| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་སཱུ་ཏྤ་ལ་ཀཱ་ར་ཀྵ ་རིཀྵ། བོད་སྐད་དུ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི ་ཚིག་ལེའུར་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དོན་ཤེས་དོན ་སྟོན་རབ་ཏུ་བྱེད་པ་ངག་དང་ཚིག་རྣམས་དྲི་མེད་པས།། སྡུག་བསྔལ་བསྒྲལ་ཕྱིར་སྡུག་བསྔལ་འགྲོ་ལ་སྙིང་རྗེའི་ཕྱིར་ཏེ་དེའི་བདག ་ཉིད། ཐེག་མཆོག་བསྟན་པའི་རྣམ་པ་ཆོས་ཀྱི་དེ་ཡིས་འགྲོ་བའི་སེམས་ཅན་ལ།། འབྱོར་པའི་དོན་ཚུལ་བླ་མེད་གྱུར་པ་ལྔ་ཡི ་བདག་ཉིད་སྟོན་པར་བྱེད།། གསེར་ལས་བརྡུངས་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན།། བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ།། འཕྲིན་ཡིག་ལེགས་པར་ཐོས་འདྲ་རིན ་ཆེན་སྒྲོམ་ཕྱེ་ལྟར།། ཆོས་དེ་འདིར་བཤད་པས་ཀྱང་དགའ་བའི་མཆོག་བསྐྱེད།། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་བ།། མཐོང་བའི་དབང་གིས་མི་ནཱཾ ་རབ་ཏུ་དགའ་བའི་མཆོག་བསྐྱེད་པ།། དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི།། ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག ་བསྐྱེད།། ཇི་ལྟར་མནམས་ནི་རབ་དཀུ་ལ།། མྱངས་ན་ཞིམ་པའི་སྨན་བཞིན་དུ།། དེ་བཞིན་ཆོས་ཀྱང་གཉིས་གནས།། དོན་དང་ཡི་གེར་ཤེས་པར་བྱ།། ཆོས་བཀའ་རྒྱ་ཆེན་ཟབ་མོའིདི ་@#།། རྒྱལ་པོ་བཞིན་དུ་མཉེས་པར་དཀའ།། མཉེས་པར་བྱས་ན་དེ་བཞིན་དུ།། ཡོན་ཏན་མཆོག་གི་ནོར་སྦྱིན་བྱེད།། རིན་ཆེན་རིགས་ལྡན་རིན་ཐང་མེད།། ལྷ་མི་ཤེས་པའི་མི་མི་མགུ།། དེ་བཞིན་མི་མཁས་ཆོས་འདི་ལ ་བཟློག་ན་དེ་བཞིན་མགྲོ་བར་འགྱུར།། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་།། སྤྱོད་ཡུལ་མ་ཡིན་གྲུབ་པ་དང་།། ཡོད་དང་མེད་ནི་ཡོད་མེད་དང་།། གཉེན་པོ་དེང་ནི་སྒྲ་གཞན་ཕྱིར།། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན།། བསྟན་པ་དག་ཀྱང་སྲུང ་བར་མཛད།། དུས་ལའང་ཡེ་ཤེས་མ་བསྒྲིབས་པ།། དེ་ཕྱིར་བཏང་སྙོམས་མོ་རུང་ངོ་།། མ་ཚང་བ་དང་འགལ་བ་དང་།། ཐབས་མིན་དེ་ལྟར་མ་བསྟན་ཕྱིར།། ཉན་ཐོས་ཀྱི་ནི་ཐེག་པ་འདི།། ཐེག་ཆེན་ཆོས་ཤེས་བྱ་བ་མིན།། བསམ་པ་དང་ནི ་བསྟན་པ་དང་།། སྦྱོར་བ་དང་ནི་རྟོན་པ་དང་།། དུས་འགལ་ཕྱིར་ན་དམན་པ་གང་།། དེ་ནི་དམན་པ་ཁོ་ན་ཡིན།། རང་གི་ཉིད་ལ་འཇུག་པ་དང་།། རང་གཱི་འདུལ་བའང་སྣང་ཕྱིར་དང་།། ཟླབ་པའི་ཕྱིར་དྲང་རྒྱུ་རེའི་ཕྱིར།། ཆོས་ཉིད་དང་ནི་འགལ་བ་མེད།། ་རྟོག་གེ་རྟེན་ཅིང་མ་ངེས་ལ།། མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན།། བྱིས་པ་ལ་ནི་བརྟེན་པར་འདོད།། དེ་ཕྱིར་དེ་ནི་དེའི་ཡུལ་མིན།། རྒྱུ་ཆེའི་ཕྱིར་དང་ཟབ་པའི་ཕྱིར།། ཡོངས་སུ་སྨིན་དང་རྣམ་མི་རྟོག། དེ་ཕྱིར་འདི་ལས་གཉིས་བསྟན་ཏེ།། དེ་ནི་བླ་ན་མེད་པའི་ཐབས ་འགྲོ་བ་དེའི་གནས་མིན་ལ་སྟུག་པོས་གདུང་བྱེད་འགྱུར།། བསོད་ནམས་མ་ཡིན་ཕུང་བྱེད་པས་གོས་བྱས་ཡུན་རིང་དུ།། རིགས་དོན་གྲོགས་ངན་སྔོན་དགེ་མ་བསགས་བློ་མ་སྦྱངས།། ཆོས་འདིས་སྐྲག་འགྱུར་འདི་ནི་དོན་ཆེ་ནི་འདི་ལས་ལྟུང་།། དེ་ལས་གཞན ་དང་གཞན་མེད་ཤིན་ཏུ་ཟབ་ཅིང་རྗེས་སོང་ཕྱིར།། སྣ་ཚོགས་སྟོན་ཅིང་མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན།། ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ།། མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ན་ཆོས་འདིར་སྐྲག ་མི་འགྱུར།། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཡིད་ལ་བྱེད་པ་འབྱུང་།། ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་།། དེ་ལས་ཆོས་ཐོབ་དེ་ཡོད་དེ་ལས་བློ་གྲོས་རབ་ཏུ་སྐྱེ།། གང་ཚེ་དེ་ནི་སོ་སོ་རང་རིག་མེད་ན་ཇི་ལྟར་ངེས།། བདག་གིས ་མི་ཤེས་སངས་རྒྱས་ཟབ་མོ་མཁྱེན་མ་ཡིན།། ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན།། ཅི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་འགྱུར་ཞེས།། བྱ་བ་དེ་ནི་སྐྲག་པའི་གནས་རིགས་མ་ཡིན།། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམུན།། ་གྲོགས་བྲོ་དམན་པ་དག་གིས་ཡོངས་བསྐོར་བ།། ཟབ་ཅིང་རྒྱུ་ཚེ་ལེགས་པར་བཤད་པའི་ཆོས།། འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན།། ཐོས་རྡོས་འབྲངས་ཏེ་བློ་ལྡན་ཐོབ་ནས་ནི།། གང་ཞིག་ཐོས་ལ་རབ་ཧཱུཾ་རྣཾས་བྱེད་པ།། རྣམ་པཾ་སྣ་ས ་དཔག་ཏུ་མེད་ལུས་ལ།། རྨོངས་པ་གང་གི་ཕྱིར་ན་ངེས་པར་བྱེད།། དོན་སྒྲ་ཇི་བཞིན་ཡོངས་རྟོག་ན།། བདག་ཉིད་བསྙེམས་ཤིང་བློ་ཉམས་འགྱུར།། ལེགས་པར་གསུངས་པའང་སྤངས་པས་ན།། བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ།། ལིང ་ཉེས་པ་རང་བཞིན་གདུག་པ་སྟེ།། མ་རིགས་པའི་གཟུགས་ལའང་མི་རིགས་ན།། ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས།། དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད།། སྒྲུབ་པའི་སྐབས་རྫོགས།། ། ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས ་དང་ཟིལ་གནོན་པར།། དབྱེ་བའི་རང་བཞིན་དོན་རྣམ་བཞི་ཡི་ཁྱད་པར་གྱིས།། ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རླབ་སོང་བ་གང་།། དེ་ཉིད་སྐྱབསུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱ།། གང་ཕྱིར་དང་པོར་ངེས་པར་བྱ་བ་འདི ་དགའ་སྟེ།། དེ་ནི་བསྐལ་པ་སྟོང་ཕྲག་དུ་མོར་སྒྲུབ་པར་དཀལ།། གང་ཕྱིར་གྲུབ་ན་སེམས་ཅན་ཕན་བྱེད་དོན་ཆེན་ཏེ།། དེ་ཕྱིར་ཐེག་ཚོན་འདི་ལ་སྐྱབས་དོན་མཆོག་ཡི་ནོ།། གང་ཞིག་སེམས་ཅན་ཐམས་ཅད་བསྒྲལ་བར་ཞུགས་པ་དང་།། ཐེག་པ་ཡེ ་ཤེས་ཀུན་ཏུ་འགྲོ་ལ་མཁས་པར་ལྡན།། གང་ཞིག་མྱ་ངན་འདས་ལ་འཁོར་ཞི་རོ་གཅག་པ།། དེ་འདྲའི་བློ་ལྡན་དེ་འདིར་ཀུན་འགྲོ་ཤེས་པར་བྱ།། གང་ཞིག་དགའ་བ་མང་པོས་བྱང་ཆུབ་མཆོག་དོན་གཉེར།། གང་ཞིག་སྐྱོ་བ་མེད་པར་དཀའ་བ ་ཡང་དག་སྤྱོད།། གང་ཞིག་རྣམ་སངས་རྒྱས་ནས་སངས་རྒྱས་ཀུན་མཉམ་འགྱུར།། བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ།། སངས་རྒྱས་སྲས་ཀྱི་མཆོག་ཏུ་ལེགས་པར་གང་སྐྱེས་པ།། སེམས་དང་ཤེས་རབ་དང་ནི་ཚོགས་ལྡན་སྙིང་རྗེ་འདྲའི ་ས་བོན་མ་དང་མངལ་གནས་མ་མ་མཚུངས་པ་མེད།། བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ།། སྣ་ཚོགས་མཚན་རྣམས་ཀུན་གྱིས་དེ་ལུས་བརྒྱན།། སེམས་ཅན་ཐམས་ཅད་སྨོན་པར་བྱེད་སྟོབས་ཐོབ།། སངས་རྒྱས་བདྲེ་ཚན་མཐའ་ཡས་ཞི་བ ་རྙེད།། སེམས་ཅན་ཀུན་བསྐྱབ་ཐབས་ཆེན་བཤམས་པ་ཤེས།། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོས་དབང་བསྐུར་བྱིན།། དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན།། སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པ་ཤེས།། བསླབ ་བབུ་བཅའ་བས་ཚར་གཅད་ཕན་འདོགས་བྱེད་ལ་བརྩོན།། བློན་པོ་ཆེན་པོ་ལྟ་བུར་ཕ་རོལ་ཕྱིན་ལ་འཇུག་པའི་ཕྱིར།། བྱང་ཆུབ་ཆེན་པོ་ཕྱོགས་མཐུན་བདལ་ལ་རྟག་ཏུ་སྤྱན་བྱེད་ཕྱིར།། གསང་བའི་གནས་ནི་རྣམ་གསུམ་ཡང་དག་རྟག་ཏུ་འཛིན་པའི་ཕྱིར།། ། ་སེམས་ཅན་མང་དོན་རྟག་ཏུ་རྒྱུན་མི་འཆད་པར་རབ་བྱེད་ཕྱིར།། བསོད་ནམས་ཕུང་ཆེན་སྲིད་གསུམ་བླ་མ་སྲིད་པའི་བདེ་བ་དང་།། སྡུག་བསྔལ་ཕུང་པོ་ཆེན་པོ་ར་བ་ཞི་བློ་མཆོག་བདེ་བ་དང་།། ཆོས་མང་པོ་མཆོག་རབ་རྟག་པའི་སྐུ་སྟེ་དགེ་བའི་ཚོགས། ་བག་ཆགས་བཟློག་ཅིང་སྲིད་དང་ཞི་ལས་རྣམ་པར་གྲོལ་བ་འཐོབ།། བློ་ལྡན་ཉན་ཐོས་ཚོགས་བཅས་དགེ་བ་རྒྱ་ཆེན་དོན་ཆེ་དང་།། མཐའ་ཡས་རྟག་རྒྱུན་མི་འཆང་ཟད་མི་ཤེས་པས་ཟིལ་གྱིས་གནོན།། དགེ་བ་དེ་ཡང་འཇིག་རྟེན་འཇིག་རྟེན་མ ་མ་ཡིན་ཡོངས་སྤྲིན་བྱེད།། དབང་འབྱོར་རྙེད་པ་དེ་ནི་ཕུང་པོ་ཞི་བས་ཟད་མི་ཤེས།། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྗེ་ལས་རིག་བྱ།། དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང་བདེ་བྱེད་དཀའ་ལ་སྐྱོ་བ་མེད།། ངེས་པར་འབྱུང་ལ་ཐེག་པ ་ཀུན་གྱིས་རྟེན་པའི་ཡོན་ཏན་རྟག་ཏུ་ལྡན།། བརྡ་དང་ཆོས་ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་མཆོག་ཡིན།། སྐྱབསུ་འགྲོ་བ་འདིར་སོང་དྲོན་ཆེན་ཏེ།། དེས་ནི་ཚད་མེད་ཡོན་ཏན་ཚོགས་འཕེལ་འགྱུརརོ།། འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས ་ཁྱབ། མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད།། སྐྱབསུ་འགྲོ་བའི་སྐབས་རྫོགས་སོ།། །། ཡོད་དང་མཆོག་དང་མཚན་ཉིད་དང་།། རྟགས་དང་རིགས་རབ་དབྱེ་བ་དང་།། ཉེས་དམིགས་དང་ནི་ཕན་ཡོན་དང་།། དཔེ་རྣམ་གཉིས ་ཏེ་རྣམ་པ་བའི།། ཁམས་རྣམས་དང་ནི་མོས་པ་དང་།། སྒྲུབ་པ་ཐ་དད་དབྱེ་བ་དང་།། འབྲས་བུ་ཐ་དད་དམིགས་པའི་ཕྱིར།། རིགས་ཡོད་ཉིད་དུ་ངེས་པར་བརྗོད།། དེ་དག་ཁྱད་པར་འཕགས་པ་དང་།། ཐམས་ཅད་དང་ནི་དོན་ཆེན་དང་།། མི་ཟད ་པ་ཡི་རྒྱུ་མཚན་ཕྱིར།། རིགས་མཆོག་ཉིད་ཅེས་བརྗོད་པ་ཡིན།། རང་བཞིན་དང་ནི་རྒྱས་པ་དང་།། དེ་ནི་རྟེན་དང་བརྟེན་པ་དང་།། ཡོད་མེད་ཉིད་དང་ཡོན་ཏན་དང་།། སྒྲོལ་བའི་དོན་དུ་ཤེས་པར་བྱ།། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་།། མོས་པ་དང་ནི་བཟོད་པ་དང་། ་དགེ་བ་ཡང་དག་སྤྱོད་པ་ནི།། རིགས་ཀྱི་རྟག་སུ་ངེས་པར་བཤད།། རིགས་ནི་ངེས་དང་མ་ངེས་པ།། རྐྱེན་རྣམས་ཀྱིས་ནི་མི་འཕྲོགས་དང་།། འཕྲོགས་པ་ཉིད་དེ་མདོར་ན་རིགས།། དབྱེ་བ་དེ་ནི་རྣམ་པ་བཞི།། ཉོན་མོངས་གོམས་དང་གྲོགས་ངན་དང་།། ཕོངས་དང ་གཞན་གྱི་དབང་ཉིད་དེ།། མདོར་ན་རིགས་ཀྱི་ཉེས་དམིགས་དག། རྣམ་པ་བཞིར་ནི་ཤེས་པར་བྱ།། རིང་མོ་ཞིག་ནས་ངན་སོང་དུ།། འགྲོ་ཞིང་མྱུར་དུ་ཐར་པ་དང་།། དེ་ནའང་སྡུག་བསྔལ་ཆུང་ངུ་མྱོང་།། སྐྱེ་བཅས་སེམས་ཅན་སྨིན་པར་བྱེད།། གསེར་གྱི་རིགས་བཞིན ་ཤེས་པར་བྱ།། དགེ་བ་དཔག་ཏུ་མེད་པའི་གནས།། ཡེ་ཤེས་དང་ནི་དྲི་མེད་ལྡན།། མཐུ་རྣམས་ཀྱི་ཡང་གནས་ཡིན་ནོ།། རིན་ཆེན་མཆོག་རིགས་བཞིན་ཤེས་བྱ།། བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཕྱིར།། ཡེ་ཤེས་ཆེ་དང་ཏིང་འཛིན་འཕགས།། སེམས་ཅན་མང་པོའི ་དོན་གནས་ཕྱིར།། ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད།། ལ་ལ་དཀར་པོའི་ཆོས་རྣམས་ཀུན་དུ་བཅོམ།། ལ་ལ་ཐར་པའི་ཆ་མཐུན་དགེ་བ་མེད།། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ།། ཟབ་ཅིང་རྒྱ་ཆེར་བཤད་པ་གཞན་ལ་ཕན་ཕྱིར་བསྟན་པའི་ཆོས་ཆེན ་ལ།། མི་ཤེས་བཞིན་དུ་མོས་པ་ཤིན་ཏུ་རྒྱ་ཆེན་འབྱུང་བཞིན་སྒྲུབ་ལ་བཟོད།། དེ་དག་ཐ་མར་རྣམ་པ་གཉིས་མཆོག་ཕུན་སུམ་ཚོགས་འགྱུར་གང་ཡིན་དེ།། བྱང་ཆུབ་སེམས་དཔའ་རང་བཞིན་ཡོན་ཏན་ལྡན་དེ་རྒྱས་པའི་རིགས་ལས་ཤེས།། ཡོན་ཏན་ཤིན་ཏུ ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར།། བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་ཕྱིར།། བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། རིགས་མཆོག་དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན།། རིགས་ཀྱི་སྐབས་རྫོག་སོ།། །། སྤྲོ་བ་ཆེ་དང་རྩོམ་པ་ཆེ།། ། ་དོན་ཚོ་བ་དང་འབྱུང་པོ་ཆེ།། བྱང་ཆུབ་སེམས་དཔའི་སེམས་པ་སྟེ།། དོན་གཉིས་ལྡན་པའི་སེམས་འབྱུང་བ།། སེམས་བསྐྱེད་དེ་ནི་ས་རྣམས་ལ།། མོས་དང་ལྷག་བསམ་དག་པ་དང་།། རྣམ་པར་སྨིན་པ་གཞན་དུ་འདོད།། དེ་བཞིན་སྒྲིབ་པ ་སྤངས་པའོ།། དེ་ཡི་རྩེ་བ་སྙིང་རྗེར་འདོད།། རྟག་ཏུ་སེམས་ཅན་ཕན་པར་སེམས།། ཆོས་ལ་མོས་དང་དེ་བཞིན་དེའི།། ཡེ་ཤེས་ཚོལ་བར་དམིགས་པའོ།། གོང་དུ་འདུན་པ་འགྲོ་བ་སྟེ།། སྡོམ་པ་རྒྱ་ཆེན་དེ་ཡི་རྟེན།། ལམ་འགོག་པ་ནི་མི་མཐུན་ཕྱོགས།། ། ་སློང་ཞིང་དང་དུ་ལེན་པའོ།། བསོད་ནམས་ཡེ་ཤེས་རང་བཞིན་གྱི།། དགེ་བ་འཕེལ་བ་དེ་ཕན་ཡོན།། ཕ་རོལ་ཕྱིན་ལ་རྟག་སྦྱོར་བ།། དེ་ནི་ངེས་པར་འབྱུང་བར་བརྗོད།། འདི་ཡི་མཐར་ཐུག་པ་ཡིན་ཏེ།། སོ་སོ་རང་གི་དེ་སྦྱོར་བས།། བྱང་ཆུབ་སེམས་དཔའི ་སེམས་བསྐྱེད་པ།། རྣམ་པར་ངེས་པར་ཤེས་པར་བྱ།། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས།། ཐོས་སྟོབས་དགེ་བ་གོམས་པ་ལས།། མི་བརྟན་པ་དང་བརྟན་འབྱུང་བ།། གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད།། རྫོགས་པའི་སངས ་རྒྱུས་རབ་བསྙེན་བྱས།། བསོད་ནམས་ཡེ་ཤེས་ཚོགས་རབ་བསགས།། ཆོས་ལ་མི་རྟོག་ཡེ་ཤེས་ནི།། སྐྱེས་ཕྱིར་དེ་ནི་དམ་པར་འདོད།། ཆོས་དང་སེམས་ཅན་རྣམས་དང་ནི།། དེ་ཡི་བྱ་བ་སངས་རྒྱས་ཉིད།། མཆོག་ལ་སེམ་མཉམ ་རྙེད་པའི་ཕྱིར།། དེ་ཡི་རབ་དགའ་ཁྱོད་པར་འཕགས།། སྐྱེ་བ་རྒྱ་ཆེ་དེ་ལ་སྤྲོ།། བསམ་པ་ཡང་ནི་དག་པ་དང་།། ལྷག་མ་དག་ལ་མཁས་པ་དང་།། ངེས་པར་འབྱུང་བར་ཤེས་པར་བྱ།། ཆོས་ལ་མོས་པ་ས་བོན་དང་།། ཕ་རོལ་ཕྱིན་མཆོག་མ་ལས ་སྐྱེས།། བསམ་གཏན་ལས་བྱུང་བདེ་བ་མངལ།། སྙིང་རྗེ་བསྐྱོད་པའི་མ་མེའོ།། སྨོན་ལམ་ཆེན་པོ་བཅུ་སྒྲུབ་ཕྱིར།། རྒྱ་ཆེ་བར་ནི་ཤེས་པར་བྱ།། དཀའ་བ་ཡུན་རིང་མི་སྐྱོ་ཕྱིར།། སྤྲོ་བར་ཁོང་དུ་ཆུད་པར་བྱ།། བྱང་ཆུབ་ཉེ་བར་རྟོགས་པ་དང་།། དེ་ཡི ་ཐོབས་ཤེས་རྙེད་པའི་ཕྱིར།། བསམ་པ་དག་པར་ཤེས་པར་བྱ།། ས་གཞན་ཚུལ་ལ་མཁས་པ་ཉིད།། ཇི་ལྟར་རྣམ་གཞག་ཡིད་བྱེད་པས།། དེ་རྟོག་ཉིད་དུ་ཤེས་ཕྱིར་དང་།། དེ་ཉིད་ལ་ཡང་མི་རྟོག་ཕྱིར།། ངེས་པར་འབྱུང་བར་ཤེས་པར་བྱ།། ་བསྐྱེད་པ་ས་དང་མཚུངས་པ་སྟེ།། གཞན་ནི་བཟང་པོའི་གསེར་དང་འདྲ།། ཟླ་བ་ཡར་གྱི་ཚེས་པ་བཞིན།། གཞན་ནི་མེ་དང་འདྲར་ཤེས་བྱ།། གཞན་ནི་གཏེར་ཆེན་བཞིན་ཤེས་བྱ།། གཞན་ནི་རིན་ཆེན་འབྱུང་གནས་བཞིན།། རྒྱ་མཚོ་འདྲ་བར་ཤོས ་བྱ་གཞན།། རྡོ་རྗེ་དང་འདྲ་རི་རབ་འདྲ།། སྨན་གྱི་རྒྱལ་པོ་འདྲ་བ་སྟེ།། གཞན་ནི་མཛའ་ཆེན་འདྲར་ཤེས་བྱ།། ཡིད་བཞིན་ནོར་བུ་འདྲ་བ་དང་།། གཞན་ནི་ཉི་མ་འདྲར་ཤེས་བྱ།། གཞན་ནི་དྲི་ཟའི་དབྱངས་སྙན་བཞིན།། གཞན་ནི་རྒྱལ་པོ་འདྲར་ཤེས་བྱ།། ་དེ་བཞིན་གཞན་ནི་མཛོད་ལྟ་བུ།། ལམ་པོ་ཆེ་དང་འདྲར་ཤེས་བྱ།། ཐེག་པ་འདྲར་ཤེས་བྱ་བ་སྟེ།། སེམས་བསྐྱེད་བཀོད་མ་འདྲ་བ་ཡིན།། ཀུན་དགའི་སྒྲ་དང་འདྲ་བ་སྟེ།། ཀླུང་ཆེན་རྒྱུན་དང་འདྲ་བའོ།། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ།། སྤྲིན་དང་འདྲ་བར ་སྣུན་པ། དཔྱིར་དེ་ལྟར་ཡིན་ཏེན་ཕྱུག། སེམས་ནི་དགའ་བས་ཡང་དག་བསྐྱེད།། རྗེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག། གཞན་དོན་སེམས་དང་དེ་ཡཾ་ཐབས་རྙིང་དང་།། དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། ཁ་བ་དེ་སྤྱངས་ནི་ཟླ ་འཕོ་བར་འགྱུར།། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང་།། མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམས།། གཉིས་འཕེལ་བྱེད་པས་རྟག་ཏུ་དགེ་བ་དང་།། བརྩེ་ལྡན་བདེ་དང་སྡུག་བསྔལ་དག་གིས་དགའ།། གང་ཆེ་གཞན་གྱི་དོན་ཕྱིར ་ལུས་དང་ནི། སྲོག་ལ་མི་ལྟ་རབ་ངལ་ཁས་ལེན་པ།། དེ་ལྟ་བུ་དེ་བཞིན་གྱི་གནོད་པ་ཡིས།། ཇི་ལྟར་ངན་པ་བྱེད་པའི་ལས་ལ་འཇུག། དྲི་ཡིས་ཚས་ཀུན་སྒྱུ་མ་ལྟ་བུ་དང་།། སྐྱེ་བ་སྐྱེད་མོས་ཚུལ་འགྲོ་ལྟར་རྟོགས་ནས།། འབྱོར་པའི་དུས་དང་རྒུད་པའི ་དུས་ནའང་འདི་ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད།། རང་གི་ཡོན་ཏན་སེམས་ཅན་ཕན་འདོགས་དཀའ།། བསམ་བཞིན་སྐྱེ་བ་རྫུ་འཕྲུལ་རྣམ་པར་འཕྲུལ།། རྒྱན་དང་སྟོན་མོ་མཆོག་ས་རྩེ་དགའ་བ།། སྙིང་རྗེའི་བདག་ཉིད་མིན་པ ་རྣམས་ལ་མེད།། གཞན་དོན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་འདི།། གང་ཚེ་མནར་མེད་པ་ལའང་དགར་འཛིན་པ།། དེ་འདྲ་བ་དག་སྲིད་ན་གཞན་བརྟེན་ཅན།། སྡུག་བསྔལ་བྱུང་བ་རྣམས་ཀྱིས་ག་ལ་འཇིགས།། སློབ་དཔོན་བརྩེ་ཆེན་རྟག་ཏུ་བརྟེན་པའི་བདག། ་ཕ་རོལ་སྡུག་བསྔལ་དག་གིས་སེམས་གདུང་པ།། གཞན་གྱི་བྱ་བ་ཉེ་བར་གནས་པ་ལ།། གཞན་གྱིས་བསྒྲལ་བཤིན་ཏུ་ཆ་ཡང་།། མགོལ་སེམས་ཙམ་གུ་ཆེན་ཁྱེར་བ་ཡི།། སེམས་ཅན་མཆོག་ནི་དལ་རྨྱིས་འགྲོ་མི་མཛེས།། བདག་གཞནས ་ཚོགས་འཆིང་བས་རབ་བཅིངས་པ།། བརྩོན་འགྲུས་བརྒྱ་འགྱུར་དུ་ནི་བྱ་བའི་རིགས།། སེམས་བསྐྱེད་པའི་སྐབས་རྫོགས་སོ།། །། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད།། རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད།། རྟག་ཏུ་ལེན་པ་ཆེ་དང་བཟོད་པ ་ཆེཚེ།། དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད།། གཞན་དང་བདག་ཏུ་སྙམ་པའི་སེམས་ཉིད་དམ།། བདག་པས་གཞན་ཆོས་སྡུག་པ་རྙེད་ནས་ནི།། དེ་ལྟར་བདག་པས་གཞན་དོན་མཆོག་ཏུ་ཤེས།། རང་གི་དོན་གང་གཞན་གྱི་དོན་གང་ཡིན།། དེ་ལྟར་སྙིང་རྗེའི་བདག་ཉིད ་གཞན་གྱི་དོན་གྱི་ཕྱིར།། བདག་གི་སྡུག་བསྔལ་སྣ་ཚོགས་གདུང་བར་རབ་བྱེད་པ།། དེ་ལྟར་འཇིག་རྟེན་གདུང་བའི་ལས་ཀྱིས་གཞན་དགྲ་ལ།། ཤིན་ཏུ་བརྩེ་བ་མེད་པར་རབ་ཏུ་འཇུག་པ་མ་ཡིན།། ཐ་ཆད་འབྲིང་དང་མཆོག་ཆོས་ཉིད་གནས་ལ།། ལེགས་པ་སྟེན ་དང་མགུ་བྱེད་འཇུག་པ་དང་། དོན་ལ་རྣམ་དེས་དགེ་བ་ཡོངས་སྨིན་བྱེད།། དེ་བཞིན་གདམས་ངག་གནས་དང་བློ་རྣམ་གྲོལ།། ཡོན་ཏན་ཁྱད་པར་ཅན་འགྲུབ་པ་དེ་བཞིན་དུ།། རིགསུ་སྐྱེ་དང་ལུང་བསྟན་དབང་བསྐུརུ་དང་།། དེ་བཞིན་གཤེགས་མཁྱེན། ་མེད་གོ་འཕང་སྟེ།། བཅུ་གསུམ་བདག་ཉིད་འདི་ནི་གཞན་གྱི་དོན།། སྐྱེ་བོ་དང་མཐུན་ཕྱིན་ཅི་མ་ལོག་འཆད།། མི་འགྱེང་བ་དང་བདག་གི་མེད་ལ་མཁས།། བཟོད་དུལ་ཤིན་ཏུ་རིང་སོང་མི་བཟད་པ།། རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་མཆོག་ཡིན་ནོ།། འདོད་ལྡན ་སྐྱེ་བོ་འཇིགས་པ་ཆེ་ལ་འཇུག། སྲིད་དགའ་ཕྱིན་ཅི་ལོག་བདེ་གཡོ་བ་ལ།། ཞི་དགའ་རང་གི་ལེན་པ་རབ་ཞི་ལ།། སྙིང་རྗེའི་བདག་ཉིད་ལེན་ཀུན་ཞི་ལ་རྟག། སྐྱེ་བོ་རྨོངས་པ་རང་གི་བདེ་དོན་བརྩོན།། རྟག་ཏུ་དེ་མ་ཐོག་པར་སྡུག་བསྔལ་འགྱུར།། བརྟན་པ་རྟག་ཏུ་གཞན ་དོན་བརྩོན་ལྡན་པ།། གཉིས་ཀའི་དོན་བྱས་མྱ་ངན་འདའ་བར་འགྱུར།། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར།། དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་པར་འགྱུར།། དེ་ལྟ་དེ་ལྟར་རིགས་པ་མཐུན་ཚིག་གིས།། སེམས་ཅན་དོན་ཕྱིར་དེ་མངོན་འདུ་བྱེད་དོ།། རྟག་ཏུ ་ཉེས་པས་རང་དབང་མེད་པར་བྱས་སེམས་ཀྱི།། སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མོ་འཛིན་ཏོ།། མི་འདོད་བཞིན་དུ་ལོག་པར་སྒྲུབ་པར་འགྱུརརོ་ཞེས།། སྐྱེ་བོ་དག་ལ་སྙིང་རྗེ་རྣམ་པར་འཕེལ་ཕྱིར་རོ།། སྒྲུབ་པ་འདིས་ནི་སྲིད་དང་འགྲོ་བ་ཀུན།། ཟིལ་གྱིས་མནན ་འགྲོ་ཞི་བ་མཆོག་དང་ལྡན།། ཡོན་ཏན་སྣ་ཚོགས་དག་གིས་རྣམ་པར་འཕེལ།། བྱམས་པའི་བསམ་པས་རྟག་ཏུ་འགྲོ་བ་སྟེ།། སྒྲུབ་པའི་སྐབས་རྫོགསོ།། །། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན།། སྐྱེད་དང་འཇིག་མེད་འབྲི་བར་མི་འགྱུར ་ཏེ་འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད།། རྣམ་པར་དགྲ་འགྱུར་དེ་ནི་དོན་དོམ་མཚན།། བདག་ཏུ་ལྟ་བ་བདག་ཉིད་བདོག་མཚན་མིན།། དྲན་པར་གནས་མིན་མཚན་ཉིད་མི་འདྲ་ཕྱིར།། གཉིས་ལས་གཞན་མེད་དེ་ནི་ནོར་བ་སྐྱེས།། དེ་ཕྱིར་ཐར་པ ་ནོར་ཙམ་ཟད་པ་ཡིན།། ཇི་ལྟར་འཁྲུལ་པ་ཙམ་བརྟེན་སྐྱེ་བོ་ཡིས།། སྡུག་བསྔལ་རང་བཞིན་རྒྱུན་ཆགས་རྟོགས་མི་འགྱུར།། རིག་མིན་རིག་ཉིད་སྡུག་བསྔལ་སྡུག་བསྔལ་མེད།། ཆོས་ཀྱི་རང་བཞིན་དེ་ཡི་རང་བཞིན་མིན།། བརྟེན་ནས་དངོས་རབ་སྐྱེ་བར ་མངོན་འཇུག་ན། སྐྱེ་བོ་ཇི་ལྟར་གཞན་གྱིས་བྱས་ལ་བརྟེན།། གང་ཕྱིར་ཡོད་པ་མི་མཐོང་མེད་པ་མཐོང་།། འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག། འདི་ལ་དོན་དམ་ཚུལ་གྱིས་ཞི་བ་དང་།། སྐྱེ་བ་དེ་གཉིས་ཁྱད་པར་ཅི་ཡང་མེད།། ། ་འོན་ཀྱང་དགེ་བའི་ལས་རྣམས་བྱེད་པ་དག། སྐྱེ་བ་ཟད་པས་ཞི་བ་ཐོབ་པར་བཤདདོ།། བྱང་ཆུབ་སེམས་དཔས་བསོད་ནམས་ཡེ་ཤེས་ཀྱི།། མཐའ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས།། ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས ་ཕྱིར། དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོག་སོ།། དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནསོ།། དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས།། དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང་།། བྲལ་བས་མངོན་སུམ་ཉིད་དུ་རྟོགས་པར་འགྱུར།། ་སེམས་ལས་གཞན་མེད་པར་ནི་བློས་རིག་ནས།། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས།། བློ་དང་ལྡན་པས་གཉིས་པོ་མེད་རིག་ནས།། དེ་མཱི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས།། བློ་དང་ལྡན་པ་མི་རྟོགས་ཡེ་ཤེས་སྟོབས།། རྟག་ཏུ་ཀུན་ནས ་མཉམ་པར་སོང་བ་ཡིས།། དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་དག། དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད།། ཐུབ་པས་གསུངས་པའི་དམ་ཆོས་ལེགས་བཞག་པ།། རྩ་བ་ཆོས་ཀྱི་དབྱིངས་ལྷ་བློ་གྲོས་བཞག། དྲན་རྒྱུ་རྟོག་པ་ཙོ་མི་རིག་བརྟན ་བ་དག། བྱུང་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། དེ་ཁོ་ན་ཉིད་ཀྱི་སྐབས་རྫོ་གས།། །། སྐྱེ་དང་ངག་སེམས་དགོ་དང་མི་དགེ་བསྐྱེད།། དེ་ཡི་གནས་དང་ངེས་འབྱུང་མངོན་སུམ་གང་།། ཤེས་པོ་ཀུན་འགྲོ་རབ་ཏུ་དབྱེ་བོ་རྩེ་མོ་མོ།། ཐོགས་མེད་བརྟན། ་པ་ཐོབ་པའི་མཐུ་ཡི་ནོ།། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས།། མི་རྟོག་ཡེ་ཤེས་ཡོངསུ་བཟུང་བ་དང་།། ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས།། མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར།། གང་གིས་འཕགས་དང་ལྷ་དང་ཚངས་པ་ཡི།། གནས་པ་དགེ ་མེད་རྒྱ་ཆེས་རྟག་ཏུ་གནས།། ཕྱོགསུ་དེ་སོང་སངས་རྒྱས་སེམས་ཅན་དག། ཡང་དག་མཆོད་བྱེད་རྣམ་པར་དག་པ་བསྐྱེད།། ཆགས་དང་འཇིག་བཅས་སེམས་ཅན་བཅས་པ་ཡི།། འཇིག་རྟེན་ཁམས་རྣམས་སྒྱུ་མ་ལྟ་བུར་མཐོང་།། དབང་ལྡན་ཇི་ལྟར ་འདོད་བཞིན་དེ་དག་དང་།། རྣམ་བཅས་སྣ་ཚོགས་དག་ཀྱང་ཡང་དག་སྟོན།། འོད་ཟེར་བཏང་བས་ཤིན་ཏུ་སྡུག་བསྔལ་པོའི།། ངན་སོང་བ་དག་མཐོ་རིས་འགྲོ་བར་བྱེད།། བདུད་གནས་གཞལ་མེད་ཁང་མཐོ་མཛེས་པ་དག། བདུད་བཅས་ཀུན་དུ་བསྐྱོད ་ཅིང་སྐྲག་པར་བྱེད།། དེ་ནི་མཆོག་ཚོགས་ནང་དུ་ཏིང་ངེ་འཛིན།། དཔག་མེད་རྣམ་པར་རོལ་པ་ཀུན་སྟོན་ཞིང་།། ལས་དང་སྐྱེ་དང་མཆོག་གི་སྤྲུལ་པ་ཡི།། སེམས་ཅན་རྣམས་ཀྱི་དོན་དུ་དུས་ཀུན་གནས།། ཡེ་ཤེས་དག་ལ་དབང་ཕྱིར་ཞིང་རྣམས་ནི།། ་ཇི་ལྟར་འདོད་བཞིན་བསྟན་ཕྱིར་དག་པ་ཐོབ།། སངས་རྒྱས་མཚན་མི་གྲག་པར་སངས་རྒྱས་མཚན།། ཡང་དག་བསྒྲགས་པས་དེ་དག་ཁམས་གཞན་འགྱེད།། འདབ་གཤོག་ཀུན་ཏུ་རྒྱས་པའི་བྱ་བཞིན་དུ།། སེམས་ཅན་སྨོན་པར་བྱེད་པར་ནུས ་པ་ཉིད།། སངས་རྒྱས་ལས་ནི་ཤིན་ཏུ་བསྔགས་པ་འཐོབ།། སྐྱེ་དགུ་རྣམས་ལ་ཚིག་བཟུང་འོས་པར་འགྱུར།། མངོན་པར་ཤེས་པ་དྲུག་དང་རིག་པ་གསུམ།། རྣམ་ཐར་བརྒྱད་དང་དེ་བཞིན་ཟིལ་གནོན་བརྒྱད།། ཟད་པར་སྐྱེ་མཆེད་བཅུ་དང་ཏིང་ངེ ་འཛིན།། དཔག་ཏུ་མེད་པ་བརྟན་པ་ཐོབ་པའི་མཐུ།། དེ་ནི་དབང་མཆོག་ཐོབ་པའི་བློ་དང་ལྡན།། འགྲོ་བ་དབང་མེད་རང་དབང་བཀོད་རྟག་ཏུ།། གཞན་ལ་ཕན་བྱ་གཅིག་ཏུ་མངོན་དགའ་སྟེ།། སེང་གེ་བཞིན་དུ་རབ་བརྟན་སྲིད་ན་སྤྱོད།། མཐུའི ་སྐབས་རྫོག་སོ།། །། དགའ་དང་དང་དང་རབ་ཞི་སྙིང་བརྩེ་དང་།། བཟོད་དང་ཡིད་གཞུངས་མཐུ་ཅན་ཉིད་དང་ནི།། མི་འཕྲོགས་པ་དང་ཡན་ལག་ལྡན་པ་ར་བ།། དེ་ནི་རྒྱལ་སྲས་ཡོངསུ་སྨིན་པའི་མཚན།། གྲོགས་མཆོག་ལ་སོགས་གསུམ་དང་བརྩོན ་རབ་དང་།། མཐར་ཕྱིན་དམ་པ་དང་ནི་ཆོས་མཆོག་སྡུད་།། དམ་ཆོས་ཆེར་གཟུང་ཕྱིར་ནི་སྙིང་རྗེ་ཅན།། ཡང་དག་ཡོངསུ་སྨིན་པའི་མཚན་ཉིད་འདོད།། ཡོན་ཏན་ཤེས་དང་སེམས་ཀྱང་མི་ཕྱེད་དང་།། ཏིང་འཛིན་མྱུར་དུ་ཐོབ་དང་འབྲས་བུ་མྱོང་།། སྟོན་ལ་ཡིད། ་ཆེས་བྱ་ཕྱིར་རྒྱལ་སྲས་ཀྱི།། ཡང་དག་ཡོངསུ་སྨིན་པའི་མཚན་ཉིད་འདོད།། ཤིན་ཏུ་སྡོམ་ཞིང་ཉོན་མོངས་རྟོག་པ་སྤོང་།། བར་ཆད་མེད་ཅིང་དགེ་ལ་མངོན་པར་དགའ།། རྒྱལ་བའི་སྲས་ཀྱི་ཉོན་མོངས་བསལ་བའི་ཕྱིར།། ཡང་དགེ་ཡོངསུ་སྨིན་པའི་མཛན།། ་ཉིད་འདི་།། རང་བཞིན་སྙིང་བརྩེ་གཞན་གྱི་སྡུག་བསྔལ་མཐོང་།། དམན་པའི་སེམས་ཀྱང་ཡང་དག་རབ་ཏུ་སྤོང་།། ཁྱད་པར་འགྲོ་དང་འགྲོ་བའི་མཆོག་གྱུར་ལུས།། གཞན་ལ་སྙིང་བརྩེ་ཡོངསུ་སྦྱིན་པའི་མཚན།། རང་བཞིན་བརྟན་པ་སོ་སོར་བརྟག་སྒོམ ་བ།། གྲང་སོགས་སྡུག་བསྔལ་ཤིན་ཏུ་རྟག་མི་འབྱེད།། ཁྱད་པར་འགྲོ་དང་དགེ་ལ་མངོན་པར་དགའ།། བཟོད་པ་ཡོངསུ་སྨིན་པའི་མཚན་ཉིད་འདོད།། རྣམ་སྨིན་དག་ཅིང་ཐོས་སོགས་དྲན་མི་བརྗེད།། དེ་བཞིན་ལེགས་བཤད་ཉེས་པར་སྨྲས་པ་དག། ཤེས། ་རབ་བློ་ཆེན་སྐྱེ་བར་རུང་བ་ཉིད།། ཤིན་ཏུ་ཡིད་གཞུངས་ཡོངསུ་སྨིན་པའི་མཚན།། དགེ་བ་གཉིས་ཀྱི་ཁམས་གཉིས་བརྟས་པ་དང་།། རྟེན་ནི་འབྲས་བུ་སྐྱེ་བར་རུང་བའི་མཆོག། ཡིད་ལ་བསྣམ་གྲུབ་འགྲོ་བའི་མཆོག་གྱུར་པ།། མཐུ་ཐོབ་ཡོངསུ་སྨིན་པའི་མཚན་ཉིད་དོ།། ་ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན།། རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད།། ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན།། མི་འི་ཕྲོགས་ཡོངསུ་སྨིན་པའི་མཚན་ཉིད་དོ།། དགེ་བ་བསགས་དང་རྟེན་ཀྱང་བརྩོན་པར་རུང་།། དབེན་དང་དགེ་བ་མཆོག ་ལ་མངོན་དགའ་བ།། རྒྱལ་བ་སྨྲས་ཀྱི་ཡན་ལག་ལྡན་པ་ཡི།། ཡང་དག་ཡོངསུ་སྨིན་པའི་མཚན་ཉིད་དོ།། དེ་ལྟར་དངོས་པོ་རྣམ་དགུས་སྨོན་པའི་བདག། ཕ་རོལ་ཡོངསུ་སྨིན་བྱེད་རུང་དང་ལྡན།། ཆོས་ཀྱི་རང་བཞིན་རྒྱུན་འཕེལ་བདག་ཉིད་ཅན།། རྟག་ཏུ་འགྲོ་བའི ་གཉེན་མཆོག་གྱུར་པ་ཡིན།། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི་གཟག་དང་སྤྱད་དུ་རུང་བ་སྨིན་འདོད་ལྟར།། དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་།། དེ་བཞིན་སྤྱོད་པ་ཉིད་དུ་སྨིན་པ་བསྟན།། ལུས་ཅན་བྲལ་བར་སྨིན་བྱེད་དེ་བཞིན་དུ།། ཡོངས་སྨིན་རབ་སྨིན་མཐུན། ་པར་སྨིན་བྱེང་གཞན།། ལེགས་པར་སྨིན་བྱེད་རྟོགས་པ་སྨིན་བྱེད་དང་།། རྟག་མིན་གོང་དུ་སྨིན་བྱེད་བཤད་པར་འདོད།། ཇི་ལྟར་རྒྱལ་སྲས་ཕན་པའི་བསམ་པས་འདིར།། འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ལྟ་རོ།། དེ་བཞིན་ཕ་མ་དང་གཉེན་བཤེས་རྣམས ་བུ་དང་གཉོན་པ་རྣམས་ལ་ལེགས་མི་གནས།། ཇི་ལྟར་བརྩེ་བ་དག་བདེ་དང་ཕན་སྦྱོར་ཕྱིར།། སེམས་ཅན་གཞན་ལ་བྱམས་འདོད་དེ་ལྟར་ནི།། སྐྱེ་བོ་བདག་ལ་བྱམས་པར་མི་འདོད་ན།། རབ་སྡུག་སྐྱེ་བོ་གཞན་རྟེན་སྨོས་ཅི་དགོས།། བྱང་ཆུབ་སེམས་དཔའི་ལུས ་དང་ལོང་སྤྱོད་དག། གཞན་ལ་མི་སྦྱིན་པ་ནི་ཡོང་མེད་དེ།། ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད།། མཉམ་པར་སྦྱིན་པའི་ཡོན་ཏན་ངོམས་མི་འགྱུར།། རྟག་པ་རང་བཞིན་ལྷག་པར་འཚེ་བ་མེད།། བདག་དགའ་བག་ཡོད ་འདི་ལ་གཞན་འགོད་ཅིང་།། ཕན་རྣམ་གཉིས་འདོགས་རྣམ་པར་སྨིན་པ་དང་།། རྒྱུ་མཐུན་ཡོན་ཏན་རྒྱུད་པས་གཞན་སྨིན་བྱེད།། གཞན་གནོད་བྱེད་ལ་ཕོན་བྱེད་བློ་ལྡན་པ།། གནོད་བྱེད་དྲག་པོ་དག་ཀྱང་རབ་ཏུ་བཟོད།། ཐབས་རིག་གནོད་བྱེད་བཟོད་པ་དེ་དག་གིས ་གནོད་བྱེད་དགེ་བ་ཡང་དག་ལེན་དུ་འཇུག། རྒྱལ་སྲས་བརྩོན་འགྲུས་མཆོག་ལོ་བརྟེན་པ་དེ།། སེམས་ཅན་ཚོགས་རབ་སྨོན་པར་བྱེད་པ་ན།། ཕ་རོལ་སེམས་དག་གཅིག་གི་ཕྱིར་ཡང་ནི།། བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར།། ཡིད་ཀྱི་དབང་ནི་བླ་ན་མེད་ཐོབ ་ནས།། གཞན་གྱིས་མཆོད་ཐམས་ཅད་དེས་བཅོམ་སྟེ།། མཆོག་གི་བསྟན་ལ་གཞན་དག་འདུན་བྱེད་ཅིང་།། དེ་དག་དགེ་བྲིས་ཡང་དག་འཕེལ་བར་བྱེད།། དེ་ཉིད་དགོངས་དོན་ཚུལ་ལ་རབ་ངེས་ཏེ།། སེམས་ཅན་ཐེ་ཚོམ་ཤིན་ཏུ་སེལ་བར་བྱེད།། དེ་ཕྱིར་རྒྱལ་གྲི། ་བསྟན་ལ་དགུས་པས།། རང་བཞན་དགེ་བའི་ཡོན་ཏན་རྣམ་འཕེལ་བྱེད།། དེ་ལྟར་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཡིས།། འགྲོ་ཀུན་བདེ་འགྲོ་རི་འགྲོ་བ་འམ་དགྲ་གསུམ་ལ།། རྣམ་པ་ཆུང་དང་མཆོག་དང་འབྲིང་དག་གིས།། འཇིག་རྟེན་ཡོད་དོང་མཉམ ་རྫོག་པས་འདུས། མ་སྨིན་པའི་རྣབ་རྫོགས་ས།། ། དེའི་སྣོད་སེང་བརྒྱ་ཕྲག་དག། དང་ག་མེད་དག་ཀྱི་བསགས་པ་དང་། དངག་ཏུ་མེད་པའི་དུས་དཔག་པ་སློབ་པ་ཟང་པའི་ཕྱིར། རྨིམ་བཀུན་གྱི་དྲི་མེང་པ། རྣམ་པ ་མཁྱེན་པ་ཉིད་ཐོག།། རིན་ཆེན་སྣོད་ནི་ཕྱེ་བ་ལྟར།། སངས་རྒྱས་ཉིད་ནི་ཡང་དག་བསྟན།། ངལ་རྒྱུས་རླུང་བྱུང་དཀའ་སྤྱད་དགེ་ཀུན་བས་གས།། བསྐལ་མཆོག་དུས་རིང་འགྲོ་བའི་སྒྲིབ་ཀུན་ཟད།། སཱར་གཏོགས་སྒྲིབ་པ་ཕྲ་བཅོམ་སངས་རྒྱས་ཏེ།། དེ་ནི་མཐུ་ཆེ་རིན་ཆེན ་སྣོད་ཕྱེ་བཞིན།། ཆོས་རྣམས་ཐམས་ཅད་སངས་རྒྱས་ཉིད།། ཆོས་ནི་གང་ཡང་ཡོད་མ་ཡིན།། དེ་ནི་ཆོས་དཀར་རོང་བཞིན་ཡང་།། དེ་ཡིས་དེ་ནི་བརྗོད་མ་ཡིན།། རིན་ཆེན་ཆོས་ཀྱི་རྒྱུ་མཚན་ཕྱིར།། དེ་ནི་རིན་ཆེན་འབྱུང་གནས་བཞིན།། དགེ་བའི་ལོ་ཏོག་རྒྱུ་མཚན ་ཕྱིར། དེ་ནི་སྤྲིན་དང་འདྲ་བར་འདོད།། སངས་རྒྱས་ཉིད་ནི་ཆོས་ཀུན་ལྡན་པ་འམ་ཡང་ན་ཆོས་ཀུན་བྲལ་བ་སྟེ།། རིན་ཆེན་ཆོས་རབ་ཆེ་ཡངས་འབྱུང་ཕྱིར་རིན་ཆེན་ཆོས་ཀྱི་འབྱུང་གནས་བཞིན།། སྐྱེ་དགུ་རྣམས་ལ་ལེགས་བཤད་མི་ཟད་ཆོས་ཀྱི་ཆར་ཆེན ་འབེབས་པས་ན།། འབྱུང་པོའི་ལོ་ཏོག་དཀརོ་བོ་ཤིན་ཏུ་ཚེ་འཕེལ་རྒྱུ་ཕྱིར་སྦྱིན་དང་འདྲ།། རྟག་ཏུ་ཉོན་མོངས་ཚོགས་ཀུནྡ་དང་།། ཉེས་པར་སྤྱོད་པོ་ཐམས་ཅད་དང་།། རྒྱུ་དང་འཆི་བ་དག་ལས་ཀྱང་།། སངས་རྒྱས་ཉིད་ནི་ཡོངསུ་སྐྱོབ།། འཚེ་བ་དག ་ཐམས་ཅད་དང་།། ངན་སོང་དང་ནི་ཐབས་མིན་དང་།། འཇིག་ཚོགས་ཐོག་པ་དེ་མིན་པ་ལས།། དེ་ཕྱིར་སྐྱབས་ཀྱི་དམ་པའོ།། སངས་རྒྱས་ཉིད་དེ་སྐྱབས་ནི་དཔེ་མེད་མཆོག་ཏུ་འདོ།། སྣ་ཚོགས་འཇིགས་གྱུར་འཇིགས་ཚོགས་ཀུན་དང་ཐེག་པ་དང་།། ་ངར་སོང་རྣམ་མང་སྡུག་བསྔལ་ཐབས་མིན་སོང་བ་རྣམས།། སྐྱེ་དང་འཆི་བ་དང་ཉོན་མོངས་ལོས་རྣམས་ཀུན་ལས་སྲུང་།། སངས་རྒྱས་ཆོས་ཀྱིས་ཤིན་ཏུ་རྫོགས་པོའི་སྐུ་གང་ཡིན།། དམ་པའི་ཆོས་ལ་སེམས་ཅན་རབ་གདུལ་མཁྱེན་པར ་འགྲོ་བཀུར་ལ་ཐུགས་བརྗེས་ཕ་རོལ་ཕྱིན་པ་གང་།། སངས་རྒྱས་ཉིད་དེ་འདིར་ནི་སྐྱབས་ཀྱི་མཆོག་ཏུ་འདོད།། འཇིག་རྟེན་ཇི་སྲིད་སེམས་ཅན་གྱི།། གནོད་དང་ཕུན་སུམ་ཚོགས་པ་ཀུན།། བཟློག་ཅིང་འབྱོར་པར་བྱ་བའི་ཕྱིར།། སངས་རྒྱས་སྐྱབས ་ཆེན་ཉིད་དུ་འདོད།། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ།། སྤོང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཞིང་།། གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད།། དེ་ནི་མི་རྟོག་རབ ་དག་ཤིན་ཏུ་ཡུལ་ཆེན་ཡེ་ཤེས་ལམ་གྱིས་ཐོབ།། དེ་བཞིན་གཤེགས་པ་དེ་ནི་དེར་བཞུགས་ནས།། རི་དབང་མཐོ་སྟེང་བཞུགས་བཞིན་འགྲོ་ལ་གཟིགས།། ཞི་བར་མངོན་དགའི་འགྲོ་ལའང་ཐུགས་རྗེ་ན།། སྲིད་ལ་མངོན་དགའི་སྐྱེ་བོ་གཞན་ཅི་སྨོས།། གནས་ལ ་འཇུག་དང་རབ་འཇུག་མི་འཇུག་དང་།། ལྡོག་དང་ཀུན་འཇུག་གཉིས་དང་མི་གཉིས་དང་།། མཉམ་དང་ཁྱད་འཕགས་ཀུན་འགྲོའི་བདག་ཉིད་ནི།། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་གྱུར་འདོད།། ཇི་ལྟར་ན་མཁའ་རྟག་ཏུ་ཀུན་སོང་འདོད།། དེ་བཞིན་དེ་ཡང་རྟག ་ཏུ་ཀུན་སོང་འདོད།། ཇི་ལྟར་ན་མཁའ་གཟུགས་གྱུར་ཀུན་ཏུ་སོང་།། དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སྟོང་།། ཇི་ལྟར་ཆུ་ཡི་སྣོད་ཆག་ན།། ཟླ་བའི་གཟུགས་བརྙན་མི་སྣང་བ།། དེ་བཞིན་སེམས་ཅན་ངན་པ་ལ།། སངས་རྒྱས་གཟུགས་ཀྱང་མི་སྣང་།། ་ཇི་ལྟར་མེ་ནི་གཞན་དུ་འབར།། གཞན་དུ་ཞི་བར་གྱུར་པ་ལྟར།། དེ་བཞིན་སངས་རྒྱས་རྣམས་ལ་ཡང་།། སྣང་དང་མི་སྣང་ཤེས་པར་བྱ།། ཇི་ལྟར་རྔ་དག་མ་བརྡུངས་པར།། སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར།། དེ་བཞིན་རྒྱལ་བ་བཟོ་མེད་པར།། བཤད་པ་དག་ནི་ཀུན་ཏུ་འབྱུང་། ་ལྟར་ནོར་བུ་འབད་མེད་པར།། རང་གི་འོད་ནི་སྟོན་པ་ལྟར།། སངས་རྒྱས་རྣམས་ཀྱང་བཟོ་མེད་པར།། དེ་བཞིན་མཛད་པ་ངེས་པར་སྟོན།། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི།། བྱ་བ་རྒྱུན་མི་འཆད་པར་སྣང་།། དེ་བཞིན་ཟག་མེད་དབྱིངས་ན་ཡང་།། རྒྱལ་བའི་མཛད་པ་རྒྱུན ་མི་འཆད།། ཇི་ལྟར་མཁའ་ལ་རྟག་ཏུ་ནི།། བྱ་བ་ཉམས་ཤིང་འབྱུང་བ་ལྟར།། དེ་བཞིན་ཟག་མེད་དབྱིངས་ན་ཡང་།། སངས་རྒྱས་ཕྲིན་ལས་སྐྱེ་ཞིང་འབྲི།། སྔ་མ་ཕྱི་མར་ཁྱད་མེད་ཀྱང་།། སྒྲིབ་པ་ཀུན་གྱི་དྲི་མེད་པ།། དེ་བཞིན་ཉིད་ནི་སངས་རྒྱས་འདོད།། དག་པ་མ་ཡིན། ་མ་དག་མིན།། སྟོང་པ་ཉིད་ནི་རྣམ་དག་ན།། བདག་མེད་མཆོག་གི་བདག་ཐོབ་པས།། སངས་རྒྱས་དག་པའི་བདག་ཐོབ་ཕྱིར།། བདག་ཉིད་ཆེན་པོའི་བདག་ཏུ་འགྱུར།། དེ་ཕྱིར་སངས་རྒྱས་ཡོད་མིན་ཞིང་།། མེད་པར་ཡང་ནི་མི་བརྗོད་དོ།། དེ་ལྟར་སངས་རྒྱས་དེ ་སྐད་འདི།། ལུང་མ་བསྟན་པའི་ཚུལ་དུ་འདོད།། ཇི་ལྟར་ལྕགས་ལ་ཚ་བ་དང་།། མིག་ལ་ར་བ་རི་བ་ཞི་བ་ལྟར།། སངས་རྒྱས་སེམས་དང་ཡེ་ཤེས་ལ།། ཡོད་དང་མེད་པར་མི་བརྗོད་དོ།། ཟག་མེད་དབྱིངས་ན་སངས་རྒྱས་རྣམས།། མཁའ་ལྟར་ལུས་ནི་མེད་ཕྱིར་དང ་སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར།། གཅིག་མིན་མང་པོ་ཉིད་མ་ཡིན།། སྟོབས་སོགས་སངས་རྒྱས་ཆོས་རྣམས་ལ།། བྱང་ཆུབ་རིན་ཆེན་འབྱུང་གནས་འདྲ།། འགྲོ་བའི་དགེ་བའི་ལོ་ཏོག་ལ།། སྤྲིན་ཆེན་དང་ཡང་འདྲ་བར་འདོད།། བསོད་ནམས་ཡེ་ཤེས་རབ་རློ། ་ཕྱིར།། ཟླ་བ་ཉ་བ་ལྟ་བུར་འདོད།། ཡེ་ཤེས་སྣང་བ་བྱེད་པའི་ཕྱིར།། ཉི་མ་ཆེན་པོ་འདྲ་བར་འདོད།། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི།། འོད་ཟེར་དཔག་ཏུ་མེད་འདྲེས་ཤིང་།། རྟག་ཏུ་བྱ་བ་གཅིག་ལ་འཇུག། འཇིག་རྟེན་ལ་ཡང་སྣང་བར་བྱེད།། དེ་བཞིན་ཟག་མེད་དབྱིང་ན ་ཡང་།། སངས་རྒྱས་དཔག་ཏུ་མེད་འདྲེས་ཤིག། མཛད་པ་གཅིག་ནི་མཛད་པ་ལ།། ཡེ་ཤེས་སྣང་བ་མཛད་པར་འདོད།། དཔེར་ན་ཉི་མའི་འོད་ཟེར་གཅིག། བྱུང་ན་འོད་ཟེར་ཀུན་འབྱུང་ལྟར།། དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང་།། ཡེ་ཤེས ་འབྱུང་བར་ཤེས་པར་བྱ།། ཇི་ལྟར་ཉི་མའི་འོད་ཟེར་དག། འཇུག་ལ་བདག་གིར་བྱ་བ་མེད།། དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང་།། འཇུག་ལ་བདག་གིར་མཇེད་མི་མངའ།། ཉི་མའི་འོད་ཟེར་གཅིག་བཏང་བས།། འགྲོ་བ་སྣང་བར་བྱེད་པ་ལྟར།། དེ་བཞིན་ཤེས་བྱ ་ཐམས་ཅད་ལ།། སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང་།། ཇི་ལྟར་ཉི་མའི་འོད་ཟེརརོ་རྣམས།། སྤྲིན་ལ་སོགས་པས་བསྒྲིབས་པར་འདོད།། དེ་བཞིན་སངས་རྒྱས་ཡེ་ཤེས་རྣམས།། སེམས་ཅན་གྱི་ནི་ཉེས་པས་བསྒྲིབས།། ཇི་ལྟར་འདུད་པའི་དབང་གིས་ན།། གྲྀ ་ལ་ཚོན་བཀྲ་མི་བཀྲ་བ།། དེ་བཞིན་འཕེལ་བའི་དབང་གྲིསྟཱ་ནཱ།། གྲོལ་བའི་ཡེས་བཱཀྵ་མི་བཀྲ། དྲི་མེད་དབྱིངས་ལ་སངས་རྒྱས་ཀྱི།། མཚན་ཉིད་དང་ནི་གནས་པ་དང་།། ཕྱིན་ལས་ཟབ་པ་འདི་བཤད་པ།། མཁའ་ལ་ཚོན་གྱི་རི་མོ་འདི།། དེ་བཞིན་ཉིད་ནི་ཐམས་ཅད་ལ། ་ཁྱད་པར་མེད་ཀྱང་དག་གྱུར་པ།། དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར།། འགྲོ་ཀུན་དེ་ཡི་སྙིང་པོ་ཅན།། ཉན་ཐོས་རྣམས་ཀྱི་འབྱོར་པས་ནི།། འཇིག་རྟེན་པ་ཡི་ཟིལ་གྱིས་གནོན།། རང་སངས་རྒྱས་ཀྱི་ས་པ་ཡིས།། ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན།། དེ་ཡིས་བྱང ་ཆུབ་སེམས་དཔའ་ཡི།། འབྱོར་པའི་ཆར་ཡང་མི་ཕོད་ངོ་།། དེ་ཡིས་དེ་བཞིན་གཤེགས་པ་ཡི།། འབྱོར་པའི་ཆར་ཡང་མི་ཕོད་དོ།། སངས་རྒྱས་རྣམས་ཀྱི་འབྱོར་པ་ནི།། གང་གི་གང་དུ་ཇི་ལྟར་དང་།། ཇི་ཙམ་དུས་གང་འཇུག་པ་ནི།། བསམ་ཡས་དཔག་ཏུ་མེད་པར་འདོད།། ་དབང་པོ་ལྔ་རྣམས་གཞན་གྱུར་ན།། དོན་ཀུན་འཇུག་དང་ཐམས་ཅད་ཀྱི།། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་།། འབྱོར་པ་དམ་པ་ཐོབ་པར་འགྱུར།། ཡིད་ནི་གཞན་དུ་གྱུར་པ་ན།། འབྱོར་དང་མཐུན་སྤྱོད་མི་རྟོག་པའི།། ཡེ་ཤེས་ཤིན་ཏུ་དྲི་མེད་ལ།། འབྱོར་པ་དམ་པ ་ཐོབ་པར་འགྱུར།། དོན་བཅས་འཛིན་པ་གཞན་གྱུར་ན།། ཇི་ལྟར་འདོད་བཞིན་ལོངས་སྤྱོད་དག། བསྟན་ཕྱིར་ཞིང་ནི་དག་པ་ལ།། འབྱོར་པ་དམ་པ་ཐོབ་པར་འགྱུར།། རྣམ་རྟོག་གཞན་དུ་གྱུར་ན་ནི།། དུས་རྣམས་རྟག་ཏུ་ཡེ་ཤེས་དང་།། ལས་རྣམས་ཀུན་ལ་ཐོགས ་མེད་ལ།། འབྱོར་པ་དམ་པ་ཐོབ་པར་འགྱུར།། རྟེན་ནི་གཞན་དུ་གྱུར་པ་ན།། སངས་རྒྱས་དྲི་མེད་གནས་ལ་ནི།། མི་གནས་མྱ་ངན་འདས་པ་ཡི།། འབྱོར་པ་དམ་པ་ཐོབ་པར་འགྱུར།། འཁྲིག་པ་གཞན་དུ་གྱུར་ན་ནི།། སངས་རྒྱས་བདེ་བར་གནས་པ་དང་།། ་མོ་མཐོང་ཉོན་མོངས་མེད་པ་ལ།། འབྱོར་པ་དམ་པ་ཐོབ་པར་འགྱུར།། ན་མཁའི་འདུ་ཤེས་གཞན་གྱུར་ན།། བསམས་པའི་དོན་ནི་འབྱོར་པ་དང་།། འགྲོ་གཟུགས་རྣམ་པར་འབྱེད་པ་ལ།། འབྱོར་པ་དམ་པ་ཐོབ་པར་འགྱུར།། དེ་ལྟར་སངས་རྒྱས་དྲི་མེད་པའི།། ་གནས་ནི་གཞན་འགྱུར་དཔག་མེད་པས།། བསམ་ཡས་བྱ་བ་བསྒྲུབ་པ་ཡི།། འབྱོར་པ་དཔག་ཏུ་མེད་པར་འདོད།། འདི་ན་འཇིག་རྟེན་ཕྱོགས་ཕྱོགས་རྒྱལ་བའི་ལེགས་བཤད་པས།། དགེ་བ་འཕེལ་བའི་འཇིག་རྟེན་རྣམ་དག་མཆོག་ཏུ་འགྲོ། དགེ་བ་མ་བསགས་དགེ ་པ་འཕེལ་བའི་མཆོག་ཏུ་འགྲོ།། དེ་ལྟར་མ་སྨིན་སྨིན་པ་རྟོག་འགྲོ་འོང་མ་ལུས་མིན།། དེ་ལྟར་འཇིག་རྟེན་ཕྱོགས་ཕྱོགས་བརྟན་རྣམས་རྟག་པར་དུས་ཀུན་ཏུ།། བྱང་ཆུབ་ཆེན་པོ་ཐོབ་དཀའ་ཡོན་ཏན་མཆོག་ལྡན་རྨད་བྱུང་ཅན།། རྟག་བརྟན་སྐྱབས་མེད་རྣམས་ཀྱི ་སྐྱབས་གང་ཡིན་པ་ཐོབ་པ་དེ།། ཡ་མཚན་ཆེ་ལ་ཚུལ་བཟང་སྤྱད་ཕྱིར་ཡ་མཚན་ཆེ་བའང་མེད།། དེ་ནི་ཅིག་ཅར་ལ་ལར་སྒྲོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང་།། ལ་ལར་སྐྱེ་བ་མི་སྣང་ལ་ལར་སྐྱེ་བའི་སྤྱོད་པ་སྣ་ཚོགས་དང་།། ལ་ལར་བྱང་ཆུབ་ཐཾད ་ལ་ལར་དེ་ནི་མྱ་ངན་འདའ་སྟོན་ཀྱང་།། དེ་ནི་གནས་དེ་ལས་ཀྱང་རྣམ་པར་གཡོ་མི་མངའ་ལ་ཐམས་ཅད་མཛད།། སངས་རྒྱས་རྣམས་ནི་འདི་སྙམ་ལུས་ཅན་འདི་ནི་བདག་གིས་སྨིན་བྱ་ཞེ་འམ།། འདི་ནི་རབ་ཏུ་སྨིན་བྱ་གཞན་ཡང་ད་ལྟར་སྨིན་པར་བྱེད་སྙམ་དུ།། དུ་མཛད ་མི་མངའ་བར་ཡང་ཕྱོགས་ཕྱོགས་ཀུན་ཏུ་རྟག་པར་སྒོ་གསུམ་ནས།། དགེ་བའི་ཆོས་རྣམས་ཀྱིས་ནི་སྐྱེ་བོ་རབ་ཏུ་སྨིན་པར་འགྱུར་བ་ཉིད།། ཇི་ལྟར་ཉི་མ་འབད་མེད་ཕྱོགས་ཕྱོགས་ཀུན་ཏུ་འོད་ཟེར་དག། རབ་འབྱམ་གསལ་བ་མང་པོས་ལོ་ཏོག་རྣམས་སྨིན། ་བྱེད་པ་ལྟར།། དེ་བཞིན་ཆོས་ལྡན་ཉི་མའང་རབ་ཞི་བྱེད་པ་ཆོས་ཀྱི་འོད།། རབ་འབྱམ་དག་གིས་ཕྱོགས་ཕྱོགས་ཀུན་ཏུ་སེམས་ཅན་རྣམས་སྨིན་མཛད།། ཇི་ལྟར་མར་མེ་གཅིག་ལས་མར་མོའི་ཚོགས་རབ་མང་།། དཔག་མེད་གྲངས་མེད་འབྱུང་ཡང་དེ་ལ་ཟད་པ་མེད།། ་དེ་བཞིན་སྨིན་པ་གཅིག་ལས་སྨིན་པའི་ཚོགས་རབ་མང་།། དཔག་མེད་གྲངས་མེད་འབྱུང་ཡང་དེ་ལ་ཟད་པ་མེད།། ཇི་ལྟར་རྒྱ་མཚོ་ཆེན་པོ་འདི་ན་ཆུ་ཡིས་ངོམས་པར་མི་འགྱུར་ཞིང་།། ཆུ་ཆེན་མང་པོ་རབ་ཏུ་འབབ་པས་འཕེལ་བར་ཡང་ནི་མི་འགྱུར་བ།། དེ་བཞི། ་སངས་རྒྱས་ཁམས་ཀྱང་དག་པ་འཇུག་པ་རྟག་རྒྱུན་མི་འཆད་པས།། ངོམས་པར་མི་འགྱུར་འཕེལ་བར་མི་འགྱུར་དེ་འདིར་སླད་དུ་བྱུང་བའི་མཆོག། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད།། སྒྲིབ་གཉིས་དག་པའི་མཚན་ཉིད་དེ།། དངོས་པོ་ཤེས་པ་དེ་ལ་དམིགས།། ། ་དབང་ཟད་མི་ཤེས་མཚན་ཉིད་དོ།། དེ་བཞིན་ཉིད་ཤེས་ཐམས་ཅད་ནས།། བསྒོམས་པ་ལས་ནི་ཡང་དག་འབྱུང་།། སེམས་ཅན་ཀུན་ལ་རྣམ་ཀུན་ཏུ།། གཉིས་བསྐྱེད་མི་ཟད་འབྲས་བུ་ཅན།། སྐུ་དང་གསུང་དང་ཐུགས་སྤྲུལ་པའི།། འབྱོར་པའི་ཐབས་ཀྱི་ལས་ཅན ་ཏེ།། ཏིང་ངེ་འཛིན་དང་གཟུངས་སྒོ་དང་།། དཔག་ཏུ་མེད་པ་གཉིས་དང་ལྡན།། རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང་།། སྤྲུལ་པ་དག་གི་ཐ་དད་འཇུག། འདི་ནི་སངས་རྒྱས་རྣམ་དག་གི། ཆོས་དབྱིངས་རྣམ་པར་དག་པར་བཤད།། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ།། ་བཞིན་ལོངས་སྤྱོད་རྫོགས་པ་དང་།། གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ།། དང་པོ་གཉིས་པོའི་རྟེན་ཡིན་ནོ།། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ།། འཁོར་ཡོངས་སྡུད་དང་ཞིང་དང་མཚན།། སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་།། མཛད་པ་དག་གིས་ཐ་དད་དོ།། ། ་རང་བཞིན་སྐུ་ནི་མཉམ་པ་དང་།། ཕྲ་ཞིང་དེ་དང་འབྲེལ་པ་དང་།། དགྱེས་དགུར་ལོངས་སྤྱོད་བསྟན་པ་ལ།། ལོངས་སྤྱོད་རྫོགས་འབྱོར་རྒྱུར་འདོད་དོ།། སངས་རྒྱས་སྤྲུལ་པ་དཔག་མེད་པ།། སྤྲུལ་པའི་སྐུར་ནི་འདོད་པ་སྟེ།། དོན་གཉིས་ཕུན་སུམ་ཚོགས་པ་དེ།། ནཾ ་བ་ཐམས་ཅད་གཉིས་ལ་གནས།། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ།། མྱ་ངན་འདས་པ་རྟག་སྟོན་པ།། སངས་རྒྱས་སྤྲུལ་པའི་སྐུ་འདི་ནི།། རྣམ་པར་གྲོལ་བའི་ཐབས་ཆེན་པོ།། སྐུ་གསུམ་དག་གིས་སངས་རྒྱས་ཀྱི།། སྐུ་བསྡུས་པར་ནི་ཤེས་བྱ་སྟེ།། སྐུ་གསུམ་དག་གིས ་རང་གཞན་གྱི།། དོན་འདི་རྟེན་དང་བཅས་པར་བསྟན།། དེ་དག་རྟེན་དང་དགོངས་པ་དང་།། ཕྲིན་ལས་ཀྱིས་ནི་མཉམ་པ་ཉིད།། རང་བཞིན་དང་ནི་རྒྱུན་མི་འཆད།། རྒྱུན་གྱིས་དེ་དག་རྟག་པ་ཉིད།། མེ་ལོང་ཡེ་ཤེས་མི་གཡོ་སྟེ།། ཡེ་ཤེས་གསུམ་ནི་དེ་ལ་བརྟན།། མཉམ་པ ་ཉིད་དང་སོ་སོར་རྟོག། བྱ་བ་སྒྲུབ་པ་ཁོ་ནའོ།། མེ་ལོང་ཡེ་ཤེས་ང་ཡི་མེད།། ཡོངས་སུ་མ་ཆད་རྟག་ཏུ་ལྡན།། ཤེས་བྱ་ཀུན་ལ་མ་རྨོངས་ལ།། རྟག་ཏུ་དེ་ལ་མངོན་ཕྱོགས་མིན།། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར།། ཡེ་ཤེས་འབྱུང ་གནས་ཆེན་པོ་འདྲ།། ལོངས་སྤྱོད་རྫོགས་པོའི་སངས་རྒྱས་ཉིད།། ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ།། སྒོམ་པ་དག་པས་སེམས་ཅན་ལ།། མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད།། མི་གནས་ཞི་བར་ཞུགས་པ་ནི།། མཉོ་མ་ཉིད་ཡེ་ཤེས་ཡིན་པར་འདོད།། ། ་དུས་རྣམས་རྟག་ཏུ་བྱམས་པ་དང་།། ཐུགས་རྗེ་ཆེན་པོ་དག་དང་ལྡན།། སེམས་ཅན་རྣམས་ལ་མོས་པ་བཞིན།། སངས་རྒྱས་སྐུ་ནི་ངེས་པར་སྟོན།། སོ་སོར་རྟོག་པའི་ཡེ་ཤེས་ནི།། ཤེས་བྱ་ཀུན་ལ་རྟག་མི་ཐོགས།། ཏིང་ངེ་འཛིན་དང་གཟུགས་རྣམས་ཀྱི།། གཏེར་དང ་འདྲ་བ་ཁོ་ན་ཡིན།། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི།། འབྱོར་པ་ཐམས་ཅད་སྟོན་མཛད་པ།། ཐེ་ཚོམ་ཐམས་ཅད་གཅོད་པ་ཡི།། ཆོས་ཆེན་ཆར་ནི་རབ་ཏུ་འབེབས།། བྱ་བ་སྒྲུབ་པའི་ཡེ་ཤེས་ནི།། ཁམས་རྣམས་ཀུན་དུ་སྣ་ཚོགས་ཤིང་།། དཔག་མེད་བས་མ་ཡས ་སྤྲུལ་པ་ཡི།། སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ།། སངས་རྒྱས་སྤྲུལ་པ་དེ་དག་ཏུ།། མཛད་པ་གྲུབ་པའི་བྱེ་བྲག་དང་།། གྲངས་དང་ཞིང་གིས་རྣམ་ཀུན་ཏུ།། བསམ་གྱིས་མི་ཁྱབ་ཤེས་པར་བྱ།། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར།། ཡང་དག་ཆོས་རབ ་སྟོན་ཕྱིར་དང་།། བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར།། ཡེ་ཤེས་བཞི་པོ་ཡང་དག་འབྱུང་།། ཐ་དད་རིགས་དོན་མེད་ཕྱིར་དང་།། རྫོགས་དང་ཐོག་མ་མེད་པའི་ཕྱིར།། སངས་རྒྱས་གཅིག་མིན་དྲི་མེད་གནས།། ཐ་དད་མིན་ཕྱིར་མང་པོའང་མིན།། མེད་པ་གང་ཡིན་དེ ་ཉིད་ནི།། ཡོད་པ་ཡི་ནི་དམ་པར་འདོད།། རྣམ་པ་ཀུན་ཏུ་མི་དམིགས་པ།། དམིགས་པ་ཡི་ནི་མཆོག་ཏུ་འདོད།། སྒོམ་པ་རྣམ་པར་མི་ལྟ་བའི།། སྒོམ་པ་དམ་པར་འདོད་པ་སྟེ།། ཐོབ་པར་ལྟ་བ་མེད་རྣམས་ཀྱི།། ཐོབ་པ་ཡང་ནི་དམ་པར་འདོད།། བླ་མ་རིང་དང་མཚན་མ ་དང་།། བདག་གི་བརྩོན་འགྲུས་ལྷག་ལྟ་བའི།། བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན།། བྱང་ཆུབ་ལས་ནི་རིང་ཞེས་འདོད།། ཇི་སྐད་བཤད་པ་འདི་དག་ཀུན།། རྟོག་པ་ཙམ་དུ་ལྟ་བ་ཡི།། བྱང་ཆུབ་སེམས་དཔའ་རྟོག་པ་མེད་རྣམས།། བྱང་ཆུབ་ཐོབ་ཅེས་ངེས་པར ་བརྗོད། ཀླུང་དག་ས་ཡི་འོག་ཏུ་མ་སོང་བ།། གནས་རྣམས་ཐ་དད་ཆུ་ཡང་ཐ་དད་ལྔ།། ཆུ་ཡང་ཆུང་ཞིང་བྱ་བ་ཐཱ་དད་བྱེད།། ཆུ་གནས་སྲོག་ཆགས་ཕྲ་མོའི་ཉེར་སྤྱད་འགྱུར།། རྒྱ་མཚོ་སོང་བར་གྱུར་པ་ཐམས་ཅད་ཀྱང་།། གནས་རྣམས་གཅིག་ཅིང་ཆུ་ཡང ་ཚེལ་གཅིག་བྱ་བ་གཅིག་ཅིང་ཆུན་གནས་པ་ཡི།། སྲོག་ཆགས་མང་པོ་རྟག་ཏུ་ཉེར་སྤྱད་ཆེ།། སངས་རྒྱས་ཉིད་དུ་མོ་ཞུགས་བརྟན་པ་རྣམས།། རྟེན་ཀྱང་ཐ་ད་བློ་གྲོས་ཐ་དད་ཅིང་།། རྟོགས་ཆུང་རང་གི་བྱ་བ་ཐ་དད་ལ།། སེམས་ཅན་ཉུང་དོན་རྟག་ཏུ་ཉེར ་སྤྱད་འགྱུར།། སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན།། རྟེན་ཀྱང་གཅིག་ཅིང་རྟོགས་པ་ཚོ་ལ་གཅིག། མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང་།། སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ།། དེ་ལྟར་སངས་རྒྱས་ཉིད་ནི་དཀར་པོའི་ཆོས།། དཔེ་མིང ་ལྡན་ཕྱིར་ཕན་བདོའི་རྒྱུ་ཡི་ཕྱིར།། བདེ་དག་དམ་པ་མི་ཟད་འབྱུང་གནས་ཕྱིར།། བློ་ལྡན་བྱང་ཆུབ་སེམས་དགེ་བླང་བའི་རིགས།། བྱང་ཆུབ་ཀྱི་སྐབས་རྫོག་སོ།། །། སྡོམ་ནི་དང་པོ་སྒྲུ་བོ་དང་སྐྱབས་རིགས་དང་།། དེ་བཞིན་དུ་ནི་སེམས་བསྐྱེད་དང་།། ་རང་གཞན་དོན་དང་དེ་ཉིད་དོན།། མཐུ་དང་ཡོངས་སྨིན་བྱང་ཆུབ་བོ།། སྐྱེས་དང་མ་སྐྱེས་འཛིན་དང་གཟུང་གྱུར་དང་།། གྲོགས་བླངས་བདག་ཉིད་དང་ནི་ནོར་པ་དང་།། མ་ནོར་གཞན་དང་མངོན་སུམ་དུ་ཡིན་གཞན།། སྒྲས་བྱུང་ཚོལ་བ་དང ་ནི་ལྟ་བའོ།། འཕྲོགས་དང་འདྲེས་དང་མི་མཐུན་ཕྱོགས་མ་འདྲེས།། དམན་དང་རྒྱ་ཆེན་བསྒྲིབས་དང་མ་བསྒྲིབས་དང་།། བརྩོན་དང་མི་བརྩོན་བསགས་དང་མ་བསགས་པ།། བརྟན་ཞུགས་རིང་དུ་སོང་བའི་མོས་པའོ།། ཡིད་ལ་མི་བྱེད་མེང་བ་དང་།། ལེ ་ལོ་རྣལ་འབྱོར་འཁྲུགས་པ་དང་།། གྲོགས་ངན་དགེ་བཞན་པ་དང་།། ཚུལ་བཞིན་མ་ཡིན་ཡིད་ལ་བྱེད།། བག་མེད་པ་དང་ཐོས་པ་ཉུང་།། ཐོས་དང་བསམ་པ་ཉུང་ངུས་ཆོ་ག། ཞི་བ་ཙམ་གྱི་ང་རྒྱལ་དང་།། དེ་བཞིན་མ་འདྲིས་ཡིན་པར་འདོད།། མི་སྐྱོ་བ་དང་དེ ་བཞིན་ནོ།། བསྒྲིབས་པ་དང་ནི་མི་བརྩོན་པ།། ཚོགས་མ་བསྔགས་པ་མོས་པ་ཡི།། བར་དུ་གཅོད་པར་ཤེས་པར་བྱ།། བསོད་ནམས་ཚེ་དང་འགྱོད་པ་མེད།། ཡིད་བདེ་བ་དང་བདེ་བ་ཆེ།། ཆུད་མི་ཟ་དང་བརྟན་པ་དང་།། དེ་བཞིན་ཁྱད་པར་འགྲོ་བ་དང་།། ཆོས་ཀྱི ་མངོན་པར་རྟོགས་པ་དང་།། བདགུ་དང་གཞན་དོན་ཐོབ་པའི་མཆོག། མངོན་ཤེས་མྱུར་བ་དེ་དག་ནི།། མོས་པ་ཡི་ནཱ~ཾ་ཕན་ཡོན་ཡིན།། འདོད་པ་ཅན་གྱི་དེ་ཁྱི་འདྲ།། ཏིང་ངེ་འཛིན་གྱི་རུ་སྦྲུལ་བ་ཞིན། རང་དོན་བྱེད་པའི་དེ་བྲན་འདྲོ།། གཞན་དྲོན་བྱེད་པའི་རྒྱལ ་པོ་བཞིན།། ཇི་ལྟར་ཁྱི་ནི་རྟག་ཏུ་ལྟོགས་ཤིང་སྡུག་བསྔལ་གྱིས་ཉེན་མཆོག་མི་ཤིས།། ཇི་ལྟར་རུ་སྦལ་དེ་ནི་ཆུ་ཡི་ནང་ན་ཀུན་ནས་བསྐུམས་ཤིང་འདུག།། ཇི་ལྟར་བྲན་ནི་རྟག་ཏུ་འཇིགས་ཤིང་སྐྲག་པའི་ལུས་ཀྱིས་རྣམ་པར་རྒྱུ།། ཇི་ལྟ་པོ་རྒྱལ་པོ་ཡང ་ནི་བཀའ་ཡིས་ཡུལ་ལ་དབང་བསྒྱུར་གནས་པ་ལྟར།། དེ་བཞིན་གཡེ་མ་དང་གནས་དུང་རང་གཞན་ཕན་བྱ་དོན་བྱེད་པའི།། མོས་པ་སྣ་ཚོགས་དག་གིས་རྟག་ཏུ་ཁྱད་པར་ཤེས་པར་བྱ།། ཐེག་པ་ཆེན་པོ་དེ་ལ་དེ་མཆོག་ཚུལ་བཞིན་རིག་ནས་ནི།། འདི་ན་བརྟན ་བས་དེ་ལ་དེ་ཉིད་རྟག་པར་རབ་ཏུ་ཚོལ།། གང་ཕྱིར་སེམས་ཅན་མིར་གྱུར་པ།། ཚད་མེད་སྐད་ཅིག་རེ་རེ་ལོ།། རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར།། ཞུམ་པ་དང་དུ་བླང་མི་བྱ།། གཞན་དག་ལ་ནི་ཟས་བྱིན་པའི།། བསོད་ནམས་འཕེལ་བ་ཇི་ལྟ་བར།། བདག་ཉིད ་ཟ་བའི་མ་ཡིན་པ།། དེ་བཞིན་གཞན་དོན་རྟེན་གྱི་ཆོས།། བསྟན་ལ་མདོ་ལས་གསུངས་པ་ཡི།། བསོད་ནམས་ཆེན་འབྱུང་ཐོབ་པ་ལྟར།། རང་གི་དོན་གྱི་རྟེན་གྱི་ཆོས།། བསྟན་ལས་ཐོབ་པ་མ་ཡིན་ནོ།། དེ་ལྟར་འཕགས་པོ་ཆེན་པོའི་ཆོས་ནི་ཡངས་གྱུར་ལ། ་བློ་དང་ལྡན་པས་རྟག་ཏུ་མོས་པ་ཆེ་བསྐྱེད་ནས།། བསོད་ནམས་རྒྱ་ཆེན་རྒྱུན་མི་ཆད་དང་དེ་འཕེལ་དང་།། ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ཆེན་པོར་འགྱུར།། མོས་པའི་སྐབས་རྫོག་སོ།། །། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་།། ་བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུས་འདོད་དོ།། དེ་ནི་བག་ཆགས་རྟོགས་དྲང་ཞི་བ་དང་།། རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད།། མདོ་དང་ཆོས་མངོན་འདུལ་བ་དག། མདོར་ན་དོན་ནི་རྣམ་བཞིར་འདོད།། བློ་དང་ལྡན་པས་དེ་ཤེས་ནས།། རྣམ་པ་ཐམས་ཅད ་མཁྱེན་པ་ཐོབ།། གནས་རྣམས་དང་ནི་མཚན་ཉིད་དང་།། ཆོས་དོན་སྤོས་ཕྱིར་མདོ་ཡི་ནོ།། མངོན་དུའི་ཕྱིར་དང་ཡང་ཡང་དང་།། ཟི་ལ་གནོན་རྟོགས་ཕྱིར་མངོན་པའི་ཆོས།། ལྟུང་དང་འབྱུང་དང་ལྡང་བ་དང་།། ངེས་པར་འབྱུང་དང་གང་ཟག་དང་།། བཅས་པ་དང ་ནི་རབ་དབྱེ་དང་།། རྣམ་པར་ངེས་ཕྱིར་འདུལ་བ་ཉིད།། དམིགས་པ་ཆོས་དང་ནཱང་དང་ནི།། ཕྱི་དང་གཉིས་ནི་ཡིན་པར་འདོད།། དོན་གཉིས་ཀྱིས་ནི་གཉིས་པོ་རྙེད།། གཉིས་པོ་དག་ནི་མི་དམིགས་པས།། ཡིད་ཀྱི་བརྗོད་པས་བཤད་བཞིན་དོན།། རབ་དང ་མངོན་དུ་སྣང་བ་ནི།། བརྗོད་ལས་ཡིན་པར་རབ་འཛིན་ཕྱིར།། སེམས་ནི་མིང་ལ་གནས་པའི་ཕྱིར།། ཐོས་ལ་སོགས་པའི་ཤེས་གསུམ་གྱིས།། ཆོས་ཀྱི་དམིགས་པ་རྙེད་པར་འགྱུར།། དམིགས་པ་རྣམ་པ་གསུམ་རྙེད་པ།། སྔར་བཤད་དེ་ལ་ཡང་དག་བརྟེན།། ། ་རིགས་གསུམ་པ་དང་བྱ་བ་བྱེད།། མི་གནོད་རྟེན་བཅས་གཞན་ཡིན་ཏེ།། མོས་པ་འཇོག་པར་བྱེད་དང་གཞན།། འདུན་པ་དྲག་པོར་བྱེད་པ་དང་།། དམན་དང་རྫོགས་རྟེན་རྣམ་པ་གཉིས།། བརྗོད་དང་བཅས་དང་བརྗོད་མེད་གཉིས།། ཤེས་པ་དང་ནི་མཚུངས་ལྡན ་པ།། རྣལ་འབྱོར་རྒྱུ་བདག་བཙོས་པ་དང་།། དེ་ནི་འདྲིས་ལ་དམིགས་པ་དང་།། མ་འདྲེས་པ་ལ་དམིགས་པ་དེ།། རྣམ་པ་ལྔ་དང་རྣམ་བདུན་ཉིད།། འདི་ཡི་ཡོངསུ་ཤེས་པ་ལྔ།། རྣམ་པ་སྒོམ་དང་ལྡན་པ་ནི།། བཞི་དང་སུམ་ཅུ་རྩ་བདུ་ནོ།། དེ་ནི་ལམ་གཉིས་རང་བཞིན་ཏེ།། ་ཕན་ཡོན་གཉིས་དང་ནོད་པ་དང་།། སྦྱོར་བ་པ་དང་དབང་བསྒྱུར་དང་།། ཆུང་དང་རྒྱ་ཆེའི་བདག་ཉིད་དེ།། རྣལ་འབྱོར་རྣམས་ཀྱི་ཡིད་བྱེད་དེ།། ཐམས་ཅད་བདག་ཉིད་ཡིན་པར་འདོད།། རྟག་ཏུ་གཉིས་བྲལ་འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ ་ཀུན་ཏུ།། བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན།། ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ།། དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད།། འགྲོ་བ་དག་ན་དེ་ལས་གཞན་ཡ ་ཅུང་ཟད་ཡོད་མིན་ལ།། འགྲོ་བ་མ་ལུས་པ་ཡང་དེ་ལ་ཀུན་ཏུ་རྨོངས་པའི་བློ།། ཡོད་པ་ཀུན་ནས་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ།། འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཀོ་ཇི་ལྟ་བུ།། ཇི་ལྟར་སྒྱུ་མ་དེ་བཞིན་དུ།། ཡང་དག་མ་ཡིན་ཀུན་རྟོག། ་བརྗོད།། སྒྱུ་མ་བྱས་པ་ཇི་ལྟ་བར།། དེ་བཞིན་གཉིསུ་འཁྲུལ་པ་བརྗོད།། ཇི་ལྟར་དེ་ལ་དེ་མེད་པ།། དེ་བཞིན་དུ་ནི་དོན་དམ་འདོད།། ཇི་ལྟར་དེ་ནི་དམིགས་པ་ལྟར།། དེ་བཞིན་དུ་ནི་ཀུན་རྫོབ་འདོད།། དེ་མེད་ན་ནི་དེ་ཡི་རྒྱུ།། གསལ་བར་དམིགས་པ་ཇི་ལྟ་བར།། དེ ་བཞིན་གནས་ནི་གཞན་གྱུར་ན།། ཡང་དག་མ་ཡིན་རྟོག་པ་དམིགས།། ཇི་ལྟར་འཇིག་རྟེན་མ་འཁྲུལ་པ།། དེ་ཡི་རྒྱུ་ལ་འདོད་དགུར་སྤྱོད།། དེ་བཞིན་སྡོམ་བརྩོན་མ་འཁྲུལ་པ།། གནས་གཞན་གྱུར་པ་དགྱེས་དགུར་སྤྱོད།། དེ་ལྟ་བུ་ནི་དེ་ལ་ཡོད།། དེ་ཡི་དངོས ་པོ་ཡོང་མ་ཡིན།། དེ་ལྟས་སྒྱུ་མ་ལ་སོགས་ལ།། ཡོད་དང་མེད་པ་ཉིད་དུ་བརྗོད།། དེ་ལ་ཡོད་པ་མེད་མ་ཡིན།། མེ་ད་པ་ཡོད་པ་ཉིད་མ་ཡིན།། སྒྱུར་མ་དག་ལ་སོགས་པ་ལ།། ཡོད་མེད་ཁྱད་པར་མེད་པའང་བརྗོད།། དེ་བཞིན་གཉིས་སྣང་དེ་ལ་ཡོད།། དེ་ཡི ་དངོས་པོ་ཡོད་མ་ཡིན།། དེ་ལྟར་གཟུགས་ལ་སོགས་པ་ལ།། ཡོད་དང་མེད་པ་ཉིད་དུ་བརྗོད།། དེ་ལ་ཡོད་པ་མེད་མ་ཡིན།། མེད་པ་ཡོད་པ་ཉིད་མ་ཡིན།། གཟུགས་ལ་སོགས་པ་དག་ལྔ་ནི།། ཡོད་མེད་ཁྱད་པར་མེད་པའང་བརྗོད།། སྒྲོ་འདོགས་པ་དང ་སྐུར་བ་ཡི། མཐའ་རྣམས་དགག་པར་བྱ་ཕྱིར་དང་།། ཐེག་པ་དམན་པས་འགྲོ་བ་དག། དགག་པར་བྱ་ཕྱིར་འདོད་པ་ཡིན།། འཁྲུལ་པའི་རྒྱུ་དང་འཁྲུལ་པ་ནི།། གཟུགས་ཅན་མིན་རྣམ་རིག་པར་འདོད།། མེད་ཕྱིར་ཅིག་ཤོས་ཀྱང་ཡང་འགྱུར།། སྒྱུ་མའི་བླ ་པན་གཟུགས་འཛིན་པ།། འཁྲུལ་ཕྱིར་གཉིསུ་བརྗོད་པ་སྟེ།། དེ་ལ་རྡོ་བཞིན་གཉིས་མོད་ཀྱང་།། གཉིས་པོ་དག་ཏུ་ཉོ་བར་དམིགས།། ཀོང་རུས་ཀྱི་ནི་གཟུགས་འཛིན་པ།། འཁྲུལ་ཕྱིར་གཉིསུ་བརྗོད་པ་སྟེ།། དེ་ལ་ཇི་བཞིན་གཉིས་མེད་ཀྱང་།། གཉི ་པོ་དག་ཏུ་ཉེ་བར་དམིགས།། འཁྲུལ་པའི་མཚན་ཉིད་ཆོས་གང་ཡིན།། དེ་བཞིན་ཡོད་དང་དེ་བཞིན་མེད།། ཡོད་མེད་ཁྱད་པར་མེད་པའི་ཕྱིར།། ཡོད་དང་མེད་པ་སྒྱུ་མ་འདྲ།། གཉེན་པོའི་ཆོས་ནི་གང་ཡིན་པ།། དེ་བཞིན་མེད་དང་དེ་བཞིན་ཡོད།། དེ་བཞིན་མེ ་ཕྱིར་མཚན་ཉིད་མེད།། སྒྱུ་མ་དང་ཡང་འདྲ་བར་བསྟན།། སྒྱུ་མའི་རྒྱལ་པོ་སྒྱུ་མ་ཡི།། རྒྱལ་པོ་གཞན་གྱིས་ཕམ་པ་ལྟའོ།། གང་དག་གིས་ནི་ཆོས་མཐོང་བའི།། རྒྱལ་སྲས་དེ་དག་ང་རྒྱལ་མེད།། སངས་རྒྱས་རྣམས་སངས་རྒྱས་མཆོག་རྣམས་ཀྱིས་དེ་དང་དེ་ལས ་འདུས་བྱས་དག། གསུངས་པ་སྒྱུ་མ་རྨི་ལམ་སྡིག་རྒྱུ་གཟུགས་བརྙན་དང་འདྲ་མིག་ཡོར་དང་།། བྲག་ཅ་ལྟ་བུ་དང་ནི་ཆུ་ཟླའི་གཟུགས་འདྲ་སྦྲུལ་དང་འདྲར་ཤྲཱིས་བྱ།། དྲུག་དང་དྲུག་དང་གཉིས་དང་དྲུག་ཆེན་གཉིས་དང་གསུཾ་པོ་རེར་འདོད།། ཡང་དག་མིན་རྟོག་ཡང ་འན་མོ་ཡང་དག་མ་ཡིན་མིན་མི་རྟོག་རྟོག་མིན་མོ་རྟོག་མོ་ཡིན་པ།། ཤེས་བྱ་ཐམས་ཅད་ཡིན་པར་བརྗོད།། རང་གི་ཁམས་ལུས་གཉིས་སྡང་ཞིང་།། མུ་རིག་ཉོན་མོངས་ལྷན་ཅིག་ཏུ།། འཇུག་པའི་རྣམ་རྟོག་རབ་འབྱུང་སྟེ།། རྫས་གཉིས་རྣམ་པར་སྤངས ་པ་ཡན།། དམིགས་པའི་ཁྱད་པར་ཐོབ་པ་ཡི།། རང་གི་དབྱིངས་ལ་གནས་ལྡན་ཕྱིར།། དེ་ཉིད་གཉིས་སྣང་མེད་པ།། འཇུག་སྟེ་ལྤགས་དང་མངའ་བཞིནོ།། སེམས་ནི་གཉིས་སུ་སྣང་བ་སྟེ།། དེ་བཞིན་ཆགས་སོགས་སྣང་བ་འམ།། དད་ལ་སོགས་པ་སྣང ་བར་འདོད།། ཉོན་མོངས་དགེ་ཆོས་ཡོད་མ་ཡིན།། སེམས་ནི་སྣ་ཚོགས་སྣང་བ་དང་།། རྣམ་པ་སྣ་ཚོགས་ཅན་དུ་འཇུག། དེ་ལ་སྣང་དེ་ཡོད་དང་མེད།། དེ་ཕྱིར་ཆོས་ཀྱི་མ་ཡིན་ནོ།། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ།། ཕན་གདུགས་ཕྱིར་ནི་མཚན་བཞི་དང་།། ། ་མཚན་ཉིད་དང་ནི་མཚོན་པ་དག། རབ་ཏུ་དབྱེ་བས་ཡང་དག་བཤད།། སེམས་ནི་ལྟར་བཅས་གང་ཡིན་དང་།། དེ་ཡི་གནས་སྐབས་མི་འགྱུར་བ།། འདི་ནི་མདོར་ན་མཚན་གཞི་སྟེ།། རབ་ཏུ་དབྱེ་ན་ཚད་མེད་དོ།། ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱི།། རྒྱུ་མཚན་དེ ་ཡི་བག་ཆགས་དང་།། དེ་ལས་ཀྱང་དྲོན་སྣང་བ་ནི།། ཀུན་བརྟགས་པ་ཡི་མཚན་ཉིད་འདོད།། མིང་དང་དོན་ནི་ཇི་ལྟ་བར།། དོན་དང་མིང་དུ་སྣང་བ་གང་།། ཡང་དག་མིན་རྟོག་རྒྱུ་མཚན་ནི།། ཀུན་ཏུ་བརྟགས་པའི་མཚན་ཉིད་དོ།། རྣམ་གསུམ་རྣམ་གསུམ ་སྣང་བ་ཅན།། གཟུང་དང་འཛིན་པའི་མཚན་ཉིད་དེ།། ཡང་དག་མ་ཡིན་ཀུན་རྟོག་ནི།། གཞན་གྱི་དབང་གི་མཚན་ཉིད་དོ།། མེད་དང་ཡོད་ཉིད་གང་ཡིན་དང་།། ཡོད་དང་མེད་པ་མཉམ་ཉིད་དང་།། མ་ཞི་ཞི་དང་རྣམ་མི་རྟོག། ཡོངསུ་གྲུབ་པའི་མཚན་ཉིད་དོ།། ། ་རྒྱུ་མཐུན་ཆོས་ལ་དམིགས་ནས་ནི།། རྡུལ་བཞིན་ཡིད་ལ་བྱེད་པ་དང་།། སེམས་ཀྱི་དབྱིངས་ལ་གནས་པ་དང་།། དོན་ཡོད་པ་དང་མེད་པར་མཐོང་།། དེ་ནས་མཉམ་པ་ཉིད་དུ་འགྱུར།། འཕགས་རིགས་ཤིན་ཏུ་དྲི་མེད་པ།། མཉམ་དང་ཁྱུད་འཕགས ་འབྲི་མེད་ཅིང་།། འཕེལ་བ་མཚན་ཉིད་མེད་པར་འདོད།། ས་བོན་གཞན་དུ་གྱུར་པའི་ཕྱིར།། གནས་དོན་ལུསུ་སྣང་བ་དག། གཞན་དུ་གྱུར་པ་ཟག་མེད་དབྱིངས།། དེ་ནི་རྟེན་ཀུན་འགྲོ་བ་ཅན།། ཡིད་དང་འཛིན་དང་རྣམ་པར་རྟོག། གྱུར་ཕྱིར་རྣམ་པར་མི ་རྟོག་པ།། ཞོ་དང་ཡོ་ཤོས་ལས་དག་ལ།། དབང་ནི་རྣམ་པ་བཞི་ཡིན་ནོ།། དབང་ནི་མི་གཡོ་ལ་སོགས་པའི།། ས་གསུམ་ལ་ནི་རྣམ་བཞི་སྟེ།། གཅིག་ལ་རྣམ་གཉིས་དེ་ལས་གཞན།། དབང་རེ་རེར་ནི་འདོད་པ་ཡིན།། བློ་དང་ལྡན་པས་སྲིད་གཏོགས ་བདག་མེད་རྣམ་པ་གཉིས་ཀའང་རིག་གྱུར་ལ།། དེ་ཡང་མཉམ་པར་ཤེས་ནས་དེ་ནི་འཛིན་པའི་སྒོ་ནས་དེ་ཉིད་འཇུག། དེ་ནས་དེ་ལ་ཡིད་གནས་ཕྱིར་ན་དེ་ལ་དེ་ཡང་མི་སྣང་ངོ་།། དེ་མི་སྣང་བ་གྲོལ་བ་ཡིན་ཏེ་མཆོག་ཏུ་དམིགས་དང་བྲལ་བའོ།། ཚོགས་ཀྱིས་གཞི་དང ་བསྐྱེད་ཡོད་ན།། མིང་ཙམ་དུ་ནི་མཐོང་བར་འགྱུར།། མིང་ཙམ་མཐོང་སྟེ་དེར་མཐོང་ནས།། དེ་ཡང་ཕྱིས་ནི་མི་མཐོང་ངོ་།། སེམས་ནི་གནས་ངན་ལེན་དང་བཅས།། བདག་ལྷའི་ཞགས་པས་ཟིན་པ་ནི།། རབ་ཏུ་འཇུག་པར་གྱུར་ཏེ་དེ།། ནང་དུ་གནས་ཕྱིར་ལྡོག་པར་འདོད།། ། ་རང་དང་རང་གི་བདག་ཉིད་དུ།། མེད་ཕྱིར་རང་གི་ངོ་བོ་ལ།། མི་གནས་ཕྱིར་དང་འཛིན་བཞིན་ཏོ།། མེད་ཕྱིར་ངོ་བོ་ཉིད་མི་འདོད།། སྔ་མ་ཕྱི་མའི་རྟེན་ཡིན་པས།། ངོ་བོ་ཉིད་ནི་མེད་པ་ཡིས།། སྐྱེ་མེད་འགག་མེད་གཟོད་ནས་ཞི།། རང་བཞིན་མྱ་ངན་འདས་པ་གྲུབ། ཐོག ་མ་དང་ནི་དེ་ཉིད་གཞན་ཉིད་དང་།། རང་གི་མཚན་ཉིད་རང་དང་གཞན་དུ་གྱུར།། ཀུན་ནས་ཉོན་མོངས་པོ་དང་ཁྱད་པར་ལ།། སྐྱེ་བ་མེད་པའི་ཆོས་ལ་བཟོད་པར་བཤད།། ཆོས་དང་བདག་མེ་དོ་གྲོལ་བ་རྣམས།། མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར།། བསམ་གཉིས ་ཐོབ་ཕྱིར་སྤྲུལ་པའི་ཕྱིར།། མཐར་ཐུག་ཕྱིར་ནི་ཐེག་གཅིག་ཉིད།། ཁ་ཙོག་དག་ནི་དྲང་ཕྱིར་དང་།། གཞན་དག་ཡང་དག་གཟུང་བའི་ཕྱིར།། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི།། མ་ངེས་རྣམས་ལ་ཐེག་གཅིག་བཤད།། ཉན་ཐོས་མ་ངེས་རྣམ་གཉིས་ཏེ།། ་ཐེབ་དོན་མཐོང་དང་མ་མཐོང་བའོ།། དོན་མཐོང་འདོད་ཆགས་བྲལ་བ་དང་།། འདོད་ཆགས་བྲལ་མིན་འདི་དམན་པའོ།། དེ་གཉིས་འཕགས་པའི་ལམ་ཐོབ་པ།། སྲིད་པ་དག་ཏུ་སྦྱར་བའི་ཕྱིར།། བསམ་གྱིས་མི་ཁྱབ་སྦྱར་བ་ཡི།། སྐྱེ་བ་དང་ནི་ཡང་དག་ལྡན།། གཅིག་ནི་སྨོན། ་ལམ་དབང་གིས་ན།། སྐྱེ་བར་རབ་ཏུ་སྒྲུབ་པར་བྱེད།། ཅིག་ཤོས་ཕྱིར་མི་འོང་བ་དང་།། ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ།། དེ་གཉིས་ཡང་དང་ཡང་དུ་ནི།། རང་སེམས་ཀུན་ཏུ་འབྱུང་ལྡན་པས།། མྱ་ངན་འདས་ལ་མངོན་དགའི་ཕྱིར།། རྟོག་པ་བུལ་བ་ཡིན་པར ་འདོད།། དོན་བྱས་མ་ཡིན་དེ་སངས་རྒྱས།། མེད་པར་སྐྱེས་ནས་སྤྲུལ་དོན་གཉེར།། བསམ་གཏན་དོན་བརྩོན་དེར་བརྟེན་ནས།། བྱང་ཆུབ་དམ་པ་ཐོབ་པར་འགྱུར་རིགས་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར།། འཕགས་མཆོག་ཅིས་ཀྱང་ཐམས་ཅད ་མཁྱེན་ཉིད་མི་འགྱུར་ཏེ།། དེ་ལྟ་བས་ན་གཞན་དག་ཚར་བཅང་རྗེས་གཟུང་དང་།། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་རྩོན་བྱེད།། རྒྱུ་དམིགས་ནས་ནི་དགའ་བ་དང་།། རྟེན་ལ་དེ་རྗེས་དྲན་པ་དང་།། འབྲས་བུ་ཐུན་མོང་འདོད་པ་དང་།། ཇི་ལྟར་བྱང་ཆུབ་བཞིན་མོས། ་པའོ།། མཐུ་ནི་རྣམ་པ་བཞི་དག་གིས།། དགའ་དང་ངེས་པར་མི་སྐྱོ་དང་།། མི་མཐུན་ཕྱོགས་དང་གཉེན་པོ་ལ།། སྒྲུབ་པ་རྣམ་པ་བཞི་ཡིནོ།། རབ་དང་ཡང་དག་ནོད་པ་དང་།། གཞན་ལ་སྦྱིན་པར་འདུན་པ་དང་།། གོ་ཆ་དང་ནི་སྨོན་ལམ་དང་།། མངོན་པར་དག ་དང་བྱ་བའི་ཡོད།། སྦྱིན་སོགས་རྣམ་པ་དྲུག་ལ་ནི།། མཐུ་ཐོབ་པ་དང་ཡོངས་སྨིན་དང་།། མཆོད་པ་དང་ནི་བརྟེན་པ་ལ།། ཡང་དག་སྤྲོ་བ་མཆོག་དང་བརྩེ།། མ་བྱས་ངན་པར་བྱས་པ་ལ།། ངོ་ཚོ་འགྱོད་དང་ཡུལ་ལ་དགའ།། སྐྱོ་བ་དགྲ་པོའི་འདུ་ཤེས་དང་།། ་འགོད་དང་བརྗོད་པའི་བློ་གྲོས་སོ།། སྦྱིན་སོགས་རྫོགས་པའི་བྱང་ཆུབ་ཀྱི།། རྟེན་ཡིན་དབང་ཕྱུག་ལ་སོགས་མིན།། གཉིས་པོ་དག་ལ་སྐྱོན་དང་ནི།། ཡོན་ཏན་སོ་སོ་ཡང་དག་རིག། བསགས་པ་རྗེ་སུ་དྲན་པ་ཡིས།། དགའ་དང་དོན་ཆེན ་མཐོང་བ་དང་།། རྣལ་འབྱོར་རྣམ་པར་མི་རྟོག་དང་།། ཏིང་འཛིན་རྐྱེན་དང་ཕྲད་འདོད་པ།། ལོག་པར་འཛིན་པ་རྣམ་པ་བདུན།། སྤོང་བའི་མཐུ་ནི་མཐོང་བ་དང་།། ངོ་མཚར་ངོ་མཚར་མེད་པ་ལ།། འདུ་ཤེས་རྣམ་པ་བཞི་ཉིད་དོ།། སེམས་ཅན་རྣམས་ལ་སྙོམས་པ་དང་།། ། ་བདག་ཉིད་ཆེན་པོ་མཐོང་བ་དང་།། གཞན་གྱི་ཡོན་ཏན་ལན་རེ་དང་།། གསུམ་དུ་སྨོན་དང་རྒྱུན་དུའོ།། སངས་རྒྱས་བསྟན་པ་སྒྲུབ་པའི་ཕྱིར།། ཚུལ་རོལ་མི་གནས་སེམས་པ་དང་།། དེས་དམན་ངར་བའི་སེམས་ཅན་ལ།། མི་དགའ་བ་དང་རབ་དགའ་བའོ།། སྒོམ ་པ་བཅོས་དང་ཡང་དག་ལ།། མ་དད་པ་དང་དད་པ་དང་།། དང་དུ་མི་ལེན་ཡིད་བྱེད་དང་།། ལུང་བསྟན་ངེས་པར་དགའ་བའོ།། ཕྱི་མའི་ཚེ་ལ་མཐོང་བའི་ཕྱིར།། འཇུག་སེམས་མཉམ་པར་ལྟ་བའི་ཕྱིར།། མཆོག་ཆོས་རྣམས་ལ་ཞུགས་པ་ཡིས།། བདག་ཉིད་མཆོག ་ཏུ་ངེས་འཛིན་ཕྱིར།། ཕ་རོལ་ཕྱིན་བརྒྱ་སབྷ་བ།། དགེ་བ་ཡིད་ལ་བྱེད་འདི་དག་རྟག་ཏུ་བྱང་ཆུབ་སེམས་དབྱར་ཡི།། ཁམས་ནི་རྟས་པར་བྱེད་པ་ཡིན།། རྒྱུས་དང་ལྷག་པའི་བྱས་མ་དང་ཆེན་པོ་ནི།། བརྟན་པའི་ཡོངསུ་ཚོལ་བ་ཡིན་པར་འདོད།། དེ་དག་ནི ་ང་དང་བཅོས་པ་དང་། སྤོང་བསོད་དྲོ་ནས་དང་འབྱོ་པའོ་ཁྱང་དུའི་སེམསོ་པཔའི་རྣམས་ཀྱི་ཚོལ་བས།། སྐུ་བང་པོ་དང་བཅོས་དང་སྐུ་ཐོབ་དང་།། ཨཱུ་ཡོངས་རྫོགས་དང་རྒྱལ་མང་བ་དང་། རྒྱལ་ཕྲ་དང་རྒྱལ་པོ་འཇོ ་བཅོས་གཟུགས་དང་གཟུགས་མིན་ལ།། མཚན་དང་དེ་བཞིན་ནད་མེད་དང་།། མངོན་ཤེས་རྣམས་ཀྱི་དབང་ཕྱུག་དང་།། དེ་ཟད་མི་ཤེས་ཉིད་ཀྱི་རྒྱུ།། རྒྱལ་བའི་སྲས་རྣམས་ཀྱིས་ནི་མེད་དང་ཡོད་པ་དང་།། སྒྲོ་འདོགས་སྐུར་པའི་རྟོག་དང་གཅིག་ཉིད་དུ་མ ་ཉིད།། རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ།། མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ།། དེ་ལྟར་བློ་གྲོས་དགེ་བ་བརྩོན་འགྲུས་དྲག་བརྟེན་ནས།། དེ་བཞིན་ཉིད་བཅས་གཉིས་ཀྱི་ཆོས་ཉིད་ཡོངས་བཙལ་བ།། དེ་ཕྱིར་རྟག་ཏུ་སྐྱེ་དགུ་རྣམས ་ཀྱི་སྟོན་པར་འགྱུར།། དེ་ནི་རྒྱ་མཚོ་བཞིན་དུ་ཡོན་ཏན་རྣམས་ཀྱིས་གང་།། ཆོས་ཡོངསུ་ཚོལ་བའི་སྐབས་རྫོགསོ།། །། བརྟན་པ་རྣམས་ནི་སྲོག་དང་ལོངས་སྤྱོད་ཚེགས་ཆེས་རྙེད་ཅིང་སྙིང་པོ་མེད་པ་དང་།། རབ་དགའི་ཡིད་ཀྱིས་སེམས་ཅན་སྡུག་བསྔལ ་རྣམས་ལ་སྦྱིན་རྣམས་རྒྱ་ཆེན་རྟག་གཏོང་ན།། ཆོས་སྤངས་སྐྱེ་དགུ་རྣམས་ལ་རྣམ་པ་ཀུན་ཏུ་ཕན་བྱེད་ཚེགས་ཆེན་རྙེད་མིན་ཞིང་།། ཤིན་ཏུ་བཏང་ཡང་ཟད་མེད་འཕེལ་འགྱུར་བ་ལྟ་ལན་ཅིག་མ་ཡིན་སྨོས་ཅི་དགོས།། གང་ཕྱིར་རང་རིག་ཆོས་པས་བཅོམ ་ལྡན་འདས་ཀྱིས་མ་བསྣུན་དྷུ་ཆུ་ལྟར།། ཐུགས་རྗེའི་བདག་ཉིད་ཧཱུ~ཾ་ཆེན་སྣ་བུ་དག་གིས་རིགས་བཤད་ཆོས་རྣམས་ཀྱིས།། བོ་ཉིད་ཀྱི་མཚས་ལ་ཀུན་ནས་རླུངས་ཏེཉི་པ་ནི་རྩལ་གྱི་སྤྲོ།། རྣམ་པར་དག་པ་རྒྱ་ཆེ་ཐུན་མོང་ཟོད་མི་ཤེས་ལ་ཡང་དག་བཀོང་།། ་དེ་ལྟ་རྣལ་འབྱོར་ཅན་གྱིས་སྒོམ་པ་གང་ཡིན་ཏེ་ནི་དོན་མེད་མིད།། དེ་ལྟ་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན།། གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་གྱུར་ན་སྒོམ་པ་དོན་མེད་འགྱུར།། གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འརྒྱ ་བསྟན་པ་དོན་མེད་འགྱུར།། སེམས་དཔའ་མཆོག་གི་སྟོན་པ་ནི།། ལུང་དང་རྟོགས་དང་དབང་འབྱོར་དང་།། དེ་དང་གཟུགས་ནི་ཐམས་ཅད་དང་།། ན་མཁའ་ལས་ཀྱང་འབྱུང་བ་ཡིན།། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང་།། གཟུང་འོས་དེ་ཉིད་གཉིས་སྟོན་པ།། ་འདི་ནི་བྱང་ཆུབ་སེམས་དཔའ་ཡི།། སྟོན་པ་ཕུན་ཚོགས་ཡིན་ཤེས་བྱ།། སེམས་དཔའ་མཆོག་གི་སྟོན་པ་ནི།། འཇམ་ཞིང་རྒྱགས་བྲལ་མི་སྐྱོ་དང་།། གསལ་ཞིང་སྣ་ཚོགས་རིགས་པ་དང་།། གོ་ཞིང་ཟང་ཟིང་མེད་ཀུན་འགྲོ།། རྒྱལ་སྲས་ཚིག་ནི་མི་ཞན་པ།། སྙན་ཞིང་ལེཊ ་བཤད་གྲགས་པ་དང་།། ཅི་རིགས་པ་དང་ཟང་ཟིང་མེད།། རན་ཞིང་དེ་བཞིན་ཡངས་པ་ཡིན།། བསྟན་དང་དེ་བཞིན་བཤད་པ་དང་།། ཐིག་དང་མཐུན་དང་བདེ་བ་དང་།། གྲགས་པ་དང་ནི་ཅི་རིགས་དང་།། ངེས་པར་འབྱུང་དང་མཐུན་པའི་ཕྱིར།། དེ་མ་དོར་སེམས་དཔའ ་མཆོག་རྣམས་ཀྱི།། ཡི་གེ་ཕུན་ཚོགས་ཡིན་ཤེས་བྱ།། བདེ་གཤེགས་གསུང་ནི་མཐའ་ཡས་ཏེ།། ཡན་ལག་དྲུག་ཅུ་བསམ་མི་ཁྱབ།། ངག་ཚིག་ཤིན་ཏུ་རིགས་པ་དང་།། བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད།། ལན་མང་བྱེད་དང་ལྡན་པོ་ནི།། མགོ་སྤོས་རྣམ་སྤྲོས་གོ། ་རྣམས་ལ།། སངས་རྒྱས་རྣམས་ཀྱི་སྟོན་པ་ནི།། འཁོར་གསུམ་གྱིས་ནི་དག་པ་སྟེ།། འདི་ནི་ཉེས་པ་བརྒྱད་དག་དང་།། བྲལ་བ་ཉིད་དུ་ཤེས་པར་བྱ།། ལེ་ལོ་དང་ནཱི་མི་གོ་དང་།། སྐབས་མི་འབྱེད་དོང་མ་ངེས་དང་།། ཐེ་ཚོམ་དག་ནི་མི་གཅོད་དང་།། དེ་དང་བྲལ་བ་བརྟན་མི་བྱེད།། ་སྐྱོ་བ་དང་ནི་སེར་སྣ་ཉིད།། འདི་དག་གཏམ་གྱི་ཉེས་པར་འདོད།། དེ་དག་མེད་ཕྱིར་སངས་རྒྱས་ཀྱི།། བཤད་པ་བླ་ན་མེད་པར་འགྱུར།། དང་དང་དགའ་དང་བློ་རྣམས་ཀྱི།། རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན།། དོན་རྣམ་གཉིས་ལྡན་གཟུང་སླ་དང་།། ཡོན་ཏན་གཞི་ཅན་ཚངས་སྤྱོད་སྟོན།། ་གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང་།། ཁམས་གསུམ་ཉོན་མོངས་རྣམ་སྤྱོང་རྫོགས་བྱེད་དང་།། ངོ་བོ་ཉིད་དག་དྲི་མ་དག་པ་སྟེ།། ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད།། གཞུག་པ་ལྡེམ་པོར་དགོངས་པ་དང་།། མཚན་ཉིད་ལྡེམ་པར་དགོངས་པ་དང་།། ་གཉེན་པོ་ལྡེམ་པོར་དགོངས་པ་དང་།། བསྒྱུར་བ་ལྡེམ་དགོངས་པ་སྟེ།། ཉན་ཐོས་དང་ནི་ངོ་བོ་ཉིད།། དེ་བཞིན་ཉེས་པ་འདུལ་བ་དང་།། བརྗོད་པ་ཟབ་པ་ཉིད་ལ་ནི།། ལྡེམ་པར་དགོངས་པ་འདི་རྣམ་བཞི།། མཉམ་ཉིད་དང་ནི་དོན་གཞན་དང་།། དེ་བཞིན་དུ་ནི་དུས་གཞན ་དང་།། གང་ཟག་གི་ནི་བསམ་པ་ལ།། དགོངས་པ་རྣམ་པ་བཞིར་ཤེས་བྱ།། སངས་རྒྱས་ཆོས་ལ་བརྙས་པ་དང་།། ལེ་ལྷོ་ཅུང་ཟད་ཆོ་ག་འཛིན་དང་།། ང་རྒྱལ་འདོད་ཆགས་སྤྱོད་པ་དང་།། འགྱོད་དང་མ་ངེས་ལྡན་པ་ནི།། སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ།། དེ་ཡི ་གཉེན་པོར་ཐེག་མཆོག་གསུངས།། དེས་དེའི་བར་དུ་གཅོད་པ་ཡི།། ཉེས་པ་ཐམས་ཅད་སྤོང་བར་འགྱུར།། གང་ཞིག་ཚིག་གམ་དོན་སྒོ་ནས།། ཚིགས་བཅད་གཉིས་འཛིན་རབ་སྦྱོར་བ།། སེམས་ཅན་བློ་ལྡན་མཆོག་དེ་ཡིས།། ཡོན་ཏན་རྣམ་བཅུ་ཐོབ་འགྱུར་ཏེ།། ་ཁམས་ནི་ཟད་པར་རྟས་པ་དང་།། འཆི་བའི་ཚེ་ནཱ་རབ་དགའ་མཆོག། ཇི་ལྟར་འདོད་པར་སྐྱེ་བ་དང་།། ཀུན་ཏུ་ཚེ་རབས་དྲན་པ་དང་།། སངས་རྒྱས་རྣམས་དང་ཕྲད་པ་དང་།། དེ་ལས་ཐེག་མཆོག་ཐོས་པ་དང་།། མོས་པ་བློ་དང་བཅས་པ་དང་།། སྒོ་གཉིས་བྱང་ཆུབ ་རྒྱུམྱུར་ཐོབ་པའོ།། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན།། སྙན་པར་རབ་གྲགས་ཆོ་ག་པོ་ཟང་ཞེས་ལྡན་པ་ཡི།། བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ།། བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ།། བཤད་པའི་སྐབས་རྫོགས་སོ།། ། ་བློ་ལྡན་གཉིས་ལ་ལོག་ཉིད་དང་།། ཡང་དག་ཉིད་རྣམ་སྤངས་གསུམ་གྱིས།། གང་ཟག་དང་ནི་ཆོས་དག་ལ།། བདག་མེད་རྣམ་གཉིས་ཀུན་ཤེས་ནས།། དོན་ཤེས་པས་ནི་ཆོས་རྣམས་ཀུན།། གཟིངས་དང་འདྲ་བ་ཉིད་དུ་རིག། ཐོས་པས་ཆོག ་པར་འཛིན་སྤོང་ལ།། དེས་ན་ཆོས་ཤེས་པ་ཞེས་བརྗོད།། སོ་སོའི་སྐྱེ་བོའི་ཤེས་པ་ཡིས།། དེ་བཞིན་དུ་ནི་གཉིས་རྟོགས་ནས།། ཤེས་པ་དེ་ཡོངས་རྫོགས་བྱའི་ཕྱིར།། མཐུན་པའི་ཆོས་ནི་རབ་ཏུ་སྒྲུབ།། དེ་ནས་དེ་ནི་ས་དང་པོར།། བྱང་ཆུབ་སེམས་དཔའ་དེ་བདག་ཉིད ་ཀུན་ནས་མཉམ་པར་འཇིག་རྟེན་ལས།། འདས་པའི་ཡེ་ཤེས་བླ་མེད་ཐོབ།། མཐོང་བས་སྤང་བྱ་བའི་ཉོན་མོངས་རྣམས།། ཐམས་ཅད་ཡང་དགྲ་ཟད་བྱས་ནས།། ཤེས་བྱའི་སྒྲིབ་པ་སྤང་བྱའི་ཕྱིར།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། རྣམ་འཇོག་རྣམ་པར་མི་རྟག་པའི།། ་ཤེས་ལྷན་ཅིག་སྤྱོད་པ་ཡི།། དེ་བཞིན་ས་ནི་ལྷག་མ་ལ།། མཐུན་པ་ཡི་ནི་ཆོས་སྤྱོད་དོ།། བློ་ལྡན་གང་དུ་སྒྲུབ་པའི་ཡུལ།། ལེགས་པར་རྙེད་དང་གནས་བཟང་དང་།། ས་བཟང་བ་དང་གྲོགས་བཟང་དང་།། རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན།། བྱང་ཆུབ་སེམས།། ་དང་འཐོས་ཡང་དང་།། བདེར་མཐོང་སྦྲ་མཁས་བརྩེ་བ་ཅན།། སྤྱི་མེད་སྐྱེས་བུ་དམ་པ་ནི།། ཆེན་པོ་ཡིན་པ་ཤེས་པར་བྱ།། དམིགས་པ་བཟང་དང་སྟོན་པ་བཟང་།། ཐབས་བརྡུང་བ་དང་ངེས་འབྱུང་དང་།། སྦྱོར་བ་བཟང་པོའི་བདག་ཉིད་དང་།། ཡང་དག་སྦྱིནམ། ་ཡིན་པར་བཤད།། དགའ་དང་ངལ་བར་སྐྱེ་བ་དང་།། ནད་མེད་པ་དང་ཏིང་ངེ་འཛིན།། རྣམ་པར་འབྱེད་པའི་བྱེད་རྒྱུ་ནི།། སྔོན་ཆད་བསོད་ནམས་བྱས་པ་ཉིད།། ཆོས་ཀྱི་དབྱིངས་ནི་མ་གཏོགས་པར།། གང་ཕྱིར་ཆོས་མེད་དེ་ཡི་ཕྱིར།། སངས་རྒྱས་རྣམས་ཀྱིས་དེ ་ངགཱ་ལས།། ངེས་འབྱུང་ཆགས་སོགས་ཡིན་པར་དགོངས།། ཆོས་ཀྱི་དབྱིངས་ནི་མ་གཏོགས་པར།། གང་ཕྱིར་ཆོས་མེད་དེ་ཡི་ཕྱིར།། ཀུན་ནས་ཉོན་མོངས་བསྟན་པ་ལ།། བློ་ལྡན་དགོངས་པ་དེ་ཡིན་འདོད།། གང་ཕྱིར་ཆགས་སོགས་དེ་ཉིད་ལ།། ཚུལ ་བཞིན་འཇུག་པ་དེ་ཡི་ཕྱིར།། དེ་ལས་རྣམ་གྲོལ་འགྱུར་དེས་ན།། དེ་ཡིས་དེ་དག་ལས་ངེས་འབྱུང་།། སེམས་ཅན་ཆེད་དུ་དམྱལ་པོའི་སྲིད་པར་གནས་པ་ཡི།། སྡུག་བསྔལ་མི་བཟང་ཅིས་ཀྱང་རྒྱལ་སྲས་གནོད་མིན།། ཇི་སྲིད་ཡོན་ཏན་སྐྱོན་གྱིས་ཐེག་པ ་དམན་ཞུགས་པའི།། རྣམ་རྟོག་དགེ་བ་སྣ་ཚོགས་བློ་ལྡན་གནོད་བྱེད་ཡིན།། བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་དུ།། བྱང་ཆུབ་དྲི་མེད་ཡངས་པའི་བར་དུ་གཅོད་བྱེད་མིན།། ཐེག་པ་གཞན་ལ་རབ་བསིལ་རྣམ་རྟོག་བདག་ཕན་པ།། ་རབ་ཏུ་བདེ་བར་གནས་ཀྱང་བར་དུ་གཅོད་པར་བྱེད།། ཆོས་མེད་པ་དང་དམིགས་པ་དང་།། ཀུན་ནས་ཉོན་མོངས་མེད་རྣམ་དག། སྒྱུ་མ་ལ་སོགས་འདྲ་བ་དང་།། དེ་བཞིན་ནི་མཁའ་འདྲར་ཤེས་བྱ།། ཇི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ།། མཐོན ་དམན་མེད་ཀྱང་སྣང་བ་དེ་བཞིན་དུ།། ཡང་དག་མོ་ཡིན་རྟོག་ལ་རྣམ་ཀུན་ཏུ།། གཉིས་པོ་རྟག་ཏུ་མེད་ཀྱང་སྣང་བར་འགྱུར།། ཇི་ལྟར་ཆུ་རྙོགས་པ་ལས་དང་བ་ན།། དང་པ་ཉིད་དེ་དེ་ལས་སྐྱེས་མི་ནོ་ལ།། དེ་ནི་དེ་ལ་དྲི་མ་བྲལ་བར་ཟད།། དེ་བཞིན་རང་སེམས།། ་ངག་ལ་ཚུལ་ངོ་ཉིད།། སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད།། དེ་ནི་གློ་བུར་ཉེས་པས་མ་རུངས་བྱས།། ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ནི།། འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ།། བྱང་ཆུབ་སེམས་དཔའ་སེམས་ཅན།། ་ལ་བུ་གཅིག་པ་ལ་བྱ་བ་བཞིན།། རྐང་གི་ཁོང་ནས་བྱམས་པ་ཆེ།། དེ་ལྟས་རྟག་ཕན་བྱེད་པར་འདོད།། སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར།། དེ་ལ་ཆགས་སྐྱེས་ལྟུང་མི་འགྱུར།། འདི་ཡི་ཞེ་སྡང་རྣམ་ཀུན་དུ།། སེམས་ཅན་ཀུན་དང་འགལ ་བར་འགྱུར།། ཇི་ལྟར་ཕུག་རོན་རང་གི་བུ་མཆོག་བྱམས།། རང་གི་བུ་དེ་ཉེ་བར་འཁྱུད་ནས་འདུག། དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར།། བརྩེར་བཅས་ལུས་ཅན་བུ་ལའོང་དེ་དང་འདྲ།། གང་ཕྱིར་བྱམས་པ་དེ་ཕྱིར་ཁོང་ཁྲོ་འགལ།། གང་ཕྱིར་ཞི་བ ་དེ་ཕྱིར་གནོད་སེམས་འགལ།། གང་ཕྱིར་དོན་བྱེད་དེ་ཕྱིར་སྒྱུ་སེམས་འགལ།། གང་ཕྱིར་སིམ་བྱེད་ཧཱུ~ཾ་ཕྱིས་འཇིགས་བྱེད་འགལ།། སྨན་བཟང་པོ་ལ་ནད་པ་བཞིན།། འཁོར་བ་ལ་ནི་འཇུག་པར་བྱེད།། ནད་པ་ལ་ནི་སྨན་པ་བཞིན།། སེམས་ཅན་རྣམས ་ལ་སྒྲུབ་པར་བྱེད།། བྲན་མ་གྲུབ་པ་ཇི་བཞིན་དུ།། བདག་ཉིད་ལ་ནི་སྒྲུབ་པར་བྱེད།། ཟོང་ལོ་ཚོང་པ་རྡོ་བཞིན་དུ།། འདོད་པ་དགྲ་ལ་སྒྲུབ་པར་བྱེད།། གོས་ལ་བདྨོ་བརླག་མཁན་བཞིན་དུ།། ལས་ལ་རབ་ཏུ་སྒྲུབ་པར་བྱེད།། བུ་གཞོན་པ་ལ་ཕ་བཞིན་དུ།། ་སེམས་ཅན་མོ་འཆི་སྒྲུབ་པར་བྱེད།། མེ་དོན་གཉེར་བ་གཙུབ་ཤིང་ལྟར།། རྟག་པར་རབ་ཏུ་སྒྲུབ་པར་བྱེད།། ཡིང་བརྟན་བཞིན་དུ་ཁྱིག་པའོ་སེམས།། མ་རྫོགས་པ་ལ་སྒྲུབ་པ་པར་བྱེད་།། སྒྱུ་མ་མཁན་ལྷོར་ཤེས་བྱ་ལ།། ཤེས་རབ་ཀྱིས་ནི་སྒྲུབ་པར ་བྱེད།། དེ་ནི་བྱང་ཆུབ་སེམས་དཔའ་ཡི།། ཇི་ལྟར་གང་དུ་སྒྲུབ་པར་འདོད།། དེ་ལྟར་རྟག་ཏུ་བརྩོན་འགྲུས་རྒྱ་ཆེན་ལྡན།། གཉིས་ཡོངས་སྨིན་པར་བྱ་ལ་རབ་བརྩོན་དེ།། རིམ་གྱིས་དྲི་མིང་མི་རྟོག་བློ་མཆོག་གིས།། གྲུབ་པ་བླ་ན་མེད་པར་རབ་ཏུ་འགྲོ།། ་སྒྲུབ་པའི་སྐབས་རྫོག་སོ།། །། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང་།། མོས་པ་རྣམ་པར་འཕེལ་བྱེད་པ།། ཇི་ལྟར་ཆུ་ཡིས་རྒྱ་མཚོ་བཞིན།། དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས།། དེ་བཞིན་དུ་ནི་ཚོགས་བསགས་པའི།། རྒྱལ་སྲས་གཟོད་ནས། ་དག་པ་པོ།། ལེགས་པར་ཤེས་ཤིང་སེམས་དགེ་བ།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི།། སངས་རྒྱས་རྣམས་ལས་ཞི་གནས་དང་།། ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར།། གདམས་ངག་རྒྱ་ཆེན་སྙེད་པར་འགྱུར།། དེ་ནས་དང་པོར་སྡོམ་བརྩོན།། ་དེདེམདོ་ཡི་སྡེ་ལ་སོགས་པའི་ཆོས།། མི་གཉིས་དོན་ནི་རྣམ་འབྱེད་པ།། མདོ་སོགས་མིང་ལ་སེམས་འཇོག།། དེ་ནས་དེ་ནི་རིམ་བཞིན་དུ།། ཚིག་རབ་དབྱེ་ལ་སྤྱོད་བྱེད་ཅིང་།། སོ་སོའི་ནང་ལ་ཚུལ་བཞིན་དུ།། དེ་ཡི་དོན་ཡང་རྣམ་པར་དཔྱོད།། དོན་དེ་དག ་ནི་ངེས་གཟུང་ནས།། ཆོས་ལ་ཀུན་ནས་སྡོམ་པར་བྱེད།། དེ་ཡི་དོན་ནི་ཐོབ་བྱའི་ཕྱིར།། དེ་ནས་དེ་ནི་སྨོན་པར་བྱེད།། ཡིད་ཀྱི་བརྗོད་པས་རྒྱུན་ཚེགསུ།། བཙ་ལོ་བྱ་མ་སོར་བརྟག་པར་བྱ།། ཡིད་ལ་བྱིང་པ་བརྗོད་མེད་པ།། རོ་གཅིག་པས་ཀྱང་དཔྱོད་པར་བྱ།། ཆོ ་ཀྱི་མིང་ནི་བསྒོམས་པའང་འདི།། ཞི་གནས་ལམ་དུ་ཤེས་པར་བྱ།། ལྷག་མཐོང་ལམ་ནི་དེ་དོན་རྣམས།། རྣམ་པར་དཔྱོད་པར་ཤེས་པར་བྱ།། ཟུང་དུ་འབྲེལ་བའི་ལམ་ནི་དེ།། བསྡོམས་པ་ཡིན་པར་ཤེས་པར་བྱ།། ཞུམ་པའི་སེམས་ནི་ར་བོ་གཟུང་སྟེ།། ཚུད ་པ་ཡང་མི་ཞི་བར་བྱ།། དེ་ནས་དམིགས་པ་དེ་ལ་ནི།། མཉམ་པར་གྱུར་ན་བཏང་སྙོམས་བཞག།། དེ་ལ་རྟག་ཏུ་བྱ་བ་དོང་།། གུས་པར་བྱས་ཏེ་སྦྱར་བར་བྱེ།། དམིགས་པ་ལ་ནི་སེམས་གཏང་ནས།། དེ་རྒྱུན་རྣམ་པར་གཡེང་མི་བྱ།། རྣས་གཡེ་གྱུར ་བྱས་ནས།། དེ་ལ་སླར་ནི་བླན་པར་བྱ།། བློ་ལྡན་གོང་ནས་གོང་དུ་ཡང་།། སེམས་ནི་ནང་དུ་བསྡུ་བར་བྱ།། དེ་ནས་ཡོན་ཏན་མཐོང་བའི་ཕྱིར།། ཏིང་ངེ་འཛིན་ལ་སེམས་འདུའོ།། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར།། དེ་ལ་མི་དགའ་ཞི་བར་བྱ།། ་བརྣབ་སེམས་ཡིད་མི་བདེ་བ་ལ་སོགས།། ལངས་པོ་དེ་བཞིན་ཞི་བར་བྱ།། དེ་ནས་སྡོམ་བརྩོན་ཅན་གྱིས་ནི།། སེམས་ལ་མངོན་པར་འདུ་བྱེད་བཅས།། རང་གི་ངང་གིས་འབྱུང་བ་འཐོབ།། དེ་གོམས་པ་ལས་འདུ་མི་བྱེད།། དེ་ནས་དེ་ཡིས་ལུས་དང་སེམས།། ་ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས།། ཡིད་ལ་བྱེད་དང་བཅས་ཤེས་བྱ།། དེ་ཡིས་དེ་ནི་འཕེལ་བྱས་ན།། འཕེལ་བ་རིང་དུ་འགྲོ་བ་ཡིས།། དངོས་གཞིའི་གནས་པ་དེས་འཐོབ་པོ།། མངོན་ཤེས་དོན་དུ་གཉེར་བས་དེ།། སྦྱངས་ན་ལ་སུ་རུང་བའི་མཆོག། བསམ་གཏན ་ལས་ཐོབ་མངོན་པར་ཤེས།། མངོན་པར་བསྒྲུབ་པའི་སྒོ་ནས་དེ།། སངས་རྒྱས་དཔག་ཏུ་མེད་པ་ལ།། མཆོད་པའི་ཕྱིར་དང་མཉན་པའི་ཕྱིར།། འཇིག་རྟེན་ཁམས་ནི་རྣམ་སུ་འགྲོ།། འདིས་ནི་སངས་རྒྱས་དཔག་མེད་ལོ།། བསྐལ་དཔག་མེད་པ་བསྙེན་བཀུར་བྱས།། ་དེ་ལ་བསྙེན་བཀུར་བྱས་པའི་ཕྱིར།། སེམས་ནི་ལས་རུང་མཆོག་ཏུ་འགྱུར།། དེ་ནས་དེ་དག་སྔོན་རོལ་དུ།། ཕན་ཡོན་ལྔ་ནི་འཐོབ་འགྱུར་ཏེ།། དེས་ན་རྣམ་པར་དག་པའི་སྣོད།། བླ་ན་མེད་པ་ཉིད་འགྱུར་འདི།། ལུས་ལ་གནས་ངན་ལེན་པ་ཀུན།། སྐད་ཅིག་རེ་རེ་ལ ་ཟདང་འགྱུར།། ལུས་དོང་སེམས་ནི་ཀུན་དུ་ཡང་།། ཤིན་ཏུ་སྦྱངས་པས་གང་བར་འགྱུར།། ཆོས་རྣམས་སྣང་བ་ཐམས་ཅད་དུ།། ཡོངསུ་ཆད་པ་མེད་རྟོགས་འགྱུར།། ཡང་རིག་པ་ཡི་རྒྱུ་མཚན་ནི།། མི་བརྟགས་པ་དག་རབ་ཏུ་མཐོང་།། དེ་བཞིན་ཆོས་སྐུར་བ་རྫོགས ་དང་།། རྣམ་པར་དག་པར་བྱ་བའི་ཕྱིར།། བློ་དང་ལྡན་པས་རྣམ་ཀུན་ཏུ།། རྟག་ཏུ་རྒྱུ་ཡོངས་འཛིན་པར་བྱེད།། དེ་ནས་དེ་འདྲར་གྱུར་པ་ཡི།། བྱང་ཆུབ་སེམས་དཔའ་མཉམ་གཞག་པས།། ཡིད་ཀྱི་བརྗོད་པ་མ་གཏོགས་པར།། དོན་ཀུན་རབ་ཏུ་མི་མཐོང་ངོ་།། ཆོས་ཀྱི་སྣང་བ ་འཕེལ་བྱའི་ཕྱིར།། བརྩོན་འགྲུས་བརྟན་པ་ཀུན་ཏུ་རྩོམ།། ཆོས་ཀྱི་སྣང་བ་འཕེལ་ནས་ནི།། སེམས་ཙམ་ལ་ནི་གནས་པར་འགྱུར།། དེ་ནས་དོན་ཀུན་སྣང་བ་ནི།། སེམསུ་རབ་ཏུ་མཐོང་བར་འགྱུར།། དེ་ཚེ་དེ་ཡི་གཟུང་བ་ཡི།། རྣམ་པར་གཡེང་བ་དེ་སྤོངས་འགྱུར།། དེ་ནས ་དེ་ལ་འཛིན་པ་ཡི།། རྣམ་པར་གཡེ་བ་འབའ་ཞིག་ལུས།། དེ་ཆེ་བར་ཆད་མེད་པ་ཡི།། ཏིང་ངེ་འཛིན་ལ་མྱུར་དུ་རེག། འདི་ལྟར་དེ་ཡི་འཇུག་ཐོག་སུ།། འཛིན་པའི་རྣམ་པར་གཡེང་བ་སྤོང་།། འདི་དག་གོ་རིམ་བཞིན་དུ་ནི།། དྲོ་བར་གྱུར་སོགས་ཡིན་ཞེས་བྱ།། དེ ་ནས་དེ་ནི་འཇིག་རྟེན་ལས།། འདས་པའི་ཡེ་ཤེས་བླ་མེད་པ།། རྣམ་པར་མི་རྟོག་དྲི་མ་མེད།། འཛིན་པ་གཉིས་དང་བྲལ་བ་ཐོབ།། དེ་འདིའི་གནས་ཡོངས་གྱུར་པ་སྟེ།། ས་ནི་དང་པོ་ཡིན་པར་འདོད།། འདི་དེ་བསྐལ་པ་དཔག་མེད་ཀྱིས།། ཤིན་ཏུ་རྣམ་པོར་དག ་པར་འགྱུར།། ཆོས་ཀྱི་དབྱིངས་ནི་མཉམ་པ་ཉིད།། རབ་ཏུ་རྟོགས་ནས་དེ་ཡི་ཚེ།། རྟག་ཏུ་སེམས་ཅན་ཐམས་ཅད་ལ།། བདག་དྲུང་མཚུངས་པའི་སེམས་ཐོབ་སྟེ།། སེམས་ཅན་རྣམས་ལ་བདག་སྙེད་དང་།། སྡུག་བསྔལ་དང་ནི་དོན་བྱ་དང་།། ལན་མི་རེལ ་འདི་སེམས་སྙོམས།། རྒྱལ་སྲས་གཞན་དང་འདྲ་བ་ཡིན།། དེས་ནི་ཁམས་གསུམ་འདུས་བྱས་རྣམས།། ཡང་དག་མ་ཡིན་ཀུན་རྟོགས་པར།། ཡེ་ཤེས་ཤིན་ཏུ་རྣམ་དག་པ།། གཉིསུ་མེད་པའི་དོན་གྱིས་མཐོང་།། དེ་དག་མེད་པའི་ངོ་བོ་ནི།། མཐོང ་བས་སྦྱང་བྱ་རྣམས་ལས་གྲོལ།། དེས་ན་དེ་ཚེ་མཐོང་བའི་ལམ།། ཐོབ་པ་ཞེས་ནི་ངེས་པར་བརྗོད།། མེད་པའི་སྟོང་པ་ཉིད་ཤེས་ཤིང་།། དེ་བཞིན་ཡོད་པའི་སྟོང་ཉིད་དང་།། རང་བཞིན་ཡོད་པའི་སྟོང་པ་ཉིད་དང་།། རང་བཞིན་ཡོད་པ་ཉིད་ཤེས་བྱས།། ་སྟོང་པ་ཤེས་པ་ཞེས་བརྗོད།། མཚན་མེད་བཞི་ནི་རྣམ་རྟོག་རྣམས།། ཡང་དག་ཟད་པ་ཡིན་ཞེས་བྱ།། སྨོན་པ་མེད་པར་གྱུར་པ་དེ།། ཡང་དག་མ་ཡིན་ཀུན་རྟོག་གོ།། རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ།། རྣམ་པ་སྣ་ཚོགས་ཐམས་ཅད་ནི།། རྟག་ཏུ་མཐོང་བའི་ལམ་དེ་དང་། ་ལྷན་ཅིག་ཏུ་ནི་ཐོབ་པར་འདོད།། གང་ཞིག་བློ་ཡིས་འགྲོ་བ་འདུས་བྱས་ཙམ།། བདག་མེད་སྡུག་བསྔལ་རྒྱས་པ་ཙམ་ཤེས་ཏེ།། དོན་མེད་རང་བཞིན་བདག་ལྷ་རྣམ་སྤངས་ནས།། བདག་ཉིད་ཆེ་ལྷ་དོན་ཆེན་བརྟེན་པ་གང་།། འདི་ནི་བདག་ལྟ་མེད་པར་བདག་ཏུ་ལྟ།། སྡུག་བསྔལ ་མེད་པར་ཤིན་ཏུ་སྡུག་བསྔལ་འགྱུར།། རང་ལ་ཕན་བྱས་བདུག་ལ་ཇི་ལྟ་བར།། དོན་ཀུན་བྱེད་ལ་ལནཱ་ཀྱང་རེ་བ་མེད།། གང་ཞིག་གྲོལ་བ་མཆོག་གིས་སེམས་གྲོལ་ལ།། འཆིང་བ་མི་བཟད་ཡུན་ཡང་རིང་པོར་བཅིངས།། སྡུག་བསྔལ་མཐར་ཐུག་པ་ནི་མ་མཐོང ་ཡ་། རབ་ཏུ་སྦྱོར་བ་ཉིད་བྱེད་བྱེད་པོ་ཉིད།། འདི་ན་འཇིག་རྟེན་ཚེ་གཅིག་རིང་སྟུགྶ་བཀུར་མོ་ནུས།། འཇིག་རྟེན་གནས་པ་སྲིད་དུ་གཞན་སྡུག་བསྔལ།། བསྡོམས་པ་སྨོས་ཅི་དགོས་ཏེ་བསུམ་དུ་མེད།། བྱང་ཆུབ་སེམས་དཔའ་དེ་ལས་བཟློག་པ་ཡིན།། རྒྱ ་སྲས་སེམས་ཅན་རྣམས་ལ་དགའ་བ་དང་།། བྱམས་པ་གང་ཡིན་སྦྱོར་དང་མི་སྐྱོ་ག་།། དེ་ནི་སྲིད་པ་དག་ན་ངོ་མཚར་ཆེ།། སེམས་ཅན་བདག་དང་མཚུངས་ཕྱིར་དེ་ལྟའང་མིན།། དེ་ནས་འདི་ནི་ལྷག་མ་ཡོ།། ས་རྣམས་སྒོམ་པའི་ལམ་འདི་ལ།། ཡེ་ཤེས་རྣམ ་པ་གཉིས་པོ་དག། སྒོམ་ཕྱིར་རབ་ཏུ་སྦྱོར་བར་བྱེད།། རྣམ་པར་མི་རྟོག་ཡེ་ཤེས་དེ།། སངས་རྒྱས་ཆོས་ནི་སྦྱོང་བར་བྱེད།། གཞན་ནི་ཇི་བཞིན་རྣམ་འཇོག་པ།། སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད།། གྲངས་མེད་གཉིས་ནི་རྫོགས་པ་ཡིས།། སྒོམ་པ་ཡི་ནི ་མཐར་ཕྱིན་ཏེ།། སྒོམ་པ་ཐ་མ་ཐོབ་ནས་ནི།། བྱང་ཆུབ་སེམས་དཔའ་དབང་བསྐུར་བ།། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན།། རྟོག་པས་མི་ཤིགས་ཐོབ་ནས་ནི།། གནས་གཞན་གྱུར་པ་མཐར་ཐུག་པ།། སྒྲིབ་པ་ཀུན་གྱི་དྲི་མེད་དང་།། གང་ལ་གནས་ན་སེམས་ཅན་ཀུན།། ་ཕན་ཕྱིར་རབ་ཏུ་སྒྲུབ་བྱེད་པ།། རྣམ་པ་ཐམས་ཅད་མཁྱེན་པ་ཡི།། གོ་འཕབ་བླ་ན་མེད་པ་འཐོབ།། དེ་ལྟར་མཐོང་དཀའི་ཐུབ་པ་རྟག་མཐོང་བ།། ཐོས་པ་མཉམ་མེད་ལས་བྱུང་རབ་དང་བའི།། ཤུགས་ཀྱིས་རྟག་པར་ཤིན་ཏུ་སེམས་ཚིམ་ལ།། ཇི་ལྟ་བུར་ན ་དོན་ཆེན་འགྱུར་མ་ཡོན།། ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་ལ།། དེ་བཞིན་གཤེགས་རྟག་མངོན་སུམ་འདོམས་མཛད་ཅིང་།། ཅོ་ནས་འདྲེན་ཞིང་ཉེས་པའི་ཚང་ཚིང་ནས།། ཆེན་གྱིས་དྲངས་ཏེ་བྱང་ཆུབ་ལ་མགོད་དོ།། སངས་རྒྱས་རྣམས་ནི་རྟག་ཏུ་རང་དོན་ཡང ་དག་སྦྱོར་ལ་ལེགས་པར་བསྔགས་པ་དང་།། ལོག་པར་སྦྱོར་ལ་སྨོད་མཛད་གནས་དང་རྣམ་འབྱེད་ལྷུར་ལེན་མཆོག་གི་སེམས་ཅན་ལ།། གང་ཞིག་སྤངས་དང་བསྟེན་པས་བདེ་གཤེགས་བསྟོན་པ་འདི་ལ་རྣལ་འབྱོར་ཡངས་འགྱུར་བ།། བར་ཆད་མཐུན་པའི་ཆོས། ་ནི་རྣམ་པ་ཐམས་ཅད་རྒྱལ་རྣམས་ཚུལ་བཞིན་འདི་ན་སྟོན།། དེ་ནི་མཐོང་བ་རབ་དག་མི་རྟོག་ཡེ་ཤེས་ཀྱི།། འཇིག་རྟེན་ཐམས་ཅད་ཟིལ་མནན་མུན་པ་ཆེན་པོ་ཡང་།། རྣམ་པ་ཀུན་དུ་བསལ་ནས་ཉི་མ་ཆེན་པོ་དག། ཤར་བ་བཞིན་དུ་འགྲོ་བ་རྣམས་ལ་ལྷ་མོའོ།། དེ་ལྟར ་རྟག་ཏུ་དགེ་བ་བསགས་པས་རབ་གང་ཞི།། ཐུབ་པ་ལས་ནི་རྟག་ཏུ་གདམས་ངག་ཆེ་ཐོབ་པའི།། སེམས་དཔའ་མཆོག་ནི་སེམས་ཀྱི་ཏིང་འཛིན་རབ་ཡངས་པ།། ཐོབ་ནས་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ་བར་འགྱུར།། གདམས་ངག་དང་རྗེསུ་བསྟན་པའི ་སྐབས་རྫོགསོ།། །། སྡོམ་ནི་མོས་པ་མང་བ་ཉིད་དང་ནི།། ཆོས་ཚོལ་བ་དང་བཤད་པ་དང་།། དེ་བཞིན་སྒྲུབ་དང་ཡང་དག་པའི།། གདམས་ངག་རྗེ་སུ་བསྟན་པ་ཡིན།། ཇི་ལྟར་ནགས་ཚལ་དང་ནི་ལུས་ཅན་རི་བོ་དང་།། ཆུ་བོ་རྣམས་ཀྱི་རྟེན་ནི་ཀུན་ནས་ས་ཡིན་པ།། དེ ་བཞིན་མཁས་པ་རྣམས་ཀྱི་ལས་རྣམས་གསུམ་པོ་ཡང་།། ཀུན་ནས་སྦྱིན་པ་ལ་སོགས་དགེ་བ་ཡིན་པར་བརྗོད།། ཤིན་ཏུ་དཀའ་བའི་ལས་ནི་ངོ་བོ་སྣ་ཚོགས་པ།། བསྐལ་པ་མང་པོས་ཚར་ཕྱིན་མངོན་བརྩོན་བདག་ཉིད་ཅན།། རྒྱལ་སྲས་རྣམས་ཀྱི་ལུས་དང་ངག་སེམས ་རང་བཞིན་གྱི།། ལས་རྣམས་དག་གིས་འདི་ན་ཡིད་འབྱུང་འགྱུར་བ་མེད།། ཇི་ལྟར་བདག་ལ་ཕན་འདོད་དུག་དང་མཚོན་དང་ནི།། གནམ་ལྕགས་ལྕེ་དང་ངགྲ་ལས་རང་གི་ལུས་བཟློག་པོ།། དེ་བཞིན་རྒྱལ་སྲས་ཐེག་པ་དམན་པ་རྣམ་གཉིས་ལས།། ལས་རྣམ་གསུམ་གྱི ་བདག་ཉིད་ཟློག་པར་བྱེད་པ་ཡིན།། རྟག་དུ་རྣམ་པར་མི་རྟོག་ལས་ཅན་ལས་མིན་ཞིང་།། ལས་ཀྱི་བྱ་བ་དང་རྣམ་གསུམ་ལ་མི་ལྟ་སྟེ།། དེས་ན་འདིས་ནི་དེ་ཐབས་ཡང་དག་གཟུང་བའི་ཕྱིར།། ལས་རྣམས་དག་པ་མཐའ་ཡས་དེ་ཡི་ཕ་རོལ་འགྲོ། ཐབས་དང་ལྡན ་པའི་ལས་ཀྱི་སྐབས་རྫོག་སོ།། །། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང་།། ངེས་པའི་ཚིག་དང་གོམས་དང་ཡོན་ཏན་དང་།། དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས།། ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཞེས་བྱ།། ལོངས་སྤྱོད་དང་ལུས་ཕུན་སུམ ་ཚོགས་པ་དང་།། འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང་།། རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང་།། བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ།། སེམས་ཅན་དོན་ལ་རབ་བརྩོན་པ།། གཏོང་དང་མི་གནོད་བཟོད་པས་བྱེད།། གནས་དང་གྲོལ་བ་གཞིར ་བཅས་པས།། རང་དོན་རྣམ་པ་ཐམས་ཅད་སྤྱོད།། མི་ཕོངས་པ་དང་རྣམ་པར་མི་འཚེ་དང་།། རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང་།། དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར།། གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ།། ལོངས་སྤྱོད་མངོན་པར་མི་དགའ་དང ་རབ་གུས་གཉིས་ལ་མི་སྐྱོ་དང་།། རྣལ་འབྱོར་རྣམ་པར་མི་རྟོག་པ།། ཐེག་ཆེན་མཐའ་དག་འདིར་ཟད་དོ།། ཡུལ་རྣམས་ལ་ནི་མ་ཚོགས་ལམ།། དྲོ་ཐོ་བ་རྣམ་གཡེང་སྡོམས་པའི་གཞན།། སེམས་ཅན་མི་གཏོང་འཕེལ་བ་དང་།། སྒྲིབ་པ་རྣམ་པར་སྤྱོང་བའི་གཞན ་བསླབ་གསུམ་དབང་དུ་མཛད་ནས་ནི།། རྒྱལ་བས་ཕ་རོལ་ཕྱིན་པ་དྲུག། ཡང་དག་བཤད་དེ་དང་པོ་གསུམ།། ཐ་མ་གཉིས་ཀྱིས་རྣམ་པ་གཉིས།། གཅིག་ནི་གསུམ་ཆར་ལ་ཡང་གཏོགས།། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་།། རྣམ་པར་མི་རྟོག་ཡིས ་ལྡན།། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།། ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང་།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེང་རྣཾ་གསུཾ། ་བཟོད་པ་མི་མཐུན་ཕྱོགས་ཉམས་དང་།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།། བརྩོན་འགྲུས་མི་མཐུན་ཕྱོགས་ཉམས་དང་།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། འདོད་པ ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།། བསམ་གཏན་མི་མཐུན་ཕྱོགས་ཉམས་དང་།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།། ་ཤེས་རབ་མི་མཐུན་ཕྱོགས་ཉམས་དང་།། རྣམ་པོར་མི་རྟོག་ཡེ་ཤེས་ལྡནི།། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།། སྔ་མ་ལ་བརྟེན་ཕྱི་མ་སྐྱེ།། དམན་དང་མཆོག་ཏུ་གནས་ཕྱིར་དང་།། རགས་པ་དང་ནི་ཕྲ་བའི་ཕྱིར།། དེ ་དག་རིམ་པར་བསྟན་པ་ཡིན།། དབུལ་བ་འདོར་བར་བྱེད་པ་དང་།། བསིལ་བ་འཐོབ་དང་ཁྲོ་བཟོད་དང་།། མཆོག་སྦྱོར་བ་དང་ཡིད་འཛིན་དང་།། དོན་དམ་ཤེས་པའི་ཕྱིར་བཤད་དོ།། ཐམས་ཅད་སྒོམ་པ་དངོས་པོ་དང་།། དེ་བཞིན་ཡིད་ལ་བྱེད་པ་དང་།། བསམ་པ་དང ་ནི་ཐབས་དག་དང་།། དབང་འབྱོར་ཉིད་ལ་བརྟེན་པ་བརྗོད།། དོན་རྣམས་གཏོང་བར་བྱེད་པ་དང་།། རྩ་བ་སེམས་པ་ལོ་བརྟེན་དང་།། ལུས་དང་ལོངས་སྤྱོད་ཕུན་ཚོགས་དང་།། གཉིས་རྗེས་འཛིན་དང་རྫོགས་བྱེད་དང་།། དེ་ཡང་སེར་སྣ་མེད་ལྡན་དང་།། ཆོས་དང་ཟང་ཟིང ་མི་འཇིགས་གཏོང་།། སྦྱིན་པ་དེ་འདོར་ཡོངས་ཤེས་ནས།། མཁས་པ་ཡང་དགྲ་སྒྲུབ་པར་བྱེད།། ཡན་ལག་དྲུག་ཞི་བསམ་པས་ཟིན།། བདེ་འགྲོ་གནས་པོ་སྦྱིན་བྱེད་དང་།། རྟེན་དང་ཞི་དང་འཇིགས་པོ་མེད།། བསོད་ནམས་ཚིགས་དང་ལྡན་པ་དང་།། བཛྲར ་བརྟགས་ཆོས་ཉིད་ཐོབ་པ་སྟེ།། སྡོམ་ལ་གནས་པ་རྣམས་ལ་ཡོད།། ཚུལ་ཁྲིམས་དེ་འདྲར་ཡོངས་ཤེས་ནས།། གཁས་པ་ཡང་དག་སྒྲུབ་པར་བྱེད།། མི་མཛོད་ཛི་མི་སྙམ་པ་དང་།། སྙིང་རྗེ་ཆོས་ལ་བརྟེན་པའི་ཕྱིར།། ཕན་ཡོན་ལྔར་ནི་ཡང་དགེ་བཤད། དེ་ནི་གཉིས ་ཀྱི་དོན་བྱེད་དེ།། དཀའ་ཐུབ་གཙོ་དང་ཀུན་ཏུ་ལྡན།། དེ་ལ་དེ་ནི་རྣམ་གསུམ་འདོད།། བཟོད་པ་དེ་འདྲར་ཡོངས་ཤེས་ནས།། མཁས་པ་ཡང་དག་སྒྲུབ་པར་བྱེད།། དགེ་ལ་ཡང་དག་སྤྲོ་བ་དང་།། དད་དང་འདུན་ལ་བརྟེན་པ་དང་།། དྲན་སོགས་ཡོན་ཏན་འཕེལ་བྱེད ་དང་། ཀུན་ནས་ཉོན་མོངས་གཉེན་པོ་དང་།། མ་ཆགས་ལ་སོགས་ཡོན་ཏན་ལྡན།། དེ་དག་ལ་ནི་དེ་རྣམ་བདུན།། བརྩོན་འགྲུས་དེ་འདྲར་ཡོངས་ཤེས་ནས།། མཁས་པ་ཡང་དག་སྒྲུབ་པར་བྱེད།། སེམས་ནི་ནང་དུ་གནས་པ་དང་།། དྲན་དང་བརྩོན་འགྲུས་ལ་བརྟེན་པ།། ། ་བདེ་བ་སྐྱེད་པར་བྱེད་པ་དང་།། མངོན་ཤེས་གནས་ལ་དབང་བསྒྱུར་བ།། ཆོས་རྣམས་ཀྱི་ནི་གཙོ་བོ་སྟེ།། དེ་དག་ལ་ཡོད་དེ་རྣམ་གསུམ།། བསམ་གཏན་དེ་འདྲར་ཡོངས་ཤེས་ནས།། མཁས་པ་ཡང་དག་པར་སྒྲུབ་པར་བྱེད།། ཤེས་བྱ་ཡང་དག་རབ་རྣམ་འབྱེད།། ཏིང ་ངེ་འཛིན་ལ་བརྟེན་པ་དང་།། ཀུན་ནས་ཉོན་མོངས་ཤིན་དུ་གྲོལ།། རིཤེས་རབ་འཚོ་བ་ལེགས་བཤད་དང་།། ཆོས་རྣམས་ཀྱི་ནི་མཆོག་ཡིན་ཏེ།། དེ་དག་ལ་ཡོད་དེ་རྣམ་གསུམ།། ཤེས་རབ་དེ་འདྲར་ཡོངས་ཤེས་ནས།། མཁས་པ་ཡང་དག་སྒྲུབ་པར་བྱེད།། དཀར་པོའི ་ཆོས་ཀུན་རྣམ་པར་གཡེངས་པ་དང་།། མཉམ་པར་གཞག་དང་གཉིས་ཀར་ཤེས་པར་བྱ།། ཕ་རོལ་ཕྱིན་པ་གཉིས་དང་གཉིས།། གཉིས་ཀྱིས་ཡོངསུ་བསྡུས་པ་ཡིན།། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི།། མ་ཆགས་མི་ཆགས་ཆགས་པ་མེདདོ།། ཆགས་པ་ཉིད ་ཀྱང་མ་ཡིན་ཏེ།། མ་ཆགས་མི་ཆགས་ཆགས་པ་མེད།། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི།། མོ་ཆགས་མི་ཆགས་ཆགས་པ་མེད།། ཆགས་པ་ཉིད་ཀྱང་མ་ཡིན་ཏོ།། མཆགས་མི་ཆགས་ཆགས་པ་མེད།། བྱང་ཆུབ་སེམས་དཔའི་བཟོད་པ་ནི།། མ་ཆག ་མི་ཆགས་ཆགས་པ་མེད།། ཆགས་པ་ཉིད་ཀྱང་མ་ཡིན་ཏེ།། མ་ཆགས་མི་ཆགས་ཆགས་པ་མེད།། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི།། མ་ཆགས་མི་ཆགས་ཆགས་པ་མེད།། ཆགས་པ་ཉིད་ཀྱང་མ་ཡིན་ཏེ།། མ་ཆགས་མི་ཆགས ་ཆགས་པ་མེད།། བྱང་ཆུབ་སེམས་དཔའི་བསམ་གཏན་ནི།། མ་ཆགས་མི་ཆགས་ཆགས་པ་མེད།། ཆགས་པ་ཉིད་ཀྱང་མོ་ཡིན་ཏེ།། མ་ཆགས་མི་ཆགས་ཆགས་པ་མེད།། བྱང་ཆུབ་སེམས་དཔའི་ཤེས་རབ་ནི།། མ་ཆགས་མི་ཆགས་ཆགས་པ་མེད།། ཆགས་པ ་ཉིད་ཀྱང་མ་ཡིན་ཏོ།། མ་ཆགས་མི་ཆགས་ཆགས་པ་མེད།། སངས་རྒྱས་སྲས་རྣམས་སློང་དང་ཕྲད་ན་རང་གི་སྲོག་ཀྱང་རྟག་ཏུ་གཏོང་།། སྙིང་རྗེས་གཞན་ལ་ལན་ཀྱང་མི་རེ་འདོད་པའི་འབྲས་བུ་དོན་མི་གཉེར།། སྦྱིན་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང ་ཆུབ་གསུམ་ལ་བཀོད།། སྦྱིན་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག། སངས་རྒྱས་སྲས་རྣམས་སྡོམ་དང་བརྩོན་པའི་རང་བཞིན་ཚུལ་ཁྲིམས་གསུམ་རྟག་བླངས།། མཐོ་རིས་མངོན་པ་མི་འདོད་ཡང་དག་ཐོབ་ཀྱང་དེ་ལ་ཆགས ་མི་སྐྱེད།། ཚུལ་ཁྲིམས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད།། ཚུལ་ཁྲིམས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག། སངས་རྒྱས་སྲས་རྣམས་ཤིན་ཏུ་བྱ་དཀའ་དེ་བཞིན་མི་ཡི་གནོད་ཀུན་བཟོད།། མཐོ་རིས ་གཏོར་དང་མི་ནུས་པས་མིན་འཇིགས་པས་མ་ཡིན་ཕོན་རྟས་མིན།། བཟོད་པ་བླ་ན་མེད་པས་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད།། བཟོད་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག། སངས་རྒྱས་སྲས་རྣམས་གོ། ་ཆ་སྦྱོར་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས།། རང་དང་གཞན་གྱི་ཉོན་མོངས་ཚོགས་གཞོམ་བྱང་ཆུབ་དམ་པ་འཐོབ་པར་བྱེད།། བརྩོན་འགྲུས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད།། བརྩོན་འགྲུས་ཡེ་ཤེས་ཀྱིས་ཡོངས་ཟིན ་པས་འཇིག་རྟེན་དག་ན་མི་བཟང་བཞག། སངས་རྒྱས་སྲས་རྣམས་ཏིང་འཛིན་མང་ལྡན་བསམ་གཏན་རྣམ་པ་ཐམས་ཅད་བསྒྲུབས།། བསམ་གཏན་བདེ་བ་ཕུལ་གྱིས་གནས་ཤིང་སྙིང་རྗེས་སྐྱེ་བ་དམན་ལ་སྟོན།། བསམ་གཏན་དེ་ཉིད་ཀྱང་ནི་སྐྱེ་བོ་ཐམས ་ཅད་བྱང་ཆུབ་གསུམ་ལ་བཀོད།། བསམ་གཏན་ཡོ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དགན་མི་བཟང་བཞག།། སངས་རྒྱས་སྲས་རྣམས་དེ་ཉིད་ཤེས་བྱ་གང་ཡིན་མཐའ་དག་རྣམ་ཀུན་ཤེས།། མྱ་ངན་འདས་ལའང་བློ་ཡིས་ཆགས་རབ་མ ་བསྐྱེད་འཁོར་བར་སྨོས་ཅི་དགོས།། ཡེ་ཤེས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད།། ཡེ་ཤེས་སེམས་ཅན་ཡོངསུ་བཟུང་བས་འཇིག་རྟེན་དག་ན་མི་བཟང་བཞག། རྒྱ་ཆེ་བ་དང་ཟང་ཟིང་མེད།། དོན་ཆེ་བ་དང་མི་ཟད་པ།། སྦྱིན ་པ་ལ་སོགས་ཐམས་ཅད་ཀྱི།། ཡོན་ཏན་བཞིར་ནི་ཤེས་པར་བྱ།། སློང་བ་མཐོང་རྫོགས་དགའ་བ་དང་།། མི་དགའ་བ་དང་སྨོན་པ་ཡང་།། སྦྱིན་པ་པོ་ནཱི་བརྩེར་ལྡན་པས།། ལྷག་པར་ལྡན་པས་རྟག་ཟིལ་གནོན།། བརྩེ་བས་སེམས་ཅན་རྣམས་ལ་ནི།། ་སྲོག་དང་ལོངས་སྤྱོད་ཆུང་མ་དག། རྟག་གཏོང་ཤིན་ཏུ་དགའ་བྱེད་པ།། དེ་སྤོང་ཇི་ལྟར་སྲུང་མི་འགྱུར།། འཕགས་པ་མི་ལྟ་སེམས་སྙོམས་ཤིང་།། མི་འཇིགས་བརྩེ་ཕྱིར་ཀུན་སྟེར་པ།། གཞན་ལ་གནོད་པ་བྱེད་པ་ཡི།། ལོག་པའི་ཚིག་ནི་ཇི་ལྟར་སྨྲ།། སྙོམས ་པར་ཕན་པར་འདོད་པ་བརྩེ་བ་ཅན།། གཞན་གྱི་སྡུག་བསྔལ་སྐྱེ་བས་ཤིན་ཏུ་འཇིགས།། སེམས་ཅན་འདུལ་བ་ལ་ནི་ལེགས་བརྩོན་པ།། ངག་གི་ཉིས་རྣམ་གསུམ་ལས་ཤིན་དུ་རིང་།། ཐམས་ཅད་གཏོང་བ་སྙིང་རྗེ་ཅན།། རྟེན་འབྱུང་ཆོས་ལ་རབ་མཁས ་པ།། དེ་ནི་ཡིད་ཀྱི་ཉོན་མོངས་ཀུན།། ཇི་ལྟ་བུར་ན་དང་དུ་ལེན།། བརྩེར་ལྡན་གང་ཆེ་གནོད་པར་བྱེད་པ་དང་།། གཞན་ལ་ཕན་པའི་སྡུག་བསྔལ་ལ་རྟག་ཏུ།། ཕན་པའི་འདུ་ཤེས་དགའ་བ་རྙེད་འགྱུར་པ།། དེ་ཡིས་གང་ལ་ཅི་ཞིག་བཟོད་པར་བྱ།། གཞན་ལ་གཞན ་གྱི་འདུ་ཤེས་བྲལ་བ་དང་།། བདག་པས་ཆེས་ལྷག་གཞན་ལ་རྟག་བྱམས་དང་།། དཀའ་བ་སྤྱོད་ཕྱིར་བརྩེ་བ་དང་བཅས་ལ།། བརྩོན་འགྲུས་དཀའ་བ་མིན་ལ་ཤིན་དུ་དཀའ།། གསུམ་གྱི་བསམ་གཏན་བདེ་བ་ཆུང་།། བདག་བདེ་ཞེན་པ་ཡོངསུ་འགྱུར།། ཟད་འགྱུར། ་རྨོངས་དང་བཅས་པར་འདོད།། བྱང་ཆུབ་སེམས་དཔའི་བཟློག་པའོ།། ཇི་ལྟར་མཚན་མོ་ལག་ནོམ་དང་།། ཁེབས་སྒྲོན་དེ་བཞིན་ཤེས་པ་གསུམ།། སྙིང་རྗེ་ཅན་གྱི་ཤེས་པ་ནི།། ཉི་མའི་ཟེར་བཞིན་མཚུངས་པ་མེད།། སྦྱིན་པ་བརྟན་དང་གཞི་དང་ནི།། རྒྱུ ་མཚན་དང་ནི་ཡོངས་བསྔོ་དྲང་།། རྒྱུ་དང་ཡེ་ཤེས་ཞིང་དག་དང་།། གནས་ཀྱི་སྒོ་ནས་མཆོག་ཏུ་འདོད།། ཚུལ་ཁྲིམས་བརྟེན་དང་གཞི་དང་ནི།། རྒྱུ་མཚན་དང་ནི་ཡོངས་བསྔོ་དང་།། རྒྱུ་དང་ཡེ་ཤེས་ཞིང་དག་དང་།། གནས་ཀྱི་སྒོ་ནས་མཆོག་ཏུ་འདོད།། ་བཟོད་པ་རྟེན་དང་གཞི་དང་ནི།། རྒྱུ་མཚན་དང་ནི་ཡོངས་བསྔོ་དང་།། རྒྱུ་དང་ཡེ་ཤེས་ཞིང་དག་དང་།། གནས་ཀྱོ་སྒོ་ནས་མཆོག་ཏུ་འདོད།། བརྩོན་འགྲུས་རྟེན་དང་གཞི་དང་ནི།། རྒྱུ་མཚན་དང་ནི་ཡོངས་བསྔོ་དང་།། རྒྱུ་དང་ཡེ་ཤེས་ཞིང་དག་དང་།། གནས ་ཀྱི་སྒོ་ནས་མཆོག་ཏུ་འདོད།། བསམ་གཏན་རྟེན་དང་གཞི་དང་ནི། རྒྱུ་མཚན་དང་ནི་ཡོངས་བསྔོ་དང་།། རྒྱུ་དང་ཡེ་ཤེས་ཞིང་དག་དང་།། གནས་ཀྱི་སྒོ་ནས་མཆོག་ཏུ་འདོད།། ཤེས་རབ་རྟེན་དང་གཞི་དང་ནི།། རྒྱུ་མཚན་དང་ནི་ཡོངས་བསྔོ་དང་།། རྒྱུ་དང་ཡེ ་ཞིང་དག་དང་།། གནས་ཀྱི་སྒོ་ནས་མཆོག་ཏུ་འདོད།། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི།། སེམས་ཅན་གཅིག་བདེ་བསྐལ་མང་དུ།། གནོད་པ་བྱེད་ཀྱང་དགར་འགྱུར་ན།། དེ་ལས་བཟློག་པ་སྨོས་ཅི་དགོས།། ལུས་ཅན་རྣམས་ནི་གང་ཕྱིར་ནིར་འདོད་པ། ་བརྟན་རྣམས་དེ་ཉིད་ལུས་ཅན་རྣམས་ལ་གཏོང་།། སྐྱེ་བོ་རྣམས་ནི་ལུས་ཕྱིར་ནོར་འདོད་དེ།། དེ་ཉིད་བརྟན་རྣམས་བརྒྱ་ཕྲག་རྣམསུ་གཏོང་།། གང་ཚེ་ལུས་ཉིད་གཏོང་ཡང་ཡིད་སྡུག་མི་བསྔལ་བ།། དེ་ཚེ་རྫས་ངན་ལྟ་ལ་སྨོས་ཀྱང་ཅི་ཞིག་དགོས།། དེ་འདིའི།། ་འཇིག་རྟེན་འདས་པ་དེ་འདིས་དགའ་འགྱུར་བ།། གང་ཡིན་དེ་ནི་དེའི་ཡང་བླ་མ་ཡིན།། ཇི་ལྟར་བློ་ལྡན་འདི་ནི་ཀུན་གཏོང་བས།། དོན་གཉེར་སྐྱེ་བོ་དགའ་བས་དགའ་བ་ལྟར།། དེ་ལྟར་སློངས་མོ་པ་དག་བླང་བྱ་བ།། འདོད་དགུ་ཐོབ་པ་དག་གིས་དགའ།། ་མི་འགྱུར།། བློ་ལྡན་བདོག་དགུ་བཏང་བས་ནོར་མེད་པ།། བདག་ཉིད་ནོར་ལྡན་སེམས་པ་ཇི་ལྟ་བར།། སློང་བ་ལོངས་སྤྱོད་ཀུན་རྫོགས་བདག་ཉིད་ནི།། དེ་ལྟར་ནོར་དང་ལྡན་པར་མི་སེམས་སོ།། ཇི་ལྟར་བློ་ལྡན་འདི་ནི་སྦྱིན་པ་བཟང་པོ་ཚུལ་བཞིན་དུ།། དོན ་གཉེར་ཚིམ་བྱས་དེ་ལ་ཕན་ཆེར་འདོགས་པར་སེམས་པ་ལྟར།། དེ་བཞིན་སློངས་མོ་པ་དག་ཤིན་ཏུ་ནོར་མང་ཐོབ་ནས་ནི།། སྦྱིན་པ་པོ་ལ་རྙེད་པའི་རྒྱུ་ཡིས་དྲིན་དུ་མི་རྩིའོ།། ལམ་ཀའི་འབྲས་མཆོག་ལྡན་པའི་ལོངས་སྤྱོད་ཤིང་ལས་ཇི་ལྟ ་བ་ད་ལུས་ཅན་རྣམས་ཀྱིས་གང་གི་ནོར་རྫས་རྒྱ་ཆེན་བླངས་ནས་ནི།། བདག་ཉིད་དོགས་དང་བྲལ་བར་རང་ཉམས་སྤྱོད་པར་བྱེད་པ་ལ།། བཏང་དགའ་ལོངས་སྤྱོད་ཅན་དེ་བྱང་ཆུབ་སེམས་དཔའ་ལས་གཞན་མིན།། གཙོ་དང་དེ་རྒྱ་ལས ་ཀྱི་དབྱེ་བ་དང་།། རྣམ་པའི་དབྱེ་བ་རྟེན་གྱི་དབྱེ་བ་དང་།། བར་ཆད་རྣམ་བཞིའི་བཞིའི་གཉེན་པོའི་དབྱེ་བ་ཡིས།། བརྩོན་འགྲུས་ཡོངས་ཤེས་བྱ་ཞེས་རབ་ཏུ་བསྟན།། དགེ་བའི་ཚོགས་ཀྱི་ནང་ན་བརྩོན་འགྲུས་མཆོག། འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་ཐོབ།། བརྩོན ་འགྲུས་ཀྱིས་ནཱི་མོད་ལ་བདེ་གནས་མཆོག། དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོག་སོ།། བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་ཐོབ།། བརྩོན་འགྲུས་ཀྱིས་ནི་དག་པར་རབ་འགྱུར་ལྡན།། བརྩོན་འགྲུས་ཀྱིས་ནི་འཇིག་རྟེན་འདས་ནས་གྲོལ།། བརྩོན ་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས་རྒྱས།། གཞན་ཡང་མཉམ་དང་འཕེལ་བའི་བརྩོན་འགྲུས་དང་།། ཐར་པའི་དབང་དང་མི་མཐུན་ཕྱོགས་སྤངས་གཞན།། དེ་ཉིད་རབ་ཞུགས་ཡོངསུ་སྒྱུར་བྱེད་དང་།། བརྩོན་འགྲུས་དོན་ཆེན་ངེས་ཚིག་གཞན་དུ་འདོད།། ་ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི།། ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་ཏེ།། མ་ཞུམ་མི་འཁྲུགས་ཆོག་མི་ཤེས་བརྩོན་འགྲུས།། རྣམ་པ་ཐམས་ཅད་སངས་རྒྱས་རྣམས་རབ་གསུང་།། ཐེག་པ་གསུམ་བརྩོན་སྐྱེ་བོ་ལ་བརྟེན་ནས།། ་བསམ་བློ་ཞན་དང་རྒྱ་རབ་ཆེ་ལྡན་ཕྱིར།། བརྩོན་འགྲུས་ཐ་མ་འབྲིང་དང་མཆོག་གཞན་ཏེ།། དེ་ནི་དོན་ཆུང་བ་དང་དོན་ཆེན་འདོད།། བརྩོན་འགྲུས་ལྡན་པ་ལོངས་སྤྱོད་ཀྱིས་ཕམ་མེད།། བརྩོན་འགྲུས་ལྡན་པ་ཉོན་མོངས་ཀྱིས་ཕམ་མེད།། བརྩོན་འགྲུས་ལྡན་པ ་སྐྱོ་བས་ཕམ་པ་མེད།། བརྩོན་འགྲུས་ལྡན་པ་ཐོབ་པས་ཕམ་པ་མེད།། ཕན་ཚུན་བསྡུས་པ་ཕྱིར་རབ་དབྱེའི་ཕྱིར།། ཆོས་ཉིད་ཕྱིར་དང་རྒྱུ་མཚན་ཕྱིར།། ཕ་རོལ་ཕྱིན་དྲུག་རྣམ་ཀུན་ཏུ།། རྣམ་པར་ངེས་པར་ཤེས་པར་བྱ།། སྦྱིན་མཚུངས་དེ་སྟོན་ལེན ་འཇུག་དང་།། བདག་ཉིད་རྗེས་འཇུག་རྣམས་ཀྱིས།། སྐྲུན་པར་སྨྲ་དང་དོན་སྤྱོད་དང་།། དོན་མཐུན་ཉིད་དུ་འདོད་པ་ཡིན།། ཕན་པོར་བྱེད་པའི་ཐབས་དང་ནི།། འཛིན་པར་བྱེད་དང་འཇུག་བྱེད་དང་།། དེ་བཞིན་རྗེ་སུ་འཇུག་བྱེད་པ།། བསྡུ་བའི་དངོས་ཐ ་བཞིར་ཤེས་བྱ།། དང་པོས་སྡོད་འགྱུར་དངོས་པོ་སྟེ།། གཉིས་པ་ཡིས་ནི་མོས་པ་ཡིན།། གསུམ་པ་ཡིས་ནི་སྒྲུབ་པ་སྟེ།། བཞི་པས་རྣམ་པར་སྦྱོང་བའོ།། ཟང་ཟིང་དང་ནི་ཆོས་ཀྱིས་ཏེ།། དམིགས་པ་ཆོས་ལ་སོགས་པ་ཡིས།། བསྡུ་བ་གཉིས་ཀྱི་སྒོ་ན་ནི།། ་བསྡུ་བའི་དངོས་པོ་བཞིར་འདོད་དོ།། རྣམ་པའི་དབྱེ་བའི་སྒོ་ནས་ནི།། བསྡུ་བ་དམན་དང་འབྲིང་དང་མཆོག། ཕལ་ཆེར་དོན་མེད་དོན་ཡོད་དང་།། རྣམ་ཀུན་དོན་ཡོད་ཤེས་པར་བྱ།། འཁོར་སྡུད་པ་དང་ལྡན་པ་རྣམས།། ཚུལ་འདི་ལ་ནི་ཡང་དག་བརྟེན།། ཀུན ་ན་ཀུན་སྒྲུབ་བྱེད་ཅིང་།། ཐབས་བཟང་ཡིན་པར་རབ་ཏུ་བསྔགས།། བསྡུས་དང་སྡུད་པར་འགྱུར་བ་དང་།། གང་དག་དེ་ལྟར་སྡུད་བྱེད་པ།། དེ་ཀུན་དུ་འདྲ་དེ་ལྟ་བས།། འདི་ནི་སེམས་ཅན་སྨོན་བྱེད་ལམ།། དེ་ལྟར་རྟག་ཏུ་ལོངས་སྤྱོད་མ་ཆགས་སྷོ།། ་ཞི་སྡོམ་བརྩོན་པོའི་ཕ་རོལ་ཕྱིན་གནས་བདག། སྲིད་ཡུལ་མཚན་མ་རྣམ་པར་མི་རྟོག་པ།། དེ་ནི་སེམས་ཅན་ཚོགས་སྡུད་བྱེད་པ་ཡིན།། ཕ་རོལ་ཏུ་ཕྱིན་པའི་སྐབས་རྫོགས་སོ།། ། རབ་དང་སེམས་དང་ལྗོན་པ་ཡིས།། ཚིག ་གཉིས་རྫོགས་པར་བྱ་བའི་ཕྱིར།། སངས་རྒྱས་རྣམས་ལ་གོས་སོགས་ཀྱིས།། མངོན་སུམ་མངོན་སུམ་མིན་པར་མཆོད།། སངས་རྒྱས་འབྱུང་བ་དོན་ཡོད་པར།། སྨོན་ལམ་དང་ནི་ལྡན་པ་ཡི།། གསུམ་པོ་དམིགས་པར་མི་བྱེད་པ།། ་སངས་རྒྱས་མཆོད་པ་རྫོགས་པ་ཡིན།། སེམས་ཅན་དག་ནི་ཚད་མེད་པ།། ཡོངསུ་སྨིན་པར་བྱེད་པ་གཞན།། རྫས་དང་སེམས་ཀྱི་སྒོ་ནས་གཞན།། མོས་པ་དང་ནི་སྨོན་པ་དང་།། བརྩེ་དང་བཟོད་པ་དག་དང་ནི།། ཡང་དག་སྤྱོད་པའི་སྒོ་དང་ནི།། གཞོ་ལ་གཏོང ་དང་རྟོགས་པ་དང་།། གྲོལ་དང་དེ་བཞིན་ཉིད་ཀྱིས་གཞན།། རྒྱུ་མཚན་དང་ནི་ཡོངས་བསྔོ་དང་།། རྟེན་དང་དངོས་དང་རྒྱུ་དང་ནི།། ཡེ་ཤེས་དང་ནི་ཞིང་དག་དང་།། གནས་ཀྱི་མཆོད་པ་རབ་བསྟན་པར།། རྒྱུ་དང་འབྲས་བུ་ཉིད་དང་ནི།། བདག་ཉིད་དང་ནི་གཞན ་དག་དང་།། རྙེད་དང་བཀུར་སྟི་ཉིད་དང་ནི།། སྒྲུབ་པའི་སྒོ་ནས་དེ་རྣམ་གཉིས།། མཆོད་པ་ཆུང་དང་ཆེན་པོ་སྟེ།། ང་རྒྱལ་བཅས་དང་ང་རྒྱལ་མེད།། སྦྱོར་དང་འགྲོ་བ་ཉིད་དང་ནི།། སྨོན་པའི་སྒོ་ནས་དྲེར་འདོད་དོ།། རང་གི་སེམས་ཀྱིས་སངས་རྒྱས་རྣམ་མཆོད ་ག་ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང་།། རྣམ་པར་མི་རྟོག་ཐབས་ཡོངས་བཟུང་བ་དང་།། ཀུན་ནས་དོན་གཅིག་ཉིད་ལ་འཇུག་པས་མཆོག། བརྟེན་པ་རྟེན་དང་གཞི་དང་ནི།། རྒྱུ་མཚན་དང་ནི་ཡོངས་བསྔོ་དང་།། རྒྱུ་དང་ཡེ་ཤེས ་ཞིང་དག་དང་།། གནས་ཀྱི་སྒོ་ནས་རབ་ཏུ་བསྟན།། བཤེས་གཉེན་དུལ་བཞི་ཞིང་ཉེར་ཞི་བ།། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན།། བཀུར་སྟི་རྙེད་པ་དག ་དང་རིམ་གྲོ་དང་།། སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟན་པར་བྱ།། བསྟེན་གཞི་དེ་བཞིན་བློ་ལྡན་ཆོས་ལ་ནི།། ཤེས་བསམ་དུསུ་འདུད་པས་པ་ཤེས་གཉེན་འགྲོད།། དེ་ནི་བསྙེན་བཀུར་རྙེད་ལ་འདོད་པ་མེད།། བསྒྲུབ་པར་བྱ་ཕྱིར་དེ་ཡོངས་བསྔོ ་བར་བྱེད།། བསྟན་པ་ཇི་སྐད་བསྟན་པ་སྒྲུབ་པ་དེས།། དེ་ཡི་སེམས་ནི་ཡང་དག་མགུ་བར་བྱེད།། ཐེག་པ་གསུམ་ལ་མཁས་པ་བློས་རྟོགས་ནས།། རང་གི་ཐེག་པ་འགྲུབ་པར་བྱ་ཕྱིར་འབད།། སེམས་ཅན་ཚད་མེད་ཡོངས་སྨིན་བྱ་ཕྱིར་དང་།། ཞིང་དག་པ་ཡང ་སྦྱང་བར་བྱ་བའི་ཕྱིར།། དེ་ཆོས་བགོ་སྐལ་ལ་སྤྱོད་ཡོན་ཏན་ལྡན།། བཞེས་གཉེན་རབ་ཏུ་སྟོན་བྱེད་ཟང་ཟིང་མིན།། བློ་དང་ལྡན་པ་རྒྱུ་དང་འབྲས་བུ་དང་།། ཆོས་སྒྲོ་རྗེས་འགྲོ་ཕྱི་དང་ཐོས་མཉན་དང་།། སེམས་ཀྱི་རྣལ་འབྱོར་ང་རྒྱལ་བཅས་པ་དང་།། ང་རྒྱལ་མེད ་ཡིད་ལྡན་པས་བཤེས་གཉེན་བསྟེན།། བློ་ལྗོན་འགྲོ་དང་སྦྱོར་བ་དང་།། སྨོན་པའི་སྒོ་ནས་བཻ་ཤེས་གཉེན་བསྟེན།། རང་གི་སེམས་ཀྱིས་བཤེས་གཉེན་མཆོག་བསྟེན་པོ།། ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང་།། རྣམ་པར་མི་རྟོག་ཐབས་ཡོངས།། ་བཟུང་བ་དང་།། ཀུན་དང་དོན་གཅིག་ཉིད་ལ་འཇུག་པས་མཆོག། བསྟན་པའི་ཚངས་པ་མི་མཐུན་སྤངས།། རྣམ་པར་མི་རྟོག་ཡེ་ཤེས་ལྡན།། དམིགས་པ་རྣམ་པ་གསུམ་ལ་འཇུག། སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། བརྟན་པ་རྣམས་ཀྱི་དེ་དག་བདེ་འདོད ་དང་།། སྡུག་བསྔལ་གྱིས་ཉམ་ཐག་དང་བདེ་བ་དང་།། ཉོན་མོངས་ཅན་དང་དེ་དག་བསྟན་བཅོས་དང་།། དེ་ཡི་དེ་བཞིན་ཉིད་ལ་རབ་ཏུ་འཇུག། དེ་དོན་དེ་བཞིན་ཉིད་ཕྱིར་དང་།། ཞི་བ་ཐོབ་པས་དག་ཕྱིར་དང་།། ལས་གཉིས་ཉོན་མོངས་ཟད་པའི་ཕྱིར།། བྱམས་པ ་དམིགས་པ་མེད་པ་ཡིན།། དེ་དག་གཡོ་དང་མི་གཡོ་དང་།། ཆགས་པས་རོ་མཉམ་མིན་ཞེས་བྱ།། བྱང་ཆུབ་སེམས་དཔའ་མི་གཡོ་བ།། ཆགས་དང་བྲལ་བས་རབ་ཏུ་གནས།། མཉམ་གཞག་ངོ་བོ་ཉིད་མིན་ཆུང་།། འབྲིང་དང་དམན་པའི་ས་པ་དང་།། ་བསམ་པ་དམན་དང་ང་རྒྱ་བཅས།། གང་ཡིན་དེ་དམན་གཞན་ཉིད་ལྷག། ཚངས་པའི་གནས་པས་གནས་པ་ཡི།། བློ་ལྡན་རྟག་ཏུ་འདོད་པར་སྐྱེ།། དེས་ནི་ཚོགས་རྣམས་རྫོགས་བྱེད་ཅིང་།། སེམས་ཅན་དྲག་ཀྱང་རྣམ་སྨིན་བྱེད།། ཀུན་ཏུ་ཚངས་དང་མི ་འཕྲུལ་ལ།། དེ་ཡི་མི་མཐུན་ཕྱོགས་དང་བྲལ།། བག་མེད་གྱུར་ཀྱང་དེ་ཡི་རྐྱེན།། མི་བཟད་པས་ཀྱང་མྱི་འགྱུར་རོ།། བྱང་ཆུབ་སེམས་དཔའ་གནོད་སེམས་དང་།། རྣམ་འཚོ་མི་དཀའ་གནོད་སེམས་དང་།། འདོད་པའི་འདོད་ནགས་དང་ལྡན་དུ།། ཉེས་དམིགས་རྣམ ་བ་མེ་ལ་རེག་ཉོན་མོངས་ཀྱིས་ནི་བདྲུག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས།། ཉམ་སོ་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨོད།། རྩོད་བཅས་མི་སྤྱན་དེ་ནི་གཞན་དུ་མི་ཁོམ་རྣམས་སྐྱེ།། ཐོབ་དང་མ་ཐོབ་ཉམ་ས། ་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ།། ཉེས་པ་འདི་ཀུན་བྱམས་སོགས་ལ།། ལེགས་པར་གནས་ལ་མི་འབྱུང་སྟེ།། ཉོན་མོངས་ཅན་མིན་སེམས་ཅན་གྱི།། དོན་དུ་འཁོར་བའང་ཡོངས་མི་གཏོང་།། ཇི་ལྟར་རྒྱལ་བའི་སྲས་རྣམས་སེམས་ཅན་ལ།། བྱམྦ་པ། ་ལ་སོ་ཌ་སེམས་པ་འདི་འབྱུང་བའི།། སེམས་ཅན་ཐམས་ཅད་ཡོན་ཏན་ལྡན་པ་ཡི།། བུ་གཅིག་པ་ལའང་དེ་ལྟ་མ་ཡིན།། རབ་འབར་དགྲ་ཡི་དབང་དུ་སོང་།། སྡུག་བསྔལ་གྱིས་ནོན་མུན་པས་བསྒྲིབས།། བགྲོད་དཀའི་ལམ་ལ་ཀུན་ཏུ་ཞུགས།། འཆིང་བ ་ཆེ་དང་ཡང་དག་ལྡན།། ཟས་ཆེན་དུག་དང་འདྲེས་ལ་ཞེན།། ལམ་ནི་རབ་ཏུ་སྦྱོར་གྱུར་པ།། ལམ་གོལ་རབ་ཞུགས་སྟོབས་ཆུང་བའི།། སེམས་ཅན་རྣམས་ལ་སྙིང་རྗེའོ།། འཚེ་སྤངས་བྱང་ཆུབ་མཆོག་གི་ས་བོན་དང་།། བདེ་བ་བསྐྱེད་དང་གདུང་བྱེད་འདོད་པའི་རྒྱུ།། ་ངོ་བོ་ཉིད་སྦྱིན་ཆོས་ལ་བརྟེན་པ་ཡི།། རྒྱལ་བའི་སྲས་ལ་བྱང་ཆུབ་ཐག་མི་རིང་།། སྙིང་རྗེ་བློ་མཆོག་འཁོར་བར་གཏོགས་པ་ཡི།། སྡུག་བསྔལ་བདག་ཉིད་ཀུན་དང་བདག་མེད་པའོང་།། རྣམ་པར་ཤེས་ནས་སྐྱོ་བར་མི་འགྱུར་ཞིང་།། ཉེས་བླ་རབ་གནོད་པར ་ཡང་མི་འགྱུར་རོ།། འཇིག་རྟེན་སྡུག་བསྔལ་བདག་ཉིད་ལྟ་བ་ཡི།། བརྩེ་དང་ལྡན་པས་སྡུག་བསྔལ་དེ་དང་ནི།། དེ་ཡོངས་སྤངས་པའི་ཐུབས་ཀྱང་ཇི་བཞིན་རིག། ཉམ་ང་བར་བྱེད་སྐྱོ་བར་ཡང་མི་འགྱུར།། སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་འདི།། རང ་བཞིན་དང་ནི་སོ་སོར་བརྟགས་པ་དང་།། དེ་སྔོན་གོམས་པར་བྱས་དང་ལྡན་པ་དང་།། མི་མཐུན་ཕྱོགས་ཉམས་རྣམ་དག་ཐོབ་པ་བཞི།། མཉམ་དང་རྟག་མིན་ལྷག་པའི་བསམ་པས་མིན།། སྒྲུབ་པའི་སྒོ་ནས་འདོད་ཆགས་བྲལ་བ་དང་།། མི་དམིགས ་པས་མིན་གང་དེ་བརྩེ་མིན་ཏེ།། དེ་བཞིན་བརྩེ་མེད་གང་དེ་བྱང་ཆུབ་མིན།། སྙིང་རྗེ་དང་ནི་བཟོད་དང་སེམས་པ་དང་།། སྨོན་ལམ་སྐྱེ་བ་སེམས་ཅན་ཡོངས་སྨིན་བྱེད།། དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན།། འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན།། ། ་རྩ་བ་སྙིང་རྗེ་མེད་གྱུར་ན།། དཀའ་སྤྱོད་བཟོད་པ་ཉིད་མི་འགྱུར།། བློ་ལྡན་སྡུག་བསྔལ་མི་བཟོད་ན།། སེམས་ཅན་དོན་སེམས་ཉིད་མི་འགྱུར།། སེམས་པ་དང་ནི་བྲལ་བའི་བློ།། སྐྱེ་བ་དཀར་པོ་རྣམ་དག་ཏུ།། སྨོན་ལམེ་འདེབས་པར་མི་འགྱུར་རོ།། སྐྱེ་བ་བཟང་པོ་མ ་@ཐོབ་ན།། སེམས་ཅན་ཡོངས་སྨིན་བྱེད་མི་འགྱུར།། སྙིང་རྗེའི་མཆུ་བ་བྱམས་པ་སྟེ།། དེ་སྡུག་བསྔལ་ན་བདེ་བ་ཡིས།། ཡངས་རྒྱས་ཚུལ་བཞིན་ཡིད་བྱེད་པས།། ཡན་ལྷག་རྒྱ་ཆེན་འཕེལ་བ་དང་།། སྨོན་ལམ་རྒྱུན་ནི་མ་བཅད་པས།། ལོ་མ་འདོར་ལེན ་རྐྱེན་རྣམ་གཉིས།། གྲུབ་པ་དེ་ཕྱིར་མེ་ཏོག་དང་།། འབྲས་བུ་དོན་ཡོད་ཤེས་པར་བྱ།། སྙིརྡོ་རྗེ་ཆེན་པོ་ཡོན་ཏན་འབྱུང་གནས་ཀྱི།། སེམས་ཅན་རྣམས་ལ་སྙིང་རྗེ་སུ་མི་བྱེད།། འདི་ལྟར་འདི་དག་ལ་ནི་སྡུག་བསྔལ་ཡང་།། བརྩེས་བསྐྱེད་བདེ་བ་གཞལ་དུ་མེད་པ་འབྱུང ་སྙིང་རྗེས་ཟིན་པའི་བརྩེ་ལྡན་རྣམས།། ཞི་ལའང་ཡིད་ནི་མི་གནས་ན།། འཇིག་རྟེན་བདེ་དང་རང་སྲོག་ལ།། ཆགས་པར་འགྱུར་བ་སྨོས་ཅི་དགོས།། ཁ་ན་མ་ཐོ་མེད་པའི་བྱམས་པ་གང་།། དེ་ནི་ཡོད་མིན་འཇིག་རྟེན་པ་ཡང་ཡིན།། བློ་ལྡན་རྣམས་ཀྱི་བརྩེ་བས ་བྱམས་པ་ནི།། ཁ་ན་མ་ཐོ་མེད་ཅིང་འཇིག་རྟེན་འདས།། སྡུག་བསྔལ་དཔའ་བརྒལ་ཆེ་དང་མི་ཤེས་པའི།། མུན་པ་ཆེ་ལ་བརྟེན་པར་གྱུར་པ་ཡིན།། འཇིག་རྟེན་འདྲེན་པའི་ཐབས་གང་ཡིན་པ་དེ།། ཇི་ལྟར་ཁ་ན་མ་ཐོ་མེད་མི་འགྱུར།། འཇིག་རྟེན་བྱང་ཆུབ་རང་སངས ་རྒྱས་པ་ཡི།། དགྲ་བཅོམ་རྣམས་ལ་བྱམས་པ་དེ་མེད་ནི།། དེ་ལས་གཞན་ལ་སྤྲོས་ཀྱང་ཅི་དགོས་པ།། ཇི་ལྟར་འཇིག་རྟེན་འདས་པ་མ་ཡིན་འགྱུར།། བྱང་ཆུབ་སེམས་དཔའ་སྡུག་བསྔལ་མེ།། བརྩེ་བས་སྡུག་བསྔལ་འགྱུར་བ་གང་།། དེ་ལ་དྲང་པོར་ཀུན་ཏུ་སྐྲན ་རེག་ནས་ཤིན་ཏུ་མངོན་པར་དགའོ།། བརྩེ་བས་བསྐྱེད་པའི་སྡུག་བསྔལ་འཇིག་རྟེན་གྱི།། བདེ་བ་ཐམས་ཅད་ཟིལ་གྱིས་གནོན་འགྱུར་ཞིང་།། དོན་བྱས་རྣམས་ཀྱང་དེ་དང་མི་ལྡན་གང་།། དེ་ལས་ངོ་མཆིར་ཆེ་བ་ཅི་ཞིག་ཡོད།། བརྟན་པའི་བརྩེ་དང་ལྡན་གྱི། ་སྦྱིན་པ་ཡིས།། སྦྱིན་པའི་བདེ་བ་བྱེད་པ་གང་ཡིན་པ།། དེ་ལ་ཁམས་གསུམ་ཉེ་བར་སྤྱད་རྣམས་ཀྱི།། བདེ་བ་དེ་ཡིས་ཆར་ཡང་མི་ཕོད་དོ།། སེམས་ཅན་དོན་ཕྱིར་བརྩེ་བས་སྡུག་བསྔལ་གྱི།། རང་བཞིན་འཁོར་བ་གང་ཡིན་མི་གཏོང་ན།། སྙིང་རྗེ་ཅན་རྣམས་གཞན ་ལོ་ཕན་པའི་ཕྱིར།། སྡུག་བསྔལ་ཅི་སྟེ་ཁས་ལེན་བྱེད་མི་འགྱུར།། བརྩེ་དང་ལྡན་པོའི་སྙིང་རྗེའི་སྦྱིན་པ་དང་།། ལོངས་སྤྱོད་དང་ནི་དེ་ལས་བྱམས་པ་དང་།། རྗེ་སུ་བཟུང་བས་བསྐྱེད་དང་དེ་ཡི་མཐུས།། བྱས་པའི་བདེ་བའི་རྟག་ཏུ་འཕེལ་བར་འགྱུར།། སྙིང་རྗེ་རྒྱས་པར ་བྱ་ཞིང་འཕེལ་བར་བྱ།། སྦྱིན་ལ་ཡོངས་སྨིན་བྱ་ཞིང་བདེ་བར་བྱ།། ཀུན་ཏུ་དྲང་བར་བྱ་ཞིང་བཀྲི་བྱ་ཞེས།། ཞན་པ་རྣམས་ལ་རབ་ཏུ་སྨྲ་དང་འདྲ།། སྙིང་རྗེས་སྡུག་བསྔལ་དག་གིས་སྡུག་བསྔལ་བ།། བདེ་མི་བསྐྱེད་པར་གང་གིས་བདེ་བར་འགྱུར།། དེ་ཕྱིར་བརྩེ་དང་ལྡན ་པོས་གཞན་བདེ་བ།། བསྐྱེད་ནས་བདག་ཉིད་བདེ་བར་བྱེད་པ་ཡིན།། སྙིང་རྗེ་ཅན་ནི་རྟག་ཏུ་རང་སྦྱིན་ལོ།། སྔོན་དང་འདྲ་སྟེ་རང་བདེ་མི་འདོད་པ།། ལོངས་སྤྱོད་རྣམས་ཀྱིས་གཞན་དག་བདེ་བར་གྱིས།། ཡང་ན་ཐ་དད་མིན་བདེ་བདག་ལའང་མིན།། དེ་བདེས་བདེ་བདག་གིས་སྦྱིན ་པ་ནི།། འབྲས་དང་བཅས་ཏེ་སེམས་ཅན་རྣམས་ལ་བྱིན།། གལ་ཏེ་ཁྱོད་ཀྱིས་བདག་ལ་བྱ་བ་ཡོད།། དེ་དག་ཉིད་ལ་ཤིན་ཏུ་འབྲས་བུས་བྱོས།། སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང་།། ལོངས་སྤྱོད་ཤིན་ཏུ་མང་ལ་བཟང་དང་འཕྲད།། བདག་ནི་བདེ་བ་དེ་འདོད་མ་ཡིན་ཏེ།། ་འདི་ལྟར་བདག་ནི་སྦྱིན་ལ་བརྒྱུད་དང་ལྡན།། བདག་ནི་རྟོག་ཏུ་བརྩེ་བས་བདོག་པ་ཀུན།། ཡོངསུ་གཏོང་བ་གང་ཡིན་དེ་ལྟོས་ལ།། དེ་ནས་ཁྱོད་ཀྱིས་བདག་ནི་དེ་འབྲས་ལ།། དོན་གཉེར་མེད་པ་ཉིད་དུ་ཤེས་པར་བྱ།། གལ་ཏེ་ཁྱོད་འབྲས་ཐོབ་པ་མི་གཏོང་ན།། སྦྱིན་ལ་མངོན ་དགའ་ཡིན་པར་མི་འགྱུར་ཏེ།། འདི་ལྟར་སྐད་ཅིག་ཙམ་ཡང་སྦྱིན་མེད་ན།། སྦྱིན་ལ་མངོན་པར་དགའ་བ་ཉིད་མ་ཡིན།། མ་བྱས་པ་ལ་འབྲས་བུ་མི་འབྱིན་ཏེ།། འདི་ལྟར་ལན་བལྟས་བདག་གི་ཆ་མ་ཡིན།། ཁྱོད་ཀྱི་ལན་ལ་ལྷ་དང་བྲལ་བྲ་ན།། ་འབྲས་བུ་ཤིན་ཏུ་གཞན་ལ་གཏོང་བ་ཡིན།། རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི།། ཁ་ན་མ་ཐོ་མེད་ཅིང་དག་པའི་བཞི།། བདེ་བར་འདྲེན་པར་བྱེད་པ་ཉིད་དང་ནི།། རྗེས་སུ་བསྲུང་བཅས་ཚོལ་མེད་དགོས་པ་མེད།། རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན ་པ་ནི། མཐའ་དག་རྒྱ་ཆེན་གཙོ་དང་རྟག་པ་དང་།། དགའ་དང་ཟང་ཟིང་མེད་དང་དག་པ་དང་།། བྱང་ཆུབ་ལ་གཞོལ་དགེ་ལ་གཞོལ་བ་ཡིན།། ཇི་ལྟར་བདེ་བ་གསུམ་གྱིས་ཚིམ་པའི་ཡིད།། བརྩེ་ལྡན་ཡོངསུ་གཏོང་བས་དགའ་འགྱུར་བ།། ལོངས་སྤྱོད་ཅན ་དག་ཉེ་བར་སྤྱད་པ་ཡིས།། དེ་ལྟར་དགའ་བར་འགྱུར་བ་མ་ཡིན་ནོ།། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ།། ཀུན་འཁྲུག་ལ་བརྩེ་བག་མེད་རྣམས་ལ་བརྩེ།། ཡུལ་གྱི་གཞན་དབང་ཅན་ལ་བརྩེ་བ་དང་།། ལོག་པར་མངོན་པར་ཞེན་ལ་སྙིང་རྗེའོ།། བདེ ་དང་སྡུག་བསྔལ་དེ་རྒྱུ་ལས།། བྱང་ཆུབ་སེམས་དཔའི་སྙིང་རྗེ་སྟེ།། རྒྱུ་དང་བཤེས་གཉེན་རང་བཞིན་ལས།། བྱང་ཆུབ་སེམས་དཔའི་སྙིང་རྗེའོ།། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི།། མཉམ་པར་ཤེས་བྱ་དེ་བསམ་ཕྱིར།། སྒྲུབ་ཕྱིར་འདོད་ཆགས ་བྲལ་ཕྱིར་དང་།། མི་དམིགས་ཕྱིར་དང་ངག་ཕྱིར་རོ།། རང་གི་སེམས་ཀྱིས་བྱམས་ལ་སོགས།། སྒོམ་པ་ཆོས་ལ་མོས་པ་དང་།། བསམ་དང་དབང་འབྱོར་ཉིད་དང་ནི།། རྣམ་པར་མི་རྟོག་གཅིག་ཕྱིར་མཆོག། དེ་ལྟར་བཅོམ་ལྡན་འདས་ལ་དང་བ ་རབ་སྐྱེས་ཤིང་།། རྫས་དང་བཀུར་སྟི་ཆེན་པོས་ཤིན་ཏུ་རྒྱུན་མཆོད་ལྡན།། ཡོན་ཏན་མང་ལྡན་ཕན་བྱེད་བཤེས་ལ་རྟག་བསྟེན་པ།། འགྲོ་ལ་རྗེསུ་བརྩེ་བ་གྲུབ་པ་ཀུན་ཐོབ་འགྱུར།། མཆོད་པ་དང་བརྟེན་པ་དང་ཚད་མེད་པའི་སྐབས་རྫོགསོ།། ། ་ངོ་ཚ་མི་མཐུན་ཕྱོགས་སྤངས་དང་།། རྣམ་པ་མི་རྟོག་ཡེ་ཤེས་ལྡན།། རྣམ་པ་མི་རྟག་ཡེ་ཤེས་ལྡན།། ཁ་ན་མ་ཐོ་མེད་དམན་ཡུལ།། སེམས་ཅན་སྨིན་བྱེད་བསྟན་པའི་ཡིན།། ཕ་རོལ་ཕྱིན་པ་དྲུག་པ་ཡི།། མི་མཐུན་ཕྱོགས་ནི་འཕེལ་བ་དང་།། གཉེན་པོ ་འགྲིབ་པས་བྱང་ཆུབ་སེམས།། མི་བཟང་ངོ་ཚ་སྐྱེ་བར་འགྱུར།། བརྟན་རྣམས་ཕ་རོལ་ཕྱིན་པ་དྲུག། བསྟེན་པ་ལ་ནི་ལེ་ལོ་དང་།། ཉོན་མོངས་རྗེསུ་མཐུན་ཆོས་ལ།། སྦྱོར་བ་ལས་ཀྱང་ངོ་ཚར་འགྱུར།། མཉམ་གཞག་ངོ་བོ་ཉིད་མིན་ཆུང་།། འབྲིང་དང ་དམན་པའི་ས་པ་དང་།། བསམ་པ་དམན་དང་ངར་བཅས་པའི།། ངོ་ཚ་དམན་དེ་ལས་གཞན་ལྷག། བློ་ལྡན་ངོ་ཚ་མེད་པ་ནི།། ཚུལ་བཞིན་མིན་པས་ཉོན་མོངས་དག། དང་དུ་ལེན་ཞིང་ཁོང་ཁྲོ་དང་།། ཡལ་བར་འདོར་དང་ང་རྒྱལ་གྱིས།། སེམས ་ཅན་རྣམས་དང་ཚུལ་ཁྲིམས་འཇོམས།། འགྱོད་པས་ཉམས་དང་བཅས་འགྱུར་ཞིང་།། བཀུར་སྟི་དམན་པ་འཐོབ་འགྱུར་དེས།། དད་ལྡན་མི་མིན་ཚོགས་དང་ནི།། སྟོན་པས་ཀྱང་ནི་བཏང་སྙོམས་མཛད།། རྒྱལ་སྲས་ཆོས་དང་མཐུན་རྣམས་ཀྱིས།། ་རྣམ་པར་སྨོད་ཅིང་འཇིག་རྟེན་ལས།། མཐོང་བའི་ཆོས་ལ་མི་སྙན་འཐོབ།། གཞན་དུ་ཕྱིར་ཞིང་མི་ཁོམ་སྐྱེ།། དེས་ན་ཆོས་དཀར་ཐོབ་པ་དང་།། མ་ཐོབ་པ་ལས་རྣམ་ཉམས་འགྱུར།། དེ་ཕྱིར་སྡུག་བསྔལ་གནས་པ་དང་།། ཡིད་ཀྱང་རྣལ་དུ ་མི་གནས་འགྱུར།། རྒྱལ་སྲས་ངོ་ཚ་ལྡན་རྣམས་ལ།། ཉེས་པ་འདི་དག་ཀུན་མི་འབྱུང་།། མཁས་པ་རྟག་ཏུ་ལྷ་དག་དང་།། མི་རྣམསུ་ནི་ཡང་དག་སྐྱེ།། བློ་ལྡན་ངོ་ཆེས་མྱུར་དུ་ནི།། རྫོགས་པའི་བྱང་ཆུབ་ཚོགས་རྫོགས་བྱེད།། རྒྱལ་བའི་སྲས་ནི་སེཾན ་རྣམས།། སྤྲིན་བྱེད་སྐྱོ་བར་མི་འགྱུར་ཏོད།། དེ་དག་མི་མཐུན་ཕྱོགས་དང་ནི།། གཉེན་པོ་འབྲལ་དང་མི་འབྲལ་འགྱུར། དེ་ལྟར་རྒྱལ་སྲས་ངོ་ཚ་ལྡན།། ཕན་ཡོན་དེ་དག་ཐོབ་པར་འགྱུར།། བྱིས་པ་ཤིན་ཏུ་གོས་བཟུང་གྱོན་ཡང་ནི།། ཁྲེ་ལོ་དང་བྲལ་ཕྱིར་ཉོས་པའི་དྲི ་མ་ཅུ་ན།། རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི།། དགབ་པ་མེད་ཀྱང་ཉེས་པའི་དྲི་མ་བྲལ།། རྒྱལ་བའི་སྲས་ནི་ཁྲེལ་དང་ལྡན་གྱུར་པ།། ན་མཁའ་བཞིན་དུ་ཆོས་ཀྱིས་མི་གོས་འགྱུར།། རྒྱལ་སྲས་རྣམས་ཀྱི་ནང་དུ་འདུས་གྱུར་པ།། ངོ་ཚ་ཤེས་པས་བརྒྱན་པ ་མཛེས་པ་ཡིན།། བྱང་ཆུབ་སེམས་དཔའ་རྣམས་ནི་ངོ་ཚ་བས།། གདུལ་བྱ་རྣམས་ལ་མ་བཞིན་བྱམས་པ་ཉིད།། ངོ་ཚ་བ་ནི་ཉེས་པ་ཐམས་ཅད་ལས།། འཁོར་བ་ཀུན་དུ་སྲུང་བར་བྱེད་པའང་ཡིན།། ཀུན་ལ་དང་དུ་ལེན་པ་དང་།། ཀུན་ལ་དང་དུ་མི་ལེན་ཞིང ་ཀུན་ལ་མི་འཇུག་འཇུག་པ་ནི།། ཁྲེལ་ལྡན་ཁྲེལ་བས་བྱས་པའི་རྟག་སོ།། རང་གིས་སེམས་ཀྱིས་ཁྲེལ་སྒོམ་པ།། ཆོས་ལ་མོས་དང་བསམ་པ་དང་།། དབང་འབྱོར་པ་དྲང་མི་རྟོག་དང་།། གཅིག་པ་ཉིད་ཀྱིས་གཙོ་བོ་ཡིན།། བྱང་ཆུབ་སེམས་དཔའི ་བརྟན་པ་ནི།། དེ་ལས་གཞན་པ་ཐམས་ཅད་ལས།། མཚོན་ཉིད་དང་ནི་རབ་དབྱེ་དང་།། མི་འགྱུར་བས་ནི་ཁྱད་པར་འཕགས།། བརྩོན་འགྲུས་ཏིང་འཛིན་ཤེས་རབ་ནི།། སྙིང་སྟོབས་སྲན་ཐུབ་བརྟན་པར་འདོད།། གང་ཕྱིར་གསུམ་གྱིས་བྱང་ཆུབ་སེམས། ་འཇིགས་པ་མེད་པར་རབ་ཏུ་འཇུག་ཞུམ་དང་གཡོ་དང་རྨོངས་པ་ཡིས།། བྱ་བ་རྣམས་ལ་འཇིགས་པ་སྐྱེ།། དེ་ཕྱིར་གཉུག་མ་གསུམ་ལ་ནི།། བརྟན་པའི་མིང་དུ་ཤེས་པར་བྱ།། རང་བཞིན་དང་ནི་སྨོན་ལམ་དང་།། ལྟ་བ་མེད་པ་ཉིད་དང་ནི།། སེམས ་ཅན་ལོག་པར་སྒྲུབ་པ་དང་།། ཟབ་ཅིང་རྒྱ་ཆེ་ཐོས་པ་དང་།། གདུལ་བྱ་འདུལ་བར་དཀའ་བ་དང་།། རྒྱལ་སྐུ་བསོམ་གྱིས་མི་ཁྱབ་དང་།། དཀའ་བ་དག་ནི་སྣ་ཚོགས་དང་།། འཁོར་བ་གཏོང་བ་མེད་པ་ཉིད།། དེ་ཉིད་ཉོན་མོངས་མེད་པ་ལ།། བརྟན་པའི ་བརྟན་པ་སྐྱེ་བ་ནི།། དེ་ལས་གཞན་དང་མི་མཚུངས་ཏེ།། བརྟན་རྣམས་ཀྱི་ནི་མཆོག་ཏུ་འདོད།། ཕྱེ་མ་ལབ་དང་འདབ་ཆགས་དང་།། རྒྱ་མཚོ་དག་གིས་རི་རབ་ལྟར།། བརྟན་པ་གྲོགས་ངན་སྡུག་བསྔལ་དང་།། ཟབ་མོ་ཐོས་པས་མི་གཡོ་སོ།། བྱང་ཆུབ ་མི་སྐྱོ་མཉམ་མེད་པ།། བཞི་གསུམ་ཐོས་པས་མི་ངོམས་དང་།། བརྩོན་འགྲུས་ཆེ་དང་སྡུག་བསྔལ་ལ།། ཁྲེལ་དང་བརྟན་ལ་བརྟེན་པ་སྟེ།། བྱང་ཆུབ་ཆེ་ལ་འདུན་པ་དྲག། བློ་ལྡན་རྣམས་ཀྱི་མི་སྐྱོ་བ།། ས་རྣམས་ལྔ་ནི་མ་རྫོགས་དང་།། རྫོགས་དང ་ཤིན་ཏུ་རྫོགས་པར་འདོད།། བརྟན་པའི་བསྟན་བཅོས་ཤེས་པ་ཉིད།། གཞི་དང་ཆེད་དུ་བྱ་བ་དང་།། ལས་དང་མཚན་ཉིད་དག་དང་ནི།། མི་ཟད་ཉིད་དང་འབྲས་བུ་ནི།། ཡང་དག་འགྲུབ་པས་ཁྱད་པར་འཕགས།། ཏིང་ངེ་འཛིན་དང་གཟུངས་སྒོས་བསྡུས ་སེམས་ཅན་སྨིན་པར་བྱེད་པ་དང་།། དམ་ཆོས་འཛིན་པར་བྱེད་པ་ཡིན།། བསྟན་རྣམས་འཇིག་རྟེན་ཤེས་པ་ཉིད།། ལུས་དང་ངག་ཡིད་དག་དང་ནི།། བདེན་པ་ཤེས་པས་མཉམ་པ་མེད།། དེ་ལས་གཞན་པ་དག་ལས་འཕགས།། བརྟན་རྣམས་རྟག་ཏུ་འཛུམ་པ ་བྱེད།། གསོང་པོ་དག་ཏུ་སྨྲ་བ་ཡིན།། སེམས་ཅན་སྣོད་དུ་བྱ་བའི་ཕྱིར།། དམ་ཆོས་བསྒྲུབ་པར་བྱ་བའི་ཕྱིར།། གང་ཕྱིར་བདེན་པ་གཉིས་ཀྱིས་ནི།། འཇིག་རྟེན་རྣམས་རྟག་འབྱུང་བར་འདོད།། གཉིས་ཀྱིས་ནུབ་འགྱུར་དེ་ཡི་ཕྱིར།། དེ་ཤེས ་འཇིག་རྟེན་ཤེས་ཞེས་བྱ།། དེ་དག་ཞི་བྱ་ཐོབ་བྱའི་ཕྱིར།། བློ་ལྡན་བདེན་པ་རྣམས་ལས་སྦྱོར།། གང་ཕྱིར་བློ་ལྡན་བདོན་ཤེས་ཕྱིར།། འཇིག་རྟེན་ཤེས་ཞེས་ངེས་པར་བརྗོད།། གཙུག་ལག་བསྟན་པའི་ཆོས་དང་ནི།། དེ་དོན་དགོངས་པ་ཅན་དང་ནི།། དེས་དོན་ཚད ་མར་ལྡན་པ་དང་།། དེ་ཡི་བརྗོད་མེད་ཐོབ་པའོ།། སྤོང་དང་ཇི་སྐད་བཤད་པ་དང་།། ལོག་པར་ཡང་དག་ཤེས་པ་དང་།། བརྗོད་དང་བཅས་པ་ཐོབ་པ་དག། འདིར་ནི་དགག་པར་བསྟན་པ་ཡིན།། མོས་དང་རྣམ་པར་དཔྱོད་པ་དང་།། གཞན་དང་ཇི་བཞིན་ཐོས་པ ་དང་།། བརྗོད་པ་མེད་པའི་ཡེ་ཤེས་ལས།། བསྟན་རྣམས་ཉམས་པར་མི་འགྱུར་རོ།། རྣམ་གྲངས་དང་ནི་མཚན་ཉིད་དང་།། ཚིག་དང་ཡེ་ཤེས་ཤེས་པའི་ཕྱིར།། བྱང་ཆུབ་སེམས་དཔའི་ཡང་དག་རིག། བཞི་པོ་མཚུངས་པོ་མེད་པར་འདོད།། བསྟན་པ་ལ་ནི་རབ་བརྩོན ་པའི།། གང་དང་གང་གིས་སྟོན་པ་ནི།། ཆོས་དང་དོན་ནི་གཉིས་པོ་དག། ཚིག་དང་ཤེས་པ་ཁོ་ནས་སྟོན།། ཆོས་ནི་བསྟན་དང་བཤད་ཕྱིར་དང་།། རྣམ་པ་ཀུན་ཏུ་གཉིས་ཐོབ་ཕྱིར།། རྒོལ་བ་རྣམས་ཀྱི་ལན་འདེབས་ཕྱིར།། སོ་སོ་ཡང་དག་རིག་པ་བཞི།། མཉམ ་ཉིད་སོ་སོ་རང་རིག་གནས།། ཕྱིས་ནི་རབ་ཏུ་ཤེས་པ་ཡིན།། ཐེ་ཚོམ་ཐམས་ཅད་གཅོད་བྱེད་པ།། སོ་སོ་ཡང་དག་རིག་པ་བརྗོད།། བྱང་ཆུབ་སེམས་དཔའི་རྣམས་ཀྱི་ཚོགསོ།། བསོད་ནམས་ཡེ་ཤེས་མཚུངས་པོ་མེད།། གཅིག་གིས་འཁོར་བར་མངོན་མཐོ ་བྱེད།། གཞན་གྱིས་ཉོན་མོངས་མེད་པར་འཁོར།། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི།། ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི།། གསུམ་པོ་གཞན་ནི་གཉིས་ཀ་སྟེ།། ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས།། རྒྱུན་ཏུ་སྒོམ་པ་ཐོབ་ནས་ནི།། དགེ་ལ་ཡང་དུ་ཡང་དུ་སྒྲུབ། ་བསྟན་པའི་ཚོགས་གང་ཡིན་པ་དེ།། དོན་ཀུན་སྒྲུབ་པར་བྱེད་པ་ཡིན།། འཇུག་དང་མཚན་མ་མེད་པ་དང་།། ལྷུན་གྱིས་གྲུབ་པར་བྱ་བ་དང་།། དབང་བསྐུར་མཐར་ཐུག་བྱ་བའི་ཕྱིར།། བསྟན་རྣམས་ཚོགས་ནི་སྒྲུབ་པར་བྱེད།། བློ་ལྡན་དྲན་པ་ཉེ་གཞག་པ།། ། ་སྒོམ་པ་རྣམ་པ་བཅུ་བཞི་ཡིས།། མཚུངས་པ་མེད་པའི་ཕྱིར་ན་དེ།། དེ་ལས་གཞན་ལས་ཁྱད་པར་འཕགས།། རྟེན་དང་གཉེན་པོ་དག་དང་ནི།། དེ་བཞིན་དུ་ནི་འཇུག་པ་དང་།། དམིགས་པ་དང་ནི་ཡིད་བྱེད་དང་།། ཐོབ་པོས་སྒོམས་པ་ཁྱད་པར་འཕགས ་མཐུན་དང་རྗེ་སུ་འཇུག་པ་དང་།། ཡོངསུ་ཤེས་དང་སྐྱེ་བ་དང་།། ཆེན་པོ་དང་ནི་མཆོག་ཉིད་དང་།། སྒོམ་དང་ཡང་དག་སྒྲུབ་པས་གཞན།། བསྟན་པ་རྣམས་ཀྱི་ཡང་དག་སྤོང་།། ལུས་ཅན་རྣམས་དང་མཚུངས་པ་མེད།། དྲན་པ་ཉེ་བར་གཞག་པ་ཡི།། ། ་ཉེས་པ་རྣམས་ཀྱིས་གཉེན་པོར་སྒོམ།། འཁོར་བར་ཉེ་བར་སྤྱད་པ་དང་།། སྒྲིབ་པ་དག་ནི་དོར་བ་དང་།། ཡིད་ལ་བྱེད་པ་དོར་བ་དང་།། ས་རྣམས་ལ་ནི་འཇུག་པ་དང་།། མཚན་མ་མེད་པར་གནས་པ་དང་།། ལུང་བསྟན་པ་ནི་ཐོབ་པ་དང་།། སེམ་ཅན ་རྣམས་ཡོངསུ་སྨིན་བྱ་དང་།། དབང་ནི་བསྐུར་བར་བྱ་བ་དང་།། ཞིང་རྣམས་དག་པར་བྱ་ཕྱིར་དང་།། མཐར་ཐུག་ཉིད་དུ་བྱ་བའི་ཕྱིར།། བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས།། མི་མཐུན་ཕྱོགས་ཀྱི་གཉེན་པོར་སྒོམ།། འདུན་པ་ལ་ནི་བརྟེན་ནས་སུ།། ་རྣལ་འབྱོར་རྒྱུ་མཚན་བཅས་སྒོམ་པ།། ཡང་དག་སྤོང་བ་ཐམས་ཅད་ལ།། གཉེན་པོ་ཞེས་ནི་ངེས་པར་བརྗོད།། བརྟན་པ་རྣམས་ཀྱི་རྫུ་འཕྲུལ་གྱི།། རྐང་པ་མཚན་ཉིད་མཆོག་ལྡན་བཞི།། བདག་ཉིད་དང་ནི་གཞན་དག་གི།། དོན་ཀུན ་སྒྲུབ་པའི་ཕྱིར་སྐྱེའོ།། རྟེན་དང་རབ་ཏུ་དབྱེ་བ་དང་།། ཐབས་དང་མངོན་པར་སྒྲུབ་པ་ཡིས།། བློ་ལྡན་རྫུ་འཕྲུལ་རྐང་པ་རྣམས།། རྣམ་པ་ཀུན་ཏུ་རྣམ་གཞག་འདོད།། བསམ་གཏན་ཕ་རོལ་ཕྱིན་བརྟེན་ནས།། རབ་ཏུ་དབྱེ་བ་དག་དང་ཐབས།། རྣམ་བཞིའི ་མངོན་པར་སྒྲུབ་པ་ནི།། རྣམ་པ་དྲུག་ཏུ་བརྗོད་པ་ཡིན།། གཅིག་ནི་འབད་པར་བྱེད་པ་སྟེ།། གཉིས་པ་ཕན་འདོགས་བདག་ཉིད་ཡིན།། གསུམ་པ་གཏོད་པར་བྱེད་པ་སྟེ།། བཞི་པ་གཉེན་པོ་པ་ཡིན་ནོ།། མཐོང་བ་དང་ནི་གདམས་ངག་དང་། ་པ་རྣམ་པར་བརྩེ་བ་དང་།། སྨོན་ལམ་དང་ནི་དབང་དག་དང་།། ཆོས་ཐོབ་པ་ནི་སྒྲུབ་པའི་ཕྱིར།། བྱང་ཆུབ་སྤྱོད་དང་ཐོས་མཆོག་དང་།། ཞི་གནས་ལྷག་མཐོང་དང་སོགས་ཀྱི།། གནི་ཡིན་པར་ནི་ཤེས་བྱ་སྟེ།། དོར་གྲུབ་བྱེད་པའི་སྐབས་ཀྱིས་སོ།། ་སོགས་ས་ལ་འཇུས་པ་སྟེ།། ཀུན་ནས་ཉོན་མོངས་ཅན་དུ་འདོད།། མི་མཐུན་ཕྱོགས་ཉམས་ཆུང་བས་ཡང་།། དེ་དག་ཉིད་ལ་སྟོབས་ཤེས་བྱ།། སར་ཞུགས་པ་ལ་བྱང་ཆུབ་ཀྱི།། ཡན་ལག་རྣམ་པར་གཞག་པར་བརྗོད།། ཧོས་རྣམས་དང་ནི་སེམས་ཅམ།། ་ཀུན།། མཉམ་པ་ཉིད་དུ་རྟོགས་ཕྱིར་རོ།། ཤེས་བྱ་མ་རྒྱལ་རྒྱལ་བའི་ཕྱིར།། དྲན་པ་དག་ནི་ཀུན་ཏུ་སྤྱོད།། དི་ཡི་རྣམ་འབྱེད་རྟོག་པ་ཡི།། མཚན་མ་ཐམས་ཅད་འཇོམས་པར་བྱེད།། འདི་ཡི་བརྩོན་འགྲུས་མ་ལུས་པ།། མྱུར་དུ་རྟོགས་པར་བྱ་བའི ་ཆོས་ཀྱི་སྣང་བ་འཕེལ་བ་ཡིས།། དགའ་བས་རྟག་ཏུ་རྒྱས་པར་འགྱུར།། སྒྲིབ་པ་ཀུན་ལས་ཐར་པའི་ཕྱིར།། ཤིན་ཏུ་སྦྱངས་པས་བདེ་བ་འཐོབ།། ཏིང་ངེ་འཛིན་ལས་བསམས་པའི་དོན།། འབྱོར་པ་ཉེ་བར་སྐྱེ་བར་འགྱུར།། བཏང་སྙོམས་ཀྱིས ་ཐམས་ཅད་དུ།། འདི་ནི་ཇི་ལྟར་འདོད་བཞིན་གནས།། རྗེས་ལས་ཐོབ་དང་མི་རྟོག་པའི།། གནས་པས་མཆོག་ནི་རྟག་ཏུ་གནས།། ཡོན་ཏན་དེ་ལྟའི་སེམས་དཔའ་ནི།། འཁོར་ལོ་སྒྱུར་བ་འདྲ་བར་འཇུག། རྟག་ཏུ་རིན་ཚོན་བདུན་ལྟ་བུའི།། བྱང་ཆུབ་ཡན་ལག ་མས་ཀྱིས་བསྐོར།། རང་བཞིན་ཡན་ལག་གནས་ཡན་ལག། གསུམ་པ་ངེས་འབྱུང་ཡན་ལག་སྟེ།། བཞི་པ་ཕན་ཡོན་ཡན་ལག་ཡིན།། རྣམ་གསུམ་ཉོན་མོངས་མེད་ཡན་ལག། དེ་ཡི་འོག་ཏུ་ཇི་ལྟ་བུར།། རྟོགས་པའི་རྗེས་འཇུག་པ་སྟེ།། ཧཱུཾ ་གཞག་ཇི་བཞིན་རྟོགས་པ་དང་།། རྣམ་པར་བཞག་ལ་འཇུག་པ་དང་།། ལས་གསུམ་རྣམ་པར་དག་པ་དང་།། ཤེས་བྱ་དག་དང་ལཱམ་དང་ནི།། ཡོན་ཏན་ཁྱད་པར་ཅན་གྱི་ནི།། སྒྲིབ་པའི་གཉེན་པོར་བསྒོམ་པའོ།། ཡང་དག་གནས་པ་ལ་བརྟེན་ནས།། སེམས ་སེམས་ནི་འཇོག་ཕྱིར་དང་།། ཆོས་རབ་རྣམ་པར་འབྱེད་པའི་ཕྱིར།། ཞི་གནས་དང་ནི་ལྷག་མཐོང་ཡིན།། དེ་ནི་ཀུན་འགྲོ་ཆ་གཅིག་དང་།། ཆ་གཅིག་མ་ཡིན་རྒྱུར་འདོད་དོ།། རྟོགས་དང་ངེས་པར་འབྱུང་བ་དང་།། མཚན་མེད་འདུ་མི་བྱེད་པ་དང་།། ་ཡོངས་དག་རྣམ་པར་དག་པ་ལ།། བརྟན་པའི་ཞི་གནས་ལྷག་མཐོང་གི། རྣལ་འབྱོར་དེས་ཀུན་འགྲོ་བ་སྟེ།། ཐམས་ཅད་སྒྲུབ་པར་བྱེད་པ་ཡིན།། སངས་རྒྱས་ཆོས་རྣམས་རྫོགས་བྱ་དང་།། སེམས་ཅན་རྣམས་ཡོངས་སྨིན་བྱ་དང་།། མྱུར་ཐོབ་བྱ་བ་འགྲུབ་པ་དང ་ལས་རྒྱུན་མི་གཅོད་ལ་མཁས་པ།། བྱང་ཆུབ་སེམས་དཔའི་ས་ཀུན་ལ།། ཐབས་ནི་མཚུངས་པ་མེད་པ་སྟེ།། ཐབས་མཁས་དེ་ལ་བརྟེན་ནས་ནི།། དེ་དག་དོན་ཀུན་སྒྲུབ་པར་བྱེད།། རྣམ་སྨིན་ཐོས་ལ་གོམས་པ་དང་།། ཏིང་ངེ་འཛིན་གྱི་གཟུངས་དག ་ནི།། ཆུང་ངུ་དང་ནི་ཆེན་པོ་སྟེ།། ཆེན་པོ་དེ་ཡང་རྣམ་པ་གསུམ།། བློ་ལྡན་མ་ཞུགས་ཞུགས་པ་ཡང་།། མ་དག་ས་པ་རྣམས་ཀྱི་ནི།། ཆུང་ངུ་དང་ནི་འབྲིང་པོ་སྟེ།། དག་པའི་ས་པའི་གཟུངས་ཆེན་ཡིན།། བྱང་ཆུབ་སེམས་དཔའ་ཡང་དང་ཡང་།། དེ་ལ་ཡང་དག་བརྟེན ་ནས་ནི།། རྟག་ཏུ་དམ་པའི་ཆོས་དག་ཀྱང་།། རབ་ཏུ་སྟོན་ཞིང་འཛིན་པ་ཡིན།། བརྟན་པ་རྣམས་ཀྱི་སྨོན་ལམ་ནི།། སེམས་པ་འདུན་དང་བཅས་པ་སྟེ།། དེ་ནི་ཡེ་ཤེས་ཀྱིས་བསྐུལ་བ།། ས་རྣམས་ཀུན་ལ་མཉམ་པ་མེད།། དེ་ནི་རྒྱུར་འགྱུར་ཤེས་བྱ་སྟེ།། སེམས་ཙམ ་ལས་ནི་འགྲུབ་པའི་ཕྱིར།། སེམས་ལས་མོད་ལ་འབྲས་བུ་ཅན།། དེ་ནི་མ་འོངས་དོན་གྲུབ་བྱེད།། སྣ་ཚོགས་ཆེ་དང་བྱང་ཆུབ་པར།། སྣ་རྣམས་གོང་ནས་གོང་དུ་ནི།། རྣམ་དག་བྱང་ཆུབ་སེམས་དཔའ་ཡི།། རང་གཞན་དོན་རབ་སྒྲུབ་བྱེད་ཡིན།། ཏིང་འཛིན ་གསུམ་གྱིས་སྤྱོད་ཡུལ་ནི།། བདག་མེད་རྣམ་པ་གཉིས་པོ་དང་།། བདག་ཏུ་འཛིན་པའི་རྟེན་དང་ནི།། དེ་རྟག་ཉེར་ཞི་ཡོན་ཞེས་བྱ།། དེ་ནི་གཟུང་འཛིན་ངོ་བོའི་ཕྱིར།། ཏིང་འཛིན་གསུམ་དུ་ཤེས་པར་བྱ།། རྣམ་པར་མི་རྟོག་རྒྱུབ་ཀྱི་སྡེ་ཕྱོགས།། རྟག་ཏུ་དགའ ་དང་ལྡན་པའོ།། ཡོངསུ་ཤེས་དང་སྤང་བ་དང་།། མངོན་སུམ་ཉིད་དུ་བྱ་བའི་ཕྱིར།། སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས།། དོན་རྣམས་གསུམ་དུ་རབ་ཏུ་བསྒྲགས།། སེམས་ཅན་རྣམས་ལ་ཕན་བཞེད་པས།། ཏིང་ངེ་འཛིན་གྱི་རྒྱུ་ཉིད་དུ།། ཆོས་ཀྱི་སྡོམ་ནི་རྣམ ་བ་བཞི།། བྱང་ཆུབ་སེམས་དཔའ་རྣམས་ལ་བཤད།། བསྟན་པ་རྣམས་ཀྱི་བཞི་པོ་ནི།། མེད་པའི་དོན་དང་རྣམ་རྟོག་དོན།། ཀུན་ཏུ་རྟོག་དོན་ཁོ་ན་དང་།། རྣམ་རྟོག་ཉེ་བར་ཞི་བའི་དོན།། མི་རུང་རྒྱུ་ལས་སྐྱེ་ཕྱིར་དང་།། འགལ་ཕྱིར་རང་ཉིད་མི་གནས་ཕྱིར།། མེད་ཕྱིར ་མཚན་ཉིད་ངེས་ཕྱིར་དང་།། རྗེ་སུ་འཇུག་ཕྱིར་འགག་པའི་ཕྱིར།། ཡོངསུ་འགྱུར་བ་དམིགས་ཕྱིར་དང་།། དེའི་རྒྱུ་ཉིད་དང་འབྲས་བུའི་ཕྱིར།། ཟིན་པའི་ཕྱིར་དང་བདག་པོའི་ཕྱིར།། ངག་དང་སེམས་ཅན་རྗེས་འཇུག་ཕྱིར།། དང་པོར་རྗེ་བས་ཇེ་ཆེ་དང་།། ་རྒྱས་དང་རྟེན་གྱི་དངོས་པོ་དང་།། འགྱུར་དོང་ཡོངསུ་སྨིན་པ་དང་།། དེ་བཞིན་དམན་དང་ཁྱད་པར་འཕགས།། འོད་གསལ་བ་དང་འོད་མི་གསལྔ།། ཡུལ་གཞན་འགྲོ་དང་ས་བོན་བཅས།། ས་བོན་མེད་པའི་ངོ་བོ་དང་།། གཟུགས་བརྙན་དུ་ནི ་སྤྲོ་བ་དང་།། སྐྱེ་བ་རྣམ་པ་བཅུ་བཞི་ཁཾ།། རྒྱུ་དང་ཚད་ཀྱི་བྱེད་པར་དང་།། རྒྱས་པ་དོན་མང་མོ་རུང་དང་།། རྟེན་ཉིད་དུ་ནི་མི་སྲིད་དང་།། གནས་པ་ལ་ནི་མི་སྲིད་དང་།། དང་པོ་མི་འཇིག་མཐར་མི་འགྱུར།། དེ་བཞིན་དམན་པར་ཁྱད་པར་འཕྱགས།། 2 ་གསལ་བ་དང་འོད་མི་གསལ།། འགྲོ་མེད་གནས་པ་མི་རུང་དང་།། ཐ་མ་ཉིད་ནི་མི་སྲིད་དང་།། སེམས་ཀྱི་རྗེ་སུ་འཇུག་པའི་ཕྱིར།། འདུས་བྱས་ཐམས་ཅད་སྐད་ཅིག་མ།། འབྱུང་བ་རྣམས་དང་དོན་རྣམ་དྲུག། སྐད་ཅིག་ཉིད་དུ་བརྗོད་པ་ནི།། སྐམ ་དང་འཕེལ་དང་རང་བཞིན་གྱིས།། གཡོ་དང་འཕེལ་དང་འགྲིབ་པའི་ཕྱིར།། འབྱུང་བ་དེ་དང་འབྲེལ་ཕྱིར་དང་ཀ་ཡོངས་སུ་འགྱུར་བ་བཞི་ཡི་ཕྱིར།། ཁ་དོག་དྲི་དང་རོ་དང་རེག། འདྲ་ཕྱིར་དེ་ནི་དེ་དང་འདྲ།། བུད་ཤིང་རག་ལས་འཇུག་པའི་ཕྱིར།། ། ་ཇེ་བས་ཇེ་ཆེར་དམིགས་པའི་ཕྱིར།། སེམས་རྗེས་འཇུག་ཕྱིར་དྲིས་པའི་ཕྱིར།། དེས་ནི་ཕྱི་ཡང་སྐད་ཅིག་མ།། གང་ཟག་བཏགས་པར་ཡོད་ཉིད་དུ།། བརྗོད་བྱ་རྗེས་སུ་མ་ཡིན་ནོ།། མི་དམིགས་པར་ཅི་ལོག་པ་དང་།། ཀུན་ནས་ཉོན་མོང ་ཉོན་མོངས་སྒྱུ།། ཉེས་པ་གཉིས་ཕྱིར་དེ་ལས་འོད།། གཅིག་དང་གཞན་དུ་བརྗོད་བྱ་མི་ན།། ཕུང་པོ་དག་ཏུ་ཐལ་བ་དང་།། དེ་རྫས་ཉིད་དུ་ཐལ་འགྱུར་ཕྱིར།། གལ་ཏེ་རྫས་ཡོད་བརྗོད་མིན་པའི།། དགོངས་པ་ཡང་ནི་བརྗོད་དགོས་སོ།། གཅིག་དང ་གཞན་དུ་བརྗོད་མིན་པ།། དགོངས་པ་མེད་པར་མི་རིགསོ།། མཚན་ཉིད་དང་ནི་འཇིག་རྟེན་ན།། མཐོང་ཕྱིར་བསྟན་བཅོས་སྒོ་ནས་ཀྱང་།། བུད་ཤིང་མི་བཞིན་གཉིསུ་ནི།། བརྗོད་མིན་མི་རུང་དམིགས་ཕྱིར་རོ།། གཉིས་ཡོད་རྣམ་ཤེས་སྐྱེ་བའི ་ཕྱིར།། དེ་རྐྱེན་མ་ཡིན་དོན་མེད་ཕྱིར།། དེ་ཕྱིར་ལྟ་བ་པོ་ནས་ནི།། གྲོལ་བའི་བར་དུ་མི་འགྱུརརོ།། བདག་པོ་ཉིད་ཅིག་ཡིན་ན་ནི།། མི་རྟག་མི་འདོད་འབྱུང་མི་བྱེད།། དེ་ལས་མཚན་ཉིད་སྒྲུབ་དགོས་ཏེ།། རྫོགས་པའི་བྱང་ཆུབ་གསུམ་ལ་གནོད།། ། ་ཉེས་པ་གསུམ་ཕྱིར་ལྟ་སོགས་ལ།། དེ་ཡོ་བྱེད་པ་རང་བྱུང་མིན།། བྱེད་པ་དེ་ཡི་སྐྱེན་ཅན་ཡང་།། ལྟ་སོགས་བྱེད་པ་མེད་པ་ཡིན།། བྱེད་མིན་ཕྱིར་མི་རྟོག་ཕྱིར།། ཅིག་ཅར་རྟག་ཏུ་འཇུག་པའི་ཕྱིར།། ལྷ་ལ་སོགས་པའི་བྱེད་པ་ནི།། རང་འབྱུང། ་ཉིད་དུ་མི་རུང་ངོ་།། དེ་བཞིན་གནས་དང་ཞིག་པ་ནི།། སྔོ་ན་མེད་དང་མི་རྟག་དང་།། ཕྱོགས་གསུམ་པ་ཡང་མེད་པའི་ཕྱིར།། རྐྱེན་ཉིད་དུ་མི་རུང་ངོ་།། འདི་ལྟར་ཆོས་རྣམས་ཐམས་ཅད་ནི།། བདོག་མེད་དམ་པའི་དོན་དུ་ན།། སྟོང་ཉིད་བདས ་ཏུ་དམིགས་པ་ནི།། ཉེས་པར་བཤད་པ་ཁོ་ན་ཡིན།། ཀུན་ནས་ཉོན་མོངས་རྣམ་བྱང་བའི།། གནས་སྐབས་གཅོད་པའི་བྱེ་བྲག་དང་།། འཇུག་དང་རྒྱུན་གྱི་བྱེ་བྲག་ཀྱང་།། གང་ཟག་གིས་ནི་ཉེ་བར་བསྟན།། བདག་ཏུ་ལྟ་བ་བསྐྱེད་མི་དགོས།། གོམས་པ ་ཐོག་མ་མེད་དུས་ཅན།། གང་ཟག་ཡོད་ན་ཐམས་ཅད་ནི།། འབད་མེད་ཐར་པ་འམ་ཐར་པ་མེད།། དེ་ལྟར་ཡོན་ཏན་དྲི་དག་དང་།། རྟག་ལྡན་བྱང་ཆུབ་སེམས་དཔའ་ནི།། བདག་ཉིད་དོན་ཡང་མི་འདོར་ཞིང་།། གཞན་གྱི་དོན་ཡང་སྒྲུབ་པར་བྱེད།། ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབས་རྫོགས་སོ།། །། རང་གི་ལུས་དང་སྡོམ་པའི་ཕྱིར།། ཕུན་སུམ་ཚོགས་པ་ཡོངས་གཏོང་དང་།། ཉམ་ཆུང་རྣམས་ལ་བཟོད་པ་ནི།། ལུས་དང་སྲོག་ལ་མི་ལྟ་བར།། བརྩོན་འགྲུས་རྩོམོ་དང ་བསམ་གཏན་གྱི།། བདེ་ལ་རེ་མྱང་མེད་ཉིད་དང་།། ཤེས་རབ་ལ་ནི་མི་རྟོག་པ།། བློ་ལྡན་རྣམས་ཀྱི་ངོ་མཚར་འདོད།། དེ་བཞིན་གཤེགས་རིགས་སྐྱེ་བ་དང་།། ལུང་བསྟན་པ་དང་དབང་བསྐུར་དང་།། བྱང་ཆུབ་རབ་ཏུ་ཐོབ་པ་ཡང་།། ངོ ་མཚར་ཆེ་བ་ཡིན་པར་འདོད་།། འདོད་ཆགས་བྲལ་དང་སྙིང་རྗེ་དང་།། དེ་བཞིན་སྒོམས་མཆོག་ཐོབ་པ་དང་།། སེམས་མཉམ་ཕྱིར་ན་དེ་དག་ལ།། སྦྱོར་བ་ངོ་མཚར་ཆ་མ་ཡིན།། ཇི་ལྟར་བློ་ལྡན་སེམས་ཙོན་ལ།། རབ་ཏུ་བྱམས་པར་གྱུར་པ ་ལྟར།། སེམས་ཅན་བདག་དང་ཆུང་མ་དང་།། བུ་ཤེས་གཉེན་ལ་དེ་ལྟར་མིན།། དོན་གཉེར་བ་ལ་ཕྱོགས་མེད་དང་།། ཚུལ་ཁྲིམས་རྟག་ཏུ་མ་ཉམས་དང་།། ཀུན་ཏུ་བཟོད་ཅིང་ཐམས་ཅད་ཕྱིར།། བརྩོན་འགྲུས་ཆེན་པོ་རྩོམ་པ་དང་།། རྟག་ཏུ ་བསམ་གཏན་དགེ་བ་དང་།། ཤེས་རབ་རྣམ་པར་མི་རྟོག་ཉིད།། བྱང་ཆུབ་སེམས་དཔའ་དེ་དག་ལ།། དེ་ལྟར་སེམས་མཉམ་ཤེས་པར་བྱ།། སྣོད་ཉིད་དུ་ནི་བྱེད་པ་དང་།། ཚུལ་ཁྲིམས་དག་ལ་འགོད་པ་དང་།། གནོད་པ་ལ ་ནི་བཟོད་པ་དང་།། དོན་བྱེད་པར་ནི་འགྲོ་བ་དང་།། བསྟན་པ་ལ་ནི་འཛུད་པ་དང་།། ཐེ་ཚོམ་གཅོད་པར་བྱེད་པ་འདི།། བློ་ལྡན་རྣམས་ཀྱི་སེམས་ཅན་ལ།། ཕན་འདོགས་ཉིད་དུ་འདོད་པ་ཡོན།། གང་དག་རྟག་ཏུ་སེམས་ཅན་རྣམས།། བསམ་པ་མཉམ་པསུ ་འཛིན་བྱེད་ཅིང་།། འཕགས་པའི་ས་ལ་བསྐྱེད་པ་དང་།། དགེ་བ་འཕེལ་བར་བྱེད་པ་དང་།། ཉེས་བྱོས་ལས་ནི་ཡོངས་སྲུང་དྲང་།། ཐོབ་པ་བྱང་བར་བྱེད་པ་ནི།། ལས་ལྔ་དག་གིས་རྒྱལ་སྲས་རྣམས།། སེམས་ཅན་མ་དང་འདྲ་བ་ཡིན།། སོན ་ཀུན་ལོ་རྟག་པར་ནི།། དད་པ་སྐྱེ་བར་བྱེད་པ་དང་།། ལྷག་པའི་ཁྲིམས་སོགས་བསླབ་པ་དང་།། རྣམ་པར་གྲོལ་ལ་སྦྱོར་བའི་ཕྱིར།། སངས་རྒྱས་ལོ་ནི་གསོལ་བ་དང་།། དེ་དག་སྒྲིབ་པ་སྤོང་བའི་ཕྱིར།། ལས་ལྔ་དག་གིས་རྒྱལ་སྲས་རྣམ།། ། ་སེམས་ཅན་ཕ་དང་འདྲ་བ་ཡིན།། གང་དག་བསྟན་པར་མི་འོངས་པའི།། སེམས་ཅན་རྣམས་ལ་གསང་བྱེད་ཅིང་།། བསླབ་ལས་ཉམས་ལ་སྨོད་པ་དང་།། ཕུན་སུམ་ཚོགས་ལ་བསྔགས་པ་ཉིད།། གདམས་ངག་སྦྱིན་པར་བྱེད་པ་དང་།། བདུད ་རྣམས་སྒྲོན་པར་བྱེད་པ་སྟེ།། ལས་ལྔ་དག་གིས་རྒྱལ་སྲས་རྣམས།། སེམས་ཅན་རྩ་ལག་འདྲ་བ་ཡིན།། ཀུན་ནས་ཉོན་མོས་རྣམ་བྱང་ལ།། གང་དག་རང་བློ་མ་འཁྲུལ་པ།། འཇིག་རྟེན་འཇིག་རྟེན་མིན་པ་ཡི།། ཕུན་ཚོགས་ཟད་པར་སྦྱིན་པར ་བྱེད།། སྐྱོ་བ་མེད་པར་མི་ཕྱེད་ཅིང་།། རྟག་ཏུ་ཕན་དང་བདེ་འདོད་པ།། ལུས་ལྔ་དག་གིས་རྒྱལ་སྲས་རྣམས།། སེམས་ཅན་གྲོགས་པོ་འདྲ་བ་ཡིན།། གང་དག་སེམས་ཅན་སྨིན་བྱ་ལ།། རྟག་ཏུ་བརྩོན་པ་དང་ལྡན་ཞིང་།། ཡང་དག་ངེས་པར་འབྱུང་བར ་སྨྲ། ལོག་པར་སྒྲུབ་པ་རྣམས་ལ་བཟོད།། ཕུན་སུམ་ཚོགས་པ་གཉིས་སྦྱིན་བྱེད།། དེ་ཡི་ཐབས་ལ་མཁས་པ་ནི།། ལས་ལྔ་དག་གིས་རྒྱལ་སྲས་རྣམས།། སེམས་ཅན་བྲན་དང་འདྲ་བ་ཡིན།། གང་དག་མི་སྐྱེ་ཆོས་ལ་ནི།། བཟོད་པ་ཐོབ་པར་འདོད ་པ་དང་།། ཐེག་པ་ཐམས་ཅད་སྟོན་པ་དང་།། རྣལ་འབྱོར་འགྲུབ་པར་སྦྱོར་བ་དང་།། བཞིན་མཛེས་ལན་དུ་ཕན་འདོག་དང་།། རྣམ་པར་སྨིན་ལ་མི་ལྟ་བ།། ལས་ལྔ་དག་གིས་རྒྱལ་སྲས་རྣམས།། སེམས་ཅན་སློབ་དཔོན་འདྲ་བ་ཡིན།། སན ་དོན་ལ་ཤིན་ཏུ་བརྩོན།། ཚོགས་རྣམས་རྫོགས་པར་བྱེད་པ་དང་།། ཚོགས་བསགས་མྱུར་དུ་གྲོལ་བར་བྱེད།། མི་མཐུན་ཕྱོགས་ནི་སྤོང་བྱེད་ཅིང་།། འཇིག་རྟེན་འཇིག་རྟེན་མོ་ཡིན་པའི།། ཕུན་སུམ་ཚོགས་པ་ལ་སྦྱོར་བ།། ལས་ལྔ་དག ་གིས་རྒྱལ་སྲས་རྣམས།། སེམས་ཅན་མཁན་པོ་འདྲ་བ་ཡིས།། ལོངས་སྤྱོད་རྣམས་ལ་མ་ཆགས་དང་།། ཚུལ་ཁྲིམས་ཉམས་པ་མེད་པ་དང་།། བྱས་པ་གཟོ་དང་ལྡན་པ་དང་།། སྒྲུབ་པ་ལ་ཡང་སྦྱོར་བའི་ཕྱིར།། ཕ་རོལ་ཕྱིན་པ ་དྲུག་པོ་ལ།། དེ་ལྟར་འཇུག་པའི་ལུས་ཅན་དག། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། དེ་བཞིན་ལན་དུ་ཕན་འདོགས་ཡིན།། རྟག་ཏུ་འཕེལ་དང་ཉམས་པ་དང་།། སེམས་ཅན་རབ་ཏུ་སྨིན་པ་དང་།། ས་ལ་ཁྱད་པར་འགྲོ་བ ་དང་།། བླ་ན་མེད་པའི་བྱང་ཆུབ་འདོད།། འཇིགས་སྤངས་ཡང་དག་བསྐྱེད་པ་དང་།། ཐེ་ཚོམ་དག་ནི་གཅོད་པ་དང་།། སྒྲུབ་པ་ཡི་ནི་གདམས་ངག་ལ།། རྒྱལ་སྲས་རྟག་ཏུ་ཆུད་མི་ཟ།། རེ་བ་མེད་པའི་སྦྱིན་པ་དང་།། ཡང་སྲིད་མི ་འདོད་ཚུལ་ཁྲིམས་དང་།། ཐམས་ཅད་ལ་ནི་བཟོད་པ་དང་།། ཡོན་ཏན་ཀུན་འབྱུང་བརྩོན་འགྲུས་དང་།། དེ་བཞིན་བསམ་གཏན་གཟུགས་མེད་མིན།། ཤེས་རབ་ཐབས་དང་ལྡན་པ་ནི།། ཕ་རོལ་ཕྱིན་པ་དྲུག་པོ་ལ།། བརྟེན་པ་རྣམས་ཀྱི ་ཡང་དག་སྦྱོར།། ལོངས་སྤྱོད་ཆགས་དང་ཉམས་བཅས་དང་།། ང་རྒྱལ་ཉིད་དང་བསོད་ཉམས་དང་།། རོ་མྱང་བ་དང་རྣམ་རྟོག་ནི།། བརྟན་པ་རྣམས་ཀྱི་ཉམས་པའི་རྒྱུ།། དེ་དག་གཉེན་པོ་ལ་གནས་པའི།། བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ནི།། དེ་ལས་བཟློག་ཕྱིར་ཁྱད་པར་གྱི།། སྐལ་ཅན་ཆོསུ་ཤེས་པར་བྱ།། སྤྲུལ་པ་དང་ནི་ཚུལ་འཆོས་དང་།། བཞིན་གྱི་མཛེས་ནི་སྟོན་པ་དང་།། དེ་བཞིན་འབྲལ་ལ་འཇུག་པ་དང་།། ལུས་དང་ངག་ནི་ཞི་བ་དང་།། དེ་བཞིན་སྒྲ་མཁས་ཕུན་སུམ ་ཚོགས།། དེ་དག་སྒྲུབ་དང་བྲལ་བ་ནི།། བྱང་ཆུབ་སེམས་དཔའ་རྣམས་དག་གི། ཡང་དག་མིན་པ་ཉིད་དུ་བཤད།། བཟློག་པ་རབ་ཏུ་སྦྱོར་རྣམས་ཀྱི།། དེ་དག་ཡང་དག་ཉིད་དུ་བཤད།། བློ་ལྡན་དེ་དག་ས་ཀུན་ཏུ།། སྦྱིན་ལ་སོགས་པ་ཉེར ་སྒྲུབ་པས།། སེམས་ཅན་རྣམས་ཀྱི་མི་མཐུན་ཕྱོགས།། རྣམ་དྲུག་ཏུ་ནི་འདུལ་བར་བྱེད།། གང་ཟག་དུས་ཀྱི་བྱེ་བྲག་གིས།། བློ་ལྡན་ལུང་བསྟན་རྣམ་པ་གཉིས།། བྱང་ཆུབ་དང་ནི་ལུང་སྟོན་པར།། གཞན་ཡང་ཆེན་པོར་བརྗོད་པ་ནི།། ་མི་སྐྱེ་བཟོད་པ་ཐོབ་པ་ཡིས།། ང་རྒྱལ་རྩོལ་བ་སྤང་བ་དང་།། སངས་རྒྱས་སྲས་རྣམས་ཐམས་ཅད་དང་།། ངོ་བོ་ཅིག་ཏུ་གྱུར་པ་ལས།། ཡང་དེ་ཞིང་དང་མིང་དང་ནི།། དུས་དང་བསྐལ་པའི་མིང་དང་ནི།། འཁོར་དང་དམ་པའི་ཆོས་དག་ཀྱང་།། ་གནས་པའི་སྒོ་ནས་དེར་འདོད་དོ།། བློ་ལྡན་རྣམ་པ་ཐམས་ཅད་དུ།། ཕུན་ཚོགས་ཀྱེ་དང་མི་སྐྱོ་དང་།། རྟག་ཏུ་སྒོམ་པར་བྱེད་པ་དང་།། ཏིང་འཛིན་ཉམས་པ་མེད་པ་དང་།། བྱ་བ་འགྲུབ་དང་ལྷུན་འགྲུབ་པའི།། བཟོད་པ་ཐོབ་པར་ངེས་པར་འགྲུབ།། ་མཆོད་བསླབ་ཡང་དག་བླང་བ་དང་།། སྙིང་རྗེ་དགེ་བ་བསྒོམ་པ་དང་།། དེ་བཞིན་དགོན་པར་བག་ཡོད་དང་།། ཐོས་དོན་ངོམས་མི་ཤེས་པ་ཉིད།། ས་རྣམས་ཀུན་ལ་བསྟོན་པ་ཡིས།། གདོན་མི་ཟ་བར་བྱ་བ་ཉིད།། འདོད་པའི་ཉེས་དམིགས་ཤྲཱི ་པ་དང་།། འཁྲུལ་པ་དག་ལ་རྟོག་པ་དང་།། སྡུག་བསྔལ་དང་དུ་ལེན་ཉིད་དང་།། དགེ་བ་དང་ནི་སྒོམ་པ་དང་།། བདེ་ལ་རོ་མྱང་མེད་ཉིད་དང་།། མཚན་མ་རྣམ་པར་མི་རྟོག་པ།། ས་རྣམས་ཀུན་ལ་བརྟེན་པ་ཡི།། རྟག་ཏུ་བྱ་བ་དག་ཡིན་ནོ།། ། ་ཆོས་སྦྱིན་ཚུལ་ཁྲིམས་དག་པ་དང་།། མི་སྐྱེ་བཟོད་པ་ཐོབ་པ་དང་།། ཐེག་ཆེན་བརྩོན་འགྲུས་རྩོམ་པ་དང་།། མཐའ་ལ་སྙིང་རྗེ་ལྡན་གནས་དང་།། ཤེས་རབ་བློ་དང་ལྡན་རྣམས་ཀྱི།། ཕ་རོལ་ཕྱིན་པའི་གཙོ་བོར་འདོད།། མདོ་སོགས་རྣམ ་པའི་བྱེ་བྲག་གིས།། རིག་པའི་གནས་ནི་རྣམ་གཞག་པ།། ས་རྣམས་ཀུན་ལ་བརྟན་པ་ཡི།། ཆོས་རྣམས་གཞག་པ་ཡིན་ཞེས་བྱ།། དེ་བཞིན་ཉིད་ནི་རྣམ་བདུན་ལ།། བརྟེན་པས་བདེན་པོས་རྣམ་པར་གཞག། རིགས་པ་ཐེག་པ ་རྣམ་གཞག་པ།། རྣམ་པ་བཞི་དང་རྣམ་གསུམ་ཉིད།། ཚུལ་བཞིན་ཡིད་ལ་བྱེད་པ་དང་།། ཡང་དག་ལྟ་བ་འབྲས་ལྡན་དང་།། ཚད་མས་རྣམ་འབྱེད་བསམ་མི་ཁྱབ།། རིགས་པ་བཞིར་ནི་ཤེས་པར་བྱ།། བསམ་པ་དང་ནི་བཤད ་ཉིད་དང་།། སྦྱོར་བ་དང་ནི་ཚོགས་དག་དང་།། གྲུབ་པ་རབ་ཏུ་དབྱེ་བ་ཡིས།། ཐེག་པ་རྣམ་པ་གསུམ་དུ་འདོད།། མིང་དང་དངོས་དག་ཕན་ཚུན་དུ།། གློ་བུར་པ་ནི་ཉིད་དུ་བཙལ།། འདོག་པ་རྣམ་པ་གཉིས་པོ་འདིར།། དེ་ཙོམ་དུ་ནི་ཚོལ་བའོ།། ཐམས ་ཅད་དམིགསུ་མེད་པའི་ཕྱིར།། ཡང་དག་ཡེ་ཤེས་རྣམ་པོ་བཞི།། ས་རྣམས་ཀུན་ལ་བརྟན་པ་ཡི།། དྲོན་ཀུན་འགྲུབ་པར་བྱེད་པར་འགྱུར།། འཆིང་བ་ཡི་ནི་རྟེན་དག་དང་།། ལོངས་སྤྱོད་ས་བོན་རྒྱུ་མཚན་འདིར།། སེམས་དང་སེམས ་ལས་བྱུང་བ་རྣམས།། རྟེ་ནཽ་བཅས་ས་བོནྡ་བཅསྭཱ་ཏེ་བཅིངས།། མདུན་བཞག་མཚན་མ་གང་ཡིན་དང་།། བདག་ཉིད་འདུག་པ་གང་ཡིན་པ།། ཐམས་ཅད་རྣམ་འཇིག་བློ་ལྡན་གྱིས།། བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར།། དེ ་བཞིན་ཉིད་དམིགས་ཡེ་ཤེས་དང་།། གཉིསུ་འཛིན་པ་རྣམ་སྤངས་དང་།། གནས་ངན་ལེན་ལུས་མངོན་གསུམ་པ།། བློ་ལྡན་དེ་ཟད་བྱེད་པར་འདོད།། དེ་བཞིན་ཉིད་དམིགས་ཡེ་ཤེས་ནི།། རྣམ་པ་ཐ་དད་མེད་བསྒོམས་ཤིང་།། ཡོད།། ་དང་མེད་དོན་མངོན་སུམ་པ།། རྣམ་རྟོག་དབང་འབྱོར་ཉིད་ཅེས་བྱ།། བྱིས་པ་ཡང་དག་ཉིད་བསྒྲིབས་ནས།། ཡང་དག་མ་ཡི་ནི་ཀུན་ཏུ་སྣང་།། བྱང་ཆུབ་སེམས་དཔའ་དེ་བསལ་ནས།། ཡང་དག་ཉིད་ནི་ཀུན་ཏུ་སྣང་།། དོན་མེད་པ ་དང་དོན་ཡོད་དག། མི་སྣང་སྣང་བ་ཡིན་ཞེས་བྱ།། དེ་ནི་གནས་གཞན་གྱུར་པ་སྟེ།། འདོད་དགུར་སྤྱོད་ཕྱིར་ཐར་པ་ཡིན།། དོན་མེད་རྣམ་པ་ཐམས་ཅད་དུ།། གཞན་དང་གཞན་རིགས་མཐུན་སྣང་བ།། བར་ཆད་བྱེད་ཡིན་དེ་ལྟ་བས།། ཡོངས ་ཤེས་བྱས་ནས་དེ་སྤོང་ངོ་།། ཡོངས་སྨིན་རྣམ་པོར་སྦྱང་བྱ་དང་།། ཐོབ་པ་སྨིན་པར་རུང་བྱ་དང་།། ཡང་དག་བཤད་པའི་དངོས་པོ་ནི།། བློ་ལྡན་རྣམས་ཀྱི་དཔག་ཏུ་མེད།། བྱང་ཆུབ་སེམས་ནི་སྐྱེ་བ་དང་།། མི་སྐྱེ་བ་ཡི་བཟོད་པ་ཉིད།། དྲི་མེད་མིག ་ནི་དམན་པ་དང་།། ཟག་པ་ཟད་པ་ཉིད་དང་ནི།། དམ་ཆོས་ཡུན་རིང་གནས་པ་དང་།། བྱེ་བྲག་ཤེས་གཅོད་ལོངས་སྤྱོད་ཉིད།། དེ་ལ་ཞུགས་པ་བློ་ལྡན་གྱི།། བཤད་པོའི་འབྲས་བུ་ཡིན་ཞེས་བྱ།། དམིགས་པ་ཆེ་བ་ཉིད་དང་ནི།། དེ་བཞིན་སྒྲུབ། ་པ་གཉིས་དག་དང་།། ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་།། ཐབས་ལ་མཁས་པར་གྱུར་པ་དང་།། ཡང་དག་གྲུབ་པ་ཆེན་པོ་དང་།། སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ།། ཆེན་པོ་འདི་དང་ལྡན་པའི་ཕྱིར།། ཐེག་ཆེན་ཞེས་ནི་ངེས་པར་བརྗོད།། ། ་རིགས་དང་ཆོས་ལ་མོས་པ་དང་།། དེ་བཞིན་སེམས་ནི་བསྐྱེད་པ་དང་།། སྦྱིན་ལ་སོགས་པ་སྒྲུབ་པ་དང་།། སྐྱོན་མེད་པ་ལ་འཇུག་ཉིད་དང་།། སེམས་ཅན་ཡོངས་སུ་སྨིན་བྱེད་དང་།། ཞིང་ནི་རྣམ་པར་སྦྱོང་བ་དང་།། མི་གནས་མྱ་ངན་འདས ་པ་དང་།། བྱང་ཆུབ་མཆོག་དང་སྟོན་པའོ།། གཅིག་ནི་མོས་པ་དང་ལྡན་པ།། ལྷག་པའི་བསམ་པ་དག་པ་གཞན།། མཚན་མ་ད་ནི་མཚན་མེད་དང་།། མངོན་པར་འདུ་བྱེད་མེད་སྤྱོད་པ།། ལྔ་པོ་འདི་དག་ས་ཀུན་ལ།། བྱང་ཆུབ་སེམས ་དཔའ་ཡིན་ཞེས་བྱ།། འདོད་ལ་མ་ཆགས་ལས་གསུམ་རྣམ་པར་དག། ཁྲོ་བ་གཟིལ་གནོན་ཡོན་ཏན་མཆོག་ལྷུར་ལེན།། ཆོས་ལས་མི་གཡོ་དེ་ཉིད་ཟབ་མོ་མཐོང་།། བྱང་ཆུབ་དགའ་ལྡན་བྱང་ཆུབ་སེམས་དཔའ་ཡིན།། ཕན ་འདོགས་འདོད་དང་གནོད་པ་མེད་ལྟོ་དང་།། གཞན་གྱི་གནོད་པ་དང་དུ་ལེན་པ་དང་།། བརྟན་པ་བག་ཡོད་མང་དུ་ཐོས་པ་དང་།། གཞན་གྱི་དོན་བརྩོན་བྱང་ཆུབ་སེམས་དཔའ་ཡིན།། རང་གི་ཡོངས་སུ་བཟུང་པོའི་ཉེས་དམིགས་ཤེས།། ལོང་སྤྱོད ་མ་ཆགས་ཞེ་ལ་ཁོ་ན་མི་འཛིན།། རྣལ་འབྱོར་རྒྱུ་མཚན་ལ་མཁས་ལྟ་ངན་མེད།། ནང་དུ་རབ་གནས་བྱང་ཆུབ་སེམས་དཔའ་ཡིན།། བརྩེ་དང་ལྡན་པ་ངོ་ཚ་ཡོན་ཏན་གནས།། སྡུག་བསྔལ་དང་ལེན་རང་གི་བདེ་མ་ཆགས།། དྲན་གཙོ་ཤིན་ཏུ ་མཉམ་པར་གཞག་པའི་བདག། ཐེག་པ་མི་འཁྲུགས་བྱང་ཆུབ་སེམས་དཔའ་ཡིན།། སྡུག་བསྔལ་སེལ་བ་སྡུག་བསྔལ་མི་བྱེད་ཉིད།། སྡུག་བསྔལ་བཟོད་པ་སྡུག་བསྔལ་འཇིགས་པ་མེད།། སྡུག་བསྔལ་རྣམ་གྲོལ་སྡུག་བསྔལ་མི་རྟོག་པ ་སྡུག་བསྔལ་ཁས་ལེན་བྱང་ཆུབ་སེམས་དཔའ་ཡིན།། ཆོས་ལ་མི་དགའ་རང་བཞིན་ཆོས་ལ་དགའ།། ཆོས་ལ་སློད་ཅིང་ཆོས་ལ་མངོན་པར་བརྩོན།། ཆོས་ལ་དབང་བ་ཆོས་ལ་མུན་པ་མེད།། ཆོས་གཙོར་བྱེད་པ་བྱང་ཆུབ་སེམས་དཔའ ་ཡིན།། ལོངས་སྤྱོད་བག་ཡོད་ངེས་ལ་བག་ཡོད་དང་།། བསྲུང་ལ་བག་ཡོད་དགེ་ལ་བག་ཡོད་དང་།། བདེ་ལ་བག་ཡོད་ཆོས་ལ་བག་ཡོད་དེ།། ཐེག་པ་བག་ཡོད་བྱང་ཆུབ་སེམས་དཔའ་ཡིན།། མ་གུས་ངོ་ཚ་ཉེས་ཆུང་ངོ་ཚ་དང་། མི་བརྗོ ་ཚ་ཡོངས་ཉམས་ངོ་ཚ་དང་།། རྣམ་འཕྲོ་ངོ་ཆེ་ལྟ་ཆུང་ངོ་ཚ་དང་།། ཐེག་གཞན་ངོ་ཚ་བྱང་ཆུབ་སེམས་དཔའ་ཡིན།། འདྲི་དང་ཕ་རོལ་དང་ནི་བཏང་སྙོམས་དང་།། འདུ་བྱེད་ལྡན་དང་དབང་འབྱོར་ཉིད་ཐོབ་དང་།། མཚུངས་པར་སྟོན་དང་འབྲས་བུ་ཆེན་པོ ་ཡིས།། བྱང་ཆུབ་སེམས་དཔའ་ཕན་འདོགས་བྱེད་ལ་འཇུག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། བློ་ལྡན་ཉིད་དང་བསལ་བའི་མཆོག། རྒྱལ་སྲས་རྒྱལ་བའི་གཞི་དང་ནི།། རྒྱལ་བྱེད་རྒྱལ་བའི་མྱུ་གུ་དང་།། རྩལ་ལྡན་དང་ནི་འཕགས་མཆོག། ་དང་།། དྲོད་དཔོན་དང་ནི་གྲགས་མཆོག་དང་།། སྙིང་རྗེ་ཅན་དང་བསོད་ནམས་ཆེ།། དབང་ཕྱུག་དེ་བཞིན་ཆོས་དང་ལྡན།། དེ་ཉིད་བཟང་རྟོགས་དོན་ཆེན་ལེགས་རྟོགས་དང་།། དོན་ཀུན་རྟོགས་དང་རྟག་ཏུ་རྟོགས་པ་དང་།། ཐབས་རྣམས་རྟོགས་པར ་གྱུར་པའི་ཁྱད་པར་རྒྱུས།། དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། བདག་རྗེས་རྟོགས་དང་ལྟ་བ་ཕྲ་རྟོགས་དང་།། རྣམ་རིག་སྣ་ཚོགས་རྣམ་པར་རྟོགས་དང་ཀུན།། ཡང་དག་མིན་རྟོག་ཡིན་པར་རྟོགས་པའི་རྒྱུ།། དེས་ན་བྱང་ཆུབ་སེམས་དཔའ ་ཞེས་བྱའོ།། མ་རྟོགས་རྟོགས་དང་རྗེསུ་རྟོགས་པ་རྟོགས།། དངོས་མེད་རྟོགས་དང་རབ་ཏུ་སྐྱེ་བ་རྟོགས།། མི་རྟོགས་རྟོགས་པ་སོ་སོར་རྟོགས་པའི་རྒྱུ།། དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དོན་མེད་རྟོགས་དང་དོན་དམ་རྟོགས་པ་དང་།། དོན་ཀུན ་རྟོགས་དང་མཐའ་དག་དོན་རྟོགས་དང་།། རྟོགས་བྱ་རྟོགས་གཞི་རྟོགས་པ་རྟོགས་པའི་རྒྱུ།། དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། གྲུབ་པར་གྱུར་པ་རྟོགས་དང་གནས་རྟོགས་དང་།། ལྷུམས་རྗེས་རྟོགས་དང་རིམ་པ་རྟོགས་པ་དང་།། རབ་ཏུ་རྟོགས ་དང་ཐེ་ཚོམ་བསལ་རྟོགས་རྒྱུ།། དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། བློ་དང་ལྡན་པ་བློ་ཐོབ་མ་ཐོབ་དང་།། རབ་ཏུ་གནས་རྟོགས་རྗེ་སུ་རྟོགས་པ་དང་།། ས་སོར་འཆང་ཟླ་བརྗོད་མེད་ང་བཅོམ་དང་།། ང་ཅན་བློ་གྲོས་མ་སྦྱིན ་ངག་སྨིན།། ཡོན་ཏན་གྱི་སྐབས་རྫོགསོ།། །། བརྩེ་དང་སྙན་པར་སྨྲ་བ་དང་།། བསྟན་པ་ཉིད་དང་ལག་བརྐྱང་ཉིད།། དགོངས་པ་ཟབ་མོ་ངེས་འགྲེལ་པ།། འདི་དག་བློ་ལྡན་རྣམས་ཀྱིས་བརྟགས།། ཡོངས་བཟུང་མོས་པ་ཐོབ་པ་དང་།། མི་སྐྱོ ་ཉིས་ཀྱིས་བསྡུས་པའི་ཕྱིར།། བསམ་པ་དང་ནི་སྦྱོར་བ་ལས།། བརྟགས་ལྔར་རྣམ་པར་ཤེས་པ་བྱ།། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི།། ཁྱིམ་པ་འཁོར་ལོས་བསྒྱུར་རྣམས་སུ།། གྱུར་ནས་སྐྱེ་བ་ཐམས་ཅད་དུ།། སེམས་ཅན་རྣམས་ཀྱི་དོན་བྱེདའོ།། ། ་ས་ཀུན་མ་པོ་ལྡན་གྱི།། རབ་བྱུང་ལེན་པས་ཐོབ་པ་དང་།། ཆོས་ཉིད་ཀྱིས་ནི་ཐོབ་པས་གཞན།། རབ་ཏུ་བྱུང་བ་སྟོན་བྱེད་ཡིན།། རབ་ཏུ་བྱུང་བའི་ཕྱོགས་དག་ནི།། ཡིན་ཏན་ཚད་མེད་རྣམས་དང་ལྡན།། དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡིས།། བྱང་ཆུབ ་བའ་ལས་ཁང་འཕགས།། ས་རྣམས་ཀུན་ལ་བརྟན་པ་ཡི།། ཕ་རོལ་སྡུག་པའི་འབྲས་བུ་དང་།། འདི་ལ་དགེ་ལོ་འཇུག་འདོད་དང་།། མྱ་ངན་འདས་པར་འདོད་པ་དང་།། མ་དག་རྣམ་དག་རབ་དག་པ།། སེམས་ཅན་རྣམས་ལ་བསྡམ་པར ་ས་རྣམས་ཀུན་ལ་བློ་ལྡན་པའི།། སྨོན་ལམ་དང་ནི་སེམས་མཉམ་དང་།། བདག་པོར་གྱུར་པ་དག་དང་ནི།། འཁོར་སྡུད་པ་ཡིས་ཡོངསུ་འཛིན།། བློ་ལྡན་རྣམས་ཀྱིས་ལས་དང་ནི།། གཞན་ཡང་སྨོན་ལམ་དག་དང་ནི།། ཏིང་ངེ་འཛིན་དང་དབང ་འབྱོར་པའི།། དབང་གིས་སྐྱེ་བར་འདོད་པ་ཡིན།། མཚན་ཉིད་གང་ཟག་བསླབ་པ་དང་།། ཕུང་པོ་གྲུབ་པ་རྟགས་དང་ནི།། ངེས་པའི་ཆོག་དང་ཐོས་པ་ཡིས།། གནས་པ་དང་ནི་ས་ཉིད་།། སྟོང་པ་ཉིད་ནི་མཆོག་རྟོགས་ནས།། ལས་རྣམས ་ཆུ་དོ་མི་ཟ་བར་གནས།། བསམ་གཏན་རབ་དེས་གནས་ནས་ནི།། དེ་ཡི་འོག་ཏུ་འདོད་པར་སྐྱེ།། དེ་ནས་བྱང་ཆུབ་ཕྱོགས་མཐུན་རྣམས།། འཁོར་བ་རྣམས་སུ་ཡོངསུ་བསྔོ།། སེམས་ཀུན་ཉོན་མོངས་མེད་པར་ནི།། སེམས་ཅན་རྣམས ་ཡོངས་སྨིན་པར་བྱེད།། ཆེད་དུ་བསགས་ཏེ་སྐྱེ་བས་ན།། ཀུན་ནས་ཉོན་མོངས་རྗེསུ་སྲུང་།། འགྲོད་པ་གཅིག་པོའི་ལམ་དང་འབྲེལ།། མཚན་མེད་གཅིག་ཏུ་ངེས་པའི་ལམ།། མཚན་མ་མེད་པར་ལྷུན་གྱིས་གྲུབ།། ཞིང་ཡང་རྣམ་པར ་སྦྱོང་བ་སྟེ།། དེ་ཡི་འོག་ཏུ་སེམས་ཅན་ནི།། སྨིན་པར་བྱེད་པ་གྲུབ་པར་འགྱུར།། ཏིང་ངེ་འཛིན་དང་གཟུངས་རྣམས་དང་།། བྱང་ཆུབ་རྣམ་པར་དག་པ་ཉིད།། རྣམ་པར་བཞག་པ་འདི་དག་གིས།། སཱ་ཡི་མཚན་ཉིད་ཤེས་པར་བྱ།། ་བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་པར་དག། ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་བཞག། ཆོས་ལ་ང་སྤངས་རྒྱུད་དང་ཀུན་ཉོན་མོངས།། རྣམ་པར་དག་པ་ཐ་དད་ང་རྒྱལ་མེད།། སྐད་ཅིག་གཅིག་བློ་ཐོབ་པ་བཏང་སྙོམས་པོ།། ། ་ཞིང་རྣམས་སྦྱོང་བ་སེམས་ཅན་སྨིན་བྱེད་པར།། མཁས་པ་མཐུ་ཆེན་ལུས་ཡོངས་རྫོགས་པ་དང་།། ངེས་པར་སྟོན་ལ་མཁས་པ་དབང་བསྐུར་ཡིན།། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར།། ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང་། ་ལྷག་པའི་ཤེས་རབ་ལ་རྗེས་སྟོབ།། ཤེས་རབ་སྤྱོད་ཡུལ་གཉིས་ཡིན་ཏེ།། ཆོས་ཀྱི་དེ་ཉིད་དང་དེ་ནི།། མི་ཤེས་ཤེས་སོགས་འཇུག་པ་ཉིད།། ཤེས་རབ་སྤྱོད་ཡུལ་དེ་ལྟ་བས།། དེས་གཉིས་ལ་རྣམ་པར་གནས།། བསླབ་པ་རྣམས་དང་སྒོམ། ་པ་ཡི།། འབྲས་བུ་གཞན་ནི་རྣམ་པ་བཞི།། མཚན་མེད་འདུ་བྱེད་དང་བཅོས་པར་གནས་ལ་འབྲས་བུ་དང་པོ་ཡིན།། དེ་ཉིད་མངོན་དུ་བྱེད་མེད་དང་།། ཞིང་ནི་རྣམ་པར་དག་པ་དག། འབྲས་བུ་གཉིས་པར་འདོད་པ་ཡིན།། སེམས་ཅན་སྨིན་པར་འགྲུབ་ཉིད་དང་།། ཏིངངེ་འཛིན་དང ་གཟུངས་རྣམས་ནི།། འགྲུབ་པའི་འབྲས་བུ་དམ་པ་ཡིན།། འབྲས་བུ་རྣམ་པ་འདི་བཞི་ནི།། ས་གཞི་པོ་ལ་ཡང་དག་བརྟེན།། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར།། ཚུལ་ཁྲིམས་ཀྱི་ནི་ཕུང་པོ་སྦྱོང་།། དེ་ཡི་འོག་ཏུ་ཏིང་འཛིན་དང་།། ཤེས་རབ་ཕུང་པོ་རྣམ་པར་སྦྱོང་།། ། ་དེ་ལས་གཞན་པ་དག་ལ་ནི།། སྒྲིབ་རྣམ་བཞི་དང་ཐོགས་པ་ཡིས།། སྒྲིབ་པ་ལས་ཀྱང་རྣམ་གྲོལ་དང་།། གྲོལ་བའི་ཡིས་རྣམ་པར་སྦྱོང་།། ས་རྣམས་ཐམས་ཅད་མ་གྲུབ་དང་།། གྲུབ་པ་དག་ཏུ་ཤེས་པར་བྱ།། གྲུབ་པ་དག་ཀྱང་མ་གྲུབ་དང་།། གྲུབ་པ་དག་ཏུ་ཡང་འདོད། ་དོ། གྲུབ་པ་ཇི་ལྟར་རྣམ་གཞག་བཞིན།། ཡིད་ལ་བྱེད་པས་དེ་རྟོག་པར།། ཤེས་པའི་ཕྱིར་དང་དེ་ཉིད་དང་།། རྣམ་མི་རྟོག་ཕྱིར་རྣམ་ཤེས་བྱ།། ས་རང་རིག་བྱ་ཕྱིར་དང་།། སངས་རྒྱས་རྣམས་ཀྱི་ཡུལ་གྱི་ཕྱིར།། ས་རྣམས་ཀུན་ལ་བསྒོམ་པ་དང་།། གྲུབ་པ་ཡང་ནི་བསམ་མི་ཁྱབ།། ་སྣང་དང་བཅས་དང་མོས་པ་དང་།། མ་ཞུམ་པ་དང་མི་དམན་ཞིང་།། གཞན་དྲིང་མི་འཇོག་བདག་ཉིད་དང་།། ཐམས་ཅད་རབ་ཏུ་རྟོགས་པ་དང་།། ཀུན་ལ་སེམས་ནི་མཉམ་པ་དང་།། བཀྲི་དང་རྗེ་སུ་ཆགས་མེད་དང་།། ཐབས་ཤེས་འཁོར་དུ་སྐྱེ་བ་ནི།། ཀུན་ལ་བརྟགས ་སུ་འདོད་པ་ཡིན།། འདུན་པ་མེད་པ་མ་ཡོན་ཆགས་དང་འཁུ་བའི་སྙིང་མེད་ཁྲོ་མིན་ལེ་ལོ་མེད།། བྱམས་དང་སྙིང་རྗེ་མིན་པའི་བསམ་མེད་བློ་གྲོས་ངན་རྟོག་རྣམ་རྟོག་འཕྲོགས་པ་མེད།། བློ་གྲོས་རྣམ་པར་གཡེངས་མིན་བདེ་བས་མི་འཕྲོག་སྡུག་བསྔལ་དག་གིས ་གནོད་པ་མེད།། དགེ་བའི་བཤེས་གཉེན་ཉེ་བར་བརྟེན་ཞིང་ཐོས་པ་ལྷུར་ལེན་སྟོན་པ་མཆོད་ལ་བརྩོན།། ཐབས་མཆོག་ཤེས་པ་གང་ཞིག་བསོད་ནམས་ཡང་དག་བསྡུས་པ་ཤིན་ཏུ་རྒྱ་ཆེན་ཀུན།། གཞན་དང་མཐུན་མོང་བཅས་ནས་ཉོན་ཅིག་བཞིན་དུ ་རྫོགས་པའི་བྱང་ཆུབ་ཡོངས་བསྔོ་ཞིང་།། བཟང་པོའི་གནས་སྐྱེས་པ་རྟག་ཏུ་དགེ་བྱེད་མངོན་ཤེས་ཡོན་ཏན་རྣམས་ཀྱིས་རྩེན།། སངས་རྒྱས་སྲས་དེ་ཀུན་གྱི་བླ་ན་འདུག་པ་སྔོན་གཏེར་དུ་ཤེས་པར་བྱ།། ས་རྣམས་ཀུན་ལ་རྣམ་ཀུན་ཏུ།། བློ་ལྡན་རྣམ ་ཀྱི་ཕན་ཡོན།། ཞི་གནས་ལྷག་མཐོང་གཉིས་ཀ་ལ།། ལྔ་པོའི་བདག་ཉིད་དག་ཏུ་འོད་དོ།། བྱང་ཆུབ་ལ་ནི་ཉེ་བ་དང་།། སོན་དོན་སྒྲུབ་མཐོང་བ་ལ།། རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ།། དེ་ཕྱིར་རབ་དགའ་ཞེས་བརྗོད་དོ།། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། ་མེད་པའི་ས་ཞེས་བྱ།། ཆོས་ཀྱི་སྣང་བ་ཆེན་པོ་ནི།། བྱེད་པའི་ཕྱིར་ན་འོད་བྱེད་པའོ།། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས།། རབ་ཏུ་སྲེག་བྱེད་འོད་ལྟ་བུ།། དེ་དག་ལྡན་ཕྱིར་ས་དེ་ནི།། གཉིས་པོ་སྲོག་པས་འོད་འཕྲོ་ཅན།། སེཾན་རྣམས་ཡོངས་སྨིན་བྱེད་ཅིང་།། རང ་གི་སེམས་ཀྱང་སྲུང་པོའི་ཕྱིར།། བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ།། དེ་ཕྱིར་སྦྱང་དཀའ་ཞེས་བྱའོ།། ཤེས་རབ་ཕ་རོལ་ཏུ་ཕྱིན་བསྟེན་ནས།། འཁོར་བ་དང་ནི་མྱ་ངན་འདས།། གཉིས་འདིར་མངོན་དུ་གྱུར་པའི་ཕྱིར།། མངོན་དུ་གྱུར་པའི་ས་ཞེས་བཤད།། ། ་བགྲོད་གཅིག་ལམ་དང་འབྲེལ་པའི་ཕྱིར།། རིང་དུ་སོང་བའི་སར་འདོད་དོ།། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར།། མི་གཡོ་བ་ཞེས་ངེས་པར་བརྗོད།། སོ་སོ་ཡང་དག་རིག་བློ་བཟང་།། ས་དེ་ལེ་ཊ་པའི་བློ་གྲོས་ཡིན།། སྤྲིན་བཞིན་གཉིས་ཀྱིས ་ནམ་མཁའི་ཆོས།། ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན།། དགེ་བ་བསྒྲུབ་པ་སྣ་ཚོགས་ལ།། དགའ་བས་བརྟགས་པར་ཐམས་ཅད་དུ།། གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི།། ས་རྣམས་གནས་པ་ཡིན་པར་འདོད།། འབྱུང་པོ་དཔག་མེད་འཛིཌ་མེད་ཕྱིར།། དཔག་ཏུ་མེད་པ ་དེ་དག་ལ།། ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར།། དེ་དག་ཉིད་ནི་སར་འདོད་དོ།། ས་ཐོབ་པ་ནི་མོས་པ་དང་།། སྤྱོད་པ་དག་ལ་འཇུག་པ་དང་།། རྟོགས་པའི་ཕྱིར་ནས་རྣམས་ནི།། གྲུབ་པའི་སྒོ་ནས་རྣམ་པ་བཞི།། ལུས་ཅན་ཐེག་པ་ཆེན་པོ་དང་།། ཐེག་པ ་དམན་ཡ་མོས་པ་རྣམས།། གཉིས་ཀ་འདུན་པར་བྱ་བ་དང་།། གདུལ་བའི་ཕྱིར་ནི་བརྟན་རྣམས་ཀྱི།། སྤྱོད་པོ་བཞི་པོ་མདོ་བཞིན་དུ།། རྗེ་སུ་འབྲངས་ནས་བཤད་པ་ཡིན།། སྤྱོད་པའི་སྐབས་རྫོགསོ།། །། སེམས་ཅན་རྣམས་ལ་བརྩེ་བ་ཅན།། ཕྲད་དང ་བྲལ་བའི་དགོངས་པ་ཅན།། མི་འབྲལ་བ་ཡི་དགོངས་པ་ཅན།། ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ།། ཐུབ་པ་སྒྲིབ་ཀུན་ངེས་ཕྱུར་གྲོལ།། འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན།། ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ།། ཐུགས་གྲོལ་ཁྱོད ་ལ་ཕྱག་འཚལ་ལོ།། སེམས་ཅན་དག་ནི་ཐམས་ཅད་ཀྱི།། ཉོན་མོངས་མ་ལུས་ཐམས་ཅད་གདུལ།། ཉོན་མོངས་འཇོམས་མཛད་འོངས་ལ།། བརྩེར་བཅས་ཁྱོད་ལ་ཕྱག་འཚལོ།། ལྷུན་གྱིས་གྲུབ་ཅིང་ཆ་ཌ་མི་མངའ།། ཐོགས་པ་མི་མངའ་རྟག་པཱ་ནི ་མཉམ་པར་གཞག་ཅིང་འདྲི་ཀུན་གྱི།། ལན་ལྡོན་ཁྱོད་ལ་ཕྱག་འཆེའོ།། རྟེན་དང་བརྟེན་པ་བཤད་བྱ་དང་།། གསུང་དང་མཁྱེན་པ་འཆག་བྱེད་ལ།། བློ་གྲོས་རྟག་ཐོཊ་མི་མངའ་བ།། ལེ་ཌ་སྟོན་ཁྱོད་ལ་ཕྱག་འཚལོ།། གཤེ་ཌ་ནས་སྤྱོད་པ་མཁྱེན་མཛད་དེ།། དེ་དག་སྐད་ཅིག་སེམ་ཅན ་གྱི། འོད་དང་འགྲོ་དང་ངེས་འབྱུང་ལ།། ལེཌ་འདོམས་ཁྱོད་ལ་ཕྱག་འཚ་ལོ།། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན།། སྐྱེས་བུ་དམ་པོ་ལཌ་པར་འཚལ།། མཐོང་བ་ཙམ་གྱིས་རབ་དང་བར།། མཛད་པ་ཁྱོད་ལ་ཕྱག་འཚལ་ལོ།། ལེན་དང་གནས་དང་གཏོང་བ་དང་།། སྤྲུལ ་དང་ཡོངསུ་བསྒྱུར་བ་དང་།། ཏིང་ངེ་འཛིན་དང་ཡེ་ཤེས་ལ།། མངའ་བརྙེས་ཁྱོད་ལ་ཕྱག་འཚལོ།། ཐབས་དང་སྐྱབས་དང་དག་པ་དང་།། ཐེག་ཆེན་ངེས་པར་འབྱུང་བ་ལ།། སེམས་ཅན་རྣམས་ལ་རབ་སླུ་བའི།། བདུད་བཅོམ་ཁྱོད་ལ་ཕྱག་འཚལོ།། རང ་བཞིན་དོན་དུ་ཡེ་ཤེས་དང་།། སྤངས་དང་ངེས་འབྱུང་བགེག་བྱེད་པ།། སྟོན་དང་མུ་སྟེགས་གཞན་དག་གིས།། མི་ཎྜཱི་ཁྱོད་ལ་ཕྱག་འཚལོ།། བསྲུང་མེད་བསྒྱེལ་བ་མི་མངའ་བ།། འཁོར་གྱི་ནང་ན་བག་བརྐྱང་གསུང་།། ཀུན་ནས་ཉིངས་གཉིས་སྤངས་པའི།། འཁོར ་སྡང་ཁྱོད་ལ་ཕྱག་འཚལོ།། ཀུན་ནས་མཁྱེན་ཁྱོད་རྒྱུ་བ་དང་།། གནས་པ་ཀུན་ལ་བརྟག་པར་ནི།། ཀུན་མཁྱེན་མིན་སྤྱོད་མི་མངའ་སྟེ།། ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ།། སེན་ཀུན་གྱི་བྱ་བ་ལ།། ཁྱེད་ནི་དུས་ལས་མི་འདའ་བས།། མཛད་པ་རྟག་ཏུ་དོན་མངའ ་ཐི་མོ་བསྙེལ་ཁྱོད་ལ་ཕྱག་འཚོ་གོ།། འཇོག་རྟེན་ཀུན་ལ་ཉིན་མཚན་དུ། ལན་དྲུག་ཏུ་ནི་མོ་སོར་གཟིའོ།། ཐུགས་རྗེ་ཆེན་པོ་དག་དང་ལྡན།། ཕན་དགོངས་ཁྱོད་ལ་ཕྱག་འཚལོ།། སྤྱོད་པོ་དང་ནི་རྟོགས་པ་དང་། ཡིས་དང་ནི་ཕྲིན་ལས་ཀྱིས།། ཉན་ཐོས་རང་སངས ་རྒྱས་ཀུན་གྱི།། བླ་མ་ཁྱོད་ལ་ཕྱག་འཚལོ།། སྐུ་གསུམ་དག་གིས་བྱང་ཆུབ་ཆེ།། རྣམ་པ་ཀུན་བསྙེས་ཐམས་ཅད་དུ།། སེམས་ཅན་ཀུན་གྱི་ཐེ་ཚོམ་དག། གཅོད་པ་ཁྱོད་ལ་ཕྱག་འཚ་ལོ།། འཛིན་པ་མེད་ཅིང་ཉེས་པ་མེད།། རྙོག་པ་མེད་ཅིང་མི་གནས་པ།། མི་གཡོ། ་ཆོས་རྣམས་ཐམས་ཅད་ལ།། སྤྲོས་མེད་ཁྱོད་ལ་ཕྱག་འཚལོ།། དམ་པའི་དོན་ནི་གྲུབ་པ་སྟེ།། ས་ཀུན་ལས་ནི་ངེས་པར་འབྱུང་།། སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར།། སེམས་ཅན་ཐམས་ཅད་རྣམ་གྲོལ་མཛད།། སྟོན་མི་ཟད་མཉམ་མེད་ལྡན།། འཇིག་རྟེན་དག་དང་། ་དཀྱིལ་འཁོར་ནའང་།། སྣང་ལ་ལྷ་དང་མི་རྣམས་ཀྱིས།། རྣམ་པ་ཀུན་ཏུ་མི་མཐོང་ངོ་།། དེ་ལྟ་ན་ཡང་དེ་ཡི་མཐུས།། གདུལ་བྱའི་སྐལ་བ་ཇི་བཞིན་དུ།། སྲིད་པ་ཇི་སྲིད་གནས་ཀྱི་བར།། དེ་ཡི་མཛད་པ་རྒྱུན་མི་འཆང་།། ཐེག་ཆེན་གསུང་རབ་གསལ་བར་བྱེད་པའི་རྒྱན།། རྒྱལ ་སྲས་རྣམས་ཀྱི་འཇུག་ངོགས་ཆུ་གཏེར་ཆེ།། ཟབ་ཅིང་རྒྱ་ཆེ་གསལ་བྱེད་ཉི་མའི་འོད་།། སྐལ་ལྡན་བློ་ཡི་པདྨོ་རྒྱས་བྱེད་ཡིན།། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཅེས་བྱ་བ་ལས་མཐར་ཐུག་གི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། ་སྡོམ་ནི་ཐབས་ལྡན་ཕ་རོལ་ཕྱིན་པ་དང་།། ཚད་མེད་བྱང་ཆུབ་ཕྱོགས་མཐུན་དང་།། ཡོན་ཏན་སྤྱད་དང་མཐར་ཐུག་པ།། ས་དང་འབྲས་བུ་ཉིད་ཡིནོ།། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་ཚིགས་ལེའུར་བྱས་པ། རྗེ་བཙུན་བྱམས་པ་མགོན་པོས་མཛད་པ་རྫོག་སོ།། ་རྒྱ་གར་གྱི་མཁན་པོ་ཤཱཀྱ་སིང་ཧ་ད་། རྦད་ཀྱི་ལ་ཙཱ་བ་དཔལ་བརྩེ་གོས་སོགས་ཀྱིས་བསྒྱུར་ཅིང་ཞུས་སྟེ་གཏན་ལ་ཕབ་པའོ།། ་