| Wylie | e-texts produced with BDRC’s OCR application |
@རྒྱ་གར་སྐད་དུ། མ་དྷུན་ཏ་བི་བྷཾ་ག། བོད་སྐད་དུ། དབུས་དང་མཐའ་རྣམ་པར་འབྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། མཚན་ཉིད་སྒྲིབ་པ་དེ་ཁོ་ན།། གཉེན་པོ་དག་ནི་སྒོམ་པ་དང་།། དེ་ཡི་གནས་དང་འབྲས་བུ་འཐོབ།། ཐེག་པ ་བླ་ན་མེད་པའོ།། ཡང་དག་མ་ཡིན་ཀུན་རྟོག་ཡོད།། དེ་ལ་གཉིས་པོ་ཡོད་མ་ཡིན།། སྟོང་པ་ཉིད་ནི་འདི་ལ་ཡོད།། དེ་ལ་ཡང་ནི་དེ་ཡོད་དོ།། སྟོང་པ་མ་ཡིན་མི་སྟོང་མིན།། དེ་ལྟ་བས་ན་ཐམས་ཅད་བཤད།། ཡོད་པས་མེད་པས་ཡོད་པས་ན།། དེ་ནི་དབུས་མའི ་ལམ་ཡིན་ནོ།། དོན་དང་སེམས་ཅན་བདག་རྣམ་རིག། སྣང་བའི་རྣམ་པར་ཤེས་པ་ནི།། རབ་ཏུ་སྐྱེའོ་དེ་དོན་མེད།། དེ་མེད་པས་ན་དེ་ཡང་མེད།། ཡང་དག་མ་ཡིན་ཀུན་རྟོག་པ།། དེ་ནི་དེ་ཕྱིར་གྲུབ་པ་ཡིན།། དེ་བཞིན་མ་ཡིན་ཡེ་མེད་མིན།། དེ་ཟད་ནས་ནི་གྲོལ་བར ་འདོད།། བཏགས་པ་དང་ནི་གཞན་དབང་དང་།། ཡོང་སུ་གྲུབ་པ་ཉིད་ཀྱང་ངོ་།། དོན་ཕྱིར་ཡང་དག་མིན་རྟོག་ཕྱིར།། གཉིས་པོ་མེད་པའི་ཕྱིར་བཤད་དོ།། དམིགས་པ་ལ་ནི་བརྟེན་ན་སུཾ།། མི་དམིགས་པ་ནི་རབ་ཏུ་སྐྱེ།། མི་དམིགས་པ་ལ་བརྟེན་ན་སུ།། མི་དམི ་པ་ནི་རབ་ཏུ་སྐྱེ།། དེ་ཡི་ཕྱིར་ན་དམིགས་པ་ནི།། མི་དམིགས་ངོ་བོ་ཉིད་དུ་གུབ།། དེ་ལྟ་བས་དམིགས་པ་དང་།། མི་དམིགས་མཉམ་པར་ཤེས་པར་བྱ།། ཡང་དགྲ་མ་ཡིན་ཀུན་རྟོག་ནི།། སེམས་དང་སེམས་བྱུང་ཁམས་གསུམ་པ།། དེ་ལ་དོན་མཐོང་རྣམ་པར ་ཤེས།། དེ་ཨོཾ་ཁྱད་པར་སེམས་ལས་བྱུང་།། གཅིག་ནི་རྐྱེན་གྱི་རྣམ་པར་ཤེས།། གཉིས་པོ་ཉེ་བར་སྤྱོད་པ་ཅན།། ཉེ་བར་སྤྱོད་དང་ཡོངས་གཅོད་དང་།། དེ་ཡི་འཇུག་བྱེད་སེམས་ལས་བྱུང་།། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར།། འཁྲིད་པའི་ཕྱིར་དང ་ཀུན་འཛིན་ཕྱིར།། རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར།། ཉེ་བར་སྤྱོད་ཕྱིར་སྡུད་པའི་ཕྱིར།། སྦྱོར་བའི་ཕྱིར་དང་མངོན་དུའི་ཕྱིར།། སྡུག་བསྔལ་ཕྱིར་ནི་འགྲོ་ཉོན་མོངས།། རྣམ་གསུམ་རྣམ་གཉིས་ཀྱང་ཉོན་མོངས།། རྣམ་བདུན་ཡང་དག ་མིན་རྟོག་ལས།། སྟོང་པ་ཉིད་ནི་མདོར་བསྡུ་ནི།། མཚན་ཉིད་དང་ནི་རྣམ་གྲངས་དང་།། དེ་ཡི་དོན་དང་དབྱེ་བ་དང་།། སྒྲུབ་པ་དག་སྟེ་ཤེས་པར་བྱ།། གཉིས་དངོས་མེད་པའི་དངོས་མེད་པའི།། དངོས་པོ་སྟོང་པའི་མཚན་ཉིད་དོ།། ཡོད་པ་མ་ཡིན་མེད་པའང ་མིན།། ཐ་དད་གཅིག་པའི་མཚན་ཉིད་མིན།། སྟོང་པ་ཉིད་ནི་མདོར་བསྡུ་ནི།། དེ་བཞིན་ཉིད་དང་ཡང་དག་མཐའ།། མཚན་མ་མེད་དང་དོན་དྲམ་དང་།། ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ།། གཞན་མིན་ཕྱིན་ཅི་ལོག་མ་ཡིན།། དེ་འགགས་འཕགས་པཱི། ་སྤྱོད་ཡུལ་དང་།། འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར།། རྣམ་གྲངས་དོན་དེ་གོ་རིམ་བཞིན་ཀུན་ནས་ཉོན་མོངས་རྣམ་པར་དག། དེ་ནི་དྲི་བཅས་དྲི་མ་མེད།། ཆུ་ཁམས་གསེར་དང་ན་མཁའ་རྣམས།། དག་པ་བཞིན་དུ་དག་པར་འདོད།། ཟ་བ་བཟའ ་དྲང་དེ་ཡི་ལུས།། གནས་དང་གཞི་ཡི་སྟོང་པ་ཉིད།། དེ་ཡང་གང་གིས་ཇི་ལྟར་མཐོང་།། གང་ཕྱིར་དེ་ཡང་སྟོང་པ་ཉིད།། དགེ་གཉིས་ཐོབ་པར་བྱ་བའི་ཕྱིར།། རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར།། འཁོར་པ་བཏང་བར་མི་བྱའི་ཕྱིར།། དགེ་བ ་མི་ཟད་བྱ་བའི་ཕྱིར།། རིགས་ཀྱང་རྣམ་པར་དག་བྱའི་ཕྱིར།། མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར།། སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར།། བྱང་ཆུབ་སེམས་དཔའི་སྒྲུབ་པར་བྱེད།། གང་ཟག་དང་ནི་ཆོས་རྣམས་ཀྱི།། དངོས་པོ་མེད་འདིར་སྟོང་པ ་ཉིད།། དེ་དངོས་མེད་པའི་དངོས་ཡོད་པ།། དེ་ནི་དེ་ལས་སྟོང་ཉིད་གཞན།། གལ་ཏེ་ཉོན་མོངས་དེ་མ་གྱུར།། ལུས་ཅན་ཐམས་ཅད་གྲོལ་བར་འགྱུར།། གལ་ཏེ་རྣམ་དག་དེ་མ་གྱུར།། འབད་པ་འབྲས་བུ་མེད་པར་འགྱུར།། ཉོན་མོངས་མ་ཡིན་མི་མོངས་མིན།། ། ་དེ་ནི་དག་དང་མ་དག་མིན།། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས།། མཚན་ཉིད་ཀྱི་ལེའུར་བཅད་པ་ཞེས་བྱ་བ་སྟེ་དང་པོའོ།། །། ཁྱབ་དང་ཉི་ཚེ་ལྷག་པ་དང་།། མཉམ་དང་ལེན་དང་སྤོང་བ་ནི་གཉིས་ཀྱི་སྒྲིབ་པར་བསྟན་པ ་ཡིན།། ཉོན་མོངས་མཚན་ཉིད་རྣམ་དགུའོ།། ཀུན་ཏུ་སྦྱོར་རྣམས་སྒྲིབ་པ་ཡིན།། སྐྱོ་བ་དང་ནི་བཏང་སྙོམས་དང་།། དེ་ཁོ་ན་ནི་མཐོང་བ་དང་།། འཇིག་ཚོགས་ལྷ་དང་དེ་བཞི་དང་།། འགོག་དང་ལམ་དང་དཀོན་མཆོག་དང་།། རྙེད་པ་དང་ནི་བཀུར་སྟི་དང་།། ་བསླངས་པ་ཡོངས་ཤེས་ལ།། དགེ་ལ་སོགས་པ་བཅུ་ལ་གཞན།། སྦྱོར་བ་མེད་དང་སྐུ་མཆེད་མིན།། རྣལ་འབྱོར་མིན་པས་གང་བསྐྱེད་དང་།། སྐྱེ་བ་མེད་དང་ཡིད་མི་བྱེད།། ཚོགས་ནི་རབ་ཏུ་མ་རྫོགས་དང་།། རིགས་དང་བཤེས་གཉེན་མི་ལྡན་དང ་སེམས་ནི་ཡོངསུ་སྐྱོ་བ་དང་། སྒྲུབ་པ་དང་ཡང་མི་ལྡན་ཞིང་།། སྐྱེ་བོ་ངན་སྡོང་འགྲོགས་པ་དང་།། རང་གི་གནས་ངནི་ལེན་གསུམ་ལས།། ལྐོག་མཱ་ཤེས་རབ་མ་སྨིན་དང་།། རང་བཞིན་གྱིས་ནི་གནས་ངན་ལེན།། ལེ་ལོ་དང་ཡང་བག་མེད་དང་།། སྲིད་དང ་ལོངས་སྤྱོད་ཆགས་པ་དང་།། སེམས་ནི་ཞུམ་པར་གྱུར་པ་དང་།། མ་དད་པ་དང་མ་མོས་དང་།། སྒྲ་བཞིན་དུ་ནི་སྤྱོད་པ་དང་།། དམ་ཆོས་ཆེད་ཆེར་མི་འཛིན་དང་།། རྙེད་ལ་གདུ་དང་སྙིང་རྗེ་མེད།། ཐོས་པས་ཕོངས་དང་ཉུང་བ་དང་།། ཏིང་འཛིན་སྦྱངས་པ་མ་བྱས་པའོ།། ་དགེ་དང་བྱང་ཆུབ་ཡང་དྲུག་འཛིན།། བློ་ལྡན་གཁྲུལ་མེད་སྒྲིབ་པ་དང་།། བསྔོ་དང་མི་སྐྲག་སྟེར་སྣ་མེད།། དབང་ནི་དགེ་ལ་སོགས་པའོ།། དེ་དག་གི་ནི་སྒྲིབ་པ་རྣམས།། གསུམ་གསུམ་དག་ཏུ་ཤེས་པར་བྱ།། ཕྱོགས་དང་ཕ་རོལ་ཕྱིན་ས་ལ ་སྒྲིབ་པ་དག་ནི་གཞན་ཡིན་ནོ།། གཞི་ལ་མི་མཁས་ལ་ལོ་དང་།། གཉིས་ཀྱིས་ཏིང་འཛིན་ཉམས་པ་དང་།། མི་བསྐྱེད་པ་དང་ཉམས་ཆུང་དང་།། ལྷ་དང་གནས་ངན་ལེན་སྐྱོན་ཆགས།། ཕྱུག་པོ་དང་ནི་བདེ་འགྲོ་དང་།། སེམོས་ཅན་མི་གཏོང་སྒྲིབ་པོ་དང་། 1 ་པ་དག་དང་ཡོན་ཏན་རྣམས།། འབྲི་དང་འཕེལ་དང་འཛུད་པ་དང་།། གྲོལ་བར་བྱེད་དང་མི་ཟད་དང་།། དགེ་བ་རྒྱུན་མི་འཆད་པ་དང་།། ངེས་པར་བྱེད་དང་ཆོས་རྣམས་ལ།། ལོངས་པར་སྤྱོད་དང་ཡོངས་སྨིན་བྱེད།། ཀུན་ཏུ་འགྲོ་དོན་མཆོག་གཱི་དོན། རྒྱུ ་མཐུན་དོན་གྱི་མཆོག་ཉིད་དང་།། ཡོངསུ་འཛིན་པ་མེད་དོན་དང་།། རྒྱུད་རྣམས་ཐ་དད་མེད་དོན་དང་།། ཉོན་མོངས་རྣམ་དག་མིན་དོན་དང་།། ཐ་དད་མེད་པའི་དོན་ཉིད་དང་།། བྲི་མེད་འཕེལ་བ་མེད་དོན་དང་།། དབང་ནི་རྣམ་པ་བཞི་ཡི་གནས།། ཆོས་ཀྱི་དབྱིངས ་ལ་མ་རིག་པ།། ཉོན་མོངས་ཅན་མིན་སྒྲིབ་པ་བཅུ།། ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི།། གཉེན་པོ་དག་ནི་ས་ཡིན་ནོ།། ཉོན་མོངས་པ་ཡི་སྒྲིབ་པ་དང་།། ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན།། དེར་ནི་སྒྲིབ་པ་ཐམས་ཅད་དེ།། དེ་ཟད་ནས་ནི་གྲོལ་པོར་འདོད། ་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས།། སྒྲིབ་པའི་ལེའུར་བཅད་པ་ཞེས་བྱ་བ་སྟེ་གཉིས་པའོ།། །། རྩ་བ་མཚན་ཉིད་དེ་ཁོ་ན།། ཕྱིན་ཅི་མ་ལོག་མ་ཆེན་ཉིད་དང་།། འབྲས་བུ་རྒྱུ་ཡི་དེ་ཁོ་ན།། རགས་པ་དང་ནི་ཕྲ་བ་དང་།། གྲགས་དང་རྣ ་པར་དག་ཡུལ་དང་།། བསྡུ་དང་དབྱེ་བའི་མཚན་ཉིད་དང་།། མཁས་དེ་ཁོ་ན་རྣམ་བཅུ་ནི།། བདག་ཏུ་ལྟ་བའི་གཉེན་པོའོ།། ངོ་བོ་ཉིད་གསུམ་རྟག་མེད་དང་།། ཡོད་ཀྱང་ཁོ་ན་མ་ཡིན་དང་།། ཡོད་དང་མེད་དེ་ཁོ་ན་སྟེ།། ངོ་བོ་ཉིད་ནི་གསུམ་དུ་འདོད།། འདི་ལ་ཆོས་དང ་གང་ཟག་དང་།། གཟུང་བ་དག་དང་འཛིན་པ་དང་།། ཡོད་དང་མེད་པར་སྒྲོ་འདོགས་དང་།། སྐུར་པ་འདེབས་པར་ལྟ་བ་དག། གང་ཤེས་ནས་ནི་མི་འབྱུང་བ།། དེ་དེ་ཁོ་ནའི་མཚན་ཉིད་དོ།། མི་རྟག་དོན་ནི་མེད་དོན་དང་།། སྐྱེ་ཞིང་འཇིག་པའི་མཚན་ཉིད་དང་།། དྲིར ་ས་དྲི་མ་མེད་དོན་ཏེ།། རྩ་བའི་ཁོ་ནར་གོ་རིམ་བཞིན།། སྡུག་བསྔལ་ལེན་དང་མཚན་ཉིད་དང་།། འབྲེལ་པ་གཞན་དུ་འདོད་པ་ཡིན།། དངོས་མེད་དེ་ཡི་དངོས་མ་ཡིན།། རང་བཞིན་གྱིས་ནི་སྟོང་པར་འདོད།། མཚན་ཉིད་མེད་པས་བདག་མེད་དང་།། དེ ་དང་མི་མཐུན་མཚན་ཉིད་དང་།། རང་གི་མཚན་ཉིད་བསྟན་པ་ཡིན།། དེ་ཕྱིར་སྡུག་བསྔལ་བདེན་པར་འདོད།། བག་ཆགས་པ་ནི་ཀུན་ནས་འབྱུང་།། མ་བྲལ་བ་ཡང་དེ་བཞིན་ནོ།། ངོ་བོ་ཉིད་དང་གཉིས་མི་སྐྱེ།། དྲི་མ་ཞི་བ་གཉིསུ་འདོད།། ཡོངསུ་ཤེས་དང ་སྤངས་པ་དང་།། ཐོབ་པར་མངོན་སུམ་བྱ་བས་ནི།། ལམ་གྱི་བདེན་པ་ཡང་དྲག་བཤད།། བཏགས་པ་དང་ནི་ཤེས་པ་དང་།། དེ་བཞིན་བརྗོད་པ་རགས་པ་ཡིན།། དམ་པའི་དོན་ནི་གཅིག་པུའོ།། དོན་དང་འཐོབ་དང་སྒྲུབ་པ་ནི།། དོན་དམ་རྣམ་པ་གསུམ་དུ་འདོད། ་འགྱུར་མེད་ཕྱིན་ཅི་མ་ལོག་པ།། ཡོངསུ་གྲུབ་པ་རྣམ་པ་གཉིས།། གཅིག་གིས་འཇིག་རྟེན་གྲགས་པ་སྟེ།། གསུམ་གྱིས་རིགས་པའི་གྲགས་པ་ཡིན།། རྣམ་དག་སྤྱོད་ཡུལ་རྣམས་གཉིས་ཏེ།། གཅིག་པུ་ཁོ་ནར་བརྗོད་པ་ཡིན།། རྒྱུ་དང་རྣམ་པར་རྟོག་པ ་དང་། ཡིང་ནི་རྣམ་པ་གཉིས་བསྡུས།། ཡང་དག་ཡེ་ཤེས་རབ་ཁོ་ན།། གཅིག་པུ་ཁོ་ནར་བསྡུས་པ་ཡིན།། འཇུག་དེ་ཁོ་ན་རྣམ་པ་གཉིས།། གནས་པ་དང་ནི་ངན་པར་ཞུགས།། མཚན་ཉིད་རྣམ་པར་རིག་དང་ངག། ཡང་དག་སྒྲུབ་པ་གཅིག་པུའོ།། གཅིག་དང་རྒྱུ ་དང་ཟབ་དང་།། བྱེད་པ་དང་ནི་དབང་སྒྱུར་དང་།། བདག་པོའི་དོན་དང་རྟག་པ་དང་།། ཉོན་མོངས་པ་དང་དག་པའི་གནས།། རྣལ་འབྱོར་ཅན་དང་མེ་གྲོལ་གྲོལ།། འདི་དག་ལ་ནི་བདག་ཏུ་ལྟ།། ཀུན་ཏུ་རྟོག་དང་རྣམ་རྟོག་དོན།། ཆོས་ཉིད་དོན་གྱིས་དེ་དག་ངར།། ཐོག་མ་དུ་མ ་ཉིད་དང་ནི།། བསྡུས་དང་ཡོངསུ་ཕྱེ་བཱི་དོན།། འཛིན་དང་གཟུངས་དང་དེ་འཛིན་པ།། ས་བོན་དོན་དེ་གཞན་དུ་འདོད།། ཚོར་དང་དོན་རྣམས་ཡོངས་གཙང་ཀྱི།། ཉེར་སྤྱོད་འབྱུང་སྒོ་གཞན་ཡིན་ནོ།། རྒྱུ་དང་འབྲས་བུ་རྩོལ་བ་ལ།། སྒྲོ་འདོགས་མེད་ཅིང་སྐུར་འདེབས་མེད།། ་མི་འདོད་འདོད་དང་རྣམ་དག་དང་།། མཉམ་དུ་བྱུང་དང་དབང་བྱེད་དང་།། འཐོབ་དང་ཀུན་དུ་སྤྱོད་པ་དག། གཞན་དབང་ཉིད་ཀྱི་དོན་ཏེ་གཞན།། འཛིན་དང་གནས་དང་རྒྱུན་མི་འཆད།། སྤྱོད་དང་དག་པ་གཉིས་ཀྱི་ཕྱིར།། འབྲས་བུ་རྒྱུ་རྣམས་སྤྱད་ཟིན་དང་།། དེ་བཞིན ་མ་སྤྱད་གཞན་ཡིན་ནོ།། ཚོར་བ་རྒྱུ་དང་བཅས་པའི་དོན།། དེ་ཡི་རྒྱུ་ནི་སྒྲུབ་པ་ཡིན།། དེ་ཞི་བ་དང་གཉེན་པོའི་དོན།། ལྡན་པའི་ཕྱིར་ན་གཞན་དུ་འདོད།། ཡོན་ཏན་སྐྱོན་དང་རྣམ་མི་རྟོག། ཤེས་པས་གཞན་ལས་བདག་གིས་ནི།། ངེས་པར་འབྱུང་ཕྱིར་གཞན་ཞེས་བྱ།། ། ་བཏགས་བཅས་རྒྱུར་བཅས་རྒྱ་མཆེན་ལ།། རབ་ཏུ་ནི་པའི་དོན་འོཅས་ནི།། ཐ་མ་ཉིད་དུ་བཤད་པ་ཡིན།། བསྟན་བཅོས་དངོས་དང་མཐའ་རྣམ་པར་འབྱེད་པ་ལོས།། དེ་ཁོ་ནའི་ལེའུར་བཅད་པ་ཞེས་བྱ་བ་སྟེ་གསུམ་པའོ།། ་གནས་ངན་ལེན་ཕྱིར་སྲིད་རྒྱུའི་ཕྱིར།། གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར།། བདེན་པ་བཞི་ལ་འཇུག་བྱ་བས།། དྲན་པ་ཉེ་བར་གཞག་པ་སྒོམ།། མི་མཐུན་ཕྱོགས་དང་གཉེན་པོ་རྣམས།། རྣམ་པ་ཐམས་ཅད་ཡོངས་ཤེས་ནས།། དེ་དག་སྤང་ཕྱིར་བརྩོན་འགྲུས་ནི།། རྣམ་པ ་ཞི་དག་རབ་ཏུ་འབྱུང་།། དེར་གནོས་ལས་སུ་རུང་བ་ཉིད།། དོན་རྣམས་ཐམས་ཅད་འབྱོར་པར་འགྱུར།། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད།། བསྟེན་པའི་རྒྱུ་ལས་བྱུང་བའོ།། ལེ་ལོ་དང་ནི་གདམས་ངག་རྣམས།། བརྗེད་དང་བྱིང་དང་རྒོད་པ་དང་།། འདུ་མི་བྱེད་དང་འདུ ་བྱེད་དེ།། དེ་དག་ཉེས་པ་ལྔར་འདོད་དོ།། གནས་དང་དེ་ལ་གནས་པ་དང་།། རྒྱུ་དང་འབྲས་བུ་ཉིད་དུའོ།། དམིགས་པ་བརྗོད་པར་མ་གྱུར་དང་།། བྱིང་དང་རྒོད་པ་རྟོགས་པ་དང་།། དེ་སྤང་མངོན་པར་འདུ་བྱེད་དང་།། ཞི་ཚེ་རྣལ་དུ་འཇུག་པའོ།། ཐར་པའི་ཆ་དང་མཐུན ་ད་ནས།། འདུན་དང་སྦྱོར་བ་དབང་བྱེད་དེ།། དམིགས་པ་བརྗོད་པར་མ་གྱུར་དང་།། མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ་།། མི་མཐུན་ཕྱོགས་ནི་བསྲབས་པའི་ཕྱིར།། སྔ་མའི་འབྲས་བུ་ཕྱི་མ་ཡིན།། དབང་པོ་དང་ནི་སྟོབས་རྣམས་ལ།། ངེས་འབྱེད་ཆ་མཐུན་གཉིས ་གཉིསོ།། རང་བཞིན་ཡན་ལག་གན་ས་ཡན་ལག། གནས་པ་ངེས་འབྱུང་ཡན་ལག་སྟེ།། བཞི་པ་ཕྲ་ན་ཡོན་ཡན་ལག་ཡིན།། རྣམ་གསུམ་ཉོན་མོངས་མེད་ཡན་ལག། འདི་ལ་བཞི་དང་གནས་དང་ནི།། ངོ་བོ་ཉིད་དུ་བསྟན་པ་ཡིན།། ཡོངསུ་གཅོད་དང ་གོ་འབྱེད་དང་།། རྣམ་གསུམ་གཞན་ཡིད་ཆེས་པར་བྱེད།། མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི།། ལམ་གྱི་ཡན་ལག་དེ་བརྒྱད་དོ།། ལྷ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས།། གཞན་ལ་རྣམ་པར་རིག་བྱེད་འདོད།། ཉོན་མོངས་ཉི་བའི་ཉོན་མོངས་དབང་།། མི་མཐུན ་ཕྱོགས་ཀྱི་གཉེན་པོའོ།། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག། རྗེ་སུ་འབྲེལ་བཅས་བཟློག་པ་དང་།། ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག། རྗེསུ་འབྲེལ་མེད་སྒོམ་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི།། དམིགས་དང་ཡིད་ལ་བྱེད་པ་དང་།། ཐོབ་པས་དེ་ནི་ཁྱད ་པར་འཕགས།། རྒྱུ་ཡི་གནས་དང་ཞུགས་པ་དང་།། སྦྱོར་དང་འབྲས་བུ་བརྗོད་པ་དང་།། བྱ་དང་བྱ་མེད་ཁྱད་པ་དང་།། དེ་ནི་བླ་མ་བླ་ན་མེད།། མོས་པ་དང་ནི་འཇུག་པ་དང་།། ངེས་པར་འབྱུང་དང་ལུང་བསྟན་དང་།། བརྗོད་པ་དང་ནི་དབང་པོསྐུར་དང་།། ཕྱིན་པ་དང་ནི་ཕོན ་ཡོན་དང་།། བྱ་བ་སྒྲུབ་པར་བསྟན་པའོ།། ཆོས་ཀྱི་དབྱིངས་ལ་རྣམ་གསུམ་སྟེ།། མ་དག་མ་དག་དག་པ་དང་།། རྣམ་པར་དག་དང་ཅི་རིགས་སྦྱར།། འདི་ལས་ཇི་ལྟར་འོས་འོསུ།། གང་ཟག་རྣམ་པར་བཞག་པར་འདོད།། སྣོད་གྱུར་རྣམ་པ་སྨི་ནཾ་བརྗོད་དང་།། དེ་ཡི་དབང་གི ་སྟོབས་དང་ནི།། འདོད་དང་འཕེལ་དང་རྣམ་དག་སྟེ།། དེ་དག་འབྲས་བུ་གོ་རིམ་བཞིན།། ཕྱི་མ་ཕྱི་མ་ཐོག་མ་དང་།། དེ་གོམས་བྱས་དང་རྫོགས་པའོ།། རྗེ་སུ་མཐུན་དང་མི་མཐུན་ཕྱོགས།། བྲལ་བ་དང་ནི་ཁྱད་པར་དང་།། བླ་མ་དང་ནི་བླ་ན་མེད།། འབྲས་བུ་གཞན་ཏེ ་མདོར་བསྡུས་པའོ།། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས།། གཉེན་པོ་བསྒོམ་པའི་ལེའུར་བཅད་པ་ཞེས་བྱ་བ་སྟེ་བཞི་པའོ།། །། བླ་མེད་ཉིད་ནི་སྐྱོབ་པ་དང་།། དམིགས་པ་དང་ནི་ཡང་དག་འགྲུབ།། བསྟན་པ་ཡིན་པར་འདོད་པའོ།། ། ་སྒྲུབ་པ་དག་ནི་རྣམ་དྲུག་སྟེ།། དམ་པ་དང་ནི་ཡིད་བྱེད་དང་།། རྗེས་སུ་མཐུན་ཆོས་མཐའ་སྤངས་དང་།། ཁྱད་པར་ཅན་དང་ཁྱད་པར་མེད།། དམ་པ་དང་ནི་ཡིད་བྱེད་དང་།། དམ་པ་བཅུ་གཉིས་བདག་ཉིད་དེ།། རྒྱ་ཆེ་བ་དང་ཡུན་རིང་དང་།། ཆེད་དུ་བྱ་བ ་མི་ཟད་དང་།། རྒྱུན་མི་འཆད་ཚེགས་མེད་པ་དང་།། དབང་འབྱོར་པ་དང་ཡོངས་བཟུང་དང་།། བརྩོམ་དང་འཐོབ་དང་རྒྱུ་མཐུན་དང་།། འགྲུབ་པ་དམ་པར་འདོད་པ་ཡིན།། དེ་ཕྱིར་དམ་པའི་དོན་གྱིས་ནི།། ཕ་རོལ་ཕྱིན་པ་བཅུར་འདོད ་དོ།། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་དང་ནི་ཤེས་རབ་ཐབས།། སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ།། འདི་དག་ཕ་རོལ་ཕྱིན་བཅུའོ།། ལས་ནི་རྗེས་སུ་འཛིན་བྱེད་དང་།། གནོད་མི་བྱེད་དང་དེ་ལ ་།། ཡོན་ཏན་འཕེལ་དང་འཛུད་ནུས་དང་།། རྣམ་པར་གྲོལ་བར་བྱེད་པ་དང་།། མི་བཟད་པ་དང་རྟག་འཇུག་དང་།། ངེས་པར་ལོངས་སྤྱོད་སྨིན་པར་བྱེ།། ཐེག་པ་ཆེན་པོར་ཇི་ལྟ་བུར།། ཆོས་རྣམས་བཏགས་པར་མཛད་པ ་དང་། བྱང་ཆུབ་སེམས་དཔའ་རྟག་པར་ཡང་།། ཤེས་རབ་གསུམ་གྱིས་ཡིད་བྱེད་པའོ།། ཁམས་རྟས་བྱེད་དང་འཇུག་བྱེད་དང་།། དེ་ནི་དོན་རྣམས་འགྲུབ་པར་འགྱུར།། དེ་ནི་ཆོས་སྤྱོད་རྣམ་བཅུ་དང་།། ཡང་དག་ལྡན་པར ་ཤེས་པར་བྱ།། ཡི་གེ་འདྲི་མཆོད་སྦྱིན་པ་དང་།། ཉན་དང་ཀློག་དང་ལྡན་པ་དང་།། འཆད་དང་ཁ་ཏོན་བྱེད་པ་དང་།། དེ་སེམས་པ་དང་སྒོམ་པའོ།། ཡོད་པ་དེ་བཅུའི་བདག་ཉིད་ནི།། བསོད་ནམས་ཕུང་པོ་དཔག་ཏུ་མེད།། ་ཁྱད་པར་ཕྱིར་དང་མི་ཟད་ཕྱིར།། གཞན་ལ་ཕན་འདོགས་མ་ཞིའི་ཕྱིར།། མི་གཡེང་ཕྱིན་ཅི་མ་ལོག་པར།། གྱུར་པ་རྗེས་སུ་མཐུན་པའི་ཆོས།། ལྡང་དང་ཡུལ་ལ་འཇུག་པ་དང་།། དེ་བཞིན་རོ་མྱང་བྱིང་དང་རྒོད།། ཡིད ་རྗེས་པ་ཡི་བསམ་པ་དང་།། ཡིད་ལ་བྱེད་བ་དཱུར་འཛིན་དང་།། རླུང་ངུའི་སེམས་ཀྱི་ག་ཡེང་བ་དང་།། བློ་ལྡན་རྣམས་ཀྱིས་ཤེས་པར་བྱ།། ལ་ག་དོན་དང་ཡད་བྱུང་དང་།། རྫུ་འཕྲོ་བ་དང་མཚན་ནདན་ང ་པ་དག་དྲུག་དང་སྒྲོ་དྷཱ་དང་།། སྤྱི་བྱུང་བ་དང་བྱེངས་དྨ་དང་།། འགྲོལ་བའི་ཕྱིར་དང་འདྲེས་ཕྱིར་དང་།། མ་འབྲེལ་བྷིནྟི་དང་མྦྷ་འདྲིས་ཕྱིར།། དེན་ཡོད་པ་དང་དོན་མོང་བུ།། དེ་ནི་ཡི་གེ་མ་མགྲོ་པའོ།། ཉིས་སུ་སྲུང་བྱར་རྒྱ་རྗེནི། ་ལྟར་ཡོད་པ་མ་ཡིན་ཏེ།། དེནི་དོན་ལ་མ་ལོག་པའོ།། སྤྱོད་དང་སྤྱོད་པ་རྣམ་པོར་སྲུང་ས།། རྟོག་པ་དེ་ཡཱིསྨྼ;ྻུཾ་བྷསྒོས་བྱོན།། རྟོག་པ་མེང་བྱེད་དེའི་གནས་ནི།། ཡིད་ལ་བྱེད་པ་མ་ལྕོག་པ།། གཉིས་སུ་སྲུང་བའི་མྦྷ་ལའོ།། ངན་གྱི་མེད་ད་མེ ་པ་དེ།། སྒྱུ་མ་ལ་སོགས་བཞིན་དུ་འདོད།། དེ་ནི་མི་འབྲོག་མ་ལོག་སྟེ།། ཡོད་དང་མེད་པར་མི་འཕྲོའི་ཕྱིར།། རྟོག་པ་ཐམས་ཅད་མི་འཇུག་ཕྱིར།། ཐམས་ཅད་མང་ནམ་ཁོན་སྟེ།། རང་བཞིན་ཉིད་མ་ལོག་པའོ།། དོན་དམ་རང་གི ་མཚན་ཉིད་ལའོ།། ཆོས་ཀྱི་དབྱིངས་ནི་མ་གཏོགས་པར།། འདི་ལྟར་ཆོས་ཡོད་མ་ཡིན་ཏེ།། དེ་ཕྱིར་སྤྱི་ཡི་མཚན་ཉིད་དེ།། དེ་ནི་ཕྱིནྡ་ནི་མྱི་ལོག་པའོ།། ཕྱིན་ཅི་ལོག་གི་ཡིད་ལ་བྱེད།། མྱ་སྦྱངས་པ་དང་སྤངས་པ་ལ།། དེ་ནི་མ ་དག་རྣམ་དག་སྟེ།། དེ་ཡང་དེ་ལ་མ་ལོག་པའོ།། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས།། རྣམ་པར་དག་ཕྱིར་ན་མཁའ་བཞིན།། གཉིས་ནི་གློ་བུར་བྱུང་བ་སྟེ།། དེ་ཡང་དེ་ལ་མ་ལོག་པའོ།། ཆོས་རྣམས་དང་ནི་གང་ཟག་གི། ཀུན ་ནས་ཉོན་མོངས་རྣམ་དག་མེད།། མེད་ཕྱིར་དེ་བས་སྐྲག་དང་དང་།། མེད་དེ་འདིར་མ་ལོག་པའོ།། ཐ་དད་པ་དང་། ཅིག་མཐའ་དང་། མུ་སྟེ་ས་ཉན་ཐོས་གཉིས་ཀ་དང་།། གང་ཟག་ཆོས་ལ་སྒོ་འདོགས་དང་།། སྐུར་འདེབས་མཐའ་རྣམ ་གཉིས་གཉིས་དང་།། མི་མཐུན་ཕྱོགས་དང་གཉེན་པོའི་མཐའ།། རྟག་པ་ཆང་པར་འདུ་ཤེས་དང་།། གཟུས་དང་འཛི་དང་། རྣམ་པར་བྱུང་ལ་གཉིས་དང་གསུང།། རྣམ་པར་རྟག་པ་གཉིས་ཀྱི་མཐའ།། དེ་ནི་རྣམ་པ་བདུན ་དུ་འདོད།། དངོས་ཡོད་དངོས་མེད་ཞི་བྱ་དང་།། ཞི་བྱང་སྐྲག་བྱ་དེ་ལ་འཇིགས།། གཟུང་དང་འཛིན་དང་ཡང་དག་ཉིད།། ལེག་པ་འདི་དང་བྱེད་དང་མིན།། སྐྱེ་བ་མེད་དང་མཉམ་པའི་དུས།། དེ་ནི་རྣམ་རྟོག་གཉིས་ཀྱི་མཐའ།། ཁྱད་པར་ཅན ་དང་ཁྱད་མེད་ནི།། ས་བཅུ་དག་ཏུ་ཤེས་པར་བྱ།། རྣམ་པར་བཞག་དང་དེ་བཞིན་དབྱིངས།། སྒྲུབ་དང་སྒྲུབ་དང་འཛིན་པ་དང་།། ངེས་པར་འཛིན་དང་རབ་ཏུ་འཛིན།། རབ་ཏུ་རྟོགས་དང་རབ་རྒྱས།། རྣམ་པར་རྟག་དང་རྣལ་འདུག་དང་།། ཕུལ་དུ ་བྱུང་བའི་དམིགས་པར་འདོད།། མ་ཚང་མོང་དང་མྱི་སྤོང་དང་།། མི་གཡེང་བ་དང་རབ་རྫོགས་དང་།། ཡང་དགུ་བསྐྱེད་དང་འཕེལ་བ་དང་།། ལས་སུ་རུང་དང་མི་དམ་སྒྲིབ་པ་མེད་པ་ཉིད་དང་དེ།། རྒྱུན་མི་གཅོད་པ ་ངག་འགྲུབ།། དབུས་རྣམས་འབྱེད་པའི་བསྟན་བཅོས་ཏེ།། རྟོགས་པར་དཀའ་དང་སྙིང་པོའི་དོན།། དོན་ཆེན་དེ་བཞིན་ཀུན་གྱི་ངོར།། དོན་མེད་ཐམས་ཅད་སེབསྟ་རྣམས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས།། ཐེག ་པ་བླ་ན་མེད་པའི་ལེའུ་བཅས་པ་ཞེས་བྱ་བ་སྦྲེལྔ་པའོ།། ། དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས། མགོན་པོ་བྱམས་པས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་ཤཱི་ལོན་དྲ་བོ་དྷི་དང་། རུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་