CLOSE WINDOW

GT3532: chos dang chos nyid rnam par 'byed pa'i 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། དྷརྨ་དྷརྨ་ཏཱ་བི་བྷཾ་གྲ་བྲྀཏྟཾ། བོད་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ། བཅོམ་ལྡན་འདས་མ་ཕམ་པ་ལ་ཕྱག་འཚལོ།། མ་ཕམ་གང་གིས་སྒྲ་བཞིན་དོན་འཛིན་པའི།། འཁྲུལ་པས་འཇིག་རྟེན ་ལམ་གོལ་སོང་མཁྱེན་ནས།། བསྟན་པ་བསྡུ་བ་མཛད་དེ་འདི་གསུངས་པ།། བླ་མ་དེ་ལ་ཐལ་སྦྱར་རབ་བཏུད་ནས།། བླ་མ་རྣམས་ལས་ཐོས་ནས་དེ་ཉིད་ཀྱིས།། གནང་བའི་ཚིག་བསྡུས་བསྟན་བཅོས་འདི་ཡི་དོན།། ཟབ་མོ་ཉིད་ནི་ཅུང་ཟད་ཚིག་རེ་ནས།། རང ་ནུས་ཉིད་ཀྱིས་རྣམ་པར་དབྱེ་ཕྱིར་འབད།། གང་ཕྱིར་ཤེས་ནས་འགའ་ཞིག་སྤང་བྱ་ཞིང་།། གཞོན་འགའ་ཞིག་ནི་མངོན་སུམ་ཉིད་བྱ་བ།། དེས་ན་དེ་དག་མཚན་ཉིད་སྒོ་ནས་ནི།། རྣམ་དབྱེ་འདོད་པས་བསྟན་བཅོས་འདི་བྱསོ།། གདི་ཕྱིར་ཤེས་ནས་འགའ་ཞིག ་སྤོསྤསྲསྤང་བྱ་ཞིང་།། གཞན་འགའོ་ཞིག་ནི་མངོན་སུམ་ཉིད་བྱ་བ་ཞེས་བྱ་བ་ནི་རིམ་པོ་ཇི་ལྟ་བ་བཞིན་དུ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང་། རྣམ་པར་བྱང་བ་མཚན་ཉིད་ཀྱི་གནས་ཡོངསུ་གྱུར་པས་རབ་ཏུ་ཕྱེ་བའི་ཆོས་ཉིད་ཀྱི་དབང་དུ་བྱས་ཏེ། ་གསུངས་པའོ།། དེ་དག་མཚན་ཉིད་ཀྱི་སྒོ་ནས་རྣམ་པར་དབྱེ་ཞེས་བྱ་བ་ནི་ཡུལ་ཐ་དད་པའི་སྒོ་ནས་མ་ཡིན་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་དོན་གོ་བར་ཟད།། སྨྲས་པོ། དེ་དག་མཚན་ཉིད་སྒོ་ནས་ནི་རྣམ་པར་དབྱེ་ཞེས་བྱ་བ་ཅི་རེ་ཤིག་ཆོས་དང་ཆོས་ཉིད་དེ ་དག་ཉིད་རྣམ་པར་དབྱའི་གཞན་ནི་མ་ཡིན་ནམ། འོན་ཏེ་འདི་དག་ཙམ་དུ་ཟད་པ་ཡིན་ཞེ་ན། བརྗོད་པ་མང་པོ་རྣམས་ལས་བཀོལ་ནས་གཉིསུ་རྣམ་པར་དབྱེ་བ་བྱེད་པ་ནི་མ་ཡིན།། འོ་ན་ཅི་ཞེ་ན། བཅོམ་ལྡན་འདས་ཀྱིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ ་སོགས་པ་རྣམ་པར་བཞག་པ་གང་ཡིན་པ་དེ་མདོར་བསྡུས་པས། འདི་ཐམས་ཅད་ནི་གཉིས་ཏེ། ཅིའི་ཕྱིར་ཞེ་ན། ཆོས་དང་ཆོས་ཉིད་ཀྱིས་བསྡུས་པའི་ཕྱིར།། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དེ་ནི། བསྡུ་ན་རྣམ་པ ་གཉིསུ་འགྱུར་ཏེ། འདི་ལྟ་སྟེ། ཆོས་དང་། ཆོས་ཉིད།། དེ་ལ་འདི་ཞེས་སྨོས་པ་ནི་གང་ཞིག་བསྟན་པ་འདི་ཉི་དུ་བཤད་པ་དེ་གཟུང་བའི་དོན་དུའོ།། ཐམས་ཅད་སྨོས་པ་དེ་ཡང་འདི་ཙམ་ཉིད་ཞེས་བསྟན་པའི་དོན་དུ་ཡིན་ཏེ། དེ་ལས་གཞན་ནི་འདི་ཉི་དུ་འདུས ་པའི་ཕྱིར་རམ་མེད་པའི་ཕྱིར།། དེ་ལྟར་ཁྱབ་པར་མེད་པར་བརྗོད་ན། གང་ཞིག་གིས་བསྡུས་ཤེས་འཁོར་བ་དང་མྱ་ངན་ལས་འདས་པ་དག་གིས་རྣམ་པར་དབྱེ་བ་མི་ཤེསོ་ཞེ་ན། དེའི་ཕྱིར་གསུངས་པ་ནི། ཆོས་ཀྱིས་རབ་ཏུ་ཕྱེ་བའི་འཁོར་བའོ།། དེ་ལས་ནི ་ཀུན་ནོས་ཉོན་མོངས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་དེའི་རང་བཞིན་འཁོར་བ་ཆོས་ཀྱིས་རབ་ཏུ་ཕྱེ་བ་ཞེས་བརྗོད།། ཅིག་དཤོས་ཀྱང་། ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ནི་ཐེག་པ་གསུམ་གྱི་མྱ་ངན་ལ་འདས་ལོ་མྱང་ན་བླ་ས་པ་ནི་ཐིག་པ་གསུཾ་བྷི་ཐོབ་བྱ་བྱ་བ་ཧྲཱི་བཱི་ཕྱི་ཐེག་པ་དས ་རྒྱབ་ལས་འདས་པ་ཞེས་བརྗོད།། ཡང་ན་ཐེག་པ་གསུམ་ཡང་ཡིན་ལ་མྱ་ངན་ལས་འདས་པ་ཡང་ཡིན་པས་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ཞེས་བྱའོ།། དེ་ལ་ཆོས་ཉིད་ནི་གནས་ཡོངསུ་གྱུར་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ན་དེས ་བསྡུས་པའི་མྱ་ངན་ལས་འདས་པ་ནི་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཞེས་བརྗོད།། འཁོར་བ་དང་མྱ་ངན་ལས་འདས་པ་དག་དེ་ལྟར་ཆོས་དང་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་མོད། མཚན་ཉིད་མ་བརྗོད་པའི་ཕྱིར་ན། འདི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེས ་ཆོས་དེ་ཉིད་ནི་མི་ཤེསོ་ཞེ་ན། དེས་ན་དེའི་མཚན་ཉིད་བསྟན་པའི་དོན་དུ་གསུངས་པ། གཉིས་དང་ཇི་ལྟར་མངོན་པར་བརྗོད་པར་སྣང་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ་ཆོས་ཀྱི་མཚན་ཉིད།། གཉིསུ་སྣང་བ་དང་ཇི་ལྟར་མངོན་པར་སྣང་བ་ནི ་གཉིས་དང་ཇི་ལྟར་མངོན་པར་བརྗོད་པར་སྣང་བའོ།། དེ་ལ་གཟུང་བ་དང་འཛིན་པའི་དངོས་པོ་མིག་དང་གཟུགས་ལ་སོགས་པའི་གཉིསུ་སྣང་བ་གང་ཡིན་པ་དང་། དེ་ལ་བརྟན་པ་ཇི་ལྟར་མངོན་པར་བརྗོད་པ་གང་ཡིན་པ་སྟེ། ངོ་བོ་ཉིད་དང་ཁྱད་པར་དུ ་གདགས་པའི་རྟེན་གྱི་ངོ་བོ། དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ།། དེ་ནི་ཆོས་ཀྱི་མཚན་ཉིད་ཞེས་བྱ་བས་ནི་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་དང་ལུས་པ་བརྗོད་པའོ།། དེ་ལ་ཡང་དག་པ་མ་ཡིན་པའི་ངེས་པའི་ཚིག་ནི། མེད་པ་སྣང་བའི ་ཕྱིར་ཡང་དག་པ་མ་ཡིན་པའོ།། གང་གི་ཕྱིར་ཆོས་འདི་ཡོད་པ་ནི་མ་ཡིན་པ། ཀུན་ཏུ་སྒྲ་དང་རྟོག་པའི་སྒྲ་དག་གིས་ངེས་པའི་ཚིག་ནི། ཐམས་ཅད་དུ་དོན་མེད་ཅིང་རྟོག་པ་ཙམ་ཡིན་པའི་ཕྱིར་ཀུན་ཏུ་རྟོག་པའོ།། དོན་མེད་པ་ཉིད་ཀྱང་སྣང་བ་དེའི་བདག ་ཉིད་ཡོངསུ་མཱཾ་གྲུབ་པའི་ཕྱིརརོ།། རྟོག་པ་ཙོམ་ཉིད་ནི་སྣང་བ་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིརོ།། ཆོས་ཀྱི་མཚན་ཉིད་བཤད་ཟིན་ཏོ།། ཆོས་ཉིད་ཀྱི་མཚན་ཉིད་ནི། གཟུང་བ་དང་འཛིན་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་ཁྱད་པར་མེད་པའི་དེ ་བཞིན་ཉིད་དེ་ནི་ཆོས་ཉིད་ཀྱི་མཚན་ཉིད་དོ།། གཟུང་བ་དང་འཛིན་པའི་ཁྱད་པར་མེད་པ་གང་ཡིན་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་ཁྱད་པར་མེད་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཡིན་ལ། དེ་ཡང་ཆོས་ཉིད་ཀྱི་མཚན་ཉིད་ཡིན།། ཁྱད་པར ་མེད་པ་ཉིད་ནི་རིམ་པ་ཇི་ལྟ་བ་བཞིན་གཉི་སུ་མེད་པའི་ཕྱིར་དང་། བརྗོད་དུ་མེད་པའི་ཕྱིར་ཏེ། གང་ལ་ཁྱད་པར་ཡོད་པ་མ་ཡིན་པ་དེ་ནི་ཁྱད་པར་མེད་པ་ཞེས་བྱ་བས་སོ།། འདི་ནི་གཟུང་བའོ།། འདི་ནི་འཛིན་པའོ་ཞེས་བྱ་བ་འམ། འདི་ནི ་བརྗོད་པར་བྱ་བའོ།། འདི་ནི་རྗོད་པར་བྱེད་པའོ།། ཞེས་གཉིས་སྔམ་ཁརྗོད་བྱ་དང་རྗོད་བྱེད་ཡོད་ན་ནི་ཁྱད་པར་ཡོད་པར་འགྱུར་ལ། དེ་མེད་པའི་ཕྱིར་ནི་ཁྱད་པར་མེད་པའི་དེ་བཞིན་ཉིད།། དེ་ཡང་ཆོས་ཉིད་ཀྱི་མཚན་ཉིད།། ཞེས་བྱ་བས་ནི་ཆོས་ཉིད་ཀྱི་མཚན་ཉིད་ཕྱིན་ཅི ་མ་ལོག་པ་དང་མ་ལུས་པར་བསྟན་པ་ཡིནོ།། སྔར་བསྟན་པའི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི། མེད་པ་སྣང་བའི་ཕྱིར་འཁྲུལ་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ཏེ། གང་གི་ཕྱིར་ཡོད་པ་མ་ཡིན་པ་སྣང་བ་དེའི་ཕྱིར་དེ་ནི་མེད་པ་སྣང་ལ།། དེའི་ཕྱིར་དེ་འཁྲུལ ་པ་ཙམ་ཡིན་ཞེས་རྟོག་པར་བྱ་བའོ།། དེ་ཉིད་ཀྱི་ཕྱིར་ན་ཀུན་ནས་ཉོན་མོངས་པའི་རྒྱུ་ཡང་ཡིན་ཏེ། དེ་ལ་མངོན་པར་ཞེན་པས་ནི་ཕྱི་མ་ལ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་འབྱུང་བའི་ཕྱིརརོ།། མེད་པ་སྣང་བ་ཡང་ཇི་ལྟ་བུ་ཞེ་ན། གསུངས་པ་སྒྱུ་མའི་གླང་པོ་ཆེ་ལ ་སོགས་པ་སྣང་བ་བཞི་ནོ།། དེཔེདུན་སྒྱུ་མར་བྱས་པའི་གླང་པོ་ཆེ་ལ་སོགས་པ་དང་། ནོར་དྲང་འབྲུ་ལ་སོགས་པ་ནི་ཇི་ལྟར་སྣང་པོ་དེ་ལྟར་མེད་ལ། སྣང་བ་ཡང་ཡིན་པ་དེ་བཞིན་དུ་ཡང་དག་པོ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་མང་པོ་བཞིན་དུ་སྣང་བ་ཡིན་ནོ།། ་གཞན་ཡོད་པ་ཡང་མི་སྣང་བའི་ཕྱིར།། འཁྲུལ་པ་ཞེས་རྗེ་སུ་འཇུག།། དེ་ལ་ཡོད་པ་ཡང་མི་སྣང་བའི་ཕྱིརརོ།། ཞེས་བྱ་བ་ནི་བདག་མེད་པ་རྣམ་པ་གཉིས་ཡོད་པ་མི་སྣང་བའི་ཕྱིར་ཡང་འཁྲུལ་པ་ཡིནོ།། ཐོ་ཡོད་དང་མིའི་རྣམ་པ་ཡོད་པ་དང་མེད་པ་དག་མི་སྣང ་པབ་གང་ཡིན་པ་དེ་ནི་འཁྲུལ་པའི་མཚན་ཉིད་ཞེས་དེ་ལྟར་འཇིག་རྟེན་མཐོང་བའི་ཕྱིརརོ།། ཡང་ཅིའི་དོན་གྱིས་མེ་པ་དང་། སྣང་བ་དག་ལས་གང་རུང་ཞིག་མེད་པར་མི་འདོད་ཅེ་ན། གསུངས་པ། མེད་པ་དང་སྣང་བ་དག་ལས་གང་རུང་ཞིག་མེད་ན་ནི་འཁྲུལ་པ ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་འཐོད།། གལ་ཏེ་མེད་པ་ཁོ་ནར་གྱུར་ཏེ་སྣང་བར་མ་གྱུར་ན་ནི་དེ་མེད་པས་འཁྲུལ་པར་མི་འགྱུར་ཏེ། མེད་པ་ནི་མེད་པ་ཉི་དུ་མ་འཁྲུལ་པའི་ཕྱིརརོ།། འཁྲུལ་པ་མེད་ན་ནི་མ་འཁྲུལ་པ་ཡང་མེད་པར་འགྱུར་ཏེ། མ ་འཁྲུལ་པ་ནི་དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིརརོ།། དེས་ན་ཀུན་ནས་ཉོན་མོངས་པ་ཡང་མེད་པར་འགྱུར་བ་ཡིན་ཏེ། དེ་ནི་འཁྲུལ་པའི་རྒྱུ་ཅན་ཕྱིར།། དེ་མེད་ན་རྣམ་པར་བྱང་བར་མི་འགྱུར་ཏེ། རྣམ་པར་བྱང་བ་ནི་ཀུན་ནས་ཉོན་མོངས་པ་སྔོན་དུ་འགྲོ་བ་ཅན་ཡཱི། ་པའི་ཕྱིར།། དེའི་ཕྱིར་དེ་མད་ན་འབད་པ་མེད་པར་གྲོལ་བར་འགྱུར་བས་ན་མངོན་སུམ་དང་འགལོ།། འོན་ཏེ་སྣང་བ་ཁོ་ནས་འགྱུར་གྱི་མེད་པར་མ་གྱུར་ན། དེ་ལྟ་ན་ཡང་མེད་པས་འཁྲུལ་པར་མི་འགྱུར་ཏེ། སྣང་བ་དེའི་བདག་ཉིད་དུ་ཡོངསུ་གྲུབ་ནེ་མ་འཁྲུལ་པའི་ཕྱིར ་འཁྲུལ་པ་མེད་ན་སྔ་མ་བཞིན་ལྷག་མར་ཡང་མི་འགྱུརརོ།། དེའི་ཕྱིར་སྐྱེས་བུའི་བྱེད་པ་དོན་མེད་པར་འགྱུར་བས་རིགས་པ་དང་འགལོ།། འཇིག་རྟེན་ན་ཡང་དེ་ལྟར་སོ་སོར་གྲུབ་པའི་ཐོ་ཡོར་དང་། སྐྱེས་བུ་དག་ལ་འཁྲུལ་པར་མིང་འདོགས་པའི་ཕྱིར།། གཉིས་པ ་དང་མངོན་པར་བརྗོད་པ་ཇི་ལྟ་བར་སྣང་བ་ཆོས་ཀྱི་མཚན་ཉིད་དང་། དེ་ཁྱད་པར་མེད་པའི་ཆོས་ཀྱི་མཚན་ཉིད་བཤད་ཟིན་ཏོ།། དེ་ནི་དེ་ལྟ་ཡིན་ན་ཅི་ཆོས་དང་ཆོས་ཉིད་དག་གཅིག་ཏུ་ཁས་བླང་བར་བྱ་བ་འམ། འོན་ཏེ་ཐ་དད་པ་ཉི་དུ་སྙམ་ན། གསུངསོ་པ། གཉིས་པོ ་དག་ནི་གཅིག་ཉིད་མ་ཡིན་ཞིང་སོ་སོ་ཉིད་མ་ཡིན་ཏེ། ཡོད་པ་དང་མེད་པ་དག་ཁྱད་པར་མེད་པའི་ཕྱིརརོ།། གཉིས་པོ་དག་ཅེས་བྱ་བ་ཆོས་དང་ཆོས་ཉིད་ནི་གཅིག་པ་ཉིད་དང་ཐ་དད་པ་ཉི་དུ་མི་འདོ་དོ།། དེ་ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པ་དག་ཁྱད་པ ་ཡོད་པར་དང་ཁྱད་པར་མེད་པའི་ཕྱིར་རོ།། རེ་ཞིག་ཆོས་དང་ཆོས་ཉི་དུ་ནི་འཐད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པ་དག་ཁྱད་པར་ཡོད་པའི་ཕྱིརརོ།། ཆོས་ཉིད་ན་ཡོད་པ་མིན་ལ་ཆོས་ནི་མེད་པ་ཡིན་པས་ཡོད་པ་མེད་པ་ཁྱད་པར་ཅན་དག་ཅི་ལྟར་གཅིག་ཉིད་དུ ་འགྱུར། ཐ་དད་པ་ཉིད་ཀྱང་མ་ཡིནོ།། ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པ་དག་ཁྱད་པར་མེད་པའི་ཕྱིར།། ཇི་ལྟར་ཁྱད་པར་མེད་ཅེ་ན། ཆོས་ཉིད་ནི་ཆོས་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ཏེ། གཟུང་བ་ལ་སོགས་པའི་ཁྱད་པར་མེད་པའི་ཕྱིརརོ།། ཆོས་དང་ཆོས་ཉིད་དག ་གཅིག་ཉིད་མ་ཡིན་པ་དང་། སོ་སོ་མ་ཡིན་པ་ཉིད་བཤད་ཟི་ནོ།། འོན་ཀྱང་དེ་ལྟར་ཐ་དད་པ་མེད་པ་དེ་དག་ལས་ཇི་ལྟར་ཆོས་དེ་ལ་ཞུགས་པའམ། ཇི་ལྟར་ལེགས་པར་ཞུགས་པར་འགྱུར་ཞེ་ན། གསུངས་པ། རྣམ་པ་དྲུག་གི་ཆོས་ལ་འཇུག་པ་བླ་ན་མེད་པ་ཡིན་ཏེ་ཞེས ་བྱ་བ་ཡིན་པ་སྟེ། འཆད་པར་འགྱུར་བ་རྣམ་པ་དྲུག་གི་སོ།། འདི་ལྟ་སྟེ། མཚན་ཉིད་དང་། གྲུབ་པ་དང་། གཅིག་ཉིད་མ་ཡིན་ཞིང་སོ་སོ་བོ་ཉིད་མ་ཡིན་པ་དང་། གནས་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་དང་། གཟུང་བ་དང་འཛིན་པར་སྣང་བ་མེད་པ་ལ་འཇུག་པསོ།། དེ་ལ ་མཚན་ཉིད་དང་། གྲུབ་པ་དང་། གཅིག་ཉིད་མ་ཡིན་ཞིང་སོ་སོ་ཉིད་མ་ཡིན་པ་ནི་མང་ཇི་ལྟ་བ་བཞི་ནོ་ཞེས་བྱ་བ་ལ། གསུམ་པོ་འདི་དག་ནི་མདོ་ཇི་ལྟ་བ་བཞིན་རིག་པར་བྱ་སྟེ། འདི་ལྟ་སྟེ། མཚན་ཉིད་དང་། གྲུབ་པ་དང་། གཅིག་ཉིད་མི་ཡིན་ཞིང་སོ་སོ་བ་ཉིད་མ་ཡིན ་པའོ།། མཚན་ཉིད་ནི་གཉིས་དང་། ཇི་ལྟར་མངོན་པར་བརྗོད་པར་སྣང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། ཆོས་ཀྱི་མཚན་ཉིད།། གྲུབ་པ་ནི་མེད་པ་དང་སྣང་བ་དག་ལས་གང་ཡང་རུང་བ་ཞིག་མེད་ན་འཁྲུལ་པ་དང་མ་འཁྲུལ་པ་དང་། ཀུན་ནས་ཉོན་མོངས་པ ་དང་རྣམ་པར་བྱང་བ་མི་འཐད་པའི་ཉེས་པར་འགྱུར་བས། དེ་གཉི་ག་ཁས་བླངས་པས་འབྲས་བུ་དང་བཅས་པ་གྲུབ་པའོ།། གཅིག་ཉིད་མ་ཡིན་ཞིང་སོ་སོ་བ་ཉིད་མ་ཡིན་པ་ནི་ཡོད་པ་དང་མེད་པ་དང་ཁྱད་པར་ཡོད་པ་དང་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་སྟེ། མདོ ་ཇི་ལྟ་བ་བཞི་ནོ།། གནས་ནི་གང་ཞིག་གང་དུ་འཁོད་པ་དེ་ནི་གནས་པ་ཡིན་ཏེ། སེམས་ཅན་གྱི་ཁམས་དང་འཇིག་རྟེན་གྱི་ཁམ་སོ།། དེ་ལ་གང་ཞིག་འཁོར་བ་དང་གང་དུ་འཁོར་བ་དེ་ནི་ཆོས་ཀྱི་གནས་ཡིན།། དེ་ཡང་རིམ་པོ་ཇི་ལྟ་བ་བཞིན་བརྟེན་པ་དང་རྟེན་གྱི་དངོས ་པོ་སེམས་ཅན་གྱི་ཁམས་དང་འཇིག་རྟེན་གྱི་ཁམ་སོ།། དེ་ལ་འཇིག་རྟེན་གྱི་ཁམས་ནི་ཐུན་མོང་པ་ལྟ་བུའི་རྣམ་པར་རིག་པ་སྟེ། རྒྱུད་སོ་སོར་སེམས་ཅན་ཐམས་ཅད་ལ་དེར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིརརོ།། དེ་ཡང་གཅིག་ཤོས་ནི་སེམས་ཅན་གྱི་ཁམས ་སོ།། དེ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའོ།། དེ་ཡང་སྐྱེ་བ་དང་ཐ་སྙད་དང་། ཕན་པ་དང་གནོད་པ་དང་། སྟོན་དང་སྐྱོན་ནི་ཕན་ཚུན་བདག་པོ་ཉིད་ཀྱིས་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་ཐུན་མོང་བའོ།། སྐྱེ་བ་དང་ལྟ་བ་ལ་སོགས་པའི་ཐ་སྙད་དང་། ཕན་པ་དང་གནོད་པ་དང་། ་སྟོན་དང་སྐྱོན་རྒྱུད་སོ་སོ་ལ་ཡོད་པ་རྣམས་ནི་ཕན་ཚུན་དེར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བ་ལ་བདག་པོ་ཉིད་ཀྱིས་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་སེམས་ཅན་གྱི་ཁམས་ཐུན་མོང་བ་ཞེས་བརྗོད།། ཕན་ཚུན་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བས་གྲུབ་བཞིན་དུ་བདག་པོ ་སྨོས་པ་ནི་དམིགས་པའི་རྒྱུ་བསལ་བའི་དོན་དུའོ།། འདི་ཐུན་མོང་མ་ཡིན་པ་ཇི་ལྟར་ཞེ་ན། གསུངས་པ། གནས་དང་། རྣམ་པར་རིག་པ་དང་། ལས་དང་། བདེ་སྡུག་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། བཅིངས་པ་དང་། གྲོལ་བ་ནི་ཐུན་མོང་མ་ཡིན ་པས་ན་ཐུན་མོང་མ་ཡིན་པའོ།། དེ་ལ་གནས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེར་སྣང་བའི་རྣམ་པར་ཤེས་པའི་བག་ཆགས་རྣམས་ནི་དེ་ལ་གནས་པའི་ཕྱིར།། རྣམ་པར་རིག་པ་ནི་འཇུག་པའི་རྣམ་པར་ཤེས་པའོ།། ལས་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ ་བསྟན་པའོ།། ལྷག་མ་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ།། དེ་ལ་གནས་ལ་སོགས་པ་རྣམས་ནི་ལུས་ཅན་མ་ཡིན་པའི་ཕྱིར་ན། ཕན་ཚུན་རྒྱུད་སོ་སོར་དེར་སྣང་བའི་རྣམ་པར་རིག་པ་སྐྱེ་བའི་རྒྱུ་མ་ཡིན་པས་སེམས་ཅན་གྱི་ཁམས་ཐུན་མོང་མ་ཡིན་པ་ཞེས ་བརྗོད།། ལུས་ངག་གི་ལུས་ཀྱི་རྣམ་པར་རིག་པ་དག་ཕན་ཚུན་དེར་སྣང་བ་རྣམ་པར་རིག་པ་སྐྱེ་བའི་རྒྱུ་ཡིན་ཡུང་ཐ་སྙད་ཀྱིས་མ་བསྡུས་པ་ཅིའི་ཕྱིར་ཞེ་ན། བརྗོད་པ། ལུས་ངག་གི་རྣམ་པར་རིག་པ་ཐ་སྙད་ཀྱིས་ནི་བསྡུས་མོད་ཀྱི།། དེ་ལས་ཀྱིས་རྣམ་པར་རིག་པ་ནི་མ ་ཡིནོ།། འདི་ནི་དགེ་བ་ཉིད་གང་གིས་དེ་ལས་ཉི་དུ་རྟོགས་པར་འགྱུར་བ་དེའི་དབང་དུ་བྱས་ཏེ་བསྟན་པ་ཡིནོ།། དེར་སྣང་བའི་རྣམ་པར་རིག་པ་དེ་ཡང་ཕན་ཚུན་དུ་དེར་སྣང་བའི་རྣམ་པར་རིག་པ་སྐྱེ་བའི་རྒྱུ་མ་ཡིན་པས་ན་ལུས་ངག་གི་ལས་ཀྱི་རྣམ་པར་རིག་པ་ཡང་ཐུན ་མོང་མ་ཡིན་པ་ཉིད།། གཟུང་བ་དང་འཛིན་པར་སྣང་བ་མེད་པ་ལ་འཇུག་པ་ནི་གཟུང་བར་སྣང་བ་མེད་པ་ལ་འཇུག་པའི་དབང་དུ་བྱས་ཏེ་གསུངས་པ། ཕྱི་རོལ་གྱི་གཟུང་བ་ཐུན་མོང་བར་སྣང་བ་འཛིན་པའི་རྣམ་པར་རིག་པ་ལས་རྣམ་པར་ཤེས་པ་ལས་ཕྱི ་རོལ་གྱི་དོན་མེད། ཐུན་མོང་མ་ཡིན་པའི་ཕྱིརརོ་ཞེས་བྱ་བ་ནི་གང་གི་ཕྱིར་སྣོད་ཀྱི་རྣམ་པར་རིག་པར་སྣང་བ་འཛིན་པའི་རྣམ་པར་རིག་པ་ཉིད་རྒྱུད་སོ་སོ་ལ་སྐྱེ་བ་དེའི་ཕྱིརོ།། འཛིན་པའི་རྣམ་པར་རིག་པར་གྱུར་པ་ལ་དེར་སྣང་བ་འཛིན་པའི་རྣམ་པར་ཤེས་པ་ལས ་ཕྱི་རོལ་དུ་གྱུར་པ་འཛིན་པའི་རྣམ་པར་རིག་པར་གྱུར་པ་གཞན་ཡོད་པ་མ་ཡིན་ལ། རྣམ་པར་རིག་པ་དེ་ཉིད་ཀྱང་གཞན་གྱིས་ཡུལ་དུ་འགྱུར་བ་མ་ཡིན།། གང་གི་ཕྱིར་རྣམ་པར་རིག་པ་ཐུན་མོང་བ་ཡིན་པས་ན་རྒྱུད་སོ་སོ་ལ་དེར་སྣང་བའི་རྣམ་པར་ཤེས་པ ་རིག་པ་སྐྱེ་བ་དེའི་ཕྱིར་གཅིག་གི་རྣམ་པར་རིག་པ་གང་ཡིན་པ་དེ་གཞན་གྱི་ཡུལ་དུ་འགྱུར་བ་མ་ཡིནོ།། དེས་ན་དོན་མེད་དོ།། སེམས་ཅན་གྱི་ཁམས་ཐུན་མོང་བའི་གཟུང་བའི་རྣམ་པར་རིག་པ་ཡང་འདིས་བསལ་བ་ཡིནོ།། ཅིག་ཤོས་ཐུན་མོང་མ་ཡིན་པའི ་གཟུང་བ་རྣམ་པར་རིག་པའི་དོན་གང་ཡིན་པ་གཞན་གྱི་སེམས་ལས་བྱུང་བ་ཞེས་བྱ་བ་དེ་ཡང་མཉམ་པར་མ་བཞག་པ་དང་། མཉམ་པར་བཞག་པའི་འཛིན་པའི་རྣམ་པར་རིག་པ་རྣམ་པ་གཉིས་གང་ཡང་ཕན་ཚུན་ཡུལ་དུ་འགྱུར་བ་མ་ཡིན་པ་སྟེ། དེ་ཅིའི ་ཕྱིར་ཞེ་ན། མཉམ་པར་མ་བཞག་པ་ལ་ནི། རང་གི་རྣམ་པར་རྟོག་པ་སྣང་བའི་ཕྱིར།། གང་གི་ཕྱིར་མཉམ་པར་མ་བཞག་པ་ལ་རང་གི་རྣམ་པར་རྟོག་པ་ལ་སྣང་བའི་གཟུང་བ་རང་གི་རྣམ་པར་རིག་པ་ཉིད་ཡུལ་དུ་འགྱུར་བ་དེའི་ཕྱིར་གཞན་གྱི་སེམས་ལ་སོགས ་པ་དེའི་ཡུལ་མ་ཡིནོ།། ཅིག་ཤོས་མཉམ་པར་བཞག་པ་ལ་ཡང་ཏིང་འཛིན་གྱི་སྤྱོད་ཡུལ་ལ་དེའི་གཟུགས་བརྙན་སྣང་བའི་ཕྱིར་གཞན་གྱི་སེམས་ལ་སོགས་པ་ཡུལ་མ་ཡིནོ།། ཞེས་རྗེ་སུ་འཇུག། གང་གི་ཕྱིར་མཉམ་པར་བཞག་པའི་རྣམ་པར་རིག་པ་ལ ་ཡང་ཏིང་འཛིན་གྱིས་སྤྱོད་ཡུལ་དེའི་གཟུགས་བརྙན་དུ་སྣང་བའི་རྣམ་པར་རིག་པ་ཉིད་ཡུལ་དུ་འགྱུར་བ་དེའི་ཕྱིར་དེའི་ཡུལ་ཡང་གཞན་གྱི་སེམས་ལ་སོགས་པ་མ་ཡིན།། དེ་ལྟར་ན་ཡང་རང་གི་རྣམ་པར་རིག་པ་ཉིད་ཡུལ་ཡིན ་པའི་ཕྱིར་རྣམ་པར་ཤེས་པ་ལས་ཕྱི་རོལ་ཏུ་གྱུར་པའི་དོན་ལ་དེ་མེད་པའི་ཕྱིར་གཟུང་བར་སྣང་བ་མེ་དོ།། གཟུང་བར་སྣང་བ་དེ་མེད་པར་གྲུབ་པ་ན་ཡང་འཛིན་པར་སྣང་བ་མེད་པར་གྲུབ་སྟེ། གཟུང་བ་མེད་པ་ནི་འཛིན་པ་མེད་པའི་ཕྱིརརོ།། དེ་ལས་ཀྱང་གཟུང་བ ་དང་འཛིན་པར་སྣང་བ་མེད་པར་འཇུག་པའི་རིམ་གྱིས་གྲུབ་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་ཀུན་ནས་ལྡང་བ་གྲུབ་པའི་ཕྱིརརོ།། གང་ཞིག་དེ་བཞིན་ཉིད་མི་ཤེས་པ་མེད་པའི་གཉིས་སྣང་བ། ཕྱིན་ཅི་ལོག་གི་རྒྱུ་དེ་ནི་ཐོག་མ་མེད་པའི་ཀུན་ནས ་ལྡང་བ་ཡིནོ།། དེས་ན་ཐོག་མ་མེད་པའི་ཀུན་ནས་ལྡང་བ་དེ་གྲུབ་པའི་ཕྱིར་ཏེ། ཡོངསུ་གྲུབ་པའི་ཕྱིར་ན་གཟུང་བ་དང་འཛིན་པར་སྣང་བ་མེད་པ་ཡིན་ཏེ། ཕྱིན་ཅི་ལོག་རྣམ་པ་གཉིས་ཡང་དག་པ་མ་ཡིན་པའི་ཕྱིརརོ།། འདི་ལས་ཀྱང་གཟུང་བ་དང་འཛིན་པར་སྣང་བ་མེདོ།། ། ་གང་ལས་ཞེ་ན། གཉིས་ཡོངསུ་མ་གྲུབ་པར་རབ་ཏུ་གྲུབ་པའི་ཕྱིརརོ།། གཉིས་ཡོངསུ་མ་གྲུབ་པར་ཡང་འགལ་བའི་རྣམ་པར་ཤེས་པ་སྐྱེ་བར་མཐོང་བ་ལ་སོགས་པའི་རྒྱུ་ལས་རྟོག་པར་བྱའོ།། གང་གིས་དེ་ལྟར་ཡོངསསུ་ཤེས་པ་དེ་ནི་ཆོས་ལ་འཇུག་པ་བླ་ན་མེད ་པ་ཡི་ནོ།། ཞེས་བརྗོད།། ཆོས་ལ་འཇུག་པ་བཤད་ཟིན་ཏོ།། །། གང་གི་ཕྱིར་ད་ནི་ཆོས་ཉིད་ལ་འཇུག་པ་བརྗོད་པར་བྱ་བ་ཡིན་པས་དེའི་དབང་དུ་གསུངས་པོ་ནི། རྣམ་པ་དྲུག་གིས་ཆོས་ཉིད་ལ་འཇུག་པ་ལ་བླ་ན་མེད་པ་ཡིན་ཏེ། ཞེས་བྱ་སྟེ། འཆད་པ ་འགྱུར་བ་དྲུག་གི་སོ།། འདི་ལྟ་སྟེ། མཚན་ཉིད་དང་། གནས་དང་། ངེས་པར་རྟོག་པ་དང་། དེའི་བདག་ཉིད་དུ་ཉེ་བར་སོང་བ་འཇུག་པསོ།། དེ་ལ་མཚན་ཉིད་ནི་གཟུང་བ་དང་། འཛིན་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་ཁྱད་པར་མེད་པའི་དེ་བཞིན་ཉིད་ནི་ཆོས་ཉིད་ཀྱི་མཚན ་ཉིད་ཞེས་མདོ་ཇི་ལྟ་བ་བཞི་ནོ།། དེ་ལ་གནས་ནི། ཆོས་ཐམས་ཅད་དང་། གསུང་རབ་ཡན་ལག་བཅུ་གཉིས་གཏོགས་པའི་མདོ་སྡེ་ཐམས་ཅདོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་གཟུགས་ལ་སོགས་པའོ།། ཡན་ལག་བཅུ་གཉིས་ནི་མདོ་དང་དབྱངས་ཀྱི་བསྙད་པ་ལ་སོགས ་པའོ།། གཉིས་སྨོས་པ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བས་བསྡུས་པའི་དབང་དུ་བྱེད་པསོ།། དེ་ལ་ངེས་པར་རྟོག་པ་ནི། ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་པའི་ཚུལ་བཞིན་དུ་ཡིད་ལ་བྱེད་པས་བསྡུས་པའི་སྦྱོར་བའི་ལམ་ཐམས་ཅ་དོ་ཞེས་བྱ་བ་ལ། ཐང་ནི་ཐོས ་པ་དང་བསམས་པ་དང་བསྒོམས་པས་རབ་ཏུ་ཕྱེ་བ་སྟེ། དེས་དེ་ལ་ངེས་པར་རྟོག་པའི་ཕྱིར།། དེ་ལ་རེག་པ་ནི་ཡང་དག་པའི་ལྟ་བ་ཐོབ་པའི་ཕྱིར་མཐོང་བའི་ལམ་གྱིས་མངོན་སུམ་གྱི་ཚུལ་དུ་དེ་བཞིན་ཉིད་ཐོབ་ཅིང་ཉམསུ་མྱོང་བའོ་ཞེས་བྱ་བ་ལ། རེག་པ་ནི་མཐོང་བའི ་ཁམ་གྱིས་དེ་བཞིན་ཉིད་སོ་སོར་རིག་པ་ཡིན་ལ། དེ་ཡང་ཐོབ་ཅིང་ཉམ་སུ་མྱོང་བ་ཞེས་བརྗོད།། ཐོབ་པ་ཉིད་ཉམ་སུ་མྱོང་བ་ནི་ཐོབ་ཅིང་ཉམ་སུ་མྱོང་བ་ཞེས་བྱ་བས་སོ།། ཡང་ཉམ་སུ་མྱོང་བ་འདི་ཇི་ལྟར་རྣམ་པར་བཞག་པར་བྱ་ཞེ་ན། གསུངས་པ། མངོན་སུམ་གྱི ་ཚུལ་དུའོ།། མངོན་སུམ་དུ་བྱེད་པ་གང་ཡིན་པ་དེ་ཉིད་ཉམ་སུ་མྱོང་བ་ཡིནི།། ཞེས་བྱ་བའི་དོན་དུ་འདི་སྟོན་པ་ཡི་ནོ།། རིག་པའི་དོན་དེ་དག་ཏུ་རྗེསུ་དྲན་པ་ཡིན་པས་དེ་སྟོན་པ་ནི། རྗེ་སུ་དྲན་པ་ནི་དེའི་དྲི་མ་དྲུབས་དབྱུང་བའི་དོན་དུ་ཇི་ལྟར་མཐོང་བ་ཉིད་སྒོམ་པའི་ལམ་བྱང ་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པ་ཐམས་ཅད་ཞེས་བྱའོ།། དེ་ལ་མཐོང་བའི་ལམ་གྱིས་དེ་མ་ཐག་པའི་བསྒོམ་པའི་ལམ་དེ་ལ་རྗེསུ་དྲན་པ་ཞེས་བརྗོད།། ཐོབ་ཟིན་པའི་ལམ་ལ་དེ་ཡོངསུ་གཅོད་པའི་རྗེ་སུ་དྲན་པས་མངོན་སུམ་དུ་ཕྱོགས ་པར་བྱེད། དེ་ཡང་ཅིའི་དོན་དུ་ཞེ་ན། གསུངས་པ། དེའི་དྲི་མ་དྲུངས་དབྱུང་བའི་དོན་དུ་སྟེ། དེ་བཞིན་ཉིད་ལ་བསྒོམས་པས་སྤང་བར་བྱ་བའི་མཚན་ཉིད་ཀྱི་དྲི་མ་ལྷག་མ་སྤང་བའི་དོན་དུའོ།། ཞེས་བྱ་བའི་ཐ་ཚིའོ།། རྗེ་སུ་དྲན་པའི་དེ་མ་ཐག་ཏུ་དེའི་བདག་ཉིད་ཉེ་བར ་སོན་པ་ཡིན་པས་དེ་སྟོན་པ་ནི། དེའི་བདག་ཉིད་ཉེ་བར་སོན་པ་ནི་དེ་བཞིན་ཉིད་དྲི་མོ་མེདྲ་པར་གྱུར་པ་ན་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་སྣང་བ་ཞེས་བྱ་བ་ལས། དེ་ལ་བསྒོམ་པའི་ལམ་གྱིས་དྲི་མ་ལྷག་པ་སྤང་བའི་ཕྱིར་དེ་བཞིན་ཉིད་དྲི་མ་མེད་པར ་གྱུར་ན་པ་ན་གང་ཞིག་མཐར་ཐུག་པའི་ལམ་གྱིས་རྣམ་པ་ཐམས་ཅད་ནས་དེ་བཞིན་ཉིད་ཙམ་དུ་སྣང་བ་སྟེ། དྲི་མ་ཐམས་ཅད་དང་བྲལ་བས་དེ་བཞིན་ཉིད་ཙམ་དུ་གྱུར་པའི་དེ་ནི་དེའི་བདག་ཉིད་དུ་ཉེ་བར་སོན་པ་ཞེས་བརྗོད།། དེ་ཡང་གནས་ཡོངསུ་གྱུར ་ངསུ་གྲུབ་པ་ཡིན་ཏེ། དེར་བདག་ཉིད་ཡིན་པའི་ཕྱིརརོ།། མཐོང་བའི་ལམ་ལ་སོགས་པའི་གནས་སྐེབས་ན་ཡང་ཡོངསུ་གྱུར་པ་ཡོད་པས་ན། འདི་ལ་ཡོངསུ་གྲུབ་པ་བསྟན་ཏེ། དྲི་མ་མ་ལུས་སྤང་བའི་ཕྱིརརོ།། གནས་ཡོངསུ་གྱུར་པ་དེ་ལ་ཡང་ཇི་ལྟར ་འཇུག་པར་བྱ་ཞིང་། ཇི་ལྟར་དེ་ལ་ཞུགས་པ་བླ་ན་མེད་པར་འགྱུར་ཞེ་ན། གསུངས་པ། རྣམ་པ་བཅུས་གནས་ཡོངསུ་གྱུར་པ་ལ་འཇུག་པ་བླ་ན་མེད་པ་ཡིན་ཏེ་ཞེས་བྱ་བ་སྟེ། འཆད་པར་འགྱུར་བ་རྣམ་པ་བཅུ་སོ།། འདི་ལྟ་སྟེ། རང་བཞིན་དང་། དངོས་པོ་དང ་གང་ཟག་དང་། ཁྱད་པར་དང་། དགོས་པ་དང་། རྟེན་དང་། ཡིད་ལ་བྱེད་པ་དང་། སྦྱོར་བ་དང་། ཉེས་དམིགས་དང་། ཕན་ཡོན་ལ་འཇུག་པསོ།། དེ་ལ་དང་པོར་རང་བཞིན་ལ་འཇུག་པ་ནི་བློ་བུར་གྱི་དྲི་མ་དང་། དེ་བཞིན་ཉིད་མི་སྣང་བ་དང་། སྣང་བའི་དོན་དུ་དེ་བཞིན་ཉིད་དྲི་མ ་མེད་པའོ།། གློ་བུར་གྱི་དྲི་མ་མི་སྣང་བའི་དོན་དང་དེ་བཞིན་ཉིད་ཙམ་སྣང་བའི་དོན་དུ་དེ་བཞིན་ཉིད་དྲི་མ་མེད་པར་གྱུར་པ་གང་ཡིན་པ་དེ་ནི་གནས་ཡོངསུ་གྱུར་པའི་རང་བཞིན་ཡིནོ།། གང་ཞིག་དེ་ལྟར་ཡོངསུ་ཤེས་པ་དེ་ལི་ནི་རང་བཞིན་ལ་འཇུག་པ་བླ་ན ་པ་ཞེས་བརྗོད།། དེ་ལ་དངོས་པོ་ལ་འཇུག་པ་ནི་ཐུན་མོང་པ་སྣོད་ཀྱི་རྣམ་པར་རིག་པའི་དེ་བཞིན་ཉིད་ཡོངསུ་གྱུར་པ་དང་། མདོ་སྡེའི་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ཡོངསུ་གྱུར་པ་དང་། ཐུན་མོང་མ་ཡིན་པ་སེམས་ཅན་གྱི་ཁམས་ཀྱི་དེ་བཞིན་ཉིད་ཡོངསུ་གྱུར ་པའོ་ཞེས་བྱ་བ་ལ། གནས་ཡོངསུ་གྱུར་པའི་དངོས་པོ་ནི་དེ་བཞིན་ཉིད་རྣམ་པ་གསུམ་ཡོངསུ་གྱུར་ཏེ། དི་ལི་རྗེསུ་སོང་བའི་དབྱེ་བ་ལས་ཀྱང་འབྲས་བུའི་དབྱེ་བ་ལ་སོ།། སྣང་བ་དང་། འདོམས་པ་དང་། ཀུན་དུ་སྟོན་པའི་འབྲས་བུ་ཐ་དད་པའི་ཕྱིར།། དེ་ལ་གང་ཟག་ལ ་འཇུག་པ་ནི་དང་པོ་གཉིས་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱི་དེ་བཞིན་ཉིད་ཡོངསསུ་གྱུར་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་ཡིན་པའི་ཕྱིརརོ།། ཕྱི་མ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་ཡིན་ལ། སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་ཡིན་ལ་ཐུན་མོང་མ་ཡིན་པའི་ཕྱིརརོ།། དེ་ལ་ཁྱད་པར་འཇུག་པ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ཡོངསུ་དག་པའི་ཁྱད་པར་དང་ཞེས་བྱ་བ་ལ་ཞིང་ཡོངསསུ་དག་པའི་ཁྱད་པར་ནི་སངས་རྒྱས་དང་། བྱང་ཆུབ ་སེམས་དཔའ་རྣམས་ཉིད་ཀྱི་ཡིན་གྱིས་ཉན་ཐོས་རྣམས་ཀྱི་མ་ཡིན་ཏེ། དེ་ལ་ནི་མཐོ་དམན་ཅན་དུ་སྣང་བའི་ཕྱིར།། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཐབ་པས་སྟོན་པ་དང་། འདོམས་པ་དང་། དབང་འབྱོར་པ་ཉིད་ཐོབ ་པའི་ཁྱད་པར་ལ་སོ་ཞེས་བྱ་བ་ལ། དེ་ལ་སྟོན་པ་ཉིད་ཐོབ་པའི་ཁྱད་པར་ནི་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་གྱུར་པ་ལས་རྟོག་པར་བྱའོ།། འདོམས་པ་ཉིད་ཐོབ་པའི་ཁྱད་པར་ནི་ཟབ་པ་དང་། རྒྱ་ཆེ་བ་དང་། ངོ་མཚར་དུ་མིའི་སྒོ་བསམ་གྱིས་མི ་ཁྱབ་པ་སྟོན་པའི་ཕྱིརརོ།། དབང་འབྱོར་པ་ཉིད་ཐོབ་པའི་ཁྱད་པར་ནི་སེམས་ཅན་གྱི་བྱ་བ་སྒྲུབ་པའི་རྟེན་ཐོགས་པ་མང་པོའི་མངོན་པར་ཤེས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་སྟོན་ཐོབ་པའི་ཕྱིརའོ།། དེ་དག་ནི་རིམ་པ་ཇི་ལྟ་བ་བཞིན་ཆོས་སྐུ་དང་། རྫོགས། ་པར་ལོངས་སྤྱོད་པ་དང་། སྤྲུལ་པའི་སྐུ་ཐོབ་པ་ལས་ཡིན་པར་རིག་པར་བྱའོ།། དེ་ལ་དགོས་པ་ལ་འཇུག་པ་ནི། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་ལས་དང་། ཐེག་པ་ཆེན་པོ་སྟོན་པའི་དམིགས་པའི་ཁྱད་པར་ལས་དང་། ས་བཅུ་པོ་རྣམསུ་སྦྱོར་བའི་ཁྱད་པར་ལསོ ་ཞེས་བྱ་བ་ལོ།། དེ་ལ་དགོས་པའི་ཁྱད་པར་རྣམ་པ་གསུམ་གྱིས་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་ཡོངསུ་གྱུར་པ་ཁྱད་པར་དུ་འཕགས་པས་སོ།། ཁྱད་པར་རྣམ་པ་གསུམ་ལས་སྨོན་ལམ་གྱི་ཁྱད་པར ་ནི་སྔོན་གྱི་སྨོན་ལམ་གྱིས་ཁྱད་པར་ལས་ཏེ། བྱང་ཆུབ་ཏུ་སྨོན་པ་ལས་དམིགས་པའི་ཁྱད་པར་ནི་ཐེག་པ་ཆེན་པོ་སྟོན་པའི་དམིགས་པའི་ཁྱད་པར་ལས་ཏེ། འདྲེས་པ་དང་མ་འདྲེས་པའི་ཆོས་ཐམས་ཅད་ལ་དམིགས་པ་དང་དེའི་དེ་བཞིན་ཉིད་ལ་དམིགས་པ ་ལསོ།། སྦྱོར་བའི་ཁྱད་པར་ནི་ས་བཅུ་པོ་རྣམསུ་སྦྱོར་བའི་ཁྱད་པར་ལས་ཏེ། སྒྲིབ་པ་ཐམས་ཅད་སྤངས་པའི་དོན་དུ་དེའི་གཉེན་པོ་བསྒོམ་པ་སྦྱོར་བའི་ཕྱིར།། དེ་ལ་གནས་ཡོངསུ་གྱུར་པའི་རྟེན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏོ།། རྟེན་དེས་དེ་ཐོབ་པའི། ་ཕྱིརོ།། དེ་ལ་འཇུག་པ་ཇི་ལྟ་བུ་ཡིན་ཞེ་ན། གསུངས་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་རྣམ་པ་དྲུག་གིསོ།། འཇུག་པ་རྣམ་པ་དྲུག་ཀྱང་། དམིགས་པ་དང་། མཚན་མ་སྤངས་པ་དང་། ཡང་དག་པའི་སྦྱོར་བ་དང་། མཚན་ཉིད་དང་། རྗེ་སུ་བསྔགས ་པོ་དང་ཕན་ཡོན་དང་། ཡོང་སུ་ཤེས་པ་ལས།། དེ་ལ་དམིགས་པ་ལ་འཇུག་པ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་བས་སོ།། འདི་ལྟ་སྟེ། ཐེག་པ་ཆེན་པོ་སྟོན་པ་དང་། དེ་ལ་མོས་པ་དང་། ངེས་པ་དང་། ཚོགས་ཡོངསུ་རྫོགས ་པས་སོ།། རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་དམིགས་པ་ནི་ཐེག་པ་ཆེན་པོ་སྟོན་པ་དང་། དེ་ལ་མོས་པོ་དང་། ངེས་པ་དང་ཚིགས་ཡོངསུ་རྫོགས་པ་ཡིན་ཏེ། གང་རུང་ཞིག་མེད་ན་དེ་མི་སྐྱེ་བའི་ཕྱིར་རོ།། དེ་ནས་དམིགས་པ་ལ་འཇུག་པ་མཐའ་དགེ ་བསྟན་པ་ཡིནོ།། དེ་ལ་མཚན་མ་སྤང་བ་ལ་འཇུག་པ་ནི་རྣམ་པ་བཞི་སྟེ། མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། དེ་བཞིན་ཉིད་དང་། རྟོགས་པའི་མཚན་མ་སྤངས་པ་ལས། རྗེསུ་རྟོགས་པར་བྱའོ།། དེ་ལ་མི་མཐུན་པའི་ཕྱོགས་ཀྱི་མཚན་མ་སྤངས་པ་ནི། ་འདོད་ཆགས་ལ་སོགས་པའི་མཚན་མ་སྤངས་པ་ལསོ།། གཉེན་པོའི་མཚན་མ་སྤངས་པ་ནི་མི་སྡུག་པ་ལ་སོགས་པའི་མཚན་མ་སྤངས་པ་ལ་སོ།། དེ་བཞིན་ཉིད་ཀྱི་མཚན་མ་སྤངས་པ་ནི་འདི་ནི་དེ་བཞིན་ཉིད་ཞེས་བྱ་བའི་འབད་རྩོལ་ཡང་སྤངས་པ ་ལསོ།། རྟོགས་པའི་མཚན་མ་སྤངས་པ་ནི་ས་རྣམསུ་བསྒོམས་པས་རྟོགས་པར་བྱ་བ་ཐོབ་པའི་མཚན་མའོ།། དེ་ལྟ་ཡིན་དང་འདྲིས་ནི་རིམ་པ་ཇི་ལྟ་བ་བཞིན་རགས་པ་དང་། འབྲིང་དང་། ཕྲ་མོ་དང་། རིང་དུ་རྗེ་སུ་འབྲེལ་བ་རྣམས ་བརྗོད་པ་ཡིནོ།། དེ་ལ་མི་མཐུན་པའི་ཕྱོགས་ཀྱི་མཚན་མ་ནི་གནས་ངན་ལེན་གྱི་རྒྱུ་ཡིན་པའི་ཕྱིར་དང་། རྟོགས་པར་སླ་བའི་ཕྱིར་རགས་པ་ཡི་ནོ།། དེའི་གཉེན་པོ་ཡིན་པའི་ཕྱིར་གཉེན་པོའི་མཚན་མ་ནི་འབྲིང་ཡིནོ།། དེ་བཞིན་ཉིད་ཀྱི་མེ་ཆེན་མ་ནི་ཕྲ་བ་ཡིན་ཏེ། ་དེ་ལས་གཞན་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིརརོ།། རྟོགས་པའི་མཚན་མ་ནི་བསྒོམས་པའི་འབྲས་བུ་ཡིན་པའི་ཕྱིར་རིང་དུ་རྗེ་སུ་འབྲེལ་པ་ཡིན་པར་རིག་པར་བྱའོ།། དེ་ལ་ཡང་དག་པའི་སྦྱོར་བ་ལ་འཇུག་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། དམིགས ་པཔའི་སྦྱོར་བས་ནི་རྣམ་པར་རིག་པ་ཙམ་དམིགས་པའི་སྦྱོར་བ་ལ་སོ།། མི་དམིགས་པའི་སྦྱོར་བས་ནི་དོན་མི་དམིགས་པ་ལསོ།། །། དམིགས་པ་མི་དམིགས་པའི་སྦྱོར་བས་ནི་དོན་མེད་ན་རྣམ་པར་རིག་པ་ཙམ་མི་དམིགས་པ་ལས་ཏེ། ་རྣམ་པར་རིག་པར་བྱ་བའི་དོན་མེད་ན་རྣམ་པར་རིག་པ་མི་འཐད་པའི་ཕྱིར།། དམིགས་པ་མི་དམིགས་པའི་སྦྱོར་བ་ནི་གཉིས་པ་མི་གཉིས་པ་མ་དམིགས་པས་གཉིས་མེད་པ་དམིགས་པ་ལ་སོ།། དེ་ལ་མཚན་ཉིད་ལ་འཇུག་པ་ནི་རྣམ་པ་གསུམ་གྱིས་ཏེ། ་འདི་ལྟ་སྟེ། ཆོས་ཉིད་གནས་པ་ལས་ནི་གཉིསུ་མེད་ཅིང་བརྗོད་མེད་པའི་མཚན་ཉིད་ལ་གནས་པའི་ཕྱིར་ཏེ། དེ་དམིགས་པའི་ཕྱིརརོ།། མི་སྣང་བ་ལས་ནི་གཉིས་དང་། ཇི་ལྟར་མངོན་པར་བརྗོད་པ་དང་། དབང་པོ་དང་། ཡུལ་དང་། རྣམ་པར་རིག་པ་དང་། སྣོད་ཀྱི ་འཇིག་རྟེན་མི་སྣང་བའི་ཕྱིར།། གང་དུ་གཉིས་དང་ཇི་ལྟར་མངོན་པར་བརྗོད་པ་དང་། དབང་པོ་དང་། ཡུལ་དང་། རྣམ་པར་རིག་པ་དང་། སྣོད་ཀྱི་འཇིག་རྟེན་སྣང་བ་མེད་པར་གྱུར་པ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིནོ།། དེ་ལྟར་གྱུར་ན་ཅི་ཞིག་བསྟན་པར་འགྱུར ་ཞེ་ན། གསུངས་པ། དེ་ལྟར་ན་འདིས་ནི་བརྟག་ཏུ་མེད་པ། བསྟན་དུ་མེད་པ། མི་གནས་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་གནས་པ་མེད་པ་ཞེས་བྱ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་མདོ་ཇི་ལྟ་བ་བཞིན་བརྗོད་པ་ཡིནོ།། དེ་ལ་གཟུང་བ་དང་། ་འཛིན་པའི་དངོས་པོ་ལ་གཉིསུ་བརྟག་དུ་མེད་པའི་ཕྱིར་བརྟག་ཏུ་མེད་པའོ།། མངོན་པར་བརྗོད་པས་བསྟན་པར་མི་ནུས་པའི་ཕྱིར་བསྟན་དུ་མེད་པའོ།། མིག་གི་དབང་པོ་ལ་སོགས་པར་མི་གནས་པའོ།། ཡུལ་མ་ཡིན་པའི་ཕྱིར་སྣང་བ་མེད་པ་སྟེ། གཟུགས་ལ ་སོགས་པ་ཡུལ་སྣང་བ་མེད་པའི་ཕྱིར།། རྣམ་པར་རིག་པ་མ་ཡིན་པས་རྣམ་པར་རིག་པ་མེད་པའོ།། གནས་ཀྱི་དངོས་པོ་མ་ཡིན་པས། གནས་མེང་པའོ།། སྣང་བ་ལས་ཆོས་ཐམས་ཅད་ན་མཁའི་དཀྱིལ་འཁོར་དང་མཉམ་པར་སྣང་བའི་ཕྱིརརོ།། དེའི་ཡུལ་ཅན ་གྱི་མཚན་མ་ཐམས་ཅད་སྤངས་པའི་ཕྱིརོ།། འདུ་བྱེད་པ་སྒྱུ་མ་ལ་སྤོན་བ་ལྟ་བུ་ལ་སོགས་པ་ལྟ་བུར་སྣང་བའི་ཕྱིར་ཏེ། དེ་ཡང་དག་པ་མ་ཡིན་པར་སྣང་བར་རྟོགས་པའི་ཕྱིརརོ།། སོགས་པ་སྨོས་པ་ནི་སྨིག་རྒྱུ་དང་རྨི་ལམ་ལ་སོགས་པ་ལྟ་བར་བྱའོ།། དེ་ལ་ཕན་ཡོན ་ལ་འཇུག་པ་ནི་རྣམ་པ་བཞི་སྟེ། ཆོས་ཀྱི་སྐུ་རྫོགས་པར་ཐོབ་བླ་ནི་གནས་ཡོངསུ་གྱུར་པསོ།། བདེ་བར་གནས་པ་མཆོག་ཐོབ་པས་ནི། ཟག་པ་དང་བཅས་པའི་བདེ་བ་སྦྱངས་པ་དང་། གཏན་དུ་དེ་ཡི་བདག་ཉིད་དུ་གྱུར་པའི་ཕྱིརརོ།། སྟོན་པ་ལ་དབང་འབྱོར་པས་ནི ་ཤེས་བྱ་ཇི་ལྟ་བ་དང་། ཇི་སྙེད་པ་རྟོགས་པའི་ཕྱིརོ།། འདོམས་པ་ལ་དབང་འབྱོར་པ་ཉིད་ཐོབ་པས་ནི་ཇི་ལྟར་འོས་པར་བསྟན་པའི་སྒོ་དུ་མ་ལ་འཇུག་པའི་ཕྱིརརོ།། ཕན་ཡོན་རྣམ་པ་བཞི་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་ན། ཡེ་ཤེས་དེའི ་ཕན་ཡོན་རྣམ་པ་བཞིར་བརྗོད།། དེ་ལ་ཡོངསུ་ཤེས་པ་ལས་འཇུག་པ་ནི་རྣམ་པ་བཞི་སྟེ། གཉེན་པོ་ཡོངསུ་ཤེས་པ་དང་། མཚན་ཉིད་ཡོངསུ་ཤེས་པ་དང་། ཁྱད་པར་ཡོངསུ་ཤེས་པ་དང་། ལས་ཡོངསུ་ཤེས་པ་ལསོ།། དེ་ལ་གཉེན་པོ་ཡོངསུ་ཤེས་པ་ནི། ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་དང་གང་ཟག་དང་། ཡོངསུ་འགྱུར་བ་དང་། ཐ་དད་པ་དང་། སྐུར་པ་འདེབས་པ་སྟེ། མེད་པར་འཛིན་པ་རྣམ་པ་ལྔའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། མེད་པར་འཛིན་པ་རྣམ་པ་ལྔའི་གཉེན་པོ་ནི་རྣམ་པར་མི་རྟོག ་པའི་ཡེ་ཤེས་ཡིན།། ཞེས་དེ་ལྟར་ཤེས་པ་གང་ཡིན་པ་དེ་ལ་ནི་གཉེན་པོ་ཡོངསུ་ཤེས་པ་ཞེས་བརྗོད།། མེད་པར་འཛིན་པ་རྣམ་པ་ལྔ་ནི་མེད་པའི་ཆོས་འཛིན་པ་དང་།། མེད་པའི་གང་ཟག་འཛིན་པ་སྟེ། དོན་དམ་པར་འཛིན་པའོ།། མེད་པའི་ཡོངསུ ་གྱུར་པ་འཛིན་པ་སྟེ། ཆོས་རྣམས་སྐྱེ་བ་དང་འགག་པར་འཛིན་པ་གང་ཡིན་པའོ།། མེད་པ་ཐ་དད་པ་འཛིན་པ་ནི་ཆོས་དང་ཆོས་ཉིད་དག་སོ་སོ་བར་མངོན་པར་ཞེན་པའི་ཕྱིར་མེད་པའི་སྐུར་བ་ཉིད་འཛིན་པ་ནི་ཆོས་དང་གང་ཟག་བཏགས་པར་ཡོད་པ་ལ ་ཡང་སྦྱར་བ་འདེབས་པའི་ཕྱིར།། དེ་ལ་མཚན་ཉིད་ཡོངསུ་ཤེས་པ་ནི་ཡིད་ལ་མི་བྱེད་པ་དང་། ཡང་དག་པར་འདས་པ་དང་། ཉེ་བར་ཞི་བ་དང་། ངོ་བོ་ཉིད་ཀྱི་དོན་དང་། མངོན་རྟགསུ་བྱེད་པ་སྟེ། རྣམ་པ་ལྔ་སྤངས་པའི་རང་གི་མཚན་ཉིད་ཀྱིསོ།། རེ་ཞིག་རྣམ་པ ་མི་རྟོག་པའི་ཡེ་ཤེས་དེ་རྣམ་པར་རྟོག་པ་ཡིད་ལ་མི་བྱེད་པས་ནི་རྣམ་པར་མི་རྟོག་པའི་རང་བཞིན་དུ་མི་རིག་སོ།། གལ་ཏེ་རྣམ་པར་རྟོག་ཡིད་ལ་མི་བྱེད་པས་རྣམ་པར་མི་རྟོག་པ་ཡིན་ན་ནི། དེ་ལ་བུ་ཆུང་དང་བྱིས་པ་ལ་སོགས་པའི་ཤེས་པ་ཡང་རྣམ་པར ་མི་རྟོག་པར་འགྱུར་ཏེ། གང་གི་ཕྱིར་དེ་དག་ཀྱང་གནས་སྐབས་དེའི་ཚེ་རྣམ་པར་རྟོག་པར་མི་བྱེད་པས།། རྣམ་པར་རྟོག་པ་ལས་ཡང་དག་པར་འདས་པའི་རང་བཞིན་ཡང་ཡིན་པར་རིགས་པ་མ་ཡིན་ཏེ། གལ་ཏེ་ཡང་དག་པར་འདས་པའི་རང་བཞིན་དེ་ལས་བས ་གཏན་གཉིས་པ་ལ་སོགས་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ཡང་དེར་འགྱུར་ཏེ། རྟོག་དཔྱོད་མེད་པ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིརརོ།། རྣམ་པར་རྟོག་པ་ཉེ་བར་ཞི་བའི་རང་བཞིན་ཡང་ཡིན་པར་མི་རིགས་ཏེ། གལ་ཏེ་རྣམ་པར་རྟོག་པ ་ཉེ་བར་ཞི་བས་རྣམ་པར་མི་རྟོག་པ་ཡིན་ན་ནི་དེས་ན་གཉིད་ལོག་པ་དང་། མྱོས་པ་དང་། བརྒྱ་ལྔ་བུ་རྣམས་ཀྱང་དེར་འགྱུར་ཏེ། གང་གི་ཕྱིར་དེ་དག་ཀྱང་གནས་སྐབས་དེའི་ཚེ་རྣམ་པར་རྟོག་པར་མི་བྱེད་པསོ།། འོན་ཏེ་ངོ་བོ་ཉིད་ཀྱི་དོན་ཁོ་ནས་རྣམ་པར་མྱི་རྟོག ་པ་ཡིན་ན་ནི་གཟུགས་ལ་སོགས་པའི་ཡུལ་ཡང་རྣམ་པར་རྟོག་པར་མི་འགྱུར་ཏེ། གང་གི་ཕྱིར་དེ་དག་ཀྱང་གཡོ་བ་མེད་པའི་ཕྱིར་རྣམ་པར་རྟོག་པ་མི་བྱེད་པསོ།། རྣམ་པར་མི་རྟོག་པའི་རྣམ་པ་ཉིད་མངོན་རྟག་སུ་བྱེད་པ་ཡང་དེ་ཡིན་པར་མོ་རིགསོ།། ་འདི་ལྟར་རྣམ་པར་མི་རྟོག་པའོ་རྣམ་པར་མི་རྟོག་པའོ་ཞེས་ཡིད་ལ་བྱེད་བཞིན་ན་ནི་ཤེས་པ་དེ་སྐྱེ་བ་མ་ཡིན་ཏེ། རྣམ་པར་མི་རྟོག་པར་རྣམ་རྟོག་ཅིང་རྗོད་པའི་ཡིད་ལ་བྱེད་པ་ཡང་རྣམ་པར་རྟོག་པའི་རྣམ་པ་ཉིད་ཡིན་པའི་ཕྱིར།། དེའི་ཕྱིར་ཤེས་པ་དེ་ནི ་རྣམ་པ་འདི་ལྔའི་རང་གི་མཚན་ཉིད་ལས་གྲོལ་བར་རིག་པར་བྱའོ།། དེ་ལ་ཁྱད་པར་ཡོངསུ་ཤེས་པ་ནི་རྣམ་པར་མི་རྟོག་པ་དང་། ཉི་ཆེ་བ་མ་ཡིན་པ་ཉིད་དང་། མི་གནས་པ་ཉིད་དང་། གཏན་དུ་བ་ཉིད་དང་བླ་ན་མེད་པ་ཉིད་དང་། ཁྱད་པར ་རྣམ་ལྔ་སོ།། ཤེས་པ་དེ་ནི་རྣམ་པ་ལྔས་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ལས་ཁྱད་པར་དུ་འཕགས་པསོ།། དེ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མྱ་ངན་ལས་འདས་པ་དང་། འཁོར་བའི་སྟན་དང་ཉེས་པ་ལ་རྣམ་པར་རྟོག་པའི་ཕྱིར ་ན་དེའི་ཤེས་པ་ཡང་རྣམ་པར་རྟོག་པ་དང་བཅས་པའི་ཕྱིརོ།། ཉི་ཚེ་བ་ཡང་ཡིན་ཏེ། འཕགས་པའི་བདེན་པ་བཞིའི་སྤྱིའི་མཚན་ཉིད་ཙམ་ལ་དམིགས་པའི་ཕྱིར།། གནས་པ་ཡང་ཡིན་ཏེ། མྱ་ངན་ལས་འདས་པ་ལ་གནས་པསོ།། གཏན་དུ་བ་ཡང་མ ་ཡིན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པོར་འཆད་པའི་ཕྱིརརོ།། གཟིངས་ལྟ་བུའི་མདོ་ལས་བསྟན་པ་བཞི་ནོ།། བླ་ན་མེད་པ་ཡང་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་ཡོད་པའི་ཕྱིར་འདི་དག་ལས་བཟློག་ནས་ཁྱད་པར་རྣམ་པ་ལྔས་སངས ་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཁྱད་པར་དུ་འོཕག་སྷོ།། རྣམ་པར་མི་རྟོག་པས་ནི་མྱ་ངན་ལས་འདས་པ་དང་། འཁོར་བ་དག་ནི་སྟོན་དང་ཉེས་པ་ལ་རྣམ་པར་མི་རྟོག་པའི་ཕྱིརརོ།། ཉི་ཚེ་བ་མ་ཡིན་པ་ནི་ཤེས་བྱ་མཐའ་ངག་གི་རང ་དང་སྤྱིའིརི་མཚན་ཉིད་ཇི་ལྟ་བ་བཞིན་ཡུལ་དུ་བྱེད་པའི་ཕྱིར།། མི་གནས་པ་ཉིད་ནི་མྱ་ངན་ལས་འདས་པ་དང་། འཁོར་བ་དག་ནི་མི་ལེན་པ་དང་མི་འདོར་བའི་ཕྱིར།། གཏན་དུ་ནི་རྟེན་ཆོས་ཀྱི་སྐུ་རྟག་པོས་ན་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པན། ་ཡང་རྒྱུན་མི་འཆད་པའི་ཕྱིརརོ།། བླ་ན་མེད་པ་དེ་ལས་མཆོག་ཏུ་ཁྱད་པར་འཕགས་པ་མེད་པའི་ཕྱིརརོ།། དེ་ལ་ལས་ཡོངསུ་ཤེས་པ་ནི་རྣམ་པར་རྟོག་པ་རིང་དུ་བྱེད་པ་དང་། བླ་ན་མེད་པའི་བདེ་བ་སྒྲུབ་པར་བྱེད་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང ་བྲལ་བར་བྱེད་པ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངསུ་སྦྱོང་བ་དང་། སེམས་ཅན་ཡོངསསུ་སྨིན་པར་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏོང་བར་བྱེད་པ་སྟེ། ལས ་ཀྱི་ཁྱད་པར་རྣམ་པ་ལྔ་སོ་ཞེས་བྱ་བ་ལ། ཡེ་ཤེས་དེས་ནི་ལས་རྣམ་པ་ལྔ་བྱེའོ།། འདི་ལྟ་སྟེ། རྣམ་པར་རྟོག་པ་མངོན་དུ་རྒྱུ་ལས་རིང་དུ་བྱེད། ཀུན་ནས་ལྡང་བ་བཅོམ་པའི་ཕྱིརརོ།། བླ་ན་མེད་པའི་བདེ་བ་སྒྲུབ་པར་བྱེའོ།། ཤེས་བྱ་ཇི་ལྟ་བ་དང་། ཇི་སྙེད་པ་རྟོགས་པས ་ཕྱིན་ཅི་མ་ལོག་ཅིང་གཏན་དུ་བའི་བདེ་བ་ཁྱད་པར་དུ་འཕགས་པ་ཐམས་ཅད་སྒྲུབ་པའི་ཕྱིརརོ།། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཐོབ་པར་བྱེདདོ།། ཕྲ་རྒྱས་བག་ཆགས་དང་བཅས་པ་ཡང་དག་པར་བཅོམ་པའི་ཕྱིརརོ།། རྣམ་པར་མི་རྟོག་པའི་རྗེས ་ལས་ཐོབ་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་ཡེ་ཤེས་ཀྱིས་ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པར་ཡང་བྱའོ།། སངས་རྒྱས་ཀྱི་ཞིང་ཡོངསུ་སྦྱོང་བ་དང་། སེམས་ཅན་ཡོངས་སྨན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏར་བར་ཡང་བྱེདདོ།། དེ་ལ་ཡི ་ལ་བྱེད་པ་ལ་འཇུག་པ་ནི་ཅི་ནས་ཀྱང་རྣམ་པར་མི་རྟོག་པ་ལ་འཇུག་པོར་འདོད་པའི་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་ཡིད་ལ་བྱེད།། གོ་རིམ་ཀྱང་སྟོན་ཏེ།། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་ས་བོན་ཐམས་ཅད་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པ ་ཤེས་པས་བསྡུས་པའོ།། མེད་པ་གཉིསུ་སྣང་བའི་རྒྱུ་ཞེས་བྱ་བ་ནི་གཉི་སུ་མངོན་པར་ཞེན་པའི་བག་ཆགས་ཀྱིས་ཡོངསུ་ཟིན་པའི་ཕྱིར།། དེ་ལ་བརྟེན་པའི་རྒྱུད་གཞན་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པར་རྟོགས་པའོ།། ་དེ་བཞིན་ཉིད་ཤེས་པ་ལས་ཡིན་ཏེ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཅན་གྱི་མ་རིག་པའི་བག་ཆགས་ལསོ།། དེའི་ཕྱིར་ཞེས་བྱ་བ་ནི་མི་ཤེས་པ་ཕྱིན་ཅི་ལོག་གི་རྒྱུ་ཡིན་པའི་ཕྱིར་རོ།། རྒྱུ་དང་བཅོས་པའི་འབྲས་བུ་ནི་སྣང་དུ་ཟིན་ཀྱང་ཡོད་པ་མ་ཡིནོ་ཞེས ་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ནི་རྟག་ཏུ་ཤེས་པ་ལ་སྣང་དུ་ཟིན་ཀྱང་ཡོད་པ་མ་ཡིན་པ་ཁོ་ནའོ།། གཞན་ཡང་དེ་སྣང་བ་ནི་ཆོས་ཉིད་མི་སྣང་བཞི་ཞིང་ཞེས་བྱ་བ་ནི་དེ་བཞིན་ཉིད་མི་སྣང་བའོ།། དེ་མི་སྣང་བས་ནི་ཆོས་ཉིད་སྣང་བ་ཡིནོ་ཞེས་བྱ ་བོ་ནི་དེ་ནི་དེ་མེད་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར།། གང་ཞིག་མོས་པ་ཡིད་ལ་བྱེད་པས་དེ་ལྟར་ཡིད་ལ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལོ་འཇུག་པ་ཡིན་ཞེས་བྱ་བ་ནི་སྦྱོར་བའི་ལམ་གྱིས་བསྡུས་པའོ།། དེ་ལྟར་དམིགས ་པ་ལས་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ནི་སྣང་དུ་ཟིན་ཀྱང་མེད་པར་དམིགས་པ་ལ་སོགས་པ་རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་འཇུགོ་ཞེས་བྱ་བ་ནི་རྣམ་པར་རིག་པ་གཉི་སུ་སྣང་བ་ཡིན་པའི་ཕྱིར།། རྣམ་པར་རིག་པ་ཙམ་དུ་དམིགས་པ ་ལས་ནི་དོན་ཐམས་ཅད་མི་དམིགས་པ་ལ་འཇུའོ།། ཞེས་བྱ་བ་ནི་རྣམ་པར་རིག་པ་ཉིད་དོན་དུ་སྣང་བས་ན་ཕྱི་རོལ་གྱི་དོན་མེད་པའི་ཕྱིར།། དོན་ཐམས་ཅད་མི་དམིགས་པ་ལས་ནི་རྣམ་པར་རིག་པ་ཙམ་མི་དམིགས་པ་ལ་འཇུག་ཞེས་བྱ་བ་ནི། རྣམ་པར་རིག་པ་རྣམ ་པར་རིག་པ་ཉིད་དུ་མི་འགྲུབ་པའི་ཕྱིར་ཏེ། རྣམ་པར་རིག་པར་བྱ་བའི་དོན་མེད་ན་རྣམ་པར་རིག་པ་མི་རིགས་པའི་ཕྱིརརོ།། དེ་མི་དམིགས་པ་ལ་ནི་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་མི་དམིགས་པ་ལསོ།། གཉིས་པོ་ཁྱད་པར་མེད་པ་དམིགས་པ་ལ་འཇུག ་བྱ་བ་ནི་གཉིསུ་མེད་པ་ཉིད་ཀྱིས་གཉིས་པོ་ཁྱད་པར་མེད་པའི་ཕྱིརརོ།། གཉིས་པོ་གཟུང་བ་དང་འཛིན་པའི་ངོ་བོར་མ་དམིགས་པ་གང་ཡིན་པ་དེ་ཉིད་གཉིས་པོ་ཁྱད་པར་མེད་པར་དམིགས་པ་ཡིན་པར་རིག་པར་བྱ་སྟེ། ཁྱད་པར་ནི་གཉིས་ཡོད་ན ་རྟོགས་པའི་ཕྱིརརོ།། དེ་ལ་གཉིས་མི་དམིགས་པ་གང་ཡིན་པ་གང་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་མི་དམིགས་པའོ།། དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་བ་ནི་བརྗོད་པར་བྱ་བ་བསྟན་ཏེ། དེ་ལྟར་རྣམ་པར་མི་རྟོག་པ་ལ་འཇུག་པར་འདོད་པའི་བྱང ་ཆུབ་སེམས་དཔའ་ནི་དེ་ལྟར་ཡིད་ལ་བྱེད་ལ། དེ་ལྟར་ཡིད་ལ་བྱེད་པ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཡིན།། ཞེས་གང་སྔར་བསྟན་པ་དེ་ཉིད་སྟོན་པར་བྱེད་པའོ།། ཡུལ་མེད་ཅིང་ཞེས་བྱ་བ་ནི་མིག་ལ་སོགས་པ་ལྟར་ཡུལ་དང་བཅས་པ ་ཉིད་ཡིན་པ་བསལ་བའི་དོན་དུ་སྟེ། དམིགས་པ་མེད་ཀྱང་ཡུལ་དང་བཅས་པ་ཡོད་པསོ།། དམིགས་པ་མེད་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ལ་དམིགས་པ་མ་ཡིན་པ་སྟོན་ཏེ། དེ་ནི་མཚན་ཐམས་ཅད་མི་དམིགས་པས་རབ་ཏུ་ཕྱེ་བ ་ཡིན་པའི་ཕྱིར།། ཡེ་ཤེས་ཀྱི་མཚན་ཉིད་འཇུག་པ་དང་བཅས་པ་བཤད་ཟིན་ཏོ།། ད་ནི་བྱང་ཆུབ་སེམས་དཔའ་ཇི་ལྟར་སྤྱོད་ན། ཡེ་ཤེས་དེ་འཐོབ་པར་འགྱུར་བའི་སྦྱོར་བ་སྟོན་ཏོ།། སྦྱོར་བ་ལ་འཇུག་པ་དེ་ཡང་རྣམ་པ་བཞི་སྟེ། མོས་པའི་སྦྱོར་བས་ནི་མོས ་པས་སྤྱོད་པའི་ས་ལ་སྟེ། དེ་ནི་སྔར་བསྟན་པའི་ངེས་པར་རྟོགས་པའི་གནས་སྐབས་གང་ཡིན་པ་དེ་ཉིད།། རབ་ཏུ་རྟོགས་པའི་སྦྱོར་བས་ནི་ས་དང་པོར་ཏེ། དེ་ནི་མཐོང་བའི་ལམ་གྱིས་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་ཡིན་པའི་ཕྱིརརོ།། དེ་ཡང ་སྔར་བསྟན་པའི་རེག་པའི་གནས་སྐབས་གང་ཡིན་པ་ཉིད།། སྒོམ་པའི་སྦྱོར་བས་ནི་ཡོངསུ་མ་དག་པའི་ས་དྲུག་དང་ཞེས་བྱ་བ་ནི། སྲ་གཉིས་པ་ལ་སོགས་པའོ།། ཡོངསུ་མ་དག་པ་ཉིད་ཀྱང་མཚན་མ་ཀུན་ཏུ་སྤྱོད་པའི་ཕྱིརརོ།། ཡོང་སུ་དག་པའི་ས་གསུམ་དུ་ཞེས ་བྱ་བ་ནི་བརྒྱད་པ་ལ་སོགས་པར་རོ།། ཡོངསུ་དག་པ་ཉིད་ཀྱང་མཚན་མོ་ཀུན་ཏུ་མི་སྤྱོད་པའི་ཕྱིར་ཏེ། དེའི་གཉེན་པོ་ལམ་རང་གིས་ངང་གིས་འཇུག་པའི་ཕྱིར་རོ།། དེ་ཡང་སྔར་བསྟན་པའི་རྗེ་སུ་དྲན་པའི་གནས་སྐབས་ཉིད། མཐར་ཐུག་པའི་སྦྱོར་བས་ནི ་སངས་རྒྱས་ཀྱི་ས་ལ་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱིས་མཛད་པ་རྒྱུན་མི་འཆད་པར་ཐོབ་པ་དེ་ལ་ནི་མཐར་ཐུག་པའི་སྦྱོར་བ་ཞེས་བརྗོད།། དེ་ཡང་སྔར་བསྟན་པའི་དེའི་བདག་ཉིད་དུ་ཉེ་བར་སོན་པའི་གནས་སྐབས་ཉིད་དོ།། དེའི་བདག་ཉིད་དུ་ཉེ་བར ་སོན་པ་ཉིད་ཀྱང་ཡེ་ཤེས་དེའི་རང་བཞིན་དུ་གྱུར་པས་ན། གནས་ཡོང་སུ་གྱུར་པའི་ཡེ་ཤེས་དང་རོ་གཅིག་པའི་ཕྱིར།། དེ་ལོ་ཉེས་དམིགས་ལ་འཇུག་པ་ནི། གནས་ཡོངསུ་གྱུར་པ་མེད་པའི་ཉེས་དམིགས་བཞི་སྟེ། འདི་ལྟ་སྟེ། ཉོན་མོངས་པ་མི་འཇུག་པའི ་མེད་པའི་ཉེས་དམིགས་ཏེ། གལ་ཏེ་གནས་ཡོངསུ་གྱུར་པ་མེད་ན་གནས་ཡོང་སུ་གྱུར་པ་མེད་པས་རྟེན་མེད་པར་ཉོན་མོངས་པ་རྣམ་པ་ཕྱིས་མི་སྐྱེ་བའི་ཆོས་ཉིད་དུ་གནས་པའི་འཇུག་པ་གང་ཡིན་པ་དེ་ཇི་ལྟར་འགྱུར་དེས་ན་ཉོན་མོངས་པ་འཇུག་པའི་རྟེན ་བཞིན་དུ། དེའི་རྟེན་ཡོད་པ་དགོསོ་ཞེས་བྱ་བ་ནི། ཉོན་མོངས་པ་མི་འཇུག་པའི་རྟེན་མེད་པའི་ཉེས་པའོ།། དེ་བཞིན་དུ་ཇི་ལྟར་ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་རྟེན་དང་བཅས་པར་འཇུག་པ་དེ་བཞིན་དུ། དེའི་གཉེན་པོ་ཡང་རྟེན་དང་བཅས་པར་འགྱུར ་དགོས་ཏེ། དེས་ན་ལམ་འཇུག་པའི་རྟེན་མེད་པའི་ཉེས་པར་འགྱུར་རོ།། ཡང་དཔེར་ན་འཁོར་བའི་གང་ཟག་ལ་འཁོར་བའོ།། ཞེས་ཕུང་པོ་རྣམས་ལ་འདོགས་པ་དེ་བཞིན་དུ་ཡོངསུ་མྱ་ངན་ལས་འདས་པའི་གང་ཟག་ལ་ཡང་གདགས་པའི་གཞི་ཡོད་དགོསོ།། ། ་རེ་ཞིག་སེམས་དེ་ཉིད་ནི་ཡིན་པར་མི་འཐད། མི་འཐུན་པའི་ཕྱོགས་དང་གཉེན་པོ་དག་གི་སྐྱེ་བ་དང་། འགག་པའི་དུས་གཅིག་པ་ཡིན་པའི་ཕྱིར་དང་། འགལ་བ་དག་ནི་རྟེན་གཅིག་པར་མི་འཐད་པའི་ཕྱིར་ཏེ། གྲང་བ་དང་དྲོ་བའི་རེག་པ་རྟེན་པར་མི་འཐད་པ ་བཞི་ནོ།། ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པ་ན་ཡང་གདགས་པའི་གཞི་མེད་པའི་ཕྱིར།། དེ་བས་ན་ཕུང་པོ་བཞིན་དུ་མྱ་ངན་ལས་འདས་པའི་གང་ཟག་ཏུ་གདགས་པའི་གཞི་མེད་དགོསོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་གང་ཟག་ཏུ་གདགས ་པའི་གཞི་མེད་པའི་ཉེས་པའོ།། བྱང་ཆུབ་གསུམ་གྱི་ཁྱད་པར་གདུགས་པའི་གཞི་མེད་པའི་ཉེས་པ་ནི་བཞི་པ་ཡིནི།། དེའི་ཕྱིར་གཞིའི་དངོས་པོ་བྱེད་པའི་གནས་ཡོངསུ་གྱུར་པ་ནི་སྨོད་པ་ཡིན་ལ། དེ་ལས་ཀྱང་གནས་ཡོངསུ་གྱུར་པ་ཡོད་ན་དེ་ལས་བཟློགས་པ ་ཕན་ཡོན་རྣམ་པ་བཞི་ཉིད་ཡིན་པར་རིག་པར་བྱའོ།། དེ་ལྟར་ན་འདི་ནི་གནས་ཡོངསུ་གྱུར་པ་ལ་འཇུག་པ་རྣམ་པ་བཅུ་ཡིན་པར་རིག་པར་བྱའོ།། ཇི་ལྟར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྣང་ཡང་ཡོད་པ་མ་ཡིན་པ་ནི་བཤད་ཟིན་ཏོ།། ། ་འོན་ཀྱང་འདིར་དེ་ལ་ཡིད་ཆེས་པར་བྱེད་པའི་དཔེ་བརྗོད་པར་བྱ་བ་གསུངས་པ། མེད་པར་སྣང་བའི་དཔེ་ནི་སྒྱུ་མ་དང་། རྨི་ལམ་ལ་སོགས་པ་ཡིན་ཏེ། དཔེར་ན་སྒྱུ་མ་དང་། རྨི་ལམ་ལ་སོགས་པ་དམིགས་པར་གྱུར་ཀྱང་ཡོད་པ་མ་ཡིན་པ་དེ ་བཞིན་དུ་ཆོས་སྣང་ཡང་མེད་པ་ཁོ་ནའོ།། སོགས་པ་སྨོས་པོ་ནི་རི་དགས་སྲེད་པ་དང་།། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། ཆུ་ཟླ་ལ་སོགས་པ་ཡང་རྟོག་པར་བྱའོ།། ཇི་ལྟར་རྣམ་པ་བཅུས་ཡོངསུ་གྱུར་པ་ལ་འཇུག་པ་བླ་ན་མེད་པ་ཡིན་དེ ་བཤད་ཟིན་པ་དེ་ལ། གལ་ཏེ་གནས་ཡོངསུ་གྱུར་པ་ན་གཞན་དུ་གྱུར་པས་ན་གནས་ཡོངསུ་གྱུར་པའི་རྣམ་པར་འགྱུར་བའི་ཆོས་ཅན་དུ་ཇི་ལྟར་མི་འགྱུར་ཞེ་ན། དེའི་ཕྱིར་ཡོང་སུ་གྱུར་པ་ཡིན་ཡང་ཅི་ལྟར་རྣམ་པར་འགྱུར་བའི་ཆོས་ཅན་མ་ཡིན་པ་དེ་ལྟར་དཔེས ་གྲུབ་པར་གསུངས་པ་ནི་གནས་ཡོངསུ་གྱུར་པའི་དཔེ་ནི་ན་མཁའ་དང་གསེར་དང་ཆུ་ལ་སོགས་པ་ཡིནོ།། ཞེས་བྱ་བའོ།། དཔེ། ར་ན་ནཱ་མཁའ་རང་བཞིན་གྱིས་དག་པ་ཁོ་ན་ཏེ། གློ་བུར་གྱི་ཁུག་རྣ་ལ་སོགས་པ་དང་འབྲེལ་བ་ལས་དེ་མ་གཏོགས་པར་ཟད་ལ། དེ ་ང་བྲལ་བ་ལ་ནི་དག་པ་ཡིནོ།། མ་དག་པ་ནི་དག་པར་འགྱུར་བ་མ་ཡིནོ་ཞེས་བྱ་བས་དག་པ་ཉིད་སྐྱེ་བ་ནི་མ་ཡིན་གྱི། འོན་ཀྱང་མི་དམིགས་པའི་རྒྱུ་དང་བྲལ་བས་དམིགས་པར་ཟད།། རབ་ཏུ་དག་པས་ནམཁའ་རྣམ་པར་འགྱུར་བའི་ཆོས་ཅན་དུ་ཁས་བླང ་བར་བྱ་ཡང་མ་ཡིནོ།། དེ་བཞིན་དུ་གསེར་ཡང་བཟང་བ་ཉིད་གནས་པ་ཁོ་ན་ཏེ།། གློ་བུར་གྱི་དྲི་མས་ཟིལ་གྱིས་མནན་པས་དེ་མ་དམིགས་པར་ཟད་ལ། དེ་དང་བྲལ་བ་ལས་ནི་དམིགས་པ་ཡི་ནོ།། དམིགས་པས་སྐྱེས་པར་གྱུར་པ་ཡང་མ་ཡི་ནོ།། དེ་བཞིན་དུ་ཆུ་ནི་དང་བར ་གནས་པ་ཁོ་ན་སྟེ། ཆུ་དེ་ལ་སའི་རྫས་དང་འབྲེལ་བས་དེ་མ་དམིགས་པར་ཟད་ལ། སའི་རྫས་དང་བྲལ་བ་ལས་ནི་དམིགས་པ་ཡི་ནོ།། དམིགས་པ་ལས་རྒྱུན་གྱིས་འཇུག་པའི་ཆུའི་རྫས་དེར་མ་བྱུང་བ་ལས་སྐྱེས་པ་ཡང་མ་ཡིན་ལ། དང་བ་ཉིད་དམིགས་པས་ཆུའི་རྫས ་རྣམ་པར་འགྱུར་བའི་ཆོས་ཅན་དུ་ཁས་བླངས་པ་ཡང་མ་ཡིནོ།། དེ་བཞིན་དུ་གནས་ཡོངསུ་གྱུར་པ་ལ་ཡང་རང་བཞིན་གྱིས་འོད་གསལ་བ་གང་ཡིན་པ་དེ་སྔར་མེད་པ་མ་ཡིན་ཏེ། འོན་ཀྱང་གློ་ངུར་གྱི་སྒྲིབ་པ་སྣང་བས་སྣང་བར་ཟད།། མ་དག་པ་དང་། བཟང ་བ་མ་ཡིན་པ་དང་། མ་དང་བ་ཉིད་བཞིནོ།། དེ་དང་བྲལ་བ་ལས་ནི་སྣང་བ་ཡིན་ལ། གང་ལ་ཆོས་ཉིད་རྣམ་པར་འགྱུར་བ་དང་བཅས་པས་རྣམ་པར་འགྱུར་བ་སྣང་བ་ལས་ཡང་མ་བྱུང་བ་ལས་སྐྱེས་པ་ཡང་མ་ཡིན།། དེ་མེད་པས་ན་ཆོས་ཉིད་དང་། ངེས་རབ་ཏུ་ཕྱེ ་བའི་གནས་ཡོངསུ་གྱུར་པ་རྟག་པ་ཡི་ནོ།། འདིར་གསེར་དང་ཚུབ་དཔེས་ནི་རྫས་ལ་མ་ལྟོས་པར་ཡིན་ཙམ་ཆོས་མཐུན་པར་བསྟན་པ་ཡིན་ལ། ན་མཁའི་དཔེས་ནི་ཐམས་ཅད་བསྟན་པ་ཡིནོ།། སོགས་པ་སྨོས་པས་ནི་རྣམ་པ་དེ་ལྟ་བུ་གཞན་ཡང་རྟོགས ་པབྱ་སྟེ། གོས་ལ་སོགས་པ་དྲི་མ་དང་བྲལ་བས་དག་པར་གྱུར་པ་ཉིད་དུ་གནས་པ་ལ་སོགས་པའོ།། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། ་ཁ་ཆེའི་པཎྜི་ཏ་མ་ཧཱ་ཛ་ན་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ་