CLOSE WINDOW

GT3528: theg pa chen po rgyud bla ma'i bstan bcos
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་ཧཱ་ཡཱ་ནོཏྟ་ར་ཏནྟྲ་ཤཱསྟྲ། བོད་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སངས་རྒྱས་ཆོས་ཚོགས་ཁམས ་དང་བྱང་ཆུབ་དང་།། ཡོན་མགོན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ།། བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན།། རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ།། འདི་དག་རང་མཚན་ཉིད་ཀྱིས་རྗེས་འབྲེལ་བར།། གོ་རིམ་ཇི་བཞིན་གཟུངས་ཀྱི་རྒྱལ ་བོའི་མདོར།། གླེང་གཞི་ལས་ནི་གནས་གསུམ་རིག་བྱ་སྟེ།། བཞི་ནི་བློ་ལྡན་རྒྱལ་ཆོས་དབྱེ་བ་ལས།། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས།། ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་འཐོབ་མཐར།། ཡེ་ཤེས་དེ་འཐོབ ་བྱང་ཆུབ་མཆོག་སྟོབས་སོགས།། སེམས་ཅན་ཀུན་དོན་བྱེད་ཆོས་རྣམས་དང་ལྡན།། གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས།། སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིག་མེད་རྟག་པའི་ལམ ་སྟོན་པ།། མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཇེད་ཅིག། སྣ་ཚོགས་ལྷ་ཐིབས་ཀྱིས་བསྐོར་ཐེ་རྩོམ་རྩིག་པ་འཇིག་མཛད་དེ་ལྔ་འདུད།། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ།། གཞན་གྱིས་རྟེན་གྱིས་རྟོག ་མིན་ལ།། མཁྱེན་དང་བཙེ་དང་ནུས་པར་ལྡན།། དོན་གཉིས་ལྡན་པའི་སངས་རྒྱས་ཉིད།། ཐོག་མ་དབུས་མཐའ་མེད་པ་ཡི།། རང་བཞིན་ཡིན་ཕྱིར་འདུས་མ་བྱས།། ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར།། ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད།། སོ་སོ ་རང་གི་རྟོགས་བྱའི་ཕྱིར།། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ།། དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན།། ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ།། ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས།། སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ།། དང་པོ་གསུམ་གྱིས ་རང་དོ། ཕྱི་མ་གསུམ་གྱིས་གཞན་དོན་ཡིན།། གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང་།། བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རེག་ཞི་བ།། དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ ་ཆགས་པ་དང་།། སྡང་དང་རབ་རིབ་རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད།། བསམ་མེད་གཉིས་མེད་རྟོག་མེད་པ།། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས།། གང་ཞིག་གང་གི་ན་ཌ་བྲལ་བ།། བདེན་གཉིས་མཚན་ཉིད་ཅན་དེ་ཆོས།། ཆགས་བྲལ ་ཉིད་ནི་འགོག་པ་དང་།། ལམ་གྱི་བདེན་པ་དག་གིས་བསྡུས།། གོ་རིམ་ཇི་བཞིན་དེ་དག་ཀྱང་།། ཡོན་ཏན་གསུམ་གསུམ་གྱིས་རིག་བྱ།། བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར།། འཕགས་ཕྲ་མཁྱེན་ཕྱིར་བསམ་མེད་ཉིད།། ཞི་ཉིད་གཉིས་མེད་རྟོག་མེད་དེ།། དག ་སོགས་གསུམ་ནི་ཉི་བཞིན་ནོ།། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས།། གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ལ།། རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ ་སྒྲིབ་པ་མེད་པའི་བློ་མངའ་བ།། སེམས་ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད་།། ཇི་བཞི་ནི་ཇི་སྙེད་ནང་གི་ནི།། ཡེ་ཤེས་གཟིགས་པ་དག་པའི་ཕྱིར།། བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས།། བླ་མེད་ཡོན་ཏན་དང ་ལྡན་ཉིད།། འགྲོ་བ་ཞི་བའི་ཆོས་ཉིད་དུ།། རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང་།། རང་བཞིན་གྱིས་ནི་ཡོངས་དག་ཕྱིར།། ཉོན་མོངས་གདོད་ནས་ཟད་ཕྱིར་རོ།། ཤེས་བྱ་མཐར་ཐུག་རྟོགས་པའི་བློས།། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི།། སེམས་ཅན་ཐམས ་ཅད་ལ་ཡོད་པ།། མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད།། དེ་ལྟར་རྟོགས་པ་གང་ཡིན་དེ།། སོ་སོ་རང་ཤེས་མཐོང་བ་ཉིད།། དྲི་མེད་དབྱིངས་ལ་ཆགས་མོད་དང་།། ཐོགས་མེད་ཕྱིར་དེ་དག་པ་ཡིན།། ཡེ་ཤེས་གཟིགས་པ་དག་པས་ན།། སངས་རྒྱས་ཡེ་ཤེས ་བླ་མེད་ཕྱིར།། འཕགས་པ་ཕྱིར་མི་ལྡོག་པ་ནི།། ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ།། སྟོན་པ་བསྟན་པ་སློབ་དོན་གྱི།། ཐོག་པ་གསུམ་དང་བྱེད་གསུམ་ལ།། མོས་པ་རྣམས་ཀྱི་དབང་བྱས་ནས།། སྐྱབས་གསུམ་རྣམ་པར་བཞག་པ་ཡིན།། སྤང་ཕྱིར་སླུ་བའི ་ཆོས་ཅན་ཕྱིར།། མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར།། ཆོས་རྣམས་གཉིས་དང་འཕགས་པའི་ཚོགས།། གཏན་གྱི་སྐྱབས་མཆོག་མ་ཡིན་ནོ།། དམ་པའི་དོན་དུ་འགྲོ་བ་ཡི།། སྐྱབས་ནི་སངས་རྒྱས་ཉག་ཅིག་ཡིན།། ཐུབ་པ་ཆོས་ཀྱི་སྐུ་ཅན ་ཕྱིར།། ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར།། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།། རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར།། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད།། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད།། དྲི་མེད་སངས ་རྒྱས་ཡོན་ཏན་རྒྱལ་བའི་མཛོད།། གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ།། དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ།། དཀོན་མཆོག་གསུམ་པོ་འདི་ཡི་རིགས།། ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ།། དེ་ཡང་རྣམ་བཞི་གོ་རིམ ་བཞིན།། རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ།། དག་དང་ཉོན་མོངས་དང་ལྡན་ཕྱིར།། ཀུན་ནས་ཉོན་མོངས་མེད་དག་ཕྱིར།། རྣམ་པར་དབྱེ་བ་མེད་ཆེས་ཕྱིར།། ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར།། རྟོགས་བྱ་རྟོགས་པ་དེ་ཡི་ནི།། ཡན་ལག ་རྟོགས་པར་བྱེད་ཕྱིར་ཏེ།། གོ་རིམ་ཇི་བཞིན་གནས་གཅི་ག་སྟེ།། དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ།། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་།། དེ་བཞིན་ཉིད་དཔྱོར་མེད་ཕྱིར་དང་།། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན།། རྟག་ཏུ་སངས་རྒྱས་སྙིང་པོ་ཅན།། ངོ་བོ་རྒྱུ ་འབྲས་ལས་ལྡན་འཇུག་པ་དང་།། གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན།། རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནོ།། དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཤེས་བྱ།། རིན་ཆེན་ན་མཁའ་ཆུ་དག་བཞིན།། རྟག་ཏུ་རང་བཞིན་ཉོན་མོངས་མེད།། ཚྭ། ་མོས་ལྷག་པའི་ཤེས་རབ་དང་།། ཏིང་འཛིན་སྙིང་རྗེ་ལས་བྱུང་བ།། མཐུ་དང་གཞན་དུ་མི་འགྱུར་དང་།། བརླན་པའི་ངོ་བོ་རང་བཞིན་ཕྱིར།། འདི་དག་ནོར་བུ་རིན་ཆེན་མཁའ།། ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད།། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་།། ་འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་།། སེམས་ཅན་དོན་ལ་ལྟོས་མེད་ཉིད།། འདོད་ཆེན་མུ་སྟེགས་ཉན་ཐོས་དང་།། རང་འབྱུང་རྣམས་ཀྱི་སྒྲིབ་རྣམ་བཞི།། དག་རྒྱུ་ལྷག་པར་སྨོས་པ་ལས།། སོགས་པའི་ཆོས་ནི་རྣམ་བཞི་ཉིད།། ཐེག་མཆོག ་ལ་མོས་ས་བོན་ཤེས་རབ་ནི།། སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི།། བདེ་བ་མངལ་གནས་སྙིང་རྗེའི་མ་མ་ཅན།། གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས།། གཙང་བདག་བདེ་དང་རྟག་ཉིད་ཀྱི།། ཡོན་ཏན་ཕ་རོལ་ཏུ་ཕྱིན་འབྲས།། ་སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར།། འདུན་དང་སྨོན་པའི་ལས་ཅན་ནོ།། འདི་དག་འབྲས་ནི་མདོར་བསྡུ་ན།། ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག། རྣམ་པ་བཞི་ལས་བཟློག་པ་ཡི།། གཉེན་པོས་རབ་ཏུ་ཕྱེ་བ་ཉིད།། དེ་ནི་རང་བཞིན་དག་ཕྱིར་དང་།། བག་ཆགས ་སྤོསྤངས་ཕྱིར་གཙང་བ་ཡིན།། བག་དང་བདག་མེད་སྤྲོས་པ་དག། ཉེ་བར་ཞི་བས་དམ་པའི་བདག། ཡིད་ཀྱི་རང་བཞིན་ཕུང་པོ་དང་།། དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད།། འཁོར་བ་དང་ནི་མྱ་ངན་འདས།། མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག། བདག་སྲེད་མ ་ལུས་ཤེས་རབ་ཀྱིས་བཅད་དེ།། སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན།། དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བསྟེན་ནས།། འཕགས་པ་འཁོར་པོ་འམ་མྱ་ངན་འདའ་མི་འགྱུར།། གལ་ཏེ་སངས་རྒྱས་ཁམས་མེད་ན།། སྡུག་ལ་སྐྱོ་བར་མི་འགྱུར་ཞིང་།། ་མྱ་ངན་འདས་ལ་འདོད་པ་དང་།། དོན་གཉེར་སྲིན་པོའང་མེད་པར་འགྱུར།། སྲིད་དང་མྱ་ངན་འདས་ལ་དེའི།། སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི།། རིགས་ཡོད་ལས་ཡིན་གང་ཕྱིར་དེ།། རིགས་མེད་དག་ལ་མེད་ཕྱིར་རོ།། རྒྱ་མཚོ་ཚེ་བཞིན་དཔག་མེད་པ། ་ཡོན་ཏན་རིན་ཆེན་མི་ཟད་གནས།། དབྱར་མེད་ཡོན་ཏན་དང་ལྡན་པའི།། ངོ་བོ་ཉིད་ཕྱིར་མར་མེ་བཞིན།། ཆོས་སྐུ་རྒྱལ་བའི་ཡེ་ཤེས་དང་།། ཐུགས་རྗེའི་ཁམས་ནི་བསྡུས་པའི་ཕྱིར།། སྣོད་དང་རིན་ཆེན་ཆུ་ཡིས་འདི།། རྒྱ་མཚོ་དང་ནི་མཚུངས་པར་བསྟན།། ་དྲི་མེད་གནས་ལ་མངོན་ཤེས་དང་།། ཡེ་ཤེས་དྲི་མེད་དེ་ཉིད་དང་།། རྣམ་དབྱེ་མོདོ་ཕྱིར་མར་མེ་ཡི།། སྣང་དང་དྲོ་མདོག་ཆོས་མཚུངས་ཅན།། སོ་སོའི་སྐྱེ་འཕགས་རྫོགས་སངས་ཀྱི།། དེ་བཞིན་ཉིད་དབྱེའི་འཇུག་པ་ལས།། དེ་ལ་གཟིགས་པས ་སེམས་ཅན་ལ།། རྒྱལ་བའི་སྙིང་པོ་འདི་བསྟན་ཏོ།། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག། བདེན་པ་མཐོང་བ་བཟློག་པ་སྟེ།། དེ་བཞིན་གཤེགས་པ་ཇི་ལྟ་བཞིན།། ཕྱིན་ཅི་མ་ལོག་སྤྲོས་མེད་ཉིད།། མ་དག་མ་དག་དག་པ་དང་།། ཤིན་ཏུ་རྣམ ་དག་གོ་རིམ་བཞིན།། སེམས་ཅན་བྱང་ཆུབ་སེམས་དཔའ་དང་།། དེ་བཞིན་གཤེགས་པ་ཞེས་བརྗོད་དོ།། ངོ་བོ་ཉིད་ལ་སོགས་པའི་དོན།། འདི་དྲུག་གིས་ནི་བསྡུས་པ་ཡི།། ཁམས་ནི་གནས་སྐབས་གསུམ་དག་ཏུ།། མིང་གསུམ་གྱིས་ནི་བསྟན་པ་ཉིད།། ་ཇི་ལྟར་རྟོག་མེད་བདག་ཉིད་ཅན།། ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར།། སེམས་ཀྱི་རང་བཞིན་དྲི་མེད་དབྱིངས།། དེ་བཞིན་ཀུན་དུ་འགྲོ་བ་ཉིད།། དེ་སྤྱིའི་མཚན་ཉིད་ཉེས་པ་དང་།། ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ།། གཟུགས་ཀྱི་རྣམ་པ་དམན་པ་དང་། ་བར་མ་མཆོག་ལ་ན་མཁའ་བཞིན།། ཉེས་པ་གློ་བུར་དང་ལྡན་དང་།། ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར།། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན།། འགྱུར་བ་མེད་པའི་ཆོས་ཉིད་དོ།། ཇི་ལྟར་ན་མཁའ་ཀུན་སོང་བ།། ཕྲ་ཞིང་ཉེ་བར་གོས་པ་མེད།། དེ་བཞིན ་སེམས་ཅན་ཐམས་ཅད་ལ།། གནས་འདི་ཉེ་བར་གོས་པ་མེད།། ཇི་ལྟར་འཇིག་རྟེན་ཐམས་ཅད་དུ།། ནམ་མཁའ་ལས་ནི་སྐྱེ་ཞིང་འཇིག།། དེ་བཞིན་འདུས་མ་བྱས་དབྱིངས་ལ།། དབང་པོ་རྣམས་ནི་སྐྱེ་ཞིང་འཇིག། ཇི་ལྟར་ན་མཁའ་མེ་རྣམས་ཀྱིས།། སྔོན་ཆད ་ནམ་ཡང་ཚིག་པ་མེད།། དེ་བཞིན་འདི་ནི་འཆི་བ་དང་།། ན་དང་རྒ་བའི་མེས་མ་ཚིག། ས་ནི་ཆུལ་ཆུ་རླུང་ལ།། རླུང་ནི་མཁའ་ལ་རབ་ཏུ་གནས།། མཁའ་ནི་རླུང་དང་ཆུ་དག་དང་།། ས་ཡི་ཁམས་ལ་གནས་མ་ཡིན།། དེ་བཞིན་ཕུང་པོ་ཁམས་དབང་རྣམས།། ་ལས་དང་ཉོན་མོངས་དག་ལ་གནས།། ལས་དང་ཉོན་མོངས་ཚུལ་བཞིན་མིན།། ཡིད་ལ་བྱེད་ལ་རྟག་ཏུ་གནས།། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི།། སེམས་ཀྱི་དག་པ་ལ་རབ་གནསས། སེམས་ཀྱི་རང་བཞིན་ཆོས་རྣམས་ནི།། ཐམས་ཅད་ལ་ཡང་གནས་པ ་མེད། ས་དང་འདྲ་བར་ཕུང་པོ་དང་།། སྐྱེ་མཆེད་ཁམས་རྣམས་ཤེས་པར་བྱ།། ཆུ་ཁམས་དང་འདྲ་ལུས་ཅན་གྱིས།། ལས་དང་ཉོན་མོངས་ཤེས་བྱ་སྟེ།། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི།། རླུང་གི་ཁམས་དང་འདྲ་བར་བལྟ།། རང་བའིདི་ན་མཁའི་ཁམ ་བཞིན་དུ།། དེ་བཞིན་ཅན་མིན་གནས་པ་མེད།། ཚུལ་བཞིན་མ་ཡིན་ཡོད་བྱེད་ནི།། སེམས་ཀྱི་རང་བཞིན་ལ་གནས་ཏེ།། ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས།། ལས་དང་ཉོན་མོངས་རབ་ཏུ་ཕྱེ།། ལས་དང་ཉོན་མོངས་ཆུ་ལས་ནི།། ཕུང་པོ་སྐྱེ་མཆེན ་ཁམས་རྣམས་འབྱུང་།། དེ་འཇིག་པ་དང་ཆགས་པ་དང་།། སྐྱེ་དང་འཇིག་པར་འགྱུར་བ་ཡིན།། སེམས་ཀྱི་རང་བཞིན་ན་མཁའ་ཡི།། མས་ལྟར་རྒྱུ་མེད་རྐྱེན་མེད་དེ།། ཚོགས་པ་མེད་ཅིང་སྐྱེ་བ་དང་།། འཇིག་པ་གནས་པའང་ཡོད་མ་ཡིན།། སེམས ་ཀྱི་རང་བཞིན་འོད་གསལ་གང་ཡིན་པ།། དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ།། ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས།། གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར།། ལས་དང་ཉོན་མོངས་ཆུ་ཚོགས་ཀྱིས།། འདི་ནི་མངོན་པར་འགྲུབ་མིན་ཏེ།། ་འཆི་དང་ན་དང་རྒ་བའི་མེ།། མི་བཟད་པས་ཀྱང་ཚིག་མི་འགྱུར།། དུས་མཐའ་དམྱལ་བ་ཐ་མལ་པའི།། མེ་གསུམ་འཆི་དང་ན་བ་དང་།། རྒ་བའི་མེ་གསུམ་རིམ་བཞིན་དུ།། དེ་དང་འདྲ་བར་ཤེས་པར་བྱ།། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་བ།། འདི་ཡི་རང ་བཞིན་ཇི་བཞིན་ཉིད་རྟོགས་ཏེ།། སྐྱེ་སོགས་འཕོངས་དང་བྲལ་ཡང་དེ་ཡིས་རྒྱུས།། བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་བསྟེན།། འཕགས་པས་འཆི་དང་ན་བ་དང་།། རྒ་བའི་སྡུག་བསྔལ་རྩ་ནས་སྤངས།། ལས་དང་ཉོན ་མོངས་དབང་གིས་སྐྱེ།། དེ་ལ་དེ་མེད་ཕྱིར་དེ་མེད།། ཇི་བཞིན་ཡང་དག་མཐོང་བའི་ཕྱིར།། སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་།། སྙིང་རྗེའི་བདག་ཉིད་སྐྱེ་བ་དང་།། འཆི་དང་རྒ་དང་ན་བར་སྟོན།། རྒྱལ་སྲས་འགྱུར་མེད་ཆོས་ཉིད་འདི།། ་རྟོགས་ནས་མ་རིག་ལྗོངས་རྣམས་ཀྱི།། སྐྱེ་བ་ལ་སོགས་དག་ཏུ་ནི།། མཐོང་བ་གང་ཡིན་ཏེ་སྨད་།། འཕགས་པའི་སྤྱོད་ཡུལ་ཐོབ་པ་གང་།། བྱིས་པའི་སྤྱོད་ཡུལ་དུ་སྟོན་ཏེ།། དེ་ཉིད་ཕྱིར་ནི་འགྲོ་བ་ཡི།། གཉེན་གྱིས་ཐབས་དང ་སྙིང་རྗེའི་མཆོག། དེ་ནི་འཇིག་རྟེན་ཐམས་ཅ་དེ་ལས།། འདས་ཀྱང་འཇིག་རྟེན་ལས་མ་གཡོས།། འཇིག་རྟེན་དོན་དུ་འཇིག་རྟེན་ན།། འཇིག་རྟེན་དྲི་མས་མ་གོས་སྤྱོད།། ཇི་ལྟར་པདྨ་ཆུ་ནང་དུ།། སྐྱེས་པ་ཆུ་ཡིས་གོས་པ་མེད།། དེ་བཞིན ་འདི་ནི་འཇིག་རྟེན་དུ།། སྐྱེས་ཀྱང་འཇིག་རྟེན་ཆོས་མི་གོས།། བྱ་བ་སྒྲུབ་ལ་རྟག་ཏུ་བློ།། མེ་བཞིན་དུ་ནི་འབར་བ་དང་།། ཞི་བའི་བསམ་གཏན་སྙོམས་འཇུག་ལ།། རྟག་ཏུ་སྙོམས་པར་འཇུག་པ་ཡིན།། སྔོན་གྱི་འཕེན་པའི་དབང་དང་ནི།། རྣམ ་རྟོག་ཐམས་ཅད་བྲལ་བའི་ཕྱིར།། དེ་ནི་ལུས་ཅན་སྨིན་པ་ཡི།། དོན་དུ་འབད་པ་བྱེད་མ་ཡིན།། བསྟེན་དང་གཟུགས་སྐུ་དག་དང་ནི།། སྤྱོད་དང་སྤྱོད་ལམ་གྱིས་ཀྱང་རུང་།། གང་ཞིག་ཇི་ལྟར་གང་གིས་འདུལ།། དེས་དེ་དེ་ལྟར་ཉིད་དུ་ཤེས།། དེ་ལྟར ་ན་མཁའི་མཐའ་ཀླས་ཀྱིས།། འགྲོ་བ་རྟག་ཏུ་ལྷུན་གྲུབ་པར།། ཐོགས་མེད་བློ་ལྡན་དེ་ཡི་ནི།། སེམས་ཅན་དོན་ནི་ཡང་དག་འཇུག། བྱང་ཆུབ་སེམས་དྲཔའི་ཚུལ་འདི་ནི།། རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་།། སེམས་ཅན་ཡང་དག་སྒྲོལ་བ་ལ།། འཇིག ་རྟེན་ན་ནི་མཉམ་པ་ཉིད།། དེ་ལྟ་མོས་ཀྱི་ས་རྡུལ་དང་།། རྒྱ་མཚོ་བ་ལང་རྨིག་རྗེས་ཀྱོ།། ཁྱད་པར་གང་ཡིན་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད།། གཞན་འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར།། འགྲོ་སྐྱབས་ཕྱི་མའི་མཐའ་མེད ་མུར་ཐུག་ཕྱིར།། དེ་ནི་རྟག་ཏུ་གཉིས་མེད་མི་རྟོག་ཕྱིར།། འཇིག་མེད་ཆོས་ཀྱང་མ་བྱས་རང་བཞིན་ཕྱིར།། སྐྱེ་བ་མེད་ཅིང་འཆི་བ་མེད།། གནོད་མེད་རྒ་བ་མེད་པ་སྟེ།། དོན་རྟག་དང་བརྟན་ཕྱིར་དང་།། ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར།། དེ་ནི ་ཡིད་ཀྱི་རང་བཞིན་གྱིས།། ལུས་ཀྱི་སྐྱེ་མེད་རྟག་པའི་ཕྱིར།། བསམ་གྱིས་མི་ཁྱབ་བསྒྱུར་བ་ཡིས།། འཆི་འཕོ་བརྟན་ཕྱིར་དེ་མི་འཆི།། བག་ཆགས་ཕྲ་མོའི་ནང་རྣམས་ཀྱིས།། གནོད་མེད་ཞི་བ་ཉིད་ཀྱི་ཕྱིར།། ཟག་མེང་མངོན་པར་འདུས་བྱས ་ཀྱིས།། གཡུང་དྲུང་ཕྱིར་ན་རྐུ་བ་མདོ།། དྲི་ལ་ཚིག་གཉིས་དེ་བཞིན་གཉིས།། གཉིས་དང་གཉིས་ཀྱིས་གོ་རིམ་བཞིན།། འདུས་མ་བྱས་པའི་དབྱིངས་ལ་ནི།། རྟག་པ་ལ་སོགས་དོན་ཤེས་བྱ།། མི་ཟད་ཡོན་ཏན་དང་ལྡན་ཕྱིར།། གཞན ་འགྱུར་མིན་བདག་རྟག་པའི་དོན།། མཐའ་ཡི་མུ་དང་མཚུངས་པའི་ཕྱིར།། སྐྱབས་ཀྱི་བདག་ཉིད་བརྟན་པའི་དོན།། རྣམ་པར་མི་རྟོག་རང་བཞིན་ཕྱིར།། གཉིས་མེད་ཆོས་ཉིད་ཞི་བའི་དོན།། མ་བཅོས་ཡོན་ཏན་ཉིད་ཕྱིར་ནི།། འཇིག་མེད་དོན་ནི་གཡུང ་དྲུང་ཉིད།། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས།། དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས།། དེ་ཕྱིར་ཉི་དད་ཟེར་བཞིན་ཡོན་ཏན་དབྱེར་མེད་པས།། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད།། མདོར་ན་ཟག་མེད ་དབྱིངས་ལ་ནི།། དོན་གྱི་རབ་ཏུ་དབྱེ་བ་བཞིས།། ཆོས་ཀྱི་སྐུ་ལ་སོགས་པ་ཡི།། རྣམ་གྲངས་བཞིར་ནི་རིག་པར་བྱ།། སངས་རྒྱས་ཆོས་དབྱེར་མེད་པ་དང་།། དེ་རིགས་དེ་བཞིན་ཐོབ་པ་དང་།། བརྫུན་མེད་སླུ་མེད་ཆོས་ཉིད་དང་།། འདོད་ནས་རང་བཞིན་ཞི་ཉིད།། ། ་རྣམ་ཀུན་མངོན་པར་བྱང་ཆུབ་དང་།། དྲི་མ་བག་ཆགས་བཅས་སྤངས་པ།། སངས་རྒྱས་མྱ་ངན་འདས་པ་དག། དམ་པའི་དོན་དུ་གཉིས་མེད་ཉིད།། རྣམ་པ་ཐམས་ཅད་གྲངས་མེད་པ།། བསམ་མེད་དྲི་མེད་ཡོན་ཏན་དང་།། དབྱེར་མེད་མཚན་ཉིད ་ཐར་པ་སྟེ།། ཐར་པ་གང་དེ་དེ་བཞིན་གཤེགས།། ཇི་ལྟར་རི་མོ་འདི་བྱེད་པ།། གཞན་དང་གཞན་ལ་མཁས་པ་དག། གང་ཞིག་ཡན་ལག་གང་ཤེས་པ།། དེ་གཞན་ངེས་འཛིན་མེད་པར་འགྱུར།། དེ་ནས་འདི་ལ་ཁྱེད་ཀུན་གྱིས།། ང་ཡི་གཟུན ་ནི་གྱིས་ཤིག་ཅེས།། མངའ་བདག་རྒྱལ་པོས་དེ་དག་ལ།། བཀའ་ཡོས་རས་ནི་བྱིན་པ་ན།། དེ་ནས་དེ་ནི་ཐོས་གྱུར་ཏེ།། རི་མོའི་ལས་ལ་རབ་སྦྱོར་རོ།། དེ་ལས་མངོན་པར་སྦྱོར་རྣམས་ལས།། གཅིག་ཅིག་ཡུལ་གཞན་སོང་གྱུར་ན།། དེ་ནི། ་ཡུལ་གཞན་སོང་བས་ན། དེ་མ་ཚང་ཕྱིར་རི་མོ་དེ།། ཡན་ལག་ཐམས་ཅད་ཡོངས་རྫོགས་པར།། མི་འགྱུར་བཞིན་ཞེས་དཔེར་བྱས་སོ།། དེ་རྣམས་འདྲ་བྱེད་གང་ཡིན་པ།། སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས།། རྣམ་པ་ཀུན་གྱི་མཆོག་ལྡན་པ།། ་སྟོང་པ་ཉིད་ནི་གཟུགསུ་བརྗོད།། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས།། གསལ་དང་འཕྲོ་དང་དག་ཕྱིར་དང་།། ཐ་དདང་མེད་ཕྱིར་འོད་དང་ཟེར།། ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས།། དེས་ན་སངས་རྒྱས་མ་ཐོབ་པར།། མྱ་ངན་འདས་པ་མི ་ཐོབ་སྟེ།། འོད་དང་འོད་ཟེར་སྲུངས་ནས་ནི།། ཉི་མ་ལྟ་བར་མི་ནུས་བཞིན།། དེ་ལྟར་རྒྱལ་བའི་སྙིང་པོ་ནི།། རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད།། ཉོན་མོངས་སྦུབས་ནང་གནས་པ་དེ།། དཔེ་དག་གིས་ནི་ཤེས་པར་བྱ།། སངས་རྒྱས་པདེ་ནང་སྦྲང་རྩི་སྒང ་མ་ལ། སྤུན་ལ་སྙིང་པོ་མི་གཙང་ནང་ན་གསེར།། ས་ལ་གཏེར་དང་མྱུག་སོགས་འབྲས་ཕྱུང་དང་།། གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི།། བུད་མེད་ངན་པའི་ལྷོ་ན་མི་བདག་དང་།། ས་ལ་རིན་ཆེན་གཟུགས་ཡོད་ཛཾ་ལྟ་བུར།། བློ་བུར་ཉོན ་མོངས་དྲི་མས་བསྒྲིབས་པ་ཡི།། སེམས་ཅན་རྣམས་ལྔ་དེ་བཞིན་ཁམས་དེ་གནས།། དྲི་མ་པདྨ་སོགས་ཆགས་སྦྲན་པ་མི་གཙང་ས་འབྲས་གོས་ཧྲུལ་དང་།། སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་ས་ཡི ་ཁམས་དང་མཚུངས།། སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་དང་གཏེར་དང་ནྱ་གྲོ་རིན་ཆེན་སྐུ།། གླིང་བདག་མཆོག་དང་རིན་ཆེན་གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད།། ཇི་ལྟར་མདོག་ངན་པདྨའི་ཁོང་གནས་པ།། ་མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི།། དྲི་མེད་ལྷ་ཡི་མིག་ལྡན་མི་མཐོང་ནས།། ཆུ་སྐྱེས་འདབ་མའི་སྦུབས་ན་འབྱིན་བྱེད་པ།། དེ་བཞིན་བདེ་གཤེགས་མནར་མེད་གནས་རྣམས་ལ།། སངས་རྒྱས་སྤྱན་གྱིས་རང་ཆོས ་ཉིད་གཟིགས་ཏེ།། སྒྲིབ་མེད་ཕྱི་མཐའི་མུར་གནས་སྙིང་རྗེ་ཡི།། བདག་ཅན་སྒྲིབ་པ་ལས་ནི་སྒྲོལ་བར་བྱེད།། ཇི་ལྟར་མི་སྡུག་པདྨ་ཟུམ་ལ་བདེ་བར་གཤེགས་པ་ནི།། དེ་ཡི་ཁོང་གནས་ལྷ་མིག་མཐོང་ནས་འདས ་མ་གཅོད་བྱེད་ལྟར།། ཆགས་སྡང་སོགས་དྲི་སྦུབས་བསྒྲིབས་རྫོགས་སངས་སྙིང་པོ་འགྲོ་གཟིགས་ཏེ།། ཐུགས་རྗེས་ཐུབ་པ་དེ་བཞིན་སྒྲིབ་པ་དེ་ནི་འཇོམས་པར་མཛད།། ཇི་ལྟར་སྲོག་ཆགས་ཚོགས་བསྐོར་སྦྲང་རྩི་ནི།། སྐྱེས་བུ་མཁས ་པ་དེ་དོན་གཉེར་བ་ཡིས།། མཐོང་ནས་དེ་དང་ཐབས་ཀྱི་སྲོག་ཆགས་ཚོགས།། ཀུན་ནས་འབྲལ་བར་རབ་ཏུ་འབྱེད་པ་བཞིན།། དྲང་སྲོང་ཆེན་པོའི་ཀུན་མཁྱེན་སྤྱན་གྱིས་ནི།། རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས།། དེ་ཡི ་སྒྲིབ་པ་སྦྲང་མ་དྲང་འདྲ་བ།། གཏན་ནས་རབ་ཏུ་སྤོང་བར་མཛད་པ་ཡིན།། ཇི་ལྟར་སྦྲང་རྩི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་བསྒྲིབས་སྦྲང་རྩི་དོན་གཉིར་མོས།། སྦྲང་མ་དེ་དག་བསལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ ་བྱེད་པ།། དེ་བཞིན་ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ།། ཉོན་མོངས་སྦྲང་མ་དང་འདྲ་དེ་འཇོམས་པ་ལ་མཁས་པའི་རྒྱལ་བ་སྐྱེས་བུ་བཞིན།། ཇི་ལྟར་སྤྱན་ལྡན་འབྲུ་ཡི་སྙིང་པོ་ནི།། མི་རྣམས་ཀྱི ་ནི་སྨད་བྱར་མི་འགྱུར་བ།། ཟས་སོགས་དོན་དུ་གཉེར་བ་གང་ཡིན་པ།། དེ་དག་གིས་ནི་སྤྱན་ནས་དེ་འབྱིར་ལྟར།། དེ་བཞིན་སེམས་ཅན་ལ་ཡོད་ཉོན་མོངས་ཀྱི།། དྲི་མ་དང་འདིས་རྒྱལ་བའང་ཇི་སྲིད་དུ།། ཉོན་མོངས་དྲི་མ ་འདྲེས་ལ་མ་གྲོལ་བ།། དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་བྱེད།། ཇི་ལྟར་ས་ལུ་བྱ་འོ་ནས་འབྲུའི་སྙིང་པོ་སྔུན་ལས་མ་བྱུང་གླ་མ་ཅན།། ལེགས་པར་མ་བསྒྲུབས་སྙིང་པོ་མི་རྣམས་ཀྱི་ནི་སྦྱང་བྱ་བཟའ་བ་ཞིམ་པོར་མི་འགྱུར་ལྟར།། ་དེ་བཞིན་སེམས་ཅན་ལ་ཡོད་ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྤུན་ལས་མ་གྲོལ་ལུས།། ཉོན་མོངས་བྲུ་བས་ཉེན་པའི་འགྲོ་ལ་ཆོས་ཀྱི་དགའ་བའི་རོ་སྟིར་འགྱུར་བ་མིན།། ཇི་ལྟར་རབ་ཏུ་རྒྱ་ཚེ་མི་ཡི་གསེར།། ལྡན་ལྟོ་ནི་རུལ་པའི ་གནས་སུ་ལྷུང་གྱུར་ལ།། མི་འཇིགས་ཆོས་ཅན་དེ་ནི་དེར་དེ་བཞིན།། ལོ་བརྒྱ་མང་པོ་དག་ཏུ་གནས་པ་དེ།། ལྷ་མིག་རྣམ་དག་དང་ལྡན་ལྷ་ཡི་དེར།། མཐོང་ནས་མི་ལ་འདི་ན་ཡོད་པའི་གསེར།། རིན་ཆེན་མཆོག་འདི་སྦྱངས་ཏེ ་རིན་ཆེན་གྱིས།། སྒྲུབ་པར་བྱ་བ་གྱིས་ཞེས་སྨྲ་བ་ལྟར།། དེ་བཞིན་ཐུབ་པས་མཱི་གཙང་དང་འདྲ་ཡི།། ཉོན་མོངས་སུ་བྱིང་སེམས་ཅན་ཡོན་ཏན་ནི།། གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར།། སྐྱེ་དགུ་རྣམས་ལ་དྲག ་ཆོས་ཆུ་ཆར་འབེབས།། ཇི་ལྟར་ལྡན་ལྗིན་རུལ་པའི་གནསུ་ལྷུང་བའི་གསེར་ནི་ལྷ་ཡིས་མཐོང་གྱུར་ནས།། ཀུན་ཏུ་དོག་པར་བྱ་ཕྱིར་མཆོག་ཏུ་མཛེས་པས་མི་ལ་ནན་གྱིས་སྟོན་པ་ལྟར།། དེ་བཞིན་རྒྱལ་པོའི་ཉོན་མོངས་མི ་གཙང་ཆེན་པོར་ལྷུང་གྱུར་རྫོགས་སངས་རིན་པོ་ཆེ།། སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་བྱ་ཕྱིར་ལུས་ཅན་རྣམས་ལ་ཆོས་སྟོན་ཏོ།། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ནས།། མི་ཟད་པ་ཡི་གཏོར་ནི་ཡོད་གྱུར་ལ།། མི་དེ ་དེ་མ་ཤེས་ཤིང་གཏེར་དེ་ཡང་།། དེ་ལ་ང་འདྲིར་ཡོད་ཅེས་མི་སྨྲ་ལྟར།། དེ་བཞིན་ཡིད་ཀྱི་རང་ཆུང་རིན་ཆེན་གཏེར།། དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང་།། མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི།། རྣམ་མང ་རྒྱུན་ཏུ་སྐྱེ་དགུ་འདིས་མྱོང་ངོ་།། ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གཏེར་ཆུད་གྱུར་པའི་མི་ལ་ནི།། རིན་ཆེན་གཏར་བདག་ཡོད་ཅེས་བརྗོད་པར་མི་བྱེད་དེ་ནི་མི་ཡིས་ཤེས་མིན་ལྟར།། དེ་བཞིན་ཆོས་གཏེར་ཡིད་ཀྱི་ཁྱིམ་གནས་སེ ་དེག་ནི་དབུལ་པོ་ལྟ་བུ་སྟེ།། དེ་དག་རྣམས་ཀྱིས་དེ་ཐོབ་བྱ་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་ཡང་དག་བལྟམས།། ཇི་ལྟར་ཨ་མྲ་ལ་སོགས་ཤིང་འབྲས་ལ།། ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས།། ས་རྨོས་ཆུ་སོགས་ལྡན་ལས་ལྗོན་ཤི ་གི། རྒྱལ་པོའི་དངོས་པོ་རིམ་གྱིས་འགྲུབ་པ་ལྟར།། སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི།། པགས་སྦུབས་ནང་ཆུང་ཆོས་ཁམས་དགེ་བ་ཡང་།། དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས།། རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར ་འགྱུར།། ཆུ་དང་ཉི་མའི་འོད་དང་རླུང་དང་ས་དུས?་ན་མཁའི་རྐྱེན་རྣམས་ཀྱི།། ཏ་ལ་དང་ནི་ཨེ་མྲའི་འབྲས་སྤུ་བསྡུ་གསེབ་ནས་ཤིང་སྐྱེ་ཇི་ལྟ་བར།། སེམས་ཅན་ཉོན་མོངས་འབྲས་ལྤགས་ནུང་ཆུད་རྫོགས་སངས་ས་བོན་མྱུ་གུ་ཡང་།། ་དེ་བཞིན་དག་རྐྱེན་དེ་དང་དེ་ལས་ཆོས་འཐོན་འཕེལ་བར་འགྱུར་བ་ཡིན།། ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས།། གོས་ཧྲུ་ལ་དྲི་ངན་གྱིས་ནི་གཏུམས་གྱུར་པ།། ལམ་གནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར།། ལམ་གནས ་དོན་དེ་དེ་ལ་སྨྲ་བ་ལྟར།། དེ་བཞིན་ཐོབ་མེད་རྣམ་པ་སྣ་ཚོགས་ཀྱི།། ཉོན་མོངས་ཀྱིས་གཏུམས་བདེ་གཤེགས་དངོས་པོ་ཉིད།། དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་དེ།། ཐར་པར་བྱའི་དོན་དུ་ཐབས་སྟོན་མཛད།། ཇི་ལྟར་རིན་ཆེན ་རང་བཞིན་དེ་བཞིན་གཤེགས་སྐུ་དྲི་དད་ཀྱིས་གཏུམས་པ།། ལམ་གནས་ལྷ་ཡིས་མིག་གིས་མཐོང་ནས་མཐར་ཕྱིན་མི་ལ་སྟོན་པ་ལྟར་དེ་བཞིན།། ཉོན་མོངས་གོས་ཧྲུལ་གྱིས་གཏུམས་འཁོར་བའི་ལམ་ན་གནས་པའི་ཁམས།། ་དུད་འགྲོ་ལ་ཡང་གཟིགས་ནས་ཐར་བར་བྱ་ཕྱིར་རྒྱལ་བས་ཆོས་སྟོན་ཏོ།། དེ་ལྟར་མི་མོ་གཟུགས་ངན་མགོན་མེད་འགའ།། མགོན་མེད་འདུག་གནསུ་ནི་འདུག་གྱུར་ལ།། མངལ་གྱིས་རྒྱལ་པོའི་དཔལ་ནི་འཛིན་བྱེད་པས།། རང་ལྗོན ་ཡོད་མི་བདག་མི་ཤེས་ལྟར།། སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ།། མ་དག་སེམས་ཅན་མངལ་ལྡན་བུད་མེད་བཞིན།། དེ་ལ་གང་ཞིག་ཡོད་པས་མགོན་བཅས་པ།། དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན།། ཇི་ལྟར ་བུད་མེད་ལུས་ལ་དྲི་བཅས་གོས་གོན་མི་སྡུག་ལྡན་པ།། ས་བདག་མངལ་ན་གནས་ཀྱང་མགོན་མིང་ཁང་པར་སྡུག་བསྔལ་མཆོག་མྱོང་ལྟར།། དེ་བཞིན་བདག་རང་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ།། འགྲོ་བ ་ཉོན་མོངས་དབང་གིས་ཡིད་མ་ཞི་བ་སྡུག་བསྔལ་གཞི་ལ་གནས།། ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ།། ཞི་བ་ཕྱི་རོལ་ས་ཡི་རང་བཞིན་ཅན་མཐོང་ནས།། དེ་ཤེས་པ་དག་ནང་གི་གསེར།། སྦྱངས་ཕྱིར་ཕྱི་རོལ་སྒྲིབ་པ ་སེལ་བྱེད་ལྟར།། རང་བཞིན་འོད་གསལ་དྲི་མ་རྣམས་ཀྱང་ནི།། གློ་བུར་བར་ནི་རྣམ་པར་གཟིགས་གྱུར་ནས།། རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས།། སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག། ཇི་ལྟར་དྲི་མེད ་གསེར་འབར་ལས་བྱས་ས་ཡི་ནང་དུ་ཆུད་གྱུར་གཟུགས།། ཞི་དེ་རིང་བཞིན་མཁས་པས་རིག་ནས་ས་དག་སེལ་བར་བྱེད་པ་ལྟར།། དེ་བཞིན་ཀུན་མཁྱེན་དག་པའི་གསེར་འདྲ་ཞི་བའི་ཡིད་ནི་མཁྱེན་གྱུར་ནས།། ཆོས་འཆང་ཚུལ་གྱི་རྡེགས་སྤྱད་སྒྲུབ་པས ་སྒྲིབ་པ་དག་ནི་སེལ་བ་མཛད།། པདྨ་སྲོག་ཆགས་བུང་པ་དང་།། སྦུན་པ་དང་ནི་མི་གཙངས།། འབྲས་ཤུན་གོས་ཧྲུལ་བུད་མེད་ཀྱི།། མངལ་དང་ས་ཡི་སྦུབས་ན་ཡང་།། སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན།། གསེར་བཞིན་གཏེར་བཞིན་ལྡན་པ ་བཞིན།། རིན་ཆེན་སྐུ་དང་འཁོར་ལོ་ཡི།། སྒྱུ་བ་བཞིན་དང་གསེར་གཟུགས་བཞིན།། སེམས་ཅན་ཁམས་ཀྱི་ཉོན་མོངས་སྦུབས།། མ་འབྲེལ་ཐོག་མ་མེད་པ་ན།། སེམས་ཀྱི་རང་བཞིན་དྲི་མེད་ནི།། ཐོག་མ་མེད་པ་ཡིན་པར་བརྗོད།། ཆགས་དང་། ་སྡང་དང་རྨོངས་དང་དེའི།། ཀུན་ལྡང་དྲག་དང་བག་ཆགས་དང་།། མཐོང་སྒོམ་ལམ་སྦྱངས་མ་དག་དང་།། དག་པའི་ས་ལ་བརྟེན་པ་ཡི།། དྲི་མ་རྣམ་དགུ་པདྨ་ཡི།། སྦུབས་སོགས་དཔེས་ནི་རབ་བསྟན་ཏེ།། ཉེ་བའི་ཉོན་མོངས ་སྦུབས་ཀྱི་ནི།། དབྱེ་བས་བྱེ་བ་མཐའ་ལས་འདས།། ཆགས་སོགས་ཉོན་མོངས་དགུ་པོ་འདི།། མདོར་བསྡུས་ནས་ནི་གོ་རིམ་བཞིན།། པདྨའི་སྦུབས་ལ་སོགས་པ་ཡི།། དཔེ་དགུ་དག་གིས་ཡང་དག་བསྟན།། དྲི་འདི་དག་གིས་བྱིས་རྣམས ་དང་།། དགྲ་བཅོམ་སློབ་དང་བློ་ལྡན་རྣམས།། རིམ་བཞིན་བཞི་དང་གཅིག་དང་ནི།། གཉིས་དང་གཉིས་ཀྱི་མ་དག་ཉིད།། ཇི་ལྟར་པདྨ་འངམ་སྐྱེས་དེ།། མདུན་དུ་གྱུར་ན་ཡིད་དགའ་དང་།། ཕྱི་ནས་དགའ་བ་མེད་གྱུར་ན།། འདོད་ཆགས་དགའ ་བ་དེ་བཞིན་ནོ།། ཇི་ལྟར་སྲོག་ཆགས་སྦྲང་མ་ནི།། ཤིན་ཏུ་འཁྲུགས་ཏེ་མདུན་སྡིག་ལྟར།། དེ་བཞིན་ཞེ་སྡང་སྐྱེ་བ་ན།། སྙིང་ལ་སྡུག་བསྔལ་སྐྱེད་པར་བྱེད།། ཇི་ལྟར་འབྲས་སོགས་སྙིང་པོ་ནི།། ཕྱི་རོལ་སྦུན་པས་བསྒྲིབས་པ་ལྟར།། དེ ་བཞིན་སྙིང་པོའི་དོན་མཐོང་བ།། མ་རིག་སྒོ་ངའི་སྦུབས་ཀྱིས་བསྒྲིབས།། ཇི་ལྟར་མི་གཙང་མི་མཐུན་པ།། དེ་བཞིན་ཆགས་དང་བཅས་རྣམས་ཀྱི།། འདོད་པ་བསྟེན་པའི་རྒྱུ་ཡིན་ཕྱིར།། ཀུན་ནས་སྡང་བ་མཱི་གཙང་འདྲ།། ཇི་ལྟར་ནོར་ནི ་བསྒྲིབས་པས་ན།། མི་ཤེས་གཏེར་ནི་མི་འཐོབ་ལྟར།། དེ་བཞིན་སྐྱེ་ལ་རང་བྱུང་ཉིད།། མ་རིག་བགྲ་ཆགས་ས་ཡིས་བསྒྲིབས།། ཇི་ལྟར་མྱུག་སོགས་རིམ་སྐྱེས་པས་ཀ་ས་བོན་ཤུན་པ་གཅོད་བལྟར།། དེ་བཞིན་དེ་ཉིད་མཐོང་བ་ཡིས།། མཐོང ་སྤངས་རྣམས་ནི་ལྡོག་པར་འགྱུར།། འཕགས་པའི་ལམ་དང་འབྲེལ་པ་ལྔས།། འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱི།། སྒོམ་ལམ་ཡེ་ཤེས་སྤངས་བྱ་རྣམས།། གོས་ཧྲུལ་དག་དང་མཚུངས་པར་བསྟན།། ས་བདུན་ལ་བརྟེན ་དྲི་མ་ནི།། མངལ་སྦུབས་དྲི་མ་དག་དང་མཚུངས།། མངལ་སྦུབས་བྲེལ་འདྲ་མི་རྟོགས་པའི།། ཡེ་ཤེས་རྣམ་པར་སྨིན་པ་བཞིན།། ས་གསུམ་རྗེས་འབྲེལ་དྲི་མ་རྣམས།། ས་འདམ་གོས་བཞིན་ཤེས་བྱ་སྟེ།། བདག་ཉིད་ཆེན་པོ་རྡོ་རྗེ ་ལྷའི།། ཏིང་ངེ་འཛིན་གྱི་གྲཝཞོམ་བྱ་ཡིན།། དེ་ལྟར་ཆགས་སོགས་དྲི་མ་དགུ།། པདྨ་ལ་སོགས་དག་དང་མཚུངས།། རང་བཞིན་གསུམ་གྱིས་བསྡུས་ཕྱིར་ཁམས།། སངས་རྒྱས་སོགས་དང་ཆོས་མཚུངས་སོ།། འདི་ཡར ་བཞིན་ཆོས་སྐུ་དང་།། དེ་བཞིན་ཉིད་དང་རིགས་ཀྱང་སྟེ།། དེ་ནི་དཔེ་གསུམ་གཅིག་དང་ནི།། ལྔ་རྣམས་ཀྱིས་ནི་ཤེས་པར་བྱ།། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ།། ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་།། དེ་ཡི་རྒྱུ་མཐུ་ཟབ་པ་དང་།། སྣ་ཚོགས ་ཚུལ་ནི་སྟོན་པའོ།། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན།། འདི་ལ་དཔེ་ནི་མི་དམིགས་པས།། དེ་བཞིན་གཤེགས་པ་ཉིད་དང་ཁམས།། འདྲ་བ་ཉིད་དུ་བསྟན་པོ་ཡིན།། ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི།། སྦྲང་རྩི་རོ་གཅིག་པ་བཞིན་ཏེ།། རྣམ་པ་སྣ ་ཚོགས་ཚུལ་བསྟན་ནི།། སྣ་ཚོགས་སྤོབས་སྙིང་བཞིན་ཤེས་བྱ།། རང་བཞིན་འགྱུར་བ་མེད་པ་དང་།། དགེ་དང་རྣམ་པར་དག་པའི་ཕྱིར།། དེ་བཞིན་ཉིད་ནི་འདི་གསེར་གྱི་ནི།། གཟུགས་དང་མཚུངས་པར་བརྗེད་པ་ཡིན།། གཏེར་དང་འབྲིས ་བུའི་ཤིང་བཞིན་དུ།། རིགས་དེ་རྣམ་གཉིས་ཤེས་བྱ་སྟེ།། ཐེག་མེད་རང་བཞིན་གནས་པ་དང་།། ཡང་དག་བླངས་པ་མཆོག་ཉིད་དོ།། རིགས་འདི་གཉིས་ལས་སངས་རྒྱས་ཀྱི།། སྐུ་གསུམ་ཐོབ་པར་འདོད་པ་ཡིན།། དང་པོས་སྐུ་ནི་དང། ་པོ་སྟེ། གཉིས་པ་ཡིས་ནི་ཕྱི་མ་གཉིས།། ངོ་བོ་ཉིད་སྐུ་མཛེས་པ་ནི།། རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ།། རང་བཞིན་གྱིས་ནི་བྱས་མིན་དང་།། ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར།། ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར།། རྫོག་ལོངས ་འཁོར་ལོས་བསྒྱུར་བཞིན་ནོ།། གཟུགས་བརྙན་གྱིས་ནི་རང་བཞིན་ཕྱིར།། སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ།། རང་བྱུང་རྣམས་ཀྱི་དོན་དམ་སྟེ།། དད་པ་ཉིད་ཀྱིས་རྟོགས་བྱ་སྟེ།། ཉི་མའི་དཀྱིལ་འཁོར་འོང་འབར་བ།། མིག་མེད་པས ་ནི་མཐོང་བ་མེད་དོ།། འདི་ལ་གསལ་བྱ་ཅི་ཡང་མེད།། བཞག་པར་བློ་བ་ཅུང་ཟེད་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ།། རྣམ་དབྱེ་བཅས་པའི་མཚན་ཉིད་ཅན།། གློ་བུར་དག་གིས་ཁམས་སྟོང་གི།། རྣམ ་དབྱེ་མེད་པའི་མཚན་ཉིད་ཅན།། བློ་མེད་ཆོས་ཀྱིས་སྟོང་མ་ཡིན།། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར།། ཤེས་བྱ་ཐམས་ཅད་རྣམས་ཀུན་སྟོང་པ་ཞེས།། གསུངས་ནས་ཡང་འདི་རྒྱལ་རྣམས་སེམས་ཅན་ལ།། སངས་རྒྱས་སྙིང ་པོ་ཡོད་ཅེས་ཅིས་ཏེ་གསུངས།། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་།། ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར།། བག་ཆགས་ག་པའི་སྐྱོན་ལྔ་གང་དག་ལ།། ཡོད་པ་དེ་དག་དེ་སྤོང་དོན་དུ་གསུངསོ།། ཡང ་ངག་མཐའ་ནི་འདུས་བྱས་ཀྱི།། རྣམ་པ་ཐམས་ཅད་དབེན་པ་སྟེ།། ཉོན་མོངས་ལས་དང་རྣམ་སྨིན་དོན།། སྤྲིན་ལ་སོགས་པ་བཞིན་དུ་བརྗོད།། ཉོན་མོངས་སྤྲིན་འདྲ་བྱ་བ་ཡིན།། ལས་ནི་རྨི་ལཱམ་ལོངས་སྤྱོད་བཞིན།། ཉོན་མོངས་ལས་ཀྱི ་རྣམ་པར་སྨིན།། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན།། སྔར་ནི་དེ་ལྟར་རྣམ་བཞག་ནས།། སླར་ཡང་བླ་མའི་རྒྱུད་འདིར་ནི།། ཉེས་པ་ལྔ་དག་སྤང་བའི་ཕྱིར།། ཁམས་ཡོ་ང་ཉིད་ཅེས་བསྟན་པ་ཡིན།། འདི་ལྟོར་དེ་ནི་མ་ཐོས་པས།། བདག་ལ ་བརྙས་པའི་ཉེས་པ་ཡིས།། སེམས་ནི་ཞུམ་པ་འགའ་ཞིག་ལ།། བྱང་ཆུབ་སེམས་ནི་སྐྱེ་མི་འགྱུར།། གང་ལ་བྱང་ཆུབ་སེམས་སྐྱེས་པས།། བདག་ནི་མཆོག་ཅེས་རློམ་པ་ན།། བྱང་ཆུབ་སེམས་མ་སྐྱེས་པ་ལ།། དམན ་པའི་འདུ་ཤེས་རབ་ཏུ་འཇུག།། དེ་ལྟར་སེམས་པ་དེ་ལ་ནི།། ཡང་དག་ཤེས་པ་མི་སྐྱེ་བོ།། དེས་ན་ཡང་དགོ་མི་འཛིན་ཞིང་།། ཡང་དག་དོན་ནི་རིགས་མི་འགྱུར།། བཅོས་མ་གློ་བུར་བ་ཉིད་ཕྱིར།། སེམས་ཅན་སྐྱོན་དེ་ཡང་དག་མིན།། ཡུང ་དག་ཉེས་དེ་བདག་མེད་པ།། ཡོན་ཏན་རང་བཞིན་དག་པ་ཡིན།། ཡང་དག་མིན་བློ་ཉེ་འཛིན་ཞིང་།། ཡང་དག་ལྗོན་སྐུར་འདེབས་པས།། བློ་ལྡན་བདག་དང་སེམས་ཅན་ནི།། མཚུངས་མཐོང་བྱམས་པ་ཐོབ་མི་འགྱུར།། འདི་ལས་དེ་ནི་ཐོས ་ས།། སྨད་དང་ནན་པ་བཞིན་ལུས་དང་།། ཤེས་རབ་སྟེ་ཤེས་བྱམས་ཆེན་བྷེ།། ཙྪསྭཱམྦྷ་སྐྱེས་ཕྱིར་དེ་ལས་ན།། བན་མ་ཐོ་མ་མཱཛཱ་སུ་ཀྵ།། སྣརོན་སྣད་ཡོན་ཏང་ལྡན་པོ་དང་།། བདག་པང་སེམས་ཅན་མརྡུངས ་།། རྟེན་ས་ན། མཆོན་སྨོནས་སྨྲ་གྱུས།། རྣ ་འི་དུ་མི་ཆེན་པ་ཡི་ན།། དུ་ད། དུ་པ་ན་པ་ང་ལ་པ།། པ་། ་རྣམ་པར་གནས།། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉིད་དང་མཁའ་བཞིན་གློ་བུར་གྱི།། ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡི་ནི་བསྒྲིབས་གྱུར་པའི།། དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན ་གཡུང་དྲུང་སངས་རྒྱས་ཉིད།། དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ།། སངས་རྒྱས་ཉིད་ནི་དབྱེར་མེད་པ།། དག་པའི་ཆོས་ཀྱིས་རབ་ཕྱེ་བ།། ཉི་མཁའ་བཞིན་ཏེ་ཡེ་ཤེས་དང་།། སྤངས་པ་གཉིས་ཀྱི་མཚན ་ཉིད་དོ།། འོད་གསལ་བྱས་མིན་དབྱེར་མེད་པར།། འཇུག་ཅན་གངྒཱའི་ཀླུང་གི་ནི།། རྡུལ་ལས་འདས་པའི་སངས་རྒྱས་ཀྱི།། ཆོས་རྣམས་ཀུན་དང་ལྡན་པ་ཉིད།། རང་བཞིན་གྱིས་ནི་མ་གྲུབ་དང་།། ཁྱབ་དང་གློ་བུར་བ་ཉིད་ཀྱིས།། ཉོན ་མོངས་ཤེས་བྱའི་སྒྲི་བ་དེར།། སྨོན་དང་འདྲ་བར་བརྗོད་པ་ཡིན།། སྒྲིབ་པ་གཉིས་དང་བྲལ་བ་ཡི།། རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ།། མི་རྟོགས་པ་དང་དེ་ཡི་ནི།། རྗེས་ཐོབ་དེ་ནི་ཡེ་ཤེས་འདོད།། དྲི་མེད་ཆུ་ལྡན་རིམ་རྒྱས་པདྨ། ་ཁེབས་པའི་མཚོ་བཞིན་དང་།། སྒྲ་གཅན་ཁ་ནས་ཐར་པའི་ཟླ་བ་ཉ་བ་ལྟ་བུ་དང་།། སྤྲིན་ཚོགས་ཉོན་མོངས་དག་ལས་གྲོལ་བའི་ཉི་མ་ལྟ་བུར་ནི།། དྲི་མེད་ཡོན་ཏན་ལྡན་ཕྱིར་འོད་ཟེར་སྣང་ལྡན་དེ་ཉིད་དོ།། ཐུབ་པ་ཁྱུ་མཆོག ་སྦྲང་རྩི་སྙིང་པོ་དང་།། རིན་ཆེན་གསེར་དང་གཏེར་དང་ལྗོན་ཤིང་བཞིན།། དྲི་མེད་རིན་ཆེན་བདེ་གཤེགས་སྐུ་དང་ནི།། ས་བདག་གསེར་གྱི་གཟུགས་འདྲ་རྒྱལ་བ་ཉིད།། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས།། གློ་བུར་ཉོན་མོངས།། ་དག་པ་ནི།། མདོར་ན་མི་རྟོག་ཡེ་ཤེས་ཀྱི།། འབྲས་བུ་ཡིན་པར་རབ་ཏུ་བརྗོད།། རྣམ་པ་ཀུན་གྱི་མཆོག་ལྡན་པ།། སངས་རྒྱས་སྐུ་ནི་ངེས་ཐོབ་པ།། ཡེ་ཤེས་འབྲས་བུ་ཡིན་པར་བཤད།། འདོད་ཆགས་རྡུལ་ནི་སྤངས་ཕྱིར ་དང་།། གདུལ་བྱ་ཡི་ནི་པདྨ་ལ།། བསམ་གཏན་ཆུ་ནི་འབབ་ཕྱིར་དང་།། ཆུ་དག་རྫིང་དང་མཚུངས་པ་ཡིན།། ཞེ་སྡང་སྐྱ་གཅན་ལས་གྲོལ་བསྡུ།། སྙིང་རྗེ་བྱམས་ཆེན་འོད་ཟེར་གྱིས།། འགྲོ་བ་ཁྱབ་པའི་ཕྱིར་ན་དེ།། དྲི་མེད་ཟླ་བ་ཉེ་བཱ་བཞིན།། གཽཏྟི ་མུག་སྤྲིན་ལས་རྣམ་གྲོལ་བས།། འགྲོ་བར་ཡེ་ཤེས་འོད་ཟེར་གྱིས།། མུན་པ་སེལ་ཕྱིར་སངས་རྒྱས་ཉིད།། དེ་ནི་དྲྀ་མེད་ཉི་མ་བཞིན།། མི་མཉམ་མཉམ་པའི་ཆོས་ཕྱིར་དང་།། དམ་ཚེས་རོ་ནི་སྦྱིན་མཇེད་དང་།། ཤུན་པ་དང་ནི་བྲལ་ཕྱིར་དེ།། ་བདེ་གཤེགས་སྦྲང་རྩི་སྙིང་པོ་བཞིན།། གང་ཕྱིར་ཡོན་ཏན་རྫས་ཀྱི་ནི།། དབུལ་བ་སིལ་བྷ་བྱེད་ཕྱིར་དང་།། རྣམ་གྲོལ་འབྲས་བུ་སྦྱིན་བྱེད་ཕྱིར།། གསེར་དང་གཏེ་དང་ལྗོན་ཤིང་བཞིན།། རིན་ཆེན་ཆོས་ཀྱི་སྐུ་ཕྱིར་དང་།། རྐང་གཉིས ་བདག་པོ་ཕྱོགས་ཕྱིར་དང་།། རིན་ཆེན་གཟུགས་ཀྱི་རྣམ་པའི་ཕྱིར།། དེ་ནི་རིན་ཆེན་རྒྱ་ལོ་གསོར་བཞིན།། ཟག་པ་མེད་ཁྱབ་འཛེག་མེདོ་ཆོས་ཅན་ཏེ།། བརྟནྡ་ཞི་བརྟག་སྡེ་འཕོ་མེད་གནས་ཡིན་ནོ།། དེ་བཞིན་གཤེགས་པ་མཁའ ་བཞིན་དམ་པ་ཡི།། དབང་པོ་དྲུག་དོན་ཉམ་སུ་མྱོང་བའི་རྒྱུ།། འབྱོང་མེད་གཟུགས་དོན་ལྟ་དང་གཏམ་བཟང་ནི།། གཙང་མོ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི།། དྲི་གཅེང་སྣོམ་དང་འཕགས་ཆེན་དམ་ཆོས་རོ།། མྱོང་དང་ཏིང ་འཛིན་རེག་བདེ་ཉམས་མྱོང་དང་།། རང་གི་ངོ་བོ་ཉིད་ཀྱི་ཟ་བའི་ཚུལ།། རྟོག་པའི་རྒྱུར་གྱུར་ཞིམ་མོར་བསམས་པས་ན།། དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི།། ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ།། མདོར་ན་ཡེ ་ཤེས་གཉིས་པོ་ཡི།། ལས་སུ་འདི་ནི་ཤེས་བྱ་སྟེ།། གྲོལ་བའི་སྐུ་ནི་རྫོགས་པ་དང་།། ཆོས་ཀྱི་སྐུ་ནི་སྦྱོང་བའོ།། རྣམ་གྲོལ་ཆོས་ཀྱི་སྐུ་དག་ནི།། རྣམ་གཉིས་རྣམ་གཅིག་ཤེས་བྱ་སྟེ།། ཟག་པ་མིང་ཕྱིར་ཁྱབ་པའི་ཕྱིར།། འདུས་མ་བྱས་ཀྱི ་གནས་ཉིད་ཕྱིར།། ཉོན་མོངས་རྣམས་ནི་བག་ཚོགས་དང་།། བཅས་པ་འགགས་ཕྱིར་ཟག་མེད་དེ།། ཆགས་མེད་ཐོགས་པ་མེད་པའི་ཕྱིར།། ཡེ་ཤེས་ཁྱབ་པ་ཉིད་དུ་འདོད།། གཏན་དུ་འཇིག་པ་མེད་པོ་ཡི།། རདྭ་བཞིན་ཡིན་ཕྱིར་འདུས ་མ་བྱས།། འཇིག་མེད་ཉིད་ནི་བསྟན་པ་སྟེ།། བསྟན་སོགས་རྣམས་ཀྱིས་དེ་བཤད་དོ།། འཇིགས་པ་རྣམ་བཞིར་ཤེས་བྱ་སྟེ།། བསྟན་སོགས་དག་ལས་བཟློག་ཕྱིར།། མྱགས་དང་རྣམ་འགྱུར་ཆད་པ་དང་།། བསམ་མི་ཁྱབ་སྦྱར་འཕོ་བ་སྟེ།། དེ ་མེདོ་ཕྱིར་ན་བརྟན་ཞི་དང་།། རྟག་དང་འཕོ་མེད་ཤེས་པར་བྱ།། དྲི་མེད་ཤེས་ཏེ་དཀར་པོ་ཡི།། ཆོས་ཀྱི་རྟེན་ཡིན་ཕྱིར་ན་གླནས།། ཇི་ལྟར་རྒྱུ་མིན་ན་མཁའ་ནཽ།། གཟུགས་མཐོང་བ་དང་སྒྲ་དང་དྲི།། རོ་དང་རེག་དང་ཆོས་རྣམས་ནི།། ཐོས ་ལ་སོགས་པའི་རྒྱུ་ཡིན་ལྟར།། དེ་བཞིན་སྐུ་གཉིས་སྒྲིབ་མེད་པའི།། སྦྱོར་བས་བརྟན་པའི་དབང་དོན་ལ།། ཟག་པ་མེད་པའི་ཡོན་ཏན་དག། སྐྱེ་བ་ཡི་རྒྱུ་ཡིན་ནོ།། བསམ་མེད་རྟག་པ་བརྟན་ཞིང་གཡུང་དྲུང་ཉིད།། རབ་ཏུ་ཞི་ཁྱབ་རྟོག་བྲལ ་ནམ་མཁའ་བཞིན།། ཆགས་མེད་ཀུན་དུ་ཐོགས་མེད་རྩུབ་རེག་སྤངས།། བལྟ་བཟུང་མེད་དགེ་སངས་རྒྱས་དྲི་མ་མེད།། རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས།། རང་དང་གཞན་གྱིས་དོན་བསྟན་ཏེ།། རང་བཞིན་དོན་རྟེན་དེ་ལ་ནི།། ་བསམ་མི་ཁྱབ་སོགས་ཡོན་ཏན་ལྡན།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུལ།། སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར།། ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི།། བསམ་མི་ཁྱབ་པར་རྟོགས་པར་བྱ།། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ།། ་དོན་དམ་ཡིན་ཕྱིར་བསམ་བྱའི་མིན།། ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི།། སྒོམ་པ་ལ་སོགས་ཡུལ་མ་ཡིན།། གདུ་ཕྱིར་གཟུགས་ལ་དམུས་ལོང་བཞིན།། བྱིས་པས་དེ་སྔོན་མཐོང་མ་མྱོང་།། བཙས་པའི་ཁྱི་མོ་གནས་བུ་ཆུང་གིས།། ཉི་མའི ་གཟུགས་བཞིན་འཕགས་པས་ཀྱང་།། སྐྱེ་དང་བྲལ་ཕྱིར་རྟག་པ་སྟེ།། འགག་པ་མེད་ཕྱིར་བརྟན་པ་ཡིན།། གཉིས་མེདོ་ཕྱིར་དེ་ཞི་བ་སྟེ།། གཡུང་དྲུང་ཆོས་ཉིད་གནས་ཕྱིར་རོ།། རབ་ཞི་འགོག་པའི་བདེན་པའི་ཕྱིར།། ཐམས་ཅི་དེ་རྟོགས་ཕྱིར ་ཁྱབ་པ་ཉིད།། གནས་པ་མེད་ཕྱིར་རྟོག་མེད་དོ།། ཉོན་མོངས་སྤངས་ཕྱིར་ཆགས་པ་མེད།། ཤེས་བྱའི་སྒྲིབ་ཀུནྡ་དག་པའི་ཕྱིར།། ཐམས་ཅད་དུ་ནི་ཐོགས་པ་མེད།། གཉིས་མེད་ལསྤུ་རུང་བའི་ཕྱིར།། རྩུབ་པའི་རེག་དང་བྲལ་བ་ཡིན།། ་ངོ་གཟུགས་མེང་ཕྱིར་བལྟར་མོད་དེ།། མཚན་མ་མེད་ཕྱིར་བཟུང་དུ་མེདདོ།། དགེ་བ་རང་བཞིན་དག་པའི་ཕྱིར།། དྲི་མེད་དྲི་མ་སྤངས་ཕྱིར་རོ།། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད།། གཉིས་མེད་གསུམ་བྲལ་དྲི་མིང་རྣམ་རྟོག ་མེད།། ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ།། མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་།། གཞལ་མེད་གང་གའི་བྱེ་མ་ལས་འདས་པ།། བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན།། དེ་བཞིན་གཤེཌ ་པའི་དྲི་མེད་དབྱིངས་དེ་ནི།། བག་ཆགས་བཅས་པའི་ཉེས་པ་རྣམས་སྤངས་པའོ།། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས།། འགྲོ་བའི་རྣམ་གྲོལ་དོན་གྲུབ་ལ་བརྩོན་པ།། མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན ་ཏེ།། སྣ་ཚོགས་དངོས་དང་དེ་ཡི་རང་བཞིན་མིན།། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་།། རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས།། གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ།། ནམ་མཁའི་ཁམསུ་གཟུགས་ཀྱི་ཁམས་བཞི་ནོ།། ་རང་འབྱུང་རྣམས་ཀྱི་ཐམས་ཅད་མཁྱེན།། སངས་རྒྱུ་སྟེ་ཉིད་ཅེས་གང་བརྗོད་པ།། མཆོག་ཏུ་མྱ་ངན་འདས་བསམ་མེད།། དགྲ་བཅོམ་སོ་སོའི་བདག་གྱུར་པ།། དེ་དབྱེ་ཟླབ་དང་རྒྱ་ཆེ་དང་།། བདག་ཉིད་ཆེན་པོའི་ཡོན་ཏན་གྱི།། ཆོས ་ཀྱིས་རབ་ཕྱེ་རང་བཞིན་ལ།། སོགས་པའི་སྐུ་གསུམ་དག་གིས་འཇུག། དེ་ལ་སངས་རྒྱས་རྣམས་ཀྱི་ནི།། ངོ་བོ་ཉིད་སྐུ་མཚན་ཉིད་ལྔ།། མདོར་ན་ཡོན་ཏན་ལྔ་དོང་ནི།། ལྡན་པ་ཉིད་དུ་རིག་པར་བྱ།། འདུས་མ་བྱས་ཤིང་རྣམ་དབྱེར་མེད ་མཐའ་གཉིས་དག་ནི་རྣམ་པར་སྤངས།། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ།། དྲི་མེད་རྣམ་པར་རྟོག་མེད་དང་།། རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར།། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི།། དག ་པའི་ཕྱིར་ན་འོད་གསལ་བ།། གཞལ་མེད་གྲངས་མེད་བསམ་མེད་པ།། མཉམ་མེད་དག་པའི་མཐར་ཐུག་པ།། ཡོན་ཏན་རྣམས་དང་ཡང་དག་པར།། ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ།། རྒྱ་ཆེའི་ཕྱིར་དང་གྲངས་མེད ་ཕྱིར།། རྟོག་གེའི་ཡུལ་ནི་མིནི་ཕྱིར་དང་།། འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར།། གཞལ་མེད་ལ་སོགས་གོ་རིམ་བཞིན།། སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད།། རང་བཞིན་ཆོས་ནི་སྣང་ཕྱིར་དང་།། ཐུགས་རྗེ་དག ་པོའི་རྒྱུ་འཐུན་པ།། འགྲོ་དོན་རྒྱུན་མི་འཆད་ཕྱིར་དང་།། རྣམ་པར་རྟོག་མེད་ལྷུན་གྲུབ་པར།། འདོད་པ་ཇི་བཞིན་ཡོངས་སྐོང་ཕྱིར།། ཡིད་བཞིན་ནོར་བུའི་རྫུ་འཕྲུལ་གྱིས།། རྫོགས་པའི་ལོངས་སྤྱོད་རྣམ་པར་གནས།། བརྗོད་སྟོན ་མཛད་རྒྱུན་མི་འཆད་དང་།། མངོན་པར་འདུ་བྱེད་མེད་པ་དང་།། དེ་ཡི་ངོ་བོར་མོན་སྟོན་པ།། འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད།། ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས།། ནོར་བུ་དེ་དངོས་མིན་སྣང་ལྟར།། དེ་བཞིན་འགྲོ་སྐྱེན་སྣ་ཚོགས ་པས།། ཁྱབ་བདག་དེ་དངོས་མིན་པར་སྣང་།། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན།། འཇིག་རྟེན་ཀུན་ལ་གཟིགས་ནས་ནི།། ཆོས་ཀྱི་སྐུ་ལས་མ་གཡོས་པར།། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས།། སྐྱེ་བོ་མངོན་པར ་སྐྱེ་བ་དང་།། དགའ་ལྡན་ནས་ནི་འཕོ་བ་དང་།། ལྷུམ་སུ་འཇུག་དང་བལྟམས་པ་དང་།། བཟོ་ཡི་གནས་ལ་མཁས་པ་དང་།། བཙུན་མོའི་འཁོར་དགྱེས་རོལ་པ་དང་།། ངོས་འབྱུང་དཀའ་བ་སྤྱོད་པ་དང་།། བྱང་ཆུབ་སྙིང་པོར ་གཤེགས་པ་དང་།། བདུད་སྡེ་འཇོམས་དང་རྫོགས་པར་ནི།། བྱང་ཆུག་ཆོས་ཀྱི་འཁོར་ལོ་དང་།། མྱ་ངན་འདས་པར་གཤེགས་མཇེད་རྣམས།། ཡོངས་སུ་མ་དག་ཞིང་རྣམས།། སྲིད་པ་ཇི་སྲིད་གནས་པར་སྟོན།། མི་རྟག་སྡུག ་བསྔལ་བདག་མེད་དང་།། ཞི་བའི་སྒྲ་ཡིས་ཐབས་མཁྱེན་པ།། སེམས་ཅན་སྲིད་གསུམ་སྐྱོ་བསྐྱེད་ནས།། མྱ་ངན་འདས་ལ་རབ་འཇུག་མཛད།། ཞི་བའི་ལམ་ལ་རབ་ཏུ་ཞུགས་པ།། མྱ་ངན་འདས་ཐོབ་འདུ་ཤེས་ཅན།། ་དམ་ཆོས་པདྨ་དཀར་ལ་སོགས།། ཆོས་ཀྱི་དེ་ཉིད་བསྟན་པོ་ཡིས།། དེ་དག་སྔར་འཛིན་ལས་བཟློག་སྟེ།། ཐབས་དང་ཤེས་རབ་ཡོངས་བཟུང་བས།། ཐེག་པ་མཆོག་ལ་སྨིན་མཛད་དེ།། བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ།། ་ཟབ་དང་མཐུ་ནི་ཕུན་ཚོགས་དང་།། བྱིས་པའི་དོན་མཐུན་རབ་འདྲེན་ཕྱིར།། འདི་དག་གྲངས་བཞིན་ཟབ་པ་དང་།། རྒྱ་ཆེའི་བདག་ཉིད་ཤེས་པར་བྱ།། འདིར་ནི་དང་པོ་ཆོས་སྐུ་སྟེ།། ཕྱི་མ་དག་ནི་གཟུགས་ཀྱི་སྐུ།། ན་མཁྲའ་ལྔ་ནི ་གཟུགས་གནས་བཞིན།། དང་པོ་ལ་ནི་ཐོ་མ་གནས།། སྒྱུ་མཐའ་ཡས་དོང་སེམས་ཅན་ཟད་མེད་དང་།། བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན།། ཆོས་ཀྱི་དབང་ཕྱུག་འཚོ་བའི་བདུད་བཅོ་མ་དང་།། ངོ་བོ་མེད་ཕྱིར་འཇིག་རྟེན ་མགོན་པོ་རྟག། ལུས་དང་སྲོག་དང་ལོངས་སྤྱོད་རྣམས།། བཏང་ནས་དམ་ཆོས་འཛིན་ཕྱིར་དང་།། སེམས་ཅན་ཀུན་ལ་ཕན་པོའི་ཕྱིར།། དང་པོའི་དམ་བཅའ་མཐར་འབྱིན་ཕྱིར།། སངས་རྒྱས་ཉིད་ལ་གཙང་བ་དང་།། དག་པའི ་ཐུགས་རྗེ་རབ་འཇུག་ཕྱིར།། རྫུ་འཕྲུལ་རྐང་པ་སྟོན་པ་ནི།། དེ་ཡིས་གནས་པར་སྤྱོད་པའི་ཕྱིར།། མཁྱེན་པས་འཁོར་དང་མྱ་ངན་འདས།། གཉིས་སུ་འཛིན་ལས་གྲོལ་བའི་ཕྱིར།། རྟག་ཏུ་བསམ་ཡས་ཏིང་འཛིན་གྱི།། ། ་བདེ་བ་ཕུན་སུམ་ཚོགས་ལྡན་ཕྱིར།། འཇིག་རྟེན་ན་ནི་སྤྱོད་པ་ན།། འཇིག་རྟེན་ཆོས་ཀྱིས་གོས་མེད་ཕྱིར།། འཚོ་མེད་ཞི་བོའི་གནས་ཐོབ་ལ།། འཆི་བདུད་རྒྱུ་བ་མེད་པའི་ཕྱིར།། འདུས་མ་བྱས་པའི་རང་བཞིན་གྱིས།། ཐུབ་པ་གདོད་ནས་རབ ་ཞིའི་ཕྱིར།། རྟག་པ་སྐྱབས་མཽད་རྣམས་ཀྱི་ནི།། སྐྱབས་ལ་སོགས་པར་འཐང་ཕྱིར་རོ།། དྲང་པོ་ཡི་ནི་རྒྱུ་བདུན་གྱིས།། གཟུགས་ཀྱི་སྐུ་ནི་རྟག་ཉིད་དེ།། ཕྱེ་མ་གསུམ་གྱིས་སྟོན་པ་ནི།། ཆོས་ཀྱི་སྐུ་ཡིས་རྟག་པ་ཉིད།། དག་ཡུལ་མིན་ཕྱིར་དོན ་དམ་གྱིས་བསྡུས་ཕྱིར།། རྟོག་གནས་མིན་ཕྱིར་དཔལམ་འདས་པའི་ཕྱིར།། བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར།། རྒྱལ་ཡུལ་འཕགས་རྣམསཽ་ཀྱིས་ཀྱང་བསམ་མི་ཁྱབ།། བསམ་མེད་བརྗོད་དུ་མེད་ཕྱིར་དེ།། བརྗོད་མེད་དོན་དེམ ་ཡིན་ཕྱིར་རོ།། དོན་དམ་རྟག་བྱ་མིན་ཕྱིར་ཏེ།། བརྟག་མིན་རྗེས་དཔག་བྱ་མིན་ཕྱིར།། དཔག་མེད་བླ་ན་མེད་པའི་ཕྱིར།། བླ་ན་མེད་པ་མ་བསྡུས་ཕྱིར།། མ་བསྡུས་གནས་པོ་མེད་ཕྱིར་དེ།། ཡོན་ཏན་སྐྱོན་རྟོག་མེད་ཕྱིར་རོ།། རྒྱུ་ལྔ་དག ་གིས་ཕྲ་བའི་ཕྱིར།། ཆོས་སྐུ་བསམ་མི་ཁྱབ་པ་སྟེ།། དྲུག་པས་དེ་ཡི་དངོས་མིན་ཕྱིར།། གཟུགས་སྐུ་བསམ་མི་ཁྱབ་པའོ།། བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱི།། ཡོན་ཏན་ཕ་རོལ་བྱོན་པོའི་རྒྱལ་བ་བས་མ་མེ་ཁྱབ།། ་དེསྔ་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི།། དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན།། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅྡོཾས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། བྱང་ཆུབ་ཀྱིས་སྐབས་ཏེ ་གཉིས་པའོ།། །། རང་དོན་གཞན་དོན་དོན་དམ་སྐུ་དང་ནི།། དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ།། བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི།། ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག། བདག་ཉིད་ཀྱིས་ནི་སྦྱོར་བའི་གནས།། ་དམ་པའི་དོན་གྱི་སྐུ་ཡིན་ཏེ།། དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ།། ཕ་རོལ་ཕུན་སུམ་ཚོགས་པའི་གནས།། དང་པོའི་སྐུ་ནི་སྟོབས་ལ་སོགས།། བྲལ་བའི་ཡོན་ཏན་རྣམས་དང་ལྡན།། གཉིས་པ་སྐྱེས་བུ་ཆེན་པོའི་མཚན།། རྣམ་སྨིན ་ཡོན་ཏན་དགྲ་དང་ལྡན།། སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན།། མི་འཇིགས་ཉིད་ནི་འཁོར་དུ་སེང་གེ་བཞིན།། དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ།། ཐུབ་པའི་བསྟན་པ་རྣམ་གཉིས་ཆུ་ཟླ་བཞིན།། གནས ་དང་གནས་མིན་ལས་རྣམས་ཀྱི།། རྣམ་སྨིན་དང་ནི་དབང་པོ་དང་།། ཁམས་རྣམས་དང་ནི་མོས་པ་དང་།། ཀུན་འགྲོའི་ལམ་དང་བྱསམ་གཏན་སོགས།། ཉོན་མོངས་དྲི་མ་མེད་པ་དང་།། གནས་ནི་རྗེས་སུ་དྲན་པ་དང་།། ལྷ་ཡི ་མིག་དང་ཞི་བ་དག། མཁྱེན་པའི་སྟོབས་ནི་རྣམ་པ་བཅུ།། གནས་དང་གནས་མིན་རྣམ་སྨིན་ཁམས་དང་འགྲོ་བའི་མོས་པ་སྣ་ཚོགས་དང་།། ཉོན་མོངས་རྣམ་བྱང་དབང་པོའི་ཚོགས་དང་སྔོན་གནས་རྗེས་སུ་དྲན་པ་དང་།། ལྷ ་ཡི་མིག་དང་ཟག་པ་ཟད་ཚུལ་མི་ཤེས་གོ་ཆ་རྩིག་བརྟན་དང་།། ཤིང་རྣམས་འབིགས་དང་གཞིག་དང་གཅོད་ཕྱིར་སྟོབས་གང་ཡིན་པ་རྡོ་རྗེ་བཞིན།། ཆོས་ཀུན་རྫོགས་པར་བྱང་ཆུབ་དང་།། གེགས་ནི་འགོག་པར ་བྱ་བ་དང་།། ལམ་སྟོན་པ་དང་འགོག་སྟོན་ལ།། མི་འཇིགས་པ་ནི་རྣམ་པ་བཞི།། བདག་གཞན་ཤེས་བྱའི་དངོས་པོ་རྣམ་ཀུན་ཤེས་དང་ཤེས་མཛད་ཕྱིར།། སྤང་དངོས་སྤོང་དང་སྤོང་མཛད་ཕྱིར་དང་བརྟེན་བྱ་བརྟེན་པའི་ཕྱིར།། ཐོབ ་བྱི་བླ་མེད་ཤིན་ཏུ་དྲི་མེད་ཐོབ་དང་ཐོབ་མཛད་ཕྱིར།། རང་གཞན་དོན་བདེན་གསུང་ཕྱིར་དྲང་སྲོང་གང་དུའང་ཐོགས་པ་མེད།། རི་དགས་དབང་པོ་ཇི་ལྟར་ནགས་མཐར་རྟགས་འཇིགས་མེད།། རི་དགས་རྣམས་ལ་སྐྲག་པོ་མེད་པར ་རྒྱུ་བ་ལྟར།། དེ་བཞིན་ཚོགས་ན་ཐུབ་པའི་དབང་པོ་སེང་གེ་ཡང་།། ལེགས་གནས་ལྟོས་མེད་བརྟན་པའི་རྩལ་དང་ལྡན་པར་གནས།། འཁྲུལ་དང་ཅ་ཅོ་མི་མངའ་སྟེ།། སྟོན་ལ་དྲན་པ་ཉམས་མི་མངའ།། མཉམ་པར་མ་བཞག་ཐུགས་མི ་མངའ།། འདུ་ཤེས་སྣ་ཚོགས་ཀྱང་མི་མངའ།། མ་བརྟགས་བཏང་སྙོམས་མི་མངའ་སྟེ།། འདུན་པ་བརྩོན་འགྲུས་དྲན་པ་དང་།། ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི།། ཡེ་ཤེས་གཟིགས་པ་ཉམས་མི་མངའ།། ལས་རྣམས་ཡེ་ཤེས ་སྔོན་འགྲོ་དང་།། དུས་ལ་ཡེ་ཤེས་གཟིགས་པ་མེད།། དེ་ལྟར་བཅོ་བརྒྱད་འདི་དང་གཞན།། སྟོན་པའི་མ་འདྲེས་ཡོན་ཏན་ཡིན།། འཁྲུལ་དང་ཅ་ཅོ་བསྙིལ་དང་ཐུགས་གཡོ་ཐ་དད་ཀྱི་ནི་འདུ་ཤེས་དང་།། ངང་གིས་བཏང་སྙོམས་དྲང་སྲོང ་ལ་མེད་འདུན་པ་དང་ནི་བརྩོན་འགྲུས་དང་།། དྲན་དང་རྣམ་དག་དྲི་མེད་ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང་།། ཤེས་བྱའི་དོན་ཀུན་གཟིགས་པ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་མི་མངའ།། གང་གི་ལས་གསུམ་ཐམས་ཅད་ཡིས ་སྔོན་འགྲོ་རྗེས་སུ་འཇུག་པ་དང་།། དུས་གསུམ་རྟག་ཏུ་ཐོགས་མེད་ངེས་པར་མཁྱེན་པ་རྒྱ་ཆེན་འཇུག་པ་སྟེ།། གང་རྟོགས་འགྲོ་བར་འཇིག་མེད་དམ་ཆོས་འཁོར་ལོ་ཆེན་པོ་རབ་བསྐོར་བ།། མཐུ་རྗེ་ཆེན་པོ་དང་ལྡན་རྒྱལ་བ་ཉིད་ངེས ་སངས་རྒྱས་རྣམས་ཀྱིས་བརྙེས།། ས་སོགས་ལ་ཡོད་ཆོས་གང་ཡིན་པའི་ཆོ་སོ་ཉིད་དེ་ནི་ན་མཁའི་མིན།། ནམ་མཁའི་མཚན་ཉིད་སྒྲིབ་མེད་ལ་སོགས་མཚན་ཉིད་གང་དག་གཟུགས་ལ་མེད།། ས་ཆུ་མེ་རླུང་ན་མཁའ་མཚུངས ་པ་འཇིག་རྟེན་དག་ནི་ཐུན་མོང་སྟེ།། མ་འདྲེས་ཉིད་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་ཐུན་མོང་མིན།། ལེགས་གནས་འཁོར་ལོས་མཚན་པ་དང་།། ཡངས་དང་ཞབས་ལོངས་མི་མངོན་དང་།། སོར་མོ་རིང་དང་ཕྱག་ཞུབ ་ནི། དྲ་བ་ཡིས་ནི་འབྲེལ་པ་དང་།། པགས་འཇམ་གཞོན་ཤ་ཅན་ལེགས་ཉིད།། སྐུ་ནི་བདུན་དག་མཐོ་བ་དང་།། བྱིན་པ་ཨཱི་ཎེ་ཡ་འདྲ་གསང་།། གླང་པོ་བཞིན་དུ་སྦུབསུ་ནུབ།། རོ་སྟོད་སེང་གེ་འདྲ་བ་དང་།། ཐལ་གོང་བར་མེད ་རྒྱས་པ་དང་།། དཔུང་མགོ་ལེགས་ཟླུམ་ཕྱག་འཇམ་ཞིང་།། ཟླུམ་ཞིང་མཐོན་དམན་མེད་པ་དང་།། ཕྱག་རིང་ཡོངསུཾ་དག་པའི་སྐུ།། འོད་ཀྱི་དཀྱིལ་འཁོར་དང་ལྡན་དང་།། མགྲིན་པ་དྲི་མེད་དུང་འདྲ་དང་།། འགྲམ་པ་རི་དགས་རྒྱལ ་པོ་འདྲ།། ཚེམས་ནི་བཞི་བཅུ་མཉམ་པ་དང་།། རབ་དྲག་ཚེམས་ཐགས་བཟང་བ་དང་།། རྣམ་དགྲ་ཚེམས་མཉམ་ཉིད་དང་ནི།། མཆེ་བ་རབ་མཆོག་དཀར་བ་ཉིད།། ལྗགས་རིང་མཐའ་མེད་བསམ་མེད་པ།། རོ་བྲོ་བ་ཡི་མཆོག ་ཉིད་དང་།། རང་བྱུང་ཀ་ལ་བིང་ཀ་ཡི།། སྒྲ་དང་ཚངས་པའི་དབྱངས་ཉིད་དང་།། སྤྱན་བཟང་ཨུཏྤལ་ཁྱུ་མཆོག་རྫི་འདྲ་དང་།། ཞལ་མཛེས་དྲི་མེ་དྲ་མཛོད་སྤུ་དཀར་ལྡན་པ།། གཙུག་ཏོར་དབུར་ལྡན་དག་ཅིང་སྲབ་པ་དང་།། པགས་པ ་གསེར་གྱི་མདོག་འདྲ་སེམས་ཅན་མཆོག། བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས།། སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་པ་དང་།། དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་བཞིན།། ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ།། ་ཀུན་དུ་བཟང་པོ་དཔེ་མེད་དང་སྟོང་ཆེ།། སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ།། བསམ་མི་ཁྱབ་འབར་སུམ་ཅུ་རྩ་གཉིས་པོ།། འདི་དག་སྟོན་པས་མི་དབང་མཚན་དུ་གསུངས།། ཇི་ལྟར་སྤྲིན་མེད་ན་མཁའི་ཟླ་བའོ། ་གཟུག།། སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར།། དེ་བཞིན་རྒྱལ་སྲས་ཚོགས་ཀྱིས་ཁྱབ་བདག་གཟུགས།། རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར།། ཡོན་ཏན་དྲུག་ཅུ་རྩ་བཞི་པོ།། འདི་དག་སོ་སོར་རྒྱུར་བཅས་ཏེ།། ་གོ་རིམ་ཇི་བཞིན་རིན་ཆེན་གྱི།། མདོ་ཡི་རྗེས་འབངས་ཤེས་པར་བྱ།། མི་ཕྱེད་པ་དང་མི་ཞན་དང་།། མཚུངས་པ་མེད་དང་གཡོ་མེད་ཕྱིར།། རྡོ་རྗེ་སེང་གེ་མཁའ་དག་པ།། ཆུ་ཡི་ཟླ་བའི་དཔེས་བསྟན་ཏོ།། སྟོབས་སོགས་རྣམས ་ལས་སྟོབས་དྲུག་དང་།། གསུམ་དང་གཅིག་གིས་རིམ་པ་བཞིན།། ཤེས་བྱ་སྙོམས་པར་འཇུག་པ་དང་།། བྲག་ཆགས་བཅས་པ་ཀུན་བསལ་བས།། གོ་ཚྭ་རྩིག་པ་ཤིང་བཞིན་དུ།། ཕུག་དང་གཞིག་དང་བཅད་ཕྱིར་རོ།། བརླིང་དང་སྙིང ་བརྟན་མི་ཕྱེད་པས།། དྲང་སྲོང་སྟོབས་ནི་རྡོ་རྗེ་འདྲ།། གང་ཕྱིར་བརླིང་པཽ་སྙིང་པོའི་ཕྱིར།། གྲང་ཕྱིར་སྙིང་པོ་བརྟན་པའི་ཕྱིར།། གང་ཕྱིར་བརྟན་པ་མི་ཕྱེད་ཕྱིར།། མི་ཕྱེད་ཕྱིར་ན་རྡོ་རྗེ་བཞིན།། འཇིག་མཽད་ཕྱིར་དང་ལྟོས་མེད ་ཕྱིར།། བརྟེན་ཕྱིར་རྩལ་ནི་ཕུན་ཚོགས་པས།། ཐུབ་པས་སོང་གེ་སེང་གེ་བཞིན།། འཁོར་གྱི་ཚོགསུ་འཇིགས་མི་མངའོ།། ཀུན་མངོན་མཁྱེན་པས་གང་ལས་ཀྱང་།། འཇིགས་མེད་པར་ནི་རྣམ་པར་གནས།། དག་པའི་སེམས ་ཙོན་དང་ཡང་བདག། མི་མཉམ་གཟིགས་ཕྱིར་ལྟོས་པ་མེད།། ཐུགས་ནི་ཆོས་རྣམས་ཐམས་ཅད་ལཱ།། རྩེ་གཅིག་ཕྱིར་ནུ་བརྟན་པ་ཉིད།། མཆོག་ཏུ་མ་རིག་བག་ཆགས་ཀྱི།། ས་ལས་བརྒལ་ཕྱིར་རྩལ་ལྡན་ནོ།། འཇིག་རྟེན་ཉན་ཐོ ་མཐའ་གཅིག་ཏུ།། སྤྱོད་དང་བློ་ལྡན་རང་བྱུང་རྣམས།། གོང་ནས་གོང་དུ་བློ་དགྲ་ནི།། ཕྱ་ཕྱིར་དཔེ་ནི་རྣམ་པ་ལྟ།། འཇིག་རྟེན་ཀུན་གྱི་ཉེར་འཚོའི་ཕྱིར།། ས་ཆུ་མེ་རླུང་རྣམས་དྲང་མཚུངས།། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། ་མཚན་ཉིད་ལས་འདས་ན་མཁའ་བཞིན།། དེ་དག་ཡོན་ཏན་སུམ་ཅུ་ནི།། གཉིས་འདི་ཚོསཽ་སྐུས་རབ་ཕྱེ་སྟེ།། ནོར་བུ་རིན་ཆེན་འོད་མདོག་དང་།། དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ།། མཐོང་ན་ཚིམ་བྱེད་ཡོན་ཏན་གང་།། སུམ་ཅུ ་རྩ་གཉིས་ཞེས་བྱ་བ་སྤྲུལ་པ་ཆོས་ལ་རྫོགས་པར་ནི།། ལོངས་སྤྱོད་རྟོགས་སྐུ་གཉིས་ལ་བརྟེན།། དག་ལས་ཉེ་དང་རིང་རྣམས་ལ།། འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ།། ཆུ་དང་ན་མཁར་ཟླ་གཟུགས་བཞིན།། ་དེ་མཐོང་བ་ནི་རྣམ་པ་གཉིས།། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས།། དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས།། ཡོན་ཏན་གྱི་སྐབས་ཏེ་གསུམ་པའོ།། །། གདུལ་བྱའི་ཁམས་དང་གདུལ་བའི་ཐབས་དང ་ནི།། གདུལ་བྱའི་ཁམས་ཀྱི་གདུལ་བའི་བྱ་བ་དང་།། དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ།། ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག། ཡོན་ཏན་རིན་ཆེན་མཆོག་ཚོགས་དང་ལྡན་ཡེ་ཤེས་ཆུ་མཆོག་བསོད་ནམས ་ཡེ་ཤེས་ཉི་འོད་ཅན།། ཐེག་པ་མ་ལུས་ངེས་པར་བསྒྲུབས་ཏེ་མཐའ་དང་དཔུང་མེད་རྒྱ་ཆེན་ན་མཁའ་ལྟར་ཁྱབ་པ།། སངས་རྒྱསྟེ་ཉིད་ནི་ཡོན་ཏན་དྲི་མ་མྲྀད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནུས།། ་ཉོན་མོངས་ཤེས་བྱའི་སྤྲིན་གྱི་དྲ་བཱ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང་གིས་རྣམ་པར་གཏོར།། གང་གིས་གླིང་གིས་གདུལ་པོ་ཡི།། བྱ་གང་གང་དུ་གང་གི་ཚེ།། དེ་ཡི་རྣམ་རྟོག་སྐྱེ་མོད་ཕྱིར།། ཐུབ་པ་རྟག་ཏུ་ལྷུན་གྱི་གྲུབ ་གདུལ་བྱའི་ཁམས་ནི་གང་ཞིག་གིས།། གདུལ་བྱའི་ཐབས་མང་གང་གང་གིས།། གདུལ་བྱའི་བྱ་གང་གང་དུ་ནི།། གང་ཚེའི་ཡུལ་དང་དུས་དེ་དག། ངེས་འབྱིན་དེ་ཡི་རྟོན་པ་དང་།། དེས་འབྲས་དེ་ཡི་ཡོངས་འཛིན་དང་།། ་དེའི་སྒྲིབ་དེ་གཅོད་རྐྱེན་ལ་ནི།། རྣམ་པར་རྟོག་པ་མེད་ཕྱིར་རོ།། ངེས་པར་འབྱིན་པ་ས་བཅུ་སྟེ།། ཚོགས་གཉིས་དགྲ་ནཱི་དེ་ཡི་རྒྱུ།། དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ།། བྱང་ཆུབ་སེམས་ཅན་ཡོངསུ་འཛིན།། དེའི་སྒྲིབ་མཐའ་ཡས ་ཉོན་མོངས་དང་།། ཉེ་བའི་ཉོན་མོངས་བག་ཆགས་སོ།། དུས་ཀུན་དུ་ནི་དེ་འཇོམས་པའི།། རྐྱེན་ནི་ཐུགས་རྗེ་ཆེན་པོ་ཡིན།། གནས་དྲུག་པོ་ནི་འདི་དག་རྣམས།། གོ་རྀ་མ་ཛི་བཞིན་རྒྱ་མཚོ་དང་།། ཉི་མ་དང་ནི་ན་མཁའ་གཏེར།། ་སྤྲིན་དང་རླུང་བཞིན་ཤེས་པར་བྱ།། ཤེས་ཆུ་ཡོན་ཏན་རིན་ཆེན་དང་།། ལྡན་ཕྱིར་ས་རྣམས་རྒྱ་མཚོ་བཞིན།། སེམས་ཅན་ཐམས་ཅད་ཉེར་འཚོའི་ཕྱིར།། ཚོགས་གཉིས་དག་ནི་ཉི་མ་བཞིན།། རྒྱ་ཆེ་མཐའ་དང་དབུས་མེད ་ཕྱིར།། བྱང་ཆུབ་ན་མཁའི་ཁམས་བཞིན་ནོ།། ཡང་དག་རྫོགས་སྤངས་ཆོས་ཉིད་ཕྱིར།། སེམས་ཅན་ཁམས་ནི་གཏེར་དང་འདྲ།། གློ་བུར་ཁྱབ་དང་མོ་གྲུབ་ཕྱིར།། དེ་ཡི་ཉོན་མོངས་སྤྲིན་ཚོགས་བཞིན།། དེ་འཐོར་བ་ནི་ཉེར ་གྲོནས་ཕྱིར།། ཐུགས་རྗེ་མི་ཟད་རླུང་དང་འདྲ།། གཞན་གྱི་དབང་གིས་ངེས་འབྱུང་དང་།། བདག་དང་སེམས་ཅན་མཚུངས་གཟིགས་དང་།། མཛད་པ་ཡོངས་སུ་མ་རྫོགས་ཕྱིར།། འཁོར་བ་སྲིད་དུ་མཛད་མི་འཆད།། བནྡྷ ་བྱིན་ལྔ་སྤྲིན་ཚངས་པ་དང་།། ཉི་མ་ནོར་བུ་རིན་ཆེན་བཞིན།། དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན།། ནམ་མཁའ་དང་ནི་ས་བཞིན་ནོ།། ཇི་ལྟར་བཻ་ཌཱུར་དག་པ་ཡི།། རང་བཞིན་ས་སྟེང་འདི་གྱུར་ཏེ།། དག་ཕྱིར་ལྷ་ཡི་དབ ་བོ་པཾ། ལྷ་ཡི་བུ་མོའི་ཚོགས་དང་བཅས།། རྣམ་པར་རྒྱལ་བའི་ཁང་བཟང་དང་།། ལྷག་ནས་དེ་ལས་གཞན་དག་དང་།། དེ་ཡི་གཞལ་ཡས་སྣ་ཚོགས་དང་།། ལྷ་རྫ་སཱ་རྣམས་ཡང་དེ་མཐེ་།། དེནས་སྐྱེས་པ ་བུད་མེད་ཚོགས།། ས་ཡི་སྟེང་ན་གནས་པ་རྣམས།། སྣང་བ་དེ་ནི་མཐོང་གྱུར་ཏེ།། ངེད་ཀྱང་རིང་པོར་མི་ཐོགས་པར།། ལྷ་དབང་འདི་འདྲར་གྱུར་ཅིག་ཅེས།། དེ་འདྲའི་སྨོན་ལམ་འདེབས་བྱེད་ཅིང་།། དེ་ཐོབ་དོན་དུ་དགེས་ནི།། ཡང་དག ་བླིབླངས་ཏེ་གནས་པར་གྱུར།། དེ་དག་དགེ་བའི་ལས་དེས་ནི།། འདི་སྣང་ཙམ་ཞེས་དེ་ལྟ་བུར།། ཤེས་པ་མེད་ཀྱང་སི་སྟེང་ནས།། འཕོས་ཏེ་ལྷར་ནི་སྐྱེ་བར་འགྱུར།། སྣང་བ་དེ་ནི་ཤིན་ཏུ་ཡང་།། རྟོག་པ་མེད་ཅིང་གཡོ་བ་མེད།། ་དེ་ལྟ་མོད་ཀྱི་ས་སྟེང་ན། དོན་ཆེན་གྱིས་ནཱི་ཉེ་བར་གནས།། དེ་བཞིན་དང་སོགས་དྲི་མེད་ཅན།། དང་སོགས་ཡོན་ཏན་བསྒོམས་པ་ཡི།། རང་སེམས་ལ་སྣང་རྫོགས་སངས་རྒྱས།། མཚན་དང་དང་བྱད་དང་ལྡན་པ།། འཆགས་པ ་དང་ནི་བཞེངས་པ་དང་།། བཞུགས་པ་དང་ནི་གཟིམས་པ་དང་།། སྤྱོད་ལམ་སྣ་ཚོགས་མཛད་པ་ཅན།། ཞི་བའི་ཆོས་ནི་གསུང་བ་དང་།། མི་གསུང་མཉམ་པར་བཞག་གྱུར་པ།། ཆོ་འཕྲུལ་རྣམ་པ་སྣ་ཚིགས་དང་།། མཇེད་པ་གཟི ་མདངས་ཆེན་པོ་ཅན།། སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར།། དེ་མཐོང་ནས་ཀྱང་འདོད་ལྡན་པ།། སངས་རྒྱས་ཉིད་ཕྱིར་རབ་སྦྱོར་ཏེ།། དེ་རྒྱུ་ཡང་དག་བླངས་ནས་ནི།། འདོད་པའི་གོ་འཕང་ཐོབ་པར་བྱེད།། སྣང་བ་དེ་ནི་ཤིན ་དུ་ཡང་།། རྟོག་མེད་གཡོ་བ་མེད་པ་ཉིད།། དེ་ལྟ་ན་ཡང་འཇིག་རྟེན་ན།། དོན་ཆེན་པོས་ནི་ཉེ་བར་གནས།། འདི་ནི་རང་སེམས་སྣང་བ་བཞིན།། སོ་སོའི་སྐྱེ་བོས་མི་ཤེས་མོད།། དེ་ལྟ་ན་ཡང་གཟུགས་མཐོང་སྟེ།། དེ་དག་ལ་ནི་དོན་ཡོད ་འགྱུར།། རིམ་གྱིས་དེ་མཐོང་ལ་བརྟེན་ནས།། ཐེག་པ་འདི་ལ་གནས་པ་རྣམས།། ནང་གི་དམ་པའི་ཆོས་སྐུ་ནི།། ཡེ་ཤེས་མིག་གིས་མཐོང་བར་འགྱུར།། ཇི་ལྟར་ས་ཀུན་ཉམས་ངའི་གནས་གཞན་དང་བྲལ་དྲི་མེད་བཻ་ཌཱུརྱ།། གསལ ་མཛེས་ནོར་བུའི་ཡོན་ཏན་དྲི་བྲལ་དཔལ་ལྡན་སྟེང་ནི་མཉམ་གྱུར་ཏེ།། དག་ཕྱིར་དེར་ནི་ལྷ་བདག་སྣ་ཚོགས་ལྷ་དབང་ལྷ་ཡི་གཟུགས་ཤར་སྟེ།། རིམ་གྱིས་ས་ཡིས་ཡོན་ཏན་བྲལ་ཕྱིར་དེ་ནི་སླར་ཡང་མི་སྣང་འགྱུར།། དེ་དངོས ་ཐོབ་ཕྱིར་བསྙེན་གནས་བརྟུལ་ཞུགས་ངེས་པར་སྦྱིན་སོགས་ལ་ཕྱོགས་པ།། བུང་མར་སྐྱེས་ཚོགས་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་བ་ལྟར།། དག་པའི་བཻ་ཌཱུརྱ་འདྲའི་སེམས་ལ་སྣང་བའི་ཐུབ་དབང་ཐོབ ་བྱའི་ཕྱིར།། རབ་དགེ་སེམས་ལྡན་རྒྱལ་བའི་སྲས་རྣམས་དེ་བཞིན་སེམས་རབ་སྐྱེད་པར་བྱེད།། ཇི་ལྟར་བཻ་ཌཱུར་ས་བཞི་གཙང་མ་ལ།། ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར།། དེ་བཞིན་འགྲོ་སེམས་ས་གཞི་གཙང་བ་ལ།། ་ཐོབ་པོའི་དབང་པོའི་སྐུ་ཡི་གཟུགས་བརླན་འཆར།། འགྲོ་བར་གཟུ་བརྙན་འཆར་ནུབ་རྙོག་མོད་དང་།། རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག། ཇི་ལྟར་འཇིག་རྟེན་དག་ན་གཟུགས་སྣང་ལྟར།། དེ་བཞིན་ཡོད་དབང་ཞིག ་ཅེས་དེ་མི་ལྟ།། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱིས།། སྔོན་གྱི་དཀར་པོའི་མཐུ་ཡིས་ནི།། འབང་དང་གནས་དང་ཡིད་གཟུགས་དང་།། རྣམ་པར་རྟོག་པ་མེད་བཞིན་དུ།། མི་རྟག་སྡུག་བསྔལ་བདག་མེད་དང་།། ཞི་བའི་སྒྲ་ཡིས ་བག་མེད་པའི།། ལྷ་རྣམས་ཐམས་ཅད་ཡང་ནས་ཡང་།། ཆོས་ཀྱི་རྫས་ནི་སྐུལ་བྱེད་ལྟར།། དེ་བཞིན་ཁྱབ་བདག་འབད་སོགས་དང་།། བྲལ་ཡང་འགྲོ་བ་མ་ལུས་པ།། སངས་རྒྱས་གསུང་གིས་ཁྱབ་མཛད་དེ།། སྐལ་ལྡན་རྣམས་ལ་ཆོས ་སྟོན་ཏོ།། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི།། རྔ་སྒྲ་རང་གི་ལས་ལས་འབྱུང་།། དེ་བཞིན་འཇིག་རྟེན་ཐུབ་པའི་ཆོས།། གསུང་བ་རང་གི་ལས་ལས་འབྱུང་།། འབད་ནས་ལུས་དང་སེམས་བྲལ་བའི།། སྒྲ་དེ་ཇི་ལྟར་ཞི་སྒྲུབ་ལྟར།། དེ་བཞིན ་འབད་སོགས་དང་བྲལ་བའི།། ཆོས་དེ་ཞི་བ་སྒྲུབ་པར་བྱེད།། ཇི་ལྟར་ལྷ་ཡི་གྲོང་ན་རྔ་སྒྲའི་རྒྱུས་བྱུང་མི་འཇིགས་སྦྱིན་པ་ནི།། ཉོན་མོངས་གཡུལ་དུ་འཇུག་ཚེ་ལྷ་མིན་དཔུང་རྒྱལ་རྩེད་མོ་སེལ་བ་བཞིནི།། དེ་བཞིན་འཇིག་རྟེན་དག་ན་བསམ ་གཏན་གཟུགས་མེད་ལ་སོགས་རྒྱུས་བྱུང་བ།། སེམས་ཅན་ཉོན་མོངས་སྡུག་བསྔལ་རབ་འཇོམས་ཞི་བ་བླ་མོད་ལམ་ཚུལ་བརྗོད།། གང་ཕྱིར་སྐྱེ་ཀུན་པ་ཉིད་དང་།། ཕན་པདེ་ཆོ་འཕྲུལ་གསུམ་ལྡན་པ།། དེ་ཕྱིར་ཐོབ་དབྱངས་ལྷ་རྫས ་ཀྱིས།། སིལ་སྙན་རྣམས་ལས་ཁྱད་པར་འཕགས།། ལྷར་ནི་རྔ་ཡི་སྒྲ་ཆེན་པོ།། སར་གནས་རྣམས་ཀྱི་རྣར་མི་འགྲོ། སངས་རྒྱས་རྔ་སྒྲ་འཁོར་བ་ཡིས།། ས་འོག་འཇིག་རྟེན་དག་ཏུ་འགྲོ།། ལྷར་ནི་ལྷ་ཡི་སིལ་སྙན་བྱེ་བ་མང་།། འདོད་མེ་མངོན ་པར་འཕེལ་བའི་དོན་དུ་སྒྲོགས།། མཐུ་རྗེའི་བདག་ཉིད་རྣམས་ཀྱི་དབྱངས་གཅིག་ཀྱང་།། སྡུག་བསྔལ་མེ་རབ་ཞི་བའི་དོན་དུ་འཇུག། ལྷར་ནི་མཛེས་ཤིང་ཡིད་འོང་སིལ་སྙན་སྐྲ།། སེམས་ཀྱི་རྒོད་པ་འཕེལ་བར་འགྱུར་བའི་རྒྱུ།། ཐུགས་རྗེའི ་བདག་ཉིད་དེ་བཞིན་གཤེགས་པའི་གསུང་།། ཏིང་འཛིན་སེམས་གཏོང་བསམ་པ་སྐུལ་བྱེད་ཉིད།། མདོར་ན་མ་ལུས་འཇིག་རྟེན་རྣམསུ་ཡང་།། ལྷ་དང་ས་ཡི་བདེ་བའི་རྒྱུ་གང་ཡིན།། དེ་ནི་མ་ལུས་འཇིག་རྟེན་ཁྱབ་སྣང་ལོ།། དབྱངས ་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད།། ཇི་ལྟར་སྣང་བ་དང་བལ་བས།། ཕྲ་མོའི་སྒྲ་ནི་མི་མྱོ་ང་ཞིང་།། ཐམས་ཅད་ལྟ་ཡི་རྣ་བར་ཡང་།། རྣ་ལམ་དུ་ནི་མི་འགྲོ་ཞིང་།། དེ་བཞིན་ཆོས་ཕྲ་མཆོག་ཏུ་ནི།། ཞིབ་མོའི་ཡེ་ཤེས་སྤྱོད་ཡུལ ་ཡང་།། ཉོན་མོངས་མེད་ཡིད་འགའ་ཞིག་གི། རྣ་ལམ་དུ་ནི་འགྱུར་བ་ཡིན།། ཇི་ལྟར་དབྱེར་གྱི་དུས་ན་སྤྲིན།། ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ།། ཆུ་ཡི་ཕུང་པོ་འབད་མེད་པར།། སེ་ལ་རྒྱུན་དུ་འབེབས་པ་ལྟར།། དེ་བཞིན་མཐུ་རྗེའི ་སྤྲིན་ལས་ནི།། རྒྱལ་བའི་དམ་ཆོས་ཆུ་ཡི་ཆ་རྭ།། འགྲོ་བའི་དགེ་བའི་ལོ་ཏོག་རྒྱུ།། རྣམ་པར་རྟོག་པ་མེད་པར་འབེབས།། ཇི་ལྟར་འཇིག་རྟེན་དགེ་བའི་ལམ་འཇུག་ན།། རླུང་སྐྱེས་ཆུ་ཆར་སྤྲིན་གྱིས་འབེབས་པ་ལྟར།། དེ་བཞིན་བརྗེ་རླུང ་འགྲོ་དགེ་མངོན་འཕེལ་ཕྱིར།། སངས་རྒྱས་སྤྲིན་ལས་དམ་ཆོས་ཆར་འབེབྲི་པ།། སྲིད་ལ་མཁྱེན་དང་བརྩེ་ཆེན་འགྱུར་བ་དང་།། མི་འགྱུར་མ་གོས་ན་མཁའི་དཀྱིལ་གནས་པ།། ཏིང་འཛིན་གཟུངས་ཆུ་དྲི་མེད་སྙིང་པོ་ཅན།། ཐུབ་ད ་སྤྲིན་ནཱི་དགེ་བའི་ཁ་ཏོག་རྒྱུ།། ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ་དང་།། ཡང་བའི་ཆུ་ནི་སྦྱིན་དེ་ལས་འཐོན་པ།། ས་ལ་བ་ཚ་ལ་སོགས་གནས་འབྲེལ་བས།། ཤིན་ཏུ་མང་བའི་རོར་ནི་འགྱུར་བ་བཞིན།། ་དེ་བཞིན་འཕགས་པའི་ཡན་ལག་བརྒྱད་ཆུའི་ཆར།། རབ་ཡངས་བརྩེ་སྦྱིན་སྙིང་པོ་ལས་མཐོན་པ།། འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལས།། རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར།། ཐེག་པ་མཆོག་ལ་དྲང་བ་དང་།། ། ་བར་མ་དང་ནི་སྣང་བ་ཡི།། ཕུང་པོ་གསུམ་ནི་མི་དག་དང་།། རྨ་བྱ་དང་ནི་ཡི་དགས་འདྲ།། དཔྱིད་མཐར་སྤྲིན་མེད་པ་ནཱ་མི་དང་མཁའི་མི་རྒྱུ་བའི་བྱ་དག་དྲང་།། དབྱར་ཚེ་ས་ལ་ཆར་འབབ་པ་ན་ཡི་དགྲས་དག་ནི་སྡུག་པ ་ལྟར།། སྙིང་རྗེ་སྤྲིན་ཚོགས་དག་གིས་ཆོས་ཆུ་བྱུང་དང་མ་བྱུང་བ་ལས་ཀྱང་།། ཆོས་འདོད་པ་དོང་ཆོས་ལ་སྣང་བའི་འཇིག་རྟེན་གཞན་ནི་དཔེ་དེ་ཉིད།། ཐིགས་པ་རིགས་འབེབས་རྡོ་ཆེན་དང་ནི་རྡོ་རྗེའི་མེ་ནི་འབེབས་པས ་ན།། སྲོག་ཆགས་ཕྲ་དང་རཱི་སུལ་སོང་བ་དག་ནི་ཇི་ལྟར་སྤྲིན་ལྟོས་མེད།། ཕྲ་དང་རྒྱ་ཆེན་རིགས་ཐབས་ཚུལ་གྱིས་མཁྱེན་པ་དང་ནི་བརྩེ་བའི་སྤྲིན།། ཉོན་མོངས་དག་འགྱུར་བདག་ལྷའི་བག་ལ་ཉལ་དགྲ་རྣམ་ཀུན་ལྟོས ་པ་མེད།། འཁོར་བ་སྐྱེ་འཆི་ཐོག་མཐའ་མེད་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔ།། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད།། དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཆེ་ལ་སོགས་རེག་སྐྱེས་བཞིན།། ་མཐུ་རྗེའི་སྤྲིན་ལས་དམ་ཆོས་ཆན་ཆེན་དེ་རབ་ཞི་བྱེད་རབ་ཏུ་འབེབས།། ལྷ་ལ་འཆི་འཕོ་མི་ལྔ་ཡོངས་ཚོལ་སྡུག་བསྔལ་ཞེས་བྱར་རྟོགས་པའི་ཕྱིར།། ཤེས་རབ་ལྡན་པ་ལྷ་མིའི་དབང་ཕྱུག་མཆོག་ལའང་མངོན་པར་འདོད་མེད། ་ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་གསུཾ་རབ་དད་པའི་རྗེས་འབྲངས་ནས།། འདི་ནི་སྡུག་བསྔལ་འདི་རྒྱུ་འདི་ནི་འགོག་ཅེས་ཤེས་པས་མཐོང་ཕྱིར་རོ།། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།། བདེ་གནས་ཐོབ་བྱ་སྨན་ནི ་བསྟེན་པར་བྱ་བ་ལྟར།། སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ།། ཤེས་བྱ་རེག་པར་བྱ་ཞིང་བརྟེན་པར་བྱ།། ཇི་ལྟར་ཚངས་པ་ཚངས་པ་ཡི།། གནས་ནས་འཕྲོ་བ་མེད་བཞིན་དུ།། ལྷ་ཡི་གནས་ནི་ཐམས་ཅད་དུ།། སྣང་བ་འ། ་མེད་སྟོན་པ་ལྟར།། དེ་བཞིན་ཐུབ་པ་ཆོས་སྐུ་ལས།། བསྐྱོད་པ་མེང་བར་ཁམས་ཀུན་དུ།། སྐལ་ལྡན་རྣམས་ལ་འབད་མེད་པར།། སྤྲུལ་པ་དག་ནི་སྟེན་པར་མཇེད།། ཇི་ལྟར་ཚངས་རྟག་གཞལ་ཡས་ཁང་ལྔས་མི་གཡོ་འདོད་ཁམས ་ཞུགས་པ་དེ།། ལྷ་རྣམས་ཀྱིས་མཐོང་དེ་མཐོང་དེ་ནི་ཡུལ་ལ་དགའ་བ་སྦེང་བྱེད་ལྟར།། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ལྔས་མི་སྐྱོང་འཇིག་རྟེན་ཀུན་དུ་དེ།། སྐལ་ལྡན་གྱིས་མཐོང་དེ་མཐོང་དེ་ཡང་རྟག་ཏུ་དྲི་མ་ཀུན་སེལ་བྱེད།། སྔོན་གྱི ་རང་ཉིད་སྨོན་ལམ་དང་།། ལྷ་རྣམས་ཀྱི་ནི་དགེ་བའི་མཐུས།། ཇི་ལྟར་ཚངས་པ་འབད་མེད་སྣང་།། རང་བྱུང་སྤྲུལ་སྐུ་དེ་བཞིན་ནོ།། འཕོ་དང་ལྷུམས་འཇུག་བལྟམས་དང་ཡབ་ཀྱི་ཁབ་གཤེགས་དང་།། དགྱེས་རོལ་དང་དབེན་པར ་སྤྱོད་དང་བདུད་བཅོམ་དང་།། བྱང་ཆུབ་ཆེ་བརྙེས་ཞི་བའི་གྲོང་ཁྱེར་ལམ་སྟོན་དག། བསྟན་གནས་ཐུབ་པ་སྐལ་མེད་མིག་གི་ལམ་མི་འགྱུར།། ཇི་ལྟར་ཉི་མ་གདུགས་པས་དུས་གཅིག་ཚེ་ཉིད་ལ།། བང་སོགས་རྒྱས ་དཱདང་ཀུ་མུ་ད་ནི་རབ་ཟུམ་པ།། ཆུ་སྐྱེས་བྱེ་དང་ཟུམ་པའི་ཡོན་ཏན་སྐྱོན་དག་ལ།། ཉི་མ་རྟོག་མེད་འདིར་ནི་འཕགས་པའི་ཉི་དེ་བཞིན།། ཇི་ལྟར་ཉི་མ་རྟོག་མེད་པར་རང་འོད་ཅིག་ཅར་སྤྲོས་པ་ཡིས།། པདུ་རྒྱས་པར་བྱེད་པ་དང་།། གཞན་དག ་སྨིན་པར་བྱེད་པ་ལྟར།། དེ་བཞིན་དེ་བཞིན་གཤེགས་པ་ཡི།། ཉི་མོ་དམ་ཆོས་འོད་ཟེར་དག། གདུལ་བྱའི་སྐྱེ་བོ་པདྨ་ལ།། རྣམ་པར་རྟོག་པ་མེད་པར་འཇུག། ཆོས་དང་གཟུགས་ཀྱི་སྐུ་དག་ནི།། བྱང་ཆུབ་སྙིང་པོའི་མཁར་ཤར་བ།། ཀུན་མཁྱེན ་ཉི་མ་འགྲོ་བར་ནི།། ཡེ་ཤེས་འོད་ཟེར་སྤྲོ་བར་མཛད།། གང་ཕྱིར་གདུལ་བྱ་དག་པ་ཡི།། ཆུ་ཡི་སྣོད་ནི་ཐམས་ཅད་ལ།། བདེ་གཤེགས་ཉི་མའི་གཟུགས་བརྙན་ནི།། དཔག་ཏུ་མེད་པ་ཅིག་ཙོར་འཆར།། རྟག་ཏུ་ཐམས་ཅད་ལ་ཁྱབ་པོ།། ་ཆོས་དབྱིངས་ན་མཁའི་དཀྱིལ་དུ་ནི།། སངས་རྒྱས་ཉི་མ་གདུལ་བྱ་ཡི།། རཱི་ལ་ཇི་ལྟར་འོས་པར་འབབས།། ཇི་ལྟར་རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདི།། འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི།། མཆོག་དང་མ་དམྱན ་པའི་རི་ལོ་འབབ་དེ་བཞིན།། རྒྱལ་བའི་ཉི་མོ་སེམས་ཅན་ཚོགས་ལ་རིམ་གྱིས་འབབ།། ཞིང་ཀུན་ན་མཁའི་མཐིལ་སྤྲོ་ཉི་མ་ལ་མེད་ལ།། མི་ཤེས་མུན་བཀབ་ཤེས་བྱའི་དོན་སྟོན་པ་ཡང་མིན།། མཐུ་རྗེའི་བདག་ཉིད་སྣ་ཚོ ་མདོག་བཀྱེ་འོད་ཚོགས་ཀྱིས།། གསལ་བུ་དག་ནི་འགྲོ་ལ་ཤེས་བྱའི་དོན་སྟོན་མཛད།། སངས་རྒྱས་གྲོང་དུ་གཤེགས་ཚེ་མིག་དང་མི་ལྡན་པ་ཡི་སྐྱེ་བོ་རྣམས།། མཐོང་ཞིང་དྲོན་མེད་ཚོགས་བྲལ་དོན་དེ་མཐོང་བ་ལས་ནི་མྱོང ་ཐ་དང་།། གཏི་མུག་གིས་ལྗོངས་སྲིད་པའི་ཚོར་ལྷུང་ལྟེ་བའི་མུན་པས་བསྒྲིབས་པ་རྣམས།། སངས་རྒྱས་ཉི་མའི་འོད་ཀྱིས་བློ་སྣང་བ་མ་མཐོང་བ་ཡི་གནས་མཐོང་འགྱུར།། ཇི་ལྟར་ཡིད་བཞིན་ནོར་བུ་ནི།། རྟོག་པ་མེད་ཀྱང་ཅིག་ཅར་དུ།། ་སྤྱོད་ཡུལ་གནས་པ་རྣམས་ཀྱི་ནི།། བསམ་ཀུན་སོ་སོར་རྫོགས་ཁྱེད་ལྟར།། དེ་བཞིན་སངས་རྒྱས་ཡིད་བཞིན་ལ།། བརྟེན་ནས་བསམ་པ་ཐ་དད་རྣམས།། སྣ་ཚོགས་ཆོས་ནི་ཐོས་འགྱུར་ཡང་།། དེ་ནི་དེ་ལ་རྣམ་མི་རྟོག། ཇི་ལྟར་ནོར ་བུ་རིན་ཆེན་རྟོག་མེད་འདོད་པའི་ནོར།། འབད་པ་མེད་པར་གཞན་པ་དག་ལ་རབ་སྟེར་ལྟར།། དེ་བཞིན་ཐུབ་པ་འབང་མེད་ཇི་ལྟར་འོས་པར་ནི།། གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས།། གང་ཕྱིར་རྒྱ་མཚོས་འོག་གནས ་དེ་ལ་འདོད་པས།། ཇི་ལྟར་ནོར་བུ་བཟང་པོ་འགྲོ་འདིར་རབ་རྙེད་དཀའ།། དེ་བཞིན་འགྲོ་བ་ཤིན་དུ་སྦྲུལ་དནཱ་ཉོན་མོངས་ཟིན།། ཡིད་འདིར་བདེ་གཤེགས་མཐོང་བ་རྙེད་དཀར་ཤེས་པར་བྱ།། ཇི་ལྟར་སྠཱ་བྱོརྙན་གྱི་ནཱི་སྒྲ།། གཞན་གྱི ་རྣམ་རིག་ལས་བྱུང་བ།། རྣམ་རྟོག་མེད་ཅིང་བཟོ་མེད་པ།། ཕྱི་དང་ནང་ན་མི་གནས་ལྟར།། དེ་བཞིན་དེ་བཞིན་གཤེགས་པའི་གསུང་།། གཞན་གྱི་རྣམ་རིག་ལས་བྱུང་བ།། རྣམ་པར་རྟོག་མེད་བཟོ་མེད་ཅིང་།། ཕྱི་དང་ནང་ན་གན ་མ་ཡིན།། ཅུང་ཟད་མེད་ཅིང་སྣང་བ་མེད།། དམིགས་པ་མེད་ཅིང་རྟེན་མེད་པ།། མིག་གི་ལམ་ལ་རབ་འདས་པ།། གཟུགས་མེད་བསྟན་དུ་མེད་པ་ཡི།། མཁའ་ལ་ཇི་ལྟར་མཐོ་དང་དམའ།། མཐོང་ཡང་དེ་ནི་དེ་ལྔ ་མིན།། དེ་བཞིན་ཐམས་ཅད་སངས་རྒྱས་ལ།། མཐོང་ཡང་དེ་ནི་དེ་ལྟ་མིན།། ཇི་ལྟར་ས་ལས་སྐྱེ་བ་ཀུན།། རྟོག་མེ་ས་ལ་བརྟེན་ནས་ནི།། འཕེལ་དང་བརྟན་དང་ཡངས་འགྱུར་ལྟར།། དེ་བཞིན་རྫོགས་པའི་སངས་རྒྱས་ས།། རྣམ་རྟོག་མེ ་པ་ལ་བརྟེན་ནས།། འགྲོ་བའི་དགེ་བའི་རྩི་བ་ནི།། མ་ལུས་པ་ནི་འཕེལ་བར་འགྱུར།། འབད་རྩོལ་མེད་པར་བྱ་བ་འགའ།། བྱེད་པ་མཐོང་མེད་དེ་བས་ན།། གདུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར།། དཔེ་རྣམ་དགུ་ནི་བརྟན་པ་ཡིན།། གང་དུ ་དཔེ་དགུ་པོ་འདི་དག། རྒྱས་པར་རབ་ཏུ་བསྟན་གྱུར་པ།། མདོ་སྡེ་ཡི་ནི་མིང་ཉིད་ཀྱིས།། དེ་ཡིས་དགོས་པོ་བསྟན་པ་ཉིད།། ཐོས་པ་ལྔས་བྱུང་ཤེས་པ་ཡི།། སྣང་བ་རྒྱ་ཆེན་འདིས་བརྒྱན་པའི།། བློ་ལྡན་མྱུར་དུ་སངས་རྒྱས་ཀྱི།། སྤྱོད ་ཡུལ་ཀུན་ལ་འཇུག་པ་འགྱུར།། དེ་དོན་བཻ་ཌཱུར་བརྒྱ་བྱིན་གྱིས།། གཟུགས་བརྙནཱ་ལ་སོགས་དཔེ་དག་ནི།། རྣམ་པ་དགུ་བརྗོད་དེ་ལ་ནི།། དེ་ཡི་བསྡུས་དོན་ངེས་པར་བཟུང་།། སྟོན་དང་གསུང་དང་ཁྱབ་པ་དང་།། སྤྲུལ་པ་ཡེ་ཤེས་སྤྲོ ་དང་།། ཐུགས་གསུང་སྐུ་ཡི་གསང་བ་དང་།། ཐུགས་རྗེའི་བདག་ཉིད་ཐོབ་པ་ཉིད།། འབད་རྩོལ་རྒྱུན་ཀུན་རབ་ཞི་བ།། རྣམ་པར་རྟོག་པ་མེད་པའི་ཐུགས།། དྲི་མེད་བཻ་ཌཱུར་བརྒྱ་བྱིན་གྱི།། གཟུགས་བརྙན་ཤར་བ་ལ་སོགས་བཞིན།། ་འབད་རྩོལ་ཞི་བ་དམ་བཅའ་སྟེ།། རྟོག་མེད་ཐུགས་ནི་གཏན་ཚིག་སོ།། རང་གཞན་དོན་ནི་གྲུབ་དོན་དུ།། དཔེ་ནི་བརྒྱ་བྱིན་གཟུགས་སོགས་ཡིན།། འདིར་ནི་སྐབས་དོན་འདི་ཡིན་ཏེ།། སྟོན་པ་ལ་སོགས་རྣམ་དགུ་ནི།། སྟོན་པ་སྐྱེ ་འཆི་དང་བྲལ་བ།། འབད་པ་མེད་པར་འཇུག་པའོ།། གང་ཞིག་བརྒྱ་བྱིན་རྔ་དང་སྦྱིན་བཞིན་དང་།། ཚངས་ཉིད་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན་སྒྲ་བརྙན་ན་མཁའ་ས་བཞིན་སྲིད་པའི་བར།། འབད་མེད་གཞན་དོན་བྱེད་དེ ་རྣལ་འབྱོར་རིག། རིན་ཆེན་ལྷ་དབང་སྣང་བཞིན་སྟོན་པ་སྟེ།། ལོགས་པར་འདོམས་མཇེད་ལྷ་ཡི་རྔ་དང་འདྲ།། ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་ནི།། མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ།། ཚངས་བཞིན་ཟག ་མེད་གནས་ལ་མ་བསྐྱོད་པར།། སྤྲུལ་པ་རྣམ་པ་དུ་མཱ་རབ་ཏུ་སྟོནྡ།། ཉི་བཞིན་ཡེ་ཤེས་སྣང་བ་རབ་སྤྲོ་གང་།། རྣམ་དག་རིན་ཚོན་ཡིད་བཞིན་ནོར་འདྲའི་ཐུགས།། རྒྱལ་བ་རྣམས་ཀྱི་གསུང་དེ་བྲགྷྲ་ཅ་བཞིན་དུ་ཡི་གེ་མེད།། སྐུ ་ནི་ནམ་མཁའ་ལྟ་བུར་ཁྱོབ་དང་གཟུགས་མེད་རྟག་པ་ཉིད།། ས་བཞིན་འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི།། རྣམ་པ་ཀུན་ཏུ་བཞིན་གྱུར་པ་ནི་སངས་རྒྱས་ས་ཡིནོ།། དག་པོ་བཻ་ཌཱུརྱ་འདྲ་ཡཾ།། སེམས་ལེ ་སངས་རྒྱས་མཐོང་པོའི་རྒྱུ།། དེ་དག་པ་ནི་མི་ཟློག་པའི།། ངང་པའི་དབང་པོ་བརྟས་པ་ཉིད།། དགེ་བ་སྐྱེ་དང་འཇིག་པས་ན།། སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག། བརྒྱ་བྱིན་བཞིན་དུ་ཐུབ་པ་ནི།། ཆོས་ཀྱི་སྐུ་ཡི་སྐྱེ་འཇིག ་མེད། དེ་བཞིན་དུ་ནི་འབད་མེད་པར།། སྐྱེ་མེད་འགྲག་མེད་ཆོས་སྐུ་ལས།། སྲིད་པ་ཇི་སྲིད་གནས་པར་དུ།། སྟོན་པ་ལ་སོགས་མཛད་པ་འཇུག། དཔེ་འདི་རྣམས་ཀྱི་བསྡུས་པ་ཡི།། དོན་ནི་འདི་ཡིན་རིམ་པ་ཡང་།། ་སྔ་མ་ཕྱི་མས་ཆོས་མི་མཐུན།། སྤངས་པའི་སྒོ་ནས་བརྗོད་པ་ཡིན།། སངས་རྒྱས་གཟུགས་བརྙན་ལྟ་བུ་སྟེ།། དབྱངས་དང་མི་ལྡན་དེ་འདྲ་མིན།། ལྷ་ཡཱི་རྗེ་བཞིན་ཐམས་ཅད་དུ།། དོན་བྱེད་མིན་པ་དྲི་འདྲ་མཱིན།། སྤྲིན་ཆེན ་དང་མཚུངས་དྲོན་མེད་པའི།། ས་བོན་སྤོང་མིན་དེ་འདྲ་མིན།། ཚངས་ཆེན་བཞིན་ཏེ་གཏན་དུ་ནི།། སྨིན་པར་བྱེད་མཽན་དེ་འདྲ་མིན།། ཉི་མའི་གཟུགས་བཞིན་གཏན་དུ་ནི།། མུན་པ་འཇོམས་མིན་དེ་འདྲ་མིན།། ཡིད་བཞིན་ནོར ་འདྲ་འབྱུང་བ་ནི།། རྙེད་པ་མི་དཀའ་དེ་འདྲ་མིན།། སྒྲ་བརྙན་བཞིན་ཏེ་རྐྱེན་ལས་ནཱི།། བྱུང་བ་དེ་དང་འདྲ་བའང་མིན།། ནམ་མཁའ་དང་འདྲ་དགེ་བ་ཡི།། གཞི་མིན་དེ་དང་འདྲ་བའང་མིན།། འཇིག་རྟེན་འཇིག་རྟེན་ལས་འདས་པ།། ་འགྲོ་བའི་ཕུན་ཚོགས་མ་ལུས་པ།། དེ་གནས་པ་ཡི་རྟེན་ཡིན་ཕྱིར།། ས་ཡི་དཀྱིལ་འཁོར་དག་དང་འདྲ།། སངས་རྒྱས་བྱང་ཆུབ་ལ་བརྟེན་ནས།། འཇིག་རྟེན་འདས་པའི་ལམ་འབྱུང་ཕྱིར།། དགེ་བའི་ལས་ལམ་པས་གཏན ་དང་།། ཚད་མེད་པ་དང་གཟུགས་མེད་འབྱུང་།། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས།། དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས།། དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པའི་སྐབས་ཏེ་བཞི་པའོ།། ། ་སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་།། སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ།། དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན།། འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན།། བློ་ལྡན་རྒྱལ་བའི ་ཡུལ་འོད་ལ་མོས་པ།། སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྟོང་འགྱུར་ཏེ།། བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས།། སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན།། གངྒཱ་ཞིག་བྱང་ཆུབ་དོན་དུ་གཉེར་བླ ་གསེར་གཞོང་ནོར་བུས་སྤྲས་པ་ནི།། སངས་རྒྱས་ཞིང་རྡུལ་མཉམ་པ་ཉིད་རེ་ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ།། གཞན་གླང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི།། སྦྱིན་པ་ལོས་བྱུང་དགེ་བ་དེ་ལྟ་བསོ ་ནམས་ཆེས་མང་ཐོབ་པར་འགྱུར།། བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་།། ལུས་ངག་ཡིད་ཀྱིས་འབྲད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ།། གཞན་དག་འདི་ལས་ཚིག་ཙམ ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི།། ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར།། གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མ་འཇིལ་བསམ་གཏན་ནི།། ལྷ་དང་ཚངས་གན། ་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམས་ལ།། གཞན་དག་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི།། བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར ་འགྱུར།། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་།། ཁྲིམས་ཀྱི་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ།། ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར།། འདི་མཆོག་ཉིད་དེ་དེ་ཡི ་འདི་ཐོས་ཡིན།། གནས་དེང་ངེ་ཡི་བྱེད་པ་དང་།། དེ་ཡི་ཡོན་ཏན་དོན་སྒྲུ་བ་སྟེ།། རྒྱལ་བ་ཡིནི་མཁྱེན་པའི་ཡུལ།། རྣམ་བཞི་ཇི་སྐད་བརྗོད་འདི་ལ།། བློ་ལྡན་ཡོད་དང་ནུས་ཉིད་དང་།། ཡོན་ཏན་ལྡན་པར་མོས་པ་ནི།། མྱུར་དུ ་དེ་བཞིན་གཤེགས་པ་ཡི།། གོ་འཕང་འཐོབ་པའི་སྐལ་ལྡན་འགྱུར།། བསམ་མི་ཁྱབ་པའི་ཡུལ་འདི་ནི།། ཡོད་དང་བདག་འདས་ཐོབ་ནུས་དང་།། ཐོབ་པ་འདི་འདྲའི་ཡོན་ཏན་དང་།། ལྡན་ཞེས་དད་པས་མོས་པའི་ཕྱིར།། ་འདུན་བརྩོན་དྲན་དང་བསམ་གཏན་དང་།། ཤེས་རབ་ལ་སོགས་ཡོན་ཏན་སྣོད།། བྱང་ཆུབ་སེམས་ནི་དེ་དག་ལ།། རྟག་ཏུ་ཉེ་བར་གནས་པར་འགྱུར།། དེ་ནི་རྟག་ཏུ་ཉེར་གནས་པས།། རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག། བསོད་ནམས ་ཕ་རོལ་ཕྱིན་རྫོགས་དང་།། ཡོངསུ་དག་པ་ཉིད་དུ་འགྱུར།། བསོད་ནམས་ཕ་རོལ་ཕྱིན་པ་ལྔ།། དེ་ལ་རྣམ་གསུམ་རྟོག་མེད་པས།། དེ་རྫོགས་ཡོངསུ་དག་པ་ནི།། དེ་ཡི་མི་མཐུན་ཕྱོགས་སྤངས་ཕྱིར།། སྦྱིན་བྱུང་བསོད་ནམས ་སྦྱིན་པ་སྟེ།། ཚུལ་ཁྲིམས་ལས་བྱུང་ཚུལ་ཁྲིམས་ཡིན།། བཟོང་དང་བསམ་གཏན་གཉིས་དག་ནི།། སྒོམ་བྱུང་བརྩོན་འགྲུས་ཀུན་དུ་འགྲོ། འཁོར་གསུམ་རྣམ་པར་རྟོག་པ་གང་།། དེ་ནི་ཤེས་བྱའི་སྒྲིབ་པོར་འདོད།། སེར་སྣལ ་སོགས་རྣམ་རྟོག་གང་།། དེ་ནི་ཉོན་མོངས་སྒྲིབ་པར་འདོད།། ཤེས་རབ་ལས་གཞན་འདི་དག་ནི།། སྤྱོད་རྒྱུ་གཞན་མེད་དེ་ཡི་ཕྱིར།། ཤེས་རབ་མཆོག་ཡིན་དེ་བཞིན་ནི།། ཐོས་པ་དེ་ཕྱིར་ཆོས་པ་མཆོག། དེ་ལྟར་ཡིད་ཆེས་ལུང་དང ་རིགས་པ་ལ།། བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་།། གང་དག་མོས་དགེ་ཕུན་སུམ་ཆོག་ས་ལྡན་བློ།། དེ་དག་རྗེས་སུ་བཟུང་ཕྱིར་འདི་བཤད་དོ།། ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ།། བརྟེན་ནས་མིག་དང་ལྡན་པས ་ལྟ་བ་བཞིན།། དེ་བཞིན་དོན་ཆེན་ཆོས་སྤོབས་འོད་མཛད་པ།། ཐུབ་ལ་བརྟེན་ནས་འདི་ནི་རབ་ཏུ་བཤད།། གང་ཞིག་དོན་ལྡན་ཚེས་དང་ཉེར་འབྲེལ་ཞིང་།། ཁམས་སུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་།། ཞི ་བའི་ཕན་ཡོན་སྟོན་པར་མཛད་པ་གང་།། དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན།། གང་ཞིག་རྒྱལ་བ་སྟེན་པ་འབའ་ཞིག། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད།། ཐར་པ་ཐོབ་པའི་ལམ་དང ་རྗེས་མཐུན་པ།། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་།། གང་ཕྱིར་རྒྱལ་ལྔས་ཆོས་མཁས་འགའ་ཡང་འཇིག་རྟེན་དེ་འདི་ནི་ཡོད་མིན་ཏེ།། མ་ལུས་དེ་ཉིད་མཆོག་གི་ཚུལ་བཞིན་ཀུན་མཁྱེན་གྱིས ་མཁྱེན་གཞན་མིན་པ།། དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་གཞན་མདོ་སྡེ་གང་ཡིན་དེ་མི་དཀྲུག། ཐུབ་ཚུལ་གཞིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར།། ཉོན་མོངས་བདག་རྣམས་ཀྱིས་འཕགས ་ལ་སྐུར་བ་དྲང་།། དེ་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས།། དྲིས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར།། གོས་གཙང་ཚོན་གྱིས་རྣམ་བསྒྱུར་བསྡུམ་གྱིས་གོས་པ་མིན།། བློ་དམན་ཕྱིར་དུ ་དཀར་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར།། དམ་ཆོས་ཕོངས་པས་བསྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་དེས་འཛིན་ཕྱིར།། རྙེད་ལ་བརྐམ་ཕྱིར་ལྟ་བཱི་དབང་ཕྱིར་ཆོས་སུན་འབྱིན་པ་བསྟེན་པོའི་ཕྱིར། ་ཆོས་འཛིན་བསྲིངས་ཕྱིར་མོས་པ་དམན་ཕྱིར་དོག་བཅོམ་རྣམས་ཀྱིས་ཆོས་སྤོང་བྱེད།། ཇི་ལྟར་ཐོབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི།། མི་བཟོད་སྦྲུལ་གདུག་བཤང་མ་དང་ནི་ཐོག་ལ ་ཤིན་དུ་འཇིགས་མི་བྱ།། མི་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ།། དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་དུ་འཛིན་པ་རྣམསུ་འགྲོ་མི་འགྱུར།། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན ་པས་སངས་རྒྱས་ངན་སེམས་ལྗིན་གྱུར་དང་།། ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི།། དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལུས་ཐར་འགྱུར་གྱི།། གང་ཞིག་ཡིད་ནི་ཚྭ ་ལ་སྡང་བ་དེ་ལོ་ཐར་པ་ག་ལ་ཡོད།། དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མིང་བྱང་ཆུབ་ཡོན་ཏན་ཕྲིན་ལས་ཏེ།། དོན་གནས་རྣམ་བདུན་ཚུལ་བཞིན་བཤད་ཝ་བདག་གིས་དགེ་བ་གང་ཐོབ་པ།། དེས་ནི་འགྲོ་འདི ་མཐའ་ཡསྭཱ་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང་།། མཐོང་ནས་ཀྱང་ནི་ཆོསྔ་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག། གང་ལ་རྒྱུ་མཚན་གང་ཕྱིར་ནི།། ཇི་ལྟ་བུར་ནི་གང་བཤད་དང་།། རྒྱུ་མཐུན་པ་ནི་གང ་ཡིན་དེ།། ཚིགས་སུ་བཅད་པ་བཞིས་བསྟན་ཏོ།། གཉིས་ཀྱིས་བདག་ཉིད་དག་པ་ཡི།། ཐབས་དང་གཅིག་གིས་ཉམས་པའི་རྒྱུད།། དེ་ནས་ཚིགས་སུ་བཅད་པ་ནི།། གཉིས་ཀྱིས་འབྲས་བུ་བསྟན་པ་ཡིན།། ་འཁོར་གྱི་དཀྱིལ་འཁོར་བཟོད་པ་དང་།། བྱང་ཆུབ་ཐོབ་པ་ཆོས་བརྗོད་པའི།། མདོར་ན་འབྲས་བུ་རྣམ་གཉིས་ཏེ།། ཐ་མ་ཡིས་ནི་བསྟན་པ་ཡིན།། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། དཀོན ་མཆོག་གསུམ་གྱིས་རིགས་རྣམ་པར་དབྱེ་བ་ལས། ཕན་ཡོན་གྱི་སྐབས་ཏེ་ལྔ་པའོ།། ། ཐེག་བློ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས།། མགོན་པོ་བྱམས་བྱས ་མཛད་པ་རྫོགས་སོ།། ། དཔལ་སྣོང་ཁྱེར་ངོའི་མིང་ཀྱི་མཁས་པ་ཆེན་པོ།། བྲམ་ཟེ་རིན་ཆེན་རྡོ་རྗེའི་དབེན་པོ་པཎྜི་ཏ་མཁས་པ་ཆེན་པོ་སིདྡྷི་ན་དང་། ལོན་པ་ཤཱ་ཀྱའི་དགེ་སློ་དྲོ་ན ་ཤེས་རབ་ཀྱིས། གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ།། ། ་