CLOSE WINDOW

GT3529: theg pa chen po rgyud bla ma'i bstan bcos rnam par bshad pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུཏྟཱ་ར་ཏནྟྲ་ཤཱསྟྲ་བྱཱ་ཁཱ། བོད་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་རྣམ་པར་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱུག ་འཚལ་ལོ།། སངས་རྒྱས་ཚེསྣ་ཚོགས་ཁམས་དང་བྱང་ཆུབ་ད་ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ།། བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན།། རྡོ་རྗེ་ཡཽ་ནི་གནས་བདུན་འདི་དག་གོ།། རྟོགས་པའི་དོན ་རྡོ་རྗེ་ལྟ་བུའི་གནས་ཏེ།། གཞི་ཡིན་པའི་ཕྱིར་རྡོ་རྗེའི་གཽནས་སོ།། དེ་ལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་པས་ཕིགས་པར་བཀའ་བཱི་ཕྱིར་ན་བརྗོད་དུ་མེད་པའི་རང་བཞིན་སྔོ་སྔོ་རང་གི་རིག་པར་བྱ་བའི་དོན་ནི ་རྡོ་རྗེ་ལྟ་བུར་རིག་པར་བྱའོ།། དེ་ཐོབ་པ་དང་རྗེས་སུ་མཐུན་པའི་ལམ་སྟོན་པར་བྱེད་པས་དོན་དེ་བརྗོད་པའི་ཡི་གེ་གང་ཡིན་པ་དེ་དག་ནི་གནས་ཞེས་བརྗོད་དེ།། དེའི་རྟེན་དུ་གྱུར་པའི་ཕྱིར་རོ།། དེ་ལྟར་ཕིགས་པར ་དཀའ་བོའི་དོན་གྱིས་དང་།། རྟེན་གྱི་དོན་གྱིས་དོན་དང་ཡཱ་གེ་དག་རྡོ་རྗེའི་གནས་ཉིད་དུ་རྟོགས་པར་བྱའོ།། དེ་ལ་དོན་ནི་གང་། ཡི་གེ་ནཱི་གང་ཞེ་ན། རྟོགས་པའི་དོན་རྣམ་པ་བདུན་ནཱི་དྲོན་ཞེས་བརྗོད་དེ།། འདི་ལྟ་སྟེ། ་སངས་རྒྱས་ཀྱི་དོན་དང་། ཆོས་ཀྱི་དོན་དང་། དགེ་འདུན་གྱི་དོན་དང་། ཁམས་ཀྱི་དོན་དང་། བྱང་ཆུབ་ཀྱི་དོན་དང་། ཡོན་ཏན་གྱི་དོན་དང་། ཕྲིན་ལས་ཀྱི་དོན་ཏེ། འདི་ནི་དོན་ཞེས་བྱའོ།། ཡི་གེ་གང་དག་གིས་རྟོགས་པའི ་དོན་རྣམ་པ་བདུན་པོ་འདི་དག་སྟོན་པར་བྱེད།། གསལ་བར་བྱེད་པ་དེ་ནི་ཡི་གེ་ཞེས་བྱའོ།། རྡོ་རྗེའི་གནས་བསྟན་པ་དེ་ཡང་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ། ཀུན་དགའ་བོ་དེ་བཞིན ་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ།། ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སོ།། ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས ་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ་ཞེས་རྡོ་རྗེའི་གནས་གསུམ་པོ་འདི་ནི་ལྷག་པའི་བསམ་པ་བསྟན་པའི་ལེའུ་ཡི་རྗེས་སུ་འབྲངས་ཏེ་རིག་པར་བྱའོ།། ཤཱ་རིའི་བུ་དོན་ནི་དེ་བཞིན་གཤེགས་པའི་ཡུལ ་ཏེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལོ།། ཤཱ་རིའི་བུ་དོན་འདི་ནི་རེ་ཞིག་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རུང་གི་ཤོས་རབ་ཀྱིས་ཡང་དོག་པར་ཤེས་པ་འམ། བལྟ་བ་འམ། བརྟག་པར་མི་ནུས ་ན། བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ལྟ་ཙྭི་སྨོས་ཏེ། དེ་དེ་བཞིན་གཱཤེགས་པ་ལ་དང་པས་རྟོགས་པ་ནི་མ་གཱཏོགས་སོ།། ཤཱུ་རིའི་བུ་དོན་དམྦ་པཱ་ནི་དཱང་པུས?་རྟོགས་པར་བྱ་བ་ཡིན་ནོ།། ཤཱ་རིའི་བུ་དྲོན་དམ་བུ་ཙྪ ་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དགས་སོ།། ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི།། དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དགསོ།། ཤཱ་རིའི་བུ་དེ་བཞིན་གཤེགས་པ་སྙིང ་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དགས་སོ་ཞེས་རྡོ་རྗེའི་གནས་བཞི་པ་འདི་ནི་འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་རྡོ་སུ་འབྲངས་ཏེ་རྟོགས་པར་བྱའོ།། བཅོམ་ལྡན་འདས་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་འདི་ནི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དགས་སོ།། བཅོམ་ལྡན་འདས་མྱ་ངན་ལྔས་འདས་པའི་དབྱིངས་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པའི་སྐུ ་ཚིག་བླ་དྭགས་སོ་ཞེསློ་རྡོ་རྗེའི་གུ་ན་སོ་ལྔ་པ་འདི་ནི།། འཕགས་པ་དཔལ་ཕྲེང་གི་མདོའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ།། ཤཱ་རིའི་བུ་དེ་བཞིན་གཤེགས་པས་བསྟུན་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི ་འདི་ལྟ་སྟེ། གང་གའི་ཀླུང་གི་བྱེ་མ་སྙེད་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་དག་དང་། རྣམ་པར་དབྱེར་མེད་པོའི་ཆོས་དང་ལྡན་པ་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ཡིན་ནོ་ཞེས་རྡོ་རྗེའི་ཀུན ་དྲུག་པ་འདི་ནི་འགྲིབ་པ་མེད་ཅིང་འཕེལ་བླ་མེད་པ་ཉིད་བསྟནྡ་པའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ།། འཇམ་དཔལ་དེ་བཞིན་གཤེགས་པ་ནི་རྟོག་པར་མི་མཛད། རྣམ་པར་རྟོག་པར་མི་མཛད་མོད་ཀྱི། ་དེ་ལྟ་ན་ཡང་དེའི་འདི་ལྟ་བུའི་རང་བཞིན་གྱི་མཛད་པ་འདི་ནི་མི་རྟོག་རྣམ་པར་མི་རྟོག་བཞིན་དུ་ལྷུན་གྱིས་གྲུབ་པར་འཇུག་གོ་ཞེས་རྡོ་རྗེའི་གནས་བདུན་པ་འདི་ནི་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས ་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་རྗེས་སྒྲ་འབྲངས་ནས་རྟོགས་པར་བྱའོ།། དེ་ལྟར་མདོར་བསྡུས་ནས་རྡོ་དྷཱའི་གནས་བདུན་པ་འདི་ནི་བསྟན་པའི་སྒོ་བསྡུས་བྱའི་དོན་གྱིས་ན། བསྣུན ་བཅོས་འདི་མཐའ་དག་གི་ལུས་སུ་རིག་པར་བྱའོ།། འདི་དག་རང་མཚན་ཉིད་ཀྱིས་རྗེས་འབྲེལ་བ།། གོ་རཱིམ་ཇི་བཞིན་གཟུངས་ཀྱི་རྒྱལ་པོའི་མདོར།། གླེང་གཞི་ལས་ནཱི་རྣམ་གསུམ་རིག་བྱཱ་སྟེ།། གཞི་ནི་བློ་ལྡན་རྒྱལ་ཆོས་དབྱེ་བ་ལཱ།། ་རྡོ་རྗེའི་གནས་བདུན་པོ་འདི་དགྲ་ལས་རང་གི་མཚན་ཉིད་བསྟན་པ་དང་། རྗེས་སུ་འབྲེལ་པ་ནི་གོ་རིམ་ཇི་ལྟ་བར་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར་གླེང་གཞིའི་ལེའུ་ལས་གནས་གསུམ་རིག་པར་བྱ ་ལ། དེའི་འོག་ཏུ་ལྷག་མ་གཞི་ནི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱེ་བ་ལས་སོ།། དེ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ། མངོན་པར་རྫོགས་པར ་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་དུལ་བ་མཐའ་ཡས་པོ་མངའ་བ་ཞེས་གསུངས་ཏེ། རྩ་བའི་ཚིག་འདི་གསུམ་གྱིས་ནི་གོ་རོམ་ཇི་ལྟ་བ་བཞིན་དུ་དཀོན་མཆོག་གསུམ་ལ་རིམ ་གྱིས་སྐྱེ་བོ་འགྲུབ་པ་རྣམ་པར་བཞག་པར་རིག་པར་བྱ་ལ།། ལྷག་མ་གནས་བཞི་ནི་དཀོན་མཆོག་གསུམ་འབྱུང་བ་དང་རྗེས་སུ་མཐུན་པའི་རྒྱུ་འགྲུབ་པ་བསྟན་པར་རིག་པར་བྱའོ།། དེ་ལ་གང་གི་ཕྱིར་བྱང་ཆུབ་སེམས ་དཔའི་ས་བརྒྱད་པ་ལ་གནས་པ་ན་ཆོས་ཐམས་ཅད་ལ་དབང་ཐོབ་པར་འགྱུར་བ་དེའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་མཆོག་ཏུ་གཤེགས་པ་དེ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ།། ་གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་གནས་པ་ནི། བླ་ན་མེད་པའི་ཆོས་སྨྲ་བོ་ཉིད་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་ལེགས་པར་ཤེས་པ་དང་།། དབང་པོ་མཆོག་གི་ཕ་རོལ་ཏུ ་ཕྱིན་པ་དོང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་འཇོམས་པ་ལ་མཁས་པ་འགྱུར་བ།། དེའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཆོས་ཀྱི་འཁོར་ལོ་ལེགས་པར ་བོབསྐོར་བ་ཞེས་བྱའོ།། གང་གི་ཕྱིར་ས་བཅུ་པ་ལ་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་མ་ཐག་ཏུ་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འགྱུར་བ ་དེའི་ཕྱིར་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་དེ་སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡོས་པ་མངའ་བ་ཞེས་བྱའོ།། སློབ་མའི་ཚོགས་ཤིན་ཏུ་དུལྔ་པ་མཐའ་ཡས་པ་མངའ་བ་དེ་ཡང་དེ་མ་ཐག་ཏུ་དགེ ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་ཚོགས་གཞལ་དུ་མེད་པ་དང་ཐོབས་ཅིག་གོ་ཞེས་བྱ་བའི་བོར་གྱི་གཞུང་འདིས་སྟོན་ཏེ།། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ ་དག་དང་ཞེས་བྱ་བ་ནི། གོ་རིམ་ཇི་ལྟ་བར་ཉན་ཐོས་ཀྱི་བྱང་ཆུབ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་ཤིན་དུ་དུལ་བའི་ཕྱིར་ནཱ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དགྲ་དང་ངོ་།། དེ་ནས་ཉན་ཐོས ་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པ་བསྟན་པའི་རྗེས་ཐོགས་ལ།། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཁྱུ་མཆོག་ལ་བརྟན་ནས་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམ་རྒྱ་ཆེན་པོ་གྲུབ ་པ་དང་། དེ་བཞིན་གཤེགས་པའི་འཁོར་འདུས་པ་དང་། ལྷ་རྫས་ཀྱི་མཆོད་པ་སྣ་ཚོགས་བསྒྲུབས་པོ་དང་། བསྟོད་པའི་སྤྲིན་གྱི་ཆར་བབ་པས་སངས་རྒྱས་དཀོན་མཆོག་གི་ཡོན་ཏན་རྣམ་པར་དབྱེ་བ་རྣམ་པར་བཞག ་པར་རིག་པར་བྱའོ།། དེའི་རྗེས་ལ་ཆོས་ཀྱི་གདུན་གྱི་བཀོད་པ་རྒྱ་ཆེན་བློ་དང་འོད་དང་། ཆོས་ཀྱི་རྣམ་གྲངས་ཀྱི་མིང་དང་། ཡོན་ཏནྡ་བསྒྲགས་པས་ཆོས་དཀོན་མཆོག་གི་ཡོན་ཏན་རྣམ་པར་དབྱེ་བ་རྣམ་པར་བཞུག་པ་རིག ་པར་བའོ།། དེའི་རྗེས་ལ་ཕན་ཚུན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཐུ་བསྟེན་པ་དང་། དེའི་ཡོན་ཏན་གྱི་བསྡིགས་པ་སྣ་ཚོགས་བསྟན་པས་དགེ་འདུན་དཀོན་མཆོག་གི་ཡོན་ཏན་གྱི་རྣམ་པར ་བྱེ་བ་བསྟན་པར་རིག་པར་བྱའོ།། དེའི་རྗེའི་ལ་ཡང་སངས་རྒྱས་ཀྱི་འོད་ཟེར་གྱིས་དབང་བསྐུར་བས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་སྲས་ཀྱི་ཐུ་བོ་ལ་མི་འཇིགས་པ་དང་། སྤོབས་པ་མཆོག་ཉེ་བར་བསྒྲུབ་པ་ལ་བརྟེན་ནས་དེ་བཞིན ་གཤེགས་པའི་ཡང་དག་པའི་ཡོན་ཏན་དོན་དམ་པའི་བསྟོད་པ་བསྟན་པ་དང་། ཐེག་པ་ཆེན་པོའི་ཆོས་མཆོག་གི་གཏམ་གྱི་དངོས་པོ་ཉེ་བར་བཀོད་པ་དང་། དེ་རྟོགས་པར་བྱེད་པའི་འབྲས་བུ་ཆོས་ཀྱི་དབང་ཕྱུག་དམ་པ་ཐོབ་པར ་བསྟན་པས་གོ་རིམ་ཇི་ལྟ་བར་དཀོན་མཆོག་གསུམ་པོ་དེ་རྣམས་ཉིད་ཀྱི་བླ་ན་མེད་པའི་ཡོན་ཏན་གྱི་རྣམ་པར་དབྱེ་བ་རྣམ་པར་བཞག་པ་གླེང་གཞིའི་ལེའུའི་མཐའ་ཉིད་དུ་བལྟ་བར་བྱའོ།། དེ་ནས་མདོའི་གླེང་གཞིའི་ལེའུ་རྗེས་ཐོགས ་སུ་དེ་ཡོངསུ་དག་པའི་ཡོན་ཏན་གྱིས་ཡོངསུ་སྦྱོང་བ་རྣམ་པ་དྲུག་ཅུ་བསྟན་པས། སངས་རྒྱས་ཀྱི་ཁམས་གོསལ་བར་མཛད་དེ་ཡོངསུ་དག་པར་བྱ་བའི་དོན་ཡོན་ཏན་དང་ལྡན་ནི་དེ་ཡོངས་སུ་དག་པའི་ཡོངསུ་སྦྱོང་བ་འཐད ་བའི་ཕྱིར་རོ།། དོན་གྱི་དབང་འདི་ཉེ་བར་བཟུང་ནས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དག་ལ་ཡང་ས་ལེ་སྦྲམ་གྱི་ཡོངསུ་སྦྱོང་བ་དཔེར་བརྗོད་པ་དང་། མདོ་དེ་ཉིད་དུ་དེ་བཞིན་གཤེགས་པའི་ཕྲིན་ལས་བསྟན་པའི་རྗེས་ཐོ ་ཉིད་དུ་མ་དག་པའི་ནོར་བུ་བཻ་ཌཱུརྱ་དཔེར་མཛོད་དེ། རིགས་ཀྱི་བུ་དཔེར་ན་འདི་ལྟ་སྟེ། ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེ་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྤངས་ནས་སྐྲའི་རེ་བའི་ཡོངསུ་སྦྱོང་བས་སྦྱོང་བར་བྱེད་དོ།། དེ་ཙམ་གྱིས་བརྩོན་པ་འདོར་བའང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྤངས་ནས་བལ་གྱི་ལ་བའི་ཡོངསུ ་སྐྱོང་བས་སྦྱོང་བར་བྱེད་དོ།། དེ་ཙམ་གྱིས་བརྩོན་པ་འདོར་བའང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བས་སྦྱངས་ནས་རཱས་སྲབ་མོའི་ཡོངསུ་སྦྱོང་བས་སྦྱོང་བར་བྱེད་དོ།། ཡོངས་སུ་བྱུང་སྟེ་དྲི་མ་དང ་བྲལ་བ་ནི་བཻ་ཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་དོ།། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངསུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མྱེད་པ ་དང་། མི་གཙང་བའི་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ།། འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ།། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏུམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ།། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ ་ཡང་མྱ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་དང་འཁོར་གསུམ་ཡོངསུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་པའི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པ ་མཛད་དོ།། ཞུགས་པར་གྱུར་ཞིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་པར་གྱུར་ན་ནི། བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ།། ཡོང་སུ་དག་པའི་རིགས་དེ་བཞིན་གཤེགས་པའི་ཁམས་འདི་ཉིད་ལ་དགོངས་ནས ་ཇི་ལྟར་རྡོ་ཡི་ཕྱི་མ་ལས་ལྕེ་སྦྲམ་ནི་མཐོང་ཞིང་།། ཡོངསུ་སྦྱངས་པས་དེ་མཐོང་བཞིན།། འཇིག་རྟེན་ལ་ནི་དེ་བཞིན་གཤེགས་ཞེས་གསུངས་པའོ།། དེ་ལ་སངས་རྒྱས་ཀྱི་ཁམས་ཡོངསུ་དག་པའི་ཡོན་ཏན་ཡོངསུ ་སྦྱོང་བ་རྣམ་པ་དྲུག་ཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་དང་། བྱང་ཆུབ་སེམས་དཔའི་སྣང་བ་རྣམ་པ་བརྒྱད་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་རྣམ་པ་བཅུ་དྲུག་དང་། ་བྱང་ཆུབ་སེམས་དཔའི་ལས་རྣམ་པ་སུམ་ཅུ་རྩ་གཉིས།། དེ་བསྟན་པའི་རྗེས་ཐོགསུ་བྱང་ཆུབ་ཆེན་པོའི་སྙིང་རྗེའི་རྣམ་པ་བཅུ་དྲུག་བསྟན་པས་སངས་རྒྱས་ཀྱི་བྱང་ཆུབ་གསལ་བར་མཛད་དོ།། དེ་བསྟན་པའི་རྗེས་ཐོ ་སྲོ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བ་ཙོ་བརྒྱད་བསྟན་པས་སངས་རྒྱས་ཀྱི་ཡོན་ཏན་གསལ་བར་མཛད་དོ།། དེ་བསྟན་པའི་རྗེས་ཐོགས་ལ། དེ་བཞིན་གཤེགས་པའི ་ཕྲིན་ལས་བླ་ན་མེད་པ་བསྟན་པས་སངས་རྒྱས་ཀྱི་ཕྲིན་ལས་རྣམ་པ་སུམ་ཅུ་རྩ་གཉིས་གསལ་བར་མཛད་དོ།། དེ་ལྟར་རྡོ་རྗེའི་གནས་བདུན་པོ་འདི་དག་རང་གི་མཚན་ཉིད་བསྟན་པའི་སྒོ་ནས་རྒྱས་པར་ནི་མདོ་ཇི་ལྟ་བ ་བཞིན་དུ་རྟོགས་པར་བྱའོ།། འདི་དག་གི་འབྲེལ་བ་གང་ཞེ་ན། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་ཐོབ་སོགས ་སེམས་ཅན་ཀུན་དོན་བྱེད་ཆོས་རྣམ་པར་ལྡན།། བསྟན་བཅོས་ཀྱི་འབྲེལ་པ་བཤད་ཟིན་ཏོ།། ད་ནི་ཚིགསུ་བཅད་པ་རྣམས་ཀྱི་དོན་བརྗོད་པར་བྱ་སྟེ། སེམས་ཅན་གང་དག་དེ་བཞིན་གཤེགས་པས་བརྟུལ ་པ་དེ་དག་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོའོ།། ཆོས་ཉིད་ཀྱི་རྒྱུ་མཐུན་པའི་ད་བས་ཆོས་དང་དགེ་འདུན་ལ་ཡང་སྐྱབསུ་འགྲོའོ།། དེས་ན་དེ་དང་པོ་ཉིད་ཡིན་པས་ན་སངས་རྒྱས་དཀོན་མཆོག་གི་དབང་དུ་བྱས་ཏེ། ་ཚིག་སུ་བཅད་པ། གང་ཞིག་ཐོག་མོ་དབུས་མཐའ་མེད་ཅེས་སངས་རྒྱས་ཉིད་རང་རྣམ་སངས་རྒྱུ་ས།། སངས་རྒྱུས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིགས་མེད་རྟག་པའི་ལམ་སྟོན་པ།། མཁྱེན་བརྩེའི་རལ་གྲི་རྡོ་རྗེ ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང་།། སྣ་ཚོགས་ལྟ་ཐིབས་ཀྱིས་བསྐོར་ཐེ་ཚོམོ་རྩིག་པ་འཇིག་མཛད་དེ་ལ་འདུད། འདིས་ཅི་བསྟན་ཅེ་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ།། གཞན་གྱིས་རྐྱེན་གྱིས་རྟོགས ་མིན་པ།། མེ་ཁྱེན་དང་རྩེ་དང་ནུས་པར་ལྡན།། དོན་གཉིས་ལྡན་པའི་སངས་རྒྱས་ཉིད།། འདིས་ནི་མདོར་བསྡུ་ན། ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་བརྗོད་དོ།། ཡོན་ཏན་བརྒྱད་གང་ཞེ་ན། འདུས་མ་བྱས ་པ་ཉིད་དང་། ལྷུན་གྱིས་གྲུབ་པ་དང་། གཞན་གྱིས་རྐྱེན་གྱིས་མངོན་པར་རྟོགས་པ་མ་ཡིན་པ་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། ནུས་པ་དང་། རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞོན་གྱི་དོན་ཕུན་སུམ་ཚོགས ་པའོ།། ཐོག་མ་དབུས་མཐའ་མེད་པ་ཡི།། རང་བཞིན་ཡིན་ཕྱིར་འདུས་མ་བྱས།། ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར།། ལྷུན་གྱིས་གྲུབ་ཅེས་བྱ་བ་བརྗོད།། སོ་སོ་རང་གིས་རྟོགས་བྱའི་ཕྱིར།། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ།། དེ་ལྟར ་རྣམ་གསུམ་རྟོགས་ཕྱིར་མཁྱེན།། ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ།། ནུས་པ་ཡེ་ཤེས་ཐུགས་རྗེ་ཡི།། སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ།། དང་པོ་གསུམ་གྱིས་རང་དོན་ཏེ།། ཕྱི་མ་གསུམ་གྱིས་གཞན་དོན་ཡིན།། འདུས་མ ་བྱས་ནི་འདུས་བྱས་ལས་ཟློག་པར་ཤེས་པར་བྱའོ།། དེ་ལ་འདུས་བྱས་ནི་གང་ལ་སྐྱེ་བ་ཡང་རབ་ཏུ་ཤེས་ཤིང་།། གནས་པ་དང་འཇིག་པ་ཡང་རབ་ཏུ་ཤེས་པ་ནི་འདུས་བྱོས་ཞེས་བརྗོད་ལ། དེ་མེད་པའི་ཕྱིར་སངས་རྒྱས ་ནི་ཐོག་མ་དང་དབུས་དང་ཐ་མ་མེད་པ་འདུས་མོ་བྱས་པ། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བཱིར་བལྟ་བར་བྱའོ།། སྤྲོས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ལྷུན་གྱིས་གྲུབ་པའོ།། རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས ་པར་བྱ་བའི་ཕྱིར།། གཞན་གྱི་རྐྱེན་གྱིས་རྟོགས་པར་བྱ་བ་མ་ཡིན་པའོ།། ཨོཾ་ཏ་ཡ་ནི་འདིར་མངོན་པར་རྟོགས་པ་ལ་འདོད་ཀྱི་སྐྱེ་བ་ནི་མ་ཡིན་ནོ།། དེ་ལྟར་དེ་བཞིན་གཤེགས་པ་དེ་ཉིད་ཀྱི་ཕྱིར་འདུས་མ་བྱས་ཤིང་འཇུག ་པ་མོང་པའི་མཚན་ཉིད་ལས་ཀྱང་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་འཁོར་བ་ཇི་སྲིད་ཀྱི་མཐར་ཐུག་པར་ཐོགས་པ་མེད་ཅིང་རྒྱུན་མི་འཆད་པར་རབ་ཏུ་འཇུག་གོ།། དེ་ལྟར་ཤིན་ཏུ་རྨད་དུ་བྱུང་ཞིང་བསམ ་དུ་མེད་པའི་ཡུལ་སངས་རྒྱས་ཉིད་དེ་གཞན་ལས་མཐོང་བར་རང་ཉིད་དེ་སློབ་དཔོན་མེད་པརྱ་རང་བྱུང་གི་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ་དེ་རྗེས་སུ་རྟོགས་པ་ལ་རྟོགས་པ་དང་མི་ལྗོན་པ་དམུས་ལོང་དུ་གྱུར་པ་གཞན་དག་ཀྱང་རྟོགས་པར་བྱ་བའི་ཕྱིར། དེ་རྗེས་སུ་རྟོགས་པའི་ལམ་སྟོནྡྲ་པཱར་མཛད་པའི་ཕྱིར་བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་དང་ལྡན ་པ་ཉིད་དུ་རིག་པར་བྱའོ།། འཇིགས་པ་མེད་པའི་ལམ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་ལྔ། འཇིག་རྟེན་ལས་འདས་པ་ཡང་ཕྱིར་མི་ལྡོག་པའི་ཕྱིར་རོ།། རལ་གཽ་དང་རྡོ་རྗེའི་དཔེས་ནི་གོ་རིམ་ཇི་ལྟ་བར་དེ་བཞིན ་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་འདི་ཉིད་གཞན་གྱི་སྡུག་བསྔལ་དང་ཉོན་མོངས་པའི་རྩ་བ་འཇོམས་པར་ནུས་པར་བསྟན་ཏོ།། དེ་ལ་སྡུག་བསྔལ་གྱི་རྩ་བ་ནི་མདོར་ན་གང་ཅི་ཡང་རུང་སྲིད་པ་རྣམསུ་མིང་དང ་གཟུགས་མངོན་པར་གྲུབ་པའོ།། ཉོན་མོངས་པའི་རྩ་བ་ནི་གང་ཅི་ཡང་རུང་བ་འཇིག་ཚོགས་ལ་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་གྱི་ལྟ་བ་དང་ཐེ་ཙོམ་མོ།། དེ་ལ་མིང་དང་གཟུགས་ཀྱི་བསྡུས་པའི་སྡུག་བསྔལ ་ནི་མངོན་པར་གྲུབ་པའི་མཚན་ཉིད་ཀྱིས་ནི་མྱུ་གུ་ལྟ་བུར་ཤེས་པར་བྱ་ལ། དེ་གཅོད་པར་བྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་དང་། མཐུ་རྗེ་གཉིས་ཀྱི་ནུས་པ་རལ་གྲིའི་དཔེས་བསྟན་ཏོ།། ལྟ་བ་དང་ཐེ ་ཚོམ་གྱིས་བསྡུས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་འཇིག་རྟེན་པའི་རྟོགས་པས་ཤེས་པར་དཀའ་བ་དང་། ཕིགས་པར་དཀའ་བའི་ཕྱིར་ན། ནགས་ཐིགས་པོས་བསྐོར་བའི་རྩིག་པ་དང་འདྲ་བ་དེ་འཇིག ་པར་བྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་དང་། མཐུ་རྗེ་དག་རྡོ་རྗེའི་དཔེ་དང་མཐུན་པར་རིག་པར་བྱའོ།། དེ་ལྟར་ན་ཇི་སྐད་བསྟན་པའི་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་པོ་འདི་རྣམས་གོ་རིམ་འདི ་ཉིད་ཀྱིས་རྒྱས་པོར་རྣམ་པར་དབྱེ་བ་བསྟན་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མུདྨོའི་རྗེསུ་འབྲངས་ནས་རྟོགས་པར་བྱའོ།། དེ་ལས་ཇི་སྐད་དུ། འཇམ་དཔལ་སྐྱེ་བ་མེད ་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སྔངས་རྒྱས་ཀྱི་ཚིག་བླ་དགས་ཏེ་ཞེས་གསུངས་པ་སྟེ། འདིས་ནི་རེ་ཞིག་དེ་བཞིན་གཤེགས་པའི་འདུས ་མ་བྱས་པའི་མཚན་ཉིད་དོ་ཞེས་བསྟན་ཏོ།། གང་ཡང་དེའི་རྗེས་ཐོགས་ཉིད་ལ་བཻ་ཌཱུརྱའི་ས་གཞི་དྲི་མ་མེད་པའི་བརྒྱ་བྱིན་གྱི་གཟུགས་བརྙན་གྱི་དཔེ་ཐོག་མར་བྱས་ཏེ། ཇི་སྲིད་དུ་དཔེ་དགུས་དོན་འདི་ཉིད་ཀྱི་དབང་དུ ་བྱས་ནས་གསུངས་པ། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཡོ་བར་མི་མཛད་སེམས་པར་མི་མཛད། སྤྲོ་བར་མི་མཛད། རྟོག་པར་མི ་མཛད། རྣམ་པར་རྟོག་པར་མི་མཛད་ཅིང་། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ། སེམས་པ་མེད་པ། ཡིད་བྱེད་པ་མེད་པ། བསིལ་བར་གྱུར་པ། སྐྱེ་བ་མེད་པ་འགག་པ་མེད་པ། དལྟར་མེད་པ། མཉན ་དུ་མེད་པ། བསྣམ་དུ་མེད་པ། མྱང་དུ་མེད་པ། རེག་ཏུ་མེད་པ། མཚན་མ་མེད་པ། རྣམ་པར་རིག་པ་མེད་པ། རྣམ་པར་རིག་པར་བྱ་བ་མ་ཡིན་པ་ཞེས་གསུངས་ཏེ། དེ་ལ་སོགས་པ་ནི་ཉེ་བཞི་པའི་ཚིག་གི་རབ་ཏུ་དབྱེ་བ ་བསྟན་པའོ།། འདིས་ནི་རང་གི་མཛོད་པ་དག་ལས་རྣམ་པར་རྟོག་པ་དང་། སྤྲོས་པ་ཐམས་ཅད་ཞི་བའི་ཕྱིར། དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་ཉིད་བསྟན་ཏོ།། དེའི་འོག་ཏུ་གཞུང་ལྷག་མ་ལས་དཔེ་བསྟན ་པས་ནི།། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒོ་ལ། གཞན་གྱི་རྐྱེན་གྱིས་མངོན་པར་རྟོགས་པ་མ་ཡིན་པ་ཉིད་བསྟན་ཏོ།། གང་ཡང་དེ་བཞིན་གཤེགས་པའི་བྱང་ཆུབ་རྣམ་པ ་བཅུ་དྲུག་བསྟན་ནས། མཐར་འདི་སྐད་དུ། འཇམ་དཔལ་དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་སྟེ། སེམས་ཅན་རྣམས་ལ་ཡང་མ་དོག་པ། དྲི་མ་དང ་བྲལ་གི་སྐྱོན་དང་བཅས་པའི་ཆོས་ཀྱི་དབྱིངས་གཟིགས་ནས་སེམས་ཅན་རྣམས་ལ་རྣམ་པར་བརྩེ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་མཐུ་རྗེ་ཆེན་པོ་རབ་ཏུ་འཇུག་གོ་ཞེས་གསུངས་ཏེ། འདིས་ནི་དེ་བཞིན ་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་དང་ལྡན་པ་ཉིད་བརྗོད་དོ།། དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་ཞེས་བྱ་བ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་བསྟན་པ་དངོས་པོ་མེད་པའི་ངོ་བོ་ཉིད་དུའོ།། མངོན་པར ་རྫོགས་པར་བྱང་ཆུབ་སྟེ། ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་ནས་སོ།། སེམས་ཅན་རྣམས་ལ་ཞེས་བྱ་བ་ནི་ངེས་པ་དང་། མ་ངེས་པ་དང་། ལོག ་པ་ཉིད་དུ་ངེས་པའི་ཕུང་པོར་གནས་པ་རྣམས་ལྔའོ།། ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི། རང་གི་ཆོས་ཉིད་ཀྱི་རང་བཞིན་དང་ཁྱད་པར་མེད་པ་དེ་བཞིན་གཤེགས་པའི་སྙིང་པོའོ།། གཟིགས་ནས་ཞེས་བྱ་བ་ནི། ་རྣམ་པ་ཐམས་ཅད་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་གཟིགས་ནུས་སུ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་ཉོན་མོངས་པའི་སྒྲིབ་པས་མ་དག་པའོ།། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཤེས་བྱའི་སྒྲིབ ་པས་དྷི་མ་དང་མ་བྲལ་བའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་དྲི་གཉི་གྲོ་གང་ཡང་རླུང་པོའི་ལྷག་མས་སྐྱོན་དང་བཅས་པའོ།། རྣམ་པར་བརྩེ་བ་ནི་གདུལ་བྱའི་ཐབས་ཀྱི་སྒོ་སྣ་ཚོགས་པ་གྲུབ་པ་ལ་ཞུགས ་པའི་ཕྱིར་རོ།། སེམས་ཅན་རྣམས་ལ་རབ་ཏུ་འཇུག་པ་ནི། མཉམ་པ་ཉིད་དུ་སེམས་ཅན་གྱི་རྒྱུ་མཚན་དུ་མངོན་པོར་རྫོགས་པར་བྱང་ཆུབ་པས་ན་རང་གི་ཆོས་ཉིད་རྟོག་པ་ཐོབ་པར་དགོངས་པའི་ཕྱིར་རོ།། དེའི་འོག་ཏུ ་བླ་ན་མེད་པའི་ཡེ་ཤེས་དང་མཐུ་རྗེ་རབ་ཏུ་ཞུགས་པ་ལས་མཚུངས་པ་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལ་འཇུག་པ་མངོན་པར་སྒྲུབ་པའི་སྦྱོར་བ་རྒྱུན་མི་འཆད་པ་གང་ཡིན་པ་འདི་ནི ་དེ་ཉིད་ཀྱིས་གཞན་གྱི་དོན་བྱེད་པར་ནུས་པར་རིག་པར་བྱའོ།། དེ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་པོ་དེ་དག་ཉིད་ལས་གོ་རིམ་ཇི་ལྟ་བར་འདུས་མ་བྱས་པ་ལ་སོགས་པ་དང་པོ་གསུམ་དང་ལྡན་པ་ནི ་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ལ།། ཡེ་ཤེས་ལྔ་སོགས་པུ་ལྷག་མ་གསུམ་དང་ལྡན་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ།། ཡང་ན་ཡེ་ཤེས་ཀྱིས་ནི་མཆོག་ཏུ་རྟག་པ་དང་། ཉེ་བར་ཞི་བའི་གནས ་རང་ཉིད་མངོན་པར་བྱང་ཆུབ་པ་ལ་གནས་པའི་ཡོན་ཏན་གྱིས་ན་རང་གི་ངནི་ཕུན་སུམ་ཚོགས་པ་བསྟན་པ་དང་། ཐུགས་རྗེ་དྲུང་ནུས་པ་དག་གིས་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་འཇུག་པའི་ཡོན ་ཏན་གྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ།། སངས་རྒྱས་དཀོན་མཆོག་དེ་ལས་ཆོས་དཀོན་མཆོག་འབྱུང་བའི་ཕྱིར་དེའི་རྗེས་ཐོག་སུ་དེའི་དབང་དུ་བྱས་ནས་ཚིགསུ་བཅད་པ་གང་ཞིག་མེད་མིན་ཡོད་མིན་ཡོ། ་མེད་མ་ཡིན་ཡོད་མེད་ལས་གཞན་དུའང་།། བརྟག་པར་མི་ནུས་ངེས་ཚིག་དང་བྲལ་བ་སོ་སོ་རང་གིས་རིག་ཞི་བ། དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང་།། སྡང་དང་རབ་རིབ་རྣམ་པ་འཇོམས ་མཛད་དུམ་ཆོས་ཉི་མ་དེ་ལ་འདུད།། འདིས་ཅི་བསྟན་ཞེ་ན། བསམ་མེད་གཉིས་མེད་རྟག་མེད་པ།། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས།། གང་ཞིག་གང་གིས་ཆགས་བྲལ་བ།། བདེན་གཉིས་མཚན་ཉིད་ཅན་དེ་ཆོས།། ། ་འདིས་ནི་མདོར་བསྡུ་ན་ཡོན་ཏན་བརྒྱད་ཀྱིས་བསྡུས་པའི་ཆོས་དཀོན་མཆོག་བརྗོད་དོ།། ཡོན་ཏན་བརྒྱད་གང་ཞེ་ན། བསམ་དུ་མེད་པ་ཉིད་དང་། གཉིསུ་མེད་པ་ཉིད་དང་། རྣམ་པར་རྟོག་པ་མེད་པ་ཉིད་དང་། དག་པ་དང་། ་མྱངོན་པར་གསལ་བར་བྱེད་པ་དང་། གཉེན་པོའི་ཕྱོགས་ཉིད་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བའི་རྒྱུའོ།། ཆགས་བྲལ་ཉིད་ནི་འགོག་པ་དང་། ལམ་གྱི་བདེན་པ་དག་གིས་བསྡུས།། ་གྲོ་རམ་ཇི་བཞིན་དེ་དག་དང་། ཡོནྡ་ཏན་གསུམ་གསུམ་གྱིས་རིག་བྱ།། གོ་རིམ་ཇི་ལྟ་བ་བཞིན་དུ་ཡོན་ཏན་དྲུག་པོ་དྲོ་རྣམས་ཉིད་ལས་བསམ་དུ་མེད་པ་དང་། གཉིས་སུ་མེད་པ་དང་། རྣམ་པར་རྟོག་པ་མེད་པ ་སྟེ། ཡོན་ཏན་དང་པོ་གསུམ་གྱིས་ནི་འགོག་པའི་བདྲེན་པ་བསྟན་པའི་ཕྱིར། འདོད་ཆགས་དང་བྲལ་བར་བསྡུས་པར་རིག་པར་བྱ་ལ། དག་པ་དང་། མངོན་པར་གསལ་བ་དང་། གཉེན་པོའི་ཕྱོགས་ཉིད་དེ་སྟོན ་ལྷག་མ་གསུམ་གྱི་ལམ་ཀྱི་བདེན་པ་བསྟན་པའི་ཕྱིར་འདོད་ཆགས་དང་བྲལ་བའི་རྒྱུ་བསྡུས་པ་ཡིན་ནོ།། འདོད་ཆགས་དང་བྲལ་པ་གང་ཡིན་པ་འགོག་པའི་བདེན་པ་དང་། གང་གིས་འདོད་ཆགས་དང་། ་བྲལ་བ་ལམ་གྱི་བདེན་པ་དེ་གཉིས་ཀ་མངོན་པར་བསྡུས་ཏེ། རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཀྱི་འདོད་ཆགས་དང་བྲལ་བའི་ཆོས་ཡིན་ནོ་ཞེས་བསྟན་ཏོ།། བརྟན་མིན་ཕྱིར་དང་བརྗོད ་མིན་ཕྱིར། འཕགས་ལམ་མཁྱེན་ཕྱིར་བསམ་མེད་ཉིད།། ཞི་ཉིད་གཉིས་མེད་རྟོག་མེད་དེ།། དགྲ་སོགས་གསུམ་ནི་ཉིན་བཞིན་ནོ།། མདོར་བསྡུས་ན་འགོག་པཱི་བདེན་པ་ནི་རྒྱུ་གསུཾ་གྱི་བསམ་དུ་མེད་པ་ཉིད་དུ་རིག་པར་བྱའོ།། གསུམ ་པོ་གང་དག་གིས་ཤེ་ན། མེད་པ་དང་། ཡོད་པ་དང་། ཡོད་མེད་དང་། གཉིས་ཀ་མ་ཡིན་པ་སྟེ། རྣམ་པ་བཞི་ག་ལྟར་ཡང་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་དང་། སྒྲ་དང་། སྐད་དང་། བརྗོད་པ་དང་། ངག་གཽ་ཡུལ་དང་། ་ངེས་ཚིག་དང་། བརྡ་དང་། ཐ་སྙད་དང་། མངོན་པར་བརྗོད་པ་དག་གིས་བརྗོད་དུ་མེད་པའི་ཕྱིར་དང་། འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ།། དེ་ལ་འགོག་པའི་བདེན་པ་ཇི་ལྟར་ན ་གཉིསུ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་ཉིད་དུ་རིག་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ་བཞིན་ཏེ། ཤཱ་རིའི་བུ་འགོག་པ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུ་སྟེ། གཉི་སུ་མེད་པའི་ཆོས་ཅན ་རྣམ་པར་མི་རྟོག་པའི་ཆོས་སོ་ཞེའོ།། དེ་ལ་གཉིས་ནི་ལས་དང་ཉོན་མོངས་པ་ལ་བརྗོད་པ་རྣམ་པར་རྟོག་པ་ལས་དང་ཉོན་མོངས་པ་ཀུན་འབྱུང་བའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྗོད་དོ།། དེ་རང་བཞིན ་གྱིས་འགགས་པར་སོ་སོར་རིག་པའི་ཕྱིར་རྣམ་པར་རྟོག་པ་རྣམ་པ་གཉིས་ཀ་ཀུན་དུ་སྤྱོད་པ་མེད་པའི་ཚུལ་གྱིས་སྡུག་བསྔལ་གཏན་འབྱུང་བ་མེད་པ་གང་ཡིན་པ་འདི་ནི་སྡུག་བསྔལ་འགོག་པའི་བདེན་པ་ཞེས ་བྱའི།། ཆོས་འགའ་ཞིག་ཞིག་པའི་ཕྱིར་ནི་སྡུག་བསྔལ་འགོག་པའི་བདེན་པར་མ་བསྟན་ཏོ།། ཇི་སྐད་དུ། འཇམ་དཔྲལ་སྐྱེ་བ་མེད་ཅིང་འགག་པ་མ་ཡིན། སེམས་དང་ཡིད་རྣམ་པར་ཤེས་པ་མི་འཇུག་གོ།། གང ་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ནི་ཀུན་དུ་རྟོག་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལོ་བྱེད་པར་འགྱུར་བ་ཀུན་དུ་རྟོག་པ་འགའ་ཡང་མེད་དོ།། ཚུལ་བཞིན་ཡིད་ལ་བྱེད་པ་ལ ་རབ་ཏུ་སྦྱོར་བ་དེ་ནི་མ་རིག་པ་ཀུན་ནས་སློང་བར་མི་བྱེད་དོ།། མ་རིག་པ་ཀུན་ནས་ལྡང་བ་མེད་པ་གང་ཡིན་པ་དེ་ནི་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་ལྡང་བར་མི་བྱེད་དོ།། དེ་ནི་མི་སྐྱེ་ཞེས་བྱ་བ་ལ་སོ། ་བརྒྱས་པོར་གསུངས་པ་ཡིན་ནོ།། ཇི་སྐད་དུ། བཅོམ་ལྡན་འདས་ཆོས་འཇིགས་པ་ནི་སྡུག་བསྔལ་འགོག་པ་མ་ལགསོ།། བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི། ཐོག་མ་མེད་པའི་དུས་ཅན ་མ་བྱས་པ། མ་སྐྱེས་པ། མ་བྱུང་བ། ཟད་པ་མེད་པ། ཟད་པ་དང་བྲལ་བ། རྟག་པ། བརྟན་པ། ཞི་བ་མི་འཇིག་པ། རང་བཞིན་གྱིས་ཡོང་སུ་དག་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་བ། རྣམ་པར ་དབྱེར་མེད་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གླང་གའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་གྲོལ་བ་ནི་དེ་བཞིན་གཤེགས་པོའི་སྙིང་པོ་ཞེས་བགྱིའོ་ཞེས་གསུངས་པ་བཞིན་ཏེ། ཐམས་ཅད་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་སྡུག་བསྔལ ་འགོག་པའི་བདེན་པ་རྣམ་པར་བཞག་པ་རྟོག་པར་བྱའོ།། སྡུག་བསྔལ་འགོག་པའི་མིང་ཅན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང་། སྒོམ་པའི ་ལམ་ནི་ཆོས་མཐུན་པ་རྣམ་པ་གསུམ་ཉིད་ཀྱིས་ཉི་མོ་དང་འདྲི་བར་རིག་པར་བྱ་སྟེ། དཀྱིལ་འཁོར་རྣམ་པར་དག་པར་ཆོས་མཐུན་པས་ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། གརྦྷ ་གསལ་བར་བྱེད་པར་ཆོས་མཐུན་པས་ནི་ཤེས་བྱ་ཐམས་ཅད་རྣམ་པ་ཐམས་ཅད་སྣང་བར་བྱེད་པའི་ཕྱིར་རོ།། མུན་པའི་གཉེན་པོར་ཆོས་མཐུན་པས་ནི་དེ་ཁོ་ན་མཐོང་བའི་གེགས་ཀྱི་རྣམ་པ་ཐམས་ཅད་ཀྱི ་གཉེན་པོར་གྱུར་པའི་ཕྱིར་རོ།། གེགས་ཀྱང་ཡང་དག་པ་མ་ཡིན་པའི་དངོས་པོ་རྒྱུ་མིཆེན་གྱི་ཡུལ་ཡོད་ལ་བྱེད་པ་སྔོན་དུ་འགྲོ་བ་ཅན་བག་ལ་ཉལ་དང་ཀུན་ནས་ལྡང་བ་དང་ལྡན་པས། འདོད་ཆགས་དང ་ཞེ་སྡང་དང་། གཏི་མུག་སྐྱེའོ།། བག་ལ་ཉལ་ལས་ནི་ཡང་དག་པ་མ་ཡིན་པ་དེའི་རང་བཞིན་མ་ཡིན་པའི་དངོས་པོ་བྱིས་པ་རྣམས་ལ་འདོད་ཆགས་བསྐྱེད་པས་ན་སྡུག་པའི་རྣམ་པར་རམ?། ཞེ་སྡང་བསྐྱེད་པས་ཁོང་ཁྲོ ་བའི་རྣམ་པར་རམ། གཏི་མུག་བསྐྱེད་པས་མ་རིག་པའི་རྣམ་པས་རྒྱུ་མཚན་དུ་འགྱུར་རོ།། འདོད་ཆགས་དང་། ཞེ་སློང་དང་། གཏི་མུག་གི་རྒྱུ་མཚན་ཡོང་དག་པ་མ་ཡིན་པ་དེ་ཡང་དམིགས་པར་བྱེད་པས་ན་ཚུལ ་བཞིན་མ་ཡིན་པ་ཡིད་ལ་བྱེད་པོས་སེམས་ཡོངསུ་ལེན་ཏོ།། སེམས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་གནས་པ་དེ་དག་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ལས་གང་ཡང་རུང་བའི ་ཉོན་མོངས་པ་ཀུན་དུ་སྤྱོད་པོར་འགྱུར་རོ།། དེ་དག་གཞི་དེ་ལས་ལུས་དང་ངག་དང་ཡིད་ཀྱིས་འདོད་ཆགས་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད། ཞེ་སྡང་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པའི་ལས ་ཀྱང་མངོན་པར་འདུ་བྱེད་དོ།། ལས་ལས་ཀྱང་སྐྱེ་བ་འབྲེལ་པ་ཁོ་ནུར་འགྱུར་རོ།། དེ་ལྟར་ན་བྱིས་པ་བག་ལ་ཉལོ་དང་ལྡན་པ་མཚོན་མར་འཛིན་པ་ཙ་ན། དམིགས་པ་ལ་སྤྱོད་པ་དེ་དག་ལ་ཚུལ་བཞིན་མ་ཡིན་པ་ཡིད ་ལ་བྱེད་པ་ཀུན་འབྱུང་བ་ལས་ཉོན་མོངས་པ་ཀུན་འབྱུང་ངོ་།། ཉོན་མོངས་པ་ཀུན་འབྱུང་བ་ལྕི་ནི་ལས་ཀུན་འབྱུང་ངོ་།། ལས་ཀུན་འབྱུང་བ་ལས་ནི་སྐྱེ་བ་ཀུན་འབྱུང་བར་འགྱུར་རོ།། བྱིས་པ་རྣམས་ཀྱི་ཉོན་མོངས་པ་དང ་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་རྣམ་པ་འདི་ཐམས་ཅད་ཀྱང་ཁམས་གཅིག་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པས་རབ་ཏུ་འཇུག་གོ།། དེ་ཡང་ཇི་ལྟ་བུར་ཡོངསུ་བཙལ་བ་ན་དེའི་རྒྱུ་མཚན ་མ་དམིགས་པ་འགའ་ཡང་མི་མཐོང་བ་དེ་ལྟར་བལྟ་བར་བྱའོ།། གང་གི་ཚེ་རྒྱུ་མཚན་ནམ་དམིགས་པ་མི་མཐོང་བ་དེའི་ཚེ་ཡང་དག་པ་མཐོང་བ་ཡིན་ཏེ། དེ་ལྟར་ན་ཆོས་དེ་དག་དེ་བཞིན་གཤེགས་པས་མཉམ་པ་ཉིད ་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ།། གང་ཞིག་དེ་ལྟར་མེད་པའི་རྒྱུ་མཚན་གྱི་དམིགས་པ་མ་མཐོང་བའི་ཕྱིར་དང་། ཡོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པ་དོན་དམ་པའི་བདེན་པ་མཐོང་བའི ་ཕྱིར་གཉིས་ཀ་བསལ་བ་མེད་པ་དང་། བཞག་པ་མེད་པར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་བྱང་ཆུབ་པ་དེ་ནི་གང་ཞིག་སྐྱེས་པ་ཅིག་ཤོས་གཏན་བྲལ་བ་དང་མེད་པ་རྟོག ་པོར་འགྱུར་པ་དེ་ཁོ་ན་མཐོང་བའི་གེགས་ཀྱི་རྣམ་པ་འདྲི་མཐའ་དགྲ་གི་གཉེན་པོར་རིག་པར་བྱའོ།། ཆོས་ཀྱི་སྐུ་འཐོབ་པའི་རྒྱུ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་མཐོང་བ་དང་བསྒོམ་པའི་ལེམ་དེ་ཡང་རྒྱས་པར་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེསུ་འབྲངས་ཏེ་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱའོ།། ཐེག་པ་ཆེན་པོའི་ཆོས་དཀོན་མ་ཚིག་དེ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་རིན་པོ་ཆེ་འབྱུང་བས ་དེའི་རྗེས་ཟློགས་དེའི་དབང་དུ་བྱས་ནས་ཚིགསུ་བཅད་པ། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། གང་དག་འགྲོ་ཀུན་བདག་མེད་མཐའ་ཞིང་ཡང་དག་རྟོགས་ནུས་ཐམས་ཅད་ལ།། ་རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་བུ་སྒྲིབ་པ་མེད་པའི་བློ་མངའ་བ།། སེམས་ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད།། འདིས་ཅི་བསྟན་ཞེ་ན། ཇི་བཞིན་ཇི་སྙེད་ནང་གི་ནི། ་ཤེས་གཟིགས་པ་དག་པའི་ཕྱིར།། བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས།། བློ་མེད་ཡོན་ཏན་དང་ལྡན་ཉིད།། འདིས་ནི་མདོར་བསྡུས་ན་ཇི་ལྟ་བ་བཞིན་ཡོད་པ་དང་ཇི་སྙེད་ཡོད་པ་སྟེ། རྒྱུ་གཉིས་ཀྱི་འཇིག་རྟེན་ལས་འདས་པའི་ཡེ ་ཤེས་ཀྱི་གཟིགས་པ་རྣམ་པར་དྲག་པའི་ཕྱིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་དཀོནྡ་མཆོག་བླ་ན་མེད་པའི་ཡོན་ཏན་དང་ལྡན་པ་ཉིད་བསྟན་ཏོ།། འགྲོ་བ་ཞི་པོའི་ཆོས་ཉིད་དུ།། རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། ་རང་བཞིན་གྱིས་ནི་ཡོངས་དག་ཕྱིར།། ཉོན་མོངས་གདོད་ནས་ཟད་ཕྱིར།། དེ་ལ་ཇི་ལྟ་བ་བཞིན་ཡོད་པ་ཉིད་ནི་ཆོས་དང་གང་ཟག་ཅེས་བྱ་བའི་འགྲོ་བ་ཐམས་ཅད་ཀྱི་བདག་མེད་པའི་མཐའ་ཇི་ལྟ་བ་བཞིན་རྟོགས་པ་ལས ་རིག་པར་བྱའོ།། གཏན་དུ་གཟོད་མོ་ནས་ཞི་བའི་ངོ་བོ་ཉིད་ཀྱི་གང་ཟག་དང་ཆོས་འཇིག་པ་མེད་པའི་ཚུལ་དུ་རྟོགས་པ་དེ་ཡང་མདོར་བསྔོ་ན་རྒྱུ་གཉིས་ལས་སྐྱེ་སྟེ། སེམས་རང་བཞིན་གྱིས་འོད་གསལ་བར་མཐོང་བའི་ཕྱིར ་དང་།། དེའི་ཉེ་བའི་ཉོན་མོངས་པ་གདོད་མ་ནས་ཟད་ཅིང་འགགས་པར་མཐོང་བའི་ཕྱིར་རོ།། དེ་ལ་སེམས་རང་བཞིན་གྱིས་འོད་གསལ་བ་གང་ཡིན་པ་དང་། དེའི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་གང་ཡིན་པ ་འདི་གཉིས་ནི་དྲག་པ་དང་མི་དགེ་བའི་སེམས་དག་ལས་གཅིག་རྒྱུ་བས་སེམས་གཉིས་པ་མཚ་མོས་སྦྱོར་བ་མེད་པའི་ཚུལ་གྱི་ཟག་མེད་པའི་དབྱིངས་མཆོག་ཏུ་རྟོགས་པར་དཀའ་བ་ཡིན་ནོ།། དེའི་ཕྱིར་ན་བཅོམ་ལྡན ་འདས་དགེ་བའི་སེམས་ནི་སྐད་ཅིག་མ་སྟེ། ཉོན་མོངས་པ་དག་གིས་ཉོན་མོངས་པར་མི་འགྱུར་རོ།། མི་དགེ་བའི་སེམས་ནི་སྐད་ཅིག་མ་སྟེ། སེམས་ནི་ཉོན་མོངས་པ་དག་གི་ཉོན་མོངས་པ་མ་ལགས་པ་ཉིད་དོ།། བཅོམ ་ལྡན་འདས་ཉོན་མོངས་པ་ནི་སེམས་ལ་མི་རིགས་ལ་སེམས་ཉོན་མོངས་པ་ཡང་མ་ལྤགས་ན། བཅོམ་ལྡན་འདས་འདི་ལ་ཇི་ལྟར་རིག་པའི་ཆོས་ཅནྡ་མ་ལགས་པའི་སེམས་མུན་པས་ཉོན་མོངས་པར་འགྱུར།། ། ་བཅོམ་ལྡན་འདས་ཉེ་བའི་ཉོན་མོངས་པ་ནི་མཆིས་ལ། ཉེ་བར་ཉོན་མོངས་པར་འགྱུར་བའི་སེམས་མ་མཆིས་སོ།། བཅོམ་ལྡན་འདས་དེ་ལྟ་ལགས་མོད་ཀྱི་རང་བཞིན་གྱིས་ཡོངསུ་དགེ་པའི་སེམས་ཉེ་བར་ཉོན་མོངས ་པའི་དོན་རྟོགས་པར་དཀའོ་ཞེས་གསུངས་ཏེ། ཇི་ལྟ་བ་བཞིན་དུ་ཡོད་པ་ནས་བརྩམས་ཏེ་རྟོགས་པར་དཀའ་བའི་བར་རྒྱས་པར་བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ།། ཤེས་བྱ་མཐར་ཐུག་རྟོགས་བཱི་བློས ་ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི།། སེམས་ཅན་ཐམས་ཅད་ལ་ཡོད་པ།། མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད།། དེ་ལ་ཇི་སྙེད་ཡོད་པ་ཉིད་ནི་ཤེས་བྱའི་དངོས་པོ་མཐའ་དགྲ་མཐར་ཐུག་པར་རྟོགས་པ་ལ་འཇིག་རྟེན་ལས ་འདས་པའི་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ལ་ཐ་ན་དུད་འགྲོའི་སྐྱེ་གན་སུ་གྱུར་པ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་མཐོང་བ་ལས་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་མཐོང་བ་དེ ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལས་སྐྱེ་སྟེ། ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར། དེ་ལྟར་རྟོགས་པ་གང་ཡིན་ཏེ།། སོ་སོ་རང་ཤེས་པ་མཐོང་བ་ཉིད།། དྲི་མེད་དབྱིངས་ལ་ཆགས་མེད ་དང་།། ཐོགས་མེད་ཕྱིར་དེ་དྲག་པ་ཡིན།། དེ་ལྟར་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང་ཇི་སྙེད་ཡོད་པ་ཉིད་ཀྱི་རྣམ་པ་འདིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་གཞན ་དང་ཐུན་མོངས་མ་ཡིན་པའི་སོ་སོ་རང་གི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཟིགས་པར་འདོད་དོ།། དེ་ཡང་མདོར་བསྡུ་ན་རྒྱུ་གཉིས་ཀྱིས་ན་ཅིག་ཤོས་ཉི་ཚེ་བའི་ཡེ་ཤེས་ཀྱིས་མཐོང་བ་ལ་བལྟོས་ནས་ཤིན་ཏུ ་རྣམ་པར་དག་པ་ཞེས་བརྗོད་དོ།། གཉིས་པོ་གང་དག་གིས་ཤེ་ན། ཆགས་པ་མེད་པའི་ཕྱིར་དང་། ཐོགས་པ་མེད་པའི་ཕྱིར་རོ།། དེ་ལ་ཇི་ལྟ་བ་བཞིན་བརྗོད་པ་ཉིད་ཀྱིས་སེམས་ཅན་གྱི་ཁམས་རང་བཞིན་གྱིས་རྣམ་པར ་པའི་ཡུལ་ཅན་གྱི་ཕྱིར་ནི་ཆགས་པ་མེད་པ་ཡིན་ལ། ཇི་སྙེད་ཡོད་པ་ཉིད་ཀྱིས་ཤེས་བྱའི་དངོས་པོ་མཐའ་མེད་པའི་ཡུལ་ཅན་གྱི་ཕྱིར་ནི་ཐོགས་པ་མེད་པ་ཡིན་ནོ།། ཡེ་ཤེས་གཟིགས་པ་དག་པས་ན།། ་སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར།། འཕགས་པ་ཕྱིར་མི་ལྡོག་པ་ནི།། ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ།། དེ་ལྟར་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་དེ་ནི་བླ ་ན་མེད་པོ་དེ་བཞིན་གཤེགས་པོའི་ཡེ་ཤེས་གཟིགས་པ་རྣམ་པར་དག་པ་དང་ཉེ་བར་གནས་པར་འགྱུར་བའི་ཕྱིར་རམ། གང་དང་ལྡན་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི ་སྐྱབསུ་གྱུར་པ་ཉིད་དུ་འགྱུར་བའི་ཕྱིར། དེ་ལས་གཞན་པ་ཚུལ་ཁྲིམས་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ལས་བླ་ན་མེད་པ་ཉིད་དུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་རྗེས ་ཐོག་སུ་ཉན་ཐོས་ཀྱི་དགེ་འདུན་དཀོནྡ་མཆོག་ནི་མ་སྨོས་ཏེ། དེ་མཆོད་པར་འོས་པ་མ་ཡིན་པའི་ཕྱིར་རོ།། མཁས་པ་བྱང་ཆུབ་སེམས་དཔའ་དྲུང་།། ཉན་ཐོས་ཀྱི་ཡོན་ཏན་གྱི་ཁྱད་པར་ཤེས་པ་ནི་ནམ་ཡང་བྱང་ཆུབ་ཆེན ་བོའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་བྱེད་པ། ཤེས་རབ་དང་། སྙིང་རྗེའི་དཀྱིལ་འཁོར་ཙན་གཞལ་དུ་མེད་པའི་སེམས་ཅན་གྱི་ཁམས་སྣང་བར་ཉེ་བར་གནས་པ། བླ་ན་མེད་པའི་དེ་བཞིན ་གཤེགས་པའི་ཟླ་བ་ཉ་བ་ཐོབ་པ་དང་རྗེ་སུ་མཐུན་པའི་ལམ་དུ་ཞུགས་པ། བྱང་ཆུབ་སེམས་དཔའ་ཟླ་བ་ཚེས་པ་དོར་ནས་ཉི་ཆེ་བའི་ཡེ་ཤེས་ཀྱི་མཐར་ཐུག་པུ་སྐུར་མའི་གཟུགས་ལྟར་རང་གི་རྒྱུད་དང་སྣང་བ་ཉེ་བར ་གནས་པའི་རྒྱུད་སྣང་བ་ཉེ་བར་གནས་པའི་ཉན་ཐོས་ལ་ནམ་ཡང་ཕྱག་བྱེད་པ་ནི་མ་ཡིན་ཏེ། གཞན་ལ་ཕན་པའི་བྱེད་པའི་བསམ་པ་རྣམ་པར་མ་དག་པའི་ཕྱིར་རོ།། ཡང་དག་པར་བརྟེན་པའི་ཡོན་ཏན་ཉིད་ཀྱིས་སེམས ་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཡང་རྗེསུ་བརྩེ་བ་མེད་པ་གཞོན་རྒྱས་པར་བྱེད་པ་དང་ལྡན་པའི་འཕགས་པའི་ཉན་ཐོས་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར་དག་པའི་མཐར་ཕྱིན་པར་གྱུར ་བ་ཡང་ཟོལ་གྱིས་གནོན་ན། དེ་ལས་གཞན་པའི་ཡོན་ཏན་དབང་བཅུ་ལ་སོགས་པ་ལྟོ་ཅི་སྨོས་ཏེ། གང་གི་ཕྱིར། གང་ཞིག་ཚུལ་ཁྲིམས་བདག་དོན་བྱེད་པས་རྣམ་རྒྱས་ཤིང་།། ཚུལ་ཁྲིམས་འཆལ་པིའི་སེམས་ཅན ་རྣམས་ལ་བརྩེ་བྲལ་བ།། བདག་ཉིད་རྒྱལ་བྱེད་ཚུལ་ཁྲིམས་ནོར་གྱིས་རབ་དག་པ། འཕགས་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་མི་བརྗོད། གང་ཞིག་གཞན་ལ་མཆོག་ཏུ་སྙིང་རྗེ་བསྐྱེད་ནས་ནི།། ཚུལ་ཁྲིམས ་ཡང་དག་བླངས་པ་བྱས་ཏེ་མེ་རླུང་དང་།། ཆུ་ང་ས་བཞིན་གཞན་དག་ཉེ་བར་འཚོ་བྱེད་པ།། དེ་ནི་ཁྲིམས་ལྡན་གཞན་ནི་དེ་ཡི་གཟུགས་བརྙན་ཡིན་ཞེས་བཤད་དོ།། དེ་ལ་དོན་གང་གིས་གང་གི་དབང་དུ་བྱས་ནས།། ་བཅོམ་ལྡན་འདས་ཀྱིས་སྐྱབས་གསུམ་རྣམ་པར་བཞག་པ་མཛད་ཅེ་ན། སྟོན་པའི་བསྟན་པ་སློབ་དོན་གྱིས།། ཐེག་གསུམ་པ་དང་བྱེད་གསུམ་ལ།། མོས་པ་རྣམས་ཀྱི་དབང་བྱས་ནས།། སྐྱབས་གསུཾ ་རྣམ་པར་བཞག་པ་ཡིན།། སྟོན་པའི་ཡོན་ཏནི་བསྟན་པའི་དོན་དུ་སངས་རྒྱས་ཀྱི་དངོས་པོ་ཉིད་དོན་དུ་གཉེར་བར་ཞུགས་པ་བྱང་ཆུབ་སེམས་དཔའི་ཐེག་པོ་པའི་གང་ཟག་དང་། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས ་བ་རྣམས་ཀྱི་དབང་དུ་བྱས་ནཱས་སྤངས་རྒྱས་ནི་སྐྱབས་ཡིན་ཏེ། རྐང་གཉིས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བསྟོན་ཅིང་རྣམ་པར་བཞག་གོ།། སྟོན་པའི་ཡོན་ཏན་བསྟུན་པོའི་དོན་དུ། རང་ཉིད་རྟེན་འབྲེལ་གྱི ་ཆོས་ཟབ་མཽ་རྗེ་སུ་རྟོགས་པའི་ཕྱིར་ཞུགས་པ། རང་སྤངས་རྒྱས་ཀྱི་ཐེག་པ་པའི་གང་ཟགས་དང་། ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་ནི་སྐྱབས་ཡིན་ཏེ། འདོད་ཆགས་དང་བྲལ ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བསྟན་ཅིང་རྣམ་པར་བཞག་གོ།། སྟོན་པའི་བསྟན་པ་ལ་ལེགས་པར་ཞུགས་པའི་སློབ་མའི་ཡོན་ཏན་བསྟན་པོའི་དོན་དུ་གཞན་ལོས་ཐོས་པའི་སྒྲའི་རྗེསུ་རྟོགས་པའོ། ་ཕྱིར་ཞུགས་པའི་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་དང་། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་ནི་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས ་བསྟན་ཅིང་རྣམ་པར་བཞག་གོ།། དེ་ལྟར་འདིས་ནི་མདོར་བསྡུ་ན་དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་སྐྱབས་གསུམ་རབ་ཏུ་དབྱེ་བ་བསྟན་པ་རྣམ་པར་བཞག་པ་འདི་ནི་ཀུན་རྫོབ་ཀྱི ་བརྟེན་ལ་གནས་པས་སེམས་ཅན་རྣམས་ཐེག་པ་ལ་རིམ་གྱིས་གཞུག་པའི་དོན་དུ་ཡིན།། སྤངས་ཕྱིར་སླུ་བའི་ཆོས་ཅན་ཕྱིར།། མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར།། ཆོས་རྣམས་གཉིས་དང་འཕགས་པའི་ཚོགས།། གཏན་གྱི ་སྐྱབས་མཆོག་མ་ཡིནོ།། ཆོས་ནི་རྣམ་པ་གཉིས་ཏེ། བསྟན་པའི་ཆོས་དང་རྟོགས་པའི་ཆོས་སོ།། དེ་ལ་བསྟན་པའི་ཆོས་ནི་མདོའི་སྡེ་ལ་སོགས་པ་བསྟན་པ་བརྗོད་པ་སྟེ། མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱིས་བསྡུས་པའོ།། ་དེ་ཡང་ལམ་མངོན་པར་རྟོགས་པའི་མཐར་ཐུག་པའི་ཕྱིར། གཟིངས་ལྟ་བུའོ་ཞེས་བཤད་དོ།། རྟོགས་པའི་ཆོས་ནི་རྒྱུ་དང་འབྲས་བུའི་དབྱེ་བས་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ལམ་གྱི་བདེན་པ་དང་། འགོག་པའི་བདེན་པ་སྟེ།། ་གང་གིས་དང་གང་རྟོགས་པ་ཞེས་བྱ་བསོ།། དེ་ལ་ལ་མོ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་རྟོགས་པ་ལ། འདུས་བྱས་ཀྱི་མཚན་ཉིད་དུ་རྟོགས་པ་གང་ཡིན་པ་འདི་ནི་བརྫུན་པ་སླུ་བའི་ཆོས་ཅན་གྲང་བརྫུན་པ་སླུ་བའི་ཚེ་ཅན ་དེ་ནི་མི་བདེན་པ། གང་མི་བདེན་པ་དེ་ནི་མི་རྟག་པ། གང་མི་རྟག་པ་དེ་ནི་སྐྱབས་མ་ཡིན།། ལམ་དེས་རྟོགས་པའི་འགོག་པ་གང་ཡིན་པ་དེ་ཡང་ཉན་ཐོས་ཀྱི་ཚུལ་གྱིས་མར་མོ་རྒྱུན་ཆད་པ་བཞིན་དུ་ཉོན་མོངས་པ་དང་སྡུག ་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་ལ། མེད་པ་ནི་སྐྱབས་སུམ་སྐྱབས་མ་ཡིན་པར་འགྱུར་བར་འོས་པ་མ་ཡིན་ནོ།། དགེ་འདུན་ཞེས་བྱ་བ་འདི་ནི་ཐེག་པ་གསུམ་དང་ལྡན་པའི་ཚོགས་ཀྱི་ཚིག་བླ་དགས་སོ།། ་དེ་ཡང་རྟག་ཏུ་འཇིགས་པ་དང་བཅས་པ་དེ་བཞིན་གཽ་ཤེགས་པ་ལ་སྐྱོབསུ་སོང་བློ། ངེས་པར་འབྱུང་བ་ཚོར་བ། སློབ་པ་བྱ་བ་དང་བཅས་པཱ་དང་། བླ་ནི་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་མ་ཡིན་ནོ།། ་ཇི་ལྟར་འཇིགས་པ་དང་བཅས་པ་ཡིན་ཞེ་ན། གང་གི་ཕྱིར་དགྲ་བཅོམ་པ་ཡང་སྲིད་པ་སྤངས་པ་རྣམས་ཀྱང་བག་ཆགསོ་མ་སྤངས་པའི་ཕྱིར་རྟག་ཏུ་རྒྱུན་མི་འཆད་པར་འདུ་བྱེད་ཐམས་ཅད་ལ་མི་བཟད་པར་འཇིགས་པའི ་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ན་རལ་གྲོ་གདེངས་པའི་གཤེད་མའི་སྐྱེས་བུ་ལ་བྱ་བ་བཞིན་ཏེ། དེས་ན་དེ་དག་ཀྱང་གཏན་དུ་བདེ་བའི་དྲིས་པར་འབྱུང་བ་ཐོབ་པ་མ་ཡིནོ།། སྐྱབས་ནི་སྐྱབས་ཚོལ་བ་མ་ཡིན།། ་ཇི་ལྟར་སེམས་ཅན་སྐྱབས་མེད་པ་འཇིགས་པ་དྲི་དང་དེ་ལས་ངེས་པར་འབྱུང་བ་དེ་བཞིན་དུ་དགྲ་བཅོམ་པ་ཡང་དག་འཇིགས་པ་དེ་ཡོད་དོ།། གང་གི་ཕྱིར་དེ་དགེ་འཇིགས་པས་འཇིག་ས་ཏེ།། དེ་བོཞིན་གཤེགས་པ་ཉིད ་ལ་སྐྱེབ་སུ་འགྲོ་བ་ཡིན་ནོ།། གང་ཞིག་དེ་ལྟར་འཇིགས་པ་དང་བཅས་པའི་ཕྱིར་སྐྱབསུ་འགྲོ་བ་དེ་ནི་གདོན་མི་ཟ་བར་འཇིགས་པ་ལས་ངེས་པར་འབྱུང་པོ་ཚོལ་ལ། ངེས་པར་འབྱུང་བ་ཚོལ་བའི་ཕྱིར་ནི། འཇིགས་པའི ་གཞི་སྤངས་པའི་དབང་དུ་བྱས་ནས་སློབ་པའི་བྱ་བ་དང་བཅས་པར་འགྱུར་རོ།། སློབ་པའི་ཕྱིར་ནི་འཇིག་པ་མེད་པ་ཁྱུ་མཆོག་གིས་གནས་ཐོབ་པར་བྱ་བའི་ཕྱིར་ཞུགས་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུའོ།། དེའི་ཕྱིར་དེ་ཡང་དེའི་ཡན་ལག་གིས་སྐྱེ་བས་ཡིན་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ནོ།། དེ་ལྟར་སྐྱབས་གཉིས་པོ་འདི་ནི་མཐོར་ཐུག་པའི་དུས་ནི་སྐྱབས་མ་ཡིན་པར་བརྗོད་དོ།། དམ་པའི་དོན་དུ ་འགྲོ་བ་ཡི།། སྐྱབས་ནི་སངས་རྒྱས་ཉུག་གཅིག་ཡིན།། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར།། ཚོགས་ཀྱང་དེ་ཡཱ་མཐར་ཐུག་ཕྱིར།། འདིས་ནི་སྔར་བཤད་པའི་ཚུལ་གྱིས་སྐྱེ་བ་མེད་པ་དང་། འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ ་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་། ཐོག་པ་གསུམ་པོའི་ཚོགས་ཀྱང་ཆོས་ཀྱི་སྐུ་རྣམ་པར་དག་པ་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པར་འགྱུར། ་བའི་ཕྱིར་ནོ།། སྐྱོབ་པ་མེད་ཅིང་སྐྱ་བས་མེད་པའི་ཕྱིར་འཇིག་རྟེན་ན་ཕྱི་མའི་མཐའི་མུ་དང་མིཉམ་པ་མི་ཟད་པོའི་སྐྱབས། རྟག་པའི་སྐྱ་བས། གཡུང་དྲུང་གི་སྐྱབས། དོན་དམ་པའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ། དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། རྟག་པ་གཡུང་དྲུང་ཞི་བ་བརྟན་པའི་སྐྱབས་གཅིག་པུ་འདི་རྒྱས་པར། འཕགས་པ་དཔལ་ཕྲེང་གི་མདོའི་རྗེསུ་འབྲངས་ནས་རྟོགས་པར་བྱའོ།། འབྱུང ་བ་དཀོན་ཕྱིར་དྲི་མེད་ཕྱིར།། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།། རྒྱུས་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར།། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད།། མདོར་བསྡུ་ན་ཆོས་མཐུན་པ་རྣམ་པ་དྲུག་གིས་ན་སངས་རྒྱས ་དང་ཆོས་དང་དགེ་འདུན་ཞེས་བྱ་བའི་དཀོན་མཆོག་གསུམ་པོ་འདི་རིན་པོ་ཆེ་དང་འདྲ་བར་བརྗོད་དེ། འདི་ལྟ་སྟེ་འབྱུང་བ་དཀོན་པར་ཆོས་མཐུན་པས་ནི་བསྐལ་པ་ཡོང་སུ་འགྱུར་བ་མང་པོར་ཡང་དགེ་བའི་རྩ་བ་མ་བསྐྲུན་པ ་རྣམས་དེ་དང་ཕྲད་པ་མི་འཐོབ་པོའི་ཕྱིར་རོ།། དྲི་མ་མེད་པར་ཆོས་མཐུན་པས་ནི་རྣམ་པ་ཐམས་ཅད་དུ་དྲི་མ་དང་བྲལ་བའི་ཕྱིར་རོ།། མཐུ་དང་ལྡན་པར་ཆོས་མཐུན་པས་ནི་མངོན་པར་ཤེས་པ་དྲུག་ལ་སོགས་པ་ཡོན་ཏན་གྱི ་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ།། འཇིག་རྟེན་གྱི་རྒྱན་དུ་ཆོས་མཐུན་པས་ནི་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་རོ།། རིན་པོ་ཆེ་བརྙན་མ་ལས་ཆེས་མཆོག་ཉིད་དུ་ཆོས་མཐུན་པས་ནི ་འཇིག་རྟེན་ལས་འདས་པའི་ཕྱིར་རོ།། སྟོང་པ་དང་དམམེད་པ་ལ་སོགས་པས་རྣམ་པར་མི་འགྱུར་བའི་ཆོས་མཐུན་པས་ནི་འདུས་མ་བྱས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ།། དཀོན་མཆོག་གསུམ་བསྟན་པའི་རྗེས་ཐོགས་ལ་གང ་ཡོད་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་སྐྱེ་བའི་གནས་ནི་དཀོན་མཆོག་གསུམ་སྐྱེ་བར་འགྱུར་བ་དེའི་དབང་དུ་བྱས་ཚིག་སུ་བཅད་པོ། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད།། དྲི་མེད་སངས་རྒྱས ་ཡོན་ཏན་རྒྱལ་བའི་མཛད།། གང་ལས་དཀོན་མཆོག་དྲུག་པ་གསུམ་འབྱུང་བ།། དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ།། འདིས་ཅི་ཞིག་གསལ་བར་བྱས་ཤེ་ན། དཀོན་མཆོག་གསུམ་པོ་འདི་ཡིས་རིགས་ཐམས་ཅད་གཟིགས་པ་ནཱཿ། ་ཀྱི་ཡུལ། དེ་ཡང་རྣམྦུ་བཞི་གྲོ་རཱིམ་བཞིན།། རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ།། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ཁམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན ་པའོ།། དྲི་མ་མེད་པའི་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ནི་དེ་ཉིད་སངས་རྒྱས་ཀྱི་སར་གནས་ཡོང་སུ་གྱུར་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་བརྗོད་པ་གང་ཡིན་པའོ།། དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན ་ནི་གནས་འགྱུར་བའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ཉིད་ལ་ཡོད་པ་འཇིག་རྟེན་ལས་འདས་པ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པའོ།། རྒྱལ་བའི་མཛད་པ་ནི་སྟོབས་བཅུ་ལ་སོ་ཌ ་བླ་སངས་རྒྱས་ཀྱི་ཆོས་དེ་ཉིད་ཀྱི་སོ་སོ་རང་གི་བླ་ན་མེད་པའི་ཕྲིན་ལས་ཏེ། གང་ཞིག་མེད་པར་མ་གྱུར་ཞིང་ཆད་པ་མེད་ལ་རྒྱུན་ཆད་པས་བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་གཏམ་རྒྱུན་མི་ཆད་པའོ།། གནས་བཞི་པོ་འདི ་ངག་ཀྱང་གོ་རིམ་ཇི་ལྟ་བ་བཞིན་དུ་རྒྱུ་བཞིས་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ཡིན་ནོ་ཞེས་བརྗོད་དོ།། བཞི་པོ་གང་དག་གིས་ཤེ་ན། ངག་དང་ཉོན་མོངས་དང་ལྡན་ཕྱིར།། ཀུན་ནས ་ཉོན་མོངས་མེད་དག་ཕྱིར། རྣམ་པར་དབྱེ་བ་མེད་ཆོས་ཕྱིར།། ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར།། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཅིག་ཅར་དུས་ཅིག་ཏུ་རྣམ་པར་དག་པ་གང་ཡིན་ལ། ཀུན་ནུས་ཉོན་མོངས་པ ་གང་ཡིན་པའི་ཕྱིར།། གནས་འདི་བསྒོམ་གྱིས་མི་ཁྱབ་སྟེ། ཟབ་མོའི་ཆོས་ཀྱི་ཚུལ་ལྡེ་མོས་པ་རླུང་སངས་རྒྱས་རྣམས་ཀྱི་ཡང་སྤྱོད་ཡུལ་དུ་མ་གྱུར་པའི་ཡུལ་ཡིན་པའི་ཕྱིར་རོ།། གང་གི་ཕྱིར་ལྷ་མོ་ཆོས་འདི་གཉིས་ནི་རྟོགས་པར ་དཀའ་བ་སྟེ། སོམས་རང་བཞིན་གྱིས་རྣམ་པར་དོག་པ་རྟོག་པར་དཀའ་བ་དང་། སེམས་དེ་ཉིད་ཀྱི་ཉེ་བར་ཉོན་མོངས་པ་རྟོགས་པར་དཀའི་བའོ།། ལྷ་པོ་ཆེས་འདི་གཎྜཱིས་ཉན་པར་བྱེད་པོ་ནི་ཁྱོད་དམ་ཡང་ན་ཆོས་ཆེན་པོ་དང ་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན།། ལྷ་མོ་ལྷག་མ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ནི་ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པར་བྱ་བ་ཉིད་དོ་ཞེས་གསུངས་པ་ཡིན་ནོ།། དེ་ལ་དྲི ་མ་མེད་པའི་དེ་བཞིན་ཉིད་ནི་སྔར་དྲི་མས་ཀུན་ནས་ཉོན་མོངས་པར་མ་གྱུར་པ་ཕྱིས་རྣམ་པར་དག་པར་གྱུར་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་པོ།། གང་གི་ཕྱིར་སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། ་ནི་དེ་ཁོ་ན་བཞིན་ཤེས་སོ།། དེས་ན་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་པ་ཡིན་ནོ།། དེ་ལ་དྲི་མ་མེ ་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོའི་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྟེ་ཕྱིར་ཁྱད་པར་མེད་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེ་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ནི་འགའ་ཡང་མེད་དོ།། འོན་ཀྱང་འདུ་ཤེས་ཀྱི་འཛིན་པསཽ་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ།། འདུ་ཤེས་ཀྱི ་འཛིན་པ་དང་བྲལ་བ་ལས་ནི།། ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པ་རབ་ཏུ་འབྱུང་ངོ་།། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད ་དང་མཉམ་པའི་དར་ཡུག་ཆེན་པོ་གཅིག་ཡོད་པར་འགྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྫོགས་པར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ། ཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག ་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་སཱ་ཆེན་པོ་སྟོང་གཉིས་པའི་འཇིག་རྟེན་གྱིས་ཁམས་ཀྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཆེད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི ་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཆེད་དུ་ནི་རྒྱ་མཚོ་ཆེན་པོ། ཛམྦུའི་གླིང་གི་ཚད་དུ་ནི་ཛམྦུའི་གླིང་། ཤར་གྱི་ལུས་འཕགས་ཀྱི་གླིང་གི་ཚ་དུ་ནི་ཤར་གྱི་ལུས ་འཕྲུགས་ཀྱི་ཀྲིང་། ནུབ་ཀྱི་པཱ་ལངྒ་སྤྱོད་ཀྱི་གླིང་གི་ཆེད་དུ་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་། བྱུང་གི་སྒྲ་མི་སྙན་གྱི་གླིང་གི་ཆེད་དུ་ནི་བྱུང་གི་སྐུ་མི་སྤྱན་གྱི་གླིང་། རི་རབ་ཀྱི་ཚད་དུ་ནི་རི་རག་ས་ལྔ་སྤྱོད་པའི་ལྷའི ་གཞལ་ཡས་ཁང་གི་ཚད་དུ་མེ་དེ་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་། འདོད་པ་ན་སྤྱོད་པའི་ལྷའི་གཞིལ་ཡས་ཁང་གི་ཚད་དུ་ནི་འདོད་པ་ནི་སྤྱོད་པའི་ལྷའི་གཞལ་ཡས་ཁང་། གཟུགས་ན་སྤྱོད་པའི་ལྷོའི་གཞལ་ཡས ་ཁང་གི་ཚད་དུ་ནི་གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་བྲིས་སོ།། དྲར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་རྡུལ་ཕ ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པོར་གྱུར་ཏོ།། ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་དེ་བཅུག་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཀྱི་ངར་ཡུག་ཆེན་པོ་དེ་ནང་དུ་བཅུག་པར ་གྱུར་ཏོ།། དེ་ནས་མཁས་པ་འཛངས་པ་གསལ་བ་ཡོད་གཞུངས་པ་དེར་ཉེ་བར་ཞུགས་པའི་སྤྱོད་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་ཏེ། དེའི་མིག་ལྷའི་མིག་ཏུ་གྱུར་ཅིང་ཀུན་དུ་ཡོངསུ་དག་པ་འོད་གསལ་བར ་གྱུར་པ་ཞིག་ལ་དེས་ལྷའི་མིག་གིས་རྣམ་པར་བལྟས་ཏེ། འདི་ལྟ་བུར་གྱུར་པའི་ངར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ།། འདི ་མཉམ་དུ་སེམས་ཏེ། ཀྱེ་མ་གང་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་འདི་རྡོ་རྗེས་ཕྱེ་སྟེ། དར་ཡུག་ཆེན་པོས་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས། དེས་བརྩོན་པ་ཆེན ་བོའི་སྟོབས་ཀྱི་མཐུས་བསྐྱེད་དེ། རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཇི་ལྟ་བ་བཞིན་དུ་དར་ཡུག་ཆེན་པོ་དེ་འགྲོ་བ་མཐའ་དག་ལ་ཉེ་བར་མཁོ་བར་བྱེད་ཅིང་། གཅིག་ལ་ཇི་ལྟ་བ་བཞིན་དུ་རྡུལ་ཕྲ་རབ ་ལུས་པ་མེད་པ་མཐའ་དག་ལས་དེ་ཁོ་ན་བཞིན་བྱེད་དོ།། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན ་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལྔ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དྲག་ཀྱང་དེ་བཞིན་གཤེགས་པའི་ཨེ་ཤེས་དང་འདྲ་བར་ཚད་མེད་དོ།། དེ་ལྟ་མོད་ཀྱི་འདུ་ཤེས་ཀྱི་འཛིན་པས་བཅིངས ་པའི་བྱིས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་ཤེས་རབ་ཏུ་མི་ཤེས་ཤིང་ཉམསུ་མི་མྱོང་། མངོན་དུ་མི་བྱེད་དོ།། དེས་ན་དེ་བཞིན་གཤེགས་པ་ཆགས་པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས ་ཀྱིས་ཆོས་ཀྱི་དབྱིངས་སེམས་ཅན་གྱི་གནས་ཐམས་ཅད་ལ་རྣམ་པར་གཟིགས་ནས། སློབ་དཔོན་གྱི་འདུ་ཤེས་གྱུར་ཏོ།། ཀྱེ་མ་མ་ལ་སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན ་མི་ཤེས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་རྗེ་སུ་ཞུགས་པ་དག་སྟེ། གང་ཡང་ངས་སེམས་ཅན་འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད ་བསལ་བར་བྱས་ཏེ། ཇི་ལྟར་རང་ཉིད་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་ཡེ་ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་སོ་སོར་མངོན་པར་ཤེས་ཤིང་དེ་བཞིན་གཤེགས་པ་དང ་མཉམ་པ་ཉིད་རྗེས་སུ་ཐོབ་པ་བཞིན་དུ་དེ་དག་དེ་བཞིན་གཤེགས་པའི་ལམ་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ཟློག་པར་བྱེད་དོ།། འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ལོག་པ་དག ་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤྲཱིས་ཚད་མེད་པ་དེ་འགྲོ་བ་མཐའ་དག་གི་ཉེ་བར་འཚོ་བར་འགྱུར་ཞེས་གསུངས་སོ།། དེ་ལ་རྒྱལ་བའི་མཛོད་པ་ནི་ཅིག་ཅར་ཐམས་ཅད་ལ་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ ་ཅིང་རྣམ་པར་མི་རྟོག་པར་བསམ་པ་ཇི་ལྟ་བ་དང་། གདུལ་བྱེ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་མ་ཚང་བ་མེད་ཅིང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་སོམ ་རྣམས་གཞུག་པའི་དོན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་ཡིན་ཡང་མདོར་བསྡུས་པ་ཙམ་གྱི་སྒོ་ནས་ཚད་དང་ལྡན་པར་བསྟན་མོད་ཀྱི་རིགས་ཀྱི་བུ་འོན་ཀྱང་དེ་བཞིན་གཤེགས་པའི་ཡང་དག ་པའི་དེ་བཞིན་གཤེགས་པའི་ཕྲིན་ལས་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཚད་མེད་པ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་པར་བྱ་བ་མ་ཡིན་པ། ཡི་གེ་བརྗོད་དུ་མེད་པ། གཞན་གྱིས་སྒྲུབ་པར་དཀའ་བ། སངས ་རྒྱས་ཐམས་ཅད་དང་མཉམ་པ་ཉིད་རྗེསུ་ཐོབ་པ་འབད་རྩོལ་དང་བྱ་བ་ཐམས་ཅད་ལས་འདས་པ། ན་མཁའ་དང་མཉམ་པ་ཉིད་ཀྱིསཽ་རྣམ་པར་རྟོག་པ་མེད་པ། ཆོས་ཀྱི་དབྱིངས་ཀྱི་བྱ་བ་ཉིད་ཀྱི་ཐ་དད་དུ་དབྱེར་མེད་པ ་ཞེས་བྱ་བ་ནས། ནོར་བུ་བཻ་ཌཱུརྱ་རྣམ་པར་དག་པའི་དཔེར་མཛད་ནས། རྒྱས་པར་བསྟན་ཏེ། རིགས་ཀྱི་བུ་རྣམ་གྲངས་འདིས་འདི་ལྟར་རིག་བྱ་སྟེ། དེ་བཞིན་གཤེགས་པའི་ཕྲིན་ལས་ནི་བཽསམ་གྱིས་མི་ཁྱབ་པ་མཉམ་པ ་ཉིད་རྗེས་སུ་ཐོབ་པ་ཐམས་ཅོ་དུ་ཁ་ན་མ་ཐོ་བ་མེད་པ་དུས་གསུམ་དང་རྗེས་སུ་འབྲེལ་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པའོ།། བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པའི་ཕྲིན་ལས ་གང་ལ། རབ་ཏུ་ཞུགས་པའི་དེ་བཞིན་གཤེགས་པའི་སྐུ་ན་མཁའི་རང་བཞིན་ཡང་མི་འདོར་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅདུ་ཡཱ་ཀུན་ཏུ་བསྟན་ཏོ།། གསུང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱང་མི་འདོར་ལ། སྒྲ་རྣམ་པར་རིག ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ།། སེམས་ཀྱི་དམིགས་པ་ཐམས་ཅད་དང་ཡང་བྲལ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་བསམ་པ་ཡང་རབ་ཏུ་ཤེས་སོ་ཞེས་གསུངས་སོ།། ། ་རྟོགས་བྱ་རྟོགས་པ་དེ་ཡི་ནི།། ཡན་ལག་རྟོགས་པར་བྱེད་བྷཻརྱ་ཏེ།། ག་རིམ་དྷི་བཞིན་གནས་གཅིག་སྟེ།། དག་རྒྱུ་གསུམ་ནི་རྒྱུན་ཡིན་ནོ།། དོན་གྱི་གནས་བན་པ་འདི་དག་ལས་ཀྱང་ཤེས་བྱ་ཐམས་དྲུད ་བསྡུས་པའི་ཕྱིར་དང་པོ་ནི་རྟོགས་པར་བྱ་བའི་གནས་སུ་བལྟ་བར་བྱའོ།། དེའི་རྗེས་སུ་རྟོགས་པ་ནི་རྟོགས་པ་ཡིན་པའི་ཕྱིར་གཉིས་པ་བྱང་ཆུབ་ཀྱི་གནས་སོ།། བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ་ནི་སངས་རྒྱས་ཀྱི་ཡོད ་ཏན་ཡིན་པའི་ཕྱིར་གསུམ་པ་བྱང་ཆུབ་ཀྱི་ཡན་ལག་གི་གནས་སོ།། བྱང་ཆུབ་ཀྱི་ཡན་ལག་རྣམས་ཉིད་ཀྱིས་གཞན་དག་རྟོགས་པར་བྱེད་པའི་ཕྱིར་བཞི་པ་རྟོགས་པར་བྱེད་པའི་གནས་སོ།། དེ་ལྟར་གནས་བཞི ་པོ་འདི་དབང་དུ་བྱས་ཏེ་རྒྱུ་དང་རྐྱེན་གྱིས་དངོས་པོ་དཀོན་མཆོག་གསུམ་གྱི་རིགས་རྣམ་པར་བཞག་པར་རིག་པར་བྱའོ།། དེ་ལ་གནས་བཞི་པོ་འདི་དོག་ལས་དང་པོ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ས་བོན་ཡིན ་པའི་ཕྱིར་སོ་སོ་རང་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་གནས་ཀྱིས་དེ་རྣམ་པར་དག་པ་ལ་བརྟེན་ནས་དཀོན་མཆོག་གསུམ་གྱི་རྒྱུར་རྟོགས་པར་བྱེད་པར་བྱ་སྟེ། དེ་ལྟར་གནས་གཅིག་ནི་རྒྱུ་ཡིན་ནོ།། ཇི་ལྟར་གསུམ་རྐྱེན ་ཡིན་ཞེ་ན། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སྟོས་བཅུ་ལ་སོགོས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཕྲིན ་ལས་རྣམ་པ་སུམ་ཅུ་རྩ་གཉིས་མཛད་པ་ན། གཞན་གྱི་སྒྲ་ལ་བརྟེན་ནས་དེ་རྣམ་པར་དག་པ་ལ་བརྟེན་ནས་དཀོན་མཆོག་འབྱུང་བའི་རྐྱེན་དུ་རྟོགས་པར་བྱ་སྟེ། དེ་ལྟར་གསུམ་པོ་འདི་ནི་རྐྱེན་ཡིན་ནོ།། འདི་ཕན་ཆད་གཞུང་ལྷག་མས ་གནས་བཞི་པོ་འདི་དག་ཉིད་ཀྱིས་མཐར་གྱིས་རྣམ་པར་དབྱེ་བ་རྒྱས་པར་སྟོན་པ་རིག་པར་བྱའོ།། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན ་ནོ་ཞེས་གསུངས་པ་གང་ཡིན་པ་དེ་དོན་གང་གིས་ཡིན་ཞེ་ན། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་།། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་།། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན།། རྟག་ཏུ་སངས་རྒྱས་སྙིང་པོ་ཅན།། མདོར་བསྡུ་ན ་དོན་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བཅོམ་ལྡན་འདིས་ཀྱིས་གསུངས་ཏེ། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར།། རང་བཞིན་དྲི་མེད ་དེ་ནི་གཉིས་མེད་དོ།། སངས་རྒྱས་རིགས་ལ་དེ་འབྲས་ཉེར་བརྟགས་ཕྱིར།། འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས།། དོན་དེ་རྣམ་པ་ཐམས་ཅད་དོན་གང་གིས་གསུང་རབ་ཐུམས་ཅད་དུ་ཁྱད་པར་མེད་པར་བསྟན་པར ་འགྱུར་བ་དེའི་དབང་དུ་བྱས་ཏེ་བཤད་པར་བྱའོ།། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུས་འཕྲོ་བའི་དོན་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྣམ་པར་དབྱེར་མེད་པའི་དོན་དང་། ་དེ་བཞིན་གཤེགས་པའི་རིགས་ཡོད་པའི་དོན་གྱིས་སོ།། དོན་གྱི་གནས་གསུམ་པོ་འདི་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་རྗེསུ་འབྲངས་ཏེ། འོག་ནས་སྟོན་པར་འགྱུར་རོ།། སྡོམ་ནི་ངོ་བོ་རྒྱུ ་འབྲས་ལས་ལྡན་འཇུག་པ་དང་།། གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན།། རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི།། དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ།། མདོར་བསྡུ་ན་དོན་རྣམ་པ་བཅུ་ལ་དགོ ་ནས། དེ་ཁོ་ནའི་ཡེ་ཤེས་དམ་པའི་ཡུལ་དེ་བཞིན་གཤེགས་པའི་ཁམས་རྣམ་པར་བཞག་པར་རིག་པར་བྱའོ།། དོན་རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ངོ་བོའི་དོན་དང་རྒྱུའི་དོན་དང་། འབྲས་བུའི་དོན་དང་། ལས་ཀྱི ་དོན་དང་། ལྡན་པའི་དོན་དང་། འཇུག་པའི་དོན་དང་། གནས་སྐབས་ཀྱིས་རབ་ཏུ་དབྱེ་བའི་དོན་དང་།། ཀུན་ཏུ་འགོ་བའི་དོན་དང་སྒྲ་མི་འགྱུར་བའི་དོན་དང་། དབྱེར་མེད་པའི་དོན་ཏོ།། དེ་ལ་དྲོ་བོའི་དོན་དང་རྒྱུའི་དྲོན ་ལས་བརྩམས་ནས་ཚིག་སུ་བཅད་པ། རིན་ཆེན་ན་མཁའ་ཆུ་དག་བཞིན།། རྟག་ཏུ་རང་བཞིན་ཉོན་མོངས་མེད།། ཆོས་མོས་ལྷག་པའི་ཤེས་རབ་དང་།། ཏིང་འཛིན་སྙིང་རྗེ་ལས་བྱུང་བ།། དེ་ལྔ་ཚིགས་སུ་བཅད་པ་ཕྱེད ་སྔ་མས་ཅི་བསྟན་ཞེ་ན། མཐུ་དང་གཞན་དུ་མི་འགྱུར་དང་།། བརླན་པའི་ངོ་བོ་རང་བཞིན་ཕྱིར།། འདི་དག་ནོར་བུ་རིན་ཆེན་མཁའ།། ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད།། གསུམ་པོ་འོད་དག་ནི་འདིར་སྔར་བསྟན་ཟིན་པ་སྟེ།། ་གས་བུ་འདི་དགལ་གུ་རཱམྦྷ་ཛྙཱ་ལྱཱ་བྱཱ་ནྡན་ཁུམྦུ་རླུང་གུས་རྒྱུན་ཉྀ་དང་སྨོ་ཅན་ཚུང་ལསྣ་བརྣམས་ནས་དྲཝ་བཙུན་གཟུགས་པའོ། བམྦྷས་ཡོད་བཞིནྡ་མྦྷི་ནོར་བུ་དང་། ནམཁའ་དང་། རྒྱུརྣམ་པར་དྲུག་པ་མན ་དང་། ཆོས་མཐུན་པ་ཉིད་དུ་རིག་བྱར་བྱའོ།། དེ་ལྔ་རེ་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ནི་བསམ་པའི་དོན་གྲུབ་པ་ལ་སོགས་པ་མཐུའི་ངོ་བོ་ཉིད་རང་གི་མཚན་ཉིད་ལས་བརྩམས་ནས་ཡིད་བཞིན་གྱི་ནོར་བུ་དང་། ་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ།། དེ་བཞིན་ཉིད་ལ་ནི་གཞན་དུ་མ་ཡིན་པ་ཉིད་ཀྱི་རང་གི་ངོ་བོའི་རང་གི་མཚན་ཉིད་ལས་བརྩམས་ནས་ན་མཁའ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ།། དེ་བཞིན་གཤེགས་པའི ་ས་ལ་ནི་སེམས་ཅན་ལ་སྙིང་བརྩེ་བས་བརླན་པའི་རང་གི་ངོ་བོ་ཉིད་ཀྱི་རང་གྲི་མཚན་ཉིད་ལས་བརྩམས་ནས་ཆུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ།། འདིར་ཐམས་ཅད་ཀྱང་རྟགཽ་ཏུ་རང་བཞིན་གྱིས་ཤིན་ཏུ་ཉེ ་བར་ཉོན་མོངས་པ་མེད་པར་རང་བཞིན་གྱིས་ཡོངསུ་དག་པའི་སྤྱིའི་མཚན་ཉིད་ལས་བརྩམས་ནས་དེ་ཉིད་ཡིད་བཞིན་གྱི་ནོར་བུ་དང་། ན་མཁའ་དང་ཆུ་རྣམ་པར་དག་པའི་ཡོན་ཏན་དང་། ཆོས་མཐུན་པར་རིག་པར ་བྱའོ།། དེ་ལ་ཚིགསུ་བཅད་པ་ཕྱེད་འོག་མས་ཅི་བསྟན་ཞེ་ན། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་།། འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་།། སེམས་ཅན་དོན་ལ་ལྟོས་མེད་ཉིད།། འདོད་ཆེན་མུ་སྟེགས་ཉན་ཐོས་དང་།། རང་བྱུང ་རྣམས་ཀྱི་སྒྲིབ་རྣམ་བཞི།། དག་རྒྱུ་ལྷག་པར་མོས་པ་ལས།། སོགས་པའི་ཆོས་ནི་རྣམ་བཞི་ཉིད།། མདོར་བསྡུ་ན་སེམས་ཅན་གྱི་ཚོགས་ན་སེམས་ཅན་གྱི་རྣམ་པ་འདི་གསུམ་ཡོད་དེ། སྲིད་པ་འདོད་པ་དང ་སྲིད་པ་དང་བྲལ་བར་འདོད་པ་དང་། དེ་གཉིས་ཀ་མངོན་པར་མི་འདོད་པའོ།། དེ་ལ་སྲིད་པ་འདོད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཐར་པའི་ལམ་དང་ཞེ་འགས་པ་ཡོངསུ་མྱ་ངན་ལས་མི་འདྲའ་བའི་རིགས་ཅན་གྱི ་སེམས་ཅན་འཁོར་བ་ཉིད་འདོད་ཀྱི། མྱ་ངན་ལས་འདས་པ་ནི་མ་ཡིན་པ་གང་དག་ཡིན་པ་དང་། དེར་ངེས་པར་ལྷུང་བ་ཆོས་འདི་ཉིད་དེ་དག་ལས་ཁ་ཅིག་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་སྟེ། གང་གི་དབང་དུ ་མཛད་ནས། བཅོམ་ལྡན་འདས་ཀྱིས་ང་ནི་དེ་དག་གི་སྟོན་པ་མ་ཡིན་ལ། དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ།། ཤཱ་རིལླི་བུ་དེ་དག་ནི་མུན་པ་བས་ཀྱང་ཆོས་མུན་པ། མུན་པ་ནས་མུན་པ་ཆེན་པོར་འགྲོ་བ་མུན་པ་ཆེན་པོ་དང ་ལྡན་པའོ་ཞེས་དུ་སྨྲའོ་ཞེས་གསུངས་པའོ།། དེ་ལ་སྲིད་པ་དང་བྲལ་བར་འདོད་པ་ནི་རྣམ་པ་གཉིས་ཏེ། ཐབས་མ་ཡིན་པ་ལ་ཞུགས་པ་དང་། ཐོབས་ལ་ཞུགས་པའོ།། དེ་ལྔ་ཐབས་མ་ཡིན་པ་ལ་ཞུགས་པ་ལ་ཡང་རྣ ་བ་གསུམ་སྟེ། འདི་ལས་ཕྱི་རོལ་དུ་གྱུར་པ་ཙ་ར་ཀ་དང་། ཀུན་དུ་རྒྱུ་དང་གཅེར་བུ་ལ་སོགས་པའི་རྣམ་པ་དུ་མའི་མུ་སྟེགས་པ་མང་པོ་དང་། དེ་དང་མཐུན་པར་སྤྱོད་པ་ཆོས་འདི་པ་ཉིད་དད་པ་ཡོད་ཀྱང་། ངེས་པར་བཟུང ་དཀའ་བའི་ལྟ་བ་འཛིན་པ་སྟེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དོན་དམ་པ་ལ་མོས་པ་གང་ཟག་ཏུ་ལྟ་བ་སྟེ། གང་ལས་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་མོས་པ་མེད་པ་ནི་མུ་སྟེགས་པ་དང་། ཁྱད་པར་མེད་པ་ཡིན ་ནོ་ཞེས་གསུངས་པ་དང་། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་སྟེ། འདི་ལ་སྟོང་པ་ཉིད་དུ་ལྟ་བ་གང་དག་དེའི་རྣམ་པར་ཐར་པའི་སྒོ་ལ་ཡང་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་གང་གིས་དབང་དུ་མཇེད་ནས། འོད ་སྲུངས་གང་ཟག་དུ་ལྟ་བ་རི་རབ་ཙམ་ནི་བླའི་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ།། དྲི་ལ་ཐབས་ལ་ཞུགས་པ་ལ་ཡང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་དང ་མཐུན་པ་ཡང་དག་པར་ངེས་པ་ཉིད་དུ་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་མཐུན་པའོ།། དེ་གཉི་ག་མངོན་པར་མི་འདོད་པ་ནི། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་མཆོག་ཏུ་དབང་པོ་རྣོན་པོའི ་སེམས་ཅན་ཏེ། གང་དག་འདོད་ཆེན་པོ་བཞིན་དུ་འཁོར་པ་ཡང་མི་འདོད་ཅིང་། མུ་སྟེགས་པ་ལ་སོགས་པ་ལྟར་ཐབས་མ་ཡིན་པ་ལ་ཞུགས་པ་ཡང་མ་ཡིན་ལ་ཉན་ཐོས་དང་རང་སངས་རྒྱས་ལྟར་ཐབས་དང ་ལྡན་པར་རྟོགས་པ་ཡང་མ་ཡིན་ཏེ། འོན་ཀྱང་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཐོབ་པའི་ལམ་དུ་ཞུགས་པ་སྟེ། དེ་དག་མི་གནས་པའི་མྱ་ངན་ལས་འདས་པ་ལ་བརྟེན་པའི་བསམ་པ་ཅན་ཉེ་བར་འོངས ་པ་མེད་པའི་འཁོར་བ་ལ་བརྟེན་པའི་སྦྱོར་བ་ཅན།། སྙིང་རྗེ་དང་ལྷག་པའི་བསམ་པ་བརྟན་པ་རབ་ཏུ་གནས་པ་རྩ་བ་ཡོངསུ་དག་པར་གྱུར་པ་ཡིན་ནོ།། དེ་ལ་སེམས་ཅན་གང་དག་སྲིད་པ་འདོད་པའི་འདོད་ཆེན ་པ་དང་། དེར་ངེས་པར་ལྷུང་བའི་ཆོས་འདི་པ་ཉིད་དེ། དེ་གཉིས་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ།། གང་དག་སྐྱིད་པ་དང་བྲལ་བར་འདོད་ཀྱང་ཐབས་མ་ཡིན་པ་ལ་ཞུགས་པ་དེ་དག་ནི།། མ་ངེས ་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ།། གང་དག་སྲིད་པ་དང་བྲལ་བར་འདོད་པ་ཐབས་ལ་ཞུགས་པ་དང་། དེ་གཉིས་ཀ་མངོན་པར་མི་འདོད་པ་མཉམ་པ་ཉིད་ཐོབ་པའི་ལམ་དུ་ཞུགས་པ་དེ་དག་ནི་ཡང་དག་པ་ཉིད་དུ་ངེས་པའི ་སེམས་ཅན་གྱི་ཕུང་ཞེས་བྱའོ།། དེ་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པའི་སེམས་ཅན་གྱི་སྒྲིབ་པ་མེད་པ་རྟོགས་པ་གཞན་སེམས་ཅན་རྣམ་པ་བཞི་པོ་འདི་དག་སྟེ། འདི་ལྟ་སྟེ། འདོད་ཆེན་པ་དང་། མུ་སྟེགས་པ་དང་། ་ཉན་ཐོས་དང་རང་སངས་རྒྱས་ཏེ། དེ་དག་ལ་ནི་དེ་བཞིན་གཤེགས་པའི་ཁམས་མི་རྟོགས་པ་དང་། མངོན་སུམ་དུ་བྱེད་པར་མི་འགྱུར་བའི་སྒྲིབ་པ་འདི་བཞི་ཡང་དག་པར་གནས་སོ།། བཞི་གང་ཞེ་ན། འདི་ལྟ་སྟེ། གང་གི་གཉེན ་པོར་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་སྒོམ་པ་ཐེག་པ་ཆེན་པོའི་ཆོས་ལ་སྤོང་བ་འདོད་ཆེན་པོ་རྣམས་ཀྱི་སྒྲིབ་པ་དང་། གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་སྒོམ་པ་ཆོས་རྣམས་ལ་བདག་ཏུ་ལྟ་བ་གཞན་མུ་སྟེགས་ཅན་རྣམས་ཀྱི་སྒྲིབ་པ་དང་། གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ན་མཁའ་མཛོད་ལྔ་སོགས་པའི་ཏིང་ངེ་འཛིན་སྒོམ་པར་འཁོར ་བ་ལ་སྡུག་བསྔལ་བར་འདུ་ཤེས་ཤིང་སྡུག་བསྔལ་གྱིས་འཇིགས་པ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་སྒྲིབ་པ་དང་། གླང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོ་བསྒོམ་པ་སེམས་ཅན་གྱི་དོན་ལ ་རྒྱབ་ཀྱི་ཕྱོགས་ཤིང་སེམས་ཅན་གྱི་དོན་ལ་མི་བལྟོས་པ་ཉིད་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྒྲིབ་པ་སྟེ། གང་གི་གཉེན་པོར་མོས་པ་ལ་སོགས་པའི་ཆོས་འདི་བཞི་བསྒོམས་ནས་བྱང་ཆུབ་སེམས་དཔའ་རྣམས ་བླ་ན་མེད་པ་དོན་ཆོས་ཀྱི་སྐུ་རྣམ་པར་དག་པ་མཐར་ཕྱིན་པ་ཐོབ་པར་འགྱུར་བ་སེམས་ཅན་རྣམ་པ་འདི་བཞིའི་སྒྲིབ་པ་ནི་རྣམ་པ་བཞི་པོ་འདི་དག་ཡིན་ནོ།། རྣམ་པར་དག་པ་བཞི་འགྲུབ་པའི་རྒྱུ་བཞི་པོ་འདི་དག་དང་ལྡན་པ་ནི ་དེ་བཞིན་གཤེགས་པའི་རིགསུ་ཆོས་ཀྱི་རྒྱལ་པོའི་སྲས་སུ་འགྱུར་རོ།། ཇི་ལྟར་ཞེ་ན། ཐེག་མཆོག་ལ་མོས་སང་བོན་ཤེས་རབ་ནི། སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི།། བདེ་བའི་མ་ངལ་གནས་སྙིང་རྗེའི་མེ་མ་ཅན ་གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས།། དེ་ལ་འབྲས་བུའི་དོན་དང་ལས་ཀྱི་དོན་ལས་བརྩམས་ཏེ་ཚིགསུ་བཅད་པ། གཙང་བདག་བདེ་དང་རྟག་ཉིད་ཀྱི། ཡོན་ཏན་ཕ་རོལ་ཕྱིན་པ་འབྲས།། སྡུག་བསྔལ་ཡིད་འབྱུང་ཞི་ཐོབ ་པར། བདུན་དང་སྨོན་པའི་ལས་ཅན་ནོ།། དེ་ལ་ཚིགསུ་བཅད་པ་ཕྱེད་དང་སྔ་མས་ཅི་བསྟན་ཞེ་ན། འདི་དག་འབྲས་ནི་མདོར་བསྡུ་ན། ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག། རྣམ་པ་བཞི་ལས་བཟློག་པ་ཡི།། གཉེན ་བོ་རབ་ཏུ་ཕྱེ་བ་ཉིད། མོས་པ་གསོགས་པའི་དེ་བཞིན་གཤེགས་པའི་ཁམས་རྣམ་པར་དག་པའི་རྒྱུར་བཤད་པའི་ཆོས་བཞི་པོ་གང་ཡིན་པ་དེ་དག་གིས་འབྲས་བུ་ནི་མདོར་བསྡུ་ན། གོ་རིམ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི ་ལོག་རྣམ་པ་བཞི་ལས་བཟློག་པའི་གཉེན་པོར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞིར་བལྟའོ།། དེ་ལ་གང་ཞིག་གཟུགས་ལ་སོགས་པའི་དངོས་པོ་མི་རྟག་པ་ལ་རྟོག་གོ ་སྙམ་པར་འདུ་ཤེས་པ་དང་། སྡུག་བསྔལ་ལ་བདེའོ་སྙམ་པ་དང་། བདག་མེད་པ་ལ་བདག་གོ་སྙམ་པ་དང་། མི་གཅོད་པ་ལ་གཙང་དེ་སྙམ་པར་འདུ་ཤེས་པ་འདི་ནི་ཕྱིན་ཅི་ལོག་རྣམ་པ་བཞི་ཞེས་བརྗོད་ལ། འདི་ལས ་བཟློག་པ་ལ། ནི་ཕྱིན་ཅི་མ་ལྡོག་པ་བཞི་ཉིད་དུ་རིག་པར་བྱའོ།། རྣམ་པ་བཞི་གང་ཞེ་ན། གཟུགས་ལ་སོགས་པའི་དངོས་པོ་དེ་ཉིད་ལ་མི་རྟོག་པའི་འདུ་ཤེས་དང་། སྡུག་བསྔལ་བའི་འདུ་ཤེས་དང་། བདག་མེད་བྷི ་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་གང་ཡིན་པ་སྟེ། འདི་ནི་ཕྱིན་ཅི་ལོག་རྣམ་པ་བཞི་ལས་བཟློག་པའོ།། དེ་ཡང་རྟག་པ་ལ་སོགས་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་དབང་དུ་བྱས་ཏེ། འདིར ་ཕྱིན་ཅི་ལོག་ཏུ་འདོད་དོ།། གང་གི་གཉེན་པོར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣ་བ་བཞི་རྣམ་པར་བཞག་པ་སྟེ། རྟག་པཱི་ཕ་རོལ་ཏུ་ཕྱིན་པ་དང་། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང་། བདག་གི་ཕ་རོལ་ཏུ ་ཕྱིན་པ་དང་། གཙང་བའི་ཕ་རོལ་ཏུ་ཕྱིན་པའོ།། གཞུང་འདི་ཡང་རྒྱ་ཆེར་ནི་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་སེམས་ཅན་རྣམས་ནི་ཟིན་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་ཕྱིན་ཅི་ལོག་ཏུ་གྱུར་པ ་སྟེ། དེ་དག་ནི་མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་བོདག་ཏུ་འདུ་ཤེས་པ། མི་གཙང་བ་གཙང་བར་འདུ་ཤེས་པ་ལ་གནས་སོ།། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས ་ས་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྔར་མ་མཐོང་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག་ཏུ་གྱུར་པའོ།། བཅོམ་ལྡན་འདས་རྟག་པར་འདུ་ཤེས་པ། ་བདེ་བར་འདུ་ཤེས་པ། བདག་ཏུ་འདུ་ཤེས་པ། གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དང་དེ་དག་ནི། བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལགས་སོ།། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཕྱིན་ཅི ་ལོག་ཏུ་གྱུར་པ་མ་ལགསོ།། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པར་མཐོང་བ་ལེགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་ནི། རྟག་པའི་ཕ་རོལ་ཏུ་ཕྱིན་པ། བདེ ་བའི་ཕ་རོལ་ཏུ་ཕྱིན་པ། བདག་གི་ཕ་རོལ་ཏུ་ཕྱིན་པ། གཙང་བའི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ལྟར་མཐོང་བ་དེ་དག་ནི་ཡང་དག ་པར་མཐོང་བའོ།། ཡང་དག་པར་མཐོང་བ་གང་ལགས་པ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱིས་སྲས་ལགས་སོ་ཞེས་རྒྱས་པར་འབྱུང་ངོ་།། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི ་ཕ་རོལ་ཏུ་ཕྱིན་པ་འདི་བཞི་ནི་རྒྱུའི་གོ་རིམ་གྱིས་གོ་རིམ་ལས་བཟློག་སྟེ་རིག་པར་བྱའོ།། དེ་ལ་ཐེག་པ་ཆེན་པོའི་ཆོས་ལ་སྣང་བ། འདོད་ཆེན་པ་རྣམས་ཀྱི་མི་གཙང་བའི་འཁོར་བ་ལ་མངོན་པར་དགའ་བ་ལས་བཟློག ་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསྒོམས་པ་ནི་འབྲས་བུ་གཙང་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟའོ།། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་ཏུ་ལྟ་བ་གཞན ་མུ་སྟེ་གོས་པ་དག་གི་ཡོད་པ་མ་ཡིན་པ་དྲག་ཏུ་འཛིན་པ་ལ་མངོན་པར་དགའ་བ་ལས་བཟློག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་ནི་འབྲས་བུ་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་འཐོབ་པར་བལྟའོ།། ། ་འདི་ལྟར་མུ་སྟེགས་པ་གཞན་ཐམས་ཅད་ནི་གཟུགས་ལ་སོགས་པ་དེའི་རང་བཞིན་མ་ཡིན་པའི་དངོས་པོ་བདག་ཏུ་ཁས་ལོན་ལ། དེ་དག་གིས་ཇི་ལྟར་བཟུང་བའི་དངོས་པོ་དེ་ཡང་བདག་གི་མཚན་ཉིད་ཀྱིས་སླུ་བ་དང་ལྡན ་པའི་ཕྱིར་དུས་ཐམས་ཅད་དུ་བདག་མེད་དོ།། དེ་བཞིན་གཤེགས་པས་ནི་ཡང་དག་པ་ཇི་ལྟ་བཞིན་གྱིས་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་བདག་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་ལ། དེས་ཇི་ལྟར་གཟིགས་བཱི་བདག ་མེད་པོ་ཡང་དག་ཡོད་པ་མ་ཡིན་པའི་མཚན་ཉིད་ཀྱིས་མི་སླུ་བ་དང་ལྡན་པའི་ཕྱིར་དུས་ཐམས་ཅད་དུ་བདག་ཏུ་འདོད་དོ།། བདག་མེད་པ་ཉིད་བདག་ཏུ་བྱས་པ་སྟེ། ཇི་སྐད་དུ། མི་གནས་པའི་ཚུལ་གྱིས་གནས་པ་ཞེས ་གསུངས་པ་ལྟ་བུའོ།། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ཉན་ཐོས་ཀྱིས་ཐོག་པ་པ་རྣམས་ཀྱི་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བ་ཙམ་མངོན་པར་འདོད་པ་ལས་བཟློག་ནས་ན་མཁའི་མཛོད་ལ་སོགས ་པའི་ཏིང་ངེ་འཛིན་བསྒོམས་པ་ལས་ནི་འབྲས་བུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་འཐོབ་པར་བལྟ་བར་བྱའོ།། སེམས་ཅན་གྱི་དོན་ལ་མི་བལྟོས་པར་སངས་རྒྱས་ཀྱི ་ཐེག་པ་པ་རྣམས་ཀྱི་འདུ་འཛི་མེད་པར་གནས་པ་ལ་མངོན་པར་དགའ་བ་ལས་བཟློག་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་བསྒོམས་པ་ལས་ནི་རྟག་ཏུ་རྒྱུན་མི་འཆད་པར་འཁོར་བ་ཇི་སྲིད་ཀྱི་བར་དུ ་སེམས་ཅན་གྱི་དོན་ཡོངས་སུ་སྦྱོང་བ་ཡོངསུ་དག་པའི་ཕྱིར་འབྲས་བུ་རྟག་པའི་ཕ་རོལ་ཏུ་ཕྱིན་པ་འཐོབ་པར་བལྟ་བར་བྱའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་དང་། ཤེས་རབ་དང་། ཏིང་ངེ་འཛིན ་དང་། སྙིང་རྗེ་ཆེན་པོ་བསྒོམས་པ་རྣམས་ཀྱི་འབྲས་བུ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་གཙང་པ་དང་། བདག་དང་བདེ་བ་དང་། རྟོག་པའི་ཡོན་ཏན་གྱི་ཕ་རོལ་ཏུ ་ཕྱིན་པ་རྣམ་པ་བཞི་འགྲུབ་བོ།། དེ་བཞིན་གཤེགས་པ་ནི་འདི་དག་གིས་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་ན་མཁའི་ཁམས་ཀྱི་མཐའ་ཀླས་པཱ་ཕྱི་མའི་མཐའི་མུར་ཐུག་པ་ཞེས་བརྗོད་དོ།། འདི་ལྟར་ཐེག་པ་ཆེན་པོའི་ཆོས ་དམ་པ་ལྷག་པར་མོས་པ་བསྒོམས་པས་ནི་དེ་བཞིན་གཤེགས་པ་ཤིན་ཏུ་གཅོད་པའི་ཆོས་ཀྱི་མཐར་ཐུག་པ་བརྙེས་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་ཉིད་འགྲུབ་པོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི ་ཉིད་བསྒོམས་པས། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ན་མཁའ་ལྟར་བདག་མེད་པའི་མཐར་ཐུག་པ་ཉིད་དུ་རྟོགས་པའི་ཕྱིར་དང་། ན་མཁའི་མཛོད་ལ་སོགས་པའི་ཏིང་ངེ་འཛིན་བསྒོམས་པས་ཆོས་ཀྱི་ད་བོང་ཕྱུག ་དམ་པ་ཐམས་ཅད་དུ་ཁྱབ་པ་ཀུན་དུ་སྟོན་པའི་ཕྱིར་ན་མཁའི་ཁམས་ཀྱི་མཐས་ཀླས་པའོ།། སྙིང་རྗེ་ཆེན་པོ་བསྒོམས་པས་སེམས་ཅན་ཐམས་ཅད་ལ་དུས་མུ་མཐའ་མེད་པར་སྙིང་རྗེ་དང་ལྡན་པའི་ཕྱིར་ནི་ཕྱིམ ་མུར་ཐུག་པ་ཡིན་ནོ།། ཟག་པ་མེད་དབྱིངས་ལ་གནོས་པའི་དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྒོའི་ཡོན ་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞི་ཐོབ་པའི་གླེགསུ་འགྱུར་བ་ནི་འདི་བཞི་སྟེ། འདི་ལྟ་སྟེ། རྐྱེན་གྱི་མཚན་ཉིད་དང་། རྒྱུའི་མཚན་ཉིད་དང་། འབྱུང་བའི་མཚན་ཉིད་དང་། འཇིགས་པའི་མཚན་ཉིད་དོ།། དེ་ལ་རྐྱེན་གྱི་མཚན་ཉིད་ནི། མ་རིག་པའི ་བག་ཆགས་ཀྱིས་ཏེ། འདུ་བྱེད་རྣམས་ཀྱིས་མ་རིག་པ་བཞིན་ནོ།། རྒྱུའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཉིད་དེ། འདུ་བྱེད་བཞིན་ནོ།། འབྱུང་བའི་མཚན་ཉིད་ནི་མ་རིག་པའི་བག་ཆགས ་ཀྱི་སའི་རྐྱེན་དང་ལྡན་པ་ཟག་པ་མེད་པའི་ལས་ཀྱི་རྒྱུ་ཅན་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་གྲུབ་པ་སྟེ། ཉེ་བར་ལེན་པའི་བཞིའི་རྐྱེན་དང་ལྡན་པ་ཟག་པ་དྲོང་བཅས་པའི་ལས་ཀྱི་རྒྱུ་ཅན་གྱི་སྲིད་པ་གསུམ་མངོན་པར་གྲུབས ་པ་བཞིན་ནོ།། འཇིག་པའི་མཚན་ཉིད་ནི་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་མངོན་པར་གྲུབ་པའི་རྐྱེན་ཅན་བསམ་གྱིས་མི་ཁྱབ་པར་ཡོངསུ་བསྒྱུར་བའི་འཆི་འཕོ་བ་སྟེ། སྐྱེ་བའི་རྐྱེན་ཅན་གྱི་རྒ་ཤྲཱི་བཞིན་ནོ།། དེ་ལ་དགྲ་བ ་པ་དང་། རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་མི་རིགས་པའི་བག་ཚིགས་ཀྱིས་མ་སྤངས་པས་ཉོན་མོངས་པའི་དྲི་མ་དྲི་ང་བའི་བག་ཆགས་ཐམ་ཅང ་དང་ལྡན་པའི་ཕྱིར་གསང་བའི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པ་མི་འཐོབ་པོ།། མ་རིག་པའི་བག་ཆགས་ཀྱི་ས་དེ་ཉིད་ལ་བརྟེན་ནས་མཚན་མའི་སྤྲོས་པ་ཀུན་དུ་སྤྱོད་པ་ཕྲ་མོ་དང་ལྡན་པའི་ཕྱིར། དེ་དག་གི་ཕ་རོལ་ཏུ་ཕྱིན ་པ་ཤིན་ཏུ་འདུས་མ་བྱས་པ་མི་འཐོབ་པོ།། མ་རིག་པའི་བག་ཆགས་ཀྱིས་དེ་དང་མ་རིག་པའི་བག་ཆགས་ཀྱི་ས་རྐྱེན་ཅན་གྱི་མཚན་མའི་སྤྲོས་པ་སྤྱོད་པ་ཕྲ་མོས་ཀུན་ནས་བསྲུང་བ་ཟག་པ་མེད་པའི་ལས་ལ ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་ཀུན་འབྱུང་བའི་ཕྱིར་དེ་འགགས་པ་ཤིན་ཏུ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་བོ།། ཇི་སྲིད་དུ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མ་ལུས་པ་འག ་པ་ལས་གྱུར་པ་དེ་བཞིན་གཤེགས་པའི་ཁམས་མངོན་དུ་མི་བྱས་པ་དེ་སྲིད་དུ་བསམ་གྱིས་མི་ཁྱབ་པ་ཡོངསུ་བསྒྱུར་བ་དང་ལྡན་པའི་འཚོ་འཕོ་བ་དང་མི་འབྲལ་བའི་ཕྱིར། གཞན་དུ་གྱུར་པ་མེད་པ་རྟག་པའི་ཕ་རོལ ་ཏུ་ཕྱིན་པ་མི་འཐོབ་པོ།། དེ་ལ་མ་རིག་པའི་བག་ཆགས་ཀྱིས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བཞིན་ནོ།། ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་ནི་ལས་ཀུན་ནས་ཉོན་མོངས་པ་བཞིན་ནོ།། ཡིད་ཀྱི ་རོང་བཞིན་གྱི་ལུས་རྣམ་པ་གསུམ་མངོན་པར་གྲུབ་པ་དང་། བསམ་གྱིས་མི་ཁྱབ་པར་ཡོངསུ་བསྒྱུར་བ་དང་ལྡན་པའི་འཕྲོ་བ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཞིན་ནོ།། གཞུང་འདི་ཡང་རྒྱས་པར་ནི་མདོ་ཇི་ལྟ་བ ་བཞིན་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པོ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བ་སྲིད་པ་གསུམ་འིབྱུང་བ་དེ་བཞིན་དུ་བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི ་རྐྱེན་གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། བཅོམ་ལྡན་འདས་མ་རིག ་པའི་བག་ཆགས་ཀྱི་གསུམ་པོ་འདི་དག་ཏུ་ཡིད་ཀྱི་རང་བཞིན་གྱི་ལུས་ས་གསུཾ་པོ་འདི་དག་འབྱུང་བ་དང་ཟག་པ་མེད་པའི་ལས་མངོན་པར་འགྲུབ་པའི་རྐྱེན་ལགས་སོ་ཞེས་རྒྱས་པར་འབྱུང་ངོ་།། གང་གི་ཕྱིར་དགྲ་བཅོམ་པ་དང་། ་རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་རང་བཞིན་གྱི་ལུས་འདི་གསུམ་ལ་གཙང་བ་དང་། བདག་དང་། བདེ་བ་དང་། རྟག་པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་དེའི་ཕྱིར།། དེ་བཞིན་གཤེགས་པའི་ཆོས་ཀྱི ་སྐུ་ཁོ་ན་རྟག་པའི་ཕ་རོལ་ཏུ་ཕྱིན་པ། བདེ་བའི་ཕ་རོལ་ཏུ་ཕྱིན་པ། བདག་གི་ཕ་རོལ་ཏུ་ཕྱིན་པ་གཙང་བའི་ཕ་རོལ་ཏུ་ཕྱིན་ཞེས་བྱའོ།། དེ་ནི་རང་བཞིན་དགྲ་ཕྱིར་དང་། བྲག་ཆགས་སྤངས་ཕྱིར་གཙང་མ་ཡིན།། བདག་དང་བདག ་སྦེད་སྤྲོས་པ་དག། ཉེ་བར་ཞི་བ་དམ་པའི་བདྲུག། ཡིད་ཀྱི་རིང་བཞིན་ཕུང་པོ་དང་།། དེ་རྒྱུ་ལྡོག་ཕྱིར་བདེ་བ་ཉིད།། འཁོར་བ་དང་ནི་མྱ་ངན་འདས།། མཉམ་པ་ཉིད་དུ་རྟོག་པའི་ཕྱིར་རྟག། མདོར་བསྡུ་ན་རྒྱུ་རྣམ་པ་གཉིས་ཀྱིས་ན་དེ ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙང་བའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། སྤྱིའི་མཚན་ཉིད་རང་བཞིན་གྱིས་ཡོངས་སུ་དག་པ་དང་། ཁྱད་པར་གྱི་མཚན་ཉིད་དྲི་མ་མེད་པའི་ཡོང་སུ་དག་པས་སོ།། རྒྱུ་རྣམ་པ་གཉིས་ཀྱིས ་བདག་གིས་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། མུ་སྟེགས་ཀྱི་མཐའ་དང་བྲལ་བས་བདག་གིས་སྤྲོས་པ་དང་བྲལ་བའི་ཕྱིར་དང་། ཉན་ཐོས་ཀྱི་མཐའ་སྤངས་པས་བདག་མེད་པའི་སྤྲོས་པ་དང་བྲལ་བའི་ཕྱིར་རོ།། རྒྱུ་རྣམ ་པ་གཉིས་ཀྱི་བདེ་བའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། སྡུག་བསྔལ་ཀུན་འབྱུང་བའི་རྣམ་པ་ཐམས་ཅད་སྤངས་པས་བག་ཆགས་ཀྱི་མཚམས་སྦྱོར་བ་བཅོམ་པའི་ཕྱིར་དང་། སྡུག་བསྔལ་འགོག་པའི་རྣམ་པ་ཐམས་ཅད་མངོན་དུ ་བྱས་པས་ཡིད་ཀྱི་རང་བཞིན་ལུས་འགགས་པ་མངོན་དུ་བྱས་པའི་ཕྱིར་རོ།། རྒྱུ་གཉིས་ཀྱིས་རྟག་པའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱའོ།། འཁོར་བ་མི་རྟག་མི་འབྲིད་པས་ཆད་པའི་མཐར་མ་ལྷུང་བའི་ཕྱིར་དང་། མྱ་ངན་ལས་འདས ་པོ་རྟག་པ་མི་སྟོན་པས། རྟག་པའི་མཐར་མ་ལྷུང་བའི་ཕྱིར་རོ།། ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་མི་རྟག་གོ་ཞེས་བགྱི་བར་ལྟ་ན་དེ་ནི་དེའི་ཆད་པར་ལྟེ་བར་འགྱུར་ཏེ། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར ་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་རྟག་པ་ཞེས་བགྱི་བར་ལྟ། ད་ནི་དེའི་རྟག་པའི་ལྟེ་བར་འགྱུར་ཏེ། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ་ཞེས་གསུངས་པ་བཞིན་ནོ།། ཆོས་ཀྱི་དབྱིངས ་ཀྱི་ཚུལ་གྱི་སྒོ་འདིས་ནི་དོན་དམ་པར་འཁོར་བ་ཉིད་མྱ་ངན་ལས་འདས་པར་བརྗོད་པ་ཡིན་ཏེ། གཉིས་ཀ་ལྟར་རྣམ་པར་མི་རྟོག་པ་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་ཕྱིར་རོ།། དེ་ལྟ་མོད་ཀྱི་རྒྱུ་གཉིས་ཀྱིས ་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་ཉེ་བ་དང་རིང་བ་དང་འབྲེལ་པས་མི་གནས་པའི་གནས་ཐོབ་པ་ཙམ་བསྟན་པ་ཡིན་ནོ།། རྒྱུ་གཉིས་པོ་གང་དག་གིས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཁྱད་པར་མེད་པར་སེམས་ཅན ་ཐམས་ཅད་ལ་ཉེ་བར་མ་ཡིན་ཏེ། ཤེས་རབ་ཀྱིས་སྲེད་པའི་བག་ལ་ཉེལ་མཐའ་དག་སྤངས་པའི་ཕྱིར་རོ།། རིང་བ་ཡང་ཡོད་པ་མ་ཡིན་ཏེ། སྙིང་རྗེ་ཆེན་པོས་དེ་དག་ཡོངསུ་མ་བཏང་བའི་ཕྱིར་རོ།། འདི་ནི་མི་གནས་པའི་རང་བཞིན་ཡང ་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་འཐོབ་པའི་ཐབས་ཏེ། ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའི་སྲེད་པའི་བག་ལ་ཉལ་མཐའ་དག་སྤངས་པས་ན་བདག་ལ་ཕན་པའི་ཕྱིར་རོ།། མྱ་ངན་ལས་འདས་པ་ལ་བརྟེན་པའི ་བསམ་པ་ཅན་ཡོངསུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་བཞིན་དུ་འཁོར་བ་ལ་མི་གནས་ལ། སྙིང་རྗེ་ཆེན་པོས་སྡུག་བསྔལ་བའི་སེམས་ཅན་ཡོངསུ་མ་བཏང་བས་ནི་གཞན་ལ་ཕན་པའི་ཕྱིར། འཁོར་བ་ལ ་བརྟེན་པའི་སྦྱོར་བ་ཅན་ཞི་བ་བགྲོད་པ་གཅིག་པའི་རིགས་ཅན་བཞིན་དུ་མྱ་ངན་ལས་འདས་པ་ལ་མི་གནས་སོ།། དེ་ལྟར་ན་ཆོས་གཉིས་པོ་འདི་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བའི་གནས་སུ་བསྟན་པ་ནི། བདག་སྲེད་མ ་ལུས་ཤེས་རབ་ཀྱིས་བཅད་དེ། སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞིང་ཐོབ་མིན། དེ་ལྟར་བློ་རྩེ་བྱང་ཆུབ་ཐབས་བརྟེན་ནས། འཕགས་པ་འཁོར་བ་འམ་མྱ་ངན་འདའ་མི་འགྱུར།། དེ་ལ་སྔར་གྱི་དབང་དུ་བྱས་པའི་ལས་ཀྱི ་དོན་ལས་བརྩམས་པའི་ཚིགས་སུ་བཅད་པ་ཕྱེད་ཕྱི་མས་ཅི་སྟོན་ཞེ་ན། གལ་ཏེ་སངས་རྒྱས་ཁམས་མེད་ན།། སྡུག་ལའང་སྐྱོ་བར་མི་འགྱུར་ཞིང་།། མྱ་ངན་འདས་ལ་འདོད་པ་དང་།། དོན་གཉེར་སྨོན་པའང་མེད ་པུར་འགྱུར།། ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཽཤེགས་པའི་སྙིང་པོ་མ་མཆིས་ན་ནི། སྡུག་བསྔལ་ལ་ཡང་སྐྱོ་མི་འགྱུར་ན། མྱ་ངན་ལས་འདས་པ་ལ་འདོད་པ་དང་། འདུན་པ་དང་། དོན་དུ་ཉེར་བ་དང་། སྨོན་པ་ཡང ་མེད་པར་འགྱུར་རོ་ཞེས་གསུངས་པ་ཡིནོ།། དེ་ལ་མདོར་བསྡུ་ན། སངས་རྒྱས་ཀྱི་ཁམས་རྣམ་པར་དག་པའི་རིགས་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་ཡང་ལས་རྣམ་པ་གཉིས་ཉེ་བར་གནས་པར་བྱེད་དེ། ་འཁོར་བ་ལ་སྡུག་བསྔལ་བའི་ཉེས་པ་མཐོང་བ་རྟེན་ནས་སྐྱོ་བ་སྐྱེད་པར་བྱེད་པ་དང་། མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་བ་ལ་བརྟེན་ནས། འདུན་པ་དང་། འདོད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་སྐྱེད ་པར་བྱེད་པའོ།། དེ་ལ་འདུན་པ་ནི་མངོན་པར་འདོད་པའོ།། འདོད་པ་ནི་མངོན་པར་འདོད་པའི་དོན་ཐོབ་པ་ལ་ཕྱོགས་པའོ།། དྲོན་དུ་གཉེར་བ་ནི་མངོན་པར་འདོད་པའི་དོན་ཐོབ་པའོ་ཐབས་ཚོལ་བའོ།། སྨོན་པ་ནི་གང་མངོན ་བར་འདོད་པའི་དོན་ལ་སེམས་མངོན་པར་འདུ་བྱེད་པའོ།། སྲིད་དང་མྱ་ངན་འདས་ལ་དེའི་སྡུག་བདེ་སྐྱོན་ཡོན་མཐོང་བ་འདི། རིགས་ཡོད་ལས་ཡིན་གང་ཕྱིར་དེ། རིགས་མེད་དག་ལ་མེད་ཕྱིར་རོ།། དཀར་པོ་ཆེ་དང་ལྡན ་པའི་གྲང་ཟག་གིས་འཁོར་བ་ལ་སྡུག་བསྔལ་གྱི་ཉེས་པ་མཐོང་བ་དང་། མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་བ་གང་ཡིན་པ་འདི་ཡང་རིགས་ཡོད་པ་ལས་གྱུར་པ་ཡིན་གྱི། རྒྱུ་མེད་རྐྱེན་མེད་པ་ནི་མ་ཡིནོ།། ། ་དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྡིག་པ་མི་ཟད་པ་དང་ལྡན་པའི་ཚུལ་གྱིས་རྒྱུ་མེད་རྐྱེན་མེད་པར་དེར་གྱུར་ན་ནི། ལོག་སྲེད་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་རིགས་ཅན་རྣམས་ལ་ཡང་དེར་འགྱུར་ན། ཇི་སྲིདངྒ་དུ་བློ་བུར ་གྱི་དྲི་མ་རྣམ་པར་དག་པའི་རོགས་སྐྱེས་བུ་དམ་པ་ལ་བདེན་པོ་ལ་སོགས་པ་འཁོར་ལོ་བཞི་ཡང་དག་པར་འབྱོར་པའི་ཚུལ་གྱིས། གསུམ་ལས་གང་ཡང་རུང་བའི་ཆོས་ལ་མོས་པ། སྐྱེད་པར་བྱེད་པ་མ་ཡིན། དེ་སྲིད ་དུ་ནི་འགྱུར་བ་ཡང་མ་ཡིན་ནོ།། དེའི་འོག་ཏུ་ཐུ་ན་ལོག་པ་ཉིད་དུ་ངེས་པའི་རྒྱུད་དུ་འགྱུར་བའི་སེམས་ཅན་རྣམས་ཀྱི་ལུས་ལ་ཡང་དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་འོད་ཟེར་ཕོག་པས་དེ་དག ་ལ་ཕན་འདོགས་འགྱུར་ཞིང་། མ་འོངས་པའི་རྒྱུ་ཡང་དག་པར་བསྐྱེད་པས་ན། དགེ་བའི་ཆོས་རྣམས་ཀྱི་རྣམ་པར་འཕེལ་བར་ཡང་འགྱུར་རོ་ཞེས་གསུངས་སོ།། འདི་སྐད་དུ། ལོག་སེད་ཅན་གཏན་ཡོངསུ་མྱ་ངན་ལས་མི ་འདའ་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་ལོག་སྲེད་ཅན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར།། ཐེག་པ་ཆེན་པོ་ཆོས་ལ་སྡང་བ་བཟློག་པའི་དོན་དུ། དུས་གཞན་ལ་དགོངས་ནས ་གསུངས་པ་ཡིན་ནོ།། རང་བཞིན་གྱིས་རྣམ་པར་དྲུག་པའི་རིགས་ཡོད་པའི་ཕྱིར། འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་ཁྱད་པ ་མེད་པར་སེམས་ཅན་ཐམས་ཅད་རྣམ་པར་དག་པར་རུང་བ་ཉིད་ཡོད་པ་ལ་དགོངས་ནས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། ཐོ་གོ་མེད་སྦུབས་ཀྱིས་ཕྱི་བསྒྲིབས་མི ་མཐོང་སྟེ། ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། ཞེས་གསུངས་སོ།། དེ་ལ་ལྡན་པའི་དོན་ལྔས་བརྩམས་ཏེ་ཚོགསུ་བཅད་པ། རྒྱ་མཚོ་ཆེ་ཞིང་དཔག་མེད་པ།། ཡོན་ཏན་རིན་ཚོན་མི་བཟད་གནཱཾས།། ་དབྱེར་མེད་ཡོན་ཏན་དང་ལྡན་པའི་ངོ་བོ་ཉིད་ཕྱིར་མར་མེ་བཞིན། དེ་ལ་ཚིགསུ་བཅད་པ་ཕྱེད་སྔ་མས་ཅི་དོན་ཞེ་ན། ཆོས་སྐུ་རྒྱལ་བའི་ཡེ་ཤེས་དང་།། ཐུགས་རྗེའི་ཁམས་ནི་བསྡུས་པའི་ཕྱིར།། སྣོད་དང་རིན་ཆེན ་ཆུ་ཡིས་འདི།། རྒྱ་མཚོ་དང་ནི་མཚུངས་པར་བསྟན།། གོ་རིམ་ཇི་ལྟ་བར་གནས་གསུམ་པོ་རྣམས་ཀྱི་རྒྱ་མཚོ་ཆེན་པོ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ནཱ། དེ་བཞིན་གཤེགས་པའི་ཁམས་རྒྱུ་དང་ལྡན་པ ་དབང་དུ་བྱས་ཏེ་ལྡན་པའི་དོན་དུ་རིག་པར་བྱའོ།། གནས་གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་རྒྱུ་དང་། དེ་བཞིན་གཤེགས་པ་མཐུ་རྗེ་ཆེན ་པོ་འཇུག་པའི་རྒྱུའོ།། དེ་ལ་ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་ནི་ཐེག་པ་ཆེན་པོ་ལ་མོས་པ་བསྒོམ་པར་བལྟའོ།། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་རྒྱུ་ནི། ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་སྒོམ་པའོ།། དེ་བཞིན་གཤེགས ་པའི་ཐུགས་རྗེ་ཆེན་པོའི་འཇུག་པའི་རྒྱུ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྒོམ་པའོ།། དེ་ལ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་སྒོམ་པ་ནི་། སྣོད་དང་ཆོས་མཐུན་པ་སྟེ། དཔག་ཏུ་མེད་པ་ཟད་མི་ཤེས་པའི་ཤེས་རབ ་དང་། ཏིང་ངེ་འཛིན་གྱི་རིན་པོ་ཆེ་དང་ཐུགས་རྗེའི་ཆུ་རྣམས་དེར་འདུ་བའི་ཕྱིར་རོ།། ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་སྒོམ་པ་ནི། རིན་པོ་ཆེ་དང་ཆོས་མཐུན་པ་སྟེ། དེ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་དང་། མཐུ་བསམ ་གྱིས་མི་ཁྱབ་པའི་ཡོན་ཏནཱ་དང་ལྡན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔོའི་སྙིང་རྗེ་སྒོམ་པ་ནི་ཆུ་དང་ཆོས་མཐུན་པ་སྟེ། དེ་ནི་འགྲོ་བ་ཐམས་ཅད་ལ་མཆོག་ཏུ་བརླན་པའི་རང་བཞིན་གྱི་རོ་གཅིག་པ་དང་ལྡན་པའི ་ཕྱིར་རོ།། ཆོས་གསུམ་པོ་དེ་དག་ཀྱང་རྒྱུ་གསུམ་པོ་འདིས་དེ་དང་འབྲེལ་པ་དང་ལྡན་པ་ནི་ལྡན་པ་ཞེས་བརྗོད་དོ།། དེ་ལ་ཚིགསུ་བཅད་པ་ཕྱེད་ཕྱེད་མས་ཅི་བསྟན་ཞེ་ན། དྲི་མེད་གནས་ལ་མངོན་ཤེས་དང་། ཡེ་ཤྲེ ་དྲི་མེད་དེ་གཉིས་དང་།། རྣམ་དབྱེ་མེད་ཕྱིར་མར་མེ་ཡི།། སྣང་དང་དྲོ་མདོག་ཆོས་མཚུངས་ཅན།། གོ་རིམ་ཇི་ལྟ་བར་གནས་གསུམ་པོ་རྣམས་ཀྱི་མཽར་མི་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ནི་དེ་བཞིན་གཤེགས་པའི ་ཁམས་ལ་འབྲས་བུ་དང་ལྡན་པའི་དབང་དུ་བྱས་ཏེ་ལྡན་པའི་དོན་དུ་རིགས་པར་བྱའོ།། གནས་གསུམ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་ཤེས་པ་དང་ཟག་པ་ཟད་པའི་ཡེ་ཤེས་དང་། ཟག་པ་ཟང ་པའོ།། དེ་ལ་མངོན་པར་ཤེས་པ་ལྕེ་ནི་སྣང་པ་དང་ཆོས་མཚུངས་པ་སྟེ། དེ་དག་ནི་དོན་ཉམསུ་མྱོང་བའི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་འཇོམས་པ་ཉིད་དུ་ཉེ་བར་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ།། ཟག་པ ་མེད་པའི་ཡེ་ཤེས་ནི། དྲོ་བ་དང་ཆོས་མཐུན་པ་སྟེ། དེ་ལ་ལས་དང་ཉོན་མོད་པའི་བུད་ཤིང་མ་ལུས་པཱ་སྲེག་པ་ཉེ་བཪྵ་གོནས་པའི་མཚན་ཉིད་ཀྱི་ཕྱིར་རོ།། གནས་ཡོངསུ་འགྱུར་བའི་ཟག་པ་ཟད་པ་ནི་མདོག ་དང་ཆོས་མཐུན་པ་སྟེ། དེ་ནི་ཤིན་ཏུ་དྲི་མ་མེད་པའི་རྣམ་པར་དག་པ་འོད་གསལ་བའི་མཚན་ཉིད་ཀྱི་ཕྱིར་རོ།། དེ་ལ་དྲི་མ་མེད་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ།། རྣམ་པར་དག་པ་ནི་ཤེས་བྱའི ་སྒྲིཧྨ་པ་སྤངས་པའི་ཕྱིར་རོ།། འོད་གསལ་བ་ནི་དེ་གཉི་ག་གློ་བུར་བ་ཉིད་ཀྱིས་རང་ཉིད་ཀྱིས་རང་བཞིན་མ་ཡིན་པའི་ཕྱིར་རོ།། དེ་ལྟར་ཟག་པ་མེད་པའི་མངོན་པར་ཤེས་པ་དང་། ཡེ་ཤེས་དང་སྤངས་པྲ་བསྡུས ་བ་མི་སློབ་པའི་རྒྱུད་ཀྱི་ཆོས་བདུན་པོ་འདི་དག་ཟག་པ་མེད་པའི་དབྱིངས་ན་ཕན་ཚུན་རྣམ་པར་དབྱེ་བ་མེད་པ་ནི།། སོ་སོ་མ་ཡིན་པའི་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་ཀྱིས་ལྡན་པ་ཞེས་བྱའོ།། ལྡན་པའི་དོན་ལ ་བརྩམས་པའི་དཔེ་འདི་ནི་རྒྱས་པར་མདོ་ཇི་ལྟ་བ་བཞིན་རྟོག་པར་བྱ་སྟེ། ཤཱ་རཱིའི་བུ་དཔེར་ན་མར་མེ་ནི་འདི་ལྟ་སྟེ། སྣང་བ་དང་དྲོ་བ་དང་མདོག་དག་གིས་སམ། ནོར་བུ་སྣང་བ་དང་མདོགྲ་དང་དབྱིབས་དག་གིས་རྣམ་པར ་དབྱེར་མེད་པའི་ཆོས་ཅན་དང་མ་བྲལ་བའི་ཡོན་ཏན་ཅན་ནོ།། ཤཱ་རིའི་བུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་དེ་བཞིན་གཤེགས་པོའི་ཆོས་རྣམས་ཀྱིས་རྣ་བར ་དབྱེ་བ་མེད་པའི་ཆོས་ཅན་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ་ཞེས་གསུངས་སོ།། དེ་ལ་འཇུག་པའི་དོན་ལས་བརྡྷམཱ་ཏི། ཚིག་སུ་བཅད་པ། སོ་སོའི་སྐྱེས་འཕགས་རྫོགས་སངས་ཀྱི།། དེ་བཞིན་ཉིད་དབྱེའི་འཇུག་པ་ལྔ ་དེ་ཉིད་གཟིགས་པས་སེམས་ཅན་ལ།། རྒྱལ་བའི་སྙིང་པོ་འདི་བསྟན་ནོ།། འདིས་ཅི་བསྟན་ཞེ་ན། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག། བདེན་པ་མཐོང་བ་བཟློག་པ་སྟེ། དེ་བཞིན་གཤེགས་པ་ཇི་ལྟ་བཞིན།། ཕྱིན་ཅི་མ་ལོག་སྤྲོས་མེད ་ཉིད། དེ་བཞིན་གཤེགས་པའི་ཁམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་གདམས་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཐམས་ཅད་ཀྱི ་དེ་བཞིན་ཉིད་རྣམ་པར་དག་པ་སྤྱིའི་མཚན་ཉིད་བསྟན་པ་གང་ཡིན་པོ་དེ་ལ་གང་ཟག་རྣམ་པ་གསུམ་པོ་དེ་ཁོ་ན་མ་མཐོང་བ་སོ་སོའི་སྐྱེ་བོ་དང་། དེ་ཁོ་ན་མཐོང་བ་འཕགས་པ་དང་། དེ་ཁོ་ན་མཐོང་བ་རྣམ་པར་དག་པའི ་མཐར་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་ཀྱི་འཇུག་པ་རྣམ་པ་གསུམ་ཐ་དད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཕྱིན་ཅི་ལོག་པ་དང་། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པར་ཕྱིན་ཅི་མ་ལོག་པ་སྤྲོས་པ་མེད་པ ་སྟེ། གོ་རིམ་བཞིན་ནོ།། དེ་ལ་ཕྱིན་ཅི་ལོག་ནི་བྱིས་པ་རྣམས་ཀྱི་སྟེ། འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་པའི་ཕྱིར་རོ།། བཟློག་པས་ཕྱིན་ཅི་མ་ལོག་པ་ནི་འཕགས་པ་རྣམས་ཀྱི་སྟེ། དེ་སྤངས་པའི་ཕྱིར་རོ།། ཡང་དག་པར ་ཕྱིན་ཅི་མ་ལོག་པའི་སྤྲོས་པ་མེད་པ་ནི།། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་བཅོམ་པའི་ཕྱིར་རོ།། འདི་ཕན་ཆད་ནི་འཇུག་པའི་དོན་ཉིད་ལས ་བརྩམས་ཏེ། དེ་ལས་གཞན་པའི་དོན་རྣམ་པ་བཞིའི་དབྱེ་བ་སྟོན་པར་བྱའོ།། དེ་ལ་གང་ཟག་འདི་གསུམ་གྱི་གནས་སྐྱབས་ཀྱི་རབ་ཏུ་དབྱེ་བ་ལས་བརྩམོས་ཏེ་ཚིགསསུ་བཅད་པ། མི་དག་མ་དག་དག་པ་དང་། ཤིན་ཏུ་རྣམ་དག་གོ། ་རིམ་བཞིན། སེམས་ཅན་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཞེས་བརྗོད་དོ་འདིས་ཅི་སྟན་ཞེ་ན། ངོ་བོ་ཉིད་ལ་སོགས་པའི་དོན།། འདི་དྲུག་གིས་ནི་བསྡུས་པ་ཡིས།། ཁམས་ནི་གནས་སྐབས་གསུམ་དག་ཏུ།། ་མིང་གསུམ་གྱིས་ནི་བསྟན་པ་ཉིད་དེ་ལྟར་གང་ཅི་ཡང་རུང་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་དུ་མར་རྒྱས་པར་བསྟན་པའི་ཟག་པ་མེད་པའི་ཁམས་བསྟན་པ་ངོ་བོ་དང་། རྒྱུ་དང་འབྲས་བུ་དང་། ལས་དང ་ལྡན་པ་དང་། འཇུག་པའི་དོན་དྲུག་པ་འདིས་བསྡུས་པ་དེ་ཐམས་ཅད་ནི་མདོར་བསྡུས་ཏེ། གནས་སྐབས་གསུམ་དུ་གོ་རིམ་བཞིན་དུ་མིང་གསུམ་བསྟན་པས་བསྟན་པར་རིག་པར་བྱ་སྟེ། མ་དག་པའི་གནས་སྐབསུ་ནི་སེམས་ཅན ་གྱི་ཁམས་ཞེས་བྱ་བ་དང་། མ་དག་པ་དང་། དགེ་བའི་གནས་སྐབསུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབ་སུ་ནི་དེ་བཞིན་གཤེགས་པོ་ཞེས་བྱའོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། ཤཱ ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཏུམས་པས། འཁོར་བའི་རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགྲོ་བ་འཆི་བ་དང་། སྐྱེ་བ་དག་ཏུ་འཁོར་བ་ནི་སེམས་ཅན་གྱི་ཁམས་ཞེས ་བརྗོད་དོ།། ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་རྒྱུན་གྱི་སྡུག་བསྔལ་ལུས་སྐྱོ་བར་གྱུར་པ། འདོད་པའི་ཡུལ་ཐ~ཾད་ལ་ཆགས་པ་དང་། བྲལ་བ་ཕ་རོལ་ཏུ་ཕྱིན་པ་བཅུའི་ཁོངསུ་གཏོགས་པོ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བྱང་ཆུབ ་ཀྱི་དོན་དུ་སྤྱད་པ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ།། ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་ཡོངསུ་གྲོལ་བ། སྡུག་བསྔལ་པ་ཐམས་ཅད་ལས་འདས་པ། ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ ་དག་དང་བྲལ་བ་དག་པ་རྣམ་པར་དག་པ་མཆོག་ཏུ་ཡོང་སུ་དག་པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་བྱ་བའི་ས་ལ་ཞུགས་པ། ཤེས་བྱའི་ས་ཐམས་ཅད་ལ་གཉི་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ། ་སྒྲིབ་པ་མེད་པའི་ཆོས་ཅན་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གོ་སྟོབས་ཐོགས་པ་མེད་པ་ཐོབ་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ།། ཞེས་གསུངས ་པ་བཞིན་ནོ།། དེ་བཞིན་གཤེགས་པའི་ཁམས་གནས་སྐབས་གསུམ་པོ་དེ་དག་ཉིད་དུ་ཐམས་ཅད་དུ་འགྲོ་བའི་དོན་ལས་བརྩམས་ཏེ་ཚིག་སུ་བཅད་པ། ཇི་ལྟར་རྟོག་མེད་བདག་ཉིད་ཅན།། ནམ་མཁའ་ཀུན་དུ་རྗེས་སོང་ལྟར།། ་སེམས་ཀྱི་རང་བཞིན་དྲི་མེད་དབྱིངས།། དེ་བཞིན་ཀུན་ཏུ་འགྲོ་བ་ཉིད།། འདིས་ཅི་བསྟེན་ཞེ་ན། དེའི་སྤྱིའི་མཚན་ཉིད་ཉེས་པ་དང་།། ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ།། གཟུགས་ཀྱི་རྣམ་པ་དམན་པ་དང་།། བོར་མ་མཆོག་ལ ་ནམམཁའ་བཞིན།། སོ་སོའི་སྐྱེ་བོ་དང་། འཕགས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སེམས་ཀྱི་རང་བཞིན་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་ཉེས་པ་དང་ཡོན་ཏན་དང་། ་ཡོན་ཏན་རྣམ་པར་དག་པ་མཐོར་ཐུག་པའི་གནས་སྐབས་གསུམ་གར་ཡང་རྗེ་སུ་སྟོང་བ་རྗེ་སུ་ཞུགས་པ་མཚུངས་པ། དུས་ཐམས་ཅད་དུ་ཁྱད་པར་མེད་པར་འགྱུར་བ་སྟེ། གཽ་རཱིམ་ཇི་ལྟ་བ་བཞིན་སོ་དང་། ཟངས་དང་གསེར་གྱི་སྣོད ་ཀྱི་ནམཁའ་བཞིན་ནོ།། དེ་ཉིད་ཀྱི་ཕྱིར་གནས་སྐབས་བསྟན་པའི་དེ་མ་ཐག་ཏུ། ཤཱ་རིའི་བུ་དེའི་ཕྱིར་ན་སེམས་ཅན་གྱི་ཁམས་ཀྱང་གཞན་ལོ།། ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུ་ཆོས ་ཀྱི་སྐུ་ཉིད་ཀྱང་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱིས་གཉིསུ་མིང་དེ་ཡི་གེ་ཙམ་དང་ཐ་དད་པ་ཡིན་ནོ་ཞེས་གསུངས་པ་བཞིན་ནོ།། དེ་བཞིན་གཤེགས་པའི་ཁམས་གནས་སྐབས་གསུམ་པོ་འདི་ཐམས་ཅད་དུ་སོང་བ་ཡིན ་ཡང་དེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་དག་གིས་མི་འགྱུར་བའི་དོན་ལས་བརྩམས་ཏེ། ཚིགསུ་བཅད་པ་བཅུ་བཞིའོ།། འདི་ནི་དེ་དག་གིས་བསྡུས་པའི་དོན་དུ་རིག་པར་བྱའོ།། ཉེས་པ་གློ་བུར་དང་ལྡན་དང་། ཡོན་ཏན ་རང་བཞིན་ཉིད་ལྡན་ཕྱིར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། འགྱུར་བ་མེད་པའི་ཆོས་ཉིད་དོ།། ཚིགསུ་བཅད་པ་བཅུ་གཉིས་དང་། གཅིག་གིས་ནི་གོ་རིམ་བཞིན་དུ་མ་དག་པའི་གནས་སྐབས་དང་། མ་དག་པ་དང་དག་པའི ་གནས་སྐབས་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གློ་བུར་བ་དང་ལྡན་པའི་ཕྱིར་དང་། ཚིགས་སུ་བཅད་པ་བཅུ་བཞི་པས་ནི་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་རྣམ་པར་དབྱེ་བ་མེད་ཅིང་བྲལ་མི་ཤེས་ཤིང ་བསམ་གྱིས་མི་ཁྱབ་པ། གངྒཱའི་ཀླུང་གི་བྱེ་མ་སྙེད་ལསྲ་འདས་པའི་སངས་རྒྱས་ཀྱི་ཆོས་དང་རང་བཞིན་གྱིས་ལྡན་པའི་ཕྱིར་དེ་བཞིན་གཤེ་ཌཱ་པའི་ཁམས་ན་མཁའི་བཞིན་སྔ་མཱ་དང་ཕྱི་མར་གཏན་འགྱུར་བ་མེད་པར་བསྟན་ཏོ།། ་དེ་ལ་མ་དག་པའི་གནས་སྐབས་ནི་འགྱུར་བ་མེད་པའི་མཚན་ཉིད་ལས་བརྩམས་པའི་ཚིགསུ་བཅད་པ་བཅུ་གཉིས་པོ་གང་དག་ཅེ་ན། ཇི་ལྟར་ན་མཁའ་ཀུན་སོང་བ།། ཕྲ་ཕྱིར་ཉེ་བར་གོས་པ་མེད།། དེ་བཞིན་སེམས་ཅན ་ཐམས་ཅད་ལ།། གནས་འདི་ཉེ་བར་གོས་པ་མེད།། ཇི་ལྟར་འཇིག་རྟེན་ཐམས་ཅད་དུ།། ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག། དེ་བཞིན་འདུས་མ་བྱས་དབྱིངས་ལ།། དབང་པོ་རྣམས་ནི་སྐྱེ་ཞིང་འཇིག། ཇི་ལྟར་ན་མཁའ ་མེད་རྣམས་ཀྱི།། སྔོན་ཆད་ནམ་ཡང་ཚིག་པ་མེད།། དེ་བཞིན་འདི་ནི་འཆི་བ་དང་།། ན་དང་རྒ་བའི་མེས་མི་ཚིག། ས་ནི་ཆུ་ལ་ཆུ་རླུང་ལ།། རླུང་ནི་མཁའ་ལ་རབ་ཏུ་གནས།། མཁའ་ནི་རླུང་དང་ཆུ་དག་དང་།། ས་ཡི་ཁམས་ལ་གནྠ ་མ་ཡིན།། དེ་བཞིན་ཕུང་པོ་ཁམས་དབང་རྣམས།། ལས་དང་ཉོན་མོངས་དག་ལ་གནས།། ལས་དང་ཉོན་མོངས་ཚུལ་བཞིན་མིན།། ཡིད་ལ་བྱེད་པ་རྟག་ཏུ་གནས།། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི།། སེམས་ཀྱི ་དག་པ་ལ་རབ་གནས།། སེམས་ཀྱི་རང་བཞིན་ཆོས་རྣམས་ནི།། ཐམས་ཅད་ལ་ཡང་གནས་པ་མེད།། ས་དང་འདྲ་བར་ཕུང་པོ་དང་།། སྐྱེ་མཆེད་ཁམས་རྣམས་ཤེས་པར་བྱ།། ཆུ་ཁམས་དང་འདི་ལུས་ཅན་གྱི།། ལས ་དང་ཉོན་མོངས་ཤེས་བྱ་སྟེ།། ཚུལ་བཞིན་མ་ཡིནྡ་ཡིད་བྱེད་ནི།། རླུང་གི་ཁམས་དང་འདྲ་བར་བལྟ།། རང་བཞིན་ནི་མཁའི་ཁམས་བཞིན་དུ།། དེ་གཞི་ཅན་མིན་གནས་པ་མེད།། ཚུལ་བཞིན་མ་ཡི་ནི་ཡིད་བྱེད་ནི།། སེམས ་ཀྱི་རང་བཞིན་ལ་རབ་གནས།། ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས།། ལས་དང་ཉོན་མོངས་རབ་ཏུ་ཕྱེ།། ལས་དང་ཉོན་མོངས་ཆུ་ལས་ནི།། ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང་།། དེ་འཇིག་པ་དང་འཆགས་པ་ལྟར། ་སྐྱེ་དང་འཇིག་པར་འགྱུར་བ་ཡིན།། སེམས་ཀྱི་རང་བཞིན་ནི་མཁའ་ཡི།། ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ།། ཚོགས་པ་མེད་ཅིང་སྐྱེ་བ་དང་།། འཇིག་དང་གནས་པ་ཡོད་མ་ཡིན།། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། དེ་ནི ་ནོ་མཁའ་བཞིན་དུ་འགྱུར་མེད་དེ།། ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས།། གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུརརོ།། ཇི་ལྟར་ན་མཁའ་དཔེ་འདྲིས་མ་དག་པའི་གནས་སྐྱབས་ན་དེ་བཞིན་གཤེགས་པའི་སྙིང་པོ་རྣམ ་པར་འགྱུར་བ་མེད་པའི་ཆོས་ཉིད་དུ་བསྟན་པ་བརྗོད་པ་ནི། ལས་དང་ཉོན་མོངས་ཆུ་ཚོགས་ཀྱིས།། འདི་ནི་མངོན་པར་འགྲུབ་མིན་ཏེ།། འཆི་དང་ན་དང་རྒ་བའི་མེ།། མི་བཟད་པས་ཀྱང་ཚིག་མི་འགྱུར།། ཇི་ལྟར་ཚུལ་བཞིན་མ་ཡིན་པ་ཡིད ་ལ་བྱེད་པའི་རླུང་གི་དཀྱིལ་འཁོར་ལས་བྱུང་བ། ལས་དང་ཉོན་མོངས་པའི་ཚུལ་བརྟེན་ནས། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་འཇིག་རྟེན་སྐྱེ་བས་སེམས་ཀྱི་རང་བཞིན་གྱི་ན་མཁའ་འཆགས་པར་འགྱུར་བ་མ་ཡིན་པ་དེ་བཞིན ་དུ་ཚོལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལས་དང་ཉོན་མོངས་པའི་རླུང་དང་ཆུའི་ཕུང་པོ་ལ་གནས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་འཇིག་རྟེན་འཇིག་པར་བྱེད་པ། འཆི་བ་དང་ན་བ་དང་རྒ་བའི་མེའི་ཚོགས་སྐྱེས ་པས་ཀྱང་དེ་མི་འཇིག་པར་རིག་པར་བྱའོ།། དེ་ལྟར་མ་དག་པའི་གནས་སྐབས་ན་སྣོད་ཀྱི་འཇིག་རྟེན་བཞིན་དུ་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པོ་མཐའ་དག་སྐྱེ་བ་དང་འཇིག་ཀྱང་། འདུས་མ་བྱས་པ ་དེ་བཞིན་གཤེགས་པའི་སྙིང་པོ་ནི་ན་མཁའ་བཞིན་དུ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཤིན་ཏུ་མི་འགྱུར་བའི་ཆོས་ཉིད་དུ་བསྟན་པ་ཡིན་ནོ།། རང་བཞིན་གྱི་རྣམ་པར་དག་པའི་སྒོའི་ཆོས་སྣང་བའི་སྒོ་ལས ་བརྩམས་པ། ནམ་མཁའི་དཔེ་འདི་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། དྲང་སྲོང་ཆེན་པོ་ཉོན་མོངས་པ་ནི་མུན་པར། རྣམ་པར་དག་པ་ནི་སྣང་བའོ།། ཉོན་མོངས་པ་ནི་སྟོབས་ཆུང་བ། ལྷག་མཐོང་ནི་སྟོབས་དང་ལྡན ་པའོ།། ཉོན་མོངས་པ་ནི་གློ་བུར་བ། རང་བཞིན་གྱིས་རྣམ་པར་དག་པ་ནི་རྩ་བའོ།། ཉོན་མོངས་པ་ནི་ཀུན་དུ་བརྟགས་པ་རང་བཞིན་ནི་ཀུན་དུ་མ་བརྟགས་པའོ།། དྲང་སྲོང་ཆེན་པོ་འདི་ལྟ་སྟེ། ས་ཆེན་པོ་འདི་ནི་ཆུ་ལ་རབ་ཏུ་གན་པ ་ཆུ་ནི་རླུང་ལ་རབ་ཏུ་གནས་པ། རླུང་ནི་ནམཁའ་ལ་རབ་ཏུ་གནས་པ་ཡིན་ལ། ན་མཁའ་ནི་གནས་པ་མེད་པའོ།། དེ་བཞིན་དུ་ཁམས་བཞི་པོ་འདི་རྣམས་ལས། སའི་ཁམས་དང་། ཆུའི་ཁམས་དང་། རླུང་གི་ཁམས་པས་ན ་ནམ་མཁའི་ཁམས་ཉིད་སྟོབས་དང་ལྡན་པ། བརྟན་པ། མི་གཡོ་བ། འགྲིབ་པ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ་སྟེ། རང་གི་ངང་གིས་གནས་པའོ།། དེ་ལ་ཁམས་གསུམ་པོ་གང་ཡིན་པ་དེ་དག་ནི་སྐྱེ་བ་དང་འཇིག་པ་དང་ལྡན་པ། མི ་གནས་པ་ཡུན་རིང་དུ་མི་གནས་པ་སྟེ། འདི་དག་ལ་ནི་རྣམ་པར་འགྱུར་བ་མཐོང་གི། ནམ་མཁའ་ནི་རྣམ་པར་འགྱུར་བ་འགའ་ཡང་མེད་དོ།། དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ནི་ལོས་དང་ཉོན་མོངས་པ་ལ་རབ་ཏུ ་གནས་པའོ།། ལས་དང་ཉོན་མོངས་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་རབ་ཏུ་གནས་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་རང་བཞིན་གྱིས་ཡོང་སུ་དག་པ་ལ་གནས་པ་སྟེ། དེས་ན་སེམས་ཀྱི་རང་བཞིན་ནི ་འོད་གསལ་བ་སྟེ། གློ་བུར་གྱི་ཉོན་མོངས་པས་ཉོན་མོངས་པའོ་ཞེས་བརྗོད་དོ།། དེ་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་གང་ཡིན་པ་དང་། ལས་དང་ཉོན་མོངས་པ་གང་ཡིན་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ ་མཆེད་གང་ཡིན་པའི་ཆོ་སྣ་འདི་མཐའ་དག་ནི་རྒྱུ་རྐྱེན་གྱིས་བསྡུས་བྱས་སྐྱེ་བ་རྒྱུ་རྐྱེན་དང་བྲལ་ན་འགག་པར་འགྱུར་གྱི། རང་བཞིན་གང་ཡིན་པ་དེ་ནི་རྒྱུ་མེད་པ། རྐྱེན་མེད་པ། ཚོགས་པ་མེད་པ། སྐྱེ་བ་མེད་པ། འགག་པ ་མེད་པའོ།། དེ་ལ་ན་མཁའི་ཁམས་ཇི་ལྟ་བ་དེ་ལྟར་ནི་རང་བཞིན་ནོ།། རླུང་གི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ།། ཆུའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ལྔས་དང་ཉོན་མོངས་པའོ།། སའི ་ཁམས་ཇི་ལྟ་བ་དེ་ལྟར་ནི་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་སོ།། དེས་ན་ཆོས་ཐམས་ཅད་ནི་རྩ་བ་ཡོངས་སུ་ཆད་པ་སྟེ། སྙིང་པོ་མེད་པའི་རྩ་བ་ཅན། མི་གནས་པའི་རྩ་བ་ཅན། དག་པའི་རྩ་བ་ཅན། ་རྩ་བ་མེད་པའི་རྩ་བ་ཅན་ཞེས་བརྗོད་དོ་ཞེའོ།། མ་དག་པའི་གནས་སྐབས་ན།། འགྱུར་བ་མེད་པའི་མཚན་ཉིད་ལ་བརྩམས་ཏེ། རང་བཞིན་ན་མཁའ་དང་ཆོས་མཚུངས་པ་དང་། དེ་ལ་བརྟེན་པ་ཚུལ་བཞིན་མ་ཡིན ་པ་ཡིད་ལ་བྱེད་པ་དང་། ལས་དང་ཉོན་མོངས་པ་རྣམས་རྒྱུའི་མཚན་ཉིད་ལས་བརྩམས་ནས། རླུང་གི་ཁམས་དང་ཆོས་མཚུངས་པ་དང་། ཆུའི་ཁམས་དང་ཆོས་མཚུངས་པ་དང་། དེ་ལས་བྱུང་བ་ཕུང ་པོ་དང་། ཁམས་དང་། སྐྱེ་མཆོད་རྣམ་པར་སྨིན་པའི་མཚན་ཉིད་ལས་བརྩམས་ཏེ། སའི་ཁམས་དང་ཆོས་མཚུངས་པ་ནི་བཤད་ཟིན་ཏོ།། དེ་འཇིག་པའི་རྒྱུའི་འཆི་བ་དང་། ན་བ་དང་། རྐེ་བའི་མེ་འགོ་ནད་ཀྱི་མཚན་ཉིད་ལ ་བརྩམས་ཏེ་མེའི་ཁམས་དང་ཆོས་མཚུངས་པཱ་ནི་མ་བཤད་པས་ན་དྭེ་བརྗོད་པ། དུས་མཐའ་དམྱལ་པ་ཐ་མ་ལོ་པའི།། མེ་གསུམ་འཆི་དང་ན་བ་དང་།། རྒ་བའི་མེ་གསུམ་རིམ་བཞིན་དུ།། དེ་དང་འདྲ་བར་ཤེས་པར ་བྱ། འཆི་བ་དང་ན་བ་དང་རྨྱ་བ་རྣམས་ནི་གོ་རིམ་བཞིན་དུ་རྒྱུ་གསུམ་གྱིས་མེ་དང་འདྲ་བར་རིག་པར་བྱ་སྟེ། སྐྱེ་མཆེད་དྲུག་བདག་གི་བ་མེད་པར་བྱེད་པ་དང་། སྡུག་བསྔལ་སྣ་ཚོགས་མྱོང་བར་བྱེད་པ་དང་། འདུ་བྱེད ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ།། དེ་བཞིན་གཤེགས་པའི་ཁམས་མ་དྲུག་པའི་གནས་སྐབས་ན་ཡང་འཆི་བ་དང་ནཱ་བ་དང་། རྒ་བའི་མེ་གསུམ་པོ་འདི་དག་གིས་མི་འགྱུར་བ་ཉིད་ལས་བརྩམས་ཏེ། འདི་སྐྲོད་ཅེས ་བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་དང་། སྐྱེ་བ་ཞེས་བགྱི་བ་འདི་ནི་འཇིག་རྟེན་གྱི་ཐ་སྙད་ངོ་།། བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་འདི་ནི་དབང་པོ་འགགས་པའོ།། བཅོམ་ལྡན་འདས་སྐྱེ་བ་ཞེས་བགྱི་བ་འདི་ནི་ད ་པོ་གསར་པ་རྣམས་ཐོབ་པའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྐྱེ་བ་འམ། རྒ་བ་འམ། འཆི་བ་འམ་འཆི་འཕོ་བའི། སྐྱེ་བ་མ་ལགསོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས ་བའི་སྙིང་པོ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་སྟེ། རྟག་པ་བསྟན་པ་ཞི་བ་གཡུང་དྲུང་ངོ་ཞེས་གསུངསོ།། དེ་ལ་མ་དག་པོ་དང་དག་པའི་གནས་སྐབས་ན། འགྱུར་བ་མེད་པ་ལས་བརྩམས་ཏེ་ཚིགས ་སུ་བཅད་པ། སྐྱེ་འཚོ་ན་དང་རྒལ་བ་ལས་གྲོལ་བ།། འདི་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས་ཏེ། སྐྱེ་སོགས་ཕོངས་དང་བྲལ་ཡང་དེ་ཡི་རྒྱུས། བློ་ལྡན་འགྲོ་ལ་སྙིང་རྗེ་སྐྱེ་ཕྱིར་བསྟེན།། འདིས་ཅི་བསྟན་ཞེ་ན། འཕ ་པས་འཆི་དང་ན?་པ་དང་ཀླ། རྒ་བའི་སྡུག་བསྔལ་རྩད་ནས་སྤངས།། ལས་དང་ཉོན་མོངས་དབང་གིས་སྐྱེ།། དྭེ་ལ་དེ་མེད་ཕྱིར་དེ་མེད།། མ་དགེ་པཱའི་གནས་སྐབས་ཀྱི་འཆི་བཱ་ད་། ནཱ་བ་དཱང་རྒ་བཱི་མེ་འདིའི་བུད་ཤིང་ལྟ་བུ ་ཉེ་བར་ལེན་པ་ནི་ཚུལ་བཞིན་མ་ཡི་ནི་པ་ཡིད་ལ་བྱེད་པ་དང་། ལས་དང་ཉོན་མེངས་སྔོན་དུ་འགྲོ་བ་ཅན་གྱི་སྐྱེ་བ་ཡིན་ཏེ། མ་དག་པ་དང་དག་པའི་གནས་སྐབས་ན། ཡིད་ཀྱི་རང་བཞིན་གྱིས་ལུས་ཐོབ་པའི་བྱང་ཆུབ ་སེམས་དཔའ་རྣམས་ལ་གང་ཞིག་ཤིན་དུ་སྣང་པོར་མེད་པར་གྱུར་པས་ཅིག་ཤོས་གཏན་འབར་བ་མེད་པར་རྟོགས་པའོ།། ཇི་བཞིན་ཡང་དག་མཐོང་བའི་ཕྱིར།། སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་།། སྙིང་རྗེའི་བདག། ་ཉིད་སྐྱེ་བ་དང་།། འཆི་དང་རྒ་དང་ན་བར་སྟོན།། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བའི་སྲིད་པ་ཀུན་ཏུ་སྦྱོར་བ་ཅན་ཏེ། བསམས་བཞིན་དུ་སྐྱེ་བ་ལ་དབང་བ་ཉིད་ལ་བརྟེན་ནས་སྙིང་རྗེས་ཁམས་གསུམ་དུ་ལྟ ་དག་པར་སྦྱོར་རོ།། སྐྱེ་བ་ཡང་ཉེ་བར་སྟོན་ལྔ།། རྒ་བ་དང་ན་བ་དང་འཆི་བ་ཡང་ཉེ་བར་སྟོན་ཏོ།། དེ་དག་སྐྱེ་བ་ལ་སོགས་པའི་ཆོས་འདི་དག་ཀྱང་མེད་དེ། ཁམས་དེ་ཉིད་སྐྱེ་བ་མེད་པ་དང་། འབྱུང་བ་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན ་མཐོང་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའི་གནས་སྐབས་འདི་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་ཤེས་པར་བྱ་སྟེ། ཇི་སྐད་དུ། དེ་དག་གིས་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེ་ན། འདི་ལྟ་སྟེ། ་བསོད་ནམས་ཀྱི་ཚོགས་ཡོངསུ་ཚོལ་བས་མི་ངོམས་པ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངསསུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང་། སེམས་ཅན་ཡོངསྟེ་སྨིན་པའི་མི་སྐྱོ་བ་དང་། དམ་པའི་ཆོས ་ཡོངསུ་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་དང་། ཆོས་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་དང་། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྦྱོར་བ་རྣམས་མི་འདོར་བ་སྟེ། བློ་གྲོས་རྒྱ་མཚོ་གང་དགྲ ་གིས་བྱང་ཆུབ་སེམས་དཔའ་ཀུན་དུ་སྦྱོར་བར་བྱེད་ཀྱང་ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ནི་འདི་དག་གོ།། ཡང་གསུངས་པ། བཅོམ་ལྡན་འདས་གང་གི་ཚེ་དགེ་བའི ་རྩ་བ་ལགས་ན། དེའི་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི། བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དེ་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་འདི་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་པར་ཀུན་ཏུ་སྦྱོར་ལ། ཁམས ་གསུམ་པ་ཡང་ཀུན་ནཱ་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པ་དང་། དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམས་བཞིན་དུ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ཏེ། དེས་ན་དགེ ་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོང་སྡེ་པ་ཞེས་བྱའོ།། ཇི་སྲིད་ཁམོས་གསུམ་པར་ཀུན་དུ་སྦྱོར་བ་ཡིན་གྱི་སེམས་ཉེ་བར་ཉོན་མོངསྡེ་པས་ནི་མ་ཡིན་ནོ།། བློ་གྲོས་རྒྱ་མཚོ་དཔེར་ན། ཚོང་དཔོན་ནམྲ་ཁྱིམ་བདག་ལ་བུ་གཅིག ་པ་འདོད་པ་སྡུག་པ་ཡིད་དུ་འོང་བ་མཐོང་ན། མི་སྡུས་པ་མཽད་པ་ཞིག་ཡོད་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་པ་ནི་མི་གཙང་བའི་དོང་དུ་ལྷུང་བར་གྱུར་ཏོ།། དེ་ནས་ཁྱེའུ་དེའི་མ་དང་གཉེན་གྱིས། ཁྱིའུ་དེ་མི་གཅིང ་བའི་དོང་དུ་ལྷུང་བ་འདི་མཐོང་ལ་མཐོང་ནས་ཀྱང་ཚོང་ངོ་ཆེན་པོ་འདེབས་ཤིང་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཏེ། མཽ་གཙང་བའི་དོང་དེར་ཞུགས་ཏེ་ཁྱེའུ་དེ་འདོན་པར་མི་བྱེད་དོ།། དེ་ནས་ཁྱེའུ་དེའི་ཕ་ཕྱོགས་དེར་སོང་སྟེ། ་དེས་བུ་གཅིག་པུ་དེ་མི་གཙང་བའི་དོང་དུ་ལྷུང་བ་མཐོང་ངོ་།། མཐོང་ནས་ཀྱང་རིངས་པར་བཏབས་པའི་ཚུལ་གྱིས་བུ་གཅིག་པོ་འདོན་པར་འདོད་པའི་སྲེད་པས་བྱས་ཏེ། སྐྱུག་བྲོ་བ་མེད་པོར་མི་གཙང་བའི་གནས་དེར ་བབས་ཏེ། བུ་གཅིག་པོ་ཕྱུང་བར་གྱུར་ཏོ།། བློ་གྲོས་རྒྱ་མཚོ་དེ་ལྟར་ན་འདི་ནི་ཇི་སྲིད་དྲོན་འདི་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པའོ།། དོན་གང་ཡིན་པར་བལྟ་ཞེ་ན། བློ་གྲོས་རྒྱ་མཚོ་མཱི་གཙང་བའི་དོང་ཞེ ་བྱ་བ་འདི་ནི། ཁམས་གསུམ་པའི་ཚིག་བླ་དགས་སོ།། བུ་གཅིག་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཚིག་བླ་དགས་པོས་ཏེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་ཀྱིས་ཉེ ་བོར་གནས་པར་འགྱུར་རོ།། མ་དང་གཉེན་ཞེས་བྱ་བ་འདི་ནི་གང་དག་འཁོར་བར་ལྷུང་བའི་སེམས་ཅན་མཐོང་ནས་མྱ་ངན་བྱེད་ཅི་དྲ་སྨྲེ་སྔགས་འདྲོན་གྱི། འདོན་པར་ནུས་པ་ནི་མེད་པ། ཉན་ཐོས་དང་རང་སངས་རྒྱས ་ཀྱི་ཐེག་པའི་གང་ཟག་རྣམས་ཀྱི་ཚིག་བླ་དྭགས་སོ།། ཚོང་དཔོན་ནམ་ཁྱིམ་བདག་ཆེན་པོ་ཞེས་བྱ་བ་འདི་ནི་གང་ཞིག་གཙང་བ་དྲི་མི་དང་བྲལ་བའི་སེམས་དང་ལྡན་པ། འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་རྟོ་ཌ་བ ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་ཁམས་གསུམ་པར་མཚམས་སྦྱོར་བར་བྱེད་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བླ་དྭགས་སོ།། བློ་གྲོས་རྒྱ་མཚོ་མཚམས་སྦྱོར་བ་ཐམས་ཅད ་ལས་ཤིན་ཏུ་གྲོལ་ཡང་། སྲིད་པར་སྐྱེ་བ་ལོན་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ། ཐབས་ལ་མཁས་པ་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པོས་ཀུན་ནས་ཉོན་མོངས་པ་དག ་གིས་ཀྱང་མི་གནོད་ལ། ཉོན་མོངས་པའི་འཆིང་བ་ཐམས་ཅད་དགྲོལ་བར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའོ་ཞེས་གསུངས་པ་བཞིན་ནོ།། དེ་ནས་མདོའི་དུམ་བུ་འདི་ས་ནི་གཞན་ལ་ཕན་པར་བྱ་བའི་དོན ་དུ་དབང་དང་ལྡན་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དང་། སྙིང་རྗེ་གཉིས་ཀྱིས་བསམས་བཞིན་དུ་སྐྱེ་བ་ལ་སྦྱོར་བའི་ཕྱིར་དང་། ཐབས་དང་ཤེས་རབ་གཉིས་ཀྱིས་སྟོབས་ཀྱིས་དེ་ཀུན་ནས་ཉོན་མོངས་པ་མེད་པའི ་ཕྱིར་མ་དག་པ་དང་། དོག་པའི་གནས་སྐབས་བསྟན་ཏོ།། དེ་ལ་ཇི་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཁམས་མ་སྐྱེས་པ་དང་། མ་བྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ཐོབ་ནས། བྱང ་ཆུབ་སེམས་དཔའ་ཆོས་ཉིད་འདི་རྗེ་སུ་ཐོབ་པ་དེ་ལྟར་ནི་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། ཇི་སྐད་དུ། བློ་གྲོས་རྒྱ་མཚོ་ཆོས་རྣམས་ཀྱི་སྙིང་པོ་མེད་པ་ཉིད་དང་། བྱེད་པ་པོ་མེད་པ་ཉིད་དང་། བདག་པོ་མེད་པ་ཉིད ་དང་། སེམས་ཅན་མེད་པ་ཉིད་དང་། སྲེག་མེད་པ་ཉིད་དྲང་། གང་ཟག་མེད་པ་ཉིད་དང་། བདག་པོ་མེད་པ་ཉིད་ལ་ལྟོས།། འདི་ལྟར་གང་ལ་ཛཱི་ལྟར་འདོད་པ་དེ་ལྟར་སེམས་པར་མི་བྱེད། རབ་ཏུ་རྟོགས་པར་མི་བྱེད་དོ།། བློ་གྲོས་རྒྱ ་མཚོ་གཞན་དུ་མི་འགྱུར་བའི་ཆོས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ལ་ཡང་ཁོང་ཁྲོ་བ་སྐྱེད་པར་མི་བྱེད་དོ།། འདི་ལ་འགའ་ཡང་ཕན་འདོགས་པ་འམ་གནོད་པར་བྱེད་པ་མེད་དོ་ཞེས་དེ་ལྟར ་དེའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པར་འགྱུར་རོ།། དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། འདི་ལྟར་སྙིང་རྗེ་ཆེན་པོའི་གོ་ཆ་མི་འདོར་བ་ཡིན་ནོ།། བློ་གྲོས་རྒྱ ་མཚོ་དཔེར་ན་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་རིན་ཐང་མེད་པ་ཤིན་དུ་སྦྱངས་པ་ཤིན་ཏུ་ཡོངསུ་དག་པ། ཤིན་ཏུ་དྲི་མ་མེད་པ་འདམ་དུ་བཅུག་སྟེ། ལྀ་སྟོང་ཕྲག་དུ་མ་གནས་པར་གྱུར་ལ། དེ་ལོ་སྟོང་འདས་ནས་འདམ་དེ་ནས ་སྟེ་སྦྱངས་ཤིང་བྱི་དོར་བྱས་ཏེ། ལེགས་པར་བཀྲུས། ལེགས་པར་སྦྱངས། ལེགས་པར་བྱི་དོར་བྱས་པ་དྲག་ཅི་དྲི་མེད་པ་ནོར་བུ་རིན་པོ་ཆེའི་ངོ་བོ་དེ་ཉིད་མི་འདོར་རོ།། བློ་གྲིས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔེའ། ་སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་རབ་ཏུ་ཤེས་ཏེ། འོན་ཀྱང་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པར་མཐོང་ངོ་།། དེ་ལྟ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཉོན་མོངས ་པ་འདི་དག་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བར་ཞུགས་པ་མ་ཡིན་ནོ།། ཉོན་མོངས་པ་འདི་དག་ནི་གློ་བུརཱུ་བ་སྟེ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོགས་པས་བསྐྱེད་པའོ།། བདག་གིས ་སེམས་ཅན་འདི་དག་གི་ཉེ་བའི་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པར་ནུས་སོ་སྙམ་སྟེ། དེ་ལྟར་དེ་ལ་ཞུམ་པའི་སེམས་མི་སྐྱེའོ།། དེ་ནི་ལན་མང་དུ་སེམས་ཅན་རྣམས་ཀྱི་ཐང་དུ་རབ་ཏུ་འགྲོ་བའི་སེམ་སྐྱེའོ།། ། ་དེ་འདི་སྙམ་དུ་ཡང་སེམས་ཏེ། ཉོན་མོངས་པ་འདི་དག་ལ་སྟོབས་དང་མཐུ་འགའ་ཡོད་པ་མ་ཡིན་ཏེ། ཉོན་མོངས་པ་འདི་དག་ནི་སྟོབས་མེད་པ། སྟོབས་ཆུང་བ། འདི་དག་ལ་ནི་ཡང་དྲག་པའི་གནས་འགའ་ཡང་མེད་དོ།། ཉོན ་མོངས་པ་འདི་དག་ནི་ཡང་དག་པ་མ་ཡིན་པར་ཀུན་དུ་བརྟག་པ་སྟེ། དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པས་བརྟགས་པ་ནི་ཁྲོ་བར་མི་འགྱུར་རོ།། དེ་ནི་ཁོ་བོས་ཅི་ནས་ཀྱང་འབྲེལ་བར་མི་འགྱུར་བ ་དེ་ལྟར་སོ་སོར་བརྟག་པར་བྱའོ།། ཉོན་མོངས་པ་རྣམས་ནི་མ་འབྲེལ་ལེགས་ཀྱི་འབྲེལ་པ་ནི་མ་ཡིན་ནོ།། གལ་ཏེ་བདག་ཉོན་མོངས་པ་རྣམས་དང་འབྲེལ་ན། དེ་ཇི་ལྟར་ཉོན་མོངས་པའི་འཆིང་བས་བཅིངས་པའི་སེམས་ཅན་རྣམས་ཉོན ་མོངས་པའི་འཆིང་བ་སྤང་བར་བྱ་བའི་ཕྱིར་ཆོས་བསྟན། འོན་ཀྱང་ཁོ་བོས་ཉོན་མོངས་པ་རྣམས་དང་ཡང་མ་འབྲེལ་ལ། ཉོན་མོངས་པའི་འཆིང་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཡང་ཆོས་བསྟན་པར་བྱའོ།། འཁོར་བའི ་འབྲེལ་པར་བྱེད་པ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཡིན་པ་དེ་དག་དང་ནི་བདག་གི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་འབྲེལ་བར་བྱའོ་སྙམ་མོ་ཞེས་གསུངས་པྲ་ཡིན་ནོ།། འཁོར་བ་ནི་འདིར ་ཟག་པ་མེད་པའི་དབྱིངས་ན་ཁམས་གསུམ་པའི་གཟུགས་བརྙན་ཡིད་ཀྱི་རང་བཞིན་གྱིས་ལུས་གསུམ་ཡིན་པར་འདོད་དོ།། དེ་ནི་ཟག་པ་མེད་པའི་དགེ་བའི་རྩ་བའི་མངོན་པར་འདུས་བྱས་པའི་ཕྱིར་འཁོར་བ་ཡིན་ལ། ཟག་པ ་དང་བཅས་པའི་ལས་དང་ཉོན་མོངས་པས་མངོན་པར་འདུས་བྱས་པ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཡང་དེ་ཉིད་དེ། གང་གི་དབང་དུ་བྱས་ནས། བཅྡོཾས་དེའི་སླད་དུ་འདུས་བྱས་པ་དང་འདུས་མ་བྱས་པ་འཁོར ་བ་ཡང་མཆིས་ལ། འདུས་བྱས་པ་དང་འདུས་མ་བྱས་པའི་མྱ་ངན་ལས་འདས་པར་ཡང་མཆིས་སོ་ཞེས་གསུངས་པ་ཡིན་ནོ།། དེ་ལ་འདུས་བྱས་དང་འདུས་མ་བྱོས་འདྲེས་པའི་སེམས་དང་ས་ལ་སོ་ལས་བྱུང་བ་ཀུན་དུ་སྤྱད་པ་དང་། ་ལྡན་པའི་ཕྱིར་འདི་དག་པ་དང་མ་དག་པའི་གནས་སྐབས་ཞེས་བྱའོ།། དེ་ཡང་ཐོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང་། སྙིང་རྗེ་ཆེནྡོ་བསྒོམས་པས་ཟག་པ་ཟད་པའི་མངོན་པར་ཤེས་པ་ལ་མངོན་དུ་ཕྱོགས་པ་དང་། ་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་བསྒྲུབ་པའི་དོན་དུ་དེ་མངོན་དུ་མི་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་ལ་གཙོ་བོར་རྣམ་པར་བཞག་པ་ཡིན་ནོ།། ཟག་པ་ཟད་པའི་ཤེས་པ་ལས་བརྩམས་ཏེ། ་མིའི་དཔེར་བརྗོད་པ་ནི་ཇི་སྐད་གསུངས་པ་བཞིན་ཏེ། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འབད་པ་ཆེན་པོ་དང་། བརྩོན་པ་ཆེན་པོ་དང་། ལྷག་པའི་བསམ་པ་བརྟན་པར་བསྒྲུབས་པས་མངོན་པར་ཤེས་པ་ལྔ་སྐྱེད ་པར་བྱེད་དོ།། བསམ་གཏན་དང་མངོན་པར་ཤེས་པ་ལ་སེམས་ཡོངསུ་སྦྱང་པོ་བྱས་པ་དེ་ལ་ཟག་པ་ཟད་པ་མངོན་དུ་ཕྱོགས་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ཡོངསུ་སྒྲུབ་པའི་དོན་དུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པས ་ཟག་པ་ཟང་བའི་ཡེ་ཤེས་ཡོངསུ་སྦྱང་བ་བྱས་ཏེ། སླར་ཡང་སེམས་ཡོངསུ་སྦྱང་བ་བྱས་པས་དྲུག་པ་ལ་ཆགས་པ་མེད་པའི་ཤེས་རབ་སྐྱེས་པའི་ཕྱིར། ཟག་པ་ཟད་པ་ལ་མངོན་དུ་ཕྱོགས་པར་འགྱུར་རོ།། དེ་ལྟར་བྱང་ཆུབ་སེམས ་དཔའ་བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་འདི་ལ་ཟག་པ་ཟད་པ་མངོན་དུ་བྱེད་པ་ལ་དབང་ཐོབ་པས་ནི་རྣམ་པར་དག་པའི་སྐབས་བསྟན་ཏོ།། དེ་ལྟ་བུའི་བདག་ཉིད་དུ་ཡང་དག་པར་ཞུགས་པ་དེ་གཞན་དག་ཀྱང་ཡང་དག ་པར་རྟོགས་པ་འདི་ཉིད་ལ་བཞག་པར་བྱའོ།། ཞེས་སྙིང་རྗེ་ཆེན་པོས་ལོག་པར་ཞུགས་པའི་སེམས་ཅན་ཡོངསུ་བསྐྱབ་པར་འདོད་ལ། ཞི་བའི་བདེ་བའི་རོ་མི་མྱང་བར་དེའི་ཐབས་ལ་བྱུང་བར་བྱས་པའི་འཁོར་བ་ལ་མངོན་དུ་ཕྱོ ་པའི་སེམས་ཅན་ལ་བལྟོས་ཏེ། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ། བྱང་ཆུབ་ཀྱི་ཡན་ལག་ཡོངསུ་རྫོགས་པར་བྱ་བའི་ཕྱིར་བསམ་གཏན་དག་གི་གནས་ནས་སླར་འདོད་པའི་ཁམས་སུ་བསམས་བཞིན་དུ་སྐྱེ ་བ་ཡོངསུ་འཛིན་པས། ཇི་སིང་མྱུར་དུ་སེམས་ཅན་གྱི་དོན་བྱ་བར་འདོད་པས། དུང་འགྲོའི་སྐྱེ་གནསུ་གཏོགས་པ་རྣམ་པ་དུ་མར་སྐྱེ་བའི་བྱ་བྲག་གིས། སོ་སོའི་སྐྱེ་བོའི་ལུས་ཀུན་ཏུ་སྟོན་པ་ལ་དར་འབྱོར་པས་ནི་མ་དག་པའི་གནས ་སྐབས་བསྟན་པ་ཡིན་ནོ།། ཚིག་སུ་བཅད་པའི་དོན་གཞན་ནི།། རྒྱལ་སྲས་འགྱུར་མེད་ཆོས་ཉིད་འདི།། རྟོགས་ནས་མ་རིག་ལྗོངས་རྣམས་ཀྱི།། སྐྱེ་བ་ལ་སོགས་དག་ཏུ་ནི།། མཐོང་བ་གང་ཡིན་པོ་སྤང་ངོ་།། འཕགས་པའི་སྤྱོད ་ཡུལ་ཐོབ་པ་གང་།། སྤྱོད་པའི་སྤྱོད་ཡུལ་དུ་སྟོན་ཏེ།། དེ་ཉིད་ཕྱིར་ནི་འགྲོ་བ་ཡི།། གཉེན་གྱི་ཐབས་དང་སྙིང་རྗེ་མཆོག། དེ་ནི་འཇིག་རྟེན་ཐམས་ཅད་ལས།། འདས་ཀྱང་འཇིག་རྟེན་ལས་མ་གཡོས།། འཇིག་རྟེན ་དོན་དུ་འཇིག་རྟེན་ན། འཇིག་རྟེན་དྲི་མས་མ་གོས་སྤྱོད།། ཇི་ལྟར་པདྨ་ཆུ་ནང་དུ།། སྐྱེས་པ་ཆུ་ཡིས་གོས་པ་མེད།། དེ་བཞིན་འདི་ནི་འཇིག་རྟེན་དུ།། སྐྱེས་ཀྱང་འཇིག་རྟེན་ཆོས་མི་གོས།། བྱ་བ་སྒྲུབ་ལ་རྟག་ཏུ་བློ།། མེ་བཞིན་དུ་ནི ་འབར་བ་དང་། ཞི་བའི་བསམ་གཏན་སྙོམས་འཇུག་ལ།། རྟག་ཏུ་སྙོམས་པར་ཞུགས་པ་ཡིན།། སྔོན་གྱི་འཕེལ་བའི་དབང་དང་ནི།། རྣམ་རྟོག་ཐམས་ཅད་བལ་བའི་ཕྱིར།། དེ་ནི་ལུས་ཙྪིན་སྨིན་པ་ཡཾ།། དོན་དུ་འབད་པོ་བྱེད ་པ་ཡིན།། བསྟན་དང་གཟུགས་སྐུ་དག་དང་ནི།། སྦྱོར་དང་སྤྱོད་ལམ་གྱིས་ཀྱང་རུང་།། གང་ཞིག་ཇི་ལྟར་གླང་གིས་འདུལ།། དེསྔ་དེ་དེ་ལྟ་ཉིད་དུ་ཤེས།། དེ་ལྟར་ན་མཁོའི་མཐའ་ཀླས་ཀྱི།། འགྲོ་བ་རྟག་ཏུ་ལྷུན་གྲུབ་པར།། ་ཐོགས་མེད་བློ་ལྡན་དེ་ཡི་ནི།། སེམས་ཅན་དོན་ནོ་ཡང་དག་འཇུག་བྱང་ཆུབ་སེམས་དཔའི་ཚུལ་འདི་ནི།། རྗེས་ཐོ་བ་དེ་བཞིན་གཤེགས་རྣམས་དང་།། སེམས་ཅན་ཡང་དག་སྒྲོལ་བ་ལ།། འཇིག་རྟེན་ན་ནཱི་མཉམ་པ ་ཉིད་དེ་ལྟ་མོས་ཀྱི་ས་རྡུལ་དང་།། རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི།། ཁྱད་པར་གང་ཡིན་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད།། ཚིགསུ་བཅད་པ་བཅུ་པོ་འདི་རྣམས་ལས་གོ་རིམ་བཞིན་དུ་ཚིགསུ་བཅད ་པ་དགུས་ནི། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགལ་བའི་འོག་ཏུ་མཆོག་ཏུ་ཀུན་ནས་ཉོན་མོངས་པ་ཉིད་དང་། ཚིགསུ་བཅད་པ་བཅུ་པས་ནི་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་གྱི་སྟེང་དུ་རྣམ་པར་དག་པ་ཉིད་ལ་བལྟོས་ཏེ། ་མདོར་བསྡུ་ན། སྲ་བཅུ་ལ་བྱང་ཆུབ་སེམས་དཔའ་རྣམ་པ་བཞི་པོ་རྣམས་དག་པ་དང་མ་དག་པ་ཉིད་དུ་བསྟན་ཏོ།། བྱང་ཆུབ་སེམས་དཔའ་བཞི་ནི་སེམས་དང་པོ་བསྐྱེད་པ་དང་། སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ ་དང་། སྐྱེ་བོ་གཅིག་གིས་ཐོགས་པའོ།། དེ་ལ་ཚིགསུ་བཅད་པ་དང་པོ་དང་གཉིས་པས་ནི་ས་དང་པོ་རབ་ཏུ་དགའ་བ་ལ་ཐོག་མ་མེད་པའི་དུས་ནས་སྔོན་མ་མཐོང་བ། འཇིག་རྟེན་ལོས་འདས་པའི་ཆོས་ཉིད་མཐོང་བའི་ཕྱིར ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངསུ་དག་པའི་མཚན་ཉིད་བསྟན་ཏོ།། ཚིགསུ་བཅད་པ་གསུམ་པ་དང་བཞི་པས་ནི་དྲི་མ་མེད་པའི་ས་ནས་བཟུང་སྟེ། མི་གཡོ་བའི་བར་གྱི་ས་ལ་ཉེ་བར ་མ་གོས་པའི་སྤྱད་པ་སྤྱོད་པའི་ཕྱིར། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངསུ་དག་པའི་མཚན་ཉིད་བསྟན་ཏོ།། ཚིགསུ་བཅད་པ་ལྔ་པས་ནི་ས་མི་གཡོ་བ་ལ་རྒྱུན་མི་འཆད་པར་བྱང་ཆུབ་ཆེན་པོ་འཐོབ ་པའི་སྦྱོར་བའི་ཏིང་ངེ་འཛིན་ལ་ལེགས་པར་གནས་པའི་ཕྱིར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམ་པར་དག་པའི་མཚན་ཉིད་བསྟན་ཏོ།། ཚིགསུ་བཅད་པ་དྲུག་པ་དང་བདུན་པ་དང་བརྒྱད་པས་ནི་བྱང ་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་རང་དང་གཞན་གྱི་དོན་སྒྲུབ་པའི་ཐབས་མཐའ་དྲག་མཐར་ཕྱིན་པ། སངས་རྒྱས་ཀྱི་ས་ལ་སྐྱེ་བ་ཐ་མ་གཅིག་གིས་ཐོགས་པ་བླ་ན་མེད་པ་མངོན་པར་རྫོགས་པར་བྱུག་པ་མཆོག ་ཐོབ་པའི་ཕྱིར་སྐྱེ་བ་གཅིག་གིས་ཐོག་བཱི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོང་སུ་དག་པའི་མཚན་ཉིད་བསྟན་ཏོ།། ཚིགསུ་བཅད་པ་དགུ་པ་དང་བཅུ་པས་ནི་གཞན་གྱི་དོན་དང་། རང་གི་དོན་ལས་བཙེམས་ཏེ་མཐར་ཕྱིན་པའི ་བྱང་ཆུབ་སོམས་དཔའ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་ཁྱད་པར་མེད་པ་དང་། ཁྱད་པར་དང་བཅས་པ་བསྟན་ཏོ།། དེ་ལྔ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་རྣམ་པར་འགྱུར་བ་མེད་པ་ལྔས་བཙེམས་ཏེ་ཚིགས། ་བོབཅང་པ། གཞན་འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར། འགྲོ་སྐྱབས་ཕྱི་མའི་མཐའ་མེད་མུར་ཐུག་ཕྱིར། དེ་ནི་རྟག་ཏུ་གཉིས་མེད་མི་རྟོག་ཕྱིར།། འཇིག་མེད་ཆོས་ཀྱང་མ་བྱས་རང་བཞིན་ཕྱིར། འདིས་ཅི་བསྟན་ཞེ་ན།། ་སྐྱེ་བ་མེད་ཅིང་འཆི་བ་མེད།། གནོད་མེད་རྒ་བ་མེད་པ་སྟེ།། དེ་ནི་རྟོག་དྲང་བརྟན་ཕྱིར།། ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར།། དེ་ནི་ཡིད་ཀྱི་རང་བཞིན་གྱི།། ལུས་ཀྱིས་སྐྱེ་མེད་རྟག་པའི་ཕྱིར།། བསམ་གྱིས་མི་ཁྱབ་བསྒྱུར་བ ་སོ།། འཆི་འཕོ་བརྟན་ཕྱིར་དེ་མི་འཆི།། བག་ཆགས་ཕྲ་མོའི་ནང་རྣམས་ཀྱིས།། གནོད་མེད་ཞི་བ་ཉིད་ཀྱི་ཕྱིར།། ཟག་མོདོ་མངོན་པར་འདུས་བྱས་ཀྱིས།། གཡུང་དྲུང་ཕྱིར་ན་རྒ་བ་མེད།། ཤིན་ཏུ་དྲི་མ་མེད་ཅིང་རྣམ་པར་དག་པ ་འོད་གསལ་བ་རང་གི་རང་བཞིན་སངས་རྒྱས་ཀྱི་ས་ལ་རྣམ་པར་གནས་པ་དེ་བཞིན་གཤེགས་པའི་ཁམས་དེ་ནི་སྔོན་གྱི་མཐའ་ཉེ་བར་བཟུང་ནས། ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་རོ།། ཕྱི ་མའི་མཐའ་ཉེ་བར་བཟུང་ནས། བསམ་གྱིས་མི་ཁྱབ་པར་ཡོངསུ་བསྒྱུར་བའི་འཆི་འཕོ་བས་འཆི་བ་མ་ཡིན་ཏེ། བརྟེན་པའི་ཕྱིར་རོ།། སྔོན་དྲང་ཕྱི་མའི་མཐའ་ཉེ་བར་བཟུང་ནས། མ་རིག་པའི་བག་ཆགས་ཀྱི་སྐུ་ཡོངསུ་འཛིན་པོས ་གནོད་པ་ཡང་མ་ཡིན་ཏེ།། ཞི་བའི་ཕྱིར་རོ།། དེ་ལྟར་དོན་མེད་པས་མ་ཕོག་པ་གང་ཡིན་པ་དེ་ནི་གཡུང་དྲུང་ཉིད་ཀྱི་ཕྱིར་ཟག་པ་མེད་པའི་ལས་ཀྱི་འབྲས་བུ་ཡོང་སུ་སྨིན་པར་རྒ་བ་ཡང་མ་ཡིན་ནོ།། དེ་ལ་ཚིག་གཉིས་དེ་བཞིན ་གཉིས།། གཉིས་དང་གཉིས་ཀྱིས་གོ་རིམས་བཞིན།། འདུས་མ་བྱས་ཀྱི་དབྱིངས་ལ་ནི།། རྟག་པ་ལ་སོགས་དོན་ཤེས་བྱ།། དེ་ལ་འདུས་མ་བྱས་ཀྱི་དབྱིངས་ལ་རྟག་པ་དང་། བརྟན་པ་དང་། ཞི་བ་དང་གཡུང་དྲུང་གི་ཚིག་འདི་རྣམས་ལ ་གོ་རིམ་ཇི་ལྟ་བ་བཞིན་རིག་རེ་རེའི་དོན་བསྟན་པཱ་དང་། བཤད་པའི་ཚིག་གཉིས་གཉིས་ཀྱིས་རྣམ་པར་དབྱེ་བཱ་ནི་མདོ་ཇི་ལྟ་བ་བཞིན་ཤེས་པར་བྱའོ།། མི་ཟད་ཡོན་ཏན་དང་ལྡན་ཕྱིར།། གཞན་འགྱུར་མེད་བདག་རྟག་བཱི་དོན།། ། ་མཐའ་ཡི་མེ་དང་མཚུངས་པའི་ཕྱིར།། སྐྱབས་ཀྱི་བདག་ཉིད་བརྟག་པའི་དོན།། རྣམ་པར་མི་རྟོག་རང་བཞིན་ཕྱིར།། གཉིས་མེད་ཆོས་ཉིད་ཞི་བའི་དོན།། མ་བཅོས་ཡོན་ཏན་ཉིད་ཕྱིར་ནི།། འཇིག་མེད་དོན་ནི་གཡུང་དྲུང་ཉིད།། ཇི་སྐད།། ་ཤཱ་རིའི་བུ་མི་ཟད་པའི་ཆོས་ཉིད་ཀྱིས་ན་གཞན་དུ་མི་འགྱུར་བའི་ཆོས་ཀྱི་སྐུ་འདི་ནི་རྟག་པའོ།། ཤཱ་རིའི་བུ་ཕྱི་མའི་མཐའི་མུ་དྲང་མཚུངས་པ་ཉིད་ཀྱིས་བརྟན་པའི་སྐྱབསུ་གྱུར་པའི་ཆོས་ཀྱི་སྐུ་འདི་ནི་བརྟུན་པའོ།། ་ཤཱ་རིའི་བུ་རྣམ་པར་མི་རྟོག་པ་ཉིད་ཀྱིས་གཉིསུ་མེད་པའི་ཆོས་ཀྱི་སྐུ་འདི་ནི་ཞི་བའོ།། ཤཱ་རིའི་བུ་མ་བཅོས་པོའི་ཆོས་ཉིད་ཀྱིས་འཇིག་པ་མེད་པའི་ཆོས་ཀྱི་སྐུ་འདི་ནི་གཡུང་དྲུང་ངོ་།། ཞེས་གསུངས་པ་ཡིན་ནོ།། ཤིན་ཏུ་རྣམ་པར ་དག་པ་མཐར་ཕྱིན་པའི་དེ་བཞིན་གཤེགས་པའི་སྙིང་པོའི་རྣམ་པར་དྲག་པའི་གནས་སྐབས་འདི་ཉིད་ལ་དབྱེ་བ་མེད་པའི་དོན་ལས་བཙེམས་ཏེ་ཚིགསུ་བཅད་པ། གང་ཕྱིར་དེ་ནི་ཆོས་སྐུ་དོ་ནི་དེ་བཞིན་གཤེགས།། དེ་ནི ་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས།། དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས།། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད།། དེ་ལ་ཚིག་སུཾ་བཅད་པ་ཕྱེད་སྔ་མས་ཅི་སྟོན་ཞེ་ན། མདོར་ན་ཟག ་མེད་དབྱིངས་ལ་ནི།། དོན་གྱི་རབ་ཏུ་དབྱེ་བ་བཞིན།། ཆོས་ཀྱི་སྐུ་ལ་སོགས་པ་ཡི།། རྣམ་གྲངས་བཞིར་ནི་རིག་པར་བྱ།། མདོར་བསྡུ་ན་ཟག་པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་དོན་བཞིའི་དབང་དུ་བྱས ་ནས་མིག་གིས་རྣམ་གྲངས་བཞིར་རིག་པར་བྱའོ།། དོན་བཞི་གང་ཞེ་ན། སངས་རྒྱས་ཆོས་དབྱེར་མེད་པ་དང་།། དེ་རིགས་དེ་བཞིན་ཐོབ་པ་དང་།། བཻརྫུན་མེད་སླུ་མེད་ཆོས་ཉིད་དང་།། གདོད་ནས་རང་བཞིན་ཞི་ཉིད་དོ།། ། ་སངས་རྒྱས་ཀྱི་ཆོས་རྣམ་པར་དབྱེ་བ་མེད་པའི་དོན་ནི་གང་གི་དབང་དུ་མཛད་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཚེ། ་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པས་མི་སྟོང་པའོ།། ཞེས་གསུངསོ།། དེའི་རིགས་རང་བཞིན་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཐོབ་པའི་དོན་ནི་གང་གི་དབང་དུ་མཛད་ནས། བརྒྱུད་ནས་འོངས་པའི་ཐོག་མ་མེད་པའི་ཆོས་ཉིད ་ཐོབ་པ་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དྲི་འདྲ་བ་ཡིན་ནོ།། ཞེས་གསུངས་པ་ཡིན་ནོ།། བརྫུན་པ་མེད་པ་དང་སླུ་བ་མེད་པའི་དོན་ནི་གང་གི་དབང་དུ་མཛད་ནས། དེ་ལ་དོན་དམ་པའི་བདེན་པ་ནི་མི་སླུ་བའི་ཆོས་ཅན་གྱི་མྱ་ངན་ལས ་འདས་པ་ནི་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རིགས་དེ་ནི་གཏམ་དུ་ཞི་བའི་ཆོས་ཉིད་ཀྱིས་ན་རྟག་པའོ།། ཞེས་གསུངས་པ་ཡིན་ནོ།། གཏན་དུ་ཉེ་བར་ཞི་བའི་དོན་ནི་གང་གི་དབང་དུ་མཛད་ནས།། དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གདོད་མ་ནས་ཡོངསུ་མྱ་ངན་ལས་འདས་པ་ཉིད་དེ། སྐྱེ་བ་མེད་པ་འགག་པ་མེད་པའོ་ཞེས་གསུངསོ།། དོན་བཞི་པོ་འདི་དག་ལ་ནི་གྲོ་རིམ་ཇི་ལྟ་བ་བཞིན་དུ་མིང་གི་རྣམ་གྲང ་འདི་བཞིར་འགྱུར་ཏེ། འདི་ལྟ་སྟེ། ཆོས་ཀྱི་སྐུ་དང་། དེ་བཞིན་གཤེགས་པ་དང་། དོན་དམ་པའི་བདེན་པ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། གང་གི་ཕྱིར་འདི་སྐད་ཅེས། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས ་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཞན་ལ། ཆོས་ཀྱི་སྐུ་གཞན་པ་ནི་མ་ལགས་ཀྱི། བཅོམ་ལྡན་འདས་ཆོས་ཀྱི་སྐུ་ཉིད་དེ་བཞིན་གཤེགས་པ་ལགསོ ་བྱ་བ་དང་། བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་ཏོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཞེས་བགྱི ་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དགས་ལྤགས་སོ་ཞེས་གསུངས་པ་ཡིན་ནོ།། དེ་ལ་ཚུག་སུ་བཅད་པ་ཕྱེད་ཕྱི་མས་ཅི་བསྟན་ཞེ་ན། རྣམ་ཀུན་མངོན་པར་བྱང་ཆུབ་དྲང་།། དྲི་མ་བག་ཆགས་བཅས་སྤངས་པ།། ་སངས་རྒྱས་མྱ་ངན་འདས་པ་ནི།། དམ་པའི་དོན་དུ་གཉིས་མེད་ཉིད།། གང་གི་ཕྱིར་ཟག་པ་མེད་པའི་དབྱིངས་ཀྱི་རྣམ་གྲངས་བཞི་པོ་འདི་དག་དེ་བཞིན་གཤེགས་པའི་ཁམས་ཀྱི་དོན་གཅིག་ལ་ཡང་དག་པར་འདུ་བ་དེའི་ཕྱིར། འདི། ་དག་དོན་གཅིག་པས་གཉིསུ་མེད་པའི་ཆོས་ཀྱི་ཚུལ་གྱི་སྒོ་ནས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་སངས་རྒྱས་ཉིད་ཅེས་བརྗེད་པ་གང་ཡིན་པ་དང་། ལྷན་ཅིག་མངོན་པར་རྫོགས ་པར་བྱང་ཆུབ་པས་བག་ཆགས་དང་བཅས་པའི་དྲི་མ་སྤངས་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བརྗོད་པ་འདི་གཉིས་ཀ་ཡང་ཟག་པ་མེད་པའི་དབྱིངས་ལ་དབྱེར་མེད་བཅང་དུ་མེད་དེ། གཉིས་སུ་མེད་དོ་ཞེས་བྱ་བར་བལྟ ་བྱའོ།། རྣམ་པ་ཐམས་ཅད་གྲངས་མེད་པ།། བསམ་མེད་དྲི་མེད་ཡོན་ཏན་དང་།། དབྱེར་མེད་མཚན་ཉིད་ཐར་པ་སྟེ།། ཐར་པ་གང་དེ་དེ་བཞིན་གཤེགས།། ཞེས་བྱ་བ་འདི་ནི་ཇི་སྐད་དུ། དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས ་པོའི་དབང་དུ་མཛད་ནས། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལྤགསོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་ལམ་རིང་པོས་དུབ་པ་རྣམས་ལ་འབྲོག་དགོན་པའི ་དབུས་སུ་གྲོང་ཁྱེར་སྤྲུལ་པ་བཞིན་དུ་འདི་ནི་ཆོས་ཀྱི་དབང་ཕྱུག་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མི་ལྡོག་པའི་ཐབས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅཝ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར། ཐམས་ཅད་གཞལ་དུ་མེད་པ། བསམ་གྱིས་མི་ཁྱབ་པ། རྣམ་པར་དག་པའི་མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པའོ་ཞེས་བྱ་བ་འདི་ནི ་ཡོན་ཏན་རྣམ་པ་བཞི་གྲུབ་པ་དང་། དབྱེར་མེད་པའི་མཚོན་ཉིད་མྱ་ངན་ལས་འདས་པ་ཐོབ་པས། དེའི་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱུ་སུ་འགྱུར་བའི་ཕྱིར་ན་སངས་རྒྱས་མྱ་ངན་ལས་འདས་པ་དག་རྣམ་པར་དབྱེ་བ ་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ན་སངས་རྒྱས་ཉིད་མེད་པར་འགའ་ཡང་མྱ་ངན་ལས་འདས་པ་ཐོབ་པ་མེད་དོ་ཞེས་བསྟན་པ་ཡིན་ནོ།། དེ་ལ་ཟག་པ་མེད་པའི་དབྱིངས་ལ་རྣམ་པོ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པོ་ཉིད ་མངོན་པར་བསྒྲུབས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་པ་ཉིད་ནི་རི་མོ་མཁན་གྱི་དཔེས་རིག་པར་བྱ་སྟེ། ཇི་ལྟར་རི་མོ་འདི་བྱེད་པ།། གཞན་དང་གཞན་ལ་མཁས་པ་དག། གང་ཞིག་ཡན་ལགས ་གང་ཤེས་པ།། དེས་གཞན་དེས་ཟིན་མེད་པར་འགྱུར།། དེས་ནཱ་འདི་ལ་ཁྱེད་ཀུན་གྱིས།། ང་ཡི་གཟུགས་ནི་གྱིས་ཤིག་ཅེས།། མངའ་བདག་རྒྱལ་པོས་དེ་དག་ལ།། བཽཀའ་ཡིས་རས་ནི་བྱིན་པ་དང་།། དེ་ནས་དེ་ནི་ཐོས་གྱུར་ཏེ།། རི་མོའི ་ལས་ལ་རབ་སྦྱོར་རོ།། དེ་ལ་མངོན་པར་སྤྱོད་རྣམས་ལྔས།། གཅིག་ཅིག་ཡུལ་གཞན་སོང་གྱུར་ན།། དེ་ནི་ཡུལ་གཞན་སོང་བས་ན།། དེ་མ་ཚང་ཕྱིར་རི་མོ་དེ།། ཡན་ལག་ཐམས་ཅད་ཡོངས་རྫོགས་པར།། མི་འབྱུང་བཞིན་ཤེས ་དཔེར་བྱསོ།། དེ་རྣམས་འདྲི་བྱེད་གང་དག་ཡིན།། སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས།། རྣམ་པ་ཀུན་གྱི་མཆོག་ལྡན་པ།། དེ་ལ་མངོན་པར་སྦྱིན་རྣམས་ཀྱིས།། སྟོང་པ་ཉིད་ནི་གཟུགསུ་བརྗོད།། དེ་ལ་སྦྱིན་པ་ལ་སོགས་པ་འདི ་ངག་ཉིད་ལས་རེ་རེ་ཡང་སངས་རྒྱས་ཀྱི་ཡུལ་ལ་མཐའ་ཡས་པར་རྣམ་པའི་རབ་ཏུ་དབྱེ་བ་ཐ་དད་པའི་ཕྱིར་ཆེད་མེད་པར་རིག་པར་བྱའོ།། གྲངསྡེ་དང་མཐུ་དགྲ་གིས་ནི་བསམ་གྱིས་མཽ་ཁྱབ་པ་ཉིད་དོ།། སེར་སྣ་ལ་སོགས་པ་མི ་མཐུན་པའི་ཕྱོགས་ཀྱི་བག་ཆགས་བསལ་བའི་ཕྱིར་ནི་རྣམ་པར་དག་པ་མཆོག་ཉིད།། དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པོའི་སྟོང་པ་ཉིད་ཀྱི་ཏིང་འཛིན་གྱི་སྒོ་བསྒོམས་པས་མི་སྐྱེ་བའི་ཆོས་ཉིད་ཐོབ་པའི་ཕྱིར། བྱང་ཆུབ ་སེམས་དཔའི་ས་མི་གཡོ་བ་ལ་རྣམ་པར་མི་རྟོག་པ་སྐྱོན་མེད་པ་རྒྱུན་མི་འཆད་པར་རང་གི་ངང་གིས་འཇུག་པའི་ལམ་ཤེས་པ་ལ་བརྟེན་པས་ན་ཟག་པ་མེད་པའི་དབྱིངས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཐང ་པ་ཉིད་ཡང་དགྲ་པར་འགྲུབ་པོ།། བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་དག་གིས་ཚད་མེད་པོའི་སངས་རྒྱས་ཀྱི་ཆོས་ཡོངསུ་འཛིན་བཱི་ཤྲཱི་པ་ལ་བརྟེན་པྲ་ནི། ་ཡོན་ཏན་ཚད་མེད་པ་ཉིད་ཡང་དག་པར་འགྲུབ་པོ།། བྱང་ཆུབ་སེམས་དཔའི་སའི་ཆོས་ཀྱི་སྤྲིན་ལྔ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གནས་ལྐོག་ཏུ་མ་གྱུར་པའི་ཤེས་པ་ལ་བརྟན་པ་སེ་ན། ཡོན་ཏན ་བསམ་གྱིས་མི་ཁྱབ་པ་ཉིད་མངོན་པར་འགྲུབ་པོ།། དེའི་རྗེས་ཐོགསུ་སངས་རྒྱས་ཀྱིས་ཐོབ་པའི་ཕྱིར་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་ལས་གྲོལ་བའི་ཤེས་པ་ལ་བརྟེན ་བས་ན། རྣམ་པར་དག་པ་མཆོག་གི་ཡོན་ཏནྡོ་ཉིད་ཡང་དག་པར་འགྲུབ་པོ།། གང་གི་ཕྱིར་སའི་ཡེ་ཤེས་ཀྱི་བརྟེན་བཞི་པོ་འདི་དག་ལ་དགྲ་བཅོམ་པ་དྲང་རང་སངས་རྒྱས་རྣམས་མཐོང་བ་མེད་པ་དེའི་ཕྱིར་དེ་དག་ནི་ཡོན། ་ཏན་རྣམ་པ་བཞི་གྲུབ་པ་དང་། དབྱེར་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་ལས་རིང་དུ་གྱུར་པ་ཡོན་ཏན་ཞེས་བྱ་བའོ།། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས།། གསལ་དང་འཕྲོ་དང་དག་ཕྱིར་དང་།། ། ་ཐ་དད་མེད་ཕྱིར་འོད་དང་ཟེར།། ཉི་མའི་དཀྱིལ་འཁོར་རྣམས་དྲང་མཚུངས།། ཤེས་རབ་གང་དང་ཡེ་ཤེས་གང་དང་རྣམ་པར་གྲོལ་བ་གང་གིས་ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང་། དབྱེ་བ་མེད་པའི་མཚན་ཉིད ་ཀྱི་མྱ་ངན་ལས་འདས་པའི་དབྱིངས་དེ་མཚོན་པར་བྱེད་པ་དེ་དྲུག་ནི་གྷོ་རཱིམ་ཇི་ལྟ་བ་བཞིན་དུ་གསུམ་དང་། རྣམ་པ་གྲུཅིག་གིས་ཉི་མ་དང་ཆོས་མཐུན་པ་རྣམ་བྱ་བཞི་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་འཇིག་རྟེན ་ལྔས་འདས་པ་རྣམ་པར་མི་རྟོག་པའི་ཤེས་རབ་ནི་རིཤེས་བྱའི་དེ་ཁོ་ན་ཉིད་དམ་པའི་མུན་སེལ་བ་ཉེ་བར་གནས་པའི་ཕྱིར་འོད་གསལ་བ་དང་ཆོས་མཚུངས་སོ།། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཤྲཱི་ས་བྱ་ཐམས་ཅད་ཀྱི་ཡེ་ཤེས ་ནི་ཤེས་བྱའི་དངོས་པོ་མ་ལུས་པའི་རྣམ་པ་ཐམས་ཅད་ལོ་འཇུག་པས་ན། འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་སོ།། དེ་གཉིས་ཀཱའི་རྟེན་སེམས་ཀྱི་རང་བཞིན་རྣམ་པར་གྲོལ་བ་ནི་ཤིན་ཏུ་དྲི་མ་མོད་ཅིང་འོད་གསལ་བ ་ཉིད་ཀྱིས་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཚུང་སོ།། གསུམ་ག་ཡང་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་རང་བཞིན་ཉིད་ཀྱིས་གསུམ་པོ་དེ་རྣམ་པར་དབྱེ་བ་མེད་པ་དང་ཆོས་མཚུངས་སོ།། དེས་ན་སངས་རྒྱས་མ ་ཐོབ་པར་མྱ་ངན་འདས་པ་མི་འཐོབ་སྟེ། འོད་དང་འོད་ཟེར་སྤངས་ནས་ནི།། ཉི་མ་བལྟ་བར་མི་ནུས་བཞིན།། གང་གི་ཕྱིར་ཐོག་མ་མེད་ནས་ཉེ་བར་གནས་པའི་རང་བཞིན་དགེ་བའི་ཆོས་དང་ལྡན་པའི་ཁམས་དེ་ལ་དེ་བཞིན་གཤེན ་པ་རྣམས་ཀྱི་ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ཡིན་པ་དེའི་ཕྱིར། ཆགས་པ་མེད་པ་ཐོག་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་དེ་བཞིན་གཤེགས་པ་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མཚན་ཉིད ་མྱ་ངན་ལས་འདས་པའི་རྟོགས་པོ་མངོན་དུ་བྱེད་པར་མི་འཐད་དོ།། འོད་དང་འོད་ཟེར་མ་མཐོང་བར་ཉི་མའི་དཀྱིལ་འཁོར་མི་མཐོང་བ་ཡིན་ནོ།། དེ་ཉིད་ཀྱིས་ཕྱིར་བཅོམ་ལྡན་འདས་དམན་པ་དང་། གྱ་ནོམ་པའི་ཆོས་ལ་ནི་མྱ་ངན་ལས ་འོངས་པ་རྟོགས་པ་མ་མཆིས་ལགསོ།། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྟོགས་པ་ནི་ཤེས་རབ་མཚུངས་པའི་ཆོས་རྣམས་ཀྱི་ལགས་སོ།། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ནི་ཡེ་ཤེས་མཚུངས་པ་དང་། རྣམ་པར ་གྲོལ་བ་མཚུངས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མཚུངས་པ་རྣམས་ཀྱི་ལགས་སོ།། བཅོམ་ལྡན་འདས་དེའི་སླད་དུ་མྱ་ངན་ལས་འདས་པའི་དབྱིངས་ནི་རོ་གཅིག་པ་རོ་མཚུངས་པ་ཞེས་བརྗོད་དོ།། འདི་ལྟ་སྟེ། རིག་པ ་དང་རྣམ་པར་གྲོལ་བའི་རོས་སོ་ཞེས་གསུངས་སོ།། དེ་ལྟར་རྒྱལ་བའི་སྙིང་པོ་ཡི།། རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད་ཉོན་མོངས་སྦུབས་ན་གནས་པ་དེ།། དཔེ་དག་གིས་ནི་ཤེས་པར་བྱ།། དེ་ལྟར་ཕྱི་མའི་མཐའི་མ་དང་མཚུངས ་པ་རྟག་པའི་ཆོས་ཉིད་རིག་པར་བྱ་བ་ཉིད་རིག་པར་དབང་དུ་བྱོས་ནས་དོན་རྣམ་པ་བཅུས།། དེ་བཞིན་གཤེགས་པའི་སྙིང་པོ་འདི་རྣམ་པར་བཞག་པ་བཤད་པ་ཡིན།། ཐོག་མ་མེད་པའི་དུས་ན་ཉེ་བར་གནས་པ་མ་འབྲེལ་བཱི་རང ་བཞིན་གྱི་ཉོན་མོངས་པའི་སྔགས་ཉིད་དང་། ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པ་འབྲེལ་པའི་རང་བཞིན་དག་པའི་ཆོས་ཉིད་ཀྱི་དབང་དུ་བྱས་ནས། དཔེ་དགུས་དེ་བཞིན་གཤེགས་པའི་གཉེན་པོ་ཉོན ་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཏུམས་པ་ནི། མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱའོ།། དཔེ་དགུ་གང་ཞེ་ན། སངས་རྒྱས་པང་ངན་སྦྲང་ཅི་སྦྲང་མ་ལ།། སྔུན་ལ་སྙིང་པོ་མི་གཙང་ནང་ན་གསེར།། ས་ལ་གཏེར་དང་མྱུག་སོ ་འབྲས་ཕྱུང་དང་།། གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི།། བུད་མེད་ངན་པའི་ལྟོ་ན་མི་བདག་དང་།། ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར།། གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི།། སེམས་ཅན་རྣམས་ལ་དེ་བཞིན་ཁམས ་འདི་གནས།། དྲི་མྲ་པདྨ་སྲོག་ཆགས་སྦུན་པ་མི་གཙང་ས་འབྲས་གྲོས་ཧྲུལ་དང་།། སྡུག་བསྔལ་འབྲར་བས་མངོན་པར་གདུངས་པའི་བུད་མེད་ས་ཡི་ཁམས་དང་མཚུངས།། སངས་རྒྱས་སྦྲང་རྩི་སྙིང་པོ་གསྡེར་དང་གཏེར་དང་ནྱ་གྲོ ་རིན་ཆེན་སྐུ།། གླིང་བདག་མཆོག་དང་རིན་ཆེན་གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད།། ཉོན་མོངས་པ་ནི་པདྨ་ངན་པའི་སྦུབས་དང་འདྲ་ལ།། དེ་བཞིན་གཤེགས་པའི་ཁམས་ནི་པདྨ་ལྟ་བུ་སྟེ། ཇི་ལྟར་མདོག་ངན་པའི ་ཁོང་གནས་པ།། མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི།། དྲི་མེད་ལྷ་ཡི་མིག་ལྡན་གྱིས་མཐོང་ནས།། ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ།། དེ་བཞིན་བདེ་གཤེགས་མནར་མེང་རྣམས་ལ་ཡང་།། སངས་རྒྱས ་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ།། སྒྲིབས་མེད་ཕྱི་མའི་མུར་གནས་ཐུགས་རྗེ་ཡི།། བདག་ཅག་སྒྲིབ་པ་ལས་ནི་གྲོལ་བར་བྱེད།། ཇི་ལྟར་མི་སྡུག་པདྨ་ཟུམ་ལ་བདེ་བར་གཤེགས་པ་ནི།། དེ་ཡི་ཁོང་གནས་ལྷ་མིག་མཐོང་ནས་འདབ ་མོ་གཅོད་བྱེད་ལྟར།། ཆགས་སྡང་སོགས་དྲི་སྦུབས་བསྒྲིབས་རྫོགས་སངས་སྙིང་པོའི་འགྲོ་གཟིགས་ཏེ།། ཐུགས་རྗེས་ཐུབ་པ་དེ་བཞིན་སྒྲིབ་པ་དེ་ནི་འཇོམས་པར་མཛད།། ཉོན་མོངས་པ་ནི་སྲོག་ཆགས་སྦྲང་མ་དང་འདྲ་ལ།། དེ་བཞིན་གཤེ ་བའི་སྙིང་པོ་ནི་སྦྲང་རྩི་ལྟ་བུ་སྟེ། ཇི་ལྟར་སྲོག་ཆགས་ཚོགས་བསྐུར་སྦྲང་རྩི་ནི།། སྐྱེས་བུ་མཁས་པ་དེ་དོན་གཉེར་བ་ཡིས།། མཐོང་ནས་དེ་དང་ཐབས་ཀྱིས་སྲོག་ཆགས་སོགས།། ཀུན་ནས་བྲལ་པར་རབ་ཏུ་བྱེད་པ་བཞིན།། དྲང་སྲོང་ཆེན ་པོས་ཀུན་མཁྱེན་སྤྱན་གྱིས་ནི།། རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ན་སྲྀ།། དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ།། གཏན་ནས་རབ་ཏུ་སྤོང་བར་མཛད་པ་ཡིན།། ཇི་ལྟར་སྦྲང་རྩི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་བསྒྲིབས་སྦྲང་རྩི ་དོན་གཉེར་མོས།། སྦྲང་མ་དེ་དག་བསྔལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བྱེད་པ།། དེ་བཞིན་ལུས་ཙཱ་ནཱ་ལེ་ཡོད་ཟུག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ།། ཉོན་མོངས་སྦྲང་མ་དང་འདྲ་དེ་འཇོམས་པ་ལ་མཁས་པ་རྒྱལ ་བ་སྐྱེས་བུ་བཞིན།། ཉོན་མོངས་པ་ནི་ཕྱི་ཡི་སྦུན་པ་དང་འདྲ་ལ།། དེ་བཞིན་གཤེགས་པའི་ཁམས་ནི་ནང་གི་སྙིང་པོ་བཞིན་ཏེ། ཇི་ལྟར་སྤུན་ལྡན་འབྲུ་ཡི་སྙིང་པོ་ནི།། མི་རྣམས་ཀྱིས་ནི་ཡོངས་སྤྱོད་མི་འགྱུར་གཟས་སོགས་དོན་དུ ་གཉེར་བ་གང་ཡིན་པ།། དེ་དག་གིས་ནི་སྤྱན་གནས་དེ་འབྱིན་ལྟར།། དེ་འབྱིན་སེམས་ཅན་ལ་ཡོད་ཉོན་མོངས་ཀྱི།། དྲི་མ་དང་འདྲེས་རྒྱལ་བའང་ཇི་སྲིད་དུ།། ཉོན་མོངས་དྲི་མ་འདྲེས་ལས་མ་གྲོལ་བ།། དེ་བཞིན་རྒྱལ་མཛད ་སྲིད་གསུམ་དུ་མི་བྱེད།། ཇི་ལྟར་སཱ་ལུ་བྱའོ་ནས་འབྲུའི་སྙིང་པོ་སྤུན་ལས་མི་བྱུང་གྲ་མ་ཅན།། ལེགས་པར་མ་བསྒྲུབས་མི་རྣམས་ཀྱི་ནི་སྤྱད་བྱ་བཟའ་བ་ཞིམ་པོར་མི་འགྱུར་ལྟར།། དེ་བཞིན་སེམས་ཅན་ལ་ཡོད་ཆོས་ཀྱི་དབང་ཕྱུག་ཉོན ་མོངས་སྦྱིན་ལས་མཽ་གྲོལ་ལུས།། ཉོན་མོངས་བྲུ་བས་གཉེན་པའི་འགྲོ་ལ་ཆོས་ཀྱི་དགའ་བའི་རེ་སྟེར་འགྱུར་བ་མིན།། ཉོན་མོངས་པ་ནི་མཽ་གཙང་བའི་ལྡན་ལྗིན་གྱི་གནས་དང་འདྲ་ལ།། དེ་བཞིན་གཤེགས་པའི་ཁམས་ནི་གསེར ་བཞིན་ཏོ།། ཇི་ལྟར་རབ་ཏུ་རྒྱུ་ཚྭ་མི་ཡི་གསེར།། ལྗིན་ལྗིན་རུལ་བའི་གྲཝན་སུ་ལྷུང་གྱུར་ལ།། མི་འཇིག་ཆོས་ཅན་དེ་ནི་དེར་དེ་བཞིན།། ལོ་བརྒྱ་མང་པོ་དག་ཏུ་གྲནས་པ་ཏེ།། ལྷ་མིག་རྣམ་པར་དག་ལྷུན་ལྷ་ཡིས་དེར།། མཐོང་ནས་མི ་ལ་འདི་ན་ཡོད་པའི་གསོར་ཏོ།། རིན་ཆེན་མཆོག་འདི་སྦྱངས་ཏོ་རིན་ཆེན་གྱིས།། བསྒྲུབ་པར་བྱ་བ་གྱིས་ཞེས་སྨྲ་བ་ལྟར།། དྲི་བཞིན་ཐུབ་པས་མི་ག་ཙང་དང་འདྲ་བའི།། ཉོན་མོངས་སུ་བྱིང་སེམས་ཅན་ཡོན་ཏནྡ་ནི།། གཟིགས་ནས་ཉོན་མོང ་འདམ་དེ་དག་བྱའི་ཕྱིར།། སྐྱེ་དགུ་རྣམས་ལ་དམ་ཆོས་ཆུ་ཆར་འབེབས།། ཇི་ལྟར་ལྗིན་ལྗིན་རུལ་པའི་ནང་དུ་ལྷུང་བའི་གསེར་ནི་ལྷ་ཡིས་མཐོང་གྱུར་ནས།། ཀུན་ཏུ་དག་པར་བྱ་བྱོར་མཆོག་ཏུ་མཛེས་པ་མི་ལ་ནན་གྱིས་སྟོན་པ་ལྟར།། ་དེ་བཞིན་རྒྱལ་བ་ཉོན་མོངས་མི་གཙང་ཆེན་པོར་ལྷུང་གྱུར་རྟོགས་སངས་རིན་པོ་ཆེ།། སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་བྱ་ཕྱིར་ལུས་ཅན་རྣམས་ལ་ཆོས་སྟོན་ཏོ།། ཉོན་མོངས་པ་ནི་སའི་མཐིལ་དང་འདྲ་ལ།། དེ་བཞིན ་གཤེགས་པའི་ཁམས་ནི་རིན་པོ་ཆེའི་གཏེར་བཞིན་ཏེ། ཇི་ལྟར་མི་དབུལ་ཁྱིམ་ནུང་ས་འོག་ན།། མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ཏོ།། མི་དེས་དེ་མ་ཤེས་ཤིང་གཏེར་དེ་ཡང་།། དེ་ལ་ང་འདིར་ཡོད་ཅེས་མི་སྒྲ་ལྟར།། དེ་བཞིན་ཡིད ་ཀྱི་རླུང་ཆུད་རིན་ཆེན་གཏེར།། དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང་།། མུ་རྟོགས་པས་ནཱ་དབུལ་བའི་སྡུག་བསྔལ་ནི།། རྣམ་མང་རྒྱུན་ཏུ་སྐྱེ་དགུ་འདིས་མྱོང་ངོ་།། ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གཏེར་ཆུད་གྱུར་པ་མི ་ལ་ནི།། ཆན་ཆེན་གཏེར་དག་ཡོད་ཅེས་རྗོད་པར་མི་བྱེད་དེ་ནི་མི་ཡིས་ཤེས་མིན་ལྟར།། དེ་བཞིན་ཆོས་གཏེཪྻ་ཡིད་ཀྱི་ཁྱིམ་གནས་སེམས་ཅན་དགྲ་ནི་དབུལ་པོ་ལྟ་བུ་སྟེ།། དེ་དག་རྣམས་ཀྱིས་དེ་ཐོབ་བྱ་ཕྱིར་འཇིག་རྟེན་དུ་ནི ་དྲང་སྲོང་ཡང་དག་བལྟམས།། ཉོན་མོངས་པ་ནརི་ཤུན་པའི་སྦུབས་དང་འདྲ་ལ་དེ་བཞིན་གཤེགས་པའི་ཁམས་ནི་ས་བོན་གྱི་མྱུ་གུ་ལྟ་བུ་སྟེ། ཇི་ལྟར་ཨ་མྲ་ལ་སོགས་ཤིང་འབྲས་ལ།། ཡོད་པའི་ས་བོན་མྱུ་གུ་འཇིག ་མེད་ཆོས་ས་རྨོས་ཆུ་སོགས་ལྡན་ལས་ལྗོན་ཤིང་གོ།། རྒྱལ་པོའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར།། སེམས་ཅན་རྣམས་ཀྱི་མ་ག་སོགས་འབྲས་ཀྱི།། དཔག་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་།། དེ་བཞིན ་དགེ་བ་དེ་དེ་ལ་བརྟེན་ནས།། རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར།། ཆུ་དང་ཉི་མའི་འོད་དང་རླུང་དང་ས་དང་དུས་མཐའི་རྐྱེན་རྣམས་ཀྱིས།། ཏྤ་ལ་དང་ནི་ཨ་མྲའི་འབྲས་སྔགས་གསེབ་ནས་ཤིང་སྐྱེས་ཇི་ལྟ་བར ་སེམས་ཅན་ཉོན་མོངས་འབྲས་པགས་ནང་ཆུང་རྫོགས་སངས་ས་བོན་མྱུ་གུ་ཡང་།། དེ་བཞིན་དགེ་རྐྱེན་དེ་དང་དེ་ཡིས་ཆོས་འཐོན་འཕེལ་བར་འགྱུར་བ་ཡིན།། ཉོན་མོངས་པ་ནི་གོས་ཧྲུལ་དང་འདྲ་ལ།། དེ་བཞིན་གཤེགས་པའི ་ཁམས་ནི་རིན་པོ་ཆེའི་སྐུ་ལྟ་བུ་སྟེ། ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས།། གོས་ཧྲུལ་དྲི་ངན་གྱིས་ནི་གདུམས་གྱུར་པ།། ལམ་གནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར།། ལམ་གནས་དོན་དེ་དེ་ལ་སྨྲ་བ་ལྟར།། ་དེ་བཞིན་ཐོགས་མེད་རྣམ་པ་སྣ་ཚོགས་ཀྱི།། ཉོན་མོངས་ཀྱིས་གཏུམས་བདེ་གཤེགས་དངོས་པོ་ཉིད།། དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་ཏེ།། ཐར་པར་བྱ་བའི་དོན་དུ་ཐབས་སྟོན་མཛད།། ཇི་ལྟར་རིན་ཆེན་རང་བཞིན་དེ ་བཞིན་གཤེགས་སྐུ་དྲི་ངན་གོས་གཏུམས་པ།། ལམ་གནས་ལྷ་ཡི་མིག་གིས་མཐོང་ནས་མཐར་ཕྱིན་མི་ལ་སྟོན་པ་ལྟར།། དེ་བཞིན་ཉོན་མོངས་གོས་ཧྲུལ་གྱིས་གཏུམས་འཁོར་བའི་ལམ་ན་གནས་པའི་ཁམས།། དུད་འགྲོ་ལ ་ཡང་གཟིགས་ནས་ཐར་བར་བྱ་ཕྱིར་རྒྱལ་བས་ཆོས་སྟོན་ཏོ།། ཉོན་མོངས་པ་ནི་སེམས་ཅན་ཞུགས་པའི་མི་མོ་དང་འདྲ་ལ།། དེ་བཞིན་གཤེགས་པའི་ཁམས་ནི་མེར་མེར་པོའི་འབྱུང་བ་ཆེན་པོ་ལ་གནས་པའི་འཁོར་ལོ ་བསྒྱུར་བ་ལྟ་བུ་སྟེ། ཇི་ལྟར་མི་མོ་གཟུགས་ངན་མགོན་མེད་འགའ།། མགོན་མེད་འདུག་གནས་ནི་འདུག་གྱུར་ལ།། མངལ་གྱིས་རྒྱལ་པོའི་དཔལ་ནི་འཛིན་བྱེད་པ།། རང་ལྟོ་ན་ཡོད་མི་བདག་མི་ཤེས་ལྟར།། སྲིད་པར་སྐྱེ་བ་མགོན་མེད་ཁྱིམ ་བཞིན་ཏེ།། མ་དག་སེམས་ཅན་མངལ་ལྡན་བུད་མེད་བཞིན།། དེ་ལ་གང་ཞིག་ཡོད་པས་མགོན་བཅས་པ།། དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན།། ཇི་ལྟར་བུད་མེད་ལུས་ལ་དྲི་བཅས་གོས་གོན་མི་སྡུག་གཟུགས་ལྡན ་པ། ས་བདག་མངལ་ན་གནས་ཀྱང་མགོནཱ་མེད་ཁང་པར་སྡུག་བསྔལ་མཆོག་མྱོང་ལྟར།། དེ་བཞིན་བདག་རང་ནཱང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ།། འགྲོ་བ་ཉོན་མོངས་དབང་གིས་ཡིད་མ་ཞི་བ་སྡུག ་བསྔལ་ཞི་ལ་གནས།། ཉོན་མོངས་པ་ནི་སའི་འདམ་གོས་པ་དྲང་འདྲ་ལྔ།། དེ་བཞིན་གཤེགས་པའི་ཁམས་ནི་གསེར་གྱི་གཟུགས་བཞིན་ཏེ།། ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ།། ཞི་བའི་ཕྱི་རོལ་ས་ཡི་རང་བཞིན ་ཅན།། མཐོང་ནས་དེ་ཤེས་པ་དག་ནང་གི་གསེར།། སྦྱང་ཕྱིར་ཕྱི་རོལ་སྒྲིབ་པ་སེལ་བྱེད་ལྟར།། རང་བཞིན་འོད་གསལ་དྲི་མ་རྣམས་ཀྱང་ནི།། གློ་བུ་བར་ནི་རྣམ་པར་གཟིགས་གྱུར་ནས།། རིན་ཆེན་འབྱུང་གནས་ལྟ་བུའི ་འགྲོ་བ་རྣམས།། སྒྲིབ་པ་དག་ལས་སྦྱོང་མཇེད་བྱང་ཆུ་བོ་མཆོག།། ཇི་ལྟར་དྲི་མེད་གསོར་འབར་ལས་བྱས་ས་ཡི་ནང་དུ་ཆུད་གྱུར་གཟུགས།། ཞི་དེ་རང་བཞིན་མཁས་པས་རིག་ནས་དག་སེལ་བར་བྱེད་པ་ལྟར།། དེ་བཞིན ་ཀུན་མཁྱེན་དག་པའི་གསེར་འདྲ་ཞི་བའི་ཡིད་ནི་མཁྱེན་གྱུར་ནས།། ཆོས་འཆད་ཚུལ་གྱི་བརྟག་སྤྱད་བསྒྲུབས་པས་སྒྲིབ་པ་དགཱ་ནི་སེལ་བར་མཛད།། དཔེ་རྣམས་ཀྱིས་བསྡུས་པའི་དྲོན་ནི།། པདྨ་སྲོག་ཆགས་བུང ་བ་དང་།། སྡུག་པ་དང་ནི་མི་གཙངས།། འབྲས་ཤུན་གོས་ཧྲུལ་བུད་མོད་ཀྱི།། མངལ་དང་ས་ཡི་སྦུབས་ན་ཡང་།། སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན།། གླསེར་བཞིན་གཏེར་བཞིན་ལྗོན་པ་བཞིན།། རིན་ཆེན་སྐུ་དང་འཁོར་ལོ་ཡོས། ་བསྒྱུར་བ་བཞིན་དང་གསེར་གཟུགས་བཞིནི།། སེམས་ཅན་ཁམས་ཀྱི་ཉོན་མོངས་སྦུབས།། མ་འབྲལ་ཐོག་མ་མེད་པ་ན།། སེམས་ཀྱི་རང་བཞིན་དྲི་མེད་ནི།། ཐོག་མ་མེད་པ་ཡིན་པར་བརྗོད།། ཆགས་སོགས་ཉོན་མོངས་དགུ ་པོ་འོད།། མདོར་བསྡུས་ནས་ནི་གྲོ་རམ་བཞིན།། པདྨའི་སྦུབས་ལ་སོགས་པ་ཡི།། དཔེ་དགུ་དག་གིས་ཡང་དག་བསྟན།། གང་གིས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཡོགས་པ ་ཞེས་བརྗོད་ལ།། རྒྱས་པར་ནི་འདི་དག་ཉིད་བརྒྱད་ཁྲི་བཞི་སྟོང་གི་རྣམ་པའི་རབ་ཏུ་དབྱེ་བས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་ཡས་པར་འགྱུར་རོ།། དྲི་འདི་དག་གིས་བྱིས་རྣམས་དང་།། དགྲ་བཅོམ་སློབ་དང་བློ་ལྡན་རྣམས།། ། ་རིམ་བཞིན་བཞི་དང་གཅིག་དང་ནི།། གཉིས་དང་གཉིས་ཀྱིས་མ་དག་ཉིད།། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ནི་དེ་བཞིན་པའི་སྙིང་པོ་ཅན་ནོ་ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ལ་སེམས་ཅན་ཐམས་ཅད་ནི ་མདུར་བསྟན་རྣམ་པ་བཞིར་བརྗོད་དེ། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང་། དགྲ་བཅོམ་པ་དང་། སློབ་པ་དང་། བྱང་ཆུབ་སེམས་དཔའོ།། དེ་ལ་འདི་དག་ཟག་པ་མེད་པའི་དབྱིངས་གོ་རིམ་ཇི་ལྟ་བར་ཉོན་མོངས་པ་བཞི་དང་། གཅིག་དང་། ་གཉིས་དང་། གཉིས་ཀྱིས་མ་དག་པ་བསྟན་ཏོ།། སྤང་ཇི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པོ་དགུ་པོ་འདི་དག་པདྨའི་སྐྱབས་ལ་སོགས་པ་དང་འདྲ་བར་རིག་པར་བྱ་ལ། དེ་བཞིན་གཤེགས་པའི་ཁམས་སངས་རྒྱས ་ཀྱི་གཟུགས་ལ་སོགས་པ་དང་ཆོས་མཐུན་པར་ཡང་ཇི་ལྟར་རིག་པར་བྱ་ཞེ་ན། ཇི་ལྟར་པདྨ་འདམ་སྐྱེས་དོ།། མདུན་དུ་གྱུར་ན་ཡིད་དགའ་དང་།། ཕྱི་ནས་དགའ་བ་མེད་འགྱུར་བ།། འདོད་ཆགས་དགའ་བ་དེ་བཞིན་ནོ།། ཇི་ལྟར ་སྲོག་ཆགས་སྦྲང་མ་ནི།། ཤིན་ཏུ་འཁྲུགས་ཏེ་མདུང་རྟག་ལྟར།། དེ་བཞིན་ཞེ་སྡང་སྐྱེ་བ་ན།། སྙིང་ལ་སྡུག་བསྔལ་སྐྱེས་པར་བྱེད།། ཇི་ལྟར་འབྲས་སོགས་སྙིང་པོ་ནི།། ཕྱི་རོལ་སྦུན་པས་བསྒྲིབས་པ་ལྟར།། དེ་བཞིན་སྙིང་པ ་དོན་མཐོང་བ།། མ་རིག་སྒོ་དུའི་སྦུབས་ཀྱིས་བསྒྲིབས།། ཇི་ལྟར་མི་གྲ་ཙང་མི་མཐུན་པ།། དེ་བཞིན་ཆགྲོས་དང་བཅས་རྣམས་ཀྱི།། འདོད་པ་བསྟེན་པའི་རྒྱུ་ཡིན་ཕྱིར།། ཀུན་ནས་ལྡང་བ་མི་གཙང་འདྲ།། ཇི་ལྟར་ནོར་ནི་བསྒྲིབས ་བས་ན།། མི་ཤེས་གཏེར་མི་ཐོབ་པ་ལྟར།། དེ་བཞིན་སྐྱེ་ལ་རང་བྱུང་ཉིད།། མ་རིག་བག་ཆགས་ས་ཡིས་བསྒྲིབས།། ཇི་ལྟར་མྱུག་སོགས་རིམ་སྐྱེས་ཕྲ།། ས་བོན་ཤུན་པ་གཅོད་པ་ལྟར།། དེ་བཞིན་དེ་ཉིད་མཐོང་བ་ཡིས།། ། ་མཐོང་སྤང་རྣམས་ནི་ལྡོག་པར་འགྱུར།། འཕགས་པའི་ལམ་དང་འབྲེལ་པ་ལས།། འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱི།། སྐོམ་ལམ་ཡེ་ཤེས་སྤང་བྱ་རྣམས།། གོས་ཧྲུལ་དྲག་དང་མཚུངས་པར་བསྟུན།། ས་བདུན ་ལ་བརྟེན་དྲི་མ་ནི།། མངལ་སྦུབས་དྲི་མ་དགེ་དང་མཚུངས། མངལ་སྦུབས་བྲལ་འདྲ་མི་རྟོག་པའི།། ཡེ་ཤེས་རྣམ་པར་སྨིན་པ་བཞིན།། སྣ་གསུམ་རྗེས་འབྲེལ་དྲི་མ་རྣམསཽ།། ས་འདམ་གོས་བཞིན་ཤེས་བྱ་སྟེ།། བདག་ཉིད་ཆེན་པོ་རྗེ ་ལྷའི།། ཏིང་ངེ་འཛིན་གྱིས་གཞོམ་བྱ་ཡིན།། དེ་ལྟར་ཚེགས་སོགས་དྲི་མ་དགུ།། པདྨ་ལ་སོགས་དག་དང་མཚུངས།། རང་བཞིན་གསུམ་གྱིས་བསྡུས་ཕྱིར་ཁམས།། སངས་རྒྱས་སོགས་དང་ཆོས་མཚུངས་སོ།། སེམས་ཀྱི་རྣམ་པར ་ང་བའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་རྣམ་པ་གསུམ་གྱི་དབང་དུ་བྱས་ཏེ། སངས་རྒྱས་ཀྱིས་གཟུགས་ལ་སོགས་པ་རྣམ་པ་དགུ་དང་ཆོས་མཐུན་པར་རྟོགས་པར་བྱའོ།། རང་བཞིན་རྣམ་པ་གསུམ ་གང་ཞེ་ན། འདི་ཡི་རང་བཞིན་ཆོས་སྐུ་དང་། དེ་བཞིན་ཉིད་དང་རིགས་ཀྱང་སྟེ།། དེ་ནི་དཔེ་གསུམ་གཅིག་དང་ནི།། ལྔ་རྣམས་ཀྱིས་ནི་ཤེས་པར་བྱ།། སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་འབྲུའི་སྙིང་པོའི་དཔེ་གསུམ་གྱིས་ནི་ཁམས ་དེ་ཆོས་ཀྱི་སྐུའི་རང་བཞིན་དུ་ཤེས་པར་བྱའོ།། གསེར་གྱི་དཔེ་གཅིག་གིས་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ལྟ་བུའོ།། གཏེར་དང་ཤིང་དང་རིན་ཚོན་ནི་སྐུ་དང་འཁོར་ལོས་སྒྱུར་བ་དང་། གསེར་གྱི་དཔེ་ལྔས་ནི་སངས་རྒྱས་ཀྱི་སྐུ་གསུམ ་བསྐྱེད་པའི་རིགས་ཀྱི་རང་བཞིན་དུའོ།། དེ་ལ་ཆོས་ཀྱི་སྐུ་གང་ཞེ་ན། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ།། ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་།། དེ་ཡི་རྒྱུ་མཐུན་ཟབ་དང་།། སྣ་ཚོགས་ཚུལ་ནི་སྟོན་པའོ།། སངས་རྒྱས་ཀྱི་ཆོས་སྐུ་ནི་རྣམ་པ་གཉིས་སུ ་རྟོགས་པར་བྱའོ།། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ནི།། རྣམ་པར་མི་རྟོག་པའི་སྤྱོད་ཡུལ་གྱི་ཡུལོ།། དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོ་རེང་གི་རིག་པར་བྱ་བའི་ཆོས་ཀྱི་དབང་དུ་བྱས་ཏེ། རྟོགས་པར་བྱའོ།། དེ ་ཐོབ་པའི་རྒྱུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ནི་གདུལ་བྱ་ཇི་ལྟ་བར་སེམས་ཅན་གཞན་ལ་རྣམ་པར་རིག་པར་འབྱུང་ངོ་།། དེ་ཡང་བསྟན་པའི་ཆོས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ།། བསྟན་པ་ཡང་རྣམ་པ ་གཉིས་ཏེ། ཕྲ་བ་དང་རྒྱ་ཆེན་པོའི་ཆོས་རྣམ་པར་འཇོག་པའི་ཚུལ་གྱི་དབྱེ་བ་ལས།། འདི་ལྟ་སྟེ། དོན་དམ་པའི་བདེན་པའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཟབ་མོའི་ཆོས་ཀྱི་ཚུལ་སྟོན་པོ་དང་། ཀུན་རྫོབ་ཀྱི་བདེན་པའི ་དབང་དུ་བྱས་ཏེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགསུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་བཞི་ལ་སོགས་པ་རྣམ་པ་དུ་མར་སྣ་ཚོགས་པའི་ཆོས་རྣམ་པར་འཇོག་པའི་ཚུལ་བསྟན་པའོ།། འཇིག ་རྟེན་འདས་ཕྱིར་འཇིག་རྟེན་ནོ།། འདི་ལ་དཔེ་ནི་མི་དམིགས་པས།། དེ་བཞིན་གཤེགས་པ་ཉིད་དང་ཁམས།། འདྲ་བ་ཉིད་དུ་བསྟན་པ་ཡིན།། ཕྲ་མོ་ཟབ་པའི་ཚུལ་བསྟེན་པ་ནི།། སྦྲང་རྩིའི་རོ་གཅིག་པ་བཞིན་ཏོ།། རྣམ་པ་སྣ་ཚོགས ་ཚུལ་བསྟན་ནི།། སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ།། དེ་ལྟར་སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་སྙིང་པོའི་དཔེ་འདི་གསུམ་གྱིས་ནི།། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལུས་པ་མེད་པའི་སེམས་ཅན ་གྱི་ཁམས་ཁྱབ་པའི་དོན་གྱི་དབང་དུ་བྱས་ནས།། སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བསྟན་ཏོ།། གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་དུ་གྱུར་པའི་སེམས་ཅན་དེ་ནི་འགའ ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ། ན་མཁའི་ཁམས་ཀྱི་གཟུགས་བཞིན་ནོ།། ཇི་སྐད་དུ། ཇི་ལྟར་ན་མཁའ་རྟག་ཏུ་ཀུན་སོང་འདོད།། དེ་བཞིན་དཱི་ཡང་རྟག་ཏུ་ཀུན་སོང་འདོད།། ཇི་ལྟར་ན་མཁའ་གཟུགས་རྣམས་ཀུནཱ་ཏ་སོང་།། དེ ་བཞིན་འདི་ཡང་སེམས་ཅན་ཚོགས་ཀུན་སོང་།། ཞེས་གསུངས་སོ།། རང་བཞིན་འགྱུར་བ་མེད་པ་དང་།། དགེ་དང་རྣམ་པར་དག་པའི་ཕྱིར།། དེ་བཞིན་ཉིད་འདི་གསེར་གྱི་ནི།། གཟུགས་དང་མཚུངས་པར་བརྗོད་པ་ཡོན།། སེམས ་གང་ཡིན་པ་དེ་ནི་ཉོན་མོངས་པ་དང་སྡུག་བསྔལ་མཐའ་ཡིས་པ་དང་རྗེསུ་འབྲེལ་ཀྱང་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་རྣམ་པར་འགྱུར་བ་ལ་མི་སྟོན་པ་དེའི་ཕྱིར་གསེར་བཟང་བ་བཞིན་དུ་གཞན་དུ་མི་འགྱུར་བའི་དོན ་གྱིས་དེ་བཞིན་ཉིད་ཅེས་བརྗོད་དོ།། དེ་ཡང་ལོག་པ་ཉིད་དུ་ངེས་པའི་རྒྱུ་ཅན་གྱི་སེམས་ཅན་ཐམས་ཅད་ལ་ཡང་རང་བཞིན་ཁྱད་པར་མེད་དུ་ཟིན་ཀྱང་། གློ་བུར་གྱི་ཉོན་མོངས་པ་མཐའ་དག་རྣམ་པར་དག་པ་ལས་གྱུར་པ། དེ ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེས་ན་འདིར་གསེར་གྱི་དཔེ་གཅིག་གིས་དེ་བཞིན་ཉིད་ལ་དབྱེར་མེད་པའི་དོན་གྱི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་སེམས་ཅན་དེ་དག་གི་སྙིང ་པོ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། སེམས་ཀྱི་རང་བཞིན་རྣམ་པར་དག་པ་གཉིས་སུ་མེད་པའི་ཆོས་ཉིད་ཉེ་བར་བཟུང་ནས། བཅོམ་ལྡན་འོངས་ཀྱིས་ཇི་སྐད་དུ་བཀའ་སྩལ་པ་ནི། འཇམ་དཔལ་དེ་ལ་དེ་བཞིན་གཤེ ་པ་ནི་བདག་གི་ཉེ་བར་ལེན་པའི་གཞི་རྩ་ཡོངསསུ་མཁྱེན་པས་བསྲུང་བ་མཛད་དེ། བདག་རྣམ་པར་དག་པས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་རྟོག་སྲོཀྵ་བདག་རྣམ་པར་དག་པ་གང་ཡིན་པ་དང་། སེམས་ཅན ་ཐམས་ཅད་རྣམ་པར་དག་པ་གང་ཡིན་པ་དོ་ནི་གཉིས་སུ་མེད་དེ་གཉིསུ་བྱར་མེད་དོ་ཞེས་གསུངས་སོ།། དེ་སྐད་དུ། མདོར་བསྡུ་ན། དེ་བཞིན་གཤེགས་པའི་སྙིང་པོའི་མདོར་དཔེར་བརྗོད་པ་བསྟན་པ་འདིས་ནི་སེམས ་ཀྱི་ཁམས་མ་ལུས་པའི་ཐོགས་པ་མེད་པའི་སེམས་ཅན་ཀུན་ནས་ཉོན་མོངས་པའི་གློ་བུར་བ་ཉིད་དང་། ཐོག་མ་མེད་པའི་སེམས་རྣམ་པར་བྱང་བའི་ཆོས་ལྷན་ཅིག་སྐྱེས་པ་རྣམ་པར་དབྱེ་བ་མེད་པ་ཉིད་དུ་བསྟན་ཏོ། དེས ་ན་སེམས་ཀུན་ནས་ཉོན་མོངས་པའི་ཕྱིར་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་ལ། སེམས་རྣམ་པར་བྱང་བའི་ཕྱིར་ནི་རྣམ་པར་དག་པ་ཡིན་ནོ་ཞེས་གསུངས་སོ།། དེ་ལ་གང་གི་དབང་དུ་བྱས་ནས། པདྨའི་སྦུབས ་ལ་སོགས་པའི་དཔེ་དགུ་བསྟན་པ། སེམས་ཀྱི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། ཆགས་དང་སྡང་དང་རྨོངས་དང་དེ་ཡི་ཀུན་ལྡང་དྲག་དང་བག་ཆགས་དང་།། མཐོང་སྒོམ་ལམ་སྤང་མ་དག་དག་པའི་ས་བརྟེན ་པའི། དྲི་མ་རྣམ་དགུ་པདྨའི་སྦུབས་སོགས་པའི་དཔེས་ནི་རབ་བསྟན་ཏེ།། ཉེ་བའི་ཉོན་མོངས་སྔགས་ཀྱི་དབྱེ་བས་བྱེ་བ་མཐའ་ལས་འདས།། མདོར་བསྡུ་ན་ཉེན་མོངས་པ་དགུ་པོ་འདི་དག་དེ་བཞིན་གཤེགས་པའི་ཁམས་རང ་བཞིན་གྱིས་རྣམ་པར་དག་པ་ལ་ཡང་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་ལ་པདྨའི་སྦུབས་ལ་སོགས་པ་ལྟར་གློ་བུར་བ་ཉིད་དུ་ཡོད་དོ།། དགུ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོ ་པ་དང་། ཞེ་སྡང་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང་། གཏི་མུག་པག་ལ་ཉིལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དྲག་པོས་ཀུན་ནས་ལྡང་བའི་མཚན་ཉིད་དང་། མ ་རིག་པའི་བག་ཆགས་ཀྱི་སྲས་བསྡུས་པ་དང་། མཐོང་བས་སྤང་བར་བྱ་བ་དང་། སྒོམ་པས་སྤང་བར་བྱ་བ་དང་། མ་དྲག་པའི་ས་ལ་བརྟེན་པ་དང་། དགེ་བའི་ས་ལ་བརྟེན་པའོ།། དེ་ལ་འཇིག་རྟེན་པའི་འདོད་ཆགས་དང་། ་བྲལ་བའི་རྒྱུད་ལ་ཡོད་པའི་ཉོན་སེམས་པ་མི་གཡོ་བའི་འདུ་བྱེད་ལ་སོགས་པའི་རྒྱུ་གཟུགས་དང་གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞོན་པར་བྱ་བ ་གང་ཡིན་པ་དེ་དག་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བག་ལ་ཉལ་གྱི་མཚན་ཉིད་ཅེས་བྱའོ།། འདོད་ཆགས་ལ་ཚོགས་པ་ལ་སྤྱོད་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པ་བསོད་ནམས་དང་། བསོད་ནམས་མ་ཡིན ་པའི་འདུ་བྱེད་ལ་སོགས་པའི་རྒྱུ་འདོད་པའི་ཁམས་འབའ་ཞིག་སྒྲུབ་པར་བྱེད་པ། མི་སྡུག་པ་བསྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གོང་ཡིན་པ་དེ་དག་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དྲག་པོས་ཀུན་ནས ་ང་བའི་མཚན་ཉིད་ཅེས་བྱའོ།། དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཟག་པ་མེད་པའི་ལམ་འཇུག་པའི་རྒྱུ་དྲི་མ་མེད་པའི་ཡིད་ཀྱི་རང་བཞིན་གྱི་ལུས་སྒྲུབ་པར་བྱེད་པ། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ ་པར་བྱ་བ་གང་ཡིན་པ་དེ་དག་ནི་མ་རིག་པའི་བག་ཆགས་ཀྱིས་བསྡུས་པ་ཞེས་བྱའོ།། སློབ་པ་ནི་རྣམ་པ་གཉིས་ཏེ། སོ་སོའི་སྐྱེ་བོ་དང་། འཕགས་པའོ།། དེ་ལ་སོ་སྔོའི་སྐྱེ་བོ་སློབ་པའི་རྒྱུད་ལོ་ཡོད་པ་སྔ་དང་པོ་འཇིག ་རྟེན་ལས་འདས་པའི་ཆོས་མཐོང་བའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པོ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཞེས་བྱའོ།། འཕགས་པའི་གང་ཟག་སློབ་པའི་རྒྱུད་ལྔ་ཡོད་པ་ཇི་ལྟར་མཐོང་བའི་འཇིག་རྟེན་ལྔ ་འདས་པའི་ཆོས་སྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་སྒོམ་པས་སྤང་བར་བྱ་བ་ཞེས་བྱའོ།། མཐར་ཐུག་པར་མ་གྱུར་པའི་བྱང་ཆུབ་སེམས་ད་པའི་རྒྱུད་ལས་ཡོད་པ་ཡེ་ཤེས་ཀྱི་ས་རྣམ་པ་བདུན ་ལས་ཀྱི་མི་མཐུན་པའི་ཕྱོགས་ས་བརྐྱང་བ་ལ་སོགས་པས་གསུམ་སྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གངྒཱ་ཡིན་པ་དེ་དག་ནི་མ་རིག་པའི་ས་ལ་བརྟེན་པ་ཞེས་བྱའོ།། མཐར་ཐུག་པའི་བྱང་ཆུབ་སམྦྷ། ་དཔའི་རྒྱུད་ལ་ཡོད་པ་བརྒྱད་པ་ལ་སོགས་པས་གསུམ་པ་བསྒོམས་པའི་ཤེས་པའི་མི་མཐུན་པའི་ཕྱོགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དགོ་ནི་དག་པའི་ས་ལ་བརྟེན་པ་ཞི་བྱའོ།། ་ཐམས་ཅད་ལ་ནི་ཁྱད་མེད་ཀྱང་།། དེ་བཞིན་ཉིད་དག་ལས་གྱུར་པ།། དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། འགྲོ་ཀུན་དེ་ཡི་སྙིང་པོ་ཅན་ཞེས་གསུངས་སོ།། གཏེར་དང་འབྲས་བུའི་ཤིང་བཞིན་དུ།། རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། ་ཐོག་མེད་རང་བཞིན་གནས་པ་དང་། ཡང་དག་བླངས་པ་མཆོག་ཉིད་དོ།། རིགས་ཉིད་ལས་ནི་སངས་རྒྱས་ཀྱི།། སྐུ་གསུམ་ཐོབ་པར་འདོད་པ་ཡིན།། དང་པོས་སྐུ་ནི་དང་པོ་སྟེ།། གཉིས་པ་ཡིས་ནཱི་ཕྱི་མ་གཉིས།། ངོ་བོ་ཉིད་སྐུ ་མཛེས་པ་ནི།། རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ།། རང་བཞིན་གྱིས་ནི་བྱས་མིན་དང་།། ཡོན་ཏན་རིན་ཆེན་གཽ་ཏེ་ར་ཡིན་ཕྱིར།། ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར།། རྫོགས་ལྗོངས་འཁོར་ལོས་སྒྱུར་བཞིན་ནོ།། གཟུགས་བརྙན་གྱི་ནི ་རང་བཞིན་ཕྱིར།། སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ།། དེ་ཕྱིར་དེ་ལྟར་གཏེར་དང་ལྡན་ཤིང་དང་།། རིན་པོ་ཆེའི་སྐུ་དང་། འཁོར་ལོས་སྒྱུར་བ་དང་། གསེར་གྱི་གཟུགས་ཏེ། དཔེ་ལྷག་མ་ལྔ་པོ་འདི་དག་གིས་ནི་སངས་རྒྱས་ཀྱི ་རྣམ་པ་གསུམ་བསྐྱེད་པའི་རིགས་ཡོད་པའི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་པའི་ཁམས་སེམས་ཅན་འདི་དག་ཐམས་ཅད་ཀྱི་སྙིང་པོར་བསྟན་པ་ཡིན།། དེ་བཞིན་གཤེགས་པ་ཉིད་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་གྱིས ་རབ་ཏུ་ཕྱེ་བ་ཡིན་ཏོ།། དེས་ན་དེ་བཞིན་གཤེགས་པའི་ཁམས་ཐོབ་པའི་རྒྱུ་ཡིན་པས་ཁམས་ཀྱི་དོན་ནི་འདིར་རྒྱའི་དོན་ཏོ།། གང་གི་ཕྱིར་དེ་ལ་ཡང་སེམས་ཅན་དང་སེམས་ཅན་ལ་དེ་བཞིན་གཤེགས་པའི་ཁམས་འགྲུབ ་པའི་སྙིང་པོར་གྱུར་པ་ཡོད་མོད་ཀྱི།། སེམས་ཅན་དེ་དག་གིས་ཤེས་པ་མ་ཡིན་ནོ་ཞེས་གསུངས་སོ།། དེ་སྐད་དུ་ཐོག་མ་མེད་དུས་ཅན་གྱི། ཁམས།། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ།། དེ་ཡོད་པས་ན་འགྲོ་ཀུནྡ་དང་།། མྱ ་ངན་འདས་པའང་ཐོབ་པ་ཡིན།། ཞེས་གསུངས་སོ།། དེ་ལ་ཇི་ལྟར་ན་ཐོག་མ་མེད་པའི་དུས་ཅན་ཡིན་ཞེ་ནཱ། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་དུ་མཛད་ནས། སྔོན་གྱི་མཐའ་མི་དམིགས་སོ།། བསྟེན་ཞིང་རབ་ཏུ ་གཞག་པ་གང་ཡིན་པའོ།། ཁམས་ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དྲི་བཞིན་གཤེགས་པའི་སྙིང་གང་ལགས་པ་འདི་ནི་འཇིག་རྟེན་ལས་འདྲེས་པའི་ཆོས་ཀྱི་སྙིང་པོ་རང་བཞིན་གྱིས་ཡོངསུ་དག་པའི་ཆོས ་ཀྱི་སྙིང་པོའོ།། ཞེས་གསུངས་སོ།། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འབྲེལ་པ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། འདུས་མ ་བྱས་པའི་ཆོས་རྣམས་ཀྱི་གནས་བཞི་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ། རྣམ་པར་དབྱེ་བ་དང་བཅས་པའི་ཆོས། བྲལ་ཤེས་པ། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི ་དང་། གནས་དང་། རྟེན་ལགསོ་ཞེས་གསུངས་པའོ།། དེ་ཡོད་ན་ནི་འགྲོ་ཀུན་དང་། ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན་དེ་ལ་འཁོར་བ་ཞེས་ཚིག་གིསོ་བཏགས་པ་ལགས་སོ་ཞེས ་གསུངསོ།། མྱ་ངན་འདས་པའང་ཐོབ་པར་འགྱུར།། ཞེས་བྱ་བ་ནི། ཇི་སྐད་དུ་བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལ་ཡང་ཡིད་འབྱུང་བར་མི་འགྱུར་ཞེས་མྱ་ངན་ལས་འདས་པ་ལ ་ཡང་འདོད་པ་དང་། དོན་དུ་གཉེར་བ་དང་། སྨོན་པར་ཡང་མི་འགྱུར་རོ་ཞེས་རྒྱས་པར་གསུངས་སོ།། ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་རིགས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང ་པོ་དེ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ།། ཞེས་བྱ་བའི་བར་ནི། ཆོ་སྡེ་ཉིད་ཚད་མེར་བྱས་ནས་བལྟ་བར་བྱ་སྟེ། ཇི་སྐད་དུ། རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ།། དེ་བཞིན་གཤེགས་པ ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་ཡིན་ནོ།། ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་འདིར་གང་གིས་དེ་ལྟ་བུ་ཁོ་ནར་འགྱུར་གྱི་གཞན་དུ ་མི་འགྱུར་རོ།། ཞེས་བྱ་བའི་རིགས་པ་དང་སྦྱོར་བ་དང་ཐབས་ཡིན་ཏེ། ཐམས་ཅད་དུ་སེམས་ངེས་པར་རྟོགས་པ་དང་། སེམས་ཡང་དག་པར་ཤེས་པ་ལ་ནི། ཆོས་ཉིད་རྟོག་པ་དང་། ཆོས་ཉིད་ཀྱི་རིགས་པ་ཡིན་ནོ།། དེ་ནི་བསྡུ་པར ་མི་བྱ་རྣམ་པར་བརྟོག་པར་མི་བྱའི།། ལྷག་པར་མོས་པར་བྱ་བ་འབའ་ཞིག་ཏུ་ཟད་དོ།། རང་བྱུང་རྣམས་ཀྱི་དོན་དམ་སྟེ།། དད་པ་ཉིད་ཀྱིས་རྟོགས་བྱ་ཡིན།། ཉི་མའི་དཀྱིལ་འཁོར་འོད་འབར་བ།། མིག་མེད་པས་ནི་མཐོང་བ་མེད།། མདོར ་བསྡུ་ན། གང་ཟག་བཞི་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་རྣམ་པར་བཞག་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ལ་གས ་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདྲི་ནི་འཇིག་རྟེན་ཚོགས་ལ་ལྟ་བར་ལྷུང་བ་རྣམས་དང་། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་། སྟོང ་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མེ་ལགསོ་ཞེས་གསུངས་པ་བཞིན་ནོ།། དེ་ལ་འཇིག་ཚོགས་ལ་ལྟ་བར་ལྷུང་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ལ་བརྗོད་དེ། འདི་ལྟར་དེ་དག་ནི་གཏན་དུ་ཕུང་པོ་ལ ་སོགས་པའི་ཆོས་ཟག་པ་དང་བཅས་པ་རྣམས་ལ་བདག་དང་བདག་གི་བ་ཉིད་དུ་ཁས་བླངས་ནས་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལེ་མངོན་པོར་ཞེན་པས་ན་འཇིག་ཚོགས་འགགས་པ་ཟག་པ་མེད་པའི་དབྱིངས་ལ ་ལྷག་པར་མོས་པར་མི་ནུས་པ་དག་སྟེ། དེ་དག་གིས་ཐམས་ཅད་མཁྱེན་པའི་ཡུལ་དེ་བཞིན་གཤེགས་པའི་སྙིང་པོ་རྟོགས་པར་ལྟ་ག་ལ་འགྱུར་ཏེ་འདི་ནི་གནས་མེད་དོ།། དེ་ལ་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ནི། ཉན ་ཐོས་དང་རང་སངས་རྒྱས་དག་ལ་བརྗོད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེ་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཉིད་དུ་བསྒོམ་པར་བྱ་བ་ལས། སླར་དེ་དེ་རྟག་པའི་འདུ་ཤེས་སུ་བསྒོམ་པ་ལས་བཟློག་ནས་མི་རྟག་པར་འདུ་ཤེས ་སུ་སྒོམ་པ་ལ་མངོན་པར་དགའ་བ་ཉིད་དང་། དེ་བཞིན་གཤེགས་པའི་སྙིང་པོ་བདེ་བར་བསྒོམ་པར་བྱ་བ་ལས། སླར་དེ་བདེ་བའི་འདུ་ཤེས་སུ་སྒོམ་པ་ལས་བཟློག་ནས། སྡུག་བསྔལ་བའི་འདུ་ཤེསུ་སྒོམ་པ་ལས་མངོན་པར་དགའ་བ་ཉིད ་དང་། དེ་བཞིན་གཤེགས་པའི་སྙིང་པོ་བདག་ཏུ་བསྒོམ་པར་བྱ་བ་ལས། སླར་དེ་ལ་བདག་གི་འདུ་ཤེསུ་བསྒོམ་པ་ལས་བཟློག་ནས། བདེན་མེད་པའི་འདུ་ཤེས་བསྒོམ་པ་ལ་དགའ་བ་ཉིད་དང་། དེ་བཞིན་གཤེགས་པའི་སྙིང་པོ་གཙང་བར ་བསྒོམ་པར་བྱ་བ་ལས། སླར་དེ་ལ་གཙང་བའི་འདུ་ཤེས་སུ་སྒོམ་པ་ལས་བཟློག་ནས། མི་གཽ་ཙ་དྲ་བའི་འདུ་ཤེས་སྐོམ་པ་ལས་མངོན་པར་དགའ་བོ་ཉིད་ཀྱི་ཕྱིར། དེ་བཞིན་རྣམ་གྲངས་འདིས་ནི་ཆོས་ཀྱི་སྐུ་ཐོབ་པ་དང་འགལ་བའི་ལ ་ལ་མངོན་པར་དགའ་བའི་ཕྱིར་མཆོག་ཏུ་རྟག་པ་དང་། བདེ་བ་དང་། བདག་དང་། སྡུག་པའི་མཚན་ཉིད་ཀྱི་ཁམས་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡང་སྤྱོད་ཡུལ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། དེ་ལྟར་ཕྱིན་ཅིལ ་ལ་མངོན་པར་དགའ་བའི་ཕྱིར་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའི་འདུ་ཤེས་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དེ་ལྟར་རྒྱས་པར་ཡོང་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོར། བཅོམ་ལྡན་འདས ་ཀྱིས་རྫིང་གི་ཆུའི་ནོར་བུའི་དཔེ་རབ་ཏུ་བསྒྲུབས་ཏེ། འདི་ལྟ་སྟེ། དགེ་སློང་དག་དཔེར་ན་སོ་གིའི་དུས་ལ་བབ་པ་ན། སྐྱེ་བོ་དག་ཁྲོས་རས་བཅིངས་ཏེ། རང་རང་གི་རྒྱན་དང་ཉེ་བར་སྤྱོད་པ་དག་གིས་ཆུ་ལ་རྩེའོ།། དེ་ནས་དེར་གཅིག་གི ་རིགས་དང་ལྡན་པའི་ནོར་བུ་བཻ་ཌཱུརྱ་ཆུའི་ནང་དུ་བཞག་པ་དང་། དེ་ནས་བཻ་ཌཱུརྱ་དེའི་དོན་དུ་དེ་དག་ཐམས་ཅད་རྒྱན་གཞག་ནས་ཞུགས་པར་གྱུར་ཏོ།། དེ་ནས་དོན་ཡོད་པའི་གསོག་མ་འམ་གྱོ་མོ་དེ་དག་ལ་ནོར་བུའོ་སྙམ་ནཱ་བཟུང ་སྟེ། བདག་གིས་ནོར་བུ་རྙེད་དོ་སྙམ་ནས་ཕྱུང་།། ཕྱུང་ནས་རྫིང་བུའི་འགྲམ་བུ་བལྟས་པ་ན་འདི་ནི་ནོར་བུ་མ་ཡིན་ནོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག།། རྫིང་གི་ཆུ་དེ་ཡང་ནོར་བུའི་མཐུས་ནོར་བུའི་འོད་དང་འདྲ་བར་སྣང་ངོ་།། དེ་དག ་དེ་ལྟར་སྣང་བའི་ཆུ་དེ་ཡང་ཨེ་མའོ་ནོར་བུའོ་སྙམ་དུ་ཡོན་ཏན་གྱི་འདུ་ཤེས་རབ་ཏུ་ཞུགསོ།། དེ་ནས་དེ་ལ་ཐབས་མཁས་ཤིང་ཡིད་གཞུངས་པ་གཅིག་གིས་ནོར་བུཾ་དེ་དེ་ཁོ་ན་བཞིན་དུ་རྙེད་པར་གྱུར་ཏོ།། དགེ་སློང་དག་དེ་བཞིན་དུ་ནོར ་བུ་ལྟར་ཆོས་ཀྱི་དོན་དེ་ཁོ་ན་མི་ཤེས་པ་ཁྱེད་ཀྱིས་ཐམས་ཅད་མི་རྟག་པ་དང་། ཐམས་ཅད་སྡུག་བསྔལ་བ་དང་། ཐམས་ཅད་བདག་མེད་པ་དང་། ཐམས་ཅད་མི་སྡུག་པའོ་ཞེས་བསྒོམས་ཤིང་། སྒོམ་པ་ལན་མང་དུ་བྱས་ཤིང་མེད ་དུ་བྱས་པ་ཉེ་བར་བཞག་པ་དེ་ཐམས་ཅད་ནི་དོན་མེད་དོ།། དགེ་སློང་དག་དེའི་ཕྱིར་རྫིང་བུ་དེ་དག་གི་གསེག་མ་དང་། གྱོ་མོ་རྣམ་པར་གནས་པ་ལྟར་མི་འགྱུར་བར་ཁྱེད་ཅག་ཐབས་ལ་མཁས་པར་གྱིས་ཤིག། དགེ་སློང ་དག་ཁྱེད་ཀྱིས་གང་དང་གོང་ཐམས་ཅད་མི་རྟག་པ་ཉིད་དང་། ཐམས་ཅད་སྡུག་བསྔལ་བ་དང་། ཐམས་ཅད་བདག་མེད་པ་དང་། ཐམས་ཅད་མི་གཙང་བའོ་ཞེས་འཛིན་པ་ཐམས་ཅད་ཀྱིས་སྒོམ་ཞིང་བསྒོམས་པ་མང་དུ་བྱས་ཤིང་མང་དུ་བྱས ་དང་དེ་ཉིད་ལ་རྟག་པ་དང་། བདེ་བ་དང་། བདག་ཉིད་ཡོད་པ་ཡིན་ནོ་ཞེས་རྒྱས་པར་ཆོས་ཀྱི་དེ་ཁོ་ན་ཉིད་དམ་པར་རྣམ་པར་བཞག་པ་ལས་བརྩམས་ཏེ་ཕྲིན་ཅི་ལོག་ཏུ་གྱུར་པ་བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བའོ།། དེ ་ལ་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ཚུལ་དུ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཉམས་པ་དག་ལ་བརྗོད་དོ།། གང་དག་ཡོད་པའི་ཆོས་ཉིད ་དུས་ཕྱིས་རྒྱུན་འཆད་ཅིང་ཞིག་པ་ཡོངསུ་མྱ་ངན་ལས་འདས་པའོ་ཞེས་དངོས་པོ་གཞོག་པའི་ཕྱིར་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་འདོད་པ་འམ། ཡང་གང་དག་གང་ཞིག་རྟོགས་པར་བྱ་བ་དང་། བསྒོམ་པར་བྱ་བ་སྟོང ་པོ་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པ་ལོས་ཐ་དད་པའི་དངོས་པོ་ཡོད་པ་ཡིན་ནོ་ཞེས་སྟོང་པ་ཉིད་ལ་དམིགས་པས་སྟོང་པ་ཉིད་ལ་བརྟེན་པའོ།། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན། ་འདི་ལ་བསལ་བ་ཅི་ཡང་མེད། བསྣན་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ།། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན།། གློ་བུར་དག་གིས་ཁམས་སྟོང་གི་རྣམ་དབྱེར་མེད་པའི ་མཚན་ཉིད་ཅན།། བླ་མེད་ཆོས་ཀྱིས་སྟོང་མ་ཡིན།། འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་ཡོངསུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནོ་འགའ་ཡང ་མེད་ལ། བློ་བུར་བའི་དྲི་མ་དང་། བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ།། འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་བཞག་པར་བྱ་བ་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད ་ནི་རང་བཞིན་ཡིན་པའི་ཕྱིར་རོ།། དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པོའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་ཞེས་གསུངསོ།། དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དྲག་པར་རྗེ་སུ་མཐོང་ལ། གང་ཞིག་ལྷག་པར་གྱུར་པ ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེསོ།། ཚིགསུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏོ།། ། ་དེ་ལ་གང་ཞིག་སྟོང་པ་ཉིད་ཀྱི་ཚུལ་འདི་ལས་སེམས་ཕྱི་རོལ་ཏུ་རྣམ་པར་གཡེང་ཞིང་རྣམ་པར་འགྲོ་ལ་མཉམ་པར་མི་འཇོག་ཅིང་རྩེ་གཅིག་ཏུ་མི་འགྱུར་བ་དེས་ན་དེ་དག་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་ཞེས ་བརྗོད་དོ།། དེ་ལ་དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པར་ནི་རྣམ་པར་རྟོག་པ་མེད་པའི་དབྱིངས་རྟོགས་ཤིང་མངོན་པར་འདུ་བྱ་བར་མི་ནུས་སོ།། འདི་ལ་དགོངས་ནས་གསུངས་པ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་ཡེ་ཤེས་ཉིད་ནི། ་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་བཞིན་གཤེགས་པོའི་སྙིང་པོ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔར་མ་མཐོང་མ་རྟོགས་པའོ་ཞེས་རྒྱས་པར་གསུང་སོ།། དེ་བཞིན་གཤེགས་པ ་སྙིང་པོ་དེ་ཇི་ལྟར་ཆོས་ཀྱི་སྐུ་ཡིན་པ་དེ་ལྟར་ནི། འཇིག་ཚོགས་ལ་ལྟ་བར་ལྟུང་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་བརྗོད་དོ།། ཆོས་ཀྱི་དབྱིངས་ནི་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ།། ཇི་ལྟར་ཆོས་ཀྱི་སྐུ་འཇིག་རྟེན་ལས་འདས་པའི ་སྙིང་པོ་ཡིན་པ་དེ་ལྟར་ནི་ཕྱིན་ཅི་ལྡོག་ལ་མངོན་པར་དགའ་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དོ།། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་ནི་མི་རྟག་པ་ལ་སོགས་པ་འཇིག་རྟེན་པའི་ཆོས་ཀྱི་གཉེན་པོར་བསྟན་པའི་ཕྱིར་རོ།། ་ཇི་ལྟར་ཆོས་ཀྱི་སྐུ་ཡོངསུ་དགེ་པའི་ཆོས་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ནི་སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དོ།། དེ་རྣམ་པར་དག་པའི་ཡོན་ཏན་གྱི་ཆོས་རྣམ་པར་དབྱེ་བ་མེད་པ་འཇིག་རྟེན་ལ ་འདས་པའི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་རྣམས་ནི་གློ་བུར་གྱི་དྲི་མས་སྟོང་པའི་རང་བཞིན་ཡིན་པའི་ཕྱིར་རོ།། དེ་ལ་ཚུལ་གཅིག་པོ་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཡེ་ཤེས་ཀྱི་སྒོ་རྟོགས་ནས། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ ་རང་བཞིན་གྱིས་ཡོང་སུ་དག་པོ་ལ་ལྟ་བ་གང་ཡིན་པ་འདི་ནི་འདིར་གང་གིས་ས་བཅུ་ལ་གནོས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་ཅུང་ཟད་མཐོང་ངོ་ཞེས་གསུངས་པས་ཡང་དག་པ་ཇི་ལྟ་བ་བཞིན ་གྱི་ཡེ་ཤེས་ཀྱིས་ཀུན་མཐོང་བར་འདོད་དོ།། དེ་སྐད་དུ། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོ་གོས་གཅིག་བློ་གྲོས་ཅན།། བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས།། བཅོམ་ལྡན་འདས།། ་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ།། ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་ཞེས་གསུངསོ།། སྨྲས་པ་གལ་ཏེ་དེ་ལྟར་ཆགས་པ་མེད་པའི་མཐར་ཕྱིན་པའི་ས་ལ་གནས་པ་འཕགས་པའི ་མཆོག་རྣམས་ཀྱི་ཡང་ཡུལ་མ་ཡིན་ན། ཁམས་འདི་ལྟ་བར་དཀའ་བ་དེས་ནུ་བྱིས་པ་སོ་སོའི་སྐྱེ་བོ་ལས་བཅོམས་ཏེ། བསྟན་པ་འདིས་ནི་ཅི་ཞིག་བྱ་ཞེ་ན། བསྟན་པའི་དགོས་པ་སྡུད་བའི་ཚོགསུ་བཅད་པ་གཉིས་ཏེ། གཅིག་གིས་ནི་དྲིས ་ལ། གཉིས་ནི་ལན་བསྟན་པའོ།། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར།། ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས།། གསུངས་ནས་ཡང་འདིར་རྒྱལོ་རྣམས་སེམས་ཅན་ལ།། སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས།། སེམས་ཞུམ ་སེམས་ཅན་དམན་ལ་བརྙས་པ་དང་།། ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར།། བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ།། ཡོད་པ་དེ་དག་དེ་སྤོང་དོན་དུ་གསུངས།། ཚིགསུ་བཅད་པ་འདི་ཡི་དོན་ནི་མདོར་སྡུས ་ཏེ་ཚིགསུ་བཅད་པ་བཅུས་རིག་པར་བྱ་སྟེ། ཡང་དག་མཐའ་ནི་འདུས་བྱས་ཀྱི།། རྣམ་པ་ཐམས་ཅད་དབེན་པ་སྟེ། ཉོན་མོངས་ལས་དང་རྣམ་སྨིན་དོན།། སྤྲིན་ལ་སོགས་པ་བཞིན་དུ་བརྗོད།། ཉོན་མོངས་སྤྲིན་འདྲ་བྱ་བ་ཡི།། ལས་ནི་རྨི་ལ ་ལོངས་སྤྱོད་བཞིན།། ཉོན་མོངས་ལས་ཀྱི་རྣམ་པར་སྨིན།། ཕུང་པོ་སྒྱུ་མོ་སྤྲུལ་པ་བཞིན།། སྔར་ནི་དེ་ལྟར་རྣམ་གཞག་ནས།། སྔར་ཡང་བླ་མའི་རྒྱུད་འདིར་ནི།། ཉེས་པ་ལྔ་དག་སྤངས་པའི་ཕྱིར།། ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན།། ་འདི་ལྟར་དེ་ནི་མ་ཐོས་པས།། བདག་ལ་བརྙས་པའི་ཉེས་པ་ཡིས།། སེམས་ནི་ཞུམ་པ་འགའ་ཞིག་ལ།། བྱང་ཆུབ་སེམས་ནི་སྐྱེ་མི་འགྱུར།། གོང་ལ་བྱང་ཆུབ་སེམས་བསྐྱེད་པས།། བདག་ནི་མཆོག་ཅེས་རློམ་པ་ན།། བྱང་ཆུབ ་སེམས་མེ་སྐྱེས་པ་ལ།། དམན་པའི་འདུ་ཤེས་རབ་ཏུ་འཇུག། དེ་ལྟར་སེམས་པ་དེ་ལ་ནི།། ཡང་དག་ཤེས་པོ་མི་སྐྱོ་བ།། དེས་ན་ཡང་དག་མི་འཛིན་ཞིང་།། ཡང་དགེ་དོན་ནི་རིག་མི་འགྱུར།། བཅོས་མ་གློ་བུར་བ་ཉིད་ཕྱིར།། སེམས་ཅན།། ་སྐྱོན་དེ་ཡང་དག་མིན།། ཡང་དག་ཉེས་དེ་དག་མེད་པ།། ཡོན་ཏན་རང་བཞིན་དག་པ་ཡིན།། ཡང་དག་མིན་པའི་ཉེས་འཛིན་ཞིང་།། ཡང་དག་ཡོན་ཏན་སྐུར་འདེབས་པ།། བློ་ལྡན་བདག་དང་སེམས་ཅན་ནི།། མཚུངས་མཐོང་བྱམས ་བ་ཐོབ་མི་འགྱུར།། འདི་ལྟར་དེ་ནི་ཐོས་པ་ལས།། སྤྲོ་དང་སྟོན་པ་བཞིན་གུས་དང་།། ཤེས་རབ་ཡེ་ཤེས་བྱམས་ཆེན་གྱི།། ཆོས་ལྔ་སྐྱེས་ཕྱིར་དྲི་ལ་ནི།། ཁ་ན་མ་ཐོ་མེད་མཚུངས་ལྷ།། སྐྱོན་མེད་ཡོན་ཏན་ལྡན་པ་དང་།། བདག་དང ་སེམས་ཅན་མཚུངས་བྱས་ཏེ།། སངས་རྒྱས་ཉིད་ནི་མྱུར་དུ་ཐོབ།། ཐེག་པ་ཆེན་པོ་རྒྱུད་མའི་བསྟན་བླ་མོའི་བསྟན་བཅྡོཾས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་ཏེ་ཚིགསུ ་བཅད་པ་དང་པོའི་དོན་གྱི་བསྡུས་པའི་བཤད་པ་རྫོགས་སོ།། །། དྲི་མ་དང་བཅས་པའི་དེ་བཞིན་ཉིད་བཤད་ཟིན་ཏོ།། ད་ནི་དྲི་མ་མེད་པའི་དེ་བཞིན་ཉིད་བརྗོད་པར་བྱའོ།། དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་གང་ཞེ་ན།། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་ལ་དྲི་མའི་རྣམ་པ་ཐམས་ཅད་དང་བྲལ་བའི་ཕྱིར་གནས་ཡོངསུ་གྱུར་པའི་རྣམ་པར་བཞག་པ་གང་ཡིན་པའོ།། དེ་ཡང་མདོར་སྔ་ན་དོན་རྣམ་པ་བརྒྱད ་ཀྱི་དབང་དུ་བྱས་ཏེ་རིག་པར་བྱའོ།། དོན་བརྒྱད་གང་ཞེ་ན། དག་ཐོབ་བྲལ་བ་རང་བཞིན་དོན།། དེ་བརྟེན་ཟབ་དང་རྒྱ་ཆེ་དང་།། བདག་ཉིད་ཆེན་པཱ་དེ་ཡང་ནི།། ཇི་སྲིད་དུས་དང་ཇི་ལྟ་ཉིད།། ཚིགསུ་བཅད་པ་འདི་ནི་གོ་རིམ་ཇི་ལྟ་བ ་བཞིན་དུ་དོན་བརྒྱད་པོ་འདི་དག་བསྟན་ཏེ། འདི་ལྟ་སྟེ། ངོ་བོའི་དོན་དང་། རྒྱའི་དོན་དང་། འབྲས་བུའི་དོན་དང་། ལམ་གྱི་དོན་དང་། ལྡན་པའི་དོན་དང་། འཇུག་པའི་དོན་དང་། རྟག་པའི་དོན་དང་། བསམ་གྱིས་མི་ཁྱབ་པའི ་དོན་ནོ།། དེ་ལ་ཁམས་གང་ཞིག་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་དེ་རྣམ་པར་དག་པ་ནི་གནས་ཡོངསསུ་གྱུར་པའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། གང་གི་ཕྱིར ་བཅོམ་ལྡན་འདས་གང་ཞིག་ཉོན་མོངས་པའི་སྦུབས་བྱེ་བ་སྙེད་མཐའ་ཡས་དག་གིས་གཡོགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་དོགས་པ་མ་མཆིས་པ་དེ་དག་ནི་ཉོན་མོངས་པ་མཐའ་དག་གི་སྦུབས་ལས་གྲོལ་བ། དེ་བཞིན ་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡང་དོགས་པ་མ་མཆིས་པ་ལགས་སོ་ཞེས་གསུངས་པ་ཡིན་ནོ།། ཡེ་ཤེས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པ་མེད་པ་དང་། རྗེས་ལས་ཐོབ་པའི་འཇིག་རྟེན་པའོ།། ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་གནས་ཡོངསུ་གྱུར་པའི་རྒྱུ་ནི་ཐོབ་པའི་སྒྲས་བསྟན་ཏེ། འདིས་ཐོབ་པས་ན་ཐོབ་པའོ།། དེའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བའི ་བྲལ་བ་རྣམ་པ་གཉིས་སོ།། གོ་རིམ་བཞིན་དུ་རང་དང་གཞན་གྱི་དོན་སྒྲུབ་པ་ནི་ལས་སོ།། དེའི་རྟེན་དང་ལྡན་པ་ནི་ལྡན་པའོ།། ཟབ་པ་དང་བདག་ཉིད་ཆེན་པོས་རབ་ཏུ་ཕྱེ་བ་སངས་རྒྱས་ཀྱི་སྐུ་གསུམ་པོ་དག་གིས་འགྲོ་བ་ཇི་སྲིད་པར ་བསམ་གྱིས་མི་ཁྱབ་པའི་རྣམ་པས་འཇུག་པ་ནི་འཇུག་པའོ།། སྡོམ་ནི་ངོ་བོ་རྒྱུ་དང་འབྲས་བུ་དང་།། ལས་དང་ལྡན་དང་འཇུག་པ་དང་།། དེ་རྟག་བསམ་གྱིས་མི་ཁྱབ་ཀྱིས།། སངས་རྒྱས་ནི་རྣམ་པར་གནས།། དེ་ལ་སངས་རྒྱས་ཉིད་དང ་དེ་ཐོབ་པའི་ཐབསུ་གྱུར་པ་ངོ་བོའི་དོན་དང་རྒྱུའི་དོན་ལས་བཙམས་ཏེ་ཚིགསུ་བཅད་པ། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉིད་དང་མཁའ་བཞིན་གློ་བུར་གྱི།། ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནཱི ་བསྒྲིབས་གྱུར་པ།། དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད།། དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དྲག་ལ་བརྟེན་ནས་འཐོབ།། ཚིགསུ་བཅད་པ་འདིའི་དོན་ནི་མདོར་བསྡུས་ན་ཚིགསུ་བཅད་པ་བཞི ་རིག་པར་བྱ་སྟེ། སངས་རྒྱས་ཉིད་ནི་དབྱེར་མེད་པ།། དག་པའི་ཆོས་ཀྱིས་རབ་ཕྱེ་བ།། ཉི་མཁའ་བཞིན་དུ་ཡེ་ཤེས་དང་།། སྤོངས་པ་ཉིད་ཀྱི་མཚན་ཉིད་དེ།། འོད་གསལ་བྱས་མིན་དབྱེར་མེད་པར།། འཇུག་ཅན་གང་གླའི་ཀླུང་གི་ནི ་ལས་འདྲས་པའི་སངས་རྒྱས་ཀྱི།། ཆོས་རྣམས་ཀུན་དང་ལྡན་པ་ཉིད།། རིང་བཞིན་གྱིས་ནི་མ་གྲུབ་དང་།། ཁྱབ་དང་གློ་བུར་པ་ཉིད་ཀྱིས།། ཉོན་མོངས་ཤེས་བྱའི་སྒྲིབ་པ་དེ།། སྤྲིན་དང་འདྲེ་བར་བརྗོད་པ་ཡིན།། སྒྲིབ་པ་གཉིས ་དང་བྲལ་བ་ཡི།། རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ།། མི་རྟོག་པ་དང་དེ་ཡི་ནི།། རྗེས་ཐོབ་དེ་ནི་ཡེ་ཤེས་འདོད།། རྣམ་པར་དག་པ་ནི་གནས་ཡོངསུ་གྱུར་པའི་ངོ་བོ་ཉིད་ཡིན་ནོ།། ཞེས་བརྗོད་པ་གང་ཡིན་པ་དེ་ལ་རྣམ་པར་དག་པ་ནི ་མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་རྣམ་པར་དག་པ་དང་། དྲི་མ་མེད་པའི་རྣམ་པར་དག་པའོ།། དེ་ལ་རང་བཞིན་གྱིས་རྣམ་པར་དག་པ་ནི།། གང་ཞིག་རྣམ་པར་གྲོལ་བ་དང་བྲལ་བ་ནི་མ་ཡིན་པ་སྟེ། སེམས་ཅན་གྱི ་རང་བཞིན་འོད་གསལ་བ་གློ་བུར་གྱིས་དྲི་མ་དང་མ་བྲལ་བའི་ཕྱིརརོ།། དྲི་མ་མེད་པའི་རྣམ་པར་དག་པ་ནི། རྡུལ་ལ་སོགས་པ་ལྔ་ཆུ་ལ་སོགས་པ་བཞིན་དུ་རྣམ་པར་གོལ་བ་དང་བྲལ་བ་སྟེ། སེམས་ཀྱི་རླུང་བཞིན ་འོད་གསལ་བ་ལ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་ཕྱིར་རོ།། དེ་ལ་དྲི་མ་མེད་པའི་རྣམ་པར་དག་པའི་འབྲས་བུའི་དོན་ལེས་བཙེམས་ཏེ་ཚིགོསུ་བཅད་པ། དྲི་མེད་ཆུ་ལྡན་རཱིམ་རྒྱས་པདྨས་ཁེབས་པའི་མཚོ་བཞིན་དང་། ་སྒྲ་གཅན་ཁ་ནས་ཐར་བའི་ཟླ་བ་ཉ་བ་ལྟ་བུ་དང་།། སྤྲིན་ཚོགས་ཉོན་མོངས་དག་ལས་གྲོལ་བའི་ཉི་མ་ལྟ་བུར་ནི།། དྲི་མེང་ཡོན་ཏན་ལྡན་ཕྱིར་འོད་ཟེར་སྣང་ལྡན་དེ་ཉིད་དོ།། ཐུབ་པའི་ཁྱུ་མཆོག་སྦྲང་རྩི་སྙིང་པོ་དང་།། རིན་ཆེན་གསེར ་དང་གཏེར་དང་ལྗོན་པ་བཞིན།། དྲི་མེད་ཡོན་ཏན་བདེ་གཤེགས་སྐུ་དང་ནི།། སྭ་བདག་གིསེར་གྱི་གཟུགས་འདྲ་རྒྱལ་བ་ཉིད།། ཚིགསུ་བཅད་པ་གཉིས་པོ་འདི་ཡི་དོན་ནི་མདོར་བསྡུ་ན། ཚིགསུ་བཅད་པ་བརྒྱད་ཀྱིས་རིག་པར་བྱ། ་སྟེ། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས།། གློ་བུར་ཉོན་མོངས་དག་པ་ནི།། མདོར་ན་མི་རྟོག་ཡེ་ཤེས་ཀྱི།། འབྲས་བུ་ཡིན་པར་རབ་ཏུ་བརྗོད།། རྣམ་པ་ཀུན་གྱི་མཆོག་ལྡན་པ།། སངས་རྒྱས་སྐུ་ནི་ངེས་ཐོབ་པ།། དེ་ནི་རྗེས ་ཐོབ་པ་ཡི།། ཡེ་ཤེས་འབྲས་བུ་ཡིན་པར་བསྟན།། འདོད་ཆགས་རྡུལ་ནི་སྤང་ཕྱིར་དང་།། འདུལ་བར་བྱ་བའི་པདྨ་ལ།། བསམ་གཏན་ཚྭ་ནི་འབབ་ཕྱིར་དེ།། ཆུ་དང་རྫིང་དང་མཚུངས་པ་ཡིན།། ཞོ་སྡང་སྒྲ་གཅན་ལས་གྲོལ་བས།། ་སྙིང་རྗེ་བྱམས་ཆེན་འོད་ཟེར་གྱིས།། འགྲོ་བ་ཁྱབ་པའི་ཕྱིར་ན་དེ།། དྲི་མེད་ཟླ་བ་ཉ་བ་བཞིན།། གཏི་མུག་སྤྲིན་ལས་རྣམ་གྲོལ་བས།། འགྲོ་བ་ཡེ་ཤེས་འོད་ཟེར་གྱིས།། མུན་པ་སེལ་ཕྱིར་སངས་རྒྱས་ཉིད།། དེ་ནི་དྲི་མད་ཉི་མ་བཞིན།། ་མི་མཉམོ་མཉམ་པའི་ཆོས་ཉིད་ཕྱིར།། དེམ་ཚོས་རོ་ནི་སྦྱིན་མད་དང་།། ཤུན་པ་དང་ནི་བྲལ་ཕྱིར་ཏེ།། བདེ་གཤེགས་སྦྲང་རྩིའི་སྙིང་པོ་བཞིན།། དག་ཕྱིར་ཡོན་ཏན?་རྫས་ཀྱིས་ནི།། དབུལ་བར་སེལ་བར་བྱེད་ཕྱིར་དང་།། རྣམ་གྲོལ ་འབྲས་བུ་སྨིན་བྱེད་ཕྱིར།། གསེར་དང་གཏེར་དང་ལྗོན་པ་བཞིན།། རིན་ཆེན་ཆོས་ཀྱི་སྐུ་ཕྱིར་དང་།། རྐང་གཉིས་བདག་པོ་མཆོག་ཕྱིར་དང་།། རིན་ཆེན་གཟུགས་ཀྱི་རྣམ་པའི་ཕྱིར།། དེ་ནི་རིན་ཆེན་རྒྱལ་གསེར་བཞིན།། གནས་ཡོངས ་གྱུར་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་དང་།། དེའི་རྗེས་ལ་ཐོབ་པ་ཡོ་ཤེས་ཀྱི་རྒྱུ་ཅན་བྲལ་བའི་འབྲས་བུའི་མིང་ཅན་གནས་ཡོངསུ་གྱུར་པའི་རྒྱུ་ཡིན་ལ། དེའི་ལ་ནི་རང་དང་གཞན་གྱི་དོན་ཕུན་སུ་ཚོགས་པ ་ཡིན་པར་བརྗོད་དོ།། དེ་ལ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ཞེ་ན། གང་ཞིག་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་ཐར་པའི་ཕྱིར་དང་། སྒྲིབ་པ་མེད་པའི་ཆོས་ཀྱི་སྐུ་ཐོབ་པ ་འདི་ནི་རང་གི་དོན་ཕུན་སུམ་ཚོགས་པར་བརྗོད་ལ། གང་ཞིག་དེའི་སྟེང་དུ་འཇིག་རྟེན་ཇི་སྲིད་པར་ལྷུན་གྱིས་གྲུབ་པ་སྐུ་གཉིས་ཀྱིས་ཀུན་དུ་སྟོན་པ་དང་། བསྟེན་པ་ལ་དབང་འབྱོར་པོ་གཉིས་ཀྱིས་འཇུག་པ་འདི་ནི་གཞན་གྱི་དོན ་ཕུན་སུམ་རྫོགས་པར་བརྗོད་དོ།། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་ལ་ལས་ཀྱི་དོན་ལས་བཙེམས་ཏེ་ཚིག་སུ་བཅད་པ་གསུམ་སྟེ། ཟག་པ་མེད་ཁྱབ་འཇིག་རྟེན་ཆོས་ཅན་ཏེ། བརྟན་ནི་རྟོག་པ ་འཕོ་བ་མེད་པའི་གནས།། དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི།། དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ།། དབང་འབྱོར་གཟུགས་དོན་ལྟ་དང་གཏམ་བཟང་ནི།། གཙང་མོ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། དྲི ་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ།། མྱང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང་།། རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལོ།། རྟོགས་པའི་རྒྱུར་གྱུར་ཞིབ་མོར་བསམ་པ་ན།། དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི།། ནེམ ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ།། ཚོགསུ་བཅད་པ་གསུམ་པོ་འདིའི་དོནྡ་ནི་མདོར་བསྡུ་ན། ཚིགསུ་བཅད་པ་བརྒྱད་ཀྱིས་རིག་པར་བྱ་སྟེ།། མདོར་ན་ཡེ་ཤེས་གཉིས་པོ་ཡི།། ལས་སུ་འདི་ནི་ཤེས་བྱ་སྟེ།། གྲོལ་བའི་སྐུ་ནི ་རྫོགས་པ་དང་།། ཆོས་ཀྱི་སྐུ་ནི་སྦྱོད་བའོ།། རྣམ་གྲོལ་ཆོས་ཀྱི་སྒྱུ་དག་ནཱི།། རྣམ་གཉིས་རྣམ་གཅིག་ཤེས་བྱ་སྟེ།། ཟག་པ་མེ་ཕྱིར་ཁྱབ་པའི་ཕྱིར།། འདུས་མ་བྱས་པའི་གནས་ཉིད་ཕྱིར།། ཉོན་མོངས་རྣམས་ནི་བག་ཆགས་དང་།། ་བཅས་པ་འགག་ཕྱིར་ཐོག་མེད་དེ།། ཆགས་མེད་ཐོགས་པོ་མེད་པའི་ཕྱིར།། ཡེ་ཤེས་ཁྱབ་པ་ཉིད་དུ་འདོད།། གཏན་དུ་འཇིག་པ་མེད་པ་ཡི།། རང་བཞིན་ཡོན་ཕྱིར་འདུས་མ་བྱོས།། འཇིག་མེད་ཉིད་ནི་བརྟན་པ་སྟེ།། བསྟན ་རྣམས་ཀྱིས་འདི་བཤད་དོ།། འཇིག་པ་རྣམ་བཞིར་ཤེས་བྱ་སྟེ།། བརྟན་སོགས་དག་ལས་བཟློག་ཕྱིར་རོ།། མྱགས་དྲང་རྣམ་འགྱུར་ཆད་པ་དང་། བསམ་མི་ཁྱབ་འགྱུར་འཕོ་བ་སྟེ།། དེ་མེད་ཕྱིར་ནི་བསྟན་ཞི་དང་།། རྟག་དང་འཕོ ་མེད་ཤེས་པར་བྱ།། དྲི་མེད་ཤེས་དེ་དཀའ་བོ་ཡི།། ཆོས་ཀྱི་རྟེན་ཡིན་ཕྱིར་ན་གནས།། ཇི་ལྟར་རྒྱུན་མིན་ན་མཁའ་ནི།། གཟུགས་མཐོང་བ་ན་སྒྲ་དང་དྲི།། རོ་དོང་རེག་དང་ཆོས་རྣམས་ནི།། ཐོསཽ་ལ་སོགས་པའི་རྒྱུ་ཡིན་ལྟར།། དེ། ་བཞིན་སྐུ་གཉིས་སྒྲིབ་མེད་པའི།། སྦྱོར་བས་བསྟན་པའི་དབང་དོན་ལ།། ཟག་མེད་པ་ཡཾ་ཡིན་ཏྲནཱ་དག། སྐྱེ་བ་ཡི་ནི་རྒྱུ་ཡིན་ནོ།། ཇི་སྐད་དུ། སངས་རྒྱས་ན་མཁའི་མཚན་ཉིད་དོ་ཞེས་བཤད་པ་དེ་ནི་དེ་བཞིན་གཤེགས ་པ་རྣམས་ཀྱེ་མ་འདྲེས་པའི་དོན་དམ་པོའི་མཚན་ཉིད་ལ་དགོངས་ནས་གསུངས་པ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་སྐྱེས་བུ་ཆེན་པོ་མཚན་སུམ་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པ་ལྟ་བར་གྱུར་ནཱ་ནི། དེས་ན་འཁོར་ལོས ་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་གསུང་སོ།། དེ་ལེ་དོན་དམ་པའི་མཚན་ཉིད་ཀྱི་ལྡན་པའི་དོནྡ་ལས་བཙམས་ཏེ་ཚི་གསུ་བཅད་པ། བསྣམ་མེད་རྟག་བརྟན་ཞི་བཱ་ག་ཡུ་དྲུང་ཉིད།། རབ་ཏུ་ཞི་ཁྱབ་རྟོག ་བྲེལ་ན་མཁའ་བཞིན།། ཆགས་མེད་ཀུན་དུ་ཐོགས་མེད་རྩུབ་རེག་སྤངས།། བལྟ་བཟུང་མེད་དགེ་སངས་རྒྱས་དྲི་མ་མེད།། ཚིགསུ་བཅད་པ་འདིའི་དོན་ནི་མདོར་བསྡུ་ན་ཚིག་སུ་བཅད་པ་བརྒྱད་ཀྱིས་རིག་པར་བྱ་སྟེ། རྣམ་གྲོལ་ཆོས་ཀྱི། ་སྐུ་དག་གཱིས།། རང་དང་གཞན་གྱི་དོན་བསྟན་ཏེ།། རླུང་གཞན་དོན་རྟེན་དེ་ལྟ་ནི།། བསམ་མི་ཁྱབ་སྩོགས་ཡོན་ཏན་ཝཱནྡ།། ཐམས་ཅད་མཁྱེན་པ་ཡེ་ཤེས་ཡུལ།། སྦྱངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱི ་ཡེ་ཤེས་ལུས་ཅན་རྣམས་ཀྱིན།། བསྣུམ་མི་ཁྱབ་པར་རྟོགས་པར་བྱ།། པྲ་སྤྱིར་ཐོས་པའི་ཡུལ་མིན་ཏེ།། དོན་དོམ་ཡིན་ཕྱིར་བསམ་པའི་མིན།། ཆོས་ཉིད་ཟབ་ཅིང་འཇིག་རྟེན་པའི།། སྒོམ་པ་ལོ་སོགས་ཡུལ་མ་ཡིན།། གང ་གཟུགས་ལ་དམུས་ལོང་བཞིན།། བྱིས་པསོ་དེ་སྟོན་མཐོང་མུ་མྱོང་།། བཅྡོཾས་པའི་ཁྱིམ་ནས་བུ་ཆུང་གྲིས།། ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་།། སྐྱེ་དང་བྲལ་ཞིང་རྟག་པ་སྟེ།། འགག་པ་མེད་ཕྱིར་བརྟན་པ་ཡིན། ་གཉིས་མྱེད་ཕྱིར་དེ་ཞི་བ་སྟེ།། གཱ་ཡུད་དྲུང་ཆོས་ཉིད་གནས་ཕྱིར་རོ།། རབ་ཞི་འགོག་པོའི་བདེན་པའི་ཕྱིར།། ཐམས་ཅད་རྟོགས་ཕྱིར་ཁྱབ་པ་ཉིད།། གནས་པ་མདདོ་ཕྱིར་རྟོག་མེད་དོ།། ཉོན་མོངས་སྤངས་ཕྱིར་ཚོགས་པ་མེད།། ་ཤེས་བྱའི་སྒྲི་བ་ཀུན་དག་བྱའི་ཕྱིར།། ཐམས་ཅད་དུ་ནི་ཐོགསྡེ་པ་མེད།། གཉིས་མེད་ལས་སུ་རཱ་དཱ་བའི་ཕྱིར།། བརྩུབ་པའི་རེག་དང་བྲལ་བ་ཡིན།། དེ་གཟུགས་མེད་ཅིང་བ་ལྟར་མེད་དེ།། མཚན་མ་མེད་ཕྱིར་གཟུང་དུ་མེད།། ་དགེ་བོའི་རང་བཞིན་དག་པའི་ཕྱིར།། དྲི་མེད་དྲི་མི་སྤོངས་ཕྱིར་རོ།། དེ་བཞིན་གཤེགས་པ་ཉིད་ནི་ན་མཁོཁའ་ལྟར་འདུས་མ་བྱས་པའི་ཡོན་ཏན་དང་། རྣམ་པར་དབྱེ་བ་མེད་པར་འཇུག་པ་ཡང་སྲིད་པ་ཇི་སྲིད་ཀྱི་བར་དུ ་བསམ་གྱིས་མི་ཁྱབ་པ་ཐབས་ཆེན་པོ་དང་སྙིང་རྗེ་དང་ཤེས་རབ་ཀྱི་ཡོངསུ་སྦྱོང་བའི་ཁྱད་པར་གྱིས་འགྲོ་བ་ལ་ཕན་པ་དང་། བདེ་བ་སྒྲུབ་པའི་རྒྱུར་ངོ་བོ་ཉིད་དང་། རྫོགས་པར་ལོངས་སྤྱོད་པ་དང་། སྤྲུལ་པ་སྟེ། དྲི་མ་མེད་གསུམ ་གྱིས་བར་ཆད་མེད་ཅིང་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པས་འཇུག་པས་ལྟ་བར་བྱ་སྟེ། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ།། དྲི་ལ་འཇུག་པའི་དོན་ལས་བཙམས་ན།། སངས་རྒྱས་ཀྱི་སྐུ་རྣམ་པར་དབྱེ་བའི་ཚིགས ་སུ་བཅད་པ་འདི་བཞི་སྟེ། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེ་མེད།། གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད།། ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ།། མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། ་གྲེཞལ་མེད་གྲང་གཱའི་བྱེ་མ་ལས?་འདས་པ།། བསམ་མེད་མཉམ་མེད་ཡོན་ཏན་རྣམས་དྲང་ལྡན།། དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི།། བག་ཆགས་བཅས་པའི་ཉེས་པ་རྣམ་སྤངས་པ།། སྣ་ཚོགས་དམ་ཆོས་འད ་ཟེར་མངའ་བའི་སྒྲས།། འགྲོ་བའི་རྣམ་གྲོལ་དོན་གྲུབ་ལ་བརྫུན་པ།། མཛད་པ་སྲིད་བཞིན་ནོར་བུའི་རྒྱུ་ལྔ་བཞིན་ཏེ།། སྣ་ཚོགས་དངོས་དང་དེ་ཡི་རང་བཞིན་མིན།། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་།། རབ་ཏུ་སྨིན་དང ་ལུང་སྔོན་རྒྱུ་ཡི་གཟུགས།། གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ།། ན་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ།། ཚིགས་སུ་བཅད་པ་བཞི་པོ་འདིའི་དོན་ནི།། ཚིགསུ་བཅད་པ་ཉི་ཤུས་རིགས་པར་བྱ་སྟེ། ང ་རྣམས་ཀྱི་ཐམས་ཅད་མཁྱེན།། སངས་རྒྱས་རྣམས་ཀྱིས་གང་བརྗོད་པ།། མཆོག་ཏུ་མྱ་ངན་འདས་བསམ་མེད།། དགྲ་བཅོམ་སོ་སོའི་བདག་འགྱུར་བ།། དེ་དབྱེ་ཟླབ་དང་རྒྱ་ཆེ་དང་།། བདག་ཉིད་ཆེན་པོའི་ཡོན་ཏན་གྱི།། ་ཆོས་ཀྱི་རབ་ཕྱེ་རང་བཞིན་ལ།། སོགས་པའི་སྐུ་གསུམ་དག་གིས་འཇུག། དེ་ལ་སངས་རྒྱས་རྣམས་ཀྱི་ནི།། ངོ་བོ་ཉིད་སྐུ་མཚན་ཉིད་ལྔ།། མདོར་ན་ཡོན་ཏན་ལྔ་དང་ནི།། ལྡན་པོ་ཉིད་དུ་རིག་པར་བྱ།། འདུས་མ་བྱས་ཤིང་རྣམ་དབྱེར་མེད ་མཐའ་གཉིས་དག་ནི་རྣམ་པར་སྤངས།། ཉོན་མོངས་ཤེས་བྱའི་སྙོམས་འཇུག་གི། སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ།། དྲི་མེད་རྣམ་པར་རྟོག་མེ་དང་།། རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར།། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི།། དྲག ་པའི་ཕྱིར་ནི་འོད་གསལ་བ།། གཞལ་མེད་གྲངས་མེད་བསམ་མེད་པ།། མཉམ་མེད་དག་པའི་མཐའ་ཐུབ་པ།། ཡོན་ཏན་རྣམས་དང་ཡང་དག་པར།། ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ།། རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར།། རྟོག་གེའི་ཡུལ་ནི་མིན ་ཕྱིར་དོང་།། འབའ་ཞིག་བག་ཆགས་བཅས་སྲེངས་ཕྱིར།། གཞལ་མེད་ལ་སོགས་གོ་རིམ་བཞིན།། སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད།། རང་བཞིན་ཆོས་ནི་སྣང་ཕྱིར་དོང་།། ཐུགས་རྗེ་དག་པའི་རྒྱུ་མཐུན་པ།། འགྲོ་དོན་རྒྱུན་མི ་འཆད་ཕྱིར་དང་།། རྣམ་པར་རྟོག་མེད་ལྷུན་གྲུབ་པར།། འདོད་པ་ཇི་བཞིན་ཡོངས་སྐོང་ཕྱིར།། ཡིད་བཞིན་ནོར་བུའི་རྫུ་འཕྲུལ་གྱིས།། རྫོགས་པར་ལོངས་སྤྱོད་རྣམ་པར་གནས།། རྗོད་སྟོན་མཛད་རྒྱུན་མི་འཆད་དང་།། མངོན་པར་འདུ ་བྱེད་མེད་པ་དང་།། དེ་ཡི་ངོ་བོ་མི་སྟོན་ལ།། འདིར་ནི་སྣ་ཚོགས་ནམ་ལྷ་བརྗོད།། ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས།། ནོར་བུ་དེ་དངོས་མི་སྣང་ལྟར།། དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས།། ཁྱབ་བདག་དེ་དངོས་མིན་པ་སྣང་།། ཐུགས་རྗེ་ཆེན ་པོས་འཇིག་རྟེན་མཐུས།། འཇུག་རྟེན་ཀུརྣ་ལ་གཟིགས་ནས་ནོ།། མྦྷ་ཎྜི་སྒྲ་ས་པ་ག་མོས་པར།། སྤྲུལ་པའི་རིང་བཞིན་སུ་རྨུགས་ཀྱིས།། སྨྲེ་མངོན་ཕྱིར་སྟྭཾ་བ་དང་།། དཀོའ་ལྡན་ནས་ནི་འཕྱོ་བ་དང ་བལྟམས་པ་དང་།། གཟོ་ཡི་གནས་ལ་མཁས་པ་དང་།། བཙུན་མོའོ་འཁོར་དགྱེས་རོལ་པ་དང་།། ངེས་འབྱུང་དཀའ་བ་སྤྱོད་པ་དང་།། ར་གཤེགས་པ་དང་།། འདུད་སྡེ་འཇོམ་དང་རྫོགས་པ་ནི།། བྱང་ཆུབ ་ཀྱི་འཁོར་ལོ་དང་།། མྱ་ངན་འདས་པར་གཤེགས་མཛད་རྣམས།། ཡོངསུ་མ་དག་ཞིང་རྣམསུ།། སྲིད་པ་ཇི་སྲིད་གནས་པར་སྟོན།། མི་རྟག་སྤུ་བདག་མེད་དང་།། ཞི་བའི་སྒྲ་ཡིས་ཐབས་མཁྱེན་པ།། སེམས་ཅན ་སྲིད་གསུམ་སྐྱོ་བསྐྱོད་ནས།། མྱ་ངན་འདས་ལ་རབ་འཇུག་མཛད།། ཞི་བའི་ལམ་ལ་རབ་ཞུགས་པ།། མྱ་ངན་འདས་ཐོབ་འདུ་ཤེས་ཅན།། དམ་ཆོས་པདྨེ་ད། ར་ལ་སོགས།། ཆོས་ཀྱི་དེ་ཉིད་བསྟན་པ་ཡིས།། དེ་དག་ངར་འཛིན་ལྔ ་བཟློག་སྟེ།། ཐོབས་དཔེ་ཤེས་རབ་ཡོངས་བཟུང་བས།། ཐེག་པ་མཆོག་ལ་སྨིན་མཛད་དེ།། བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ།། ཟབ་དང་མཐུན་ནི་སྣ་ཚོགས་དང་།། བྱིས་པ་དོན་མཐུན་རབ་འདྲེན་ཕྱིར།། འདི་དག་གྲངས་བཞིན ་ཟབ་པ་དང་།། རྒྱ་ཆེའི་བདག་ཉིད་ཆེར་ཤེས་བྱ།། འདི་ནི་དང་པོའི་ཆོས་སྐུ་སྟེ།། ཕྱི་མ་དག་ནི་གཟུགས་ཀྱི་སྐུ།། ནམ་མཁའ་ལ་ནི་གཟུགས་གནས་བཞིན།། དང་པོ་ལ་ནི་ཐ་མ་གནས།། སྐུ་གསུམ་པོ་ནི་འདི་དག་ཉིད་ཀྱིས་འགྲོ་བ ་ལ་ཕན་པ་དང་བདེ་བ་སྒྲུབ་པ་འཇུག་པ་རྟག་པའི་དོན་ལསཽ་བཙམས་ནས་ཚིགསུ་བཅད་པ། རྒྱུ་མཐའ་ཡས་དྲང་སེམས་ཅན་ཟད་མེད་དང་།། བརྩེ་དང་འཕྲལ་དང་མཁྱེན་དང་ཕུན་ཚོགས་ལྡན།། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད ་བཅོམ་དང་།། ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག། འདིའི་བསྡུས་པའི་དོན་ཚིགསུ་བཅད་རི་པ་དྲུག་གིས་རིག་པར་བྱ་སྟེ།། ལུས་དང་སྲོག་དང་ལོངས་སྤྱོད་རྣམསཽ།། བཏང་ནས་དམ་ཆོས་འཛིན་ཕྱིར་དང་།། སེམས་ཅན་ཀུན ་ལ་ཕན་པའི་ཕྱིར།། དངོ་པོའི་དམ་བཅས་མཐར་འབྱིན་ཕྱིར།། སངས་རྒྱས་ཉིད་ལ་གཙང་བ་དང་།། དྲག་པའི་ཐུགས་རྗེསཽ་རབ་འཇུག་ཕྱིར།། རྫུ་འཕྲུལ་རྐང་པོ་སྟོན་པ་ནི།། དེ་ཡིས་གནས་པར་སྤྱོད་པའི་ཕྱིར།། མཁྱེན་པས་འཁོར ་དང་མྱ་ངན་འདའ།། གཉིས་སུ་འཛིན་པས་གྲོལ་བའི་ཕྱིར།། རྟག་ཏུ་བཱསཽམ་ཡས་ཏིང་འཛིན་གྱི།། བདེ་བ་ཕུན་སུམ་ཚོགས་ལྡན་ཕྱིར།། འཇིག་རྟེན་ནཾ་ནི་སྤྱོད་པ་དང་།། འཇིག་རྟེན་ཆོས་ཀྱིས་གོས་མེད་ཕྱིར།། འཆི་མཽད་ཞི་བའི་གན ་ཐོབ་བོ།། རི་བདུད་རྒྱུ་བ་མེད་པའི་ཕྱིར།། འདུས་མ་བྱས་པའི་རང་བཞིན་གྱི།། ཐུབ་པ་གདོད་ནས་རབ་ཞིའི་ཕྱིར།། རྟག་པ་སྐྱབས་མེད་རྣམས་ཀྱི་ནི།། སྐྱབས་ལ་སོགས་པ་འཐད་ཕྱིར་རོ།། དང་པོ་ཡི་ནི་རྒྱུ་བདུན་གྱིས།། གཟུགས་ཀྱི་སྐུ ་ཡིས་རྟག་ཉིད་དེ།། ཕྱི་མ་གསུམ་གྱིས་སྟོང་པ་ན།། ཆོས་ཀྱི་སྐུ་ཡིས་རྟག་པ་ཉིད།། དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ཡོངསུ་གྱུར་པས་རབ་ཏུ་ཕྱེ་བ་ཐོབ་པའི་ཚུལ་དེ་ཡང་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས ་རྟོགས་པར་བྱ་བ་ཡིན་པས་བསམ་གྱིས་མི་ཁྱབ་པའི་དོན་ལས་བརྩམས་ཏེ་ཚིགསུ་བཅད་པ།། དྲགཱ་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར།། རྟོགས་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། བྷ་ན་མེ་ཕྱིར་སྲིད ་ཞིས་མ་བསྔོས་ཕྱིར། རྒྱལ་ཡུམ་འཕ་ཌ་རྣམས་ཀྱིས་ཀྱང་བསམ་མི་ཁྱབ།། འདིའི་བསྡུས་པའི་དོན་ནི་ཚིགསུ་བཅད་པཱ་བཞིས་རིག་པར་བྱ་སྟེ། བསམ་མེད་བརྗོད་དུ་མེདོ་ཕྱིར་ཏེ། བརྗོད་མེད་དོན་དོམ་ཡིན་ཕྱིརོ།། དོན་དམ ་བརྟག་བྱ་མི་ནི་ཕྱིར་ཏེ། བློརྟག་མིན་རྗེས་དཔག་བྱཱ་མིན་ཕྱིར།། དཔག་མིན་བླ་ན་མེད་བཱི་ཕྱིར།། བླ་ནཱ་མེད་པ་མ་བསྡུས་ཕྱིར།། མ་བསྡུས་གནོས་པ་མྱེད་ཕྱིར་ཏེ།། ཡོ་ནཱི་ཏྭེན་སྒྲོན་རྟོག་མེད་ཕྱིར་རོ།། རྒྱུ་ལྔ་དྲུག་གིས་ཕྲ་བའི ་ཕྱིར།། ཚོས་སྐུ་བོསམ་མི་ཁྱབ་པ་སྟེ།། དྲུག་པསོ་དེ་ཡཱི་དངོས་མིན་ཕྱིར།། གཟུགས་སྒོ་བསམ་མི་ཁྱབ་པའོ།། བློ་མེ་དཽ་ཡེ་ཤེས་ཐུགས་རྗེ་ཆོས་སོགས་ཡོན་ཏན་གྱིས།། ཡོན་ཏན་ཕ་རོལ་བྱིན་པའི་རྒྱལ་བ་བསམ ་མི་ཁྱབ།། དེས་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི།། དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས།། དཀོན་མཆོགི་རིགས་རྣམ་པར་དབྱེ་བ་ལས། བྱང་ཆུབ་ཀྱི ་སྐབས་ཞེས་བྱ་བ་སྟེ་ལེའུ་གཉིས་པའོ།། །། དྲི་མ་མེད་པའི་དེ་བཞིན་ཉིད་བཤད་ཟིན་ཏོ།། ད་ནི་གང་དག་དེ་ལ་བརྟེན་པ་ནོར་བུའི་འོད་དང་མདོག་དང་དབྱིབས་བཞིན་དུ་དབྱེར་མེད་པའི་རང་བཞིན་ཉིད་ཀྱིས་ཤིན་ཏུ་ཏཱི ་མ་མེད་པའི་ཡོན་ཏན་དེ་དག་བཤད་པར་བྱ་སྟེ། དེས་ན་དེའི་རྗེས་ཐོགསུ་སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་དབྱེ་བ་ལས་བརྩམས་ཏེ་ཚིགསུ་བཅད་པ། རང་དྲོན་གཞུན་དོན་དོན་དམ་སྐུ་དྲོང་ནི།། དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དོ།། ། ་བྲལ་དང་རྣམ་པར་སྨིན་པས་འབྲས་བུ་ནི།། ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག། འདི་ཅེས་བསྟན་ཞེ་ན། བདག་ཉིད་ཀྱི་ནི་འབྱོར་པའི་གནས།། དམ་པའི་དོན་གྱི་སྐུ་ཡིན་ཏེ།། དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ།། ཕ་རོལ་ཕུན་སུམ ་ཚོགས་པའི་གནས།། དང་པོའི་སྐུ་ནི་སྟོབས་ལ་སྲོགས།། བྲལ་བའི་ཡོན་ཏན་རྣམས་དང་ལྡན།། གཉིས་པ་སྐྱེས་བུ་ཆེན་པོའི་མཚོན།། རྣམ་སྨིན་ཡོན་ཏན་དག་དང་ལྡན།། འདྲི་མན་ཆད་ཀྱི་གཞུང་ནི་སྟོབས་ལ་སོགས་པ་གང་ཡིན ་པ་དང་། ཇི་ལྟར་རྟོགས་པར་བྱས་པ་དེ་ལྟར་དེའི་དབང་དུ་བྱས་པའོ།། སྡོམ་ནི་སྟོབས་ཉིད་མ་རིག་སྒྲུབས་ལྀ་རྡོ་རྗེ་བཞིན།། མི་འཇིགས་པ་ནི་འཁོར་དུ་སེང་གེ་བཞིན།། དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ།། ཐུབ་པཱ། ་སྟོན་པ་རྣམས་གཉིས་ཆུ་ཟླ་བཞིན།། སྟོབས་རྣམས་དང་ལྡན་ཞེས་བྱ་བ་ནི།། གནས་དང་གནས་མིན་ལས་རྣམས་ཀྱིས།། རྣམ་སྨིན་དང་ནི་དབང་པོ་དང་།། ཁམས་རྣམས་དང་ནི་མོས་པ་དང་།། ཀུན་འགྲོའི་ལམ་དང་བསམ་གཏན ་སོགས།། ཉོན་མོངས་དྲི་མ་མེད་པ་དང་།། གནས་ནི་རྗེ་སུ་དྲན་པ་དང་།། ལྷ་ཡི་མིག་དང་ལྡན་པ་དག། མཁྱེན་པའི་སྟོབས་ནི་རྣམ་པ་བཅུ།། རྡོ་རྗེ་བཞིན་ཞེས་བྱ་བ་ནི།། གནས་དང་གནས་མིན་རྣམ་སྨིན་ཁམས་དང་འགྲོ་བ་མོས་པ་སྣ་ཚོགས་དང་།། ། ་ཉོན་མོངས་རྣམ་བྱང་དབང་པོ་མཆོག་དང་སྔོན་གནས་རྗེསུ་དྲན་པ་དང་།། ལྷ་ཡི་མིག་དང་ཟག་པ་ཟོད་ཚུལ་མི་ཤེས་གོ་ཆ་རྩིག་བསྟན་དང་།། ཤིང་རྣམས་འབིགས་དང་། གཞིག་དང་གཅོད་ཕྱིར་སྟོབས་གང་ཡིན་པ་རྡོ་རྗེ་བཞིན།། མི ་འཇིགས་པ་བཞི་བརྙས་པ་ཞེས་བྱ་བ་ནི།། ཆོས་ཀུན་རྫོགས་པར་བྱང་ཆུབ་དང་།། གླེགས་ནི་འགོག་པར་བྱ་བ་དང་།། ལམ་སྟོན་པ་དང་འགོག་སྟོན་ལ།། མི་འཇིགས་པ་ནི་རྣམ་པ་བཞི།། བདག་གཞན་ཤེས་བྱའི་དངོས་པོ་རྣམ ་ཀུན་ཤེས་དང་ཤེས་མཛད་ཕྱིར།། སྤངས་དངོས་སྤངས་དང་སྤོང་མཛད་ཕྱིར་དང་བསྟེན་བྱ་བསྟེན་པའི་ཕྱིརརོ།། ཐོབ་བྱ་བླ་མེད་ཤིན་ཏུ་དྲི་མེད་ཐོབ་དང་ཐོབ་མཛད་ཕྱིར།། རང་གཞན་དོན་བདེན་གསུངས་ཕྱིར་དྲང་སཽ་གཙུག་ལག་གང ་དུའང་ཐོགས་པ་མེད།། སེང་གཽ་བཞིན་ཞེས་བྱ་བ་ནི།། རི་དགས་དབང་པོ་ཇི་ལྟར་ནགས་མཐར་རྟག་འཇིགས་མེདོ།། རི་དགས་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར།། དེ་བཞིན་ཚོགས་ན་ཐུབ་པའི་དབང་པོ་སེང་གཽ་ཡང་།། ལེ ་གནས་ལྟོས་མེད་བསྟན་པའི་རྩལ་དང་ལྡན་པོར་གནས།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པ་ཞེས་བྱ་བ་ནི།། འཁྲུལ་དང་ཅི་ཅོ་མི་མངའ་སྟེ།། སྟོན་ལ་དྲན་པ་ཉམས་མི་མངའ།། མཉམ་པར་མ་བཞག་ཐུག་མི ་མངའ།། འདུ་ཤེས་སྣ་ཚོགས་ཀྱང་མི་མངའ་མ་བརྟགས་བཏང་སྙོམས་མི་མངའ་སྟེ།། འདུན་པ་བརྩོན་འགྲུས་དྲན་པ་དང་།། ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི།། ཡེ་ཤེས་གཟིགས་པ་ཉམས་མི་མངའ།། ལས་རྣམས་ཡེ་ཤེས ་སྔོན་འགྲོ་དང་།། དུས་ལ་ཡེ་ཤེས་སྒྲིབ་པ་མེད།། དེ་ལྟར་བཅོ་བརྒྱད་འདི་དང་གཞན།། སྟོན་པའི་མ་འདྲེས་ཡོན་ཏན་ཡིན།། འཁྲུལ་དང་ཙཱ་ཅོ་བསྙེལ་དང་ཐུགས་གཡོ་ཐ་དད་ཀྱི་ནི་འདུ་ཤེས་དང་།། ངང་གིས་བཏང་སྙོམས་དྲང་སྲོང་ལ ་མེད་འདུན་པ་དང་ནི་བརྩོན་འགྲུས་དང་།། དྲན་དང་རྣམ་དག་དྲི་མེད་ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང་། ཤེས་བྱའི་དོན་ཀུན་གཟིགས་པ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་མི་མངའ།། གང་གིས་ལས་གསུམ་ཐམས་ཅད ་ཡེ་ཤེས་སྔོན་འགྲོ་རྗེསུ་འཇུག་པ་དང་།། དུས་གསུམ་དག་ཏུ་ཐོགས་པ་མེད་པ་མཁྱེན་པ་རྒྱ་ཆེ་འཇུག་པ་སྟེ།། གང་རྟོགས་འགྲོ་བར་འཇིགས་མེད་དམ་ཆོས་འཁོར་ལོ་ཆེན་པོ་རབ་བསྐོར་བ།། ཐུགས་རྗེ་ཆེན་པོ་དང་ལྡན་རྒྱལ་བུ ་ཉིད་དེ་སངས་རྒྱས་རྣམས་ཀྱིས་བརྙས།། ནཱ་མཁའ་བཞིན་དུ་ཞེས་བྱ་བ་ནི།། ས་སྔོགས་ལ་ཡོད་ཆོས་ཉིད་གང་ཡིན་ཆོས་ཉིད་དེ་ནི་ནཱ་མཁྭའི་མིན།། ན་མཁའི་མཚན་ཉིད་སྒྲིབ་མེད་ལ་སོགས་མཚན་ཉིད་གྲང་དེ་གཟུགས་ལ་མེད།། ། ་ས་ཆུ་མེ་རླུང་ན་མཁའ་མཚུངས་པ་འཇིག་རྟེན་དག་ན་ཐུན་མོང་སྟེ།། མ་འདྲེས་ཉིད་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་ཐུན་མོང་མིན།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་གཟུགས་མངའ་བ་ཞེས ་བྱ་བ་ནི། ལེགས་གནས་འཁོར་ལོས་མཚན་པ་དང་།། ཡངས་དང་ཞབས་ལོང་མི་མངོན་དང་།། སོར་མོ་རིང་དང་ཕྱག་ཞབས་ནི།། དྲ་བ་ཡིས་ནི་འབྲེལ་བ་དང་།། པགས་འཇམ་གཞོན་ཤ་ཅན་ལེགས་ཉིད།། སྐུ་ནི་བདུན་དག་མཐོ ་བཽ་དང་།། བྱིན་པ་ཨེ་ཎེ་ཡ་འདྲ་གསང་།། གླང་པོ་བཞིན་དུ་སྦུབསུ་ནུབ།། རོ་སྟོད་སེང་གེའི་འདྲ་བ་དང་།། ཐལ་གོང་བར་མེད་རྒྱས་པ་དང་།། དཔུང་མགོ་ལེགས་ཟླུམ་ཕྱག་འཇམ་རིང་།། ཟླུམ་ཞིང་མཐོན་དམན་མེད་པ་དང་།། ཕྱག ་རིང་ཡོངསུཾ་དག་པ་སྐུ།། འོད་ཀྱི་དཀྱིལ་འཁོར་དག་དང་ལྡན།། མགྲིན་པ་དྲི་མེད་དུང་འདྲ་དང་།། འགྲམ་པ་རི་དྭགས་རྒྱལ་པོ་འདྲ།། ཚེམས་ནི་བཞི་བཅུ་མཉམ་པ་དང་།། རབ་དང་ས་ཆེམས་ཐགས་བཟང་བ་དང་།། མཉམ་དག་ཚེམས ་མཉམ་ཉིད་དང་ནི།། མཆེ་བ་རབ་མཆོག་དཀར་བ་ཉིད།། ལྗགས་རིང་མཐའ་མེད་བསམ་མེད་པ།། རོ་བྲོ་བ་ཡི་མཆོག་ཉིད་དང་།། རང་བྱུང་ཀྲ་ལ་བིང་ཀ་ཡི།། སྒྲ་དང་ཚངས་པའི་དབྱངས་ཉིད་དང་།། སྤྱན་བཟང་ཨུཏྤལ་ཁྱུ་མཆོག་རྫི ་འངྒ་དང་།། ཞལ་མཛེས་དྲི་མེད་མཛོད་སྤུ་དཀར་བར་ལྡན།། གཙུག་ཏོར་དབུ་ལྡན་དྲག་ཅིང་སྲབ་པ་དང་།། པགས་པ་གསེར་གྱི་མདོག་འདྲ་སེམས་ཅན་མཆོག་བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནཱ།། སྐུ་ཡི་གྱེ་ནཱཾ་དུ་གཡས་ཕྱོག ་འཁྱིལ་བ་དང་།། དབུ་སྒྲ་དྲོ་མེད་རིན་ཆེན་མཐོན་མཐིང་བཞིན།། ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ།། ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ།། སྲེང་མེད་བུ་ཡི་སྟོབས་ལྔ་མཁྲེགས་པའི་སྐུ།། བསམ་མི་ཁྱབ་པར་སུམ ་ཅུ་རྩ་གཉིས་པོ།། འདི་དག་སྟོན་པས་མྱི་དབང་མཚན་དུ་གསུངས།། ཆུ་ཟླ་བཞིན་དུ་ཞེས་བྱ་བ་ནི།། ཇི་ལྟར་སྤྲིན་མེད་ན་མཁའི་ཟླ་བའི་གཟུགས།། སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར།། དེ་བཞིན་རྒྱལ་སྲས་ཚོགས་ཀྱིས ་ཁྱབ་བདག་གཟུགས།། རྫོགས་སངས་རྒྱས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར།། དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྐྱེས་བུ་ཆེན་པོའི ་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རྣམ་པ་གཅིག་ཏུ་མངོན་པར་བསྡུས་ཏེ་དྲུག་ཅུ་རྩ་བཞིར་འགྱུར་རོ།། ཡོན་ཏན་དྲུག་ཅུ་རྩ་བཞི་པོ།། འདི་དག་སོ་སོ་རྒྱུར་བཅས་ཏེ།། གོ་རི་མོ་ཇི་བཞིན་རིན་ཆེན་གྱི།། མདོ་ཡི་རྗེས་འབྲངསྡེ་ཤེས་པར་བྱ།། ་ཇི་སྐད་བསྟན་པ་ཉིད་ཀྱི་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་ཅུ་རྩེ་བཞི་པོ་འདི་དག་གི་རྣམ་པར་དབྱེ་བ་གོ་རིམ་འདི་ཉིད་ཀྱིས་བསྟན་པ་ནི།། བུ་མོ་རིན་པོ་ཆེའི་མདོའི་རྗེས་སུ་འབྲངས་ཏེ་ཤེས་པར་བྱའོ།། གནས་འདི་དགྲ་ལ་གོ་རིམ ་བཞིན་དུ་རྡོ་རྗེ་དང་། སེང་གེ་དང་། ན་མཁའ་དང་། ཆུ་ཟླའི་དཔེ་བརྗོད་པ་གང་ཡིན་པ་དེའི་བསྡུས་པའི་དོན་ནི་ཚིགསུ་བཅད་པ་བཅུས་རིག་པར་བྱ་སྟེ། མི་ཕྱེད་པ་དང་མི་ཞེན་དང་།། མཚུངས་པ་མེད་འཇ་གཡོ་མེད་ཕྱིར།། རྡོ་རྗེ་སེང་གེ་མ། ་དག་དང་།། ཆུ་ཡི་ཟླ་བའི་དཔེས་བསྟན་ཏོ།། སྟོབས་སོགས་རྣམས་ལས་སྟོབས་དྲུག་དང་།། གསུམ་དང་གཅིག་གིས་རིམ་པ་བཞིན།། ཤེས་བྱ་སྙོམས་པར་འཇུག་པ་དང་།། བག་ཆགས་བཅས་པ་ཀུན་བསལ་བས།། གོ་ཆ་རྩིག་པ ་ཤིང་བཞིན་དུ།། ཕུག་དང་བཤིག་དང་བཅད་ཕྱིར་རོ།། གླིང་དང་སྙིང་བརྟན་མི་ཕྱེད་པས།། དྲུང་སྲོང་སྟོབས་ནི་རྡོ་རྗེ་འདྲ།། གང་ཕྱིར་བརླིང་པ་སྙིང་པོའི་ཕྱིར།། གང་ཕྱིར་སྙིང་པོ་བརྟན་པའི་ཕྱིར།། གང་ཕྱིར་བརྟན་པ་མི་ཕྱེད་ཕྱིར།། མི་ཕྱེད ་ཕྱིར་ན་རྡོ་རྗེ་བཞིན།། འཇིགས་མེད་ཕྱིར་དང་ལྟོས་མེད་ཕྱིར།། བརྟན་ཕྱིར་རྩོལ་ནི་ཕུན་ཚོགས་པས།། ཐུབ་པ་སེང་གེ་སོང་གེ་བཞིན།། འཁོར་གྱི་ཆོག་སུ་འཇིགས་མི་མངའ།། ཀུན་མངོན་མཁྱེན་པས་གང་ལས་ཀྱང་།། འཇིག ་མེད་པར་ནི་རྣམ་པར་གནས།། དག་པའི་སེམས་ཅན་དང་ཡང་དག་བདག། མི་མཉམ་གཟིགས་ཕྱིར་ལྟོས་པ་མེད།། ཐུགས་ནི་ཆོས་རྣམས་ཐམས་ཅད་ལ།། རྩེ་གཅིག་ཕྱིར་ན་བརྟན་པ་ཉིད།། མཆོག་ཏུ་མ་རིག་བག་ཆགས་ཀྱི།། ་ས་ལས་བརྒལ་ཕྱིར་རྩལ་ལྡནྡ་ནོ།། འཇིག་རྟེན་ཉན་ཐོས་མཐའ་གཅིག་པུ།། སྤྱོད་དང་བློ་ལྡནྡ་རང་བྱུང་རྣམས།། གོང་ནས་གོང་དུ་བློ་དག་ནཱི།། ཕྲ་ཕྱིར་དཔེ་ནི་རྣམ་པ་ལྔ།། འཇིག་རྟེན་ཀུན་གྱི་ཉེར་མཚོའི་ཕྱིར།། ས་ཆུ་མེ་རླུང་རྣམ ་མཚུངས།། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། མཚན་ཉིད་ལས་འདས་ནི་མཁའི་བཞིན།། དེ་དགེ་ཡོན་ཏན་སུམ་ཅུ་ནི།། གཉིས་འདི་ཆོས་སྐུས་རབ་ཕྱེ་སྟེ།། ནོར་བུ་རིན་ཆེན་འོད་མདོག་དང་།། དབྱིབས་བཞིནི་དབྱེ་བ ་མེད་ཕྱིར་རོ།། མཐོང་ན་ཚིམ་བྱེད་ཡོན་ཏན་གང་།། སུམ་ཅུ་རྩ་གཉིས་ཞེས་བྱ་བ།། སྤྲུལ་པ་ཆོས་ལ་རྫོགས་པར་ནི།། ལོངས་སྤྱོད་རྫོགས་སྐུ་གཉིས་ལ་རྟེན།། དག་ལས་རིང་དང་ཉི་རྣམས་ལ།། འཇིག་རྟེན་རྒྱལ་བའི་དཀྱིལ ་འཁོར་དུ།། ཆུ་དང་ན་མཁའ་ཟླ་གཟུགས་བཞིན།། དེ་མཐོང་བ་ནི་རྣམ་པ་གཉིས།། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས། དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས།། ཡོན་ཏན་གྱི་སྐབས་ཏེ་ལེའུ་གསུམ་པའོ།། ་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་བཤད་ཟིན་ཏོ།། ད་ནི་དེའི་ལས་རྒྱལ་བའི་མཛད་པ་བརྗོད་པར་བྱའོ།། དེ་ཡང་མདོར་བསྡུས་ན་ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་འཆད་པ་རྣམ་པ་གཉིས་ཀྱིས་འཇུག་སྟེ། དེས་ན་དེའི་རྗེས་ལ ་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་ཉིད་ལས་བརྩམས་ཏེ་ཚིག་སུ་བཅད་པ།། གདུལ་བྱའི་ཁམས་དང་འདུལ་བྱེད་ཐབས་དང་ནི།། གདུལ་བྱའི་ཁམས་ཀྱི་གདུལ་བྱའི་བྱ་བ་དང་།། དེ་ཡི་ཡུལ་དང ་དུས་སུ་གཤེགས་པ་ལ།། ཁྱབ་བདག་རྟག་ཏུ་ལྷན་གྱིས་གྲུབ་པར་འཇུག། ཡོན་ཏན་རིན་ཆེན་མཆོག་ཚོགས་དང་ལྡན་ཡེ་ཤེས་ཆུ་མཚོ་བསོད་ནམས་ཡེ་ཤེས་ཉི་འོ་ཅན།། ཐེག་པ་མ་ལུས་ངེས་པར་བསྒྲུབས་ཏེ་མཐའ་དང ་དབུས་མིང་རྒྱ་ཆེན་ན་མཁའ་ལྷོར་ཁྱབ་པ།། སངས་རྒྱས་ཉིད་ནི་ཡོན་ཏན་དྲྀ་མཱ་མེངྒ་སྟེར་སེམས་ཅན་ཀུན་ལ་ཁྱབ་མེད་རྣམས་གཟིགས་ནས།། ཉོན་མོངས་ཤེས་བྱའི་སྤྲིན་གྱི་དྲ་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང ་གིས་རྣམ་པར་འཐོར།། འདི་གཉིས་ཀྱིས་བསྡུས་པའི་དོན་ནི།། གོ་རིམ་བཞིན་དུ་ཚིགསུ་བཅད་པ་གཉིས་དང་བརྒྱད་ཀྱིས་རིག་པར་བྱ་སྟེ།། གང་གི་གང་གིས་འདུལ་བ་ཡི།། བྱ་གང་གང་དུ་གང་གི་ཚེ།། དེ་ནི་རྣམ་རྟོན ་མེད་ཕྱིར།། ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ།། གདུལ་བྱའི་ཁམས་ནི་གང་ཞིག་གི། གདུལ་བྱའི་ཐབས་མང་གང་དག་གི། གདུལ་བྱའི་བྱ་གང་གང་དུ་ནི།། གང་ཚེ་ཡུལ་དང་དུས་དེ་དག། ངེས་འབྱིན་དེ་ཡི་རྟོན་པ་དང་།། དེའི་འབྲས་དེ་ཡི ་ཡོངས་འཛིན་དང་།། དེ་སྒྲིབ་དེ་གཅོད་རྐྱེན་ལ་ནི།། རྣམ་པར་རྟོག་པ་མེད་ཕྱིར་རོ།། ངེས་པར་འབྱིན་པས་བཅུ་སྟེ།། ཚོགས་གཉིས་དོག་ནི་དེ་ཡི་རྒྱུ།། དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ།། བྱང་ཆུབ་སེམས་ཅན་ཡོངསུ་འཛིན།། དོ་སྒྲིབ་མཐའ ་ཡས་ཉོན་མོངས་དང་།། ཉེ་བའི་ཉོན་མོངས་བག་ཆགསོ།། དུས་ཀུན་ཏུ་ནི་དེ་འཇོམས་པའི།། རྐྱེན་ནི་ཐུགས་རྗེ་ཆེན་པོ་ཡིན།། གནས་དྲུག་འདི་རྣམས་གོ་རིམ་བཞིན།། རྒྱ་མཚོ་ཉི་མ་ན་མཁའ་གཏེར།། སྤྲིན་དང་རླུང་བཞིན་ཤེས་པར་བྱ།། ཤྭེ ་ཆུ་ཡོན་ཏན་རིན་ཆེན་དང་།། ལྡན་ཕྱིར་ས་རྣམས་རྒྱ་མཚོ་བཞིན།། སེམས་ཅན་ཐམས་ཅད་ཉེར་འཚོའི་ཕྱིར།། ཚོགས་གཉིས་དག་ནི་ཉི་མ་བཞིན།། རྒྱ་ཆེ་མཐའ་དང་དབུས་མེད་ཕྱིར།། བྱང་ཆུབ་ནཱ་མཁའི་ཁམས་བཞིན་ནོ།། ཡཱ་དག ་རྫོགས་སངས་ཆོས་ཉིད་ཕྱིར།། སེམས་ཅན་ཁམས་ནི་གཏེར་དྲང་འདྲ།། གློ་བུར་ཁྱབ་དང་མ་གྲུབ་ཕྱིར།། དེ་ཡི་ཉོན་མོངས་སྤྲིན་ཚོགས་བཞིན།། དེ་གཏོར་བ་ཡི་ཉེར་གནས་ཕྱིར།། ཐུགས་རྗེ་མི་བཟང་རླུང་དང་འདྲ།། གཞན་གྱི་དབ ་གོས་ངེས་འབྱུང་དང་།། བདག་དང་སེམས་ཅན་མཚུངས་གཟིགས་དང་།། མཛོད་པ་ཡོངསུ་མ་རྫོགས་ཕྱིར།། འཁོར་བ་སྲིད་དུ་རྒྱུན་མི་འཆང་།། སྐྱེ་བ་དང་འགག་པ་མེད་པོས་རབ་ཏུ་ཕྱེ་བ་ཞེས་བརྗོད་པའི་སངས་རྒྱས་ཉིད ་གང་ཡིན་པ་དེ། འདིར་ནི་ཇི་ལྟར་ན་འདུས་མ་བྱས་པས་འཇུག་པ་མེད་པའི་མཚན་ཉིད་སངས་རྒྱས་ཉིད་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇིག་རྟེན་ཇི་སྲིད་དུ། རྣམ་པར་མི་རྟོག་པ་མེད་པར་སངས ་རྒྱས་ཀྱི་མཛད་པ་རྒྱུན་ཏུ་འཇུག་ཅེས་སངས་རྒྱས་ཀྱི་ཆེ་བོའི་བདག་ཉིད་ཆོས་ཉིད་ལས་བརྩམས་ཏེ། ཐེ་ཚོམ་དང་སྲོམ་ཉི་སྐྱེས་པ་རྣམས་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་མོས་པ་བསྐྱེད་པའི་ཕྱིར། དཔེའི་ཆེ་བའི ་བོབདག་ཉིད་ཆེན་པོ་ལས་ཚིགསུ་བཅད་པ། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་།། ཉི་མ་ནོར་བུ་རིན་ཆེན་བཞིན།། དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན།། ན་མཁའ་དང་ནི་ས་བཞིན་ནོ།། མདོའི་གནས་ལྕེ་བུའི་ཚིགསུ་བཅད་པ་འདི ་ཡི་རྣམ་པར་དབྱེ་བ་རྒྱས་པར་བསྟན་པ་ནི།། གོ་རིམ་ཇི་ལྟ་བ་བཞིན་དུ་གཞུང་ལྷག་མས་རིག་པར་བྱའོ།། བརྒྱ་བྱིན་དུ་སྣང་བ་བཞིན་ཞེས་བྱ་བ་ནི། ཇི་ལྟར་བཻ་ཌཱུརྱ་དག་པ་ཡི།། རང་བཞིན་སུ་སྟེང་འདིར་འགྱུར་ཏེ།། གང་ཕྱིར་ལྷ་ཡི ་དབང་པོ་དེར།། ལྷོ་ཡི་བུ་མོའི་ཚོ་གས་དང་བཅས།། རྣམ་པར་རྒྱལ་བའི་ཁང་བཟུང་དང་།། ལྷག་ནས་དེ་ལས་གཞན་དག་དང་།། དེ་ཡི་གཞལ་ཡས་སྣ་ཚོགས་དང་།། ལྷ་རྫས་རྣམ་མང་དེ་མཐོང་ངོ་།། དེ་ནས་སྐྱེས་པ་བུད་མེད་ཚེ ་ས་ཡི་སྟེང་ན་གནས་པ་རྣམས།། སྣང་བ་དེ་ནི་མཐོང་གྱུར་ཏེ།། ངེད་ཀྱང་རིང་པོ་མི་ཐོགས་པར།། ལྷ་དབང་འདི་འདྲར་གྱུར་ཅིག་ཅེས།། འདི་འདྲའི་སྨོན་ལམ་འདེབས་བྱེད་ཅིང་།། དེ་ཐོབ་དོན་དུ་དགེ་བ་ནི།། ཡང་དག་བླངས་ཏེ་གནས་ལྔ་འགྱུར།། ་དེ་དག་དགེ་བའི་ལས་དེས་ན།། འདི་སྣང་ཙམ་ཞེས་དེ་ལྟ་བུར།། ཤེས་པ་མེད་ཀྱང་ས་སྟེང་ནས།། འཕོས་དེ་ལྟར་ནི་སྐྱེ་བར་འགྱུར།། སྣང་བ་དེ་ནི་ཤིན་ཏུ་ཡང་།། རྟོག་པ་མེད་ཅིང་གཡོ་བ་མེད།། དེ་ལྟ་མོད་ཀྱིས་སྟེ་ང་ན།། དོན་ཆེན་གྱིས་ནི ་ཉེ་བར་གནས།། དེ་བཞིན་དད་སོགས་དྲི་མེད་ཅན།། དྲད་སོགས་ཡོན་ཏན་སྒོམ་པ་ཡི།། རང་སེམས་ལ་སྣང་རྫོགས་སངས་རྒྱས།། མཚན་དང་དཔེ་བྱད་དང་ལྡན་པ།། འཆག་པ་དང་ནི་བཞེངས་པ་དང་།། བཞུགས་པ་དང་ནཱི་གཟིམ ་པ་དང་།། སྤྱོད་ལམ་སྣ་ཚོགས་མཛེས་པ་ཅན།། ཞི་བའི་ཆོས་ནི་གསུངས་པ་དང་།། མི་གསུངས་མཉམ་པར་བཞག་གྱུར་པ།། ཆོ་འཕྲུལ་རྣམ་པ་སྣ་ཚིགས་དག། མཛད་པ་གཟི་མེདངས་ཆེན་པོ་ཅན།། སེམས་ཅན་རྣམས་ཀྱི་མཐོང ་བར་འགྱུར།། དེ་མཐོང་ནས་ཀྱང་འདོད་ལྡན་པ།། སངས་རྒྱས་ཉིད་ཕྱིར་རབ་སྦྱོར་ཏེ།། དེ་རྒྱུ་ཡང་དག་བླངས་ནས་ནི།། འདོད་པའི་གོ་འཕེང་ཐོབ་པར་བྱེད།། སྣང་བ་དེ་ནི་ཤིན་ཏུ་ཡང་།། རྟོག་མེད་གཡོ་བ་མེད་པ་ཉིད།། དེ་ལྟ་ནི་ཡང ་འཇིག་རྟེན་ན།། དོན་ཆེན་པོས་ནི་ཉེ་བར་གནས།། འདི་ནི་རླུང་སེམས་སྣང་བ་ཞེས།། སོའི་སྐྱེ་བོས་མི་ཤེས་མེད།། དེ་ལྟ་ནི་ཡང་གཟུགས་མཐོང་སྟེ།། དེ་དགེ་ལ་ནི་དོན་ཡོད་འགྱུར།། རིམ་གྱིས་དེ་མཐོང་ལ་བརྟེན་ནས།། ཐེག་པ ་འདི་ལ་གནས་པ་རྣམས།། ནང་གི་དམ་པའི་ཆོས་སྐུ་ནི།། ཡེ་ཤེས་མིག་གིས་མཐོང་པོར་འགྱུར།། ཇི་ལྟར་ས་ཀུན་ཉིམ་ངའི་གནས་གཞན་དང་བྲལ་དྲི་མེད་བཻ་ཌཱུརྱ།། གསལ་མཛེས་ནོར་བུའི་ཡོན་ཏན་དྲི་བྲལ་དཔལ་ལྡན་སྟེང ་ནི་མཉམ་གྱུར་ཏེ།། དགྲ་ཕྱིར་དེ་ནི་ལྷ་བདག་སྣ་ཚོགས་ལྷ་དབང་ལྷ་ཡི་གཟུགས་ཤར་ཏེ།། རིམ་གྱིས་ས་ཡི་ཡོན་ཏན་བྲལ་ཕྱིར་དེ་ནི་སླར་ཡང་མི་སྣང་འགྱུར།། དེ་དངོས་ཐོབ་ཕྱིར་བསྙེན་གནས་བརྟུལ་ཞུགས་ངེས ་པར་སྦྱིན་སོགས་ལ་ཕྱོགས་པ།། བུད་མེད་སྐྱེས་ཚོགས་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་མཐོར་བ་ལྟར།། དག་པའི་བཻ་ཌཱུརྱ་འདྲའི་སེམས་ལ་སྣང་བའི་ཐུབ་དབང་ཐོབ་བྱའི་ཕྱིར།། རབ་དང་སེམས་ལྡན་རྒྱལ་བའི་སྲས ་རྣམས་དེ་བཞིན་གཤོགས་རབ་སྐྱེད་པར་བྱེད།། ཇི་ལྟར་བཻ་ཌཱུརྱ་ས་གཞི་གཱཙང་མ་ལ།། ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་པ་ལྟར།། དེ་བཞིན་འགྲོ་སེམས་ས་གཞི་གཙོང་མཽ་ལ།། ཐུབ་པའི་དབང་པོའི་སྐུ་ཡི་གཟུགས ་བརྙན་འཆརྭ།། འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་མེ་དང་།། རྙོག་པའི་རང་སེམས་རིབ་འཇུག་དབང་གིས་འཇུག། ཇི་ལྟར་འཇིག་རྟེན་དག་ན་གཟུགས་སྣང་ལྟར།། དེ་བཞིན་ཡོད་དང་ཞིག་ཅེས་དེ་མི་ལྟ།། ལྷའི་རྔ་བཞིན ་ཞེས་བྱ་བ་ནི།། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི།། སྔོན་གྱི་དཀར་པོའི་མཐུ་ཡིས་ནི།། འབད་དང་གྲནས་དང་ཡིད་གཟུགས་དང་།། རྣམ་པར་རྟོག་པ་མེད་བཞིན་དུ།། མི་རྟག་སྡུག་བསྔལ་བདག་མེད་དང་།། ཞི་བའི་སྒྲ་ཡིས་བག ་མེད་པའི།། ལྷ་རྣམས་ཐམས་ཅད་ཡང་ནས་ཡང་།། ཆོས་ཀྱི་རྫས་ནི་སྐུལ་བྱེད་ལྟར།། དེ་བཞིན་ཁྱབ་བདག་འབད་སོགས་དང་།། བྲལ་དང་འགྲོ་བ་མ་ལུས་པ།། སངས་རྒྱས་གསུང་གིས་ཁྱབ་མཛད་དེ།། སྐལ་ལྡན་རྣམས ་ལ་ཆོས་སྟོན་ཏོ།། ཇི་ལྟར་ལྷ་ནི་ལྷ་རྣམས་ཀྱི།། རྔ་སྒྲ་ལྷ་ཡི་ལས་ལས་བྱུང་།། དེ་བཞིན་འཇིག་རྟེན་ཐུབ་པའི་ཆོས།། གསུང་བ་རླུང་གི་ལས་ལས་འབྱུང་།། འབད་གནས་ལུས་དང་སེམས་བྲལ་བའི།། སྒྲ་དེ་ཇི་ལྟར་ཞི་སྒྲུབ་ལྟར།། དེ ་བཞིན་བཞི་དང་བྲལ་བ་ཡི།། ཆོས་འདི་ཞི་བ་སྒྲུབ་པར་བྱེད།། ཇི་ལྟར་ལྷ་ཡི་གྲོང་ན་རྔ་སྒྲའི་རྒྱུན་འབྱུང་མི་འཇིགས་སྦྱིན་པ་ནི།། ཉོན་མོངས་གཡུལ་དུ་འཇུག་ཚེ་ལྷ་མིན་གཡུལ་རྒྱལ་རྩེད་མོ་སེལ་བ་བཞིན།། དེ་བཞིན་འཇིག་རྟེན་དག ་ན་བསམ་གཏན་གཟུགས་མེད་ལ་སོགས་རྒྱས་བྱུང་བ།། སེམས་ཅན་ཉོན་མོངས་སྡུག་བསྔལ་རབ་འཇོམས་ཞི་བ་བླ་མེད་ལམ་ཚུལ་བརྗོད།། ཅིའི་ཕྱིར་འདིར་ཆོས་ཀྱི་རྔ་ཉིད་ཀྱི་དབང་དུ་བྱས་ཀྱི། ལྷའི་སིལ་སྙན་གྱི་རྣམ་པ་དེ་ལས ་གཞན་པ་དག་ཀྱང་མ་ཡིན་ཏེ། དེ་དག་ལྷ་རྣམས་ཀྱི་སྔོན་བྱས་པའི་ལས་ཀྱི་དབང་གིས་མོད་ཁོ་ནར་ལྷའི་རྣ་བར་ཡིད་འཕྲོག་པའི་སྒྲའི་རྗེ་སུ་འབྱུང་བར་འགྱུར་རོ་ཞེ་ན། དེ་བཞིན་གཤེགས་པ་དབྱངས་དང་དྲི་དག་ཆོས་མི་མཐུན ་པའི་ཡོན་ཏན་རྣམ་པ་བཞིའོ།། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཉི་ཚེ་བ་ཉིད་དང་། ཕན་པ་མ་ཡིན་པ་ཉིད་དང་། བདེན་པ་མ་ཡིན་པ་ཉིད་དང་། ངེས་པར་འབྱིན་པར་བྱེད་པ་མ་ཡིན་པ་ཉིད་དོ།། ཆོས་ཀྱི་རྔ་ནི་བག་མེད་པའི་ལྷ་ཚེ ་མཐའ་དག་བསྐུལ་བ་ཉིད་དང་། དེའི་དུས་ལ་མི་འདའ་བས་ན་ཉི་ཚེ་བ་མ་ཡིན་པ་ཉིད་དུ་བསྟན་ཏོ།། ལྷ་མ་ཡིན་ལ་སོགས་པ་ཕ་རོལ་གྱི་ཚོགས་ཉེ་བར་འཚེ་བོའི་འཇིགས་པ་ལས་ཡོངསུ་སྐྱོབ་པ་ཉིད་དང་། བག་ཡོད་པའི་གན ་ལ་རབ་ཏུ་སྦྱོར་བས་ན་ཕན་པ་ཉིད་དང་། དམ་པ་མ་ཡིན་པའི་འདོད་པའི་དགའ་བ་དེ་རྣམ་པར་འབྱེད་པ་ཉིད་དང་། ཆོས་ཀྱི་ཀུན་དགྲའི་དགའ་བ་དེ་ཉེ་བར་སྒྲུབ་པས་ན་བདེ་བ་ཉིད་དོ།། མི་རྟག་པ་དང་སྡུག་བསྔལ་བ་དང་། ་སྟོང་པ་དང་བདག་མེད་པའི་སྒྲོ་སྒྲོགས་པ་ཉིད་དང་། ཉེ་བར་འཚེ་བའི་ཕོངས་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་པས་ནི་ངེས་པར་འབྱིན་པར་བྱེད་པ་ཉིད་དུ་བསྟན་ཏོ།། མདོར་བསྡུ་ན་རྣམ་པ་བཞི་པོ་འདི་དག་གིས་ཆོས་ཀྱི་རྡོ་དང་ཆོས་མཐུན་པ ་སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་ཁྱད་པར་དུ་འཕགས་སོ།། དེས་ན་སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་ལས་བརྩམས་ཏེ་ཚོགསུ་བཅད་པ། གང་ཕྱིར་སྐྱ་ཀུན་པ་ཉིད་དང་། ཕན་བདེ་ཆོ་འཕྲུལ་གསུམ་ལྡན་པ།། དེ་ཕྱིར ་ཐུབ་དབྱངས་ལྷ་རྫས་ཀྱི།། སིལ་སྙན་རྣམས་ལོས་ཁྱད་པར་འཕགས།། རྣམ་པ་བཞི་པོ་འདི་དག་གིས་ངེས་པར་བསྟན་པ་ནི།། མདོར་བསྡུ་ན་ཚིགསུ་བཅད་པ་བཞི་སཽ་གྲངས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། ལྷར་ནཻ་རྔ་ཡི་སྐྲ་ཆེན་པོ།། ་སར་གནས་རྣམས་ཀྱི་རྣར་མི་འགྲོ།། སངས་རྒྱས་རྔ་སྒྲ་འཁོར་པ་ཡི།། ས་འོག་འཇིག་རྟེན་དྲག་ཏུ་འགྲོ།། ལྷར་ནི་ལྷ་ཡི་སིལ་སྙན་བྱེ་བ་མང་།། འདོད་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས།། ཐུགས་རྗེའི་བདག་ཉིད་རྣམས་ཀྱི་དབྱངས ་གཅིག་ཀྱང་།། སྡུག་བསྔལ་མེ་རབ་ཞི་བའི་དོན་དུ་འཇུག། ལྷར་ནི་མཛེས་ཤིང་ཡིད་འོང་སིལ་སྙན་སྒྲ།། སེམས་ཀྱི་རྒོད་པ་འཕེལ་བར་གྱུར་པའི་རྒྱུ།། ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུང་།། ཏིང་འཛིན་སེམས་གཏོད་བས ་པབ་སྐུལ་བྱེད་ཉིད།། མདོར་ནཱ་མ་ལུས་འཇིག་རྟེན་ཁམས་སུ་ཡང་།། ལྷ་དང་ས་གནས་བདེ་བའི་རྒྱུ་གང་ཡིན།། དེ་ནི་མུ་ལུས་འཇིག་རྟེན་ཁྱབ་སྣང་བ།། དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད།། ལུས་ཀྱི་ཆོ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་མ་ལུས་པར་ཁྱབ་པས་ནི།། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་བསྟན་ཏོ།། སེམས་ཀྱི་རྣམ་གྲངས་མཁྱེན་པས་དེ་རྟོགས་པ་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཟབ་མོ་ནི་སྣང་བ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ལོ།། ངག་གི་དབྱངས་བརྗོད་པས་ངེས ་པར་འབྱིན་པའི་ལུས་ལས་བརྩམས་ཏེ། འདོམས་པ་དང་རྗེ་སུ་བསྟན་པ་ནི། རྗེསུ་བསྟན་པའི་ཆོ་འཕྲུལ་ལོ།། དེ་ལྟར་ཐོགས་པ་མེད་པར་འགྲོ་བའི་སངས་རྒྱས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ན་མཁའི་ཁམས་ལྟར་ཡོངསུ་ཆད་པ་མེད་པར་འཇུག ་ཀྱང་ཐམས་ཅད་ཀྱིས་དམིགས་པར་མ་གཏོགས་པ་གང་ཡིན་པ་དེར་སངས་རྒྱས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཉེས་པ་ནི་མ་ཡིན་ནོ།། ཞེས་བསྟན་པའི་དོན་དུ་དེ་མ་གཏོགས་པ་རྣམས་ཀྱི་བདག་ཉིད་ཀྱི་ཉེས་པ་ལས་བརྩམས་ཏེ ་ཚིགསུ་བཅད་འདི། ཇི་ལྟར་རྣ་བ་དང་བྲལ་བས།། ཕྲ་མོའི་སྒྲ་ནི་མི་མྱོང་བཞིན།། ཐུམས་ཅད་ལྷ་ཡི་རྣ་བར་ཡང་།། རྣ་ལམ་དུ་ནི་མི་འགྲོ་བཞིན།། དེ་བཞིན་ཚེ་ཕྲ་མཆོག་ཏུ་ནི།། ཞིབ་མོའི་ཡེ་ཤེས་སྤྱོད་ཡུལ་ཡང་།། ཉོན་མོངས་མེད ་ཡིད་འགའ་ཞིག་གི། རྣ་བའི་ལམ་དུ་འགྱུར་བ་ཡིན།། སྤྲིན་བཞིན་ཞེས་བྱ་བ་ནི་ཇི་ལྟར་དབྱར་གྱི་དུས་ན་སྤྲིན།། ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ།། ཆུ་ཡི་ཕུང་པོ་འབད་མེད་པར།། ས་ལ་རྒྱུན་དུ་འབེབས་པ་ལྟར།། དེ་བཞིན་ཐུཊ ་རྗེའི་སྤྲིན་ལས་ནི།། རྒྱལ་བའི་དམ་ཆོས་ཆུ་ཡི་ཆར།། འགྲོ་བའི་དགེ་བའི་ལོ་ཏོག་རྒྱུ།། རྣམ་པར་རྟོག་པ་མེད་པར་འབེབས།། ཇི་ལྟར་འཇིག་རྟེན་དགེ་བའི་ལམ་འཇུག་ན།། རླུང་སྐྱེས་ཆུ་ཆར་སྤྲིན་གྱིས་འབེབས་པ་ལྟར།། ་དེ་བཞིན་བརྩེ་རླུང་འགྲོ་དགེ་མངོན་འཕེལ་ཕྱིར།། སངས་རྒྱས་སྨོན་ལས་དམ་ཆོས་ཆར་པ་འབེབས།། སྲིད་ལ་མཁྱེན་དང་བརྩེ་ཆེན་འགྱུར་བ་དང་།། མི་འགྱུར་མ་གོས་ན་མཁའི་དཀྱིལ་གནས་པ།། ཏིང་འཛིན་གཟུངས་ཆུ་དྲི་མེད་སྙིང་པོ་ཅན།། ཐུབ ་དབང་སྤྲིན་ནི་དགེ་བའི་ལོ་ཏོག་རྒྱུ།། སྣོད་རྣམས་སྣ་ཚོགས་ཉིད་ལས་ནི།། ཇི་ལྟར་བསིལ་ཞིང་མངར་དང་འཇལ་བ་དང་།། ཡང་བའི་ཆུ་ནི་སྤྲིནྡ་དེ་ལས་མཐོན་པ།། ས་ལ་བ་ཚྭ་ལ་སོགས་གནས་འབྲེལ་བས།། ཤིན་ཏུ་མང་པོའི་རོར་ནི་འགྱུར ་བ་བཞིན།། དེ་བཞིན་གཤེགས་པའི་ཡན་ལག་བརྒྱད་ཅུའི་ཆར།། རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་མཐོན་པ།། འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལས།། རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར།། ལྟོས་པ་མེད་པར་འཇུག་པ་ལསྭ་ནི།། ་ཐེག་པ་མཆོག་ལ་དང་བ་དང་།། བཱར་མྱ་དང་ནི་སྡང་པོ་ཡི།། ཕུང་པོ་གསུམ་ནི་མ་དག་དང་།། རྨ་བྱ་དང་ནི་ཡི་དགས་འདྲ།། དཔྱིད་མཐར་སྤྲིན་མེད་པ་ནཱ་མི་དང་མཁའ་མི་རྒྱུ་ཡི་བྱ་དག་དང་།། དབྱར་ཚེ་ས་ལ་ཆར་འབབ་པས་ན་ཡི་དགྲ ་དག་ནི་སྡུག་པ་ལྟར།། སྙིང་རྗེའི་སྤྲིན་ཚོགས་དག་གིས་ཆོས་ཆུ་བྱུང་དང་མ་བྱུང་བ་ལས་ཀྱང་།། ཆོས་འདོད་པ་དང་ཆོས་ལ་སྡང་བའི་འཇིག་རྟེན་ན་ནི་དཔེ་དེ་ཉིད།། ཐིག་པ་རིགས་འབེབས་རྡོ་ཚན་དང་ནི་རྡོ་རྗེའི་མེ་ནི་འབེབས་པས་ནི། ་སྲོག་ཆགས་ཕྲ་དང་རི་སུལ་སོང་བ་དག་ལ་ཇི་ལྟར་སྤྲིན་ལྟོས་མེད།། ཕྲ་དང་རྒྱ་ཆེན་ཐིགས་ཐེབས་ཚུལ་གྱིས་མཁྱེན་པ་དང་ནི་བརྩེ་བའི་སྤྲིན།། ཉོན་མོངས་དག་འགྱུར་བདག་ལྷའི་བག་ཆགས་དག་ལས་རྣམ་ཀུན་ལྟོས་མེད།། སྡུག ་བསྔལ་གྱི་མེ་རབ་ཏུ་འཇིལ་བ་ལས་ནི།། འཁོར་བའི་སྐྱེ་འཆི་ཐོག་མཐའ་མོདོ་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔ།། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ལ་བདེ་བ་མེད།། དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་ཁ་བ་རྒྱ་ཆེ་ལ ་སོགས་རེག་སྐྱེས་བཞིན།། ཐུགས་རྗེའི་སྤྲིན་ལས་དྲོམ་ཆོས་ཆར་ཆེན་དེ་རབ་ཞི་བྱེད་རབ་ཏུ་འབེབས།། ལྷ་ལ་འཆི་འཕོ་མི་ལ་ཡོངས་ཆོལ་སྡུག་བསྔལ་ཞེས་བྱ་རྟོག་པའི་ཕྱིར།། ཤེས་རབ་ལྡན་པ་ལྷ་མིའི་དབང་ཕྱུག་ལའང་མངོན། ་བར་འདོད་མེད་དོ།། ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་གསུང་རབ་དད་པའི་རྗེས་འབྲངས་ནས།། འདི་ནི་སྡུག་བསྔལ་འདི་ནི་འགོག་ཅེས་ཤེས་པས་མཐོང་ཕྱིར་རོ།། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱེ་ལ།། བདེར་གན ་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར།། སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམྱ།། ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པ་བྱ།། ཚུངས་པ་ཆེན་པོ་བཞིན་ཞེས་བྱ་བ་ནི།། ཇི་ལྟར་ཚངས་པོ་ཚངས་པ་ཡི།། གནས ་ནས་འཕོ་བ་མེད་བཞིན་དུ།། ལྷ་ཡི་གནས་ནི་ཐམས་ཅད་དུ།། སྣང་བ་འབད་མེད་སྣང་བ་སྟོན་པ་ལྟར།། དེ་བཞིན་ཐུབ་པའི་ཆོས་སྐུ་ལས།། བསྐྱོད་པ་མེད་པར་ཁམས་ཀུན་ཏུ།། སྐལ་ལྡན་རྣམས་ལ་འབད་མེད་པར།། སྤྲུལ་པ་དག ་གིས་སྟོན་པར་མཛད།། ཇི་ལྟར་ཚངས་རྟག་གཞལ་ཡས་ཁང་ནས་མི་གཡོ་འདོད་ཁམས་ཞུགས་པ་དེར།། ལྷ་རྣམས་ཀྱིས་མཐོང་དེས་མཐོང་དེ་ཡང་ཡུལ་ལ་དགའ་བ་སྤོང་བྱེད་ལྟར།། དེ་བཞིན་བདེ་གཤེགས་ཆོས་ཀྱི ་སྐུ་ལས་མི་བསྐྱོད་འཇིག་རྟེན་ཀུན་ཏུ་དེ།། སྐལ་ལྡན་གྱིས་མཐོང་དེ་ནི་མཐོང་དེ་རྟག་ཏུ་དྲི་མ་ཀུན་སེལ་བྱེད།། སྔོན་གྱི་རང་ཉིད་སྨོན་ལམ་དང་།། ལྷ་རྣམས་ཀྱི་ནི་དགེ་བའི་མཐུས།། ཇི་ལྟར་ཚངསྔ་པ་འབད་མེད་སྣང་།། རང་བྱུང་སྤྲུལ་སྐུ་དེ ་བཞིན་ནོ།། མི་སྣང་བ་ལས་ནི། འཕྲོ་དང་ལྷུམས་འཇུག་བལྟམས་དྲང་ཡབ་ཀྱི་ཁོ་བོ་གཤེགས་དྲང་།། དགྱིས་རོལ་པ་དང་དབེན་པར་སྤྱོད་དང་བདུད་བཅོམ་དང་།། བྱང་ཆུབ་ཆེ་བརྙེས་ཞི་བའི་གྲོང་ཁྱེར་ལམ་སྟོན་དཀ། བསྟན་ནས་ཐུབ་པ ་སྐལ་མེད་མིག་གཱི་ལམ་མི་འགྱུར།། ཉི་མ་བཞིན་ཞེས་བྱ་བ་ནི།། ཇི་ལྟར་ཉི་མས་གདུངས་པས་དུས་གཅིག་ཚེ་ཉིད་ལ།། པད་སོགས་རྒྱས་དང་སུཾ་མུ་ཏ་ནི་རབ་ཟུམ་པ།། ཆུ་སྐྱེས་འབྱེད་དང་ཟུམ་པའི་ཡོན་ཏོན་སྐྱོན་དག་ལ།། ཉི་མ་རྟོག་མེད་འདིར ་ནི་འཕགས་པའི་ཉི་དེ་བཞིན།། སེམས་ཅན་གྱི་ཁམས་ནི་རྣམ་པ་གཉིས་ཏེ།། གདུལ་བྱ་དང་གདུལ་བྱ་མ་ཡིན་པའོ།། དེ་ལ་གདུལ་བྱ་ནི་དྲིའི་དབང་དུ་བྱས་ཏེ།། པདྨ་ལྟ་བུ་དང་ཆུ་དང་བའི་སྣོད་ལྟ་བུའོ།། ཇི་ལྟར་ཉི་མ་རྟོག་མེད་པ།། རང ་འོད་ཅིག་ཅར་སྤྲོས་པ་ཡིས།། པདྨ་རྒྱས་པར་བྱེད་པ་དང་།། གཞན་དག་སྨིན་པར་བྱེད་པ་ལྟར།། དེ་བོཞིན་དེ་བཞིན་གཤེགས་ཐེ་མོ།། ཉི་མ་དམ་ཆོས་འོད་ཟེར་དག། གདུལ་བྱའི་སྐྱེ་བོ་པདྨ་ལི།། རྣམ་པར་རྟོག་པ་མེད་པར་འཇུག། ཆོས་དང ་གཟུགས་ཀྱི་སྐུ་བདག་གིས།། བྱང་ཆུབ་སྙིང་པོའི་མཁར་ཤར་བ།། ཀུན་མཁྱེན་ཉི་མ་འགྲོ་བར་ནི།། ཡེ་ཤེས་འོད་ཟེར་སྤྲོ་བར་མཛད།། གང་ཕྱིར་གདུལ་བྱ་དག་པ་ཡི།། ཆུ་ཡི་སྣོད་ནི་ཐམས་ཅད་ལ།། བདེ་གཤེགས་ཉི་མའི་གཟུགས་བརྙན་ནི།། ་དཔག་ཏུ་མེད་པ་ཅིག་ཅར་འཚོར།། དེ་ལྟར་སངས་རྒྱས་རྣམ་པར་རྟོག་པ་མེད་པ་ཡིན་ཡང་།། སེམས་ཅན་གྱི་ཚོ་གས་རྣམ་པ་གསུམ་ལ་སྟོན་པ་དང་། འདོམས་པ་འཇུག་པའི་ཚུལ་གྱི་དབང་དུ་བྱས་ཏེ་ཉི་མ་དང་འདྲ་བ་ཉིད་ནི།། རྟག་ཏུ ་ས་ཅད་ལ་ཁྱབ་པ།། ཆོས་དབྱིངས་ན་མཁའི་དཀྱིལ་དུ་ནི།། སངས་རྒྱས་ཉི་མ་གདུལ་བྱ་ཡི།། རི་ལ་ཇི་ལྟར་འོས་པར་འབབ།། ཇི་ལྟར་རྒྱ་ཆེ་འོད་ཟེར་སྣང་ལྡན་ཉི་མ་བཞིན།། འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི།། མཆོག ་དང་བར་མ་དམན་པའི་རི་ལ་འབོད་དེ་བཞིན།། རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་གྱིས་འབབ།། འོད་ཀྱི་དཀྱིལ་འཁོར་ཁྱད་པར་དུ་གྱུར་པ་ནི།། ཞིང་ཀུན་ན་མཁའི་དཀྱིལ་འཕྲོ་ཉི་མ་ལ་མེད་ལོ།། མི་ཤེས་མུན་བཀབ་ཤེས ་བྱའི་དོན་སྟོན་པ་ཡང་མིན།། ཐུགས་རྗེའི་བདག་ཉིད་སྣ་ཚོགས་མདོག་བཀྱེའི་འོད་ཚོགས་ཀྱིས།། གསལ་བ་དག་ནི་འགྲོ་ལ་ཤེས་བྱའི་དོན་སྟོན་མཛད།། སངས་རྒྱས་གྲོང་དུ་གཤེགས་ཚེ་མིག་དང་མི་ལྡན་པ་ཡི་སྐྱེ་བོ་རྣམས།། མཐོང་ཞིང ་དོན་མེད་ཚོགས་བྲལ་དོན་དེ་མཐོང་བ་ལས་ནི་མྱོང་བ་དང་།། གཏི་མུག་གིས་ལྗོངས་སྲིད་པའི་མཚོར་ལྷུང་ལྟ་བའི་མུན་པས་བསྒྲིབས་པ་རྣམས།། སངས་རྒྱས་ཉི་མོའི་འོད་ཀྱིས་བློ་སྣང་མ་མཐོང་བ་ཡི་གནས་མཐོང་འགྱུར།། ཡིད་བཞིན ་ནོར་བུ་བཞིན་ཞེས་བྱ་བ་ནི།། ཇི་ལྟར་ཡིད་བཞིན་ནོར་བུ་ནི།། རྟོག་པ་མེད་ཀྱང་ཅིག་ཅར་དུ།། སྤྱོད་ཡུལ་གནས་པ་རྣམས་ཀྱི་ནི།། བསམུ་ཀུན་སོ་སོར་རྫོགས་བྱེད་ལྟར།། དེ་བཞིན་སངས་རྒྱས་ཡིད་བཞིན ་ལ||བརྟེན་ནས་བསམ་པ་ཐ་དང་རྣམས།། སྣ་ཚོགས་ཆོས་ནི་ཐོས་འགྱུར་ཡང་།། དེ་ནི་དེ་ལས་རྣམ་མི་རྟོག། ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་འདོད་པའི་ནོར་འབད་པ་མེད་པར་གཞན་པ་དག་ལ་རབ་སྟེ་ལྟར།། དེ་བཞིན། ་ཐུབ་པ་འབད་མེད་ཇི་ལྟར་འོས་པར་ནི།། གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས།། དེ་བཞིན་གཤེགས་པ་འབྱུང་བ་རྙེད་པར་དཀའ་བ་ཞེས་བྱ་བ་ནི།། གང་ཕྱིར་རྒྱ་མཚོས་འོག་གནས་ཏི་ལ་འདོད་པས།། ཇི་ལྟར་ནོར་བུ ་བཟང་པོ་འགྲོ་འདི་རབ་རྙེད་དཀའ།། དེ་བཞིན་འགྲོ་བ་ཤིན་ཏུ་སྐལ་དནྡ་སྣ་ཚོགས་ཉོན་མོངས་ཟིན།། ཡིད་འདིར་བདེ་གཤེགས་མཐོང་བ་རྙེད་དཀའ་ཤེས་པར་བྱ།། སྒྲ་བརྙན་གྱི་སྒྲ་བཞིན་ཞེས་བྱ་བ་ནི།། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། ་གཞན་གྱི་རྣམ་རིག་བྱུང་བྱེད་པ།། རྣམ་རྟོག་མེད་ཅིང་བཟི་མེད་ལ།། ཕྱི་དེང་ནང་ལ་མི་གནསྔ་ལྟར།། དེ་བཞིན་དེ་བཞིན་གཤེགས་པའི་གསུང་།། གཞན་གྱི་རྣམ་རིག་ལས་བྱུང་བ།། རྣམ་པར་རྟོག་མེད་བསམ་མེད་པ།། ཕྱི་དང ་ནང་ན་གནས་མ་ཡིན།། ནོ་མཁའ་བཞིན་ཞེས་བྱ་བ་ནི།། ཅུང་ཟད་མེད་ཅིང་སྣང་བ་མེད།། དམིགས་པ་མེད་ཅིང་རྟེན་མེད་ལ།། མིག་གི་ལམ་ལས་རབ་འདས་པ།། གཟུགས་མེད་བསྟན་དུ་མེད་པ་ཡི།། མཁའ་ལ་ཇི་ལྟར་མཐོ་དང ་དམའ།། མཐོ་ཡང་དེ་ནི་དེ་ལྟར་མིན།། དེ་བཞིན་སངས་རྒྱས་ཐམས་ཅད་ལ།། མཐོ་ཡང་དེ་ནི་དེ་ལྟ་མིན།། སྔ་བཞིན་ཞེས་བྱ་བ་ནི།། ཇི་ལྟར་ས་ལས་སྐྱེས་པ་བཞིན།། རྟོག་མེད་ས་ལས་སྐྱེ་བ་ནི།། འཕེལ་དང་བསྟན་དང་ཡང ་འགྱུར་ལྟར།། དེ་བཞིན་རྫོགས་པའི་སངས་རྒྱས་ས།། རྣམ་རྟོག་མེད་པ་ལ་བརྟེན་ནས།། འགྲོ་བའི་དགེ་བའི་རྩ་བ་ནི།། མ་ལུས་པར་ནི་འཕེལ་བར་འགྱུར།། དཔེ་རྣམས་ཀྱིས་བསྡུས་པའི་དྲིན་ནི།། འབད་རྩོལ་མེད་པར་བྱ་བ་འགའ། ་བྱེད་པ་མཐོང་མེད་དེ་བས་ན།། གདུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར།། དཔེ་རྣམ་དགུ་ནི་བསྟེན་པ་ཡིན།། གླང་དུ་དཔེ་དགུ་པོ་འདི་དག། རྒྱས་པར་རབ་ཏུ་བསྟན་གྱུར་པ།། མདོ་སྡེ་ཡི་ནི་མིང་ཉིད་ཀྱིས།། དེ་ཡི་དགོངས་པ་བསྟན། ་པོ་ཉིད།། ཐོས་པ་ལས་བྱུང་ཤེས་པ་ཡཽ།། སྣང་བ་རྒྱ་ཆེན་འདིས་བརྒྱན་པའི།། བློ་ལྡན་མྱུར་དུ་སངས་རྒྱས་ཀྱི།། སྤྱོད་ཡུལ་ཀུན་ལ་འཇུག་པར་འགྱུར།། དེ་དོན་བཻ་ཌཱུརྱར་བརྒྱ་བྱིན་གྱི།། གཟུགས་བརྙན་ལ་སོགས་དཔེ་དག་ནི།། ་རྣམ་པ་དགུ་བརྗོད་དེ་ལ་ནོ།། དེ་ཡི་བསྡུས་དཾ་ནཱ་ངེས་པར་གཟུང་།། སྟོན་དང་གསུང་དྲུང་ཁྱབ་པ་དང་།། སྦྲུལ་དང་ཡེ་ཤེས་སྤྲོ་བ་དང་།། ཐུགས་གསུང་སྐུ་ཡི་གསོད་བ་དང་།། ཐུགས་རྗེའི་བདག་ནི་ཐོབ་པ་ཉིད།། འབུད་རྩོལ ་རྒྱུན་ཀུན་རི་བ་ཞི་བ།། རྣམ་པར་རྟོག་པ་མེད་པའི་ཐུགས།། དྲི་མེད་བཻ་ཌཱུརྱར་བརྒྱ་བྱིན་གྱི།། གཟུགས་བརྙན་ཤར་པ་ལ་སོགས་བཞིན།། འབད་རྩོལ་ཞི་བ་དེ་མ་བཅའ་སྟེ།། རྟོག་མེད་ཐུགས་ནི་གཏན་ཚིག་སོ།། རང་བཞིན་དོན་ནི ་གྲུབ་དོན་དུ།། དཔེ་ནི་བརྒྱ་བྱིན་གཟུགས་སོགས་ཡིན།། འདིར་ནི་སྐབས་དོན་འདི་ཡིན?་ཏེ།། སྟོན་པ་ལ་སོགས་རྣམ་དགུ་ནི།། སྟོན་པ་སྐྱེ་འཆི་དང་བྲལ་བ།། འབད་པ་མེད་པར་རབ་ཏུ་འཇུག། དོན་འདི་ཉིད་ཀྱི་དབང་དུ་བྱས ་ཏེ། དཔེ་བསྡུ་བའི་ཚི་གསུ་བཅད་པ་བཞི་སྟེ།། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་།། ཚངས་ཉིད་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན།། སྒྲ་བརྙན་ན་མཁའ་ས་བཞིན་སྲིད་པའི་བར།། འབཱང་མེང་གཞན་དོན་བྱེད་དེ་རྣལ་འབྱོར། ་རིག་སྟོན་པ་རིན་ཆེན་ལྷ་དབང་གཟུགས་བརྙན་བཞིན།། ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ།། ཁྱབ་བདགྲ་མཁྱེན་དྲང་བརྩེ་ཆེན་སྤྲིན་ཚོགས་ནི།། མཐའ་ཡས་འགྲོ་བ་སྲིད་བརྩེའི་བར་དུ་ཁྱབ།། ཚངས་བཞིན་ཟག། ་མེད་གནས་ལས་མ་བསྐྱོད་པར།། སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན།། ཉི་བཞིན་ཡེ་ཤེས་སྣང་བ་རབ་སྤྲོ་གང་།། རྣམ་དགྲ་རིན་ཚོན་ཡིད་བཞིན་ནོར་འདྲའི་ཐུགས།། རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཅ་བཞིན་དུ་ཡི་གེ་མེད།། སྐུ་ནི་ནམ ་མཁའ་བཞིན་དུ་ཁྱབ་དང་གཟུགས་མེང་རྟག་པ་ཉིད།། ས་བཞིན་འགྲོ་བ་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི།། རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་ཡིན་ནོ།། ཡང་ཇི་ལྟར་ན་དཔེ་བརྗོད་པ་འདིས།། སངས་རྒྱས ་བཅོམ་ལྡན་འདས་རྣམས་རྟག་ཏུ་སྒྱུ་བ་མེད་ཅིང་འགག་པ་མེད་པ་ཡིན།། སྐྱེ་བ་དང་ནི་འགག་པར་མཐོང་བ་དང་།། འདི་དག་གིས་སངས་རྒྱས་ཀྱི་ཕྲིན་ལས་འགྲོ་བ་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པར་བསྟན་པ། ་ཡིན་ཞེ་ན། དགེ་བ་བཱི་ཌཱུརྱ་འདྲ་ཡི།། སེམས་ལ་སངས་རྒྱས་མཐོང་བའི་རྒྱུ།། དེ་དག་པ་ནི་མི་བཟློག་པའི།། དད་པའི་དབང་པོ་རྟས་པ་ཡིན།། དགེ་བ་སྐྱེ་དང་འཇིག་པས་ནས། སངས་རྒྱས་གཟུགས་ནི་སྐྱེ་དྲང་འཇིག། བརྒྱ་བྱིན་བཞིན ་དུ་ཐུབ་པ་ནི།། ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མེད།། དེ་བཞིན་དུ་ནི་འབད་མེད་པར།། སྐྱེ་མེད་འགག་མེད་ཆོས་སྐུ་ལས།། སྲིད་པ་ཇི་སྲིད་གནས་བོར་དུ།། སྟོན་པ་ལ་སོགས་མཛད་པ་འཇུག། དཔེ་འདི་རྣམས་ཀྱིས་བསྡུས་པ་ཡི། ་དོན་ནི་འདི་ཡིན་རིམ་པ་བཞི།། སྣ་མ་ཕྱི་མས་ཆོས་བསྟེན་པས།། སྤངས་པའི་སྒོ་ནས་བརྗོད་པ་ཡིན།། སངས་རྒྱས་གཟུགས་བརྙན་ལྟ་བུར་ནི།། དབྱངས་དང་མི་ལྡན་དེ་འདྲ་མིན།། ལྷ་ཡཱི་རྔ་བཞིན་ཐམས་ཅད་དུ།། ་དོན་བྱེད་མིན་པ་དེ་འདྲ་མིན།། སྤྲིན་ཆེནི་དང་མཚུངས་དོན་མེད་པའི།། སྔ་བོན་སྤོང་མྲིན་དི་འདྲའང་མིན།། ཚངས་ཆེན་བཞིན་དེ་གཏན་དུ་ནཱི།། སྨིན་པར་བྱེད་མིན་དེ་འདྲའང་མིན།། ཉི་མའི་གཟུགས་བཞིན་གཱཏན་དུ་ནི། ་མུན་པོ་འཇོམས་མིན་དྲི་འདྲའདྲ་མིན།། ཡིད་བཞིན་ནོར་འདྲ་འབྱུང་བ་ནི།། རྙེད་པར་མི་དཀའ་དེ་འདྲའང་མིན།། སྒྲ་བརྙན་བཞིན་དེ་རྐྱེན་ལས་ནཱི།། འབྱུང་བསཽ་དེ་དང་འདྲ་བའང་མིན།། ན་མཁའ་དང་འདྲ་དགེ་བ་ཡི།། གཱ་ཞི ་མིན་དེ་དང་འདྲ་བའང་མིན།། འཇིག་རྟེན་འཇིག་རྟེན་ལས་འདས་པ།། འགྲོ་བའི་ཕུན་ཚོགས་མ་ལུས་པ།། དེ་གནས་པ་ཡི་རྟེན་ཡིན་ཕྱིར།། ས་ཡི་དཀྱིལ་འཁོར་དག་དང་འདྲ།། སངས་རྒྱས་བྱང་ཆུབ་ལ་བརྟེན་ནས།། འཇིག ་རྟེན་འདས་པའི་ལམ་བྱུང་ཕྱིར།། དགེ་བའི་ལས་ལམ་བསམ་གཏན་དང་།། ཚད་མེད་པ་དང་གཟུགས་མེད་འབྱུང་།། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། དེ ་བཞིན་གཤེགས་པའི་ཕྲིན་ལས་མཛད་པོའི་སྐབས་ཏེ་ལེའུ་བཞི་པའོ།། །། ཚིགས་སུ་བཅད་པའི་དོན་གྱི་བསྡུས་པའི་བཤད་པ་རྫོགསོ།། །། འདི་མན་ཆད་ནི་ཇི་སྐད་བསྒྲགས་པའི་གནས་བཞི་པོ་འདྲི་དག ་ཉིད་ལ་ལྷག་པར་མོས་པ་རྣམས་ཀྱི་ལྷག་པར་མོས་པའི་ཕན་ཡོན་གྱི་ཚིགསུ་བཅད་པ་དྲུག་གོ།། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་།། སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། དག་པའི་སེམས ་ཀྱིས་ཀྱང་ནི་བསམྦྷ་བྱཱ་མིནི།། འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན།། བློ་ལྡན་རྒྱལ་བའི་ཡུལ་འདྲི་ལ་མོས་པ།། སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ།། བསམ་མེད་ཡོན་ཏན་ཆོ་གས་ལ་མངོན་དགའ་བས།། ། ་སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་ཀུནནོ།། གང་ཞིག་བྱང་ཆུབ་དན་དུ་གཉེར་བས་གསེར་ཞིང་ན་བྱ་སྨྲས་པ་ནི།། སྤོངས་རྒྱས་ཞིང་རྡུལ་མཉམ་པོ་ཉིན་རཱི་ཆོས་རྒྱུལ་ཉིད་ལ་རྟག་འདུལ་བ།། གཞན་གང་འདི་ལ ་ཚིག་ཙམ་ཐོས་ཞིང་ཐོས་ནས་ཀྱང་ནི་མོས་ན་འདི།། སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར།། བློ་ལྡན་གང་ཞིག་བློ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་།། ལུས་ངག་ཡིད་ཀྱི་འབད། ་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ།། གཞན་དྲག་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི།། ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར།། གང་ཞིག་འདི་ན་སྲིད ་པ་གསུམ་གྱི་ཉོན་མོངས་མི་འཇོམས་བསམ་གཏན་ནི།། ལྷ་དང་ཚངས་གནས་མཐར་སོང་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམས་ལ།། གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འོད།། ་བསམ་གཏན་ལས་བྱུང་དགེ་བ་དྲི་ལྔས་བསོད་ནམས་ཚོས་མང་ཐོབ་པར་འགྱུར།། གང་ཞིག་སྦྱིན་པས་ལྗོངས་སྤྱོད་དྲག་ནི་སྒྲུབ་བྱེད་ཅིང་།། ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ།། ཤེས་རབ ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར།། འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན།། ཚིགསུ་བཅད་པ་འདི་རྣམས་ཀྱི་དོན་ནི། ཚོགསུ་བཅད་པ་དགུས་བཤད་པར་རིག་པར་བྱ་སྟེ། གནས་དང་དྲྀ་ཡཽ་གྱུར་པ་དང་།། དེ་ཡི། ་ཡོན་ཏན་དོན་གྲུབ་སྟེ།། རྒྱལ་བ་ཡི་ནི་མཁྱེན་པའི་ཡུལ།། རྣམ་བཞི་ཇི་སྐད་བརྗོད་འདི་ལ།། བློ་ལྡན་ཡོད་དྲང་ནུས་ཉིད་དང་།། ཡོན་ཏན་ལྡན་པར་མོས་པས་ནི།། མྱུར་དུ་དེ་བཞིན་གཤེགས་པ་ཡི།། གོ་འཕང་འཐོབ་པཱི ་སྐལ་ལྡན་འགྱུར།། བསོམ་མི་ཁྱབ་པའི་ཡུལ་འདི་ནི།། ཡོན་ཏན་བདག་འདས་ཐོས་ནུས་དང་།། ཐོབ་པ་འདི་འདིའི་ཡོན་ཏན་དང་།། ལྡན་ཞེས་དད་པས་མོས་པའི་ཕྱིར།། འདུན་བརྩོན་དྲན་དང་བསམ་གཏན་དང་། ཤེས ་རབ་ལ་སོགས་ཡོན་ཏན་སྡོད།། བྱང་ཆུབ་སེམས་ནི་དེ་དག་ལ།། རྟག་ཏུ་ཉེ་བར་གནས་པར་འགྱུར།། དེ་ནི་རྟག་ཏུ་ཉེར་གནས་པས།། རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག། བསོད་ནམས་ཕ་རོལ་ཕྱིན་རྫོགས ་དང་།། ཡོངསུ་དག་པ་ཉིད་དུ་འགྱུར།། བསོད་ནམས་ཕ་རོལ་ཕྱིན་པ་ལྔ།། དེ་ལ་རྣམ་གསུམ་རྟོག་མེད་པས།། དེ་རྫོགས་ཡོངསུ་དག་པ་ནི།། དེ་ཡི་མི་མཐུན་ཕྱོགས་སྤངས་ཕྱིར།། སྦྱིན་བྱུང་བསོད་ནམས་སྦྱིན་པ་དེ།། ་ཚུལ་ཁྲིམས་ལས་བྱུང་ཚུལ་ཁྲིམས་ཡིན།། བཟོད་དང་བསམཽ་གཏན་གཉིས་དག་ནི།། སྒོམ་བྱུང་བརྩོན་འགྲུས་ཀུན་ཏུ་འགྲོ།། འཁོར་གསུམ་རྣམ་པར་རྟོག་པ་གང་།། དེ་ནི་ཤེས་བྱའི་སྒྲིབ་པར་འདོད།། སེར་སྣ་ལ ་སེསོགས་རྣམ་རྟོག་གང་།། དེ་ནི་ཉིན་མོངས་སྒྲིབ་པར་འདོད།། ཤེས་རབ་ལས་གཞན་འདི་དག་ནི།། སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར།། ཤེས་རབ་མཆོག་ཡིན་དེ་བཞིན་ནི།། ཐོས་པ་དེ་ཕྱིར་ཐོས་པ་མཆོག། དེ་ལྟར་ཡིད་རྨེ། ་ལུང་དང་རིགས་པ་ལ།། བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་།། གང་དྲག་མོས་དྲུགེ་ཕུན་སུམ་ཚོགས་ལྡན་བྷྱོ།། དེ་དག་རྗེསུ་བཟུང་ཕྱིར་འདི་བཤད་དོ།། ཇི་ལྟར་བཤད་པ་འདི་ལས་བརྩམས་ཏེ་ཚིག་སུ ་བཅད་པ། ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ།། བརྟེན་ནས་མིག་དང་ལྗོན་པ་ལྟ་བ་བཞིན།། དེ་བཞིན་དོན་ཆེནི་ཆོས་སྤོ་བས་འདི་མཛད་པ།། ཐེ་བེ་ལ་བརྟེན་ནས་འདི་ནི་རབ་ཏུ་བཤད།། གང་བཤད་པ་དེ་ལས་བརྩམས་ཏེ ་ཚིགསུ་བཅད་པ། གང་ཞིག་དོན་ལྡན་ཆོས་དྲང་ཉེར་འབྲེལ་ཞིང་།། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་།། ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་།། དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན།། ། ་གང་གིས་བཤད་པ་དེ་ལས་བརྩམས་ཏེ་ཚིགསུ་བཅད་པ། གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གིས།། དབང་བྱས་རྣམ་གཡེང་མེད་ཅན་གྱིས་བཤད་པ།། ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ།། དེ་ཡང ་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་།། བདག་བསུང་བའི་ཐབས་ལས་བརྩམས་ཏེ་ཚིགསུ་བཅད་པ། གང་ཕྱིར་རྒྱལ་ལས་ཆེས་མཁྭ་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ།། མ་ལུས་དེ་ཉིད་མཆོག་ནི་ཚུལ ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ།། དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་གཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག། ཐུབ་ཚུལ་གཞིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར།། ཉོན་མོངས་དབང ་བྱས་རྣམས་ཀྱིས་འཕགས་ལ་སྐུ་པ་དང་།། དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེས་ལྟས་བྱས།། དེས་ན་ཞེན་ལྷའི་དྲི་ཅན་དེ་ལྕི་བློ་མི་སྦྱར།། གོས་གཙང་ཚོན་གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་མིན།། ། ་ཉམས་པའི་རྒྱུ་ལས་བརྩམས་ཏེ་ཚིགསུ་བཅད་པ། བློ་དེམན་ཕྱིར་དང་དཀར་པོའི་མོས་བྲལ་ལོག་པོའི་ང་རྒྱལ་བསྟེན་ཕྱིར་དང་།། དམ་ཆོས་ཕོངས་པས་བསྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་འཛིན་པའི ་ཕྱིར།། རྙེད་ལ་བརྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བརྟེན་ཕྱིར་དང་།། ཆོས་འཛིན་བསྲིངས་ཕྱིར་མོས་པ་དམན་རྣམས་དགྲ་བཅོམ་རྣམས་ཀྱི་ཆོས་སྤོང་བྱེད།། ཉམས་པའི་འབྲས་བུ་ལས ་བརྩམས་ཏེ་ཚིགསུ་བཅད་པ། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི།། མི་བཟང་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ།། མེ་སྦྲུལ་དགྲ་དང་རྡོ་རྗེ་མེས་ནི ་སྲོག་དང་བྲལ་བ་ཙམ་བྱེད་དེ།། དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར།། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་།། ཕ་མ་དགྲ། ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མཱཾ།། དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐེར་འགྱུར་གྱི།། གང་ཞིག་ཡིད་ནི་ཆོས་ལ་སྡུང་བ་དེ་ལ་ཐར་པ་ག་ལ་ཡོད།། ་དཀོན་མཆོག་རྣམ་པོར་བྱང་ཁོམས་དྲི་མེད་བྱང་ཆུབ་ཡོན་ཏན་ཕྲིན་ལསྭ་ཏེ།། དོན་གནས་རྣམ་བདུན་ཚུལ་བཞིན་བྷ་ཤེད་ལས་བདག་གིས་དགེ་པཱ་གང་ཐོབ་པ།། དེས་ནི་འགྲོ་འདི་མཐའ་ཡས་འོད་མངའ ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང་།། མཐོ་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག། ཚིགས་སུ་བཅད་པ་བཅུ་པོ་འདི་དག་གིས་བསྡུས་པའི་དོནི་ཡང་ཚིགསུ་བཅད་པ་གསུ ་གྱིས་རིག་པར་བྱ་སྟེ། གང་ལས་རྒྱུ་མཚན་གང་ཕྱིར་ནི།། ཇི་ལྟ་བུར་ནི་གང་བརྗོད་དང་།། རྒྱུ་མཐུན་པ་ནི་གང་ཡིན་དེ།། ཚིགས་སུ་བཅད་པ་བཞིས་བསྟན་ཏོ།། གཉིས་ཀྱིས་བདག་ཉིད་དག་པ་ཡི།། ཐབས་དང་གཅིག་གིས་ཉམས ་པའི་རྒྱུ།། དེ་ནས་ཚིགས་སུ་བཅད་པ་ནི།། གཉིས་ཀྱིས་འབྲས་བུ་བསྟན་པ་ཡིན།། འཁོར་གྱི་དཀྱིལ་འཁོར་བཟོད་པ་དང་།། བྱང་ཆུབ་ཐོབ་པ་ཆོས་བརྗོད་པའི།། མདོར་ན་འབྲས་བུ་རྣམ་གཉིས་ནི།། ཐ་མ་ཡིས་ནི་བསྟན ་ཡིན།། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལྔས། ཕན་ཡོན་གྱི་ལེའུ་སྟེ་ལྟ་བའོ།། །། ཚིགས་སུ་བཅད་པའི་དོན་གྱི་བསྡུས་པའི་བཤད ་པ་རྫོགས་སོ།། ། ཐེག་མཆོག་དམ་ཆོས་རིན་ཆེན་བཤིད་འདི་ལས།། བསམ་ཡས་བསོད་ནམས་བདག་གིས་གང་ཐོབ་པ།། དེས་ནི་འགྲོ་ཀུན་ཐེག་མཆོག་དམ་པའི་ཆོས།། ་རིན་ཆེན་དྲི་མ་མེད་པའི་སྣོད་གྱུར་ཅིག། འཕགས་པ་མགོན་པོ་བྱམས་པས་མཛད་པ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་ཛྙཱཌ་སོ།། །། དཔལ ་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དཔོན་པོ། པཎྜི་ཏ་མཁས་པ་ཆེན་པོ་ས་ཛི་ན་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས། གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ།། ་