འདོད་དོ། ་དོན་འགྲུབ་པའི་སྒོ་ནས་རིག་པར་བྱའོ།། ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་དོན་གྲུབ་པ་ནི་མོད་ཀྱི་འབྲས་བུ་སྟེ། དེ་ལྟར་གྱུར་ཅིག་སྙམ་པ་དེའི་མཇུག་ཐོག་སུཾ་དེ་ཁོ་ན་ལྟར་འགྱུར་བ་ཡིན།། ལུས་བརྒྱ་ལ་སོགས་པ་ནི་དང་པོ་ནས་བཟུང་སྟེ། སྟོན་པར་བྱེའོ།། གཟུངས་དང་སྨོན་ལམ་ཕུན་སུམ་ཚོགས ་བ་དེ་རྣམ་པར་ཐར་པའི་སྒོ་གསུམ་གྱིས་སྒྲིབ་པོ་ཐམས་ཅད་སྤངས་པའི་ཕྱིར་སྒྲུབ་པར་བྱེའོ།། དེ་ལ་སྒྲུབ་པ་ན་བདག་ཉིད་དང་གཞན་དག་གི་ཕྱིན་ཅི་ལོག་གི་ང་རྒྱལ་སྤང་བའི་ཕྱིར་ཞུགས་པ་ཡིནོ།། ཏིང་འཛིན་རྣམ་པ་གསུམ་གྱི་སྤྱོད་ཡུལ་རྣམ་པ་གསུམ་དུ་ཤེས་པར་བྱ་ཞེས་བྱ་བ་ནི་དམིགས ་པ་རྣམ་པ་གསུམ་དུ་ཞེས་བྱ་བའི་ཐ་ཚི་གོ།། དེ་གཉི་ག་ལ་བདག་ཏུ་འཛིན་པའི་བརྟེན་ཉ་བ་ལེན་པའི་ཕུང་པོ་ལྔ་ཞེས་བྱ་བ་ནི་ཀུན་བརྟགས་པའི་གང་ཟག་ལ་བདག་ཏུ་འཛིན་པ་དང་ཀུན་བརྟགས་པའི་ཆོས་ལ་བདག་ཏུ་འཛིན་པ་སྟེ། ཆོས་ལྔ་བདག་རྦྷ། ་བྱ་བའི་སྒྲས་སྨོས་པ་ནི་ངོ་བོ་ཉིད་ཀྱི་དོན་དུ་བལྟ་བར་བྱའོ།། བདག་ཏུ་འཛིན་པ་གཉིས་པོ་འདིའི་རྟེན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྨོན་པ་མེད་པའི་ཏིང་འཛིན་གྱི་དམིགས་པ་ཡིནོ།། བརྟེན་ཏེ་ཉེ་བར་ཞི་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་ན་ཉེ་བར་ལེན་པའི་ཕུང་པོ ་ལྔ་ཉེ་བར་ཞི་ཞིང་ཉེ་བར་ལེན་པ་མེད་པར་འགྱུར་བ་མེད་པས། མཚན་མ་མེད་པའི་ཏིང་འཛིན་གྱི་དམིགས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉེ་བར་ཞི་བ་སྟེ། མྱ་ངན་ལས་འདས་པའོ་ཞེས་བྱ་བའི་ཐ་ཚི་གོ།། གཟུང་བ་རྣམ་པ་གསུམ་ཞེས་བྱ་བ་ནི། བདག་མེད་པ་རྣམ་པ་གཉིས ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་མྱ་ངན་ལས་འདས་པ་སྟེ་གསུམ་པོ་དག་ལ་འཛིན་པ་སྟོང་པ་ཉིད་ལ་སོགས་པའི་ཏིང་འཛིན་གསུམ་དུ་ཤེས་པར་བྱའོ།། སྟོན་པ་མེད་པ་ནི་བྲདག་ཏུ་འཛིན་པའི་རྟེན་དེ་ལ་རྒྱབ་ཀྱིས་ཕྱོགས་པ་ཡི་ནོ།། ཞེས་བྱ་བ་ལ། བདག་ཏུ་འཛིན་པའི ་བརྟེན་ནི་ཉེ་བར་ལེན་པའི་ཕུང་པི་ལྔའོ།། སྨོན་པ་མེད་པའི་ཏིང་འཛིན་ནི་དེ་དག་ལ་རྒྱབ་ཀྱི་ཕྱོགས་པ་ཡིན་ཏེ། སྡུག་བསྔལ་གྱི་བདག་ཉིད་དེ་ལ་སྨོན་པར་མི་བྱེད།། སྨོན་པ་མེད་པའི་ཏིང་འཛིན་ནི་དེ་དག་ལ་བདག་ཏུ་འཛིན་པའི་བརྟན་སྤང་བའི་ཕྱིར་ཡིནོ།། ཞེས་བྱ་བ་ནི་ཉེ་བར ་ལེན་པའི་ཕུང་པོ་ལྔ་ནི་སྤང་བར་བྱ་བ་ཡིན་ཏེ། དེ་སྤང་བའི་ཕྱིར་སྨོན་པ་མེད་པའི་ཏིང་འཛིན་ཏོ།། འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། འདུ་བྱེད་ཐམསོ་ཅད་ནི་སྡུག་བསྔལ་བའོ།། ཞེས་བྱ་བ་ནི་སྨོན་པ་མེད་པའི་ཏིང་འཛིན་གྱི་རྒྱུའི་དངོས་པོར་བསྟན་ཏོ།། ཞེས་བྱ་བ་ནི་འདུ ་བྱེད་ཐམས་ཅད་མི་རྟག་ཅིང་སོག་ལེ་བསྲེག་པ་ལྟ་བུར་སྡུག་བསྔལ་བར་རིག་ནས་དེ་དག་ལ་སྨོན་པར་མི་བྱེདོ།། དེའི་ཕྱིར་ཆོས་ཀྱི་སྡོམས་འདི་གཉིས་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུའི་དངོས་པོ་གནས་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟག་པའི ་ད་པའི་དོན་ཅེས་བྱ་བ་ནི། མི་ཞེས་བྱ་བ་ནི་དགག་པར་བརྗོད་པ་ཡིན་ལ། རྟག་པ་ཞེས་བྱ་བའི་སྒྲ་ནི་རྟག་པ་བརྗོད་པ་ཡིན་པས་མི་རྟག་པ་ཞེས་བྱ་བ་ནི་གང་དུས་རྟག་ཏུ་མེད་པའོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ནི་རྟག་པའི་དོན་རྣམ་གྲངས་མེད་པ་ཡིནོ།། རྟག་ཏུ་མེད་པ། ་གང་ཡིན་པ་དེ་ནི་མི་རྟག་པ་ཡིན་པས་དེ་དོག་གི་ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའོ།། ཞེས་བྱ་བ་ནི་འདུ་བྱེད་དག་གི་ཀུན་བརྟགས་པའི་གང་ཟག་དང་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་རྟག་ཏུ་མེད་པ་ཡིནོ།། སྡུག་བསྔལ་བའི་དྲིན་ཡང་དག་པ་མ་ཡིན་པའི་ནོར ་རྟོག་པའི་དོན་ཏེ། གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ།། ཞེས་བྱ་བ་ནི་འདི་ལྟར་སེམས་དང་སེམས་ལས་བྱུང་བ་ཕྱིན་ཅི་ལོག་དག་ནི་ཡང་དག་པ་མ་ཡིན་པར་རྟོག་པར་བྱའོ།། ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི་སྒྲུབ་པའི་བདག་ཉིད་ཀྱི་ཕྱིར་སྡུག་བསྔལ་ཡིན་ཏེ། ་འདི་སྐད་དུ་སེམས་དང་སེམས་ལ་བྱུང་བའི་ཕྱིན་ཅི་ལྡོག་པ་རྣམས་ཡང་དག་པ་མ་ཡིན་པ་གང་ཟག་དང་བློ་ཆོས་རྣམསུ་ཀུན་རྟོག་པར་བྱེད་ཀྱི་འདི་ལ་གང་ཟག་དང་ཆོས་ཡོད་པ་ནི་མཱ་ཡི་ནོ།། ཞེས་བཤད་པ་ཡིནོ།། ཡང་ན་སེམས་དང་སེམས་ལས་བྱུང་བ། གང་ཟག་དང་བཅས ་པའི་ཕྱིན་ཅི་ལོག་པ་རྣམས་ཀྱི་སྐྱེས་མ་ཐག་ཏུ་འཇིག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བ་ཡིན།། དེ་ཉིད་ཀྱི་ཕྱིར་མི་རྟག་པ་རྣམ་པ་ལྔ་སྟེ། མི་རྟག་པའི་རྣམ་པ་ནི་སྡུག་བསྔལ་གྱི་རྣམ་པ་འདྲེན་པར་བྱེ་དོ།། འདིས་ནི་འདུ་བྱེད་ཐད་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ནི་ཆོས་ཀྱི ་མདོ་འདི་སྟོན་ཏོ།། བདག་མྱེད་པའི་དོན་ནི་ཀུན་ཏུ་རྟོག་པ་ཙམ་གྱི་དོན་ཏཱཾ། ཞེས་བྱ་བ་འདིས་ནི་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བའི་ཆོས་ཀྱི་མདོ་འདྲི་སྟོན་ཏེ། འདི་སྐྱེད་དུ་ཀུན་ཏུ་རྟོག་པ་ཙམ་དང་ཐ་སྙད་ཙམ་ཡོད་ཀྱི་དོན་དམ་པར་ནི་ཆོས་ཐད་ཀུན ་བརྟགས་པའི་གང་ཟག་དང་ཆོས་མེད་པའི་ཕྱིར་བདག་མེད་པའོ་ཞེས་བཤད་པ་ཡིནོ།། དེ་ཉིད་ཀྱི་ཕྱིར་ཁོ་ན་ཞེས་བྱ་བའི་སྒྲས་ངེས་པར་གཟུང་བའི་ཕྱིར་ཀུན་བརྟགས་པའི་བདག་ནི་མེད་ཀྱི་ཀུན་ཏུ་རྟོག་པ་ཙམོ་ཞིག་ཡོད་པས། གང་ཟག་དང་ཆོས་མེད་པའི་དོན་ནི་བདག་མེད་པའི ་དོན་ཏོ།། ཞེས་བཤད་པ་ཡིནོ།། ཞེས་བྱ་བ་སྨོསོ།། ཞི་བའི་དོན་ནི་རྣམ་པར་རྟོག་པ་ཉེ་བར་ཞི་བའི་དོན་ཏོ།། ཡོངསུ་གྲུབ་པའི་མཚན་ཉིད་མྱ་ངན་ལས་འདས་པོ་ཡི་ནོ།། ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ནི་ཆོས་ཀྱི་མདོ་འདི་སྟོན་ཏེ། སེམས་དང ་སེམས་ལས་བྱུང་བའི་བྱིན་ཅི་ལོག་པོ་སྡུག་བསྔལ་གྱི་ངོ་བོ་ཉིད་རྣམས་སོ་སོར་བརྟགས་པས་འགོག་པའི་ཕྱིར་ཞི་བ་ནི་མྱ་ངན་ལས་འདས་པའོ་ཞེས་བྱའོ།། མི་རུང་བའི་ཕྱིར་ཞེས་བྱ་བ་ནི་འཇུག་པ་མི་རུང་བའི་ཕྱིརོ།། དེའི་མཇུག་ཐོག་སུ་འཇུག་པར་མི་འགྱུར་ཏེ། ཞེས་བྱ་བ ་ནི་དུས་གཞན་གྱི་བར་དུ་གནས་ནས། འགག་པར་འགྱུར་བའི་བར་དུའོ།། ཅིའི་ཕྱིར་ཞེ་ན། དེ་བསྟན་པར་རྒྱུན་མེད་པའི་ཕྱིརརོ་ཞེས་བྱ་བ་སྨོསསྲ་ཏེ། གནས་པའི་ངོ་བོ་ཉིད་ལ་ནི་རྒྱུན་རུང་བ་མ་ཡི་ནོ།། རྒྱུ་ལས་སྐྱེས་པའི་ཕྱིར་ཏེ་ཞེས་བྱ་བ་འདིས་ནི་སྐད་ཅིག་མ་ཉིད་དུ་སྒྲུབ་པའི་གཏོན ་གས་གཉིས་པ་ཡིནོ།། དེ་ལྟ་བས་ན་གདོན་མི་ཟ་བར་སྐད་ཅིག་རེ་རེ་ལ་སྔ་མའི་རྒྱུན་ཅན་གཞན་ཞིག་ཡོད།། ཞེས་བྱ་བ་ནི་སྐད་ཅིག་མ་དང་པོ་ནི་རྒྱུ་ཡིན་ལ་ཕྱི་མ་ན་འབྲས་བུ་ཡིན་པའི།། དུས་གཞན་ན་འགག་པ་ཉིད་ཀྱང་འགལ་བའི་ཕྱིར།། ཞེས་བྱ་བ་ནི་ལུང་དང ་ཡིད་ལ་བྱེད་པ་དང་འགལ་བ་སྟོན་ཏེ། དེ་ལ་ལུང་དང་འགལ་བ་ནི་ཆོས་ཐམས་ཅད་ནི་སྐད་ཅིག་པ་སྟེ། དུས་རེ་ཞིག་པ་ཡུན་ཐུང་གནས་བླའོ།། ཞེས་འབྱུང་བས་ཏེ། དུས་རེ་ཞིག་སྨོས་པ་ནི་སྐད་ཅིག་ཙམ་གནས་པའི་ཕྱིར་རོ།། ཡུན་ཐུང་ཞེས་བྱ་ནི་སྐད་ཅིག་མ་ལས་ཕྱིན ་ཆདུ་མི་གནས་པ་ཞེས་བྱ་བའི་ཐ་ཚི་གོ།། སྐྱེ་བ་དང་འཇིག་པ་དག་ཏུ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་དང་འགལ་བསྟེན་པ་ཡིན།། ཆི་བའི་དུས་ལ་སོགས་པ་ན་འགལ་བར་མཐོང་བ་གཞན་དག་ཇི་ལྟེ་བར།། ཞེས་བྱ་བ་ནི་ཚུས་མི་མཐུན་པའི་དཔེ་སྟེ། འོད་སྐད ་རྣལ་འབྱོར་པ་ཡིད་ལ་བྱེད་པ་ཐོབ་པ་སྐ་ཙག་རེ་རེ་ལ་སྐྱེ་བ་དང་འཇིག་པར་ལྟ་བུ་རྣམས་ཡིད་བྱུང་བ་དང་འདོད་ཆགས་དང་བྲལ་བ་རྣམ་པར་གྲོལ་བ་དག་ཏུ་འགྱུར་གྱི་གང་དག་སྐད་ཅིག་རེ་རཱི་ལ་སྐྱེ་བ་དང་འཇིག་པར་ལྟ་བ་མེད་ཅིང་ཡུན་རིང་མ་ཞིག་ན་འཆི་བར་ལྟ་བ ་དེ་དག་ནི་ཡིད་བྱུང་བ་ལ་སོགས་པར་མི་འགྱུར་རོ།། ཞེས་བཤད་པ་ཡི་ནོ།། དེའི་མཐུན་མི་འདྲ་བ་སྐྱེ་བ་ལ་རབ་ཏུ་གྲུབ། ཅེས་བྱ་བ་ནི་སྔོན་པ་ཉིད་ནི་མཚན་ཉིད་ཀྱིས་འཛག་པའི་ངང་ཅན་ཡིན་པའི་ཕྱིར་རང་ཉིད་འགགས་ལ་མེ་དང་འབྲེལ་བས་ནི་དམར་པོ་ཉིད་འགྱུར་ཏེ། འདི ་ནི་ནིམི་འདྲ་བ་སྐྱེ་བ་ཡིན།། འདི་ལྟར་དེ་དང་འབྲེལ་པ་ལས་སྔོན་པོ་ཉིད་ཀྱི་རྒྱུན་མི་འདྲ་བར་འཛིན་གྱི་རྣམ་པ་ཐམས་ཅད་མི་འཇུག་པ་ཉིད་ནི་མ་ཡིན། ཞེས་བྱ་བ་ནི་འདི་ལྟར་ལྕགས་ཀྱི་ཐུ་ལུམ་བསྲེགས་པ་སླར་སྔོན་པོ་ཉིད་འགྱུར་བ་ཡང་ལྕགས་ཀྱི་ཐུ་ལུམ་དེ་ལ་སྔོན་པོ ་ཉིད་ཀྱིས་ས་བོན་ཡོད་པས་ཡང་སྔོན་པོ་ཉི་དུ་འགྱུར་ཏེ། དེ་ལྟ་བས་ན་རྣམ་པ་ཐམས་ཅད་མི་འཇུག་པ་ཉི་དུ་རབ་ཏུ་ཤེས་པ་ནི་མ་ཡིན་ཞེས་བྱའོ།། འོན་ཏེ་ཆུ་ཤིན་ཏུ་འདུས་པ་རྣམ་པ་ཐམས་ཅད་མི་འཇུག་པ་ཉིད་མ་ཡིན་ནམ་སྙམ་དུ་སེམས་ན། དེ་དག་ཀྱང་རང་གི་རང་། ་ཁོ་ནས་འཇིག་སྟེ། མེ་ནི་དེ་དག་གི་རྒྱུན་མི་འདྲ་བ་སྐྱེ་བའི་རྒྱུ་ཡི་ནོ།། གལ་ཏེ་མེ་དང་འབྲེལ་བྱ་ལས་འཇིག་པར་གྱུར་ན་ནི་དེའི་མོད་ཁོ་ན་ལ་འགྱུརོ།། འདྲ་བའི་ཕྱིར་དེའི་བློ་འབྱུང་གི་དེ་ཡོད་པའི་ཕྱིར་ནི་མ་ཡིན།། ཞེས་བྱ་བར་ཅི་མངོན་ཞེས་བྱ་བ་ན ་གནས་པ་ནི་དེ་ཁོ་ན་བཞིན་དུ་འདུག་པའི་ཕྱི་རོ་ཞེས་བྱ་བའི་ཐ་ཚིག།། སྤྱོད་ཅིག་མ་དང་པོ་དང་ཁྱང་པར་མེད་པའི་ཕྱིར་ཞེས་བྱ་བ་ནི་གལ་ཏེ་སྨྲས་མ་ཐག་ཏུ་མི་འཇོག་གི་ཡུན་རིང་མོ་ཞིག་གནས་ནས་འཇིག། ཞེས་བྱ་བར་གཟུང་མང་ལ་གང་གིས་ན་ཁྱད་པར་ཁས ་བླངས་ན་ཁྱད་པར་འདིས་ན་ཡུནི་རིང་མོ་ཞིག་གནས་ནས་ཕྱིས་འཇིག་ཞེས་བྱ་བ་སྐད་ཅིག་མ་དང་པོ་ནས་ཁྱད་པར་འགའ་ཞིག་ཡོད་དམོ། དེས་རྗེ་སུ་ཟིན་པར་འཇུག་པའི་སྒོ་ནས་ཞེས་བྱ་བ་ནི་སེམས་ཀྱི་རྗེསུ་ཟིན་པར་འཇུག་པའི་སྒོ་ནས་ཏེ། སེམས་ཀྱིས་ཡོངས ་ཟིན་པའི་འདུ་བྱེད་རྣམས་སེམས་དེའི་རྗེ་སུ་འཇུག་པས་དེ་ལྟ་བས་ན་དེ་ནི་སེམས་ཀྱི་འབྲས་བུ་ཡིནོ།། དེ་བཞིན་དུ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་ཀྱང་གསུངས་པ་ལྟ་བུ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ནི་མིང་དང་གཟུགས་ཀྱི་བདག ་པོའི་རྐྱེན་ཏེ་རྣམ་པར་ཤེས་པའི་དབང་གིས་དེ་འགྲུབ་པའི་ཕྱིར།། དེ་ལྟ་བས་ན་སེམས་ཀྱི་འབྲས་བུ་ཞེས་བྱའོ།། ཕྱིའི་དངོས་པོ་རྣམས་ངན་པར་འགྱུར་ཞེས་བྱ་བ་ས་ཡང་ཚ་སྒོ་དང་སྡོང་དུམ་དང་ཚིར་མ་ལ་སོགས་པས་གང་བར་འགྱུར་ལ། གཟུགས་དང་སྒྲ་དང་རོ ་དང་རེག་བྱ་ལ་སོགས་པ་ངན་པར་འགྱུརརོ།། བཟློག་པ་དགེ་བ་བྱེད་པ་རྣམས་ལ་ནི་གྱ་ནོམ་བདག་ཡི་ནོ།། དང་པོ་ཞེས་བྱ་བ་ནི་དང་པོར་སྐྱེ་བ་སྟེ། འདི་ལྟར་འོག་ནས། གཟུགས་བརྙན་དུ་ནི་སྐྱེ་བ་སྟེ། ཞེས་འཆད་པར་འགྱུར་བ་ཡི་ནོ།། དང་པོར་སྐྱེ་བ་ནི་དང་པོ་ཉེ་དུ་བདག་གི ་དངོས་པོ་མངོན་པར་འགྲུབ་པ་གང་ཡིན་པའོ།། ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྒྱལ་བའི་དུས་ན་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་གང་ཡིན་པའོ།། འདོད་པ་གཞན་གྱིས་སྤྲུལ་པ་ནི་ལྷ་དག་ཅིག་སྟེ། དེ་དག་ནི་བུད་མེད་པ་གང་ལ་དགའ་བར་འདོད་པ་དེ་ལ་ར ་འདོད་པའི་གོས་དང་རྒྱན་དང་མེ་ཏོག་དང་སྒྲ་ལ་སོགས་པ་སྤྲུལ་པར་བྱེད།། བུད་མེད་དག་ཀྱང་སྐྱེས་པ་གང་ལ་དགའ་བར་འདོད་པ་དེ་ལ་དེ་ཁོ་ན་བཞིན་དུ་རང་འདོད་པའི་གོས་དང་རྒྱན་ལ་སོགས་པ་སྤྲུལ་པར་བྱེད།། དེ་ལྟར་ན་འདོད་པ་གཞན་དག་གིས་སྤྲུལ་པ་རྣམས ་ཞེས་བྱའོ།། འོད་མི་གསལ་བ་ཉིད་དུ་ནི་དེ་ལས་གཞན་དུ་སྐྱེ་བ་རྣམས་ཀྱི་གང་ཡིན་པའོ།། ཞེས་བྱ་བ་ནི་དགའ་ལྡན་དང་འཐབ་བྲལ་དང་སུམ་ཅུ་རྩ་གསུམ་པ་དང་། རྒྱལ་ཆེན་བཞི་པ་རྣམས་དང་། དེ་བཞིན་དུ་ཛམྦིའི་གླིང་ལ་སོགས་པར་མི་ཁྱད་པར་དུ་འཕགས་པ་གང ་ཡིན་པའོ།། རྒྱུ་དང་ཚད་ཀྱི་ཁྱད་པ་རེ་དང་། ཞུས་བྱ་བ་ནི་རྒྱུའི་ཁྱུད་པར་དང་ཆད་ཀྱི་ཁྱད་པར་སྟེ། ཚོད་ཀྱི་ཁྱད་པར་ནཻ་ནུར་ནུར་པོ་ལ་སྔོགས་པའི་གནས་སྐབ་སྟེ།། གལ་ཏེ་དྭེ་ཞེས་བྱ་བ་ནི་དང་པོར་སྐྱེའོ།། རྒྱུ་ཉིད་ཀྱི་ཁྱད་པར་དུ་མ་གྱུར་ན་ཞེས་བྱ་བ་ནི་རྒྱུའི་ཁྱད་པར་ལས་སྒྲ ་བ་ཁྱད་པར་ཅན་དུ་མ་གྱུར་ན་ཞེས་བྱ་བའི་ཐ་ཚི་གོ། དེ་ཉིད་ཀྱི་ཕྱིར་དེས་ན་རྒྱུ་ཁྱད་པར་མེད་པའི་ཕྱིར་འདུ་བྱེད་ཀྱི་འཇུག་པ་ཕྱི་མའི་ཁྱད་པར་ཕྱི་མ་ཕྱི་མ་དམིགས་པར་མི་འགྱུརརོ།། ཁྱད་པར་ཡོད་ན་ནི་དེའི་ཕྱི་མ་ཕྱི་མ་དག་ལས་དེ་གཞན་ཡིན་པའི་ཕྱིར།། ཞེས་བྱ་བ་ནི། ་ཁྱད་པར་ཕྱི་མི་ཕྱི་མ་དག་ལས་སྐྱེ་བ་གཞན་ཡིན་པའི་ཕྱིར་སྐད་ཅིག་མ་ཉེ་དུ་འགྲུབོ།། སྐད་ཅིག་རེ་རེ་ལ་གཞན་དུ་གྱུར་པ་མེད་པར་ཚད་ཁྱད་པར་ཡོད་པར་མི་འགྱུརརོ།། ཞེས་བྱ་བ་ནི་ནུར་ནུར་པ་དང་མར་མེར་པོ་དང་གར་གོར་བ་དང་རྐང་ལག་མ་འགྱུས་པའི་གནྡ ་སྐབ་སོ།། བརྟེན་གནས་བཞིན་དུ་དེ་ལ་བརྟེན་པ་མི་གནས་པར་ནི་རུང་བ་མ་ཡིན།། ཞེས་བྱ་བ་ནི་མི་གནས་བཞིན་དུ་མིག་རྣམ་པར་ཤེས་པ་འགྲོ་བར་ནི་རིགས་པ་མ་ཡིན་ཏེ། མིག་རྣམ་པར་ཤེས་པ་སྐད་ཅིག་མ་ཉིད་ཡིན་ལ། མིག་སྐད་ཅིག་མ་ཉིད་མ་ཡིན། ་ས་བྱ་བའི་ཐ་ཚིག།། གལ་ཏེ་འགྲོ་བ་སྐྱེས་པས་ཆོས་ཡུལ་གཞན་དུ་ཁྱེརོ་ཞེ་ན། དེས་ན་འགྲོ་བའི་དུས་ན་གང་དུ་ཡང་མ་སོང་བས། གནས་པ་ཁོ་ན་ལ་འགྲོ་བ་འཐད་པ་མ་ཡིནོ།། ཞེས་བྱ་བ་ནི་ཇི་སྐད་དུ་འགྲོ་བའི་བདག་པོ་ངོ་བོ་མ་ཐོབ་པ་དེ་སྲིད་དུ་འདུ་བྱེད་རྣམས་ལ་ཡུལ ་གཞན་དུ་འགྲོ་བའི་བྱ་བ་མེདོ་ཞེས་བཤད་པ་ཡིན།། གནས་པ་ནི་ཡུལ་གཞན་དུ་མ་ཕྱིན་པའི་ཕྱིར། འདུ་བྱེད་ཡུལ་དེ་ན་གནས་པ་བཞིན་དུ་འགྲོ་བས་ཁྱེར་ཞེས་བྱ་བ་ཇི་ལྟར་རུང་། སྐད་ཅིག་མ་ཐ་མ་ལ་ས་བོན་མེད་པ་ཉིད་རུང་བ་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་དུ་གནས་པ་ནི ་དུས་གཞན་ན་ས་བོན་མེད་པ་ཉི་དུ་མི་འཐད། གལ་ཏེ་སྐད་ཅིག་རེ་རེ་ལ་འདུ་བྱེད་རྣམས་གཞན་ཉིད་དུ་འགྱུར་ན་ནི་དེས་ན་ཉོན་མོངས་པ་སྐྱེ་བར་འདོད་པ་རྣམས་ཀྱི་ཉོན་མོངས་པ་འགག་པས་ཐ་མ་ཉིད་འགྱུརརོ།། དེ་མེད་ན་ཐ་མ་ཉིད་མི་སྲིད་པའི་ཕྱི་རོ།། ཞེས་བྱ་བ་གང་མེད་ན་སྐད ་ཅིག་རེ་རེ་ལ་འདུས་བྱས་རྣམས་གཞན་ཉིད་འགྱུར་བ་མེད་ན་སྟེ། སྐད་ཅིག་ལ་འཇིག་པའི་ངང་ཚུལ་ཅན་ཡིན་ན་ནི་དེར་འགྱུརརོ།། དེ་གཉི་ག་ལ་ཡང་སྐད་ཅིག་རེ་རོ་ལ་ཡོངསུ་འགྱུར་བ་མེད་པ་མི་འགྱུར་ཏེ་ཞེས་བྱ་བ་ལ། གཉི་ག་ནི་འཕེལ་པ་དང་འབྲི་བ་སྟེ། གལ་ཏེ་དེ་དག་འཇི ་བའི་ངང་ཅན་ཡིན་ན་ནི།། དེས་ན་ཆུ་མིག་དང་མཆེ་དང་མཚེའུ་ལ་སོགས་པ་ཡང་གང་བར་འགྱུར་ལ། དྲལ་ན་འབབ་པ་ཡང་འགྱུར་གྱི། དེ་བཞིན་དུ་གནས་པ་ལ་ནི་འབབ་པ་མིདོ།། སྐམ་པ་ཡང་དེ་ཁོ་ན་དང་འདྲ་སྟེ། གལ་ཏེ་དེ་དག་དང་པོ་ཉིད་ནས་སྐད་ཅིག་ལ་འཇིག་པའི་ངང ་ཅན་གྱི་རྣམ་པར་འཇིག་ན་ནི་དེས་ན་འགྲིབ་པར་འགྱུར་གྱི་གནས་པ་རྣམས་ལ་ནི་མ་ཡིནོ།། ཕྱིས་ཀྱང་ཁྱད་པར་གྱི་རྒྱུ་མེད་པའི་ཕྱིརོ་ཞེས་བྱ་བ་ནི་རིམ་པའི་རྒྱུ་སྐད་ཅིག་ལ་ངང་གིས་འཇིག་པ་མ་གཏོགས་པར་ཆུ་མིག་དང་མཚོ་དང་མཚེའུ་ལ་སོགས་པ་འམ་སྐམ་པའི ་ཁྱད་པར་གྱི་རྒྱུ་གཞན་ནི་མེདོ།། དུས་ཀྱི་བྱས་པ་ནི་དུས་གཞན་གྱི་བར་དུ་ཡོངསུ་གནས་པསོ།། ཞེས་བྱ་བ་ནི་དུས་གཞན་གྱི་བར་དུ་ཡོངསུ་གནས་པས་ཡུལ་དང་གནས་དང་གྲོང་དང་གོང་ཁྱེར་ལ་སོགས་པ་དགོན་པར་འགྱུར་བའོ།། ཁ་དོག་དང་དྲི་དང་རོ་དང་རེག་བྱ ་རྣམས་ནི་ལ་སོགས་པ་དང་རྒྱུ་འདྲ་བའི་ཕྱིར་དེ་ཁོ་ན་བཞིན་དུ་སྐད་ཅིག་མ་ཉི་དུ་རིག་པར་བྱའོ།། ཞེས་བྱ་བ་ནི་སྐམ་པ་དང་འཕེལ་བ་དང་རང་བཞིན་གྱིས་གཡོ་བ་དང་འཕེལ་བ་དང་འགྲིབ་པ་སྲིད་པའི་ཕྱིར་དང་། ཡོངསུ་འགྱུར་བ་བཞི་ལ་སོགས་པའི་རྒྱུས་ཏེ། འདི་ལྟར་བྱས ་བའི་གཟུགས་ནི་འབྱུང་བ་ལ་བརྟེན་པ་ཡིན་པས། ད་ལྟར་སྐམ་པ་དང་འཕེལ་བ་ལྔ་སྩོགས་པའི་རྒྱུས་འབྱུང་བ་རྣམས་སྐད་ཅིག་མ་ཉི་དུ་བསྟན་པ་ལྟར་ཁ་དོག་ལ་སོགས་པ་ཡང་དེ་ཁོ་ན་དང་འདྲ་བར་ཤེས་པར་བྱའོ།། མེ་འབྱུང་ན་མཱི་དང་ལྷན་ཅིག་བྱུང་བའི་བུད་ཤིང་དེ་ཁོ ་ན་བཞིན་དུ་གནས་པ་ནི་མེདོ།། ཞེས་བྱ་བ་ནི་མེ་འབྱུང་ན་དུད་ཤིང་འཇིག་སྟེ། བུད་ཤིང་ཞིག་པ་ལས་བྱུང་བའི་མེ་གང་ཡིན་པ་དེ་ཇི་ལྟར་བརྟན་པ་ཉི་དུ་འགྱུར་མཇུག་ཏུ་བུད་ཤིང་མེད་པ་ཡང་གནས་པས་འགྱུར་དུ་འོང་བས་བུད་ཤིང་ཚིག་པའི་མེ་ཡང་གནས་པར་ནུས་པ་མ ་ཡིནོ།། ཞེས་བྱ་བ་ལ། ཁུད་ཤིང་མེད་པའི་གནས་སྐབས་ནི་ཐལ་བའི་གནས་སྐབས་ཏེ། བདག་མེའི་གནས་སྐབས་ཀྱིས་མེ་ལ་ནི་བུད་ཤིང་ཕྲ་མོ་ཡོད།། དེ་མེད་པས་ཐལ་བར་འགྱུར་ཏེ། དེའི་མེའོ།། གལ་ཏེ་དེ་ཁོ་ན་བཞིན་དུ་གནས་པར་གྱུར་ན་རང་གི་རང་གིས་འཇིག་པས། རྣར ་འཇིག་པར་མི་འགྱུར་ཏེ། མཇུག་ཏུ་ཐལ་བར་མི་འགྱུརརོ།། ཞེས་བྱ་བའི་ཐ་ཚིགོ།། གལ་ཏེ་འདི་སྙམ་དུ་མར་མེ་ལ་སོགས་པ་ནི་དེ་དག་ལས་གཞན་པའི་འདུ་བྱེད་རྣམས་དང་མཚན་ཉིད་མི་འདྲ་བའི་ཕྱིར།། ཞེས་བྱ་བ་ནི་མར་མེ་ལ་སོགས་པ་ནི་སྐད་ཅིག་མ ་ཡིན་ལ། རི་ལ་སོགས་པ་ནི་བརྟན་པ་ཡིན་ཏེ། འདི་ནི་མི་འདྲ་བ་ཡི་ནོ།། དེ་ཉིད་ཀྱི་ཕྱིར་མར་མེ་ལ་སོགས་པ་སྐད་ཅིག་མ་ཉིད་རབ་ཏུ་གྲུབ་པ་རྣམས་སམ། དཔེར་བརྗོད་པར་བྱེད།། དེ་དག་རབ་ཏུ་གྲུབ་ན་མར་མེ་ལ་སོགས་པ་རབ་ཏུ་གྲུབ་པ་དག་གིས་རིལ་སོགས་འདུ་བྱེད ་གཞན་རབ་ཏུ་མ་གྲུབ་པ་གང་དག་ཡིན་པ་སྐད་ཅིག་མ་ཉི་དུ་སྒྲུབ་པར་བྱེདདོ།། མི་འདྲ་བ་རྣམ་པ་གཉིས་ལ་ངོ་བོ་ཉིད་མི་འདྲ་བ་ནི་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པའི་སྲ་བ་ལ་སོགས་པ་ཕན་ཚུན་རང་གི་མཚན་ཉིད་ཀྱིས་མི་འདྲ་བ་ཡི་ནོ།། འཇུག་པ་མཱི་འདྲེ་བཾ་ཞེས ་བྱ་བ་ནི་མར་མེ་ལྔ་སོགས་པའི་འཇུག་པ་ཡང་གཞན་ལ། རི་ལ་སོགས་པའི་གཞ་ནོ།། འཇུག་པ་ནི་ཚུལ་ཏེ་ཇི་ལྟར་མར་མེ་ལ་སོགས་པའི་རྒྱུན་མི་འཇུག་པ་སྐད་ཅིག་མ་ཉི་དུ་མངོན་པ་ལྟར། རི་ལ་སོགས་པའི་ནི་དེ་ལྟ་མ་ཡིནོ།། དེའི་རྒྱུན་གྱིས་ཞེས་བྱ་བ་ནི་མར་མེའི ་རྒྱུན་གྱིསོ།། སྙིང་པོ་སྐད་ཅིག་རེ་རེ་ལ་འགྱུར་བ་སྐྱེ་བའི་ཕྱིརརོ།། ཞེས་བྱ་བ་ནི་སྙིང་པོ་ཡང་སྐད་ཅིག་རེ་རེ་ལ་མར་མེ་འགྱུར་བས་སྐྱེ་བར་ཤེས།། འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ་ཞེས་བྱ་བ་ལ། མི་རྟག་པ་ནི་རྣམ་པ་གཉིས་ཏེ། མི་རྟག་པའི་དོན་མེད་པའི་དོན་ཞེ ་བྱི་བ་ནི་ཤིན་ཏུ་མེད་པའི་མི་རྟག་པ་ཉིད་ཡིན།། སྐད་ཅིག་ལ་འཇིག་པའི་དོན་ཡང་མི་རྟག་པའི་དོན་དུ་རིག་པར་བྱ་བ་ཡིན་པས། སྐད་ཅིག་ལ་འཇིག་པའི་མི་རྟག་པ་ཉིད་བསྒྲུབས་པ་ཡིན།། ད་ནི་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་གང་ཟག་ལ ་བདག་མེད་པ་སྒྲུ་བོ།། ཇི་ལྟར་མགོ་གཅིག་དུ་མ་ཡིན་པའི་སྨྲ་བ་ཡོངསུ་བཟུངས་ན་ཞེས་བྱ་བ་ནི་མགོ་གཅིག་ཏུ་གང་ཟག་ཡོད་ཞེ་འམ། མེདོ་ཞེས་སྨྲ་བ་ཡོངསུ་བཟུང་བར་མི་བྱ་སྟེ། དེའི་ཕྱིར་མགོ་གཅིག་དུ་མ་ཡིན་པའི་སྨྲ་བ་ཡོངསུ་འཛིན་པར་བྱེདདོ།། དམིགས་པ ་ཞེས་བྱ་བ་ནི་ཟློས་རྟོག་པ་ཡིན་ན། གང་ཟག་ནི་གུང་ཟག་ཏུ་སྨྲ་བ་རྣམས་ཀྱིས་བློས་མྱི་རྟོགས་པ་ཡང་མ་ཡིན་ལ། ཞེས་བྱ་བ་འདི་ནི་གང་ཟག་ཏུ་མངོན་པར་ཞེན་པའི་ཚིག་ཡིནོ།། དེ་ཉིད་ཀྱིས་ཕྱིར་མཇུག་ཐོག་སུ་བཅོམ་ལྡན་འདས་ཀྱིས་ཀྱང་མཐོང་བའི་ཆོས ་ཁོ་ན་ལྀ་བདག་ཏུ་དམིགས་ཤིང་འདོགས་པར་བྱའོ།། ཞེས་གསུངས་ན། ཇི་ལྟར་མི་དམིགས་པ་ཡིན་ཞེས་ལུང་གིས་གང་ཟག་དམིགས་པར་སྟོན་ཏོ།། གཅིག་དང་གཞན་དུ་བརྗོད་བྱ་མིན།། ཞེས་བྱ་བ་ནི་གཅིག་པ་ཉི་དུ་བརྗོད་པར་བྱ་བ་མ་ཡིནོ།། ཞེས་བྱ་བའི་ཐ ་ཆེཚིགོ།། གཞན་ཉིད་ཡིན་ན་ནི་གང་ཟག་རྫ་སུ་ཡོད་པོ་ཡིན་དུ་ཐལ་བར་འགྱུརརོ།། ཞེས་བྱ་བ་ནི་བདག་གི་རང་བཞིན་གང་ཡིན་པ་དེ་ཕུང་པོ་དག་གི་རང་བཞིན་ཡིན་པར་ཞེས་བྱ་བའི་ཐ་ཚི་གོ། གལ་ཏེ་རྫས་ཡོད་བརྗོད་མིན་པའི།། དགོངས་པ་ཡང་ནི་བརྗོད་དགོ་སྷོ།། ཞེསབྱ ་བ་ནི་ཅིའི་ཕྱིར་རྫ་སུ་ཡོད་པ་ཡང་ཡིན་ལ། བརྗོད་པར་བྱ་བ་ཡང་མ་ཡིནི་ཞེས་བྱ་བའི་དགོས་པ་བརྗོད་དགོ་སོ།། འདི་ལྟར་མེ་རླུང་གིས་ཁྱེར་བ་ནི་འབར་བ་བཞིན་དུ་བརྒྱངས་བཅད་པར་ཡང་འགྲོའོ།། ཞེས་བྱ་བ་ལ་ནི་ཞེས་སྨོས་པས་ནི་མེ་ལྷ་བཟུང་སྟེ་བུད་ཤིང་མེད ་བཞིན་དུ་རླུང་གིས་མེ་འབར་བཞིན་དུ་བརྒྱངས་བཅད་པར་འགྲོའོ།། རྣམ་པར་ཤེས་པ་འདི་ལྟ་བུར་གྱུར་ཅིག་ཅེས་བྱ་བ་དེ་ལ་བདག་པོ་ཡི་ནོ།། དེའི་རྐྱེན་ཅན་ཞེས་བྱ་བ་ནི་གང་ཟག་གི་རྐྱེན་ཅན་ཞེས་བྱ་བའི་ཐ་ཚིགོ།། ཉེས་པ་གསུམ་འབྱུང་བའི་ཕྱིར་བྱེད་པ་རང ་བྱུང་བ་ཡང་མ་ཡིན་ལ། བྱེད་པ་པོ་མ་ཡིན་པ་ལ་སོགས་པས་ཉེས་པ་འཆད་པར་འགྱུར་བ་གསུམ་པོ་དེ་ཉིད་ཀྱི་ཕྱིར་གང་ཟག་གི་རྐྱེན་ཅན་ཡང་མ་ཡིནོ།། ལྟ་སོགས་བྱེད་པ་མེད་པ་ཡིན། ཞེས་བྱ་བ་ནི་བྱེད་པ་མེད་པར་ཡང་རྐྱེན་ཚོགས་ན་མཐོང ་སོཌ་བ་འདི་ཐདུ་འགྱུར་ཏེ། གང་གི་ཕྱིར་རྐྱེན་ཚོགས་ན་འདི་ཐམས་ཅད་དུ་འགྱུར་བ་དེའི་ཕྱིར་གང་ཟག་ལེ་བྱེད་པ་མེད་པས་ལྟེ་བ་ལ་སོགས་པ་ལ་ལྔ་པ་པ་ཉིད་མེད་པ་ནས་རྣམ་པར་ཤེས་པ་པོ་ཉིད་ཀྱིས་བར་མེདོ།། འོན་ཏེ་བྱེད་པ་གང་ཟག་གི་རྐྱེན་ཅན་ཡིནོ་ཞེ་ན་ཞེ ་ས་བྱེ་དྷཱི་བ་ནི་གནས་བདུན་སྦྱིན་བྱུ་ག་ཡིན་ཏེ། པའི་བྱུ། ཞེས་བྱ་བ་ནི་ན་འི་བྱུ་ནས ་སྐྱེ་བའི་སྔན་རོལ་བྱེད་པ་སྐྱེད་པར་མ་གྱུར་པ་གང་ཡིན་པ་དེ་ནི་སྔོན་གྱི་གནས་སྐབས་ཡིནོ།། འོན་ཏེ་དེའི་ཚེ་གང་ཟག་མེད་དོ་དེས་ན་བྱེད་པ་སྐྱེད་པར་གྱུར་ཏོ།། ཞེས་ཟེར་ན། དེ་ལ་ཉེས་པ་འདིར་འགྱུར་ཏེ། ཞིག་པ་ཡང་རྐྱེན་ཉི་དུ་མི་རུང་།། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྨྲ་བ། གང ་3ཟག་མི་རྟག་མ་ཉི་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ཡང་གང་ཟག་དུ་སྨྲ་བ་རྣམས་མི་འདོད།། ལྔ་པ་ལས་ནི་བདག་ཏུ་དམིགས་པ་ལ་ཉེས་དམིགས་ལྔ་བསྟན་ཏོ།། ཞེས་བྱ་བ་ནི་གཅིག་ལས་འཕྲོས་པའི་ལུང་ལས་ཆོས་ལྔ་ལྔའི་དབང་དུ་བྱས་ནས་ཆོས་བཤད་པ་ནི ་ལྔ་བ་ཞེས་བྱ་སྟེ། བདག་ཏུ་ལྟ་བ་དང་སྲོག་དུ་ལྟ་བར་འགྱུར་ཞེས་བྱ་བར་ནི་གཅིག་ཏུ་བལྟའོ།། སྟོང་པ་ཉིད་ལ་ཡང་འདའི་སེམས་འཇུག་པར་མི་འགྱུར། དད་པར་མི་འགྱུར། ཡང་དག་པར་གནས་པར་མི་འགྱུར་མོས་པར་མི་འགྱུར་ཞེས་བྱ་བ་ཡང་གཅིག་ཏུའོ། ་བཅོམ་ལྡན་འདས་ཀྱིས་ཀུན་ཤེས་པ་དང་ལྡན་པའི་གང་ཟག་དང་། ཁུར་ཁྱོར་བཱི་གང་ཟག་དང་། དད་པ་རྗེ་སུ་འབྲང་བ་དང་། ཆོས་ཀྱི་རྗེ་སུ་འབྲང་བའི་གང་ཟག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་བར་དུ་དབྱེ་བས། གླང་ཟག་ཀྱང་དེ་དང་དེས་ལས་བཤད་ཞེས་ཟེས ་བ་ནི་བདག་ཏུ་སྨྲ་བའོ།། ཀུན་ནས་ཉོན་མོངས་པའི་ཆོས་དང་ལྡན་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་གནས་སྐབས་ན་ནི་ཀུན་ནས་ཉོན་མོངས་པའི་གང་ཟག་ཅེས་བྱ་བ་ལ། རྣམ་པར་བྱང་བའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་བྱང་བའི་གནས་སྐབས་ན་ན་རྣོར ་བྱང་བའི་གང་ཟགོ།། ཞེས་བྱ་བ་ནི་གནས་སྐབས་ཀྱི་བྱེ་བྲག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བྱེད་པ་ཡིནོ།། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་དག་ཁོ་ན་ལ་འདི་ནི་ཀུན་ནས་ཉོན་མོང་བའོ།། འདི་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་ནི། ་གཅོད་པའི་བྱེ་བྲག་ཏེ། གནས་སྐབས་ཀྱི་བྱེ་བྲག་དང་། བཅོད་པའི་བྱེ་བྲག་འདི་དག་ཐམས་ཅད་ཀྱང་ཐ་སྙད་གདགས་པའི་དོན་དུ་གང་ཟག་གི་ཐ་སྙད་ཀྱིས་སྟོན་ཏོ།། དེ་ལ་གནས་སྐབས་ཀྱི་བྱེ་བྲག་ནི་ཀུན་ནས་ཉོན་མོངས་པ་ཡང་ཆུ་ངུ་དང་། འབྲིང་པོ་དང་ཚུན་པོའི ་གནས་སྐབས་ཀྱི་བྱེ་བྲག་གིས་ཏེ། རྣམ་པར་བྱུང་བ་ཡང་དེ་ཁོ་ན་དང་འདྲའོ།། གང་ཟག་འདི་ནི་འདོད་ཆག་ཆུང་།། འདི་ནི་འདོད་ཆགས་འབྲིང་།། འདི་ནི་འདྲོད་ཆགས་ཆེན་པོ།། ཞེས་བྱ་བ་དང་། རྣམ་པོར་བྱང་བ་ལ་ཡང་གང་ཟག་འདི་ནི་ལམ་ཆུང་ངུ་ཐོབ་པའོ།། འདི་ནི་ལམ ་འབྲིང་པོ་དང་ཆེན་པོ་ཐོབ་པའོ།། ཞེས་བྱ་བ་ནི་གནས་སྐབས་ཀྱི་བྱེ་བྲག་ཡིན།། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་གིས་གཅོད་པའི་བྱེ་བྲག་ནི་གང་ཟག་གང་ཞིག་གཅིག་ཏུ་མི་དགེ་བའི་ལས་བྱེད་པ་དེ་ནི་ཀུན་ནས་ཉོན་མོངས་པ་ཡིན་པར ་གཅོད་པའི་བྱེ་བྲག་དང་གང་ཞིག་གཅིག་ཏུ་རྣམ་པར་བྱང་བའི་ལས་བྱེད་པ་དེ་ནི་རྣམ་པར་བྱང་བ་ཡིན་པར་གཅོད་པའི་བྱེ་བྲའོ།། དེ་དག་གི་འཇུག་པའི་བྱེ་བྲག་དང་། རྒྱུན་གྱི་བྱེ་བྲག་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག ་གིའོ།། འཇུག་པ་ནི་འཇུག་པ་ཡིན་ཏེ། ཐ་སྙད་པའི་གང་ཟག་གང་ཞིག་ལ་ཀུན་ནས་ཉོན་མོངས་པ་མེད་པའམ། རྣམ་པར་བྱང་བ་རབ་ཏུ་འཇུག་པའི་བྱེ་བྲག་ཡིན་ལ། རྒྱུན་གྱི་འཇུག་པ་དེ་ནི། རྒྱུན་གྱི་བྱེ་བྲག་ཡིན།། ཡོངསུ་ཤེས་པར་བྱ་བའི་ཆོས་རྣམས་ནི་ཀུན་ནས ་xxx ་ཡིན་པས་འབྲས་བུ་ལསོ་རྒྱུ་ཉེ་བར་བརྟག་པའི་ཕྱིར།། བུང་ནི་སྡུག་བསྔལ་གྱི་བདེན་པའོ།། ཁུར་ཁྱི་བཱ་ནི་ཀུན་འབྱུང་བའི་བདེན་པའོ།། བུར་འདོར་བ་ནི་རྣམ་པར་བྱང་བའོ།། ཞེས་བྱ་བ་ནི་འགོག་པ་དང་ལམ་གྱི་བདེན་པ་དག་སྟེ། ཇི་ལྟར་དེ་གཉིས་ཁུར་འདིར ་ཡིན་ཞེ་ན། འཕགས་པའི་ཤེས་རབ་ཀྱི་སྡུག་བསྔལ་ཡོངསུ་ཤེས་པའི་ཕྱིར་དང་། ཀུན་འབྱུང་སྤང་བའི་ཕྱིར།། གཟུགས་ལ་སོགས་པའི་ཕུང་པོ་ལ་ཀུན་ཤེས་པ་དང་། ལྡན་པ་ཞེས་བྱ་བ་དང་ཁུར་ཁྱེར་བ་ཞེས་བྱ་བར་ཐ་སྙད་གདགས་པས་མི་ནུས་ཀྱི་ཀུན་ནས ་ཉོན་མོངས་པ་དང་རྣམ་པར་བྱང་བའི་གང་ཟག་བཏག་ན་ཐ་སྙད་གདགས་པོར་བླ་བས་དེའི་ཕྱིར་ཐ་སྙད་ཀྱི་དོན་དུ་གང་ཟག་གདགས་པ་མཛད།། དེ་ལྟར་སྟོན་དེ་དག་དང་། རྟག་ལྡན་ཞེས་བྱ་བ་ནི་ངོ་ཚ་ཤེས་པ་ལ་སོགས་པའི་སྟོན་དང་ལྡན་པ་ཞེས་བྱ་བའི་ཐ་ཚ་གོ།། ། ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབ་ས་རྫོགསོ།། །། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་དམིགས་པ་དང་། རྣམ་པ་དང་། ངོ་བོ་ཉིད་ཀྱི་ཁྱད་པར་གྱི་སྒོ་ནས་བསླབ་པའི་ལམ་རྣམ་པ་ཐམས་ཅད་བསྟན་པ་ཡིན་ཏེ། དེ་ལྟ ་སློབ་པ་རྣམས་བསྒྲུབ་པའི་དང་རབ་ཏུ་བསྔགས་པའི་སྣརོན་དང་ལྡན་པར་འགྱུར་བས།། དེའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་འོག་ཏུ་སྟོན་གྱི་སྐབས།། དེ་ལ་སྒྲུབ་པའི་སྟོན་ནི་རྣམ་པ་གསུམ་སྟེ། རྒྱུ་མཐུན་པའི་སྟོན་དང་། བྲལ་བའི་སྟོན་དང་། སེཾན ་ལ་མངོན་དུ་ཕྱོགས་པའི་སྟོ་ནོ།། དེ་ལ་རྒྱུ་མཐུན་པའི་སྟོན་ནི། ཡུན་རོང་པོ་ནས་བསླབ་པའི་ལོམ་ལ་གོམས་པོའི་ཕྱིར། དགེ་བའི་ཚོགས་དང་ཉེ་བར་གྱུར་པའི་ལམ་ཕྱི་ཕྱིར་ཞིག་གཞན་དུ་མི་འགྱུར་བར་བསྟན་པ་དང་། ངེས་པ་དང་རིང་བར་འཇུག་པ་ཉིད ་ཡིན་ཏེ། བརྩོན་འགྲུས་རྩོམ་པ་དང་བསམ་གཏན་གྱི། བདེ་ལ་རཾ་མྱང་མེད། ཅེས་བྱ་བའི་ཚིག་སུ་བཅད་པ་འདི་གཉིས་ཀྱིས་ནི་རྒྱུ་མཐུན་པའི་སྟོན་བཤ་དོ།། བྲལ་བོའི་འབྲས་བུ་ནི་མཐོང་བ་དང་། བསྒོམ་པའི་ལམ་དག་གིས་དེ་དག་གིས་སྤང་བར་བྱ་བའི ་གནས་ངན་ལེན་སྤང་བའི་ཕྱིར་གནས་དྲི་མ་མེད་པ་ཉིད་ཡིན་ཏེ། དེ་བཞིན་གཤེགས་རིགས་སྐྱེ་བ་དང་།། ཞེས་འཆང་བར་འགྱུར་བ་འདི་ནི་མཐོང་བལླཱི་ལ་མོ།། དེ་ཡན་ཆད་ས་བརྒྱད་པ་ལ་ལུང་བསྟན་པ་ཐོབ་པ་དང་། ས་བཅུ་པ་ལ་དབང་བསྐུར་བ་ཐོབ་པ ་ཞེས་བྱ་བའི་བར་འདི་ནི་བསྒོམ་པའི་ལ་མོ།། བྱང་ཆུབ་ཐོབ་པ་ནི་སངས་རྒྱས་ཀྱིས་ལའོ།། དེ་ལྟར་སྟོན་ཕུལ་དུ་བྱུང་བ་དང་། ལྡན་པའི་ཕྱིར་ངོ་མཚར་མི་ཆེ་བའི་སྟོན་ཐོབ་པར་འགྱུརརོ།། སེམས་ཅན་ཐམས་ཅད་ལ་བདག་དང་། སེམས་མཉམ་པའི་སྐབས ་ནས། ཇི་ལྟར་བློ་ལྡན་སེམས་ཅན་ལ། ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ལྟ་བུ་ཡི་ནོ།། སེམས་མཉམ་པ་ནི་རྟག་ཏུ་དྲན་པར་བྱ་བ་ལ་རབ་ཏུ་འཇུག་སྟེ། ཕན་འདོགས་པ་ཉིད་རྣམ་པར་དབྱེ་བ་ལས། སྣོད་ཉི་དུ་ནི་བྱེད་པ་དང་། ཞེས་བྱ་བ་ལ ་སོགས་པ་ཚིག་སུ་བཅད་པ་བཅུ་དྲུག་འབྱུང་བ་ལྟ་བུ་ཡིན་ཏོ།། ཕན་འདོགས་པ་ཉིད་ཀྱི་སྟོན་འདི་ནི་སེམས་ཅན་ལ་མངོན་དུ་ཕྱོགས་པའི་སྟེན་ཡིན་པར་ཤེས་པར་བྱའོ།། ལན་དུ་ཕན་འདོགས་པ་ཡང་འད་།། ལན་དུ་ཕན་འདོགས་པ་རྣམ་པར་དབྱེ་བ་ལས། ལོང་སྤྱོད ་རྣམས་ལ་མ་ཆགས་དང་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ལྟ་བུའོ།། དེ་ལྟར་རབ་ཏུ་བརྩོན་པ་ནི་རྟག་ཏུ་དེ་དག་ལ་ཕན་པ་དང་བདེ་བར་འདོད་།། སྨོན་པ་རྣམ་པར་དབྱེ་བ་ལས།། རྟག་ཏུ་འཕེལ་དང་ཉམས་པ་དང་།། ཞེས་བྱ་བ་ལ་སོགས་པ་འཆད་པར ་འགྱུར་བ་ལྟ་བུ་ཡི་ནོ།། དེ་ལྟར་ཕན་པ་དང་བདེ་བའི་དསྣམ་པ་ཅན་ན་དེ་དག་ལ་སྦྱོར་བ་ཆུད་མི་ཟ་བར་བྱེདོ།། ཆུད་མི་ཟ་བར་ཉིད་རྣམ་པར་དབྱེ་བ་ལ།། འཇིགས་སྤང་ཡང་དག་སྐྱིད་པ་དང་།། ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ལྟ་བུ་ཡིན་ཏེ། འདི་ནི་སྒྲུབ ་བའི་སྟོན་གྱི་ཁྱད་པར་གྲོང་ནས་གོང་དུ་སྒྲུབ་པ་ཡིནོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ཕན་ཡོན་གྱི་ལྗོན་ཁྱད་པར་གྱི་སྒོ་ནས་ལུང་བསྟན་པ་འཐོབ་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ནི་མ་ཡི་ནི།། ལུང་བསྟན་པ་ནི་ཕྱིར་མི་ལྡེག་བིཥྤ་ས་ལ་གནས་པར་འགྱུརརོ།། དེ ་ལ་གནས་པ་ནི་གདོན་མི་ཟ་བར་བྱ་དགོས་པ་ལ་མི་བརྗོད་པའི་ཆོས་ཉིད་ཐོ་བོ།། དེ་ལྟར་མི་བརྗོད་པའི་ཆོས་ཅན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གདགས་པ་རྣམས་ཀྱི་ནང་དུ་འདོགས་པ་མཛོད་ཅིང་བྱ ་བ་ཐམས་ཅད་ཀྱང་ཡོང་སུ་ཉམས་པར་མི་འགྱུར་མི་ཐོབ་པ་ལས་ཡོང་སུ་ཉམས་པས་ཀྱང་ཡོང་སུ་ཉམས་པར་མི་འགྱུརརོ།། ཡོངསུ་མི་ཉམས་པ་ནི་ཟླ་བ་ཡར་གྱི་ངོ་ལ་སྐྱེ་བ་བཞིན་དུ་རྟག་ཏུ་རྒྱུན་མི་འཆད་པར་དྲག་པའི་ཆོས་རྣམས་ཀྱི་འཕེལ་བས། བྱང་ཆུབ་སེད་འཚན ་པོར་འགྱུར་གྱིས། བཅོས་མ་ནི་མ་ཡིནོ།། ཡང་དག་པའི་བྱང་ཆུབ་སེམས་དཔའི་ན་སེམས་ཅན་འདུལ་བའི་ཐབས་རྣམ་པ་ཐམས་ཅད་ཤེསོ།། དེ་ཤེས་པ་ནི་དྲི་རྣམ་པར་གཞོག་པ་ལ་མཁས་པ་འགྱུར་ཏེ། གང་དང་ཇི་ལྟར་བཙལ་བར་བྱ་བ་དེ་དག་རྣམ་པར་འཇོག་པ་བྱེདདོ།། ། ་རྣམ་པར་བཞག་པ་ལ་མཁས་པ་ནི་གདམས་ངག་ལོ་མཁས་པར་འགྱུརརོ།། གདམས་ངག་ལ་མཁས་པ་ནི་ཚད་མེད་པ་ལ་དམིགས་པའི་ཏིང་འཛིན་གྱི་རྒྱལ་པོ་ཐོབོ།། ཏོང་འཛིན་ད་ཐོབ་པ་ནི་ཆོས་བཤད་པའི་དོན་ཡོད་པར་འགྱུར་ཏེ། རྣམ་པ་སྣ་ཚོགས་ཀྱིས་བཤད་པ ་འབྲས་བུ་དང་བཅས་པར་ཡང་བྱེད། ཐེག་པ་ཆེན་པོ་ལ་ངེས་པར་འབྱུང་བར་ཡང་འགྱུར་རོ།། ཆེན་པོ་ཉི་དུ་ངེས་པར་འབྱུང་བ་ནི་ཐེག་པ་ཆེན་པོ་བསྡུ་བ་ལ་མཁས་པར་འགྱུར་ཏེ། དེ་ལྟར་ན་རྒྱུ་མཐུན་པ་དང་བྲལ་བ་དང་། སེམས་ཅན་ལ་མངོན་པར་ཕྱོགས་པའི་སྟོན་གསུམ ་བོ་འདི་དག་ནི་ངོ་མཚར་ཆེ་བ་དང་ངོ་མཚར་མི་ཆེ་བ་རབ་ཏུ་དབྱེ་བ་ནས་བཟུང་སྟེ། ཐེག་པ་ཆེན་པོ་བསྡུ་བའི་སྐབས་ཀྱི་བར་གྱི་ཤེས་པར་བྱའོ།། དེའི་འོག་ཏུ་ནི་བྱང་ཆུབ་སེམས་དཔའ་ཡོན་བསྟན་པས་རབ་ཏུ་བསྔགས་པའི་སྔོན་འཆང་བར་འགྱུརོ།། ཚིག་སུ་བཅད་པ། ་ལས། སྡོམས་པའི་ཕྱིར་ཕུན་སུམ་ཚོགས་པ་ཡོངས་གཏོང་དང་། ཞེས་བཤད་པ་གང་ཡིན་པ་འདི་ནི། ཆེད་ཀྱིས་བདུན་པར་བསྟན་པའི་ཕྱིར་བཤད་པ་ཡིན་ཏེ། སྡོམ་པའི་ཚེ་དུ་ཕུན་སུམ་ཚོགས་པ་གཏོང་བ་འདི་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་མཚར ་ཆེ་བ་ཡིན།། ལུས་དྲང་སྲོག་ལ་མི་ལྟ་བར་བརྩོན་འགྲུས་རྩོམ་པ་གང་ཡིན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ཕྱུ་ལ་ངོ་མཚར་ཚ་བ་ཡིན།། འདོད་ཆགས་དང་བྲལྟ་བ་ལ་བརྟེན་ནས་སྦྱིན་པ་ལ་སྦྱོར་བ་ངོ་མཚར་མི་ཆེའོ།། ཞེས་བྱ་བ་ནི་བྱང་ཆུབ ་སེམས་དངོས་པོ་སྐང་སྟོང་རི་བ་གླང་ཡིན་པ་དེ་ལ་འདོད་ཆགས་དང་བྲལ་བ་བསྐྱེད་ནུས་ཡོང་སུ་གཏོང་ཞེས་བྱ་བ་འདི་ནི་ངོ་མཚར་མི་ཆེའོ།། སྙིང་དྷ་ནི་སྡུག་བསྔལ་དང་བྲལ་བའི་རྣམ་པ་ཡིན་ཏེ། སྙིང་རྗེ་ལ་བཛིན་ནས་བྱང་ཆུབ་སེམས་དཔའ་རྣམས་གཞན་ལ་སྡུག་བསྔ་སྟེ། ་བསྐྱེད་པར་མི་བྱེད།། ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་མཚར་མི་ཆེའོ།། སྙིང་རྗེ་བ་ཡང་གཞན་དག་ལས་ལུས་དང་ངག་གི་མི་འདོད་པ་བྱུང་བ་ཐམས་ཅད་བཟོད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་མཚར་མི་ཆེའོ།། སེམས་མཉམ་པ་ཉིད་ཀྱང ་བསློབ་པའི་ཕན་ཡོན་པ་ཁོ་ན་ཏེ། སེམས་ཅན་རྣམས་ནི་བདག་ཉིད་ལ་སོགས་པ་ལ་བྱམས་པ་མཉམ་པ་ཉིད་དང་། ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་བདག་ཉིད་ལ་བྱམས་པ་ཡང་གཞན་དུ་ཡིན་ལ། བུ་དང་བཻ་ཤེས་དང་ཆུང་ལ་སོགས་པ་ལ་ཡང་གཞན་དུ་ཡིན་ཐས། ་གཏན་དུ་ཡང་ན་ཡིན་ཞེས་བྱ་བ་དེ་བསྟན་པའི་ཕྱིར་འདི་ལྟར་རིས་འགའ་བདག་ཉིད་ཀྱང་གསོད་པར་བྱེད།། ཞེས་བྱ་བ་སྨོསོ།། ཚུལ་ཁྲིམས་ལ་ནི་རྟག་ཏུ་ཕྲ་རབ་ཙམ་ཡང་མི་ཉམས་པའི་ཕྱིར།། ཞེས་བྱ་བ་ནི་ཇི་ལྟར་རང་བཞིན་གྱིས་ཁཱ་ན་མ་ཐོ་བའི་བསླབ་པའི ་གཞི་འདྲལ་བར་མི་བྱེད་པ་ལྟར་བཅད་པའི་ཁ་ན་མོ་ཐོ་བ་རྩཝ་གཅོད་པ་ལ་སོགས་པ་ཡང་དེ་དང་འདྲ་སྟེ། དེ་ལྟར་ན་མཉམ་པ་ཉིད་ཡིན།། དར་དང་གཞན་གྱི་དོན་དང་དགེ་པ་ཐམས་ཅད་ཀྱི་དོན་དུ་མཉམ་པར་སྦྱོར་བའི་ཕྱིར་ཞེས་བྱ་བ་ནི་བརྩོན་འགྲུས་དང་སྦྱོར། ་ལྔ་མངོན་པར་ཕྱོགས་པའི་ཡོན་ནི་མ་ལ་སོགས་པ་དང་འདྲ་བ་ཉིད་ཀྱིས་སྟོན་པར་བྱའོ།། སྔོ་ན་འཛིན་པར་བྱེད་ཅེས་བྱ་བ་ནི་ལྟོ་ན་འཛིན་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། ལྟོ་ཡང་ཁ་ཅིག་དུ་ཁོང་ཞེས་བྱ་བའི་སྒྲར་བརྗོད།། བསམ་པ་ནི་ཁྱོང་ལྟ་བུ་ཏེ། བསམ་པ་མཱ། ་ཞིང་མཚུང་བས་སེམས་ཅན་ལ་འཛིན་པར་བྱེད་པས་ན། བསམ་པ་མཉམ་པས་སེམས་ཅན་རྣམས་འཛིན་པར་བྱེད་ཅེས་བྱའོ།། འཕགསོ་བའི་ས་ན་འཕགས་པ་ཆོས་ཡིན་ཞེས་བྱ་བ་ནི་ཟག་པ་མེད་པའི་ཆོས་ཏེ། ཉན་ཐོས་རྣམས་ཀྱི་ནི་འཇིག་རྟེན་པའི་ཆོས་ཀྱི ་མཆོག་གི་རྗེས་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་སློབ་པ་དང་མི་སློབ་པའི་ལམ་དང་། དེ་དག་གིས་ཐོབ་པར་བྱ་བ་སོ་སོར་བརྟག་པའི་འགོག་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དང་པོ་ཐོབ་པའི་དུས་ནས་བཟུང་སྟེ། རྣམ་པར་མི་རྟོག ་བའི་ཡེ་ཤེས་དང་། དེའི་སྤྱོད་ཡུལ་དང་། དེ་བཞིན་ཉིད།། མཐུན་པར་བྱེད། གསོ་བར་བྱེད། ཀུན་ཏུ་སྐྱེད་པར་བྱེད་ཅེས་བྱ་བ་ནི་ལས་གཅིག་སྟེ།། མཐུན་པ་ནི་ནུ་མ་མཐུན་པའོ།། གསོ་པོ་ནི་ཞུན་མར་དང་མར་དཀར་ལ་སོགས་པས་གས་པ་གང་ཡིན་པའོ།། ཀུན་ཏུ་སྐྱེད་པར ་བྱེད་པ་ནི་བྱིས་པ་ལ་སྐུ་མོ་ཉེ་ལ་སོགས་པས་ཡན་ལག་དང་ཉིང་ལག་རྣམས་བསྐྱོད་པ་གང་ཡིན་པའོ།། བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་རྣམས་བཟའ་བ་དང་བཏུང་བ་ལ་སོགས་པ་བསྡུ་བའི་དངོས་པོ་བཞིས་བསྡུས་ན་གསོག་ཏེ། འཇིག་རྟེན་དང་འཇིག་རྟེ ་ལས་འདས་པའི་དགེ་བོའི་ཆོས་རྣམས་ཀྱི་ཀུན་ཏུ་སྐྱེད་པར་བྱེ།། ཤེས་གཉེན་དོམ་བདག་ལ་འདོམས་པར་བྱེད་ཅེས་བྱ་བ་ནི། སངས་རྒྱས་ལ་གསོལ་བ་འདེབས་པའི་སྒོ་ནས་ཏེ། བཤེས་གཉེན་དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ་སོ།། ་ཉེན་མེད་པ་བྱེད་ཅེས་བྱ་བ་ནི་སྒྲིབ་པ་སྦྱོང་བའི་ཕྱིརརོ།། འོས་པ་མ་ཡིན་པ་དག་ལ་ཟབ་མོ་བཤད་པ་གསང་བའི་ཕྱིརརོ།། ཞེས་བྱ་བ་ནི་ཐོབ་པ་ཉུང་ངུ་ནི་ཆོས་ཟབ་མོ་བཤད་པར་འོས་པ་མ་ཡིནོ།། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ནི་བདེ་བ་སྟེ། ཞེས་བྱ ་ནི་འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་ཚངས་པ་ཉིད་ལ་སོགས་པ་ཡོངསུ་བསྡུས་པ་དེ་ནི་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ཡིནོ།། བྱང་ཆུབ་སེམས་དཔའ་སྙིང་རྗེ་བའི་བསམ་པས་ཡོངསུ་ཟིན་པ་རྣམས་ནི་སྐྱོ་བ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་བྱ་བ་ལ ་མི་ཕྱོགས་པར་འ་གྱུརརོ།། བྱང་ཆུབ་སེམས་དཔའ་རྣམས་ནི་བྲན་ལྟ་བུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པའི་ངེས་པར་འབྱུང་བ་སྨྲ་བ་ཉིད་ཀྱིས་མི་སླུ་བ་ཡི་ནོ།། ཕུན་སུམ་ཚོགས་པ་ཉིད་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡིན་ཞེས་བྱ་བ་ནི་བྱ ་ཆུ་བོ་སེམས་དཔའ་རྣམས་ཕུན་སུམ་ཚོགས་པ་ཉིད་སྦྱིན་པར་བྱེད་པ་ཉིད་ཀྱིས་བཟོ་བ་ཡིན་ཏེ། སེམས་ཅན་རྣམས་ཀྱིས་ཐམས་ཅད་པའི་ཕྱིར།། བདག་ཉིད་ལེགས་པར་བསླབ་པ་ཡིན་ཞེས་བྱ་བ་ནི་ས་བརྒྱད་པོ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་མངོན་པར་འདུ་བྱེད་པ་སྟེ ་བའི་ལམ་ཐོབ་པའི་ཕྱིར།། རྣལ་འབྱོར་གྲུབ་པར་སྦྱོར་བ་དང་། ཞེས་བྱ་བ་ལ། རྣལ་འབྱོར་གྲུབ་པ་ནི་ཞི་གནས་དང་ལྷག་ཐོང་གི་རྣལ་འབྱོར་སྟེ། ཉན་ཐོས་སམ་བྱང་ཆུབ་སེམས་དཔའ་ལས་དང་པོ་བས། ཞི་གནས་ལྷག་མཐོང་ལ་ཇི་ལྟར་སྦྱར་བར་བྱ་བའི་སྦྱོར་བ་དེ་སྟོན་པའི་ཕྱིར ་བྱང་ཆུབ་སེམས་དཔའ་རྣམས་ནི་རྣལ་འབྱོར་གྲུབ་པ་སྟོན་པར་བྱེད་པ་ཞེས་བྱའོ།། ངེས་པའི་རང་བཞིན་ཅན་ནི་ཚིག་སྙན་པ་སྦྱིན་པ་ལ་སོགས་པས་ཁྲེ་ཉེར་དང་བྲལ་བ་ཡིན།། བྱང་ཆུབ་སེམས་དཔའ་ཤིན་ཏུ་བརྩོན་པ་རྣམས་ནི་ཚོགས་ཐམས་ཅད་ཡོང་སུ་རྫོགས་པར ་ཚོགས་རྫོགས་པ་ནི་རབ་ཏུ་བྱུང་བ་དང་ཆོས་མཐུན་པ་ཡིནོ།། ཚོགས་བསགས་མྱུར་དུ་གྲོལ་བར་བྱེད་ཅེས་བྱ་བ་ནི་བསྙེན་པར་རྫོགས་པ་དང་ཆོས་མཐུན་པ་ཡིན་ཏེ། གང་ཟག་བསྙེན་པར་རྫོགས་པ་ནི་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་བསྲུང་བའི་སྒོ་ནས་བྱ་བ ་ཡིན་པའི་ཆོས་དག་ལས་གྲོལ་བར་འགྱུར་བས། དེའི་ཕྱིར་ཚོགས་བསགས་པ་དག་ལས་གྲོལ་བར་འགྱུར་བསོ།། དེའི་ཕྱིར་ཚོགས་བསགས་པ་དག་མྱུར་དུ་གྲོལ་བར་བྱེད་པ་ཤེས་པའོ།། སྦྱོར་བ་ཆུད་མི་ཟ་བ་ཉིད་རྣམ་པར་དབྱེ་བའི་ཚོགསུ་བཅད་པ་ཞེས་བྱ་བ་ནི་སྐྲག ་པ་སྤང་བ་ལ་སོགས་པའི་དོན་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཆུད་མི་ཟ་བ་ཡིན།། ང་རྒྱལ་ནི་བཟོད་པའི་ཡོངསུ་ཉམས་པར་འགྱུར་བའི་སྐལ་པོ་ནྡན་གྱི་ཆོས་ཡིན།། ཞེས་བྱ་བ་ནི་ང་རྒྱལ་གྱི་མི་བཟོད་པའི་ཕྱིར།། བཅོསུ་མའི་སྟོན་རྣམ་པར་དབྱེ། ་བའི་ཚིགསུ་བཅད་པ་ཞེས་བྱ་བ་ནི་སྤྲུལ་པ་ལ་སོགས་པ་སྒྲུབ་པ་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོན་བཅོས་མ་ཡིན་ལ། དེ་དག་ཉིད་སྒྲུབ་པ་དང་ལྡན་པ་ནི་ཡང་དག་པའི་སྐྱོན་ཡིནོ།། བྱང་ཆུབ་ཏུ་ལུང་སྟོན་པ་ཞེས་བྱ་བ་ནི་གང་གི་ཚེ་བྱང་ཆུབ་སེམས་དང ་ངག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་པ་ཡིན།། ལུང་སྟོན་པ་ལུང་སྟོན་པ་ཞེས་བྱ་བ་ནི་ཉིད་ལུང་མི་སྟོན་གྱི་གཞན་འདི་སྐད་དུ་ལུང་སྟེན་ཏོ།། ཞེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར། འདིས་དུས་ཆེ་ག་མ ་ཞིག་ན་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བས་ལུང་སྟོན་པར་འགྱུར་རོ།། ཞེས་བྱ་བ་སྨོས།། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ལུང་བསྟན་ནས་ང་རྒྱལ་སྤོང་བ་དང་མཚན་མའི་རྩོལ་བ་ཐམས་ཅད་སྤངས་པར་འགྱུརརོ།། དེའི་ཕྱིར་མི་སྐྱེ་བཟོད་པ་ཐོབ་པ་ཡིས། ་རྒྱལ་དང་རྩོལ་བ་སྤངས་པའི་སྒོ་ནས་ལུང་བསྟན་པ་ཞེས་བྱའོ།། ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་སྤྱོད་པས་ཕུན་སུམ་ཚོགས་པ་དང་སྐྱེ་བ་ལ་སོགས་པ་ལ་གདོན་མི་ཟ་བར་འགྱུར་བའི་ངེས་པར་འགྱུར་བའོ།། རྟག་ཏུ་ལྷུན་གྱིས་གྲུབ་པར་རྣ ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གནས་པའི་ཕྱིརརོ།། ཞེས་བྱ་བ་ནི་ས་བརྒྱད་པ་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པས་ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་གནས་པར་འགྱུརརོ།། རྟག་ཏུ་བྱ་བ་ནི་ཉིད་ཡིན ་གྱི་གདོན་མི་ཟ་བར་བྱ་དགོས་པ་ནི་རྟག་པར་རྒྱུན་ཆགསུ་གོ་དོན་མི་ཟ་བར་བྱ་དགོས་པ་མ་ཡིནོ།། འདོད་པའི་ཉེས་དམིགས་ཤེས་པ་དང་།། ཞེས་བྱ་བ་ལ་གཟུགས་ལ་སོགས་པའི་ཡུལ་རྣམས་ནི་འདོད་པར་བྱེད་པས་འདོད་པས་དག་སྟེ། དེ་དག་ནི་རུས་གང ་གི་དུམ་བུ་དང་། ཤའི་ཁམ་ཚད་ལ་སོགས་པ་ལྟ་བུ་དང་ཆོས་མཐུན་པ་དང་ལྡན་པའི་ཕྱིར་ཉེས་དམིགས་དང་བཅས་པ་ཡིན།། བྱང་ཆུབ་སེམས་དཔའ་ནི་ཉིས་དམིགས་དང་བཅས་པའི་ཤེས་པ་སྐྱེད་པོས་གནས་སྐབས་གང་དུ་ཡང་ནམ་ཡང ་འདོད་པ་རྣམས་ལ་ཆགས་པར་མི་འགྱུར་བས་འདོད་པ་རྣམས་ལ་ཉེས་དམིག་སུ་ལྟ་བོ་ཞེས་བྱའོ།། བདེ་ལ་རེ་མྱང་མེད་ཉིད་དང་། ཞེས་བྱ་བ་ནི་བསམ་གཏན་དག་ལ་རོ་མྱང་བར་མི་བྱེད་པ་ཉིད་ཡིནོ།། སོ་སོ་ཐར་པའི་སྡོམ་པས་བསྡུས་པ་དང་། བསམ ་གཏན་གྱི་སྡོམས་པས་བསྡུས་པའི་ཚུལ་ཁྲིམས་གང་དག་ཡིན་པ་དེ་དག་པས་ན་ཟག་པ་མེད་པའི་སྡོམ་པས་བསྡུས་པའི་ཚུལ་ཁྲི་མོས་གཙོ་བོ་ཡིན།། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། གནོད་པར་བྱེད་པ་དང་དུ་ལེན་པའི་བཟོད་པ་དང ་ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་ཡང་། སྒྲའི་རྗེསུ་འགྲོ་བའི་བཟོད་པ་གང་ཡིན་པ་དེ་རྣམས་ནི་དེ་ཁོ་ནའི་དོན་གྱི་ཕྱོགས་གཅིག་གི་རྗེ་སུ་ཞུགས་པ་དང་། ལྡན་པའི་ཏིང་འཛིན་དྲང་མཚུངས་པར་ལྡན་པའི་བཟོད་པ་གང་ཡིན་པ་འདི་དག་གཙོ་བྲེ་ཡི་ནོ།། རྒྱོ། ་གདགས་པ་རྣམ་པར་བཞག་པ་དང་། བདེན་པ་དང་རིག་པ་དང་ཐེག་པ་དང་གདགས་པ་རྣམ་པར་བཞག་པ་ཞེས་བྱ་བ་ལ། མདོའི་སྡེ་དང་དབྱིངས་ཀྱི་བསྙད་པའི་སྡེ་ལ་སོགས་པའི་རྣམ་པའི་བྱེ་བྲག་གིས་རིག་པའི་གནས་ལྷ་རྣམ་པར་བཞག་པ་ནི་ཆོས་རྣར ་བཞག་པ་ཡིན་པར་རིག་པར་བྱའོ།། དེ་ལས་གཞན་པའི་རིགས་པའི་གནས་རྣམས་ནི་དེའི་ཁོངསུ་འདུས་པ་ཁོ་ན་སྟེ། ཐོག་པ་ཆེན་པོ་ལྔས་བྱང་ཆུབ་སེམས་དཔའ་རྣམས་ལ་བཤ་དོ།། ཞེས་བྱ་བ་ནི་ནང་རིག་པ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། རིག་པའི་གནས་གཞ ་བཞི་པོ་གསོ་བ་དང་། གཏན་ཚོགས་དང་སྒྲ་དང་། བཛྲའི་ལྔས་ཀྱིས་རིགས་པའི་གནས་རྣམས་ནི་དེརོ་ཁོངསུ་འདུས་པ་ཡིན།། འཇུག་པའི་དྲི་བཞིན་ཉིད་ཅེས་བྱ་བ་ལ་འཇུག་པའི་ངོ་བོ་ཉིད་ནི་འཁོར་བ་སྟེ། འདི་ནི་འཁོར་བའི་བདེན་པ་ཡི་ནོ།། དེའི་ངོ་བོ་ནི་དེ་བཞིན་ཉིད།། ་འདི་ལྟ་སྟེ་འཇུག་པའི་ངོ་བོ་ཉིད་ཕྱིན་ཅི་མོ་ལོག་པ་ཉིད་ཡིན།། མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་ངོ་བོ་ཉིད་གསུམོ།། རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་རྣམ་པར་རིག་པཙོ་མོ་ཞེས་བྱ་བ་ལྟ་སྟེ། འདི་ལྟ་སྟེ་ཆོས་ཐམས་ཅད་ནི ་པར་རིག་པ་ཙ་མོ་ཞེས་བྱ་བ་འདི་ནི་འདིར་བདེན་ཞིང་ཕྱིན་ཅི་མ་ལོག་པ་ཡིན།། གནས་པའི་དེ་བཞིན་ཉིད་ནི་སྡུག་བསྔལ་གྱི་བདེན་པའོ།། ལོག་པར་སྒྲུབ་པའི་དེ་བཞིན་ཉིད་ནི་ཀུན་འབྱུང་གི་བདེན་པ་སྟེ། ལས་དང་ཉོན་མོངས་པའི་མཚན་ཉིད་ཀྱི་ཀུན་འབྱུང་བའི ་བདེན་པའོ།། ལོག་པར་སྒྲུབ་པ་ནི་ཉོན་མོངས་པ་རྣམས་དང་། དེ་དག་གི་རབ་ཏུ་བཅུག་པའི་ལས་དེ། འདི་ལྟ་སྟེ། ལོག་པར་བསྒྲུབ་པ་འདི་ནི་ཀུན་འབྱུང་བའི་བདེན་པ་དེ་བཞིན་ཉིད་ཕྱིན་ཅི་ལོག་པ་ཡི་ནོ།། རྣམ་པར་དག་པའི་དེ་བཞིན་ཉིད་ནི་འགྲོ། ་བའི་བདེན་པ་སྟེ། རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་འགོག་པའི་བདེན་པའོ།། འདི་ནི་འདྲིའི་ཕྱིན་ཅི་མ་ལོག་པ་ཡིན་སྟེ། དེ་བཞིན་ཉིད་ཀྱི་དམིགས་པ་དེར་སྡུག་བསྔལ་རྒྱུ་དང་བཅས་པ་འགོག་པའི་ཕྱིར།། ཡང་དག་པའི་སྒྲུབ་པའི་དེ་བཞིན་ཉིད་ནི་ལམ་གྱི་བདེན་པ ་འདིས་འཕགས་པ་རྣམས་ཐར་པ་སྒྲུབ་པའི་ཕྱིར་འདི་ནི་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་ཡོནོ།། དེ་ལ་ལྟོས་ནས་རྐྱེན་དེས་འཇིག་རྟེན་ལས་འདས་པའི་ཡང་དྲག་པོའི་ལྟེ་བ་སྐྱེད་པའི་ཕྱིརརོ།། ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་མེད་པ་ལྟོས་ནས་ཡང་དག་པའི་ལྟ་བ་སྐྱེད ་པ་ཡི་ནོ།། བྱ་བ་བྱེད་པའི་རིག་པ་ནི་ཡང་དག་པོའི་ལྟ་བ་འབྲས་བུ་དང་བཅས་པའོ་ཞེས་བྱ་བ་ལ། ཡང་དག་པའི་ལྟོ་བའི་བྱ་བ་བྱེད་པ་འདི་ལྟ་སྟེ་རྗེ་སུ་མཐུན་པའི་འབྲས་བུ་སྒྲུབ་པ་འདི་ཡི་ནོ།། དེའི་འབྲས་བུ་གང་ཞིག་ཅེ་ན། རྣམ་དཀྲོལ་བ་ཡིནོ།། འཐད་པ་སྒྲུབ་བཱིའི ་པ་ནི་མངོན་སུམཽ་ལ་སོགས་པའི་ཚད་མས་ཡོངསུ་རྟོག་པའོ་ཞེས་བྱ་བ་ནི་མིག་ལ་སོགས་པས་གཟུགས་ལ་སོགས་པོ་དང་། དུ་བས་མེ་དང་བྱས་པ་ཉིད་ལ་སོགས་པས་སྒྲ་མི་རྟག་པར་ཡོངསུ་རྟོག་པ་གང་ཡིན་པ་འདི་ནི། འམད་པ་ཁོ་ན་ཡིནོ།། བསམ་པ་ཇི་ལྟ་བ ་དང་འདོད་པ་ཇི་ལྟར་བར་ཆོས་བཤད་པ་ཡིནོ་ཞེས་བྱ་བ་ནི་གདུལ་བ་རྣམས་ཀྱི་བསམ་པ་དམན་པ་དང་། འབྲིང་དང་། མཆོག་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་ཤེས་ནས་ཆོས་འཆད་པ་ཡི་ནོ།། དེ་གཉིས་འབྲེལ་པ་ལ་ཞེས་བྱ་བ་ནི།། རྗོད་པ་དང་བརྗོད་པར་བྱ་བ་འབྲེལ་པ ་ལ་སྟེ། རྗོད་པ་ནི་མི་།། བརྗོད་པར་བྱ་བ་ནི་དངོས་པོའོ།། དེ་དག་འབྲེལ་པ་ནི་དེ་གཉིས་འབྲེལ་པའོ།། ངོ་བོ་ཉིད་འདོགས་པ་ནི། གཟུགས་ནི་གཟུགསུ་རུང་བའི་མཚན་ཉིད།། ཚོར་བ་ནི་ཉམ་སུ་མྱོང་བའི་རྭ་ཚན་ཉིད།། ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ།། ཁྱད་པར་འདོགས་པ ་ཡོངསུ་ཚོལ་བ་ནི་གཟུགས་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་འདོགས་པར་གཏོགས་པ་དང་འདུས་བྱས་དང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ་ཞེས་བྱ་བ་ལྟ་བུ་སྟེ། ཚོར་བ་ལ་སོགས་བ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། ངོ་བོ་ཉིད་དང ་ཁྱད་པར་འདོགས་པ་ཡོང་སུ་ཚོལ་བ་གང་ཡིན་པའོ།། དེ་ལ་རྟེན་རྒྱུ་མཚན་ནི། སྣོད་ཀྱི་འཇིག་རྟེནོ་ཞེས་བྱ་བ་ནི་དྲ་ནི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་མཚན་དམིགས་པ་ཡིནོ་ཞེས་བྱ་བའི་ཐ་ཚིག་ཏེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་གནས་རྣམ་པར་རིག ་འབྱུང་བ་ཡིན།། ལོངས་སྤྱོད་ཀྱི་རྒྱུ་མཚན་ནི་གཟུགས་ལ་སོགས་པའི་ཡུལ་ལྔའོ།། ཞེས་བྱ་བ་ལྔ། ལོངས་སྤྱོད་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དྲུག། དེ་དག་གི་རྒྱུ་མཚན་ཏེ་དམིགས་པ་ནི། གཟུགས་ལ་སོགས་པའི་ཡུལ་རྣམས་ཡིན།། ་ས་བོན་རྒྱུ་མཚན་ནི་དེ་དག་གིས་ས་བོན་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བཤད་མ་ཐག་པ་རྣམས་ཀྱི་ས་བོན་འཇོག་པ་དང་ལྡན་པའི་ཕྱིརརོ།། རྒྱུ་མཚན་ཞེས་བྱ་བའི་སྒྲ་ནི་རྟེན་རྒྱུ་མཚན་དང་ལོངས་སྤྱོད་རྒྱུ་མཚན་དང་ས ་བོན་རྒྱུ་མཚན་ཞེས་རེར་ལ་སྦྱར་བར་བྱའོ།། དེ་ལ་རྟེན་ཉིད་རྒྱུ་མཚན་ཡིན་པས་ན་རྟེན་རྒྱུ་མཚན་ཏེ་ལས་འཛིན་པར་ཚིག་བསྡུའོ།། ལོངས་སྤྱོད་ཀྱི་རྒྱུ་མཚན་ཡིན་པས་ན་ལོངས་སྤྱོད་རྒྱུ་མཚན་ཏེ། དེའི་སྐྱེས་བུར་ཚིག་བསྡུའོ།། ས་བོན་ཉིད་རྒྱུ་མཚན་ཡོ་ན་པས་ན་ས་ཟོ ་རྒྱུ་མཚན།། ཛྙཱན་ནི་མིག་ལ་སོགས་པ་ཡིན་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལྔའི་སྟེན་ནི་མིག་ལ་སོགས་པའོ།། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཉོན་མོངས་པ་ཅན་གྱི་ཡོད།། བདག་ཉིད་འདུག་པ་ནི་ས་དང་ཀ་བ་དང་བུམ་པ་ལ་སོགས ་པ་གང་ཡིན་པའོ།། དེ་ལྟར་མི་རྟོག་པའི་རིམ་པ་དེ་ལྟ་བུས་ཤེས་བརྗོད་པར་བྱ་སྟེ། ཞེས་བྱ་བ་ནི་ཐམས་ཅད་ལ་མི་རྟོག་པའི་རྣལ་འབྱོར་གྱི་བྱང་ཆུབ་སེམས་མཆོག་ཐོབོ།། རིམ་གྱིས་བསྒོམ་པར་བྱེད་པ་རྣལ་འབྱོར་གྱི་བྱང་ཆུབ་ཀྱིས་མཆོག་ཐོ་བོ་ཞེས་བྱ ་པ་སྟེ། དེ་ནི་འདི་སྐད་དུ་རྟེན་དང་ལོངས་སྤྱོད་དང་སྔ་བོན་ལ་སོགས་པའི་འཆིང་པོ་ཡོངསུ་ཤེས་པར་བྱས་ནས་མདུན་དུ་བཞག་ལ་སོགས་པའི་རིམ་གྱིས་ཐར་པ་ལ་འཇུག་པ་དེ་ལྟར་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་ཡིནོ་ཞེས་བྱ་བར་སྦྱར ་མཚན་མའི་གཉེན་པོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་ཐོབ་པས་མཚན་པ་ཐམས་ཅད་དང་བྲལ་བར་འགྱུར།། སྔར་ནི་བཞག་པ་རུས་གོང་ལ་སོགས་པའི་མཚན་མ་མི་མཐོང་ལ། ཕྱིས་ནི་བདག་ཉིད་འདུག་པ་ཀ་བ་དྲང་བུམ་པ་ལ་སོགས་པ་སྟེ། འོད ་སྐདུ། ཇི་ལྟར་རུས་པའི་རུས་གོང་ལ་སོགས་པ་དམིགས་པ་ཉི་དུ་ཡོངསུ་མ་གྲུབ་ཀྱི་རང་གི་སེམས་འདི་ཉིད་རུས་གོང་ལ་སོགས་པ་ཉི་དུ་སྣང་བ་ལྟར་ཀྲ་བ་དང་བུམ་པ་ལ་སོགས་པ་ཡུད་དེ་དང་འདྲའོ།། ཞེས་བཤད་པ་ཡི་ནོ།། དེ་ཟད་བྱེད་པར་ཞེས་བྱ ་བ་ནི་རྒྱུ་མཚན་གྱིས་བདུན་པ་ཡིན་ཏེ། ཟད་པར་བྱེད་ཅིང་དེ་ཟད་པར་བྱེད་པའི་ཆ་ཡིན།། རྣམ་པ་ཐ་དད་པ་མེད་པ་སྒོམས་པ་ནི་མཚན་མ་དང་དེ་བཞིན་ཉིད་དག་ཐ་མི་དད་པ་ཉི་དུ་ཐོབ་པའི་ཕྱིར་ཞེས་བྱ་བ་མཚན་མའི་ངོ་བོ་ཉིད་ནི་འཁོར་བ་སྟེ། བྱང་ཆུབ་སདདེ།། ་རྣམས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་མཚན་མ་དང་དེ་བཞིན་ཉིད་དག་ལ་ཐུ་དད་པ་ཉི་དུ་མི་ལྟའོ།། དེ་ཉིད་ཀྱི་ཕྱིར་མཇུག་ཐོག་སུ། བྱིས་པ་ཡང་དག་ཉིད་བསྒྲིབ་ནས།། ཡང་དག་མ་ཡིན་ཀུན་ཏུ་སྣང་།། ཞེས་བྱ་བ་ལ་སོགས་པ་འཆད་པར ་འགྱུར་རོ།། དེ་དག་མཚན་མ་མེད་པ་དག་ཐ་དད་པ་ཉི་དུ་མཐོང་བས། ཞེས་བྱ་བས་ནི་ཉན་ཐོས་རྣམསོ།། ཇི་ལྟར་ཐ་དད་པ་ཉིད་མཐོང་ཞེ་ན། མཚན་མའི་རང་བཞིན་འཁོར་བས་སྟེ། དེ་ལ་ནི་མ་ཞི་བ་ཉིད་རྟོག། མཚན་མ་མེད་པ་ནི་མྱ་ངན་ལས་འདས་པསྲ་ཏེ། དེ་ལ་ནི་ཞི་བ ་ཉི་དུ་རྟོག།། རྣམ་པར་རྟོག་པ་ཇི་ལྟ་བ་བཞིན་དུ་དོན་ཐ~ཾད་འགྲུབ་པར་འགྱུར་རོ།། གཞན་དང་གཞན་འབྱུང་བ་ནི་དེ་བཞིན་ཉིད་འདི་ཡིན།། ཞེས་བྱ་བ་ནི་ས་དང་རི་ལ་སོགས་པ་སྟེ། ཇི་སྲིདདུ་སྣོད་ཀྱི་འཇིག་རྟེན་སྐད་ཅིག་འཇིག་པས་རྣམ་པར་རིག་པ་ཙམ་ཉི་དུ་མ་མཐོང་བ་དེ ་སྲི།། ཕྱིན་ཅི་ལོག་ཏུ་གྱུར་པའི་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པར་མི་འགྱུར།། གཞན་དང་གཞན་ཞེས་བྱ་བ་ནི་ཐཱ་ཚི་གོ། ཡངསུ་སྨིན་པོར་བྱར་རུང་བ་ནི་གདུལ་བའི་ཁམ་སོ།། ཞེས་བྱ་བ་ནི་གདུལ་བར་འོས་པ་གང་ཡིན་པ་དེ་ནི་གདུལ་བར་རུང་བ་ཡི་ནོ།། གོང་དུ ་བྱེ་བྲག་ཏུ་མ་ཕྱེ་བ་ཡོངསུ་སྨིན་པར་བྱ་བའི་དངོས་པོ་ནི་སེམས་ཅན་གྱི་ཁམས་ཁྱད་པར་མེད་པའོ།། ཞེས་བཤད་མོད་ཀྱི་འོན་ཀྱང་དེ་ལ་གདུལ་བ་ཉིད་འོས་པ་གང་ཡིན་པ་དེ་ཁོ་ན་གདུལ་བར་རུང་བ་ཡིན་ཏེ། ཉི་མ་ཤར་བས་པདྨ་སྦྱིན་པ་ཁེ་བྱེད་པ་བཞི་ནོ།། ཡང་དག་པ ་བཤད་པའི་དངོས་པོ་ནི་གདུལ་བའི་ཁམས་ཀྱི་ཐབ་སོ།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་ཐབས་གང་གིས་འདོད་ཆགས་སྤྱོད་པ་ལ་སོགས་པ་གདུལ་བར་འགྱུར་བ་མི་སྡུག་པ་བཤད་པ་ལ་སོགས་པའི་ཐབས་དེ་དང་དེས་སེམས་ཅན་རྣམས་དུལ ་བྱེ་དོ།། དངོས་པོ་ཞེས་བྱ་བའི་སྒྲ་ནི་ལྔ་པོ་རེ་རེ་ལ་སྦྱརོ།། བརྒྱུ་དེ་འཛིན་པས་དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུརརོ།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་དག་ལ་དམ་པའི་བཤད་པ་དེ་དག་གིས་ཀྱང་ཐོས་ནས། མར་མེས་མར་མེ་སྦར་བི། ་ཚུལ་དུ་གཞན་དག་ལ་འཆད་པར་བྱེད་པ་ཡིནོ།། གཉིས་སྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་སྒྲུབ་པའི་སྒོ་ནས་ཞེས་བྱ་བའི་ཐ་ཚི་གོ།། ཐབས་ལ་མཁས་པ་ཆེན་པོ་ཉིད་ནི་འཁོར་བ་ཡོངསུ་མི་གཏོང་ཞིང་ཀུན་ནས་ཉོན་མོངས་པའི་ཕྱིར།། ཞེས་བྱ་བ་ནི་སྙིང་རྗེ་དང་རྣམ ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་སྟེ། སྙིང་རྗེས་ནི་འཁོར་བ་ཡོངསུ་མི་གཏོང་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་དེར་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ།། དངོས་པོ་རྣམ་པ་བཅུ་པོ་འདིས་ཐེག་པ་ཆེན་པོ་མཐའ་དག་བསྡུས་ཏེ། ཞེས་བྱ་བ་ནི་རིག ་ནས་བཟུང་ནས་བྱང་ཆུབ་མཆོག་སངས་རྒྱས་ཀྱི་སའི་བར་གྱི་བཅུ་ཚན་འདས་རྒྱུ་དང་འབྲས་བུ་བསྡུད་ཏེ། ཐེག་པ་ཆེན་པོ་ནི་འདི་ཙམ་དུ་ཟད།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རིག་ནི་སྐྱེ་མཆེད་དུག་གི་ཁྱད་པར་ཆོས་ཉིད་ཀྱི་ཐོབ་པ་ཐོག་མ་མེད་པའི་དུས ་ནས་བརྒྱུ་དེ་འོངས་པ་ཉིད་འདྲ་བ་ཡིནོ།། རིགས་ཀྱི་སྟོབས་ཀྱིས་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་བཤད་པ་ལ་མོས་པ་གང་ཡིན་པ་དེ་ནི་མོས་པའོ།། དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད། དེ་ནས་སྦྱིན་པ ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག། དེ་ནས་བསྐལ་པ་གྲངས་མེད་པ་དང་པོ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་སྒྲུབ་པས་ས་དང་པོ་ཐོབ་པར་འགྱུར་རོ།། ལྷག་མ་ནི་གཞུང་གི་གཞི་ཉིད་ལས་ལེགས་པར་བྲིས་པར་ཟད།། དེ་ནི་རག ་ཏུ་བསྔགས་པའི་སྟོན་ལ་བརྟེན་ནས། བྱང་ཆུབ་སེམས་དཔའི་སྟོན་བསྔགས་པ་བསྟན་པས་སྟོན་ཏེ། མོས་པ་དང་ལྡན་པའི་མོས་པས་སྤྱོད་པའི་ས་ལའོ།། ལྷག་པའི་བསམ་པ་དག་པ་ནི་ས་བཅུ་ས་དག་ལའོ།། ཉིད་ཟབ་མོ་མཐོང་བ་ནི་བདག་མེད་པ་གཉིས་ཀྱི ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཡིན་ཏེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་སྟོན་ཏོ།། བྱང་ཆུབ་དགེའ་ལྡན་ཞེས་བྱ་བ་ལ། དགའ་བ་ནི་འདོད་པ་སྟེ། འདི་ནི་བྱང་ཆུབ་ཆེན་པོར་སྨྱོན་པ་སྟོན་ཏོ།། ཕན་འདོགས་བྱེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན ་པས།། གནོད་པ་མེད་ལྟ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སོ།། གཞན་གྱི་གནོད་པ་དང་དུ་ལེན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པསོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམ་པས་རང་བཞིན་ཡོངསུ་གཟུང་བ་ལ་ཉེས་དམིགསུ་བལྟ་བར་འགྱུར་རོ།། ལོང་སྤྱོད་ལ་མ ་ཆགས་པ་ནི་ལོངས་སྤྱོད་རྣམས་སྤངས་ནས་ཚུལ་ཁྲིམས་ཡང་དག་པར་ལེན་ཏོ།། རྣལ་འབྱོར་ཅེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་རྣལ་འབྱོར་ཅེས་བྱའོ།། ལྷ་ངན་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཕྱིར།། ནང ་རབ་གནས་པ་ནི་སྨོན་ལམོ་ཆེན་པོ་དང་ལྡན་པའི་ཕྱིར།། བརྩེ་བ་དང་ལྡན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པསོ།། ངོ་ཚ་བ་ནི་སྟོན་གྱི་ཆོས་དང་ལྡན་པའི་ཕྱིར་ཁྭ་ན་མ་ཐོ་བཱ་ཕྲ་རབ་ཙུམ་ལ་ཡང་འཇིག་པར་བལྟ་བས། ཚུལ་ཁྲིམས་དང་ལྡན་པར་འགྱུར།། ཐེག་པ་ནི ་འཁྲུག་པ་ནི་སྨོན་ལམ་ཆེན་པོ་དང་ལྡན་པའི་ཕྱིརརོ།། སྡུག་བསྔལ་ཁས་ལེན་པོ་ནི་སྨོན་ལམ་ཆེན་པོ་དང་ལྡན་པའི་ཕྱིར།། ཆོས་ལ་མི་དགའ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པསོ།། རང་བཞིན་ཆོས་ལ་དགའ་བ་ནི་རང་བཞིན་གྱིས་ཚུལ་ཁྲིམས་ཀྱིས།། ལོངས་སྤྱོད་བག། ་ཡོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སོ།། ཆགས་པ་དང་བྲལ་བའི་ཕྱིར་བདེ་བ་ལ་བག་ཡོད་པ་སྟེ། བསམ་གཏན་གྱི་བྱེདེ་བ་དག་ལ་མ་ཆགས་པའི་ཕྱིརརོ།། ལྟ་བ་ཆུངས་ངོ་ཚ་བ་ཞེས་བྱ་བ་ནི་ཆོ་སུ་འཛིན་པའི་ལྟ་བ་ཆུངས་ཀྱང་ངོ་ཚ་བའི་ཕྱིར ་ཚུལ་ཁྲིམས་ཀྱིས་ནི་སྐྱེ་བ་ཁྱད་པར་ཅན་ཐོབ་ནས། གཞན་དུ་སེམས་ཅན་རྣམས་ལ་ཕན་འདོགས་པར་འཇུག།། དེ་བང་འབྱོར་པ་ཉིད་ཐོབ་པས་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་འབར་བ་དང་། ཆུ་འབེབས་པ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་ལ་སོགས ་རྐྱེན་སེམས་དྲན་ན་བྱེད་པ་ཧཱུ~ཾ་། འདག་ཉིད་ཀྱི་ཞེས་བྱུང་སྨྲིག་ནགནན་ཤེས་པ་ནི་འི་རྒྱུན་བཞིན་དུ་རྒྱུན་ཆག་སྨྲ་ལ་གྲུ་པའི་གྱིས་དྷ། མྦྷས་ཟློགས་མྱེ་སྤྱནས་པ་ན་ཏུ་ནཱ་པ་སུམཁྱེན་པ་ནི ་པས། བདག་ཉིད་མངོན་པར་ཆགས་ཤིང་དེ་ལ་བདག་ཏུ་ཉེ་བར་འདོགས་པས་དེ་རྟོགས་པའི་ཕྱིར། བདག་རྗེསུ་རྟོག་པ་ཞེས་བྱའོ།། ལྟ་བ་ཕྲ་རྟོགས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་རྟོགས་པའི་ཕྱིར་སྟེ། ཉིན་མོངས་པ་ཅན་གྱི་ཡིད་ནི་འཇིག་ཚོགས ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་བཞི་དང་ལྡན་པས་ཀུན་གཞི་རྣམ་པར་ཤེས་པར་བདག་ཉིད་མངོན་པར་ཞེན་པ་ལྟ་བའི་ངོ་བོ་ཉིད་ཅེས་བྱའོ།། དེ་རྣམས་ཀྱང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་སྒོ་ནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་ལན་གཞི ་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ལོག་པར་ཀུན་ཏུ་རྟོགས་པས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ཉི་དུ་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཞེས་བྱའོ།། དངོས་མེད་རྟོག ་པ་ཞེས་བྱ་བ་ནི་ཀུན་རྟགས་པའི་ངོ་བོ་ཉིད་རྟོགས་པའི་ཕྱིརརོ་ཞེས་བྱ་བའི་དོན་ཏོ།། མ་རྟོགས་པས་ཉི་དུ་རྟོགས་པ་སོ་སོར་རྟོགས་པ་ཞེས་བྱ་བ་ནི། འཇིག་རྟེན་བཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ཡང་དག་པ ་ཉིད་རྟོགས་པར་མངོན་པར་ཞེན་པ་གང་ཡིན་པ་བྱིས་པས་ཀུན་བརྟགས་པའི་མ་རྟོག་པ་དེ་ལ་བྱས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པ་མངོན་པར་ཞེན་པས་རྟོགས་པས་གང་ཡིན་པ་འདི་མ་རྟོགས་པ་ཡིནོ་ཞེས་བྱ་བར་སོ་སོར་རྟོགས་པའི་ཕྱིར་ཏེ། ་དེ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདིས་གཉིསུ་འཛིན་པ་ལས་རྣམ་པར་གྲོལ་བ་ཡང་། ཡོངསུ་དོག་པར་རྟོགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དོན་མེད་རྟོགས་ཞེས་བྱ་བ་ནི་ལོག་པར་ཀུན་ནས་རྟོགས་པ་ལ་གོམས་པའི་བག་མགས་དང ་ལྡན་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ནི་དོན་མེད་པར་གྱུར་པ་སྟེ། དུ་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དོན་རྟོགས་ཀུན་ཞེས་བྱ་བ་ནི།། སྐྱེ་མཆེད་བཅུ་གཉིས་པོ་བྱིས་པ་རྣམས་ཀྱིས་གཟུང་བ་དང་། འཛིན་པ་ཉིད་དུ་ཀུན་བརྟག ་པ་དེ་དག་རྟོགས་པའི་ཕྱིར་ཀུན་བརྟགས་པའི་མཚན་ཉིད་རྟོགས་པའི་ཡིནོ།། རྟོག་བྱ་རྟོག་གཞི་རྟོགས་པ་རྟོགས་པའི་རྒྱུ་ཞེས་བྱ་བ་ལ། རྟོགས་པར་བྱ་བའི་དོན་ཏོ།། རྟོགས་པ་ནི་དེའི་ཡུལ་ཅན་གྱི་ཤེས་པའོ།། རྟོགས་པའི་གཞི་ནི་སྐྱེ་མཆེད་དྲུག་སྟེ། རྟོགས ་པར་བྱ་བ་དང་། རྟོགས་པ་པོ་དང་། རྟོགས་པ་རྣམས་ཀུན་རྟགས་པ་ཡིན་པའི་ཕྱིར། འཁོར་གསུམ་ཡོང་སུ་དག་པ་ཞེས་བྱའོ།། གནས་རྟོགས་ཞེས་བྱ་བ་ནི་ཀུན་ཏུ་སྟོན་པར་བྱེད་པ་རྟོགས་པའོ།། རྟོགས་པ་མ་ཐོབ་པ་ནི་མ་འོངས་པོའི་དུསོ།། རྟོགས་པ་མ་ཐོག། ་པ་ཇི་ལྟར་རྟོགས་པ་རྣམ་པར་གཞག་ཅེ་ན། འདི་དགེ་བའི་ཆོས་ལ་རྟག་ཏུ་དུང་གུས་པར་བྱས་སྟེ་སྦྱོར་བས་མ་འོངས་པ་ན་རྟོགས་པར་ནུས་ཏེ་རྟོགས་པར་བྱ་བའི་མཐུ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། སོ་སོར་འཆད་པར་བྱེད ་པའི་རྟོག་པ་ནི་རིགས་པའོ།། ཞེས་བྱ་བ་ནི་ཐོས་པའི་གནས་སྐབས་ནས་བཤད་པའི་ཆོས་ཀྱི་རྗེ་སུ་འབྲང་སྟེ། རྟོགས་པ་གང་ཡིན་པའོ།། སྟོན་གྱི་སྐབས་རྫོག་སོ།། །། བྱང་ཆུབ་སེམས་དཔའ་སྟོནི་དེ་ལྟ་བུ་དང་ལྡན་པ་དེ་དག་གོས་མིང་ཡང་དག་པའི་དོན ་དང་མཐུན་པ་སྤྱིར་རབ་ཏུ་རྣམ་པར་དབྱེ་བས་དེ་དག་ལ་བསྟོད་པ་བསྒྲགས་པས་དེ་ལྟར་རྣམ་པར་འཕེལ་བའི་ཡོན་རྒྱ་ཆེན་པོ་སྣ་ཚོགས་དང་། བསམ་པ་བཟང་པོ་དང་། སྤྱོད་པའི་བསམ་པའི་རྣམ་པ་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ཡིན།། ཞེས་བྱ་བར ་ཡོངསུ་གཅོད་པོ་དེ་རབ་ཏུ་དབྱེ་བའི་ཕྱིར་སྟོན་གྱི་སྐབས་ཀྱི་འོག་ཏུ་བརྟགས་ཏེ། གང་གིས་ན་བྱང་ཆུབ་སེམས་དཔའ་རྣམསུ་མངོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚི་གོ།། བཅུ་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཡོངསུ་བཟུང་བའི་ཕྱིར།། ཞེས་བྱ་བ་ནི་སེམས་ཅན ་ཡོངསུ་བཟུང་བའི་ཚེ་དུ་སྟེ། སེམས་ཙོན་ཡོངསུ་བཟུང་བའི་ཕྱིར། སེམས་ཅན་རྣམས་འཁོར་བོའི་རྒྱ་མཚོ་ལས་བསྒྲལ་བར་བྱའོ།། ཞེས་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེདོ།། བརྟེན་པ་ཉིད་ཀྱི་རྟག་དོན་གང་ལ་ཡིན་པ་བསྟན་པའི་ཕྱིར། དཀའ་བ་སྤྱོད་པ་ལ་སོགས་པས་མི ་སྐྱོ་བོའི་ཕྱིར།། ཡོངསུ་བཟུང་བ་ལ་སོགས་པ་ན་བརྩེ་བ་ལ་སོགས་པའི་ལས་དང་མདོར་བསྡུ་བ་ཡི་ནོ།། བརྩེ་བ་ནི་བསམ་པོའི་སྒོ་ནས་རིག་པར་བྱའོ།། ལྷག་མོ་ནི་སྦྱོར་བའི་སྒོ་ནསོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་མོས་པོ་ཐོབ་པ་ལ་སོགས་པར ་བྱ་བའི་ཕྱིར་སྙན་པར་སྨྲ་བ་ལ་སོགས་པས་རབ་ཏུ་སྦྱོར་ཏེ། བརྩེ་བ་ནི་བསམ་པའི་སྒོ་ཁོ་ན་ནས་ཡིན་གྱིས། སྦྱོར་བའི་སྒོ་ནས་ནི་མ་ཡིན།། རྟགས་དུ་ཡང་ཁྱིམ་པ་དང་། དགྲ་སྦྱོང་ལ་རྟེན་ནས་འཇུག་སྟེ། དེའི་ཕྱིར་དེའི་འོག་ཏུ་དེའི་རྟེན་རབ་ཏུ་རྣམ་པར་དབྱའོ།། ཡང་དག་པའོ།། ་ལེན་པས་ཐོས་པའི་རབ་ཏུ་འབྱུང་བ་ནི་སློབ་མ་དང་། སློབ་དཔོན་དུ་འབྲེལ་པའི་གསོལ་བ་དང་། བཞིའི་ལས་ཀྱིས་ཀྱང་གང་ཡིན་པའོ།། ཆོ་ས་ཉིད་ཀྱིས་ཐོབ་པ་ནི་རྟོག་པའི་དུས་ནས་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་ཏེ། དེ་ཁོ་ན་ཉིད་རྟོགས་པ་གང་ཞིག་འདི་སྙམ ་དུ་བདག་གི་དམྱལ་བ་ཡང་ཟད། དུད་འགྲོ་ཡང་ཟད། ཡི་དྭགས་ཀྱང་ཟ་དེ། བདག་ནི་ཡང་སྡིག་པའི་ལས་བྱེད་ནས། ངན་སོང་རྣམསུ་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་སྐལ་བ་ཅན་མ་ཡིནོ།། སྙམ་དུ་སེམས་པོ་ཡིནོ།། དེ་ལྟར་ཕྱོགས་གཉིས་ལ་བསླབ་པ་ཡོངས ་རྫོགས་པར་བྱེད་པ་ནི་དཀའ་བ་སྤྱོད་པ་ལ་བསམ་པ་གཏན་པོ་འཐོབ་པར་འགྱུར་བས། དེའི་ཕྱིར་དེའི་འོག་ཏུ་བསམ་པའི་ཁྱད་པ་རི་ཏཾ། བསམ་པའི་སྟོབས་ཅན་ནི། གཞན་གྱི་དོན་ལ་ཞུམ་པར་མི་འགྱུརརོ།། མྱ་ངན་ལས་འདས་པར་འདོད་པ་ནི་དེ་གཉི་གའི་ལྷག་པའི ་བསམ་པ་སྟེ། སེམས་ཅན་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པ་རྣམས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པས་འདི་ཉིད་ལ་ཕན་པ་དང་ལྡན་པར་འགྱུརརོ།། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འཐོབ་པ་རྣམས་ནི་ཕྱེ་མ་ལ་སྐུ ་པ་ལ་སོགས་པའི་སྡུག་བསྔལ་དང་བྲལ་བས་བདེ་བར་འགྱུར་བའི་ཕྱིར། མྱ་ངན་ལས་འདས་པར་འདོད་པ་ནི་དེ་གཉི་གའི་ལྷག་པའི་བསམ་པ་ཡིན་ཞེས་བྱའོ།། གཞན་དག་ན་རེ་བདེ་བའི་ལྷག་པའི་བསམ་པ་ནི་མཐོང་བའི་ཆོས་ལ་བདེ་བ་ལ་སྦྱོར་བའི་ཕྱིརརོ།། ཕན་པའི ་ལྷག་པའི་བསམ་པ་ནི་ཆོས་ཕྱི་མ་ལ་བདེ་བ་ལ་སྦྱོར་བའི་ཕྱིརརོ་ཞེས་ཟེ་རོ།། ཕྱིར་མི་ལྡོག་པའི་ས་ནི་མི་གཡོ་བ་ལ་སོགས་པ་གསུམ་སྟེ། མངོན་པར་འདུ་བྱེད་པ་མེད་པའི་ལམ་ལས་མི་ལྡོག་པའི་ཕྱིརརོ།། དེ་ལྟར་ལྷག་པའི་བསམ་པའི་སྟོབས་དང་ལྡན་པ། ་ནི་གཞན་གྱི་དོན་ལ་ཞུམ་པར་མི་འགྱུར་བསོ་དེའི་འོག་ཏུ་སེམས་ཅན་ཉེ་བར་ལེན་པ་སྟེ། སེམས་ཅན་ཡོངསུ་འཛིན་པ་ཞེས་བྱ་བའི་ཐ་ཚི་གོ། བདག་པོས་ཡོངསུ་འཛིན་པའི་རྗེ་བོར་གྱུར་པ་ནི་འདི་གང་དག་གི་རྗེ་བོ་ཡིན་པའོ།། ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་ལ་སོགས ་པ་རྗེ་བོར་གྱུར་པ་གླིང་བཞི་པའི་དབང་ཕྱུག་ཉིད་ཡིན་པས་གླིང་བཞི་པ་ལ་སོགས་པའི་སེམས་ཅན་ཡོངསུ་འཛིན་པ་ཡིནོ།། དེ་ལྟར་སྨོན་ལམ་ལ་སོགས་ཀྱིས་ཡོངསུ་བཟུང་བས་མི་གཏང་བའི་བསམ་པ་ཡོངསུ་འཛིན་པ་རྣམས་ཀྱང་ཚེ་ཅིག་པོའི་ལུས་རེ་ཞིག་པས ་འདི་དག་གི་དོན་བསྒྲུབ་པར་མི་ནུས་པས། དེའི་ཕྱིར་དེའི་འོག་ཏུ་སྲིད་བསྐྱེད་པའི་ཁྱད་པར་སྟེ། ལས་ཀྱི་དབང་གིས་འདོད་པའི་གནསུ་སྐྱེ་བི་ཞེས་པ་ནི་མོས་པས་སྤྱོད་པའི་ས་ལས་དཀར་པོ་ཡོངསུ་གཟུང་བའི་དབྱུང་གི་སོ།། སེམས་ཅན་ཡོངསུ་སྨྱིན་པར་བྱ་བའི་ཕྱི་བདུད ་འགྲོ་ལ་སོགས་པའི་གནས་དམན་པར་སྐྱེ་ཞེས་བྱ་བ་ནི་རྟོགས་པའི་དུས་ན། བྱང་ཆུབ་སེམས་དཔའ་ངན་འགྲོ་རྣམས་ལྡོག་སྟེ། ལོག་ཀྱང་སྨོན་ལམ་གྱི་སྟོབས་ཀྱིས་ངན་འགྲོར་སྐྱེའོ།། ཏིང་འཛིན་གྱི་དབང་གིས་ནི་བསམ་གཏན་རྣམས་བཟློག་ནས་འདོད་པའི་ཁམས ་སྐྱེ་བ་གང་ཡིན་པའོ།། ཞེས་བྱ་ནི་མདོ་སྡེ་དག་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་བཟློག་པ་ལ་མཁས་འབྱུང་མ་བསམ་གཏན་ལྡོག་པ་མི་བསམ་གཏན་ཡོངསུ་གཏོང་བ་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན།། འོསམ་གཏན་གྱི་འབྲས་བུ་ལྡོག་པ ་ནི་བསམ་གཏན་བཟློག་པ། བསམ་གཏན་གྱི་འབྲས་བུ་གཟུགས་ཀྱི་ཁམསུ་སྐྱེ་བུ་དེ་བཟློག་ནས། འདོད་པའི་ཁམསུ་སྐྱེ་བ་ཡནཱ~ཾ།། གས་པ་རྣམས་ཀྱི་སྐྱེ་བ་བཤད་མྱ་ཐག་པ་དེ་ཡང་སྨྲས་པའི་རབས་ཀྱི་དབྱེ་བས་མཐའ་ཡས་ཏེ། སེམས་རྣམ་པར་དག་པས།། ་ཚ་ཆུང་གི་རྣམ་པ་གང་དག་ལ་རྣམ་པར་གཞུག་པ་བརྗོད་དགོས་པས། དེའི་ཕྱིར་དེའི་འོག་ཏུ་རྣམ་པར་དག་པའི་གནས་སྐབས་ཀྱི་ས་བཅུའོ།། བཞི་པའི་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པས་མང་དུ་གནས་ཀྱང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས།། ་འཁོར་བར་ཡོངསུ་བསྔོ་བ་ཡིནོ།། ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ནི་གཅིག་ཏུ་འཁོར་བ་ལ་སྡང་བ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྒོམ་པ་སྙིང་རྗེས་ཡོངསུ་ཟིན་པའི། ་ཕྱིར།། དེ་ནི་འགྲོ་བ་ལ་འཁྱུད་ནས་འདུག་པ་ལྟ་བུ་ཡིན་པས་སྙིང་རྗེ་ཆེན་པོས་ཡོངསུ་ཟིན་པའི་ཕྱིར་འཁོར་བ་ལས་ཡོངསུ་བསྔོས་པ་རྣམས་སེམས་ཅན་ལ་ཕན་པར་བྱེད་ཀྱི་གཏན་དུ་འཁོར་པོ་ལས་རྒྱབ་ཀྱི་ཕྱོགས་ཏེ་འདུག་པ་ནི་མ་ཡིན།། ལྔ་པ་ནི་འཕགས་པའི ་བདེན་པ་བཞིས་མང་དུ་གནས་པས་ཀུན་ནས་ཉོན་མོངས་པར་མི་འགྱུརརོ།། དེས་ན་སེམས་ཅན་ཀུན་ནས་ཉོན་མོངས་པ་མེད་པས་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད། འདི་ནི་ས་ལྔ་པའི་མཚན་ཉིད་ཡིནོ།། དོར་ཀུན་ནས་ཉོན་མོངས་པ་རྗེསུ་སྲུང་བ་ཡིནོ།། ཞེས ་བྱ་བ་ནི་འདིའི་ཆ་དུ་བསམ་ནས་སྲིད་པ་སྐྱེ་བ་གང་ཡིན་པ་དེར་རྟེན་ཅིང་འབྲེལ་པར་འབྱུང་བས་ལན་མང་དུ་གནས་པ་གཉིས་ཀྱི་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་ཡིནོ།། བདུན་པ་ནི་འདྲེས་པ་ཉེ་བར་འདྲེས་པ་ཉིད་ཀྱིས་བགྲོད་པ་གཅིག་པའི་ལམ་གནས་བ ་དང་འབྲེལ་པ་མཚན་མ་མེད་པར་གཅིག་ཏུ་ངེས་པའི་ལམ་ཡིནནོ།། ཞེས་བྱ་བ་དེ་ལ། འདྲེས་པ་ནི་བྱང་ཆུབ་སེམས་དཔའ་མཚན་མ་མེད་པར་གནས་པ་སྐུ་བདུན་པ་ལ་གནས་པ་རྣམས་དང་ངོ་།། ཉེ་བར་འདྲེས་པ་ནི་བྱང་ཆུབ་སེམས་དཔའ་མངོན་པ ་འདུ་བྱེད་པ་མེད་པའི་ལམ་ཐོབ་པ་ས་བརྒྱད་པ་ལ་གནས་པ་རྣམས་དང་ངོ་།། བརྒྱད་པ་མྱ་ཐོབ་ན་ཇི་ལྟར་ཉེ་བར་འདྲེས་པ་ཡིན་ཞེ་ན། ཉེ་བ་ཞེས་བྱ་བའི་ཉེ་བར་བསྒྱུར་བ་འདི་ནི་མཚན་མ་མེད་པར་གནས་པའི་མཐར་ཐུག་པར་གྱུར་པའི་སྤྱི་བོ་ལ་གནས་པ་མངོན་པར་འདུ ་བྱེད་པ་མེད་པ་གནས་པར་གྱུར་པ་དང་།། བད་ཉེ་བར་གནས་ཤིང་བར་ཆད་མེད་པར་འཐོབ་པ་ཡིན་པས་ཉེ་བར་འདྲེས་པ་ཞེས་བྱའོ།། ཡང་ན་མངོན་པར་འདུ་བྱེད་པ་དང་། བཅས་པའི་ལམ་བསྒོམ་པའི་ཕྱིར་འདྲེས་པ་ཉེ་བར་འདྲེས་པ་ཞེས་བྱའོ།། གང་ཟག་དང་ཆོས ་ལྟ་བའི་གཉེན་པོའི་ཡེ་ཤེས་ཐོབ་པའི་ཕྱིར།། གསུམ་པ་ལ་ནི་མི་ཉམས་པའི་བསམ་གཏན་དང་ཏིང་འཛིན་འཐོབ་པའི་ཕྱིར་མཉམ་པར་བཞག་པ་ཡིན།། ཞེས་བྱ་བ་ནི་ཚེ་རབས་གཞན་གྱི་གནས་སྐབས་ན་ཡང་བསམ་གཏན་དག་ལུས་ཉམ་པར་མི་འགྱུར་རོ།། བཞིཔ ་ལ་ནི་མདོ་སྡེ་ལ་སོགས་པའི་ཆོས་ལ་ཐ་དོད་པ་ཉིད་ང་རྒྱལ་སྤངས་པའི་ཕྱིར།། ཆོས་ལྔ་ང་རྒྱལ་སྤངས་པ་ཡིནོ།། ཞེས་བྱ་བ་ནི་གསུམ་པ་ལ་བྱང་ཆུབ་སེམས་དཔའི་ཆོས་ལ་གུས་པ་དང་། ཆོས་རིན་ཆེན་ཆེ་བར་བྱེད་པ་དེ་དག་གིས་ཆོས་ཀྱི་ཚིག་གཅིག་གི་དོན་དུ་ཡང་སྟོང ་གསུམ་གྱི་སྟོང་ཆེན་པོའི་མེས་རབ་ཏུ་གང་བར་ཚངས་པའི་འཇིག་རྟེན་ནས་བདག་ཉིད་དོར་བར་སྤྲོ་ན། མེའི་འོབས་ཐ་མ་ལ་ལྟ་སྨོས་ཀྱང་ཅི་དགོས་སྙམ་པ་གང་ཡིན་པ་དེས་ཤེས་བཞི་པ་ལ་ལྡོགོ།། ཇི་ལྟར་ལྡོག་ཅེས་ན། དེ་འདི་སྙམ་དུ་གཅིག་ཏུ་ཆོས་ཚོལ་བ་གང་ཡིན ་བ་འདི་ནི་སེམས་གཡེང་བར་འགྱུར་ཏེ། དེ་བས་ན་ཆོས་ཚོལ་བ་བཏང་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྒོམ་པ་ལ་འཇུག་སྙམ་དུ་སེམ་སོ།། ལྔ་པ་ལ་ནི་སེམས་དང་བསམ་པ་རྣམ་པར་དག་པ་བཅུས་རྒྱུད་ཐ་དད་པར་དུ་རྒྱུལ་མེད་པ་ཡིནོ།། བཅུ་གང་ཞེ ་ན་འདི་ལྟ་སྟེ། འདས་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསྣམ་པ་མཉམ་པ་ཉིད་དང་། དེ་བཞིན་དུ་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པོ་ཉིད་དང་། ཚུལ་ཁྲིམས་རྣམ་པར་དག་པ་ལ་བསམ། ་བ་མཉམ་པ་ཉིད་དང་། སེམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ལྟ་བ་དང་ཐེ་ཚོམ་དང་། ཡིད་གཉིས་དང་འགྱོད་པ་སེལ་བས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ལམ་དང་ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ ་པ་ཉིད་ང་། ལམ་ཤེས་པ་རྣམ་པར་དྲུག་ཕྱུ་ལ་བསམ་པ་མཉམ་པ་ཉིད་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐད་གོང་མ་གོང་ལུས།། རྣམ་པར་འཇིག་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཡོངསུ་སྨིན་པ་བྱེད་པ་རྣམ་པར ་དག་པ་ལ་བསམ་པ་མཉམ་པ་ཉིད་ཀྱིསོ།། སེམས་དང་བསམ་པ་རྣམ་པར་དོག་པ་མཉམ་པ་ཉིད་བཅུ་པོ་འདི་དག་གིས་ལྔ་པ་ལ་འཇུག་སྟེ། བྱང་ཆུབ་སེམས་དཔའ་ས་ལྔ་བ་ཐོབ་པས་ཇི་ལྟར་འདས་པ་ལ་སོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས ་ཀྱི་ཆོས་རྣམ་པར་དག་པ་དེ་ཁོ་ན་བཞིན་དུ་བདག་གིས་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རིང་པོ་མི་ཐོགས་པར་རྣམ་པར་དག་པར་འགྱུར།། སྙམ་པ་དེ་ལྟ་བའི་བསམ་པ་ཐོབ་པར་འགྱུརརོ།། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ནི་རང་བཞིན་ཁོ་ནས་རྣམ་པར་དག། ་པ་སྟེ། དེ་ལ་མ་རིག་པའི་རྐྱེན་ཅན་ལ་སོགས་པ་ཀུན་ནས་ཉོན་མོངས་པ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་གླུ་བུར་པས་དྲི་མ་ཅན་དུ་གྱུར་པ་གང་ཡིན་པ་འམ།། མ་རིག་པ་འགུགས་པ་ལ་སོགས་པ་དཀར་པོའི་ཕྱོགས་ཀྱི་རྟེན་ཅིང་འབྲེལ་པར ་འབྱུང་བས་རྣམ་པར་དག་པ་གང་ཡིན་པ་འདི་ནི་དེའི་ངོ་བོ་ཉིད་མ་ཡིན།། དེ་བས་ན་ནག་པོ་དང་དཀར་པོའི་ཕྱོགས་དག་གིས། དེ་བཞིན་ཉིད་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་མི་ལྟ་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་ཀྱིས་མང་དུ་གནས།། ་པས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཐ་དད་པའི་ང་རྒྱལ་དང་བྲལ་བར་འགྱུར་ཏེ། དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིརརོ།། བདུན་པ་ལ་ནི་སྐད་ཅིག་གཅིག་དང་ལྡན་པའི་བློ་ཐོབ་པ་ཡིན།། ཞེས་བྱ་བ་ནི་ས་དེ་ཁོ་ན་ལས་ཇི་སྐད་བཤད། ་བ་ལྟ་བུ་སྟེ། ས་བདུན་པ་འདི་ཉིད་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀུན་ནས་སློང་བས།། སྐད་ཅིག་སྐད་གཅིག་ལ་ལྷག་པར་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཡོངསུ་རྫོགས་པར་འགྱུརརོ།། དགུ་པ་ལཱ་ནི་སེམས་ཅན་ཡོངསུ་སྨིན་པར་བྱེད་པ་ལ་མཁས་པ་སྟེ། སྦྲུ ་བཞིན།། ཞེས་བྱ་བ་ནི་སོ་སོ་ཡང་དག་པར་རིག་པ་ཤིན་ཏུ་རྣམ་པར་དག་པ་ཐོབ་པས་སེམས་ཅན་ཡོངསུ་སྨིན་པ་འགྲུབ་པ་སྟེ། རྣམ་པ་ཐམས་ཅད་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་མཐུ་རྙེད་པའི་ཕྱིར།། བསླབ་པ་གསུམ་རྣམ་པར་བཞག་སྟེ། ས་དང་པོ་ལ་ཆོས ་ཉིད་དེ་བཞིན་ཉིད་རྟོག་ནས། གཉིས་པ་ལ་ལྷག་པའི་ཚུལ་ཁྲིམས་ལ་སློབ་ཞེས་བྱ་བ་ནི་དང་པོ་ལ་ཡང་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིད་ཀྱི། དེ་རྣམ་པར་དག་པ་ནི་སོ་གཉིས་པ་ལ་འགྱུརརོ།། གང་གི་ཕྱིར་རྨི་ལམ་ན་ཡང་ཁ་ན་མ་ཐོ་བ་དང་བཅས་པའི་ལམ།། ་ལ་མི་འཇུག་པས་དེ་ལ་བསླབ་པ་རྣམ་པར་དག་པར་འགྱུར་བ་དེའི་ཕྱིར་གཉིས་པ་ལ་ལྷག་པའི་ཚུལ་ཁྲིམས་ལ་སློབོ་ཞེས་བྱའོ།། གསུམ་པ་ལཱ་ནི་ལྷག་པའི་སེམས་ཀྱིས་བསྒྲུབ་པ་མཉམ་པར་བཞགོ།། བཞི་པ་ལ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་བསྒོམ་པས་ལྷག ་པའི་ཤེས་རབ་ཀྱི་བསླབ་པའོ།། ཤེས་རབ་དེ་ཡང་སྤྱོད་ཡུལ་གཉིས་པ་ཅན་དེ། ཞེས་བྱ་བ་ནི་དམིགས་པ་གཉིས་པཱ་ཙ་ནཽ་ཞེས་བྱ་བའི་ཐ་ཚིའོ།། དྭེ་མི་ཤེས་པ་དང་། ཤེས་པ་ལ་སྩོགས་པཱའི་འཇུག་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མཐུན་པ་དང་། ལུགས་དང། ་མི་མཐུན་པའོ།། ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲས་ནི། བདེན་པ་བཞི་བཟུང་སྟེ། མ་རིག་པོའི་རྐྱེན་ཅན་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་དེ་མི་ཤེས་པ་ལ་སོགས་པའི་ངོ་བོ་ཉིད་ཡིནོ།། རིག་པ་ལ་སོགས་པ་ནི་ཤེས་པཱ་ལ་སོགས་པའི་ངོ་བོ་ཉིད་ཡིན་ཏེ། ང་ལྟ།། ་བས་ན་ས་གཉིས་ཀ་ལ་ཡང་ཆོས་ཀྱི་དེ་ཁོ་ནི་ཉིད་དང་། དེ་མི་ཤེས་པ་དང་། ཤེས་པ་ལ་དམིགས་པ་ཉིད་ཀྱིས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་བཞགོ།། བསླབ་པ་རྣམས་དང་བསླབ་པ་སྒོམ་པའི་འབྲས་བུ་བཞིན་ནི་ས་རིང་དུ་སྟོང་བ་ལ་སོགས་པ་བཞི ་ལ་རྣམ་པར་བཞག་སྟེ། ད་ལྟར་ན་བསླབ་པ་གསུམ་པོ་འདི་དག་རྒྱུ་དང་འབྲས་བུ་བཅས་ཏེ་ས་བཅུ་ལ་རྣམ་པར་བཞའོ།། འདི་མན་ཆད་ནི་ཟག་པ་མེད་པའི་ཕུང་པོ་ས་བཅུ་ལྔ་ཇི་ལྟར་རྣམ་པར་བཞག་པ་དེ་བསམ་པར་བྱ་སྟེ། ས་དང་པོ་ལ་ཆོས་ཉིད་རབ་ཏུ་རྟོག་ནས་གཉིས ་བ་ལ་ཚུལ་ཁྲིམས་ཀྱིས་ཕུང་པོ་སྦྱོ་།། ས་དང་པོ་ལ་ཡང་ཆོས་ཀྱི་དབྱིངས་རྟོགས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཐོབ་པ་ཡོད་མོད་ཀྱི། ཡོང་སུ་དག་པ་ནི་མ་ཡིན་ཏེ། གཉིས་པ་ལ་དེ་ཡོངསུ་དག་པར་འགྱུརརོ།། ཏིང་འཛིན་གྱི་ཕུང་པོ་ནི་ས་གསུམ་པ་ལ་རྣམ་པར་དག་གོ།། ་ཤེས་རབ་ཀྱི་ཕུང་པོ་ནི་ས་བཞི་པ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་བསྒོམ་པས་རྣམ་པར་དག་གོ།། ལྔ་པ་ལ་བདེན་པ་སྒོམས་པས། དྲུག་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མི་མཐུན་པ་བསྒོམས་པསོ།། རྣམ་པར་གྲོལ་བ་དང་རྣམ་པར ་གྲོལ་བའི་ཡེ་ཤེས་ཀྱིས་ཕུང་པོ་གཉིས་ནི་ས་བདུན་པ་ནས་བཟུང་སྟེ། དེ་བཞིན་གཤེགས་པའི་སའི་བར་ལ་རྣམ་པར་དག་གོ།། རྣམ་པར་གྲོལ་བ་དེ་ཡང་འབྲས་བུ་རྣམ་བཞིའི་སྒྲིབ་པ་ལི་རེག་པར་བྱའོ།། སངས་རྒྱས་ཀྱི་ས་ལ་ནི་ཐོགས་པའི་སྒྲིབ་པ་ལས་ཏེ་ཞེས་བྱ་ལ། ་འབྲས་བུ་རྣམ་པ་བཞི་ནི་བཤད་མ་ཐག་པ་དེ། མཚན་མ་མེད་པ་འདུ་བྱེད་དང་བཅས་པ་ནི་ས་བདུན་པའི་འབྲས་བུའོ།། འབྲས་བུ་གཉིས་པ་དེ་ཉིད་མངོན་པར་འདུ་བྱེད་པ་སྡེ་ག་། སངས་རྒྱས་ཀྱོ་ཞིང་ཡོང་སུ་དག་པ་ནི་ས་བརྒྱད་པའོ།། འབྲས་བུ་གསུམ་པ་སེམས་ཅན ་རྣམས་ཡོངསུ་སྨིན་པ། འགྲུབ་པ་ནི་ས་དགུ་པའིའོ།། འབྲས་བུ་བཞི་པི་ཏཱིང་འཛིན་དང་གཟུངས་འགྲུབ་པའི་ས་བཅུ་པའི་སྟེ། འབྲས་བུ་རྣམ་པ་བཞི་པོ་འདིའི་སྒྲིབ་པ་མཚནྡ་མ་དང་། མངོན་པར་འདུ་བྱེད་པ་ལ་སོགས་པ་དང་བྲལ་བའི་ཕྱིར། རྣམ་པར་གྲོལ་བའི་ཕུང་པོ ་རྣམ་པར་དག་པ་ཡིནོ།། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོ་ནི་ཡེ་ཤེས་ཀྱི་ས་ལའོ།། དེ་ཇི་ལྟར་དེ་བཞིན་གཤེགས་པའི་ས་རྣམ་པར་དག་ཅེ་ན། དེ་བསྟན་པའི་ཕྱིར། སངས་རྒྱས་རྣམས་ནི་གང་གི་ན་དང་གཞན་དག་ཤེས་པོ་ཐོགས་པར་འགྱུར་བ་དེ་ལས ་རྣམ་པར་གྲོལ་བས་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མི་མངའོ།། ཞེས་བྱ་བ་སྨོས།། རྣམ་པར་གྲོལ་བ་ནི། འགོག་པའི་ངོ་བོ་ཉིད་ཡིན་སྟེ། འགོག་པ་ཡང་འདུས་མ་བྱས་ཡིན་ལ། ཕུང་པོའི་དོན་ཡང་སྤུངས་པའི་དོན་ཡིན་ན། ཇི་ལྟར་འདུས་མ་བྱས་ཕུང་པོ ་རྣམ་པར་བཞག་སྟེ། བསྟན་བཅོས་གཞན་དག་ལས་ཀྱང་ཕུང་པོ་དག་ཏུ་འདུས་མ་བྱས།། དོན་དུ་མི་རུང་ཕྱིར་མ་བཤད། ཅེས་བཤདདོ་ཞེ་ན། འདུས་མ་བྱས་ཀྱི་རྣམ་པར་གྲོལ་བ་ནི་ཕུང་པོ་ཉིད་རྣམ་པར་མི་འཇོག།། རྣམ་པར་གྲོལ་བ་ནི་རྣམ་པ་གཉིས་ཏེ། ཉོན ་མོངས་པ་སྤངས་པའི་མཚན་ཉིད་དང་། མོས་པའི་མཚན་ཉིད།། དེ་ལ་མོས་པའི་མཚན་ཉིད་ནི་འདུས་མ་བྱས་ཡིན་པའི་ཕྱིར་རྣམ་པར་གྲོལ་བའི་ཕུང་པོར་རྣམ་པར་འཇོག་པས་ཉེས་པ་མེད།། དེ་ལྟ་མ་ཡིན་ན་རྣམ་པར་གྲོལ་བའི་ཕུང་པོ་འདུ་བྱེད་ཀྱི་ཕུང་པོས ་བསྡུས་པར་མི་འགྱུརརོ།། མོས་པས་སྤྱོད་པའི་ས་ལ་ནི་ས་རྣམས་མ་གྲུབ་པ་སྟེ། གནས་སྐབས་དེ་ནས་གཅིག་ཀྱང་མ་ཐོབ་ན་ཐམས་ཅད་མ་གྲུབ་པ་ཁོ་ནར་རྗོད།། ལྷག་མ་རྣམས་ནི་གྲུབ་པ་སྟེ། ཞེས་བྱ་བ་ནི་དེ་དག་གིས་ཐོབ་པའི་ཕྱིར།། གྲུབ་པ་དག་ལ་ཡང ་བདུན་ནི་མ་གྲུབ་པ་ཡིནོ་ཞེས་བྱ་བ་ནི་ལས་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པའི་ཕྱིར། ས་བརྒྱད་པ་ལ་སོགས་པ་ལ་བལྟོས་ནས་མ་གྲུབ་པ་ཞེས་བྱའོ།། གང་དག་གོང་དུ་ས་རབ་ཏུ་དགའ་བ་གྲུབ་པ་བཤད་པ་ཞེས་བྱ་བ་ནི་མཐོང་བས་སྦྱང་བར་བྱ ་བའི་ཉོན་མོངས་པ་དང་བྲུལ་བའི་ཕྱིར་དང་ཆོས་ཀྱི་དབྱིངས་རྟོགས་པའི་གགས་གཟུང་བ་དང་། འཛིན་པ་དང་བྲལ་བའི་ཕྱིར་གྲུབ་པ་ཞེས་བྱ་བ་ཡིནོ།། གང་གི་ཚེས་རྣམ་པར་བཞུག་པ་དེ་རྟོག་ཙམ་དུ་ཤེས་ཤིང་ཞེས་བྱ་བ་ནི་མིང་གི་ཚོགས་དང་། ཚིག་གི ་ཚོགས་དང་། ཡི་གེའི་ཚོགས་རྣམ་པར་བཞག་པས། ས་རྣམ་པར་བཞག་པ་གང་ཡིན་པ་དེ་ལ་སེམས་འདི་ཉིད་ས་རྣམ་པར་བཞག་པར་སྣང་གི། སེམས་ལས་གཞག་པ་ཕྱིའི་དོན་ནི་མེདོ་ཞེས་སེམས་ཙམ་དུ་ཤེས་ཤིང་དེའི་འོག་ཏུ་གཟུང་བ་མེད་ན་གང་ལ ་འཛིན་པར་བྱེད་ཅེས་གཟུང་བ་མེད་ན་འཛིན་པར་བྱེད་ཅེས་པ་རྟོག་པ་ཙམ་དེ་ལ་ཡང་རྟོག་པར་མི་བྱེད་པ་ཡིན་ཏེ། དེ་བས་ན། དེ་ནས་དེ་ནི་འཇིག་རྟེན་ལས།། འདས་པའི་ཡེ་ཤེས་བླ་མེད་པ།། རྣམ་པར་མི་རྟོག་དྲི་མུ་མེད། འཛིན ་པ་གཉིས་དང་བྲལ་བ་འཐོབ།། དེ་འདིའི་གནས་ཡོངས་གྱུར་པ་སྟེ། སཽ་ནི་དང་པོ་ཡིན་པར་འདོད།། ཅེས་བྱ་བ་དེ་ལྟ་བུར་སོ་ཡོངསུ་གྲུབ་པ་ཞེས་བཤད།། ས་ལ་བཞུག་པའི་རྟགས་རྣམ་པར་འབྱེད་པ་ལ་ས་ཐམས་ཅད་རབ་ཏུ་རྟོགས་པ་ནི་དེ་དག་ལ་མངོན ་པར་བསྒྲུབ་པ་ལ་མཁས་པའི་ཕྱིརརོ་ཞེས་བྱ་བ་ནི་ས་མངོན་པར་བསྒྲུབ་པ་ལ་མཁས་པའི་ཕྱིར་ཏེ། ས་དང་པོ་ཐོབ་པའི་དོན་གྱིས་ཐམས་ཅད་རབ་ཏུ་རྟོགས་པ་ཡིན་ཏེ། ས་དང་པོ་ལས་ཇི་སྐད་བཤུད་པ་ལྟ་བུ་ཡིནོ།། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་ནི་རྒྱུ་ཐམས། ་ཅད་རྟོགས་པའི་ཕྱིར་ཏེ། འདི་ལྟར་དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབ་པ་ལ་མཁས་པ་ཐོབ་པའི་ཕྱིར་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པར་འགྱུརརོ།། བཀྲིར་མི་བཏུབ་པ་ཉིད་ནི་སྙན་པ་དང་མི་སྙན་པའི་སྒོ་དག་གིས། ཞེས་བྱ་བ་ལཾ། ་སྙན་པའི་སྟོན་སྒྲོགས་པ་སྟེ། སྟོན་སྒྲོགས་པས་ས་དག་ལས་བཀྲིར་མི་བཏུབ་ཅིང་། རྣམ་པར་མཱི་གཡོས་པ་སོ་ཞེས་བྱ་བའི་ཐ་ཚིག། བློ་སྟོད་པ་ནི་སྟོན་བརྟགས་པ་སྟེ། འདི་ལས་ཕྱི་རོལ་པ་དག་གིས་བསྟོད་ཀྱང་ས་དག་ལས་རྣམ་པར་གཡོས ་པར་མི་འགྱུར།། ཐབས་ལ་མཁས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་མི་དམིགས་པའོ།། འདི་དག་ནི་རྟགས་གཞན་ཞེས་བྱ་བ་ནི་འདི་ལྟར་གོང་དུ་ཡང་སྤྱིར། བརྩེ་དང་སྙན་པར་སྨྲ་བ་དང་ཞེས་བྱ་བ་ལ་སོགས་པ་རྟགས་བཤད་པས། དེ་ལས་ལྟོས། ་ནས་གཞན་ཞེས་བྱ་བ་སྨོས།། རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་པའི་མདུན་པ་དྲང་བྲལ་བ་ཉིད་ཅེས་བྱ་བ་ནི་སྒྲུབ་པས་སྦྱིན་པ་ལ་སོགས་པས་རབ་ཏུ་སྦྱོར་བ་ཡིནོ།། ཆགས་པ་དང་འ་ཁུ་བའི་སྙིང་མེད་ཁྲོ་མི་ནཱི་ལེ་ལོ་མེད།། བྱམས་དང་སྙིང་རྗེ་མིན ་པའི་བསམ་མེད་བློ་གྲོས་ངན་རྟོག་རྣམ་རྟོགས་འཕྲོགས་པ་མེད། ཅེས་བྱ་བ་འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགསུ་གྱུར་པའི་ཆོས་ཏེ། དེ་དག་དང་རྟག་ཏུ་བྲལ་བ་ཡིན།། བྱམས་དང་སྙིང་རྗེ་མིན་པའི་བསམ་མེད་ཅེས་བྱ་བ་ནི་བྱེམས ་པ་མ་ཡིན་པའི་བསམ་པ་མེད་པ་དང་། སྙིང་རྗེ་མ་ཡིན་པའི་བསམ་པ་མེད་པའོ།། བྱམས་པ་དང་སྙིང་རྗེ་ལྡན་པ་ནི་བསམ་གཏན་བཞི་པ་ཡིན་པར་ཤེས་ཏེ། བྱམས་པ་དང་སྙིང་རྗེ་དང་ལྡན་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་མཐུན་པའི ་ཕྱོགས་གནོད་སེམས་དང་རྣམ་པར་འཚེ་བ་སྤངས་པ་བཤད་པ་ཡིན།། བློ་གྲོས་ངན་རྟོག་རྣམ་རྟོག་འཕྲོགས་པ་མེད། ཅེས་བྱ་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྟགས་ཡིན།། ཐེག་པ་གཞན་ཡིད་ལ་བྱེད་པའི་སེམས་རྣམ་པར་མ་གཡེངས ་པོ་ཉིད་ཅེས་བྱ་བ་ནི་འདིའི་སེམས་ཐེག་པ་གཞན་གྱིས་རྣམ་པར་མི་གཡེང་བ་ཡིན།། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བའི་ཆོས་ཀྱི་དགའ་བ་ལ་དགའ་བ་ཡང་ཐོབ་པར་འགྱུར། ཞེས་བྱ་བ་ནི་གཟུགས་ཅན་དགཟུགས་ཅན་མ་ཡིན་པའི་ཆོས་ཀྱི་མཚན་མ ་འམ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་མཚན་མ་ཡང་རུང་། དེ་ལྟ་བུ་ལ་སོགས་པའི་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པས་སྤངས་ནས། མཚན་མ་མེད་པའི་རྣམ་པས་ཆོས་ཀྱི་དགའ་བ་ཐོབ་སྟེ། ཞི་གནས་ཐོབ་པས་རྣམ་པར་མི་གཡེང ་ཞེས་བྱ་བའི་ཐ་ཚིག། ཐམས་ཅདདུ་རྣམ་པར་ཡོངསུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་ཡང་དག་པར་ཤེས་པར་འགྱུར་ཞེས་བྱ་བ་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཆོས་རྣམས་ཀྱི་རྣམ་པ་ཡོངསུ ་འཆད་པའི་ཆོས་ཀྱི་སྣང་བ་ཡང་དག་པར་ཤེསོ་ཞེས་བྱ་བ་ཡི་ནོ།། ཡང་ན་ཐམས་ཅད་རྣམ་པ་ཡོངསསུ་ཆད་པ་ཞེས་བྱ་བ་ནི། ཕྱོགས་བཅུ་རྣམ་པ་ཡོངསུ་མི་ཆུད་པའི་ཆོས་ཀྱི་སྣང་བ་ཡང་དག་པར་ཤེསོ།། ཞེས་བྱ་བ་ཡིན་ཏེ། གཞུང་ལ ་ལེགས་པར་ཞུགས་པ་གསྔལ་བ་བཞི་ནོ།། སའི་ངེས་པའི་ཚིག་རྣམ་པར་དབྱེ་བ་ལ། བྱང་ཆུབ་ལ་ནི་ཉེ་བ་དང་། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ཐེབ་པ་ན་དེ་འདི་སྙམ་དུ་སེམས་ཏེ། བཱདག་ནི་སངས་རྒྱས་ཀྱི་ས་དང་། ཉེ་བར ་གྱུར་ཏོ།། ཞེས་འབྱུང་བའི་ཕྱིར།། སེམས་ཅན་དོན་དུསྒྲུབ་མཐོང་བ་ལ། ཞེས་བྱ་བ་ཇི་ལྟར་སེམས་ཅན་གྱི་དོན་སྒྲུབ་པ་མཐོང་ཞེ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་དང་། སྦྱིནྡྲ་པའི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པའི ་ཕྱིར་ཏེ། དེ་ཉིད་ཀྱི་བྱོར་དགའ་བར་འགྱུར་ལ། དེ་ཉིད་ཀྱི་ཕྱིར་རབ་ཏུ་དགའ་བ་ཞེས་ཀྱང་བྱའོ།། ཐེག་པ་གཞན་ཡིད་ལ་བྱེད་པའི་དྲི་མ་ལས་འདས་པའི་ཁུང་སུ་མདོ་སྡེའི་དུམ་བུ་དེ་ལྟ་བོས་ན་བདག་གིས་སྒྲུབ་དུ་མཚུངས་པ་ལ་རྣམ་པ་ཐམས་ཅད ་ཡོངསུ་སྦྱང་བ་མངོན་པར་བསྒྲུབ་པ་ཁོ་ན་ལ་བརྩོན་པར་བྱའོ།། ཞེས་བྱ་བ་ནི་སྦྱིན་པར་བྱེད། ཉན་ཐོས་ཀྱིས་མངོན་པར་བསྒྲུབ་པ་ལ་མ་ཡིནོ།། ཞེས་བྱ་བའི་ཐ་ཆེག། འགྲོད་པ་གཅིག་པའི་ལམ་ནི་སྔམ་བསྟན་པ་ཡིན།། ཞེས་བྱ་བ་ནི་འདུན ་བཛིན་འདྲེས་པ་ཉེ་བར་འདྲེས་པ་ཉིད་ཀྱིས་བགོས་པ་གཅིག་པའི་ལམ་གནས་པ་བརྒྱད་དང་འབྲེལ་པ་མཚན་མ་མེད་པར་གཅིག་ཏུ་ངེས་པའི་ལམ་ཞེས་བྱ་བ་སྟེ། སྦྱོར་བའི་མཐར་ཐུག་པར་འགྲོ་བའི་ཕྱིར།། ཛཱ་ལྟར་སྦྱིན་གྱིས་ན་མཁའ་ཁྱབ་པ་དེ ་བཞིན་དུ། ཏིང་འཛིན་དང་གཟུངས་ཀྱི་སྤྲིན་གྱིས་ཐོབ་པའི་ཆོས་རྟེན་ལ་ཡོད་པ་ན་མཁའ་ལྟ་བུ་ལ་ཁྱབ་པའི་ཕྱིར་ཏེ། སྔར་ས་དགུ་པ་ལ་གནས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཐོས་པའི་ཆོས་རྟེན་ལ་གནས་པ་གང་ཡིན་པ ་དེ་ནི་ས་བིཙུ་ལས་བལྟོས་ནས་ཆུང་ང་ཡིན་ན།། ཏི་འཛིན་གཟུངས་ཀྱི་སྒོའི་སྤྲིན་གྱིས་ཁྱབ་པ་ནི་དེ་དག་གི་སྟོང་ས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་དག་ལ་ཆོས་ཉན་པའི་ཕྱིརརོ།། ས་དེ་དག་ཉིད་དགེ་བ་སྣ་ཚོགས་མངོན་པར་བསྒྲུབ་པ་ཉིད་ཀྱིས ་གནས་པ་ཞེས་བྱའོ།། དགེ་བ་སྒྲུབ་པ་རྣམ་པ་སྣ་ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི་དག་བླ་སྒྲུབ་པ་རྣམ་པ་སྨྲ་ཚོགས་ཀྱི་ཆེ་དུ་སྟེ་འདྲིན་ཚོད་ཀྱི་བདུན་པ་ཡིན་ཏེ། འདི་ནི་ས་རྣམས་ཀྱི་གནས་པ་རྣམ་པར་དབྱེ་བའི་དོན་གྱིས་ངེས་པའི་ཚིག་ཡིན།། ས་རྣམ ་པར་དབྱེ་བའི་དོན་གྱིས་ངེས་པའོ་ཚོགས་ནི། ཥཱ་བྱུང་པོ་དཔོག་མེད་འཛེགས་མེད་ཕྱིར།། དཔག་ཏུ་མེད་པ་དེ་དག་ལ།། ཕྱི་ཕྱིར་གྲོང་དུ་འགྲོ་ལྡན་ཕྱིར།། ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། རྀ་རེ་ལཱ་ཡང་ཚད་མེད་པའི་ཕྱིར། ཞེས་བྱ་བ་ནི ་ངེས་པའི་ཚིག་གི་ཚུལ་གྱི་ས་རྣམས་ཀྱི་ངེས་པའི་ཆོ་ག་ཡིན།། སྡོམ་པའི་ཚིག་སུ་བཅད་པ་ལས།། ངེས་པའི་ཚིག་དང་ཐོབ་པ་ཡིས།། གནས་པ་དང་ནི་ས་ཉིད།། ཞེས་བཤད་པ་གང་ཡིན་པ་དེར་ནི་གནས་པའི་ངེས་ཆོག་དང་སའི་ངེས་པའི ་ཚིག་ཅེས་གོ་རིམ་བཞིན་དུ་སྦྱར་བར་ཡང་བལྟ་བར་བྱ་སྟེ། ས་རབ་ཏུ་དགའ་བ་ལྔ་སོགས་པའི་ངེས་པའི་ཚིག་སོ་སོ་བ་ཡང་ཡིན་ལ། སྠིརརྱ་ཡང་། དཔག་ཏུ་མེད་པ་དེ་དག་ལ་བྱི་ཕྱིར་གྲོང་དུ་འགྲོ་ལྡན་ཕྱིར་ཞེས ་འབྱུང་བའི་ཕྱིར།། ངའི་འོག་ཏུ། ཐོབ་པ་རྣམ་པར་དབྱེ་བ་ལ། མོས་པས་ཐོབ་པ་ནི་མོས་པས་སྤྱོད་པའི་ས་ལ་ཛ་སྐད་བཤད་པ་ལ་མོས་པས་སོ་ཞེས་བྱ་བ་ནི། ཇི་སྐདདུ། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང་།། མོས་པ་རྣམ་པར་འཕེལ ་བྱེད་པ།། ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པ་ལྟ་བུ་ཡིནོ།། འདི་ཐམས་ཅད་ནི་མཐར་ཐུག་པའི་སྐབས་ཏེ། དེ་ལྟར་རང་གི་རྒྱུད་ཀྱི་གནས་སྐབས་རྣམ་པ་ཐམས་ཅད་དུ་ཡོངསུ་བྱང་ཞིང་ནོར་བུ་རིན་པོ་ཆེ་ལྟར་སེམས་ཅན ་ཐམས་ཅད་ཀྱི་དོན་གྱི་སྟོན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་འདི་ནི་རྣམ་པ་ཐམས་ཅད་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པས་ངེས་པར་འབྱུང་བ་ལ་འདོམས་པར་བཟོད་པ་ཡིན་པས། དེའི་འོག ་ཏུ་ཐེག་པ་ཐམས་ཅད་ཀྱིས་ངེས་པར་འ་བྱུང་བའི་སྤྱོད་པ་སྟེ། སྤྱོད་པ་རྣམ་པར་དག་པ་བཞི་ནི་འཕགས་པ་གཙུག་ན་རིན་ཆེན་གྱིས་མདོ་ལས་ཇི་སྐད་འབྱུང་བ་ལྟ་བུ་ཡིནོ།། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་ནི། ཉན་ཐོས ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་རྣམས་ཀྱི་ཕྱིར།། ཞེས་བྱ་བ་ནི་གཙོ་བོ་སྨོས་ནས་བརྗོད་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་ཀྱི་ཕྱོགས་དང་། མཐུན་པའི་སྤྱོད་པ་མེད་པ་མ་ཡིན་མོད་ཀྱི། བྱང་ཆུ ་ཀྱི་ཕྱོགས་དང་མཐུན་པའི་བསྒོམས་པས་ནི་གཙོར་ཉན་ཐོས་རྣམས་རྣམ་པར་གྲོལོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་སྤྱོད་པ་གཙོ་བོར་གྱུར་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ནི་ཐེག་པ་ཆེན། ་བོ་ལ་མོས་པ་རྣམས་ཀྱི་ཕྱིར་བཤདོ་ཞེས་བྱ་བ་སྨོསོ།། སེམས་ཅན་ཡོངསུ་སྨིན་པར་བྱེད་པའི་སྤྱོད་པ་ནི་གཉིས་པོ་ཉིད་ཀྱིས་ཡོངསུ་སྲིན་པོར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གཅེར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཡོངསུ་སྨིན་པ ་བྱེད་པ་ཡིན།། ཉན་ཐོས་རྣམས་ལ་ཡང་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པ་བསྡུ་བའི་དངོས་པོ་དག་ཡོད་པས་གཉི་གའི་ཡང་བཤད།། བསམ་པ་བཟང་པོ་དེ་ལྟ་བུ་དང་ལྡན་པ་ནི་ཡང་དག་པའི་སྦྱོར་བ་དང་། ལྡན་པའི་ལམ་གྱི་རྣམ་པ་ཐང ་བྱང་ཆུབ་སེམས་དཔའ་རྣམས་ཀུན་བཟང་པོའི་སྤྱོད་པ་མཐར་ཐུག་པ་ཐེབ་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་དག་པ་མཐར་ཐུག་པ་རྗེ་སུ་ཐོབ་པར་འོས་པས། དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལྕེན ་ཐུན་མོང་མ་ཡིན་པ་གང་དག་ཡིན་པ་དེ་དག་གིས་བསྟོད།། འདིར་སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཉིད་ནི་ཕན་པ་དང་བདེ་བའི་དགོངས་པ་ཉིད་ཀྱིས་བསྟན་ཏོ།། ཞེས་བྱ་བ་ནི་ཚད་མེད་པ་གསུམ་གྱིས་བདེ་བའི་བསམ་པ་ཉིད་བསྟོན་ཏོ།། བཞི ་པས་ནི་ཕན་པའི་བསམ་པ་ཉིད།། དེ་ཡང་ཀུན་ནས་ཉོན་མོངས་པ་ཉིད་ཀྱིས་དགོངས་པའི་མཚན་ཉིད་དུ་རིག་པར་བྱའོ།། ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས་ཏེ། རྗེ་སུ་ཆགས་པ་དང་། ཁོང་ཁྲོ་བོའོ།། བཏང ་སྙོམས་ཀྱིས་ནི་འདི་ལྟར་སེམས་ཅན་རྣམས་བདེ་བའི་ཚོར་བ་ལ་ཆགས་པ་དང་། སྡུག་བསྔལ་ཁོང་ཁྲོ་བར་མི་འགྱུར་བྱར་ཆགས་པ་མེད་ཅིང་ཞེན་པ་མེད་པ་དང་སྣང་བ་མེད་པར་གྱུར་ཅིག་ཅེས་མོས་པར་བྱེད།། རྣམ ་བར་ཐར་པ་ནི་བརྒྱ་དེ། གཟུགས་ཅན་གཟུགས་རྣམས་ལ་བལྟ་བ། འདི་ནི་རྣམ་པར་ཐར་པ་དང་པོའོ།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ།། སྡུག་པ་ནི་རྣམ་པར ་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ།། དེ་ལ་རྣམ་པ་ཐམས་ཅདདུ། གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར ་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ན་མཁའ་མཐའ་ཡསོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ། གནས་པ་འདི་ནི་རྣམ་པར་བཞི་པའོ།། དེ་རྣམ་པ་ཐམས་ཅད་ན་མཁའ་མཐའ་ཡས་སྐྱེ་མཆེད་ལས ་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡིསོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ། གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ།། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར ་འདས་ཏེ་ཅི་ཡང་མདོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ། གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ།། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཚད་ལས་ཡང་དག་པར་འདས་འདུ་ཤེས་མེད། འདུ་ཤེས་མེད་མིན་སྐྱེ ་མཆེད་རྫོགས་པར་བྱས་ཏེ། གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ།། དེ་རྣམ་པ་ཐམས་ཅད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས ་པར་བྱས་ཏེ། གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱུད་པའོ།། ཟིལ་གྱིས་ནོན་པའི་སྐྱེ་མཆེད་བརྒྱད་དེ། ནང་གཟུགསུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་བལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས ་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་མནན་པའི་སྐྱེ་མཆེད་དང་པོའོ།། ནང་གཟུགསུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོར་གྱུར་པ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས ་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་མནན་པའི་སྐྱེ་མཆེད་གཉིས་པའོ།། ནང་གཟུགས་མེད་པ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་དེ་ཁོ་ན་བཞིན་དུ་ཆུང་དང་ཆེན་པོར་རིམ་གྱིས་ལྟ་བ་འདི་ནི་ཟིལ ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པ་དང་བཞི་པའོ།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་དང་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ ་བ་ར་ཎཱ་སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་ལྔ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ ་རྣམས་ལ་ལྟ་བཱ་འདི་ནི་ཟིལ་གྱི་གནོན་པའི་སྐྱེ་མཆེད་ལྔ་པའོ།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ།། སེར་པོ་ལྟ་བུར་སྟོན་པ་འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར ་ན་དོང་ཀའི་མེ་ཏོག་འམ། ཡུལ་བ་ར་ཎཱ་སི་རིས་ཕུན་སུམ་ཚོགས་པ་སེར་པོ་ཁ་དོག་སར་པོ་སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སོར་པོ་ལྟ་བུ ་སྟོན་ཏེ། འོད་སེར་པོ་འཐུང་བྱ་རྣམས་ཁི་ལྗ་བ་འདི་ནི་ཟིལ་གྱིས་མནོན་པའི་སྐྱེ་མཆེད་དྲུག་པའོ།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ་ཁ་དོག་དམར་པོ་དམ་རོ་བ་ལྟ་བུད་སྟོན་པ། འོད་དམར་པོ་འབྱུང་བ་རྣམས ་སྟེ། དཔེར་ན་བན་དུ་ཛཱི་དེའི་མེ་ཏོག་གམ། ཡུལ་བ་ར་ཎཱ་སིའི་རས་ཕུན་སུམ་ཚོགས་པ་དམར་པོ། ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ། འོད་དམར་པ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས ་དམར་པོ། ཁ་དོག་དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་མནོན་པའི་སྐྱེ་མཆེད་བདུན་པའོ།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་ལ་རོ་པ་ལྟ་བུ་སྟེན་པ། ་འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་སྐར་མ་པ་སངས་རྒྱས་ཀྱི་མདོག་གམ། ཡུལ་བ་ར་ཎཱ་སིའི་རས་ཕུན་སུམ་ཚོགས་པ་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པོ། འོད་དཀར་བ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ་དཀར་བ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ན་ཟིལ་གྱིས་གནོན་པའི་སྐྱེ་མཚད་བརྒྱད་པའོ།། ཟད་པར་མི་སྐྱེ་མཆེད་ནི་བཅུ་སྟེ། ལ་ལ་ཟད་པར་སའོ།། ཟད ་པར་ཆུའོ།། ཟད་པོར་མེའོ།། ཟད་པར་རླུང་།། ཟད་པར་སྔོན་པོའོ།། ཟད་པར་སེར་པོའོ།། ཟད་པར་དམར་བའོ།། ཟད་པར་དཀར་པོའོ།། ། ཟད་པར་ན་མཁའ་མཐའ་ཡས་སྐྱོ་མཆེ་དོ་ཞེས་སྟེང་འོག་དང་ཐད་ཀར་གཉིསུ ་མེད་ཅིང་ཚད་མེད་པར་འདུ་ཤེས་པར་བྱེད།། ལ་ལ་ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེ་དོ་ཞེས་སྟེང་དང་འོག་དང་ཐད་གཉིསུ་མེད་ཅིང་ཚད་མེད་པར་འདུ་ཤེསུ་བྱེད།། ཉན་ཐོས་རྣམས་ནི་རྣམ་པར་ཐར་པ་གསུམ་གྱིས་མྱ་ངན་ལས ་འདས་པའི་སྒྲིབ་ལས་རྣམ་པར་གྲོལ་བར་བྱེད།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་རྣམ་པར་ཐར་པ་བཞིས་ཞི་བ་རྣམ་པར་ཐར་པ་ལ་མ་ཆགས་པའི་སྒྲིབ་པ་འཇོམ་སོ།། འདུ་ཤེས་དང་ཚོར་བ་འགྲོགས་པའི་རྣམ་པར་ཐར་པ་དེའི ་སྒྲིབ་པ་ཐག་བསྲིང་བར་བྱེད།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་ཉིད་ཀྱི་ཁྱད་པར་འཕགས་ཏེ། རྣམ་པར་ཐར་པ་རྣམས་ཀྱིས་ནི་དམིགས་པ་ལ་མོས་པ ་མཛད་པའོ།། ཉན་ཐོས་ནི་ཟིལ་གྱིས་མནན་པའི་སྐྱེ་མཆེད་རྣམས་ཀྱིས་དམིགས་པ་ཟིལ་གྱིས་མནན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ཉིད་ཀྱིས་ཐུགས་ལས་མངའ་སྒྱུར ་བྱས་ཇི་ལྟར་བཞེད་པ་ལས་དམིགས་པ་དང་སྤྲུལ་པ་ལ་སོགས་པ་སྤྲུལ་པར་མཛད་པས་འདི་ནི་ཁྱད་པར་ཡི་ནོ།། ཉན་ཐོས་རྣམས་ནི་ཟད་པར་གྱི་སྐྱེ་མཆེད་དག་གིས་རྟེན་དང་བཅས་པའི་གཟུགས་ཟད་པར་ས ་ལ་སོགས་པར་རྒྱས་པར་བྱེད།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ཁྱབ་པ། ཉིད་ཀྱིས་ཁྱད་པར་དུ་འཕགསོ།། ཉོན་མོངས་པ་གོང་ཞེ་ན། བསམ་གཏན་ལ་བརྟེན་ནས་གཞན་གྱི་ཉོན་མོངས་པ ་སྐྱེ་བའི་རྐྱེན་རྗེ་སུ་སྲུང་བའི་རྒྱུ་མཚན་གྱི་ཏིང་འཛིན་དང་། ཤེས་རབ་གང་ཡིན་པ་དེ་དག་མཚུངས་པོར་ལྡན་པའི་ཆོས་རྣམས།། སྨན་ནས་ཤེས་པའི་ཆོས་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་འདི་ཤེས་པར་བྱའོ་སྙམ་པའི་སྨོན་ལམ ་འགྲུབ་པའི་ཏིང་འཛིན་དང་ཤེས་རབ་གང་ཡིན་པ་དང་། དེ་དག་ལ་མཚུངས་པར་ལྡན་པ་སེམས་དང་སེམས་བྱུང་བའི་ཆོས་རྣམསོ།། སོ་སོ་ཡང་དག་པར་རིག་པ་བཞི་ནི་ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་དང་ངེས་པའི་ཚིག་དང་། ་སྤོབས་པ་སོ་སོ་ཡང་དག་པར་རིག་པ། ཆོས་རྣམས་ཀྱི་ནི་རྣམ་གྲངས་དང་། རང་གི་མཚན་ཉིད་དང་། ངེས་པའི་ཚིག་དང་རྣམ་པར་དབྱེ་བ་ལ་འཕགས་པ་རྣམས་ཀྱི་ཡེ་ཤེས་ཐོགས་པ་མི་མངའ་ཞིང་། མ་ཆགས་པ་གང་ཡིན་པ་སྟེ། འདི ་དག་ནི་གྲངས་བཞིན་དུ་ཆོས་དང་། དོན་དང་། ངེས་པའི་ཚོགས་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཡིནོ།། མངོན་པར་ཤེས་པ་དྲུག་ནི་རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། ་སྔོན་གྱི་གནས་རྗེསུ་དྲན་པ་དང་། ཟག་པ་ཟད་པར་ཤེས་པར་སྟེ། འདི་དག་ནི་མངོན་པར་ཤེས་པ་དྲུག། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ། སྐྱེས་བུ་ཆེན་པོ་ཞབས་ཤིན་ཏུ་གནས་པས་ས་ལ་མཉམ་པར་གཤེགས་པ་འདི་ནི། སྐྱེས ་བུ་ཆེན་པོའི་མཚན་ཡིནོ།། ཞབས་གཉིས་ཀྱི་མཐིལ་འཁོར་ལོ་རྩིབས་སྟོང་པ་མུ་ཁྱུད་དང་བཅས་ཤིང་རྣམ་པ་ཐམས་ཅད་ཡོངསུ་རྫོགས་པ་མངའ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་མཚན་ཡིནོ།། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ། ཕྱག་དང་ཞབ ་དག་གི་སོར་མོ་ཉི་ཤུའི་ཚིགས་ལེགས་པ་དང་སེན་མོ་བཟང་བ་ནི་དཔེ་བྱད་བཟང་པོ་ཉི་ཤུ་སྟེ། དེ་ལྟ་བུ་ལ་སོགས་པའོ།། མཚན་དང་དཔེ་བྱད་བཟང་པོ་རྒྱས་པོར་ནི། ཐེག་པ་ཆེན་པོའི་མདོ་སྡེ་དག་དང་། བྱང་ཆུབ་སེམས་དཔའི་ས་ལསྲྀ་ཤེས ་བར་བྱའོ།། ཡོང་སུ་དག་པ་བཞི་ནི་བརྟེན་ཡོངསུ་དག་པ་དང་། དམིགས་པ་ཡོངསུ་དག་པ་དང་། ཐུགས་ཡོངས་སུ་དག་པ་དག་པ་དང་། ཡོས་ཡོང་སུ་དག་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཙོ་ནི། གནས་དང་གནས་མ་ཡིན་པ་མཁྱེན ་པའི་སྟོབས་དང་། ལས་བདག་གི་བྱ་བ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས ་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེསུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བོ་མཁྱེན་པའི་སྟོབས་དང་། ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ། འདི་དག་ནི་དེ་བཞིན་གཤེགས་པའི་སྦྱངས་བཱས་མྦྷི་ནཽ།། རྒྱུས་པ་སྐྱབས་དྲནའི་མ་ལས་རིག་པར་བྱའོ།། བད་འགྲོ་དྲུང་ངན་སྐོ་ཐབས་པ་གླ་སྨྲ་བཟླས་བྱུ ་ནི། བདུད་ནི་ཕྱུགས་གསོད་པ་དྲུང་། མེར་འཇུག་པ་ལ་སོགས་པས་བདེ་འགྲོར་འགྲོ་བའི་ཐབས་ལ་རབ་ཏུ་སླུ་བར་བྱེད་པ་ཡིན།། བཟློག་ནཱས་ནི་ངན་འགྲོར་འགྲོ་བར་འགྱུརརོ་ཞེས་དེ་ལྟར་ལུང་འབོག་པའི་ཕྱིར། དེ་ལྟར་བདུད་ནི་ངན་འགྲོའི་ཐོབས ་ལ་ཡང་རབ་ཏུ་སླུ་བར་བྱེད་པ་ཡིན།། བཅོམ་ལྡན་འདས་ཀྱིས་སྟོབས་གང་གིས་བདེ་འགྲོ་དང་ངན་འགྲོའི་ཐ་བིས་ལོ་རབ་ཏུ་སྨྲ་བར་བྱེད་པའི་བདུད་བཅོམ་པ་དེ་བསྟན་པའི་ཕྱིར། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི ་ལྡན་འདས་དོན་དང་པོ་ལ་བདུད་འཇོམས་པ་མཛད་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱི་སྲོག་གཅོད་པ་ལ་སོགས་པས་དམྱལ་བ་ལ་སོགས་པར་སྐྱེ་བ ་གང་ཡིན་པ་དེ་ནི་གནས་ཡོད། བདེ་འགྲོར་སྐྱེ་བ་གང་ཡིན་པ་དེ་ནི་གནས་མོ་ཡིན་ཞིང་གྲོ་སྐབས་མདོ་ཞེས་རྒྱུ་ལ་ཡང་རྒྱུར། འབྲས་བུ་ལ་ཡང་འབྲས་བུར། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྐྱོ་བའི ་དགེ་སྦྱོང་དང་བྲམ་ཟེ་དག་ཀྱང་ཆར་གཅིད་པར་མཛད།། ལྷ་ལ་སོགས་པ་སྐྱབས་མ་ཡིན་པ་ལ་སྐྱབསུ་རབ་ཏུ་སླུ་བ་ཞེས་བྱ་བ་ནི། ལྷ་རྣམས་ནི་ངེས་པར་འབྱུང་བའི་ལམ་སྔོན་པར་མི་ཤེས་པའི་ཕྱིར། སྐྱབས་མ་ཡིན།། སྐྱབོས་ཀྱི་དོན ་ནི་སྐྱོབ་པའི་དོན་ཡིན་ན། དེ་རྣམས་ནི་ཐབས་མི་ཤེས་པའི་ཕྱིར་འཁོར་བ་དང་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་སེམས་ཅན་རྣམས་སྐྱོབས་པར་མི་ནུ་སོ་བདུད་དེ་དག་ཀྱང་འཇིག་རྟེན་གྱི་སྐྱབས་ཉིད་དུ་སྟོན་པ་ན་སྐྱབསུ་རབ་ཏུ་སླུ་བར་བྱེད ་པ་ཞེས་བྱ་སྟེ། ལྷ་རྣམས་ནི་ཐབས་མ་ཡིན་པ་རྫུ་འཕྲུལ་དང་། དམ་པ་སྦྱིན་པ་ལ་སོགས་པས་འཇིག་རྟེན་ལ་རབ་ཏུ་སླུ་བར་བྱེད།། བཅོམ་ལྡན་འདས་ནི་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་བདུད་ལས་རྒྱལ་བའི་ཕྱིར་བདུད་འཇོམས ་པར་མཛད་པ་ཞེས་བྱའོ།། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལ་རབ་ཏུ་སླུ་བར་བྱེད་པའོ་ཞེས་བྱ་བ་ནི་བདུད་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། དེའི་སྔགས་པ་མ་ཡིན་པ་སྒྲགས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས ་འདུན་པ་བཟློག་ནས་ཉན་ཐོས་ཀྱི་ཐེག་པ་ལ་སྦྱོར་བར་བྱེད།། སངས་རྒྱསྲ་བཅོམ་ལྡན་འདས་རྣམས་ནི་སྟོབས་ལྷག་མ་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པ་ལ་སྩོགས་པས་ཐག་པ་ཆེན་པོས་ངེས་པར་འབྱུང་བ་ལ་རང་ཏུ་སླུ་བར ་བྱེད་པའི་བདུད་བཅོམ་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་ཞིང་འདོམས་པར་མཛད།། འདིའི་ཕྱིར་ཡང་བཅོམ་ལྡན་འདས་ཀྱང་བདུད་འཇོམས་པར་མཛད་པ་ཞེས་བྱའོ།། མི་འཇིགས་པ་བཞི་ནི་ཀྱེ་མ་མངོན་པར་རྫོགས་པར་ས་ངེས ་རྒྱས་པར་ཞལ་གྱིས་འཆི་བ་ལ། ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེ་སྐྱེ་དགུར་བཅས། ལྷ་དང་མ་དང་ལྷ་མ་ཡིན་དུ་བཅས་པའོ་འཇིག་རྟེན་འདི་ན་ཆོས་འདི་དག་མངོན་པར་རྫོགས་པ་སངས་མ་རྒྱས ་ལྷུང་ལ་འགའ་ཡང་ཆོས་དང་མཐུན་པས་གླེང་བར་བྱེད་པའི་རྒྱུ་མཚན་ཡང་དག་པར་རྗེསུ་མཐོང་།། རྒྱུ་མཚན་ཡང་དག་པར་རྗེ་སུ་མཐོང་བས་འདི་ནི་ངབདེ་བ་ཐོབ་པ་དང་འཇིགས་པ་མེད་པར་གྱུར་ཅིང་གནས་ཏེ། ཁྱུ་མཆོག་གནས་རླུབས་པོ་ཆེ་ཞལ་གྱིས་འཚོ་ནི ་ཚངས་པའི་འཁོར་ལོ་སྔོན་འཇིག་རྟེན་དགེ་སྦྱོང་དང་བྲམ་ཟེ་སུས་ཀྱང་ཆོས་དང་མཐུན་པར་མ་བསྐོར་བ། སྐོར་བ་མཛཱ་།། ཀྱེ་མ་བཟག་པ་ཟད་པར་ཞཝཱ་གྱིས་འཆེ་བ་ལ་འདི་ན་ཟག་པ་འདི་དག་ཡོངསུ་མ་ཟ་དོ།། ཞེས་བཀའ་ཡང་ཞེས་བྱ་བ་སྔ་མ་བཞི་ནོ།། ངས་བུར་དུ་གཅོད་པའི་ཆོས ་གསུངས་པ་གང་དག་ཡིན་པ་དེ་བསྟེན་ན་བོར་དུ་གཅིང་པར་མི་འགྱུརརོ།། ཞེས་བྱ་བ་ཐམས་ཅ་དོ།། དེས་ངེས་པར་འབྱིན་པའི་ཆོ་སུ་བཤད་ཤས། ཡིན་པ་དེ་དག་སྟེན་ན་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པར་ངེས་པར་འབྱུང་བ་ཡིན་ཞེས་འདི་ན་ངལ། ་འགའ་ཡང་ཞེས་བྱ་བ་སྔ་མ་བཞིན་དུ་རིགས་པར་བྱའོ།། འདི་དག་ནི་མི་འཇིགས་པ་བཞི་ཡི་ནོ།། བསྲུང་བ་མེད་པ་གསུམ་ནི་དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་བསྲུང་བ་མེད་པ་སྟེ། བསྲུང་བ་མེད་པ་གསུམ་གྱིས་ནི་དེ་བཞིན་ག ་བའི་ཉེས་པ་མཛུད་པོ་འཆུབ་པ་རྣམ་པ་ཐམས་ཅད་སྤངས་པ་འདི་ཡོངསུ་བསྟན་ཏོ།། གང་ཡང་དགྲ་བཅོམ་པ་ལ་བརྒྱ་ལམ་མ་ཨཱ་འགའ་ཞིག་བརྗེད་ནས་ངན་པར་བྱས་པ། ལུང་དུ་མ་བསྟན་པ་ཆུང་ཟད་ཡོད་པ་དེ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞདུན ་མངའ་བས་དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཇི་ལྟར་ཞལ་གྱི་འཚེ་བ་དེ་ལྟ་བུའི་ངོ་བོ་ཉིད་ཡིན།། ཉན་ཐོས་རྣམས་ཆེར་གཅད་ཅིང་ཚར་གཅད་ནས་ངོས་ལྷུང་པོར་འདོམས་ཤིང་དེ་དག་ཁ་ཅིག་ནི་བརྒྱད་ཁ་ཅིག་ནི་བསྐྱོད་པས་བརླང་པོར་མཛད་ཀྱང་འདི་ལ་ནི་འདི་། ་ལ་བདག་ཉན་ཐོས་རྣམས་དང་གནས་པའི་རྒྱུས། སྐུ་དང་གསུང་དང་ཐུགས་ཡོངསུ་མ་དག་པ་ཀུན་ཏུ་སྤྱོད་པ་རིག་ནས་གཞི་ངེས་ཡིད་མ་རངས་ཤིང་མ་མགུ་བ་རྣམས་གླེང་བར་འགྱུར་ཞིང་གཞན་དག་ལ་ཡང་སྒྲོགས་པར་གྱུར་ན་མི་རུང་སྙམ་པའི་བསྲུང། ་པ་མི་འབྱུང་།། མ་འདྲེས་པའི་དྲན་པ་ཉེ་བར་བཞིན་པ་གསུམ་གང་ཞེ་ན། འདི་ནི་སྟོན་པ་ཐུགས་བརྩེ་བ་ཐུགས་རྗེ་ཅན་དོན་བཞེད་པ། ཉན་ཐོས་རྣམས་ལ་ཀྱེ་དགེ་སློང་དག་འདི་ནི་ཁྱེད་ལ་ཕན་པར་བྱེད་པ། འདྲི་ནི་ཁྱེད་ལ་ཕན་པ་དང་བདེ་བར་བྱེད་པའོ།། ཞེས་འཁྲི ་གྱི་ནང་དུ་ཆོས་སྟོན་པར་མཛད་ཅིང་དེ་ལ་ཉན་ཐོས་རྣམས་དེ་ལ་གུས་པར་བྱས་ཏེ་ཉན་པར་བྱེད།། རྣ་གཏོད་པར་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཛེག་པར་བྱེད་ན། དེས་དེ་བཞིན་གཤེགས་པ་དགྱེས་པ་ཡང་མི་མངའ། ཐུགས་སོ་སོར་ཀྱང་མི་འགྱུར་བ་འདི་ནི་དྲན ་པ་བཞག་པ་དང་པོ་ཡི་ནོ།། གཞན་ཡང་སྟོན་པ་ཞེས་བྱ་བ་ནས་ཕན་པ་དང་བདེ་བར་མཛད་པའོ་ཞེས་འཁོར་གྱི་ནང་དུ་ཚུས་སྟོན་པར་མཛད་ཅིང་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེ་ལ་ཉན་ཐོས་རྣམས་དེ་ལ་གུས་པར་བྱས་ཏེ་ཉན་པར་མི་བྱེད།། རྣ་གཏོད་པར་མི་བྱེད། ཀུན་ཤེས ་བའི་སེམས་ཉེ་བར་འཇོག་པར་མི་བྱེད་ན། དེས་དེ་བཞིན་གཤེགས་པ་མི་བཟོད་པར་མི་འགྱུར། ཐུགས་མ་རངས་པར་མི་འགྱུར་བ་འདི་ནི་དྲན་པ་ཉེ་བར་གཞག་པ་གཉིས་པའོ།། གཞན་ཡང་སྟོན་པ་ཞེས་བྱ་བ་ནས་ཕན་པ་དང་བདེ་བ་བྱེད་པའོ།། ཞེས་འཁོར་གྱི་ནང ་དུ་ཆོས་སྟོན་པར་མཛད་ཅིང་ཞེས་བྱ་བའི་བར་སྔ་མ་བཞི་ནོ།། དེ་ལ་ཉན་ཐོས་ཁ་ཅིག་ནི་དེ་ལ་གུས་པར་བྱས་ཏེ་ཉན་པར་བྱེདདོ།། རྣ་བ་གཏོད་པར་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད། ཁ་ཅིག་ནི་གུས་པར་བྱས་ནས་ཉན་པར་མི་བྱེད། རྣ་གཏོད་པར་མི་བྱེད ་ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་མི་བྱེད་མ་དེ་ལ་གང་དག་དེ་ལ་གུས་པར་བྱས་ཏེ། ཉན་པར་བྱེད། ན་གཏོད་པར་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད་པ་དེས་ཀྱང་དེ་བཞིན་གཤེགས་པ་དགྱེས་པར་ཡང་མི་འགྱུར། ཐུག་ལྔའོ།། ་བོར་ཡང་མི་འགྱུར། གང་དག་དེ་ལ་གུས་པར་བྱས་ཏེ་ཉན་པར་ཡོང་མི་བྱེད། ན་གཏོད་པར་ཡང་མི་བྱེད།། ཀུན་ཤེས་པའི་སེམས་ཉེ་བར་འཇིག་པར་མི་བྱེད་ན་དེ་ཀྱང་དེ་བཞིན་གཤེགས་པོ་མི་བཟོད་པར་ཡང་མི་འགྱུར། ཐུགས་མ་རངས་པར་ཡང་མི་འགྱུར་བ་འདི་ནི ་དྲན་པ་ཉེ་བར་གཞག་པ་གསུམ་པ་ཡི་ནོ།། དྲན་པ་ཉོ་བར་གཞག་པ་གསུམ་གྱིས་ན་མདོར་ན་དེ་བཞིན་གཤེགས་པ་ཡུན་རིང་པོ་ནས་འདི་སྙམ་དུ་གདུལ་བ་རྣམས་བདག་གི་ལེགས་པར་བཤད་པའི་ཆོས་ལ་སྒྲུབ་པ་ཇི་ལྟ་བ་བཞིན་དུ་ནན་ཏན་བྱེད་ཀྱང་ཇི་མ་རུང ་སྙམ་དུ་དགོངས་པ་ཡུན་རིང་པོ་ནས་དེ་ལྟར་དགོངས་པ་ཆོས་ཀྱི་རྗེ་འཁོར་ཡོང་སུ་སྡུད་པའི་བཞེད་པ་དུ་ཕུན་སུམ་ཚོགས་པ་དང་རྒུད་པ་དག་གས་ཀུན་ནིས་ཉོན་མོངས་པ་མེད་པར་རབ་ཏུ་འབྱེའོ།། དེ་དག་ཀྱང་འཁོར་གསུམ་གྱི་བྱེ་བྲག་གིས་གསུམ་དུ་རྣམ་པར་བ ་སྟེའཁོར་གསུམ་པོ་གང་ཞེ་ན། ཐམས་ཅད་གཅིག་ཏུ་ཡང་དག་བསྒྲུབ་པ་འདི་ནི་འཁོར་གཅིག་པ་ཡི་ནོ།། ཐམས་ཅད་གཅིག་ཏུ་ལོག་པར་བསྒྲུབ་པ་འདི་ནི་འཁོར་གཉིས་པ་ཡི་ནོ།། གསུམ་པོ་ནི་དེ་དག་ཁ་ཅིག་ཡང་དག་པར་བསྒོབ་ལ།། དེ་ཁ་ཅིག་ནི་ལོག་པར་བསྒྲུབ ་པ་ཡིན།། བག་ཆགས་ཡང་དག་པར་བཅོམ་པ་གང་ཞེ་ན། དེ་ལ་དེ་བཞིན་གཤེགས་པ་ལ་རིག་པ་འམ་གཟིགས་པ་འམ་བཞུགས་པ་ལ་ཉོན་མོངས་པ་ཡོད་པ་ལྟ་བུའི་གཡོ་བ་ཀུན་ཏུ་སྤྱོད་པ་རབ་ཏུ་རྒྱུ་བ་གང་ཡིན་པ་དེ་དེ་བཞིན་གཤེགས་པས་བག་ཆག ་དང་བཅས་ཏེ་ཡང་དག་པར་བཅོ་མོ།། དགྲ་བཅོམ་པ་རྣམས་ནི་ཉོན་མོངས་པ་སྤངས་ཀྱང་གཡོ་དང་བལྟས་པ་དང་སྨྲས་པ་དང་། གནས་པ་དག་ལ་ཉོན་མོངས་པ་ཡོད་པ་དང་འདྲ་བའི་གཡོ་བ་ཡོད་པ་ཁོ་ནའོ།། བསྒྱེལ་བ་མི་མངའ་བ་གང་ཞེ་ན། དེ་ལ་དེ་བཞིན་གཤེ ་པ་ནི་གང་ཞིག་བསྒྲུབ་པར་བྱ་བ་ཡིན་པ་དང་། གང་དུ་ཡིན་པ་དང་། ཇི་ལྟར་ཡིན་པ་དང་། གང་གི་ཚེ་ཡིན་པ་དེ་དེར་དེའི་ཚེ་དེ་བཞིན་དུ་ལེགས་བྱར་བསྒྲུབ་པའི་ཕྱིར་ཏེ། འདི་ནི་དེ་བཞིན་གྲུ་ཤེགས་པའི་བསྒྱེལ་བ་མི་མངའ་བའི་ཆོས་ཉིད་ཡིན།། འདི་ལ་དེ་བཞིན་ག ་པའི་མཛད་པ་ཐམས་ཅད་དང་། ཡུལ་ཐམས་ཅད་དང་། མཛད་པ་ཐམས་ཅད་ཀྱིས་ཐམས་ཅད་རྣམས་ལ་བསྐལ་བ་མི་མངའ་ཞིང་རྟག་ཏུ་དགོངས་པ་ཉེ་བར་གནུས་པ་གང་ཡིན་པ་འདི་ནི་འདིར་བསྙེལ་བ་མི་མངའ་བའི་ཆོས་ཉིད་དུ་བལྟ་བར་བྱའོ།། ཐུགས་རྗེ་ཆེན་པོ་ག ་ཞེ་ན། ཁམས་གསུམ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་ལ་རྟག་ཏུ་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ལ་དམིགས་པའི་ཐུགས་རྗེས་གནས་པ་འགྲུབ་པའི་ཏིང་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དག་དང་། མཚུངས་པར་ལྡན་པའི་ཆོས་རྣམསོ།། རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཐམས་ཅད་དུ་ཡེ་ཤེས་ཐོགས་པ་མི་མངའ་བའི་ཕྱིར་གང་གི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པའི་ཕྱིར། ཆོས་ཀྱི་ཚུལ་ཡང་ཡུན་རིང་དུ་གནས་པར་མཛད། བསྟན་བཅས་པའི་ཆོས་དེ་ལ་བརྟེན་ནས་སེམས ་ཅན་ཡོངསུ་མི་མིན་པ་ཡང་ཡོངསུ་སྨིན་པར་མཛད། སྨན་པ་རྣམས་ཀྱང་རྣམ་པར་གྲོལ་བར་མཛད་པ་མཛད་པ་ཡི་ནོ།། ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པོ་གང་ཞེ་ན། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཤེས་རབ་དང་སྙིང་རྗེའི་ཐབས་ལ་མཁས་པས ་ཡོངསུ་ཟིན་པས་གླེང་ནས་གོང་དུ་འཛེག་པའི་རིམ་གྱིས་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱི་སེར་སྣ་ལ་སོགས་པ་སྒྲིབ་པ་ཐམས་ཅད་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྗོན་པའོ།། ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་ཡོངསུ་རྟོགས་ལ། ཡིད་བཞིན་གྱི་ནོར་བུ་ལྟ་བུར་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱིས་མཛད་པ་རྒྱུན་མི་གཅོད་པ་གང་ཡིན ་སྟེ། དེ་བཞིན་གཤེགས་པ་བླ་ན་མེད་པ་བརྙེས་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པ་ཞིབ་ཏུ་ནི་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལྔ་སོགས་པུ་ལས་བལྟ་བར་བྱའོ།། བྱང་ཆུབ་སེམས་དཔའི་ས་ཐད་ལས་ངེས་པར་བྱུང་བ་ཉིད་ནི་རྒྱུའོ།། ཞེས་བྱ། ་པརིནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་སོགས་པ་བཅུ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཐོབ་པའི་བྱེད་པའི་རྒྱུར་གྱུར་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཉིད་ནི་འབྲས་བུའོ་ཞེས་བྱ་བ་སྨོས།། རྣམ་པ་འགྲོ། ་མ་སྣང་བོ་ཉིད་ནི་ཆོས་ཀྱི་སྐུ་ཏེ་ཞེས་བྱ་བ་ནི་ཇི་སྐད་དུ་ཆོས་ཀྱི་སྐུ་ནི་སོ་སོ་རང་གི་རིག་པར་བྱ་བ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་མཚན་ཉིད།། རྟོགེ་སྤྱོད་ཡུལ་མ་ཡིན་པའི་ཕྱིར། འཇིག་རྟེན་ན་དཔེ་མེད་པ་ཉིད་།། ཞེས་བཤད་པ་ལྟ་བུའོ།། །། ཐེག་པ་ཆེན ་པའི་མངེ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ། སློབ་དཔོན་ངོ་བོ་ཉིད་མེད་པས་མཛད་པ་རྫོག་སོ།། །། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཙོ་བོ་བན་དེ་དཔལ་བརྩེ་གོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དགོའོ། ཞལ་གྲོ། ་བསོད་ནམས་སྟོབས་རྒྱུས་ཀྱིས་མཚན་མར་གྱུར་འགྲོ་བ་ཡི་སྒྲ།། ཚེ་རབས་དུ་མར་བསགས་པའི་སྡིག་སྒྲིབ་མ་ལུས་ཀུན།། དགོ་འདིས་དུག་ལྔའི་མོ་ལྕེ་ཆུ་ཡིས་བཅིལ་བ་བཞིན། ་རིང་མིན་བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་ཐོག་ཤོག། ཅེས་མི་དབང་པོ་ལྟ་བས་སྒོ་གསུམ་ཚིག་དྲིལ་གྱི་སྨོན་ལམ་བཏབ་པའོ།།་