| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། དྷརྨ་དྷརྨ་ཏཱ་བི་བྷཾ་ག་ཏཱ། བོད་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། གང་ཕྱིར་ཤེས་ནས་འགའ་ཞིག་སྤང་བྱ་ཞིང་།། གཞན་དག ་འགའ་ཞིག་མངོན་སུམ་བྱ་བའི་ཕྱི། དེས་ན་དེ་དག་མཚན་ཉིད་ལས་རྣམ་དབྱེ།། བྱེད་པར་འདོད་ནས་བསྟན་བཅོས་འདི་མཛད་དོ།། འདི་དག་ཐམས་ཅད་ནི་གཉིས་ཀྱིས་བསྡུས་ཏེ། ཆོས་དང་ཆོས་ཉིད་ཀྱིས་སོ།། ཆོས་ཀྱིས་ཉོ་བར་མཚོན་པ་ནི་འཁོར ་པའོ།། ཆོས་ཉིད་ཀྱིས་ཉེ་བར་མཚོན་པ་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའོ།། གཉིས་དང་བརྗོད་པ་ཇི་ལྟར་སྣང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོན་པ་ནི་ཆོས་ཀྱི་མཚན་ཉིད། མེད་པ་སྣང་བ་ནི་ཡང་དག་པ་མ་ཡིན་པའོ།། ཀུན་ཏུ་རྟོག ་པ་ནི་ཐམས་ཅད་དུ་དོན་མེད་པར་རྟོག་པ་ཙམ་མོ།། གཟུང་པོ་དང་། འཛིན་པ་དང་། བརྗོད་པ་དང་བརྗོད་པར་བྱ་བའི་ཁྱད་པར་མེད་པའི་དེ་བཞིན་ཉིད་ནི་ཆོས་ཉིད་ཀྱི་མཚན་ཉིད་དོ།། མེད་པ་སྣང་བའི་ཕྱིར་འཁྲུལ་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ ་སྟེ།། སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་མཐོང་བ་བཞིན་ཏེ། ཡོད་པ་མི་མཐོང་བས་ཀྱང་ངོ་།། མེད་པ་དང་སྣང་བ་དག་ལས་གང་ཡང་རུང་བ་ཞིག་མེད་ན་འཁྲུལ་པ་དང་མ་འཁྲུལ་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྗེས་སུ ་འཇུག་པར་མི་འགྱུར་རོ།། གཉིས་པོ་དག་གཅིག་པ་དང་ཐ་དད་པ་མ་ཡིན་ཏེ། ཡོད་པ་དང་མེད་པའི་ཁྱད་པར་དང་ཁྱད་པར་མེད་པའི་ཕྱིར་རོ།། རྣམ་པ་དྲུག་གིས་ཆོས་རྟོགས་པ་གོང་ན་མེད་པ་ཡིན་ཏེ། མཚན་ཉིད་དང་། གྲུབ་པ་དང་། གཅིག ་པ་དང་། ཐ་དད་པ་མ་ཡིན་པ་དང་། ཀུན་ཏུ་གནས་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་།། གཟུང་བ་དང་འཛིན་པར་སྣང་བ་དངོས་པོ་མེད་པར་འཇུག་པའོ།། མཚན་ཉིད་དང་། གྲུབ་པ་དང་། གཅིག་པ་དང་། ཐ་དད་པ་མ་ཡིན་པ་རྣམས། ་ནི་ཇི་ལྟར་མདོར་བསྟན་པ་བཞིན་ནོ།། གང་གང་དུ་འཁོར་བར་བྱེད་པ་དེ་ནི་ཀུན་ཏུ་གནས་པ་སྟེ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནོ།། སྣོད་ཀྱི་འཇིག་རྟེན་ནི་ཐུན་མོང་བ་བཞིན་ཉིད་དུ་རྣམ་པར་རིགས་པའོ།། སེམས་ཅན་གྱི་འཇིག་རྟེན་ནི་ཐུན་མོང་དང་ཐུན ་མོང་མ་ཡིན་པའོ།། སྐྱེ་བ་དང་ཐ་སྙད་དང་། རྗེས་སུ་བཟུང་བ་དང་། ཚར་གཅད་པ་དང་། ཡོན་ཏན་དང་། སྐྱོན་ཕན་ཚུན་བྱེད་པའི་ཕྱིར་ཕན་ཚུན་བདག་པོ་ཉིད་ཀྱིས་ནི་ཐུན་མོང་པའོ།། གནས་དང་རྣམ་པར་རིག་པ་དང་། ལས་དང་བདེ་བ་དང་། སྡུག་བསྔལ་བ ་དང་། འཆི་འཕོ་དང་། སྐྱེ་བ་དང་། བཅིངས་པ་དང་། གྲོལ་བ་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ན་ཐུན་མོང་མ་ཡིན་པའོ།། ཐུན་མོང་དུ་ཕྱི་རོལ་དུ་གཟུང་བར་སྣང་བ་ཉིད་ནི་འཛིན་པའི་ཤེས་པ་ཉིད་ཡིན་གྱི། ཤེས་པ་ལས་ལོགས་ཤིག་ན་དོན་མེད་དེ། ཐུན་མོང་ཉིད ་ཀྱི་ཕྱིར་རོ།། ཐུན་མོང་མ་ཡིན་པའི་གཟུང་བའི་རྣམ་པར་ཤེས་པའི་དོན་གཞན་གྱིས་སེམས་ལ་སོགས་པ་ནི་མཉམ་པར་བཞག་པོ་དང་། མཉམ་པར་མ་བཞག་པའི་འཛིན་པའི་རྣམ་པར་རིག་པའི་ཡང་ཕན་ཚུལ་ཡུལ་མ་ཡིན་ཏེ། མཉམ་པར་མ་བཞག་པ ་ནི་རང་གི་རྣམ་པར་རྟོག་པ་རབ་ཏུ་སྣང་པོའི་ཕྱིར་རོ།། མཉམ་པར་བཞག་པ་ཡང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་དེའི་གཟུགས་བརྙན་རབ་ཏུ་སྣང་བའི་ཕྱིར།། གཟུང་བར་སྣང་བ་མེད་ན་འཛིན་པར་སྣང་བ་མེད་པར་ཡང་རབ་ཏུ་གྲུབ་པོ།། དེས་ན་གཟུང་བ་དང་། ་འཛིན་པར་སྣང་བ་མེད་པར་རྟོགས་པ་རབ་ཏུ་གྲུབ་པོ།། ཐོག་མ་མེད་པའི་ཀུན་ནས་བློང་བ་རབ་ཏུ་གྲུབ་པའི་ཕྱིར། གཉིས་མ་གྲུབ་པར་རབ་ཏུ་གྲུབ་པའི་ཕྱིར་རོ།། རྣམ་པ་དྲུག་གིས་ཆོས་ཉིད་རྟོགས་པ་གོང་ན་མེད་པ་ཡིན་ཏེ། མཚན་ཉིད་དང་། ཀུན་ཏུ་གནས་པ་དང ་ངེས་པར་འབྱེད་པ་དང་། རེག་པ་དང་། རྗེསུ་དྲན་པ་དང་། དེའི་བདག་ཉིད་དུ་ཉེ་བར་འགྲོ་བར་དེ་རབ་ཏུ་རྟོག་པའོ།། མཚན་ཉིད་ནི་མ་དོར་བསྟན་པ་བཞིན།། ཀུན་དུ་གནས་པའི་ཆོས་ཐམས་ཅད་དང་།། མདོ་སྡེ་གསུང་རབ་ཡན་ལག་བཅུ་གཉིས་ཐམ་ཅད ་ཀྱི་ཚིག་གི་ཚོགས་སོ།། ངེས་པ་འབྱེད་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་སྦྱོར་བའི་ལམ་ཐམས་ཅད་།། རེག་པ་ནི་ཡང་དག་པའི་ལྟ་བ་ཐོབ་པའི་ཕྱིར་མཐོང་བའི་ལམ་གྱིས་དེ་བཞིན་ཉིད་རབ་ཏུ་རྟོགས་ཤིང ་ཉམ་སུ་མྱོང་བ་སྟེ། མངོན་སུམ་ཉིད་དུ་སྦྱོར་བས་སོ།། རྗེ་སུ་དྲན་པ་ནི་ཇི་ལྟར་རིག་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པ་དེའི་དྲི་མ་སེལ་བའི་སྒོམ་པའི་ལམ་ཐམས་ཅད་།། དེའི་བདག་ཉིད་དུ་ཉེ་བྱོར་འགྲོ་བ་ནི་དེ་བཞིན་ཉིད་དྲི་མ་མེད་པར་གྱུར་པ་ལས་རྣམ ་པ་ཐམས་ཅད་དུ་དེ་བཞིན་ཉིད་ཙམ་སྣང་བ་སྟེ།། དེ་ནི་གནས་ཡོངསུ་གྱུར་པའི་ཡོངསུ་གྲུབ་པའོ།། རྣམ་པ་བཅུ་རྣམས་ཀྱིས་གནས་ཡོངསུ་གྱུར་པ་རྟོགས་པ་ནི་གོང་ན་མེད་པ་སྟེ། ངོ་བོ་དང་། དངོས་པོ་དང་། གང་ཟག་དང་། ཁྱད་པར་དང་། དགོས་པ་དང་གནས ་དང་། ཡིད་ལ་བྱེད་པ་དང་། སྦྱོར་བ་དང་། ཉེས་དམིགས་དང་། ཕན་ཡོན་ལ་རབ་ཏུ་རྟོགས་པའོ།། ང་བ་རྟོགས་པ་ནི་དེ་བཞིན་ཉིད་དྲི་མ་མེད་པ་ལ་གློ་བུར་ཀྱི་ཉོན་མོངས་པ་དང་དེ་བཞིན་ཉིད་མི་སྣང་བ་དང་སྣང་བའོ།། དངོས་པོ་རྟོགས་པ་ནི་ཐུན་མོང་གི་སྣོད་ཀྱི་རྣམ་པར ་རིག་པ་དེ་བཞིན་ཉིད་དུ་གྱུར་པ་དང་། མདོ་སྡེའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དུ་གྱུར་པ་དང་། ཐུན་མོང་མ་ཡིན་པའི་སེམས་ཅན་གྱི་ཁམས་ཀྱི་རྣམ་པར་རིག་པ་དེ་བཞིན་ཉིད་དུ་གྱུར་པའོ།། གང་ཟག་རྟོགས་པ་ནི་དང་པོ ་གཉིས་དེ་བཞིན་ཉིད་དུ་གྱུར་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཀྱིའོ།། ཕྱི་མ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་ངོ་།། ཁྱད་པར་རྟོགས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོད ་སུ་དག་པའི་ཁྱད་པར་དང་།། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་ཁྱད་པར་དང་། སྤྲུལ་པའི་སྐུ་ཐོབ་པའི་ཁྱད་པར་ཀྱང་ཡིན་ཏེ། མཐོང་བ་དང་། སྟོན་པ་དང་། འབྱོར་པ་བརྙེས་པའི་ཁྱད་པར་གྱི་ཕྱིར།། དགོས་པ་རྟོགས་པ་ནི་སྔོན་གྱི་སྨོན་ལ་ཁྱད ་པར་དང་།། ཐོག་པ་ཆེན་པོ་སྟོན་པ་ལ་དམིགས་པའི་ཁྱད་པར་གྱི་དང་། ས་བཅུ་ལ་རབ་ཏུ་སྦྱོར་བའི་ཁྱད་པར་གྱི་ཕྱིར་རོ།། གནས་རྟོག་པ་ནི། རྣམ་པ་དྲུག་གིས་རྣམ་པར་མི་རྟོག་པའི་ཕྱིར་རོ།། རྣམ་པ་དྲུག་གིས་རྟོགས་པ་ཉིད་ནི་དམིགས་པ་ལྔ་དང་། ་མཚན་མ་ཡོངསུ་སྤངས་ལས་དང་། ཡང་དག་པར་སྦྱོར་བ་ལས་དང་། མཚན་ཉིད་ཀྱི་ཕྱིར་དོང་། ཕན་ཡོན་གྱི་ཕྱིར་དང་། ཡོང་སུ་ཤེས་པའི་ཕྱིརརོ།། རྣམ་པ་བཞིས་དམིགས་པ་རྟོགས་པ་སྟེ། ཐེག་པ་ཆེན་པོ་སྟོན་པ་དང་། དེ་ལ་མོས་པ་དང་། ངེས་པ ་དང་། ཚོགས་ཡོངསུ་རྫོགས་པ་རྣམས་ཀྱིས་སོ།། རྣམ་པ་བཞིས་མཚན་མ་སྤོང་བ་རྟོགས་སྟེ། མི་མཐུན་པའི་ཕྱོགས་དང་། གཉེན་པའི་ཕྱོགས་དང་། དེ་བཞིན་ཉིད་དང་། རྟོགས་པའི་ཆོས་ཀྱི་མཚན་མ་ཡོངསུ་སྤོང་བ་ལས་ཏེ། རགས་པ་དང་། ་འབྲིང་པོ་དང་། ཕྲ་བ་དང་། རིང་དུ་རྗེ་སུ་འགྲོ་བའི་མཚན་མ་ཡོངསུ་སྤོང་བ་རྣམས་གྲངས་ཇི་ལྟ་བ་བཞིན་དུ་འདིས་ཡང་དག་པར་བསྟན་པ་ཡིན།། ཡང་དག་པར་སྦྱོར་བ་རྟོགས་པ་ལ་ཡང་རྣམ་པ་བཞི་སྟེ། དམིགས་པའི་སྦྱོར་བ་ལས་དང་། མི་དམིགས་པའི ་སྦྱོར་བ་ལས་དང་། དམིགས་པ་མི་དམིགས་པ་ཉིད་དུ་སྦྱོར་བ་ལས་དང་། མི་དམིགས་པ་དམིགས་པར་སྦྱོར་བ་ལས་སོ།། མཚན་ཉིད་རྟོགས་པ་ལ་ཡང་རྣམ་པ་གསུམ་སྟེ། ཆོས་དེ་ལ་རབ་ཏུ་གནས་པའི་ཕྱིར་ནི་གཉི་སུ་མེད་པ་བརྗོད་པ་དང་བྲལ་བའི་ཆོས ་ཉིད་ལ་རབ་ཏུ་གནས་པའི་ཕྱིར་རོ།། སྤང་བ་མེད་པའི་ཕྱིར་ནི་གཉིས་དང་། ཇི་ལྟར་བརྗོད་པ་དང་། དབང་པོ་དང་། ཡུལ་དང་། རྣམ་པར་རིགས་དང་། སྣོད་ཀྱི་འཇིག་རྟེན་རྣམསུ་སྣང་བ་མེད་པའི་ཕྱིར་རོ།། དེ་རྣམས་ཀྱིས་ནི་གཟུགས་མེད་པ། བསྟན་དུ་མེད་པ། གནས ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། རྟེན་མེད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་ཇི་ལྟར་མདོ་ལས་གསུངས་པའི་མཚན་ཉིད་དེ་གསལ་བར་བསྟན་པ་ཡིན།། སྣང་བའི་ཕྱིར་ནི་ནམ་མཁའི་དཀྱིལ་ལྟར་ཆོས་ཐམས་ཅད་མཐོང ་བའི་ཕྱིར་དང་། སྒྱུ་མ་ལ་སོགས་པ་ལྟར་འདུ་བྱེད་ཐམས་ཅད་མཐོང་བའི་ཕྱིར་རོ།། ཕན་ཡོན་རྟོགས་པ་ནི་རྣམ་པ་བཞི་སྟེ། ཆོས་ཀྱི་སྐུ་རྫོགས་པར་རབ་ཏུ་ཐོབ་པའི་ཕྱིར་དང་། གོང་ན་མེད་པའི་བདེ་བའི་གནས་པ་རབ་ཏུ་ཐོབ་པའི་ཕྱིར་དང་། མཐོང་བའི ་པིཕྱིར་དང་། མཐོང་བའི་འབྱོར་པ་རབ་ཏུ་ཐོབ་པའི་ཕྱིར་དང་། སྟོན་པའི་འབྱོར་པ་རབ་ཏུ་ཐོབ་པའི་ཕྱིར་རོ།། ཡོངསུ་ཤེས་པ་ལས་རྟོགས་པ་ཡང་རྣམ་པ་བཞི་སྟེ། གཉེན་པོ་ཡོང་སུ་ཤེས་པའི་ཕྱིར་དང་། མཚན་ཉིད་ཡོངསསུ་ཤེས་པའི་ཕྱིར་དང་། ཁྱད་པར ་ཡོངསུ་ཤེས་པའི་ཕྱིར་དང་། ལས་ཡོངསུ་ཤེས་པའི་ཕྱིར་རོ།། དེ་ལ་གཉེན་པོ་ཡོངསུ་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཆོས་དང་། གང་ཟག་དང་། གྱུར་པ་དང་། ཐ་དད་པ་དང་། སྐུར་པ་ལྔ་ནི་བདེན་པའི་ངོ་བོ་ལས་ཞེན་པའི་གཉེན་པོའོ།། མཚན ་ཉིད་ཡོང་སུ་ཤེས་པ་ནི། ཡིད་ལ་བྱེད་པ་མེད་པ་དང་། ཡང་དག་པར་འདས་པ་དང་། ཉེ་བར་ཞི་པ་དང་། ངོ་བོའི་དོན་དང་། བཀྲ་བར་འཛིན་པ་ལྔ་སྤངས་པ་ནི་རང་གི་མཚན་ཉིད་དོ།། ཁྱད་པར་ཡོངསསུ་ཤེས་པ་ནི་རྟོག་པ་མེད་པ་དང་། ཕྱོགས་གཅིག་པ་མ་ཡིན་པ་ཉིད་དང་། ་ས་པ་མེད་པ་ཉིད་དང་། གཏན་དུ་བ་ཉིད་དང་། གོང་ན་མེད་པ་རྣམ་པ་ལྔའི་ཁྱད་པར་གྱི་ཕྱིར་རོ།། ལས་ཡོང་སུ་ཤེས་པ་ནི། རྣམ་པར་རྟོག་པར་མིང་དུ་བྱེད་པ་དང་། བླ་ན་མེད་པའི་བདེ་བ་སྦྱིན་པ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བར་སྦྱོར་བ་དང་། ་དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཤེས་བྱའི་རྣམ་པ་ཐམས་ཅད་ལོ་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་དང་། སེམས་ཅན་ཡོངསསུ་སྨིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པར་བྱེད་པའི་རྣམ་པ་ལྔ་ནི་ལས་ཀྱི་ཁྱད་པར་རོ།། ཡིད ་ལ་བྱེད་པ་རྟོགས་པ་ནི། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་རྟོགས་པར་འདོད་པ་དེ་འདི་ལྟར་ཡིད་ལ་བྱེད་པ། དེ་བཞིན་ཉིད་མི་ཤེས་པ་ཐོག་མ་མེད་པའི་དུས་ཅན་ལས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་ས་ཐོན ་ཐཐམས་ཅད་པ་སྟེ། མེ་བདེན་པ་གཉིསུ་སྣང་བའི་རྒྱུ་དང་། དེ་ལ་བརྟེན་པ་ཐ་དད་པ་ཡང་ཡིན་ཏེ་དེ་ལ་རྒྱུ་དང་འབྲས་བུར་བཅས་པ་སྣང་དུ་ཟིན་ཀྱང་མི་བདེན་པ་ཡིན།། དེ་ལྟར་སྣང་བས་ཀྱང་དེའི་ཆོས་ཉིད་ནི་སྡང་བ་མེད་ལ། དསྡང་བ་མེད་ལས་ཀྱང་ཆོས་ཉིད་སྡང་བ་ན ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་ཡིན་ནོ།། དེ་ལྟར་ཉེ་བར་དམིགས་པ་ལས་རྣམ་པར་རིག་པ་ཙམ་ལ་ཉེ་བར་དམིགས་པ་རྟོགས་པར་བྱེད།། རྣམ་པར་རིག་པ་ཙམ་ལ་ཉེ་བར་དམིགས་པ་ལས་དོན་ཐམས་ཅད ་དམིགས་པ་མེད་པར་བྱེད་དོ།། དོན་ཐམས་ཅད་དམིགས་པ་མེད་པ་ལས་རྣམ་པར་རིགས་པ་ཙམ་ཡང་མི་དམིགས་པར་རྟོགས་པར་བྱེད་དོ།། དེ་མི་དམིགས་པ་ལས་གཉི་ག་ཁྱད་པར་དམིགས་པ་རྟོགས་པར་བྱེད་པ་ཡིན།། དེར་གང་ཡང་གཉིས་དམིགས་པ་མེད་པ་དེ་ནི ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡུལ་མེད་ཅིང་དམིགས་པ་མེད་པ་ཡིན་ཏེ། མཚན་མ་ཐམས་ཅད་མི་དམིགས་པས་ཉེ་བར་མཚོན་པོ་ཉིད་ཀྱི་ཕྱིར།། སྦྱོར་བ་རྟོགས་པ་ནི་རྣམ་པ་བཞི་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པས་སྦྱོར་བའི་ཕྱིར་དང་། ང་འདི་ངེས་པར ་འབྱེད་པའི་གནས་སྐབས་སོ།། དེ་ཉིད་ས་དང་པོ་ལ་སོ་སོར་རིག་པར་སྦྱོར་བའི་ཕྱིར་དང་། དེ་ཉིད་ནི་རེག་པའི་གནས་སྐབས་སོ།། རྣམ་པར་མ་དག་པའི་ས་དྲུག་ལ་སྒོམ་པ་ལ་རབ་ཏུ་སྦྱོར་བའི་ཕྱིར་དང་། ཡོང་སུ་དག་པ་གསུམ་པོ་ལ་ཡང་ངོ་།། དེ་ཉིད་ནི་རྗེ་སུ ་དྲན་པའི་གནས་སྐབས་སོ།། སངས་རྒྱས་ཀྱི་ས་ལ་མཐར་ཕྱིན་པ་ལ་སྦྱོར་བའི་ཕྱིར་ཏེ། ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པའི་ཕྱིར་རོ།། དེ་ཉིད་ནི་དེའི་བདག་ཉིད་ནི་ཏྲེ་སུ་དྲན་པའི་གནས་སྐབས་སོ།། ཉེས་དམིགས་རྟོགས་པ་ནི།། གནས ་སྐབསུ་གྱུར་པ་མེད་ནའོ།། ཉེས་དམིགས་རྣམ་པ་བཞི་སྟེ། ཉོན་མོངས་པ་མི་འཇུག་པོའི་རྟེན་མེད་པའི་ཉེས་དམིགས་དང་། ལམ་འཇུག་པའི་རྟེན་མེད་པའི་ཉེས་དམིགས་དང་། གང་ཟག་མྱ་ངན་ལས་འདས་པར་ཐ་སྙད་བཞག་པའི་རྟེན་མེད་པའི་ཉེས་དམིགས ་དང་། བྱང་ཆུབ་རྣམ་པ་གསུམ་གྱི་ཁྱད་པར་གྱི་སྒྲ་སྐད་བཞག་པའི་རྟེན་མེད་པའི་ཉེས་དམིགས།། དེ་དག་ལས་བཟློག་པ་ལ་བརྟེན་ནས་གནས་ཡོངས་སྒྱུར་པ་ཡོད་པ་ལ། ཕན་ཡོན་རྣམ་པ་བཞི་ཉིད་དུ་རིག་པར་བྱའོ།། དང་། ་ཉིད་ནི་གནས་གྱུར་པ་ཇི་ལྟ་བར་རྟོགས་པ་རྣམ་པ་བཅུ་རིག་པར་བྱའོ།། མེད་པའི་ཆོས་སྣང་བ་ནི།། དཔེར་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་ནོ།། གནས་གྱུར་པའི་དཔེ་ནི། ན་མཁའ་དང་གསེར་དང་ཆུ་ལ་སོགས་པ་བཞིན་ནོ།། ་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་འཕགས་པ་བྱམས་པས་མཛད་པ་རྫོགས་སོ།། ། དྷུཀྵ་ཀྵི་མཁན་པོ་བཻཎྜིཏཤཱན་ཏི་བྷཱུ་དྲཱ་དང་། བུ་ཆེན་གྱི་ལོ་ཙཱབ་དགེ་སློང་ཚུལ་ཁྲིམས་རྒྱལ ་བསྐྱར་ཅིང་ཞུས་ཏེ་གཏན་ལ་ཕབ་པོ་ལས། སྲད་ཀྱི་ཁ་ཆེའི་མཁན་པོ་པཎྜི་ཏ་པ་ར་ཧེ་ཏ་དང་། བུ་ཆེན་རྒྱ་ལོ་ཙཱ་བ་དགེ་སློང་དགའ་རྡོར་གྱིས་ཐུགས་དམ་ས་ཐོ་ལིང་གི་གཙུག་ལག་ཁང་དུ་བཙོས་ཤིང་གཏན་ལ་ཕབ་པ། ་