| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཧེ་བཛྲ་མཎྜ་ལ་ཀརྨ་ཀཱ་མ་བི་དྷི། བོད་སྐད་དུ། ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག། དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚ་ལོ།། དང་པོར་སློབ་དཔོན་གྱིས་བླ་མ་ལས་དབང་ཐོབ་ཅིང་། དམ་ཚིག་ལ་གནས་པ། མཚན ་ཉིད་ཐམས་ཅད་དང་ལྡན་པ་དེས། སློབ་མ་ལ་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་བྲི་བ་ནི། དང་པོར་སློབ་མའི་མཚན་ཉིད་བརྟག་པར་བྱ་སྟེ། དེས་ཤིང་འཇམ་ལ་སྙན་པར་སྨྲ་བ། སེམས་ཅན་ཐམས་ཅད་ལ་བྱམས་པའི་དང་། སྙིང་རྗེའི་སེམས་དང ་ལྡན་པ་ཐོས་བསམ་དང་། ཀློག་པར་ལ་མངོན་པར་བརྩོན་པ་ཐབས་དང་ཤེས་རབ་ཟབ་མོའི་ཚུལ་གསང་བའི་ཆོས་ལ་ཤིན་ཏུ་དང་པ། བླ་མ་ལ་གུས་པ། བསྟན་བཅོས་ལ་འཇིགས་པ་མེད་པ། གཏོང་སེམས་ཆེ་བ་ལྡན་པའི་སློབ་མ་དེ་ཡོངས་སུ་གཟུང ་བར་བྱའོ།། དེ་ལྟར་སློབ་མ་བརྟགས་པའི་རྗེས་ལ། དང་པོ་ལྷའི་བསྙེན་པར་བྱ་སྟེ། དེ་ལ་གཙོ་བོའི་འཛབ་ནི་འབུམ་བཟླས་པར་བྱའོ།། ལྷ་མོ་རྣམས་ཀྱི་འཛུབ་ནི་སྟོང་བཟླས་པར་བྱའོ།། དེ་ལ་སློབ་དཔོན་ལ་ལ་དག་ནི་ལྷ་མོ་རྣམས་ཀྱི་འཛབ་ནི། བྱ་མི་དགོས ་ཏེ་ཅིའི་ཕྱིར་ཞེ་ན། དཔའ་བོའི་ཡན་ལག་ཏུ་འདུས་པས། དཔའ་བོ་གཅིག་པུ་བྱའོ་ཞེས་ཟེར་རོ།། དེ་ལྟར་བཟླས་པ་བྱས་པ། མཚན་མ་བྱུང་ན། དཀྱིལ་འཁོར་བྲི་བ་བརྩམ་པར་བྱ་སྟེ། དང་པོར་སེམས་དག་པ་སྔོན་དུ་བྱཱ་སྟེ། ཀྱེ་རྡོ་རྗེའི་ང་རྒྱལ་དང་ལྡན་པས། ལྷ ་རྣམས་མཉེས་པར་བྱས་ཤིང་། དཀྱིལ་འཁོར་བྲི་བའི་ཕྱིར་ས་གཞི་ཡོངསུ་བརྟག་པར་བྱ་སྟེ། ནགས་ཚལ་ཤིན་ཏུ་དབེན་པ་འམ། བྱང་ཆུབ་སེམས་དཔའི་ཁྱིམ་མམ། རྒྱ་མཚོ་ཆེན་པོའི་འགྲམ་མ་མ། དུར་ཁྲོད་གྲུབ་པའི་གནས་སམ། སྔོན་དུ་དཀྱིལ་འདྲེ ་བྱས་པའི་གནས་སམ། ཡང་ན་གནས་ཡིད་དུ་འོང་བའི་ས་ཕྱོགས་རང་གི་སེམས་འཇུག་པ་མཛེས་ཤིང་ཡིད་དུ་བོང་བ་རུ། དྲི་ཞིམ་པའི་ཆུས་གཏོར་ཏེ། མེ་ཏོག་སྣ་ཚོགས་པ་ཡང་དགྲམ་མོ།། གནས་གང་དུ་ཡང་རུང་བ་དེར། ཤར་དང་བྱང་དུ ་གཞོལ་བ་རྣལ་འབྱོར་པ་རྣམས་དངོས་གྲུབ་ཏུ་འགྱུར་རོ།། དབུས་མཐོ་ན་ཕྱག་རྒྱ་ཆེན་པོའི་རིགས་འཛིན་གྱིས་ཐོབ་པར་འགྱུར་རོ།། བྱང་མཐོ་ན་མཁའ་འགྲོ་མ་རྣམས་ཀྱི་རྗེསུ་འབྲང་བར་འགྱུར་རོ།། ཤར་མཐོ་ན་རིགས་བཞི་དང་ལྔ་ལ་སོགས་པར་རྟོག་པ་ཟད་པར་བྱས ་པར་འགྱུར་རོ།། ས་གཞི་དབུས་དམའ་ན། སྔགས་པ་འཇིགས་པ་དང་བཅས་པར་འགྱུརརོ།། དེ་ལྟར་མཚན་ཉིད་དང་ལྡན་པའི་གནས་དེར་བསྒྲུབས་ན། ཇི་ལྟར་འདོད་པའི་དངོས་གྲུབ་ཏུ་འགྱུརརོ།། ས་བརྟག་པའི་རིམ་པའོ།། དེ་ལྟར་བརྟགས་པའི་དབུས་སུ་ཀྱེ་རྡོ་རྗེ་དང ་ལྡན་པར་འདུག་ལ། སའི་ལྷ་མོ་བསྐུལ་ཞིང་གསོལ་བ་གདབ་པར་བྱ་སྟེ། ལག་པ་གཉིས་སོར་མོ་ལན་གསུམ་དུ་ས་ལ་རྡེབ་པར་བྱའོ།། བརླབས་པས་སའི་ནང་ནས་ཕྱིར་འཐོན་ཏེ། རྣལ་འབྱོར་པའི་མདུན་དུ་བཀུག་ནས་གནས་པར་བསམ་པར་བྱའོ།། ་ལྷ་མོ་དེ་ཡང་བརྒྱན་ཐམས་ཅད་དང་ལྡན་པ། མདོག་སེར་པོར་གནས་པ། བཞིན་སྡུག་ལ་མཛེས་པ་ཕྱག་ན་བུམ་པ་བསྣམས་པ་སྟེ། བདག་གི་ཅི་བགྱི་བཀའ་སྩལ་འཚལ་ཞེས་སྨྲ་བར་བསམ་མོ།། དེ་ལྟར་བསམས་པའི་ལྷ་མོ་དེ་ལ་མཆོད་ཡོན་དང་། ་ཞལ་བསིལ་དང་། མཆོད་པ་དང་། གཏོར་མ་ཕུལ་ལ་འདི་སྐད་བརྗོད་པར་བྱའོ།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་དང་།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱེད་ནི་སྤང་དུ་གྱུར།། ཤཱཀྱ་སེང་གེ་སྒྲུབ་པ་ཡིས།། ཇི་ལྟར་བདུད་ཀྱི ་སྡེ་བཅོམ་པ།། དེ་བཞིན་བདག་གི་བདུད་ལས་ནི།། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་དྲི།། ཞེས་ལན་གསུམ་བརྗོད་པའི་རྗེས་ལ།། སའི་ལྷ་མོ་དགའ་བའི་མདངས་ཀྱི་ཁྱོད་སློབ་དཔོན་ཡིན་གྱིས། དཀྱིལ་འཁོར་བྲོས་ཤིག་ཅེས་ཟེར་ནས། ས་ལ་ཐིམ་པར་བསམ་མོ།། ་དེ་ནི་སཾ་བསླང་བའི་རིམ་པའོ།། དེ་ནས་ས་ཕྱོགས་དེར་དྲི་ཞིམོ་པའི་ཆུས་གཏོར་ཏེ་བདུད་རྩི་རྣམ་པ་ལྔའི་ཆག་ཆག་གདབ་བོ།། དེ་ནས་ལྟོ་འཕྱེའི་རིམ་པ་ཤེས་པར་བྱས་ལ་དངོས་གྲུབ་རབ་འབྲིང་གསུམ་གྱི་དོན་དུ། མགྲིན་པ་དང་། ལྟེ་བ་དང་། པུས་མོ་ཡན ་ཆོཚོད་དུ་བརྐོ་བར་བྱའོ།། དེ་ནས་སའི་རོ་རྡོ་བ་དང་། མགུལ་དུམ་དང་། སོལ་བ་དང་། རུས་པ་དང་། གྱོ་མོ་དང་། གསེག་མ་དང་། བོང་པ་ལ་སོགས་པ་མེད་པར་བྱས་པའི། ས་གཞན་བཟང་པོ་སྣུམ་པ་ལ་དྲི་ཞིམ་པོ་ཙན་དན་དང་། གུར་ཀུམ་དང་། ག་པུར་དང་། གླ་རྩི་ལ ་སོགས་པ་དང་བསྲེས་པས་དགང་ངོ་།། ཡང་དྲི་ཞིམ་པོ་དང་ཆུ་བསྲེས་པའི་ཡི་གེ་ཧཱུཾ་བཟླས་པའི་ཆུ་དང་བསྲེས་ཤིང་བཤང་གཅིས་བཀང་ལ། འཐང་པོ་ར་བཅགས་ཏེ། རིན་པོ་ཆེ་ལ་སོགས་པའི་གཏེར་བཅུག་ལ་ལག་མཐིལ་ལྟར་མཉམ་པའི་སྟེང་དུ། ་ཡན་ལག་དྲུག་དང་ལྡན་པའི་རྣལ་འབྱོར་ལ་འདུག་ལ། ཨོཾ་རཀྵ་རཀྵ་ཞེས་བརྗོད་པས། ས་གཞི་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱ་ཞིང་། ལོག་དང་སྟེང་རྡོ་རྗེའི་གུར་དང་། རྡོ་རྗེའི་བླ་རེར་བྱའོ།། དེ་ནས་ཨོཾ་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པས་ཐམས་ཅད་འོད ་དང་ལྡན་པར་བྱའོ།། ཀྱེ་རྡོར་ཁྲོ་བོ་མཆོད་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། རིན་ཆན་སྣ་ཚོགས་ཕྱེར་བཏགས་པས།། བདག་གི་དོན་ཡོད་དཀྱིལ་འཁོར་བྲི།། ས་གཞི་བྱིན་གྱིས་བརླབ་ཅིང་ལྟ་གོན་ལ་གནས་པའི་རིམ་པའོ།། དེ་ནས་ཡང་སློབ་དཔོན་ཡན ་ག་དྷཱགྷྲ་དང་ལྡན་པར་རྒྱུ་གཙུག་ག་རྒྱགས་དང་། (་ཨཱརྡྷས་ཧཱ། ན་རྒྱན་དང་། སྐྱུ་རགས་དང་། ཕྱག་ག་དང་། རྒྱུན་ལྡན་རྫུན་པས་རྡོ་རྗེ་དང་ཧྲལ་དུ་ནགསུ་ལྔ་གང་དུ་སྨྲས་པའི་མདུན་ལ་སོགས་པར་འདུག་པ་ལྷ་མ་ག་དྷི་ལ་སོགས་པ ་བ་ནི་རིགས་བཞིའི་ཏིང་ངེ་འཛིན་ན་ནེ་བཞི་ཕྱོགས་པོ་ཞིར་འདུག་སྟེ། རྡོ་རྗེ་དང་དྲིལ་བུ་ཐོགས་ལ། མདོ་བསྐུལ་བར་བྱའོ།། དེ་ཡང་བསྐུལ་བའི་སྔོན་དུ་མཆོད་པར་བྱ་སྟེ། གོ་རཱི་འི་ཏིང་ངེ་འཛིན་ཅན་གྱིས། ཨོཾ་བཛྲ་པུཥྤེ་ཨཱཿབྷྲཱུཾ། ཨོཾ་བཛྲ་དྷཱུ་པ་ཨཱརྒྷཾ། ཨོཾ་བཛྲ་ཏཱི ་བེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་མེརྦེ་དྱེ་ཨཱཿཧཱུཾ། ཞེས་བྱ་བའི་མཆོད་པ་ལྔས་མཆོད་དེ། ཁྱོད་ནི་རྣལ་འབྱོར་མ་རྣམས་བསྐོར་ཞེས་བྱ་བ་ལ་སོགས་པས་བསྟོད་དེ། དེ་ནས་འདི་སྐད་ཅེས་བསྐུལོ།། དེ་བཞིན་གཤེགས་པ་ཀུན་ཞི་བ།། དེ་བཞིན ་གཤེགས་པ་ཀུན་གྱི་གནས།། ཀུན་འབྱུང་རྡོ་རྗེ་སེམས་དཔའ་ཡི།། དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ།། མཚན་ཉིད་ཐམས་ཅད་ཡང་དག་རྫོགས།། མཚན་མིན་ཐམས་ཅད་ཡང་དག་སྤངས།། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར ་འདྲེན་པ་བཤད་དུ་གསོལ།། ཡང་དག་སངས་རྒྱས་མཆོག་ཞི་བ།། ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ།། ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པ་དྲི་མ་མེད།། ་རྣམ་སྣང་མཛད་ཆེན་འབྱུང་བ་ཡི།། དཀྱིལ་འཁོར་འདྲེན་པ་བཤད་དུ་གསོལ།། དེ་ནས་གོང་དུ་སྨོས་པའི་ཕྱག་རྒྱ་ལྔ་དང་ལྡན་པའི་ཀྱེ་རྡོ་རྗེ་བསྒོམ་པ་དེས། བགེགས་བསལ་བར་བྱ་སྟེ། རྐང་པ་གཉིསུ་ཡི་གེ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ། མིག་གཡས ་སུ་མ་ལས་ཉི་མའི་དཀྱིལ་འཁོར། གཡོན་དུ་ཊ་ལས་ཟླ་བའི་དཀྱིལ་འཁོར་བསམ་སྟེ་རྡོ་རྗེའི་ལྟ་བས་ཐམས་ཅད་དུ་བལྟས་ཏེ། དེ་ཡང་རབ་ཏུ་མྱུར་བར་གཡོས་པའི་མིག། མིག་གི་རྫི་མ་འདྲེན་པ་ནི།། འབར་བའི་བལྟ་བ་ཞེས་སུ་གསུངས།། འགྲོ་བ་ཐམས་ཅད ་དགུག་པར་རོ་ཞེས་པས། དེ་ལྟར་བལྟས་ལ། ལག་པ་གཡོན་གྱིས་དྲིལ་དུ་གཟུང་ཞིང་།། གཡས་ཀྱི་རྡོ་རྗེ་གསོར་ལ་སྟེང་འོག་ཏུ་ལེགས་པར་འཁྱུད་ནས། ས་ཕྱོགས་དེ་ན་གནས་པ་འདིས་བསྐྲད་པར་བྱའོ།། ས་ཕྱོགས་འདིར་ང་སེམས་ཅན་གྱི་དོན་རྩོམ ་གྱིས། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་འབྱུང་པོ་དང་། ཤ་ཟ་མོ་དང་། སྲིན་བུ་ལ་སོགས་པ་གང་དག་གནས་པ་སའི་བདག་པོ་མྱུར་དུ་སོང་ཞིག། འདི་ལྟོར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་དེངས་ཤིག། གང་མི་འགྲོ་བ་དེ་དག་ལ་ངའི་ཡེ ་ཤེས་ཀྱི་རྡོ་རྗེ་དང་། ཁ་ཊྭཱཾ་ག་འདིས་སྤྱི་བོ་རྣམ་པ་བརྒྱར་འགས་པར་འགྱུ་རོ་ཞེས་ལན་གསུམ་དུ་བརྗོད་ལ། དབང་ལྡན་གྱི་མཚམས་ནས་བརྩམས་ནས་ཧཱུཾ་མང་པོ་བརྗོད་ཅིང་ལན་གསུམ་དུ་བསྐོར་བར་བྱའོ།། བསྐལ་པའི་མེ་ལྟ་བུའི་འོད་ཟེར་མང་པོ ་རྐང་པའི་འོག་ནས་ཕྱུང་པ་ཡིས། བདུག་པ་ཅན་རྣམས་བསྲེགས་པར་དོགས་ནས། ཕན་ཚུན་འབྱེར་བར་བསམ་མོ།། དེ་ཡང་རོལ་པའི་གོམ་སྟབས་བརྒྱད་པ་གཱར་བྱས་ཏེ།། རྐང་པ་བསྐྱོད་ནས་ལག་པ་བསྐྱེད།། སྨིན་མ་འདེགས་དང་རབ་འདེགས ་འབྲང་།། ཅུང་ཟད་ངོ་ཚོ་ཟུར་མིག་དང་།། བཻཪྻ་རྒྱས་སྦྱིན་ལ་འདུག་པ་དང་།། མིག་ཡངས་གར་ནི་བྱེད་འགྱུར་ཞིང་།། ཁ་ཡི་པདྨ་འཛུམ་དང་བཅས།། ཅུང་ཟད་དམར་བའི་མི་ཆེ་བ་འཆང་།། ཀུན་དེ་ལྟར་དཀར་མོ་ཡི་ཕྲེང་།། དཔལ་ལྡན་ཁྲག་འཐུང ་རྣལ་འབྱོར་ཆེས།། སེམས་ཅན་སྒྲོལ་བ་རྨད་དུ་བྱུང་།། དེ་ལ་སོགས་པའི་གར་གྱིས་ནི།། བགེགས་ལ་སོགས་པ་བསྐྲད་པར་བྱ།། དེ་ནས་སྔོན་དུ་གསུངས་པ་ཡི།། རཀྵའི་སྔགས་ཀྱི་རྡོ་རྗེའི་ས་གཞི་དང་གུར་དང་བླ་རེ་ལ་སོགས་པ་བྱའོ།། ་དེ་ལྟར་བྱས་པས་དཀྱིལ་འཁོར་སའི་ཆ་ཉེས་པ་དང་ལྡན་པ་ཡང་ཉེས་པ་དག་མེད་པར་འགྱུར་ཏེ། བགེགས་བསལ་བའི་རིམ་པའོ།། ། དེ་ནས་པའི་རྣམ་པ་ལྔ་དང་ལྡན་པའི་དྲི་ཞིམ་པོའི་ཆུ་དང་། བདུད་རྩི་ལྔས་བྱུགས་ལ། དེའི་སྟེང་དུ ་དྲིའི་ཐིག་ལེ་བྱའོ།། ཐིག་ལེ་དེའི་སྟེང་དུ་མེ་ཏོག་བཞག་ལ། སྣ་ཚོགས་པདྨར་བསམ་མོ།། པདྨའི་སྟེང་དུ་ཨ་ཉི་མའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་རང་རང་གི་སྔགས་ཧཱུཾ། གཾཙཾ་པཾ་གྷཾཿཔཾཿསཾ་ལཾ། ཌཾ། ཞེས་བྱ་བཱི་སྦྱོར་བས་ལྷའི་དཀྱིལ་འཁོར ་བསྐྱེད་ལ། རང་རང་གི་གདན་དེ་ཉིད་ལ་བ་ཞུགས་པར་བསམ་མོ།། དེ་ནས་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་སྤྱན་དྲང་བར་བྱ་སྟེ། གོ་ནཱི་གྷ། ཞེས་བསྐུལ་བས། གཽ་རཱྀ་ལས་སྤྲུལ་པའི་གོ་རཱི་ལྕགས་ཀྱུ་ཅན་མ་པོ་འཕྲོས་པས་རང་བཞིན་གྱི ་དཀྱིལ་འཁོར་ནས། ཀྱེ་རྡོ་རྗེ་འཁོར་དང་བཅས་པ་སྤྱན་དྲངས་ནས། རྡོ་རྗེའི་བླ་རེའི་སྟེང་དུ་བཞུགས་པ་ལ། པྲོ་ཀྵ་ཎཾ་དང་། ཨོཾརྒྷ་དང་། ཨོཾ་ནྟུ་མ་ནཱཾ་དང་། བྷི་དྷཾ་དང་། སྤོས་དང་། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་། ལྷ་མོ་བརྒྱད་ཀྱིས་མཆོད ་པས་མཆོད་དོ།། དེ་ནས་ཙེ་རཱི་ཧཱུཾ་ཞེས་པས། ཙཽ་རཱི་ཞགསོ་པ་ཅན་གྱིས། གཞལ་ཡས་ཁང་གི་ནང་དུ་བཞག་གོ། བེཏྟཱ་ལཱི་བཾ་ཞེས་པས། དེ་བཞིན་དུ་བཅིངས་ལ། གྷསྨ་རཱི་ཧོཿས་དགྱེས་པར་བྱས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་ལོ་གཅིག་ཏུ་བྱའོ།། ་དེ་ནས་ཡང་ཕྱིའི་མཆོང་བས་མཆོད་ཅིང་། ནང་གི་མཆོད་པས་ཀྱང་མཆོད་ལ། དྲིལ་བུའི་སྒྲ་དགྲོལ་ཏེ། སྲིད་པར་རང་བཞིན་གྱི་དག་ཕྱིར།། ངོ་བོ་ཉིད་ཀྱིས་དངོས་མེད་བྱས།། རང་བཞིན་དག་པས་སེམས་དཔའ་རྣམས།། དམ་པའི་སྲིད་པ་བྱེད་པར་ཤོག ་ཅེས་པ་དང་། ཐམས་ཅད་དངོས་པོའི་རང་བཞིན་མཆོག། གདོད་ནས་ཐམས་ཅད་བདག་ཉིད་གནས།། ཐབས་དང་ཤེས་རབ་གཉིས་མེད་པ།། ཀྱེ་རྡོ་རྗེ་བདག་ཕྱག་འཚལ་ཞེས་པ་ལ་སོགས་པའི་རྡོ་རྗེ་གླུའི་ཚིག་གིས་བསྟོད་དོ།། དེ་ནས་བདུད་རྩིའི ་མཆོད་པ་ཡང་། དཔལ་ཀྱེ་རྡོ་རྗེ་འཁོར་དང་བཅས་པས་མྱང་བར་བྱའོ།། དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། གཉིས་མེད་ཡེ་ཤེས་ལས་བྱུང་བ།། ཁྱབ་བདག་དངོས་གྲུབ་བདག་ཉིད་ཅན།། སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ།། བདག་མེད ་མ་དང་ཡང་དག་ལྡན།། ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་དང་།། རིགས་པའི་ལྷ་མོ་རྫུ་འཕྲུལ་ཅན།། བྱང་ཆུབ་སེམས་དཔའ་ལ་སོགས་ཀུན།། མ་ལུས་བདག་ལ་དགོངསུ་གསོལ།། སློབ་མ་ལ་ནི་ཕན་པ་དང་།། ཁྱེད་རྣམས་ལ་ཡང ་མཆོད་པའི་ཕྱིར།། ཆེ་གོ་བདག་ནི་རྡོ་རྗེ་ཅན།། ནང་པར་དཀྱིལ་འཁོར་འདྲི་ལགས་ཀྱིས།། རྗེ་སུ་བརྩེ་བར་ཉེར་དགོངས་ཏེ།། བྱིན་གྱིས་བརླབས་པར་མཛད་དུ་གསོལ།། དེ་ནས་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་དང་།། བདུད་རྩི་ལྔ་དང་སྤོས་ལ ་སོགས་པ་དབུལ་བར་བྱའོ།། ལྷ་ལ་གསོལ་བ་གདབ་པའི་རིམ་པའོ།། དེ་ནས་སློབ་མའི་གཙོ་བོ་འཁོར་དང་བཅས་པ་ལྷག་པར་གནས་པར་བྱ་ཞིང་། མཆོད་པར་བྱ་བ་འདི་བརྗོད་དོ།། བུ་ཚུར་ཐེག་པ་ཆེན་པོ་ལ།། ཁྱོད་ནི་ཚུལ་ཆེན་སྣོད་ཡིན ་ཏེ། གསང་སྔགས་སྤྱོད་ཚུལ་ཚེག་འདི།། ཁྱེད་ལ་ཡང་དག་བཤད་པར་བྱ།། རྫོགས་པའི་སངས་རྒྱས་གང་བཟླས་དང་།། དེ་བཞིན་གང་དག་མ་བྱོན་དང་།། ད་ལྟར་བྱུང་བའི་རྫོགས་སངས་རྒྱས།། འགྲོ་ལ་ཕན་ཕྱིར་བཞུགས་པ་རྣས ་དེདག་ཀུན་གྱིས་གསང་སྔགས་ཀྱི།། ཆོ་ག་བཟང་པོ་འདི་མཁྱེན་ནས།། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པའི་མཚན་མ་བརྙེས།། གསང་སྔ་གསོ་སྦྱོར་བ་མཉམ་མེད་དེ།། སྐྱབས་པ་དཔལ་ལྡན་ཧེ་རུ་ཀས།། བདུད་སྡེ་ཤིན་ཏུ་མི ་བཟད་པ།། དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ།། དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུ་ཡཱི་བློ་གྲོས་འདི་གྱིས་ཤིག། སངས་རྒྱས་ཆོས་དང་དགེ་འདུན་ལ།། རྟག་ཏུ་ཁྱེད་ནི་སྐྱབསུ་སོང་།། རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ།། འཁོར་ལོར ་བཞུགས་པའི་བདག་ཉིད་ཅན།། ཀུན་ལ་རྟག་ཏུ་སྐྱབསུ་སོང་།། དཔའ་བོ་དཔའ་མོ་དབང་ལྷ་མོ།། བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ།། ཁྱད་པར་དུ་ཡང་སློབ་དཔོན་ལ།། རྟག་པར་བདག་ནི་སྐྱབསུ་མཚོ།། དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ།། ་རྣལ་འབྱོར་མ་དང་སྣང་མཛད་སོགས།། བྱང་ཆུབ་སེམས་དཔའ་དཔག་མེད་པ།། ཐམས་ཅད་རང་ལ་དགོངས་པར་གྱིས།། དུས་འདི་ནསྣ་གཟུང་ཆེ་གེ་མོ།། ཇི་སྲིད་བདག་མེད་སར་གནས་པར།། དེ་ཡི་ཚངས་སྤྱོད་གཉིས་མེད་པར།། ཁྱོད་ཀྱིས ་སྡོམ་ལེགས་པར་གཟུང་།། དེ་ནས་འོག་ནས་འབྱུང་བ་འདི་རྣམས་ཀྱིས།། སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ། བདག་གིས་སྡིག་པ་བགྱིས་པ་དང་།། བགྱིད་དུ་སྩལ་དང་ཡི་རང་བ།། སངས་རྒྱས་སྤྱན་སྔར་མཆིས་ནསུ།། དེ་དག ་ཐམས་ཅད་བཤགས་པར་བཀྱེ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི།། བསྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས།། དེ་ལ་བདག་ན་ཡི་རང་ངོ་།། སེམས་བསྐྱེད་མངོན་པར་སངས་རྒྱས་དང་།། ཆོས་ཀྱི་ལ ་ལོ་བསྐོར་བ་དང་།། བྱང་ཆུབ་སེམས་དཔའི་ཚོགས་སྤྱོད་ལ།། དེ་ལ་བདག་ནི་སྐྱབསུ་མཆི།། སངས་རྒྱས་འབྱུང་བ་ཇི་ལྟ་བར།། སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས།། བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར།། དེ་རིང་ཉིད་དུ་སེམས་བསྐྱེད།། མགོན ་པོཔོ་བདག་ལ་དགོངསུ་གསོལ།། མ་ལུས་བཞུགས་པའི་སངས་རྒྱས་རྣམས།། དུས་འདི་ཉིད་ནས་སངས་རྒྱས་པར།། བླ་མེད་བདག་ལ་གཟིགསུ་གསོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། སངས་རྒྱས ་རྣལ་འབྱོར་སྡོམ་པ་ནི།། ཡང་དག་ཉིད་དུ་གཟུང་བར་བགྱི།། རྡོ་རྗེ་རིགས་མཆོག་ཆེན་པོ་ལ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་།། ཡང་དག་ཉིད་དུ་གཟུང་བར་བགྱི།། སློབ་དཔོན་དག་ཀྱང་གཟུང་བ་བགྱི།། རིན་ཆེན་རིགས་མཆོག་ཆེན་པོ་ཡི།། དལ་ཚིག་ཡིད་དུ ་འོང་བ་ལ།། ཉིན་རེ་བཞིན་དུ་ཡན་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི་རིག་མཆོག་དག་པ་ལ།། ཕྱི་དང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་མ་ལུས་གཟུང་།། ལས་ཀྱི་རིག་མཆོག་ཆེན ་པོ་ལ། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། དེ་བཞིན་བརྟན། ་པར་བཟུང་བར་བགྱི།། བདག་གི་དགེ་བའི་ལས་རྣམས་འདི་དག་གིས།། འཇིག་རྟེན་མི་རིང་སངས་རྒྱས་མྱུར་འགྲུབ་ནས།། སེམས་ཅན་འཁོར་བའི་རྒྱ་མཚོར་བྱང་བ་རྣམས།། བླ་མེད་བྱང་ཆུབ་ཉིད་དུ་བསྒྲལ་བར་བགྱི།། ཞེས་ཞུས་པ་དང་། ་སློབ་དཔོན་གྱིས་སློབ་མ་བསྲུང་བར་བྱ་སྟེ། སློབ་མ་རྣམས་ཀྱི་ལུས་ངག་ཡིད་གསུམ་དུ། སྤྱི་བོར་འཁོར་རོ།། མགྲིན་པར་པདྨ། སྙིང་གར་རྡོ་རྗེ། དེ་གསུམ་གྱི་ལྟེ་བ་ལ་ཡང་། ཨོཾ་ཨཱཿཧཱུཾ་གསུམ་བསམ་མོ།། དེ་ནས་སློབ་དཔོན་གྱིས་ལག་ཏུ་རྡོ་རྗེ་གཟུང་ལ།། སློབ ་འི་གནས་གསུམ་དུ་རྡོ་རྗེ་གསུག་ཅིང་།། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་། གནས་གསུམ་དུ་དྲིའོ་ཆུས་བྱུག་གོ།། དེ་ནས་རིམ་པར་སློབ་མ་རྣམས་ཀྱིས་མགོ་ལ་མེ་ཏོག་བྱིན་ཏེ། མདུན་དུ་སྤོས་བྱིན་ལ། མར་མེ་དང་དྲི་སྙིང་གར་སྦྱིན་ནོ།། དེ་ནས་སོ་ཤིང་གི་ཆོ་ག་བྱ་བ་ནི་འདིའོ།། ་ཨུ་དུམྦཱ་ར་ཨ་ཤྭདྠ།། མེ་ཏོག་གཙང་ཞིང་དྲི་ཡི་བྱུག། སོར་ནི་བཅུ་གཉིས་ཚད་དུ་བྱ།། མི་གཡོ་མ་གས་འབུས་མ་ཟོས།། ལྕི་བ་བ་ཡི་ཀོ་བ་ཙམ།། ས་གཞི་མཎྜལ་བྱས་ནས་ནི།། སློབ་མ་དེ་ཡི་སྟེང་བཞག་ནས།། མེ་ཏོག་ལོ་སོགས་མཆོད་པ་བྱ།། སློབ་མའི་ཚོགས་ལ་སྦྱིན ་བར་བྱའོ།། དེ་ནས་ཤར་ཕྱོགས་ཁ་བལྟས་ཏེ།། མོ་སྨྲ་བར་ནི་སོ་ཤིང་བཅའ།། བཅའ་བ་ཟིན་ནས་མི་དགས་ཤིང་།། ཕན་ཚུན་དུ་ཡང་མི་འདོར་བར།། སོ་ཤིང་མདུན་དུ་དྲང་པོར་དོར།། དེ་ཡི་ཚེ་ན་མཚན་མོ་ནི།། དེ་ཚེ་བདག་ལ་བལྟ་བ་དང་།། རྩེ་མོ་གྱེན་དུ་འགྲེང་གྱུར་མ།། ་དེཡི་དངོས་གྲུབ་དེ་ལ་ཐེ་ཚོམ་མེད།། དེ་ནས་དྲི་ཆུ་ལག་པར་བླུག། དེ་ཡི་དངོས་གྲུབ་མཆོག་ཅེ་བཤད།། དེ་བཞིན་གཞན་དུ་ཁ་བལྟས་ན།། དེ་ཡི་དངོས་གྲུབ་འབྲིང་དུ་བཤད།། མཚམས་དང་བྱང་དུ་ཁ་བལྟས་ན།། འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ།། སོ་ཤིང་དོར་བ་བརྒྱ ་ལམ་ན།། གལ་ཏེ་ཐུར་དུ་ཁ་བལྟས་ན།། དེ་ནི་ངེས་པར་ས་འོག་གོ། དངོས་གྲུབ་དེ་ལ་ཐེ་ཚོམ་མེད།། དེ་ནས་དྲི་ཆུ་ལག་པར་བླུགས་ཏེ་འཐོར་འཐུང་བྱའོ།། ཨོཾ་ཧྲཱི་བི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནཱི་ཙཱ་སཾ་ཤོ་དྷ་ཡ། སརྦ་བི་ཀལླཱ་པ་ནྱ་ཧཱུཾ་ཞེས་པའི་སྔགས་བཟླས་པའི་ཆུ་ཧུབ་གསུམ ་འཐུང་དུ་གཞུག་གོ། དེའི་འོག་ཏུ་སློབ་མ་རྣམས་ལ། སེམས་དགའ་བར་བྱ་བའི་ཕྱིར། ཆོས་བཤད་པར་བྱ་སྟེ།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། ཐམས་ཅད་མཁྱེན་པ་འབྱུང་མི་འགྱུར།། ཨུ་དུམྦཱ་རའི་མེ་ཏོག་བཞིན།། བརྒྱ་ལམ་ན་ནི་རེས་འགའ་འབྱུང་།། དེ ་ཕྱིར་ཕྲད་དཀའ་འབྱུང་བ་ཡི།། གཉིས་མེད་ཟབ་མོའི་ཆོས་ཚུལ་འདིས།། སེམས་ཅན་སངས་རྒྱས་བྱེད་པའོ།། བསྐལ་པ་གྲངས་མེད་མང་པོར་ནི།། སྔོན་དུ་བྱ་བའི་རྣམ་སྨིན་གང་།། དེ་ཀུན་ཟད་པར་འགྱུར་བ་ནི།། ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ།། དེ་ནས་ཨོཾ་ཨཱ ་ཧཱུཾ་ཞེས་བྱ་བས། ཀུ་ཤ་བྱིན་གྱིས་བརླབས་ལ་སྔ་སུ་ཡང་གཞུག་པར་བྱ་ཞིང་སྟན་དུ་ཡང་གདིང་བྱའོ།། དེ་ནས་སྲུང་སྐུད་གདགས་ཏེ། སྲུང་སྤྱད་དམར་པོ་ལ་མདུད་པ་གྲངས་དྲུག་བོར་ལ། དཔུང་པ་གཡོན་པར་བསྲུང་བའི་ཕྱིར་བཅིངངོ་།། དེ་ནས་མཆོད་པ་བྱ་སྟེ ་གཏོར་མ་བཏང་ལ།། སློབ་དཔོན་ནང་དུ་ཞུགས་ལ། དཀྱིལ་འཁོར་གྱི་ལྷ་ལ་ཕྱི་ནང་གི་མཆོད་པས་ཡང་དག་པར་མཆོད་དོ།། སློབ་མ་རྣམས་ནི་སྟ་གོན་གྱི་གནས་དེ་ཉིད་དུ་ཀུ་ཤོའི་སྟན་ལ། སེངྒེའཾ་ཉལ་ཐབ་སུ་འདུག་ལ། རྨྱི་ལམ་གྱི་མཚན་མ་བལྟ་བའི་ཕྱིར། རྨ་སྒྲ ་བར་ཀྱེ་རྡོ་རྗེ་ཡིད་ལ་བྱས་ལ་བསམ་གཏན་གྱི་སེམས་ཀྱི་ཉལ་བར་བྱའོ།། དེ་ནས་མཚན་མོའི་མཐར་རྨི་ལམ་གང་དང་གང་མཐོང་བ་དྲི་བར་བྱའོ།། དྲིས་པ་ཐོས་ནས་རྨི་ལམ་བཟང་ངན་ཐོགས་པ་མེད་པར་བརྗོད་པར་བྱའོ།། དེ་ནས་རྨི་ལམ་བཟང་པོ་མཐོང་བ་ན ་སློབ་མ་ལ་རྗེསུ་མི་རང་བར་བྱ་སྟེ། དངོས་གྲུབ་རབ་འབྲིང་ཐ་མ་བསྟན་པར་བྱའོ།། ངན་པ་མཐོང་ན་བ་བྱུང་རྣམ་པ་ལྔ་འཐུང་བཅུག་སྟེ། དྲག་པོའི་སྦྱིན་སྲེག་བྱས་ན། དེའི་རྟོག་པ་ཞི་བར་འགྱུརརོ།། སློབ་མ་ལྷག་པར་གནས་པའི་རིམ་པའོ།། ་དེ་ནས་གསེར་རམ་དངུལ་ལམ་ཟངས་ལས་རྣམ་པར་རྒྱལ་བའི་བུམ་པ་བྱས་ཏེ། དེ་རྣམས་མ་འབྱོར་ན་ཁམས་ལས་བྱའོ།། བུམ་པ་གཞན་རྣམས་ཀྱང་རིན་པོ་ཆེའི་རྣམ་གྲངས་མ་རྙེད་ན་ཁམས་ལ་བྱའོ།། ཀུན་ཀྱང་དྲི་ཞིམ་པོ་དང་ས་དཀར་པོས་བྱུག་ལ།། ་པདྨའི་ལྟེ་བ་ལ་ཕྱག་མཚན་བཀོད་ལ་བཞག་གོ།། དེ་ནས་བུམ་པ་རྣམས་རང་བཞིན་མེད་པར་བསམས་ལ། དེ་ལས་ཡི་གེ་ཁམ་དཀར་པོར་གྱུར། ཁཾ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པ་ནག་པོ་རཾ་མེད་པ་དཀར་པོ་འདུག་པ་མགྲིན་པ་རིང་བ ་ལྟོ་བ་ཚོང་མཆུ་འཕྱང་བ་བསྒོམས་ལ། དེའི་སྟེང་དུ་བཾ་དམར་པོ་ལས་པདྨར་གྱུར་པའི་སྟེང་དུ་ཨ་ལས་ཉི་མའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཧཱུཾ་གཾ། ཙ། བཾ་གྷཾ། གཾ་སཾ། ལཾ། ཌཾ། དེ་རྣམས་ཡོངསུ་གྱུར་པ་ལས། ལྷའི་འཁོར་ལོ་རྫོགས་པར་བསྐྱེད་དོ།། ་དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ལ་སོགས་པ་བྱ་སྟེ། གོ་རཱི་ཛཿཞེས་པ་ལ་སོགས་པའི་ཕྱག་རྒྱ་བཞིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྱེས་པར་བྱས་ལ་དབྱེར་མེད་པར་བསྟི་མོ།། དེ་ལ་པྲོཀྵ་ཎ་དང་། ཨརྒྷ་དང་། ཨཉྩ་མ་ནཾ ་དང་། བི་དྷི་དང་། མཆོད་པ་རྣམ་པ་ལྔ་དང་། ལྷ་མོ་བརྒྱད་དང་། བསྟོད་པ་རྣམས་བྱའོ།། དེ་ནས་འཛབ་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་བཟླས་ལ་གཞག་པར་བྱའོ།། དེ་ནས་སྤོས་ཀྱིས་གདུག་པ་ལ་སོགས་པ་བྱས་ལ། མེ་ཏོག་དཀར་པོ་ཆལ་པར ་གཏོར་བ་ལ་སོགས་པ་བྱའོ།། དེ་ནས་ལྷ་དེ་རྣམས་འོད་དུ་ཞུ་བ་ལས། བྱང་ཆུབ་སེམས་དཔའ་དཀར་དམར་གྱི་གང་བར་བསམོ།། དེ་ནས་དྲི་ཆུབ་བཟང་པོས་གང་བར་བླུགས་ལ། སྨན་ལ་སོགས་པ་དང་ཡང་དག་པར་བྱ་སྟེ། ཤྭེ་ཏཱ་པྲེ་ཧཱ་ཏི་དང་། ཨ་པ་ར་ཙི་ཏ་དནྡ་ཨུ ་པ་ལ་དང་། ཀརྦྷ་ཀ་རི་དང་། ཧ་ས་དེ་བ་ལ་སོགས་པའི་རྩ་བ་ལས་བྱ་སྟེ། འདི་དག་དཀྱིལ་འཁོར་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རྟག་སུ་བྱས་པའོ།། འབྲས་སོ་བ་དང་། སྲན་གྲེའུ་དང་། ནས་དང་། ཏིལ་དང་། གྲོ་འདི་རྣམས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀྱི་རང ་བཞིན་ནོ།། ཤེལ་དང་དངུལ་དང་། མུ་ཏིག་དང་། དུང་དང་བྱི་རུ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུའི་རྟགསུ་བྱས་པའོ།། གཞན་ཡང་ཟླ་བ་དང་ཉི་མ་དང་། ཆུ་དང་སྨན་དང་དྲི་དང་བུ་རམ་དང་ཁ་ར་དང་བཟའ་བ་རྣམས་གཞུག་གོ།། བུམ་པ་ལ་བདག་པོའི་མཚན་མ ་རྣམ་པ་ལྔ་དང་ལྡན་པ་བྱ་ཞིང་། སྔོན་པོ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའི་རས་རྣམས་ཀྱིས་མགུལ་པ་བཅིང་བར་བྱའོ།། མ་འབྱོར་ན་རས་ཡུག་གཅིག་གིས་སྤྱིར་བྱའོ།། ཤིང་འོ་མ་ཅན་གྱི་རིགས་བཟང་པོ་འབྲས་བུ་དང་། ལོ་མ་དང ་ཡལ་གར་བཅས་པས་ཁ་བརྒྱན་བྱའོ།། བུམ་པ་གཞན་རྣམསུ་ནི་སྨན་ལ་སོགས་པ་མི་གཞུག་པར་ལྷ་རེ་རེ་འོད་དུ་ཞུ་བར་བྱའོ།། བསྟོད་པ་དང་མཆོད་པ་དང་། བཟླས་པ་ནི་ཀུན་བྱའོ།། དེ་ནས་བུམ་པ་རྣམས་རས་བཏིང་བའི་སྟེང་དུ་མེ་ཏོག་དཀར་པོ་ཆལ་པར ་བཀྲམ་པའི་སྟེང་དུ་བཞུག་སུ་གསོ་ལ་ལོ།། དེའི་དུས་སུ་གར་གྱིས་མཆོད་པ་རྣམས་ཀྱང་དབུ་ལོ།། ལས་ཐམས་ཅད་པའི་བུམ་པ་ནི་སྣ་ཚོགས་རྡོ་རྗེས་མཚན་ཏེ། དེ་ལ་མཆོད་པ་བྱས་ལ། ཕྱི་རོལ་གྱི་བྱང་ཤིར་མཚམ་སུ་གཞུག་སུ་གསོལ་ཏེ། བགེགས་མ་རུངས ་པ་རྣམས་ལས་མ་གྲུབ་ཀྱི་བར་དུ་གསུང་དུ་གསོལ་ལོ།། ཞེས་གཞོལ་ལོ།། གཏོར་མ་དགུ་དང་། མར་མེ་དགུ་དང་། ལྷ་བཤོས་དགུ་དང་། སྤོས་དགུ་དང་། དེ་རྣམས་ནི་བུམ་པ་ལྷག་པར་གནས་པའི་རིམ་པའོ།། ས་སྟ་གོན་གྱི་ཕྱི་དེ་ཉིན་པར་སྐྱེས ་བའི་སྦྱིན་སྲེག་བྱའོ།། སློབ་དཔོན་མཚན་ཉིད་བཟང་པོ་དང་ལྡན་པ། ཡང་དག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཤེས་ཤིང་ཁྲོ་བ་མེད་པ། ཕྱག་རྒྱ་ལྔ་དང་ལྡན་པའི་ཤེས་རབ་ཅན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་གཤེགས་སུ་གསོལ་ལ། ཐིག་གདབ ་བའི་ལས་བརྩམ་པར་བྱའོ།། དེ་ཡང་རས་བལ་ལས་ཤེས་རབ་ཅན་མ་མཚན་དང་ལྡན་པས་འཇུར་མདུད་ལ་སོགས་པ་མེད་པར་རིང་ཐུང་ཉིས་འགྱུར་ལ་སྦོམ་ཕྲ་སྒོའི་ཉི་ཤུ་ཆར་གྱུར་པར་བཀལ་ཏེ། སྲད་བུ་སོ་སོར་སྡོམ་ལ། པདྨའི་སྣོད་དྲི་ཞིམ་པོས་བྱུགས་པའི་ནང་དུ་སོ ་སོར་བཞག་ལ། དང་ལྀ་སྲང་བུའི་རང་བཞིན་མེད་པར་བསྒོམ་མོ།། དེ་ལས་སོ་སོའི་ཡིག་འབྲུར་གྱུར་ཏེ། ཡིག་འབྲུ་ཡོངསུ་གྱུར་པ་ལས། སྲད་བུ་བྱུང་བར་བསམ་མོ།། དེ་ནས་ཡེ་ཤེས་ཀྱི་ཐུགས་ཁ་ནས། ཡེ་ཤེས་ཀྱི་སྐུད་པ་ཡོད་པ་ལ། རྣལ་འབྱོར་པའི་ཉི་ཟླ་འབར ་བའི་མིག་གིས་ལྕགས་ཀྱུས། གཙོ་བོ་ཀྱེ་རྡོ་རྗེ་དང་། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ།། གཙོ་བོ་སྔགས་དང་གཉིས་མེད་རྣམས།། སྤྱན་དྲངས་ནས་ནི་དེ་ལ་བསྟིམ།། དེ་ལྟར་ཡེ་ཤེས་ཀྱི་ཐིག་སྐུད་བསྐྱེད་ནས། སྲད་བུ་ལྔ་ལ་གཙོ་བོའི་སྔགས་བརྗོད་དོ། གཅིག་ཏུ་བསྒྲིལོ།། ་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀ་མ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ།། ཨོཾ་ཨཱཿཧཱུཾ་གསུམ་མཐའ་གཉིས་དབུས་དང་གསུམ་དུ་བཀོད་ལ་བྱིན་གྱིས་བརླབས་ཏེ།། དེ་ལ་མཆོད་པ་དབུལ།། དེ་ལ་གཙོ་བོ་ཐུགས་ཀ་ནས། སྲད་བུ་འཛིན་པའི་གྲོགས་པོ་སྤྲུལ་ལ། ཛྫཿཛྫཿ ་ཞེས་བརྗོད་ལ་གཏད་པར་བྱའོ།། དང་པོ་ན་མཁའ་ལ་གདབ་པར་བྱ་སྟེ། ཐིག་སྐུད་དག་ནི་བདེབས་པའི་ཚེ།། འཇིག་རྟེན་ཁམས་ནི་མ་ལུས་པའི།། སངས་རྒྱས་ལ་སོགས་འགྲོ་དོན་དུ།། ཁྱོད་ཀྱི་དུས་ནི་བྱ་ནུས་ཡིན་ཞེས་བརྗོད་དེ་བསྐུལོ།། དེ་བཞིན་དུ་ས་ཐིག་ཀྱང་གདབ་པར ་བྱ་སྟེ། སློབ་དཔོན་ཆུ་བདག་ཏུ་འདུག་སྟེ། སློབ་མ་བརྒྱ་བྱིན་དུ་འདུག་ལ་ཚངས་ཐིག་གདབ། སློབ་དཔོན་གཤིན་རྗེའི་ཕྱོགསུ་འདུག་ལ། སློབ་མ་གནོད་སྦྱིན་དུ་འདུག་སྟེ། ཚངས་ཐིག་གཉིས་པ་གདབ་བོ།། སློབ་དཔོན་བྱིན་ཟར་འདུག་སྟེ། ཤར་གདབ་བོ།། སློབ་དཔོན ་རླུང་ལྷའི་ཕྱོགསུ་འདུག་ལ། སློབ་མ་བདེན་བྲལ་བུ་འདུག་སྟེ། ནུབ་གདབ་བོ།། སློབ་དཔོན་དེ་ཉིད་དུ་འདུག་ལ་སློབ་མ་དབང་ལྡན་དུ་འདུག་སྟེ། བྱང་གདབ་བོ།། སློབ་དཔོན་བྱིན་ཟར་འདུག་ལ། སློབ་མ་བདེན་བྲལ་དུ་འདུག་སྟེ། ལྷོར་གདབ་པར་བྱའོ།། སྲང་བུས་ཡོངས ་ཐིག་གདབ་བྱ།། སྲད་བུས་གཞལ་བར་མི་བྱ་སྟེ།། འཕེལ་འགྲིབ་གཉིས་ཀྱི་ཉེན་ཡོད་པས།། སྲ་བས་རབ་ཏུ་གཞལ་བར་བྱ།། ཞེས་འབྱུང་བས། སྤ་ལ་སོགས་པ་དྲང་ཞིང་སྲ་བ་ལ་ཁ་ཏི་ཀ་བྱས་ལ། ཐིག་རྐང་བཞི་བཅུ་རྩ་གཉིས་ཕྱོགས་དོར་གདབ་པར་བྱའོ།། ་དེ་ལྟར་བཞི་བཅུ་རྩ་གཉིས་བཏབ་པ་ལས།། སྒོ་ཁྱུད་ཀྱི་ཐིག་ཚུན་ཆད་ཀྱི་ནི་པདྨའི་ལྟེ་བར་བསྐོར་བར་བྱའོ།། པདྨའི་ཟེ་བ་བསྐོར་བ་ནི། ལྷའི་སྣམ་བུ་ལས་ཇི་ཙམ་རན་པར་བྱའོར་བར་བྱའོ།། དཀྱིལ་འཁོར་གྱི་མཐར་རྡོ་རྗེ་ར་བ་དང་། མེ་རི་གཉིས་ལ་མ ་རེ་རེརེར་བསྐོར་རོ།། རྟ་བབས་ཀྱི་སྣམ་བུ་བཞིའི་ཕྱོགས་སྟེང་ན། ཆ་བཞི་ལ་ཆ་ཕྱེད་ཀྱི་ཆ་གཅིག་ལ་དྷརྨཱ་ཙཀྲའོ།། གཅིག་ལ་རྡོ་རྗེ་རྒྱ་གྲམ་གྱི་རྭ་དབུ་མ། དེའི་སྣ་ལ་པདྨའི་སྡོང་པོའི་སྣ་གཏད་པར་བྱའོ།། དེ་ནས་བླ་མས་དཀྱིལ་འཁོར་དབུས་སུ་འདུག་ལ། མིག་གཉིསུ ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསམས་ལ། བཟློག་པ་ལ་བལྟ་ཞིང་ཧི་ཧི་ཞེས་པས་སྒོ་དབྱེ་བར་བསམ། དེ་ནས་བཛྲ་བེ་གཱ་ཀྲ་མ། ཞེས་བརྗོད་ལ་ཕྱིར་འབྱུང་།། དེ་ལྟར་ཐིག་གདབ་པའི་རིམ་པ་ཟིན་ནས། ཡེ་ཤེས་ཀྱི་སྐུད་པ་ལ་མཆོད་བྱས ་མཆོད་ལ། སྭཱརྟྟ་ཙིཏྟ་པ་ར་མཱརྠཉྫ་ཧི་ཏ་གཙྪ་ཞེས་བརྗོད་ལ་ལྷ་གཤེགསུ་གསོལ་ལོ།། ཡེ་ཤེས་ཀྱི་ཐིག་གདབ་པའི་རིམ་པའོ།། དེ་ནས་འབྲས་ལ་ཁ་དོག་ལེགས་པར་བསྒྱུར་བའི་ཚེ་ན་རིམ་པར་བཞག་སྟེ། དེ་རང་བཞིན་མེད་པར་བསྒོམས་ལ། བྷྲཱུཾ། ཨོཾ། ཧྲཱི་ཁཾ ་ཧཱུཾ་ལྔར་གྱུར་པར་བསམ་མོ།། དེ་ཡོངསུ་གྱུར་པ་ལས་ཚོན་སྣ་ཚོགས་འབྱུང་བར་བས་མོ།། དེ་ནས་རྣལ་འབྱོར་པའི་ཉི་ཟླ་འབར་བའི་མིག་གི་ལྕགས་ཀྱུས་ཀྱེ་རྡོ་རྗེ་མཁའ་འགྲོ་མའི་འཁོར་དང་བཅས་པ་རྣམས་སྤྱན་དྲངས་ནས་ས་ལ་ཚོན་ལ་ཐིམ་པར་བསམ ་སྟེསྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་མང་དུ་བཟླས་ལ། ས་ཚོན་ལ་མཆོད་པ་དབུལ་ལོ་དེ་ནས་བྱང་ཤར་མཚམས་ནས། བླ་མས་རིམ་པ་བཞིན་དུ། ནག་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་། ལྗང་གུའི་རེ་ཁཱ་ལྔ་མཉམ་པོར་མཐོ་གང་དུ་དྲངས་ལ་མཆོད ་པཔ་དབུལ་ཞིང་། རེ་ཁཱ་ལ་མེ་ཏོག་སིལ་མ་གཏོར་རོ།། དེ་ལྟར་རེ་ཁཱ་འདྲེན་ཀར་བླ་མས་འདི་སྐད་བརྗོད་དོ།། འདི་ནི་ཆོས་དབྱིངས་དག་པ་སྟེ།། སེམས་ཅན་ཁམས་ནི་སྒྲོལ་བྱེད་པ།། དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད།། དེ་བཞིན་གཤེགས་པ་ཀུན་གྱི་གནས ་ཞེས་སོ།། ཉེས་པ་ཀུན་ལས་རྣམ་གྲོལ་བས།། ཚོན་གྱི་ལས་ནི་ཡང་དག་བརྩམ།། སློབ་དཔོན་གྱི་ནི་དྲང་པོར་དགྱེ།། ཕྱི་ནས་ཀུན་ནས་སློབ་མས་སོ་ཞེས་འབྱུང་ངོ་།། མཐེའུ་ཆུང་དང་མཐེ་བོ་སྤངས།། དྲང་ལ་མཐོ་བར་ཡང་དག་བྲི།། གལ་ཏེ་རི་མོ་མི་མཉེ ་དང་། ཡོ་ཞིང་དམའ་དང་བཅས་པ་ན།། རི་མོ་དམའ་བས་མི་འགྲུབ་པོ།། ཡོན་པོས་གདུང་བ་སྐྱེད་བྱེད་ལ།། ཆད་པས་སློབ་དཔོན་སློབ་མ་དག། གཉི་ག་འཆི་བར་ཤེས་པར་བྱ།། ཞེས་པ་རང་འབྱུང་བས་ཤིན་ཏུ་གཟབ་པར་བྱའོ།། དེ་ནས་གཞུང་མཐུན ་པར་ཚུལ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱའོ།། དེ་ནི་ཚོན་དགྱེ་བའི་རིམ་པའོ།། དེ་ལྟར་དཀྱིལ་འཁོར་བྲིས་ནས། ད་ནི་ཕྱག་རྒྱ་དགོད་པར་བྱ་སྟེ། དབུས་ཀྱི་པདྨའི་ལྟེ་བ་ལ་བདུད་བཞི་བསྣོལ་བ་དང་། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ན་ར་ཀ་པཱ་ལ་རྡོ་རྗེ ་རྒྱ་གྲམ་དང་བཅས་པ་དཀར་པོར་བྲིའོ།། ཤར་དུ་གྲི་གུག་ནག་པོ། ལྷོ་རུ་ཌ་མ་རུ་དམར་སྐྱ། ནུབ་ཏུ་རུ་སྦྲུལ་དམར་སེར། བྱང་དུ་སྦྲུལ་ལྗང་གུ། བྱང་ཤར་དུ་སེང་གེ་དམར་སྔོན། ཤར་ལྷོར་དགེ་སློང་དཀར་པོ། ལྷོ་ནུབ་དུ་འཁོར་ལོ་ལྗང་སྔོན། ནུབ་བྱང ་དུ་ཁྲོ་བོའི་རྡོ་རྗེ་རྣམས་དགོད། དེ་ལྟར་ཕྱག་རྒྱ་དགོད་པ་ན་ཡང་། ལྷ་སོ་སོ་རང་རང་གི་སྙིང་པོ་བརྗོད་ཅིང་དགོད་ངོ་།། བུམ་པ་རྣམ་པ་བརྒྱད་ཀྱང་ཤར་ལ་སོགས་པའི་གནསུ་བྲི་བ་འམ་དགོད་པར་བྱའོ།། ཕྱག་རྒྱ་དགོད་པའི་རིམ་པའོ།། དེ་ནས ་དམ་པ་བྲི་བ་དང་། གཞན་ཡང་རྒྱུན་ཐམས་ཅད་བྲི་ཞིང་དགྲམ་པར་བྱ་སྟེ། ཕྱི་རོལ་ཏུ་ཕྱོགས་སྐྱོང་གི་ཐོ་རྣམས་བཙུགས་ལ། ཕྱོགས་སྐྱོང་སོ་སོར་བསྐྱེད་།། དེ་ལ་སྤྱན་དྲངས་ལ་བསྟིམ་ལ་བཞག། དེ་ནས་བུམ་པ་རྣམས་ཐོགས་ལ་སྤོས་ཀྱི་སྣ ་དྲངས་ཏེ། རོལ་མོའི་ཆ་བྱད་རྣམ་པ་སྣ་ཚོགས་ཐོགས་ནས། དཀྱིལ་འཁོར་ལྀནི་གསུམ་དུ་བསྐོར་ལ། ཚུལ་བཞིན་དུ་དགོད། ལས་ཐམས་ཅད་པ་བྱང་ཤར་མཚམསུ་དགོད། དེ་ནས་རྒོངས་མོའི་དུས་སུ་བླ་མས་རྒྱན་ཆ་བགོས་ལ་ཁྲུས་བྱ་སྟེ། ལུས་དྲི ་ཞིམ་པོས་བསྐུས་ལ་དཀྱིལ་འཁོར་གྱི་འགྲམ་དུ་ཆག་ཆག་གདབ་བོ།། དེ་ནས་སྟན་བདེ་བ་ལ་འདུག་ལ། ཙཎྜ་ལླི་དང་ལྷན་ཅིག་ཏུ་བསྒྲུབ་པར་བྱའོ།། མེད་ན་ཏིང་ངེ་འཛིན་གྱི་བྱའོ།། དེ་ནས་བླ་མ་ཡན་ལག་དྲུག་དང་ལྡན་པས་ལྷའི་འཁོར ་རྫོགས་པར་ཚུལ་བཞིན་དུ་བསྐྱེད་ལ། དེ་ནས་གཽ་རཱི་ལ་བཀའ་བསྒོ་ལ་ལྷ་རྣམས་སྤྱན་དྲངོ་།། སྤྱན་དྲངས་པ་དེ་ལ་མཆོད་པ་རྣམ་པ་ལྔ་དབུལ།། དེ་ནས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པ་བསྐྱེད་པ་རྣམས་བྱས་ལ་གཉི་སུ་མེད་པར་བསྟིམ ་ལ། དེ་ལ་མཆོད་པ་རྣམས་དབུལ་བར་བྱ་སྟེ། པྲོཀྵ་ཎཾ་དང་། ཨརྒྷ་དང་། ཨཉྩ་མ་ནཾ་དང་། བི་དྷི་དང་། སྤོས་དང་། མེ་ཏོག་ལ་སོགས་པ་དང་། ལྷ་མོ་བརྒྱད་ཀྱིས་མཆོད་པས་མཆོད་ལ། ཙན་དན་དང་། གུར་གུམ་ཆར་དུ་དབབ་པོ་དང་། སྣ་ཚོགས་པའི་མཆོད་པས། ་མཆོད་དོ།། དེ་ནས་བདུད་རྩིའི་མཆོད་པས་ཀྱང་རིམ་པ་བཞིན་དུ་མཆོད་ལ། དེ་ནས་བསྟོད་པ་ཉི་ཤུ་བས་ལྷ་རྣམས་ལ་བསྟོད་པར་བྱའོ།། སྣ་ཚོགས་པའི་གླུ་དང་། བཀྲ་ཤིས་ཀྱི་གླུའི་ཁྱད་པར་གྱིས་ཀྱང་མཆོད་དེ། ཚེགས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ནས ་སྨོན་ལམ་གྱི་ཚིག་བརྗོད་ལ། བསྐོར་བ་ལན་གསུམ་བྱ་སྟེ། གཏོར་མ་དགུ་ཡང་དངུལ་ལོ།། དེ་ནས་དབང་བསྐུར་བ་ལ་འཇུག་པར་བྱ་སྟེ། སློབ་མ་འཇུག་པའི་རིམ་པ་བཞིན་དུ། སློབ་དཔོན་རང་ཉིད་དང་ལ་འཇུག་པར་བྱའོ།། དེ་ནས་སྔོན་དུ་བརྟགས་པའི་སློབ ་མི་མཚན་ཉིད་དང་ལྡན་པས། འདི་སྐད་བརྗོད་དེ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ།། སློབ་དཔོན་ལ་ནི་སྒྲུབ་སུ་འཆེ།། གཙོ་བོ་ལྷ་མོར་བཅས་པ་ཡི།། ལྷ་རྣམས་ལ་ཡང་ཕྱག་འཚ་ལོ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་འཇུག་ཏུ་གསལ ་ཞེས་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་དེ། དེ་བཞིན་གཤེགས་པ་ཀུན་གྱིས་གནས།། ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག། སྙིང་པོ་དཀྱིལ་འཁོར་འདི་རུ་ནི།། བདག་གིས་སློབ་མ་གཞུག་པར་བགྱི།། དེ་ནས་དཀྱིལ ་འཁོར་གྱི་ལྷ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་བ་བྱ་སྟེ། ཨོཾ་ན་མཿཏེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མཿམི་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ན་མ་ཧཱུཾ་སྭཱ་ཧཱ། ཞེས་སོ།། དེ་ནས་སྡོམ་པ་སྦྱིན་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། དཀོན་མཆོག་གསུམ་ལ་སྐྱབསུ་སོང་།། ་འདི་ནི་སངས་རྒྱས་རིགས་ཡིད་འོང་།། སྡོམ་པ་བསྟན་པར་གྱུར་པའོ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི།། སློབ་མ་ཁྱོད་ཀྱིས་གཟུང་བར་བྱ།། བྱང་ཆུབ་སེམས་གང་དེ་རྡོ་རྗེ།། ཤེས་རབ་དྲིལ་བུ་ཞེསུ་གསུངས།། སློབ་དཔོན་དག་ཀྱང་གཟུང་བར་བགྱི།། བླ་མ་སངས་རྒྱས ་ཀུན་དང་མཉམ།། འདི་ནི་རྡོ་རྗེ་རིགས་དག་པའི།། དམ་ཚིག་སྡོམ་པ་ཡིན་པར་བཤད།། རིན་ཆེན་རིགས་ལ་རྟག་ཏུ་ནི།། ཉིན་རེ་བཞིན་ཡང་ལན་དྲུག་ཏུ།། ཆོས་དང་ཟང་ཟིང་མི་འཇིགས་སྦྱིན།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། ཕྱི་དང་གསང་བའི་ཐེག་པ ་གསུམ།། དམ་པའི་ཆོས་ཀྱང་མ་ལུས་གཟུང་།། འདི་ནི་པདྨའི་རིགས་དག་པའི།། དམ་ཚིག་ཡིད་དུ་འོང་བའོ།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས ་བགྱིད་སྡོམ་པ་གཟུང་བའོ།། དིང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ།། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར ་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་དག་ལྟ་ཅི་སྨོས་ཀྱིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། ཧེ་རུ་ཀ་དཔལ་དེང་ཁྱོད ་ཀྱིས། སྙིང་ལ་ཡང་དག་ཞུགས་པ་ནི།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། དེ་ནས་ཀ་པཱ་ལའི་ནང་དུ་བདུད་རྩི་ལྔ་དང་ལྡན་པས་དམ་ཚིག་གི་ཆུ་བླུད་དེ། ཀྱེ་རྡོ་རྗེ་དང་ལྡན་པའི་གཟི་མདངས་དང་ལྡན་པས་འདི་སྐད་བརྗོད་དོ།། ་འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ།། རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང་།། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཐཿཝ་ཧྲཿཧཱུཾ། དིང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཉིད་ཡིན་གྱིས། ངས ་གང་འདི་བྱོས་ཤིག་ཅེས་སྒོ་བ་དེ་ཁྱོད་ཀྱིས་བྱ་དགེས།། ཁྱོད་ཀྱི་ང་ལ་བརྙས་པའི་ལས་མི་བྱེད་ཅིག། བྱས་ན་ཁྱོད་ཡོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏཱ་རེ། དེ་ནས་དཔའ་བོ་དང་། རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན ་གྱིས་རློབས་ལ། དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག་ཅེས་བརྗོད་དུ་གཞུག་ཅིང་། སློབ་མ་ལ་བདུད་རྩི་རྣམ་པ་ལྔ་བླུད་དེ། བླ་མ་བགྱིད་བག་དང་བཅས་པས་གོ་ཆ་བགོས་ལ། རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར ་འགྲེས་པས་གཙོ་བོ་དང་རྣལ་འབྱོར་མར་བཅས་པ་རྣམས་བཀུག་ནས། སློབ་མའི་སྙིང་གར་གཞུག་སྟེ། བཅུག་པས་སྨྲ་ནུས་པར་འགྱུརརོ།། ལས་རྣམ་བཞི་ཡི་ཁ་དོག་གང་དང་གང་མཐོང་བ་དེ་དང་འཐུན་པར་དེ་ལ་བསྟན་ནོ།། དེ་ནས་མེ་ཏོག་གི ་ཕྲེང་བ་ཐོགས་ལ། པྲ་ཏཱིཙྪ་བཛྲ་ཧོ། ཞེས་བརྗོད་ལ་དཀྱིལ་འཁོར་དུ་གཏོར་ལ། དེ་ནས་སློབ་མའི་མགོ་ལ་བཅིང་བར་བྱའོ།། དེ་ནས་སློབ་མའི་མགོ་ལ་བཅིང་བར་བྱའོ།། དེ་ནས་སློབ་མའི་ལག་པ་ནས་གཟུང་ལ་མིག་དབྱེ་བར་བྱ་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད ་ཀྱིས། མིག་འབྱེད་པར་ནི་བརྩོན་པར་མཛད།། ཕྱེ་བས་ཐམས་ཅད་མཐོང་བར་བྱེད།། རྡོ་རྗེའི་མིག་ནི་བླ་ན་མེད།། ཨོཾ་བཛྲ་ནེ་ཏྲ་ཡ་ཨ་པ་ཧཱ་ར་པ་ཊ་ལཾ་ཧྲིཿཞེས་བརྗོད་དེ། གདོང་གཡོགས་ཕུད་ལ། འདི་སྐད་ཅེས་བརྗོད་དེ། དཀྱིལ་འཁོར་བཟང་པོ་འདི ་ལ་ལྟོས།། ད་ནི་དད་པ་རབ་ཏུ་བསྐྱེད།། ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས།། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས།། འགྲོ་བ་ཕུན་སུམ་ཚོགས་ཀུན་དང་།། དངོས་གྲུབ་ཀུན་ཁྱོད་མངོན་དུ་འགྱུར།། དམ་ཚིག་ཐམས་ཅད་བསྐྱང་བ་དང་།། གསང ་སྔགས་ལ་ཡང་བརྩོན་པར་བགྱིས་ཞེས་བརྗོད་ལ།། མེ་ཏོག་གང་དུ་ལྷུང་བའི་ལྷ་ངོ་བསྟན་ཅིང་། ལྷ་གཞན་ཡང་བསྟན་ཏེ། སྐུ་མདོག་དང་ཕྱག་མཚན་ནི་དགོད་པའི་སྐབས་ཀྱི་ཕྱག་མཚན་གྱི་ཁ་དོག་ལས་ཤེས་པར་བྱས་ལ་བསྟན་ཅིང་། ཕྱག ་མཚན་ཡང་ཚུལ་བཞིན་དུ་བསྟནོ།། སློབ་མ་དཀྱིལ་འཁོར་དུ་གཞུག་པའི་རིམ་པའོ།། དེ་ལས་གཞལ་ཡས་ཁང་གྲུ་བཞིར་བྱུང་བ་ནི་ཚད་མེད་པ་བཞིར་བྱུང་བ་ནི་ཚད་མེད་པོ་བཞི་རྣམ་པར་དག་པའི་རང་བཞི་ནོ།། སྒོ་བཞི་དྲན་པ་ཉེ་བར་བཞག ་པ་བཞི་རྣམ་པར་དག་པའི་རང་བཞི་ནོ།། རྟ་བབས་བཞི་ནི་ཡང་དག་པར་སྤོང་བཞི་རྣམ་པར་དག་པའི་རང་བཞི་ནོ།། དྲ་བ་ཕྱེད་པ་ནི་ཉོན་མོངས་པ་ཆེན་པོ་རྣམ་པར་དག་པའོ།། དྲ་བ་ནི་ཉོན་མོངས་ཆུང་ངུ་རྣམ་པར་དག་པའོ།། ཀ་བ་བརྒྱད་ནི་འཕགས་པའི ་ལམ་མན་ག་བརྒྱད་རྣམ་པར་དགུ་རྒ་རྒྱུང་རྡུ་རྣམ་བ་རྒྱུར་རྣམས་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་ཉུད།། དོད་པབ་ཡོན་ཏན་ལྷ་རྣམས་ན།། གཟུགས་སྒྲ་ལ་སོགས་པ་རྣམ་པར་དགུ་པ།། ་རྡོ་རྗེ་ར་བ་ནི་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟག་སོ།། མེ་འོད་ནི་བྱིན་ཅི་ལོག་གི་བགེགས་ལ་སོགས་པས་མི་ཚུགས་པའི་རྟག་སོ།། བུམ་པ་བརྒྱད་ནི་ཆེ་བའི་ཡོན་ཏན་གྱིས་རྒྱས་ཤིང་ཐུགས་རྗེ་ཆེན་པོས་རོས་ཡོངསུ་གང་བའི་རྟག་སོ།། དེ ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ།། ། བཅོམ་ལྡན་འདས་ཀྱི་རྡོ་རྗེ་ནི་རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་རྣམ་པར་དག་པའི་རང་བཞིན་ནོ།། གཽ་རཱི་ནི་ཞེ་དང་གཟུགས་རྣམ་པར་དག་པའི་རང་བཞིན་ནོ།། ཆོམ་རྐུན་མ་ནི་གཏི ་མུག་དང་སྒྲ་རྣམ་པར་དག་པའི་རང་བཞིན་ནོ།། རོ་ལངས་མ་ནི་ང་རྒྱལ་དང་དྲི་རྣམ་པར་དག་པའི་རང་བཞིནོ།། གྷཱསྨ་རཱི་ནི་འདོད་ཆགས་དང་རོ་རྣམ་པར་དག་པའི་རང་བཞིན་ནོ།། པུཀྐ་སཱི་ནི་ཞེ་སྡང་དང་ས་རྣམ་པར་དག་པའི་རང་བཞིན་ནོ།། རི་ཁྲོད་མ ་ནི་གཏི་མུགེ་དང་ཆུ་རྣམ་པར་དག་པའི་རང་བཞིན་ནོ།། གཏུམ་མོ་ནི་ང་རྒྱལ་དང་མེ་རྣམ་པར་དགུ་པའི་རང་བཞིན་ནོ།། གཡུང་མོ་ནི་འདོད་ཆགས་དང་རླུང་རྣམ་པར་དག་པའི་རང་བཞིན་ནོ།། བདག་མེད་རྣལ་འབྱོར་མ་ནི་ཡབ་དང་མཐུན། ་དེ་ནི་ལྷའི་དེ་ཁོ་ན་ཉིད་དོ།། དེ་ནས་སློབ་མས་བླ་མའི་ཞབས་ལ་དད་པས་ཕྱག་བཙལ་ལ། གཡོན་གྱིས་ཕྱོགས་རྣམས་ཐོགས་ཏེ། བླ་མ་ལ་ཕུལ་ནས་དབང་ནོད་པའི་དོན་དུ་བླ་མ་ལ་གསོལ་བ་གདབ་པར་བྱའོ།། ཧེའུ་ཀ་དཔལ ་དབང་བསྐུར་བ།། འགྲོ་བསྒྱུར་ཕྱིར་གཟི་བརྗིད་ཅན།། དེ་ལྟར་ཡོན་ཏན་འབྱུང་གནས་སོགས།། དེ་བཞིན་བདག་ལ་དེ་སྩོལ་ཅིག། དཔའ་བོ་ཆེན་པོ་མི་ལྡོག་པའི།། དབང་བསྐུར་བ་ནི་བདག་ལ་སྩལ།། སེམས་ཅན་ཀུན་རྒྱ་དོན་གྱི་ཕྱིར།། བདག་ནི་རྟག་ཏུ་སློབ་དཔོན་འབྱུང་།། ་ཅེས་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་འཇུག་པའི་ཤར་སྒོའི་ལྷོ་ཕྱོགསུ་པདྨ་འདབ་མ་བརྒྱད་བྲིས་པའི་སྟེང་དུ་སེང་གེའི་ཁྲི་བཤམས་ལ། དེའི་སྟེང་དུ་སྣ་ཚོགས་པདྨའི་གདན་བཏིང་ལ། གཉིསུ་མེད་པའི་བློ་དང་ལྡན་པའི ་སློབ་མ། བླ་མ་ལ་གུས་ཤིང་གཏོང་སེམས་ཆེ་བ་དེ་བཞག་པར་བྱའོ།། དཀྱིལ་འཁོར་གྱི་ལྷ་ལ་འབད་དེ་ཅི་ནུས་པས་མཆོད་ནས། སྟོབ་མའི་སྟེང་དུ་གདུགས་དཀར་པོ་གཟུང་ལ། མེ་ཏོག་ཕྲེང་བ་དང་ཆུ་ལ་སོགས་པའི་དབང་བསྐུར་བ་བརྩམ་པར་བྱའོ།། དེ་ཡང ་དང་ལ་ཡུངས་ཀར་དང་བདུད་རྩི་རྣམ་པ་ལྔའི་ཆུས་བདག་ཉིད་གཟི་བརྗིད་དང་བཅས་པས་གཏོར་ཞིང་སྔགས་བརྗོད་དེ། དབང་བསྐུར་བའི་བར་དུ་གཅོད་པའི་བགེགས་བསྐྲད་པར་བྱས་ལ། ར་བ་དང་དྲ་བ་དང་གུར་ལ་སོགས་པ་ཡང་བྱའོ།། དེ་ནས་སློབ་མ་ཁྲུས་བྱས་ལ། ་གོས་བཟང་པོ་བསྐོན་ནས། ཁྲི་ལ་གཞག་སྟེ། སྙིམ་པ་མེ་ཏོག་གིས་བཀང་ལ། དཀྱིལ་འཁོར་དུ་འཐོར་དུ་གཞུག་པར་བྱའོ།། སྔགས་ནི་ཨཱ~ཾ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་ལ་གཏོར་རོ།། དེ་ནས་མེ་ཏོག་ལྷུང་བ་བླངས་ཏེ་སློབ་མའི་མགོ་ལ་བཅིངས་ལ། ཨོཾ་དྷརྨྨ་ཀུཎྜ ་ཨ་བྷི་ཤིཉྩ་ཞེས་བརྗོད་དོ།། དེ་ནས་པདྨའི་ལག་པ་གཉིས་ཀྱིས་སྔགས་པས་བུམ་པ་རྣམས་བཏེག་ནས། སློབ་མའི་མགོ་ལ་གཏུགས་ཏེ། ཨོཾ་བཛྲ་ཨོཾ་བྷི་ཤིཉྩ་མི་ཏཱཾ་ཞེས་བརྗོད། སྔགས་ལ་དབང་བསྐུ་རོ།། དེ་ནས་རྣམ་པར་རྒྱལ་བའི་བུམ་པ་བཏེགས་ལ། དྲིལ ་བུའི་སྒྲ་དཀྲོལ་ཏེ་གླུའི་རྣམ་པ་བླངས་ཤིང་ཆུའི་དབང་བསྐུར་ཏེ་སྔགས་གོང་མ་བརྗོད་དོ།། དེ་ལྟར་ཆུའི་དབང་བསྐུར་བས་རྣམ་པར་རྟོག་པའི་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་མོ།། གསེར་ལ་སོགས་པ་ལ་བརྡུངས་པ་འམ། བ་སོ ་ལ་འབུར་དུ་བརྐོས་པ་འམ། རས་ལ་སོགས་པ་ལ་རི་མོར་བྲིས་པ་འམ། གོས་ཀྱི་རྣམ་པ་ལ་སོགས་པ་གང་ཡང་རུང་བ་ལ་དེ་ཉིད་མི་དམིགས་པར་བྱས་པ་ལས། ཨཾ་ལས་རིན་ཆེན་འབྱུང་ལྡན་བསམས་ཏེ། དེ་ལ་ཡེ་ཤེས་སེམས་དཔའ་དགུག་པ་དང་། གཞུག་པ ་དང་། བཅིང་བ་དང་། དགྱེས་པར་བྱས་ཏེ་བསྟི་མོ།། དེ་ལ་མཆོད་པ་ཕུལ་ཏེ། བཟླས་པ་ནུས་ཚད་བྱས་ལ། དེ་ནས་བསྟོད་པ་བྱས་ནས། སྲིད་པ་རང་བཞིན་གྱིས་དག་པ། ཞེས་སོགས་པའི་ཚིག་བརྗོད་དོ།། དེ་ལྟར་གཞན་ལ་ཡང་བསྐྱེད་པ་དང་། བསྟིམ་པ་དང་། མཆོད་པ་དང་། ་བཟླས་པ་དང་། བསྟོད་པ་དང་། སྲིད་པ་རང་བཞིན་གྱིས་དག་ཞེས་པའི་ཚིག་བརྗོད་པ་དང་། ཀུན་ཚིག་དེས་འདྲེ་སྟེ་ཀུན་ལ་བྱའོ།། དེ་ནས་གཅོད་པན་གྱི་གཟུགསུ་གྱུར་པ། དར་དཔྱངས་གཉིས་ཐོགས་ལ་འདི་སྐད་བརྗོད་དེ་སྦྱིན་པར་བྱའོ།། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། ་སངས་རྒྱས་ཀུན་གྱིས་བསྔགས་པ་ཡི།། རིན་ཆེན་ངག་གི་དབུ་རྒྱན་དང་།། དར་དབྱངས་དབང་བསྐུར་སྦྱིན་པར་བྱ།། ཨོཾ་བཛྲ་བ་ར་ཏཱ་ཀཱ་བཛྲཱ་ར་ལི་ཧོ་ཞེས་བརྗོད་དེ་སྦྱིན་པར་བྱའོ།། དེ་ནས་རྡོ་རྗེ་འདུན་དུ་བཞག་ལ། དེ་ཉིད་མི་དམིགས་པ་ལས། བཛྲཱི་ལས་པདྨར་གྱུར་པ ་ལས། སྣང་བ་མཐའ་ཡསུ་བསྐྱེད་ལ། དེ་ཡོངསུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སློབ་མའི་སྙིང་གར་བཞག་ལ། འདི་སྐད་བརྗོད་དོ།། འདི་ནི་སངས་རྒྱས་ཐམས་ཅད་ཉིད།། ཧེ་རུ་ཀ་དཔལ་རྒྱལ་པོ་དང་། མཁའ་འགྲོ་རྣམས་ཀྱི་དབང་མཆོག་སྟེ།། དེ་རིང་ཁྱོད་ལ་དབང་བསྐུར་བྱའོ།། ་ཨོཾ་ཤྲཱི་ཧི་རུ་ཀ་ཨ་དྷཱུ་བ་ཏཱ་སྠཱ་ཨ་བྷཱ་ཥཉྩ་ཏིཥྛ་བྷ་ར་ས་མ་ཡསྟཱ་ཞེས་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་འ་ཆ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚུལ་བདག་ཟའི་བདག། ཅེས་བརྗོད་ལ་ལག་པ་གཡས་པར་སྤྱན། ་རྡོ་རྗེས་དབང་བསྐུར་བའོ།། དེ་ནས་དྲིལ་བུ་མདུན་དུ་བཞག་ལ། དེ་ཉིད་མི་དམིགས་པ་ལས་ཁམ་དང་རལ་གྲི་དང་དོན་ཡོད་གྲུབ་པ་རྣམས་ལས་བྱུང་བའི་དྲིལ་བུ་ལག་པ་གཡོན་པར་སྦྱིན་ཞིང་འདི་སྐད་བརྗོད་དོ།། འདི་ནི་རྣལ་འབྱོར་མ་ཀུན་གྱིས།། ཤེས་རབ ་དབྱངས་ཀྱི་རྗེས་འགྲོར་བཤད།། ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད།། སྐྱིད་པ་ངོ་བོ་ཉིད་ཀྱིས་ངག། ངོ་བོ་ཉིད་ཀྱིས་དངོས་མེད་བྱས།། རང་བཞིན་དག་པའི་སེམས་དཔའ་ནི།། སྲིད་པ་དམ་པ་བྱེད་པར་འགྱུར།། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏིསྟ ་ཨོཾ་བྷི་ཥིཉྩ་ཏིཥྛ་བཱཾ་ར་ས་མ་ཡ་སྟྭཾ་ཞེས་བརྗོད་ལ། ལག་པ་གཡོན་པར་དྲིལ་བུ་སྦྱི་ནོ།། དྲིལ་དུས་དབང་བསྐུར་བའོ།། ། དེ་ལྟར་རྡོ་རྗེ་དང་དྲིལ་བུ་བྱིན་ལ། ཕྱག་རྒྱ་ཆེན་པོ་དང་ལྡན་པར་བསམས་ལ། དེ་ལ་སྔགས་ཀྱིས་དབང་བསྐུར་ལ། ་མིང་གདགས་པར་བྱ་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏིསྟྭཾ་ཨ་བྷི་ཥིཉྩ་མི་ཤྲཱི་ཧེ་རུ་ཀ་ནཱ་མ། ཨ་བྷི་ཥེ་ཀ་ཏ་ཏྲཾ་ཞེས་བརྗོད་ལ། དཔལ་གྱི་སྒྲ་དང་བཅས་པ་པདྨའི་མཐར་ཐུག་པས་མིང་གི་དབང་བསྐུརརོ།། འདི་ནི་སངས་རྒྱས་ཐམས་ཅད་ཉིད།། ཧེ་རུ་ཀ་དཔལ་ཕྱག་ན་བསྣམྦྷ།། ་ཁྱོད་ཀྱིས་ཀྱང་ནི་བརྟོག་ཏུ་བཅང་།། ཧེ་རུ་ཀ་དཔལ་བརྟུལ་བཞུགས་བརྟན།། རྡོ་རྗེའི་རྩེ་མོ་ནས་སློབ་མ་འཛིན་དུ་བཅུག་ལ། སྔགས་འོད་བརྗོད་དོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཏིཥྛ་བཛྲ་ས་མ་ཡ་ཏིཥྛ་ཨོཾ་ཥ་སྟཾ་དྷ་ར་ཡ་མི་ཧཱུ~ཾ་ཧ་ཧ་ཧ་ཧ་ཧོཿཞེས་བརྗོད་ལ། ལག་པ་གཡས་པར ་བརྟུལ་ཞུགས་ཀྱི་དབང་སྦྱིན་ནོ།། ཨ་ལས་བནྡྷར་གྱུར་པ་བསྒོམ་ཏེ། ཨོཾ་ལས་གྲི་གུག་ཏུ་གྱུར་པར་བསྒོམས་ལ། འདི་སྐད་བརྗོད་དེ། ཧེ་རུ་ཀ་དཔལ་ཧེ་རུ་ཀ། རྣལ་འབྱོར་མ་ནི་ཌ་མ་རུ།། རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས།། དྲིལ་བུ་སིལ་སུམ ་སྒྲ་སྒྲོགས་ཤིང་།། ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག། གྲི་གུག་དང་ནི་ཀ་པཱ་ལ།། དཔའ་བོ་ཆེན་པོས་བླང་བར་གྱིས།། གྲི་གུག་དང་ནི་ཐོད་པའི་དབང་བསྐུར་བའོ།། དེ་རྣམས་དང་ལྡན་པས་སློབ་མ་ལ་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ་རིངས་པ་དང་། བསྐྲད་པ་དང་། རྨོངས་པར་བྱ་བ་དང་། གསད་པ་ལ་སོགས་པ་དེ་རྣམས་ལ་ཐོགས་པ་མེད་པར་བསྒྲུབ་པར་བྱོས་ཤིག་ཅེས་པ་དང་། འཆིལ་ལམ་བགོ་བ་དང་། ཆར་དབབ་པ་དང་། ཉི་ཟླ་གཟུང་བ་ལ་སོགས་པ་མཁའ་འགྲོ་མའི་དངོས ་གྲུབ་ཐམས་ཅད་ཅི་དགའ་བར་སྒྲུབ་པར་གྱིས་ཤིག་ཅེས་བརྗོད་པ་དེ་ནི་རྗེ་སུ་གནང་བ་སྦྱིན་པའོ།། མེ་ཏོག་ལ་སོགས་པོ་ནས་གྲི་གུག་དང་ཐོད་པའི་དབང་བསྐུར་བ་ཡན་ཆད་ཀྱི་ནི་ལུས་དག་པར་བྱེད་པ་ཡིན་པས་ན་སྐུའི་དབང་ཞེས་བྱའོ།། འབྲས་བུ་ནི་གང ་དང་སྐལ་བ་མཉམ་ཡིན་ཞེ་ན། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་དང་བསྐལ་པ་མཉམ་པ་ཡིནོ།། དེ་ནས་མེ་ཏོག་ལ་སོགས་པའི་དབང་རྣམས་ཐོབ་པ་ལ་བླ་མས་དབང་བསྐུར་བ་སྒྲུབ་སྟེ། གནས་དེ་ཉིད་དུ་མི་མེད་ཅིང་དབེན་པར་བྱས་ནས། ཡོལ ་བས་བར་དུ་བཅད་དེ། མཎྜལ་གྲུ་བཞི་པ་བྱས་ལ། དོ་དྲི་ཞིམ་པོ་དང་བདུད་རྩི་ལྔའི་ཆག་ཆག་གདབ་བོ།། དེར་མེ་ཏོག་ཆལ་མར་བཀྲམ་ཏེ། གདན་སྣ་ཚོགས་པ་བཟང་པོ་བཏིང་ནས། སློབ་མས་ཤེས་རབ་མ་མཚན་མ་དང་ལྡན་པ་བླ་མ་ལ་ཕུལ་ལ། ་འདི་སྐད་ཅེས་གསོལ་བ་གདབ་པར་བྱའོ།། ཁྱུད་ནི་ཧེ་རུ་ཀ་དཔལ་ཏེ།། བདེ་གཤེགས་རྣམས་ཀྱི་བདེ་སྤེལ་མཛད།། བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས།། ཡང་དག་དོན་མཆོག་རྣམ་དག་པ།། ཇི་ལྟར་དེ་ཉིད་བདུད་རྩི་ཡི།། མཆོག་གི་དབང་ནི་བསྐུར ་བ་བཞིན།། དེ་བཞིན་བདག་ལ་འཁོར་བ་ཡི།། སྡུག་བསྔལ་རྣམས་ནི་སེལ་བར་མཛོད།། རྣལ་འབྱོར་བདུད་རྩི་དྲི་མེད་མཆོག། མ་རིག་ཉེས་པའི་རབ་རིབ་འཇོམས།། གང་ཕྱིར་བླ་མེད་བྱང་ཆུབ་བླ་མེད་པ།། དེ་རིང་བདག་གིས་ཐོབ་པར་མཛོད།། ་ཅེས་བརྗོད་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་བླ་མས་ཤེས་རབ་མ་བདག་མེད་མར་བསྐྱེད་ལ། དེ་ལ་ཆོ་ག་བྱ་བ་དང་། གནས་གསུམ་དུ་ཡང་ལྷ་གསུམ་བསྐྱེད་ལ།། ཡེ་ཤེས་སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། རྗེས་སུ ་དགྱེས་པར་བྱ་སྟེ། བསྟི་མ་ལ། མི་བསྐྱོད་པས་དབུ་བརྒྱན་ཏེ་མཁའ་གསང་བྱིན་གྱིས་བརླབ་པོ་འདི་སྐད་།། ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་དཏྟ་ཙ་ཏུ་རཱ་ནནྡ་བྷཾ་ག་བི་ཧཱུཾ་ཏཱ་ཏཱ་ཀརྱཾ་ཀུ་རུ་ཥ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་ད་ཡ་ཀ་ཁ་ག་མུ་ཁེ་ཀ་རཱ་སེ་ནཱ ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀ་ཀུ་རུ་ལ་མ་ཞེས་བརྗོད་པས་ཉེས་པ་མེད་པར་རྣམ་པར་དག་པར་བས་མོ།། དེ་ནས་སྙོམས་པར་འཇུག་པར་བྱ་སྟེ། བསྐྱོད་པ་མཛད་ཅིང་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བའི་ཧཱུཾ་ལས་འོད་འཕྲོས་པས་ཕྱོགས་བཅུ ་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་ན་ཐུགས་ཀར་ཐིམ་པ་ལ་སོགས་པ་བྱ་སྟེ། བྱང་ཆུབ་ཀྱི་སེམས་ནོར་བུའི་སྐེའུ་ཕྱིན་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་ལ་རྗེ་སུ་ཆགས་པ་རྡོ་རྗེའི ་རང་བཞིན་པ་ཡིན་ནོ།། བར་ང་རྒྱལ་བྱའོ།། དེ་ནས་བྱང་ཆུབ་ཀྱི་སེམས་ག་ལའི་ཁ་སྐེར་མཐེབ་སྲིན་གྱིས་མནན་ལ་སློབ་མའི་ཁྭ་དྲང་བར་བྱའོ།། དེ་ནས་སློབ་དཔོན་གྱི་ཉེ་བར་ལོངས་སྤྱོད་ལ། བདེ་བར་མནོས་ཤིག་ཅེས་སྒྲར།། ་དེ་ནས་ཨེ་མ་རེ་བདེ་ཞེས་བརྗོད་དེ། དབང་བསྐུར་ནས་འཐུངས་པའི་རྗེས་ལ། བདེ་བ་ཆེན་པོ་དཔལ་ཧེ་རུ་ཀའི་བདག་ཉིད་ནི་བདག་ཅེས་སློབ་མས་བརྗོད་དོ།། དེ་ནི་རྡོ་རྗེ་དཔལ་གྱིས་རེག་པ་དེས་ནི་ངག་གི་རྣམ་པར་རྟོག་པའི་ཉེས་པ་དག་པར་བྱེད་པས ་གསུང་གི་དབང་ཞེས་བྱའོ།། དེས་འབྲས་བུ་གོང་དང་སྐལ་བ་མཉམ་པར་འགྱུར་ན། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པར་འགྱུར་རོ།། ས་བཅུ་པ་དང་སྐལ་བ་མཉམ་པ་དེ་ལ་ལུང་བསྟན་པར་བྱ་སྟེ། བླ་མས་ཆོས་གོས་གྱོན ་ཏེས་པ་གཡས་པས་ཆོས་གོས་ཀྱི་མཐའ་མ་ལག་པར་གཟུང་ལ། འདི་སྐད་བརྗོད་དོ།། འདི་ལྟར་ང་ཡི་ལུང་བསྟན་ཏེ།། ཧེ་རུ་ཀ་དཔལ་དེ་བཞིན་གཤེགས།། དང་པོ་མཆོག་ཏུ་སྒྲུབ་པའི་ཕྱིར།། སྲིད་པ་དྲན་འགྲོ་རྣམས་ལ་བཏོན།། ཤྲཱིཿཧེ་རུ་ཀ་ནྟ ་མ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡསྟྭཾ་བྷུར་བྷུ་བ་སྭ་ཞེས་བརྗོད་དེ་དོན་ཡོད་གྲུབ་པའི་ཕྱག་རྒྱར་གཱནས་པ་དང་། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་།། ལུང་བསྟན་པའོ།། ་ཁམས་གསུམ་བདག་པོར་གྱུར་ཅིང་། རྒྱལ་བ་རྣམས་ཀྱི་བདག་པོར་འགྱུར་བ་དང་། ཕྱིན་ཅི་ལོག་གི་བདུད་དང་མུ་སྟེགས་ལ་སོགས་པ་ལས་རྒྱལ་བ་དང་། མྱ་ངན་ལས་འདས་པའི་གྲོང་ཁྱེར་དམ་པར་འཇུག་ཅིང་། འདི་ཉིད་ལས་སངས་རྒྱས་ཉིད ་ཐོབ་པར་འགྱུར་གྱིས། ཐེ་ཚོམ་དང་ཡིད་གཉིས་ལ་སོགས་པར་མ་བྱེད་ཅག། གཞན་ཡང་བླ་མ་དམ་པས་དབང་བསྐུར་རྣམ་གྱིས་ཇི་ལྟར་བསམ་པ་ལྟར་སློབ་མ་རྣམས་འགྲུབ་པར་འགྱུར།། དེ་ན་དབུགས་དབྱུང་བའོ།། དེ་ནས་ཤེས་རབ་མ་དང་ཡེ་ཤེས་ཀྱི་དབྱུང ་བསྐུར་བ་བརྩམ་པར་བྱའོ།། དེ་ལ་ཡང་གཉིས་ཏེ། ཤེས་རབ་ཀྱི་དབང་དང་ཡེ་ཤེས་ཀྱི་དབ་།། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་གཞུང་དང་མཐུན་པར་མའི་བུ་མོ་ལོ་གྲངས་གོང་མ་དང་མཐུན་པ་བླ་མ་ལ་ཕུལ་ལ།། མཎྜལ་དང་ཆག་ཆག་ལ་སོགས་པ་གོང་མ ་དང་མཐུན་པར་བྱའོ།། དེ་ནས་བླ་མས་ཤེས་རབ་མ་བྱིན་གྱིས་བརླབ་པ་གོང་མ་དང་མཐུན་པར་བྱས་ལ། བླ་མས་ཤེས་རབ་མ་དང་སློབ་ལ་བཀའ་བསྒོ་བར་བྱས་ཏེ། ཁྱོད་ཀྱིས་འདོད་ཆགས་སྤང་དུ་མི་རུང་གིས། དུས་གསུམ་གྱི་བདེ་བར་གཤེགས་པ་རྣཾས ་གྱིས་ཀྱང་། ཐབས་དང་ཤེས་རབ་གཉི་ས་མེད་པའི་རོལ་བ་མཛད་པ་ལས་ཡེ་ཤེས་རྒྱར་ཟླས་ཏེ། མངོན་པར་རྫོགས་པར་སྣ་སྱ་རྒྱས་པ་ཡིན་པས་ཁྱོད་ཀྱིས་པདྨོ་འདོད་ཆགས་སྤྱང་དུ་མི་རང་སྟེ། གཉིས་མེང་པའི་རོལ་བྱོར་བྱས་ཤོག། ཡེ་ཤེས་སྐྱེ་བར་འགྱུར ་རྒྱས་ཤེས་བརྗོད་དེ། བཟླ་བར་བྱའོ།། ཁྲིམས་ཅང་འདི་སྐད་བརྗིད་དུ་གཟུག་གོ།། ཁྱོད་ཀྱིས་ནྣས་སམ་དྷིཿ། ཧཱུ~ཾ་རྐྱེན་ཚྭའི་བཟ་བདྡྷདྡྷ་དང་། ཙྪ་ག་ཟུམས་དང་། ཀྲུང་མངམས་པས་དེང་ནུས་སམ།། ཐུ་ག་འི་བྱེད་མི་རྟོག་གམ།། སྣརུས་ཤིག་རྡོ་རྗེ ་ཅན།། དེ་ན་མང་སློབ་མས། ཤེས་རབ་མ་ལ་ནུས་པའི་ཚིག་འོད་སྐང་བརྗོད་དྲུགཞུག་གོ་ལྷམ་ཅུ་ཕྱིར་བདག་མི་ཐེག། དྲིཿནས་ཐོན་སོགས་བཞིང་།། ཤེས་རབ་ཡང་དག་དང་པར་བགྱིད།། བྷག་ལ་ཡང་འོ་བགྱིའོ།། ཞེས་བརྗོད་ངོ་དོ།། ནས་ཤེས་རབ ་གཅེར་བུར་ཕྱུང་ལ། ཁྲུས་བྱས་ནས་དྲི་ཞིམ་པོས་བྱུགས་ཏེ། མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་ལ།། ལག་པ་གཉིས་ཀྱིས་དྲིལ་བུ་གཉིས་ནས་གཟུང་སྟེ་ཁ་ཕྱེ་ལ། ཤེས་རབ་མས་འདི་སྐད་བརྗོད་དོ།། རྨང་བྱུང་ང་ཡི་པདྨ་འདི།། ཐམས་ཅད་བདེ ་བ་ཡང་དག་ལྡན།། རྟག་ཏུ་རིམ་བཞིན་འདི་ལ་སྤྱོད།། འདི་དང་ནམ་ཡང་མི་འབྲལ།། ཆོས་དབྱིངས་འདི་ནི་རྣམ་པར་དག། སེམས་ཅན་ཁམས་ནི་རྣམ་པར་གྲོལ།། ཁྲག་འཐུང་རྒྱལ་པོ་འདི་ཉིད་ནི།། རང་བཞིན་ཐམས་ཅད་འདི་ལ་གནས།། ནང་གི་རྩ་ཡི ་འཁོར་ལོ་ལ།། པདྨ་ལ་བཞུགས་རབ་ཏུ་གསུངས།། བྷ་གའི་ནང་དུ་ན་མཁའ་བཞིན།། འབྱུང་བ་ལྔ་པོ་རྒྱས་ཤིང་འཆང་།། ལྟེ་བ་ལ་ནི་གེ་སར་བཅས།། འདབ་མ་རྒྱས་ཀྱི་རྣམ་པར་བརྒྱན།། དེ་ཡིས་དབུས་ན་འབྱུང་བ་ཡིན།། དེ་ཉིད་བདུད་རྩི་ཤུ་ཀྲའི་གཟུགས ་བྷ་ག་མོ་ཀཱ་ཧོཿཞེས་ཤེས་རབ་མས་བརྗོད་དོ།། དེ་ནས་བླ་མས་སློབ་མའི་ལག་པ་དང་། ཤེས་རབ་མའི་ལག་པ་གཉིས་སྟེང་འོག་ཏུ་བཞག་ལ། ཤེས་རབ་མ་འདིས་ཁྱོད་ཀྱིས་ཡེ་ཤེས་སྐྱེད་པར་བྱེད་པ་ཡིན་པས། འདི་དང་ཁྱོད་དུས་རྟག་ཏུ་མི་འབྲལ་བར་འགྲོགས ་ཤིག་ཅེས་བརྗོད་ལ། གཏད་པ་དེ་ཉིད་ནི་ཤེས་རབ་ཀྱི་དབང་ཡི་ནོ།། དེ་ནས་སློབ་མས་ཡོལ་བའི་ནང་དུ་ཤེས་རབ་མ་དང་གཉིས་འདུག་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་ནོད་པར་བྱའོ།། དེ་ནས་ཤེས་རབ་མ་དེ་ལ། སྐྱོབ་མས་གློ་གཡོན་པ་ས་ལ་ཕབ་སྟེ་ཉལ ་ལ་དགའ་བའི་གཏམ་བྱ། གནས་དགུ་རུ་སེན་མོ་གདབ་པར་བྱ་བ་དང་། གཡོན་པའི་ལག་པ་གཡོན་པའི་གློ་རུ་འདུག་པས་པདྨའི་ནང་གི་རྩ་བྱའི་མགོ་འདྲ་བ་ལ། གླང་པོ་ཆེའི་མཛུབ་མོའི་ལག་པས་བྲུང་པ་ལ་སོགས་པ་བྱའོ།། དེ་ནས་ལྕེས་ཀྱང་རོལ་མོ་ཡང ་དང་ཡང་དུ་བྱས་པས་པདྨ་རྒྱུ་སུ་བཅུག་ལ། དེ་ནས་ཤེས་རབ་མ་དང་གཉིས་སྦྱོར་བ་བྱ་སྟེ། དལ་ནས་དལ་ནས་བསྐྱོད་པ་ལས། བྱང་ཆུབ་ཀྱི་སེམས་པོ་ལའི་སྐེར་ཕྱིན་པ་ལས་མི་རྟོག་པའི་ཡེ་ཤེས་སྐྱེ་བས། ཇི་ལྟར་གནས་ཀྱི་བར་དུ་བསྒོ་མོ།། དེས་མ་ཐུབ ་ན་ཀཀྐོ་ལར་ཕྱུང་བ་དེ་ཉིད་ཀྱི་རྡོ་རྗེའི་རང་བཞིན་ཡིན་པས་ལྕེས་བླངོ་།། དེ་ཡང་རྒྱུད་ལས་ལག་པས་བླང་བར་མི་བྱ་ཞིང་། ཉ་ཕྱིས་ཀྱིས་ཀྱང་མི་བླང་སྟེ།། དུང་ལའང་བཞག་པར་མི་བྱའོ།། བདུད་རྩི་ལྕེ་ཡིས་བླང་བར་བྱ་ཞེས་འབྱུང་བས།། ཀཀྐོ་ལ་ནས་ལྕེ་ཁོ་ནས ་བླང་བར་བྱའོ།། དེ་ནི་ཤེས་རབ་མའི་ཀཀྐོ་ལ་ནས་ཡེ་ཤེས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བླངས་ཏེ་ཟོས་པས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ།། དེ་ལ་དགའ་བ་རྣམ་པ་བཞི་ནི།། དགའ་བ་དང་། ཡང་དག་པའི་དགའ་བ་དང་། རང་བཞིན་གྱིས་དགའ ་བ་དང་། ཁྱད་པར་གྱིས་དགའ་བ་དང་། བཞིའོ།། དེ་ལ་དགའ་བ་ནི་བི་ཙ་ཡ་ན་བྱ་བ་ནས་པོ་ལའི་རྩར་ཕྱིན་པའི་བར་རོ།། ཡང་དག་པའི་དགའ་བ་ནི་དཀྱིལ་དུ་ཕྱིན་པ་ཙ་མོ།། རང་བཞིན་གྱི་དགའ་བ་ནི་བོ་ལའི་སྐེར་ཕྱིན་པ་ལ་བྱ་སྟེ། དེ་ནི་མི་རྟོག་པ་སྐྱེ་བར་བྱེད་པའོ།། ། ་འོ་ན་དེར་གར་རྟོགས་པ་ཡིན་ཞེ་ན། སྨྲས་པ་འཁོར་ལོ་བཞིའི་རང་བཞིན་དང་མཉམ་པར་བྱ་བར་རོ།། འོ་ན་ཆད་པ་དགའ་བའི་གྲངསུ་མི་འགྲོ་ན། དགའ་བ་ནི་གསུམ་ལས་མེད་པས་འཁོར་བཞི་དང་། དགའ་བ་བཞི་ཇི་ལྟར་སྦྱར་ཞེ་ན། སྨྲས་པ། ཆད་པ་ཡང་དགའ ་བའི་གྲངསུ་འགྲོ་སྟེ། གང་གི་ཕྱིར་དགའ་བ་ཆེན་པོ་མེད་ཀྱང་སྐད་ཅིག་མའི་དགའ་བའི་གྲངས་ཙམ་ཡོད་པས་ཀྱང་མི་འགལོ།། རྒྱུད་ལས་ཀྱང་དགའ་བ་བཞི་ཆར་བསྟན་པས་འཁོར་ལོ་བཞི་དང་སྦྱར་བ་མི་འགལ་ལོ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ ་ཡེ་ཤེས་ཀྱི་དབང་བསྒྱུར་བ་འོན་ནོ།། དེས་ནི་ཡིད་ཀྱི་ཉེས་པ་ཐམས་ཅད་དག་པར་བྱེད་པས་ཐུགས་ཀྱི་དབང་ཞེས་བྱའོ།། དེ་འབྲས་བུ་གང་དང་སྐལ་བ་མཉམ་པར་འགྱུར་ཞེ་ན། དེ་ལྟ་བུ་དབང་ཐོབ་པའི་རྣལ་འབྱོར་པ་ནི་རིགས་ལྔའི ་སངས་རྒྱས་དང་སྐལ་བ་མཉམ་པར་འགྱུརརོ།། དེ་ནས་དེའི་དམ་ཚིག་རྣམས་དབོག་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཞི་བའི་སྦྱིན་སྲེག་བྱ་སྟེ། དེ་ནི་གཞན་ལས་ཤེས་པར་བྱ་བས་འདིར་མ་བཀོད་དོ།། དེ་ནས་གསེར་དང་དངུལ་དང་ནོར་བུ་རིན་པོ་ཆེ ་དང་། བྱུ་རུ་དང་མུ་ཏིག་དང་། ཀཪྵ་པ་ཎ་དང་། གླང་པོ་ཆེ་དང་། མ་ཧེ་དང་། ཤིང་རྟ་ནོར་དང་བཅས་པ་དང་། ཡིད་ལ་གཅེས་པའི་ནོར་གྱི་མཆོག་རྣམས་བླངས་ནས། བླ་མའི་ཞབས་ལ་ཕྱག་བྱས་ཏེ་དབུལ་བར་བྱའོ།། དེང་ནས་བརྩམས་ཏེ་བླ་མའི་བྲན ་དུ་བདག་མཆི་སྟེ། བདག་གི་ལུས་ཀྱང་བཞེསུ་གསོལ་ཞེས་བརྗོད་དོ།། སློབ་དཔོན་གྱིས་ཀྱང་རང་གི་སློབ་མ་བྱང་ཆུབ་བསྒྲུབ་པ་ལ་དགའ་བའི་ཕྱིར། མོས་པ་དང་འབྱོར་པའི་ཚོགས་ཆེ་ཞེས་ལེགས་པའི་ཚིག་སྦྱིན་ནོ།། མོས་པ་ཆེ་བའི་སློབ་མ་ཡིས། ་དང་པོར་ཡོན་ནི་དབུལ་བར་བྱ།། དད་མོས་མེད་པའི་སློབ་མ་ཡིས།། དངོསུ་གྲུབ་ཐོབ་པར་མི་འགྱུརརོ།། སློབ་དཔོན་གྱི་ཡོན་དབུལ་བའི་རིམ་པའོ།། དེ་ནས་དཀྱིལ་འཁོར་ལ་གླུ་དང་གར་ལ་སོགས་པ་དང་། རོལ་མོའི་ཆ་བྱང་མང་པོ་ཐོགས་ལ། བསྐོར་བ་ལན ་གསུམ་དང་ཕྱག་བྱ། ཕྱོགསོ་སྦྱོང་ལ་གཏོར་མ་བཏང་སྟེ། སྨོན་ལམ་གྱི་ཚིག་བརྗོད་དོ།། དེ་ནས་ཚིན་ལ་སོགས་པ་སྣ་ཚོགས་པའི་དངོས་པོ་རྣམས་ནང་བར་ཐོ་རངས་ལངས་ལ་བསྡུ་བར་བྱའོ།། བསྡུས་ནས་གསེར་གྱི་བུམ་པར་བླུགས་ལ་ཆུ་བོ་ཆེན་པོར ་དོར་བར་བྱའོ།། བུམ་པ་ཐམས་ཅད་བྱུང་བསྡུས་ལ། རྣ་བ་རྒྱན་པར་གྱུར་ཏེ་བྱཀྲུས་ལ་སྟོན་བཞིན་དུ་ཚུགས་ཀྱུ་འཁོ་ལ་ཆེན་པོ་བུམྦྷ་པྟཱ་གྷུ་དང་གར་གྱིས་རྣམ་པར་བརྗོད། ངས་ནས་བདུད་རྩི་ཝཱ་དྷང་། ཙན་དན་དང་། གུར་གུམ་དང་། བ་མི་ལྕི་བ་རྣམས ་སྦྱར་བས་ས་ལ་བྱུག་པ་བྱས་ལ། ཚོན་དང་ཐིག་མི་སྔོན་པར་བྱའོ།། བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག་རྒྱས་པ། སློབ་དཔོན་པདྨ་བཛྲས་མཛད་པ་རྫོགས་སོ།། ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་བཅོས་པ་ལེགས་སོ།། ། ་