CLOSE WINDOW

GT3523: 'phags pa lang ka ra gshegs pa zhes bya ba theg pa chen po'i mdo'i 'grel pa de bzhin gshegs pa'i snying po'i rgyan
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་ལདྦྷ་པ་ཏཱ་ར་ནཱ་མ་མ་ཧཱ་ཡཱ ་ན་སཱུ་ཏྲ་བྲྀཏྟི་ཏ་ཐཱ་ག་ཏ་ཧྲྀ་ད་ཡཱ་ལངྐཱ་ར་ནཱ་མ། བོད་སྐད་དུ ་འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པ ་སྙིང་པོའི་རྒྱན་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། གང་ཞིག་ཀུན་གཞི ་རྒྱ་མཚོ་དང་ནི་དབའ་རླབས་རྣམ་ཤེས་སྣ་ཚོགོས་སྣང་བ་གང་།། ཡོངས་གྱུར་སོ་སོ་རིང་རིག་ཡེ་ཤེས་སྤྲིན་མེད་མཁའ་ལྟར ་སྤྲོས་བྲལ་དི་དལ་མེད་ཀྱང་།། ཐུགས་རྗེས་འགྲོ་རྣམས་བདག་ཏུ་ལྟ་བའི་བག་འཇོམས་གནམ་ལྕགས་སྒྲ་དང་སྣང་བར་ལྡན།། སྡུག་བསྔལ་ཆུ་བོའི་གྲུ་གཟིངས་དགོས་འདོད་འབྱུང ་བའི་གཏེར་ཚེནི་སངས་རྒྱས་ཆོས་ཚེགས་དང་།། གང་གི་གསུང་གི་འོད་ཀྱིས་བདག་སོགས་བློ་ཡི་པདྨ་ཁེ་འབྱེད་ཅིང་།། སེར་སྐྱ་ལ་སོགས་ལོག་ལྟའི་ཆང་ཚིང་མ་ལུས་བསྲེག་ཅིང ་སྐྲག་མཛད་པ།། དཀོན་མཆོག་གསུམ་གྱི་རྩ་བ་བླ་མའི་ཞབས་ཀྱི་པདྨོ་ལ་བཏུད་དེ།། མཐའ་གཉིས་རྣམ་སྤངས་རྣམ་རིག་དབུ་མའི་ཚུལ་ལུགས་མདོ་དོན་གསལ་བར་བྱ།། དགོད ་དང་ལྡེམ་པོར་དགེངས་པ་དང་།། དང་བ་དང་ནི་ངེས་པའི་དོན།། མགོན་པོས་མདོ་ཡི་ཚུལ་བསྟན་པ།། རྣམ་འབྱེད་འདི་ནི་ངེས་བཱི་དོན།། དེ་ལ་བཅྡོཾས་ཀྱི་མདོ་སྡེ་རིན་པོ་ཆེ་འཆད་པར་བྱེད ་པ་རྣམས་ཀྱིས་རེ་ཞིག་དང་པོར་མངའ་དགོས་པ་བརྗོད་པར་བྱ་སྟེ། ཇི་སྐད་དུ་། མདོ་དོན་ཆེ་བ་ཉིད་ཐོས་ན། ལེན་པ་དང་ནི་འཛིན་པ་ལ།། ཉན་པ་པོ་ནི་འཇུག་འགྱུར་བས།། དེ་ཕྱིར་དགོས་པ་བརྗོད་པར་བྱ། ཞེས་སྔོན་གྱི་སློབ་དཔོན ་དག་གིས་བཤད་པའི་ཕྱིར་རོ།། དེ་ཡང་འདིར་རྣམ་པ་བཞིའི་སྒོ་ནས་ཤེས་པར་བྱ་སྟེ། བརྗོད་པར་བྱ་བ་དང་། དགོས་པ་དང་། འབྲེལ་པ་དང་། དགོས་པའི་དགོས་པའོ།། དེ་ལ་འདིར་དགོས་འགྲེལ་དེ་རྣམས་དང་ལྡན་པའི་བརྗོད་བྱེད་མདོ་སྡེའི་ངོ་བོ་གང ་ཞེ་ན། མདོ་སྡེ་འདིར་གཏོགས་པའི་མིང་ཚིག་ཡི་གེའི་ཚོགས་དུ་མར་འབྲེལ་བར་ཡིད་ཀྱི་རྣམ་པར་ཤེས་པའམ། དེ་གནས་གྱུར་པ་ཡེ་ཤེས་ཀྱི་ཁྱད་པར་འགའ་ཞིག་ལ་སྣང་བ་ལ་བརྟན་ནས་བརྗོད་བྱའི་དོན་ངེས་པ་འདྲེན་པར་ནུས་པ་ནི་རྗོད་པར ་བྱེད་པའི་མདོ་སྡེའི་ཁྱད་པར་འདི་ཉིད་དོ།། གཞན་ཡང་སྒྲ་དང་ཡི་གེའི་རང་གི་མཚན་ཉིད་དུ་མ་འབྲེལ་བར་མིག་དང་རྣ་བའི་རྣམ་པར་ཤེས་པ་ལ་སྣང་བ་རྣམ་ཤེས་ཀྱི་ངོ་བོར་གྱུར་པ་ལ་བརྟེན་ནས་སྒྲོ་དང་ཡི་གེའི་སྤྱིའི་རྣམ་པར་སྣང་བ་འབྱུང་ཞིང་། ་དེ་ལས་བརྒྱུད་ནས་དོན་ངེས་པ་འདྲེན་པར་ནུས་པས། ཉེ་བར་བཏགས་ནས་རྗོད་བྱེད་ཉིད་དུ་ཉེ་བར་བཞག་སྟེ། བརྒྱུད་ནས་བརྗོད་བྱ་རྟོགས་པའི་ཡན་ལག་ཡིན་པའི་ཕྱིར་རོ།། དངོསུ་བརྗོད་པར་བྱེད་པ་ནི་མ་ཡིན་ཏེ། སྒྲ་རྣམས་ཀྱིས་ནི་བརྡར ་བཏགས་སྟོན།། ད་ནི་ཐ་སྙད་ཆེད་དུ་བྱས།། དེ་ཚེ་རང་གི་མཚན་ཉིད་མེད།། དེས་ན་དེ་ལ་བརྡར་མ་ཡིན།། ཞེས་འབྱུང་བས་སྒྲ་དང་དོན་གྱི་རང་གི་མཚན་ཉིད་ནི་བརྗོད་བྱ་རྗོད་བྱེད་དུ་མི་འཐད་དེ། འདིའོ་དོན་ནི་འོག་ནས་ཞིབ་ཏུ་བསྟན་པར་བྱའོ།། གང་དག ་མིང་དང་ཚིག་ལ་སོགས་པ་ལྡན་པ་མ་ཡིན་པའི་འདུ་བྱེད་སེམས་ལས་ཐ་དད་པ་ཉིད་དུ་འདོད་པ་ནི་གྲུབ་པའི་མཐའ་ངན་པས་བརྟགས་པ་སྟེ། འོག་ནས་འགགས་པར་འགྱུར་རོ།། དེ་བཞིན་དུ་ཕྱི་རོལ་གྱི་ངོ་བོ་འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་ཕུང་པོའི་ཁྱད ་བར་དུ་འདོད་པ་དང་། རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམ་པ་བརྫུན་པར་འདོད་པ་གང་དག་འདི་དངོས་པོ་མེད་པ་ཉིད་དུ་སྨྲ་བ་ཡང་མི་འཐད་དེ། འོག་ནས་བསྟན་པར་བྱའོ།། དེ་ལྟ་བུའི་ངོ་བོར་གྱུར་པའི་མདོ་སྡེ་འདིའི་བརྗོད་པར་བྱ་བ་ནི་རིག་པ་དང་སྟོང་པ ་ཟུང་དུ་འཇུག་པ་མཐའ་གཉིས་རྣམ་པར་སྤངས་པ་རྣམ་པར་རིག་པ་ཙམ་གྱི་དབུ་མ་སྟེ། དེའི་དོན་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་སེམས་ཀྱི་རྣམ་པར་འཕྲུལ་ཡིན་པས་སེམས་ལས་དད་པ་མེད་ཅིང་སེམས ་ཉིད་ཡིན་ལ། དེ་ཡང་ཀུན་རྫོབ་དུ་མྱོང་རིག་ཙམ་གྱི་རང་བཞིན་ཡིན་ཞིང་། དོན་དམ་པར་སྟོང་པ་ཉིད་དེ། དེ་དག་ཀྱང་ཕན་ཚུན་དུ་རྒྱས་བཏབ་པ་ཟུང་དུ་འཇུག་པའི་ངོ་བོ་སྟེ། ཞིབ་ཏུ་ནི་འོག་ནས་བསྟན་པར་བྱའོ།། དེ་ལ་རེ་ཞིག་རྗོད་བྱེད་ཀྱི་སྟོབས ་ཀྱིས་བྱུང་བའི་ཤེས་པ་ལ་རྗོད་བྱེད་དང་འདྲེས་པར་སྤྱིའི་རྣམ་པའི་ཚུལ་དུ་སྣང་བ་ནི་དངོསུ་བརྗོད་པར་བྱ་བ་ཡིན་ལ། དེ་ལ་བརྟེན་ནས་རྟོགས་པར་བྱ་བའི་དོན་གྱིས་རང་གི་མཚན་ཉིད་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་འཕགས་པ་རྣམས་ཀྱིས ་སོ་སོ་རང་གིས་རིག་པར་བྱ་བ་ནི་ཞེན་པའི་བརྗོད་བྱའོ།། བརྗོད་པར་བྱ་བ་དེ་དག་སྤྱིའི་རྣམ་པའི་ཚུལ་དུ་རྟོགས་པའམ། ཇི་ལྟ་བ་བཞིན་དུ་ཉམསུ་མྱོང་བ་ནི་དགོས་པའོ།། དགོས་པ་དེ་ཉིད་རྗོད་བྱེད་མདོ་སྡེ་ལ་རག་ལས་པ་ནི་འབྲེལ་པ་ཞེས་བྱའོ།། དེ ་ལྷར་རྟོགས་ཤིང་ཉམས་མྱོང་བའི་དོན་ཡང་ནས་ཡང་དུ་གོམས་པ་ལ་བརྟེན་ནས། གོམས་པ་རབ་ཀྱི་མཐར་ཕྱིན་པ་དྲི་མ་ཐམས་ཅད་བག་ཆགས་དང་བཅས་ཏེ་སྤངས་པ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་དབྱེར་མེད་པ ་ཡོན་ཏན་ཐམས་ཅད་ཀྱི་གཏར་དུ་གྱུར་པ། ཆོས་ཀྱི་སྐུའི་ངོ་བོ་ནི་དགོས་པའོ།། གལ་ཏེ་དེ་ལྟ་ན་མདོའི་དགོས་པ་སྟོན་པར་ཁས་བླངས་པའི་སྐབསུ་འབྲེལ་པ་ལ་སོགས་པ་གཞན་དག་སྟོན་པ་ནི་མ་འབྲེལ་པ་བརྗོད་པ་ཉིད་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ་དགོས་པའི་དགོས་པ་ནི་མཐར་ཐུགས་པའི་དགོས་པ་ཡིན་པས་བརྗོད་བྱ་རྟོགས་པའི་དགོས་པ་དེ་ཉིད་དོན་དུ་གཉེར་བའི་སྐྱེས་བུ་ལ་ཉེ་བར་མཁོ་བ་འདོད་བྱ་ཉིད་དུ་སྟོན་པའི་ཡན་ལག་ཡིན་ལ། འབྲེལ་པ་བསྟན་པ་ནི་དགོས་པ་དེ་ཉིད་མདོ་སྡེ་ལ ་རག་ལས་ཤིང་ལྡན་པར་བསྟན་པའོ།། བརྗོད་བྱའི་ཁྱད་པར་བསྟན་པ་ཡང་ཁྱད་པར་འདི་ལྟ་བུ་རྟོགས་པའི་དགོས་པ་དང་ལྡན་ནོ་ཞེས་དགོས་པའི་ཁྱད་པར་ངོས་གཟུང་བའི་དོན་དུ་སྟེ། དེ་ལྟར་ན་ཐམས་ཅད་དགོས་པ་སྟོན་པའི་ཡན་ལག་ཏུ་འགྱུར་བའི ་ཕྱིར་མ་འབྲེལ་བར་བརྗོད་པའི་གོ་སྐབས་ག་ལ་ཡོད་ཅེས་པའོ།། གལ་ཏེ་དེ་ལྟོ་ན་དགོས་པ་དེ་འདྲ་བ་ནི་བཅོམ་ལྡན་འདས་ཀྱི་མདོ་སྡེའི་ཕྱོགས་གཞན་གྱིས་བསྒྲུབས་པས། མདོ་སྡེ་འདི་ཉིད་ཉེ་བར་བཀོད་ལ་དགོས་པ་མེད་དོ་ཞེ་ན། མ་ཡིན་ཏེ། གདུལ ་ཁྱད་པར་འགའ་ཞིག་གིས་བརྗོད་པར་བྱ་བའི་ཁྱད་པར་དེ་འདྲ་བ་ད་དུང་རྟོགས་པར་མ་གྱུར་པ་དང་། གཞན་ཡང་རྣམ་པར་རིག་པ་ཙམ་གྱི་དབུ་མའི་ཚུལ་འདི་ཉིད་རིག་པའི་ལམ་གྱི་རྗེསུ་འབྲེངས་ཏེ་རྟོགས་པ་ནི་འདིའི་ཁྱད་པར་གྱི་དགོས་པ་སྟེ། གཞན ་དག་ལས་འདི་འདྲའི་རིག་པའི་ཚུལ་ལུགས་གསལ་བར་བསྟན་པ་མེད་པའི་ཕྱིར་རོ།། དེ་ལྟར་ན་འདི་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པའི་དོན་ནི་དེ་ལས་རྟོགས་པ་དང་ལྡན་པ་དོན་དུ་འགྱུར་བའི་ཐེ་ཚོམ་སྐྱེ་ཞིང་། དེ་ལས་མདོ་སྡེ་ལ་འཇུག་པར་འགྱུར་བ་དང་། ་ཡང་གཞན་དག་མདོ་སྡེ་འདི་ནི་ཉེ་བར་དགོས་པར་བྱ་བ་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་ཞེས་སྐབས་འགོག་པར་བྱེད་པའི་ལོག་པར་རྟོག་པ་སེལ་བྱེད་པ་ཡིན་ནོ།། འདི་དག་གི་སྤྲོས་པ་ཞིབ་དུ་ནི་རྟོག་གེའི་བསྟན་བཅོས་སམ། མདོའི་འགྲེལ་པ ་མཛད་པ་གཞན་དག་གིས་གསུངས་པ་དེ་དག་ལས་ཤེས་པར་བྱ་སྟེ། འདིར་ནི་གཞུང་མངས་ཀྱིས་དོགས་པས་མི་སྤྲོའོ།། །། དེ་ལྟར་དགོས་པ་དང་ལྡན་པའི་མདོ་སྡེ་རིན་པོ་ཆེ་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཉམས་ཤིང་ཆུང་མི་ཟ་བར་བྱ་བའི་ཕྱིར་དང་། ་དེ་ཉིད་ཀྱིས་ཕྱིས་ཀྱི་གདུལ་བྱ་རྣམས་ལ་ཕན་པར་འགྱུར་བའི་དོན་དུ་སྡུད་པ་པོའི་སྟོན་པ་རྣམས་ཀྱིས་དམ་པའི་ཆོས་ཉེ་བར་སྡུད་པ་ན། ཐོག་མར་འདི་སྐད་བདག་གིས་ཐོས་ཞེས་པ་ལ་སོགས་པའི་གླེང་བཞི་ཉེ་བར་འགོད་པ་ནི་སྟོན་པ་ཉིད་ཀྱི་བཀའ་ལ་བརྟེན ་ནས་སོ།། དེ་ལོ་འདིར་སྡུད་པ་པོའི་སྟོན་པ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི་གསང་བ་བས་ཀྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་སྔོན་སོ་སོར་སྐྱེ་བོར་གྱུར་པའི་གནས་སྐབས་སུ་བསྐལ་པ་བཟང་པོའི་སངས ་རྒྱས་སྟོང་མངོན་པར་རྟོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་ན། ང་ནེ་ལག་ན་རྡོ་རྗེ་ཐོགས་ནས་སངས་རྒྱས་དེ་རྣམས་ཐམས་ཅད་ཀྱི་སྐུ་དང་དམ་པའི་ཆོས་བསྲུང་བར་འགྱུར་བར་སྨོན་ལམ་བཏབ་པས། དེ་ཉིད་ད་ལྟར་གསང་བའི ་བདག་པོ་ཉིད་དུ་གྱུར་ཏེ། དེ་རྣམས་ཀྱི་སྐུ་དང་ཆོས་བསྲུང་བས་ཆོས་མི་ཉམས་པར་བྱ་བའི་དོན་དུ་དེས་ཉེ་བར་བསྡུས་སོ་ཞེས་པ་དང་། གཞན་ཡང་རིག་པ་འཛིན་པའི་སྡེ་སྣོད་ཕྱག་ན་རྡོ་རྗེ་དང་བསྐུར་བའི་རྒྱུད་ལས་ཀྱང་སྔར་བྱང་ཆུབ ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྲགས་པ་ལ། སངས་རྒྱས་ཐམས་ཅད་ཀྱིས་ཐུགས་རྒྱུད་མཐུན་པོར་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་བྱིན་གྱིས་བརླབས་ཏེ། དེའི་ལག་ཏུ་གཏད་པས་གཟུངས་དང་སྤོབས་པ་ཁྱད་པར་ཅན་སྐྱེས་ཏེ། སྔར་གྱི་གནས་སྐབས་ལས ་སྣང་བ་གཞན་དུ་གྱུར་ནས་མི་རྣམས་ལ་གསང་བ་པའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བར་སྣང་ཞིང་གྲགས་ཞེས་པ་ལ་སོགས་པ་སྟེ། དེས་རིག་པ་འཛིན་པའི་སྡེ་སྣོད་མང་དུ་བཤད་ཅིང་བསྡུས་ལ། དེ་ལས་གཞན་པ་མདོ་སྡེའི་སྡེ་སྣོད་ཀྱང་བསྡུས་པས། ་འདིར་སྡུད་པ་པོའི་སྟོན་པ་ནི་དེ་ཉིད་ཡིན་ནོ་ཞེས་སྔོན་གྱི་སློབ་དཔོན་དག་འཆད་དོ།། ཡང་རྣམ་པ་གཅིག་ཏུ་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བའི་ཚུལ་སྦྱིན་པ་ན། དེའི་ཞུ་འབྲིང་བ་འཇིག་རྟེན་གྱི་ཐ་སྙད་དུ་ཡབ་མཆེད་པོ་ཞེས་ཀྱང་བྱུགས་ཏེ། ་དང་ལྡན་པ་ཀུན་དགའ་བོ་མང་དུ་ཐོས་པ་དང་ལྡན་པ་མྱ་ངན་གྱི་ཟུག་རྔུས་ནོན་པར་གྱུར་ཏོ།། དེ་ལ་དེ་བཞིན་གཤེགས་པས་ཁྱོད་མྱ་ངན་མ་བྱེད་པར་མ་འོངས་པའི་དུས་ན་དྲམ་པའི་ཆོས་བསྡུ་བ་ཁྱོད་ལ་འབབ་པར་འགྱུར་བས། ངའི་མདོ་སྡེ་རྣམས ་རྗུད་པའི་ཐོག་མར་འདི་སྐད་བདག་གིས་ཐོས་པ་ཞེས་པོ་ལ་སོགས་པ་དང་། ཐ་མར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅེས་པ་ལ་སོགས་པའི་ཚིག་ཆུག་ལ་སྡུས་ཤིག་ཙོས་བཅོམ་ལྡན་འདས་ཀྱིས་ཆོས་བསྡུ་བའི་མན ་དྲག་གནང་བ་དང་མང་དུ་ཐོས་པ་ཡང་ཡིན་པའི་ཕྱིར། དེ་ཉིད་དུས་ཕྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་པ་ན། འོད་སྲུངས་ཆེན་པོ་ལ་སོགས་པས།། ཆོས་ཀྱི་འཁོར་ལོ་སྐོར་བའི་མདོ།། བཅོམ་ལྡན་འདས་ཀྱིས་གང་གསུངས།། ཤེས་རབ་ཆེན་པོ་ཁྱོད ་ཀྱིས་སྤྲོས།། བདེ་གཤེགས་སྲས་པོ་ཁྱོད་སྤྲོས་ཤིག། ཅེས་གསོལ་བ་བཏབ་པའི་རྗེས་ལ་དེས་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་ཆོས་བསྡུ་བ་མཛད་དོ་ཞེས་གསུང་རབ་ཀྱི་ཕྱོགས་འགའ་ཞིག་ལ་གསུངས་པ་དང་། གཞན་ཡང་འཕགས ་པ་བརྒྱད་སྟོང་པའི་ཡོངས་སུ་གཏང་བའི་ལེའུ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཛམྦུའི་གླིང་ན་སྤྱོད་པར་འགྱུར་བ་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་ཀུན་དགའ་བོ་ཁྱོད་ལ་ཡོངསུ་གཏང་ཞེས་གསུངས་པས། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་དང་། དེ་དང་ཆ་འཐུན་པའི་ཐེག་པ་ཆེན་པོའི་གསུང་རབ་རྣམས་འཕགས་པ་ཀུན་དགའ་བོས་བསྡུས་སོ་ཞེས་ཀྱང་འཆད་དོ།། ཡང་རིག་པ་འཛིན་པའི་སྡེ་སྣོད་འགའ་ཞིག་ལས།། འཆད་པ་པོ་ང་ཆོས་ཀྱང་པ།། རང་གི་ཚོགས་ལྡན་ཉན་པ ་ངོངོ།། འཇིག་རྟེན་སྟོན་པ་བསྒྲུབ་བྱ་པ།། ཞེས་པ་ལ་སོགས་པ་གསུངས་པ་དང་། གཞན་ཡང་ཨེ་བཾ་མཱ་ཡའི་ཡི་གེ་བཞི།། ཆོས་ཀྱི་ཐོག་སོགས་བསྟན་པ་ནི།། སངས་རྒྱས་དག་པའི་དངོས་གྲུབ་བསྐྱེད།། ཕྱག་ན་རྡོ་རྗེ་བརྗོད་མེད་པ།། འདི་ནི་ང་ཡིས་བསྟན། ་པ་ཡིན།། ཞེས་གསུངས་པས་སྡུད་པ་པོ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ཞེས་ཀྱང་འབྱུང་སྟེ། གལ་ཏེ་དེ་ལྟ་ན་འདི་དག་ཕན་ཚུན་འགལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཀུན་དགའ་བོ་ནི་དཔལ་ཕྱག་ན་རྡོ་རྗེའོ་ཞེས་སློབ་དཔོན་ཟླ་བ་གྲགས་པས ་མི་དམིགས་ནས་སྟོང་པར་འགྱུར་བ་དེའི་ཚེ། འཛིན་པ་དང་། གཟུང་བ་དང་། སྨྲ་བ་དང་། སྨྲ་བར་བྱ་བ་དང་། བྱ་བ་དང་། བྱེད་པ་པོ་དང་། བསྐྱེད་པ་དང་། བསྐྱེད་པ་པོ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པ་ལ་སོགས་པ་གཉིས་སུ་རྣམ་པར་རྟོག ་པ་མེད་པསྔ་ན་མི་གཉིས་པར་ཁོང་དུ་ཆུད་ཅིང་རྟོགས་པ་རྣམས་སོ།། གཟུང་བ་མེད་པ་ཉིད་ཀྱིས་འཛིན་པ་མེད་པར་འཇུག་སྟེ། ཇི་ལྟར་བྱམས་པའི་དགོངས་པ་འབྱེད་པའི་ལུགས་ལས་འབྱུང་བ། བདག་དང་སེམས་ཅན་དོན་རྣམས་ཤེས།། རྣམ་རིག་སྣང་བ་རབ ་སྐྱེ་བ། དེ་ཡི་དོན་ནི་མེད་པ་སྟེ།། དེ་མེད་པས་ན་དེ་ཡང་མེད།། བྱེད་པ་པོ་དང་བྱ་བ་དང་འབྲེལ་པ་མེད་དོ།། གང་གི་ཚེ་ན་སྐད་ཅིག་པ་གཅིག་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་པ་མེད་པ་སྟེ། དངོས་པོ་དང་། དངོས་པོ་མ་ཡིན་པ་དག་ཀྱང་འབྲེལ་པ་མེད་པས་ན་དུ་མི་སྐྱེས་པར་ཕན ་གདགས་པ་བཞིན་ནོ།། བློ་གྲོས་ཆེན་པོ་རིམས་སུ་འབྱུང་བ་མི་འཐད་པ་དང་། ཅིག་ཅར་འབྱུང་བ་ཡང་མི་འཐད་དོ།། རྒྱུས་མཚན་ཉིད་མ་ཐོབ་པས་ན་ཕ་ན་འདོགས་པ་དང་། ཕན་གདགས་པ་མེད་དེ། གཉི་གས་ཀྱང་བདག་འབྱུང་བ་ཐོབ་པའི་ཕྱིར་རོ།། དེ་ནས་སྐྱེད་པར་བྱེད་པས ་སྐྱེ་བར་བྱ་བའི་སྐྱེད་པ་ལ་སོགས་པ་ཆོས་གཞན་མི་བྱེད་དོ།། ཇི་ལྟར་དབུ་མ་ལས་འབྱུང་བ། དེ་སྟེ་སྐྱེ་བ་འདུས་བྱས་ན།། མཚན་ཉིད་གསུམ་ཡང་དེར་རིག་སཱ་ཏི་ཞེས་པའོ།། སྐྱེ་བ་དང་། གནས་པ་དང་། འགྲོག་པ་མཚན་ཉིད་གསུམ་མོ།། འོན་ཏེ་སྐྱེ་བ་འདུས་མ་བྱས།། ་འདུས་བྱོས་མཚོན་ཉིད་ཇི་ལྟར་རུང་།། སྐྱེ་བ་སྐྱེ་བོ་ངོ་ལྟ་བ།། བདག་ཉིད་གཞན་གྱིས་མ་ཡིན་ཏོ།། འགག་པ་ལ་ཡང་འགག་པ་ནི།། བདག་ཉིད་གཞན་གྱིས་མ་ཡིན་ནོ།། དེས་ན་སྐྱེ་བ་པོ་ལ་སོགས་པའི་ཆོས་གུད་ན་མེད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་མི ་ཐུལ་བུམ་དག་དང་མིའི་སྐད་རྣམས་དང་།། འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར།། ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ།། ཞེས་གསུངས་པས་དེའི་ཡེ་ཤེས་ཀྱི་བདག་པོའི་རྒྱུ་ལས་བྱུང་བ་འདུལ་བྱ་རྣམས་ཇི་ལྟར་མོས་པའི་གསུང་དུ་སྣང་བ། རང་རང་གི་སེམས ་ཀྱི་ངོ་བོར་གྱུར་པ་ཡིན་གྱི། ཕྱི་རོལ་གྱི་སྒྲའི་ངོ་བོར་གྱུར་པ་ནི་མ་ཡིན་ཏེ། གཅིག་ལ་འགལ་བ་མི་འཐད་པའི་ཕྱིར་ཞེས་པའོ།། དེས་ན་གདུལ་བྱའི་བསམ་པ་དང་མཐུན་པར་སྐུ་དང་གསུང་ལ་སོགས་པའི་སྣང་བ་འཕྲུལ་པར་བྱེད་པ་ན་འགའ་ཞིག་ཏུ་ནི་ཨེ་བཾ་མཱ ་ཡང་ཞེས་པ་ལ་སོགས་པ་ལྷ་རྣམས་ཀྱི་སྐད་དུ་བསྟན་ལ། ཡང་གང་གི་ཚེ་ཆུ་བོ་སཱི་ཏའི་བྱང་ངོས་ཙམྦ་ཀའི་ཡུལ་དུ་གྲོང་ཁྱེར་བྱེ་བའི་སྐད་ཀྱིས་ཆོས་བ་པ་ན། ཨ་ཀར་ཥུ་ཁུལྱཱ་ཀ། ག་གན་ཀུ་ཞེས་པ་ལ་སོགས་པས་བསྡུས་ཤིང་ཆོས་བསྟན་ཏོ།། དེ་བཞིན ་དུ་ཉུག་མའི་བྱང་ངོས་སུ་ར་མའི་ཡུལ་དུ་གྲོང་ཁྱེར་བྱེ་བ་སྐད་ཀྱིས་ཆོས་བསྟན་པ་འདི་ལྟ་སྟེ། ཨ་ཀ་མ་པ་སདྡྷ་པ་ལ་དོ་ཞེས་པ་ལ་སོགས་པ་བསྟན་ཏོ།། མདོ་སྡེ་འདི་ཉིད་དུ་ཡང་ཆོས་སྟོན་པའི་རྗོད་པར་བྱེད་པ་ནི་གཅིག་ཏུ་ངེས་པ་མེད་དེ། འཇིག་རྟེན་གྱི ་ཁམས་ལ་ལར་སྨིན་མ་བསྐུལ་བས་ཆོས་སྟོན་པ་དང་། ལ་ལར་མིག་རིག་རིག་བྱས་པས་ཆོས་སྟོན་ཏོ་ཞེས་པ་ལ་སོགས་པས་གསུངས་པའི་ཕྱིར་རོ།། ཆོས་གང་དག་པར་སྡུད་པའི་མདོ་ལས། དགེ་སློང་དག་འདི་སྐད་བདག་གིས་ཐོས་པ་ཞེས་གྱིས ་ལ་དམ་པའི་བར་བྱའོ་ཞེས་གསུངས་པ་ནི་འགའ་ཙམ་ལ་དགོངས་པ་ཡིན་པར་འགལ་བ་མེད་དོ།། དེ་ལྟ་ན་གཞན་དག་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་སྡུད་པ་པོ་གཞན་གྱི་ཚིག་ཡིན་པས་བཀའ་མ་ཡིན་པས་དེ་བཞིན ་གཤེགས་པའི་བཀའ་བསླང་པར་འགྱུར་རོ་སྙམ་པའི་དགོས་པ་རྒྱང་རིང་དུ་སྦྱངས་པར་འགྱུར་རོ།། སྔ་མ་ལྟར་ཚུལ་ལུགས་འདི་ལྟར་དམ་པའི་ཆོས་སྡུས་ཤིག་ཅེས་དེ་བཞིན་གཤེགས་པ་ཉིད་ཀྱིས་གནང་བས། དེ་འདྲའི ་ཉེས་པ་མེད་དོ་ཞེས་ཀྱང་སློབ་དཔོན་རྣམས་ཀྱིས་བཤད་དོ།། གལ་ཏེ་དེ་བཞིན་གཤེགས་པ་ཉིད་ཀྱིས་བསྡུས་ན་འདི་སྐད་བདག་གིས་བཤད་པ་ཞེས་པ་ལ་སོགས་པར་རིགས་ཀྱིས། བདག་གིས་ཐོས་པ་ཞེས་པའི་ཚིག་མི་འཐད་དོ་ཞེས་ན། སྐྱོན ་མེད་པ་སྔ་མ་ལྟར་གདུལ་བྱའི་དོན་དུ་ཉིད་ལས་ཐ་དད་པའི་སྐུ་རུ་སྣང་བ་ན་ཚིག་དེ་ཉིད་རིགས་པར་འགྱུར་གྱི་བདག་གིས་བཤད་པ་ཞེས་པ་ནི་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པས་བསྟན་པ་ལ་གཞན་རྣམས་ཡིད་ཆེས་པར ་མི་འགྱུར་བའི་ཕྱིར་རོ།། གལ་ཏེ་དེ་ལྟ་ན་གཞན་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་སྟོན་པ་ན། ཚེ་དང་ལྡན་པ་དགོའ་བོ་མྱ་ངན་གྱི་ཐིབས་ཀྱིས་ནོན་པར་གྱུར་པའི་ཚེ། ཚེ་དང་ལྡན་པ་མ ་འགགས་པས་དགའ་བོ་ལ་སྤྲོ་བ་སྐྱེད་དེ། མྱ་ངན་ལས་འདས་ནས་འདི་སྐད་ཅེས་སྨྲས་སོ།། ཁྱོད་དེ་ལྟར་མྱ་ངན་མ་བྱེད་ཅིག། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་དུས་ལ་བབ་སྟེ། དེང་བཞུགས་ཀྱང་སང་མི་བཞུགས་སོ།། ཁྱོད་ཀྱིས་ངས་སྨྲས་པ་དེ ་བཞིན་དུ་ཞུ་བ་རྣམ་པ་འདི་བཞི་ཞུས་ཤིག་ཙོས་པ་ལ་སོགས་པ་གསུངས་ལ། ཞུ་བོ་བཞིའི་ཐ་མ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཆོས་ཀྱི་སྡེ་སྣོད་བསྡུ་བ་ན་མདོ་སྡེ་ཐམས་ཅད་ཀྱི་མགོ་ནན་ལ་ཇི་སྐད་བྱ་བའི་ཚིག་གཞུག་ཅེས་ཞུས་པའི ་ལན་དུ། དགའ་བོ་ཁྱོད་ཞུ་བ་ལྟར་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། ཆོས་ཀྱི་མཛོད་བསྡུ་བའི་མཛོད་མགོ་ནན་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཆེ་གེ་མོ་ཞིག་ན་འཁོར་རྣམ་བཞི་ཐབས་གཅིག་ཏུ་བཞུགས་ཏེ། ་མདོ་སྡེ་འདི་གསུངས་སོ་ཞེས་པའི་ཚིག་ཐོགས་ཤིག་ཅེས་གསུངས་པ་དང་འགལ་ཏེ། དེ་ལས་ཚེ་དང་ལྡན་པ་དགའ་བོ་སྡུད་པ་པོ་ཉིད་དུ་གསུངས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ཀུན་དགའ་བོ་དང་དགའ་བོ་ཞེས་པའི་མཚན་ནི་ཕན་ཚུན་འཁྲུགས་པ་ལྟ་བུར ་སྣང་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པ་དང་བར་མའི་གླེང་གཞིའི་སྐབས་སུ་ནི་གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་དགའ་བོའོ་ཞེས་གསུངས་ལ། བསྡུས་པ་འཕགས་པ་བརྒྱད་སྟོང་པའི་གླང་བཞིར་ནི། གང་ཟག ་གཅིག་མ་གཏོགས་པ་ནི་ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་གསུངས་པ་དང་། གཞན་ཡང་མྱ་ངན་ལས་འདས་པའི་མདོ་སྡེ་དེ་ཉིད་ལས་ཀྱང་ངའི་ནུ་བོ་ཀུན་དགའ་བོ་ཞེས་གསུངས་ལ། མདོ་སྡེ་གཞན་དག་ནས་ཅུང་དགའ་ཞེས་གསུངས་པའི་ཕྱིར་རོ།། དེས་ན ་འདིར་མིང་ལ་ཞེན་པར་མི་བྱ་སྟེ། དོནྡ་གྱི་རྗེ་སུ་འབྲངས་ན་སྡུད་པ་པོ་ཉིད་དུ་སྣང་བ་ནི་དེ་བཞིན་གཤེགས་པའི་ཡབ་མཆེད་པ་ཉིད་དུ་འཇིག་རྟེན་ན་གྲགས་པ་དེ་ཉིད་ཡིན་ཏེ། ཡང་དུ་ཐོས་པའི་ཡོན་ཏན་དང་ལྡན་པ་ལ་སོགས་པར་སྣང་བའི་ཕྱིར་རོ།། ངེས་པའི ་དོན་དུ་ནི་སྔར་བསྣུན་པ་ལྟ་ལོགས་སོ།། དེ་ལྟར་སྤྱོད་པ་ཟིམ་ཉེ་བར་བཞིད་པའི་གླེང་གཞི་རྣམ་པར་བཤད་པ་ནི་རྣམ་པ་ལྔའི་སྒོ་ནས་ཤེས་པར་བྱ་སྟེ། ཚིག་ཉེ་བར་དགོད་པའི་དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དག་ས་པ ་བརྒལ་བའི་ལན་དང་། མཚམས་སྦྱར་བའི་སྒོ་ནས་སོ།། དེ་སྐད་དུ་ཡང་། མདོ་དོན་སྨྲ་བར་འདོད་པ་ཡིས།། དགོས་པ་བསྡུས་པའི་དོན་བཅས་དང་།། ཚིག་དོན་བཅས་དང་བརྒལ་ལན་བཅས།། མཚམས་སྦྱོར་བཅས་ཏེ་བསྙད་པར ་བྱ། ཞེས་རྣམ་པར་བཤད་པའི་རིགས་པ་ལས་གསུངས་པའི་ཕྱིར་རོ།། དེ་འདིར་དགོས་པའི་དོན་ནི་རྣམ་པ་གསུམ་སྟེ། སྤྱིར་ཕུན་སུམ་ཚོགས་པའི་བདག་ཉིད་ཀྱི་གླེང་གཞི་ཉེ་བར་བཀོད་པའི་དགོས་པ་དང་། དེ་ཡང་ལེགས་པར་སྦྱར་བའི་སྐད་ཀྱིས་གསུངས་པའི ་དགོས་པ་དང་། བདག་གིས་ཐོས་ཞེས་པའི་ཁྱད་པར་གྱི་ཚིག་གི་དགོས་པའོ།། དེ་ལ་དང་པོ་དགོས་དོན་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་སྡུད་པ་པོས་རང་ཉིད་ཡིད་ཆེས་པའི་སྐྱེས་བུར་སྒྲུབ་ཅིང་དེ་ལྟར་གྲུབ་པས་དེས་བསྡུས་པའི་མདོ་སྡེ་ལ་གཞན་དག་འཇུག ་པར་འགྱུར་བའོ་ཞེས་འཆང་ངོ་།། དེའི་དོན་ཡང་དུས་འགའ་ཞིག་གི་ཚེ་གནས་ཀྱི་ཁྱད་པར་དེ་དང་དེ་དག་དུ་འཁོར་འདི་དག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ལས་ཁོ་བོས་མདོ་སྡེ་འདི་ཐོས་སོ་ཞེས་དབང་པོའི་འཁོར་ལ་སོགས་པ་དང་བཅས་ཏེ་བསྟན་པས། དེས ་སྨྲས་པའི་དོན་དེ་ལྟར་བདེན་ནོ་ཞེས་ངེས་པར་འགྱུར་བའོ།། ཡང་འདིར་སློབ་དཔོན་དྲི་མེད་པ་ཤེས་གཉེན་གྱིས་སྤྱན་འབྱིན་པ་ལྟར་སྣང་བ་བྱེད་པ་ན་འདི་ནི་མི་འཐད་སྟེ། དེ་ལྟ་ན་མ་འོངས་པའི་གདུལ་བྱས་དབང་པོའི་འཁོར་རྣམས་ལ་དོན་དེ་ལྟར་ཡིན་ནམྦྷ་མྦྷ ་ཡིན་ཞེས་དྲི་བར་མི་ནུས་པ་རྣམས་ཀྱིས་སྡུད་པ་པ་ཡིད་ཆེས་པའི་སྐྱེས་བུ་ཉིད་དུ་རྟོགས་པར་མི་འགྱུར་ཞིང་། རྡོ་ཉིད་ཀྱི་ཕྱིར་དེས་བསྡུས་པའི་མདོ་སྡེ་ལ་འཇུག་པར་མི་འགྱུར་བས་དོན་རྟོགས་པ་མོ་འཐད་པ་དང་། གཞན་ཡང་གླེང་གནི་གང་དུ་འཁོར་གྱི་མིང ་སྨོས་པ་མེད་པ་དེར་ཤིན་ཏུ་ཡང་དབང་པོ་ཉིད་དུ་མི་འཐུད་དོ་ཞེས་གསུང་སོ།། འདི་ནི་མི་འཐད་དེ། མ་འོངས་པའི་གདུལ་བྱ་རྣམ་པ་གཉིས་ཏེ། དབང་པོ་རྟུལ་པོ་དད་པའི་རྗེ་སུ་འབྲང་བ་དང་། རྣོན་པོ་ཆོས་ཀྱི་རྗེས་འབྲང་བའོ།། དེ་ལ་གང་ཟག་སྔ་མ་ནི་དེ་ལྟར་བསྟན་པའི་ཚིག་ཙམ ་ལས་ཁྱད་པར་དུ་ཡིད་ཆེས་པར་འགྱུར་ལ། དབང་པོ་རྣོན་པོ་རྟོག་པ་དང་ལྡན་པ་ཡང་དེ་འདྲ་བའི་ཚིག་ལས་དོན་དུ་འགྱུར་བའི་ཐེ་ཚོམ་སྐྱེས་ཏེ། འདི་ནི་ཕལ་ཆེར་བདེན་པར་སྨྲ་བའི་སྐྱེས་བུ་ཡིན་ཞེས་རྟོག་པར་འགྱུར་ཞིང་། དེ་ཉིད་ཀྱིས་མདོ་སྡེ་ལ་ཡང་འཇུག་པར་འགྱུར ་བའོ།། ཡང་མ་འོངས་པའི་གདུལ་བྱ་མངོན་པར་ཤེས་པ་ཐོབ་པ་རྣམས་ཀྱི་ནི་དབང་པོའི་འཁོར་རྣམས་ལ་དྲི་བར་ཀྱང་ནུས་པས་ཉེས་པའི་གོ་སྐབས་ག་ལ་ཡོད་ཅེས་པའོ།། དེ་སྐད་དུ་ཡང་སྟོན་པ་དབང་པོའི་འཁོར་དང་ནི།། ཡུལ་དང་དུས་ཀྱང་ངེས་བསྟན་པ།། ། ་དང་ལྡན་འཇུག་པའི་ཡན་ལག་དུ།། སྒྲའོ་རང་ཉིད་ཚད་མར་ནི།། རབ་བསྒྲུབ་ཕྱིར་ཡིན་འཇིག་རྟེན་ན།། ཡུལ་དང་དུས་སོགས་གྱིས་མཚོན་ཅིང་།། དབང་པོར་བཅས་ཚིག་སྨྲ་བ་ཡི།། སྨྲ་བོ་ཚད་མར་རབ་ཏུ་རྟོགས་ཞེས་གསུངས་སོ།། དགོས་པ་གཉིས་པའི་དོན ་ནི་ཨེ་བི་མཱ་ཡ་ཞེས་པ་ལ་སོགས་པ་ལེགས་པར་སྦྱར་བ་ལྷ་རྣམས་ཀྱི་སྐད་ཀྱིས་བསྡུས་པས་ལྷ་རྣམས་རྗེ་སུ་གཟུང་བའི་དོན་དང་། ཡང་ཕྱི་རོལ་པ་གང་དག་ཁོ་བོ་ཅག་གི་སྟོན་པ་དབང་ཕྱུག་ཆེན་པོ་ལ་སོགས་པ་ནི་སྒྲ་རིག་པའི་བསྟན་བཅོས་ལ ་མཁས་པས་ཨེ་བེ་མཱ་ཡ་ཞེས་པ་ལ་སོགས་པ་ལོགས་པར་སྦྱར་བའི་སྒྲས་སྡུད་པར་བྱེད་ལ། དགེ་སྦྱོང་གཽ་ཏ་མ་ནི་དེ་མ་ཡིན་ནོ་ཞེས་ལོག་པར་རྟོག་པར་འགྱུར་བས་དེ་བསལ་བའི་དོན་དུའོ།། དགོས་པ་གསུམ་པ་ནི་དམ་པའི་ཆོས་འདུལ་བ་ཕྲན་ཚེགས ་ཀྱི་ལུང་ལས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། ཀུན་དགའ་བོས་དམ་པའི་ཆོས་བསྡུས་པའི་ཚེ། གད་ན་སེང་གེའི་ཁྲི་ལ་བཞུགས་པ་ན། མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་དེ་བཞིན་གཤེགས་པའི་རྣམ་པ་ལྟ་བུར ་གྱུར་པས་འཁོར་གྱི་སྐྱེ་བོ་གཞན་རྣམས་ལ་ཐེ་ཚོམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་སྔར་མྱ་ངན་ལས་འདས་ཀྱང་ཐུགས་རྗེའི་དབང་གིས་སེམས་ཅན་གྱི་དོན་དུ་སླར་བྱོན་པ་ཡིན་ནམ་སྙམ་པ་དང་། འཇིག་རྟེན་གྱི་ཁམས་གཞན་ནས་དེ་བཞིན ་གཤེགས་པ་གཞན་ཞིག་འདིར་བྱོན་པ་ཡིན་ནམ། འོན་ཏ་མ་ཡིན་སྙམ་དུ་དོགས་པ་དང་། ཀུན་དགའ་བོ་ཉིད་སྔར་ལས་རྣམ་པ་གཞན་དུ་གྱུར་ཏེ་སངས་རྒྱས་ནས་གཅེན་གྱི་ཚབ་མར་བྱོན་པ་ཡིན་ནམ། ཅི་ཞེས་དོགས་པར་འགྱུར་བས། དེ་རྣམས་བཅད་པའི་དོན ་དུ་འདི་སྐད་བདག་གིས་ཐོས་ཞེས་སྨོས་པ་སྟེ། དེ་བཞིན་གཤེགས་པ་དེ་ཉིད་སླར་བྱོན་པ་འམ་གཞན་ཉིད་ཡིན་ན། ཚིག་འདི་འགྲིག་པ་མ་ཡིན་ལ། ཀུན་དགའ་བོ་ཉིད་སངས་རྒྱས་པ་ཡིན་ན་ཡང་ཆོས་ཀྱི་དོན་མངོན་དུ་གྱུར་ཅིང་རྟོགས་པ་ཡིན་པས་ཐོས་པ་ཙམ ་མ་ཡིན་ཏེ། དེས་ན་སྔར་གྱི་ཀུན་དགྲའི་བོ་ཉིད་ཡིན་ཞེས་པའོ།། དེ་ལྟར་དགོས་པའི་དོན་བསྟན་ནས། བསྡུས་པའི་དོན་ནི་རྣམ་པ་ལྔས་ཤེས་པར་བྱ་སྟེ། ཡོན་ཏན་གྱི་ཁྱད་པར་ལ་སོགས་པ་དང་ལྡན་པའི་སྤྱད་པ་པོ་དང་། བཤད་པའི་དུས་དང་། སྟོན་པ་དང་། ་གནས་དང་། འཁོར་ཕུན་སུམ་ཚོགས་པའོ།། དེ་ལ་དང་པོ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་པས་སྟོན་ནོ།། གཉིས་པ་ལ་སོགས་པ་ཡང་གོ་རིམ་བཞིན་དུ་དུས་གཅིག་ན་ཞེས་པ་དང་། བཅོམ་ལྡན་འདས་ཞེས་པ་དང་། ལང་ཀའི་གྲོང་རྡལ་ཞེས་པ་ལ ་སོགས་པ་དང་། དགེ་སློང་གི་དགེ་འདུན་ཞེས་པ་ལ་སོགས་པས་སྟོན་ཏོ།། ཡང་གཞན་དག་ནི་ཚིག་དང་པོས་གླེང་བསྲུང་བ་བསྟན་ལ། དུས་གཅིག་ན་ཞེས་པ་ལ་སོགས་པས་གླེང་བཞི་སྟོན་ཏོ།། ཞེས་ཀྱང་འཆད་དེ། དེ་ལྟ་ན་ཡང་འགལ་བ་མེད་དོ།། ་ཚིག་གི་དེར་ནི་འདི་སྐད་ཐོས་ཞེས་པས་འོག་ནས་བསྡུས་ཏེ་སྟོན་པ་འདི་ཁོ་ན་སྐད་ཐོས་ཀྱི། བཅོམ་ལྡན་འདས་ལས་ཐོས་པ་ལས་ལྷག་པ་དང་ཆད་པ་མེད་པར་བསྡུས་ཞེས་པའི།། དོན་འདི་ཡང་བཅོམ་ལྡན་འདས་ཀྱིས་ཁ་སྦྱོར་ཐིག་ལེ་ལས་བསྟན་པའོ།། ་བདག་གིས་ཐོས་ཞེས་པས་ནི་བདག་ཉིད་ཀྱིས་སྔོན་པོ་ལ་དངོ་སུ་ཐོས་ཀྱི་གཞན་ལས་བརྒྱུད་དེ་ཐོས་པ་མ་ཡིན་ཞེས་པའོ།། དེ་ལྟར་ཡོན་ཏན་དང་ལྡན་པའི་སྡུང་པོ་པོ་བསྟན་པ་ན་གཞན་དག་ཁྱོད་ཀྱིས་གང་གི་ཚེ། གང་ལས། གང་དུ། གང་དང་ལྷན ་ཅིག་ཐོས་སྙམ་དུ་དོགས་ན་དུས་གཅིག་ན་ཐོས་ཞེས་གོང་མ་ལ་སྦྱར་ཏེ་འདིའི་དོན་ཡང་སྤྱིར་དུས་ནི་རྣམ་པ་བཞི་སྟེ། བྱས་པའི་དུས་དང་། སྐྱབས་འབྱུང་གིས་དུས་དང་། གཉིས་གཞན་གྱི་དུས་དང་། རྩོད་པའི་དུས་སོ།། དེ་ལ་འདིར་ནི་རྩོད་པའི་དུས་ཉིད་དེ། དེ ་བཞིན་གཤེགས་པ་འདི་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། ཤཱཀྱ་ཐུབ་པ་རྩོད་དུས་ལ་ཞེས་འོག་ནས་སྟོན་པར་འགྱུར་བའི་ཕྱིར་རོ།། དུས་དེ་ཉིད་ཀྱི་ཁྱད་པར་ཡང་སྨོན་པ་ལ་སོགས་པ་རྣམ་པ་བཞི་ཡིན་པས། དེའི་བྱེ་བྲག་འགའ་ཞིག་གིས་ཐོས ་ཞེས་པའོ།། དེས་ཀྱང་མདོ་སྡེ་རིན་པོ་ཆེ་རྙེད་དཀའ་བ་ཉིད་དུ་བསྟན་ཏེ། དུས་འགའ་ཞིག་གིས་ཚེ་ཐོས་ཀྱི་ཐམས་ཅད་དུ་མ་ཡིན་པར་གསུངས་པའི་ཕྱིར་རོ།། ཡང་དུས་གཅིག་གི་ཚེ་ན་འདི་ཐོས་ལ། གཞན་གྱི་ཚེན་གཞན་དག་ཀྱང་ཐོས་ཞེས་དོན་གྱི་བསྟན་པས་སྡུང་པ ་པོབདག་ཏང་ཟས་པ་མང་ཉིད་དུ་སྐྲུན་ཏོ།། རྣམ་པ་གཙུག་ཏུན་ཕྲུལ་མྱ་རྣམས་། ད་དུ་གང་ཅུག་ན་། ཥྚཱ་ལྟར་སྨྲས་བསྟན་པའི་ཚལམ་ནུ་དུས་ཆུང་རླུང་ཅིག་ལ་མ་ལ་ལགས་པར་དུས་སུ་སྣང་ནིང་ངར་ཡང་འད ་པའི་ལོངས་སྤྱོད་ལ་སོགས་པ་མང་པོ་ལ་སྤྱད་པར་སྣང་བ་བཞིན་དུ་བསྒྲུང་པ་པོ་བདག་ཉིད་ཚོགས་ཡང་སུ་རྫོགས་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་དུས་ཅུང་བང་གཅིག་ལ་མདོ་སྡེ་འདིའི་ཚིག་དང་དོན་མ་ལུས་པར་སྣང་བའི་ཤེས་པ་སྐྱེ་ཞིང་། ་ད་ལྟར་སྡུད་པར་བྱེད་པའི་དུས་ན་ཡང་བརྗོད་པ་མེད་ཅེས་པ་སྟེ། དྲིས་ཀྱང་བདག་ཉིད་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཐོབ་པ་དང་། སྟོན་པ་བྱིན་རླབས་དང་ལྡན་པ་ཉིད་དུ་བསྟན་ཏོ།། གལ་ཏེ་སྐད་ཅིག་ལ་མདོའི་ཚིག་དང་དོན་མ་ལུས་པར་སྣང་བའི་ཤེས ་པ་སྐྱེས་ནི་ཡང་ཕྱིས་ཉན་པ་མི་འཐད་དོ།། ཞེ་ན་དམ་པའི་ཆོས་ཀྱི་བདུད་རྩིའི་རོས་ཚིམ་པ་མེད་ཅིང་དེ་ལ་གུས་པར་བྱ་བ་ཉིད་དུ་སྟོན་པས་སྐྱོན་མེད་དོ།། ཡང་གལ་ཏེ་དེ་ལྟ་ན་བྱང་ཆུབ་སེམས་དཔའི་འཁོར་གཞན་རྣམས་ལ་ཡང་དེ་འདྲ་བའི་སྣང་བ་ཅིའི་ཕྱིར་མི ་འབྱུང་ཞེ་ན། མ་ཡིན་ཏེ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའི་ཚོགས་ཡོངསུ་དག་པ་རྣམས་ལ་ནི་དེ་འདྲ་བའི་སྣང་བ་འབྱུང་གི། ཐམས་ཅད་ལ་ནི་མ་ཡིན་ཏེ། ཚོགས་ཡོངསུ་མ་རྫོགས་པས་དེ་ལྟ་བུར་སྣང་བའི་སྐལ་བ་མེད་པའི་ཕྱིར ་ཞེས་གསུངས་པསོ།། གལ་ཏེ་དེ་ལྟ་ན་དེ་བཞིན་གཤེགས་པའི་གསུང་གི་རྒྱུན་གཅིག་ལ། གདུལ་བྱ་འགའ་ཞིག་ལ་ནི་ཅིག་ཆར་སྣང་ལ། འགའི་ཞིག་ལ་རིམ་གྱིས་དུས་རིང་པོ་དང་འབྲེལ་བར་སྣང་བ་མི་འཐང་དོ་ཞེ་ན། མ་ཡིན་ཏེ། འདིར་དེ་བཞིན་གཤེགས་པའི་སྐུ ་དང་ཆོས་བསྟན་པའི་ཕྱི་རོལ་འབྱུང་བ་རང་བར་གྱུར་པ་ནི་མེད་དེ། གདུལ་བར་བྱ་བ་ལ་སོགས་པའི་སེམས་ཀྱི་སྣང་བ་ཡིན་ལ། དེ་ནི་རང་རང་སྐུལ་བ་ཇི་ལྟ་བ་བཞིན་དུ་ཅིག་ཅར་རམ་རིམ་གྱིས་སྣང་བ་མི་འགའོ།། གང་ལས་ཐོས་སྙམ་པའི་དོགས་པསལ་བ་ནི་བཅོམ་ལྡན་འདས ་ལས་ཞེས་པ་སྟེ། དེ་ཡོད་དུས་གཅིག་ན་བཅོམ་ལྡན་འདས་གནས་ཀྱི་ཁྱད་པོར་འགའ་ཞིག་ན་གཟུགས་ཞིས་སྦྱར་བར་བྱའོ།། དེའི་དོན་ནི་དུས་གཞན་གྱི་ཆེན་གཞན་དང་གཞན་དག་ན་ཡིང་བཞུགས་ཞེས་པ་སྟེ། དེ་རྒྱུ་མཚན་ཡང་། ཡུལ་གཞན་གདུལ་བར་བྱ ་ཕྱིར་དང་།། དེར་གནས་སྐྱོན་བསྐྱེད་པ་ཕྱིར་དང་།། ཉན་ཐོས་གནས་མང་བྱ་ཕྱིར་དང་།། ཆགས་པ་མེད་པར་བསྟན་པ་དང་།། ཡུལ་རྣམས་མཆོད་རྟེན་པ་ཕྱིར་དང་།། འགྲོ་བའི་བསོད་ནམས་དོན་ཉིད་དང་།། ཡམས་ལ་སོགས་པ་ནི་དོན་དུ།། སངས་རྒྱས་རྨྱ་བར་མཛད་པ ་ཡོན།། ཞེས་གསུངས་པོ་སོ།། གེཞན་ཡང་དེ་ལྟར་བསྟན་པས་སྔར་དུས་གཅིག་ན་ཐོས་ཞེས་པའི་སྐབས་དུས་ཀྱི་ཁང་པར་དེ་རྣམས་བསྟན་ཀྱང་དུས་ཅན་གྱི་དས་མགའ་ཞིག་གིས་མ་མནམ་མཁའ་ལ་འཕྱོ་བ་ལྟ་བུར་ངེས་པར་ཡིམ་པ་མང་བར་འགྱུ། ་དེ་བཞིན་ག། གས་ས་པ། ཀྱེ་ཨུད་པར་འདི་འདྲ་བ་ན་བཛུམས་པའི་དུས་དེའི་ཚེ་ཐོས་ཞེས་ངེས་པར་མངོན་པའོ།། དེ་ལ་འདིར་ཟུག་། དམ་པའི་སུ་འགྱུར་། པསབསྐལ་བའོ།། འདུད་པཔའི ་དོན་གྱིས་ན་བཅོམ་ལྡན་འདས་ཞེས་པ་སྟེ། ཕུང་པོ་དང་། ཉོན་མོངས་པ་དང་། ལྷའི་བུ་དང་། འཆི་བདག་གི་བདུད་ཅེས་པ་སྟེ། དེ་རྣམས་ཀྱིས་ཀྱང་རིམ་བཞིན་དུ་ཕུ་པ་སྙས་པ་མེད་པའི་མྱ་ངན་ལས་འདས་པ་དང་། ལྷག་མ་དང་བཅས་པའི་ན་ན་ལས་འདས ་པ་དང་། ཡོན་ཏན་ཁྱད་པར་ཅན་ཐོབ་པ་དང་། སྲོག་ཡུན་རིང་དུ་གནས་པརི་བར་དུ་གཅོད་པས་བདུད་ཅེས་པའོ།། དེ་ལ་དང་པོ་ནི་རྣམ་པར་སྨིན་པའི་ལུས་ལ་སོགས་པ་སྡུག་བསྔལ་གྱི་རྟེན་བྱེད་པ་ཉིད་དེ། དེས་ལྷག་མ་མེད་པའི་མྱ ་ངན་ལས་འདས་པའི་བར་གཅོད་པ་སྟེ། དེ་ནི་སྟན་གྱི་ལས་དང་ཉོན་མོངས་པས་འཕངས་པའི་ཕུང་པོ་སྡུག་བསྔལ་གྱི་རྟེན་དུ་གྱུར་པ་ཡང་མེད་ལ། མ་འོངས་པའི་ཕུང་པོ་གཞན་དེ་འདྲ་བ་འགྲུབ་པའི་ཉོན་མོངས་པ་ཡང་སྤངས་པ་ཡིན་པའི་ཕྱིར་རོ།། དེ་བཞིན ་གཤེགས་པས་བདུད་དེ་བཅོམ་པའི་རྒྱུ་མཚན་ཡང་སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ་ཞེས་པ་དང་། སྐུ་ལ་རུས་པ་ཁྲག་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ནི་ཡེ་ཤེས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་རོ།། ཉོན་མོངས་པའི་བདུད་ནི་འདོད་ཚོགས་ལ་སོགས་པ ་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་ཏེ། དེས་ཀྱང་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་བར་དུ་གཅོད་དེ། དེ་ནི་ཕུང་པོ་གཞན་འགྲུབ་པའི་ཉོན་མོངས་པ་སྤངས་པ་ཡིན་པའི་ཕྱིར་རོ།། དེ་འདྲ་བའི་བདུད་བཅོམ་པ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན ་མོངས་པ་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་རོ།། ལྷའི་བུའི་བདུད་ནི་དགའ་རབ་དབང་ཕྱུག་ལ་སོགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རི་རིས་སུ་གཏོགས་པ་སྟེ། ཡུལ་རྣམས་ལ་ཆགས་པ་ལ་སོགས་པ་བསྐྱེད་པར་བྱེད་པར་ཡོན་ཏན་ཁྱད་པར་ཅན་ཐོབ་པར ་བྱེད་པའི་བར་དུ་གཅོད་པའོ།། དེ་རྣམས་བཅོམ་ཞེས་པའི་དོན་ནི་རྡོ་རྗེ་གདན་བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ་ཞེས་པ་ལ་སོགས་པའི་དོན་ནོ།། འཆི་བདག་གི་བདུད་ནི་ནང་ངམ་ཕྱི་རོལ་གྱི་རྐྱེན་གྱིས་དུས་མ་ཡིན་པར་འཆི་བ་ཉིད་དེ།། དེས་ཀྱང་སྲོག་ཡུན ་རིང་དུ་གནས་པའི་བར་དུ་གཅོད་ལ། དེ་བཞིན་གཤེགས་པས་བཅོམ་པའི་རྒྱུ་མཚན་ནི་འགའ་ཞིག་གི་ཚེ་དགའ་རབ་དབང་ཕྱུག་གིས་དེ་བཞིན་གཤེགས་པ་ལ་བདག་གི་དོན་དུ་མྱ་ངན་ལས་འདས་པར་ཞུའོ་ཞེས་གསོལ་བ་བཏབ་པ་ན་ངས་ཀུན་དགའ་བོ་ལ་བ་ནི ་རྫུ་འཕྲུལ་གྱི་རྐང་པའི་ཏིང་འཛིན་ཡན་མང་དུ་བསྟེན་ཅིང་བསྒོམས་པས་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་གནས་པར་ནུས་ན། དགའ་རབ་དབང་ཕྱུག་གི་དོན་དུ་མྱ་ངན་ལས་འདའ་འམ་ཇི་ལྟར་བྱ་ཞེས་གསུངས་པས་སྐུ་ཚེ་ལ་མངའ་བརྙེས་པ་ཉིད་ཀྱི ་ཕྱིར་རོ།། རྣམ་པ་གཅིག་ཏུ་ན་ཉོན་མོངས་པ་ཀུན་ནས་ཉོན་མོངས་པ་སྟེ། བདོད་ཆགས་ལ་སོགས་པ་མ་ཞི་བའི་ངོ་བོར་བྱུང་བ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་ཟུག་པ་དང་བཅས་པའི་ལས་དགེ་མིང་དགེ་ལོ་སོགས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྨྲས ་རྣམས་ལ་བརྟན་ནས་ཟག་པ་དང་བཅས་པའི་ཕུང་པོ་མངོན་པར་འགྲུབ་པའོ།། གསུམ་པོ་དེ་དག་ཀྱང་། དང་པོ་བརྒྱད་དང་དགུ་ཉོན་མོངས།། གཉིས་དང་བཅུ་པ་ལས་ཡིན་ཏེ།། ལྷག་མ་རྣམས་ནི་ཚེ་ཡིན་ནོ་ཞེས་གསུངས་པས་སྲིང་པོའི་ཡན་ལག་བཅུ་གཉི་སུ་བཏོགས ་པསྟེ་དེ་རྣམས་བཅོམ་པ་དང་། གཞན་ཡང་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ལ་སོགས་པ་བཅོམ་པ་དང་། མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅིད་བཅོམ་པ ་བཅོམ་ལྡན་འདས་ཞེས་པ་སྟེ། དེ་སྐད་དུ་ཡང་རྣལ་འབྱོར་གྱི་རྒྱུད་དཔལ་རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ།། ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན།། མི་མཐུན་ཕྱོགས་ཀྱི་ཆོས་རྣམས་ཀུན།། དེ་བཅོམ་པས་ན་བཅོམ་ལྡན་བརྗོད།། ཅེས་གསུངས་པའི་ཕྱིརོ།། ་གང་ཡང་འཕགས་པ་མྱ་ངན་ལས་འདས་པ་ལས་ཀྱང་། ཉོན་མོངས་པ་ཐམས་ཅད་བཅོམ་པའི་ཕྱིར་ན་བཅོམ་ལྡན་འདས་ཞེས་པ་དང་། དགེ་བའི་ཆོས་ཐམས་ཅད་དང་ལྡན་པའི་ཕྱིར་དང་། ཆོས་རྣམས་ཀྱི་དོན་ལ་ཤིན་ཏུ་མཁས ་པའི་ཕྱིར་ཡོན་ཏན་ཆེན་པོ་དང་ལྡན་པས་གཞན་གྱིས་མི་ཐུབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡང་གསུངས་སོ།། གཞན་ཡང་འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ལས། དེ་ལ་སྒྱུ་མའི་ཆོས་སུ་སོ་སོར་རྟོགས་པས་ཕུང་པོའི་བདུད་བཅོམ་མོ།། སྟོང་པ་ཉིད་ངེས ་པར་སེམས་པ་ལ་སོ་སོར་རྟོགས་པས་ཉོན་མོངས་པའི་བདུད་བཅོམ་མོ།། སྐྱེ་བ་མེད་པ་དང་འབྱུང་བ་མེད་པར་སོ་སོར་རྟོགས་པས་འཆི་བདག་གི་བདུད་བཅོམ་མོ།། ང་རྒྱལ་གྱི་སྒྲོ་པ་ཏ་རིགས་པ་ཐམས་ཅད་འགོག་པར་འགྱུར་བའི་ལམ་གྱིས་ལྷའི་བུའི་བདུད་བཅོམ ་མོམོ།། གཞན་ཡང་སྡུག་བསྔལ་ཡོངསུ་ཤེས་པ་དང་། ཀུན་འབྱུང་བ་སྤོང་བ་དང་། འགོག་པ་མངོན་སུམ་དུ་བྱེད་པ་དང་། ལམ་སྒོམ་པས་ཀྱང་གོ་རིམ་བཞིན་དུ་བདུད་བཞི་བཅོམ་མོ།། གཞན་ཡང་འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་དུ་སོ་སོར་རྟོག་པ་དང་། ་མི་རྟག་པར་སོ་སོར་རྟོག་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པ་དང་། མྱ་ངན་ལས་འདས་པ་ལ་ཞི་བར་སོ་སོར་རྟོག་པས་ཀྱང་གོ་རིམ་བཞིན་དུ་བདུད་བཞི་འཇོམ་མོ་ཞེས་བདུད་བཞི་བཅོམ་པའི་རྒྱུ་མཚན་གསུངས་སོ།། ཡང་འདིར་བྷ་ག ་ཞེས་པའི་དོན་སྐལ་བ་ལ་བྱས་པའི་ཚེ། སྐལ་བ་རྣམ་པ་དྲུག་དང་ལྡན་པས་བཅོམ་ལྡན་འདས་ཞེས་པ་སྟེ། ཁ་སྦྱོར་གྱི་ཐིག་ལེ་ལས། དབང་ཕྱུག་དང་ནི་གཟུགས་བཟངས་དང་།། དཔལ་དང་གྲགས་པ་ཡེ་ཤེས་དང་།། བརྩོན་འགྲུས་ཕུན་སུམ་ཚོགས་པ ་དྲུག་པ་རྣམས་ལ་སྐུལ་ཞེས་བྱ།། ཞེས་གསུངས་ས།། དོར་དོན་ཡང་དབང་ཕྱུག་ཕུན་སུམ་ཚོགས་པ་ནི་དབྱིངས་རྣམ་པར་དག་པ་སྟེ། དེ་བཞིན་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བ་ན་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དང ་སྦྱར་བའི་ཕྱིར་རོ།། གཟུགས་བཟང་བ་ཕུན་སུམ་ཚོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད་ཀྱང་ཡིན་པས་མཚན་དང་དཔེ་བྱད་ཀྱི་རྣམ་པར་ཡང་སྣང་བའི་ཕྱིར་རོ།། གྲགས་པ་དཔལ་ཕུན་སུམ་ཚོགས་པ་ནི།། ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ནི་བྱམས་པ་དང་སྙིང་རྗེས་རབ་ཏུ་བརྒྱན་པས་སེམས་ཅན་གྱི་དོན་འབྱུང་ཞིང་། དེ་ལས་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། འཇིག་རྟེན་ཀུན་ལ་རབ་ཏུ་གྲགས་པའི་ཕྱིར་རོ།། ཡེ་ཤེས་ཕུན་སུམ་ཚོགས་པ་ནི་སོ་སོར་རྟོག ་པའི་ཡེ་ཤེས་ཏེ། དེ་ནི་འཁོར་གྱི་དཀྱིལ་འཁོར་གྱི་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་ཤེས་རབ་ཀྱི་ཆར་གཏོགས་པ་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོ་ཁ་ཡང་།། དེ་ཉིད་ཤེས་ཕྱིར་ཡེ་ཤེས་ཏེ།། ཞེས་གསུངས་པའི་ཕྱིར་རོ།། བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། དེ་ནི་སེམས་ཅན་གྱི་དོན་ལ་སྤྲོ་བ་བརྩོན་འགྲུས་ཀྱི་ཆར་གཏོགས་པ་ཉིད་ཀྱི་ཕྱིར་རོ།། ཡང་སྒྲ་ངེས་པར་སྦྱར་བ་ལས།། རང་དབང་ཤིན་ཏུ་སྦྱངས་པ་དང་།། གཟུགས་བཟང་བ་དང་གྲགས་པ་དང་།། དཔལ་དང་བདག་ཉིད་ཆེ་ཚོགས་པ། ་དྲུག་ལ་སྐལ་བ་ཞེས་བཤད་དོ།། ཞེས་གསུངས་ཏེ། དོན་ནོ་སྔ་མ་དང་མཐུན་པར་སྣང་མོད་ཀྱི། སློབ་དཔོན་ངང་ཚུལ་བཟང་པོས་ཉོན་མོངས་པ་གཞན་གྱི་དབང་དུ་མི་གྱུར་པའི་ཕྱིར་རང་དབང་ཉིད་དང་། ཡེ་ཤེས་ཀྱི་མེས་ལེགས་པར་ཡོངསུ་སྦྱངས་པའི་ཕྱིར ་ཤིན་ཏུ་སྦྱངས་པ་ཉིད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཕྱིར་གཟུགས་བཟང་བ་ཉིད་དང་། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་ཕྱིར་གྲགས་པ་དང་། འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི ་ཕྱིར་དཔལ་དང་། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་འཕྲིན་ལས་ཉམས་པ་མི་མངའ་བའི་ཕྱིར་བདག་ཉིད་ཆེན་པོའི་ཚོགས་པ་སྟེ། དེ་དག་འདི་ལ་མངའ་པ་ན་བཅོམ་ལྡན་འདས་སོ་ཞེས་གསུངས་ཏེ། ཤིན་ཏུ་འགྲིག་པ་ཉིད་དུ་སྣང་ངོ་།། ། ་གནས་གང་དུ་ཐོས་ཞེས་པའི་དོགས་པ་སེལ་བ་ནི་ལྷོ་ཕྱོགས་ཀྱི་རྒྱ་མཚོ་འགྲམ་སྲིན་པོའི་བདག་པོ་ལང་ཀ་མགྲིན་བཅུ་གནས་པའི་གྲོང་རྡལ་གྱི་དབུས་ན། རི་མ་ལ་ཡའི་རྩེ་མོ་རིན་པོ་ཆེའི་རིགས་བཻ་ཌཱུརྱ་ལ་སོགས་པ་སྣ་ཚོགས་པ་དང་། ་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པར་སྣང་བ་སྟེ། དེ་དག་བསོད་ནམས་ཀྱི་དབང་གིས་ནང་གིས་སེམས་ཡོངསུ་དག་པ་ལ་དེ་ལྟར་སྣང་བ་སྟེ། གནས་ཀྱི་ཁྱད་པར་དེར་ཐོས་ཞེས་པའོ།། སུ་དག་དང་ལྷན་ཅིག་ཏུ་ཐོས་སྙམ་དུ་དོགས་པ་སེལ་བ་དབང ་པོའི་འཁོར་སྟོན་པ་ལ། དང་པོར་ཉན་ཐོས་ཀྱི་དགེ་འདུན་བསྟན་པ་ནི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པ་སྟེ། དེ་ལ་ནི་དགེ་སློང་ནི་རྣམ་པ་གཉིས་ཏེ། བསྙེན་པར་རྫོགས་པ་དང་། ཉོན་མོངས་པ་སྤངས་པའོ།། དེའི་དང་པོ་ཡང་རྣམ་པ་གཉིས ་ཏེ། གསོལ་པ་དང་བཞིའི་ལས་ཁ་ན་མ་ཐོ་བ་མེད་པས་བསྙེན་པར་རྫོགས་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་ཚེ་དང་ལྡན་པ་ཁྱོད་ཚུར་ཤོག་ཅེས་བརྗོད་པ་ཙམ་གྱིས་སྒྲ་དང་ཁ་སྤུ་རང་བྱི་ཞིང་དགེ་སློང་གི་དངོས་པོར་གྱུར་པའོ།། ་དེ་ལ་འང་ན་ཚུལ་དེ་ལྟར་བསྙེན་པར་རྫོགས་ཤིང་ཉོན་མངས་པ་ཡང་སྤངས་པར་འགྱུར་བའོ།། དགེ་འདུམ་ཞེས་པ་ནིམ་བྱང་བའི་དོན་ཏེ།། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པ་འཇིག་རྟེན་པའི་ལྷ་གཞན་མི་ཚལ་བ་དང་། བསྒྱུ ་རྣམ་པར་དཀར་བའི་ཆོས་ལས་གཞན་སྲོག་གི་མཆོད་སྦྱིན་ལ་སོགས་པ་འཚེ་བ་ཆོས་སུ་སྨྲ་བ་ལ་མི་བརྟེན་པ་དང་། གྲོགས་ཚངས་པ་སྤྱོད་པ་མཚུངས་པ་ལས་གཞན་ཕྱི་རོལ་མུ་སྟེགས་ཅན་གྱི་བརྟུལ་ཞུགས་སྤྱོད་པ་རྣམས་དང་མི་འགྲོགས ་པའོ།། དེ་སྐད་དུ་ཡང་འཕགས་པ་སྤྲིན་ཆེན་སྙིང་པོའི་མདོ་ལས། བདུད་རྣམས་བྱེ་བ་ཕྲག་བརྒྱས་ཀྱང་།། དགེ་འདུན་དབྱེ་བར་མི་ནུས་ཏེ།། སེམས་ཅན་རྣམས་ལ་སྨན་སླད་དུ།། ལོས་ཀྱི་རྒྱུ་བ་སྟོན་པར་མཛད།། ཅེས་གསུངས་སོ།། ཆེན་པོ་ཞེས་པ་ནི་ཐམས ་ཅད་ཀྱང་དགྲ་བཅོམ་པའོ་ཞེས་པ་ལ་སོགས་པ་ཡོན་ཏན་གྱི་སྒོ་ནས་རྒྱུ་བའམ། སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་པ་ལ་སོགས་པ་གྲངས་ཀྱི་སྒོ་ནས་ཕྱེ་བ་སྟེ། འདིར་དངོས་སུ་མ་སྨོས་ཀྱང་དོན་གྱིས་བལྟ་བར་བྱའོ།། དེ་ཡང་ཉན་ཐོས་རྣམས་ལ་ཡང་ཐེག ་ཆེན་པོ་ཉན་པ་དང་། སྟོན་པའི་སྐུལ་བ་ཡོད་དོ་ཞེས་བསྟན་པས་རེ་ཞིག་ཉན་ཐོས་ཀྱི་རིགས་ཅན་རྣམས་ཐེག་པ་ཆེན་པོ་ལ་འཇུག་པར་འགྱུར་བ་ལ་སོགས་པའི་དོན་དུ་གསུངས་ཤིང་། དེ་འདྲ་བའི་འཁོར་འདུས་པར་སྣང་བ་ཡང་བྱང་ཆུབ་སེམ ་དཔའ་ཉིད་ཉན་ཐོས་སུ་སྤྲུལ་པ་ཡིན་གྱི། ཉན་ཐོས་རང་རྒྱུད་པ་ནི་མ་ཡིན་ཏེ། དེ་ནི་ཐེག་པ་ཆེན་པོ་བསྟན་པའི་གདུལ་བྱ་མ་ཡིན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་འཁོར་བསྟན་པ་ལ། བྱང་ཆུབ་སེམས་དཔའ་ཞེས་པའི་ཚིག་གི་དོན་ནི་བྱང ་ཆུབ་ཆོས་ཀྱི་སྐུར་ཡེ་ཤེས་ནམཁའ་ལྟར་སྤྲོས་པ་མེད་པ་ཡིན་ལ་དེ་ཐོབ་པར་བྱ་བའི་དོན་དུ་སེམས་པ་ནི་བྱང་ཆུབ་སེམས་དཔའ་སྟེ། ཛཱ་སྐད་དུ། བྱང་ཆུབ་རྣམཁའི་མཚན་ཉིད་དེ།། རྟོག་པ་ཐམས་ཅད་སྤངས་པའོ།། གང་ཞིག་དོན། ་ཐོབ་འདོད་པ།། བྱང་ཆུབ་སེམས་དཔའ་ཞེས་སུ་རྗོད།། ཅེས་གསུངས་པ་དང་། གཞན་ཡང་། ཆགས་པ་གཅོད་བྱེད་ཀུན་ལ་ཆགས་པ་ཟང་པོར་འདོད།། རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཚོགས་མེད་འགྱུར་ལ་རེག། དེས་ན་འདི་ནི་བྱང་ཆུབ་སེམས་དཔའི་མིང་འཐོབ་བོ།། ་ཞེས་གསུངས་པོས། གཟུགས་ལ་སོགས་པའི་ཡུལ་ཀུན་ལ་ཕྱིན་ཅི་ལོག་གཅོད་པར་བྱེད་པ་དང་། རྒྱལ་པོ་རྣམས་ཀྱི་བྱང་ཆུབ་ཆགས་མེད་འགྱུར་ལ་རེག་ཅེས་པ་ཆོས་ཀྱི་སྐུའི་ཡེ་ཤེས་ལ་བློས་རེག་པ་སྟེ། དེ་ཐོབ་པར་འདོད་པའོ།། སེམས་དཔའ་ཆེན་པོ་ཞེས ་པའི་དོན་ནི་འབྲས་བུ་མཐར་ཐུག་པ་ཆེན་པོ་རྣམ་པ་གསུམ་གྱི་ཆེད་དུ་སེམས་པ་སྟེ། མཆོག་ཉིད་ཆེན་པོ་དང་། སྒྲིབ་པ་གཉིས་སྤངས་པ་ཆེན་པོ་དང་། ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པ་སྟེ། རྟོགས་པ་ཆེན་པོའོ།། དེ་ལྟར་ཆེན་པོ་གསུམ་གྱི་ཆེད་དུ་སེམ ་ཤིང་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསམ་པ་རྒྱ་ཆེན་པོ་དང་ལྡན་པ་དང་། ལམ་དང་འབྲས་བུའི་བདག་ཉིད་ཀྱི་ཐེག་པ་ཆེན་པོ་ལ་བློ་གྲོས་འཇུག་ཅིང་སེམས་པ་དང་། གཞན་གྱི་དོན་དུ་གོ་ཆ་ཆེན་པོ་བགོས་པ་སྟེ། སེམས་ཅན་གྱི་དོན་ལ་སེམས་ཤིང ་བདུད་ཀྱི་བྱེད་པ་སྒྱུ་མ་ལྟ་བུ་འཇོམས་པར་བྱེད་པ་སྟེ། ཇི་སྐད་དུ། སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང་། ཞེས་པ་ལ་སོགས་པ་དང་། ཡང་གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང་། ཞེས་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་སྡུད་པ་ལས་གསུངས་པའི་ཕྱིར་རོ།། ཚོགས་ཆེན་པོ་ཞེས་པ་ནི་སྔར་བསྟན་པ་བཞིན་དུ་ཤེས་པར་བྱའོ།། འདིར་ཉན་ཐོས་ཀྱི་འཁོར་སྔོན་ལ་སྨོས་པ་ནི་དེར་རྣམས་དེ་བཞིན་གཤེགས་པའི་གཏན་དུ་བའི་འཁོར་ཡིན་པའི་ཕྱིར་རོ།། དེའི་རྒྱུ་མཚན་ཡང་དེ་བཞིན ་གཤེགས་པའི་དྲུང་ལས་གཞན་དུ་རྒྱུ་བར་བྱེད་པའི་རྒྱུ་མཚན་བཅོ་ལྔ་དང་བྲལ་བ་སྟེ། ཇི་སྐད་དུ། ཉེས་དམིགས་ལྔ་དྲང་མ་འབྱོར་དང་།། མི་དགའ་ཆགས་དང་ཡིད་མི་བདེ།། འཐབ་དང་རྙེད་སོགས་སྲིད་དང་འཛག། བརྩེ་དང་བླ་མ་ལ་གུས་དང་།། ངོ་མཚར་ཁྱད ་པར་དོན་ཕྱིར་དང་།། ལྷུང་དང་དཀོན་མཆོག་རྒྱུ་དང་མི། མཆོད་རྟེན་ལ་སོགས་ཕྱག་བྱའི་ཕྱིར།། དགེ་སློང་རྒྱུ་བར་བྱེད་པ་ཡིན།། ཞེས་གསུངས་པས་རྒྱུ་བར་བྱེད་པའི་རྒྱུ་དེ་རྣམས་དང་བྲལ་བ་སྟེ། དེའི་དྲུང་ན་རྟག་ཏུ་གནས་པ་ལ་འགལ་བའི་རྐྱེན་ཉེ་བར་གནས ་པ་མེད་ཅིང་མཐུན་པའི་རྐྱེན་མ་མ་ཚང་བ་མེད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་རྣམས་ནི་རེ་ཞིག་པའི་འཁོར་ཡིན་ཏེ། འཇིག་རྟེན་གྱི་ཁམས་གཞན་ནི་དེ་བཞིན་གཤེགས་པ་གཞན་ཞིག་མདོ་སྡེ་རིན་པོ་ཆེ་ཟབ་མོ་འཆད་པ་ན་དེ་ཐོས་པར་བྱ་བའི་དོན་དུ ་གཞན་དང་གཞན་དག་ཏུ་རྒྱུ་བར་བྱེད་པ་སྟེ། དེ་སྐད་དུ་ཡང་། མདོ་སྡེ་རིན་ཆེན་ཟབ་མི་ནི།། དཔག་མེད་ཉན་པའི་སྟེང་པ་ཡིས།། མཐའ་ཡས་འཇིག་རྟེན་ཁམས་རྣམས་སུ།། མཁས་པ་གང་ཡིན་རྒྱུ་བྱེད་པས།། དེ་ཡི་ཐེག་པ་བཤད་ཉིད་ཀྱིས།། དེ་དག་མང་པོ ་འོད་གྱུར་ཏེ།། དེས་ན་མདོ་སྡེའི་ལུང་རྣམས་སུ།། རྒྱལ་བའི་སྲས་རྣམས་མ་བརྗོད་དོ།། ཞེས་གསུངས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་ཞེས་པོ་འཇིག་རྟེན་གྱི་ཁམས་འདོར་མདོ་སྡེ་ཟབ་མོ་འདི་འཆད་པ་ན། གཞན་ན་གནས་པ ་རྣམས་འདིར་འདུས་ཞེས་པའོ།། དེ་ལ་ཞིང་ནི་ལོངས་སྤྱོད་རྫོགས་པའམ་སྤྲུལ་པའི་སྐུས་ཞིང་འདུལ་བའི་ཞིང་ཁམས་སོ།། ཏིང་ངེ་འཛིན་ཞེས་པ་ལ་སོགས་པས་དེ་རྣམས་ཀྱི་ཡོན་ཏན་སྟོནདེ་ལ་དགེ་བའི་རྩེ་གཅིག་པའི་ཏིང་ངེ་འཛིན ་ཏེ། དཔའ་བར་འགྲོ་བ་དང་། རིན་ཆེན་ཕྱག་རྒྱ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་རྒྱས་པར་བསྟན་པ་རྣམས་སོ།། དེ་བཞིན་དུ་དབང་བཅུ་དང་། སྟོབས་ལྔའམ་བཅུ་དང་། མངོན་པར་ཤེས་པ་དྲུག་སྟེ། ཡུལ་ལ་སོགས་པས་ཕྱེ་ན་རྫས་དུ ་མར་འགྱུར་བས་དུ་མ་ཞེས་པའོ།། འདི་རྣམས་ཀྱི་དོན་ཞིབ་ཏུ་ནི་འོག་ནས་བསྟན་པར་བྱའོ།། རྣམ་པར་རོལ་ཞེས་པ་ནི་རྣམ་པར་རྩེ་ཞིང་ལོངས་སྤྱོད་པའོ།། བློ་གྲོས་ཆེན་པོ་ལ་སོགས་ཞེས་པ་ནི་འཁོར་གྱི་གཙོ་བོའི་མོའི་སྨོས་པ་སྟེ། མཐའ་གཉིས་སྤོངས་པ་དེ་ཁོ ་ན་ཟབ་མོ་དང་། ཐབས་ཀྱི་ཡུལ་ཡངས་ཤིང་རྒྱ་ཆེ་བ་རྟོགས་པའི་བློ་གྲོས་དང་ལྡན་པས་བློ་གྲོས་ཆེན་པོ་ཞེས་པའོ།། དེ་རྣམས་ཀྱང་ཞིང་ཐ་དད་ན་གནས་པའི་སངས་རྒྱས་རྣམས་ཀྱི་ཕྱག་གླབ་པོའི་སྣ་ལྟ་བུ་དབུལ་གཞག་ཅིང་གཟུངས་དང་སྤོབས་པ་ཁྱད་པར ་ཅན་དུ་བྱིན་གྱིས་བརླབས་པ་ནི་དབང་བསྐུར་བ་སྟེ་འོག་ནས་གསལ་བར་སྟོན་པར་འགྱུར་རོ།། བདག་གི་སེམས་སྣང་བ་ཞེས་པ་ལ་སོགས་པའི་དོན་ནི། སྣ་ཚོགས་སུ་སྣང་བ་སེམས་ལས་ཕྱི་རོལ་དུ་གྱུར་པའི་དོན་མེད་དེ། ཀུན་རྗེབ་དུ་སེམས་ཉིད་ཡིན་ཞིང ་སེམས་ཀྱི་རང་བཞིན་ཡང་སྤྲོས་པ་དང་བྲལ་ཞིང་འོད་གསལ་བས་ཏེ། དེ་ལྟ་བུའི་རང་བཞིན་རྟོགས་ཤིང་མངོན་དུ་བྱས་པའོ།། དེས་ཀྱང་རང་གི་དོན་ཕུན་སུམ་ཚོགས་པ་ཉིད་བསྟན་ལ། སེམས་ཅན་གྱི་ཞེས་པ་ལ་སོགས་པས་གཞན་གྱིས་དོན་ཕུན ་སུམ་ཚོགས་པ་ཉིད་སྟོན་ཏེ། ཕ་རོལ་གྱི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པ་ཉིད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པས་སེམས་མངོན་དུ་རྒྱུ་བ་དང་བག་ལ་ཉལ་ཕྲ་མོ་རྣམ ་མཁྱེན་ཅིང་དེ་རྣམས་གཟུགས་ཀྱི་རྣམ་པ་གང་དང་གང་གིས་འདུལ་བར་འགྱུར་བ་དང་། ཆོས་བསྟན་པའི་ཚུལ་ལུགས་མི་འདྲ་བ་སྣ་ཚོགས་ཀྱིས་འདུལ་བར་འགྱུར་བའི་འདུལ་པོའི་རྣམ་པ་ཐ་དད་པའི་ཆ་བྱེད་འཆང་ཞེས་པ་སྟེ། ང་འདྲ་བ་སྣ་ཚོགསུ་སྟོན་མཁྱེན ་པའོ།། དེ་ལྟར་བསྟན་པས་ཀྱང་སྔར་གྱི་བློ་གྲོས་ཆེན་པོ་ཞེས་པའི་དོན་གསལ་བར་བྱས་པའོ།། གཞན་ཡང་ཆོས་ལྔ་ཞེས་པ་ལ་སོགས་པ་ནི་འོག་ནས་སྟོན་པར་འགྱུར་རོ།། ཁོང་དུ་ཆུད་པར་རྟོགས་ཞེས་པ་ནི་སོ་སོ་རང་རིགས་པའི་ཚུལ་དུ་མངོན་དུ་བྱས་ཞེས་པའོ།། ་དེ་འདྲ་བའི་བྱང་ཆུབ་སེམས་དཔའ་དག་གི་ཚོགས་ཆེན་པོ་དང་བཅོམ་ལྡན་འདས་ཐོབས་གཅིག་ཏུ་བཞུགས་ཞེས་པའོ།། དེ་ལྟར་ཚིགས་གི་དོན་བསྟན་ནས་བརྒལ་བ་དང་ལན་ནི་ཕལ་ཆེར་རང་རང་གི་དོན་བཤད་པའི་སྐབསུ་བསྟན་ལ། གཞན་ཡང་འདིར་བདག ་གིས་ཐོས་གོ་ཞེས་པའི་ཚིག་མི་འཐད་དེ། བཅོམ་ལྡན་འདས་ཀྱིས་སུམ་ཅུ་རྩེ་གསུམ་ལ་སོགས་པ་ལྷའི་ཡུལ་དང་། འཇིག་རྟེན་གྱི་ཁམས་གཞན་དུ་གསུངས་པའི་མདོ་སྡེ་ཡང་ཡོད་ལ། དེ་ནི་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་མ་ཐོབ་པ་ཀུན་དགའ་བོའི་ཡུལ་མ ་ཡིན་ལ། འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་སྡུད་པར་བྱེད་པ་ནི་དེ་ཆོས་ཆེ་རྣམས་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཤིང་དང་སིལ་སྙན་ལ་སོགས་པ་ལས་ཆོས་ཀྱི ་སྒྲ་བྱུང་བ་ཡང་དེས་བསྟན་པ་ཡིན་པ་ལྟར། གང་ཟག་དག་གིས་དེ་རྣམས་ཐོས་པ་ཡང་དེ་བཞིན་གཤེགས་པ་ལས་ཐོས་པ་སྟེ། དེས་ན་དེ་བཞིན་གཤེགས་པས་ཡུལ་གཞན་དུ་གསུངས་པའི་མདོ་སྡེ་བྱང་ཆུབ་སེམས་དཔའ་གཞན ་ངག་གིས་ཐོས་ཤིང་རྟོགས་ལ། དེ་ལྟར་རྟོགས་པ་ཡང་ཁྱད་པར་དུ་བྱིན་གྱིས་བརླབས་ཤིང་། དེས་བསྟན་པའི་མདོ་སྡེ་ཀུན་དགའ་བོས་ཐོས་པ་ཡང་དེ་བཞིན་གཤེགས་པ་ཉིད་ལ་ཐོས་པའོ།། རྣམ་པ་གཅིག་ཏུ་ན་ཀུན་དགའ་བོ་ནི་ཆོས་འཛིན་པའི་མཆོག ་ཡིན་པའི་ཕྱིར་སྔར་གཞན་ལས་ཐོས་པའི་དོན་རྣམས་དེས་པ་ཉིད་དུ་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཉིད་ལས་ཞུས་ཤིང་ཐེ་ཚོམ་བཅད་པས་བདག་གིས་ཐོས་ཞེས་པའི་དོན་ལ་མི་འཐད་པ་མེད་དོ།། གཞན་ཡང་འདིར་གང་གིས་ཚེ་གང་ལས་ཐོས་ཞེས་པ་ལ་སོགས ་པའི་དོགས་པ་བསལ་བའི་དོན་དུ་དུས་དང་གནས་ལ་སོགས་པ་བསྟན་པ་ནི་གདུལ་བྱའི་ཁྱད་པར་རྗེས་སུ་གཟུང་བའི་དོན་དུ་སྡུད་པ་པོའི་སྟོན་པ་དེ་བཞིན་གཤེགས་པ་ལས་ཐ་དད་པ་ཉིད་དུ་བསྟན་པའི་དབང་དུ་བྱས་ཏེ་བཤད་པ་དྲང་བའི་དོན་གྱི་གླེང་གཞི་ཡིན ་པས་སྔར་བསྟན་པ་ལྟར་ངེས་པའི་དོན་གྱི་དཔྱད་དུ་བྱས་ན་དེ་བཞིན་གཤེགས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ་ཞེས་བསྟན་པ་དང་འགལ་བ་མེད་པར་ཤེས་པར་བྱའོ།། གལ་ཏེ་དེ་ལྟར་ན་གནས་ཀྱི་ཁྱད་པར་དེ་བཞིན་གཤེགས་པ་འཁོར་རྣམས་དང་ལྷན་ཅིག་ཏུ ་ཐོག་པ་ཉིད་ནས་བཞུགས་པ་ཡིན་ནམ། འོན་ཏེ་ཡུལ་གཞན་ནས་བྱོན་པ་ཡིན་སྙམ་དུ་དོགས་པ་བསལ་བའི་ཕྱིར་ཡང་དེའི་ཚེ་ན་ཞེས་པ་ལ་སོགས་པ་སྟེ། ཚིག་གི་མཚམས་སྦྱོར་བ་ཉིད་དུ་ཤེས་པར་བྱའོ།། དེའི་དོན་ཡང་སྔར་ནས་བཞུགས་པ་མ་ཡིན་གྱི། བ ་ལྡན་འདས་ཀྱིས་རྒྱ་མཚོ་ཀླུའི་ཡུལ་དུ་ཀླུའི་རྒྱལ་པོ་རྣམས་རྗེས་སུ་གཟུང་བའི་དོན་དུ་ཞག་བདུན་བཞུགས་ནས། ཡང་སྲིན་པོའི་རྒྱལ་པོ་འབོད་འགྲོགས་ལ་སོགས་པ་རྗེས་སུ་གཟུང་བའི་དོན་དུ་སྔར་གྱི་གནས་དེ་ནས་བྱོན་ནས་གནས་ཀྱི་ཁྱད་པར་འདི་ཉིད་ན ་བཞུགས་ཞེས་པའོ།། འདི་རྣམས་ཀྱི་ནི་སྔར་གླེང་གཞི་བསྟན་པའི་རྗེས་ལ་མདོ་སྡེའི་ལུས་རྣམ་པར་འགོད་པ་སྟེ། དེ་ཡང་ལེའུ་རྣམ་པ་བརྒྱད་ཀྱི་སྒོ་ནས་སྟོན་ལ། དེ་རྣམས་ཀྱི་དོན་བསྡུས་པ་ནི་རྣམ་པ་བཞི་སྟེ། ཤེས་པར་བྱ་བའི་དོན་རྒྱས་པར་བསྟན་པ་དང་། ་དེ་རྣམས་ཀྱི་དོན་བསྡུས་པ་སེམས་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་འམ་རིགས་ཉིད་ཡིན་པར་བསྟན་པ་དང་། དེ་ཉིད་ཀྱི་དྲི་མ་སྦྱོང་བར་བྱེད་པ་མངོན་པར་རྟོགས་པ་ལམ་གྱི་བྱེ་བྲག་བསྟན་པ་དང་། སྦྱངས་པས་རྣམ་པར་དག་པ་ཐོབ་པ་གནས་སྐབས ་དང་མཐར་ཐུགས་པའི་འབྲས་བུའོ།། དེ་ལས་དང་པོ་འབོད་འཕྲོགས་ཀྱིས་གསོལ་བ་བཏབ་པའི་ལེའུ་སྟེ། འདིས་ཀྱང་ཤེས་པར་བྱ་བའི་རང་བཞིན་ཉིད་སྟེན་ཏོ།། དེ་ལ་དང་པོ་དེ་བཞིན་གཤེགས་པས་ཆོས་སྟོན་པའི་ལྷས་བསྟན་པ་ནི་འཛུམ་པ་མཛདོ་ཞེས ་པའི་བར་གྱིས་ཏེ། དེ་ལ་ཡང་དེའི་ཚེ་ན་ཞེས་པ་ནི་ཀླུའི་རྒྱལ་པོ་ལ་སོགས་པ་གདུལ་བའི་དོན་དུ་ཟབ་མོ་ཉེ་བར་བསྟན་ནས་ཡང་སྲིན་པོའི་རྒྱལ་པོ་གདུལ་བའི་དོན་དུ་སྟོན་ཞེས་པ་བསྡུ་བའི་ཚིག་གོ།། དེའི་ཚེ་ན་ཞེས་པ་ནི་འབོད་གྲོགས་ལ་སོགས་པ་འདུལ་བའི ་དུས་ལ་བབ་པ་ཉིད་དུ་ཐུག་སུ་ཆུད་པ་དེའི་ཚེ་ན་ཞེས་པའོ།། ཚིག་གི་དོན་གཞན་ནི་ཤེས་པར་ཟད་དོ།། སྔོན་གྱི་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པའི་དོན་ནི་སྔོན་གྱི་དུས་སུ་སངས་རྒྱས་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཞེས་པ་ནི་སངས་རྒྱས་ལ་ཐོག ་མ་མེད་པ་སྟོན་འདས་པའི་སངས་རྒྱས་རྣམས་ཀྱིས་སེམས་ཅན་བསྒྲལ་བའི་ཕྱིར་མདོ་སྡེ་བཅུ་གཉིས་ཀྱི་དོན་རྟོགས་ཤིང་གསུངས་པ་དེ་བཞིན་དུ་དེ་དག་གི་རྗེས་སུ་བྱུང་བ་རྣམས་ཀྱིས་ཀྱང་རྟོགས་ཤིང་གསུངས་པས་ན་དེ་བཞིན ་གཤེགས་པ་ཞེས་བྱའོ།། ཡང་སངས་རྒྱས་སྔ་མ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་མཆོག་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་བཅུ་གཅིག་གི་ལམ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་གཤེགས་ཏེ། ཕྱི་མ་རྣམས་ཀྱང ་དེ་བཞིན་དུ་གཤེགས་པ་དང་། ཡང་སྔ་མ་རྣམས་སེམས་ཅན་འདུལ་བའི་ཐབས་ལ་མཁས་པ་དེ་ཉིད་ཀྱིས་ཐེག་པ་གསུམ་ལ་སོགས་པ་སྟོན་ཅིང་སྐུ་ཚེའི་ཚད་ཀྱང་དཔག་ཏུ་མེད་པ་སྟེ། ཕྱི་མི་རྣམས་ཀྱང་དེ་བཞིན་དུ་འཇུག་པས་དེ་བཞིན་གཤེགས་པའོ།། ་འདི་ནི་མི་འཐད་དེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་སྐུ་ཚེ་ཚད་ཐུང་བ་ཉིད་ཀྱི་ཕྱིར་རོ་ཞེས་ན། མ་ཡིན་ཏེ། སྔར་བསྟན་པ་ལྟར་འཆི་བདག་གི་བདུད་བཅོམ་པས་སྐུ་ཚེ་ལ་མངའ་བརྙེས་པ་ཉིད་ཀྱི་ཕྱིར་རོ།། ཐུང་བར་བསྟན་པ་ནི་གདུལ་བྱ་བྱེ་བྲག ་པའི་དོན་དུ་དེ་ལྟར་སྣང་བ་ཙམ་འབའ་ཞིག་དུ་ཟད་དོ།། དགྲ་བཅོམ་པ་ཞེས་པ་ལ་འདིར་འཇིག་རྟེན་པའི་ཆོས་ཐམས་ཅད་ནི་དགྲ་ཞེས་བྱ་སྟེ། དེ་རྣམས་བཅོམ་པའི་ཕྱིར་རམ་ཡང་ན་བདུད་བཞི་ནི་དགྲ་སྟེ་དེ་རྣམས་བཅོམ་པའམ། གཞན་ཡང་བྱང་ཆུབ ་སེམས་དཔའི་ཚེ་ན་ཉོན་མོངས་པ་ཚད་མེད་པ་རྣམས་ཡོངསུ་སྤངས་པས་ན། དགྲ་བཅོམ་པ་ཞེས་བྱའོ།། དེ་ལ་འདིར་ཆོས་ཀྱི་སྐུའི་ཡེ་ཤེས་མངོན་དུ་བྱས་པའི་དུས་ན་ཡང་བྱ་དང་གཉེན་པོ་ལ་སོགས་པའི་སྤྲོས་པ་དང་བྲལ་བས་སྔར་བྱང་ཆུབ་སེམས་དཔའི་ཆེན ་ཉོན་མོངས་པ་ཆད་མེད་པ་རྣམས་ཡོངསུ་སྤངས་ཞེས་སྨོས་བླ་བྱས་སུ་ཟད་ཀྱི། དེ་རྣམས་སྤངས་པའི་རྒྱུན་རྒྱུད་ནི་སངས་རྒྱས་པའི་གནས་སྐབས་ན་ཡང་མེད་པའོ།། གནས་གཞན་ཡང་དགྲ་ན་སྡུག་བསྔལ་བ་སྟེ། སྔར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་གནས་སྒྲུབ ་ན་སེམས་ཅན་གྱི་དོན་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་པོ་མྱོང་ཡང་མི་བདེ་བ་མེད་པ་སྟེ། རྟག་ཏུ་བདེ་བའོ།། སངས་རྒྱས་པའི་གནས་སྐབས་ན་ཡང་དེ་དང་འདྲ་བས་ན་དགྲ་བཅོམ་པ་ཞེས་བྱའོ།། ཡང་འདིར་ཨ་ར་ཧ་ན་ཞེས་པ་ལ་ཨ་ར་ཞེས་པའི་དོན་ནི་འོས ་པ་ཉིད་ལ་འཇུག་ལ། དེས་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མེ་ཏོག་དང་། ཕྲེང་བ་ལ་སོགས་པ་དང་རོལ་མོ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་བོས་ཤིང་མངོད་པས་ན་དགྲ་བཅོམ་པོ་ཞེས་བྱའོ།། ཡང་དག་པ་ཞེས་པ་ནི་ཕྱིན་ཅི་མ་ལོག་པའོ།། རྫོགས ་པ་ཞེས་པ་ནི་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཏུ་ཕྱིན་ཅི་ལྡོག་པ་རྣམ་པ་བཞི་མ་རྟོགས་པ་མེད་ཅིང་དེ་ཉིད་ཀྱི་ཕྱིན་ཅི་མ་ལོག་པའི་རྟོགས་པ་རྫོགས་པས་ན་ཡང་དག་པར་རྫོགས་པ་ཞེས་བྱའོ།། གཞན་ཡང་ཡང་དག་པ་ཞེས་པ་ནི་འཇིག་རྟེན་ཐ་མལ ་པའི་གནས་སྐབས་ན་སྣང་ཞིང་གྲགས་པ་རྣམས་རང་བཞིན་སྟོང་པ་ཉིད་དུ་རོ་གཅིག་ཅིང་། དེ་ལྟར་སྟོང་པ་དང་སྣང་བ་ཟུང་དུ་འཇུག་པ་འཇིག་རྟེན་པའི་དབུ་མའོ།། རྫོགས་པ་ཞེས་བྱ་བ་ནི་དེ་ལྟར་སྤྱིའི་ཚུལ་དུ་རྟོགས་ཤིང་སྒོམ་པ་ལམ་ལ་ནན་ཏན་དུ་བྱས་ན་ངེས ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པར་འགྱུར་བའོ།། རྣམ་པ་གཅིག་ཏུ་ན་ཡང་དག་པར་རྫོགས་པ་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་ཅེས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཀྱང་དེ་རྣམས་ཀྱི་རྣམ་གྲངས་རྣམས་རྫོགས་པ ་ཉིད་དུ་ཤེས་པས་ཡང་དག་པར་རྫོགས་པ་ཙམ་ཡིན་ལ། རྣམ་པ་ཐམས་ཅད་དུ་ཇི་ལྟ་བ་བཞིན་རྫོགས་པར་ཤེས་པ་ནི་མ་ཡིན་ཏེ། བསྐལ་པ་ཚད་མེད་པའི་བར་དུ་གཟུགས་ཀྱི་ཕུང་པོ་གཅིག་པུ་ལ་རྟོག་ཀྱང་རྫོགས་པར་མི་ཤེས་པས་དེ་དག ་ནི་ཡང་དག་པར་རྫོགས་པ་ཞེས་མི་དུའོ།། སངས་རྒྱས་ཞེས་པ་ནི་ཚོར་བའམ་རིག་པའི་དོན་ཏེ། བདག་ཉིད་ཀྱང་ཚེར་ལ་གཞན་ཡང་ཚོར་བར་བྱེད་པའོ།། དེས་ན་ཚད་མེད་པའི་ཉོན་མོངས་པ་ཐམས་ཅད་ཚོར་ཏེ། དེ་ལྟར་ཚོར་བས་ཉོན་མོངས་པ་ཐམས་ཅད་ཀྱིས་མི ་ཚུགས་ཏེ། ཇི་ལྟར་འགའ་ཞིག་གི་ཁྱིམ་དུ་རྐུན་པོ་འོང་བ་ཚོར་ན་དེས་མི་ཚུགས་པ་བཞིན་ནོ།། དེ་བས་ན་སངས་རྒྱས་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་སྟེ་རྒུན་འཆིའི་སྡུག་བསྔལ་སྤངས་པའི་ཕྱིར་ན་ཡང་སངས་རྒྱས་ཞེས་བྱའོ།། སྐབས་ཀྱི་བཤང་བ་འདི་རྣམས་ནི ་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་བཅོམ་ལྡན་འདས་ཉིད་ཀྱིས་བཤད་པའོ།། གལ་ཏེ་ཉོན་མོངས་པོས་མི་ཚུགས་པོ་ལ་སོགས་པ་ནི་དགྲ་བཅོམ་པ་རང་སངས་རྒྱས་ལ་ཡང་ཡོད་པས་དེ་དག་ཀྱང་སངས་རྒྱས་ཉིད་དུ་འགྱུར་རོ་ཞེ་ན། ་མ་ཡིན་ཏེ། དེ་དག་གིས་ནི་མ་རིགས་པའི་གནས་ཀྱི་སའི་ཉོན་མོངས་པ་མ་སྤངས་པ་ཉིད་དུ་གསུང་རབ་ཀྱི་ཕྱོགས་གཞན་ལས་བཤད་ཅིང་། འདི་ཉིད་དུ་ཡང་ཉོན་མོངས་བྲག་ཆགས་རྣམས་དང་འབྲེལ་ཞེས་འོག་ནས་སྟོན་པར་འགྱུར་བས་སོ།། ཡང་གལ་ཏེ། ་དགྲ་བཅོམ་པ་ལྷག་མ་མེད་པར་མྱ་ངན་ལས་འདས་པ་ན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མེད་པའི་ཕྱིར་སངས་རྒྱས་ཉིད་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་ཡང་རེ་ཞིག་པ་མེད་པའི་དབྱིངས་ན་གནས་ཤིང་ཉེ་བར་ཞི་བ་ཙམ་ཡིན་གྱི་རྟག་ཏུ་དེ་ལྟར་གནས་པ་ནི་མ ་ཡིན་ཏེ། འདི་ལ་མཐར་ཐུག་ཡོད་མེད་ཅིང་ཞེས་པ་ལ་སོགས་པ་འོག་ནས་སྟོན་པས་སོ།། ཡང་དེ་བཞིན་གཤེགས་པ་ཞེས་པའི་དོན་ནི་བདག་ཉིད་ཀྱི་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་། གཞན་ལ་ཡང་དེ་བཞིན་དུ་སྟོན་པས་དེ་བཞིན་གཤེགས ་པ་སྟེ། ཇི་སྐད་དུ། ཆོས་ཀྱི་དེ་ཉིད་ཡང་དག་རྟོགས།། དེ་ཉིད་ལམ་ནི་སྟོན་བྱེད་པ།། དེ་ནི་དེ་བཞིན་གཤེགས་པར་རྗོད།། ཅེས་གསུངས་པ་དང་། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་།། དེ་བཞིན་སླར་ཡང་གཤེགས་པ་ཉིད།། འདིས་ནི་ཤེས་རབ་རིགས་པ ་ཡིས།། དེ་བཞིན་གཤེགས་ཞེས་བརྗོད་པར་བྱ།། ཞེས་གསང་བ་བླ་ན་མེད་པའི་རྒྱུད་དག་ལས་གསུངས་པའི་ཕྱིར་རོ།། ཡང་སངས་རྒྱས་ཞེས་པའི་དོན་ཡང་། གང་གིས་ཆོས་རྣམས་མ་ལུས་པ།། དངོས་པོ་མེད་པར་རྟོགས་འགྱུར་ཞིང་།། ཆོས་རྣམས ་གཙང་བར་རྟོགས་འགྱུར་བ།། དེ་ཕྱིར་སངས་རྒྱས་ཞེས་སུ་བརྗོད།། ཞེས་མདོ་ལས་གསུངས་ཏེ། བཙང་མ་ཞེས་པོའི་དོན་ནི་ཆོས་ཉིད་གློ་བུར་གྱི་དྲི་མ་མཐའ་དང་བྲལ་བ་ཐུགསུ་ཆུད་པའོ།། དེས་ན་སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པའི་བདག་ཉིད་ལ ་སངས་རྒྱས་ཞེས་བྱའོ།། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། ས་བཅུ་དག་ནི་རབ་ཏུ་འདས།། དབང་གི་རྣམ་པ་ཁོང་དུ་ཆུད།། ཆོས་རྣམས་སྟོང་པ་མཚན་མེད་པར།། གང་གིས་འདིར་ནི་རབ་རྟོགས་པ།། དེ་ནི་སངས་རྒྱས་ཞེས་བརྗོད།། ཅེས ་གསུངས་སོ།། ཀྱང་ཞེས་པ་ནི་བསྡུ་བའི་དོན་ཏོ།། ས་བོན་སྤངས་པས་སྡིག་པ་ལས་རིང་དུ་སོང་བའི་ཕྱིར་འཕགས་པའོ།། སེམས་ལས་དོན་གཞན་དུ་འགྱུར་བའི་ཆོས་མེད་ཅིང་ཤེས་པ་ཉིད་ཀྱང་ཕན་ཚུན་ཐ་དད་པ་ནི་མྱོང་བ་མེད་དེ། གཟུང་བ་དང་འཛིན་པའི ་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ།། དེས་ན་སོ་སོར་རང་རང་གི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་བོང་གསལ་བས་སོ་རང་རིག་པའི་ཚུལ་དུ་རྟོགས་པས་སོ་སོ་རང་གིས་རིག་པའི་ཡེ་ཤེས་སོ།། དེ་སྐད་དུ་ཡང་། དེ་ཉིད་ཤེས་ཕྱིར་ཡེ་ཤེས་དང་། ཞེས་པ་ལ ་སོགས་པ་གསུངས་པའི་ཕྱིར་རོ།། རྒྱས་པར་ནི་འོག་ནོས་སྟོན་པར་འགྱུར་རོ།། དེ་འདྲ་བའི་ཡེ་ཤེས་དེ་ཉིད་རྟོག་གེའི་ལྟ་བ་མུ་སྟེགས་ཅན་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གཟིགས་པའི་ལུང་ལ་མི་བརྟེན་པར་རྒྱུ་མཚན་ཕྱོགས་གཅིག་པ་ལ་བརྟེན་ནས་རང་དགའ་བའི་འདོད ་བས་གང་ཟག་གི་བདག་ལ་སོགས་པར་ལྟ་བའི་མུ་སྟེགས་ཅན་དང་། གཞན་གྱི་སྒྲ་ལ་བརྟེན་ན་རང་ཉིད་ཐར་པ་ཐོབ་པར་འདོད་ཅིང་། འབྲས་བུའི་གནས་སྐབས་ན་ཡང་ཐར་པ་ཐོབ་པ་ཉིད་དུ་རློམ་སེམས་པ། ཕུང་པོ་ལ་སོགས་པ་ཆོས་ཀྱི་བདག་ཉིད་དུ་སྒྲོ་འདོགས་པའི་གདུལ ་བྱརྣམས་ལ་སྒྲ་དང་བཅས་པའི་ཆོས་སྟོན་པ་སྟེ། ཉན་ཐོས་སམ་ཐོས་སྒྲོགས་ཞེས་སྣང་བྱའོ།། ང་སངས་རྒྱས་ནི་གཞན་གྱི་སྦྲུལ་མ་བརྟེན་པར་རང་བྱང་ཆུབ་དུ་སངས་རྒྱས་པ། གང་ཟག་གི་བདག་མེད་པ་དང་གཟུང་བ་རང་བཞིན་མེད་པར་རྟོགས་པ་སྟེ། གཞན་ལ་ཡང་རྗོད་པ་མེད ་པར་ཆོས་སྟོན་པའོ།། འཕགས་པ་ཞེས་པ་ནི་ས་བདུན་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་སྟེ། ཇི་སྲིད་དུ་ཉོན་མོངས་པ་ཅན་གྱི་ཡིད་གནས་མ་གྱུར་པས་ཅུང་ཟད་བདག་ཏུ་ལྟ་བ་དང་བཅས་པ་ལ་སོགས་པ་ཆོས་ཐམས་ཅད་ཀྱིས་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན ་མ་རྫོགས་པ་ཉིད་དུ་འོག་ནས་སྟོན་པར་འགྱུར་ཏེ། དེས་མ་དེ་དག་གི་སྤྱོང་ཡུལ་མ་ཡིན་པའོ།། དེ་དག་གིས་བསྒོམས་ཞེས་པ་ནི་སངས་རྒྱས་རྣམས་ཀྱིས་ཞེས་པ་དང་སྦྱར་ཏེ། དེ་དག་གི་སོ་སོ་རང་རིགས་པའི་ཚུལ་དུ་བསྒོམས་པའི་ཆོས་རིའི་རྩེ་མོ་འདིར་བསྟན་ཏེ། ་ངས་ཀྱང་གནས་དེ་ཉིད་དུ་གནོད་སྦྱིན་གྱི་བདག་པོ་འབོད་གྲོགས་ལ་སོགས་པས་རྟོགས་པར་བྱ་བའི་ཕྱིར། སོ་སོ་རང་རིག་གི་ཆོས་དེ་ཉིད་བསྐྲད་ཅིང་ཆོས་བསྟན་ཞེས་པ་སྟེ་རྣམ་གྲངས་ཉིད་དུ་རྟོགས་པའོ།། ཡང་ན་ཟབ་མོ་དེ་ཉིད་བསྙད་ཅིང་གསུང་རབ་ཀྱི་ཆོས ་ཀྱི་ཚུལ་བསྟན་ཞེས་པའོ།། གལ་ཏོ་དེ་ནི་སྒྲ་དང་རྣམ་པར་རྟོགས་པའི་ཡུལ་ལས་འདས་པས་བསྟོད་ཅིང་སྟོན་པ་མི་འཐད་དོ།། ཞེ་ན་བདེན་མོད་ཀྱི་དེ་ལྟར་གདུལ་བྱི་རྣམས་ལ་སྟོན་པའི་སྐུ་དང་གསུང་དུ་སྣང་བ་བྱུང་ཞིང་། དེ་ལས་ཀྱང་གདུལ་བྱ་འགའ་ཞིག་གིས ་སྤྱིའི་རྣམ་པའི་ཚུལ་དུ་སྣང་བ་ཐོས་པ་དང་བསམ་པའི་ཤེས་རབ་ལས་བརྒྱུད་ནས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་ལ། འགའ་ཞིག་གིས་ནི་ཆོས་སྟོན་པའི་སྐུར་སྣང་པོས་རྐྱེན་བྱས་ཤིང་སྦྱར་བསྒོམས་པའི་རྒྱུ་ལས་སོ་སོར་རང་རིག་པའི་དེ་ཁྱོར ་ཉིད་མངོན་སུམ་དུ་འགྱུར་བ་སྟེ། ཇི་སྐད་དུ་ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་གྲངས་འདི་སྙེད་ཅིག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་བོ་ཞེས་གསུངས་པ་ལྟ་བུའོ།། གལ་ཏེ་གནོད་སྦྱིན་འབོད ་འགྲོགས་ལ་སོགས་པ་ནི་ཤའ་ཟས་ལ་མངོན་པར་དགའ་བ། སེམས་ཅན་ཚེ་བའི་བསམོ་པ་ཅན་མ་ཡིན་ནམ། ཇི་ལྟར་ན་ཆོས་ཟབ་མོ་བསྟན་པའི་སྣོད་དུ་འགྱུར་ཞེ་ན། མུ་ཡིན་ཏེ། འབོད་གྲོགས་དང་ནོར་བུ་བཟང་པོ་ལ་ཡོགས་པ་གནོད་སྦྱིན་གྱི་བདག་པོ ་རྣམས་ནི་སྔོན་རྒྱལ་བ་ལ་བསྙེན་བཀུར་བྱས་ཤིང་ཚོགས་ཡོངས་སུ་བསགས་པ། སྒྱུ་མའི་རྣམ་པར་ཐར་པ་ཐོབ་པ། གནས་གསུམ་དུ་རྣམ་པར་རྒྱལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། ས་བརྒྱད་པ་ལ་སོགས་ལའི་དབང་ཕྱུག་ཡིན་ཏེ། དེ་ལྟ་ན་ཡང ་སའི་ལྷག་མ་རྣམས་རྟོགས་པར་བྱ་བའི་ཕྱིར་དེ་དག་ལ་ཆོས་ཟབ་མོ་སྟོན་པའོ།། དེའི་རྒྱུ་མཚན་ཡང་འབོང་གྲོགས་ཀྱིས་རང་གིས་ལུས་རགས་པ་སྤངས་ནས། ཨིནྡྲ་ནཱི་ལའི་མགོ་གླང་ཅན་གྱི་པི་བང་གི་ཁོག་པར་རང་ཉིད་ཞུགས་ཏེ་ཞེས ་པ་ལ་སོགས་པ་གསུངས་པའི་ཕྱིར། ཞེས་སློབ་དཔོན་ཡེ་ཤེས་དཔལ་བཟོང་པོས་བཤད་དོ།། གཞན་ཡང་ལང་ཀའི་བདག་པོ་གནས་ཤིན་ཏུ་གྱུར་ཞེས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཉིད་དུ་ཐུག་སུ་ཆུད་ཅེས་གསུངས་པས་འདིས་བརྒྱུད་པ་ལ་སོགས ་པ་ཡིན་པར་མངོན་ནོ།། གལ་ཏེ་ཇི་ལྟ་ན་སྔོན་གྱི་དུས་སུ་གཏོགས་འདོད་དགའ་བ་ཅན་ཞེས་པར་ཡང་གྲགས་པ་ལྷའི་རྒྱལ་པོ་ར་མཱ་ཎས་སྲིན་པོའི་རྒྱལ་པོ་འབོ་གྲོགས་བསད་དོ་ཞེས་གཏམ་རྒྱུད་རྙིང་པ་དག་ལས་གྲགས་ཤིང་གྲུབ་པས་མི་འཐད་དོ་ཞེ་ན། སྐྱོན་མེད ་དེདེ། དེ་ནི་གཏོགས་འདོད་ཀྱིས་འདུལ་བའི་སེམས་ཅན་དྲག་པོ་ལ་མངོན་པར་དགའ་བ་རྣམས་རྗེསུ་གཟུང་བའི་དོན་དུ་གཏོགས་འདོད་ཉིད་དུ་འམ་དེ་ལས་གཞན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྲུལ་པ་སྟེ། ཇི་ལྟར་གསང་བའི་བདག་པོ ་དཔལ་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ལ་སོགས་པ་དྲག་པོའི་གཟུགས་ཉིད་དུ་གདུལ་བྱ་རྣམས་ལ་སྟོན་པ་དང་མཚུངསོ།། གལ་ཏེ་དེ་ལྟར་ན་འབོད་གྲོགས་ཀྱིས་འཇིག་རྟེན་པའི་ལྷ་ཆེན་པོ་ལ་མཆོད་པ་ལ་སོགས་པ་བྱེད་པ་མི་འཐད་དོ་ཞེ་ན། མ ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ས་བཅུ་པ་ཐོབ་པ་རྣམས་ནི་དབང་ཕྱུག་ཆེན་པོའི་གཟུགསུ་སྟོན་པས་དེ་ལ་འབོད་གྲོགས་ཀྱིས་མཆོད་པ་ལ་སོགས་པ་བྱེད་པ་འགལ་བ་མེད་དོ།། དེ་ལྟ་ན་ལྷ་མོ་ཨུ་མ་དང་རོལ་ཅིང་འདོད་པའི་ཡོན་ཏན་རྣམས་ལ་ལག ་མེད་པར་སྤྱོད་པ་མི་འཐང་དོ་ཞེ་ན། སེམས་ཅན་རྗེས་སུ་གཟུང་བའི་དོན་དུ་དེ་ལྟར་འཕྲུལ་པ་སྟོན་པ་མི་འགལ་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ཉིད་ཀྱིས་གཞོན་ནུ་རོལ་རྩེད་མཛད་པ་ལ་སོགས་པར་སྟོན་པ་དང་མཚུང་སོ།། གཞན་ཡང་དེ་ལྟར་ཡིན་པའི་རྒྱུ་མཚན་ནི ་དབང་ཕྱུག་ཆེན་པོས་སྨྲས་པའི་གཞུང་ལས། དངོས་པོ་མེད་ལས་ཐར་བར་སྤྲས། འཆིང་བ་དངོས་པོར་རྟོགས་པ་ལས།། དེ་བས་དངོས་པོ་ཡོངས་སྤངས་ཏེ།། སྟོང་པའི་དངོས་པོ་གནས་པར་བྱ།། ཞེས་ཟབ་མོའི་དོན་སྨྲས་པའི་ཕྱིར་རོ།། འདིར་དྲང་སྲོང་འབལ་མི་ཀ་ལ་སོལ ་པ་ཕྱི་རོལ་པ་རྣམས་ཀྱི་ཨུ་མའི་བདག་པོ་འདོད་པའི་ཡོན་ཏན་ལ་རྗེསུ་ཆགས་ཤིང་རོལ་པ་མཐུ་དང་ལྡན་པ་ཉིད་དུ་རང་དགར་བརྟགས་པ་ནི་མ་ཡིན་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ལ་རྒྱལ་པོ་ཟས་གཙང་གི་སྲས་ས་འཚོ་མིའི་བདག་པོ་ལ་སོགས་པར་བརྟགས་པ་ནི ་དེའི་རང་བཞིན་མ་ཡིན་པ་དང་མཚུངསོ།། གཞན་ཡང་འབལ་མི་ཀའི་ཚིག་ལ་ཡིད་ཆེས་པར་མི་རུང་སྟེ། དེའི་གཙུགས་ལག་ལས་སྔོན་གྱི་དུས་སུ་ཁྱབ་འཇུག་གི་ཕྱོགསུ་གཏོགས་པ་རཱ་མ་ཎས་འབོད་གྲོགས་ཀྱི་སྡེ་ལ་དམགས་དྲངས་པ་ན། རཱ་མ་ཎའི་ཕྱོགས་སུ ་གཏོགས་པའི་སྤྲེའུའི་རྒྱལ་པོ་རྣམས་སྲིན་པོའི་ཕྱོགས་ཀྱིས་དུམ་བུར་བརླག་པ་བརྒྱ་བྱིན་ལྷའི་དབང་པོའི་སྨོན་ལམ་གྱིས་སོས་པར་གྱུར་ཅིང་། གནོད་སྦྱིན་དང་སྲིན་པོའི་ཕྱོགས་མཚོན་གྱིས་སྨྲས་པ་རྣམས་ནི་ཤྲཱི་བར་གྱུར་ཏོ།། ཞེས་སྨྲས་པ་ལ། དེ་ནི་མི་འཐང་། ་དེ་ལྟ་ན་དུས་འགའ་ཞིག་གི་ཚེ་བརྒྱ་བྱིན་རང་ཡང་སྲིན་པོས་བཟུང་ཞིང་བཅིངས་ན། དེའི་སྨོན་ལམ་གྱིས་སྲིན་པོ་རྣམས་ཅིའི་ཕྱིར་ཐོག་མ་ཉིད་དུ་མི་གསོད་དེ། དེས་ན་དེའི་ཚིག་ནི་བརྫུན་པའོ།། ཡང་གཏོགས་འདོད་ཉིད་ཀྱང་རྣམ་པར་ཤེས་པ་དབུ་མ་སྨྲ་བས་ན། ་ས་བདུན་པའི་དབང་པོ་ཡིན་པར་མངོན་ཏེ། ཇི་ལྟར་དེ་ཡིས་བཀོད་པའི་གཞུང་གི་གཏམ་ལས་འབྱུང་བ། མི་ཤེས་པས་ནི་ཡེ་ཤེས་བསྒྲིབས།། དེས་ན་སྐྱེ་བོ་རྨོངས་པར་འགྱུར།། ཡེ་ཤེས་ཀྱིས་ནི་མི་ཤེས་པ།། གང་དག་གིས་ནི་བཅོམ་པ་ན། དེ་དག ་ཡེ་ཤེས་ཉི་མ་བཞིན།། མཆོག་ཏུ་སྣང་བར་འགྱུར་བ་སྟེ། ཞེས་པ་ལ་སོགས་པའོ།། གཞན་ཡང་གཏོགས་འདོད་ལ་སོགས་པ་འདི་རྣམས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཆོས་ཀྱི་སྐུའི་རྣམ་པར་འཕྲུལ་པ་ཉིད་དུ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི ་རྒྱུད་ལས་གསུངས་ཏེ། ཇི་སྐད་དུ། ཐོག་མ་ཐ་མ་མེད་ཅིང་ཞི།། མ་རུངས་ཁྲོ་བ་བཟོད་པ་ཆེ།། གནོད་སྦྱིན་སྲིན་པོ་དམ་པ་བསྟན།། གཏོགས་འདོད་ཁྱབ་འཇུག་གུ་ལང་དང་། ཀ། འབྱུང་ཆེན་སེམས་ཅན་གདོན་པར་བྱེད།། འཇིག་རྟེན་སྐྱོང་དང་མཁའ་དང་ས།། ཞེས་པ་ལ་སོགས ་པོའོ།། དེ་ལྟར་ན་འབོད་འགྲོགས་ལ་སོགས་པ་ཟབ་མོ་བསྟན་པའི་སྣོད་ཉིད་དུ་འགལ་བ་མེད་དོ།། དེ་ལྟར་ཆོས་སྟོན་པའི་ལྟས་བསྟན་པ་ན། འབོད་འགྲོགས་རང་གི་སྔོན་གྱི་དགེ་བའི་རྩ་བ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བཅོམ་ལྡན་འདས་དེ་ལྟར ་ཀླུའི་རྒྱལ་པོའི་གནས་ནས་བྱུང་སྟེ། ཆོས་བསྟན་པར་དགོངས་ཤིང་བཞུགས་པར་ཐོས་ཤིང་ཤེས་ནས་མ་ཞུམ་པ་ཉིད་དུ་གསུངས་པ་ནི་མཛེས་པ་མ་ཡིན་པས། ཆོས་བསྟན་པ་རིན་པོ་ཆེ་དཀོན་པ་དང་། དེའི་ཆེ་བ་ཉིད་དུ་ཕྱུང་བར་བྱ་བའི་དོན་དུ་བདག་ཉིད་སོང་ལ ་གྲུབུར་བྱའོ་སྙམ་དུ་སེམས་པ་སྐྱེས་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ།། མདུན་དུ་བདར་ཞེས་པ་ནི་སྒོར་བྱེད་ཀྱི་འཁོར་རྣམས་ཀྱི་མདུན་ཕྱོགས་ན་སྣང་བའོ།། ཇི་ལྟར་རྒྱ་མཚོ་ཆེན་པོ་རླུང་གིས་བསྐྱོད་པ་ན་རླབས་སྣ་ཚོགས་འབྱུང་བ་བཞིན་དུ་ཀུན་གཞིའི་རྣམ་པར ་ཤེས་པ་ཡུལ་དུ་སྣང་བའི་བག་ཆགས་ཀྱི་རླུང་གིས་བསྐྱོད་པ་ན། འཇུག་པའི་རྣམ་པར་ཤེས་པ་སྣ་ཚོག་སུ་སྣང་ཞིང་འབྱུང་བ་སྟེ། ཀུན་རྫོབ་ཙམ་དུ་རྣམ་པར་ཤེས་པ་རྣམས་ཀྱི་འཇུག་པ་དང་ལྡོག་པའི་ཚུལ་བསྟན་པའོ།། རྒྱ་མཚོའི་རླབས་ལ་གཟིགས་ཞེས་པ་ལྷོ་ཕྱོགས ་ཀྱི་མཚོའོ་འགྲམ་ན་བཞུགས་ཤིང་དེ་ལྟར་གཟིགས་པོར་སྟོན་པ་སྟེ། དཔེ་ལ་བརྟེན་ནས་དེ་ལྟ་བུའི་དོན་རྟོགས་པར་འགྱུར་བ་ཉིད་དུ་གདུལ་བྱ་རྣམས་ལ་སྟོན་པའོ།། འདི་རྣམས་ཀྱི་དོན་ཞིབ་ཏུ་ནི་འོག་ནས་སྟོན་པར་འགྱུར་རོ།། ཆེང་དུ་བརྗོད་པ་ཞེས་པ་ནི་གནས་སྐབ ་དེར་གདུལ་བ་རྣམས་ཀྱིས་དོན་དུ་མ་གཉེར་ཡང་འདུལ་བའི་དུས་ལྷ་བབ་པར་གཟིགས་ནས་ཆོས་བསྟན་པར་དགོངས་པའོ།། ཡུན་རིང་པོའི་དོན་ནི་ངེས་པར་ལགས་པའི་འབྲས་བུའོ།། ཕན་པ་དང་བདེ་བ་ནི་མངོན་པར་མཐོ་བ་སྟེ། འཕྲལ་དུ་ཕན་པ་དང་སྐྱེ་བ་གཞན ་དུ་བདེ་བའོ།། དེ་ལྟར་ཀུན་ནས་སློང་བའི་བསམ་པ་མངོན་དུ་བཏང་སྟེ། མཆོད་པ་སྔོན་དུ་འགྲོ་བའི་སྒོ་ནས་ཞུ་བའི་ཚིག་མདོ་ཙམ་བསྟན་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ།། དེ་ཉིད་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་མེ་ཏོག་གཞལ་མེད་ཁང ་སྤྲུལ་ནས་དེར་ཞུགས་ཞེས་པ་ལ་སོགས་ཤེས་པར་ཟད་དོ།། རང་ཉིད་གོས་ངུར་ཁཾ་པྲི་ཡང་ཀུ་འདྲ་བའི་ན་ཐང་མེད་པས་ལུས་གཡོགས་པའི་མཚན་དུ་པི་བང་སྦྱངས་ཏེ། འཁོར་རྣམས་ཀྱང་བདག་པོ་འབོད་འགྲོགས་དང་དེ་བཞིན་གཤེགས་པ་ལ་དག་ཞིང་སྒོ ་བབར་བྱས་ནས། གླུའི་དབྱངས་ཤ་རྫ་དང་། ཞེས་པ་ལ་སོགས་པ་འདིར་སྔོན་གྱི་གཙུག་ལག་ལས། རྩེད་མོ་རློམ་པར་བླང་བ་ནི།། ལྔ་པ་ཨུ་མའི་དབྱངས་དག་སྟེ།། དཔའ་བོ་དྲག་པོ་ངོ་མཚར་དུ།། དྲུག་སྐྱེ་ཁྱུ་མཆོག་དེ་བཞིན་ནོ།། གན་དྷ་ར་ནི་ཤའི་དབྱངས་དག་ནི།། སྙིང་རྫོབ ་རོ་ལ་བླང་བར་བྱ།། འཐབ་མོ་འཇིགས་དང་བཙས་པ་ལ།། རྗེ་འབད་དབྱངས་ནི་བླང་བར་བྱའོ།། ཞེས་འབྱུང་ཞིང་། དེ་ལྟ་བས་ན་འབོད་འགྲོགས་ཀྱིས།། དོན་དང་མཐུན་པར་བླངས་པ་སྟེ།། ཞེས་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་བཤད་དོ།། དེའི་དོན ་ཀྱང་དེ་བཞིན་གཤེགས་པས་སྔོན་བཙུན་མོའི་ཚོགས་དང་རྩེ་ཞིང་རོལ་པ་དང་། རློམ་སེམས་པའི་ཚུལ་དུ་བསྟན་ལ། དེ་དང་མཐུན་པར་པན་ཙམ་དང་། མ་དྷ་མའི་གླུ་བླངས་ལ། གཞན་ཡང་དེ་ཡིས་དྲག་པོའི་གཟུགསུ་བསྟན་ཅིང་བདུད་ཚར་གཅོད་པ་ལ་སོགས ་པ་ངོ་ཚར་གྱི་ཁྱད་པར་བསྟན་པས་དེ་དང་མཐུན་པར་ཤ་རྫ་ལ་སོགས་པ་སྟེ་དྲུག་ལས་སྐྱེས་པ་དང་ཁྱུ་མཆོག་གོ། དེ་ཉིད་སྙིང་རྗེའི་རོ་དང་ལྡན་པས་དེ་དང་མཐུན་པར་གན་དྷ་ར་དང་ནི་ཤ་ངའོ།། གཞན་ཡང་དེ་འཇིག་རྟེན་པ་དང་རྩོད་པའི་འཁོར་ལོ་ཤོམ་པ ་ལྟ་བུར་བསྟན་ཏེ། དེ་དང་མཐུན་པར་དེ་བྷ་དའི་དབྱངས་བླངས་ཞེས་པའོ།། ཀོ་རུ་ཤི་ཀ་ནི་ལྷའི་དྲང་སྲོང་གི་ཁྱད་པར་གྱི་གླུའོ།། དེ་ལ་སོགས་པ་གླུའི་དབྱངས་མང་པོ་སྟེ་དྲང་སྲོང་བྷཱ་ར་ཏ་དང་བྱི་ཤ་ཁི་ལའི་གཞུང་ལས་བརྟག་པར་བྱའོ།། གཞན་ཡང་དབྱངས་བདུན ་རྣམས་དང་གྲོང་གསུམ་དང་།། རྒྱལ་བ་ཉི་ཤུ་རྩཝ་གཅིག་དང་།། ཏ་ན་བཞི་བཅུ་དགུ་རྣམས་ཏེ།། དབྱངས་ཀྱི་དཀྱིལ་འཁོར་ད་ཙ་མོ།། ཞེས་པ་སྟེ་གླུའི་མཐའ་ན་ཛ་ཡ་ཏི་དང་ཏ་ན་ལ་སོགས་པའི་ཚིག་དེ་རྣམས་ཡོད་པའོ།། སྦྱར་བ་ལ་སོགས་པ་ཞེས་པས་ནི་རོལ་མོའི ་ཚོགས་གཞན་བསྡུའོ།། དེ་ལྟར་རང་གི་ལུས་པི་བང་གི་ནང་དུ་ཆུད་པར་བྱས་ཏེ། དེའི་རྒྱུད་ཀྱི་སྒྲ་དང་རྗེ་སུ་མཐུན་པར་ཚིག་སུ་བཅད་པ་བརྗོད་པའི་དབྱངས་ཀྱིས་གླུ་བླངས་པ་ནི། སེམས་ཀྱི་རང་བཞིན་ཞེས་པ་ལ་སོགས་པ་སྟེ། འདིར་གྲུབ་པའི་མཐའ་དང་བཤད ་བའི་ཚུལ་ལས་དང་པོར་གྲུབ་པའི་མཐའ་སྟོན་པ་ནི་སོ་སོ་རང་རིག་པའི་བར་གྱིས་ཏེ། དོན་ནི་སྲིད་གསུམ་སེམས་སུ་འདུས་ཤིང་སེམས་ཀྱི་རང་བཞིན་གྱི་ཚུལ་ནི་ཀུན་རྫོབ་དུ་མྱོང་བའི་རང་བཞིན་ཡིན་ཞིང་དོན་དམ་པར་སྟོང་པ་སྟེ། དེ་ཡང་སྔར་བསྟན་པ་ལྟར་ཕན་ཚུན་ཟུང་དུ ་འཇུག་པ་རིག་པ་དང་སྟོང་པ་དབྱེར་མེད་པའི་རང་བཞིན་ཀུན་གཞིའི་རྣམ་པར་ཤེས་པའི་མཐར་ཐུགས་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་གཏེར་དུ་གྱུར་པའོ།། དེ་ཉིད་གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་ཞིང་དེ་ཉིད་ཀྱིས ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བར་གྱུར་པ་རྣམས་ཀྱི་ཡུལ་ལས་འདས་པས་ལྷ་དང་རྣམ་བྲལ་ཞེས་པའོ།། དྲི་མ་མེད་ཅེས་པ་ནི་འདོད་ཚོགས་ལ་སོགས་པ་ཉོན་མོངས་པའི་དྲི་མ་རྣམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་རྣམ་དག་གི་དོན་ལ ་སྦྱར་རོ།། དེ་ལྟ་བུའི་སོ་སོ་རང་རིག་ཤེས་པ་ཞེས་པ་ནི་གྲུབ་པའི་མཐའ་ཕྱིན་ཅི་མ་ལོག་པའི་དོན་ཏོ།། སྟོན་པའི་ཆོས་ཚུལ་ཞེས་པ་ནི་བཤད་པའི་ཚུལ་ཏེ། གསུང་རབ་ཡན་ལག་བཅུ་གཉིས་སམ་དགུ་ཡིས་བསྡུས་པའོ།། དེ་ལ་འདིར་སྟོན་པ་ཞེས་པ་ནི་འཇིག་རྟེན ་གྱོ་སྟོན་པ་སྟོན་པ་སྟེ། དེ་ཡང་དགེ་བ་སྟོན་པ་དང་མི་དགེ་བ་སྟོན་པ་ལོས་འདིར་ནི་དགེ་བར་གྱུར་པ་ཏེ། ཀྱེ་རིགས་ཀྱི་བུ་དག་ལུས་ཀྱི་མི་དགེ་བའི་ལས་ཡོངསུ་སྤང་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ལུས་ཀྱི་མི་དགེ་བའི་ལས་ཡོངསུ་སྤངས་ན་རྣམ་པར་གྲོལ་བར ་འགྱུར་རོ།། དེ་བས་ན་ཆོས་འདི་དག་ནི་ཁྱེད་ལ་སྟོན་གྱི་མི་དགེ་བའི་ལས་ཡོངསུ་མ་སྤངས་པར་རྣམ་པར་གྲོལ་བར་འགྱུར་རོ།། ཞེས་ཁྱེད་ལ་མི་སྟོན་ཏོ་ཞེས་པ་ལ་སོགས་པ་དང་། ངག་དང་ཡིད་ཀྱི་ལས་ཀྱང་དེ་བཞིན་དུ་རིག་པར་བྱའོ་ཞེས་སྟོན་པའོ།། གཞན་ཡང ་བདག་ཉིད་ཀྱིས་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ལ། དེ་ལྟར་ཐོབ་པའི་ཐབས་རྣམས་ཀྱང་སེམས་ཅན་ལ་སྟོན་པ་དང་། བདག་ཉིད་མ་རིག་པས་བཅོམ་པས་སེམས་ཅན་གྱི་མ་རིག་པ་འཇོམས་པ་དང་། བདག་ཉིད་ཡོངསསུ་དག ་བའི་མིག་ཐོབ་པས་སེམས་ཅན་གྱི་ལྡོངས་པའི་རབ་རིབ་བསལ་ནས་ཡོང་སུ་དག་པའི་མིག་ཐོབ་པར་བྱེད་པ་དང་། བདེན་པ་གཉིས་ཤེས་པས་སེམས་ཅན་རྣམས་ལ་ཡང་བདེན་པ་གཉིས་སྟོན་པ་དང་། བདག་ཉིད་རྣམ་པར་གྲོལ་བས་སེམས་ཅན ་རྣམས་ལ་རྣམ་པར་གྲོལ་བའི་ཆོས་སྟོན་པ་དང་། བདག་ཉིད་མཐའ་མེད་པའི་འཁོར་བའི་ཆུ་ལས་བརྒལ་བས་སེམས་ཅན་ཐམས་ཅད་ཀྱང་དེ་ལས་སྒྲོལ་བ་དང་། བདག་ཉིད་འཇིགས་པ་མེད་པར་གྱུར་པས་སེམས་ཅན་རྣམས་ལ་འཇིགས་པ་མེད ་པ་སྟོན་པ་དང་། བདག་ཉིད་ཡོངསུ་མྱ་ངན་ལས་འདས་པས་སེམས་ཅན་རྣམས་ལ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པས་ཏེ། དེ་ཡང་བསྟན་པའི་གདུལ་བྱའི་གཙོ་བོ་ནི་ལྷ་དང་མི་རྣམས་ཡིན་ཏེ། དེ་དག་དགེ་བ་བཅུའི་ལས་ལ་འཇུག་ཅིང་བྱང ་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཡོན་ཏན་དང་ལྡན་པས། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱའོ།། དེ་ལྟར་ཡང་མྱ་ངན་ལས་འདས་པ་ཆེན་པོ་ལས་གསུང་སོ།། མགོན་པོ་ཞེས་པ་ནི་སྡུག་བསྔལ་ལས་སྐྱོབ་པའི་དོན་གྱིས།། ཡང་ན་འདི་རྣམས ་ཀྱི་དོན་ནི་སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་རྟོགས་ཤིང་གོམས་པས་ཡང་དག་པ་མ་ཡིན་པའི་ལྟ་བ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དང་བྲལ་ཤིང་། ཉོན་མོངས་པའི་དྲི་མ་བློ་བུར་བ་ཡང་སྤངས་པ་སོ་སོར་རང་རིག་པའི་ཡེ་ཤེས་མཐར་ཐུགས ་པབརྟོགས་པ་སྟེ། དེ་བཞིན་གཤེགས་པ་ལ་བསྟོད་པའོ།། གཞན་ཡང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་དགེ་བའི་ཆོས་ཀྱིས་ཀུན་གཞི་ལ་ཟག་པ་མེད་པའི་ས་བོན་བསགས་པའི་དབང་གིས་ཐོབ་པའི་སྐུ་སྟེ། སྐུ་གསུམ་གྱི་རང ་བཞིན་སྤྱིར་བསྟན་པའོ།། གལ་ཏེ་སྤྲུལ་པའི་སྐུ་ནི་གདུལ་བྱ་འབའ་ཞིག་གི་སྣང་བ་ཡིན་གྱིས་སངས་རྒྱས་ཀྱི་ངོ་བོ་མ་ཡིན་པས་དགེ་བའི་ཆོས་ཀྱི་འབྲས་བུར་མི་འཐད་དོ་ཞེ་ན། མ་ཡིན་ཏེ། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་གང་གིས་གདུལ་བྱ་ལ་སྐུ་དེ་ལྟ་བུའི ་རྣམ་པ་སྟོན་ནུས་པའི་རྒྱུ་དེ་ལས་བྱུང་བས་དེ་ལྟར་བསྟན་པོའོ།། བདེ་གཤེགས་ཞེས་པ་ནི་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཇི་སྐད་དུ། བདེ་བ་ཞེས་པ་ནི་སེམས་དང་པོ་བསྐྱེད་པ་སྟེ། གཞན་དོན་སེམས་པའི་བདེ་བའི་རོ་དང་ལྡན་པས་སོ།། ་ཉིད་ལས་མ་ཉམས་བཻར་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པས། དེའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ།། ཡང་བདེ་བ་ནི་སངས་རྒྱས་ཀྱི་རང་བཞིན་མཐོང་བའོ།། དེ་ཉིད་ལས་མ་ཉམས་པར་མྱ་ངན་ལས་འདས་པ་ཆེན་པོ་རི་འབྲས་བུ་ཐོབ་པ་སྟེ། ་དེས་ན་བདེ་བར་གཤེགས་པའོ།། ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོངསུ་མྱ་ངན་ལས་འོངས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ།། འདི་རྣམས་ཀྱང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དོན་དུ་ཡིན་གྱི། དེ ་ཉིད་དུ་ནི་དེ་འདྲ་བའི་སྤྲོས་པ་དང་བྲལ་བའོ།། ཞེས་གསུང་སོ།། གཞན་ཡང་ཚང་མ་རྣམ་འགྲེལ་ལོས། སྤངས་པ་དང་རྟོགས་པའི་དོན་ལས་འི་ཤང་པོ་ཡང་འདིར་བལྟ་བར་བྱ་སྟེ། སྐབས་གཞན་དུ་ཤེས་པར་ཟད་དོ།། དེ་ཉིད་རྣམ་པར་འཕྲུལ་པ་བསམ་གྱིས ་སཽ་ཁྱབ་པ་མངར་བས་གདུལ་བྱ་ཇི་སྔར་འཡུ་བ་བར་འགྱུར་བའི་སྐུ་དང་གསུང་སྣ་ཚོགས་སུ་སྙན་པ་སྟེ། ད་མྱུར་གསུལ་སྒྱུ་ཐམས་ཅད་ལ་སྣང་བ་ནི་སྤྲུལ་པའི་སྐུ་སྟེ། དེ་ཡང་མཆོག་གི་སྤྲུལ་པ་དང་བཟོ་དང་སྨྲ་བའི་སྤྲུལ་པ་སྟེ། རྣམ་པ་གསུམ་དུ་ག ་པར་བྱའོ།། སོ་སོར་རང་རིག་རྟོགས་པའི་ཆོས་དགྱེས་པ་ཞེས་པ་ནི་ཟག་པ་མེད་པའི་བདེ་བ་དང་ལྡན་པའི་ཡེ་ཤེས་ཆོས་ཀྱི་སྐུའི་རང་བཞི་ནོ།། དེ་ལྟ་བུའི་སངས་རྒྱས་ནི་སྐུ་ལ་འཁྲུལ་པ་མི་མངའ། གསུང་ལ་ཅ་ཅོ་མི་མངའ། ཐུགས་མཉམ་པར་མ་བཞག་པ་ལ་སོགས ་པ་མི་མངའ་སྟེ། ཡང་དག་པར་བསྡམས་པའི་སྒྲ་ཅན་ཡིན་པས་ཐུབ་པ་སྟེ། ཡང་དག་པར་བསྟོད་པའོ།། དེ་ནི་ལང་ཀར་གཤེགས་པའི་དུས་ཞེས་པ་ལང་ཀའི་གྲོང་རྡལ་དུ་གཤེགས་པར་འོས་པ་སྟེ། སེམས་ཅན་རྣམས་ཀྱི་དོན་ཆེན་པོ་ཉིད་དུ་འགྱུར་བ་དང་། ་སྣརོན་གྱི་རྒྱལ་བ་སྲས་དང་བཅས་པ་གདུལ་བྱའི་དོན་དུ་གཟུགས་སྣ་ཚོགས་སྨྱོན་པར་ནུས་པ་རྣམས་ཀྱིས་ཀྱང་བཞུགས་ཤིང་ཆོས་བསྟན་པའི་ཕྱིར་རོ།། དེ་ལྟར་གཤེགས་ནས་ཀྱང་བྱ་བ་ཅི་བྱེད་རྩེ་ན་མགོན་པོ་འདིར་ནི་ཆོས་རབ་ཏུ་བཤད་དུ་གསོལ་ཞེས་པ ་འོ།། བཤད་ཀྱང་དོན་དུ་མི་འགྱུར་རོ་སྙམ་ནོ། གཟུགས་མང་ལྡན་པའི་གནོད་སྦྱིན་ཀུན་ཀྱང་ཉན་ཞེས་པ་སྟེ། རང་རླུང་གི་ལས་ཀྱིས་གྲུབ་པའི་གཟུགས་མི་འདྲ་བ་དང་ལྡན་པའམ། འགའ་ཞིག་རྫུ་འཕྲུལ་ཐོབ་པས་རེ་རེ་ཡང་གཟུགས་མི་འདྲ་བ་དུ་མ་སྟོན ་པར་ནུས་པའོ།། དེ་ལྟར་ཞུ་བ་མདོར་བསྟིན་ནས་རྒྱས་པར་བཤད་པ་ནི། དེ་ལྟར་ལང་ཀའི་ཞེས་པ་ལ་སོགས་པའོ།། ཧོ་ཋ་ཀའི་རྒྱུད་དང་མཐུན་པར་གླུ་བླངས་ནས་ཡང་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཀྱང་གླུ་བླངས་ཞེས་པའོ།། འདི་རྣམས་ཀྱང་དེ་བཞིན ་ཤེགས་པས་སུ་གནང་བ་སྡུ་ས་པ་ལྟ་མ་དུན་རྫུས་ཏ་ན་ཅན་ན་ངན་དུ་སྒྱུར་བྱམ་དུ་ཅནན་ཤཱན་ག་ཏུ་གྱུ་ག། དམ་ཚིག་གདུན་པ་ནམརྣས་པར་དང་། ནཙམ ་ནས་བརྒྱན་པའི་གནས་སམ་ལམ་དེར་རྫུ་འཕྲུལ་གྱིས་སོང་ཞེས་ཚིག་སྦྱར་བར་བྱའོ།། སུ་དྲག་སོང་ན་གནོད་སྦྱིན་ཞེས་པ་ལ་སོགས་པའོ།། གནས་གང་དུ་འགྲོ་བའི་ལམ་ཡིན་ན། མགོན་པོ་གང་ནུ་བཞུགས་པར་འགྲོ་བའི་ལམ་སྟེ། དེ་ཡང་ལྗོན་ཤིང་དང་སྐད ་སྙན་པར་སྒྲོག་པའི་བྱ་རྣམས་ཀྱིས་བརྒྱན་ཞེས་པའོ།། མེ་ཏོག་གི་བནོན་པོ་ནི་ཁང་པ་ལ་འདིར་དེ་བཞིན་གཤེགས་པ་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་འཕགས་ཤིང་ཁྱུད་ཞུགས་པའི་སྤོབས་པ་དང་གཟི་བརྗིད་དང་ལྡན་པས་གདུལ་བྱ་རྣམས ་རང་གིས་མིང་བསྙད་ཅིང་ཞུ་བར་སྤོབས་པ་དཀའ་བས། དེའི་བྱིན་གྱིས་བརླབས་ཀྱིས་དེ་ལྟར་བྱུང་ཞེས་པའོ།། རྒྱལ་བ་ཞེས་པ་ནི་སྤང་བར་བྱ་བའི་གཡུལ་ལས་རྒྱལ་བའམ། ཡོན་ཏན་གྱི་བགོ་སྐལ་གྱིས་རྒྱལ་བ་སྟེ། དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དབང་བརྙེས་པས་དབང་པོ་ཞེས་པའོ།། བདག་ནི་ཞེས་པ་ལ་སོགས་པས་ནི་སྔོན་འབོད་འགྲོགས་ཀྱིས་གསོལ་བ་བཏབ་པའི་ཚིག་ལ་སོགས་པ་སྡུད་པ་པོས་མཐོང་ཞིང་ཐོས་པ་རྣམས་སྡུད་པ་པོས་བསྡུས་ཤིང་བསྟན་པའོ།། ། ་ཡང་ཀར་རྗེསུ་བཟུང་ཞེས་པ་ནི་ས་ཕྱོགས་ཀྱང་མཆོད་པའི་གནས་ཉིད་དུ་བྱིན་གྱིས་རློབས་ཤིག་པའོ།། རྡུལ་མེད་པ་ནི་མུ་སྟེགས་སྨྲ་བ་ལ་སོགས་པའི་ཉེས་པས་མ་གོས་པའོ།། གལ་ཏེ་ཟབ་མོ་སྒྲ་དང་བློའི་ཡུལ་དུ་འགྱུར་རམ་ཞེ་ན། བཤད་པའི་ཚུལ་ལས་རྣམ ་གྲོལ་ཞེས་པ་ལ་སོགས་པ་སྟེ། དོན་ནི་སྔར་བསྟན་ནོ།། དེ་ལྟར་ན་གསུང་ཞིང་འཆད་པ་མི་འཐད་དོ།། སྔར་བསྟན་པ་དེ་ལྟར་སྣང་བ་མི་འགལ་ཞེས་པའོ།། གཞན་དག་རྟོག་གེའི་རྗེ་སུ་འབྲངས་ནས་རང་གི་མཚན་ཉིད་དངོས་སུ་སྒྲ་ཡིས་བསྤྱོད ་པར་བྱ་བ་མ་ཡིན་ཡང་རྗོད་པ་དང་འདྲེས་པར་སྣང་བའི་སྤྱིའི་རྣམ་པ་སྒྲ་དོན་ཡིན་ལ། དེ་དང་རང་གི་མཚན་ཉིད་ཐ་དང་མེད་པར་ཞེན་པོས་ངཔེ་སུཾ་སྤྱིའི་རྣམ་པ་བརྗོད་པ་ལས་བརྒྱུད་ནས་རང་གི་མཚན་ཉིད་ལ་སྒྲོ་འདོགས་ཆོད་པ་ཉིད་སྒྲ་ཡིས་བསྙེན་པ་མི་ནོ།། ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ནི་རྣམ་རྟོག་གནས་མ་གྱུར་པ་རྣམས་ཀྱི་དབང་དུ་བྱས་པ་ཡིན་གྱི། དེ་བཞིན་གཤེགས་པ་རྣམ་པར་རྟོག་པ་བག་ཆགས་དང་བཅས་ཏེ་སྤངས་པ་ལ་ནི་སྤྱིའི་རྣམ་པ་སྣང་བ་ཉིད་མེད་པས་སོ།། གལ་ཏེ་སྔ་མ་རྣམས་ནི་འདས་ནས ་མེད་པའི་ཕྱིར་དེ་ལྟར་གསུངས་པའི་ཤེས་བྱེད་མེད་དོ་ཞེ་ན། དེ་ལྟར་བཤད་པར་དྲན་པས་ཏེ། སྔར་གྱི་ཚད་མའི་བྱེད་པ་ཡིན་པས་དེ་ཉིད་ཀྱིས་གྲུབ་ཞེས་པའོ།། དེས་ན་སྒྱུ་མ་རྣམས་ཀྱི་ཚུལ་ལུགས་རྗེ་སུ་སྦྱོང་དགོས་པས་ཁྱེད་ཀྱིས་ཀྱང་ཤོད་ཅེས་པ་སྟེ། ་བཤད་པར་འོས་པའི་རྒྱུ་མཚན་ནོ།། དེ་ཉིད་མངོན་པར་ཤེས་པས་མ་འོངས་པ་ལུང་སྟོན་པ་ནི་མི་འོངས་དུས་དུ་ནི་ཞེས་པ་ལ་སོགས་པའོ།། འཕྲུལ་གྱི་ཚུལ་ཞེས་པ་སྟོན་པ་དང་ཚིག་ལ་སོགས་པར་སྣང་བ་ཐམས་ཅད་སེམས་ཀྱི་རྣམ་པར་འཕྲུལ་པ ་ཙམ་ཞེས་པའོ།། གཞན་ཡང་འཕྲུལ་གྱི་ལང་ཀ་ཞེས་པ་ལ་སོགས་པས་གནས་ཀྱི་བསྔགས་པ་བརྗོད་པ་སྟེ། ཐེལ་སྡིངས་རྡོ་སྟེངས་ཞེས་པ་ནི་འཆག་ཅིང་ཉེ་བར་སྤྱོད་པའི་རྡོ་ལེབ་ཉམས་དགའ་བས་བརྒྱན་པའོ།། རྣལ་འབྱོར་ཞེས་པ་ལ་སོགས་པ ་འཁོར་གྱི་བསྔགས་པ་བརྗོད་པ་སྟེ། མཚན་མར་དམིགས་ཤིང་སྲེད་པ་དང་ལྟ་བ་ལ་སོགས་པ་ཤས་ཆེ་བའི་བསམ་གཏན་དང་ཏིང་ངེ་འཛིན་གྱི་ཉེས་པ་དང་བྲལ་བ། སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ས་སོ་རང་རིག་པའི་དོན་ལ་སྒོམ་པའི་གནོད་སྦྱིན ་དག་ཅེས་པ་ལ་སོགས་པ་སྟེ། བཅོམ་ལྡན་ཞེས་པ་ནི་དེ་ལ་བོད་པའོ།། ཡང་ན་བཅོམ་ལྡན་ཞེས་པ་ཡན་ཆོད་རྐང་པ་ཕྱེད་དང་གསུམ་གྱིས་དེ་བཞིན་གཤེགས་པ་ལ་བསྟོད་པའོ།། གནོད་སྦྱིན་དག་སངས་རྒྱས་སྔ་མས་མཛད་བསྲུང་ཞེས་པ་ནི་སྔ་མས་གོངན ་དག་བསྟན་པ་མཛད་པ་རྗེསུ་བསྲུང་ཞིང་བ་སྒོམ་པའོ།། དེ་ལྟ་ན་ད་ལྟར་ཞུ་བ་མི་འཐད་དོ་ཞེ་ན། ཐེག་ཆེན་ཚུལ་ལ་དང་པོ་ཡིས་མངོན་པར་ཞེན་པ་སྟེ། ཆོས་ཀྱི་རོ་ཡིས་ཚིམ་པ་མེད་ཅིང་ཁྱད་པར་གཞན་རྟོགས་པར་བྱ་བའི་དོན་དུ་ཞུ་བའོ།། དེ་ལ་ཐེག་པ་ཆེན ་པོ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ལམ་གྱི་དུས་ན་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་གཉིས་དབྱེར་མེད་པའི་ཚུལ་དུ་སྒོམ་པར་བྱེད་པ་དང་། འབྲས་བུའི་དུས་ན་ཡང་ཤེས་པས་སྲིད་ལ་མི་གནས ་ཤིང་།། སྙིང་རྣཾསི་ཞི་ལ་མི་གནས་ཏེ། ཞེས་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོར་གྱུར་པའོ།། དེ་ལྟར་རང་ཉིད་དང་ཅིང་གཞན་ཡང་ཐེག་པ་ཆེན་པོ་ལ་འཇུག་པ་སྒོ་གཞན་དེ་དོག་ཀྱང་། གནོད་སྦྱིན་མོ་དང་གནོད་སྦྱིན་བུ་ཞེས་པ་སྟེ། སྔར་མ་ཐོས ་པ་རྣམས་ཀྱི་དོན་དུ་ཡང་ཞུ་བར་གསོལ་བའོ།། བུམ་སྣ་ལ་སོགས་པ་ཞེས་པའི་དོན་ནི་འབྲོག་གནས་དང་ནོར་བུ་བཟང་པོ་ལ་སོགས་པ་སྟེ་འཁོར་གྱི་བསྔགས་པ་བརྗོད་པའི།། ཁྱིམ་དང་ལྷ་མོ་ཞེས་པ་ལ་སོགས་པས། རྙེད་པོ་དང་བཀུར་སྟིའི་མཆོད་པ ་སྟོན་ཏོ།། བདག་ནི་ཞེས་པ་ལ་སོགས་པས་གྲུབ་པའི་མཆོད་པའོ།། དེའི་ཚིག་དེ་གསན་པ་དང་། སྲིད་གསུམ་དབང་པོས་གསུངས་པ་ནི། ཞེས་པ་སྡུད་པ་པོའི་མཚམས་སྦྱོར་བ་བསྟན་པའོ།། གནོད་སྦྱིན་དབང་པོ་ཞེས་པ་ལ་སོགས་པས ་བཤད་པ་ཉིད་དུ་སྐབས་ཕྱེ་བ་སྟེ། དངོས་སུ་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པའོ།། འདི་ནི་རྣལ་འབྱོར་ལྡན་པ་དག། མཐོང་བའི་ཆོས་ལ་སྤྱོད་པའི་གནས། ཞེས་པ་ནི་བྱིན་གྱིས་བརླབས་པའི་གནས་ཡིན་པས་ཞི་གནས་དང་ལྷག་མཐོང་ཟུང་དུ ་འབྲེལ་བའི་རྣལ་འབྱོར་དང་ལྡན་པ་རྣམས་ཚེ་དེ་ཉིད་ལ་བདེ་བ་ལ་རེག་པར་གནས་པར་འགྱུར་ཞེས་པའོ།། བཅོམ་ལྡན་གནང་ནས་ཞེས་པ་ལ་སོགས་པས་ནི་སྡུད་པ་པོས་སྒོར་མཐོང་བའི་དོན་བསྡུས་ཏེ་བསྟན་པའོ།། ཞི་བའི་བློ་ན་ནང་དུ་ཆོས་ཉིད་ལ ་མཉམ་པར་བཞག་པའོ།། དེ་ཉིད་དུ་ཞེས་པ་མེ་ཏོག་གི་ཁང་པ་དེ་ཉིད་དུའོ།། འཇིགས་པ་མེད་ཅེས་པ་ནི་ས་ཐོབ་འཇིགས་པ་ལྔ་དང་བྲལ། ཞེས་པའི་དོན་ཏེ། འཚོ་བ་ཉམས་པས་འཇིགས་པ་དང་། བསྟོད་ར་མེད་པའི་འཇིགས་པ་དང་། འཆི་བའི་འཇིག ་པ་ངན་སོང་གི་འཇིགས་པ་དང་། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་སྟེ། དེ་རྣམས་དང་བྲལ་བས་ས་དང་པོ་ཡན་ཆད་ཐོབ་པ་རྣམས་སོ།། འཇིགས་པ་དེ་རྣམས་མེད་པ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བདག་གི་འདུ་ཤེས་དང་བྲལ་བས་བདག ་ཕངས་པར་སེམས་པ་ཡང་མེད་པ་ཡིན་ན། ཡོ་བྱད་ཐམས་ཅད་ལ་ཕངས་པར་སེམས་པ་ལྟ་ག་ལ་ཡོད། དེའི་ཕྱིར་དེ་ལ་འཚོ་བ་མེད་པས་འཇིགས་པ་མེད་པ་ཡིན་ནོ།། དེ་ནི་སུ་ལས་ཀྱང་རིམ་གྲོ་བྱ་བ་ཅུང་ཟད་ཙམ་ཡང་རེ་བ་མེད་ཀྱི། གཞན་དུ་ན་བདག ་ཉིད་ཀྱིས་སེམས་ཅན་དེ་དག་ལ་ཡོ་བྱད་མང་པོ་ཐམས་ཅད་ཀྱི་བསྡུ་བར་བྱའོ།། སྙམ་དུ་སེམས་ཏེ། དེའི་ཕྱིར་དེ་ལ་ཚིགསུ་བཅད་པ་མེད་པར་འཇིགས་པ་མེད་པ་ཡིན་ནོ།། དེ་བདག་ཏུ་ལྟ་བ་དང་བྲལ་བས་བདག་གི་འདུ་ཤེས་མེད་དེ། དེའི་ཕྱིར་དེ་ལ་འཆི་བའི་འཇིགས ་པ་མེད་པ་ཡིན་ནོ།། བདག་ཤི་ནས་ཀྱང་གདོན་མི་ཟ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་མི་འབྲལ་བར་འགྱུར་རོ་སྙམ་སྟེ། དེའི་ཕྱིར་དེ་ལ་ངན་འགྲོའི་འཇིགས་པ་མེད་པ་ཡིན་ནོ།། བདག་གིས་བསམས་པ་དང་མཚུངས་པ་ཡང་འཇིག ་བརྟེན་ན་སུ་ཡང་མེད་ན། ཆེས་ལྷག་པ་ལྷ་ག་ལ་ཡོད་སྙམ་སྟེ། དེའི་ཕྱིར་དེ་ལ་འཁོར་གྱི་ནང་དུ་བག་ཚབས་འཇིགས་པ་མེད་པ་ཡིན་ནོ་ཞེས་འཕགས་པ་ས་བཅུ་པ་ལས་གསུངས་པའི་ཕྱིར་རོ།། འདིར་ཁྱད་པར་དུ་འཇིགས་པ་མེད་ཅེས་སྤྲོས་པ་ནི་ལས་དང་པོ་པའི ་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་འབོད་འགྲོགས་དྲག་པོའི་གཟུགས་ཅན་ཡིན་པས་འཇིགས་པར་འགྱུར་པ་དག་སྲིད་པས་སོ།། དགའ་བའི་གྲོང་རྡལ་ཞེས་པ་ལ་སོགས་པས་ཡང་སྔ་མ་ལས་ཁྱད་པར་དུ་མཆོད་ཅིང་དེ་བཞིན་གཤེགས་པས་ཀྱང ་དེ་དག་གི་ཚོགས་རྫོགས་པར་བྱ་བའི་དོན་དུ་མཆོད་པའི་ཚོགས་ཡོངསུ་བཞིས་པ་ཉིད་དུ་སྟོན་པའོ།། དེ་ལ་འབོད་འགྲོགས་ཀྱིས་ཀྱང་སངས་རྒྱས་འཇིག་རྟེན་གསུམ་ལས་རྒྱལ་བ་དང་། རྒྱལ་བའི་སྲས་རྣམས་ཀྱི་སྟོང་ཀྱི་ཡན་ལག་ལ། རིན་པོ་ཆེས་བརྒྱན་པའི ་སེ་མོ་དོ་བཏགས་ཞེས་རྣམ་པར་སྦྱར་བར་བྱའོ།། གནོད་སྦྱིན་སྡེ་དང་ཞེས་པ་ལ་སོགས་པས་ནི་འཁོར་གྱི་གཙོ་བོས་སྟོན་པ་ལ་ཆོས་ཞུ་བ་ཉིད་དུ་གསོལ་བ་འདེབས་པའོ།། ཇི་ལྟ་བུའི་ཆོས་ཞུ་བར་གསོལ་བ་འདེབས་ཤེ་ན། རང་རྒྱལ་ཉན་ཐོས་ཞེས་པ་ལ་སོགས་པ ་སྐྱེ་བདག་གི་དོན་འབར་ཁྲིག་སེམས་པ་དང་། གང་ཟག་དང་ཆོ་སུ་སྒྲོ་འདོགས་པའི་ཉེས་པ་ལས་གྲོལ་བའི་དབུ་མའི་དོན་ནོ།། མ་རིན་ཆེན་ཞེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པས་སྤྲུལ་པ་བྱིན་གྱིས་བརླངས་པ་དང་། ་དེ་དག་ཉེ་བར་བསྡུས་ཏེ་གདུལ་བྱ་རྣམས་ལ་དེ་བཞིན་གཤེགས་པས་དོན་གྱིས་ཆོས་བསྟན་པ་ཉེ་བོ་སྣང་བར་བྱེད་པས་བསྡུས་ཏེ་བསྟན་པའོ།། དག་གི་དོནོན་གོ་སྲབས་ཀྱིས་གན།། དེ་ཉིད་དུ་བྱུང་པར་དུ་གྱུར་པའི་གནས་དང་། དེ་བཞིན་གཤེགས་བྱའི་རྣ ་མས་དང་། སྟོན་པ་དང་། གངས་ངྒེའྀ་གརྦྷ་ཐ་ས་སོགས་པདྨ་མ་སྦྲུལ་ཅིང་། དེ་དང་འགྲན་པའི་ལང་ཀནས་པ་སྟོ་སྔ་ནས་གནས་པའི་ལིང་ཀའི་གྲོང་རྡལ་དང་འཐུན་པ་ཞེས་པ་ལ་སོགས་པའོ།། མིང་ཕྲག་རྒྱ་བའི་མདོ་སྡེ་ཞེས་པ་ནི་དེ་ལྟར་རྒྱས་སྟོན་པ ་ས་དེས་བསྟན་པའི་ཆོས་ཀྱ་ཤློ་ཀ་སྟོང་ཕྲག་བརྒྱལ་སོགས་པར་སྣང་བ་སྟེ། དེ་རྣམས་ཐམས་ཅད་ཀྱིས་རྒྱུ་ཛ་ལྟར་གྲགས་པ་བཞིན་དུ་དོན་བྱེད་པར་ནས་པར་ཉམས་སུ་མྱོང་དྷ་འོ།། སྟོན་པ་དང་ནི་ཞེས་པ་ལ་སོགས་པ་རྐང་པ་ཉིས་ཀྱིས་དེ་རྣམས་ཉེ་བར ་སྡུས་པའོ།། གནོད་སྦྱིན་འཟོད་འགྲོགས་ཞེས་པ་ལྔ་སོགས་པ་དེ་ལྟ་བསྟན་པའི་དོན་དུ་གདུལ་བྱའི་གཙོ་བས་ཙཱ་བར་རྟོགས་པའི་ཚུལ་བསྟོན་པའོ།། དེའི་དོན་ཀྱང་གོ་སྟོབས་མི་ཡུ་ལ་གཅིག་ཏུ་དེ་འདྲ་བའི་འགལ་བ་རྣམ་པ་དུ་མ་སྣང་བ་ནི་རང་རང་གི ་སེམས་ཀྱི་རྣམ་པ་ལས་མ་གཏོགས་པའི་ཕྱི་རོལ་གྱི་ངོ་བོ་བདེན་པར་མི་འབད་དེ། འགལ་བའི་དོན་ངོངོས་པོ་ལ་མི་སྲིང་པའི་ཕྱིར་རོ།། གཡོ་ཏེ་དེ་ཝཱ་ན་དེ་སྐར་སྒྲུ་པ་སེམས་ཀྱི་བབ་དོན་དམ་པ་ཉིད་ཡིན་ནམ་ཞེན་མ་ཡིན་གང་བྱུང་ཞིང ་བྱུང་ནས་ཀྱང་ནི་རྣམ་འཇིག་པ།། རྐྱེན་ལ་ཡོད་དམ་མེད་དེ་དག་ང་ཡིས་བསྟན་ལ་དེ་མི་གནས།། ཞེས་འོག་ནས་སྟོན་པར་འགྱུར་བས། དེ་འདྲ་བའི་རྟེན་ཅིང་འབྲེལ་པར་འབྱུང་བར་སྣང་བ་བདག་པོར་གྲུབ་པ་མ་ཡིན་ཞེས་པ་སྟེ། འདིའི་དོན་ཞིབ་དུ་ནི་འོག་ནས་བསྟན་པར ་བྱའོ།། བསམ་པ་འདི་ཀོ་ཞེས་པ་ལ་སོགས་པ་ནི་འབོད་འགྲོགས་ཀྱི་སྔར་གྱི་རྣམ་པར་འཕྲུལ་པའི་དོན་ལ་རྗེས་སུ་བསམས་ཤིང་རྟོགས་པའི་རྣམ་པ་སྟོན་པ་སྟེ། དེ་ལྟར་སྣང་བ་འདི་ཀོ་ཞེས་པ་ལ་སོགས་པ་སྟེ། གང་གིས་དང་སུ་ཡིས་ཞེས་པ་ལ་སོགས་པའོ་སྤོང ་བའི་སྒྲའོ།། དེས་ན་འདི་རྣམས་ནི་སྒྱུ་མའི་དཔེ་བརྒྱད་དང་མཚུངས་པ་ལ་བདེན་པའི་དངོས་པོས་སྟོང་པ་ཡིན་ནམ། འོན་ཏེ་སེམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱི་རོལ་བདེན་པའི་ངོ་བོར་གྱུར་པའི་ཆོས་ཉིད་ཡིན་ནམ་ཞེས་རྣམ་པར་དཔྱད་པའི་ཚུལ་དུ་བསྟན་ཀྱང་ཐེ་ཚོམ་གྱི ་ངོ་བོར་གྱུར་པ་ནི་མ་ཡིན་ཏེ། ཇི་ལྟར་རྨི་ལམ་མཁྱིམ་ཆུང་ངུའི་ནང་ན་རི་བོ་ཆེན་པོར་སྣང་བ་ནི་སང་བའི་གནས་སྐབས་ན་ཅི་དེ་བདེན་ནམ་བརྫུན་ཞེས་རྟོག་པ་དང་མཚུང་སོ།། རྨི་ལམ་རིང་ཅེས་པ་ནི་རྩི་མ་གྱི་ཉམས་ཀྱི་རྣམ་པའོ།། གཞན་དུ་ཞེས་པ་ལ་སོགས་པས་དེ་ལྟར ་རྟོགས་པ་དང་མ་རྟོགས་པའི་སྐྱོན་དང་ཡོན་ཏན་སྟོན་པ་སྟེ་ཤེས་པར་ཟད་དོ།། འདིའི་དོན་མདོ་སྡེ་གཞན་དག་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། གང་གིས་ང་ལ་གཟུགསུ་མཐོང་།། གང་གིས་ང་ལ་སྒྲར་ཤེས་པ།། འདུན་པའི་འདོད་ཆགས་ལྡན་པ་སྟེ།། སྐྱེ་བོ་དེས་ནི་ང་མི་ཤེས ་སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ།། འདྲེན་པ་རྣམས་ནི་ཆོས་ཉིད་བལྟ།། ཞེས་པ་ལ་སོགས་པའོ།། སངས་རྒྱས་མི་མཐོང་ཞེས་པ་དང་མཚན་དང་དཔེ་བྱད་ལ་སོགས་པའི་དངོས་པོར་མི་འཛིན་ཅིང་དོན་དམ་པར་ཡེ་ཤེས་ཀྱི་རྒྱུན་འཇུག་པ་མེད་པ་སངས་རྒྱས་ཀྱི་རང་བཞིན ་xxx ་xxx ་xxx ་xxx ་xxx ་xxx ་དམ་པ་ཐོབ་པར་འགྱུར། ཞེས་གསུངས་ཏེ། དེ་ནི་ལང་ཀའི་བདག་པོ་ལ་ཡོད་པ་མ་ཡིན་ཞིང་། གནས་གྱུར་སྔ་མ་རྣམས་ཇི་ལྟར་རིག་པ་བཞིན་དུ་སྦྱར་བར་བྱའོ།། གཞན་ཡང་དེས་ཆོས་ཐམས་ཅད་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་ཅིང་སེམས་ཀྱི་ཆོས ་ཉིད་སྟོང་པ་ཉིད་ཀྱང་སོ་སོར་རང་རིག་པའི་ཚུལ་དུ་མཉམ་པར་བཞག་པའི་གནས་སྐབས་ན་རྟོགས་ནས་རྗེས་ལ་རྣམ་པའི་རྒྱུ་བ་ལ་གནས་ཞེས་པ་སྟེ། དེ་ཡང་ཕྱིན་ཅི་ལོག་གི་རྟོག་པ་ནི་སྔར་བསྟན་པ་ལྟར་སྤངས་པའོ།། གཞན་ཡང་སྔོན་གྱི་དགེ་བའི་རྩ་བ་ལས ་མངོན་པར་གྲུབ་པ། རིག་པའི་གནས་དང་རྒྱུ་རྩལ་ལ་སོགས་པ་ཐམས་ཅད་ལ་མཁས་པ་དེ་བཞིན་ཉིད་ཇི་ལྟ་བ་བཞིན་ཉིད་དུ་རྟོགས་པ་དང་། ཐེག་པ་ཆེན་པོའི་རྣལ་འབྱོར་པ་ལ་གཞན་གྱི་དྲིང་མི་འཛེགས་པ་སྟེ། དེ་ལ་རག་མ་ལུས་པའོ།། དེའི་རྒྱུ་མཚན ་ཡང་རབ་རྩལ་སེམས་ཀྱིས་ཞུས་པ་ལས། ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོགས་པ་རྣམས་ཡིན་ཏེ། གཞི་གང་ཞེ་ན། ཐབས་ལ་མཁས་པས་མངོན་པར་བསྒྲུབས་པའི་ཤེས་རབ་དང་། སྙིང ་ཆེན་པོས་མངོན་པར་བསྒྲུབས་པའི་བྱམས་པ་དང་། དོན་དང་ཆོས་མངོན་པར་བསྒྲུབས་པའི་སྤོབས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པས་མངོན་པར་བསྒྲུབས་པའི་མངོན་པར་ཤེས་པ་ལྔ་པོ་དག་སྟེ། ཞེས་གསུངས་ཏེ། དེ་རྣམས་ཀྱང་འབོད་འགྲོགས ་ལ་ལྡན་པའོ།། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སྤྱན་ལྔ་དང་ལྡན་ན་གཞན་གྱི་དྲིང་ལ་མི་འཇིག་པའོ་ཞེས་ཀྱང་གསུང་སོ།། གཞན་ཡང་བདེནི་པ་གཉིས་ཀྱི་ཐབས་ལ་མཁས་པ་སྟེ། ཇི་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལས། བྱང་ཆུབ ་སེམས་དཔའི་ཐབས་སྒྲུབ་པ་ནི་ཕན་ཚུན་འགལ་བར་སྣང་བའི་དོན་བདེན་པ་གཉིས་ཀྱི་ཐབས་ལ་མཁས་པས་མི་འགལ་བར་སྒྲུབ་པ་སྟེ། དོན་དམ་པར་སེམས་ཅན་ཡང་མི་དམིགས་ལ། རྟག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད ་པའི་བརྩོན་པ་ཡང་བྱེད་དོ།། དོན་དམ་པར་ཆོས་ཐམས་ཅད་ཀྱི་བྲི་བ་དང་འཕེལ་བ་མི་དམིགས་ཀྱང་ཀུན་རྫོབ་ཏུ་སེམས་ཅན་གྱི་དག་པ་ལ་ཡི་རང་ནས་དེ་ལས་བྱུང་བའི་དགེ་པ་རྫོགས་པའི་བྱང་ཆུབ་ཏུ་བསོ་ཞིང་སྨོན་པར་བྱེད་དོ་ཞེས་པ་ལ་སོགས་པ་གསུངས་སོ།། ་དུ་ཆུད་པ་དང་རྟོགས་ཞེས་པ་ལ་སོགས་པ་ནི་རྣམ་གྲངསུ་གྱུར་པའམ། ཁྱད་པར་དུ་སོ་སོ་རང་རིག་པའི་ཚུལ་དུ་རྟོག་པའོ།། འདི་འདྲ་བའི་ཚིག་འོག་ནས་འབྱུང་བ་རྣམས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ།། གོང་ནས་གོང་དུ་ས་ཐམས་ཅད་ཀྱི་རང་གི་མཚན་ཉིད ་རྟོགས་པར་བྱ་བ་ལ་མཁས་ཞེས་པ་ནི་ས་དང་པོ་ལ་སོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་ཇི་ལྟ་བ་བཞིན་དུ་ཉམ་སུ་མྱོང་བས་ཏེ། འདི་རྣམས་ཀྱི་མཚན་ཉིད་དང་ཡོངསུ་སྦྱོང་བའི་བྱེ་བྲག་ལ་སོགས་པ་ནི་འོག་ནས་བསྟན་པར་བྱའོ།། སེམས་དང་ཞེས་པ་ལ ་སོགས་པ་ལོ།། སེམས་ནི་ཀུན་གཞི་རྣམ་པར་ཤེས།། ངར་སེམས་ཉིད་ནི་ཡིད་ཡིན་ནོ།། རྣམ་པར་ཤེས་པས་རྣམ་པར་རིག། ལྔ་པོས་སྣང་བ་མཐོང་བར་འགྱུར། ཞེས་འབྱུང་བས་གོ་རིམ་བཞིན་དུ་ཀུན་གཞི་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་ཡིད་ཀྱི་རྣམ ་ར་ཤེས་པ་ལ་སོགས་པ་ཚོགས་དྲུག་པོ་རྣམས་རང་རང་གི་ངོ་བོས་སྟོང་པ་ཉིད་དུ་རྟོགས་ཤིང་། དེ་ལྟ་བུའི་རང་བཞིན་ལ་མངོན་པར་དགའ་བ་དང་། རྒྱུད་གསུམ་ཆད་པར་ལྟ་བ་སྟེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་། འཇིག་པ་དང་གནས་པ་རྣམ་པ་གསུམ ་དང་བྲལ་བར་ལྟ་བ་ཡིན་ནོ་ཞེས་ཀྱང་སྔ་མ་རྣམས་ཀྱིས་བཤད་ལ། གཞན་ཡང་མ་རིག་པ་དང་སྦེད་པ་དང་ལེན་པ་ནི་ཉོན་མོངས་པའི་རྒྱུན་མི་འཆད་པའོ།། འདུ་བྱེད་དང་སྐྱིད་པ་ནི་ལས་ཀྱི་ལམ་གྱི་རྒྱུན་མི་འཆད་པའོ།། ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི ་རྒྱུན་མི་འཆད་པ་རྣམས་པར་ཕྱེ་བའོ་ཞེས་འཕགས་པ་ས་བཅུ་པ་ལས་གསུངས་ཏེ། དེའི་དོན་ནི་སྲིད་པའི་ཡན་ལག་བཅུ་གཉིས་མདོར་བསྡུས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ ་རྒྱུད་གསུམ་རྣམ་པར་ཆད་ཅིང་། དེ་འདྲ་བའི་ཟག་པ་ཤེས་པའི་ཡེ་ཤེས་སོ།། གཞན་ཡང་འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་དང་གཙོ་བོ་ལ་སོགས་པ་ཡིན་ནོ།། ཞེས་རྒྱུར་ལྟ་བ་དང་། དེ་ལས་གཞན་པའི་མུ་སྟེགས་ཅན་གང་ཟག་གི་བདག་ཏུ ་ལྟ་བ་ལ་སོགས་པའི་ཉེས་པ་ཐམས་ཅད་དང་བྲལ་བར་རྟོགས་པའི་བློ་གྲོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་དེ་ཉིད་སངས་རྒྱས་ཀྱི་ས་སྟེ། དེའི་རྒྱུ་མཐུན་པའི་རྒྱུར་གྱུར་པའོ།། དེ་ཉིད་ལ་སོ་སོ ་རང་རིག་པའི་ཚུལ་གྱིས་མཉམ་པར་བཞག་ཅིང་རྒྱུ་མཚན་གྱིས་བློའི་མེ་ལོང་དང་བ་ལ། ན་མཁའ་དང་བའི་ནང་ནས་སངས་རྒྱས་སྐུར་སྣང་ཞིང་གསུང་ཐོས་པ་སྟེ། ཐོས་པའི་གསུང་དེ་ཡང་གང་ཞེ་ན། ལངྒ་ཀའི་བདག་པོ་ལེགསོ་ལེག་སོ་ཞེས་པ་སྟེ། དེའི་རྟོགས ་པ་བརྗོད་པ་ལ་ངོ་མཚར་བས་ལེན་གཉིས་སྨོས་པའོ།། ཡང་ལང་ཀའི་བདག་པོ་ཁྱོད་ནི་ལེགས་སོ་ཞེས་པ་ནི་གདུལ་བྱ་གཞན་པོ་རྣམས་ལ་ཡང་ཕན་པར་འགྱུར་བས་ཤིན་ཏུ་ལེགས་ཞེས་པའོ།། ཁྱོད་ཀྱིས་རྟོགས་པ་ལྟར་གཞན་རྣམས་ཀྱིས་ཀྱང་བརླབ་པར ་བྱའོ་ཞེས་ཉེ་བར་གདམས་པའོ།། དེ་ལྟར་མདོ་སྡེ་གཞན་དག་ལས་ཀྱང་། ཁྱེའུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ་ཟབ་མོའི་ཆོས་རྣམས་ལ་ཡང་བཟོད་པ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། སངས་རྒྱས་ལ་ཆོས་ཉིད་དུ་མཐོང་གི་གཟུགསུ་མ་ཡིན་པ་དང་། ཆོས་ལ་འདོད་ཆགས་དང་བྲལ་བར་མཐོང་གི་ཡི་གེ་དང་ངེས་པའི་ཚིག་ཏུ་མ་ཡིན་པ་དང་། དགེ་འདུན་ལ ་འདུས་མ་བྱས་སུ་མཐོང་གི་ཚོགསུ་མ་ཡིན་པ་དང་། ཤེས་རབ་ཀྱི་མིག་ཡོངསུ་དག་པར་འགྱུར་བ་སྟེ། རིན་པོ་དེ་དག་གོ་ཞེས་པ་ལ་སོགས་པ་གསུངས་སོ།། དེ་ལས་གཞན་དུ་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་ལ་སོགས ་བའི་དངོས་པོར་བལྟས་ན། དེའི་རང་བཞིན་ལ་སྒྲོ་འདོགས་པའི་མཐར་ལྟུང་བས་སངས་རྒྱས་ཀྱི་རང་བཞིན་མ་མཐོང་ངོ་ཞེས་སྔར་བསྟན་ལ། ཡང་ད་ལྟར་སྣང་བ་གདུལ་བྱའི་སེམས་ཀྱི་ངོ་བོར་གྱུར་པའམ་སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་གྱི་འཇུག་པ་ཀུན་རྫོབ ་ཙམ་དུ་ཡང་མེད་དོ་ཞེས་ལྟ་ན་ནི། དེ་ལ་སྐུར་པ་འདེབས་པ་ཆད་པའི་མཐོར་འགྱུར་བའོ།། ཁྱོད་ཀྱིས་ཞེས་པ་ལ་སོགས་པས་གདུལ་བྱའི་གཙོ་བོ་ལ་གདམས་པ་སྟེ། ཀུན་གཞི་ཡོངསུ་ཨུ་དག་པའི་གནས་སྐབས་དང་། འཇུག་པའི་རྣམ་པར་ཤེས་པ་དང་བྲལ ་བ་སྟེ། དེ་རྣམས་གནས་གྱུར་ཞིང་ནང་རིམ་གྱིས་ཆོས་ཉིད་ཆོས་ཐམས་ཅད་བསྡུས་པའི་དོན་ལ་བསྒོམ་པར་བྱའོ་ཞེས་པའོ།། ཚིག་གི་དོན་གྱི་སྤྱོད་ཡུལ་དུ་ལྷུང་བའི་ལྟ་བ་དང་། ཏིང་ངེ་འཛིན་དུ་མ་ཡིན་ཞེས་པ་ནི་བརྗོད་པ་སྣ་ཚོགས་དང་འདྲེས་པའི་དོན་གྱི་རྣམ ་བ་དུ་མར་རྟོག་པའི་ལྟ་བ་དང་། དེ་འདྲ་བའི་མཚན་མ་སྣ་ཚོགས་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པར་མི་བྱའོ་ཞེས་པའོ།། དེ་སྐད་དུ་ཡང་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་ཞིག་སྒྲ་ཡིས་ཆོས་བསྟན་པ།། ཆོས་རྣམས་མང་པོ་བསམ་མི་ཁྱབ ་སྒྲ་དེ་ལ་ཡང་གང་ཆགས་པ།། དགོངས་པའི་བཤད་པ་མི་ཤེས་སོ།། ཅི་ལ་དགོངས་ཏེ་བཤད་པ་ཡི།། དགོངས་པ་དག་ནི་མི་ཤེས་པ།། ཆོས་ཉིད་ལ་ནི་མ་བརླབས་པས།། ཆོས་མ་ཡིན་པ་ཆོསུ་འཆད།། འཇིག་རྟེན་ཁམས་ནི་སྟོང་དག་ཏུ།། ངས་ནི་མདོ་སྡེ་གང་བཤད་པ།། ་ཚིག་འབྲུ་ཐ་དད་དོན་གཅིག་སྟེ།། ཐམས་ཅད་བརྗོད་པར་ནུས་མ་ཡིན།། ཚིག་གཅིག་རྣམ་པར་བསྒོམས་ན་ནི།། དེ་དག་ཐམས་ཅད་བསྒོམས་པར་འགྱུར།། སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས།། ཆོས་རྣམས་མང་པོ་རང་བཤད་པ།། ཆོས་རྣམས་ཐམས་ཅད ་སྟོང་པ་ཉིད།། མི་གང་དོན་ལ་མཁས་པ་དག། ཚིག་འདི་བརླབས་པར་གྱུར་པ་ལ།། སངས་རྒྱས་ཆོས་རྣམས་དཀོན་མ་ཡིན།། ཞེས་གསུངས་སོ།། གཞན་ཡང་དྲང་སྐྱོང་རྒྱས་པ་དང་། འཇུག་སེལ་ལ་སོགས་པས་སྨྲས་པའི་སྔོན་གྱི་གཏམ་རྒྱུད་དང་སྒྲུང་ལ ་མངོན་པར་ཞེན་པར་མི་བྱ་ཞིང་། དབང་ཕྱུག་དང་ཚངས་པ་སྨྲ་བ་རྣམས་ཀྱིས་བསྟན་པའི་རིག་བྱེད་ཀྱི་སྒྲ་རྟག་པ་སྐྱེས་བུས་མ་བྱས་པ་དོན་ཕྱིན་ཅི་མ་ལོག་པ་སྟོན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་དུ་གཟུང་བར་མི་བྱ་ཞིང་། བདག་ནི་སྲིན་པོའི ་རྒྱལ་པོ་ཞེས་དྲེགས་ཤིང་ང་རྒྱལ་བར་མི་བྱ། བསམ་གཏན་དྲུག་ལ་སོགས་པ་ལ་བསམ་གཏན་པར་མ་ཡིན་ཞེས་པ་སྟེ། དམིགས་པ་དང་བཅས་པའི་བསམ་གཏན་དྲུག་པོ་འདི་ལྟ་སྟེ། བསམ་གཏན་དང་པོའོ་ཉེར་བསྡོགས་དང་། དངོས་གཞི་དང་། བསམ ་གཏན་ཁྱད་པར་ཅན་དང་། གཉིས་པ་ལ་སོགས་པ་གསུམ་གྱི་དངོས་གཞི་ཟག་པ་མེད་པའམ། ཟག་པ་དང་བཅས་པ་རྣམས་དང་། ནམ་མཁའི་འདུ་ཤེས་ལ་སོགས་པ་གཟུགས་མེད་པའི་ཏིང་ངེ་འཛིན་མཚན་མར་དམིགས་པ་རྣམས ་ལ་བསམ་གཏན་པར་མ་ཡིན་ཞེས་པའོ།། ལང་ཀའི་བདག་པོ་འདི་ནི་ཞེས་པ་ལ་སོགས་པས་ཉེ་བར་གདམས་པའི་དོན་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པས། དེ་རྣམས་ཀྱི་དམ་ཚིག་ཉིད་དུ་སྟོན་པའོ།། ་ཕ་རོལ་གྱི་རྒོལ་བ་ནི་འགལ་བ་ཁས་ལེན་པས་རྩོད་པ་ཉེ་བར་འགོད་པ་སྟེ། དེ་ཉིད་ཆོས་དང་མཐུན་པར་ཚར་གཅོད་ཅིང་ལྟ་བ་ངན་པར་གྱུར་པ་དྲུག་ཅུ་རྩ་གཉིས་ལ་སོགས་པ་བསྟན་པ་ཐམས་ཅད་ཀྱི་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་སྟེ། བདག་དང་བདག་གིར་ལྟ་བ ་ཡིན་ལ་དེ་རྣམ་པར་བཟློག་པ་ལ་མཁས་པས་ལྟ་བ་ངན་པ་ཐམས་ཅད་སེལ་བའོ།། བློ་ཞིབ་ཅིང་ཞེས་པ་ནི་ཟབ་མོ་རྟོགས་པའོ།། རྣམ་པར་ཤེས་པ་ཤིན་ཏུ་འགྱུར་བ་ལ་མཁས་ཞེས་པ་ནི་ཀུན་རྫོབ་དུ་སེམས་དང་སེམས་ལས་བྱུང་བའི་བྱེ་བྲག་ཇི་ལྟ་བ་བཞིན་དུ ་རྟོགས་པའོ།། དེ་བཞིན་གཤེགས་པའི་ཞེས་པ་ལ་སོགས་པས་དེ་འདྲ་བའི་དམ་ཚིག་ལ་བརྩོན་པར་བྱའོ་ཞེས་གདམས་པ་སྟེ། དེ་ཡང་ཆོས་ཀྱི་སྐུའི་ཡེ་ཤེས་ལ་འཇུག་པ་ཁོང་དུ་ཆུད་པར་བྱ་བའི་དོན་དུའོ།། དེ་ལྟར་ཤེས་པ་ལ་སོགས་པས་དེ་ཉིད་ཀྱི་ཕན་ཡོན ་སྟོན་ཏེ། དེའི་དོན་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་ཡོངསུ་གཟུང་བའི་ལམ་ཐབས་དང་ཤེས་རབ་དབྱེར་མེད་པ་འདི་ནི་ཕྱིར་ཞིང་གོང་ནས་གོང་དུ་ལམ་གྱི་མི་མཐུན་པའི་ཕྱོགས་ཀུན་གཞི་རྣམ་པར་ཤེས་པའི་དྲི་མ་སྦྱངས་པས་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད ་དུངེས་པར་འབྱུང་བའོ།། དེ་སྐད་དུ་ཡང་། ཀུན་གན་དྲི་མེད་བསོད་ནམས་ཀྱིས།། དེ་བཞིན་གཤེགས་པར་འགྱུར་བའོ།། ཞེས་འཕགས་པ་སྡུག་པའི་རྒྱན་ལས་གསུངས་པའི་ཕྱིར་རོ།། གཞན་ཡང་བས་དང་ཤེས་རབ་ན་འདར་ལྷུར་བུ་རབ་རྟུལ ་སེམས་ཀྱིས་ཞུས་པ་ལས། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཀྱིས་ངེས་པར་འབྱུང་བ་ཡིན། དེ་ནས་འཇམ་པ་གཞོན་ནུར་གྱུར་པས་ལྷའི་དུ་རོབ་རྩལ་སེམས་ལ་ཚིགསུ་བཅད་དེ་སྨྲས་པ། གང་ཚེ་སེམས་ནི་ཆགས ་མེད་པ།། བླ་མེད་བྱང་ཆུབ་སེམས་ཡིན་ཏེ།། སེམས་ཀྱི་རང་བཞིན་མངོན་སུམ་པ།། དེ་ནི་ཤེས་རབ་མཚན་ཉིད་དོ།། སེམས་རྣམས་བསྐྱེད་པ་ཐམས་ནི།། བྱང་ཆུབ་ཏུ་ནི་ཡོངས་བསྔོ་ཞིང་།། བྱང་ཆུབ་སེམས་ལ་རབ་བརྟགས་པ།། དེ་ནི་ཐབས་ཀྱི་ཚུལ་ཉིད་དོ།། ་ཞེས་པ་ལ་སོགས་པ་གསུངས་ནས། ཡང་ཤེས་རབ་ཐབས་ལ་མཁས་པ་ཡིས།། ཡན་ལག་གཉིས་ལྡན་ལམ་འདི་ནི།། ཤེས་ལྡན་བྱང་ཆུབ་སེམས་དཔའ་སྟེ།། ངས་ནི་འདྲེན་རྣམས་ངེས་པར་འབྱུང་།། ཐབས་དང་མི་ལྡན་ཤེས་རབ་ཀྱིས།། མ་བྱུང་འབྱུང་བ ་འགྱུར་བ་མེད།། མཁས་པ་རབ་ཏུ་ཞི་མི་འགྱུར། ཤེས་རབ་དང་ནི་ཐབས་ཤེས་པ།། དེ་གཉིས་ཀུན་ཏུ་འདྲེས་གྱུར་ཅིང་།། གཉིས་ཀ་ཟུང་དུ་འཇུག་འགྱུར་ན།། དེས་ནི་དམ་པ་རྟོགས་པར་འགྱུར།། ཞེས་པ་ལ་སོགས་པས་ལམ་དེ་ཉིད་ཀྱིས་ཕན་ཡོན་གང་ནས་གྲོང ་དུ་རྣམ་པར་སྦྱོང་པ་ཉིད་བསྟན་ཏོ།། ཇི་ལྟར་བྱིས་པ་ཞེས་པ་ལ་སོགས་པ་ཉེ་བར་གདམས་པའི་དོན་དེ་ཉིད་མུ་སྟེགས་དང་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་དུ་སྟོན་ཏོ།། སྣང་བའི་མཚན་ཉིད་ལ་མངོན་པར་ཆགས་ཞེས་པ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས ་པ་གཟུང་འཛིན་ཁས་ལེན་པ་རྣམས་ཀྱིའོ།། ཞི་བ་ལ་སོགས་པ་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ནི་དེ་ལྟ་མ་ཡིན་ནོ།། འབྱུང་བ་དང་ཡོན་ཏན་དང་རྫས་ཀྱི་རྐྱེན་དུ་སྤྱོད་པ་ཞེས་པ་ལ་རྒྱང་པན་པ་རྣམས་ནི་དངོས་པོ་ཐམས་ཅད་ས་ལ ་སོགས་པ་འབྱུང་བ་བཞིའི་བདག་ཉིད་དེ། སེམས་ཀྱང་འབྱུང་བ་བཞི་ལས་ཐ་དད་པ་མ་ཡིན་ཞིང་། འབྱུང་བ་རྣམས་སེམས་དང་བཅས་པ་ཉིད་དུ་འདོད་དོ།། དེ་ཡང་རྣམ་པ་གཉིས་ལས་ཕྱི་རོལ་གྱི་ས་ལ་སོགས་པ་ནི་མངོན་པར་མི་གསལ་བའི་སེམས ་ཅན་དུ་འདོད་ལ། དེ་ཉིད་ཡོངསུ་གྱུར་ཅིང་འཕྲོད་པ་འདུས་པ་ལས་བྱུང་བ་སེམས་ཅན་གྱི་ལུས་སུ་གཏོགས་པ་ནི་མངོན་པར་གསལ་བའི་སེམས་པ་ཅན་ཏེ། དེ་ཉིད་ཀྱི་ཕྱིར་འཇིག་རྟེན་སྔ་མ་ནས་མ་འོངས་ཤིང་ཕྱི་མར་ལུས་གཞན་ལེན་པ་མ་ཡིན་ཏེ། ་ཤི་བའི་དུས་སུ་གྱུར་པ་ན་མངོན་པར་མི་གསལ་བ་འབྱུང་བ་ཆེན་པོ་ཉིད་ལ་ཉེ་བར་ཞི་བའོ་ཞེས་པའོ།། ཡང་བྱེ་བྲག་པ་ནི་ཚིག་གི་དོན་རྣམ་པ་དྲུག་སྟེ། རྫས་དང་ཡོན་ཏན་ལས་དུ་བྱེ་བྲག་འདུ་བ་རྣམ་པ་དྲུག། ཅེས་པའོ།། དེ་ལ་རྫས་ནི་རྣམ་པ་དགུ་སྟེ། ་འབྱུང་བ་བཞི་མོ་རྟག་པའི་རྫས་དང་། བདག་དང་དུས་དང་ཕྱོགས་དང་ཡིད་དང་ན་མཁའ་སྟེ། རྟག་པའི་རྫས་རྣམ་པ་ལྔའོ།། དེ་ལ་འབྱུང་བ་རྣམས་ཀྱང་རགས་པ་ཡན་ལག་ཅན་གྱི་རྫས་མོ་རྟག་ལ། རྡུལ་ཕྲ་མོའི་རྫས་ནི་རྟག་པའོ།། ཡོན་ཏན་རྣམས་ནི ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། གྲངས་དང་བོང་ཆོད་དང་། ཐ་དད་པ་དང་སྦྱོར་བ་དང་བྲལ་བ་དང་། གཞན་དང་གཞན་མ་ཡིན་པ་དང་། བློ་དང་བདེ་བ་དང་། སྡུག་བསྔལ་དང་། སྡང་བ་དང་། འདོད་པ་དང་། འདུ་བྱ་བའི་ཤུགས་དང་། འབད ་པ་དང་། གཤེར་བ་དང་། ལྕི་བ་དང་། སྣུམ་པ་དང་། མཐོང་བ་དང་། མ་མཐོང་བ་སྟེ་ཉི་ཤུ་རྩ་གཞིའོ།། ལས་ནི་རྣམ་པ་ལྔ་སྟེ། འདེགས་པ་དང་། འཇོག་པ་དང་། བརྐྱང་བ་དང་། བསྐམ་པ་དང་། འགྲོ་བའོ།། སྤྱི་ནི་རྣམ་པ་གཉིས་ཏེ། ཉི་ཚེ་བ་དང་། ཆེན་པོའོ།། ཉི་ཚེ་བ་ནི་སེར ་སལ་ལ་སོགས་པ་རྣམས་ལ་བ་ལང་ཉིད་ཅེས་པའི་སྤྱི་བསལ་བ་རྣམས་དང་། མངོན་པར་འདུ་བའི་སྒོ་ནས་འབྲེལ་པ་གསལ་བ་ལས་ཐ་དད་པའོ།། ཆེན་པོ་ནི་དངོས་པོ་ཐམས་ཅ་དེ་ཡོད་པ་ཉིད་ཅེས་པའམོ།། གཞལ་བྱ་ཉིད་ཅེས་པ་ལ་སོགས་པའི་སྤྱིའོ།། བྱེ་བྲག་ནི་ཚིག ་གི་དོན་དེ་རྣམས་བྱེ་བྲག་གི་བློ་སྐྱེད་པ་སྟེ། དེ་རྣམས་མ་འདྲེས་པར་བྱེད་པའོ།། འདུ་བ་ནི་འདིར་རྫས་ལ་སོགས་པ་རྣམས་ལ་བློ་འབྲེལ་བར་བྱེད་པ་སྟེ། འདི་དང་འདིའོ་ཞེས་བློའི་ཡུལ་དུ་བྱེད་པའི་ཆོས་ཀྱི་ཁྱད་པར་རོ་ཞེས་ཀྱང་སྔོན་གྱི་སློབ་དཔོན་དག་གིས ་བབཤད་ལ། གཞན་ཡང་རྫས་དང་ཡོན་ཏན་ལ་སོགས་པ་རྟན་དང་བརྟེན་པའི་དངོས་པོ་ཡུལ་ཐ་མི་དད་པ་རྣམས་ལ་འདི་ལ་འདི་ཞེས་པའི་སྒྲའམ་བློ་ཞིག་འཇུག་པའི་རྒྱུར་གྱུར་པ་འབྲེལ་པ་ཅན་ལ་རྫས་ཐ་དད་པ་ནི་འདུ་བའི་འབྲེལ་པ་ཞེས་བྱའོ།། གྲངས་ཅན ་པ་རྣམས་ཀྱིས་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔར་འདོད་དེ་འོག་ཏུ་བསྟན་པར་བྱའོ།། དེ་འདྲ་བ་མུ་སྟེགས་ཅན་གྱི་རྗེས་སུ་འཇུག་པའི་སྒོ་ཞེས་པ་ལམ་སྟེ། ལམ་དེའི་སྤྱོད་ཡུལ་མ་ཡིན་ཞེས་པའོ།། མ་རིག་པའི་རྐྱེན་དུ་ལྟ་བ་ལ་མངོན་པར་ཆགས་པ་ནི་མི་རིགས་པའི་རྐྱེན ་གྱིས་འདུ་བྱེད་ཅེས་པ་ལ་སོགས་པ་ཕྱི་དང་ནང་གི་རྟེན་འབྲེལ་དོན་དམ་པའི་དངོས་པོར་ཞོན་ཅིང་། འདི་ན་བདག་གམ་སེམས་ཅན་མེད།། ཆོས་འདི་རྒྱུ་དང་བཅོས་པ་སྟེ།། ཞེས་བདག་ལ་སོགས་པས་སྟོང་པ་དང་། དེ་ལས་གཞན་པའི་རྐྱེན་ལས་སྐྱེ་བར་འཛིན་པའི ་སེམས་རྣམ་པར་གཡངས་པ་འམ། སང་སྦྱར་སྒྲོ་འདོགས་པ་དང་སྐུར་བའི་ལྟ་བས་རྣམ་པར་གཡེངས་པས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན་གྱི་དབང་གི་མཚན་ཉིད་ལ་མངོན་པར་ཆགས་པ་དང་། གཞན་ཡང་གཟུགས ་ནི་གཞིག་ཅིང་གཞོ་དུ་རུང་བའི་མཚན་ཉིད་ཅེས་པ་ལ་སོགས་པར་འཛིན་པའི་བལྟ་བར་ལྷུང་བའི་བསམ་པས་སྣ་ཚོགས་སུ་བརྟགས་ཤིང་རྟོག་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྗེ་སུ་འཇུག་པའི་སྒོའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་སྦྱར་བར་བྱའོ།། ལང ་ཀའི་བདག་པོ་ཞེས་པ་ལ་སོགས་པས་ནི་གདམས་པའི་དོན་ཉམ་སུ་བླངས་པའི་ཕན་ཡོན་སྟོན་ཏོ།། ཐེག་པ་ཆེན་པོ་ཞེས་པ་ལམ་གྱི་བདག་ཉིད་ཀྱིའོ།། དེ་ལས་གདུལ་བྱ་ཇི་ལྟ་བུ་འདུལ་བར་འགྱུར་བའི་གཟུགས་སྣ་ཚོགས་སུ་སྟོན་པར་ནུས་པ་ནི ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འབྲས་བུ་ཐོབ་པར་བྱེད་ཅིང་། བྱེ་བྲག་གི་སྲིད་པ་སྟེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པ་འཇིག་རྟེན་པའི་འགྲོ་བ་ཁྱད་པར་ཅན་གྱི་ལུས་འགྲུབ་པའོ།། དེ་སྐད་དུ་ཡང་འཕགས་པ་སྟུག་པོ ་བཀོད་པའི་རྒྱན་ལས། ཀུན་གཞི་རྣམ་པར་དག་གྱུར་ན།། ས་ཡི་རྒྱལ་པོར་འགྱུར་པ་ཡིན།། འཛམ་བུའི་གླིང་ལ་དབང་བ་ཡིན།། འཁོར་ལོ་འཁོར་བར་ཡང་འགྱུར་རོ།། དགའ་ལྡན་ལ་སོགས་གཞལ་མེད་དུ།། མཚེ་མ་རབ་ཀྱི་དབང་པོར་འགྱུར།། དབང་པོའི ་གནས་སུ་དབང་པོར་ཏེ། དབང་སྒྱུར་གནསུ་དེ་བཞིན་ནོ།། འདོད་པའི་ཁམས་ཀྱི་དབང་པོའི་བདག། གཟུགས་ཁམས་བདག་པོའང་དེ་བཞིན་ཏེ། ཞེས་པ་ལ་སོགས་པ་གསུངས་སོ།། ཁེབས་པའི་གཡོག་མ་རྣམ་པར་ཤེས་པ་སྣ་ཚོགས་ཀྱི་རླབས་ཟློག ་པར་བྱེད་པ་ཡིན་ཏེ་ཞེས་པ་ནི་སེམས་ཀྱི་དེ་བཞིན་ཉིད་ལ་སྒྲིབ་པར་བྱེད་པ་འཇུག་པའི་རྣམ་པར་ཤེས་པ་སེམས་ལས་བྱུང་བ་དང་བཅས་པ་སྒྲིབ་པ་གཉིས་ཀྱིས་བསྡུས་པ་རྣམས་སེལ་བར་བྱེད་པའོ།། བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པ་ལས་བྱུང་ཞེས་པ་ནི ་དེ་དག་གི་བདག་གཅིག་པ་དང་ཐ་དད་པ་དང་། སེམས་དང་བཅས་པ་དང་། སེམས་མེད་པ་ལ་སོགས་པར་རང་རང་གི་ཤེས་པས་གཏན་ལ་བབ་ནས་སྒོམ་པར་བྱེད་པ་དང་། སྲོག་དང་རྩོལ་བ་བསྡམས་པ་ལ་སོགས་པའི་ཐབས་ཀྱིས་དམིགས་པ་དང་བཅཝ ་བའི་ཏིང་ངེ་འཛིན་ཅུང་ཟད་བདེ་བ་ལ་མི་རྟོག་པ་ཟག་པའི་གཉེན་པོར་གྱུར་པ་མ་ཡིན་པ་སྐྱེ་བ་སྟེ། གཉིས་ཀྱི་དོན་ལ་ཆགས་ཞེས་པ་རྟག་པ་དང་མི་བརྟག་པ་ལ་སོགས་པ་མཐའ་གཉིས་ལ་ཆགས་པའོ།། ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས ་མཇུག་བསྡུ་བའི་ཚུལ་གྱིས་བསྔགས་ཤིང་རྗེ་སུ་གདམས་པའོ།། དེ་ནས་དེའི་སྐབསུ་ཞེས་པ་ལ་སོགས་པས་ནི་འབོད་འགྲོགས་ཀྱིས་གདམས་པའི་དོན་ཉམ་སུ་བླང་བ་ཉིད་དུ་གོ་བགོས་པ་བསྡུད་པ་པོས་བསྡུས་ཏེ་བསྟན་པའོ།། འདི་སྙམ་དུ་སེམས་ཏེ ་ཞེས་པ་ནི་ངག་གི་མཐར་སྙམ་མོ་ཞེས་བསྟན་པའི་ཚིག་དང་སྦྲེལ་ལོ།། དེ་ལ་འདིར་གང་སྙམ་དུ་སེམས་ཤ་ན། ཡང་འདི་ལྟར་ཞེས་པ་ལ་སོགས་པའོ།། འཕྲུལ་པས་སྤྲུལ་པ་ད་དྲལ་ཞེས་པོ་ནི་ཉན་ཐོས་ལ་སོགས་པ་གང་དག་མཚན་དང་དཔེ ་བྱད་ལ་སོགས་པར་སྣང་བ་ལ་སངས་རྒྱས་ཀྱི་དངོས་པོ་ཉིད་དུ་ཞན་པ་ནི། དེ་ལྟར་བདེན་པ་མ་ཡིན་ཞིང་སྟོང་པར་སངས་རྒྱས་ཉིད་ཀྱི་ཐུག་སུ་ཆུད་པའོ།། བློ་གང་གི་ཕྱིར་ཞེས་པ་ནི་དེ་ལྟར་མཐར་ཐུག་པའི་བློ་འགའ་ཞིག་གི་ཕྱེད་དུ་ལམ་གྱི་དུས་ན ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་རྣལ་འབྱོར་བསྒོམས་པས། དེ་ཉིད་མཐར་ཐུག་པ་ནི་རྣལ་འབྱོར་ཅན་རྣམས་ཀྱི་རྣལ་འབྱོར་གྱི་སྒྲར་གང་གིས་པ་སྟེ། རྣལ་འབྱོར་ཆེན་པོ་མཐར་ཐུག་པ་ཐུགསུ་ཆུད་པ་སངས་རྒྱས་ཀྱི་ར ་བཞིན་ཡིན་པར་འབོད་འགྲོགས་བདག་གིས་དོན་དམ་པར་མཐོང་བར་འདུ་བྱེད་པའི་མཚན་ཉིད་རྣམ་པར་ལོག་པའི་རྫུ་འཕྲུལ་ཏེ། འབད་པ་དང་རྩོལ་བ་མེད་པའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྣམ་པར་འཕྲུལ་པས་དེ་ལྟར་བལྟའོ་སྙམ་དུ་སེམས་པའོ།། ་དེ་ལ་རྣལ་འབྱོར་ཅན་རྣམས་རྣལ་འབྱོར་ཞེས་པ་ནི་ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་འཇུག་པ་རྣམས་ཞེས་པ་དང་སྦྱོར་ཏེ། ཞི་གནས་ཀྱི་ཕྱོགས་ཀྱིས་བསྡུས་པའོ།། མངོན་པར་རྟོགས་པ་ནི་ཁོང་དུ་ཆུད་པར་འགྱུར་ཞེས་པ་ལ་སོགས་པ་དང་སྦྱར་ཏེ། ་ལྷག་མཐོང་གི་ཕྱོགས་ཀྱིས་བསྡུས་པའོ།། དེ་ལྟར་ཟུང་དུ་འབྲེལ་བའི་རྣལ་འབྱོར་གོམས་པའི་སྟོབས་ཀྱིས་མཐར་ཐུག་པ་ཁོང་དུ་ཆུད་པའི་ཕྱིར། སངས་རྒྱས་འདིས་ཁོང་དུ་ཆུད་དོ་ཞེས་རྣལ་འབྱོར་རྣམས་ཀྱི་ནང་ན་ཡང་མཆོག་ཏུ་གྱུར་པའི་རྣལ་འབྱོར ་དུ་གདགས་ཞེས་པའོ།། གཞན་ཡིད་དེ་ལྟར་གྱུར་པ་དེའི་ཕྱིར་འབོད་འགྲོགས་བདག་གིས་མི་དམིགས་པའི་ཐུགས་རྗེ་ཅན་གདུལ་བྱ་རྣམས་ཀྱི་ཉོན་མོངས་པ་འབ་བ་དང་རྣམ་པར་རྟོག་པ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་འབྱུང ་བའི་རྒྱུ་བདག་ཏུ་འཛིན་པ་བཟློག་པས་དེ་དགེ་ལ་པར་བྱེད་ཅིང་། ཡང་སེམས་དང་བསམ་པའི་རྗེ་སུ་ཞུགས་ཞེས་པ་ནི་སེམས་ཀྱི་རྒྱུ་བོ་དང་དེ་རྣམས་ཀྱི་འདོད་པས་དམིགས་པའི་དོན་ཇི་ལྟ་བ་བཞིན་མཁྱེན་ཅིང་དེ་དང་མཐུན་པར་སྐུ་ལ་སོགས་པ་སྟོན ་བའོ།། ཐམས་ཅད་དུ་ཁྱབ་པ་ཞེས་པ་ནི་ཇི་ལྟར་ན་མཁའ་ཇི་ཙམ་པར་ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཁྱབ་ལ། ཆོས་ཉིད་ཇི་སྙེད་པ་དེ་ཙམ་དུ་སངས་རྒྱས་ཀྱིས་ཀྱང་ཁྱབ་པ་སྟེ། སྐུའི་གསང་བ་བསྟན་པ་ལས།། ནམ་མཁའི་ཚད་ནི་ཇི་ཙམ་པ།། སངས་རྒྱས་གཟུག་ཀྱང་དེ་ཙམ་སྟེ།། འཇིག ་རྟེན་མགོན་པོའི་དབུ་གཙུག་ཀྱང་།། ནམ་མཁའི་ཁམས་དང་མཚུངས་པ་ལགས།། སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ།། འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ།། འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ།། གསུང་གིས་ཀྱང་ནི་དེ་སྙེད་ཁྱབ།། གསུང་གི་ཇི་སྙེད་ཁྱབ་གྱུར་པ།། ཐུགས་ཀྱིས་ཀྱང་ནི་དེ་སྙེད ་ཁྱག་ཅེས་པ་ལ་སོགས་པ་གསུངས་སོ།། ཐམས་ཅད་མཁྱེན་པ་ནི་ཀུན་རྫོབ་དང་དོན་དམ་པའི་རྣམ་པ་ཐམས་ཅད་མཁྱེན་པའམ། ཡང་ན་མཁྱེན་པ་གསུམ་གྱིས་བསྡུས་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་འབྱུང་བ་བཞིན་ནོ།། བྱེད་པའི་མཚན་ཉིད ་ལོག་ཅེས་པ་ནི་སྔར་བསྟན་པ་ལྟར་རག་། ཡང་ན་ཐམས་ཅད་མཁྱེན་པ་ཉིད་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པ་ཐམས་ཅད་ལས་མངོན་པར་འཕགས་པའི་རྫུ་འཕྲུལ་གྱིས་གནས་པ་ཡིན་ནོ།། ཞེས་དེ་ལྟར་ལྟ་བའོ།། དེ་མཐོང་བས་ཞེས་པ་ལ ་སོགས་པས་སྔ་མེ་དེ་ཉིད་ཀྱི་ཕན་ཡོན་སྟོན་ཏོ།། བདེ་བའི་ཏིང་ངེ་འཛིན་ཞེས་པ་ནི་དཔའ་བོར་འགྲོ་བ་ལ་སོགས་པ་ཟག་པ་མེད་པའི་བདེ་བ་དང་ལྡན་པའི་ཏིང་ངེ་འཛིན།། སྙོམས་པར་འཇུག་པ་ནི་འདུ་ཤེས་དང་ཚོར་བ་འགོག་པ་དང་། ཐོད་རྒལ་གྱི་སྙོམས ་པར་འཇུག་པའོ།། ཐུགས་སུ་ཆུད་པའི་ས་ནི་ཆོས་ཀྱི་སྐུའི་ཡེ་ཤེས་སོ།། ཚིག་གི་དོན་གཞན་ནི་ཤེས་པར་ཟད་དོ།། དེ་ལྟར་འབོད་འགྲོགས་ལ་སོགས་པའི་གདུལ་བྱ་རྣམས་ལ་དེ་བཞིན་གཤེགས་པས་དོན་གྱི་ཆོས་བསྟན་ནས། ཚིག་གི་སྒོ་ནས་སྟོན་པ་ནི་དང ་པོར་ཡང་སྤྲུལ་པ་བྱིན་གྱིས་བརླབ་པ་དང་། དངོས་སུ་སྟོན་པའི་ལྟས་བསྟན་པ་དང་། དེ་ལ་འཁོར་རྣམས་ཐེ་ཚོམ་སྐྱེས་པ་དང་། དེ་ཉིད་བསལ་བའི་དོན་བློ་གྲོས་ཆེན་པོས་ཞུ་བར་གསོལ་བ་དང་། དེའི་ལན་གསུངས ་པའོ།། དེ་ལ་དང་པོ་སྤྲུལ་པ་བྱིན་གྱིས་བརླབ་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པའོ།། ལང་ཀའི་བདག་པོ་མ་སྐྱེས་པའི་ཆོས་ལ་བཟོད་པ་ཐོབ་ཅེས་པ་ནི་སྤྱིར་གསུང་རབ་དག་ལ་གནས་སྐབས་རྣམ་པ་གསུམ་དུ་བཤད་དེ ་སྦྱོར་བའི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར་བཟོད་པ་ཞེས་གསུངས་ཏེ། ཆོས་ཆེན་པོ་ནི་མ་སྐྱེས་པའི་ཆོས་ཉིད་འདི་ཉིད་ལ་བཤད་དོ།། ཡང་ས་དང་པོའི་གནས་སྐབས་དང་། བརྒྱད་པའི་གནས་སྐབས་སུ་ཡང་གསུངས ་པ་ལོས་འདིར་ནི་བརྒྱད་པ་ཡན་ཆོད་ཀྱིས་བསྡུས་པ་སྟེ། ལང་ཀའི་བདག་པོ་གནས་ཤིན་ཏུ་གྱུར་ཞེས་པ་ལ་སོགས་པ་གོང་དུ་གསུངས་ལ། དེ་ཡང་ས་བརྒྱད་པའི་གནས་སྐབས་ཡན་ཆད་ལ་འཐད་པའི་ཕྱིར་རོ།། བཟོད་ཅེས་པ་ནི་སྐྱེ་བ་མེད་པའི ་ཆོས་ཉིད་ལ་སེམས་གཏིང་ཚུགས་ཤིང་། རྒྱ་མཚོ་ཆེན་པོ་ལ་གྲུ་གཟིངས་བཏང་བ་ལྟར་ཆོས་ཉིད་འབའ་ཞིག་ལ་མཉམ་པར་འཇོག་པའོ་ཞེས་ས་བཅུ་པ་ལ་སོགས་པ་ལས་ཀྱང་གསུངས་ཤིང་། མདོ་སྡེ་འོང་ཉིད་དུ་ཡང་གསལ་པོར་སྟོན་པར ་འགྱུར་རོ།། དེ་ཐོབ་པའི་རྒྱུ་ཡང་འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། རིགས་ཀྱི་བུ་ངས་ཀྱང་དེ་བཞིན་གཤེགས་པ་མར་མ་མཛད་ཀྱིས་དྲུང་དུ་ཆོས་ཐམས་ཅད་ཚུལ་གཅིག་པའོ་ཞེས་བྱ་བའི་ངན་ཁོང་དུ་ཆུད་པར་གྱུར་ནས། ་དེའི་འོག་ཏུ་ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ་ཞེས་གསུང་སོ།། གཞན་ཡང་སངས་རྒྱས་ནི་ཆོས་ཉིད་དུ་ལྟ་བའི་གཟུགས་ཀྱི་སྐུར་མ་སོན་ཞེས་པ་ལ་སོགས་པ་རྒྱུ་བ་ནི་ཡང་སྔར་བསྟན་ཏོ།། མཐོང་བ་མྱོང་བ་ནི་ཐ་དད་པ་ལྟ་བུར་མཐོང་ཞིང་དེ་ཡང ་སེམས་ཀྱི་ངོ་བོ་ཉིད་དུ་རྟོགས་པས་མྱོང་ཞེས་པའོ།། ཚིག་གི་ཆ་གཞན་ནི་ཤེས་པར་ཟད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་ཆོས་སྟོན་པ་ལ་སོགས་པའི་ལྟས་སྟོན་ཏེ། སངས་རྒྱས་ཀྱི་ཤིའི་སྤྱན་ཞེས་པ་ནི་གཟུགས་ཅན་གྱི་དབང་པོ ་འདི་ཉིད་གནས་གྱུར་པའམ། གཞན་ཡང་མཐུ་ཕུལ་དུ་བྱུང་བ་དང་ལྡན་པར་གྱུར་པས་ཡུལ་རྣམས་འཛིན་པར་སྣང་བ་སྟེ། དེ་སྐད་དུ་ཡང་། དབང་པོ་ལྔ་རྣམས་གཞན་གྱུར་ན།། དོན་ཀུན་འཇུག་དང་ཐམས་ཅད་ཀྱི། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་།། འབྱོར ་པ་དམ་པ་ཐོབ་པར་འགྱུར། ཞེས་གསུང་སོ།། འདིར་དོན་དམ་པར་ནི་ཡེ་ཤེས་ཀྱི་སྤྱན་ཉིད་ཡིན་གྱི། གཟུགས་ཅན་གྱི་དབང་པོ་ནི་འཐད་པ་མ་ཡིན་ཏེ། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ།། ཞེས་གསུངས་པས་སོ།། ཚིག་གི་དོན་གཞན་ནི་ཤེས་པར་ཟད་།། དེ་ནས ་བྱང་ཆུབ་སེམས་དཔའི་འཁོར་ཞེས་པ་ལ་སོགས་པས། གདུལ་བྱ་རྣམས་ཐེ་ཚོམ་སྐྱེས་པ་ཉིད་དུ་སྟོན་པའོ།། སྔོན་དུ་ཞི་བ་ནི་ཆོས་སྟོན་པའི་སྔོན་དུའོ།། ཏིང་ངེ་འཛིན་གྱི་བདེ་བ་ལ་ནང་དུ་མི་གཟིགས་པར་ཡུལ་གཞན་ལ་རྣམ་པར་གཡེང་བ་འདི་ནི་ཞིག་སྙམ ་དུ་ཐེ་ཚོམ་ཟ་བའོ།། དེ་ནས་ཞེས་པ་ལ་སོགས་པས་ཐེ་ཚོམ་བསལ་བའི་དོན་དུ་ཞུས་པོའོ།། རྣམ་པར་སྤྱོད་པ་ཞེས་པ་ནི་ཁྱད་པར་དུ་ཡང་རྣམ་པར་རྟོག་པའི་རྒྱུ་བའོ།། རྣམ་པར་མྱོས་པ་ནི་པི་ཆོས་གྱི་བང་གིས་འཁྲུགས་པའོ།། རྒྱུ་དང་རྐྱེན་ཞེས་པརྨྨ་ན ་ལེན་པའི་རྒྱུ་སྟེ་འབྲས་བུ་གང་ཞིག་སྐྱེད་པ་ན་གཙོ་བོ་ལྟ་བུར་སྣང་བའོ།། དེ་ཡང་རྣམ་པ་གཉིས་ཏེ། འབྲས་བུ་འགའ་ཞིག་རྒྱུད་གཞན་དུ་གཏོགས་པའི་རྒྱུ་ཁོ་ན་ལས་སྐྱེས་པ་ན། འབྲས་བུ་བསྐྱེད་ནས་རྒྱུའི་རྒྱུན་ལྡོག་པ་ནི་ཉེ་བར་ལེན་པའི ་རྒྱུ་སྟེ། ཇི་ལྟར་འཕགས་པ་ས་ལུ་ལྡང་བའི་མདོ་ལས་བཤད་པ་བཞིན་ནོ།། ཡང་འབྲས་བུ་སྐྱེས་ཀྱང་རྒྱུའི་རྒྱུན་མི་ལྡོག་པ་རང་གི་རྒྱུད་དུ་གཏོགས་པ་བསྐྱེད་པར་སྣང་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཏེ། དེ་དག་ཀྱང་རྒྱུའི་གཙོ་བོ་དང་ཕྲལ་བ་ལྟ་བུར་སྣང་བས་རྒྱུ་དང་རྐྱེན ་གྱི་དབྱེ་བ་བྱས་པའོ།། ཡང་འགའ་ཞིག་རང་གི་རྒྱུད་དུ་གཏོགས་པ་རྒྱུ་ལས་ཀྱང་སྐྱེ་བར་སྣང་བ་ན་འབྲས་བུ་རང་དང་འདྲ་བ་སྐྱེ་བར་བྱེད་པ་ནི་ཉེ་བར་ལེན་པའི་རྒྱུ་ལ་མི་འདྲ་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་ནོ།། དེ་ལ་ཡང་འདྲ་བ་ཡང་ངོ་ཤེས་པའི་བློ་ཐ་མལ་པའི ་ཡུལ་དུ་གྱུར་པའོ།། འདིར་དེ་བཞིན་གཤེགས་པས་དེ་དག་གི་ལནི་གསུངས་པ་ནི་རྣམ་པ་བཞིའི་སྒོ་ནིས་སྟོན་པ་ལས། ཞུ་བོ་པོ་ལ་བསྔགས་པར་བརྗོད་ཅིང་འདྲི་བར་བསྐུལ་བ་ནི་བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ།། དེ་ལྟ་འཇིག་རྟེན་གྱི་རང་བཞིན ་ནི་ཁམས་དང་བག་ལ་ཉལ་གྱིས་བསྡུས་པའོ།། ལྟ་བ་ངན་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་མངོན་དུ་གྱུར་པའི་ཁྱད་པར་རྣམས་སོ།། དུས་གསུམ་གྱི་སེམས་ཞེས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཁྱད་པར་སྤྱིར་བསྟན་པའོ།། གཞན་ནི་ཤེས ་པར་ཟད་དོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཐེ་ཚོམ་བསལ་བའི་ཐབས་མདོར་བསྟན་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་གདུལ་བྱའི་གཙོ་བོ་ལ་ཕན་ཡོན་དང་བཅས་པའི་ཆོས་བསྟན་པས་དྲིས་ཤིག་པར་བསྐུལ་ཞིང་བཤད ་པའི་སྐབས་དབྱེ་བའོ།། དེ་ལ་མཁྱེན་བཞིན་དུ་ཞེས་པ་ནི་དེ་ཡིས་འདྲི་བ་ཉིད་དུ་མཁྱེན་པའོ།། ཅོད་པན་རབ་ཏུ་གཡོ་བ་ནི་ལུས་ཀྱི་རྒྱན་རྣམས་ཀྱི་མཆོག་ཏུ་གྱུར་པ་མགོ་བོ་ཙད་པན་ཡིན་ལ། དེ་ཡང་དེ་བཞིན་གཤེགས་པ་ལ་འདུད་ཅིང་ཕྱག་འཚལ་བ་ལ་སོག ་པའི་སྟོབས་ཀྱིས་རབ་ཏུ་གཡོ་བའོ།། ཡང་ནང་གི་བདག་ཉིད་སེམས་ཀྱི་རྒྱན་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི་ཤེས་རབ་ཡིན་ཞིང་དེ་ཡང་ཡུལ་གཡོ་ཞིང་འཇུག་པའོ།། རྣམ་པར་རྟོག་པའི་གནས་ཤིན་ཏུ་གྱུར་ནས་ཞེས་པ་ནི་ཇི་སྐད་དུ། རྣམ་རྟོག་གཞན་དུ་གྱུར ་ན་ནི།། དུས་རྣམས་རྟག་ཏུ་ཡེ་ཤེས་དང་།། ལས་རྣམས་ཀུན་ལ་ཐོགས་མེད་ལ།། འབྱོར་པ་དམ་པ་ཐོབ་པར་འགྱུར།། ཞེས་གསུངས་པ་ལྟ་བུའོ།། སའི་མི་མཐུན་པའི་ཕྱོགས་ནི་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ ་སྤྲུལ་པ། སྤྱན་རས་གཟིགས་དབང་ཕྱུག་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་ལེན་མི་མཐུན་པའི་ཕྱོགས་བཅུ་གཅིག་སྟེ། ས་དང་པོ་ལ་ནི་གང་ཟག་དང་ཆོས་ལ་མངོན་པར་ཞེན་པའི་ཀུན་ཏུ་རྨོངས་པ་དང་། ངན་སོང་བའི་ཉེས་པ་ལ ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་གསུངས་ཏེ། མི་མཐུན་པའི་ཕྱོགས་དེ་ཡང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་མན་ཆོད་རྒྱུའི་གནས་སྐབས་ན་ཡོད་པ་སྟེ། ཇི་སྐད་དུ་ས་བཅུའི་མགོན་པོས། རྣམ་རྟོག ་བཞི་པོ་ལྡན་སྟེན་ཞེས་བཟོད་པ་དང་འཇིག་རྟེན་པ་ཞེས་བཟོད་པ་དང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ན་གོ་རིམ་བཞིན་དུ་སྐྱེས་བུ་བརྟགས་པ་ལ་བརྟེན་པའི་རྣམ་པར་རྟོག་པ་དང་། གང་ཟག་རྫས་ལ་བརྟེན་པའི་རྣམ་པར་རྟོག་པ་གཉིས་དང་ལྡན་པར ་གསུངས་པས་སོ།། དེ་བཞིན་དུ་ངན་སོང་བའི་ཉེས་པ་དང་། དེའི་རྒྱུར་གྱུར་པའི་བྱེ་བྲག་འགའ་ཞིག་ལ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་ཏེ་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་ནི་བག་ཆགས་དང་བཅས་ཏེ་སྤོང ་ཉིད་དུ་གསུངས་པས་བག་ཆགས་ཀྱི་ཆར་གཏོགས་པའམ། ཡང་ན་གནས་ངན་ལེན་ཟག་པ་དང་བཅས་པའི་ཕུང་པོ་ལེན་པར་བྱེད་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཉིད་ལ་སྦྱར་བར་བྱའོ།། མི་མཐུན་པའི་ཕྱོགས་ཞེས་པ་ནི་སྤང་བྱ་དེ་རྣམས ་ཡོད་པའི་དུས་སུ་ས་དང་པོའི་ཡེ་ཤེས་མི་འཆར་ཞིང་དེ་རྣམས་སྤངས་པའི་རྗེསུ་འབྱུང་བས་སོགས་གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་ཀུན་ཏུ་རྨོངས་པ་དང་། ལས་རྣམ་པ་སྣ་ཚོགས་ལོ་ཀུན་ཏུ་སློངས་པ་དང་། དེའི་གནས་ངན་ལོན་མི་མཐུན ་པའི་ཕྱོགས་སོ།། འདི་རྣམས་ཀྱི་དོན་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ།། གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱི་ཀུན་ཏུ་རྨོངས་པ་དང་། ཐོས་པའི་གཟུངས་ཡོངསསུ་རྫོགས་པ་ལ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། ། ་བཞི་པོ་ལ་སྙོམས་པར་འཇུག་པ་སྲེད་པའི་ཀུན་ཏུ་རྨོངས་པ་དང་། ཆོས་ལ་སྲིད་པའི་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། ལྔ་པ་ལ་ནི་འཁོར་བ་ལྔ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་། མངོན་དུ་ཕྱོགས་པ་ཉིད་ཡིད་ལོ་བྱེད་པའི ་ཀུན་ཏུ་རྨོངས་པ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པའི་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། དྲུག་པ་ལ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་སུམ ་དུ་བྱ་བ་ཉིད་ལ་ཀུན་ཏུ་རྨོངས་པ་དང་། མཚན་མ་མང་པོ་ཀུན་ཏུ་འབྱུང་བའི་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་ཀུན་ཏུ་རྨོངས་པ་དང་། མཚན་མ་མེད་པ་གཅིག ་ཏུ་ཡོད་ལ་བྱེད་པས་ཐབས་ལ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་རྩོལ་བའི་ཀུན་ཏུ་རྨོངས་པ་དང་། མཚན་མ་རྣམས་ལ་མི་དབང་བའི་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན ་ལེན་མི་མཐུན་པའི་ཕྱོགས་སོ།། དགུ་པ་ལ་ནི་ཆོས་བསྟན་པ་དཔག་ཏུ་མེད་པ་དང་། ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང་གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་དང་གཟུངས་ཀྱི་དབང་ལ་ཀུན་ཏུ་རྨོངས་པ་དང་། སྤོབས་པའི་དབང་ལ ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། ཡང་འཕགས་པ་གསེར་འོད་དམ་པ་ལས། གང་ཆོས་སྟོན་པ་ཚད་མེད་པ་དང་ཚིག་དང་ཡི་གེ་ཚད་མེད་པ་ལ་མཁས་པར་མ་གྱུར་པའི་རྨོངས་པ་དང་། སྤོབས་པ་ལ་དབང་མ ་ཐོབ་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱི་ས་དགུ་པ་ལོ་སྒྲིབ་བོ་ཞེས་གསུངས་སོ།། ཡང་མདོ་སྡེ་ས་བཅུ་པ་ལས་ས་བཅུ་པ་ལ་ནི་མངོན་པར་ཤེས་པ་ཆེན་པོ་ལ་ཀུན་ཏུ་རྨོངས་པ་དང་། གསང་བ་ཕྲ་མོ་ལ་འཇུག་པ་ལ་ཀུན་ཏུ་རྨོངས་པ ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོག་སོ།། སངས་རྒྱས་ཀྱི་ས་ལ་ནི་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོའི་ཀུན་ཏུ་རྨོངས་པ་དང་། ཐོགས་པའི་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས ་གསུངས་སོ།། ས་རྣམ་པར་འབྱེད་པའི་བློས་ཞེས་པ་ལས་ནི་རྟོག་ཡེ་ཤེས་ཡིན་ལ། དེའི་རྒྱུན་འཇུག་པ་འདྲ་བ་ལས་དང་པོ་ལ་སོགས་པ་རྣམ་པར་འབྱེད་པའི་རྒྱུ་མཚན་ནི་སྔ་མ་ལྟར་མི་མཐུན་པའི་ཕྱོགས་དེ་དང་དེ་དག ་སྤངས་པའི་སྒོ་ནས་ཐོབ་པ་དང་། རྗེས་ཀྱི་གནས་སྐབས་ཀྱི་ཡོངས་སྦྱོང་བའི་ཁྱད་པར་དང་། ས་གང་ལ་ཡོན་ཏན་གྱི་རྣམ་པ་གང་དང་གང་གཙོ་བོར་ལྡན་པ་དང་། ངེས་པའི་ཚི་ག་ལ་སོགས་པའི་སྒོ་ནས་ཏེ། དེ་ལ་ཡོངསུ་སྤྱོད་པའི་ཁྱང་པོར་ནི་འཕགས་པ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སངས་རྒྱས་བགྲོ་བ་ལས་ཤེས་པར་བྱའོ།། ངེས་པའི་ཚིག་ནི་དགོངས་པ་ངེས་པར་འགྲེལ་པ་ལས། ས་དང་པོ་ནི་དོན་ཆེ་བ་སྔར་འདྲིས་པ་མ་ཡིན་པ་འཇིག་རྟེན་ལས་འདས་པའོ་སེམས་ཐོབ་པས་དགའ་བ་དང ་མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱའོ།། ས་གཉིས་པོ་ནི་ལྟུང་བ་ཕྲ་མོ་དང་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་དྲི་མ་མེད་པ་ཞེས་བྱའོ།། ས་གསུམ་པ་ནི་ཏིང་ངེ་འཛིན་དེ་དང་ཐོས་པའི་གཟུངས་དེ ་ཤེས་པའི་སྣང་བ་ཚད་མེད་པའི་གནས་ཉིད་ཡིན་པའི་ཕྱིར་འོད་བྱེད་པ་ཞེས་བྱའོ།། ས་བཞི་པ་ནི་ཉོན་མོངས་པའི་ཤིང་བསྲེག་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པོའི་ཆོས་སྒོམ་པ་དེ་ཡེ་ཤེས་ཀྱི་མེ་འོང་འཕྲོ་བར་གྱུར་པའི་ཕྱིར་འོད་འཕྲོ་ཅན་ཞེས་བྱའོ།། ། ་ས་ལྔ་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེ་དག་ཉིད་ཐོབས་ཀྱིས་སྒོམ་པ་དེ་ལ་དབང་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་ཤིན་ཏུ་སྦྱོང་དཀའ་ཞེས་བྱའོ།། ས་དྲུག་པ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་གྱུར་པ་ཉིད་དང་མཚན་མོ་མེད་པ་མང་དུ་ཡིད་ལོ་བྱེད ་བ་མངོན་དུ་གྱུར་པའི་ཕྱིར་མངོན་དུ་གྱུར་ཞེས་བྱའོ།། ས་བདུན་པ་ནི་མཚན་མ་མེད་པ་ཡིད་ལ་བྱེད་པ་བར་ཆད་མེད་ཅིང་རྒྱུན་མི་འཆད་པར་རིང་དུ་རྗེས་སུ་ཞུགས་པ་དང་རྣམ་པར་དག་པའི་ས་དང་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་རིང་དུ་སོང་བ་ཞེས་བྱའོ།། ས་བརྒྱད་པ ་ནི་མཚན་མ་མེད་པ་ལོ་ལྷུན་གྱིས་གྲུབ་པ་ཉིད་དོངོ་མཚན་མའི་ཉོན་མོངས་པའི་ཀུན་ཏུ་འབྱུང་བས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་མི་གཡོ་བ་ཞེས་པའོ།། ས་དགུ་པ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་ལ་ཁ་ན་མ་ཐོ་པ་མེད་པའི་བློ་གྲོས་ཤིན་ཏུ་ཡངས་པ ་ཐོབ་པ་ཉིད་ཀྱི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ།། ས་བཅུ་པ་ནི་གནས་ངན་ལེན་གྱི་ལུས་ན་མཁའ་ལྟ་བུ་ལ་ཆོས་ཀྱི་ཚོགས་སྤྲིན་ཆེན་པོ་ལྟ་བུས་ཁྱབ་ཅིང་ཁེབས་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ།། ས་བཅུ་གཅིག་པ་ནི་ཉོན་མོངས་པ་དང་ཤེས་བྱའི ་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་པ་ཆགས་པ་མེདོ་ཅིང་ཐོགས་པ་མེད་པར་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་སོ་ཞེས་བྱའོ།། ཞེས་གསུངས་སོ།། ཡང་གསེར་འོད་དམ་པ་ལས་ཆོས་ཀྱི་སྐུ ་ན་མཁའ་ལྟ་བུ་ལ་ཡེ་ཤེས་ཆེན་པོའི་སྤྲིན་ལྟ་བུས་ཁྱབ་པར་འགེངས་པའི་ཕྱིར་ས་བཅུ་པ་ནི་ཆོས་ཀྱི་སྤྲིན་ཞེས་བྱའོ།། ཞེས་ཀྱང་གསུངས་སོ།། ཡང་དེ་ཉིད་ལས་རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ།། ཞེས་བྱ་བ་ནས་གོ་རིམ་བཞིན་དུ་ས་བཅུ་པའི་བར་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཐབས་ལ་མཁས་པ་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ་ཞེས་གསུངས་ཏེ། དེ་རྣམས་ཀྱང ་སོ་སོ་ལ་གཙོ་ཆེར་ལྡན་པ་ཡིན་ཏེ། མདོ་སྡེ་གཞན་དག་ལས། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པ་ནི་གཙོ་བོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་སྟེ། ལྷག་མ་རྣམས་ཀྱང་ཅི་ནུས་ཅི་ཚུལ་གྱིས་མི་སྒྲུབ་པ་མ་ཡིན ་ནོ་ཞེས་པ་ལ་སོགས་པས་སོ།། གཞན་ཡང་འཕགས་པ་གསེར་འོད་དམ་པ་ལས། བྱང་ཆུབ་སེམས་དཔའི་ས་དང་པོའི་སྔ་ལྷས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར ་མཐོང་ངོ་།། གཉིས་པའི་སྔ་ལྟས་ནི་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟ་བུར་གྱུར་པ་ལ། རིན་པོ་ཆེ་བ་པ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པ་མཐོང་ངོ་།། ས་གསུམ་པའི་སྔ་ལྟས་ནི་བདག་ཉིད ་དཔའ་ཞིང་ལག་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་ངོགས་བཞི་པའི་སྔ་ལྟས་ནི་ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞི་ཡིས་ཐམས་ཅད་དང་ལྡན་པའི་སའི་དཀྱིལ་འཁོར་ཆེན་པོ་ཡ་མེ་ཏོག་སྣ་ཚོགས་ཀྱིས ་མངོན་དུ་འཐོར་བར་མཐོང་ངོ་།། ས་ལྔ་པའི་སྔ་ལྟས་ནི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱིས་མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པར་མཐོང་ངོ་།། ས་དྲུག་པའི་སྔ་ལྷས་ནི་རྫིང་ཐེམ་སྐས་བཞི་དང་ལྡན་པ་གསེར་གྱི་བྱེ་མ་བརྡལ ་བ་རྙོག་པ་མེད་ཅིང་དང་ལ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངསུ་གང་བ་མེ་ཏོག་ཨུཏྤ་ལ་དང་ཀུ་མུ་ཏ་དང་པདྨ་དཀར་པོས་བརྒྱན་པའི་ཆུ་མཐོང་སྟེ། དེ་ལ་བདག་ཉིད་རྩེ་དགའ་ཞོང་ཡོངས་སུ་སྤྱོད་པ་མཐོང་ངོ་།། ས་བདུན་པའི་སྔ་ལྟས་ནི་ཕྱོགས ་གཡས་གཡོན་གཉིས་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་ངོ་སྟེ། དེ་ནས་བདག་ཉིད་མ་སྨས་མ་ཉམས་པར་སླར་ལྡོག་པ་མཐོང་ངོ་། ས་བརྒྱད་པའི་སྔ་ལྟས་ནི་ཕྲག་པ་གཉིས་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོད་པན་ཐོགས་པ་གཅན ་ཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་འདུག་པ་མཐོང་ངོ་།། ས་དགུ་པའི་སྣ་ལྟས་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་མཐོང་སྟེ། སྐྱེ་བོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་། མདུན་གྱིས་བལྟས་ལ། མགོ་བོའི་སྟེང་ན་རིན་པོ་ཆེ་སྣ ་ཚོགས་ཀྱིས་སྨྲས་པའི་གདུགས་དཀར་པོ་འཛིན་པ་མཐོང་ངོ་།། ས་བཅུ་པའི་སྔ་ལྟས་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ། ཁ་དོག་གསེར་ལྟ་བུ་འོང་འདོམ་གང་འ་ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས ་བལྟས་ནས་ཆོས་སྟོན་པ་མཐོང་སྟེ་ཞེས་པ་ལ་སོགས་པ་གསུངས་སོ།། གཞན་ཡང་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱན་རས་གཟིགས་དབང་ཕྱུག་ས་དེ་དག་ནི་རྣམ་པར་དག་པ་བཞི་དང་། ཡན་ལག་བཅུ ་གཅིག་གིས་བསྡུས་པར་རིག་པར་བྱའོ།། སྤྱན་རས་གཟིགས་དབང་ཕྱུག་དེ་ལ། ས་དང་པོ་ནི་བསམ་པ་རྣམ་པར་དག་པས་བསྡུས་སོ།། ས་གཉིས་པ་ནི་ལྷག་པའི་ཚུལོ་ཁྲིམས་རྣམ་པར་དག་པས་སོ།། ས་གསུམ་པ་ནི་ལྷག་པའི་སེམས་རྣམ་པར་དགེ ་པས་སོ།། ས་བཞི་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་ནི་ལྷགེ་པའི་ཤེས་རབ་རྣམ་པར་དག་པ་གོང་ནས་གོང་དུ་གྱ་ནོམས་པས་ཀྱང་ཆེས་གྱ་ནོམ་པར་བསྡུས་པར་རིག་པར་བྱ་སྟེ། དེ་ལ་ཡང་མདོ་སྡེ་གཞན་དག་ལས། བཞི་པ་ལ་ནི་ཁྱད་པར ་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཤེས་པའི་ཤེས་རབ་དང་ལྡན་ལ། ལྟ་བ་ལ་ནི་ཁྱད་པར་དུ་བདེན་པ་བཞི་རྟོགས་པའི་ཤེས་རབ་བོ།། དྲུག་པ་ལ་ནི་ཁྱད་པར་དུ་བརྟེན་འབྲེལ་ཟབ་མོའི་དོན་རྫོགས་པའི་ཤེས་རབ་དང ་ལྡན་ཞིང་། བདུན་པ་ལ་ནི་མཚོན་མ་མདོ་ཅིང་རྩོལ་བ་དང་བཅས་པ་དང་། བརྒྱད་པ་ཡན་ཆོད་ནི་མཚན་མ་མེད་ཅིང་རྩོལ་བ་ཡང་མེད་པའོ་ཞེས་གསུངས་ལ། དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་། དོན་གྱི་ཤུགས་ཀྱིས་དེ་ལྟར་བསྟན་པའོ།། དེ་ལ་ཡན ་ལག་བཅུ་གཅིག་གང་ཞེ་ན། སྤྱན་རས་གཟིགས་དབང་ཕྱུག་མོས་པ་སྤྱོད་པའི་ས་ལ་བྱང་ཆུབ་སེམས་དཔའ་ཆོས་སྤྱོད་པ་རྣམ་པ་བཅུ་པོ་དག་ལ་མོས་པ་ཤིན་ཏུ་བསྒོམ་པའི་ཕྱིར་བཟོད་པས་ས་དེ་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་དཔའི ་ཡང་དག་པ་ཉིད་སྐྱོན་མེད་པོ་ལ་འཇུག་གོ།། དེ་ཡན་ལག་དེས་ཡོངསུ་རྫོགས་པ་ཡིན་ཀྱང་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་འབྱུང་བ་དག་ལ་ཤེས་བཞིན་དུ་སྤྱོད་པ་མི་ནུས་པས་དེ་ཡན་ལག་དེས་ཡོངསུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་ངེས ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་བོ།། དེ་ཡན་ལག་དེ་ཡོངསསུ་རྫོགས་པ་ཡོན་ཀྱང་འཇིག་རྟེན་པའི་ཏིང་ངེ་འཛིན་ཡོངསུ་རྫོགས་པ་ལ་སྙོམས་པར་འཇུག་པ་དང་། ཐོས་པའི་གཟུངས་ཡོངསུ་རྫོགས་པ་ཐོབ་པར་མི་ནུས་པས་དེ་ལ་ཡན ་ལག་དེས་ཡོངསུ་མ་རྫོགས་པོ་ཡིན་ཏེ། ཡན་ལག་དེས་ཡོང་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་དེ་ཡང་ཐོབ་བོ།། དེ་ཡན་ལག་ངེས་ཡོངསུ་རྫོགས་པ་ཡིན་ཡང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཇི་ལྟར་ཐོབ་པ་དག་གིས་དེ་ལ་མང་དུ ་གནས་པར་བྱ་བ་དང་། སྙོམ་པར་འཇུག་པའི་སྲེད་པ་དང་། ཆོས་ལ་སྲེད་པ་ལས་སེམས་ལྷག་པར་བཏང་སྙོམས་སུ་འཇོག་མི་ནུས་པས་དེ་ཡན་ལག་དེ་ཡོངསུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང ་དེ་ཡན་ལག་ངེས་ཡོངསུ་རྫོགས་པ་ཡིན་ཡང་བདེན་པ་རྣམས་རྣམ་པར་སྤྱད་པ་དང་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པའི་ཡིད་ལ་བྱེད་པ་ལྷག་པར་བཏང་སྙོམསུ་བཞག་སྟེ། ཐབས་ཀྱིས་ཡོངསུ ་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངསུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལགཽ་དེ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་བོ།། དེ་ཡན་ལག་ངེས་ཡོངསུ་རྫོགས་པ་ཡིན ་ཡང་འདུ་བྱེད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་བྱས་ནས་དེ་ལས་སྐྱོ་བ་མང་བ་དང་། མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པས་དེ་ཡན་ལག་ངེས་ཡོངསུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་ངེས་ཡོངསུ་རྫོགས ་པར་བྱ་བའི་ཕྱིར་འབྱུད་པས་དེ་ཡང་ཐོབ་བོ།། དེ་ཡན་ལག་ངོས་ཡོངསུ་རྫོགས་པ་ཡིན་ཡང་བར་ཆུང་མེད་པ་དང་། རྒྱུན་མི་འཆང་པར་མཚན་མ་མེད་པ་ཡིད་ལ་བྱེད་པས་མང་དུ་གནས་པར་མི་ནུས་པས་དེ་ཡན་ལག་ངེས་ཡོངསུ་མ་རྫོགས་པ་ཡིན ་ཏེ། དེ་ཡོན་ལག་དེ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་བོ།། དེ་ཡན་ལག་ངེས་ཡོངསུ་རྫོགས་པ་ཡིན་ཡང་མཚན་མ་མེད་པར་གནས་པ་དེ་རྩོལ་བ་ལྷག་པར་བཏང་སྙོམསུ་བཞག་པ་དང་། མཚན་མ་ལ་དབང་ཐོབ་པར་མི་ནུས ་པས་དེ་ཡན་ལག་ངེས་ཡོངསུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོང་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་བོ།། དེ་ཡན་ལག་དེས་ཡོངསུ་རྫོགས་པ་ཡིན་ཡང་རྣམ་གྲངས་དང་མཚན་ཉིད་དང་ངེས་པའི་ཚིག་དང་། ་རབ་ཏུ་དབྱེ་བས་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངསུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོང་སུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་པའོ།། དེ་ཡན་ལག་དེས་ཡོངསུ་རྫོགས་པ་ཡིན་ཡང ་ཆོས་ཀྱི་སྐུ་ཡོངསུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པར་མི་ནུས་པས་དེ་ཡན་ལག་དེས་ཡོངསུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོབ་བོ།། དེ་ཡན་ལག་དེས་ཡོངསུ་རྫོགས་པ་ཡིན་ཡང་ཤེས་བྱ ་ཐམས་ཅད་ལ་ཆགས་པ་མེད་པ་དང་། ཐོག་པ་མེད་པའི་ཤེས་པ་དང་མཐོང་བ་ཐོབ་པར་མི་ནུས་པས། དེ་ཡན་ལག་དེས་ཡོངསུ་མ་རྫོགས་པ་ཡིན་ཏེ། དེ་ཡན་ལག་དེ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་འབད་པས་དེ་ཡང་ཐོང་སྟེ། དེ་ཡན་ལག་དེས་ཡོངསུ་རྫོགས ་པ་ཡིན་ནོ།། དེ་ཡན་ལག་དེ་ཡོངསུ་རྫོགས་པའི་ཕྱིར། ཡན་ལག་ཐམས་ཅད་ཡོངསུ་རྫོགས་པ་ཡིན་ཏེ། སྤྱན་རས་གཟིགས་དབང་ཕྱུག་དེ་དག་ནི་ཡན་ལག་བཅུ་གཅིག་པ་དེ་དག་གིས་བསྡུས་པར་རིག་པར་བྱའོ་ཞེས་གསུངས་ཏེ། དེ་ལྟར་གསུངས ་པའི་རིམ་པ་འདི་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་དང་། སངས་རྒྱས་ཀྱི་སའི་མཚན་ཉིད་ཀྱང་ཤེས་པར་བྱ་སྟེ། སྔར་བསྟན་པའི་ཡན་ལག་དེ་དང་དེ་དག་གིས་ཐོབ་ཅིང་རྫོགས་པར་བྱས་པ་ནི་ས་དེ་རྣམས་ཀྱི་སོ་སོའི་མཚན་ཉིད་དོ།། གཞན་ཡང་སྔར ་བསྟན་པ་ལྟར་ས་སོ་སོའི་མི་མཐུན་པའི་ཕྱོགས་དེ་དང་དེ་དག་སྤངས་པས་ཐོབ་པའི་ཡེ་ཤེས་ནི། ས་དེ་རྣམས་ཀྱི་སོ་སོའི་མཚན་ཉིད་དོ།། གཞན་ཡང་ཡོངསུ་སྦྱོང་བའི་ཁྱད་པར་དེ་རྣམས་དང་ལྡན་པ་དང་། སོ་སོའི་ངེས་པའི་ཚིག་ལ་སོགས་པས་ཀྱང་ཉེ་བར་མཚོན་ཏོ།། ་མཚན་ཉིད་རྟོགས་པར་བྱའོ།། འ་དིར་ཇི་ལྟར་རྟོག་པ་དང་བྲལ་ཞིང་མ་འཁྲུལ་ང་ནི་མངོན་སུམ་ཡིན་ནོ་ཞེས་རང་གི་ངོ་བོའི་སྒོ་ནས་མཚན་ཉིད་རྣམ་པར་འཇོག་པོ་ལྟ་བུར་ནི་བཞག་པར་མ་ནུས་ཏེ། ཡེ་ཤེས་ཀྱི་རྒྱུན་རྒྱུད་གཅིག་ཉིད་ཡིན་པའི་ཕྱིར་རོ།། འདིར་བྱང་ཆུབ་སེམས ་ངཔའི་ཚོགས་དང་མོས་པོ་སྤྱོད་པའི་ས་གང་ཞེ་ན། འདི་ལྟ་སྟེ། ཐེག་པ་ཆེན་པོའི་ཐར་པའི་ཆ་དང་མཐུན་པའི་དགེ་བས་བསྡུས་པ། ཐོས་པ་དང་བསམ་པའི་ཤེས་རབ་གཙོ་བོར་གྱུར་པ་ནི་ཚོགས་ཀྱིས་ཡིན་ལ། དེ་ཉིད་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས ་པ་འཇིག་རྟེན་པའི་བསྒོམ་པོ་ལས་བྱུང་བའི་ཤེས་རབ་གཙོ་བོར་གྱུར་པ་ནི་མོས་པ་སྤྱོད་པའི་སའོ།། འདིའི་སྤྲོས་པ་ཞིབ་ཏུ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས་དག་ལས་ཤེས་པར་བྱའོ།། གཞན་ཡང་ཉན་ཐོས་དང་རང་སངས་རྒྱས ་ཀྱི་ས་དང་། ཁམས་གསུམ་གྱི་སའི་རྣམ་པར་བཞག་པ་ཡང་གསུང་རབ་ཀྱི་ཕྱོགས་གཞན་ལས་ཤེས་པར་བྱ་སྟེ། འདིར་གཞུང་མངས་ཀྱི་དོགས་པས་མི་བྲིའོ།། བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཞག་པ་ཡང་ཞིབ་ཏུ་ནི་འཕགས་པ་ས་བཅུ་པ་ལས ་ཤེས་པར་བྱའོ།། འདིར་ཡང་སྐབས་ཀྱི་དོན་ནི་བྱང་ཆུབ་སེམས་དཔའི་ས་ཉིད་ཡིན་པར་ཤེས་པར་བྱའོ།། ཏིང་ངེ་འཛིན་གྱི་བདེ་བ་ནི་བསམ་གཏན་བཞི་པས་བསྡུས་པ་ཟག་པ་མེད་པའི་བདེ་བ་སྟེ། ཇི་སྐད་དུ་འཕགས་པ་ཆོས་ཡང་དག་པར་བསྡུ་བ་ལས། གཉེན་པོའི ་སེམས་དང་། ཡིད་དུ་འོང་བའི་སེམས་དྲུག་ལས་སུ་རུང་བའི་སེམས་དང་། འོད་གསལ་བའི་སེམས་དང་། དྲང་བའི་སེམས་སོ།། ཞེས་གསུངས་པ་ལྟ་བུའོ།། རྣམ་པར་སྤྱོད་ཅིང་ཞེས་པ་ནི་རྗེས་ཀྱི་གནས་སྐབས་ན་དེའི་རང་བཞིན་ཇི་ལྟ་བ་བཞིན ་དུ་འཇལ་བའོ།། ཏིང་ངེ་འཛིན་གྱི་སངས་རྒྱས་རྣམས་ཀྱིས་ནི་ཡོངསུ་བཟུང་ཞེས་པ་ལ། དེའི་དོན་ནི་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཏིང་ངེ་འཛིན་གྱི་སྣང་བ་ཡིན་པས་དེའི་བདག་ཉིད་ཡིན་ལ། ངས་སྔར་བསྟན་པ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱིས་བྱིན་གྱིས ་བརླབས་པའོ།། གཞན་ཡང་སྲེད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཞི་བའི་བདེ་བ་ལས་ནི་རྣམ་པར་གནས་པ་སྟེ། རྗེས་ཀྱི་གནས་སྐབས་ནི་ཡང་ངོ་།། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཉེས་པ་ནི་མི་རྟག་པ་དང་མི་གཙང་བ་ལ་སོགས ་པ་མཚན་མར་དམིགས་ཤིང་ཐབས་དམ་པ་དང་བྲལ་བའོ།། མོ་གཡོ་བ་དང་ཞེས་པ་ལ་སོགས་པ་ནི་རྣམ་པར་དག་པའི་ས་གསུམ་བསྟན་ཏོ།། རིན་པོ་ཆེའི་པདྨོ་ཞེས་པ་ལ་སོགས་པ་ས་བཅུ་པ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་རྣམས ་ཀྱིས་དབང་བསྐུར་བའི་ཚུལ་སྟོན་ཏོ།། དེ་དང་རྗེ་སུ་མཐུན་ཅེས་པ་ལ་སོགས་པ་དེ་ཉིད་རྒྱས་པར་སྟོན་པའོ།། དེའི་དོན་ཡང་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་རྒྱུད་ཡོངསུ་དག་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིང ་རྣམ་པར་དག་པར་སྟོབས་ཀྱིས་དེ་ལྟ་བུའི་རྣམ་པར་སྣང་བ་འབྱུང་བའོ།། བསམ་གྱིས་མི་ཁྱབ་པའི་ཡུལ་ཞེས་པ་ནི་དེ་འདྲོ་བའི་རྒྱུ་དང་རང་བཞིན་ལ་སོགས་པ་ཉན་ཐོས་ལ་སོགས་པ་དང་། ས་བདུན་པ་མན་ཆོད་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ།། མངོན ་པར་སྒྲུབ་པ་ལ་མཁས་པ་ཞེས་པ་དེ་ཉིད་ཀྱི་དོན་བཤད་པ་ནི་སྤྱོད་པའི་ས་ལ་གནས་པ་ཞེས་པ་ལ་སོགས་པ་སྟེ། ཇི་སྐད་དུ། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོང་ནས།། མི་རྟོག་ཡེ་ཤེས་ཡོངསུ་བཟུང་བ་དང་།། ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས།། མཐུ ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། ཞེས་གསུངས་པའི་དོན་ཏེ། བསམ་གཏན་བཞི་པས་ཐམས་ཅད་ཀྱིས་རུང་བར་བྱས་པ་འཕེལ་བ་རབ་ཀྱི་མཐར་ཐུག་པ་ཐོབ་ནས། དངོས་པོར་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་ལ་གནས་ཤིང་ཀུན་རྫོབ་ཏུ་ཇི་ལྟར ་སྟོན་པ་བཞིན་དུ་མོས་པ་ཡིད་ལ་བྱེད་པ་སྟེ། དེ་ཉིད་སྤྱོད་པའི་ས་ལ་གནས། ཞེས་པས་སྟོན་ཏོ།། ཐབས་ལ་མཁས་པ་ནི་སྡོ་མ་བཞིན་ནོ།། དེ་འདྲ་བའི་རྫུ་འཕྲུལ་གྱིས་ཞིང་ཐམས་ཅད་དུ་སོང་ཞིང་སངས་རྒྱས་མཆོད་པ་དང་། སེམས་ཅན་སྨིན་པར་བྱས་ཤིང་དེ ་རྣམས་ཀྱང་སེམས་སྣང་བའི་རང་བཞིན་ཙམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་དང་། ཚོགས་གཉིས་མཐར་ཐུག་པས་ཐོབ་པར་འགྱུར་ཞེས་པའོ།། རྣམ་པ་གཅིག་ཏུ་ན། བྱང་ཆུབ་སེམས་དཔའ་རྗེས་ཐོབ་ཀྱི་གནས་སྐབས་སུ་འཁོར་གསུམ་སྒྱུ་མ་ལྟ ་བུར་རྟོགས་པའི་ཤེས་རབ་ཀྱིས་ཡོངསུ་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ཅིང་དེ་ཉིད་གོང་ནས་གོང་དུ་ཡོངསུ་རྫོགས་པར་བྱས་པས་ཐོབ་པར་འགྱུར་ཞེས་པའོ།། དེ་ཡང་བདེན་པ་གཉིས་ཀྱི་ཐབས་ལ་མཁས་པས་ཡོངསུ་བཟུང་བས་དངོས་པོར ་མི་ཞེན་ཅིང་དེ་ལྟར་སྤྱོད་པ་མི་འགལ་བའོ།། གཞན་ནི་ཤེས་པོར་ཟད་དོ།། དེ་ནས་ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས་ཁྱད་པར་དུ་མཆོད་གི་ཉན་པ་དང་མཐུན་པའི་སྤྱོད་ལམ་ཕུན་སུམ་ཚོགས་པ་སྟོན་ཏོ།། མེ་ཏོག་ཅེས་པ་ནི་བསིལ་མའོ།། ཕྲེང ་པ་བཞིན་ནོ།། སྡུག་བསྔལ་རྗེས་སུ་འབྲེལ་ཅེས་བྱ་བ་ནི་འཁོར་བར་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་བློང་བ་དང་། འཁྲུག་པའི་ལས་མཚན ་ཉིད་དུ་འཇུག་པའོ།། གལ་ཏེ་ལོག་པའི་ཤེས་པ་མ་གཏོགས་པར་ཡ་སྡུག་བསྔལ་རྗེ་སུ་འབྲེལ་པར་འཇུག་པར་འགྱུར་ན་ནི་དེས་དབེན་པའི་ཡེ་ཤེས་སྐྱེས་ཀྱང་གཡང་ས་ལ་སོགས་པའི་ཡུལ་སྤོང་དུ་ཟིན་ཀྱང་དེ་ཉིད་དུ་ལྟུང་བར་འགྱུར་རོ་ཞེས་བྱ་སྟེ། ་འདི་ནི་མི་མཐུན་པའི་ཕྱོགས་ལ་གནོད་པའི་ཚད་མ་སྟེ། དེས་ན་རྟག་པའི་བདག་ལ་ཞེན་པ་དང་། ལས་ཀྱི་སྲིད་པར་རབ་ཏུ་བྱུང་སྟེ་དེ་ཟད་པ་ཉིད་ཀྱིས་ཐར་པ་སྟེ། ཕུང་པོར་མི་གནས་ཤིང་འཇིག་པའོ།། རབ་རིབ་འཁྲུལ་འདས་འཁྲུགས་པ་ཉེ་བ་ཞི ་རབ་ཏུ་ཞི།། ཡོད་པ་མ་སྐྱེས་ན་མཁའི་མེ་ཏོག་རྟོག་པའང་ཅིག་ཅར་དང་།། རིམ་གྱི་དོན་བྱེད་མ་ཡིན་ཤེས་པ་དཔལ་བཟངས་ཚད་མ་ནི།། ཚུལ་གཉིས་གདུལ་བ་བདེར་གཤེགས་པ་ཡི་ཡང་མི་གཉིས་ལའོ་ཞེས་བྱའོ།། ། ་དེ་དེ་བཞིན་དུ་ཕྲན་ཚེགས་ཀྱི་རྟོག་གེ་གཞན་ཡང་ཚད་མར་རྟོག་པ་ཙམ་ལ་བརྟེན་ནས་ཐར་པ་ཀུན་ཏུ་རྟོག་པ་སྟེ། ཁྲུས་དང་། སྦྱིན་སྲེག་དང་། གད་པ་དང་། གཡང་ས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པར་རྣམ་པར་རྟོག་པའི་མཚན་ཉིད ་འོ་མ་དང་། འོ་མ་མ་ཡིན་པ་དང་། རྩ་བ་དང་། བྲས་བུ་དང་། མེ་ཏོག་དང་། རིན་པོ་ཆེ་དང་། གསེར་ལ་སོགས་པ་འཆང་བ་དང་། བལ་བས་བསྐུ་བ་དང་། སྐྲ་འབལ་བ་དང་། རལ་པའི་ཅོད་པན་གྱིས་བརྒྱན་པ་དང་། གར་དང་། གླུ་དང་། དབང་པོ་མགུ ་བྱེད་པ་དང་། བ་ལྡང་གི་བརྟུལ་ཞུགས་དང་། རི་དགས་ཀྱི་བརྟུལ་ཞུགས་ལ་སོགས་པར་རྣམ་པར་རྟོག་པ་ནི་རྟོག་གེ་མ་དྲག་པ་སྟེ། བདག་ཏུ་ཞེན་པ་ཡོངས་སུ་མ་སྤངས་ན་ཇི་ལྟར་ཐར་པར་རུང་། རྟག་པའི་བདག་ཏུ་ཆགས་པའི་མཐུ་ཉིད་ལས ་འཁོར་བར་སྐྱེ་བའི་སྡུག་བསྔལ་རྗེ་སུ་འབྲེལ་པར་འགྱུར་ཏེ། དེ་བས་ན་བདག་མེད་པ་ཡོངས་སུ་ཤེས་པས་ཐར་པར་རུང་སྟེ། དེ་བཞིན་དུ་ཡང་བདེ་བར་གཤེགས་པ་རྣམས་ཀྱི་རྟོག་གེ་རྣམ་པར་དག་པར་འགྱུར་རོ།། ཇི་ལྟར་མཆོག་ཏུ་ཡོངསུ ་དག་པ་འདོད་ཆགས་དང་བྲལ་ཞིང་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་པོ་གཟུགས་ཀྱི་ཆོ་འཕྲུལ་གྱི་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་རངས་པར་མཛད་པས་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་གསུངས་པ། བདག་ཏུ་འདུ་ཤེས་ལ་ནི་གང ་གནས་པ།། དེ་དག་སྡུག་བསྔལ་ལ་ནི་རབ་ཏུ་གནས།། གང་ན་སྡུག་བསྔལ་ཡོད་པ་མ་ཡིན་པའི།། བདག་མེད་དེ་བདག་གིས་ནི་མི་ཤེས་སོ།། རྟོག་གེ་ཞེས་བྱ་བ་ནི་དོན་ཁོང་དུ་མ་ཆུད་པའི་རྒྱུ་ཁོང་དུ་ཆུད་པར་བྱེད་པའོ།། དེ་ཡང་བདེ་བར་གཤེགས ་པ་པ་རྣམས་ཀྱི་ཚད་མའི་རང་བཞིན་ནི་དོན་གསལ་བར་ཆུད་པར་བྱེད་པ་སྟེ། དེ་ལྟ་ན་ཡང་དག་པའི་ཤེས་པས་དེས་རྟོག་གེ་རྣམ་པར་དག་པར་འགྱུར་ཏེ། གང་གི་ཐེ་ཚོམ་དུ་གྱུར་ཏེ་དངོས་པོ་རྣམས་མི་རྟོག་པར་མི་འགྱུར་བས་ན་འབྱུང་བའོ།། ་དེ་དེ་ལྟར་ཡང་དག་པའི་ཤེས་པ་དང་། ལོག་པའི་ཤེས་པའི་རྟེན་ནི་བདེ་བར་རྟོག་པ་དང་འཁྲུལ་པའི་ཐ་སྙད་དེ། མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ་ཉིད་ཀྱི་དངོས་པོ་ཡོངས་སུ་ཤེས་པས་རྟག ་ཡི་ཕྱེ་ཞིང་འགྲོ་བའི་ཕྱིར་ལྟོ་འབྱེ་ཞེས་བྱའོ།། དེ་ཡང་ཕལ་ཆེར་ཀླུའི་རིགས་སུ་གཏོགས་པའོ།། སྲིན་པོ་ཡང་འདི་ཉིད་དུ་བསྟན་པ་འབོད་འགྲོགས་ལ་སོགས་པ་སྟེ། གནོད་སྦྱིན་གྱི་རིགས་སུ་གཏོགས་པའོ།། འཕགས་པ་མྱ་ངན་ལས ་འདས་པ་ལས། ལྷ་ཞེས་བྱ་བོ་ནི་མཱ་ངན་མེད་པོ་སྟེ། རྟག་ཏུ་བདེ་བའི་ཕྱིར་ན་ལྷ་ཞེས་བྱའོ།། དེ་ཡང་བདེ་བ་ཤས་ཆེ་བ་ལ་དགོངས་ཏེ་བསྟན་པའོ།། གཞན་ཡང་ལྷ་ཞེས་བྱ་བ་ནི་རང་གི་འོད་ཀྱིས་མུན་པ་བཅོམ་ནས་སྣང་བ་ཆེན་པོར་གྱུར་པའི་ཕྱི་རོ་ལྷ་ཞེས་བྱའོ། ་ཞེས་པ་ལ་སོགས་པ་གསུངས་སོ།། མི་ཞེས་བྱ་བ་ནི་དོན་ལ་མང་དུ་སེམས་དཔའོ་ཞེས་བཤད་དེ། དེ་ཉིད་བསྟན་བཅོས་དག་ལ་ཡིད་ཤས་ཆེ་བའི་དོན་གྱིས་ན་མིའོ་ཞེས་གསུངས་པའི་དོན་ཡིན་ནོ།། གལ་ཏེ་འདིར་སྤྲུལ་པའི་མཆོད་པས་ནི་བདག་ཉིད་ཡོད ་ཚིམ་པ་དང་། ཚོགས་ཡོང་སུ་རྫོགས་པར་མི་འོཐད་དེ། བརྫུན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བ་ཉིད་ཡིན་ཞིང་། དེ་ལྟར་རང་ཉིད་ཀྱིས་རྟོགས་པ་དང་གཞན་ལ་ཡང་སྟོན་པས་སྒྲུབ་པའི་མཆོད་པ་ཉིད་དུ་ཡང་འགྱུར་བའི ་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་དངོས་དྲི་བའི་ཚིག་ཉེ་བར་དགོད་པའོ།། བསྟན་པ་བརྗོད་པ་ལས་ཀྱང་འདི་ནི་ཞེས་པའི་དོན་གསུང་རབ་དག་ལས་བདག་གི་དྲི་བའི་དོན་ཆོས་དང་ཆོས་མ་ཡིན་པ་གཉིས་པོ་འདི་དང་འདི་གཉིས་མི ་དོདམིགས་ཤིང་སྤང་བར་བྱ་བ་ཉིད་དུ་ཡང་བཤད་ཅེས་པའོ།། སྤྲུལ་པ་རྣམས་ཀྱིས་བསྟན་ཅེས་པ་ནི་དེ་གདུལ་བྱ་སྣ་ཚོགས་ཀྱིས་བསམ་པ་དང་བསྟུན་ནས་ཆོས་སྟོན་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་སྣ་ཚོགསུ་བཤད་པའོ།། ངོ་བོའི་དེ་བཞིན ་གཤེགས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ལ་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པས་ནི་ཏིང་ངེ་འཛིན་གྱི་སྒོའི་སྤྱོད་ཡུལ་ཏེ། སོ་སོའི་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ཉིད་བྱང་ཆུབ་སེམས་དཔའ ་རྣམས་ལ་སྡོམ་པ་སྟེ། དེས་བདག་པོའི་རྐྱེན་བྱས་ནས་བྱང་ཆུབ་སེམས་དཔའི་རྣམས་ལ་དེ་ལྟ་བུའི་རྟོགས་པ་འཆར་བའོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་གདུལ་བྱ་ཁྱད་པར་ཅན་རྣམས་ལ་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པ་དང་། གསུང་ཆོས་འཆང་བར་སྣང་བ ་ན་དེས་རྐྱེན་བྱས་ཤིང་སྔོན་གོམས་སྟོབས་ཀྱིས་རྣམ་པོར་མི་རྟོགས་པའི་ཡེ་ཤེས་སོ་སོ་རང་རིག་གི་དོན་རྟོགས་པ་ཉིད་འཆར་གྱི། བརྗོད་པ་དང་འདྲེས་པོར་སྣང་བའི་རྣམ་པར་རྟོག་པོའི་ཕྱོགསུ་ལྷུང་བ་ནི་མི་སྟོན་ཞེས་པའོ།། ཚིག་གི་དོན་གཞན་ནི་ཤེས ་བར་ཟད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལང་ཀའི་བདག་པོ་ཆོས་གཉིས་པོ་སྨྲོས་ཤིག་ཅེས་པ་ནི་ལན་གྱིས་དམིགས་ཤེས་པར་བྱ་བའི་དོན་དུ་འབོད་འགྲོགས་ལ་སླར་དྲིས་པའོ།། སྲིན་པོའི་དབང་པོ་ཞེས་པ་ལ་སོགས་པས་ཡང་བསྟན ་ཏེ་ཞུས་པའོ།། རྡོ་རྗེའི་མཆོག་ནི་རྡོ་རྗེ་རིན་པོ་ཆེའོ།། ཆོས་ཉིད་ཀྱང་སྤང་བར་བགྱི་ན་ཆོས་མ་མཆིས་པ་ལྟ་ཅི་སྨོས་པ་ཞེས་པའི་དོན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། དེ་དག་མི་དམིགས་ཤིང་སྤང་བར་བྱ་བ་ཉིད་དུ་གསུངས་པའི་ཆོས་དང་ཆོས ་མ་ཡིན་པ་ནི་གང་ལགས། ཚུལ་ཇི་ལྟར་སྤང་བར་བྱ་བ་ཉིད་དུ་འགྱུར་ཞེས་པའོ།། རྟོག་པའི་མཚན་ཉིད་དུ་ལྷུང་བ་ནི་ཆོས་དང་ཆོས་མ་མཆིས་པ་རྟོག་པས་བརྟོགས་པའི་མཚན་ཉིད་དེ། རྟོག་པ་ལས་གཞན་མ་ཡིན་ཞིང་དེ་ཉིད་ཡིན་པས་རྟོག་པའི་མཚན་ཉིད ་དུ་ལྷུང་ཞེས་པ་སྟེ། འདི་འདྲ་བའི་ཚིག་འོག་ནས་འབྱུང་བ་རྣམས་ཀྱང་འདི་བཞིན་དུ་ཤེས་པར་བྱའོ།། དེ་ཉིད་གཟུགས་ཀྱི་ཕུང་པོ་དོན་གཞན་དུ་སྣང་ཡང་དེ་ལྟར་བདེན་པ་མ་ཡིན་པས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་མ་ལགས་པའོ།། ། ་དེ་ལྟ་ན་ཅིའི་ཕྱིར་དེ་ལྟར་སྣང་ཞེ་ན། ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པའི་རླབས་ཉིད་དུ་མ་རིག་པས་དེ་འདྲ་བའི་ཁྱད་པར་གྱི་མཚན་ཉིད་མ་མཆིས་པ་སྐྲ་ཤང་འཛིངས་པའི་རང་བཞིན་དང་འདྲ་བར་གནས་པ། ཤེས་པ་འཁྲུལ་པོའི་དྲི་མ་དང་བཅས་ཤིང ་ཀུན་རྫོབ་ཏུ་ཟོད་པར་འགྱུར་བའི་ཡུལ་ཅན་ཞེས་པ་སྟེ། འཁྲུལ་པའི་སྣང་བ་དེ་ཉིད་ལ་འཁྲུལ་པའི་ཡུལ་དུ་གྱུར་པ་ཞེས་པའི་ཆོས་དང་ལྡན་པས་ཡུལ་ཅན་ཞེས་བྱའོ།། དེ་ལྟར་འཁྲུལ་པ་དང་འཁྲུལ་པའི་ཡུལ་ཏེ། ཐ་དད་པོ་མ་ཡིན་ཞིང་གཅིག་པར་གྱུར ་པ་དེ་རྣམས་ཇི་ལྟར་སྤོང་བར་འགྱུར་ཞེས་པའོ།། བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་ལན་རྒྱས་པར་སྟོན་ཏེ། དེ་ལས་རེ་ཞིག་ཤེས་པ་གཉིས་ལ་ལྟོས་ནས་ཆོས་དང་ཆོས་མ་མཆིས་པའི་དབྱེ་བ་འཐད་པ་དང་མི་འཐད་པ་ཉིད་དུ་སྟོན་ཏེ། ་དེའི་ངོམ་ཡང་བུམ་པ་ལ་སྩོགས་པའི་འདུས་བྱས་འཆགས་པའི་རང་བཞིན་ཏེ། རགས་པའི་མི་རྟག་པ་དང་། སྐད་ཅིག་ཏུ་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཏེ། དེ་ལྟར་མི་རྟག་པ་ཉིད་ཀྱི་ཕྱིར་དོན་དམ་པར་རང་བཞིན་མེད་པའོ།། དེའི་ཁྱབ་པའི་དོནན ་མི་རྟག་པ་ཡང་རྒྱུ་མེད་པ་ནི་མི་འཐད་ལ་རྒྱུ་དང་བཅས་པ་ལ་ཡང་སྐྱེ་བ་རྣམ་པ་བཞི་ལ་སོགས་པས་ཁྱབ་ལ། དེ་ཡང་མི་འཐོད་པ་ཉིད་དུ་འོག་ནས་སྟོན་པསོ།། དེ་ལྟར་རང་བཞིན་མེད་པ་ཡིན་ཡང་བྱིས་པ་རྣམས་ཀྱི་བློ་ལ་ཐ་དད་པར་སྣང ་བཞིན་དུ་སྤྱིར་ཆོས་དང་ཆོས་མ་མཆིས་པའི་དབྱེ་བ་ཡང་བྱིས་པའི་བློ་འཁྲུལ་པའི་ངོ་ན་ཇི་སྟེ་མེད་ཅེས་པའོ།། ཉེ་བར་བཟུང་ཞེས་པ་ནི་རྣམ་རྟོག་ལ་བརྟེན་ཅིང་གནས་པའི་ངོ་གང་ནའོ།། ཡང་དེ་ཉིད་འཕགས་པ་རྣམས་ཀྱིས་ཡང་དག་པའི་ཡེ་ཤེས་ཀྱི་དོན་ནི ་ཡོད་པ་མ་ཡིན་ཞེས་པ་སྟེ། ཤེས་པར་ཟད་དོ།། ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས་ནི་བྱིས་པའི་ཤེས་པའི་ངོ་ན་རྣམ་པར་དབྲི་བ་ཡོད་པ་ཉིད་དཔེའི་སྒོ་ནས་རྒྱས་པར་སྟོན་པའོ།། དེའི་དོན་ནི། བུམ་པ་དང་སྣམ་བུ་ལ་སོགས་པ་རྒྱུ་རྐྱེན་ཕན་ཚུན་པ ་ད་པ་ལས་བྱུང་བའི་དངོས་པོ་རྣམས་ནི་བྲིས་པའི་ཤེས་པའི་སྣང་ངོ་ན་ཐ་དད་པ་ཡིན་གྱི། ཨོཾ་ཤེས་ཀྱི་ངོ་ན་ཐ་དད་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་མེ་ཉིད་དུ་རང་བཞིན་གཅིག་ཅིང་། མེ་ལྕེ་འབར་བའི་ཉེ་བར་ལེན་པའི་རྒྱུ་སྔ་མ་རང་བཞིན་མཚུངས་པ ་གཅིག་ལས་བྱུང་བའི་མེ་ལྕེའི་འོད་ཕྱི་མ་རྣམས་ལྷན་ཅིག་བྱེད་པའི་རྐྱེན་ཁྱིམ་དང་གནས་ལ་སོགས་པའི་ཤིང་གི་བྱེ་བྲག་ཐ་དད་པས་འོད་རིང་བ་དང་ཐུང་བ་དང་གསལ་མི་གསལ་ལ་སོགས་པའི་བྱེ་བྲག་ཏུ་སྣང་བ་དེ་བཞིན་དུ་འདི་ལ་ཡང་ཞེས་པ ་བྲིས་པའི་ཤེས་པའི་སྣང་ངོ་འམ། ཤོསོ་བྱ་ཀུན་རྫོབ་པ་འདི་ལ་ཆོས་དང་ཆོས་མེད་པ་ཐ་དད་པའི་བྱེ་བྲག་ཡོད་པར་ཅིའི་ཕྱིར་མི་གཟུང་ཞེས་པའོ།། དེ་ལ་ཁྱིམ་ནི་ཐ་མལ་པ་རྣམས་ཀྱིའོ།། གནས་ནི་དགེ་འདུན་ལ་སོགས་པའིའོ།། ཁང་པ་ནི་རྒྱལ་པོའམ་ཁྱིམ་བདག ་འབྱོར་པ་ཅན་རྣམས་ཀྱིའོ།། དེ་ལྟར་རྒྱུ་འདྲ་ཡང་རྐྱེན་གྱི་བྱེ་བྲག་གིས་དུས་གཅིག་ཏུ་འབྲས་བུའི་བྱེ་བྲག་ཐ་དད་པ་འབའ་ཞིག་ཏུ་མ་ཟད་ཀྱི། ས་དང་ས་བོན་ལ་སོགས་པ་རྒྱུ་དང་རྐྱེན་གཅིག་ལས་བྱུང་བའི་འབྲས་བུའི་རྒྱུན་རྒྱུད་འགའ་ཞིག་ཀྱང་སྔ་ཕྱིའི་རྣམ་པ ་ཐ་དད་པར་དམིགས་ཤིག། དེ་བཞིན་དུ་ཕྱི་ནང་གི་ཆོས་སྐྱེ་བའི་ཆོས་ཅན་ཏེ། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའོ།། འོ་མ་ལས་ཞོ་ལ་སོགས་པ་དང་། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་རིག་པའི་རྐྱེན་གྱིས་འདུ་བྱེད ་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་གཏོགས་པ་ཐམས་ཅད་དང་། ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་བདེ་བའི་ཁྱད་པར་ཏེ། འགའ་ཞིག་ནི་ཟག་པ་དང་བཅ་སུ་འདོད་པའི་ཡོན་ཏན་གྱི ་བདེ་བ་ཡིན་ལ། འགའ་ཞིག་ནི་བསམ་གཏན་དང་པོ་ལ་སོགས་པས་བསྡུས་པའི་བདེ་བ་ཡིན་ཞིང་འགའ་ཞིག་ནི་ཟག་པ་མེད་པའི་བདེ་བར་འགྱུར་བའོ།། དབྱིབས་ནི་རིང་པོ་ལ་སོགས་པ་སྟེ་སེམས་ཅན་དང་སེམས་ཅན་མ་ཡིན་པ་འཐུན་པར་རྟོགས་པའོ།། ། ་དེ་བཞིན་དུ་བརྗོད་པར་བྱེད་དེ། བརྗོད་པར་བྱ་བའི་ཁྱད་པར་ཐ་དད་དེ། འོག་ནས་དོན་བརྗོད་པར་བྱེད་པའི་བྱེ་བྲག་སྣ་ཚོགས་སྟོན་པར་འགྱུར་བའོ།། ལྷ་ལ་སོགས་པོའི་འགྲོ་བའི་ཁྱད་པར་ཡང་དེ་བཞིན་ཏེ་ཤེས་པར་ཟད་དོ།། གཞན་ཡང་དམིགས་པ་རྣམ་པར་རིག ་པ་ཙམ་དུ་མཚན་ཉིད་གཅིག་པའི་རྣམ་པོར་ཤེསོ་པ་ཡུལ་ལ་མངོན་པར་འཛིན་པ་རབ་ཏུ་འཇུག་པའི་ཁྱད་པར་རབ་དང་འབྲིང་དང་ཐ་མ་སྟེ། འགའ་ཞིག་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ལ་གསལ་བ་དང་མྱུར་བ་ཉིད་དུ་འཇུག་ལ། གཞན་ནི་དེ་བས་ཞན ་དང་ཆོས་ཞན་པ་ཉིད་དུ་འཇུག་པའོ།། དེ་རྣམས་ནི་ཕའི་ཆེར་ཀུན་ནས་ཉོན་མོངས་པའི་ཁྱད་པར་ཐ་དོད་པ་ཉིད་བསྟན་པ་ཡིན་ལ། རྣམ་པར་བྱང་བའི་བྱེ་བྲག་ཀྱང་དེ་བཞིན་དུ་ཤེས་པར་བྱའོ།། གཞན་ཡང་རྣལ་འབྱོར་སྒོམ་པ་རྣམས་ཀྱི་རྣལ་འབྱོར་གྱི་ལམ ་ཡང་གོམས་པ་དང་དབང་པོ་ལ་སོགས་པའི་བྱེ་བྲག་གིས་གསལ་བར་སྣང་བ་རབ་དང་རབ་ཀྱི་མཐའ་ལ་སོགས་པར་སྣང་ན། བྱིས་པ་སོ་སོའི་རྣམ་པར་རྟོག་པ་ལས་བྱུང་བ་སྟེ་འཕྲལ་དུ་རྟོག་པས་སྒྲོ་བཏགས་པའམ། རྟོག་པ་སྔ་མའི་ས་བོན་ལས་བྱུང་བའོ།། ལང ་ཀའི་བདག་པོ་ཞེས་པ་ལ་སོགས་པས་ནི་དོན་བསྡུས་ཏེ་བསྟན་པ་སྟེ། རྟོག་པའི་མཚན་ཉིད་མི་འདྲ་བས་དེའི་གཟུང་ཆ་ཡང་ཐ་དད་ཅེས་པའོ།། ལང་ཀའི་བདག་པོ་དེ་ལ་ཞེས་པ་ལ་སོགས་པ་ནི་ཆོས་དང་ཆོས་མེད་པའི་རང་བཞིན་དང་། དེ་རྣམས་སྤོང་བའི་ཚུལ་རྒྱས ་པར་བསྟན་པའོ།། རྒྱུ་ལས་ཡོན་ཏན་དང་རྫས་ཀྱིས་གཞི་བཙུགས་ཞེས་པ་ནི་མུ་སྟེགས་ཅན་རྣམས་ཀྱི་དབང་དུ་བྱས་ན་དབང་ཕྱུག་དང་རྡུལ་ཕྲ་རབ་ཀྱི་རྒྱུ་ལས་སྔར་བསྟན་པ་བཞིན་དུ་རྟག་པ་དང་མི་རྟག་པ་ལ་སོགས་པའི་རྫས་དང་ཡོན་ཏན་ཉི་ཤུ་རྩ་བཞི་དང་། ་གཞན་ཡང་རྫས་ལ་བསྟེན་པའི་ལུས་ལ་སོགས་པ་ཚིག་གི་དོན་དྲུག་བྱེ་བྲག་པས་བརྟགས་པ་རྣམས་དང་། ཡོང་ཡོན་ཏན་གསུམ་ཆ་མཉམ་པ་གཙོ་བོའི་རང་བཞིན་དང་། དབང་ཕྱུག་ལ་སོགས་པ་རྣམ་འགྱུར་སྣ་ཚོགས་ཀྱི་རྒྱུར་བརྟགས་པ་དང་། དེ་ལས་རྣམ ་པར་འགྱུར་བའི་རྫས་སྣ་ཚོགས་ཀྱི་རྒྱུར་བརྟགས་པ་དང་། དེ་ལས་རྣམ་པོར་འགྱུར་བའི་རྫས་སྣ་ཚོགས་སུ་གྲངས་ཅན་ལ་སོགས་པས་བརྟགས་པའོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་དབང་དུ་བྱས་ནས། ལས་དང་ཉོན་མོངས་པའི་རྒྱུ་ལས་ཕུང་པོ་ལ་སོགས ་པའི་རྫས་དང་། དེ་ལ་བརྟེན་པའི་འདོད་པའི་ཡོན་ཏན་དང་། གཞན་ཡང་རྣམ་པར་བྱེད་པའི་རྒྱུ་ལམ་གྱི་བདེན་པ་ལས་འཕགས་པ་རྣམས་ཀྱི་ཡོན་ཏན་དང་། གང་ཟག་ལ་སོགས་པའི་རྗེ་སུ་བཏགས་པ་ས་གཞི་བཙུགས་ཞེས་པ་སྟེ། དེ་ལ་སོགས་པ་འདི་དང་འདི་ལྟ ་དུའི་རྣམ་པ་ཡིན་ནོ་ཡོད་དོ་ཞེས་སྒྲུབ་པའི་རྣམ་པ་ལྟ་བུ་བླའི་དོན་སྣང་བ་རྣམས་ནི་ཆོས་ཞེས་བྱའོ།། དེ་འདྲ་བར་མངོན་པར་ཞེན་པའམ་ཞེན་པའི་ཡུལ་ནི་གཉེན་པོ་དང་རིག་པའི་སྦུབས་ཀྱིས་སྤང་བར་བྱ་བ་ཉིད་དེ་རང་གི་མཚན་ཉུ ་བདེན་པ་ཉིད་དུ་མོ་སོར་རྣམ་པར་བརྟག་པར་མི་བྱའོ།། གལ་ཏེ་ལྷན་རྫ་མ་དང་བུམ་པ་ལ་སོགས་པ་རྙོག་པ་མེད་པའི་མངོན་སུམ་གྱི་ཆད་མ་ལ། ཕྱི་རོལ་ཐ་དད་པའི་རྣམ་པར་སྣང་བ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། ཐོག་མ་མེད་པ་ནོས་རྟོག་པའི་བག་ཆགས་ཀྱི ་དཀྲུགས་ཤིང་བསླད་པའི་སེམས་ཉིད་དེ་ལྟར་སྣང་བ་ན་ཐ་དད་ཀྱི་དངོས་པོར་ཞེན་པའོ།། ལས་སུ་མ་གྲུབ་ཅེས་པ་ནི་ཕྱི་རོལ་ཐ་དད་པའི་ངོ་བོར་མ་གྲུབ་པའོ།། དེ་ཉིད་ཇི་ལྟར་སྤོང་ཞེ་ནི། མི་བདེན་པའི་དོན་བློས་བཞག་པ་དེ་ལྟ་བུར་ལྷག་མཐོང་ཞེས་པ་སྟེ། ཡང་དག་པའི ་ས་རབ་ཀྱིས་རབ་ཏུ་མཐོང་ཞིང་གོམས་པས་སྦྱོང་བར་འགྱུར་རོ།། དེ་ལྟ་བས་ན་མདོ་སྡེ་འདིའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། སྤྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་ལམ་ནི་སྔར་བསྟན་པ་བཞིན་དུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ ་ལ་ཡིན་ལ། དེ་དག་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་གྱི་གཙོ་བོ་ཡིན་ཏེ། འདིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ནི་མ་རིག་པ་དངོས་པོར་མངོན་པར་ཞེན་པ་ཡིན་ཏེ། ཇི་སྐད་དུ། དངོས་པོར་མངོན་ཞེ་ན་ཡོད་ན་ནི།། འདོད་ཆགས་ཏེ ་སྡང་མི་ཟང་འབྱུང་། ལྟ་བ་མ་རུངས་ཡོངསུ་འཛིན།། དེ་ལས་བྱུང་བའི་རྩོད་པར་འགྱུར།། དེ་ནི་ལྟ་བ་ཀུན་གྱི་གཞི།། ཞེས་པ་ལ་སོགས་པ་གསུངས་པསོ།། གཞན་ཡང་། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་།། སྲེད་པ་ཀུན་ནས་འཆིང་བའི་རྒྱུ།། སྐྱེ་བོ་གང་ལ་དེ ་མེད་པ།། འདི་ཡི་སྐྱེ་བ་མི་འབྱུང་ངོ་།། ཞེས་གསུངས་ཏེ། སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པའི་མ་རིག་པ་དང་། བདེ་བ་ལ་མངོན་པར་འདོད་ཅིང་ཆགས་པའི་སྲེད་པ་ནི་འཁོར་བར་འཆིང་བར་བྱེད་ཅིང་སྡུག་བསྔལ་བ་སྐྱེད་པའི་རྒྱུ་ཉིད་དུ་གསུངས་ཏེ། སྦྲང་བུ་མེ་ལྕེའི ་ཚོགས་ལ་མངོན་པར་རྒྱུག་པ་བཞིན་ནོ།། དེ་འདྲ་བའི་མ་རིག་པ་ལ་སོགས་པ་སྤོང་བར་བྱེད་པ་ནི་ཡང་དག་པའི་ཤེས་རབ་ཡིན་གྱི་བྱམས་པ་ལ་སོགས་པ་ཐབས་ཀྱི་རྣམ་པའི་བློ་ནི་དེ་དང་འགཡོ་བ་མེད་པས་གཉེན་པོ་ཉིད་དུ་མི་འགྱུར་ཏེ། ཇི་སྐད་དུ། བྱམས་སོགས ་རྨོངས་དང་འགལ་མེད་ཕྱིར།། ཉེས་ཀུན་དེ་ཡིས་ཆེར་གཅོད་མིན།། སྟོང་ཉིད་ལྟ་བས་གྲོ་ལོ་འགྱུར་གྱི།། སྒོམ་པ་ལྷག་མ་དེ་དོན་ཡིན།། ཞེས་གསུངས་པས་སོ།། གཞན་ཡང་། ཡན་ལག་འདི་དག་ཐམས་ཅད་ནི།། ཐུབ་པས་ཤེས་རབ་དོན་དུ་གསུངས།། རྔ་ཡོཾ་ཕྱིར་ན་སྡུག ་བསྔལ་དག། ཞི་བར་འདོད་པས་ཤེས་རབ་བསྐྱེད།། ཅེས་ཀྱང་གསུང་སོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི།། དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན།། གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན ་གྱུར་ན།། དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་ཐོབ་བོ།། ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ།། ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་སྤྱོད་པ་རྣམས་ནི། ཉེས་པ་ཐམས་ཅད་ཀྱི ་ནང་ན་ལྕི་བ་བྱུང་དུ་ཟིན་ཀྱང་། ཤེས་རབ་ཀྱི་སྟོབས་ཀྱིས་རྡུལ་དུ་རློག་པར་བྱེད་དེ། དེའི་རྒྱུས་ལོག་པར་ལྟུང་བར་འགྲོ་བར་ཡང་མི་འགྱུར་རོ།། བྱམས་པ་དཔེ་ཚོན་མེའི་ཕུང་པོ་འབར་པ་ལ་ནི་ཤིང་གི་ཚོགས་ཆེན་པོས་བསྣ་ན།། ཇི་ལྟ་ཇི་ལྟར་བསྣན་པ་དེ་ལྟ་དེ་ལྟར་དེ ་ཕྱིར་ཞིང་ཆེར་འབར་བར་འགྱུར་གྱི་མེ་ཤི་བར་མི་འགྱུར་རོ།། བྱམས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་སྤྱོད་པའི་ཤེས་རབ་ཀྱི་མེ་འབར་བ་དེ་ལ་ནི་ཉོན་མོངས་པའི་ལེན་པ་ཇི་ལྟ་ཇི་ལྟར་བསྣན་པ་དེ་ལྟ་དེ་ལྟར་དེའི་ཤེས་རབ་ཀྱི་མེ་འབར ་བར་འགྱུར་གྱི་ཤི་ཞིང་ཟད་པར་མི་འགྱུར་རོ།། བྱམས་པ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམ་དཔའ་ཤེས་རབ་སྤྱོད་པ་རྣམས་ཀྱི་སྤྱོད་པ་ནི། འཇིག་རྟེན་ཐམས་ཅད་མི་མཐུན་པར་རིག་པར་བྱའོ་ཞེས་རྒྱ་ཆེར་གསུངས་སོ།། དེའི་དོན་ཡང་ཤེས་རབ་ཀྱི ་སྟོབས་དང་ལྡན་པ་རྣམས་ཀྱིས་རང་གི་རྒྱུད་ལ་ཉོན་མོངས་པ་སྐྱེས་པ་ན། དེ་ཉིད་ཀྱི་རྐྱེན་གྱིས་དེའི་རང་བཞིན་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ཉིད་དུ་རྟོགས་པས་ཉོན་མོངས་པ་དེ་ཉིད་ཞི་བར་བྱེད་པའོ།། དེ་སྐད་དུ་ཡང་འཕགས་པ་བདེན་པ་གཉིད་བསྟན་པ་ལས། ལྷའི་བུ ་ལྟ་སྟེ་དཔེར་ན་སྦྲུལ་ཁ་གདུག་པའི་རིགས་སྔགས་འདོན་པ་ངེས་ནི། སྦྲུལ་ཁ་གདུག་པའི་གདུག་པ་རབ་ཏུ་ཞི་བར་བྱེད་དོ།། ལྷའི་བུ་དེ་བཞིན་དུ། གང་ཉོན་མོངས་པ་རྣམས་ཀྱི་རིགས་རབ་ཏུ་ཤེས་པ་དེའི་ཉོན་མོངས་པ་རྣམས་ཤིན་ཏུ་མི་དམིགས་པའི་ཚུལ་གྱིས ་རབ་ཏུ་ཞི་བར་འགྱུར་རོ།། ལྷའི་བུས་སྨྲས་པ་འཇམ་དཔལ་ཉོན་མོངས་པའི་རོགས་དེ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་མ་བྱུང་དངོས་པོ་མེད་པ་ལ། གང་ཀུན་ཏུ་རྟོག་པ་དེ་ནི་ཉོན་མོངས་པ་རྣམས་ཀྱི ་རིགས་སོ་ཞེས་གསུངས་སོ།། གཞན་ཡང་། རང་བཞིན་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་ནི་ལམ་གྱི་གཙོ་བོ་ཡིན་པོར་སྐུའི་གསང་བ་བསྟན་པ་ལས་ཀྱང་གསུངས་ཏེ། དེ་སྐད་དུ་ཡང་། སེམས་ཅན་ཀུན་གྱི་བསོད་ནམས་ཀྱི།། ཕུང་པོ་ཇི་སྙེད་ཡོངས་གཟུང་བ། དེ་སྙེད ་བྱང་ཆུབ་སེམས་དཔའ་ཡི།། བྱང་ཆུབ་སེམས་ལས་རབ་ཏུ་འབྱུང་།། བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི།། ཕུང་པོ་ཧྲཱི་བསྙེད་བརྗོད་པ་བས།། དམ་པའི་ཆོས་ནི་ཡོངས་འཛིན་ན། དེ་བས་བསོད་ནམས་ཆེས་མང་ངོ་།། དམ་ཆོས་འཛིན་པའི་བསོད་ནམས་ནི།། སངས་རྒྱས་ཀུན ་གྱིས་ནན་ཏན་དུ།། བསྐལ་པ་བྱ་བར་བརྗོད་མཛད་ཀྱང་།། མཐར་ཡང་ཕྱིན་པར་འགྱུར་མ་ལགས།། དམ་པའི་ཆོས་ནི་འཛིན་པ་དང་།། བྱང་ཆུབ་སེམས་དཔའི་བསོད་ནམས་དེས།། སྟོང་པ་ཉིད་ལ་མོས་པ་ཡི།། བཅུ་དྲུག་ཆར་ཡང་མི་རིག་ལགས།། སྟོང་པ་ཉིད་ལོ་འདིར ་མོས་ན།། བྱང་ཆུབ་སེམས་ཀྱང་མི་གཏོང་དང་།། དམ་པའི་ཆོས་ནི་འཛིན་བགྱིད་པ།། འདི་ནི་བསོད་ནམས་སྡུད་པའོ།། ཞེས་གསུང་སོ།། དེ་ལ་འདིར་ཤེས་རབ་ཀྱི་དམིགས་པའི་ཡུལ་ལ་ལོག་པར་རྟོག་པ་དག་སྣང་བས་དེ་དག་རྣམ་པར་བཟློག་ཅིང་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་དདབ་པར་བྱ་བ ་ཡིན་ལ། དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་འཕགས་པའི་ཡེ་ཤེས་ཐོབ་པ་རྣམས་ཀྱིས་ནི། མངོན་སུམ་གྱི་ཚད་མ་ཉིད་ཀྱིས་གཏན་ལ་དབབ་པར་ནུས་མོད་ཀྱི།། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཡང་དག་པའི་གསུང ་རབ་ཐོས་པ་དང་། དེ་ལ་བརྟེན་ནས་དོན་ཇི་ལྟ་བ་བཞིན་དུ་འཇལ་བར་བྱེད་པ་རྗེ་སུ་དཔག་པའི་ཚད་མ་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་གཏན་ལ་དབབ་པར་བྱ་སྟེ། ཇི་སྐད་དུ། དེ་ལ་སྒྲོ་བཏགས་གཅོད་བྱེད་པ།། ཤེས་པར་བྱེད་པོའི་གཏན་ཚིགས་ཀྱིས།། ་རྣལ་འབྱོར་དབང་རྣམས་མངོན་གསུམ་གསལ།། ཞེས་གསུང་སོ།། ཤེས་རབ་ཀྱི་དམིགས་པའི་ཡུལ་ཡང་བདེན་པ་གཉིས་ཏེ། ཤེས་བྱ་ཐམས་ཅད་དེས་བསྡུས་པའི་ཕྱིར་རོ།། དེ་ལ་འདིར་ཀུན་རྫོབ་ནི་ངའི་དམིགས་པའི་ཡུལ་དུ་མི་འཐད་དེ། འཕགས་པ་ག་ཡ་གོ་རིའི་མདོ ་ལས། ཐབས་ནི་ཆོས་ཐ་དད་པ་ཤེས་པའོ་ཞེས་གསུངས་པ་དང་། ཡང་སེམས་ཅན་གྱི་དབང་པོ་དང་སྤྱོད་པ་ལ་འཇུག་པ་ཤེས་པའོ་ཞེས་གསུངས་པས་ཀུན་རྫོབ་ཀྱི་བདེན་པ་ནི་ཐབས་ཀྱི་ཡུལ་ཡིན་ལ། ཡང་ཤེས་རབ་ནི་ཆོས་ཀྱི་དབྱེད་ན། ་དབྱེར་མེད་པ་ཤེས་པའོ།། ཤེས་རབ་ནི་སེམས་ཅན་དམི་གསུ་མེད་པ་ཤེས་པའོ་ཞེས་གསུངས་པས་དེའི་ཡུལ་ནི་དོན་དམ་པའི་བདེན་པ་ཉིད་ཡིན་ནོ།། གཞན་ཡང་ས་བཅུའི་མགོན་པོ་ཆེན་པོས། དོན་དམ་ཤེས་པའི་ཕྱིར་བཤད་དོ་ཞེས་ཤེས་རབ་ཀྱི་ངེས་པའི ་ཚིག་གསུངས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། འདིར་ཀུན་རྫོབ་ཀྱི་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཡིན་ལ། དེའི་དེ་བཞིན་ཉིད་ཀྱང་དོན་དམ་པར་འདུས་ཏེ། ཇི་སྐད་དུ། རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། དོན་དམ་པ་ཡང ་གཞན་པ་ཉིད་ནི་མ་ཡིན་ཏེ། ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དམ་པའི་དེ་བཞིན་ཉིད་དོ་ཞེས་གསུངས་པའི་ཕྱིར་རོ།། གཞན་ཡང་ཤེས་རབ་ཀྱིས་ནི་ཀུན་རྫོབ་ལ་ཀུན་རྫོབ་ཉིད་དུ་ཤེས་ཏེ། དེ་ཉིད་དོན་དམ་པ་ཤེས་པ་ཡང་ཡིན་ནོ།། དེ་ལ་འདིར་ཤེས ་པར་བྱ་བ་ཕྱིའི་དོན་དགག་པ་དང་། སྣང་བ་སེམས་ཙམ་དུ་སྒྲུབ་པ་དང་། དོན་དམ་པར་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་གཏན་ལ་དབང་པ་དང་། དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོའོམ་རིགས་ཉིད་དུ་བསྟན་པ་དང་། རིགས་དེ་ཉིད་སྤྱོད་པར་བྱེད་པའི ་ལམ་གྱི་རིམ་པ་དང་། སྦྱངས་པས་རྣམ་པར་དག་པ་ཐོབ་པའི་ཚུལ། མདོའི་བརྗོད་བྱའི་དོན་རྣམ་པར་ཕྱེ་སྟེ་གོང་དུ་བསྟན་པ་དེ་བཞིན་དུ་ཤེས་པར་བྱའོ།། རེ་ཞིག་པིའི་དོན་དགག་པ་ནི་རྣམ་པ་ལྔའི་སྒོ་ནས་ཤེས་པར་བྱ་སྟེ། གཏན་ཚིགས་འཇུག་པའི་རྟེན་ཆོས ་ཅན་དང་། རྟགས་ཀྱིས་དགག་པར་བྱ་བ་དང་། དེ་རྣམ་པར་བཀག་པའི་བསྒྲུབ་བྱ་དང་། གཏན་ཚིགས་དང་། དཔེའི་ཚུལ་བསྟན་པའོ།། དེའི་དང་པོ་ལ་རྣམ་པ་གཉིས་ཏེ། ཕ་རོལ་པོས་བརྟགས་པ་ཉིད་ཆོས་ཅན་དུ་འཇོག་པ་དང་། སྣང་བ་ཙམ་ཆོས་ཅན་དུ་འཇོག་པའོ།། ་དེ་ལ་དང་པོ་ནི་རང་གི་རྒྱུད་གཏན་ཚིགས་སྦྱོར་བའི་ཚེ་འཐད་པ་མ་ཡིན་ཏེ།། བརྟོགས་པ་ལ་ཇི་ལྟར་བློ་ཡིས་མ་ཤེས་ན་ཆོས་ཅན་དུ་བཞག་པའི་ལྡོག་པ་དེ་ཉིད་ཚད་མས་མ་གྲུབ་པས་དེ་ལ་བརྟེན་པའི་ཕྱོགས་ཀྱིས་ཆོས་མ་གྲུབ་པར་འགྱུར་རོ།། ཇི་སྟེ་བརྟགས་པ ་ལ་བརྟགས་པ་ཉིད་དུ་ཤེས་ན། དེ་ནི་མི་བདེན་པའི་དོན་བློ་ཡིས་སྒྲོ་བཏགས་པ་ཡིན་པས་དེ་ཉིད་ཀྱི་ཚེ་དགག་བྱ་ཁེགས་ཤིང་བསྒྲུབ་བྱ་སྒྲུབ་པའི་ཕྱིར་རྟགས་ཀྱི་བྱེད་པ་དོན་མེད་པར་འགྱུར་བས་སོ།། འདིར་ཐལ་བའི་གཏན་ཚིགས་ཀྱིས་གཞན་གྱིས ་ཕྱོགས་འགོག་པ་ན་དེ་འདྲ་བ་ཆོས་ཅན་ཉིད་དུ་འཐད་དེ། གཞན་དག་གིས་པིའི་དོན་རྡུལ་ཕྲ་རབ་ཆ་ཤས་མེད་པོ་དུ་མ་འདུས་པ་ཉིད་དུ་ཁོས་བླངས་པོ་ན། སྦྱིན་གྱི་སློབ་དཔོན་ངག་གིས། དྲུག་གིས་ཅིག་ཅར་སྦྱར་བས་ན།། ཕྲ་རབ་རྡུལ་ཆ་དྲུག་དུ་འགྱུར།། དྲུག་པོ ་དོག་ནི་གོ་གཅིག་ན།། གོང་བུ་རྡུལ་ཕན་ཙམ་དུ་འགྱུར།། ཞེས་ཕ་རོལ་པོས་བརྟགས་ཤིང་ཁས་བླངས་པའི་རྡུལ་ཕྲ་རབ་དེ་ཉིད་ཆོས་ཅན་དུ་བཞག་ནས། དེ་དག་ཉིད་ཀྱིས་ལས་བླངས་པའི་གཏན་ཚོགས་ཀྱིས་གཅིག་པ་དང་བསགས་པ་ཉིད་འགག་པ་སྟེ། ཇི་ལྟར ་དབུས་ན་གནས་པའི་རྡུལ་ལ། ཕྱོགས་བཞི་དང་སྟེང་དང་འོག་ན་གནས་པའི་རྡུལ་གྱིས་སྦྱར་ཅིང་བལྟས་པ་ནི། ཤར་ཕྱོགས་ཀྱི་རྡུལ་གྱིས་སྦྱར་བའམ། བལྟས་པའི་ཕྱོགས་དེ་ཉིད་དུ་རྡུལ་གཞན་རྣམས་ཀྱིས་སྦྱར་ཞིང་བལྟས་པར་ཁས་ལེན་ན། ཤར་ཕྱོགས་ཀྱི ་རྡུལ་དེ་ཉིད་ཀྱི་གོ་སར་ཐམས་ཅད་ཐིམ་པས། གོང་དུ་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་འགྱུར་ཞིང་། དེ་ཉིད་ཀྱི་ཕྱིར་བསགས་པ་མི་འཐད་ཅེས་པའོ།། འོན་ཏེ་རང་རང་གི་ཕྱོགས་སོ་སོར་སྦྱར་ཞིང་བལྟས་ན། དབུས་ཀྱི་རྡུལ་ཆ་དྲུག་ཏུ་འགྱུར་ཞེས་པ་སྟེ། བསམ་པར ་ཤེས་པར་ཟད་དོ།། དེས་ན་རང་གི་རྒྱུད་ཀྱི་གཏན་ཚིགས་ཀྱིས། རང་ཉིད་དམ་གཞན་དག་ལ་དགག་པ་རྟོགས་པར་བྱེད་པ་ན། འདིར་ཆོས་ཅན་ནི་གཟུགས་ལ་སོགས་པ་ཕྱི་རོལ་ཆད་པའི་རྣམ་པར་རྒོལ་བ་དང་། ཕྱིར་རྒོལ་བ་ལ་སོགས་པ་ལ་མཐུན་པར་སྣང་བ་ནི་ཆོས་ཅན ་ཏེ། སྣང་ཚོད་ཙམ་དུ་མངོན་སུམ་ལ་སོགས་པའི་ཚད་མས་གྲུབ་པ་ཆོས་ཅན་མ་གྲུབ་པའི་ཉེས་པ་ལས་གྲོལ་བའོ།། དགག་པ་ནི་རྣམ་པར་རིག་པ་སྒྱུ་མ་ཙམ་དུ་སྨྲ་བའི་ལུགས་ཀྱིས་ཕྱི་རོལ་བདེན་པའི་དངོས་པོར་ཡོད་པ་འགོག་པའོ།། འདིར་ལ་ལ་དག་བདེན་པའི་དངོས ་པོར་ཡོད་པ་ནི་དགག་པར་མི་ནུསོ་སྙམ་དུ་སེམས་པ་ནི་མི་འཐད་དེ། འདི་ནི་རིགས་པའི་སྟོབས་ཀྱིས་དགག་པར་བྱ་བ་ཡིན་ལ། དེ་ཡང་དགག་པར་བྱ་བའི་ཡུལ་གྲུབ་པ་ཞིག་ནི་འགོག་པ་མ་ཡིན་ཏེ། ཚད་མ་དངོས་པོའི་ཕྱེ་མཁན་དངོས་པོ་འཆོས་བྱེད་ཉིད་དུ་ཐལ ་བའི་ཕྱིར་རོ།། གལ་ཏེ་དགག་བྱའི་དངོས་པོ་མ་གྲུབ་ན་འགེགས་པར་བྱེད་པའི་དོན་མེད་དོ་ཞེ་ན། མ་ཡིན་ཏེ། དགག་བྱའི་དངོས་པོ་མེད་པ་ལ་མེད་པ་ཉིད་དུ་རང་ངམ་གཞན་གྱིས་སྔར་མ་རྟོགས་པ་རྟོགས་པར་བྱེད་པ་ཙམ་ལ་བཀག་ཅེས་བྱའོ།། བྱེད་པའོ་མ་བྱ་བ་གཞན་ནི ་ཡོད་པ་མ་ཡིན་ནོ།། འདིར་གཞན་དག་ཇི་ལྟར་སྣང་བའི་ཆོས་ཅན་ཉིད་དགག་པར་བྱ་བ་ཡིན་ཏེ། གཞན་དུ་ན་ཆོས་ཅན་གྱི་སྣང་བ་མི་ལྡོག་པས་མཚན་མ་ཟིལ་གྱིས་མི་ནོན་ཅིང་། དེའི་ཕྱིར་མཚན་མའི་འཆིང་པོ་ལས་མི་གྲོལ་བ་ལ་སོགས་པའི་སྐྱོན་དུ་འགྱུར་བའི་ཕྱིར། ་ཞེས་འདོད་དོ།། འདི་ནི་མི་འཐད་དེ། ཆོས་ཅན་རིགས་པའི་སྟོབས་ཀྱིས་བཀག་ཅེས་ཀྱི་དེ་ཙམ་གྱིས་ཆོས་ཅན་དུ་སྣང་བ་ལྡོག་པ་ནི་མ་ཡིན་ཏེ། སྔ་མ་ལྟར་ཚད་མ་དངོས་པོའི་བྱེད་པ་པོར་འགྱུར་བའི་ཕྱིར་རོ།། གཞན་ཡང་དེ་སྐད་དུ་སྨྲ་བ་འདི་ནི་ཚད་མའི་འཇུག་པ་མི་ཤེས་པའི ་རྣམ་པར་འགྱུར་བ་ཉིད་དུ་གསལ་རབ་ཏུ་སྣང་བས་མཁས་པ་རྣམས་ཀྱིས་རྒྱང་བསྲིངས་ཏེ་སྤང་བར་བྱའོ།། གཞན་ཡང་ཆོས་ཅན་དུ་སྣང་བ་ཙམ་ནི་མཚན་མའི་འཆིང་བར་འགྱུར་བ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་ཡང་རྗེས་ཐོབ་ཀྱི་སྣང་བ་དེ་འདྲ་བ་ཡོད་པར ་གསུངས་པའི་ཕྱིར་རོ།། གཞན་ཡང་སྣང་བ་ཙམ་གྱི་ཆོས་ཅན་འདི་ཉིད་མེད་ཅེས་འགོག་ན། མངོན་སུམ་གྱི་ཚད་མ་དང་འགལ་བར་འགྱུ་རོ།། གལ་ཏེ་ཐ་སྙད་པའི་མངོན་སུམ་གྱིས་གཟུགས་ལ་སོགས་པ་སྣང་བ་སྣང་ཆོད་དུ་ཡོད་པར་གྲུབ་པ་ནི་མི་འགོག་ལ་འདི ་ཉིད་རིགས་པ་དམ་པའི་དོན་ཡོད་པ་འགོག་སྟེ། དེ་ལས་བཟློག་པ་སྣང་བ་རིགས་པའི་ངོར་ཡོད་པ་ནི་ཐ་སྙད་ཀྱི་མངོན་སུམ་གྱིས་གྲུབ་པ་མ་ཡིན་ཏེ། སྐྱེ་བོ་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བར་འགྱུར་བའི་ཕྱིར་རོ་ཞེ་ན། འདི་ནི་མི་འཐད་དེ། དེ་ལྟ་ན་སྣང་བ་འདིའི་རང་བནིན། ་རིགས་པའི་དོན་ཡོད་པ་ཡིན་ནམ། འོན་ཏེ་མ་ཡིན། སྔ་མ་ལྟར་ན་ཇི་ལྟར་ཡིན་ལུགས་ཚང་མ་དགག་པར་མི་ནུས་ཏེ། སྔར་བསྟན་པ་ལྟར་ཚད་མ་དངོས་པོའི་ཕྱི་མཁན་ཉིད་དུ་འགྱུར་བའི་ཕྱིར་རོ།། གཉིས་པོ་ལྟར་ན་ཕྱི་རོལ་དུ་སྣང་བའི་ཆོས་ཅན་དང་རིགས་པའི་བོར ་ཡོད་པ་གཉིས་ཕན་ཚུན་གཅིག་གིས་བདག་ཉིད་གཅིག་མ་ཡིན་པས། རིགས་ངོར་ཡོད་པ་བཀག་ཀྱང་སྣང་བ་བཀག་པར་མི་འགྱུར་ཏེ། ཇི་ལྟར་རྟ་བཀག་པས་གླང་པོ་བཀག་པར་མི་འགྱུར་བ་བཞིན་ནོ།། དེ་ལྟར་ཡང་མདོ་འདི་ཉིད་དུ་སྟོན་པར་འགྱུར་ཏེ། བློ་གྲོས ་ཆེན་པོ་བ་ལང་གི་དངོས་པོ་ནི་རྟའི་བདག་ཉིད་མ་ཡིན། རྟའི་དངོས་པོ་ནི་པ་ཡང་གི་བདག་ཉིད་མ་ཡིན་ཏེ། དེ་གཉིས་ནི་རང་གི་མཚན་ཉིད་དུ་མེད་པ་ཡང་མ་ཡིན་ཏེ། དེ་གཉིས་རང་གི་མཚན་ཉིད་དུ་ཡོད་དོ།། དེ་བཞིན་དུ་བློ་གྲོས་ཆེན་པོ་ཆོས ་ས་ཅད་མཚན་ཉིད་དུ་མེད་པ་ཡང་མ་ཡིན་ཏེ། དེ་དག་ནི་ཡོད་དོ།། དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དང་སྐྱེ་བ་མེད་པ་དང་ངོ་བོ་ཉིད་མེད་པ་ཡང་རིག་པར་བྱའོ་ཞེས་གསུངསོ།། དེའི་དོན་ཡང་ཆོས་ཐམས་ཅད་ནི་རང་རང་གི་ངོ་བོ་ལ་གནས་པས་རང་སེལ་བ་ནི ་མ་ཡིན་ཏེ། དེས་ན་སྣང་བ་ཙམ་གྱི་ཆོས་ཅན་ཡང་རིགས་པའི་དོན་ཡོད་པ་བདེན་པའི་དངོས་པོས་སྟོང་ཡང་། སྣང་བ་ཙམ་གྱི་རང་བཞིན་མེད་པ་ནི་མ་ཡིན་ཏེ། ཇི་ལྟར་བ་ལང་རྟའི་དངོས་པོས་སྟོང་པ་ཡང་བ་ལང་གི་ངོ་བོར་མེད་པ་མ་ཡིན་པ་བཞིན་ནོ།། གལ་ཏེ་འདིར ་སྣང་བ་ཉིད་རིགས་པའི་ངོར་ཡོད་པ་བདེན་པའི་དངོས་པོ་བཀག་པ་ནི་སྣང་བ་བཀག་པ་ཡིན་ཏེ། བཀག་པ་སྣང་བ་དང་འབྲེལ་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་བ་ལང་ཉིད་རྟའི་དངོས་པོར་ཡོད་པ་བཀག་པ་ཡང་བ་ལང་བཀག་པར་འགྱུར་ཏེ། བཀག་པ ་ལང་གི་དངོས་པོ་དང་འབྲེལ་པའི་ཕྱིར་རོ།། གལ་ཏེ་བ་ལང་དང་དེ་ཉིད་རྟའི་དངོས་པོར་ཡོད་པ་ནི་གཅིག་པ་མ་ཡིན་པས་རྟའི་དངོས་པོར་ཡོད་པ་བཀག་ཀྱང་། བ་ལང་བཀག་པར་མི་འགྱུར་རོ་ཞེ་ན། དེ་ནི་སྔར་གྱི་དོན་ལ་ཡང་མཚུང་སོ།། གཞན་ཡང་ཕ་རོལ་པོས ་དང་པ་ལྟར་ན་སྒྲ་ལྟ་བུའི་ཆོས་ཅན་ལོ།། དེ་ཉིད་རྟག་པ་ཡིན་པ་བཀག་པས་ཀྱང་སྒྲ་བཀག་པར་འགྱུར་ཏེ། སྒྲ་ཉིད་རྟག་པ་མ་ཡིན་ཞེས་བཀག་པ་སྒྲ་དང་འབྲེལ་པའི་ཕྱིར་རོ།། གལ་ཏེ་འདིར་སྒྲ་ལྟ་བུའི་ཆོས་ཅན་དེ་ཉིད་རྟག་པ་ཡིན་ན་ནི། ཇི་ལྟར་ཡིན་པ་བཞིན་དུ ་ཚད་ལས་དགག་པར་མི་ནུས་ལ། ཆོས་ཅན་དེ་རྟག་པའི་བདག་ཉིད་མིན་ན་སྒྲ་དང་རྟག་པ་གཉིས་ཕན་ཚུན་མི་གཅིག་པས་རྟག་པ་བཀག་པས་སྒྲ་བཀག་པར་མི་འགྱུ་རོ་ཞེ་ན། སྐབས་ཀྱི་དོན་ཡང་དེ་དང་མཚུངས་པ་ཉིད་དུ་སྔར་བསྟན་ཏོ།། གལ་ཏེ་དེ་ལྟ་ན་སྐབས་ཀྱི་དོན ་འདི་ནི་ཕན་ཚུན་གཅིག་གིས་གཅིག་སྟོང་པ་མུ་སྟེགས་པ་རྣམས་ཀྱི་འདོད་པ་སྟེ། སྟོང་པ་ཉིད་ཐམས་ཅད་ཀྱི་ཐ་ཤལ་དུ་འོག་ནས་སྟོན་པའི་དོན་དེ་ཉིད་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཇི་ལྟར་སྣང་བའི་ཆོས་ཅན་དེ་ཉིད་ཕྱི་རོལ་བདེན་པའི་དངོས་པོ་འམ། དེ་ལས་གཞན་ཤེས ་པ་ལ་སོགས་པའི་དངོས་པོར་ཡོད་པ་དང་། མེད་པ་ཉིད་དུ་བློའི་མདུན་དུ་བརྟགས་པའི་མཐའ་ཐམས་ཅད་རིམ་གྱིས་འགོག་པར་འགྱུར་བས། ཀུན་ནས་ཉོན་མོངས་པོ་ཐམས་ཅད་ཀྱི་ས་བོན་འགོག་ཅིང་། དེ་གཉིས་ཀྱིས་དེ་དག་ལྡོག་པར་འགྱུར་བས། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་ལམ་ཡིན་ལ། ཕྱི་རོལ་པ་ལ་སོགས་པས་འདོད་པའི་གཅིག་གི་གཅིག་སྟོང་པ་ནི་དེ་ལྟར་མ་ཡིན་པས་མི་མཚུངས་པ་ཉིད་དུ་གསལ་བར་སྣང་ངོ་།། འདིར་བདེན་པའི་དོན་གྱིས་སྟོང་པའི་སྣང་བ་ཙམ་དུ་གནས་ཤིང་དེ་ལྟར ་ཤེས་པོས་ནི། སུ་ཡང་འཆིང་བ་ཉིད་དུ་མི་འགྱུར་བའོ།། ཡོད་གཞན་དག་སྤང་བ་ཙམ་གྱི་ཆོས་ཅན་འདི་ཉིད་དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་སྐབས་སྣང་ཚོད་དུ་ཡང་མེད་ཅེས་འགོག་སྟེ། དེ་ལ་མངོན་སུམ་གྱིས་གནོད་པར་མི་འགྱུར་ཏེ། དོན ་དམ་པའི་བདེན་པ་གཏན་ལ་འབེབས་པའི་སྐབས་སུ་ཐ་སྙད་ཀྱི་མངོན་སུམ་གྱི་བྱེད་པ་མི་འཇུག་པའི་ཕྱིར་རོ།། དེའི་བྱེད་པ་མ་བརྟགས་ན་ཉམས་དགའ་བ་ཀུན་རྫོབ་ཙམ་དུ་འཇུག་པས། ཀུན་རྫོབ་གཏན་ལ་འབེབས་པའི་སྐབས་སུ་སྣང་བ་ཙམ་གྱི་ཆོས་ཅན་མངོན་སུམ ་ཕྱིས་གྲུབ་སྟེ། སྐབས་དེར་སྣང་བ་མེད་ཅེས་འགོག་པ་མ་ཡིན་པས་མངོན་སུམ་གྱི་གནོད་པ་མི་འབྱུང་ངོ་ཞེ་ན། དེ་ལ་ཡང་དཔྱད་པ་སྔ་མ་ཉིད་མཚུངས་ཏེ། ཇི་ལྟར་སྣང་བ་འདིའི་རང་བཞིན་དོན་དམ་གཏན་ལ་འབེབས་པའི་སྐབསུ། སྣང་ཚོད ་ཙམ་དུ་ཡོད་པ་ཡིན་ནམ་འོན་ཏེ་མ་ཡིན། སྔ་མ་ལྟར་ན་ཇི་ལྟར་ཡིན་པ་བཞིན་དུ་ཚད་མས་དགག་པར་མི་ནུས་ལ། ཕྱི་མ་ལྟར་ན་ཆོས་ཅན་དང་དགག་བྱ་གཉིས་མི་གཅིག་པས་དེ་འདྲ་བའི་དགག་བྱ་བཀག་ཀྱང་། ཕྱི་རོལ་ལྟ་བུར་སྣང་བའི་ཆོས་ཅན་དགག་པར་མི ་འགྱུར་རོ།། གཞན་ཡང་ཆོས་ཅན་ཉིད་དགག་བྱ་ཡིན་ན་དགག་བྱ་ནི་བསྒྲུབ་པར་བྱ་བ་ལས་བཟློག་པ་མི་མཐུན་པའི་ཕྱོགས་ཡིན་པའི་དེ་ལ་གཏན་ཚིག་ཡོད་ན་ནི་ཅི་རིགས་པར་འགལ་བའམ་མ་ངེས་པ་ཉིད་དུ་འགྱུར་ལ། དེ་ལ་གཏན་ཚིགས་མེད་ན་ཡང ་མ་གྲུབ་པ་ཉིད་ཀྱི་ཉེས་པར་འགྱུར་བས་ནི་ཚངས་པས་ཀྱང་སྤང་བར་མི་ནུས།། དེས་ན་འདིར་གཟུགས་ལ་སོགས་པ་ཕྱི་རོལ་ལྟ་བུར་སྣང་བའི་ཆོས་ཅན་ལ་ཕྱི་རོལ་བདེན་པའི་དངོས་པོར་ཡོད་པ་བཀག་ཀྱང་། སྣང་བ་ཙམ་གྱི་རང་བཞིན་མ་འགགས་པས་སྒྱུ ་རཱའི་གླང་པོ་ལ་སོགས་པ་ལྟར་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པའི་སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་པ་ནི། དགག་བྱ་བཀག་པའི་བསྒྲུབ་བྱ་སྟེ། རྣམ་པར་གཅད་པ་ཙམ་གྱི་མེད་དགག་ནི་མ་ཡིན་ཏེ། ཆོས་ཅན་དེའི་ཆོས་སུ་མི་འཐད་པའི་ཕྱིར་རོ།། ཚུལ ་འདི་ཉིད་འོག་ནས་ཞིབ་དུ་བསྟན་པར་བྱའོ།། དེ་ལྟར་ཡང་རིག་པ་མཐར་ཐུག་གིས་གྲུབ་ཅིང་དེ་ལ་ཚད་མའི་གནོད་པ་གཞན་ཡང་མི་འབྱུང་པོ་སྟེ། འོག་ནས་བསྟན་པར་བྱའོ།། དེ་ལྟར་སྒྲུབ་པར་བྱེད་པའི་གཏན་ཚིགས་ནི་མདོ་སྡེ་འདི་ཉིད་ལས་ཀྱང་དུ་མ་བསྟན་མོད་ཀྱི ་རེ་ཞིག་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེས། གཟུགས་ནི་རྡུལ་ཕྲན་གཞིག་པ་ན། རྡུལ་ཕྲན་ཆ་ནི་ཡོད་མ་ཡིན།། ཡང་དག་ཏུ་ན་གཟུགས་མེད་ཀྱང་།། རྣམ་པར་ཤེས་པ་གཟུགས་ལྟར་སྣང་།། ཞེས་གསུངས་པ་དང་སྦྱར་རོ།། གལ་ཏེ་གཏན་ཚིགས་འདི་ནི་མ ་གྲུབ་སྟེ། མུ་སྟེགས་བྱེ་བྲག་པ་རྣམས་ནི་གཟུགས་ལ་སོགས་པར་སྣང་བ་རགས་པ་ཡན་ལག་ཅན་གྱི་རྫས་གཅིག་གི་བདག་ཉིད་ཡིན་ཏེ། དེ་ཡང་ཡན་ལག་དུ་མ་ལ་མངོན་པར་འདུ་བའི་སྒོ་ནས་འབྲལ་ཅིང་ཁྱབ་པས་ཡན་ལག་ཅན་གྱི་རྫས་ནི་གཅིག ་ཡིན་ལ། ཡན་ལག་ནི་དུ་མ་ཡིན་པའི་ཕྱིར་རོ།། ཡང་རང་གི་སྡེ་པ་ཁ་གཅིག་གི་ལུགས་ཀྱིས་ཀྱང་འདུས་པ་རགས་པ་ནི་དུ་མ་ཡིན་ལ། དུ་མ་རྩོམ་པར་བྱེད་པའི་རྡུལ་ཕྲ་རབ་སོ་སོ་བ་ནི་གཅིག་ཡིན་པར་འདོད་དོ།། གཞན་ཡང་གྲུབ་པའི་མཐའ་ཡིས་བློ་མ ་བསྒྱུར་བ་གང་དག་ཁང་བཟང་གཅིག་དང་རི་གཅིག་ཅེས་པ་འམ་ཁང་བཟང་དུ་མ་ཞེས་པ་ལ་སོགས་པར་རྣམ་པར་འཇོག་སྟེ། དེས་ན་གཏན་ཚིགསོ་འདི་མ་གྲུབ་བོ་སྙམ་དུ་སེམས་ན་སྐྱོན་མེད་དེ། རེ་ཞིག་མཁས་པ་རྣམས་ཀྱི་དབང་དུ་བྱས་ན་རི་དང་ཁང ་བཟང་ལ་སོགས་པ་ཆ་སྣ་ཚོགསུ་སྣང་བའི་མངོན་སུམ་ཉིད་ཀྱིས་དེ་ཉིད་གཅིག་ཡིན་པས་ཁེགས་ཤིང་། གཅིག་པ་མ་གྲུབ་པ་དེ་འདྲ་བ་བསགས་པའི་དུ་མ་ཉིད་ཀྱང་ཁེགས་ཏེ། དེས་ནི་སྣང་བ་ཙམ་གྱི་རང་བཞིན་འདི་ཉིད་ལ་གཅིག་དང་དུ་མ་དང ་བྲལ་བར་མངོན་སུམ་གྱི་ཚད་མ་ཉིད་ཀྱིས་གྲུབ་པའོ།། གལ་ཏེ་ཆ་སྣ་ཚོགསུ་སྣང་བའི་མངོན་སུམ་འདི་ཉིད་དོན་དམ་པ་འཇལ་བར་བྱེད་པའི་རིག་པ་མཐར་ཐུག་གཅིག་ཡིན་ནམ། འོན་ཏེ་ཐ་སྙད་པའི་མངོན་སུམ་ཀུན་རྫོབ་འཇལ་བར་བྱེད་པ་ཡིན། དང་པོ ་ལྟར་ན་དེ་འདྲ་བའི་རིགས་པ་མཐར་ཐུག་ལ་སྣ་ཚོགས་སུ་སྦྱང་བ་ནི་དེ་བཞིན་དུ་བདེན་པས། དུ་མ་དང་བྲལ་བ་ཉིད་དུ་མི་འགྲུབ་བོ།། ཕྱོགས་གཉིས་པ་ལྟར་ན་ཡང་ཐ་སྙད་པའི་མངོན་སུམ་དོན་དམ་པའི་དེ་ཁོ་ན་ཉིད་ལ་འཁྲུལ་པས། དེ་ལ་ཆས ་ཚོགས་སུ་སྣང་ཡང་དངོས་པོའི་རང་བཞིན་གཅིག་ཡིན་པས་གཅིག་དང་བྲལ་བ་ཉིད་དུ་མི་འགྲུབ་བོ་ཞེ་ན། སྐྱོན་མེད་དེ། ཆ་སྣ་ཚོགས་སུ་སྣང་བ་ཐ་སྙད་པའི་མངོན་སུམ་ཡིན་མོད་ཀྱི་དེ་ལ་དེ་ལྟར་སྣང་བ་དང་མཐུན་པར་སྣ་ཚོགས་ཉིད་དུ་བདེན་གྱི་སྣང་བ་སྣ ་ཚོགས་སུ་སྣང་བ་ལ་བདེན་པ་དེ་ལས་གཞན་གྱི་དངོས་པོར་བདེན་པོ་ནི་མི་འཐད་དེ། དེ་ལྟ་ན་ཤེས་པ་ཐམས་ཅད་ཀྱི་གཟུང་ཡུལ་བདེན་པ་ཉིད་དུ་འགྱུར་ཏེ། ན་མཁའ་ལ་ཟླ་བ་གཉིས་སྣང་བ་ཡིད་གཉིས་སྣང་བ་ལས་གཞན་གཅིག་གི་དངོས་པོར་བདེན ་པ་དང་། སྨིག་རྒྱུ་ལ་ཆུར་སྣང་བ་ལ་སོགས་པ་ལས་གཞན་སྨིག་རྒྱུ་ལ་སོགས་པ་དངོས་པོར་བདེན་པའི་ཕྱིར་རོ།། དེའི་ཕྱིར་གཟུང་ཡུལ་བདེན་པས་བློ་འཁྲུལ་པ་མི་སྲིད་པ་ཉིད་དུ་འགྱུར་རོ།། གལ་ཏེ་འདིར་ཟླ་བ་གཉི་སུ་སྣང་བ་གཅིག་ཏུ་ནི་བདེན་མོད་ཀྱི། དེ་ལྟ་ན ་ཡང་སྣང་བ་དང་མཐུན་པར་བདེན་པ་མ་ཡིན་པས། དེ་ལྟར་སྣང་བའི་བློ་འཁྲུལ་པ་ཉིད་དུ་འཇོག་ལ། ཟླ་བ་གཅིག་ཏུ་སྣང་བ་ནི་སྣང་བ་དང་མཐུན་པར་གཅིག་ཉིད་དུ་བདེན་པས་བླ་མ་འཁྲུལ་པ་ཞེས་བྱའོ།། ཤེས་པའི་བྱེ་བྲག་གཞན་ཡང་དེ་བཞིན་དུ་ཤེས ་པར་བྱའོ་ཞེ་ན། མ་ཡིན་ཏེ། འདིར་སྣང་བ་དང་མི་མཐུན་པར་བདེན་ཞེས་པ་ནི་འགལ་བ་ཉིད་དུ་འགྱུར་ཏེ། འདི་ལྟར་ཟླ་བ་གཉིས་སུ་སྣང་བ་དེ་ཉིད་གཅིག་ཏུ་བདེན་ཞེས་པའི་དོན་ནི་གཉི་སུ་སྣང་བ་དེའི་རང་བཞིན་གཅིག་ཉིད་ཡིན་ཞེས་པར་འགྱུར་ལ། ་གཉིས་སུ་སྣང་བ་གཅིག་དང་མི་མཐུན་ཞེས་པའི་དོན་ནི་དེའི་རང་བཞིན་གཅིག་མ་ཡིན་ཞིང་རྣམ་པར་མི་མཐུན་པའོ།། དེས་ན་མི་མཐུན་པར་བདེན་ཞེས་པ་ནི་དེའི་རང་བཞིན་མ་ཡིན་པ་ཡིན་ཞེས་པ་སྟེ། རང་གི་ཚིག་དང་འགལ་བར་འགྱུར་བའོ།། ཡང་ཐ་སྙད་པའི་མངོན ་སུམ་ལ་ཆ་སྣ་ཚོགས་སུ་སྣང་བ་དེ་ཁོ་ན་ཉིད་ཀྱི་དངོས་པོར་མེད་པ་ནི་མི་འགལ་ཏེ། དེ་ལྟ་ན་ཡང་གཅིག་གི་དངོས་པོར་བདེན་པ་འགལ་བས་ཕྱོགས་གཉིས་ལས་གང་ཡིན་ཀྱང་རུང་སྟེ་གཅིག་པའི་དངོས་པོ་ཡིན་པ་ནི་ཁེགས་པར་འགྱུར་བའོ།། ཡང་གལ་ཏེ་འདིར ་ཆ་སྣ་ཚོགས་སུ་སྣང་བའི་མངོན་སུམ་གྱི་སྣང་བ་དེ་ཉིད་གཅིག་ཡིན་པ་ཁེགས་ཀྱང་། སྣ་ཚོགས་དེ་རྣམས་རྩོམ་པར་བྱེད་པའི་རྡུལ་ཕྲ་རབོ་གཅིག་པོ་དེ་འདྲ་བ་ཡོད་པ་ནི་མི་ཁེགས་ཏེ། ཇི་ལྟར་དུ་བར་སྣང་བའི་མངོན་སུམ་གྱི་སྣང་བ་དེ་ཉིད་མེ་ཡིན་པ་ཁེགས ་ཀྱང་། དེ་བསྐྱེད་པར་བྱེད་པའི་མེ་གཞན་ཡི་རྒྱབ་ན་ཡོད་པ་མི་ཁེགས་པ་དང་མཚུང་སོ།། དེའི་ཕྱིར་དེ་འདྲ་བའི་གཅིག་པོ་དེ་ཡིས་བརྩམས་པའི་དུ་མར་སྣང་བ་འདི་ཡང་སྣང་བ་དང་མཐུན་པར་དུ་མ་ཉིད་ཡིན་པ་ཡང་མི་ཁེགས་སོ་ཞེ་ན། སྐྱོན་མེད་དེ། དེ་འདྲ ་བའི་རྡུལ་ཕྲོ་རབ་གཙོག་པོ་ནི་སྔར་བསྟན་པ་ལྟར་སྔོན་གྱི་སློབ་དཔོན་དག་གི་ཐལ་བར་གྱུར་པའི་གཏན་ཚིགས་ཀྱིས་དགག་པའམ། གཞན་ཡང་བསགས་མི་རུང་ཕྱིར་རྡུལ་གཅིག་མིན་ཞེས་གསུངས་པ་ལྟར་རང་རྒྱུད་ཀྱི་གཏན་ཚིགསོ་ཀྱང་སྦྱར་བར་ནུས ་ཏེ། རྡུལ་ཕྲ་རབ་འདུས་པར་སྣང་བ་ནི་ཆོས་ཅན་ཡིན་ལ། དེ་ཉིད་སྣང་བ་དང་མཐུན་པར་གཅིག་གི་དངོས་པོར་བདེན་པ་མ་ཡིན་ཏེ། བདེན་ན་བསགས་པར་མི་རུང་བའི་ཕྱིར་ཞེས་པའོ།། ཁྱབ་པ་ལ་སོགས་པའི་དོན་ནི་སྔར་བསྟན་པ་བཞིན་དུ་ཤེས་པོར་བྱའོ།། ། ་ཡང་རྣམ་པ་གཞན་དུ་ན། རྡུལ་ཕྲ་རབ་ཏུ་སྣང་བ་ནི། གཅིག་གི་དངོས་པོར་བདེན་པ་མ་ཡིན་ཏེ། བསགས་པར་སྣང་བའི་ཕྱིར་རོ་ཞེས་གཏན་ཚིགས་ལ་སོགས་པ་སྦྱར་བར་བྱ་སྟེ། གཞན་གྱི་སྒྲ་ལ་སོགས་པ་ལ་བརྟེན་ནས་དེ་འདྲ་བའི་དོན་ཁས་མི་ལེན ་པ་རྣམས་ལ་ཡང་དེ་ལྟར་སྣང་བ་འཆར་བ་དེ་ཉིད་དེ། ཇི་ལྟར་རྟག་པ་དང་གཙོ་བོ་ལ་སོགས་པ་སྣང་བ་འབྱུང་བ་བཞིན་ནོ།། དེས་ན་འདིར་ཕྱོགས་ཆོས་ནི་རང་རིག་པའི་མངོན་སུམ་ཉིད་ཀྱིས་གྲུབ་པར་ཟད་དོ།། ཁྱབ་པའི་དོན་ཡང་དེ་དག་བསགས་པར་སྣང་བའི་དོན་མེད ་ཅིང་མེ་པར་མ་ལ་དངོས་པོར་འགལ་ལ། དེ་ལྟར་སྣང་བ་བདེན་ན་ཡང་། སྣང་བ་དང་མཐུན་པར་བསགས་པའི་དངོས་པོ་ཉིད་དུ་བདེན་ཏེ། སྔར་བསྟན་པ་བཞིན་ནོ།། དེ་ཡང་གཅིག་པ་ཉིད་དང་འགལ་ཏེ། སྔར་གནས་པའི་རྡུལ་གང་ཞིག་ལ་རྡུལ་གཞན ་དང་གཞན་གྱིས་སྦྱར་ཞིང་བསགས་པ་ན། བདག་ཉིད་ཐམས་ཅད་ཀྱི་སྦྱར་ན་ནི་སྔ་མ་དོ་ཉིད་ལ་ཐིམ་ཞིང་ཡུལ་རྒྱས་པར་ཁེབས་པ་མི་འཐད་པས་བསགས་པ་ཉིད་མི་འཐད་ལ། ཕྱོགས་ཀྱི་ཕྱོགས་གཅིག་གིས་སྦྱར་ན། འབྱར་བ་དང་མ་འབྱར་བའི་ཆ་གཉི་སུ་འགྱུར ་བས་གཅིག་པ་ཉིད་འགལ་བའོ།། གལ་ཏེ་འདིར་རྡུལ་གཅིག་པ་ནི་ཁས་མི་ལེན་ཏེ། དེ་དག་ཀྱང་དུ་མ་ཉིད་འབའ་ཞིག་ཡིན་པས་རགས་པ་རྩོམ་པར་བྱེད་པ་ནི་རྡུལ་དུ་མ་ཐུགས་པ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ལྟར་ན་ཤིན་ཏུ་རགས་པའི་གཟུགས་རི་བོ། ་ལ་སོགས་པ་དང་། ཕྲ་བ་ཉི་ཟེར་གྱི་རྡུལ་ལྟ་བུ་ལ་དེ་དག་རྩོམ་པར་བྱེད་པའི་རྡུལ་མང་ཉུང་གི་ཁྱད་པར་མེད་དམ། འོན་ཏེ་ཡོད་ཅེས་བརྟག་པར་བྱའོ།། དང་པོ་ལྟར་ན་དེ་ཡིས་བརྩམས་པའི་གཟུགས་ལ་ཆེ་ཆུང་མེད་པར་ཐལ་ཏེ་འབྲུའི་ཕུང་པོ་བཞིན་ནོ།། གཉིས་པ་ལྟར་ན ་མང་བ་དང་ཉུང་བའི་མཐའ་ནི་གྲངས་ཀྱི་ཚད་ཀྱིས་བསྡུས་པས་ཉི་ཟེར་གྱི་རྡུལ་ནི་རྩོམ་པར་བྱེད་པའི་རྡུལ་གྲངས་བརྒྱ་ཆད་པ་འདི་སྙེད་ཅིག་ལས་མེད་དོ་ཞེས་ཁས་ལེན་དགོས་ལ། དེའི་མཐའ་ནི་གཅིག་པ་ཉིད་དུ་ཁས་ལེན་དགོས་པ་སྟེ། མིག་ཚུམས་ལ་རྩེ ་གཅིག་ཏུ་སེམས་ཤིག་ཅེས་པའོ།། གཞན་ཡང་ཤིན་ཏུ་ཕྲ་བའི་རྡུལ་ལ་ཡང་། ལུས་ཅན་གྱི་དངོས་པོ་ཐོགས་པ་དང་བཅས་པ་ཚད་མེད་པ་ཉིད་དུ་ཁས་ལེན་པ་ནི། བློ་གྲོས་རགས་པའི་རྣམ་པར་འགྱུར་བ་འབའ་ཞིག་ཏུ་ཟད་།། གཞན་ཡང་བྱེ་བྲག་པས་ཡན ་ལག་ཅན་གྱི་རྫས་གཅིག་ཏུ་འདོད་པ་ནི། གཡོ་བ་དང་མི་གཡོ་བ་ལ་སོགས་པའི་འགལ་བ་དུ་མའི་སྒོ་ནས་ཀྱང་། སྔོན་གྱི་སློབ་དཔོན་དག་གི་བཀག་པས་འདིར་མི་སྤྲོའོ།། དེ་སྐད་དུ་གསུང་རབ་ཀྱི་ཕྱོགས་གཞན་ལས་ཀྱང་། ཆ་ཤས་སུ་ནི་རློམ་ཕྱེ་ན།། གཟུ ་ཞེས་བྱ་བ་ཡོད་མ་ཡིན།། ཆ་ཤས་དེ་ཡང་རྣམ་ཕྱེ་ན།། ཆ་ཞེས་བྱ་བའམ་ཡོད་མ་ཡིན།། ཞེས་པ་ལ་སོགས་པས་གསུང་སོ།། གཏན་ཚིགས་འདིའི་ཁྱབ་པ་ཡང་གཅིག་དང་དུ་མ་ནི་དངོས་པོས་བསྡུས་པའི་ཕྱོགས་ལ། རྣམ་གཅོད་ཡོངས་གཅོད་ཀྱི་འགལ་བ ་ཉིད་ཡོན་ཏེ། གང་ཡང་རུང་བ་གཅིག་བཀག་པོ་གཞན་གྲུབ་པ་ལ་རག་ལས་པའི་ཕྱིར། རྟག་པ་དང་མི་རྟག་པ་ཉིད་བཞིན་ནོ།། དེས་ན་དངོས་པོ་ལ་གཎྜཱིག་དང་དུ་མས་ཁྱེ་ཅིང་། དེ་འདྲ་བའི་ཁྱབ་ཁྱོང་བཀླག་པའི་ཇི་ཟ་སྟེ། ཡང་དག་གི་གཅིག་དང་དུ ་མ་དང་བྲལ་ཞིང་། ཐ་སྙད་དུ་གཅིག་དང་དུ་མར་སྣང་བའི་ངོ་བོ་ལ། བདེན་པའི་དངོས་པོས་སྟོང་ཞིང་སྣང་བ་མ་འགགས་པ་སྒྱུ་མ་ལྟ་བུའི་རང་བཞིན་གྱིས་ཁྱབ་སྟེ། འདིའི་དོན་ནི་ཞིབ་ཏུ་ནི་དབུ་མོ་སྣང་བའི་རྣམ་པར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན ་ལས་ཤེས་པར་བྱའོ།། གཏན་ཚིགས་སྦྱོར་བའི་ཚུལ་ཡང་། གངངྒཱ་གཅིག་དང་དུ་མ་དང་བྲལ་བའི་ངོ་བོ་དེ་ནི་སྒྱུ་མ་ཉིད་ཡིན་ཏེ། དཔེར་ན་སྒྱུ་མའི་གླང་པོ་ལ་སོགས་པ་བཞིན་ནོ།། གཟུགས་ལ་སོགས་པའི་ཕྱི་རོལ་གྱི་རྣམ་པ་སྣང་བ ་ཡང་གཅིག་དང་དུ་མ་དང་བྲལ་བའི་ངོ་བ་ཡོན་པའི་ཕྱིར་ཞེས་པ་སྟེ། རང་བཞིན་གྱི་གཏན་ཚིགས་སམ། རྣམ་གྲངས་ཀྱིས་ན་ཁྱབ་བྱེད་མི་དམིགས་པར་ཡང་འགྱུར་ཏེ། ཇི་སྐད་དུ་སློབ་དཔོན་ཀ་མ་ལ་ཤཱི་ལིས་བཤད་པ་བཞི་ནོ།། གལ་ཏེ་འདིར་སྒྱུ་མའི ་གླང་པོ་ལ་སོགས་པ་ནི་རྣམ་པར་ཤེས་པའི་ངོ་བོར་བདེན་པས། དཔེ་མ་གྲུ་པོ་ཞེ་ན། དེ་ལྟར་བདེན་པཉིད་ནི་འོག་ནས་འགོག་པར་འགྱུར་མོད་ཀྱི། འདིར་ནི་རེ་ཞིག་དེ་ལྟར་སྣང་བ་ཕྱི་རོལ་གྱི་དངོས་པོར་བཞག་པའི་ཆ་ནས་བདེན་པ་མ་ཡིན་ཞིང་། དེ་འདྲ་བའི ་གཅིག་དང་དུ་མས་སྟོང་པ་ཉིད་དཔེར་བྱེད་པའོ།། དེ་ལ་འདིར་གཞན་དག་ཚུལ་དེ་ལྟར་ཕྱི་རོལ་གྱི་དོན་བཀག་པ་ནི། དོན་དམ་པ་ཉིད་བཀག་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་ནི་རྣམ་པར་ཤེས་པ་བཞིན་དུ་ཕྱི་རོལ་གྱི་དོན་ཀྱང་ཡོད་དོ།། གཟུགས་ལ ་སོགས་པ་དོན་བྱེད་ནུས་པའི་རང་བཞིན་སེམས་ལས་ཐ་དད་པའི་རྣམ་པ་ཉིད་དུ་མངོན་སུམ་གྱིས་གྲུབ་པའམ། ཡང་འགའ་ཞིག། དུ་བ་ལས་ནི་མེར་ཤེས་ཏེ།། ཆུ་སྐྱར་ལས་ནི་ཆུ་བཞིན་དུ།། བློ་ལྡན་བྱང་ཆུབ་སེམས་དཔའ་ཡི།། རིགས་ནི་མཚན་མ ་ངག་ལས་ཤེས།། ཞེས་གསུངས་པའི་ཚུལ་དུ། ལ་རྒྱབ་ཀྱི་མེ་ལ་སོགས་པ་རྗེསུ་དཔག་པའི་ཚད་མས་གྲུབ་པའི་ཕྱིར་རོ་ཞེ་ན། མི་འཐང་པོ། དེ་ནི་ཐོག་མ་མེད་པའི་དུམོ་ནས་གཉིསུ་རྟོགས་པའི་བགེ་ཆགས་ཀྱིས་བསླད་པའི་སེམས་ཉིད་དེ་ལྟར་སྣང་བ ་ཇི་ལྟར་རྨི་ལམ་གྱི་གནས་སྐབས་ན་གྲོང་ལ་སོགས་པ་སྣང་བ་བཞིན་ནོ།། དོན་ཞིབ་ཏུ་ནི་འོག་ནས་སྟོན་པར་འགྱུརརོ།། གཞན་ཡང་ཀུན་རྫོབ་ཏུ་ཕྱིའི་དོན་ཡོད་ན། ཇི་ལྟར་བྱེ་བྲག་དུ་སྨྲ་བ་འདོད་ལྟར། གཟུགས་ལ་སོགས་པ་སྣང་བ་འདི་ཉིད་ཕྱིའི་དོན་ཡིན་ནམ།། ་གཞན་དུ་མདོ་སྡེ་པ་རྣམས་ཀྱིས་གཟུགས་ལ་སོགས་པ་སྣང་བ་ནི་དོན་གྱིས་བཞག་པ་ཤེས་པའི་ངོ་བོ་ཉིད་དུ་གྱུར་པའི་རྣམ་པ་ཡིན་གྱི། དོན་ནི་དེ་འདྲ་བའི་རྣམ་པ་འཇོག་པ་སྣང་བ་ལས་གཞན་དུ་གྱུར་པར་ཁས་ལེན་པ་བཞིན་དུ། འདིར་ཡང་ཀུན་རྫོབ་ཏུ ་དེ་འདྲ་བའི་སྣང་བ་འཇོག་པ་སྣང་བ་ལས་གཞན་དུ་གྱུར་པ་ཉིད་དུ་འདོད་ཅེས་བརྟག་པར་བྱའོ།། དེ་ལ་དང་པོ་གཟུགས་ལ་སོགས་པར་སྣང་བ་འདི་ཕྱིའི་དོན་ཡིན་ན། རྣམ་པ་མེད་པའི་ཕྱོགས་ཁས་བླངས་པས་ཤེས་པ་ལས་སོ་སོ་ལ་རྣམ་པར་འབྱེད་པ་མི ་འཐད་པ་དང་། དོན་རིག་པའི་ཤེས་པ་དང་། ཤེས་པ་རང་ཉིད་རིག་པའི་ཤེས་པ་གཉིས་ཁྱོད་མེད་པར་ཐལ་བ་དང་། ཀུན་རྫོབ་ཏུ་ཡང་སྒོ་ལྔའི་རྣམ་པར་ཤེས་པ་མི་འཐད་པར་འགྱུར་བའོ།། དང་པོའི་དོན་ནི་གཟུགས་ལ་སོགས་པའི་རྣམ་པར་སྣང་བ་ཕྱིའི་དོན ་ཉིད་ཡིན་ཞིང་། ཤེས་པ་དེ་འདྲ་བའི་རྣམ་པས་ཁ་མ་བསྒྱུར་བ་མྱོང་བ་ཙམ་གྱི་རང་བཞིན་ཡོན་པས། འདི་ནི་གཟུགས་རིགས་པའི་ཤེས་པ་ཡིན་གྱི་སྒྲ་རིག་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་པ་ལ་སོགས་པའི་རྣམ་པར་དབྱེ་བ་མི་འཐད་དེ། དེ་ལྟར་རྣམ་པར ་འབྱེད་པའི་རྒྱུ་མཚན་གཟུགས་ལ་སོགས་པའི་རྣམ་པར་སྣང་པོ་མེད་པའི་ཕྱིར་རོ།། གལ་ཏེ་མྱོང་བའི་རང་བཞིན་ཡིན་པའི་ཕྱིར་གཟུགས་ཉིད་རིག་པ་ཡིན་ནོ།། ཞེ་ན་མ་ཡིན་ཏེ། དེ་ལྟ་མྱོང་བའི་རང་བཞིན་ཡིན་པས་སྒྲ་རིག་པར་ཡོད་ཅི་སྟེ་མི་འགྱུར། དེས་ན་མྱོང ་པའི་རང་བཞིན་ཅན་ནི་དོན་བྱེ་བྲག་པ་ལ་ཉེ་བའི་རྒྱུ་མེད་པས། བྱེ་བྲག་འགའ་རྟོགས་པར་འཇོག་པའི་རྒྱུ་མཚན་དུ་མི་འཐད་དོ།། གལ་ཏེ་ཤེས་པས་སྔོན་པོ་ལ་སོགས་པའི་གཟུགས་བཟུང་བའི་ཕྱིར། གཟུགས་རིག་པར་འཇོག ་ཞེ་ན། དེ་ཅི་མ་གྲུབ་ནས་མ་གྲུབ་པ་སྒྲུབ་པ་ཇི་ལྟར་འགྱུར་ཏེ། དོན་དེ་ཉིད་གཟུང་པོ་ཉིད་སྒྲ་བོ་པར་བྱེད་པའི་སྐབས་ཡིན་པའི་ཕྱིར་རོ།། གཞན་ཡང་དོན་གྱིས་བཞག་པའི་མྱོང་བའི་ཁྱད་པར་འགའ་ཞིག་ལ་བརྟེན་ནས། དོན་གྱི་ཁྱད་པར་འགའ་ཞིག་རྟོགས ་ར་འཇོག་གོ་ཞེ་ན། རྣམ་པ་ལས་མ་བཏོགས་པའི་མྱོང་བའི་ཁྱད་པར་དེ་འདྲ་བ་ནི་གྲུབ་པ་མེད་དོ་ཞེས། ཚད་མ་རྣམ་པར་གཏོན་ལ་དབབ་པ་ལས་བཤད་པའི་རྗེསུ་འབྲོངས་ཏེ་རྟོགས་པར་བྱའོ།། འདིར་རྣམ་པའི་ཁྱད་པར་ཁས་ལེན་ན་ནི་ཤེས་པ་སྔོན ་པོའི་རྣམ་པར་སྣང་བ་ལས། སྔོན་པོ་ཉིད་རྟོགས་ཀྱི་གཞོན་ནི་མ་ཡིན་ནོ་ཞེས་ཀུན་རྫོབ་ཙམ་དུ་རྣམ་པར་དབྱེ་བ་མཐད་པར་འགྱུར་བའོ།། ཡང་གཉིས་པའི་དོན་ནི་ཤེས་པ་ལ་ཡུལ་གྱི་རྣམ་པ་སྟོང་པ་མེད་ན། མྱོང་རི་གོ་ཙམ་གྱི་རང་བཞིན་དུ་རང་དང་གཞན ་ཁྱད་པར་མེད་པས། འདི་ནི་དོན་རིག་པ་ཡིན་ལ། འདི་ནི་རང་རེག་པ་ཡིན་ནོ་ཞེས་པའི་ཁྱད་པར་མི་འོ་བསྟན་པ་ཉིད་ཀྱི་རྗེ་སུ་འབྲངས་ཏེ་རྟོགས་པར་བྱའོ།། གསུམ་པའི་དོན་ནི་གཟུགས་དང་སྒྲ་ལ་སོགས་པ་སྣང་བ་ཕྱིའི་དོན་ཡིན་ན། ་ང་ལོས་མ་གཏོགས་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ནི། སེམས་རབ་ཏུ་བཏུད་དེ་བལྟས་པ་བ་མེད་དོ།། གལ་ཏེ་འདིར་དོན་དེ་རྣམས་ལ་འཛིན་པ་དགའ་གདུང་ལ་སོགས་པའི་རྣམ་པར་ནང་དུ་ཉམས་སུ་མྱོང་བ་འདི་ཉིད་དོ་ཞེ་ན། མ ་ཡིན་ཏེ། དེ་ན་གཅིག་ཏུ་རང་རིག་པ་འབའ་ཞིག་ཡིན་གྱི་དབང་པོ་སྒོ་ལྔའི་རྣམ་ཤེས་གཞན་རིག་པའི་ཤེས་པ་ནི་དེ་མ་ཡིནོ།། རྣམ་པ་གཞན་དུ་ན་རང་ཉིད་འབའ་ཞིག་རིག་པའི་ཤེས་པ་རྒྱུན་ཆད་པར་ཐལ་བར་འགྱུར་བའི་ཕྱིརརོ།། དེ་ལྟར་ན་སྣང་བ་འདི ་ཉིད་ཕྱིའི་དོན་དུ་མི་འཐང་ངོ་།། ཕྱོག་གཉིས་པ་ཡང་རིགས་པ་མ་ཡིན་ཏེ། སྣང་བ་ལས་གཞན་དུ་གྱུར་པ་ལ། ཇི་ལྟར་སྣང་བ་འདི་ཁོ་ན། ཀུན་རྫོབ་ཅེས་སྔོན་གྱི་སློབ་དཔོན་ངག་གིས། ཀུན་རྫོབ་ཀྱི་མཚན་ཉིད་རྣམ་པར་བཞག་པ་དེ་འདྲི་བ་མེད་པས་ཀུན་རྫོབ ་ཉིད་དུ་མི་འཐད་དོ།། གཞན་ཡང་བློ་ནི་ཀུན་རྫོབ་ཡིན་པར་འདོད་ཅེས་སྒྱུ་བློའི་ཡུལ་དུ་གྱུར་པ་ཀུན་རྫོབ་ཡིན་པར་གསུངས་པ་དང་། མདོ་སྡེ་འདི་ཉིད་ལས་ཀྱང་། དམ་པའི་དོན་དུ་རང་བཞིན་མེད།། རང་བཞིན་མེད་ལས་འཁྲུལ་པ་གང་།། དེ་ནི་ཀུན་རྫོབ་བདེན ་པ་ཡིན།། ཞེས་གསུངས་པས། དེ་ཁོ་ན་ཉིད་ཀྱི་དོན་ལས་ཕྱིན་ཅི་ལོག་ཏུ་འཁྲུལ་པའམ། འཁྲུལ་པའི་ཡུལ་ཀུན་རྫོབ་ཉིད་དུ་གསུངས་ཏེ། དེ་ལ་ཡང་སྣང་ཞིང་མྱོང་བ་ཉིད་ཀྱིས་ཁྱབ་པས། སྣང་བ་ལས་གཞན་དུ་གྱུར་པ་ནི་ཀུན་རྫོབ་ཉིད་དུ་མི་འཐ་།། ་གཞན་ཡང་འདིར་ཀུན་རྫོབ་ཏུ་ཡོད་ཅེས་པའི་དོན་ནི། མ་བརྟོགས་ན་ཉམས་དགའ་བ་བློའི་དོན་སྣང་བ་ཙམ་ཡིན་གྱི་ཡོད་ཅེས་པའི་སྒྲའི་དོན་གཞན་ནི་གྲུབ་པ་མེད་དོ།། དེའི་ཕྱིར་སྣང་པོ་ལས་འདས་པ་ནི་ཀུན་རྫོབ་ཏུ་ཡོད་ཅེས་བྱར་མི་རུང་ངོ་།། གལ་ཏེ་དེ་འདྲ། ་པའི་རིགས་པས་དཔྱད་པས། ཕྱིའི་དོན་ཀུན་རྫོབ་པ་འགོག་ན། རྣམ་པར་ཤེས་པ་ལ་ཡང་མཚུངས་ཏེ། དེ་ཡང་གཅིག་དང་དུ་མའི་རང་བཞིན་དུ་དཔྱད་ན་མ་གྲུབ་པའི་ཕྱིརརོ།། ཞེ་ན་དེ་ལྟར་མཚུངས་པ་མ་ཡིན་ཏེ། འདིར་རྣམ་པར་ཤེས་པ་དོན་དམ་པར་ཅིག ་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར། ཀུན་རྫོབ་ཏུ་ཡང་མེད་དོ་ཞེས་འཇོག་ན་ནི་ཁྱབ་པ་མ་གྲུབ་ལ་ཀུན་རྫོབ་ཏུ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་ཞེས་གཏན་ཚིགསུ་སྦྱོར་ན་ནི། དེ་འདྲ་བའི་གཏན ་ཚིགས་མ་གྲུབ་པ་སྟེ། ཆགས་སྡང་ལ་སོགས་པའམ། གཟུགས་དང་སྒྲ་ལ་སོགས་པ་སྣ་ཚོགས་སུ་སྣང་བའི་ཤེས་པ་ནི་ཐ་སྙད་པའི་མངོན་སུམ་གྱི་ཚད་མ་ཉིད་ཀྱིས་དོན་བྱེད་པའི་རང་བཞིན་ཐ་དད་པ་ཉིད་དུ་མྱོང་བས་དུ་མི་ཉིད་ཡིན་ལ། གང་གི་ཚེ ་ཡུལ་གྱི་རྣམ་པ་སྣང་བ་མེད་པ། ནང་གི་བདེ་བ་དེ་ལྟར་སྐྱེས་ལ་མ་འགགས་པ་ནི། དོན་བྱེད་པའི་རང་བཞིན་གཅིག་ཉིད་དུ་རང་རིག་པའི་མངོན་སུམ་གྱི་ཚད་མས་མྱོང་པོས་གཅིག་པ་ཉིད་དེ། དེས་ན་ཀུན་རྫོབ་ཏུ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར ་ཞེས་པ་མ་གྲུབ་བོ།། གལ་ཏེ་དེ་ལྟ་ན་ཕྱིའི་དོན་ཀྱང་དོན་ངོམ་པར་སྣང་བ་དང་སྣང་བ་ལས་གཞན་དུ་མི་འཐད་པའི་ཕྱིར་ཀུན་རྫོབ་ཏུའམ་མེད་ཅེས་འཇོག་ན་ནི་གཏན་ཚིགས་ཁྱབ་པར་མ་གྲུབ་པ་ཉིད་དུ་འགྱུར་ལ་ཀུན་རྫོབ་ཏུ་སྣང་བ་དང་སྣང་བ་ལས་གཞན ་དུ་མི་འཐད་པའི་ཕྱིར། ཞེས་འགོག་ན་ཡང་གཏན་ཚིགས་མ་གྲུབ་སྟེ། ཀུན་རྫོབ་ཏུ་ནི་ཐ་སྙད་པའི་མངོན་སུམ་གྱི་ཚོད་མ་ལ། གཟུགས་ལ་སོགས་པར་སྣང་བ་ཉིད་ཕྱི་རོལ་དོན་བྱེད་པའི་ངོ་བོ་ཉིད་དུ་སྣང་བའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དེ་ལྟ་ན་ཡང་དག ་བའི་ཀུན་རྫོབ་ཙམ་དུ་ཡང་སྒོ་ལྔའི་རྣམ་པར་ཤེས་པ་མི་འཐད་པ་ཉིད་དུ་སྔར་བསྟན་པ་དང་། ཡང་ཀུན་རྫོབ་ཙམ་དུ་ཤེས་པ་ལས་སོ་སོ་ལས་རྣམ་པར་འབྱེད་པའི་ཕ་རོལ་ཉིད་ཀྱིས་ཁས་བླངས་པ་མི་འཐད་པར་འགྱུར་བ་ལ་སོགས་པའི་ཉེས་པ ་སྔ་མ་རྣམས་ཡང་དགོང་སོ།། ཡང་གལ་ཏེ་དེ་ལྟ་ན་གཟུགས་དང་སྒྲ་ལ་སོགས་པར་སྣང་བ་ནི་ཀུན་རྫོབ་ཏུ་དུ་མ་ཉིད་ཡིན་ན། གཅིག་པ་ཉིད་མི་འཐད་པར་འགྱུར་བས་ཉེས་པ་མཚུང་སོ་ཞེ་ན། དེ་ཅི་གཟུགས་སྒྲ་ལ་སོགས་པར་སྣང་བ་གཅིག་ཉིད་དུ་སྣ ་པ་མེད་པས་ཀུན་རྫོབ་ཏུ་ཡང་གཅིག་པ་ཉིད་དུ་མི་འཐང་ལ། ཐམས་ཅད་དུ་གཅིག་མེད་པར་འགྱུར་བ་ནི་མ་ཡིན་ཏེ། སྔ་མ་ལྟར་ནང་གི་བདེ་བ་ད་ལྟར་བར་མྱོང་པོ་ཆ་སྣ་ཚོགས་སུ་མྱོང་བ་མེད་ཅིང་དོན་བྱེད་པའི་རང་བཞིན་གཅིག་ཉིད་དུ་མྱོང་བས་བུ་མི་ཆེ ་ཏུ་གཅིག་ཅེས་བྱའོ།། དེས་ན་འདི་ནི་མི་མཚུངས་པ་ཉིད་དུ་གསལ་རབ་ཏུ་སྣང་ངོ་།། གལ་ཏེ་དེ་ལྟ་ནི་གཟུགས་ལ་སོགས་པ་སྣང་བ་ནི་མྱོང་བའི་རང་བཞིན་སྤངས་པ་དང་། དབྱིབས་དང་ཁ་དོག་གི་རང་བཞིན་དང་། ཡུལ་དང་ཕྱོགས་ཀྱིས་བསྡུས་པ་དང་། ་ཤེས་པ་ལས་ཆོད་པའི་རྣམ་པར་སྣང་ཞིང་སེམས་དང་མི་མཐུན་པའི་ཕྱི་རོལ་ཉིད་དུ་སྣང་བས། ཀུན་རྫོབ་ཏུ་ཕྱི་རོལ་ཉིད་ཡིན་གྱི། ཤེས་པ་ནི་མ་ཡིན་ཏེ་ཤེས་པའི་བདག་ཉིད་དུ་མི་སྣང་བའི་ཕྱིར་རོ།། དེ་ཡང་ཇི་ལྟར་གཟུགས་སྒྲ་ལ་སོགས་པར་སྣང་བ ་སྣང་ཆོད་དུ་དུ་མར་སྣང་བས་གཅིག་ཉིད་མ་ཡིན་པ་བཞིན་ནོ་ཞེ་ན། སྐྱོན་མོད་དེ་གཟུགས་ལ་སོགས་པར་སྣང་པོ་ནི། གསལ་བར་སྣང་བ་ཉིད་ཀྱིས་མྱོང་བའི་རང་བཞིན་སྤངས་པར་སྣང་བ་མ་ཡིན་ཏེ། གསལ་བ་དང་མྱོང་བ་ནི་རྣམ་གྲངསུ་གཏོགས་པའི་ཕྱིར།། ་ཡང་ཁ་དོག་དང་དབྱིབས་ལ་སོགས་པར་སྣང་བ་ནི། རྣམ་པར་ཤེས་པའི་ཁྱད་པར་སྒོ་ལྔའི་རྣམ་པར་ཤེས་པ་ཉིད་དེ། ཤེས་པའི་ཁྱད་པར་འགའ་ཞིག་ནི་དགའ་གདུང་ལ་སོགས་པར་རིང་ཉིད་དུ་མྱོང་ལ། འགའ་ཞིག་ནི་ཡུལ་ལ་བཀྲམ་པ་ལྟ་བུར་ཕྱི་རོལ་ཚད ་པའི་རྣམ་པར་སྣང་མོད་ཀྱི། སེམས་དང་མི་མཐུན་པར་སྣང་བ་ནི་མ་ཡིན་མོ།། སེམས་ཀྱི་ཁྱད་པར་ནང་དུ་མྱོང་བ་འགའ་ཞིག་དང་མི་མཐུན་པར་སྣང་མོད་ཀྱི། དེ་ནང་དུ་མྱོང་བའི་སེམས་ཁས་མི་ལེན་པས་སྐྱོན་མེད་དོ།། གཟུགས ་སྒྲ་ལ་སོགས་པའི་རྣམ་པ་སྣ་ཚོགསུ་སྣང་བ་ནི་གཅིག་གི་རྣམ་པ་དང་མི་མཐུན་ཞིང་། གཅིག་ཉིད་ཀྱི་ཁྱད་པར་དུ་མི་འཐད་པ་ཉིད་དུ་རབ་ཏུ་གསལོ།། འདིར་གཟུགས་ལ་སོགས་པ་སྣ་ཚོགསུ་སྣང་བ་དོན་དམ་པར་སེམས་དང་མི་མཐུན་པར་སྣང ་བས། སེམས་ཀྱི་ངོ་བོ་དོན་དམ་པ་ཉིད་དུ་ནི་ཁས་མི་ལེན་པ་ཁོ་ནའོ།། དེ་ལྟར་ཡང་དག་པའི་ཀུན་རྫོབ་ཙམ་དུ་ཡང་ཕྱིའི་དོན་མི་འཐད་པ་ཉིད་དུ་བསྟན་པ་ན། དེ་ལྟར་སྣང་བ་འདི་ཅི་ཡིན་སྙམ་དུ་སེམས་ན། ཀུན་རྫོབ་ཏུ་སྣང་བ་སེམས་ཙམ་དུ་སྒྲུབ་སྟེ།། ་དེ་ཡང་གཏན་ཚིགས་རྣམ་པ་གཉིས་ཡིན་པ་ལས། དང་པོ་རིག་པའི་གཏན་ཚིགས་ཀྱི་དབང་དུ་བྱས་ན། གཏན་ཚིགས་ཀྱི་དོན་དགོད་པ་དང་། བརྩད་པ་སྤང་བའོ།། དེའི་དང་པོ་ཡང་གཟུགས་སྒྲ་ལ་སོགས་པར་སྣང་བ་ནི་ཀུན་རྫོབ་དུ་སེམས་ཉིད་ཡིན་ཏེ། ་གསལ་བར་སྣང་བའི་ཕྱིར་དཔེར་ན་བདེ་བ་ལ་སོགས་པར་མྱོང་བ་བཞིན་ནོ་ཞེས་པའོ།། བརྩད་པ་སྤང་བ་ནི་གཞན་དག་གཏན་ཚིགས་འདི་ནི་ཁྱབ་པ་མ་གྲུབ་པ་ཡིན་ཏེ། དེ་ལྟར་གསལ་བར་སྣང་བ་ཡང་སེམས་དང་མི་མཐུན་པ་ཉིད་དུ་སྣང་བའི ་ཕྱིར། སེམས་ཉིད་དུ་མི་འགྱུར་ཞེ་ན། མ་ཡིན་ཏེ། སྔར་བསྟན་པ་ལྟར་ཀུན་རྫོབ་ཏུ་སེམས་དང་མི་མཐུན་པར་སྣང་བ་མ་ཡིན་ཞིང་། དོན་དམ་པར་སེམས་ཀྱི་ཆོས་ཉིད་དང་མི་མཐུན་པར་སྣང་ཡང་། དིན་དམ་པར་སེམས་ཀྱི་ངོ་བོར་མི་བསྒྲུབ་པའི་ཕྱིར ་སྐྱོན་མེད་པའོ།། གཞན་ཡང་གསལ་བ་ནི་སེམས་ཀྱི་མཚན་ཉིད་ཡིན་པས། མཚན་ཉིད་དེ་དང་ལྡན་པས་སེམས་ཡིན་ཞེས་པ་ནི། མཚན་ཉིད་གཏན་ཚིག་སུ་བཀོད་པ་ཐ་སྙད་རབ་ཏུ་སྒྲུབ་པའི་རྟགས་སྐྱོན་མེད་པ་ཡིན་ཏེ། ལྐོག་ཤལ་ལ་སོགས་པ་དང་ལྡན ་བོའི་ཕྱིར། བཱ་ལང་གི་ཐ་སྙད་དུ་བྱར་རུང་ཞེས་པ་དང་མཚུང་སོ།། གཞན་དག་གསལ་བར་སྣང་བ་ཙམ་ནི་སེམས་ཀྱི་མཚན་ཉིད་མ་ཡིན་ཏེ། འོན་ཀྱང་ནང་དུ་ཡོངསུ་གསལ་བའོ།། དེ་ནི་གཟུགས་ལ་སོགས་པར་སྣང་བ་ལ་མེད་པས། དེ་དག་སེམས་བསྲུབ ་པར་མོ་ནུསོ་ཞེ་ན། མ་ཡིན་ཏེ། རྡོ་ལྡ་ན་སྒོ་ལྔའི་རྣམ་པར་ཤེས་པ་གཟུགས་ལ་སོགས་པར་སྣང་བ་ལ། སེམས་ཀྱི་མཚན་ཉིད་མེད་པས་སེམས་ཉིད་མ་ཡིན་པར་འགྱུརོ།། དེའི་ཕྱིར་གསལ་བར་སྣང་བའི་སྤྱི་ཙམ་སེམས་ཀྱི་མཚན་ཉིད་དུ་རིག་སོ།། ཡང ་གལ་ཏེ་སེམས་ཀྱི་མཚན་ཉིད་ནི་མྱོང་བ་དང་རིག་པ་ཡིན་ལ། དེ་ནི་གཟུགས་ལ་སོགས་པར་སྣང་བ་ལ་མེད་དོ་ཞེ་ན། དེ་ལྟ་ན་ཡང་སྒོ་ལྔའི་རྣམ་པར་ཤེས་པ་སེམས་མ་ཡིན་པར་འགྱུར་བའི་ཉེས་པ་སོ་ན་འོདུ་གོ།། དེའི་ཕྱིར་མྱོང་བའམ་རིག་པ་ནི་སེམས ་ཀྱི་མཚན་ཉིད་ཡིན་མོད་ཀྱི། དེ་ནི་གཟུགས་ལ་སོགས་པ་གསལ་བ་ལ་ཡང་མཚུངས་པ་ཉིད་དེ། མྱོང་བ་སྤངས་པའི་གསལ་བ་ནི་མི་འཐད་དེ། བམ་པོའམ་དངོས་པོ་མེད་ཀྱང་རུང་སྟེ། མྱོང་བའི་ངོ་བོ་མ་ཡིན་པ་དེ་དག་ནི་གསོལ་བའི་བདག་ཉིད་ཀྱང ་མིན་པས་ཇི་ལྟར་གསལ་ཞེས་པའོ།། ཡང་གལ་ཏེ་དེ་འདྲ་བའི་མཚན་ཉིད་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཅེས་བསྟན་པ་གང་ཡིན་པ་དེ་ལ་མེད་པས་མཚན་ཉིད་མ་ཁྱབ་པར་འགྱུརརོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་མེའི ་མཚན་ཉིད་ཆ་ཞིང་སྲེག་པ་ཡང་། མེའི་རྡུལ་ཕྲ་མོ་ཀུན་ལ་མེད་པས་མ་ཁྱབ་པ་ཉིད་དུ་འགྱུར་ཞིང་། ཆུའི་གཤེར་བ་ཉིད་ཀྱང་ཆུའི་རྡུལ་ཕྲ་མོ་ལ་མེད་པས། མ་ཁྱབ་པ་ཉིད་དུ་འགྱུར་ཞེས་ཅི་སྟེ་མི་བརྗོད། གལ་ཏེ་དེར་ཚུར ་དཀྱིལ་འཁོར་རྒྱས་པ་ལྟ་བུའི་གཤེར་ཞིང་བརླན་པ་མེད་ཀྱང་། གཟུགས་ཀྱི་གནས་སྐབས་ཕྲ་མོ་དེ་དང་རྗེསུ་མཐུན་པའི་གཤེར་བ་ཙམ་ཡོད་པས་སྐྱོན་མེད་དོ་ཞེ་ན། སྔ་མ་དེ་བཞིན་ཏེ། སྒོ་ལྔའི་རྣམ་པར་ཤེས་པ་ལ་སོགས་པ་དམིགས་པ་དང ་རྣམ་པ་རྒྱ་ཆད་པའི་གསལ་བར་སྣང་བ་ལྟ་བུ་མེད་ཀྱང་། གནས་སྐབས་དེ་དང་རྗེསུ་མཐུན་པའི་གསལ་བ་འམ་མྱོང་བའི་རང་བཞིན་ཙམ་ཡོད་པསོ།། འདིར་གསལ་བའི་ཕྱིར་ཞེས་པའི་གཏན་ཚིགས་ནི་རང་རིགས་པའི་མངོན་སུམ་གྱིས་གྲུབ ་པའོ།། གཏན་ཚིགས་གཉིས་པའི་དབང་དུ་བྱ་སྟེ། ཡང་གཏན་ཚིགས་ཀྱི་དོན་དགོད་པ་ནི། སྔ་མ་ལྟར་གཟུགས་ལ་སོགས་པར་སྣང་བ་ནི་ཀུན་རྫོབ་ཏུ་སེམས་སེམས་ཉིད་ཡིན་ཏེ། སེམས་དང་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཞེས་པའོ།། ། ་འདིར་གཏན་ཚིགས་ཀྱི་དོན་ནི་གཟུགས་ལ་སོགས་པ་གཟུང་བའི་རྣམ་པར་སྣང་བ་དམིགས་པ་ལ། དེ་ལ་འཛིན་པའི་སེམས་དམིགས་པ་ཁྱབ་ཅིང་དེར་འཛིན་པའི་ཤེས་པ་དམིགས་པ་ལ་ཡང་དེ་འདྲ་བའི་གཟུང་བ་དམིགས་པས་ཁྱབས ་དམིགས་པ་ཕན་ཚུན་མི་འཁྲུལ་པ་ཉིད་དོ།། འདིར་ཡང་གཟུང་འཛིན་གཉིས་གྲུབ་པ་ནི་མ་ཡིན་ཏེ། མི་མཁས་པའི་རྟོག་པའི་ངོ་ན། ངའི་མིག་གོ་རྣམ་པར་ཤེས་པས་སྔོན་པོ་མཐོང་ངོ་ཞེས་གཟུང་བ་དང་འཛིན་པ་ཉིད་དུ་བརློམ་སྟེ་བསྟན་པོའི ་རྗེས་སུ་འབྱུངས་ནས། དམིགས་པ་ཕན་ཚུན་མི་འཁྲུལ་ཞེས་བསྟན་པ་ཙམ་དུ་ཟད་དོ།། དོན་ནི་གཟུགས་ལ་སོགས་པའི་རྣམ་པར་དམིགས་པ་ཉིད། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དམིགས་པ་ཡིན་ལ་དེ་འདྲ་བའི་ཤེས་པ་དམིགས་པ ་ཡང་དོན་གྱི་རྣམ་པར་དམིགས་པ་ཉིད།། དེ་ཉིད་ཀྱི་ཕྱིར་གཏན་ཚིགས་བསྒྲུབ་བྱ་ལ་མི་འཁྲུལ་པ་ཡང་ཡིན་ནོ།། དེ་ལ་བརྩད་པ་སྤྱང་དུ་ནི། གཞན་དག་གཏན་ཚིགས་འདི་ནི་མ་ངེས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ། འགྲོ་བ་ཕ་མལ་པའི་སྐྱེ ་རྒྱུད་སྣང་བ་ན། དམིགས་པར་བྱ་བ་ཐ་མལ་པའི་སེམས་རྒྱུད་དམིགས་པ་ལ། དེ་ལྟར་སྣང་བའི་ཡེ་ཤེས་དམིགས་པས་ཁྱབ་ལ། ཡེ་ཤེས་དམིགས་པ་ལ་ཡང་དེའི་གཟུང་ཆ་ཐ་མལ་པའི་ཤེས་པ་དམིགས་པས་ཁྱབ་པས། དམིགས་པ་ཕན་ཚུན ་མི་འཁྲུལ་པའི་གཏན་ཚིགས་ཡོད་མོད་ཀྱི། ཐ་མལ་པའི་སེམས་རྒྱུད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་མོ་ཡིན་པས། གཏན་ཚིགས་འདི་འཁྲུལ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཐམས་ཅད་མཁྱེན་པའི་ཤེས ་པའི་སེམས་ཀྱི་རྣམ་པར་སྣང་བ་ནི་ཡེ་ཤེས་ཀྱི་རང་བཞིར་ཡིན་པས། མཐུན་པའི་ཕྱོགས་ཉིད་དུ་གཏོགས་པའི་ཕྱིར་རོ།། གལ་ཏེ་དེ་འདྲ་བ་ལྟ་ན་དེ་འདྲ་བའི་རྣམ་པ་འཇོག་བྱེད་ཐ་མལ་པའི་སེམས་རྒྱུད་ཡེ་ཤེས་ལས་ཐ་དད་པ་ཀུན་རྫོབ་ཏུ་ཡོད་པ ་གཟུགས་ལ་སོགས་པའི་རྣམ་པ་འཇོག་པར་བྱེད་པ་ཐ་དད་པ་ཡོད་པས། ཀུན་རྫོབ་སེམས་ཙམ་དུ་བསྒྲུབ་པོར་མི་ནུསོ་ཞེ་ན། མ་ཡིན་ཏེ། དེ་འདྲ་བའི་རྣམ་པར་སྣང་བ་ལས་མ་གཏོགས་པའི་ཕྱི་རོལ་དོན་དམ་པ་ནི་སྔར་བཀག་ལ་ཀུན་རྫོབ ་ཡང་མི་འཐད་དེ། ཇི་ལྟར་སྣང་བ་འདི་ཁོ་ན་ཞེས་པ་ལ་སོགས་པ་ཀུན་རྫོབ་ཀྱི་མཚན་ཉིད་མི་འཐད་པ་ཉིད་དུ་སྔར་བསྟན་ཏོ།། ཡེ་ཤེས་ལ་རྣམ་པར་འཟློག་པའི་ཕ་མལ་པའི་རྒྱུད་ནི་རང་རང་གི་རྒྱུད་ལ་སོ་སོར་སྣང་ཞིང་མྱོང་བ་ཀུན ་རྫོབ་ཉིད་དུ་འཐད་པའོ།། སྣང་བ་ལས་གཞན་དུ་གྱུར་པའི་བམ་པོ་ནི་མྱོང་བའི་རང་བཞིན་སྤངས་པས། རང་ཉིད་རིག་ཅིང་མྱོང་བ་ཡང་མ་ཡིན་ལ། སྣང་བ་ལས་འདས་པ་ཉིད་ཀྱི་ཕྱིར་བློ་གཞན་ལ་སྣང་བ་ཡང་མ་ཡིན་པས། དེ་དག་མཚུངས་པ་མ་ཡིན་ནོ།། ཡང ་གལ་ཏེ་གཟུགས་ལ་སོགས་པར་སྣང་བ་སེམས་དང་ལྷན་ཅིག་དམིགས་པ་དེས་པས་སེམས་ཉིད་ཡིན་པ་ལྟར། སེམས་ཀྱང་གཟུགས་ལ་སོགས་པར་སྣང་བ་དང་། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་སྣང་བའི་བདག་ཉིད་དུ་འགྱུར་རོ།། དེའི་དོན ་ཡང་དེ་དག་ལྷན་ཅིག་དམིགས་ངེས་པ་ནི་གཉིས་ཀའི་ཐུན་མོང་པ་སྟེ། སྣང་བ་ནི་སེམས་དང་ལྷན་ཅིག་དམིགས་པ་ངེས་ལ། སེམས་ནི་སྣང་བ་དང་ལྷན་ཅིག་དམིགས་པ་ངེས་པ་མ་ཡིན་ནོ་ཞེས་པ་ནི་མི་འཐད་པའོ་ཞེ་ན། སེམས་ཀྱང་སྣང་བའི་རང་བཞིན་དུ ་འདོད་པས་སྐྱོན་མེད་པ་ཉིད་དོ།། ཡང་ལྷན་ཅིག་གི་སྒྲའི་དོན་ནི་གཉིས་ཉིད་ཡིན་པས་གཏན་ཚིགས་འདི་འགལ་བར་འགྱུརརོ་ཞེ་ན། མ་ཡིན་ཏེ། ཕྱིར་རྒོལ་མི་མཁས་པའི་བསམ་པ་དང་སྦྱར་ནས་ལྷན་ཅིག་ཅེས་བརྗོད་དུ་ཟད་ཀྱི་དོན་ནི་སྔར་བསྟན་པ་ལྟར་ཡིན། ་པས་ཉེས་པོ་མདོ།། གལ་ཏེ་འདིར་ཞིབ་ཏུ་རྣམ་པར་དཔྱད་པའིའོ་སྒོ་ནས་གཟུགས་ལ་སོགས་པར་སྣང་བ་ཕྱིའི་དོན་ཡིན་པ་འགོག་པ་ན། དེ་ནི་རྣམ་པར་ཤེས་པ་ལ་ཡང་མཚུངས་པར་འགྱུར་ལ། ཇི་ལྟར་སྣང་བ་ཙམ་གྱི་དབང་དུ་བྱས་ནི་ནི་གཟུགས་ལ་སོ། ་པར་སྣང་བ་ཕྱིའི་དོན་ཉིད་དུ་བྱིས་པ་ཡན་ཆོད་ཀྱི་ཤེས་པ་ལ་རབ་ཏུ་གྲགས་པས། མཚུངས་པ་མ་ཡིན་ནམ་སྙམ་དུ་སེམས་ན། བདེན་མོད་ཀྱི་ཇི་ལྟར་ལྐོག་ཤལ་ལ་སོགས་པ་དང་ལྡན་པར་སྣང་བའི་གོང་བུ་ནི། དེ་ཁོ་ན་ཉིད་དུ་རྣམ་པར་དཔྱད་ན་བ ་ཡང་དང་རྟ་ལོ་སོགས་པའི་རང་བཞིན་འགར་ཡང་མ་གྲུབ་མོད་ཀྱི། རྣམ་པར་བཞག་པ་ཙམ་དུ་བ་ལང་གི་མཚན་ཉིད་དང་ལྡན་པར་སྣང་བས། བ་ལང་ཉིད་དུ་རྣམ་པར་འཇོག་པ་ལྟར་གཟུགས་ལ་སོགས་པར་སྨྱུང་བ་ཡང་ཀུན་རྫོབ་ཙམ་དུ་སེམས ་ཀྱི་མཚན་ཉིད་དང་འབྲེལ་བར་སྣང་བས། སེམས་ཉིད་དུ་རྣམ་པར་བཞིགོ།། ག་ལ་ཏེ་འདིར་ཐོགས་པ་དང་བརྙས་པ་ཉིད་ནི། སེམས་ལས་གཞན་བེམ་པོའི་མཚན་ཉིད་ཡིནྡྲ་ལ། གཟུགས་ལ་སོགས་པ་ཡང་དེ་དང་འབྲེལ་བར་སྣང་བས།། ཕྱིའི་དོནི་ས ་ཐོ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཐོགས་པ་དང་བཅས་པ་ནི་བདག་ཉིད་ཀྱི་ཡུལ་དུ་གཞན་འབྱུང་བའི་གགས་བྱེད་པ་ཡིན་ལ། གཟུགས་ལ་སོགས་པར་སྦྱང་བ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་དུང་དཀར་པོའི་རྣམ་པར་སྣང་བའི་གོ་སློབས་དེ་ཉིད ་དུ་གཞན་དག་ལ་སེར་པོའི་རྣམ་པར་སྣང་བ་ཉིད་དུ་འགྱུར་ཞིང་། དེ་ལས་གཞན་རོ་དང་ཁ་དོག་ལ་སོགས་པ་འགའ་ཞིག་ལ་ཡང་འདོད་བྱའི་རྣམ་པར་སྣང་བའི་གོ་སྐབས་དེ་ཉིད་དུ། གཞན་ལ་དེ་དང་འགལ་བའི་རྣམ་པར་སྣང་བའི་ཕྱིར་རོ།། གཞན ་ཡང་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པའི་ལེའུ་ལས། སྒྲ་གཅིག་ཁྱོན་ལ་སངས་རྒྱས་མང་པོ་ནི།། གདྷཱ་ཀླུང་གི་བྱེ་མ་རྫི་ཡོད་སྙིད།། རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ།། དེ་དགི་མཚན་ཉིད་མི་འདྲ་སྐལ ་@མི་མཉམ།། སྐུ་ཡི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ།། སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང་།། གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་བཞུགས།། འདྲེས་པ་མེད་ཅིང་གནོད་པར་འགྱུར་བ་མེད།། དེ་ཡཾ་གན་སུ་མཚོ་དང་རྒྱ་མཚོར ་བཅས།། ཆུ་ཀླུང་དེ་བཞིན་མཚེའུ་དང་སྟོང་ཀ་རྣམས།། འདྲེས་པ་མེད་ཅིང་གནོད་པར་འགྱུར་བ་མེད།། ཅེས་པ་ལ་སོགས་པ་གསུངསོ།། ཡང་དོན་དེ་ཉིད་འཕགས་པ་ཐོགས་མེད་ཀྱིས།། ཡི་དགས་དུད་འགྲོ་མི་རྣམས་དང་།། ལྷ་རྣམས་ཇི་ལྟར་རིགས་རིགས་བཞིན།། ་དངོས་གཅིག་ཡིད་ནི་ཐ་དད་ཕྱིར།། དོན་མ་གྲུབ་པར་འདོད་པ་ཡིན།། ཞེས་གསུང་སོ།། གཞན་ཡང་སྣ་ཚོགས་སེམས་ཀྱི་བདག་ཉིད་ཡིན་པར་ནི།། དགོངས་པ་ངེས་པར་འགྲེལ་པ་དང་། ས་བཅུ་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་ནི ་སེམས་ཙམ་མོ་ཞེས་གསུངས་པ་དང་། མདོ་སྡེ་འདི་ཉིད་དུ་རྣམ་གྲངས་དུ་མའི་སྒོ་ནས་བསྟན་པས། གཞན་དག་ཡིད་ཆེས་ལུང་དང་མི་ལྡན་པར།། ཆོས་རྣམས་སྟོན་པར་བྱེད་པ་ནི།། མཚན་ཉིད་རྣམ་པར་རྟོག་པ་ཡིས།། བདག་ཉིད་ཆུས་ཟོས་གཞན་ཆུད ་གསོན།། ཞེས་འཕགས་པ་སྟུག་པོ་བཀོད་པའི་རྒྱན་ལས་གསུངས་པ་བཞིན་དུ་འདིར་སེམས་ཙམ་དུ་སྟོན་པ་ལ་ཡིད་ཆེས་པའི་ལུང་མེད་དོ་སྙམ་དུ་དོག་པར་མི་བྱའོ།། གལ་ཏེ་ཕྱིའི་དོན་གུན་རྫོབ་ཙམ་དུ་ཡང་མེད་ན། ལས་དང་འབྲས་བུའི་འབྲེལ ་པ་མི་འཐད་པར་འགྱུར་ཏེ། འདི་ལྟར་རེ་ཞིག་ལུས་དང་ངག་གི་ངོ་བོ་ཉིད་ཀྱང་མེད་ན། དེ་དག་གི་ལས་དགེ་བ་དང་མི་དགེ་བ་ལ་སོགས་པ་ཇི་ལྟར་འཐད་ཅིང་། དེའི་རྣམ་པར་སྨིན་པ་ལྷོ་དང་དམྱལ་བ་ལ་སོགས་པའི་གནས་དང་། ལུས་ལ་སོགས་པ ་ཚོར་བ་བདེ་བ་དང་སྡུག་བསྔལ་དང་འབྲེལ་བར་སྣང་བ་ཉིད་མི་འཐད་དོ་ཞེ་ན། མ་ཡིན་ཏེ། ཀུན་རྫོབ་ཏུ་ཐམས་ཅད་སེམས་ཀྱི་སྣང་བ་ཉིད་ལ་འཇོག་སྟེ། འདི་ལྟར་བདག་ཅག་རྣམས་ཀྱི་ལུས་དང་ངག་ཏུ་སྣང་བའི་རྣམ་རིག། གཞན་ལྷས་བྱིན་ལ་སོགས་པའི ་ལུས་སུ་སྣང་བ་ལ་མཚོན་ཆ་ལ་སོགས་པ་བསྣུན་པར་སྣང་བ་དང་། དེ་དག་ལ་ཡང་དེ་ལྟར་སྣང་བས་སེམས་རྒྱུད་སྡུག་བསྔལ་གྱི་ཚོར་བ་དང་འབྲེལ་བར་མྱོང་ཞིང་། སྲིད་པ་ཉིད་འཚམས་འབྲེལ་བར་མྱོང་བ་ན། སྲོག་གཅོད་པ་ཞེས་རབ་ཏུ་གྲགས ་པའི་ལུས་ཀྱི་ལས་མི་དགེ་བ་ཉིད་དུ་འཇོག་སྟེ། དེས་ན་རྣམ་པར་རིགས་པ་ཙམ་ཉིད་ལུསུ་སྣང་པ་ལ་ལུས་ཀྱི་ལས་ཉིད་དུ་འཇོག་གི། ཕྱི་རོལ་བམ་པོའི་བདོག་ཉིད་དུ་གྱུར་པའི་ལུས་ཀྱི་ལས་ནི་ཁས་མི་ལོན་པ་ཉིད་དོ།། མ་བྱིན་པར་ལེན་པ་ལ་སོགས ་པ་ལུས་ངག་གི་ལས་མི་དགེ་བ་དང་དགེ་བ་ལ་སོགས་པའི་ཁྱད་པར་གཞན་ཡང་དེ་བཞིན་དུ་ཤེས་པར་བྱའོ།། ལས་དེ་རྣམས་ཀྱི་རྣམ་པོར་སྨིན་པ་ཡང་དེ་འདྲ་བའི་ལསུ་སྣང་ཞིང་མྱོང་བ་ལས། དུས་གཞན་དུ་དེའི་སེམས་རྒྱུད་སྡུག་བསྔལ་གྱི་ཚོར ་བ་དང་། འབྲེལ་བར་མྱོང་བ་ལ་སོགས་པ་སྟེ། ཇི་ལྟར་སེམས་ཅན་དམྱལ་བའི་ལྕགས་ཀྱི་ཁང་པ་འབར་བར་སྣང་ཞིང་རང་གི་ལུས་སྲུང་བའི་རྣམ་པར་རིགས་པ་ཉིད་མེས་བསྲེགས་པར་མྱོང་བ་ལ་སོགས་པ་དང་། ལྷ་རྣམས་ཀྱི་འདོད་པའི་ཡོན་ཏན ་ལ་སོགས་པ་དང་འབྲེལ་བར་ཉམ་སུ་མྱོང་བ་བཞིན་ནོ།། གལ་ཏེ་འདིར་ལས་དང་འབྲས་བུའི་བྱེ་བྲག་དེ་ཉིད་སྒྲུབ་པ་ལ་ཚད་མ་ཅི་ཡོད་ཅེ་ན། དེ་བཞིན་གཤེགས་པའི་ལུང་ལས་བཤད་པའོམ། ཡང་ན་དངོས་པོ་སྟོབས་ཀྱིས་ཞུགས་པའི་མཚན་མ་ཡང ་ཡོད་དེ། ཇི་ལྟར་མཐོ་རིས་ཀྱི་རྒྱུད་ཀྱིས་བསྡུས་པའི་མི་རྣམས་ཀྱི་ཕུང་པོའི་རྒྱུན་འགའ་ཞིག་གི་དང་པོ། མི་ཉིད་དུ་གྲུབ་ཅིང་ཐ་སྙད་མཐོ་རིས་ཀྱི་བདེ་བ་དང་འབྲེལ་བ་ནི་ཆོས་ཅན་ཉིད་ཡིན་ལ། དེ་ཉིད་དགེ་བའི་སེམས་པ་སྔོན་དུ་སོང ་ཡིན་ཏེ། དེ་ལས་གཞན་པ་རྒྱུར་མི་འཐད་པའི་དངོས་པོ་ཡིན་པའི་ཕྱིར། དཔེར་ན་ཞིང་སྟེང་གྱི་མྱུ་གུའི་ཁྱད་པར་བཞིན་ཞེས་པ་སྟེ། གཞན་གྱི་གཏན་ཚིགས་ཉིད་ཡིན་ནོ།། གལ་ཏེ་འདིར་ཁྱབ་པའི་དོན་ལ་བརྩད་པ་མེད་མོད་ཀྱི་གཏན་ཚིགས་ཉིད་མི་འཐད ་དེ། འདིར་ལུང་དུ་མ་བསྟན་པ་དང་། མི་དགེ་བའི་སེམས་པ་དང་། དེ་ཀུན་ནས་སློང་བའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་དེ་འདྲ་བའི་ཕུང་པོ་མངོན་པར་འགྲུབ་པའི་རྒྱུར་འགྱུར་པ་སྲིད་དོ་སྙམ་དུ་སེམས་ན། མ་ཡིན་ཏེ། དུད་འགྲོ་ལ་སོགས ་པཔ་འགྲོ་བའི་ཁྱད་པར་དེ་དང་དེར་སྣང་བ་རྣམས་ནི་ཕལ་ཆེར་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད་པའི་ལུས་དང་ངག་གི་རིག་བྱེད་དང་འབྲེལ་པར་སྣང་བ་ན། དེ་དག་ཀུན་ནས་སློང་པོའི་མི་དགེ་བའི་ལས་དང་ཉོན་མོངས་པ་དང་། རྗེ་སུ་འབྲེལ ་བར་དཔག་པར་ནུས་ཤིང་། གཞན་ཡང་ལུང་དུ་མ་བསྟན་པའི་ལུས་ངག་གི་རིག་བྱེད་དུ་སྣང་བ་ལས་ཀྱང་། དེ་དག་ཀུན་ནས་སློང་བའི་ལུང་དུ་མ་བསྟན་པའི་སེམས་པ་ཉིད་དཔག་པར་ནུས་ཏེ། ཇི་ལྟར་བདག་ཅག་རྣམས་ཀྱི་རྒྱུད་ལ་དེ་འདྲ་བའི་ལུས་དག ་གི་རིག་བྱེད་ཏུ་སྣང་བ་ནི། དེ་འདྲ་བའི་སེམས་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཉིད་དུ་གྲུབ་པ་བཞི་ནོ།། དེ་ལྟ་ན་འགྲོ་བའི་ཁྱད་པར་དེ་རྣམསུ་སྣང་བ་ནི་ཤིན་ཏུ་ཆེས་ཆེར་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་པ་ལ་སོགས་པ་དང་ལྡན་པར་གྲུབ་མོད་ཀྱི། ་མཐོ་རིས་ཀྱི་ཕུང་པོ་ནི་དེའི་དྲུང་ན་ཤིན་ཏུ་ཉུང་ཟད་ཙམ་དུ་དམིགས་པས། དེ་རྣམས་འཕེལ་བ་དང་འགྲིབ་པའི་རྗེ་སུ་མི་བྱེད་ཅེས་པའོ།། གལ་ཏེ་འདིར་རྨི་ལམ་གྱི་གནས་སྐབས་ན་སྐྱེས་བུའི་ཁྱད་པར་འགའ་ཞིག་སྣང་བ་དང་སྒྱུ་མའི་སྐྱེས་བུ་ལ། དེ་འདྲ་བའི ་ལུས་ངག་གི་རིག་བྱེད་དུ་སྣང་བ་དམིགས་ཀྱང་། ལས་དང་ཉོན་མོངས་པ་དེ་དག་སྔོན་དུ་སོང་བ་མ་ཡིན་པས་དེ་འོདྲ་བའི་རྟགས་འཁྲུལ་པ་ཉིད་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་དག་ནི་སྐྱེ་བོ་ཐམས་ཅད་ལ་མཐུན་པར་སྣང་བ་དང་། རྗེ་སུ་འབྲེལ་བར ་ཡུན་རིང་དུ་སྣང་བ་མ་ཡིན་ཏེ། གཉིད་ཀྱིས་བསླབ་པའི་སྐྱེས་བུ་འགའ་ཞིག་ལ། སྐྱེས་བུའི་ཁྱད་པར་གཞན་ཞིག་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད་པའི་རིག་བྱེད་དང་འབྲེལ་པར་སྣང་ཞིང་། དེ་ཡང་ཚོལ་བའམ་མི་གསལ་བ་ལ་སོགས ་པའི་རྣམ་པར་སྣང་བའོ།། གཞན་ཡང་སྒྱུ་མའི་སྐྱེས་བུ་ཡང་།། མིག་མ་བསླད་པ་རྣམས་ཀྱིས་ནི། དེ་ལྟར་དེ་དག་མ་མཐོང་ཕྱིར། ཞེས་གསུངས་པའི་ཚུལ་དུ་མཐུན་པར་སྣང་བ་མ་ཡིན་ཞིང་། དེ་འདྲ་བའི་ཉེས་པར་སྤྱོད་པའི་ལས་དང་རྗེ་སུ་འབྲེལ་པར་རྒྱུན ་རིང་དུ་སྣང་བ་མ་ཡིན་པའི་ཕྱིར་རོ།། སྔར་བསྟན་པའི་གཏན་ཚིགས་ཀྱི་དོན་ནི་སྐྱེ་བོ་ཐམས་ཅད་ལ་མཐུན་པར་སྣང་བ་དང་། རྗེ་སུ་འབྲེལ་བར་རྒྱུན་རིང་དུ་སྣང་པ་ཉིད་ཀྱི་ཁྱད་པར་དུ་བྱས་པ་ཡིན་པས། འཁྲུལ་པར་འགྱུར་པའི་སྐྱོན་མེད་ཅེས་པའོ།། གཞན ་དག་སེམས་ཙམ་པ་ལ་རྒྱུད་གཞན་གྲུབ་པ་མི་འཐད་པས། དེ་དག་གི་དོན་དུ་བྱམས་པ་དང་སྙིང་རྗེ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྦྱིན་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མི་འཐོད་དོ་ཞེས་སྒྲོལ་བའི་ལན་དུ ་ཡང་འདི་ཉིད་སྦྱར་བར་བྱ་སྟེ། ཇི་སྐད་དུ་རང་ལུས་བློ་སྔོན་འགྲོ་བ་ཡི།། བྱ་བ་མཐོང་ནས་གཞན་ལ་དེ།། འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར།། སེམས་ཙམ་ལ་ཡང་ཚུལ་འདི་མཚུངས་ཞེས་གསུངས་པ་ལྟ་བུ་སྟེ། འདིར་ཕྱིའི་དོན་དུ་སྨྲ་བ་རྣམས ་རང་གི་རྒྱུད་ལ་འགྲོ་བ་དང་། སྨྲ་བར་བྱའོ་སྙམ་པའི་བློ་སྔོན་དུ་འགྲོ་བ་ཅན་གྱི་ལུས་དང་ངགོ་གི་རྣམ་པར་རིག་བྱེད་འགའ་ཞིག་མཐོང་ནས། གཞན་ལྷས་བྱིན་ལ་སོགས་པ་ལ་ཡང་དེ་འདྲ་བའི་ལུས་ངག་གི་བྱ་བ་མཐོང་བའི་སྒོ་ནས། ཀུན་ནས་སློང་བའི་བློ་རྗེས ་སུ་དཔོག་པ་ལྟར། སེམས་ཙམ་གྱི་ལུས་ཡང་དེ་འདྲ་བའི་ལུས་ངག་གི་རིག་བྱེད་དུ་སྣང་བ་ལས། དེ་དང་འབྲེལ་པོར་སྣང་བའི་ཆོས་ཅན་འགའ་ཞིག་དེ་འདྲ་བའི་ཀུན་ནས་སློང་བའི་བློ་སྔོན་དུ་སོང་པ་ཉིད་དུ་དཔོག་པར་བྱེད་དེ། སྐུར་བསྟན་པའི་རྗེསུ་འབྲངས་ཏེ་རྟོགས ་པར་བྱའོ།། གལ་ཏེ་འདིར་སྔར་གྱི་རྩ་བའི་གཏན་ཚིགས་ཉིད་མ་གྲུབ་སྟེ། མཐོ་རིས་ཀྱི་ཕུང་པོ་དེ་འདྲ་བ་མངོན་པར་འགྲུབ་པའི་རྒྱུ་ནི་པ་དང་མ་ལ་སོགས་པའི་འབྱུང་བའི་རྫས་ཡིན་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། འདིར~ཾ་བརྫུས་ཏེ་སྐྱེས་པའི་འགྲོ་བའི་ཁྱད་པར ་འབའོ་ཞིག་མ་གཏོགས་པར་གཞན་ནི་འབྱུང་བས་ཀྱང་མངོན་པར་འགྲུབ་པའི་རྐྱེན་བྱེད་མོད་ཀྱི། གཏན་ཚིགས་ཀྱི་དོན་ནི་དགེ་བའི་སེམས་པ་དང་། དེ་ཀུན་ནས་སློང་བ་མ་ཆགས་པའི་དགེ་བའི་རྩ་བ་ལ་སོགས་པ་ལ་མ་བལྟོས་པར། གཞན་འགའ་ཞིག་རྒྱུར ་མི་འཐད་ཅེས་པའོ།། ཡང་དག་པའི་དོན་དུ་ན་འདིར་སེམས་ལས་གཞན་པའི་འབྱུང་པོ་ཉིད་སྔར་བཀག་པས་སྐྱོན་མེད་པ་འབའ་ཞིག་གོ།། གལ་ཏེ་ཡང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་པ་ལ་སོགས་པ་དང་། མཐོ་རིས་ཀྱི་རྒྱུད་ཀྱིས་བསྡུས་པའི ་ཕུང་པོ་འཕེལ་བ་དང་འགྲིང་པའི་རྗེསུ་བྱེད་མོད་ཀྱི། དེ་འདྲ་བའི་འདས་བུ་བདག་ཅག་རྣམས་ཀྱིས་མཐོང་བའི་ཡུལ་དུ་མ་གྱུར་པ་སྣོད་ཀྱི་འཇིག་རྟེན་གཞན་དུ་སྐྱེས་པས། མ་དམིགས་པ་འབའ་ཇིག་དུ་ཟད་དོ་ཞེས། མ་ཡིན་ཏེ། སྔ་མ་ལྟདན་མཾ ་པས་སེམས་ཀྱི་སྣང་བ་ལས་མ་གཏོགས་པའི་སྣོད་ཀྱིས་འཇིག་རྟེན་ཉིད་མི་འཐད་པའི་ཕྱིར་རོ།། ལུང་ལས་ཀྱང་། སྐྲ་ཙམ་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། ཞེས་པ་ལ་སོགས་པའི་དོན་སྔར་བསར་ཏོ།། ཡང་གལ་ཏེ་ཕའི་དོན་ཡོད་དུ་ཟིན་ཀྱ་འོད་ནི་རིགས་པ ་ཡིན་ཏེ། ཕུང་པོའི་གྲུབ་པའི་ཁྱད་པར་འགའ་ཞིག་སྣོད་ཀྱི་འཇིག་རྟེན་གཞན་དུ་སྐྱེ་བར་སྲོད་ཀྱང་། ཐམས་ཅད་དམ། དཱ་ལ་ཚུར་ནི་དེ་ལྟར་འགྱུར་བའི་རྒྱུ་མཚན་མད་དེ། ད་ལྟར་ན་སྣོད་ཀྱི་བ་གཱ། རྟེན་འདིར་མཛེ་རིས་ཀྱི་ཕུང་པོ་སྐྱེ་བའི་མདུན་རྐྱེན་མ་ཚང ་འམ། འགལ་རྐྱེན་ཉེ་བར་གནས་པ་ལས་ཡིན་གྲངས་ན། དེ་ནི་རིགས་པ་མ་ཡིན་ཏེ། ད་ལྟར་སྔོན་དུ་གྱུར་པའི་མཐོ་རིས་ཀྱི་ཕུང་པོ་འདི་རྣམས་ཀྱང་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ།། དེའི་ཕྱིར་ལས་རྣམས་སོགས་པར་བྱེད་པ་དང་། དེའི་འབྲས་བུ་ལོངས ་སྤྱོ་པ། སྣོད་ཀྱི་འཇིག་རྟེན་པ་དང་ན།། འགའ་ཞིག་དེ་ལྟར་སྲིད་མོད་ཀྱི།། ཐམས་ཅད་དེ་ལྟར་ངེས་པའི་རྒྱུ་ནི་འཐད་པ་མ་ཡིན་ཏོ།། བྱེད་པོའི་ཡུལ་ནི་སྨོད་འགྱུར་བ།། བྱེད་པའི་རྒྱུན་དུ་འགལ་པོ་མེད་ཅེས་པའོ།། གལ་ཏེ་སེམོས་ལས་གཞན་པའི་སྣོད ་འཇོག་རྟེན་ཡོད་དམ་མེད་ཀྱང་སླ་སྟེ། དེ་འདྲ་བའི་ལས་ཀྱིས་བསྐྱེད་པའི་ཕུང་པོ་ཐམས་ཅད་ཁྱེད་ཀྱིས་མཐོང་བའི་ཡུལ་དུ་འགྱུར་བའི་ངེས་པ་མདོ་ཞེ་ན། མ་ཡིན་ཏོ།། དེ་འདྲ་བའི་ལས་མཐུན་པར་བསགས་པའི་འགྲོ་བ་རྣམས་ནི་ལས་ཀྱི་དབང་གིས་བྱུང ་བའི་སྣོད་ཀྱི་འཇིག་རྟེན་ཐུན་མོང་བར་སྣང་བ་དང་། ལུས་དང་ལོངས་སྤྱོད་མཐུན་མོང་བཔར་སྣང་བ་འགའ་ཞིག་ལ་སྤྱོད་པར་རིགས་ཏེ། ཇི་ལྟར་ལས་མཚུངས་པ་ལས་བྱུང་བའི་མིའི་འགྲོ་བར་གཏོགས་པ་ཕན་ཚུན་ཐ་དད་པའི་ད ་རྣམས་ཉིད་བཞིན་ནོ།། གཞན་དུ་ནི་ཐ་སྙད་པའི་རྒྱུ་དང་འབྲས་བུ་ཐམས་ཅད་ཚོལ་བ་ཉིད་དུ་འགྱུར་ཏེ། ཇི་ལྟར་ས་དང་ཡི་བོན་ལ་སོགས་པ་རྣམོས་ཀྱི་འབྲས་དུ་ཡང་དུ་མ་ཉིད་ཡིན་ནོ།། ཞེས་ཇི་སྟེ་མི་བརྗོད་དེ། དེར་ཡང་ས་བོན་གྱི་དངོས་པོ་དུ་མ་ཡིན་པ ་བཞིན་དུ་དེའི་འབྲས་བུ་ཡང་དུ་མ་ཉིད་སྐྱེས་མོད་ཀྱི་འོ་ཀོལ་རྣམས་ཀྱི་མཐོང་བའི་ཡུལ་དུ་མ་གྱུར་པས། འཕེལ་བ་དང་འགྲིབ་པའི་རྗེསུ་བྱེད་པ་དགག་པར་མི་ནུསོ།། དེ་ལ་སོགས་པ་རྒྱུ་དང་འབྲས་བུའི་ཁྱད་པར་ཐམས་ཅད་རྣམ་པར་བཞག་པ་མི ་འཐད་པ་ཉིད་དུ་འགྱུར་པ་འདི་ནི་རིགས་པོ་མ་ཡིན་ནོ།། །། དེ་བཞིན་དུ་ངན་སོང་གི་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་སྡུག་བསྔལ་གྱི་ཚོར་བ་དང་འབྲེལ་པ་གསེར་དུ་སྐྱེས་པ་རྣམས་ཀྱང་མི་དགེ་བའི་སེམས་པ་དང་དེ་ཀུན་ནས་སློང་བའི་ཉོན ་པ་སྔོན་དུ་སོང་བ་ཡིན་ཏེ། དེ་ལས་མ་རྟོགས་པ་རྒྱུ་གཞན་མི་འཐད་པའི་དངོས་པོ་ཡིན་པའི་ཕྱིར་ཞེས་པ་སྟེ། སྔར་བསྟན་པའི་རྗེ་སུ་འབྲངས་ཏེ་རྟོགས་པར་བྱའོ།། གཞན་ཡང་ད་ལྟར་གྱི་དུས་ན་སེམས་ཅན་གྱི་ཕུང་པོས་བསྡུས་པའི་དད་པ་དང་། ཤེས ་རབ་ལ་སོགས་པ་དང་། ཆགས་པ་དང་སྣང་བ་ལས་སོགས་པ་ཉོན་མོངས་པའི་རྣམ་པ་གསལ་བར་མྱོང་བ་ནི་རང་གི་རིགས་གོམས་པ། དགེ་མི་དགེའི་སེམས་པ་ཀུན་ནས་སློང་བར་བྱེད་པ་སྔོན་དུ་འགྲོ་བ་ཉིད་དུ་རང་འང་གི་རྒྱུད་ལ་གྲུབ་པ་ན། གཞན ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཕལ་ཆེ་བ་གསར་དུ་སྐྱེས་པ་རྣམས་ལ་ཡང་སྔར་བསྟན་པ་བཞིན་དུ་ལུས་དང་ངག་གི་ཉེས་པར་སྤྱོད་པའི་ལས་དང་འབྲེལ་པར་སྣང་བ་ལས། ཆགས་པ་དང་སྡང་བ་ལ་སོགས་པའི་ཉོན་མོངས་པ་མི་དགེ་བའི་སེམས ་བཀུནྡ་ནས་སློང་བར་བྱེད་པ་དང་འབྲེལ་པ་ཉིད་དུ་རྟོགས་པཞིང་།། དེ་ཡིང་དེ་འདྲ་བའི་རིགས་མཐུན་གོམས་པ་སྔ་མ་སྔོན་དུ་སོང་བ་ཉིད་དུ་གྲུབ་ལ། དེ་ལྟར་གོམས་པ་ཡང་སྐྱེ་བ་དེར་གཏོགས་པའི་རྟེན་ལ་མི་རྫོགས་པས་སྐྱེ་བ་སྔ་མ་གཞན་གཅིག་ལ་ཡིན ་བའི་ཕྱིར་འཇིག་རྟེན་སྡོ་མ་ཉིད་ཀྱང་དངོས་པོ་སྟོབས་ཀྱིས་ཞུགས་པའི་ཚད་མས་གྲུབ་ཅིང་། དེ་ལ་བལྟོས་ཏེ་དེ་ལྟར་བ་འདི་ཉིད་ཕྱི་མ་ཡིན་པས། འཇིག་རྟེན་ཕྱི་མ་ཡང་དེ་བཞིན་དུ་གྲུབ་བོ།། ཡང་དེ་ཉིད་ཀྱིས་ངན་སོང་གི་ཕུང་པོར་གཏོགས་པ་དེ་འདྲ། ་བ་ནི་ལོས་དང་ཉོན་མོངས་པ་སྔོན་དུ་འགྲོ་བ་ཉིད་དུ་གྲུབ་པའི་སྒོ་ནས་ཀྱང་། ལས་དང་འབྲས་བུའི་འབྲེལ་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་བཞིན་དུ་ཆུང་མས་ཀྱང་འཐད་ཅེས་པའོ།། དེ་བཞིན་དུ་མཐོ་རིས་ཀྱི་ཕུང་པོ་གསར་དུ་སྐྱེས་པ་ལ ་སོགས་པ་རྣམས་ཀྱི་རྒྱུད་ལ་ཡང་ལེགས་པར་སྤྱོད་པའི་ལུས་ངག་གི་རིག་བྱེད་དང་འབྲེལ་བར་སྣང་བ་ལ་བརྟེན་ནས། དད་པ་དང་མ་ཆགས་པ་ལ་སོགས་པ་དགེ་བའི་སེམས་པ་ཀུནས་སློང་བར་བྱེད་པ་སྔོན་དུ་སོང་བ་ཉིད་དུ་གྲུབ་ཅིང་།། དེ་ཡང་རང་གི ་རིགས་གོམས་པ་སྔ་མ་སྔོན་དུ་སོང་བ་ཉིད་དུ་གྲུབ་པས། ཡང་འཇིག་རྟེན་སྡེ་ཕྱི་དང་ལས་དང་འབྲིས་བུའི་འབྲེལ་པའི་ཁྱད་པར་ཇི་ལྟར་གསུངས་པ་བཞིན་དུ་གྲུབ་ཅེས་པའོ།། འདི་ནི་ཁྱད་པར་དུ་ཡང་རྒྱུ་མཐུན་པའི་རྒྱུ་དང་འབྲས་བུ་རྣམ་པར་བཞག་པའོ།། ་གལ་ཏེ་འཕེལ་བ་དང་འགྲིབ་པའི་རྗེ་སུ་མི་བྱེད་པས་རྒྱུ་དང་འབྲས་བུར་མི་འཐད་པ་དེ་ལྟར་ན། རབ་ཏུ་གྲགས་པའི་འགྲོ་བ་རྣམས་ལ་མཐོ་རིས་ཀྱི་ཕུང་པོ་འགྲུབ་པའི་ལ་སོགས་པ་ནི་ཆེས་ཤིན་ཏུ་ཉུང་ཞིང་། མཐོ་རིས་ཀྱི་ཕུང་པོ་ནི་དེ་བས ་མང་བའི་ཕྱིར་འཁྲུལ་པ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། ངན་སོང་གི་འཇིག་རྟེན་དེ་དག་ལས་ཀྱང་དེ་འདྲ་བ་འགྲུབ་པར་བྱེད་པའི་སྔོན་གྱི་ལས་ནི་འབྲས་བུ་ཕྱུང་བས་ཟད་ཅིང་ལས་སར་པ་གཞན་དག་ཀྱང་མ་བསགས་ལ། ཡང་སྔོན་གྱི་དགེ ་བའི་ལས་ཀྱི་ས་བོན་བགའ་ཞིག་སྲེད་པ་ན་རྟེན་དེ་ལས་འཕོས་ནས་མཐོ་རིས་དག་ཏུ་སྐྱེ་བར་འགྱུར་བའི་ཕྱི་འོ།། རེག་པ་འདི་རྣམས་ཀྱི་དོན་ནི་ཚད་མ་རྣམ་པར་གཏན་ལ་དབུབ་པ་ལས། སྦྱིན་པ་དང་ཚེ་བ་སྤོང་བའི་སེམས་པ་ནི་མངོན་པར་མཐོ་བའི ་འབྲས་བུ་འབྱུང་བ་ལ་ཚད་མ་ཅི་ཡོད་ཅེ་ན་ཞེས་བརྩད་པའི་ལན་དུ། དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཟ་བའམ། ཡོད་ན་ཚད་མ་སྲིད་པས་མི་སྤངོ་ཞེས་གསུངས་པའི་དོན་དེ་ཉིད་ཡིནོ།། གནན་ཡང་མང་དུ་ཐོས་པའི་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས ་མདོ་སྡེ་འདི་ཉིད་ཀྱི་འགྲེལ་པར་གསུངས་པས་ཐེ་ཚོམ་མི་བྱའོ།། ཡང་ཁྱད་པར་དུ་སྨྱོན་པའི་སེམས་པ་ལ་བརྟེན་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པ་དང་། ཚུལ་ཁྲིམས་ཀྱིས་བདེ་འགྲོར་འགྱུར་བ་ལ་སོགས་པ་ཡང་རིགས་པ་འདི་ཉིད་ཀྱི་རྗེས ་སུ་འབྲངས་ལ་ཡིད་ཆེས་པར་བྱའོ།། གལ་ཏེ་ཕྱིའི་དོན་མེད་ཀྱང་ལུས་དོང་ངག་གི་རྣམ་པར་རིག་བྱེད་དུ་སྣང་བ་ལ་བརྟེན་ནས་དེ་ལྟར་ལས་དང་འབྲས་བུའི་འབྲེལ་པ་འཛག་ན། རྨི་ལམ་ལ་སོགས་པའི་གནས་སྐབས་ན་སྲོག་གཅོད་པ་ལ་སོགས་པ་སྣང ་བ་ལས་ཀྱང་། ལས་གསོག་ཅིང་རྣམ་པར་སྨིན་པ་འབྱིན་པར་འགྱུར་རོ་ཞེ་ན། གནས་སྐབས་དེར་ཡང་ཆགས་སྟང་ལ་སོགས་པའི་ཉོན་མོངས་པས་ཀུན་ནས་བསླང་ནས་གཞན་ལྔས་བྱིན་ལྟ་བུ་འགའ་ཞིག་གསང་བར་བྱའོ་སྙམ་དུ་སེམས་ཤིང་། དེ་ལ ་བརྟེན་ནས་བདག་གིས་མཚོན་བསྣུན་པར་སྣང་ཞིང་དེ་ཉིད་ཤི་བ་ལྟ་བུར་ཡང་སྣང་བ་ལས། གཉིད་སད་པ་ན་རྗེས་ཀྱི་ཤེས་པས་ཀྱེ་མ་ལེགས་པར་བྱས་ཞེས་སྔར་གྱི་སེམས་པའི་ས་བོན་གསོས་པ་ན། ལས་ཅུང་ཟད་སོགས་པ་ནི་འདོད་པ་ཡིན་ལ། ་འོན་ཀྱང་སད་པའི་གནས་སྐབས་དང་མི་འདྲ་སྟེ་ཀུན་ནས་སློང་བའི་བསམ་པ་ཁྱེད་མེད་ཀྱང་། དངོས་གཞིའི་གནས་སྐབས་ན་གཞན་གྱི་སེམས་རྒྱུད་སྡུག་བསྔལ་གྱི་ཚོར་བ་དང་འབྲེལ་བར་བྱས་པ་ལ་སོགས་པ་མེད་པ་དང་། གཉིད་ཀྱིས་བསླད ་པའི་གནས་སྐབས་ཡིན་པས་སོ།། དེ་སྐུད་དུ་ཡང་། རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས།། དེས་ན་འབྲས་བུ་འདྲ་མ་ཡིན།། ཞེས་ས་བཅུའི་མགོན་པོས་གསུངས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་དོན་དེ་ཉིད་རྒྱ་ཆེར་གསུངས ་པའི་ཕྱིར་རོ།། སྒྱུ་མའི་སྐྱེས་བུ་གསད་སོགས་ལ།། སེམས་མེད་ཕྱིར་ན་སྡིག་མེད་དེ། ཞེས་སྡིག་པ་གཏན་མེད་པར་བསྟན་པ་ནི། དེ་ཉིད་སྒྱུ་མ་ཉིད་དུ་ཤེས་ཤིང་ཀུན་ནས་སློང་བའི་ཉོན་མོངས་པ་དང་། གསོད་པའི་སེམས་པ་ཡང་མེད་ལ། རྗེས་ཀྱི ་གནས་སྐབས་ན་ཡང་མངོན་པར་དགའ་བ་མེད་དེ། དེ་ལྟར་སྣང་བ་ཙོམ་ཉིད་དུ་ཤེས་པས་ཉེས་པ་མེད་པའོ།། གལ་ཏེ་དེ་ལྟ་ན་གཞན་རིག་པའི་ཚེའི་ཤེས་པ་ཐམས་ཅད་ཀྱི་ཡུལ་འགོག་པར་ཁྱད་པར་མེད་པའི་ཕྱིར། རྨི་ལམ་ལ་སོགས་པའི་གནས་སྐབས་ན ་གཟུགས་ལ་སོགས་པར་སྣང་བ་དང་། སྨིག་རྒྱུ་ལ་ཆུར་སྣང་བ་ནི་ཚད་མ་མ་ཡིན་ལ། ཆུ་ཀླུང་དང་ལྟུང་ཀ་ལ་སོགས་པ་ཆུར་སྣང་བ་ནི་ཚད་མ་ཡིནོ་ཞེས། ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་མི་འཐད་དོ་ཞེ་ན། དེ་ལྟར ་ཡང་བདེན་མོད་ཀྱི། འདིར་སྨིག་རྒྱུ་ལ་ཆུར་སྣང་བ་ལས་ཆུ་དོན་དུ་གཉེར་བའོ་སྐྱེས་བུ་འགའ་ཞིག་ཞུགས་པ་ན། འཁྲུལ་པའི་བག་ཆགས་མི་བརྟན་པའི་ཕྱིར། ཆུ་དང་ཕྲད་ཅིང་བཏུང་ངོམསུ་སྣང་བ་མ་བྱུང་བས། འཇིག་རྟེན་ཐ་སྙད་ལ་ཡིད་མི་བརྟད་ཅི ་བློ་དེ་འདྲ་བ་འཁྲུལ་པ་ཉིད་དུ་འཇོག་སྟེ། དེའི་ཕྱིར་ཚད་མ་མ་ཡིན་པ་ཞེས་པའོ།། གཞན་ཆུ་ཀླུང་ལ་སོགས་པ་ཆུར་སྣང་བ་ན། དོན་དུ་གཉེར་བའི་སྐྱེས་བུས་ཞུགས་པས་འཁྲུལ་པའི་བག་ཆགས་བརྟན་པའི་ཕྱིར་ཕྲད་པར་སྣང་བ་ལ་སོགས་པ་བྱུང་བས། ་ཚང་མ་ཉིད་དུ་རྣམ་པར་འཇོག་སྟེ། དེ་ལྟར་ན་ཐོ་སྙད་ཙམ་དུ་གཞན་རིགས་པའི་ཆའི་ཚད་མ་མ་ཡིན་པའི་དབྱེ་བ་ནི་དེ་དག་ཙམ་དུ་ཟད་དོ།། རྨི་ལོམ་ལ་སོགས་པའི་ཁྱད་པར་འགའ་ཞིག་ཀྱང་དེ་དང་མཚུངས་པ་ཉིད་དོ།། ཡང་རྨི་ལམ་གྱི་གནས་སྐབས་འབ ་ཞིག་ན། གླུ་དབྱངས་ལ་སོགས་པའི་སྒྲའམ་རོལ་མོ་ལ་སོགས་པའི་གཟུགསུ་སྣང་བ་དང་། ཆུ་ལ་སོགས་པོར་སྣང་བ་ལས། དོན་དུ་གཉེར་བའི་སྐྱེས་བུའི་འདོད་པོ་ཡོངསུ་རྫོགས་ཤྲྀང་། བཏུང་ངོམས་ལ་སོགས་པར་སྣང་བ་ན། སད་པའི་གནས ་སྐབས་དང་ཁྱད་པར་མེད་པ་འབའ་ཞིག་ཏུ་ཟད་དེ། དེ་ལྟ་ན་ཡུལ་ལ་མངོན་པར་ཞེན་པ་ཅིའི་ཕྱིར་མི་ལྡོག་སྙམ་དུ་སེམསོ།། །། གཞན་ཡོད་ཕྱིའི་དོན་ཀུན་རྫོབ་ཙམ་དུ་ཡང་མེད་ན། བཅོམ་ལྡན་འདས་ཀྱིས་གཟུགས་ནི་གཞིག་ཅིང་གཞོམ་དུ ་རུང་བའི་མཚན་ཉིད་དེ་ཞེས་པ་ལ་སོགས་པ་གཟུགས་ཀྱི་ཕུང་པོའི་མཚན་ཉིད་དང་། ཕྱི་དང་ནང་གི་སྐྱེ་མཆེད་གཟུགས་ཅན་བམ་པ་ཉིད་དུ་གསུངས་ཏེ། ཇི་སྐད་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཆད་མ་མན་ཞེས་པ་ལ ་སོགས་པ་དང་། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།། འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། དེའི་ཕྱིར་ངོ་བོ་ཉིད་ཀྱི་བམ་པོ་ལུང་མ་བསྟན། ཞེས་གསུང་སོ།། གཞན་ཡང་འཕགས་པ་ས་བཅུ་པ་ལས་ཀྱང་། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས ་དཔས་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཐམས་ཅད་ཤེས་པར་གསུངས་པས། ཕྱིའི་དོན་མེད་ན་དེ་ལྟར་ཤེས་པ་འཁྲུལ་པ་ཉིད་དུ་འགྱུར་བའི་ཕྱིར། ལུང་དང་འགལ་བ་ཉིད་དུ་འགྱུརརོ།། གཞན་ཡང་འགྲོ་བ་རྣམས་ཀྱི་སྣོད་ཀྱི་འཇིག་རྟེན་གྱི་ཚེ་དེ་དང་། ་རྣམ་པའི་ཁྱད་པར་རྣམས་གསུངས་པས། ཕྱིའི་དོན་ཀུན་རྫོབ་ཏུ་མེད་ན་དེ་ལྟར་གསུངས་པ་དང་འགལོ་ཞེ་ན། སྐྱོན་མེད་དེ། གསུང་རབ་དག་ལས་དེ་ལྟར་ཡོད་པ་མེད་པའི་ཕྱོགས་གཉིས་ཀ་གསུངས་མོད་ཀྱི། གསུང་རབ་ཀྱི་ཚུལ་ནི་དགོངས་པ་རྣམ་པ ་བཞི་དང་ལྡེམ་པོར་དགོངས་པ་བཞིའི་སྒོ་ནས་གཏན་ལ་དབབ་པར་བྱའོ་ཞེས་མགོན་པོ་བྱམས་པས་གསུངས་པ་དང་། དེ་རྣམས་ཀྱང་བསྡུ་ན་རྣམ་པ་གཉིས་ཏེ། དྲང་བའི་དོན་དང་། ངེས་པའི་དོན་དང་། དེ་ལ་ངེས་པའི་དོན་ནི་ཚད་མས་གྲུབ་པའི ་དོན་དམ་པའི་བདེན་པ་སྟོན་པ་སྟེ། ཇི་ལྟར་མདོ་ནས་བསྟན་པའི་དོན་དེ་ཁོ་ན་ལྟར་ངེས་ཀྱི། དེ་ལས་གཞན་དུ་གཞག་པར་མི་ནུས་པས་ངེས་པའི་དོན་ཞེས་བྱའོ།། དྲང་བའི་དོན་ནི་དགོངས་པ་ཅན་ཞེས་ཀྱང་བྱ་སྟེ། མཚན་ཉིད་སྔ་མ་ལས་བཟློག་པ་ཇི་ལྟར ་དངོས་སུ་བསྟན་པ་ལས་དེ་ཁོ་ན་ཉིད་ཀྱི་དོན་གཞན་དུ་འགྱུར་བའོ།། དེ་སྐད་དུ་ཡང་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དེ་ལས་ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། ་མདོ་སྡེ་གང་དག་དོན་དམ་པའི་བདེན་པ་སྟོན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱ་ལ། མདོ་སྡེ་གང་དག་ཀུན་རྫོབ་ཀྱི་བདེན་པ་སྟོན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ།། དེས་ན་གཟུགས་ལ ་སོགས་པ་ཕྱིའི་དོན་ཡོད་པར་བསྟན་པའི་དོན་ལ། སྔར་བཤད་པའི་ཚད་མས་གནོད་པའི་ཕྱིར་ཚད་མས་གྲུབ་པའི་དོན་དམ་པ་སྟོན་པ་མ་ཡིན་པས། ངེས་པའི་དོན་གྱི་མདོ་མ་ཡིན་ཞིང་དྲང་བའི་དོན་ཞེས་བྱ་སྟེ། དེ་ཡང་རང་རང་གི་སེམས་ཀྱི ་རྣམ་པ་དེ་ལྟར་སྣང་བ་ལ་དགོངས་ནས་ཕྱིའི་དོན་ལ་མངོན་པར་ཞེན་པའི་བྱིས་པ་རྣམས་སྐྲག་པ་སྤང་ཞིང་རིམ་གྱིས་སངས་རྒྱས་ཀྱིས་ཐེག་པ་ལ་གཟུང་བར་བྱ་བའི་དོན་དུ་གསུངས་པ་སྟེ། ཇི་སྐད་དུ། གཟུགས་སོགས་སྐྱེ་མཆེད་ཡོད་པར ་ནི།། དེས་འདུལ་བ་ཡི་སྐྱེ་བོ་ལ།། དགོངས་པའི་དབང་གིས་གསུངས་པ་སྟེ།། བརྫུས་ཏེ་བྱུང་བའི་སེམས་ཅན་བཞིན།། ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ།། གཞོན་ཡང་ཆུ་བོ་དགའ་བསྐྱེད་ཀྱི་འགྲམ་དུ། གང་ཟག་གི་བདག་ཏུ་ལྟ་བའི་ཀུན ་ཏུ་རྒྱུ་ལྔ་བརྒྱ་སངས་རྒྱས་ཀྱི་ཐེག་པ་ལ་གཟུང་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ལ་དགོངས་ཏེ། དེ་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྟག ་པ་དང་གཙང་བ་དང་། བདག་གི་ངོ་བོར་གྱུར་པ་ལ་སོགས་པ་ཡོད་པར་འདོད་དོ་ཞེས་གསུངས་པ་ལྟ་བུའོ།། དེ་བཞིན་དུ་གསུང་རབ་ཀྱི་ཕྱོགས་འགའ་ཞིག་ལས། དགེ་སློང་དག་ལས་དང་ལས་ཀྱི་ཁུར་ཁྱོར་བའོ་གང་ཟག་དག་ཡོད་དོ་ཞེས་ཀྱང་གསུངས ་གཞན་ཡང་འགྲོ་བ་རྣམས་ཀྱི་སྣོད་ཀྱི་ཁྱད་པར་བསྟན་པ་ཡང་། ལས་མཐུན་པར་བསགས་པའི་སེམས་ཅན་རྣམས་ལ། ལས་ཀྱི་དབང་གི་གནས་ཀྱི་ཁྱད་པར་མཐུན་པར་སྣང་བ་ན། དེ་རྣམས་ཀྱི་སྣང་བ་ཐུན་མོང་བ་ལ་དགོངས་ནས། སྣོད་ཀྱི ་འཇིག་རྟེན་གྱི་ཚད་ལ་སོགས་པའི་ཚུལ་ལུགས་འགའ་ཞིག་རྣམ་པར་བཞག་ལ། ཡང་དེ་དག་དང་ལས་མི་མཐུན་པར་བསགས་པ་རྣམས་ལ། སྣོད་ཀྱི་འཇིག་རྟེན་གྱི་རྣམ་པར་གཞན་དུ་སྣང་བས་སྔ་མ་ལས་གཞན་དུ་བཤད་དེ། ཇི་ལྟར ་ཆོས་མངོན་པའི་མདོ་སྡེ་འགའ་ཞིག་དང་། ཐེག་པ་ཆེན་པོའི་གསུང་རབ་དག་ལས་ཕན་ཚུན་མི་མཐུན་པར་བཤད་པ་དང་། རིག་པ་འཛིན་པའི་སྡེ་སྣོད་ཤྲཱི་ཀཱ་ལ་ཙཀྲ་ལས་ཀྱང་གཞན་དུ་བ་ཤད་དེ། དེས་ན་ཕྱིའི་དོན་ཡང་དག་པའི་ཀུན་རྫོབ ་ཏུ་ཡོད་ན། དེ་རྣམས་འགྲེལ་པ་ཉིད་དུ་གྱུར་ཏོ།། རང་རང་གི་སེམས་ཀྱི་སྣང་བ་ཡིན་པ་ལ་ནི་སྔར་བཤད་པ་ལྟར་ཉེས་པ་མེད་པ་ཁོ་ནའོ།། དེའི་ཕྱིར་ཀཱི་ལི་ཙཀྲྀ་ལིས་ཆོས་མངོན་པ་དང་འགལ་བར་འགྱུར་རོ་ཞེས་པའི་བརྩད་པ་བཀོད་ནས། ལན ་དུ་དེ་རྣམས་ཕྱི་རོལ་གྱི་དངོས་པོར་གྲུབ་པ་ནི་མ་ཡིན་གྱི། སེམས་ཅནི་རྣམས་ཀྱི་རང་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་ལ། དེའི་སྣང་བ་ཕྱོགས་རེ་ལ་དགོངས་ཏེ་གསུངས་པ་ཡིན་པས་ཉེས་པ་མེདོ་ཞེས་བཤདདོ།། གཞན་དུ་སེམས་ཅན་དམ ་པའི་ལྕགས་བསྲེགས་ཀྱིས་གཞིལ་སོགས་པ་ཕྱི་རོལ་མྱོང་པོར་གྲུབ་ན། མནུ་དང་ཐུགས་རྡུ་ཕུན་སུམ་ཚོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་པའ་བྱོར་དེ་དག་ང་རྡུལ་དུ་རློག་མན་། ་ཅེས་བསམ་པར་བྱའོ།། དེའི་ཕྱིར་གཞོམ་པར་བྱ་བའི་རྒྱུའི་ཕྱི་རོལ་གྱི་ངོ་བོ་གྲུབ་པ་མེད་ཅེས་རང་གི་སེམས་ཀྱི་ཉེས་པ་ཡིན། སྔར་བསྟན་པའི་སྐྱོན་མེད་དེ། ཇི་ལྟར་དབྱིས་པ་དག་སྨྱོ་བས་སྣོད་འཁྲུགས་པ་ན། རང་གི་མདུན་དུ་སྡིབ་པ་དྲང་སྦྲུལ ་རྣམ་པ་སྣང་བས་སྒྲོག་ཅིང་ངུ་བར་གྱུར་ལ། དོའོ་པ་སྟོབས་དང་ལྡན་པ་ཞིག་གིས་སྦྲུལ་ལ་སོགས་པ་ཕྱི་རོལ་ན་ཡོད་ན་གཞོམ་པར་ནུས་མོད་ཀྱི། དེ་ལྟར་གྲུབ་པ་མེད་ཅིང་བྱིས་པའི་རང་གི་སེམས་ཀྱི་ཉེས་པ་ཡིན་པས་ཅི་ཡིད་བྱར་མེད་པ་བཞིན ་གལ་ཏེ་དེར་ཡང་ཕ་མས་བྱིས་པའི་སེམས་ཀྱི་ཉེས་པ་འཆོས་པ་བཞིན་དུ། སེམས་ཅན་དེ་རྣམས་ཀྱི་སེམས་ཀྱི་ཉེས་པ་ཅིའི་ཕྱིར་རྡུལ་དུ་རློག་པར་མི་བྱེད་ཅེས་དཔྱད་པ་མཚུང་སོ་ཞེ་ན། མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སེམས་ཀྱི་ཉེས་པ ་རྒྱུ་དང་རྐྱེན་ངེས་པ་མེད་པོ་ཁམས་དང་བག་ལ་ཉལ་སྣ་ཚོགས་པ་རྣམས་ནི་ཚད་མེད་པ་ཉིད་ཀྱི་ཕྱིར། ཅིག་ཅར་གཞོམ་པརརོ་མི་ནུས་པས། དེ་བཞིན་གཤེགས་པས་ལྷ་དང་ཚངས་པའི་ཐེག་པ་ལ་སོགས་པ་སྣ་ཚོགས་བསྟན་པའི་སྒོ་ནས ་རིམ་གྱིས་འཇོམས་པར་བྱེད་པའོ།། སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་དུ་མའི་ཐུན་མོང་པའི་གནས་ཤིག་ཡིན་པས། དེ་ཡོད་ན་ཅིག་ཅར་ཉིད་དུ་ཅིའི་ཕྱིར་འཇོམས་པར་མོ་བྱེད་ཅེས་པ་སྟེ། དེ་ནི་གཞོམ་པར་སླ་བའི་ཕྱིར་རོ།། དོན་འདི་ཉིད་ཀྱང ་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་བཅོམ་ལྡན་འདས་གལཱ་ཏེ་བྱང་ཆུབ་སེམས་དཔའི་རྣམས་ལངས་སྤྱོད་མི་ཟད་པ་ཡང་ཅིང་སྙིང་རྗེ་ཅན་ལགས་ན། ཅིའི་སླང་དུ་འཇིག་རྟེན་ན་དབུལ་པོ་གདའ་ལགས་ཞེས་ཞུས་པའི་ལནྡྷ་དུ། བཅོམ་ལྡན ་འདས་ཀྱིས་སྤྱན་རས་གཟིགས་དབང་ཕྱུག་དེ་ནི་སེམས་ཅན་རྣམས་ཀྱི་རང་གི་ལོས་ཀྱི་ཉེས་པ་ཁོ་ན་ཡིན་ཏེ། དཔེར་ན་ཡི་དགས་ལུས་སྒོམ་པས་གདུངས་པ་རྣམས་ཀྱིས། རྒྱ་མཚོའི་ཆུ་སྐུམས་པར་མཐོང་བ་དེ་ནི་རྒྱ་མཚོ་ཉེས་པ་མ་ཡིན་གྱི། ཡི་དགེས ་དེ་ཉིད་ཀྱི་རང་གི་ལས་ཀྱི་འབྲས་བུའི་ཉེས་པ་ཡིནོ།། དེ་བཞིན་དུ་འབྲས་བུ་མེད་པར་གྱུར་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་སྦྱིན་པ་དག་གི་བརྒྱ་མཚོ་ལྟ་བུར་གྱུར་པ་རྣམས་ཀྱི་ཉེས་པ་མ་ཡིན་གྱི། སེམས་ཅན་རང་གི་ཉེས་བྱས་པ་ཡི་དགས ་ལྟ་བུ་རྣམས་ལས་ཀྱི་ཉེས་པ་ཡིན་ནོ།། ཞེས་གསུངས་པ་ཡིནོ།། དེ་ལྟར་ཕྱིའི་དོན་འགོག་པ་དང་སྣང་བ་སེམས་ཙམ་ཉིད་དུ་སྒྲུབ་པ་དང་། དེ་ལ་བརྒྱད་པོ་སྤང་བ་རྒྱས་པར་བསྟན་ནས། དོན་དམ་པར་སེམས་ཉིད་རང་བཞིན་མེད་པར་གཏན་ལ ་དབབ་པར་བྱ་སྟེ། དེ་ཡང་གཞན་ཕྱི་རོལ་པ་གཟུང་འཛིན་གཉིས་མེད་པར་སྨྲ་བ་ཁ་ཅིག། དོན་དམ་པར་སེམས་ཉིད་རིག་པ་རྟག་པའི་ངོ་བོ་ཡིན་ཞིང་། དེ་ལས་གཞན་ཕྱིའི་དོན་གྲུབ་པ་མེད་དེ། ཇི་སྐད་དུ། རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར ་དག། འདི་ལྟར་སངས་རྒྱས་རྟག་ཏུ་གྲོལ་བ་ཉིད།། བླང་དང་དོར་བྱ་མེད་ཅེས་རབ་བསྟན་པ།། ཚངས་པ་མྱ་ངན་མེད་ཅེས་རྟག་གནས་བྱོས།། ཞེས་པའོ།། གཞན་ཡང་ཞི་བ་པ་རྣམས་ཀྱི་འདོད་པ་ལྷ་ཆེན་པོས་སྨྲས་པ་ནི། ཇི་ལྟར་ཤིང་ལ་མི་ཡོད་དང་།། ་སའི་ནང་དུ་ཆུ་ཡོད་པ།། དེ་ལྟར་ཐམས་ཅད་ལུས་གནསུ།། ཞི་བ་དག་པ་རྣམ་པར་གནས།། ཐམས་ཅད་འདི་ནི་ཞི་བདག་སྟེ།། ཞི་བ་ལས་ནི་རབ་ཏུ་བྱུང་།། འབྱུང་པོ་ཀུན་ལ་ཞི་བ་ཡོད།། ཞི་བ་གང་ཡིན་དེ་དེ་ཉིད།། བརྟན་ཞིང་བྱིན་འགྲོ་དེ ་བཞིན་དུ།། ཅུང་ཟད་གང་ནི་ས་ལ་ཡོད།། དེ་ཀུན་མཆོག་གི་དབང་པོ་ཡིས།། བདག་ཉིད་ཁྱབ་སྟེ་རབ་ཏུ་གནས།། ཞེས་པ་ལ་སོགས་པ་བསྟན་པ་སྟེ། དེའི་དོན་ཡང་དབང་ཕྱུག་གི་རང་བཞིན་བདག་ཤེས་པ་རིག་པ་གཉིསུ་མེད་པའི་དོན་དེ་ཉིད་ཞི་བ་སྟེ། ་ཐམས་ཅད་ཀྱི་བདག་ཉིད་ཡིན་ཞེས་པའོ།། འདི་ནི་མི་འཐད་དེ། དེ་ལྟར་རྟག་པར་སྣང་བ་ཆོས་ཅན། དངོས་པོ་ལ་མེད་དེ། རིམ་དང་ཅིག་ཅར་གྱིས་དོན་བྱེད་པའི་ནུས་པས་སྟོང་པའི་ཕྱིར་ཞེས་ཁྱབ་བྱེད་མི་དམིགས་པའི་གཏན་ཚིགས་ཀྱིས་རྟག་པ་ཉིད ་ཕྱིར་བཀག་པའི་ཕྱིར་རོ།། འདིའི་སྤྲོས་པ་ཞིབ་ཏུ་ནི་རིགས་པའི་བསྟན་ཆོས་དག་ལས་ཤེས་པར་བྱའོ།། ཡང་རང་གི་སྡེ་པ་རྣམ་རིག་ཙམ་དུ་སྨྲ་བ་ཁ་ཅིགོ་ཕྱིའི་དོན་ནི་ཀུན་རྫོབ་ཏུ་ཡོང་མེད་ལ། དེ་སོ་ན་ཁམས་གསུམ་པ་ནི་སེམས་ཉིད་རིག་པ་སྐད་ཅིག། ་མོའི་ངོ་བོ་སྔ་མ་སྡོ་མ་རྣམས་ལ་རེག་ལས་ཏེ། ཕྱི་མ་རྣམས་འབྱུང་བ་གཞན་གྱི་དབང་དང་། དེ་ཉིད་གཟུང་འཛིན་ལ་སོགས་པའི་ངོ་བོར་བརྟགས་པར་དབེན་པ་ནི། ཡོངསུ་གྲུབ་པའི་ངོ་བོ་སྟེ་དོན་དམ་པའི་དངོས་པོར་འདོད་དོ།། དེ་ལྟར་ན་བཅོམ་ལྡན ་འདས་ཀྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་མ་སྐྱེས་པ་མ་འགག་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ལ་སོགས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ ་ནི་དགོངས་པ་ཅན་ཡིན་པར་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་གསུངས་ཏེ། དགོངས་པའི་དོན་ཡང་ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངསུ་གྲུབ་པ་དོན་དམ་པ་ངོ ་བོ་ཉིད་མེད་པ་ལ་དགོངས་པའོ།། དེ་སྐད་དུ། ཡང་དོན་དམ་ཡང་དག་འཕགས་པ་དེ་ལ། ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་ཏུ་བརྟགས་པའི་མཚན་ཉིད་དེ། དེ་མིདོ་དང་བརྡར་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི། རང ་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་ནི་མ་ཡིན་པས། དེའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱའོ།། དོན་དམ་ཡང་དག་འཕགས་དེ་ལ་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། གཞན་གྱི་དབང་གི་མཚན་ཉིད་དེ། དེ་ནི་རྒྱུ་རྐྱེན ་གཞན་གྱི་དདང་གིས་སྐྱེའི། བདག་ཉིད་ཀྱིས་ནི་མ་ཡིན་པསོ་དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ།། དེ་ལ་སོགས་པ་དཔེ་དང་བཅས་དེ་རྒྱས་པར་བསྟན་ཏོ།། དེ་ལྟར་བྱས་ན་སེམས་ཉིད་རེག་པའི་གཞན་དབང་དང་ཡོངསུ་གྲུབ་པ་རྒྱུ་རྐྱེན ་གཞན་ལས་སྐྱེས་པ་ཉིད་དུ་བསྟན་པས་འདི་ནི་མེད་པ་མ་ཡིན་ལོ། མོད་པ་དང་མ་སྐྱེས་པ་ལ་སོགས་པར་བསྟན་པའི་དགོངས་དོན་ནི། སྔར་བསྟན་པ་བཞིན་དུ་མེད་པ་རྣམ་པ་གསུམ་ཡིན་ཞེས་པའོ།། །། འདི་ནི་མི་འཐད། མདོ་སྡེ ་དེ་ཉིད་ལས་སྒྱུ་མ་བྱས་པ་ཇི་ལྟ་བ་བཞིན་དུ་སྐྱེ་བ་ངོ་བོ་ཉིད་མེད་པ་ལྟ་བར་བྱའོ།། ཞེས་གསུངས་པས། སྒྱུ་མ་བཞིན་ཀུན་རྫོབ་ཏུ་རྒྱུ་རྐྱེན་གཞན་གྱི་དབང་གིས་སྐྱེའི་བདག་ཉིད་ལས་སྐྱེ་བ་མ་ཡིན་ལ། དོན་དམ་པར་ནི་རང་ངམ་གཞན་གང ་ལས་ཀྱང་སྐྱེ་བ་མི་འཐད་པས་གཞན་གྱི་དབང་གི་མཚན་ཉིད་ཀྱང་མེད་པར་བསྟན་ཏོ།། གཞན་ཡང་ངོ་བོ་ཉིད་མེད་པ་ལ་སོགས་པའི་དགོངས་དོན་དེ་ལྟར་བཤད་པ་རང་ཡང་། དགོངས་པ་ཅན་གྱི་མདོ་ཡིན་ཏེ། ་སྔར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་བདེན་པ་གཉིས་ཀྱིས་རྣམ་པར་དབྱེ་བ་ལ་སོགས་པ་མ་བྱས་པར་ངོ་བོ་ཉིད་མེད་པ་ལ་སོགས་པ་བསྟན་པ་ལ། དམིགས་པ་ཅན་གྱི་སྐྱེ་བོ་སྐྲག་པར་འགྱུར་བ་དེ་དག་གི་སྐྲག་པ་གསལ་བའི ་དོན་དུའོ།། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་སེམས་ཀྱི་ངོ་བོ་དོན་དམ་པའི་དངོས་པོར་ཡོད་པ་ལ། གནོད་པོར་བྱེད་པའི་ཚད་མ་དུ་མ་མདོ་སྡེ་འདི་ཉིད་དེ་སྟོན་པར་འགྱུར་ཞིང་། བསྟན་ཆོས་དག་ལས་ཀྱང་བཤད་དེ། སྐབས་སུ་དབ་པ་ན ་བསྟན་པར་བྱའོ།། གལ་ཏེ་རྣམ་པ་བདེན་པར་སྨྲ་བ་དག་གཟུགས་དང་སྒྲ་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པར་སྣང་བ་ནི། དོན་དམ་པར་སེམས་ཀྱི་ངོ་བོ་ཉིད་ཡིན་ཏེ། སེམས་དང་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཞེས་ལྔར་བསྟན་པ་ལྟར ་གཏན་ཚིགས་ཉིད་དུ་སྦྱོར་བར་བྱེད་ཅིང་། གཞན་ཡང་གསལ་བར་སྣང་ས་ཉིད་ཀྱི་ཕྱིར། སྣང་བ་སེམས་ཀྱི་ངོ་བོ་ཉིད་དུ་གྲུབ་པོ་ཞེ་ན། མི་འམད་དེ། དོན་དམ་པར་སེམས་ཀྱི་ངོ་བོར་བསྒྲུབ་པ་ལ་བལྟོས་ཏེ། འདི་དག་གཏན་ཚིགས་ཉིད་དུ་མི ་འཐད་དེ། དེ་ལ་དང་པོའི་དབང་དུ་བྱས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཐ་མལ་པ་སེམས་ཀྱི་རྣམ་པར་སྣང་བའི་ཚེ། དེ་ལྟར་སྣང་བའི་རྣམ་པ་ཡེ་ཤེས་ཀྱི་ངོ་བོ་དོན་དམ་པ་པ་ཡོན་ཡང་། དེ་ལ་རྣམ་པ་འཇོག་པར་བྱེད་པའི་ཐ་མལ་པའི ་སེམས་རྒྱུད་ཐ་དད་པ་དགག་པར་མི་ནུས་པ་བཞིན་དུ་གཟུགས་དང་སྒྲ་ལ་སོགས་པའི་རྣམ་པར་སྣང་བ་འཇོག་པར་བྱེད་པའི་ཕྱི་རོལ་ཐ་དད་དོན་དམ་པའི་དངོས་པོར་ཡོད་པ་དགག་པར་མི་ནུས་པས། ཐམས་ཅད་སེམས་ཙམ་ཉིད་དུ་བཞག ་པར་མི་ནུས་སོ།། གལ་ཏེ་དེ་འདྲ་བའི་ཕྱི་རོལ་སྔར་བསྟན་པ་ལྟར་གཅིག་དང་དུ་མ་དང་བྲལ་བ་ལ་སོགས་པའི་གཏན་ཚོགས་ཀྱིས་འགོག་གོ་ཞེ་ན། དེ་ནི་སེམས་ལ་ཡང་མཚུངས་པ་དེ་དོན་དམ་པའི་དངོས་པོར་འཇོག་པ་མི་འཐད་དོ།། ཀུན ་རྫོབ་སེམས་སུ་སྒྲུབ་པ་ལ་ནི་དེ་འདྲ་བའི་དཔྱད་པ་མི་མཚུངས་ཏེ། སྔར་བསྟན་པ་བཞིན་ནོ།། གཏན་ཚིགས་གཉིས་པ་ཡང་མི་འཐད་དོ།། གསལ་བ་ཙམ་གཏན་ཚིག་སུ་འགོད་ན་ནོ་སེམས་ཉིད་དོན་དམ་པའི་དངོས་པོར་སྒྲུབ་པ་ལ་འཁྲུལ ་པ་ཉིད་དུ་འགྱུར་ཞིང་། དོན་དམ་པའི་དངོས་པོར་གསལ་བའི་ཕྱིར་ཞེས་གཏན་ཚིག་སུ་འགོད་ན་ཡང་མ་གྲུབ་པར་འགྱུར་བའི་ཕྱིར་རོ།། ཡང་ཁྱད་པར་དུ་རྣམ་པ་བརྫུན་པ་རྣམས་ཀྱི་དབང་དུ་བྱས་ན་གཟུགས་ལ་སོགས་པའོ་རྣམ་པ་སེམས ་ལས་གཞན་པ་བཀག་པའི་མེད་པར་དགག་པ་ཉིད་བསྒྲུབ་བྱར་འདོད་ལ། དེ་ལྟ་ན་ལྷན་ཅིག་དམིགས་པ་ངེས་པ་ནི་ཇི་ལྟར་གཟུང་བའི་རྣམ་པར་སེམས་དང་ལྷན་ཅིག་དམིགས་པའང་ངེས་པ་བཞིན་དུ་སེམས་ཀྱང་བཟུང་བའི་རྣམ་པ་དང་ལྷན ་ཅིག་དམིགས་པ་ངེས་པར་འགྱུར་ཏེ། སྔར་བསྟན་པ་བཞིན་ནོ།། དེའི་ཕྱིར་སེམས་ཀྱང་གཟུང་བའི་རྣམ་པ་ལས་གཞན་བཀག་པ་ཙམ་གྱི་མེད་པར་དགག་པ་ཉིད་དུ་འགྱུར་བས། སེམས་ཙམ་དངོས་པོར་མི་འཐད་དོ།། དེ་ལྟ་ན་མ་ཡིན་ན་གཏན ་ཚིགས་འདི་མ་ངེས་པ་ཉིད་དུ་འགྱུར་བར་ཤིན་ཏུ་གསལ་རདབ་པ་ཉིད་དོ།། གཞན་ཡང་རྣམ་པ་སེམས་ལས་གཞན་ཡིན་པ་ཁེགས་ཀྱང་། དེ་ལས་མ་གཏོགས་པ་ཕྱི་རོལ་གྱི་ངོ་བོ་ཡོད་པ་མི་ཁེགས་ཏེ། ཇི་ལྟར་ཐམས་ཅད་མཁྱེན ་པའི་ཡེ་ཤེས་ལ་ཐ་མལ་པའི་སེམས་ཀྱི་རྣམ་པ་སྣང་བ་ན་དེ་འདྲ་བའི་རྣམ་པ་ཡེ་ཤེས་ལས་གཞན་མ་ཡིན་ཡང་། ཐ་མལ་པའི་སེམས་རྒྱུད་ཡེ་ཤེས་ལས་ཐ་དད་པ་དགག་པ་མི་ནུས་པ་བཞི་ནོ།། གལ་ཏེ་ཤེས་པ་རང་རིག་པའི་མངོན་སུམ ་ཉིད་ཀྱིས་གྲུབ་ལ། སེམས་རྒྱུད་ཐ་དད་པ་ཡང་རྣལ་འབྱོར་བ་རྣམས་ཀྱིས་ནི་གཞན་རིགས་པའི་ཆ་ཡིས་མངོན་སུམ་གྱིས་གྲུབ་ཅིང་། ཕལ་པ་རྣམས་ཀྱིས་ཀྱང་རྗེས་དགག་པའི་སྒོ་ནས་གྲུབ་པ་ཞེ་ན། ཀུན་རྫོབ་ཏུ་དེ་ལྟར་ཡིན་མོད་ཀྱི། དོན་དམ་པར། ་རང་རིག་པ་ཉིད་མི་འཐད་དེ། སྐབས་སུ་བབ་པ་ན་བསྟན་པར་བྱའོ།། དེ་ལྟར་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པས་སེམས་ཉིད་རིག་པ་དོན་དམ་པའི་དངོས་པོར་མི་འཐད་དོ།། དེ་སྐད་དུ་ཡང་། འཕགས་པ་དགེ་བའི་རྩ་བ་ཡོང་སུ་འཛིན་པ ་ལས། ཡང་དག་ཏུ་ན་རྣམ་པར་ཤེས།། ལུས་ཀྱི་ནང་ན་མི་གནས་ཏེ།། ལུས་ཀྱི་ཕྱི་རོལ་དགུ་ན་ཡང་།། རྣམ་པར་ཤེས་པ་མི་སྲིད་དོ།། ཆོས་རྣམས་ཀུན་ལ་རྣམ་ཀུན་ཏུ།། རྣམ་པར་ཤེས་པ་མི་སྲིད་དེ།། འདི་ཡིས་གནས་དང་གནས་མེད་དང་།། འཕོ ་པ་ཡང་ནི་མི་ཤེས་སོ་ཞེས་པ་ལ་སོགས་པ་རྒྱས་པར་གསུང་སོ།། འཕགས་པོ་སྟུག་པོ་བཀོད་པའི་རྐྱེན་ལས་ཀྱང་སེམས་ཙམ་དུ་བསྟན་པའི་རྗེས་ལ། སེམས་མེད་ཙམ་པོའང་ཡོད་མ་ཡིན།། ཚད་དང་གཞལ་དང་གཉིས་ཀ་མེད་ཅེས་པ་ལ ་སོགས་པ་གསུང་སོ།། འཕགས་པ་བཟུང་གི་མདོ་ལས་ཀྱང་། ལྷའི་བུ་དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ན་མཁའ་དང་འདྲ་བར་ཤེས་ཤེ་ན། ལྷའི་བུ་ཁམས་གསུམ་པ་ནི་སེམས་ཙམ་དུ་ཟད་ལ། སེམས་དེ ་ཡང་གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ་རྣམ་པར་རིག་པར་བྱེད་པ་མོ་ཡིན་སྒྱུ་མ་ལྟ་བུ་སྟེ། སེམས་དེ་ཡང་སེམས་ཀྱི་ཆོས་ཉིད་ཀྱིས་ཡོངསུ་བཙལ་ཀྱང་མི་རྙེད་དོ།། སེམས་གང་གིས་སེམས་ཡོངསུ་ཚོལ་བའི་སེམས་དེ་ཡང་མི་རྙེད་དོ།། ། ་དེ་སེམས་མི་དམིགས་པས་ཆོས་ཐམས་ཅད་མི་དམིགསོ་ཞེས་པ་ལ་སོགས་པ་གསུང་སོ།། དེ་བཞིན་དུ་ཁུངས་ཀྱི་མདོ་ནི་དུ་མ་ཉིད་སྣང་མོད་ཀྱི་གཞུང་མངས་ཀྱིས་དོགས་པས་མི་བྲིའོ།། གལ་ཏེ་དེ་ལྟ་ན་སྔར་བསྟན་པ་ལྟར་ཁམས་གསུམ་སེམས་ཙམ ་དུ་བསྟན་པ་དང་། མདོ་གཞན་དག་ལས་ཀྱང་འཇིག་རྟེན་སེམས་ཀྱིས་བྲིས་པ་སྟེ། སེམས་ཀྱིས་སེམས་ནི་མི་མཐོང་ངོ་།། དགེ་བའི་མ་འོན་ཏེ་མི་དགེ་བའི།། ལས་ནི་སེམས་ཀྱིས་བསགས་པ་ཡིན།། སེམས་ནི་འགལ་མེ་བཞིན་དུ་འཁོར།། སེམས ་ནི་རྟ་ལྟར་འཁྱམ་པ་སྟེ།། སེམས་ནི་ནགས་ཀྱི་མེ་བཞིན་སྲེག། སེམས་ནི་ཆུ་ཆེན་བཞིན་དུ་སྐྱེ། ཞེས་པ་ལ་སོགས་པ་བསྟན་པ་དང་། མདོ་སྡེ་འདི་ཉིད་ལས་ཀྱང་། སེམས་ཙམ་དངོས་པོ་ཉིད་དུ་བསྟན་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་དག་ནི་ཀུན ་རྫོབ་པ་ལ་དགོངས་ཏེ་བསྟན་པས་སོ།། དེ་སྐད་དུ་ཡང་མདོ་སྡེ་དག་ཉིད་ལས། སེམས་ཀྱིས་སེམས་ནི་མི་མཐོང་ངོ་།། ཞེས་གསུངས་པ་དང་། སྔར་བསྟན་པ་ལྟར་སྟུག་པོ་བཀོད་པའི་རྒྱན་ལ་སོགས་པའི་རྗེསུ་འབྲངས་ཏེ་རྟོགས་པར་བྱའོ།། མདོ ་འདི་ཉིད་ལས་བསྟན་པའི་དོན་ནི་སྐབས་སུ་བབ་པ་ན་བཤད་པར་བྱའོ།། དེས་ན་འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཕྱིའི་དོན་ནི་ཀུན་རྫོབ་ཙམ་དུ་ཡང་མེད་ཅིང་སྣང་བ་ཐམས་ཅད་སེམས་ཙམ་ཉིད་ཡིན་ལ། སེམས་ཀྱི་རང ་བཞིན་དེ་ཡང་གང་ཞེ་ན། ཀུན་རྫོབ་ཏུ་ནི་མྱོང་ཞིང་རིག་པ་ཙམ་ཡིན་ཏེ། སེམས་ཐམས་ཅད་ལ་རྗེས་སུ་འདྲང་ཞིང་གཞན་ལ་མེད་པའི་ཕྱིར། མོ་ལ་ཚ་བ་ཉིད་བཞི་ནོ།། དད་པ་དང་འདོད་ཆགས་ལ་སོགས་པ་རྣམས་ནི་རེས་འགའ་བ་ཉིད་དུ་དམིགས ་པའི་ཕྱིར་སེམས་ཀྱི་གནས་སྐབས་གློ་བུར་བ་ཡིན་ཏེ། ཇི་ལྟར་ཆུའི་རྙོག་མ་ལ་སོགས་པ་བཞིན་ནོ།། དེ་སྐད་དུ་ཡང་འཕགས་པ་སྣང་པོ་བསམ་གྱིས་མི་ཁྱབ་པ་ལས་ཁྱེའུས་གསོལ་པ། རྣམ་རྟོག་མང་པོ་ཅི་འཚལ་ཏེ།། སེམས་ནི་རང་བཞིན་འོད ་གསལོ་ཞིང་།། དེ་ལ་ཉོན་མོངས་མི་འབྱུང་ཏེ།། ནམས་ཀྱང་ཉོན་མོངས་དེ་མི་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྐད་སྨྲས་པ་དེ་བཞིན་ཏེ། སེམས་ནི་རྟག་ཏུ་འོད་གསལ་ཀྱང་།། གློ་བུར་ཉེ་བའི་ཉོན་མོངས་ཀྱིས།། སོ་སོའི་སྐྱེ་བོ་ཉོན་མོངས ་འགྱུར་ཞེས་གསུང་སོ།། མདོ་འདི་ཉིད་ལས་ཀྱང་། སེམས་ནི་རང་བཞིན་དང་བ་སྟེ།། རྙོག་པར་བྱེད་པ་ཡིད་ཡིན་ནོ།། ཞེས་པ་ལ་སོགས་པ་གསུང་སོ།། དོན་དམ་པར་ནི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་ཏེ། དེ་ལྟར་རིག་པ་དང་སྟོང་པོ་ཡང་ཕན་ཚུན ་ཁྱབ་པ་སྟེ། དེའི་ཕྱིར་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་རྣམ་རིག་སྒྱུ་མ་ལྟ་བུའོ།། དེ་སྐད་དུ་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ལས་རྣམ་ཤེས་དེ་ནི་སྒྱུ་མ་མཚུངས་ཞེས་པ་དང་། འཕགས་པ་ཟུང་གི་མདོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལས་ཀྱང་སེམས་ཉིད་སྒྱུ་མ་ལྟ་བུར་གསུངས་པས་སོ།། འདིར་རིག་པའི་སྟོབས་ཀྱིས་ཀྱང་གྲུབ་པ་ཉིད་དེ། ཆོས་ཅན་དང་དགག་བྱ་ལ་སོགས་པ་ནི་སྔར་བསྟན་པའི་རྗེསུ་འབྲངས་ཏེ། རྟོག་པར་བྱའོ།། གཏན་ཚིགས་སྦྱོར་བའི་ཚུལ་ཡང་། གང་གཅིག ་དང་དུ་མ་དང་བྲལ་བའི་ངོ་བོ་དེ་ནི་སྒྱུ་མ་ཉིད་ཡིན་ཏེ། དཔེར་ན་སྒྱུ་མའི་རྟ་གླང་ཉིད་བཞིན་ནོ།། ཇི་ལྟར་སྣང་ཞིང་མྱོང་བའི་སེམས་ཀྱང་། གཅིག་དང་དུ་མ་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེས་པོ་སྟེ། ཁྱབ་པར་བྱེད་པ་མི་དམིགས་པའམ། རང་བཞིན་གྱི ་གཏན་ཚིག་ཉིད་ཡིནོ།། སྔར་གཟུགས་ལ་སོགས་པར་སྣང་བ་སྒྱུ་མ་ཉིད་དུ་བསྒྲུབ་པས་ཀྱང་། སེམས་ཉིད་སྒྱུ་མོ་ལྟ་བུར་བསྒྲུབས་པ་ཡིན་ཏེ། སྣང་བ་ཙམ་གྱི་ཆོས་ཅན་སེམས་ཉིད་ཡིན་པོའི་ཕྱིར་རོ།། འདིར་གཞན་དང་ཕྱི་རོལ་ལམ། སེམས་གང་ཡིན་ཡང ་རུང་སྟེ། སྒྱུ་མ་ཉིད་དུ་རིགས་པས་གྲུབ་ཅིང་མི་གནོད་ན། དེ་ཉིད་ཡང་དག་པ་ཉིད་འགྱུར་ཏེ། རིགས་པས་གྲུབ་ལུགས་དེ་བཞིན་དུ་བདེན་པ་ཉིད་ཀྱི་ཕྱིརོ།། གཞན་ཡང་ཇི་ལྟར་སྣང་ཞིང་མྱོང་བ་སྒྱུ་མར་རིགས་པས་གྲུབ་ཅིང་མི་གནོད་པ་ཡིན་ན། དེ ་ཉིད་ཡང་དག་ཉིད་དུ་ཡོད་ཅེས་ཀྱང་ཅིའི་ཕྱིར་ན་ཁསྣ་མི་བླང་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ཇི་ལྟར་རིགས་པས་གྲུབ་པའི་ཚུལོ་དེ་ལྟར་ཡང་དག་ཉིད་དུ་འགྱུར་བ་ནི་འདོད་པ་ཉིད་ཡིནོ།། དེ་ལྟ་ན་དགག་བྱ་ཉིད་དུ་འགྱུར་ཞེ་ན། ་ཡང་དག་ཡིན་པ་ཙམ་གྱིས་དགག་བྱར་འགྱུར་བ་ནི། ཁྱབ་པ་ཉིད་མ་གྲུབ་སྟེ། དགག་བྱ་ནི་ཡང་དག་གི་དངོས་པོ་ཉིད་ཡིན་པའི་ཕྱིརརོ།། གལ་ཏེ་རིགས་པས་གྲུབ་ཅིང་མི་གནོད་པའི་ཕྱིར་ཡང་དག་གི་དངོས་པོ་ཉིད་དུ་འགྱུར་ཞེ་ན། དེ་ཡང་ཁྱབ་པ་མཐུ ་སྟེ། བདེན་པའི་དངོས་མིན་མྱོང་བ་ཙམ།། རིག་སྟོང་དབྱེར་མེད་ངོ་བོ་གང་།། རྣམ་རིག་དབུ་མའི་ཚུལ་ལུགས་ལ།། དེ་བཞིན་རིགས་པས་རྟོགས་པའི་ཕྱིར།། བདེན་པའི་དངོས་པོར་འགྱུར་ན་ནི།། ཚད་མ་དངོས་པོའི་བྱེད་པ་རུ།། ཅི་ཡི་ཕྱིར་ན ་མི་འགྱུར་སྨྲོས།། གལ་ཏེ་དེ་ལྟར་འདོད་ཅེ་ན།། ཤེས་པའི་བྱེད་པ་ཞུགས་པ་ནི།། ཤེས་བུ་གཞན་དུ་འགྱུར་བ་དང་།། བྱེད་པ་མ་སྐྱེས་སྔོན་རོལ་ན།། ཚད་མར་ཐ་སྙད་གདགས་པ་ཡི།། རྟེན་མེད་ཕྱིར་ན་ཚད་མ་ཉིད།། ཐམས་ཅད་དུ་ནི་མེད་པོར་འགྱུར།། གལ་ཏེ་སྒྱུ་མ ་དང་ཡང་དག་པ་ཉིད་ནི་འགལ་ཏེ། སྒྱུ་མའི་དོན་ནི་གསོབ་ཉིད་དང་། གསོག་ཉིད་སྙིང་པོ་མེད་པ་ཡིན་ལ། ཡང་དག་པོ་ནི་དེ་ལོས་བཟློག་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ཇི་ལྟར་སྒྱུ་མ་མ་ཡིན་པ་ལ་སྒྱུ་མར་བཏགས་པ་ནི། སྒྱུ་མ་ཡང་དག་པ་མ་ཡིན་གྱི ་སྒྱུ་མ་ཉིད་ལ་སྒྱུ་མར་རྣམ་པར་བཞག་པ་ནི། དེ་ལྟར་བདེན་པས་སྒྱུ་མ་ཡང་དག་པ་ཞེས་བྱ་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་སྒྱུ་མ་མཁན་བཟང་པོས། སྤྲུལ་པའི་སྒྱུ་མ་ནི་སྒྱུ་མ་ཡང་དག་པ་མ་ཡིན་གྱི། དེ་བཞིན་གཤེགས ་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གསུངས་པའི་སྒྱུ་མ་ནི། སྒྱུ་མ་ཡང་དག་པ་ཡིནོ་ཞེས་གསུངས་པའི་ཕྱི་རོ།། བརྩད་པ་གཉིས་པ་ཡང་མི་འཐད་དེ། སྣང་ཞིང་མྱོང་བ་ཡང་དག་པའི་དངོས་པོར་ཡོད་པ་ལ། ཡང་དག་གི་གཅིག་དང་དུ་མས་ཁྱབ་པ ་ལས། དེ་འདྲ་བའི་ཁྱབ་བྱིད་མི་འཐད་པའི་ཕྱིར་རོ།། འདིར་སྒྱུ་མར་རིགས་པས་གྲུབ་ཅིང་མི་གནོད་པ་ལ་ནི། དེ་ལྟར་འགྱུར་བ་མ་ཡིན་ཏེ། སྔར་བསྟན་པ་ཚད་མོ་དངོས་པོ་འཆོས་པར་བྱེད་པའི་བྱེད་པ་པོ་མ་ཡིན་པས། བདེན་པའི་དངོས་པོར་མ་གྲུབ ་པའི་སྒྱུ་མ་ལ་དེ་ལྟར་ཚད་མས་རྟོགས་ཀྱང་ཡང་དག་གི་དངོས་པོར་མི་འགྱུར་བས་ཡང་དག་གི་གཅིག་དང་དུ་མ་ལ་སོགས་པའི་དཔྱད་པ་མི་འཇུག་ཅེས་པའོ།། ཡང་གཞན་དག་ཇི་ལྟར་སྣང་ཞིང་མྱོང་བ་སྒྱུ་མ་ཉིད་ཡིན་ཞིང་། དེ་ཡང་དོན་དུ་མ ་པའི་བདེན་པར་ཁས་ལེན་ན། སྔོན་གྱི་སློབ་དཔོན་དག་གིས་བཤད་པའི་ཡང་དག་པའི་ཀུན་རྫོབ་དང་ཁྱད་པར་མེད་པར་འགྱུར་ཏེ། ཇི་སྐད་དུ། བརྟགས་པའི་དོན་གྱིས་དབྱེན་འགྱུར་ཞིང་།། དངོས་ཙམ་བརྟེན་ནས་གང་སྐྱེས་པ།། ཡང་དག་ཀུན་རྫོབ་ཤེས ་པར་བྱ། ཞེས་གསུངས་པའོ།། དེའི་དོན་ཀྱང་ཡང་དག་པའི་ཀུན་རྫོབ་ནི་གཟུགས་ལ་སོགས་པར་སྣང་བ་འདི་ཉིད། དོན་དམ་པར་སྐྱེའོ་འགག་གོ་ཞེས་པ་ལ་སོགས་པར་བརྟགས་པའི་དོན་གྱི་དབེན་པ་དང་། དངོས་པོ་ཙམ་དུ་གྲུབ་པ་དང་། རྒྱུ་དང་རྐྱེན ་ལ་བརྟེན་ནས་སྐྱེས་པའོ།། དེ་ནི་ཇི་ལྟར་ཁྱོད་ཀྱིས་འདོད་པའི་རྣམ་རིག་སྒྱུ་མ་ཙམ་ལ་ཡང་མཚུངས་པ་ཉིད་དུ་སྣང་ངོ་ཞེ་ན། སྐྱོན་མོད་དེ། འདིར་སྒྱུ་མ་ལྟ་བུའི་དོན་ནི་དངོས་པོ་ཙམ་དང་། རྒྱུ་དང་རྐྱེན་ལ་བརྟན་ནས་སྐྱེ་བར་སྣང་ཡ་། སྐྱེ་བ་དོན་དམ་པའི ་དངོས་པོ་ལ་སོགས་པས། སྟོང་པ་ཟུང་དུ་འཇུག་པའི་རང་བཞིན་ཡིན་ལ། ཡང་དག་པའི་ཀུན་རྫོབ་ནི་དེ་ལྟ་བུས་ཁྱད་པར་དུ་མ་བྱས་པའི་དངོས་པོ་ཙམ་ལ་སོགས་པ་ཡིན་པའི་ཕྱིར་རོ།། བརྟགས་པའི་དོན་གྱིས་དབྱེ་ནི་ཞེས་པ་ནི། དེ་ལྟར་རྟོག་པའི ་གཟུང་བ་མ་ཡིན་པ་ལ་བྱའོ།། དེ་ལྟར་བརྟགས་པའི་ཞེ་ན་ཡུལ་སྐྱེ་བ་ལ་སོགས་པའི་དངོས་པོས་སྟོང་པ་ནི་འདིར་ཚོད་ཆེ་བ་མ་ཡིན་ནོ།། གལ་ཏེ་ཡང་དག་པའི་ཀུན་རྫོབ་གཟུགས་ལ་སོགས་པར་སྣང་བ་འདིའི་རང་བཞིན་དེ་ཁོ་ན་ཉིད་ནི། དེ་ལྟ་བུའི ་སྐྱེ་བ་ལ་སོགས་པས་སྟོང་པའི་ཕྱིར་མཚུངས་པར་འགྱུརརོ་ཞེ་ན། དེ་ཅིའི་ཕྱིར་ཀུན་རྫོབ་ཀྱི་རང་བཞིན་དེ་ཁོ་ན་ཉིད་དོར་དམ་པ་དང་། ང་མེད་པར་འགྱུར་བ་ནི་འདོད་པ་ཉིད་དེ། ཇི་སྐད་དུ། ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང ་ཡིན་པ་དེ་ཉིད། དོན་དམ་པའི་དེ་བཞིན་ཉིད་དོ།། ཞེས་པ་ལ་སོགས་པ་སྔར་བསྟན་པ་བཞི་ནོ།། དེ་ལྟར་བཤད་པའི་སྒོ་ནས་ཀྱང་བརྩད་པ་སྤང་བར་ནུས་མོད་ཀྱི། འོན་ཀྱང་འདི་ནི་རྣམ་པ་གཞན་ཡིན་ཏེ། ཇི་སྐད་དུ། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ།། ། ་དམ་པའི་དོན་དུ་རང་བཞིན་མེད།། རང་བཞིན་མེད་ལ་འཁྲུལ་པ་གང་།། དེ་ནི་ཀུན་རྫོབ་བདེན་པ་ཡིན།། ཞེས་འོག་ནས་སྟོན་པར་འགྱུར་ལ། དེའི་དོན་ཡང་ཤེས་པ་ཇི་ལྟར་སྣང་ཞིང་མྱོང་བ་འདི་རྣམས་ཀྱི་རང་བཞིན་དེ་ཁོ་མོ་ཉིད་ནོ།། དོན་དམ ་པའི་བདེན་པ་ཡིན་ལ། དེ་ལས་ཕྱིན་ཅི་ལོག་ཏུ་འཁྲུལ་པའམ་འཁྲུལ་པའི་སྣང་བ་ནི། ཀུན་རྫོབ་ཀྱི་བདེན་པ་སྟེ། འདིར་རྣམ་རིགས་སྒྱུ་མ་ལྟ་བུའི་ཚུལ་ནི་དེ་ལྟ་མ་ཡིན་པས། ཡང་དོག་པའི་ཀུན་རྫོབ་ཉིད་དུ་མི་འགྱུ་རོ།། གལ་ཏེ་ཡང་སྒྱུ་མ་ནི་དངོས ་པོའི་ཆ་བྱེད་འཛིན་པས། དེ་ལྟར་རིགས་པའི་སྟོབས་ཀྱིས་གྲུབ་ཅིང་མོ་གནོད་ནི། བདེན་པའི་དངོས་པོ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ནི། བློ་གྲོས་འདི་ནི་ལོག་པ་སྟེ། སྟོང་པ་སྤངས་པའི་དངོས་པོ་འབའ་ཞིག་གི་ལྡོག་པ་ནས། རིག་པས ་གྲུབ་པོ་ཉིད་དུ་སུ་ཡང་ཁས་མི་ལེན་ལ། དངོས་པོ་ཙམ་དང་བདེན་པའི་དངོས་པོས་ཟུང་དུ་འཇུག་པའི་དོནི་རིགས་པས་གྲུབ་པ་ཉིད་དུ་འདོད་དེ། དེ་ལ་ནི་སྔར་བསྟན་པ་ལྟར་ཉེས་པས་གོས་པ་མ་ཡིནོ།། ཡང་གཞན་དག་གལ་ཏེ་དོན ་དམ་པར་སྟོང་པ་ཉིད་དུ་ཁས་ལེན་ན། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། ཞེས་གསུངས་པ་དང་། སྐབས་ཀྱི་དོན་ཆོས ་དང་ཆོས་མིན་པ་ནི་ཤེས་རབ་ཀྱིས་སྤང་བར་བྱ་བར་གསུངས་པ་དང་། འོག་ནས་ཀྱང་། དེ་བས་ཡོད་པར་མི་བརྟག་ཅིང་། མེད་པ་ཉིད་དུའང་བརྟག་མི་བྱ་ཞེས་པ་ལ་སོགས་པོ་གསུངས་པ་དང་། ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་།། ་འོད་སྲངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི། དེ་ལྟ་མ་ཡིན་ཞེས་གསུངས་ཏེ། དེ་ལ་སོགས་པ་མདོ་སྡེ་དུ་མ་དང་འགལ་བར་འགྱུར་ཞིང་། འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས་ཀྱང་། རྒྱལ ་བས་སྙི་ཉིད་ལྟ་བ་ཀུན།། ལྟ་ཀུན་ངེས་པར་འཇོམས་པར་གསུངས།། གང་དག་སྟོང་པ་ཉིད་ལྟ་བ།། འདི་ནི་གསོ་རུ་མེད་པར་གསུངས། ཞེས་བསྟན་པ་དང་ཡང་འགལ་བར་འགྱུར་ལ། ཡང་དགག་པ་ཡོད་པ་མ་ཡིན་པས། ཡང་དག་ཏུ་ན་བཀག་མེད ་གསལ་ཞེས་བསྟན་པའི་རིགས་པའི་སྟོབས་ཀྱིས་ཀྱང་གནོད་པར་འགྱུར་རོ་སྙམ་དུ་སེམས་ན། སྐྱོན་མེད་དེ། འདིར་སྟོང་པ་ཉིད་འབའ་ཞིག་ནི་ཁས་ལེན་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད་ཅོའི་འོག་ནས་སྟོན་པས་སྔ་མ་ལྟར་ཡིས་པ་དང ་སྟོང་པ་ཟུང་དུ་འཇུག་པ་སྒྱུ་མ་ལྟ་བུའི་དོན་ཉིད་སྣང་ཞིང་མྱོང་བའི་ཆོས་ཅན་ལ་བརྟེན་ནས་དེ་ཁོ་ན་ཉིད་སྤྱོད་པའི་སྐབསུ་ཁས་ལེན་པའོ།། དེ་ལྟ་ན་ཡང་དོན་དམ་པར་སྟོང་ཞིང་མེད་པ་ཡིན་མོད་ཀྱི། མདོ་སྡེ་དག་གི་དོན་ནི་དངོས་པོ་སྔོན ་དུ་སོང་ནའམ། དངོས་པོའི་ཟླ་འོ་ལ་བལྟོས་ནས་བློའི་བྱེད་པས་སྒྲོ་བཏགས་པའི་སྟོང་པའམ་མེད་པར་འདྲ་བ་དང་། དེར་སྒྲོ་འདོགས་ཀྱི་བློ་དགག་པར་བྱ་བའི་ཕྱིར་གསུངས་པ་ཡིན་གྱི། ཟུང་དུ་འཇུག་པའི་དོན་རང་བཞིན ་སྟོང་པ་ཉིད་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཀྱི་སྙིང་པོའི་དོན་ཡིན་ཞིང་། དེ་ལྟར་སྟོན་པའི་གཞུང་ཡང་དུ་མ་ཡོད་མོད་ཀྱི། འདིར་ཁུངས་ཉིད་དུ་མི་བྲི་སྟེ་ཤེས་པར་ཟད་དོ།། དེས་ན་རྟོག་པ་དང་བཅས་པའི་བློ་ཡིས་སྤྲོས་པའི་མཐའ་ཐམས་ཅད ་དང་བྲལ་བའོ་ཞེས་བརྟགས་ཤིང་ཡུལ་དུ་བྱས་ཀྱང་། དེ་ནི་སྤྲོས་པ་དང་བྲལ་བ་ཟབ་མོའི་དོན་ཁོ་ན་ཉིད་མ་ཡིན་ཏེ། བློ་དེ་ནི་བརྗོད་པ་དང་འདྲེ་རུང་བའི་དོན་སྒྲོ་བཏགས་པ་སྤྱིའི་རྣམ་པ་ཉིད་ཡུལ་དུ་བྱེད་པའི་ཕྱིརོ།། དེའི་ཕྱིར་འདིར་རྗེ་སུ་དཔག་པའི ་ཚད་མས་སེམས་ཀྱིས་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ། རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་ལ་འཇལ་བ་ན། དེ་ཉིད་ཀྱི་མངོན་པའི་ང་རྒྱལ་གྱིས་སེམས་ཀྱི་ཆོས་ཉིད་རྟོག་པར་རློམ་ཡང་།། དེའི་ཆོས་ཉིད་ཇི་ལྟ་བ་བཞིན་རྟོགས་པ ་མ་ཡིནོ།། དེ་ལྟ་ན་ཡང་དངོས་པོ་ལ་སོགས་པར་སྒྲོ་འདོགས་པའི་སྤྲོས་པ་ཕྱོགས་རེ་གཅོད་པས། རྟོགས་པ་དང་ལྡན་པ་རྣམས་ཀྱིས་བཙལ་པས་གཏན་ལ་དབབ་པར་བྱ་བ་ཉིད།། གལ་ཏེ་དེ་ལྟ་ན་དེ་ཉིད་གང་གི་ཡུལ་དུ་འགྱུར་ཞེ་ན། འཕགས་པ ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རིགས་པར་བྱ་བ་ཉིད་དོ།། ཡང་གལ་ཏེ་དགག་བྱའི་དངོས་པོ་མེད་པས་དེ་བཀག་པའི་མེད་པའམ། སྟོང་པ་ཉིད་མི་འབོད་ཅེས་པ་ཡང་དཔྱད་པར་བྱ་སྟེ། འདིར་དགག་ཏུའི་དངོས་པོ་མེདོ།། དངོས་པོ ་སྣང་བ་མ་འགགས་པ་ཙམ་གྱི་རང་བཞིན་སྟོང་པ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་དུ་ཁས་ལེན་ཏེ། དེ་ནི་མ་གྲུབ་པ་མ་ཡིན་ཏེ། གཞན་དུ་ན་ཕ་རོལ་པོ་ཉིད་ཀྱི་གཏན་ཚིགས་ཀྱང་མ་གྲུབ་པར་འགྱུར་བའི་ཕྱིར།། ཡང་དངོས་པོ་སྔོན་དུ་སོང་བའམ།། ་དེ་ལ་བལྟོས་པས་བརྟགས་པའི་བཀག་པ་ནི་ཁས་མི་ལེན་པའི་ཕྱིར་འདི་ནི་གྷ་ནི་ཙམ་དུ་ཟ།། ། དེས་ན་དབུ་མ་པར་སྨྲ་བ་ཁ་ཅིག་གསུང་རབ་ཀྱི་མཆོག་འགའ་ཞིག་གམ། འདིན་ནི་ཡོད་ཉིད་འགྲོ། ཉིད་ཀྱི།། མེདོ་ཉིད་སྒྲུབ་པར་བྱེད ་པ་མིན་ཞེས་པ་དང་།། གཞན་ཡང་། ཡོད་དང་མེད་དང་ཡོད་མེད་ཅེས།། ཁས་མི་ལེན་པ་གང་ཡིན་པ།། དེ་ལ་ནན་ཏན་ལྡན་པས་ཀྱང་།། ཅིར་ཡང་ཀླན་ཀ་བྱ་མི་ནུས། ཞེས་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་བཤད་པའི་གཞུང་ལ་བརྟན་ནས། ཇི་ལྕི ་སྣང་བ་ཙམ་གྱི་ཆོས་ཅན་ལ། དེ་ཁོ་ན་ཉིད་དུ་ཡོད་མེད་དཔྱོད་པའི་སྐབསུ། དགག་པར་བྱ་བ་ནི། གང་ཞིག་རིགས་པས་གྲུབ་ཅིང་མི་གནོད་པ་ཡིན་ལ། དགག་བྱ་རྣམ་པར་བཀག་པ་ལས་གཞན་བསྒྲུབ་པར་བྱ་བ་ནི་ཁས་མི་ལེན་ཏེ། དེས་ན་དེ་ཁོ་ན ་ཉིད་དུ་ཡོད་པ་དང་། མེད་པ་ལ་སོགས་པའི་མཐའ་ཐམས་ཅད་དང་བྲ་བ་ཞིང་། མངོན་པར་འདོད་པའི་བསྒྲུབ་པར་བྱ་བ་ནི་ཅུང་ཟད་ཙམ་ཡང་མེད་དེ། ཁས་ལེན་ཐམས་ཅད་དང་བྲལ་བའོ་ཞེས་ཟེར་རོ།། འདི་ནི་མི་འཐད་དེ། བསྒྲུབ་པར་བྱ་བ་ལ་སོགས ་དོན་དམ་པའི་དངོས་པོར་ནི་དབུ་མ་པ་སུ་ཡང་ཁས་མི་ལེན་པས། འདི་ནི་ཀུན་རྫོབ་རྣམ་པར་བཞག་པ་ཙམ་དུ་ཡང་མེད་པར་འདོད་པ་ཡིན་ལ། དེ་ལྟ་ན་བསྒྲུབ་པ་ཤེས་པར་འདོད་པ་མེད་པས། ཤེས་པར་འདོད་པའི་བྱེ་བྲོག་དང་ལྡན་པའི ་ཆོས་ཅན་མ་གྲུབ་པའི་ཕྱིར། དེ་ལ་བརྟེན་པའི་གཏན་ཚིགས་ཀྱི་མཚན་ཉིད་ཚུལ་དང་པོ་ཀུན་རྫོབ་ཙམ་དུ་ཡང་མེད་པར་འགྱུརརོ།། དེའི་ཕྱིར་རང་གི་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པ་མི་འཐད་དོ།། གལ་ཏེ་རང་ལ་འདོད་པའི་བསྒྲུབ་བྱ ་མེད་ཀྱང་གཞན་གྱི་ཕྱོགས་དགག་པར་འདོད་པ་ཀུན་རྫོབ་ཙམ་དུ་ཡོད་ཅིང་། དེའི་རྟེན་དེ་ཉིད་ཤེས་འདོད་ཀྱི་ཆོས་ཅན་ཡིན་པས་སྐྱོན་མེད་དོ་ཞེ་ན་དེ་ལྟ་ན་དེ་ཉིད་བསྒྲུབ་བྱར་འགྱུར་ཏེ། གཞན་གྱི་ཕྱོགས་དགག་པར་འདོད་པ་ནི་རྒོལ་བ་དེ་ཉིད་ཀྱི་མངོན་པར ་འདོད་པ་ཡིན་ཏེ། གཞན་དུ་མཁའ་ལ་འཕྱོ་བ་ལྟ་བུ་གང་ཟག་གི་རྒྱུད་དང་མ་འབྲེལ་པ་གཅིག་ནི་མི་འཐད།། དེ་ཉིད་ཀྱི་ཕྱིར་ཁོ་བོ་ཅག་ལ་འདོད་པ་མེད་ཅེས་པ་ཡང་། རང་གི་ཚིག་དང་འགལ་བ་ལོ་ཀུན་ཏུ་སྤྱོད་པར་སྣང་ངོ་།། དེ་ལྟར་བསྒྲུབ་བྱའི་མཚན་ཉིད ་རྒོལ་བ་བདག་ཉིད་ཀྱིས་འདོད་པ་དང་ལྗོན་ཞིང་། འདོད་པའི་དོན་དེ་ཉིད་ཕྱིར་རྒོལ་བ་གཞན་ལ་ཡང་གྲུབ་ན་ནི། རྟགས་འགོད་པ་ལ་སོགས་པའི་བྱེད་པ་དོན་མེད་པར་འགྱུར་ཏེ། དེའི་ཕྱིར་འདོད་པའི་དོན་དེ་ཉིད་ཕྱིར་རྒོལ་བ་ལ་མ་གྲུབ་ཙོང་། ཡང་མངོན ་པར་འདོད་པའི་དོན་ལ་མངོན་སུམ་ལ་སོགས་པའི་བསལ་བ་འཇུག་པར་གྱུར་ན་ནི། གཞན་གྱི་ཕྱོགས་དགག་པར་མི་ནུས་པས། དེའི་ཕྱིར་མ་བསལ་བ་ཉིད་ཀྱང་ཡིན་ནོ།། དེ་ལྟ་ན་བསྒྲུབ་པར་བྱ་བའི་མཚན་ཉིད་ནི་རིགས་མི་མཐུན་པར་སེལ་བར ་བྱེད་ལ། རང་གི་ངོ་བོ་དང་། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་དང་། མ་བསལ་བ་དང་རྣམ་པ་གསུམ་གྱིས་མཚོན་པར་ནུས་ཤིང་། ཆོག་པ་ཉིད་དུ་རིགས་པའི་བསྟན་ཆོས་དག་ལ་བཤད་པས། འདིར་གཞན་གྱི་ཕྱོགས་དགག་པར་འདོད་པའི་དོན་དེ་ཉིད ་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ།། གལ་ཏེ་འདྲིར་གཞན་གྱི་ཕྱོགས་འགེགས་ཀྱིས། བསྒྲུབ་པ་ཉིད་དུ་ཁྲུས་མི་ལེན་པས། དེ་འང་མ་གྲུབ་པ་དང་མ་གྲུབ་པ་ཉིད་དུ་བརྟགས་ནས་སུན་འབྱིན་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། འདི་ལྟར་འགག་པར ་བྱ་བ་གཞན་གྱི་ཕྱོགས་དེ་ཉིད་ཡོད་དམ་མེད་ཅེས་བརྟག་པར་བྱའོ།། དེ་ལ་དང་པོ་ལྟར་ན་དགག་པར་མི་ནུས་ལ། གཉིས་པ་ལྟར་ན་དགག་མི་དགོས་སོ་ཞེས་བསྟན་པར་བྱའོ།། གལ་ཏེ་དགག་པར་བྱ་བ་མེད་པ་ལོ་མེད་པ་ཉིད་དུ་གཞན་གྱིས་མ ་རྟོགས་པས། དེ་ལྟར་ཤེས་པར་བྱེད་པ་ཉིད་དགག་པའི་དོན་ཡིན་པས་སྐྱོན་མདོ་ཞེ་ན། མི་འཐད་དེ། མ་ཤེས་པ་དང་མ་གྲུབ་པ་ཅེས་པ་ནི་རྣམ་གྲངས་ཉིད་ཡིན་པའི་ཕྱིར། དོམ་བཅའ་བའི་མཚན་ཉིད་རང་གི་ངོ་བོ་དང་ལྡན་ཞིང་། དེ་ལྟར་ཤེས་པར ་འདོད་པ་ཉིད་རྒོལ་བས་བསྒྲུབ་བྱོར་འདོད་པ་ཡང་ཡིན་ལ། འདོད་པའི་དོན་ལ་མ་བསལ་བ་ཡང་ཡིན་པས་ཉེས་པ་སྔ་མ་ཉིད་སོ་ན་འདུགོ།། གཞན་ཡང་རང་གི་རྒྱུད་ཀྱི་གཏན་ཚིགས་ནི་བསྒྲུབ་པར་བྱ་བ་ལ་བལྟོས་ཏེ་འཛེགས་པས། དེ་ཀུན་རྫོག ་ཏུ་མེད་ན་དེ་ལ་བལྟོས་པའི་གཏན་ཚིགས་ཀྱང་ཀུན་རྫོབ་ཙམ་དུ་ཡང་མེད་པར་འགྱུར་རོ།། གཞན་ཡང་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་ཉིད་རྟགས་ལ་རྟོགས་པའི་རྗེསུ་དཔག་པའི་གཞལ་བྱ་ཡིན་པས། དེ་མེད་ན་རྗེས་དཔག་གཞལ་བྱ་དང་། ་ལྡན་པས་ཚད་མ་མ་ཡིན་པ་ཉིད་དུ་འགྱུར་རོ།། གལ་ཏེ་འདིར་སློབ་དཔོན་ཟླ་བའི་གྲགས་པ་རྗེས་འབྲངས་དང་བཅས་པ་རྣམས་རང་གི་རྒྱུད་ཀྱི་གཏན་ཚིགས་དང་ཚད་མ་ཁས་མི་ལེན་པས་དེ་ལྟར་འདོད་པ་ཉིད་ཡིན་ལ། འོན་ཀྱང་གཞོན་གྱི ་ཕྱོགས་ནི་ཕལ་བར་འགྱུར་བའི་གཏན་ཚིགས་ཀྱི་སྒོ་ནས་འགོག་པར་བྱེད་པ་ཡིན་ཞེ་ན། མ་ཡིན་ཏེ། བསྒྲུབ་པ་ཁས་བླངས་པ་ཉིད་དུ་འགྱུར་བ་ནི་སྔ་མ་དང་མཚུངས་ལ། གཞན་ཡང་འདིར་དགག་པར་བྱ་བ་གཞན་གྱི་ཕྱོག ་དེ་ཉིད་ཡོད་པའམ། འོན་ཏེ་མེད་པ་ཉིད་དུ་འགྱུར་བའམ། ཐེ་ཚོམ་གྱི་གནས་ཉིད་དུ་ཁས་ལེན་ཞེ་ན། རྣམ་པ་གསུམ་དུ་བརྟག་པར་བྱའོ།། དེ་ལ་དང་པོ་ཐ་མའི་ཕྱོགས་ལྟར་ན་དགག་པ་མི་འཐད་དེ་དོན་གོ་བར་ཟད།། བར་པ་ལྟར་གཞན་གྱི་ཕྱོགས ་མེད་པ་ཉིད་དུ་ཚད་མ་འམ་ཚད་མ་མ་ཡིན་པའི་བློ་གང་གིས་རྟོགས་ཞེས་བརྟག་པར་བྱའོ།། དེ་ལ་ཚད་མ་མ་ཡིན་པ་ནི་དོན་ལ་སྒྲོ་འོདོགས་གཅོད་པའི་བྱེད་པ་དང་མི་ལྡན་པས་རྟོགས་བྱེད་ཀྱི་ཡན་ལག་མ་ཡིནོ།། ཚད་མས་རྟོགས་ན་ཡང་སྐྱབས ་ཀྱི་དོན་ཉམས་པར་འགྱུར་ཞིང་། གཞན་ཡང་ཇི་ལྟར་སྣང་བ་ཙམ་གྱི་ཆོས་ཅན་འདི་ཉིད་དེ་ཁོ་ན་ཉིད་དུ་ཡོད་པའམ་མེད་པས་དབེན་པ་ནི། ཚུ་རོལ་མཐོང་བ་རྣམས་ཀྱི་མངོན་སུམ་གྱི་ཚོད་མས་ནི་བརྟོགས་པར་མི་ནུས་པས། རྗེས་དཔག་པའི ་ཚད་མ་ཉིད་ཁས་ལེན་དགོས་ལ། དེའི་ཕྱིར་དེའི་རྒྱུ་མཚན་རང་གི་རྒྱུད་ཀྱི་གཏན་ཚིགས་ཀྱང་ཅིའི་ཕྱིར་ཁས་མི་ལེན་སྙམ་དུ་བསམས་པའོ།། གཞན་ཡང་སངས་རྒྱས་ཐོབ་པར་བྱེད་པའི་ལམ་གྱི་གཙོ་བོ་ནི་སྔར་བསྟན་པ་ལྟར། དེ་ཁོ་ན་ཉིད་ཤེས ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་ཡིད་ཚད་མའམ་ཚོད་མའི་རྒྱུན་རྒྱུད་འགའ་ཞིག་ཡིན་པས་དེ་ཁས་མི་ལེན་ན་ལམ་ལ་སྐུར་པ་འདེབས་པར་འགྱུར་ཞིང་། དེ་ཉིད་ཀྱིས་འབྲས་བུ་ལ་ཡང་སྐུར་པ་འདེབས་པར་འགྱུརརོ།། གཞན་ཡང ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རྣལ་འབྱོར་གྱི་མངོན་སུམ་ཚད་མ་མཐར་ཐུག་པ་ཉིད་ཡིན་པས། དེ་ཉིད་ཀྱང་མེད་པར་འགྱུར་ཏེ། དེའི་ཕྱིར་འདི་ནི་ཕྱིན་ཅི་ལོག་གིས་གང་བའི་རྒྱ་མཚོར་འཇུག་པ་འབའ་ཞིག་དུ་ཟད།། ཡང་གཞན་དག་སྐབས་འདིར་དགག ་བྱ་ནི་རིགས་པོས་དཔྱད་པའི་ངོན་རྙེད་པའི་ཤེས་བྱ་འམོ་དངོས་པོ་ཉིད་ཡིན་ལ། དེ་འདྲ་བའི་དངོས་པོ་རྣམ་པར་བཀག་པ་ཙམ་གྱི། མེད་པར་བཀོག་པ་ནི་བསྒྲུབ་པར་བྱ་བ་ཉིད་ཡིན་ཏེ། དེས་ན་ཉེས་པ་སྔ་མ་རྣམས་ལས་གྲོལོ་ཞེ་ན། འདི་ནི་སྔ་མ་ལ། ་བོལྟོས་ན་ཆེས་བཟང་མོད་ཀྱི། འོན་ཀྱང་རྣམ་པར་བཅད་པ་ཙམ་གྱི་མེད་དགག་ནི་ཉམ་སུ་མྱོང་བའི་ཆོས་ཅན་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པ་འདིའི་ཆོས་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པ་དང་མེད་པ་ནི་འགལ་བར་འགྱུར་བའི་ཕྱིརརོ།། དོན་འདི། ་ཡང་རྒྱས་པར་ནི་ཚད་མ་རྣམ་འགྲེལ་ལས་བསྟན་ཏོ།། གཞན་ཡང་དེ་ལྟར་ན་གཏན་ཚིགས་ཀྱང་གཅིག་དང་དུ་མ་ལ་སོགས་པ་རྣམ་པར་བཀག་པ་ཙམ་གྱི་མེད་དགག་ཡིན་ལ། དེའི་ཕྱིར་ཇི་ལྟར་རི་བོང་གི་རྭ་མེད་པ་དང་། མོ་གོ་ཤམ་གྱི ་བུ་མེད་པ་ལས། མེད་པ་འདི་དག་ལ་ཁྱད་པར་འགའ་ཞིག་ཡོད་ན་ནི། ཁྱད་པར་དངོས་པོའི་ཆོས་ཡིན་པས་མེད་དགག་ཏུ་མི་འཐད་ལ། ཁྱད་པར་མེད་ན་ཡང་། རི་བོང་གི་རྭ་མེད་པ་དང་། མོ་གཤམ་གྱི་བུ་མེད་པ་ལ། གཏན་ཚིགས་དང ་བསྒྲུབ་བྱ་མི་འཐད་པ་བཞིན་དུ་འདིར་ཡོད་ཅི་སྟེ་མི་འགྱུར། གལ་ཏེ་བཀོག་པ་ཙམ་གྱི་རང་བཞིན་ལ་ཁྱད་པར་མེད་མོད་ཀྱི། དེ་ལས་ཟློག་པོའི་སྐབསུ་རི་བོང་གི་རྭ་དང་། མོ་གཤམ་གྱི་བུ་ལ་འབྲེལ་པ་མེད་པས། མ་འབྲེལ་པ་གཞན་བཀག་པ ་ནི། ཅིག་ཤོས་གཞན་བཀག་པ་ལ་འཁྲུལ་པར་འགྱུར་བས། གཏན་ཚིགས་དང་བསྒྲུབ་བྱ་མི་འཐད་ལ། འདིར་ནི་དངོས་པོ་པོ་བོ་ཡོད་པ་ལ་གཅིག་དང་དུ་མ་ལ་སོགས་པས་ཁྱབ་པས། ཁྱབ་བྱེད་བཀག་པ་ཁྱབ་བྱ་བཀ ་པ་ལ་མི་འཁྲུལ་པའི་ཕྱིར། གཏན་ཚིགས་དང་བསྒྲུབ་བྱར་འཐོད་དོ་ཞེ་ན་ཡང་། འདིར་ཡང་། རྣམ་པར་དཔྱོད་ནོ་མི་འཐད་པ་ཉིད་དེ། དེ་ལྟར་ཟློག་པའི་འབྲལ་པའི་ཁྱད་པར་གྱིས། རྣལ་མ་གཏན་ཚོགས་དང་བསྒྲུབ་བྱ་ལ་མེད་པོ། གཞན་དེ ་དག་ལས་ཁྱད་པར་ཅུང་ཞིག་ཡོད་ན་ནི། ཉེས་པ་སྔ་མཱི་ཉིད་དུ་འགྱུར་ལ། ཁྱད་པར་མེད་ན་ཡང་གང་ལ་གཏོན་ཚིགས་དང་བསྒྲུབ་བྱ་འཇོག་པའི་རྣལ་མའི་དོན་དེ་ཉིད་སྔ་མ་དང་མཚུངས་པས་ཉེས་པ་སྔ་ཉིད་དུ་འགྱུར་བའོ།། གཞན་ཡང ་འདིར་སྣང་ཞིང་མྱོང་བའི་ཆོས་ཅན་ལ་བརྟེན་ནས། འདི་ཉིད་དེ་ཁོ་ན་ཉིད་དུ་ཡོད་དམ་མེད་ཅེས་དཔྱོད་པའི་སྐབས། དངོས་པོ་མེད་པ་མིན་ན་ཡོད་པ་ཉིད་དུ་ཅིའི་ཕྱིར་མི་འགྱུར་ཏེ། ཡོད་པ་དང་མེད་པ་ནི་རྣམ་གཅོད་ཡོངས་གཅོད་ཀྱི་འགལ་བ ་ཡིན་པས། གཅིག་བཀུག་པ་གཞན་བསྒྲུབ་པ་ལ་བལྟོས་པའི་ཕྱིར།། དེ་སྐད་དུ་ཡང་། དགག་པ་བཀག་པ་བསྒྲུབ་པ་ཡིན།། དངོས་ཡོད་མེད་ལ་ཡོད་ཡིན་ལ།། དངོས་པོ་མེད་པ་ཡོད་མིན་ཞེས།། བླུན་པོ་ཡི་ནི་སྤྱོད་ལ་ལྟོས།། ཞེས་མཁས ་པ་རྣམས་ཀྱིས་གསུང་སོ།། དེ་ཉིད་ཀྱི་ཕྱིར་ཇི་ལྟར་སྣང་བ་ཙམ་གྱི་ཆོས་ཅན་ནི་ཁས་ལེན་དགོས་ལ། དེ་ཁོ་ན་ཉིད་དུ་ཡོད་པ་འམ་མེད་པའི་ཕྱོགས་གང་ཡང་མ་ཡིན་ན། དེ་དག་རྣམ་གཅོད་ཡོངས་གཅོད་ཀྱི་འགལ་པོ་ཉིད་དུ་མི་འགྱུར་ཏེ། གཉིས ་ཀ་མ་ཡིན་པའི་ཕུང་པོ་གསུམ་པ་བྱུང་བའི་ཕྱིརརོ།། གལ་ཏེ་ཡང་དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་སྐབས། ཡོད་མེད་གཉིས་ཀ་མ་ཡིན་པའི་སྣང་བ་ཙམ་བྱུང་བའི་ཕྱིར་ཞེས། གཏན་ཚིག་སུ་འགོད་ན་མ་གྲུབ་པ་ཉིད་དེར་ནི་སྣང་བ་ཉིད་ཀྱང་ཁས་མི་ལ་ནོ།། ཡང་ཀུན ་རྫོབ་གཏན་ལ་འབེབས་པའི་སྐབསུ། གཉིས་ཀ་མ་ཡིན་པའི་སྣང་བ་ཙམ་བྱུང་བའི་ཕྱིར་ཞེས་ཉེ་བར་འགོད་ན། དེ་ཡང་མ་གྲུབ་སྟེ། སྐབས་དེར་ནི་སྣང་བ་ཙོམ་གྱི་ཆོས་ཅན་ཡོད་པ་དང་མེད་པའི་ཕྱོགས་ཐམས་ཅད་བྲལ་བའོ་ཞེས་ཁས་མི་ལེན ་པའི་ཕྱིརརོ་ཞེ་ན། སྐྱོན་མེད་དེ། སྣང་ཞིང་མྱོང་བའི་ཆོས་ཅན་ལ་བརྟེན་ནས། རྟོག་གེ་ཐ་མལ་པ་རྣམས་དེ་ཁོ་ན་ཉིད་དུ་ཡོད་པ་དང་མེད་པར་དཔྱོད་པའི་སྐབས་འདི་ཉིད། དོན་དམ་པ་དང་ཀུན་རྫོབ་གཏན་ལ་འབེབས་པའི་སྐབས་གང་ཡིན་ཀྱང་བླ་སྟེ། ་གནས་སྐབས་དོར་སྣང་བ་ཙམ་གྱི་ཆོས་ཅན་ཁས་བླངས་ནས། ཡོད་པ་དང་མེད་པའི་ཕྱོགས་གང་ཡང་མེད་ཅེས་ཟེར་ན་ནི་ཉེས་པ་སྔ་མི་ཉིད་དུ་འགྱུར་ལ། དེ་ལྟ་མ་ཡིན་ཏེ་ཕྱོགས་འགའ་ཞིག་འཇོག་ན་ཡང་དངོས་པོ་ཡོད་པའི་ཕྱོགས་ནི་ཚད ་མ་སྔ་མ་རྣམས་ཀྱི་གནོད་པས། དོན་དམ་པའི་དངོས་པོར་མེད་ཅིང་སྣང་བ་ཙམ་ནི་མ་བཀག་པས་ཟུང་དུ་འཇུག་པའི་དོན་སྒྱུ་མ་ལྟ་བུ་ཉིད་རྣམ་པར་གནས་པའོ།། ཡང་དེ་འདྲ་བའི་ཕྱོགས་གཞན་དག་ཁས་ལེན་པ་ལ་གནོད་བྱེད་ཀྱི ་ཚད་མ་མེད་པས། གཞན་གྱི་ཁས་ལེན་བགོག་ཅེས་པ་ཡང་འཐད་པ་མ་ཡིནོ།། དོན་འདི་ཡང་འཕགས་པ་དང་པོ་ཆེར་འབྱུང་གི་མདོ་ལས། དམ་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་བཤད་པའི་ནང་ནས། ལྟ་བ་ཁས་མི་ལེན་པའི་ལྟོ་བ་ཞེས ་བྱ་བ་འདི་ཉིད་ཡིན་ཏེ། དེ་སྐད་དུ་ཡང་། མདོ་དེ་ཉིད་ལས། དེ་ལ་ཁས་མི་ལེན་པར་ལྟ་བ་ནི། གང་མེད་པའི་མཚན་ལ་ལྟ་བ་བྱང་ཆུབ་སེམས་དཔའ་དེ། འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་མེད་པ་ཉིད་འདི་ལ། གཞན་དང་རྩོད ་པར་གྱུར་པ་ན། བདག་གིས་ཕྱོགས་གང་ཡང་ཁས་མི་བླང་སྟེ། བདག་གིས་མཱི་གཟུད་པ་འབའ་ཞིག་ཏུ་བྱའོ་སྙམ་མོ།། དེའི་ཕྱིར་ཁས་མི་ལེན་པར་ལྟ་བ་ཞེས་བྱའོ།། ཞེས་གསུང་སོ།། སྒྲུབ་མིན་བསྒྲུབ་བྱའི་མཚན་ཉིད་ཅན།། འདོད་མེད་འདོད་པའི་ལྕགས་ཀྱུས ་གཟུང་།། ཁས་ལེན་མེད་པར་ཁས་ལེན་པའི།། ཀུན་སློང་སྒྱུའི་ཞགས་པས་བཅིངས་ཞེས་པའོ།། དེ་ལྟར་སེམས་ཉིད་དོན་དམ་པ་བདེན་པའི་དངོས་པོ་བཀག་ཅིང་མྱོང་བ་ཙམ་དུ་གྲུབ་པ་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་དེ་ཉིད། དེ་བཞིན་གཤེགས ་བའི་སྙིང་པོར་སྟོན་ཅིང་། དེ་སྦྱོང་བར་བྱེད་པ་ལམ་གྱི་རོམ་པ་ལ་སོགས་པ་ནི་འོག་ནས་སྟོན་པར་འགྱུརོ།། འདིར་ཤེས་པར་བྱ་བའི་དོན་བསྡུས་ཏེ་བསྟན་པ་ནི་དེ་དག་ཙམ་དུ་ཟད།། ད་ནི་གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལ་ཆོས་མེད་པ་རྣམས་གང་ཞེ ་ན། གང་དེ་དག་བདག་ཉིད་དུ་མ་རེད་པ་ཡིན་ཏེ་ཞེས་པའི་དོན་ནི། རྒྱུ་དང་ཡོན་ཏན་ལ་སོགས་པར་སྣང་བ་དེ་དག་དངོས་པོའི་བདག་ཉིད་དུ་མ་རེད་པ་སྟེ། དེ་འདྲ་བའི་དངོས་པོ་མ་ཡིན་ཞིང་མེ་དོ་ཞེས་དགག་པའི་རྣམ་པ་ཅན་དུ་རྣམ་པར་རྟོག་པ ་ཅན་གྱི་བློའི་མདུན་ན་གནས་པ་གང་ཡིན་པའོ།། གལ་ཏེ་ཆོས་དང་ཆོས་མེད་པ་དེ་རྣམས་དགག་པའི་རྟེན་གང་ཡིན་ཞེ་ན། མཚན་ཉིད་ཀྱི་རྣམ་པར་རྟོག་པ་རྒྱུ་བ་མེད་པའི་ཆོས་དོན་གྱི་རྒྱུ་ལས་བྱུང་བ་དེ་དག་ཞེས་པ་སྟེ། སྒྱུ་མ་ལྟ་བུའི་གཞན་དབང་སོས ་རང་གིས་རིག་པ་རྣམ་སོ།། དེ་ལ་ཡང་དག་པ་སྟེ་ཆོས་ཀྱི་དངོས་པོ་བདེན་པ་དང་། ཡང་དག་པ་མ་ཡིན་པ་སྟེ་ཆོས་མེད་པར་བློ་ཡིས་བརྟགས་ཤིང་རྟོགས་པ་འཇུག་པ་མེད་པར་མཐོང་ནས། དེའི་ཕྱིར་ཆོས་མེད་པར་རྣམ་པར་རྟོག་པ་སྤོང་བར་འགྱུརརོ།། ། ་འདིར་ཆོས་སྨོས་པ་ནི་ཞར་ལ་བྱུང་བ་ཙམྦ་དུ་ཟའོ།། མཚན་ཉིད་ནི་གཞིག་ཅིང་གཞོམ་དུ་རུང་བཱ་ལ་སོགས་པའོ།། ཡང་བདག་ཉིད་དུ་མ་རེད་པ་ཞེས་པ་ལ་སོགས་པས་ནི། ཆོས་མེད་པའི་རྣམ་གྲངས་གཞན་སྟོན་ཏེ། ཡང་དག་པའི་ཀུན་རྫོབ་ཙམ་དུ ་ཡང་མེད་པ་ཉིད་དུ་གྲུགས་པོ་རི་བོང་གི་རྭ་ལ་སོགས་པར་བརྟགས་པའོ།། དཔྱོད་པའི་བློ་ནི་སྣང་བ་ཙ་མོ།། བུམ་པ་ལ་སོགས་པ་ལྟར་མངོན་པར་ཆགས་པས་ནི་མ་ཡིན་ཞེས་པ་ནི། དེ་དག་འཇིག་རྟེན་གྱི་ཀུན་རྫོབ་ཏུ་དོན་བྱེད་པར་སྣང་བས། ཡོད ་པར་འཇོག་པ་ལྟར་རི་བོང་གི་རྭ་ལ་སོགས་པར་སྣང་བ་ནི་མ་ཡིན་ཞེས་པའོ།། གལ་ཏེ་ཆོས་དང་ཆོས་མེད་པ་རྣམ་པར་རྟོག་པའི་ཡུལ་ཡིན་ཅིང་སྤང་བར་བྱ་བ་ཉིད་དུ་འགྱུར་པ་དེ་ལྟ་ན། རྣམ་པར་རྟོག་པ་ཉིད་ཡོད་ཅིང་སྤང་པོར་བྱ་བ་མ་ཡིན་ནམ ་ཞེ་ན། ཇི་ལྟར་དེ་དག་ཅེས་པ་ལ་སོགས་པ་སྨོས་ཏེ། ཆོས་དང་ཆོས་མེད་དེ་དག་མ་འཁྲུལ་པའི་ཤེས་པས་གཟུང་དུ་མེད་པའི་ཕྱིར། སྤང་བར་བྱ་བ་དེ་བཞིན་དུ་རྣམ་པར་རྟོག་པའི་དངོས་པོ་རྣམས་ཀྱང་སྤང་བར་བྱ་བ་ཡིན་ཏེ། དོ་ན་བརྟག་བྱ་ལ ་བལྟོས་ནས་འཇོག་པ་དང་། ཆོས་དང་ཆོས་མེད་པ་ཉིད་དུ་འདུས་པའི་ཕྱིརརོ།། དེའི་ཕྱིར་ཞེས་པ་ལ་སོགས་པ་ནི་དོན་བསྡུས་ཏེ་བསྟན་པའོ།། གང་ཡོང་ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས་འབོད་འགྲོགས་ལོ་ཚུལ་གཞན་གྱི་སྒོ་ནས་གོདམས ་པའོ།། དེ་ཡང་རྣམ་པ་གཉིས་ཀྱི་སྒོ་ནས་སྟོན་པ་ལས། དང་པོར་སངས་རྒྱས་ཀྱི་རང་བཞིན་ལ་གདམས་པ་སྟེ། དེ་ལ་སྟོན་ཞེས་བྱ་བ་ནི་འདི་རྣམ་པས་བརྟགས་པའི་ཚིགས་བླ་དགས་ཏེ་ཞེས་པའི་དོན་ནི། འདས་པའི་དོན་གྱི་སྒྲ ་རྣམ་པར་རྟོག་པས་བརྟགས་པ་སྟེ། དེ་ཡང་སྔར་བསྟན་པ་ལྷ་རྟོག་པ་ཉིད་ཀྱི་བདག་ཉིད་ཡིན་པས། རྣམ་པར་རྟོག་པ་སྟེ། དེ་འདྲ་བ་སྟོན་བྱེད་ཀྱི་ཚི་གོ་གློ་བུར་དུ་བརྡར་གདགས་པས་བླ་དགས་ཞེས་པའོ།། འདས་པ་ཞེས་པ་ལ་སོགས་པས་རྟོག་པ ་དེ་ཉིད་ཀྱི་རྣམ་གྲངས་སྟོན་པའོ།། དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པས། དེ་བཞིན་གཤེགས་པའི་རང་བཞིན་དང་། ཁྱོད་ཀྱིས་འདས་པ་ལ་སོགས་པར་རྣམ་པར་བརྟགས་པའི་མི་མཐུན་པ་ཉིད་དུ་སྟོན་ཏེ། དེའི་རང་བཞིན་ནི་དབྱིངས་དང་ཡེ ་ཤེས་དབྱེར་མེད་པའི་ཆོས་ཉིད་ཡིན་པས་རྟོག་པ་དང་། བརྟག་པར་བྱ་བའི་སྤྲོས་པ་ལས་འདས་པ་སྟེ། ཇི་ལྟར་བྱིས་པའི་སྐྱེ་བོའི་གཟུགས་ལ་སོགས་པའི་ངོ་བོ་ལ་འདི་དང་འདི་ལྟ་བུ་ཞེས་བརྟགས་ཤིང་རྟོག་པ་ལྟ་བུ་ནི་མ་ཡིན་གྱི། དེ་ལ་གཞན་དུ། ་སོ་སོརང་རིག་པའི་ཡེ་ཤེས་མངོན་དུ་མཛད་པ། ཟག་པ་མེད་པའི་བོཇོ་བའི་དོན་དུ་ཞེས་པ་སྟེ། དེ་འདྲ་བའི་དོན་ལ་མཚན་མོ་མེད་པ་ལ་སྤྱོད་པའི་ཤེས་རབ་ཀྱིས་རྣམ་པར་བསྒོམ་པ་ནི། མི་གཡོ་བའི་ཚུལ་གྱིས་རྣམ་པར་གནས་པའོ།། དེ་བཞིན་གཤེགས། ་པའི་རང་བཞིན་དེ་ལྟར་ཡིན་པ་དེའི་ཕྱིར་དེ་ནི་ཡེ་ཤེས་ཀྱི་བདག་ཉིད་ཡེ་ཤེས་ཀྱི་སྐུ་སྟེ་བརྟག་པར་མོ་བྱའོ།། གང་གིས་མི་རྟག་ཅེ་ན། ཡོད་ཀྱིས་ཏེ། དེ་ཉིད་རྒྱས་པར་སྟོན་པ་ནི། ཡུལ་གྱི་དོན་གྱི་རྒྱུ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པའོ།། ། ་དེ་ཡང་ཐ་སྙད་ཙམ་དུ་དོན་དུ་སྣང་བ་དང་། དངོས་སམ་བརྒྱུད་པའི་སྒོ་ནས་འབྲེལ་པའོ།། ཇི་ལྟར་མི་བརྟག་ཅེ་ན་ཞེས་པའི་དོན་ནི་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་ལ་གང་ཟག་གི་བདག་ཏུ་མི་རྟག་པ་ནི། བདག་དང་སྲོག་དང་གང་ཟག་དུ་མི ་བརྟ་གོ་ཞེས་པའོ།། དེ་ལ་ང་རྒྱལ་བསྲུང་བའི་དོན་གྱིས་ནི་བདག་སྟེ་དེ་ལས་ང་རྒྱལ་བསྐྱེད་ཅིང་སྲུང་བར་བྱེད་པའི་ཕྱིརརོ།། སྲོག་གི་དབང་པོའི་སྟོབས་ཀྱིས་རིགས་མཐུན་པའི་སྐལ་པ་ཡོངསུ་རྫོགས་ཀྱི་བར་དུ་གནས་པར་བྱེད་པས་ན་སྲོགོ།། དཱི་གེ་མི ་དག་ལ་སོགས་པའི་ལས་ལྔ་བརྟེན་ཅིང་ཁམས་གསུམ་དུ་ཟག་པར་བྱེད་པས་གང་ཟག་ཅེས་པས་ཏོ། ཐམས་ཅད་ཀྱང་གང་ཟག་གི་རྣམ་གྲངསུ་གཏོགས་པའོ།། ཇི་ལྟར་གཟུགས་ཀྱི་ཞེས་པ་ལ་སོགས་པས་དེ་ལ་ཆོས་ཀྱི་བདག་ཏུ་མི་བརྟག ་པ་སྟེ། གཟུགས་ཀྱི་མཚན་ཉིད་ནི་གཞིག་ཅིང་གཞོམ་དུ་རུང་བ་སྟེ། དེ་ལ་ངན་སེམས་ཀྱིས་ཁྲག་ཕྱུངོ་ཞེས་པ་ལ་སོགས་པ་དང་། དབྱིབས་ཏེ་སྐྲ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གཔ་ཞེས་པ་ལ་སོགས་པ་དང་ཁ་དོག་ལ་སོགས་པའི་རྣམ་པར་མི་བརྟག་ཞེས ་པ་སྟེ། དོན་འོད་ཉིད་མདོ་སྡེ་གཞན་ལས་ཀྱང་གསུངས་ཏེ་སྔར་བསྟན་པར་ཟདདོ།། དེ་བས་ན་ཞེས་པ་ལ་སོགས་པས་སྐབས་ཀྱི་དོན་བསྡུས་པའོ།། ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས། འཇིག་རྟེན་པའི་ཆོས་ཀྱི་རང་བཞིན་ལ་གདམས་པའོ།། ། ་སེམས་ཅན་གྱི་སྤྱོད་པ་ནི་སེམས་ཀྱི་སྣང་བའི་ཆོས་རྣམ་སོ།། དེ་རྣམས་ནི་རྩིག་པའི་རི་མོའི་གཟུགས་ལས་མཐོ་དམན་མེད་ཀྱང་། མཐོ་ནི་དམན་དུ་སྣང་བ་དང་འདྲ་བའོ།། འཇིག་རྟེན་གནས་ཞེས་པ་ནི་ཕུང་པོ་ལྔ་ཡིས་བསྡུས་པའི་འཇིག་རྟེན་ཀུན་རྫོབ ་ཏུ་གནས་པ་འདི་ནི། དེ་ཁོ་ན་ཉིད་དུ་སེམས་དཔའི་གཡོ་བ་མེད་པ་སྟེ། དེ་ཉིད་ཀྱི་ཕྱིར་དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་དང་བྱེད་པས་ཏེ། ཕྱི་རོལ་པས་བརྟགས་པའི་སྒྲུབ་པར་བྱེད་པ། བྱེད་པ་པོའི་གཞན་གྱི་དབང ་དུ་འགྱུར་བ་དང་། རང་ཉིད་བྱུང་བ་དང་ལྡན་པ་དང་གཙོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་སྟེ། ཇི་ལྟར་སྟ་རེས་ཤིང་གཅོད་པའི་བྱ་བ་བྱེད་པ་ན། བྱེད་པ་པོ་སྐྱེས་བུའི་གཞན་གྱིས་དབང་དུ་གྱུར་པ་དང་། རང་ཉིད་གྱོན་དུ་ལྡིང་བ་དང་ཐུར་དུ་འབབ། ་པའི་བྱེ་བ་དང་ལྡན་པ་དང་གཙོར་གྱུར་པའི་བསྒྲུབ་བྱ་ཤིང་དུམ་བུར་བྱེད་པོ་ལ་སྦྱོར་བ་ལྟོ་བུའོ།། ཡང་སངས་རྒྱས་རྣམས་ནི་དེ་འདྲ་བའི་བྱེད་པ་དང་བྲལ་མོད་ཀྱི་གང་གི་མཇུག་ཐོགསུ་གང་སྐྱོ་བར་ངེས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ ་དོན་དོམ་པར་འདོད་དེ་འདྲ་བའི་བྱེད་པ་དང་ཡིད་བྲལ་བའོ།། འདི་ལོས་ཞེས་པ་ལ་སོགས་པས་དེ་ཉིད་ཀྱི་ཕྱོགས་གཅིག་པའི་དཔེ་སྟོན་ཏེ། དེ་བཞིན་དུ་ལྟ་བ་འམ་ལྟ་བར་བྱ་བ་ལ་སོགས་པ་མེད་ཅེས་པའོ།། གལ་ཏེ་དེ་ལྟ་ན་དེ་དག ་ཚད་མ་ལ་སྣང་བ་མི་འཐང་ཞེ་ན། འཇིག་རྟེན་གནས་ཞེས་པ་སོགས་པ་སྟེ་ཤེས་པར་ཟདདོ།། ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས་གདམས་པའི་དོན་རྟོགས་པའི་ཕན་ཡོན་སྟོན་ཏེ། མདོ་སྡེ་གཞན་དག་ལས་ཀྱང་། འགའ་ཡང ་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ།། ཞེས་གསུངས་སོ།། དེ་ལས་གཞན་དུ་མཐོང་བ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ལ་སྤྱོད་ཅིང་དེ་ཉིད་ཀྱིས་གཟུང་འཛིན་གཉི་སུ་ཡང་རྟོག་སྟེ། ཇི་ལྟར་གཟུགས་བརྙན་ལ་སོགས་པ་དང་། ་དེ་འཇོག་པར་བྱེད་པ་གཟུགས་ཀྱི་དངོས་པོ་གཉིས་མེད་པ་ལ། དེ་ལྟ་བུར་རྟོག་པ་དང་། མཚུངས་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་བདག་གི་རྣམ་པར་རྟོགས་པའི་གཟུང་བ་རབ་ཏུ་གཟུང་ཞེས་པ་སྟེ། དེ་ཕྱིན་ཅི་ལོག་གི ་སྣང་བ་ཉིད་དུ་མོ་ཤེས་པར་ཕྱི་རོལ་ཐ་དད་པའི་ངོ་བོར་གཟུང་སྟེ། ཆོས་དང་ཆོས་མིན་པར་རྣམ་པར་རྟོག་ཅེས་པའོ།། བདག་གི་ལུས་གྱི་གྲིབ་མ་ཞེས་པ་ནི་འོད་ཀྱི་ཁྱད་པར་དེ་དག་ལ་ལུས་ཀྱི་གྲིབ་མ་སྣང་བ་ནི་ཐོགས་པ་དང་བཅས་པའི་ལུས ་ཀྱིས་སྟོང་ཡང་བྱིས་པ་དག་དེ་ལྟ་བུར་རྟོག་པའོ།། གཞན་ཡང་ཞེས་པ་ནི་དེ་རྣམས་དང་མཚུངས་པའོ་དོན་གཞན་ཡང་ཞེས་པའོ།། སྤོང་བ་ལ་མི་སྤྱོད་ཅེས་པ་ནི་སྔར་བསྟན་པ་ལྟར་ལྷག་མཐོང་གི་ཤེས་རབ་ཀྱིས་དེ་རྣམས་སྟོང་པ་ཉིད་དུ ་རྟོགས་ཤིང་སྒོམ་པར་མི་བྱེད་ཅེས་པའོ།། སྤྱོད་དོ་ཞེས་པ་ལ་སོགས་པས་ནི་དེ་ལས་བཟློག་པའི་མཚན་མ་ལ་སྤྱོད་ཅེས་པ་སྟེ། གཅིག་གིས་གཅིག་བཤད་པ་འམ་རྣམ་གྲངསུ་གཏོགས་པའོ།། དེ་ཡང་དེ་བཞིན་གཤེགས་པས་ཆོས་སོ། ་སོར་ཡང་དག་པར་རིགས་པའི་ཡེ་ཤེས་བརྙེས་པས་དོན་གཅིག་རྣམ་གྲངས་དུ་མའི་སྒོ་ནས་སྟོན་མཁྱེན་ཏོ།། དེའི་དགོས་པ་ཡང་དེའི་ཚེ་ཉེ་བར་གྱུར་པའི་གདུལ་བྱ་རྣམས་ལ་འགའ་ཞིག་ནི་དབང་པོ་རྟུལ་ཞིང་རྣམ་པར་གཡེངས་པ ་ཡིན་ལ། འགའ་ཞིག་ནི་དེ་ལས་བཟློག་པའོ།། དེ་ལ་དོན་གཅིག་མིང་གི་རྣམ་གྲངས་མི་འདྲ་བའི་སྒོ་ནས་བསྟན་པས། དབང་པོ་རྟུལ་ཞིང་གཡེངས་པ་རྣམས་ཀྱིས་ཀྱང་ཚིག་གང་ཡང་རུང་བ་གཅིག་ཟིན་པས་དོན་གྱི་བྱ་བ་བྱེད་པར་འགྱུར ་ཞིག་དབང་པོ་རྣོ་ནིད་མ་གཡེངས་པ་རྣམས་ཀྱང་དེ་བཞིན་གཤེགས་པས་གསུངས་པ་ལ་མངའ་བརྙེས་པ་ཉིད་དུ་རྟོགས་པས་གུས་པ་ཉིད་དུ་འགྱུར་བའོ།། དེ་ལས་གཞན་དུ་ཊཱིགཱ་གཅིག་ཙམ་གསུངས ་ན་ནི་འགའ་ཞིག་གིས་གཟུང་བར་མི་ནུས་ཤིང་། ཚིག་མཐུན་པ་དུ་མ་བསྟན་ན་ཡང་གཞན་མ་གུས་པར་འགྱུར་བའོ།། འདི་འདྲ་བའི་རང་བཞིན་ཅན་གྱི་གཞུང་འོག་ན་སྟོན་པར་འགྱུར་བ་རྣམས་ཀྱང་འདི་བཞིན་དུ་ཤེས་པར་བྱའོ།། ། ་རབ་ཏུ་ཞི་བ་ནི་ཕྱིན་ཅི་ལོག་སྤངས་པའོ།། དེ་ལྟར་སྟོན་པའི་གཞུང་འདི་ཚིག་རྩེ་གཅིག་པ་སྟེ་ངེས་པ་དོན་གྱི་མདོ་སྡེའོ།། དེ་ལ་བརྟེན་ནས་ཐོས་པ་དང་བསམ་པའི་ཤེས་པ་ལ་སོགས་པའི་རིམ་གྱིས་དེ་བཞིན་གཤེགས་པའི་སྟོ ་ལ་འཇུག་ཅེས་པོ་སྟེ་ཤེས་པར་ཟདོ།། ། འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱུན་ལས་འབོད་འགྲོགས་ཀྱིས་གསོལ་བ་བཏབ་པའིརི་ལེ་རུ་སྟྭཾ་དང་པོའི་རྣམ་པར་བཤད ་པ་རྫོགས་སོ།། །། དེ་ལྟར་གདུལ་བྱའི་གཙོ་བོས་ཞུས་པའི་ལན་དུ་བརྗོད་བྱའི་དོན་བསྡུས་ཏེ་བསྟན་ནས། གདུལ་བ་རྣམས་ཀྱི་ཐེ་ཚོམ་སོ་སོར་བསལ་བའི་དོན་དུ་ལེའུ་ལྷག་མ་རྣམས་ཀྱིས་དོན་དེ་ཉིད་རྒྱས་པར་སྟོན་པ་ནི་རྣམ ་པ་གཉིས་ཏེ། ཞུས་པ་དང་ལན་ནོ།། དེ་ལ་ཞུ་བ་ནི་རྣམ་པ་བཞིའི་སྒྲོ་ནས་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པ་ལ་བསྟོད་པ་དང་། དྲི་བའི་ཚིག་མདོར་བསྡུས་ཏེ་བསྟན་པ་དང་། བཤིད་པར་སྐབས་དབྱེ་བ་དང་། དྲི་བའི་ཆོ་ག་རྒྱས ་བར་བསྟན་པའོ།། དེ་ལ་དང་པོ་ནི། དེ་ན་ཐེབ་ལ་སོགས་པས་སྟོན་ཏེ། ཞིང་ཐམས་ཅད་དུ་རྒྱུ་བ་ནི། མཐའ་ཡས་འཇིག་རྟེན་ཁམས་རྣམས།། མཁས་པ་གང་ཕྱིར་རྒྱུ་བར་བྱེད་ཅེས་པ་ལ་སོགས་པ་གླེང་གཞིའི་སྐབས་སུ་བསྟན་པ་འཞིན་དུ་ཤེས་པར ་བྱའོ།། ཡང་བློ་གྲོས་ཆེན་པོ་ཞེས་པ་ནི་འཕགས་པ་སྡོང་པོ་རྒྱན་པ་ལས་ནོར་བཟངས་ཀྱིས་འཇམ་དཔལ་ལ་བསྟོད་པ་བློ་གྲོས་ཆེན་པོ་མཐའ་ཡས་སྤྱོད་ཡུལ་ཅན་ཞེས་གསུངས་པས་འཕགས་པ་འཇམ་དཔལ་ཡིན་ཞེས་ཀྱང་གྲགོ།། ག་ལ་བ་དེ་ལོག ་སུ་ཞེས་པ་ནི་གང་ན་བཞུགས་པའི་ཕྱོགས་དེ་རོ།། འདིར་བསྟོད་པའི་ཚིག་ཉེ་བར་དགོད་པ་ལ། མཚན་མ་མེད་པས་རྟག་ཏུ་དག་ཅེས་པའི་བར་གྱིས་ནི་དེ་བཞིན་གཤེགས་པ་ལ་སྤངས་པ་དང་ཡེ་ཤེས་ཀྱི་ཆ་ནས་བསྟོད་པ་ཡིན་ལ། དེ་མན་ཆད ་ཀྱིས་ནི་དབྱིངས་ཀྱི་ཆ་ལ་བསྟོད་པའོ།། དེ་ལྟར་སྐྱེ་འཇིག་སྤངས་པའི་ཞེས་པ་ལ་སོགས་པས་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་སངས་རྒྱས་ཀྱི་རང་བཞིན་རྟོགས་པའི་ཕན་ཡོན་ནོ།། དེ་ལས་དང་པོའི་དོན་བཤད་པ་ལ། འཇིག་རྟེན་སྐྱེ་འཇིག་མ། ་མཆིས་ཏཽ། ནཱ་མཁའི་མེ་ཏོག་རབ་ཏུ་འདྲ།། ཞེས་པའི་དོན་ནི་ཕུང་པོ་ལྷ་ཡིས་བསྡུས་པའི་འཇིག་རྟེན་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་བྱོས་པས་བརྟགས་པ་རྣམས་ནི་ན་མཁའི་མེ་ཏོག་དང་འདྲ་ཞེས་པ་སྟེ། ཡེ་ཤེས་ཀྱི་ཡུལ་བསྟན་པོའོ།། གལ ་ཏེ་ཡེ་ཤེས་ཀྱིས་དེ་ལྟར་མཁྱེན་ན་མེད་པའི་མཐར་འགྱུརརོ་ཞེ་ན། ཁྱེད་ཀྱི་ཤེས་རབ་ཐུགས་རྗེ་ཡིས།། ཁྱོད་ཀྱིས་ཡོད་དང་མེང་མ་དམིགས། ཞེས་པ་སྟེ་སྔར་བསྟན་པ་ལྟར་རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་དམ་པ་ཤེས་པའི་ཤེས་རབ ་ཀྱི་ཡུལ་དེས་བསྡུས་པའི་འཇིག་རྟེན་དེ་ཁོ་ན་ཉིད་དུ་ཡོད་པར་མི་དམིགས་ཤིང་སྣང་བ་ཙམ་དུ་མེད་པར་མི་དམིགས་ཞེས་པའོ།། གཞན་ཡང་དམིགས་པ་མེད་པའི་ཐུགས་རྗེས་ཀྱང་དེ་བཞིན་དུ་ཡོད་པ་དང་མེད་པར་མི་དམི ་ཞེས་པ་ཏེ། བདེན་པ་གཉིས་ལ་བལྟོས་ནིས་བསྟན་པའོ།། རྣམ་པ་གཅིག་ཏུ་ན་ཤེས་རབ་ཀྱིས་ནི་འཇིག་རྟེན་ཡོད་པར་མ་དམིགས་ལ་ཐུགས་རྗེས་མེད་པར་མ་དམིགས་ཞེས་པ་སྟེ། སྟོང་པ་ཉིད་ཀྱི་མཐའ་མངོན་དུ་མི་བྱེད་པར་ཀུན་རྫོབ་ཏུ་འཇིག ་རྟེན་བློ་ཡིས་དམིགས་ཤིང་སྡུག་བསྔལ་ལས་གྲོལ་བར་བྱེད་པའོ།། ཡོད་པ་དང་མེད་པ་ཉིད་ཀྱི་མཐའ་དང་བྲལ་བ་ཉིད་ཀྱི་ཕྱིར། ཆོས་རྣམས་ཐམས་ཅད་སྒྱུ་མ་བཞིན།། སེམས་དང་རྣམ་པར་ཤེས་པ་སྤངས་ཞེས་པ་སྟེ། ཆོས་ཐམས་ཅད་སེམས་ཀྱི ་རྣམ་པར་འཕྲུལ་པ་ཡིན་པས་སེམས་ཉིད་ཡིན་ལ། དེ་ཡང་སྒྱུ་མ་ལྟ་བུ་སྟེ་སྔར་རྒྱས་པར་བསྟན་པ་བཞི་ནོ།། དེ་ལ་སེམས་དང་རྣམ་པར་ཤེས་པ་ནི་གོ་རིམ་བཞིན་དུ་ཀུན་གཞི་དང་འཇུག་པའི་རྣམ་པར་ཤེས་པའོ།། ཡང་ན་རྣམ་གྲངས་ཉིད་དུ་གཏོགས ་པའོ།། སྤངས་ཞེས་པ་ནི་བདེན་པའི་དངོས་པོར་མ་གྲུབ་པའོ།། ཡོད་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་སེམས་ལས་བྱུང་བ་དང་བཅས་པ་རྣམས་བག་ཆགས་དང་བཅས་ཏེ་གནས་གྱུར་པའོ།། དེ་ལྟར་ཁྱད་པར་དུ་སྒྲོ་འདོགས་པའི་རྟེན་སེམས་ཀྱི་ངོ་བོ ་ཉིད་དང་། དེར་རྟོགས་པ་སྤངས་པས་ཁྱད་པར་དུ་སྒྲ་འདོགས་པ་མེད་ཅིང་དེ་ཉིད་ཀྱིས་སྐུར་བའི་མཐའ་ལས་ཀྱང་གྲོལ་བར་སྟོན་པ་ནི། ཁྱོད་ཀྱིས་ཤེས་རབ་ཐུགས་རྗེ་ཡིས།། ཁྱོད་ཀྱིས་ཡོང་དང་མང་མ་དམིགས་ཞེས་པ་སྟེ། སྔ་མ་ཉིད་རྗེ་སུ་བརྗོད་པ ་ཡིན་ལ། དེ་ཉིད་ཀྱི་ཕྱིར། འཇིག་རྟེན་རྟག་དང་ཆད་པ་སྤངས།། ཁོར་ཟུག་རྨི་ལམ་འདྲ་བ་སྟེ། ཞེས་པ་ལ། དངོས་ཡོད་རྟག་དང་མི་རྟག་འགྱུར་ཞེས་གསུངས་པའམ། ཡང་གལ་ཏེ་རང་བཞིན་གྱིས་ཡོང་མ་དེ་ནི་མེད་པ་ཉིད་མི་འགྱུར་ཞེས་གསུངས་པའི་ཚུལ་དུ ་འཇིག་རྟེན་ཡོད་པར་དམིགས་ན་རྟག་པའི་མཐར་འགྱུར་ལ། མེད་པར་དམིགས་ན་ཡང་མེད་པ་ཡོད་པར་འགྱུར་བ་མི་འཐད་པས་རྟག་ཏུ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཆད་པའི་མཐར་འགྱུར་པ་ལས། དེ་བཞིན་གཤེགས་པས་ཡོད་མེད་ཀྱི་མཐའ ་དང་བྲལ་བར་རྟོགས་པས་དེ་ལྟར་མ་ཡིན་ཞེས་པའོ།། ཁོར་ཟུག་ཞེས་པ་ནི་ལོ་ལ་སོགས་པས་བསྡུས་པའི་དུས་ཁོར་མོར་ཏེ། རྟག་ཏུ་རྨི་ལམ་དང་འདྲ་བའོ།། དེ་ལྟར་མཐར་འཛིན་པ་སྤངས་ཤིང་འཇིག་རྟེན་ཐམས་ཅད་རྨི་ལམ་དང་འདྲ་བར་སེམས ་ཀྱི་སྣང་བ་ཙམ་དུ་རྟོགས་པའོ།། ཡང་ཤེས་རབ་དང་ཐུགས་རྗེས་ཡོད་མེད་ཀྱི་མཐར་དམིགས་པ་མེད་པས་བདག་མེད་པས་གཉིས་རྟོགས་ཤིང་དེ་ཉིད་ཀྱིས་ཉོན་མོངས་པ་དང་ཤེས་པའི་སྒྲིབ་པ་སྟེ། སེམས་མ་ཞི་བའི་ངོ་བོར་འདུག་པ་འདོད་ཆགས་ལ ་སོགས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཟུང་བའི་རྣམ་པར་རྟོགས་པ་ལ་སོགས་པ་ཤེས་རབ་དང་ཐུགས་རྗེས་མཐར་ཐུག་ཅིང་། དེ་ཉིད་ཀྱིས་མཚན་མ་མེད་པོའི་ཡེ་ཤེས་ཐུགསུ་ཆུད་པས་ས་བོན་དང་བཅས་ཏེ་སྤངས་པའོ།། ། ་ཡང་ན་འདི་རྣམས་ཀྱི་དོན་ནི་རྣམ་པ་གསུམ་གྱི་སྒོ་ནས་ཤེས་པར་བྱ་སྟེ། དེ་ལ་ཚིག་སུ་བཅད་པ་དང་པོས་སྐྱེ་བ་དང་འཇིག་པ་ལ་སོགས་པར་རྟོགས་པའི་ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པར་ཐུགསུ་ཆུད་པ་སྟེ། དེ་ཡང་དགོངས་པ་ངེས་པར ་འགྲེལ་པ་ལས། ན་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟར་ནི། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ།། ཞེས་གསུངས་ཏེ། དེ་ལྟར་རྐང་པ་དང་པོ་གཉིས་ཀྱིས་ནི་ཡུལ་བསྟན་ལ། འོག་མ་གཉིས་ཀྱིས་ནི་ཡུལ་ཅན་ཡེ་ཤེསོ།། དེ་ནས ་ཚིགསུ་བཅད་པ་གཉིས་ཀྱིས་ནི་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པར་ཐུགསུ་ཆུད་པར་སྟོན་ཏེ། དེ་ལ་ཚིག་རྐང་པ་དང་པོ་གཉིས་ཀྱིས་སེམས་ལས་བྱུང་བའི་གཞན་དབང་སྒྱུ་མ་ལྟ་བུར་སྟོན་ཏེ། ཇི་སྐད་དུ་སྒྱུ་མ་བྱས་པ་ཇི་ལྟ་བ་དེ་ལྟར་གཞན་གྱི ་དབང་གི་ངོ་བོ་ཉིད་བལྟ་བར་བྱའོ་ཞེས་གསུངསོ་པསོ།། དེ་ནས་རྐང་པ་གཉིས་ཀྱིས་དེ་ལྟར་རྟོགས་པའི་ཡེ་ཤེས་སྟོན་ཏོ།། ཡང་དེ་ནས་རྐང་པ་གཉིས་ཀྱིས་གཞན་དབང་གི་འཇིག་རྟེན་རྟག་པ་དང་ཆད་པའི་མཐའ་དང་བྲལ་བ་རྟག་ཏུ་རྨི་ལམ་དང་འདྲ་བ་སྟེ ་སེམས་སྣང་བ་ཙམ་ཞེས་པའི་དོན་ཏོ།། དེ་ནས་རྐང་པ་གཉིས་ཀྱིས་དེ་ལྟར་ཐུགསུ་ཆུད་པའི་ཡེ་ཤེས་སྟོན་ཏོ།། དེ་ནས་ཚོགསུ་བཅད་པ་གཅིག་གིས་ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པར་ཐུགས་ཆུད་ཅིང་། ཡེ་ཤེས་དེ་རྣམས་ཀྱིས་སྒྲིབ་པ་གཉིས ་སྤངས་པར་སྟོན་ཏོ།། དེ་སྐད་དུ་ཡང་། དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། དེ་ནི་དོན་དམ་པ་ཡིན་ལ་དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ་ཞེས་གསུངས་པསོ།། དེ་ལ་འདིར་ཆོས་དང་གང་ཟག་བདག་མེད་དང་ཞེས་པ་ནི་ཤེསསོ་རབ་དང་ཐུགས་རྗེའི་ཡུལ་ཡིན་ལ། དེ་ལྟར་རྟོགས་པས་སྒྲིབ་པ་གཉིས་སྤོངས་ཞེས་པ་སྟེ། ་ཤེས་པར་དོ།། དབྱིངས་ཀྱི་ཆ་ལ་བསྐྱོད་པ་ཡང་རྐང་བ་དང་པོ་གཉིས་ཀྱིས་བརྒྱུད་པ་དགོད་པ་སྟེ་སྒྱུ་མཱ་མྦཱི་བར་རང་བཞིན་གྱི་ཆོས་ཀྱི་སྐུ་སྨྲས་པ་ཐམས་ཅད་དང་བྲལ་བ་ལ་བསྟོད་པ་མི་འའདུང་། བསྐྱོང་པ་ནི་ཡོན་ཏན་གྱི་ཁྱད་པར་བརྗོད་པ་ཡིན་པ་ལས་འདིར ་དེ་འདྲ་བའི་ཁྱད་པར་གྲུབ་པ་མེད་པའི་ཕྱིར་ཞེས་པའོ།། དངོས་པོའི་ཞེས་པ་ལ་སོགས་པས་དེའི་ལན་སྟོན་ཏེ། དངོས་པོའི་རང་བཞིན་སྐྱེ་བོ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་ལ་དེ་ལྟར་མི་རྟོག་ཅིང་སྤྲོས་པ་དང་བྲལ་བ་ཉིད་དེ་ལ་བསྟོད་པའོ།། དེ་ལྟར་ན་རི། ་བོང་གི་རྭ་ལྀ་སོགས་པ་དང་མཚུངས་པས་བསྟོད་པར་མི་འགྱུརརོ་ཞེ་ན། དབང་པོ་དོན་དང་རྣམ་བྲལ་ཞིང་།། སྣང་མེད་དེ་འི་གཟིགས་པ་བས་ཞེས་པ་སྟེ། གཟུང་འཛིན་གཉིསུ་སྣང་བ་དང་བྲལ་ཞིང་སྣང་བ་མེད་པའི་ཡེ་ཤེས་སོ་སོ་རིང་རིག་གི་ཚུལ་དུ ་མངོན་དུ་བྱས་པས་སྤྲོས་པ་དང་བྲལ་བ་མེད་དགག་ཙམ་མ་ཡིན་ཞེས་པའོ།། དེ་ཉིད་ཀྱི་ཕྱིར་ཡེ་ཤེས་དེ་ཉིད་སྒྲ་དང་བློའི་ཡུལ་ལས་འདས་པར་སྟོན་པ་ནི། གལ་ཏེ་བསྟོང་ང་མི་སྨད་ཀྱང་རུང་།། ཐུབི་པ་དེ་ལ་ཇི་སྐད་བརྗོད་ཅེས་པ་སྟེ། སྐྱོན་དང་ཡོན་ཏན ་བརྗོད་པའི་སྒོ་ནས་བསྟོད་པ་དང་སྨད་པ་ནི་བྱིས་པ་རྣམས་ཀྱིས་རྣམ་པར་རྟོགས་པས་བརྟགས་པ་ཡིན་གྱིས་སངས་རྒྱས་ཀྱི་རང་བཞིན་ལ་དེ་འདྲ་བ་མེད་ཅེས་པའོ།། མྱ་ངན་མི་འདའ་འདའ་ལ་མིན།། ཁྱོད་ལ་མྱ་དྲན་འདའ་མི་གནས་ཞེས་པས་ནི་སྙིང ་རྗེས་ཞི་བ་ལ་མི་གནས་པ་ཉིད་དུ་སྟོན་ཏེ། སྟོང་པ་ཉིད་ཀྱི་མཐའ་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་རྒྱུན་མི་གཅོད་པའོ།། སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་ནི་གདུལ་བྱ་རྣམས་ཀྱིས་རྟོག་པར་འཛིན་པ་སྤང་བའི་དོན་དུ་ཡིན་གྱི་སངས ་རྒྱས་ཀྱི་རང་བཞིན་ལ་ནི་དེ་འདྲ་བ་མེདོ།། དེ་ལྟར་ཡང་མདོ་འདི་ཉིད་ལས། མཚན་ཉིད་དང་ནི་བྱ་བ་དང་།། དངོས་པོར་མྱ་ངན་དུ་མི་འདའ།། ཞེས་པ་ལ་སོགས་པས་སྟོན་ཏོ།། མདོ་སྡེ་གཞན་ལས་ཀྱང་། སངས་རྒྱས་མྱ་དྲན་ཡང ་མི་འདའ་ཞེས་པ་ལ་སོགས་པ་གསུང་སོ།། འདའ་ལ་མིན་ཞེས་པ་མྱ་ངན་ལས་འདས་པའི་མཐའ་མངོན་དུ་མི་བྱེད་པའོ།། ཁྱོད་ལ་མྱ་ངན་འདའ་མི་གནས་ཞེས་པས་དེ་ཉིད་གསལ་བར་བསྟན་པའོ།། བློ་དང་རིག་པ་བགྱི་དང་བྲལ།། ཡོད་དང་མདོ་པའི་ཕྱོག ་ཀྱང་སྤངས། ཞེས་པས་ཤེས་པས་སྲིད་པ་ལ་མི་གནས་པའམ། ཡང་དེའི་རང་བཞིན་ཤེས་པའི་ཡུལ་ལས་འདས་ཤིང་། མཐའ་ཐམས་ཅད་དང་བྲལ་བ་ཉིད་དུ་བསྟན་ཏེ། རྒྱས་པར་ནི་འོག་ནས་སྟོན་པར་འགྱུ་རོ།། དེ་ལྟར་རྟོགས་པའི་ཕན་ཡོན ་བསྟན་པ་ནི་ཕལ་ཆེར་ཤེས་པར་ཟདདོ།། ཆགས་མེད་ཉེར་ལེན་མ་མཆིས་ཞེས་པ་ནི་སྲེད་པ་དང་མ་རིག་པ་ལ་སོགས་པ་མེད་པས་ཕུང་པོ་ཉིང་མཚམས་འབྲེལ་པར་བྱེད་པ་མེད་ཅེས་པའོ།། དྲི་བའི་ཚིག་མདོར་བསྟན་པ་ནི་ཤེས་པར་ཟདདོ།། བཤད་པར ་སྐབས་དབྱེ་བ་ལ་ཐམས་ཅད་འཁོར་ལ་རྣམས་གཟིགས་ནས། ཞེས་པ་ནི་འཁོར་རྣམས་འདུལ་བའི་དུས་ལ་བབ་པ་ཉིད་དུ་རྟོགས་པའོ།། གཞན་ནི་ཤེས་པར་ཟ་།། དྲི་བའི་ཚིག་རྒྱུས་པར་བསྟན་པ་ལ་དང་པོར་རྟོག་གེའི་ཚུལ་འདྲི་བ་ནི། ཇི་ལྟར་ཞེས ་པ་ལ་སོགས་པ་སྟེ། ཇི་སྐད་དུ་ཕྱིའི་དོན་ནི་ཀུན་རྫོབ་ཙམ་དུ་ཡང་མིད་ཅིང་སྣང་བ་སེམས་ཀྱི་རང་བཞིན་ཡིན་ལ། དོན་དམ་པར་སེམས་ཀྱང་མེད་ན་དེ་བཞིན་གཤེགས་པ་འཇིག་རྟེན་དུ་སངས་རྒྱུ་བའི་ཚུལ་མ་བསྟན་པོའི་སྔོན་རོལ་ལམ ་སངས་རྒྱས་ནས་ཀྱང་རུང་སྟེ། ཆོས་ཀྱི་རང་བཞིན་མཐོང་བ་མེད་པར་རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་ཤེས་པ་རྣམས་ལ་དཔྱོད་ཅིང་འཇལ་བ་ནི། རྟོག་གི་ཞེས་པ་སྟེ་ཐ་སྙད་པའི་མངོན་སུམ་དང་རྗེས་དཔག་པ་ཡིན་ལ། དེ་ཉིད་རྣམ་པར ་དྲག་པ་ནི་དེ་ཁོ་ན་ཉིད་གཟིགས་པའི་ལུང་ལ་བརྟེན་ནས་མངོན་སུམ་ལ་སོགས་པའི་མཚན་ཉིད་རྣམ་པར་བཞག་པ། སངས་རྒྱས་པ་རྣམས་ཀྱི་གཙུག་ལག་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གཟུགས་ཤེས་པའི་ཤེས་པ ་ནི་རྣམ་པ་གཉིས་ཏེ། མིག་དང་དེའི་རྗེསུ་བྱུང་བའི་ཡི་ངོ་ཞེས་པ་ལ་སོགས་པས་མངོན་སུམ་གྱི་རྣམ་པར་དབྱེ་བ་དང་། གཞན་ཡང་མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིནོ།། ཞེས་པ་ལ་སོགས་པ ་གསུངས་པས་དེའི་མཚན་ཉིད་རྟོག་པོ་དང་བྲལ་ཞིང་མ་འཁྲུལ་པ་ཡང་གསུངས་ཏེ། དེ་ལ་བརྟེན་ནས་མངོན་སུམ་གྱི་ཚད་མ་དང་། དེའི་ཡུལ་གཟུགས་ལ་སོགས་པའི་རང་གི་མཚན་ཉིད་རྡུལ་ཕྲ་རབ་ལ་སོགས་པ་དུ་མ་བསྡུས་པའི་རང་བཞི ་གྱི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་གསུངས་པ་དང་། གཞན་ཡང་། དུ་བ་ལས་ནི་མེར་ཤེས་པ་སྟེ། ཆུ་སྐྱར་ལས་ནི་ཆུ་ཡི་ནོ་ཞེས་པ་ལ་སོགས་པས་འབྲས་བུའི་རྟགས་ལས་རྟོགས་པའི་རྗེ་སུ་དཔག་པའི་ཚད་མ་དང་། དེའི་ཡུལ་མེ་ལ ་སོགས་པ་རྡུལ་ཕྲ་རབ་འདུས་པ་རྫས་གཅིག་གིས་བདག་ཉིད་ཀྱིས་དབེན་པ་ལ་སོགས་པ་གསུངས་ཤིང་ཡང་དགེ་སློང་དག་འབྱུང་བའི་ཆོས་ཅན་གང་ཡིན་པ་དེ་ནི་འགོག་པའི་ཆོས་ཅན་ཞེས་བྱ་བའི་རྟགས་ལ་བརྟེན་ནས་འདི་བྱེད ་སྐད་ཅིག་མ་ཉིད་དུ་རྟོག་པ་རང་བཞིན་གྱི་རྟགས་ལས་བྱུང་བའི་རྗེསུ་དཔག་པ་དང་། དེས་གཞལ་བར་བྱ་བ་ཉིད་གསུངས་ཤིང་། དེ་བཞིན་དུ། དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོད་གཟུང་བར་མི་བྱ་སྟེ། གང་ཟགས ་གང་ཟག་ལ་ཚོང་འཛིན་པ་ནི་ཉམས་པར་འགྱུར་བའོ།། དེ་ལྟར་འཛིན་ན་ངའམ་ང་འདྲ་བ་ཡོད་པ་དེས་གཟུང་བར་བྱའོ་ཞེས་གསུངས་པས་མི་སྣང་བ་མི་དམིགས་པ་ནི་དགག་པ་གོ་བར་བྱེད་པ་མ་ཡིན་གྱི། རྒྱུ་དང་ཁྱབ་བྱེད་ལ་སོགས་པ་བཀག ་པས་འབྲས་བུ་དང་ཁྱབ་བྱ་ལ་སོགས་པ་འགོག་པ་སྣང་བ་མི་དམིགས་པ་ཉིད་དགག་པ་གོ་བར་བྱེད་པ་ཉིད་དུ་གསུངས་ཏེ། དེའི་ཕྱིར་ཇི་ལྟར་སྣང་བ་ཙམ་གྱི་ཆོས་ཅན་ཡང་དག་པའི་དངོས་པོར་ཡོད་ན་དེ་ལ་ཡཱ་དག་གི་ཅོག་དོ་དུ་མས་ཁྱབ་པ་དེ་འདྲ་བཱི་ཁྱས ་བྱེད་ལོག་པ་ན་ཁྱབ་བྱོའི་དངོས་པོ་མེད་པར་རྟོགས་ཤིང་། དེ་ལྟར་གོམས་པས་འཕགས་པ་རྣམས་ཀྱི་སོ་སོ་རང་རིགས་པའི་ཡེ་ཤོས་དོན་དམ་པའི་ཡུལ་ཅན་སྐྱེ་བར་འགྱུར་བ་དང་། གཞན་ཡང་ཚད་མ་སྡེ་མ་རྣམས་ལ་རྟེན་ནོས་ཀྱང་། ཇི་ལྟར ་སྐད་ཅིག་མཐའ་ཡོད་ལྟར།། ཐོག་མ་དབུས་ཀྱང་བརྟག་པར་བགྱིས།། ཞེས་པ་ལ་སོགས་པ་དང་། གཟུགས་ནི་རྡུལ་ཕྲན་གཞིག་པ་ན། རྡུལ་ཕྲན་ཆེནི་ཡོད་མོ་ཡིན། ཞེས་པ་ལ་སོགས་པར་རྟོགས་པའི་རིམ་གྱིས་དེ་ཁོ་ན་ཉིད་འཇལ་བའི ་ཚད་མ་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་སངས་རྒྱས་པ་རྣམས་ཀྱིས་རྟོག་གེའི་ཚུལ་ནི་དེ་ཁོ་ན་ཉིད་གཟིགས་པའི་ལུང་ལ་བརྟེན་ཅིང་བརྒྱུད་ནས་དེ་ཁོ་ན་ཉིད་རྟོགས་པའི་ཡན་ལག་ཡིན་པས་རྣམ་པར་དག་པའོ།། ཕྱི་རོལ་པ་རྣམས་ཀྱི་ནི་དེ་ལས ་བཟློག་པ་སྟེ། ནོར་པ་ཉིད་དུ་ཤེས་པར་བྱའོ།། དེ་ཡང་ཁ་ཅིག་གིས་ནི་རྔོ་ཤེས་ཀྱི་བློ་མངོན་སུམ་གྱི་ཚད་མར་འདོད་ཅིང་། དེ་ཉིད་ཀྱིས་སྔོན་གྱིས་ལྷས་བྱིན་གང་ཡིན་པ་ངནི་འདིའོ་ཞེས་རྟག་པའམ་སྦྱོའི་དངོས་པོར་གྱུར་པ་མངོན་སུམ་གྱི་ཆང་མས་གྲུབ་པར ་འདོད་ལ། ཡང་བྱེ་བྲག་པ་རྣམས་བདག་ནི་ཐམས་ཅད་ན་ཁྱབ་པ་སྟེ། བདག་གི་ཡོན་ཏན་བདེ་སྡུག་ཡུལ་ཀུན་ན་དམིགས་པའི་ཕྱིར་ཞེས་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡང་དག་པའི་གཏན་ཚིག་སུ་འདོད་ཅིང་དེ་ལས་བདག་གྲུབ་པར་འདོད ་དེ་ལ་སོགས་པོ་ཚད་མ་གཞལ་བྱ་ཕྱིན་ཅི་ལོག་ཏུ་རྣམ་པར་གཞག་པ་དེ་རྣམས་ནི་དེ་ཁོ་ན་ཉིད་རྟོག་པའི་ཡན་ལག་ཏུ་མི་འགྱུར་བས་ལོག་པའི་རྟོག་གེ་ཞེས་བྱ་སྟེ། ཐམས་ཅད་ངོ་བོ་ཉིད་མེད་ན་འདི་རྣམས་ཐམས་ཅད་མི་འཐད་ཅེས་བརྩད་པའི ་ཚུལ་དུ་འདྲི་བ་སྟེ། དེས་ཀྱང་གདོལ་བྱ་རྣམས་ཀྱི་ལོག་པར་རྟོགས་པ་སེལ་བར་འགྱུར་བའོ།། ཡང་ན་ནོར་པ་ཞེས་པ་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱི་ཤེས་པ་ཕོལ་ཆེར་དེ་ཁོ་ན་ཉིད་ཀྱི་དོན་ལ་ལོག་པར་ཞུགས་པ་རྣམ་སོ།། འོག་ནས་སྟོན་པར ་འགྱུར་བའི་དྲི་བ་ཐམས་ཅད་ཀྱི་རྒྱུ་མཚོན་ཡང་ཕལ་ཆེར་འདི་ཉིད་ཡིན་ཏེ། ཀུན་རྫོབ་ཏུ་སེམས་ཡིན་ཅིང་དོན་དམ་པར་སེམས་ཀྱང་ངོ་བོ་ཉིད་མེད་ན་འདི་དང་འདི་ལྟ་བུའི་བྱེ་བྲག་རྣམས་མི་འཐད་ཅེས་སྦྱར་བར་བྱའོ།། ཇི་ལྟ་བུ་ཞེས་པ་ནི་ཤྭེ ་པར་བྱེད་པའི་རྒྱུའོ།། ཅིའི་སླད་དུ་ཞེས་པ་ནི་ནོར་པ་སྐྱེད་པར་བྱེད་པའི་རྒྱུའོ།། དེ་རྣམས་ནི་དྲི་བའི་ངག་གཅིག་ཉིད་དེ་རྗེ་སུ་འབྲེལ་པའི་ཕྱིརརོ།། ཅིའི་སླད་དུ་ཞེས་པ་ལ་སོགས་པ་ཕལ་ཆེར་རྣམ་བྱང་གི་ཕྱོགས་ལ་བརྟེན་པའི་དྲི་བ་སྟེ། ཞིང་སྣ་ཚོགས་སུ ་སྤྲུལ་པའི་སྐུ་སྣ་ཚོགས་སྟོན་པ་དང་སྔར་སྣང་བ་མེད་པ་ལས་ལྷ་ཆེན་པོ་དང་གཏོགས་འདོད་ལ་སོགས་པ་མུ་སྟེགས་ཀྱི་སྟོན་པ་རྣམས་ཀྱི་གཟུགས་དང་། དེའི་འོག་ཏུ་ཁྱོད་ཉིད་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན ་པའི་སྐུ་རུ་སྣང་བའི་གོ་རིམ་མོ་འཐང་ཞེས་བརྩད་པ་དང་། ཁྱོད་ཀྱི་རྒྱལ་སྲས་ལས་སམ་རྒྱུ་གང་ལས་བྱུང་ཞེས་པ་དང་། འཁོར་བའི་གནསུ་སྲེད་པའི་སྲད་བུ་ལ་སོགས་པས་བཅིངས་པ་ལས་ཐབས་གང་གིས་གྲོལ་ཞིང་གྲོལ་བའི་གནས་ཀྱི ་ཁྱད་པར་གང་ཞིག་ཏུ་གྲོལ་བར་འགྱུར་ཞེས་པ་སྟེ། ཕྱི་རོལ་པོ་ལ་སོགས་པས་འདོད་པ་ལྟར་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན། དཔག་ཚད་བྱེ་བའི་ཁྱོན་ཙམ་གྱི་མཐར་པའི་གནས་ཡོད་ཅིང་གྲོལ་བ་རྣམས་དེར་འགྲོ་ཞེས་པ་ལ་སོགས་པའོ།། ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ལ་སོགས་པའི་ཡུལ་གཟུགས་ལ་སོགས་པ་མི་རྟག་པ་དང་མི་གཙང་བ་ལ་སོགས་པའི་རྣམ་པ་དང་། ལམ་དང་འབྲས་བུའི་ཐེག་པ་གསུམ་རྣམ་པར་གཞག་པ་དང་། ལམ་གྱི་སྤང་བར་བྱ་བ་ལས ་དོང་ཉོན་མོངས་པ་ལ་སོགས་པའི་རྐྱེན་གྱིས་སྐྱེ་བ་སྲིད་པའི་ཡན་ལག་རྒྱུ་དང་འབྲས་བུས་བསྡུས་པ་རྣམས་དང་། ཡོད་པ་དང་མེད་པ་ལ་སོགས་པ་རྣམ་གཅོད་ཡོངས་གཅོད་ཀྱི་འགལ་བ་ཡིན་པས་གཅིག་བཀག་པ་གཞན་སྒྲུབ་པ་ལ་རག ་ལས་པའི་ཕྱིར་གང་ཡང་རུང་བ་གཅིག་ཏུ་བངོན་པས་གཉིས་ཀ་ཡང་ཕྱིན་ཅི་ལོག་གཡང་སའི་གནས་ཀྱི་མཐའ་ཉིད་དུ་མི་རིགས་ཞེས་པ་དང་། འཇིག་རྟེན་པ་དང་ཐུན་མོང་བ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། ཉན་ཐོས་ལ་སོག ་པ་དང་ཐུན་མོང་བའི་ཚོགས་བདུན་ལ་སོགས་པ་འགོག་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་སྟེ། ཚིག་གསུམ་དང་རིམ་པ་བཞིན་སྦྱར་རོ།། ཡང་ན་ཚིག་ཐ་མ་ནི་འདུ་ཤེས་མེད་པའི་སྙོམས ་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་སྦྱར་བར་བྱའོ།། སྙོམས་འཇུག་དེ་རྣམས་ལས་སད་པ་དང་། དེ་ལས་སང་ནས་རིས་ལྔ་འམ་དྲུག་གི་འགྲོ་བའི་ལུས་འཛིན་ཅིང་ཉིང་ཚམས་འབྲེལ་བར་བྱེད་པའི་བྱ་བ་དང་། ཡང་རྗེས་ཀྱི་གནས་སྐབས་ན་ཇི་ལྟར ་སྣང་བ་ཙམ་གྱི་རང་བཞིན་ལ་ཚུལ་ཇི་ལྟར་སྒོམ་པ་དང་། བསྒོམས་པའི་སྟོབས་ཀྱིས་དཀར་པོ་རྣམ་པར་མཐོང་བ་ལ་སོགས་པའི་སེ་ལ་ཇི་ལྟར་འཇུག་པ་དང་། དེའི་དབང་གིས་མི་སློབ་པའི་གནས་སྐབས་ན་སྲིད་པ་གསུམ་གྱི་ཉོན་མོངས་པ ་སྤྲིངས་ཤིང་གནས་སམ་ལུས་ཀྱི་ཁྱད་པར་ཇི་ལྟ་བུ་འཛིན་པ་དང་། དེ་ལས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ལ་སོགས་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་གནས་དང་འགྲོ་བའི་ཁྱད་པར་འགའ་ཞིག་ཏུ་སྐྱེ་བ་བླངས་ཤིང་སེམས ་ཅན་གྱི་དོན་བྱེད་པའི་རྒྱལ་བའི་སྲསུཾ་ཇི་ལྟར་འགྱུར་བ་དང་། དེར་ཡང་རིམ་གྱིས་དབང་བཅུ་ལོ་སོགས་པ་ཐོབ་པར་འགྱུར་པ་དང་། ཁྱོད་པར་དུ་བྱང་ཆུབ་སེམས་དཔོའི་ས་བརྒྱད་པ་ལ་སོགས་པར་སེམས་ཆོས་ཉིད་ལ་མཉམ་པར་འཇོག་པར ་འགྱུར་པ་སྟེ། དེ་ལྟར་དྲོ་བ་ཉི་ཤུ་དང་པོའི་དོན་དང་ཉི་ཤུ་རྩ་གཅིག་པོ་དེ་རྣམས་རྒྱལ་བ་ཁྱུ་མཆོག་བདག་ལ་གསུངས་ཞེས་པ་སྟེ་འཁོར་གྱི་ནང་ནི་ཁྱུ་མཆོགས་ལྟ་བུར་འདུག་པའོ།། འདིར་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་སྣང་མེད་རིམ་པ ་ཞེས་པའི་དོན་ནི་ཐོགས་མར་ཕུང་པོ་ལ་སོགས་པ་བསྟན་ཅིང་། དེ་ནས་སེམས་ཙམ་ཉིད་དུ་སྟོན་པའི་རིམ་པའམ། ཡང་སྣང་བ་དང་བཅས་པའི་ཏིང་འཛིན་དང་སྣང་བ་མེད་པའི་ཏི་ངེ་འཛིན་གྱི་རིམ་པའོ་ཞེས་ཀྱང་འཆ་དོ།། འགྲོ་བ ་དང་ནི་ཞེས་པའི་དོན་ཡང་འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཡིན་པས་ཡུལ་གང་ནི་གནས་པ་ནི་དེ་ཉིད་དུ་འགག་པས་ཡུལ་གཞན་དུ་འགྲོ་བ་མི་འཐད་དེ། དེས་ན་འགྲོ་བའི་བྱ་བ་མི་འཐོང་ངོ་ཞེས་འདྲི་བའི་ཚིག་ཏུ་སྦྱརོ།། ཡིད་དང་ཤེས་པ་ལ་སོགས་པ ་གཙོ་བོར་ཀུན་ནས་ཉོན་མོངས་པོའི་ཕྱོགས་ལ་བརྟེན་པའི་དྲི་བ་སྟོན་ཏེ། རྣམ་པར་ཤེས་པའི་ཚོགས་བརྒྱད་དམ་ཡང་ན་ཉོན་མོངས་པ་ཅན་གྱི་ཡིད་མ་གཏོགས་པ་བདུན་པོ་རྣམས་ཇི་ལྟར་ཐ་དད་དུ་སྣང་བའི་ཡུལོ་ལ་འཇུག་ཅེས་པ་དང་། ཇི་ལྟར་ངོ། ་ཡས་ལྡོག་པ་དང་། སེམས་ཅན་རྣམས་ལ་ཐར་པའི་རིག་པ་ཡོད་པ་འམ་མེད་པར་ཇི་ལྟར་འགྱུར་ཞེས་པ་སྟེ། དྲི་པ་གསུམ་མོ།། སེམས་ཙམ་ཞེས་པ་ལ་སོགས་པས་གྲུབ་པའི་མཐའ་ལ་བརྟེན་པའི་དྲི་བ་སྟོན་ཏེ། མདོ་སྡེའི་ཕྱོགས་གཞན་ནམ་འདི ་ཉིད་ལས་ཀྱང་སྔར་སེམས་ཙམ་དུ་བསྟན་པ་དང་། ཆོས་རྣམས་ཀྱིས་མཚན་ཉིད་སོ་སོར་འགོད་ཅིང་བདག་གམ་སེམས་ཅན་མེད་པར་སྟོན་པ་འགལ་ཞེས་པ་དང་། གཟུགས་ལ་སོགས་པར་ཡང་དག་པའི་ཀུན་རྫོབ་ཀྱི་རྣམ་པར་དབྱེ་བ་བཤད་པ ་དང་། དེ་འདྲ་བའི་དབྱེ་བ་ཡོད་ན། དངོས་ཡོད་རྟག་དང་མི་རྟག་འགྱུར་ཞེས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་དུ་རྟག་ཆད་ཀྱི་ལྟ་བར་ཇི་ལྟར་མི་འགྱུར་ཞེས་པ་དང་ཆོས་ཀྱི་མཚན་ཉིད་མི་འདྲ་བ་ཁས་ལེན་པས་དེ་ཁོ་ན་ཉིད་དུ་མུ་སྟེགས་རྣམས་དང་ཇི་སྟེ། ་འགལ་བར་མི་འགྱུར་ཞེས་པའོ།། འདི་དངདེ་ཁོ་ན་ཉིད་སྨོས་པ་ནི་ཐ་སྙད་ཙམ་དུ་མཐའ་གཉིསུ་ལྟ་ཞིང་འགལ་བ་ཉིད་དུ་འགྱུར་བ་འདོད་པའི་ཕྱིརོ།། ཡང་གྲུབ་མཐའ་མི་འདྲུ་བའི་སྒོ་ནས་ཁྱོད་ཉིད་མྱ་ངན་ལས་འདས་པའི་འོག་ཏུ་སྡེ་པ་བཞི་ལ་སོགས་པ ་འབྱུང་བ་དང་། སྟོབ་པ་ཉིད་རྣམ་པར་དབྱེ་བ་དང་། འདུ་བྱེད་སྐུང་ཅིག་ཏུ་སྐྱེ་ཞིང་འཇིག་པ་དང་དེ་བཞིན་གཤེགས་པའི་སྙིང་བ་ཛྷ་ལྟར་འབྱུང་བ་དང་། འཇིག་རྟེན་ཕྱི་རིལ་པ་དང་རང་གི་སྐྱེ་བོས་བརྟགས་པའི་བྱེད་པ་མང་བ་ངེང། འཇིག་རྟེན་རྨི་ལམ ་སོགས་པ་འདྲ་བ་དང་། བྱང་ཆུབ་ཀྱི་ཡོནྡྲ་ལག་བདུན་ལ་སོགས་ཏེ་བྱང་ཆུབ་ཀྱི་ཕྱོགས་རྣམས་རྒྱུ་ཙི་ལས་བྱུང་བ་དང་། སིང་ཕྱི་རོལ་པ་རྣམས་དང་ལྟ་བ་ལ་ཆུ་རྡོ་ཙོང་འཁྲུག་པའམ་ཀཱ་ཀྐོའི་རྗེས་ལ་མཚོན་གྱིས་འཁྲུག་ཞེས་པ་སྟེ། ཡུལ་དང་མི་རྣམས ་ཕན་ཚུན་འཁྲུག་ཅིང་སོ་ལ་སོགས་པའི་འབྱུང་པོ་ཇི་ལྟར་ལྟ་བར་འགྱུར་ཞེས་པ་དང་། ཀུན་བརྟགས་པའི་ཆོས་རྣམས་མི་སྐྱེ་མི་འགག་ཅིང་ན་མཁའ་དང་འདྲ་བ་དང་། དེ་ལྟར་ནི་དེ་བཞིན་གཤེགས་པས་འཇིག་རྟེན་ཐུགསུ་ཆུད་པར་འགལ ་བ་དང་། ཆོས་ཐམས་ཅད་ཚིག་དང་ཡི་གེ་མེད་པར་གཞན་ལ་ཡང་སྒྲའི་སྒོ་ནས་སྟོན་པ་འགལ་བ་དང་། ཐབས་གང་གིས་རྣམ་པར་མི་རྟོགས་པའི་ཡེ་ཤེསུ་འགྱུར་བ་དང་། ཡེ་ཤེས་སྤྲོས་པ་དང་བྲལ་བསྟ་ན་མཁའ་དང་འདྲ་བ་དང་། དེ་བཞིན་ཉིད ་ཀྱི་རྣམ་པར་དབྱེ་བའི་གྲངས་དང་། སེམས་དང་ཕ་རོལ་ཏུ་ཕྱིན་པ་དུ་ཞེས་པ་སྟེ་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་གྲངས་དང་། སྦྱིན་པ་ལ་སོགས་པོའི་གྲངས་འདྲི་བ་སྟེ། དོན་ཐ་དད་ཀྱང་དྲི་བའི་ཚིག་གཅིག་ཏུ་སྦྱརོ།། ཡང་རྒྱུ་མཚན ་གང་གིས་རབ་ཏུ་དགའ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སའི་རིམ་པར་འགྱུར་པ་དང་། སྣང་བ་མེད་པའི་ཡེ་ཤེས་རྒྱུན་གྱིས་འཇུག་པ་དང་། ཆོས་དང་གང་ཟག་ལ་ཇི་ལྟར་བདག་མེད་པར་འགྱུར་པ་དང་། ་དེ་ལྟར་རྟོགས་ཤིང་གོམས་པས་ཤེས་བྱའི་སྒྲིབ་པ་ཇི་ལྟར་འདག་པོ་དང་། ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་རྣམ་པ་དང་། ཡང་དག་པ་འམ་ལོག་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། སེམས་ཅན་གྱི་འབྱུང་གན་སུ་གྱུར ་པ་ཟག་པ་དང་བཅས་པའི་ལས་དགེ་མི་དག་ལ་སོགས་པའི་བྱེ་བྲག་ཏུ་ཡིན་ཞེས་པ་སྟེ། དེ་གསུམ་དོན་ཐ་དད་ཀྱང་དྲི་བའི་ངག་གཅིག་ཏུ་སྦྱར་བར་བྱ་སྟེ། དེ་ལྟར་ན་གྲུབ་པའི་མཐའ་ལ་བརྟེན་པའི་དྲི་བ་ཉི་ཤུ་རྩ་ལྔའོ།། ནོར་བུ་མུ་ཏིག་ཞེས ་ལ་སོགས་པས་ཟག་པ་དང་བཅས་པའི་བསོད་ནམས་ཀྱི་སྣང་པོ་ལ་བརྟན་པའི་དྲི་བ་སྟེ། རིན་པོ་ཆེའི་རིགས་དེ་ལྟ་བུར་སྣང་བ་རྣམསུ་ཞིག་གོས་རབ་ཏུ་ཕྱུང་ཞེས་པ་དང་། ལྷས་བྱིན་དང་མཆོད་སྦྱིན་ལ་སོགས་པ་སེམས་ཅན་ར་རིའི་རྣམ་གྲངས ་ཐ་དད་ཅིང་། དེ་ལྟ་བུ་ལ་སོགས་པར་མངོན་པར་བརྗོད་པའི་ཐ་སྙད་སུ་ཡིས་བསྐྱེད་ཅེས་པ་དང་། སྤྱིར་རིག་པའི་གནས་ལྡེ་དང་ཁྱད་པར་དུ་བཟོའི་རིག་པ་དང་། སྲེག་དྷ་ར་དང་མེ་ཏོག་ཕྲེང་འཛིན་ལ་སོགས་པའི་ཚིགསུ་བཅད་པ་དང་། ཚབ ་བཅད་ཀྱང་པ་སྟེ་སྒྲའི་རིག་པ་དང་། རིགས་པ་རྣམ་པ་དུ་ཞེས་པ་བྱ་བ་བྱེད་པ་དང་ངོ་ལྟོས་པ་དང་ཆོས་ཉིད་དང་འཐད་པ་སྒྲུབ་པའི་རིགས་པ་སྟེ། གཏན་ཚིགས་ཀྱི་རིག་པར་རྟོགས་པ་རྣམས་རིག་པའི་གནས་ཞེས་པའི་སྤྱི་ཉིད་དུ་འདུས་པས་དྲི་བའི ་ངག་གཅིག་ཉིད་དུ་སྦྱར་བ་དང་། དོན་དེ་རྣམས་གདུལ་བྱའི་བསམ་པ་བལྟོས་ཏེ་ཚུལ་ཇི་ལྟར་བཤད་པ་དང་། འདོད་པའི་ཡོན་ཏན་གྱི་བདེ་བ་ཇི་ལྟར་འབྱུང་བར་འགྱུར་བ་དང་། དེ་ལ་ལོངས་སྤྱོད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ ་བདུན་དང་ལྡན་ཞིང་འཛོམྦྷའི་གླིང་ལ་སོགས་པ་ལ་དབང་སྒྱུར་བའམ། ཡུལ་ཁམས་ཀྱི་བདག་པོ་སྟེ་རྒྱལ་ཕྲན་རྣམས་ཇི་ལྟར་ལགས་ཞེས་པས་དྲི་བའི་ངག་གཅིག།། དེ་དག་དམག་དཔོན་རོན་པོ་ཆེ་ལ་སོགས་པ་འམ་གཞན་ཡང་མ་རུངས་པ ་ཚར་གཅོད་པའི་སྒོ་ནས་རྒྱལ་སྲིད་ཇི་ལྟར་བསྲུང་བ་དང་། ལྷོའི་རིགས་ལ་རྣམ་པ་དུ་ཞེས་པ་དང་། ལྷ་དང་མི་རྣམས་ཀྱི་གནས་པ་དང་སྐར་མའི་ཚོགས་དང་ཉི་མ་དང་ཟླ་བའི་གཞལ་མེད་ཁང་ཇི་ལྟ་བུ་ཞེས་པ་སྟེ། ངག་གཅིག་ཏུ་སྦྱར་བར་བྱའོ།། ་ཡང་མྱ་ངན་ལས་འདས་པའི་དབྱེ་བ་དང་། རྩེ་གཅིག་པའི་ཏིང་འཛིན་དང་ལྡན་པའི་རྣམ་པར་དབྱེ་བ་དང་། རིག་པའི་གནས་ལ་སློབ་པའི་དབྱེ་བ་དང་། དེ་ལ་སློབ་པའི་སློབ་དཔོན་གྱི་མཚན་ཉིད་ཇི་ལྟར་ཡིན་པ་དང་། སངས་རྒྱས་ཀྱི་དབྱེ་བ་དང་། དེ ་ཉིད་སྔོན་སྤྱད་པ་སྤྱོད་པ་ན་འགྲོ་པོའི་རིགས་གང་དང་གང་དུ་སྐྱེས་པའི་དབྱེ་བ་དང་། ཁར་དུ་གཅོད་པོའི་བདུད་དང་། རང་དང་གཞན་གྱི་གཞུང་ལུགས་ལ་གནས་པ་རྣམས་ཀྱི་བརྟུལ་ཞུགས་མེ་ལྟ་བརྟེན་པ་དང་། གཡང་དུ་འཚོང་བ་ལ་སོགས་པ ་དང་རྫུ་འཕྲུལ་གྱི་ཁྱོད་པར་སྟེ། ས་མཚན་ཅན་རྣམ་པ་དུ་ཡོད་ཅེས་པ་དང་། མ་སྐྱེས་པ་དང་མ་འགག་པ་ལ་སོགས་པ་སངས་རྒྱས་ཀྱི་རང་བཞིན་རྣམ་པར་དབྱེ་བ་དང་། རི་མོ་རྣམ་པ་དུ་ཞིག་མཆིས་ཞེས་པ་སྟེ། གོང་མ་རྣམས་ལ་མཆོད་ཅིང ་བསྙེན་བཀུར་བའི་རི་མོར་བྱ་བ་རྣམ་པ་དུ་ཞིག་མཆིས་ཞེས་པའོ།། འདིར་སློབ་དཔོན་ཡེ་ཤེས་དཔལ་གྱིས་བཤད་པ་ནི་སེམས་ནི་རྣམ་པ་དུ་ཞིག་མཆིས་ཞེས་གཞུང་འདོད་དེ། དེ་ལྟར་ན་སྔར་གྱི་སེམས་དང་ཕ་རོལ ་ཏུ་ཕྱིན་པ་དུ་ཞེས་པའི་སེམས་ནི་སྦྱིན་པ་ལ་སོགས་པ་ཀུན་ནས་སློང་བའི་སེམས་པ་ལ་སྦྱར་བར་བྱས་ཏེ། གཞན་དུ་ན་ཟློས་པར་འགྱུར་བའི་ཕྱིརརོ།། བརྟག་པ་ཙམ་ཡང་ཇི་ལྟ་བུ་ཞེས་པ་ནི་གཟུགས་ལ་སོགས་པར་སྣང་བའི་རང་བཞིན ་ལ་ཕུང་པོ་ལ་སོགས་པར་བརྟགས་ཤིང་ཕུང་པོ་ལ་སོགས་པའི་རྒྱུན་རྒྱུད་ལ་གང་ཟག་གི་བདག་ཏུ་བཏགས་པའོ།། གཞན་ཡང་མི་རྣམས་ཀྱི་བསོད་ནམས་ལས་གྲུབ་པ་ཆར་ལ་སོགས་པ་རྒྱུན་མཁའི་སྤྲིན་རླུང་ཅི་ལས་གྱུར་ཞེས་པ ་དང་། འདྲིས་པའི་དངོས་པོ་མི་བརྗོད་པའི་དྲན་པ་དང་། དེ་ལས་བྱུང་བའི་ཏིང་འཛིན་དང་བརྩོན་འགྲུས་ཀྱི་ཆར་གཏོགས་པའི་ཡིད་གཞུང་པ་ཇི་ལྟར་བྱུང་ཞེས་པ་དྲི་བའི་ཚིག་གཅིག་ཏུ་སྦྱའོ།། ཡང་བསོད་ནམས་ཀྱི་སྣང་བར་གྱུར་པ ་མེ་ཏོག་དང་འབྲས་བུར་བཅས་པའི་ནགས། སྤ་ལ་སོགས་པའི་འཁྲི་ཤིང་དང་བཅས་པ་ཇི་ལྟར་མཆིས་ཞེས་པའོ།། དེ་ལྟར་དྲི་བ་ཉི་ཤུ་རྩ་གཉིས།། གླང་པོ་ཞེས་པ་ལ་སོགས་པས་བསོད་ནམས་དང་བསོད་ནམས་མ་ཡིན་པའི ་སྣང་བ་ལ་བརྟེན་པའི་དྲི་བ་སྐྱོན་ཏེ། དུད་འགྲོའི་ཁྱད་པར་དེ་རྣམས་མི་རྣམས་ཀྱིས་གཟུང་དུ་རུང་ཞིང་བཀོལ་སྤྱད་བྱེད་པ་དང་། ངན་པའི་མི་རྣམས་བཟང་པོ་རྣམས་ཀྱིས་བཀོལ་སྤྱད་བྱེད་པ་སྟེ། དུད་འགྲོ་དང་ངན་པའི་མི་རྣམས ་ལ་བལྟོས་ཏེ་བསོད་ནམས་མ་ཡིན་པའི་སྣང་བ་ཡིན་ལ། དེ་དག་གི་བདག་པོ་ལ་ལྟོས་ཏེ། བསོད་ནམས་ཀྱི་སྣང་བའོ།། གཞན་ཡང་སེམས་ཅན་གྱི་ལུས་ལ་འབྱུང་བ་བཞི་དང་ན་མཁའ་དང་རྣམ་པར་ཤེས་པའི་ཁམས་དྲུག་འཛིན་པ་ཇི་ལྟ་བུ ་ཞེས་པ་དང་། སོ་སོའི་སྐྱེ་བོའམ་བྱང་ཆུབ་སེམས་དཔའི་འདོད་ཆེན་པར་ཡང་ཇི་ལྟར་འགྱུར་ཞེས་པ་དང་། སྐྱེས་པ་བུད་མེད་མ་ནཱིང་རྣམས།། ཇི་ལྟར་སྐྱེ་འགྱུར་བ་དག་ལ་གསུངས་ཞེས་པ་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་རྣལ ་འབྱོར་ལས་ཇི་ལྟར་ལྡོང་བ་དང་། དེ་ལྟ་ཇི་ལྟར་འཇུག་པ་དང་། ཞུགས་ནས་ཀྱང་སྐྱེས་བུ་མཆོག་རྣམས་ཇི་ལྟར་རིགས་པ་བཞིན་མཉམ་པར་འཇོག་པའོ།། འདིར་སྐྱེས་བུ་ཞེས་པ་ནི་འཕགས་པ་མྱ་ངན་ལས་འདས་པ་ལས་རྣམ་པ་བཞི་སྟེ། ་དགེ་བའི་བཤེས་གཉེན་ཚོལ་བ་དང་། དེ་ལས་དམ་པའི་ཆོས་ཉན་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པ་དང་། ཇི་སྐད་སྨྲས་པ་བཞིན་དུ་བྱེད་པའོ་ཞེས་གསུང་སྟེ།། གཞན་ཡང་འགྲོ་བར་ཕྱིན་པའི་སེམས་ཅན་གྱི། མཚན་ཉིད ་མཚན་མ་ཇི་ལྟ་བུ་ཞེས་པ་ནི་བགྲོད་པར་བྱ་བའི་འབྲས་བུ་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ཐོབ་པ་རྣམས་ཀྱི་ངེས་པའམ་མ་ངེས་པའི་མཚན་རྟགས་ཇི་ལྟ་བུ་ཞེས་པའོ།། འདིར་སློབ་དཔོན་ཡེ་ཤེས་དཔོལ་བཟང་པོ་ནི་འགྲོ་བའི་རིགས་གསར ་དུ་སྐྱེས་པ་རྣམས་ལ་འཇིག་པ་དང་འདོད་ཚོགས་ལ་སོགས་པའི་མཚན་མའམ་རྟགས་ལས་སྐྱེ་བ་གཞན་དུ་ཡང་དེ་འདྲ་བ་གོམས་པ་དཔོག་པར་བྱེད་པའི་གཏན་ཚིགས་ཏེ། ཇི་སྐད་དུ། སྔར་ལས་དང་འབྲས་བུའི་འབྲེལ་པ་བསྒྲུབ་པའི ་སྐབས་སུ་བཤད་པ་བཞིན་བཞེ་དོ།། གཞན་ཡང་ལས་གང་གིས་ཟང་ཟིང་ངམ་དད་པ་ལ་སོགས་པའི་ཡོན་ཏན་གྱིས་ཕྱུག་པོར་འགྱུར་ཞེས་པ་སྟེ། དེ་ལྟར་ན་དྲི་བ་རྣམ་པ་བཅུའོ།། ཇི་ལྟར་ཅི་ཡིས་ཞེས་པ་ལ་སོགས ་པས་ཡེ་ཤེས་སམ་གདུལ་བྱའི་བསོད་ནམས་ཀྱི་སྣང་བ་ལ་བརྟེན་པའི་དྲི་བ་སྟོན་ཏེ། སྔོན་སེར་སྐྱའི་གནསུ་རྒྱལ་རིགས་གཞོན་ནུ་རྣམས་ཀྱི་སྲིང་མོ་ཆུང་མར་ལེན་པར་སྤོབས་པས། ཤཱཀྱ་ཞེས་པའི་མིང་བྱུང་།། དེ་དག་ལས་རྒྱལ་རིགས་གཞོན་ནུ ་འགའ་ཞིག་རབ་ཏུ་བྱུང་ནས་གནས་པ་ལ། དེའི་གནས་རྐུན་པོ་ཞིག་བྱུང་བའི་ཆེད་པར་དེ་གསལ་ཤིང་གིས་ཕུག་པ་དང་། དེའི་མཁན་པོ་དཀའ་ཐུབ་ཅན་ཡུན་རིངས་དཀའ་ཐུབ་གླིང་སྐྱེས་ཞེས་བྱ་བ་དེས་དེ་མཐོང་ནས་མཁན་བུ་ལ་དེ་ཅི་ཞེས ་དྲིས་པ་དང་། ཇི་ལྟར་ཡིན་པའི་ལུགས་མཁན་པོ་ལ་སྨྱོས་པའི་འོག་ཏུ། མཁན་པོས་མུ་སྟེགས་ཅན་གྱི་ལྟ་བར་སྨྲས་པ། འཇིག་རྟེན་ན་བུ་མེད་པ་ལ་ནི་འགྲོ་བའི་རྒྱུད་མེད་པས་བུ་སྐྱེད་པར་གྱིས་ཤིག། དེས་ཇི་ལྟར་བྱ་ཞེས་སྨྲས་པ་དང་སྔོན་གྱི ་འདོད་པ་རྗེ་སུ་དྲན་པར་བྱ་སྟེ། ཁུ་བ་འབྱིན་པར་གྱིས་ཤིག་ཅེས་སྒོ་ཞིང་། དེས་ཀྱང་དེ་བཞིན་དུ་བྱས་པ་ལས་ཁུ་བ་ཐིག་ལེ་གཉིས་བྱུང་བ་བུ་རམ་ཤིང་གི་ར་བར་བཞག་ཅིང་ཉི་མོས་སྲོས་པ་ལས། བུ་གཉིསུ་རེད་པོ་དྲང་སྲོང་གིས་གསོས ་ཏེ། དེའི་ཕྱིར་བུ་རམ་ཤིང་སྐྱེས་ཤེས་མིང་དུ་གྱུར་ཏོ།། དེའི་རིགས་ལས་རབ་ཏུ་བྱུང་བ་ཁྱོད་ཉིད་ཀྱིས་སྔོན་སྤྱད་པ་སྤྱོད་པའི་དུསུ་དཀའ་ཐུབ་ཇི་ལྟར་སྤྱད་ཅིང་། གཞན་ཡང་ནེ་རཉྫ་ནའི་འགྲམ་དུ་ཇི་ལྟར་དཀའ་ལ་ཐུབ་སྤྱོད་པའི་ཚུལ་བསྟན ་པ་དང་། ཞིང་སྣ་ཚོགསུ་སེམས་ཅན་ཇི་ལྟར་འདུལ་བར་འགྱུར་པའི་མཚན་དང་གཟུགས་སྣ་ཚོགས་པ་རྒྱལ་བའི་སྲས་ཀྱིས་བསྐོར་བར་སྣང་བ་དང་། ཤ་རྣམས་བཀག་ཅིང་བཟར་མི་རུང་བ་དང་། ཤ་ཟའི་རིགསུ་སྐྱེས་པ་རྣམས་ཤཱ་ལ་རྔམ ་ཞིང་ཟ་བ་དང་། ཇི་ལྟར་ཞིང་རྣམས་ཉི་ཟླའི་དབྱིབས།། རི་རབ་པུདྨོ་འདྲ་བ་དང་།། དཔལ་བེའུ་སེངྒེའི་དབྱིབས་འདྲ་བ།། ཅི་ཡིས་བསླད་པ་བདག་ལ་གསུངས་ཞེས་པ་སྟེ་ཞིང་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྣང་བ་ལོ། ཞིང་གི་སྤྱིའི་དབྱིབས ་སམ་དབྱིབས་དེ་འདྲ་བའི་ཁྱད་པར་མཛེས་པོས་བརྒྱན་པ་ཅིའི་སླད་དུ་བྱུང་ཞེས་པའོ།། གོ་འདུན་དང་ནི་སྤྱི་གཙུག་དང་།། མི་འཕྲུལ་འདྲ་བ་ཇི་ལྟ་བུ་ཞེས་པ་ནི་ཇི་སྐད་དུ་སངས་རྒྱས་ཕལ་པོ་ཆེ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད ་གང་ཆེན་མཚོའི་སྐུའི་འགྲོམ་པ་གཡས་གཡོན་ན་ངོས་ཕྱལ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་འཕྲོང་ལ་གནས་པ་ཡོད་ལ། ཀོས་ལྷོའི་འོག་ནས་སྤྱི་གཙུག་གི་འཇིག་རྟེན་གྱི་ཁམས་ཞེས་པ་ཁ་ཐུར་དུ་བལྟས་པ་ཡོད་ཅེས་པ་དང ་གཞན་ཡང་སྔར་སྤྲུལ་པ་བྱིན་གྱིས་བརླབས་པའི་སྐབསུ་བསྟན་པ་བཞིན་མིག་འཕྲུལ་ལྟར་ཕྲལ་ལ་སྤྲུལ་པའི་ཞིང་ཁམས་རྣམས་ཇི་ལྟ་བུ་ཞེས་པ་སྟེ་དྲི་བ་གཅིགོ། སློབ་དཔོན་ཡེ་ཤེས་དཔལ་གྱིས་ནི་སྟེང་དང་འོག་ཏུ་བཀོད་པ ་དག་ཅེས་གཞུང་འདོན་པར་བྱེད་པ་སྟེ་དེ་ལྟར་ན་ཚིག་གི་དོན་སླ་བར་ཟདོ།། གཞན་ཡང་སངས་རྒྱས་མི་འཁྲུག་པའི་ཞིང་གི་བཀོད་པ་ལྟ་བུ་གསེར་རམ་བཻ་ཌཱུརྱ་ལས་གྲུབ་པ་རྣམས་ཇི་ལྟར་བྱུང་ཞེས་པ་དང་། པི་ཝང་དང་རྔའི་དབྱིབས ་འདྲ་བ་དང་། འབྲས་བུ་མེ་ཏོག་སྣ་ཚོགས་འདྲ་བ་སྟེ་དེ་ལྟར་ལྗོན་ཤིང་གཅིག་གི་ཁོངསུ་གཏོགས་པའི་མེ་ཏོག་དང་འབྲས་བུ་གཡས་གཡོན་དང་སྟེང་འོག་ལ་སོགས་པར་སྣ་ཚོགསུ་གནས་པ་ལྟར་སྟོང་གསུམ ་གཅིག་གི་ཁོངསུ་གཏོགས་པའི་གླིང་གི་བྱེ་བྲག་རྣམས་སྣ་ཚོགསུ་སྣང་བའོ།། ཉི་ཟླ་དགེ་དྲང་རྣམ་བྲལ་བ་ཞེས་པ་ནི་དེ་དག་གི་འོད་མེད་ཀྱང་སེམས་ཅན་གྱི་ལུས་ཀྱི་འོད་ཀྱིས་བྱ་བ་བྱེད་པའོ།། དེ་འདྲ་བའི་བྱེ་བྲག་ཅིའི་སླད་དུ་འབྱུང་ཞེས་པ་སྟེ། ་དྲི་བའི་ངག་གཅིག་གོ།། ཡང་ལ་ལར་སྤྲུལ་པོའི་སངས་རྒྱས་དང་། སངས་རྒྱས་ལ་ལ་རྣམ་སྨིན་འབྱུང་།། ཡང་དག་ཡེ་ཤེས་སངས་རྒྱས་རྣམས།། ཅི་སླད་ཇི་ལྟར་བདག་ལ་གསུངསོ་ཞེས་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད ་ཀྱི་རྣམ་པར་སྣང་བ་ནི་སྔོན་བླ་མ་སྐྱེལ་བ་ལ་སོགས་པ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་སྟེ་ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྒྱས་པར་བསྟན་པ་བཞི་ནོ།། ཡང་དག་ཡེ་ཤེས་སངས་རྒྱས་ཞེས་པ་ནི་ཆོས་ཀྱི་སྐུ་སྟེ། དེ ་རྣམས་ཀྱང་དྲི་བའི་ངག་གཅིག་ཏུ་སྦྱརོ།། གཞན་ཡང་དེ་འདྲ་བའི་ལོངས་སྤྱོད་རྫོགས་པའི་སྐུ་འདོད་པའི་ཁམ་སུ་སངས་མི་རྒྱ་བར་འོག་མིན་གྱི་གནས་འདོད་ཆགས་དང་བྲལ་བའི་ཁྲོད་དུ་སངས་རྒྱས་པའི་ཚུལ་སྟོན་པ་ཅིའི་ཕྱིར་ཞེས་པ་དང ་སྤྲུལ་པའི་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་དེའི་འོག་ཏུ་བསྟན་པོ་སུ་ཞིག་གིས་གནས་པར་བྱེད་པ་དང་། སྔོན་པོ་ལོའི་གྲངས་ཇི་སྲིད་ཀྱི་བར་དུ་བཞུགས་པ་དང་། ཆོས་བསྟན་པའི་ཚུལ་ཇི་སྲིད་ཀྱི་བར་དུ་གནས་པོ་དང་། ཁྱོད ་ཉིད་ཀྱི་གདུལ་བྱའི་བསམ་པ་ལ་བལྟོས་ཏེ་གྲུབ་པའི་མཐའ་དང་ལྟ་བ་རྣམ་པ་དུ་རུ་བསྟན་ཅེས་པ་སྟེ། དེ་ལ་གྲུབ་པའི་མཐའ་ནི་ཀུན་རྫོབ་ཙམ་དུ་གདུལ་བྱ་རྣམས་ཀྱི་བླང་བར་བྱ་བ་དང་། དོར་བྱ་དང་བཏང་སྙོམསུ་བྱ་བ་ནི་འདི་དང་འདི་ལྟ་བུ་ཞེས ་རྣམ་པར་འཇོག་པའོ།། ལྟ་བ་ནི་ཤེས་པར་བྱ་བའི་དེ་ཁོ་ན་ཉིད་འདི་ལྟ་བུ་ཞེས་དབང་པོའི་བྱེ་བྲག་དང་བསྟུན་ནས་རྣམ་པར་བཞག་པའོ།། དེ་དག་ཀྱང་དྲི་བོ་གཅིག་ཏུ་སྦྱ་རོ།། དགེ་སློང་དངོས་དང་འདུལ་བ་ཡང་།། ཇི་སློང་ཇི་ལྟར་བདག་ལ་གསུངས ་ཞེས་པ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་གྱུར་པ་ལ་སོགས་དང་། སོ་སོར་ཐར་པའི་རིས་བདུན་ནམ་བརྒྱད་ཀྱིས་བསྡུས་པའི་འདུལ་བ་སྟེ། ལྟུང་བ་སྡེ་ལྔ་གཞི་གང་ལས་ཇི་ལྟར་བཅས་པ་དང་། ཚུལ་ཇི་ལྟར་འབྱུང ་བ་དང་བྱུང་བ་ལས་ལྡང་པའི་ཐབས་བསྟན་པ་སྟེ། དྲི་བ་གཅིག་ཏུ་སྦྱར་བར་བྱའོ།། རང་རྒྱལ་རྒྱལ་སྲས་ཉན་ཐོས་ཀྱི།། ཅི་སླད་འགྱུར་བ་བརྒྱ་པོ་དང་།། སྣང་བ་མེད་པ་བརྒྱ་པ་ཡང་ཀ་ཅིའི་སླད་དུ་བདག་ལ་གསུངས་ཞེས་དེས་དཱི་བའི་ངག་གཅིག ་ཏུ་སྦྱར་ཏེ། འགྱུར་བ་བརྒྱ་ནི་འཕགས་པ་རྣམས་ཀྱི་མཐོང་བའི་སྤང་པོར་བྱ་བའི་ཉོན་མོངས་པོ་རྣམ་པར་འགྱུར་བ་གསལ་བར་ཉམསུ་མྱོང་བ་རྣམ་སོ།། དེའི་དོན་ཡང་མཐོང་བའི་ལམ་ནི་བདེན་པ་བཞི་འམ་དེའི་ཆོས་ཉིད་སྔར་མ་མཐོང ་བ་མཐོང་བ་ཡིན་དེས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བདེན་པ་ལ་ལོག་པོར་ཞུགས་པ་ཡིན་པས་བདེན་པ་བཞི་ལ་བརྟེན་ཏེ་རྣམ་པ་འབྱེད་པ་ན་རེ་ཞིག་འདོད་པའི་ཁམས་ན་བདེན་པ་རེ་རེ་ལ་བལྟོས་ཏེ། འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང ་མ་རིགས་པ་དང་ཐེ་ཚོམ་དང་། འཇིགས་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ་རྣམ་པ ་བཅུ་རུ་འགྱུར་བའོ།། དེ་ལ་འདིར་མ་རིག་པ་ནི་ཁམས་གསུམ་གྱི་མི་ཤེས་པའོ་ཞེས་འབྱུང་བས་རྣམ་པར་འགྱུར་བ་གསལ་བར་མྱོང་བ་མེད་པ་སྟེ། ཇི་ལྟར་སྡུག་བསྔལ་གྱི་བདེན་པ་མི་བརྟག་པ་དང་། སྡུག་བསྔལ་ལ་སོགས་པར་མ་གཏོགས ་པཔ་ཅི་མོ།། འདིའི་དོན་ལ་ལོག་པར་འཛིན་པ་རྣམ་པར་འགྱུར་བ་གསལ་བར་མྱོང་བ་རྣམས་དེའི་འབྲས་བུར་གྱུར་པ་ལྟ་བའི་བྱེ་བྲག་རྣམསུ་གཏོགས་པའོ།། དེ་ལྟར་ན་མ་རིག་པ་མ་གཏོགས་པ་བདེན་པ་རེ་རེ་ལ་རྣམ་པ་དགུ་དགུ་སྟེ་སུམ ་རྩ་དྲུག་ཡིན་ལ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་ཡང་མེད་པས་བདེན་པ་རེ་རེ་ལ་རྣམ་པ་བརྒྱད་བརྒྱད་དེ། དེ་ལྟར་ན་སུམ་ཅུ་རྩ་གཉིས་པ་ཕྲག་གཉིསུ་འགྱུར་བའོ།། དེ་ལྟར་ཐམས་ཅད་བསྡོམས་པས་བརྒྱ་ཉིད་དུ་འགྱུར་བའོ།། འདིར ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་ཤེས་བྱ་ལ་ལོག་པར་ཞུགས་པ་ཡིན་པས་བདེན་པ་ལ་བརྟེན་པའི་རྣམ་པར་དབྱེ་བ་མི་བྱེད་ཅིང་། དེ་ཡང་ཉོན་མོངས་པ་ལྷན་ཅིག་སྐྱེས་པའི་རིགསུ་གཏོགས་པ་རྣམ་པ་བཅུ་དྲུག་ཡིནོ་ཞེས ་ཆོས་མངོན་པའི་བསྟན་ཆོས་ལས་འབྱུང་སྟེ། དེ་རྣམས་ལས་ཉོན་མོངས་པ་མངོན་དུ་གྱུར་པ་ནི་མཐོང་བའི་ལམ་གྱི་མཉམ་པོར་བཞོག་པའི་ཡེ་ཤེས་དང་འགལ་བས་དེ་ཉིད་ཀྱིས་སྤང་བར་བྱ་བའི་རིགསུ་འདུས་ལ། བག་ལ་ཉལ་བ་ནི ་རྣམ་འགྱུར་གསལ་བར་ཉམསུ་མྱོང་བ་མེད་པས་འདིར་མ་སྨོསོ།། གཞན་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གྱིས་སྤང་བར་བྱ་བ་མ་ཡིན ་པས་དེ་ཡང་འདིར་མ་སྨོས་ཏེ་དེས་ན་སྔ་མ་དེ་དག་ཙམ་དུ་ཟད་དོ།། འདི་རྣམས་ཀྱི་དོན་ཞིབ་ཏུ་ནི་ལན་འདེབས་པའི་སྐབསུ་བསྟན་པར་བྱའོ།། སྣང་བ་མེད་པ་བརྒྱ་ཞེས་པ་ནི་དེ་རྣམས་ཀྱི་གཉེན་པོ་མཉམ་པར་བཞག་པའི་ཡེ་ཤེས་དེ་བཞིན་ཉིད་དུ ་ཡུལ་དུ་བྱེད་པའོ།། དེ་ཡང་སྤང་བྱ་ལ་བལྟོས་ནས་རྣམ་པ་བརྒྱའོ་ཞེས་བཞག་སྟེ། ཇི་ལྟར་ལྷས་བྱིན་ནམ་སྣ་ཚོགས་བཤེས་གཉེན་གང་འོང་ཡང་རུང་སྟེ། དོ་ཟླའི་གྱད་ནི་ངའམ་ངའོ་ཞེས་ཟླའོ་ལ་བལྟོས་ན་བདག་ཉིད་རྣམ་པ་གཉིསུ་འཇོག ་པ་ལྟ་བུའོ།། དེ་ལས་གཞན་དུ་སྣང་པོ་མེད་པའི་ཆོས་ཉིད་དམ། དེ་ལྟར་རྟོགས་པའི་ཡེ་ཤེས་ལ་ཐ་དོད་པའི་དབྱེ་བ་ཇི་ལྟར་འཐད་ཅེས་པའོ།། དོན་དེ་ཉིད་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་འཆད་པ་ན་འཁྲུལ་པ་གནས་འཕོ་བ་བརྒྱ་དེ་ནི་གཉིས ་སུ་མེད་པའི་དོན་དམ་པའི་བདེན་པའི་རིགས་པས་སྤོང་།། བརྒྱ་ནི་མཐའ་མེད་པས་ཉེ་བར་བརྟག་པར་བྱེད་པ་སྟེ་གྲངས་མཚོན་པ་ཙམ་ཡིན་གྱི། དེ་ཉིད་དུ་བརྒྱ་ཆད་པར་ནི་མ་ཡིན་ཏེ། ཇི་སྐད་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་བསྟན ་པ་ལ་སོགས་པ་དང་མཚུངས་པའོ་ཞེསོ།། གཞན་ཡང་འཇིག་རྟེན་གྱི་མངོན་པར་ཤེས་པ་ལྔ་པོ་སྔོན་གྱི་ལས་སམ་འཕྲལ་གྱི་འདུ་བྱེད་པ་གང་གིས་བྱུང་ཞིང་དེ་རྣམས་ཀྱི་སྟེང་དུ་ཟག་པ་ཟང་པོའི་མངོན་པར་ཤེས་པ་དང་དྲུག་སྟེ། འཇིག་རྟེན ་ལས་འདས་པའི་མངོན་པར་ཤེས་པ་ཡང་ཇི་ལྟར་བྱུང་ཞེས་པ་སྟེ་དྲི་བ་གཅིག་ཏུ་སྦྱརོ།། རྣམ་པར་ཤེས་པའི་ཚོགས་གནས་མ་གྱུར་པའི་བྱང་ཆུབ་སེམས་དཔའི་ས་བདུན་པོ་རྣམས་ཇི་ལྟར་བྱུང་ཞེས་པ་དང་། ཡང་ཁྱོད ་ཀྱི་དགེ་འདུན་རྣམ་པ་དུ། ཇི་ལྟར་དགེ་འདུན་དབྱེན་དུ་འགྱུར་ཞེས་དྲི་བའི་ངག་གཅིག་ཏུ་སྦྱར་ཏེ། ཉན་ཐོས་དོང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་རྣམ་པར་དབྱེ་བ་དུར་འགྱུར་ཞིང་དེ་རྣམས་གྲུབ་པའི་མཐའ་དང་། ལོངས་སྤྱོད་ལ་སོགས ་པའི་སྒོ་ནས་ཕན་ཚུན་འབྱེད་པར་བྱེད་པའི་དབྱེན་དང་། དེ་ལས་གཞན་མཚམས་མེད་པའི་ལས་རྣམསུ་ཇི་ལྟར་འགྱུར་ཞེས་པའོ།། གཞན་ཡང་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནངད་གསོ་བར་བྱེད་པའི་གཙུག་ལག ་རྣམས་ཡིན་ནམ་ཇི་ལྟར་ཡིན་ཞེས་པ་དང་། འོད་སྲུངས་ལོག་པར་དང་སེལ་དང་།། གསེར་ཐུབ་ཀྱང་ནི་ང་ཡིན་ཞེས།། རྒྱལ་བའི་སྲས་ལ་སོགས་པ་དེ།། ཐུབ་པ་ཆེན་པོ་ཅི་སླད་གསུངས་ཞེས་པ་དྲི་བའི་དོག་གཅིག་ཏུ་སྦྱར་ཏེ་དོན ་ནི་ཤེས་པར་ཟདདོ།། ཡང་ལས་སམ་ལས་ཀྱི་ཁུར་ཁྱེར་བའི་བདག་གམ་སེམས་ཅན་དེ་བཞིན་གཤེགས་པ་ཉིད་ཀྱིས་ཀྱང་གསུངས་ཤིང་། ཚད་མས་ཀྱང་གྲུབ་བཞིན་དུ་མེད་ཅེས་ཅིའི་ཕྱིར་བརྗོད་ཅེས་པ་དང་། དེ་བཞིན་ཉིད་རྟག་པ་དང་། ་འཇིག་པར་བཤད་པའི་གཏམ་ཇི་ལྟར་མི་འགལ་ཞེས་པ་དང་། ཉམསུ་མྱོང་བའི་ཚད་མས་གྲུབ་པས་སེམས་ཉིད་རིག་པ་དོན་དམ་པའི་དངོས་པོར་མདོ་སྡེ་ཐམས་ཅད་དུ་ཅིའི་ཕྱིར་ནོ་མི་བཤད་ཞེས་པ་སྟེ། དེ་ལྟར་ན་དྲི་བ་ཉི་ཤུ་རྩ ་བཞིའོ།། ཅི་སླད་ཅེས་པ་ལ་སོགས་པས་ཁྱད་པར་དུ་ཡང་ཕྱིའི་དོན་མེད་ཅེས་པ་ལ་བརྩད་པའི་ཚུལ་གྱིས་འདྲི་བ་སྟེ། ཀུན་རྫོབ་ཙམ་དུ་ཡང་ཕྱིའི་དོན་མེད་ན། སྐྱེས་བུ་རྣམས་ཁ་དོག་དང་རེག་བྱ་ལ་སོགས་པའི་ཁྱད་པར་ལས་བདེ་བར་འགྱུར ་ཞིང་དེ་ལ་མངོན་པར་འདོད་པ་དང་། ཨོཾ་རུ་ར་དང་སྐྱུ་རུ་རོའི་ཚལ།། ཀེ་ལ་ས་དང་ཁོར་ཡུག་རི།། རྡོ་རྗེ་སྲ་བའང་ཇི་ལྟ་བུ་ཞེས་པ་དྲི་བའི་ངག་གཅིག་སྟེ། དོན་ནི་སྐྱེ་དགུ་རྣམས་ཀྱི་ལུས་ལོ་ཕནུ་འདོགས་པོར་བྱེད་པའི་སྨན་གྱི་ཚལ་དང་། ་ཀེ་ལ་ས་ཏེ་ཏི་སའི་བྱང་ངོས་ཀྱི་རིའི་ཁྱད་པར་རོ།། ཞེས་གླེགས་བམ་ལས་འབྱུང་།། ཁོར་ཡུ་ག་རི་ནི་གླེང་བཞི་དང་རྒྱ་མཚོའི་ཕྱི་རོལ་དུ་གྱུར་པའི་རིན་པོ་ཆེའི་རིས་བསྐོར་བའོ།། དེ་ཉིད་རྡོ་རྗེའི་རི་ཞེས་ཀྱང་དུས་ཀྱི་འཁོར་ལོ་ལས་བཤད་པོ། ་དེའི་ནང་ནས་ཞེས་པ་ལ་སོགས་པའང་དྲི་བའི་ངག་གཅིག་ཁོར་ཡུག་གི་ནང་ན་མ་དྷ་ར་བ་དང་། གསེར་གྱི་རྀ་ལ་སོགས་པས་བརྒྱན་ཅིང་། དྲང་སྲོང་དྲི་ཟས་ཀུན་བཀང་བ།། ཇི་ལྟར་ཅི་སླད་ཅེས་པ་སྟེ་མི་འཐད་པར་བརྩད་པའོ།། དེ་ལྟར། ་ཐམས་ཅད་བསྡོམས་ནས་དྲི་བ་བརྒྱ་རྩ་བརྒྱད་དུ་འགྱུར་བའོ།། །། ཕག་པ་ཆེ་ཚུལ་ཞེས་པ་ལ་སོགས་པས་ཞུ་བ་པོ་ལ་བསྔགས་པ་བརྗོད་ཅིང་སྐབས་དབྱེ་བ་སྟེ། དྲི་བ་དེ་རྣམས་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་ཚུལ ་གཏན་ལ་འབེབས་པ། སངས་རྒྱས་རྣམས་ཀྱི་ཐུགས་ལ་མངའ་བ་ཡིན་ལ། དེ་ཉིད་དེ་བཞིན་གཤེགས་པས་གསན་པ་དང་ཞེས་པ་གདུལ་བྱའི་དོན་དུ་ཚུལ་དེ་ལྟར་བསྟན་པའོ།། གཞན་ནི་ཕལ་ཆེར་ཤེས་པར་ཟད།། དེ་ནི་རིམ ་གྱིས་ངས་བཤད་ཅེས་པ་དྲི་བའི་གོ་རིམ་དང་བསྟུན་པ་ནི་མ་ཡིན་གྱི་འོན་ཀྱང་གདུལ་བྱའི་ཁྱད་པར་རྣམས་ལ་རིམ་གྱིས་སྟོན་པར་སྣང་བའོ།། སྐྱེ་དང་སྐྱ་བ་མེད་པ་དང་ཞེས་པ་ལ་སོགས་པ་དྲི་བའི་དོན་དེ ་ཉིད་ཁྱད་པར་དུ་བཤད་པ་དང་བཅས་ཏེ་རྗེསུ་བརྗོད་པའོ།། དེ་ཡང་ཕལ་ཆེར་སྔར་བསྟན་པའི་རྗེསུ་འབྲང་བས་རྟོགོས་པོར་སླའོ།། འཕོ་བ་དང་ཞེས་པ་ནི་ཇི་ལྟར་ས་ལ་འཇུག་པར་འགྱུར་ཞེས་པ་དང་སྦྱ་རོ།། ཉན་ཐོས་རྒྱལ་བའི་སྲས ་ཞེས་པ་དེ་ཡང་རིམ་གྱིས་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་བའོ།། ལྷ་མ་ཡིན་ནི་སྔར་གྱི་འགྲོ་བོའི་ཁྱད་པར་རོ།། རྣམ་པར་ཐར་པ་ནི་བརྒྱ་།། དེ་བཞིན་དུ་སྟོབས་ལ་དང་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོ་བྱང་ཆུབ་ཀྱི་ཕྱོགས་ཀྱིས ་བསྡུས་པའོ།། ཡང་སྟོབས་རྣམ་པ་བཅུ་སྟེ་བྱང་ཆུབ་སེམས་དཔའ་ལ་ཡང་ལྡན་པར་མེདོ་སྡེ་དག་ལས་བཤདདོ།། ཚོགས་ཀྱི་ལམ་ལ་སོགས་པའི་ལམ་རྣམས་ཀྱང་དེ་བཞི་ནོ།། ཚད་མེད་རྣམས་དང་བསམ་གཏན་ཞོས་པ་འཇིག་རྟེན། ་པའི་ལམོ།། འགྲོ་འོང་ཞེས་པ་ནི་གྲོལ་བ་གང་དུ་འགྲོ་བར་འགྱུར་ཞེ་འམ། འགྲོ་བ་གཞན་ནས་འོངས་ནས་འདིར་ལུས་འཛིན་ཅིང་འདི་ནས་གཞན་དུ་འགྲོ་བ་དང་སྦྱརོ།། སྙོམས་པར་འཇུག་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། ་འགོག་པ་ནི་ཉན་ཐོས་རྣམས་ཀྱིའོ།། ཡང་ན་སྙོམས་པར་འཇུག་པ་ཉིད་འགོག་པ་སྟེ་གཅིག་ཏུ་བསྡུའོ།། ཆོས་ལྔ་དང་རང་བཞིན་གསུམ་སྟེ་སྔར་གྱི་མཚན་རྣམས་རྣམ་པར་དགོད་པའམ། རིག་པའི་གནས་ཞེས་པ་དེ་ཉིད་དུ་བསྡུའོ།། ། ་རྟོག་པ་དང་རྟག་པར་བྱ་བ་ནི་གཞན་གྱི་དབང་དང་ཀུན་དུ་བརྟགས་པའི་རང་བཞི་ནོ།། ལྟ་བ་གཉིས་ནི་རྟག་པ་དང་ཆད་པར་རོ།། སངས་རྒྱས་གཅིག་དང་དཀྲུགས་མ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་དང་པོར་མངོན་པར་བྱང་ཆུབ ་པ་དང་། ཐ་མར་མྱ་ངན་ལས་འདས་པ་སྟོན་པ་སྤྲུལ་པའི་སྐུའི་སངས་རྒྱས་དང་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ནི་གཅིག་ཡིན་ལ། ཞིང་གཞན་ནས་གློ་བུར་འདུས་པ་ནི་དཀྲུགས་མ་སྟེ་དུ་མའོ།། གཞན་དང་ཤེས་པ་དང་ཤེས་བྱའི ་བོར་རེད་ཅིང་འབྱུང་བ་ཐོབ་ཅེས་པའོ།། དཔེ་དང་རྒྱུ་རྣམས་ལྡན་ཞེས་པ་ཤེས་བྱེད་ཀྱི་རྒྱུ་གཏན་ཚིགས་དང་། དེའི་ཁྱབ་པ་སྒྲུབ་བྱེད་ཀྱི་ཡན་ལག་དཔེ་དང་བཅས་པའི་གྲུབ་པའི་མཐའ་ཞེས་པའོ།། ཚུལ་ནི་རྟོག་གི་རྣམ་པར་དག་པའོ།། ། ་དེ་ལྟར་དྲི་བ་རྗེསུ་བརྗོད་ནས་སེམས་ཙམ་ནི་ཞེས་པ་དེ་རྣམས་ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པས་སེམས་ཉིད་ལ་རྣམ་པར་འཇོག་ཅེས་པ་སྟེ། སྔར་སེམས་ཙམ་གྱི་ཚུལ་ལ་རྩོད་པ་སྤང་བའི་སྐབསུ་རྒྱས་པར་བསྟན་པ་བཞི་ནོ།། ། ་སྣང་བ་མེད་ཅེས་པ་དང་ས་རྣམས་ལ་ཡང་རིམ་པ་མེད་ཅེས་པ་ནི་དེ་ཁོ་ན་ཉིད་སེམས་ཀྱི་ཁྱད་པར་རང་ཡང་གྲུབ་པ་མེད་ཅེས་པའོ།། དེ་བཞིན་ཏེ་ཞེས་པས་ཆོས་ཀྱི་ཁྱད་པར་བརྒྱ་པོ་ཅིའི་ཕྱིར་བདག་ལ་གསུངས་ཞེས་དྲིས་པའི་དོན ་དང་གསོ་བའི་གཙུག་ལག་ལ་སོགས་པ་དེ་རྣམས་ཀྱང་ཀུན་རྫོབ་ཏུ་སེམས་ཉིད་ཡིན་ཞིང་དོན་དམ་པར་ངོ་བོ་ཉིད་མེད་ཅེས་སྔར་བསྟན་པ་དེ་བཞིན་ཏེ་ཤེས་པའོ།། གལ་ཏེ་ཀུན་རྫོབ་ཏུ་སེམས་ཉིད་ཡིན་པ་དེ་ལྟ་ན་ཡང་། དེ་རྣམས ་ཀྱི་བྱེ་བྲག་ཇི་ལྟར་དྲིས་པ་བཞིན་དུ་བསྟན་པར་རིག་སོ་ཞེ་ན་མ་ཡིན་ཏེ། ནོར་བུ་མུ་ཏིག་གསེར་འབྱུང་བ་ཞེས་པ་ལ་སོགས་པ་དྲི་བའི་དོན་གདུལ་བྱ་ལ་སྐབསུ་ཉེ་བར་འཁོ་བ་མེད་པ་ནི་དྲི་བར་མི་རིགས ་ཤིང་དེ་བཞིན་དུ་ལན་ཡང་གད་བ་པར་མི་འོས་པའོ།། གལ་ཏེ་ད་ལྟར་ཉེ་བར་ཁོ་བ་མ་ཡིན་ཀྱང་དུས་གཞན་ན་གདུལ་བྱ་ལ་ཉེ་བར་མཁོ་བ་ཉིད་དུ་འགྱུར་ཏེ། དངོས་སམ་བརྒྱུད་པས་རང་ངམ་གཞན་གྱི་དོན་དུ་མི་འགྱུར་བའི་དངོས ་པོ་ཅུང་ཟད་ཀྱང་མེད་པའི་ཕྱིརརོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་རི་བོ་དེ་བཞིན་རི་རྣམས་དང་། སའི་ཚད་ཀྱང་ཞེས་པ་ལ་སོགསོ་པའི་དོན་འདི་རྣམས་ཀྱང་དུས་གཞན་དུ་སེམས་ཅུ་ལོ་ཉེ་བར་མཁོ་བར་འགྱུར་བས། ཅིའི་ཕྱིར་ན་མི་འདྲི་སྟེ་དྲི་བར ་རིགས་པ་ཉིད་དུ་འགྱུར་ཞེས་པའོ།། ཚིག་གི་ཕལ་ཚར་དཤེས་པར་ཟད་དོ།། བདག་ལ་གསུངས་ཞེས་པ་ལ་སོགས་པའི་ཚིག་འདི་རྣམས་ཀྱི་དོན་ནི་འདྲི་བ་པོས་བདག་ལ་གསུངས་ཞེས་ཅིའི་ཕྱིར་མི་འདྲི་སྟེ་འདྲི་བར་འོས་ཞེས་པའོ།། ་རབ་དང་འབྲིང་ནི་ལུས་ཆེ་ཆུང་གི་སྒོ་ནས་རྡུལ་མང་ཉུང་ངུ་འགྱུར་བའོ།། འབུམ་དང་ཞེས་པ་ལ་སོགས་པས་ནི་ཁལ་གཅིག་ལ་རྡུལ་ཕྲན་འབུམ་ཕྲག་དུ་ཡོད་ཅེས་པ་ལ་སོགས་པའོ།། དབང་པོ་གཅིག་ཅིང་རྡུལ་ཕྲན་དུ་ཞེས ་པ་ལ་སོགས་པ་ནི་གཟུགས་ཅན་གྱི་དབང་པོར་གྲགས་པ་རི་རེ་ལ་ཡང་རྡུལ་ཕྲ་རབ་ཀྱི་གྲངས་དུ་ཡོད་ཅེས་པ་དང་། སེམས་ཅན་གྱི་ལུས་ལ་སྨིན་མ་དང་སྤུའི་ཁུང་བུའི་གྲངས་དུ་ཡོད་ཅེས་ཅིའི་ཕྱིར་མི་འདྲི་ཞེས་པའོ།། གལ་ཏེ་སྐབས། ་སུ་ཉེ་བར་མཁོ་བ་མེད་ན་དུས་གཞན་དུ་ཉེ་བར་མཁོ་བ་ཉིད་དུ་འགྱུར་ཡང་དེ་འདྲ་བའི་དངོས་པོ་ཐམས་ཅད་ནི་དྲི་བར་མི་ནུས་ཤིང་། དྲིས་པ་ལ་དགོས་པ་ཡང་མེད་དེ། ཐམས་ཅདབསྡུས་པའི་དོན་སེམས་ཀྱི་ཆོས་ཉིད་སྟོང ་པ་ཉིད་གཏན་ལ་ཕབ་ཅིང་གོམས་པ་ལ་བརྟེན་ནས་ཆོས་ཀྱི་ཁྱད་པར་ཐམས་ཅད་རྟོགས་པར་འགྱུར་བའི་ཕྱིརོ།། དེ་སྐད་དུ་ཡང་། འཇིག་རྟེན་ཁྱམས་ནི་སྟོང་དག་ཏུ།། ངས་ནི་མདོ་སྡེ་གང་བཤད་པ།། ཚིག་འབྲུ་ཐ་དང་དོན ་གཅིག་སྟེ། ཐམས་ཅད་བརྗོད་པར་ནུས་མ་ཡིནི། ཚིག་གཅིག་རྣམ་པར་བསྒོམས་པ་ཡི།། དེ་དག་ཐམས་ཅད་བསྒོམས་པར་འགྱུར་ཞེས་པ་ལ་སོགས་པ་སྔར་བསྟན་པ་བཞི་ནོ།། སྙམ་དུ་གདུལ་བྱའི་ཁྱད་པར་འགའ་ཞིག་དོགས ་ན་མི་འཐད་དེ། དེ་ལྟ་ན་སྔར་གྱི་དྲི་བ་རྒྱས་པ་རྣམས་ཀྱང་དྲི་བར་མི་འོས་པ་ཉིད་དུ་འགྱུར་ཞེས་སྟོན་པ་ནི། ཕྱུག་པོའི་མི་རྣམས་ཅི་ལས་གྱུར་ཞེས་པ་ལ་སོགས་པའོ།། ཚིག་གི་དོན་ནི་ཕལོ་ཆེར་སྔར་གྱི་དཱི་བ་དང་སྦྱར་བས ་ཤེས་པར་ཟདདོ།། གང་དུ་སྤྲིན་རྣམས་འབྱུང་བར་འགྱུར་ཞེས་པ་ལ་སོགས་པ་ནི་ཡུལ་ལམ་སོ་གཾ་ལ་སོགས་པའི་དུས་གང་དུ་ཞེས་པའོ།། དུས་ཀྱི་རྣམ་པ་ཞེས་པ་ཡང་དུས་དེ་ཉིད་ཀྱི་དབྱེ་བའོ།། རྒྱལ་བའི་སྲས་ཀྱིས ་མཛེས་ཞེས་པ་དེ་བཞིན་གཤེགས་པ་ལ་རྒྱལ་བའི་སྲས་ཀྱིས་བསྐོར་བའོ།། བྱེད་པ་ཅི་ཡིས་འབྱུང་ཞེས་པ་ནི་འགྲོ་བ་དག་དང་ལུས་འཛིན་པ། ཅིའི་སླད་དུ་བྱ་བ་འབྱུང་ཞེས་པ་དང་སྦྱརོ།། ཅིའི་ཕྱིར་བདག་ལ་གསུངས་ཞེས ་པ་ནི་ཞུ་བ་པོ་ཁྱོད་བདག་ལ་གསུངས་ཞེས་ཅིའི་ཕྱིར་འདྲི་སྟེ། དྲི་བར་མི་འོས་ཞེས་པའོ།། གལ་ཏེ་དེ་ལྟར་ན་བྱང་ཆུབ་སེམས་དཔའི་དྲི་བའི་ངག་སྐྱོན་དང་བཅས་པ་ཉིད་དུ་འགྱུར་རམ་ཞེ་ན། མི ་འགྱུར་ཏེ། དེ་ལྟ་བུའི་བརྒལ་བ་དང་ལྡན་བརྒྱུད་པ་ལ་བརྟེན་ནས་སྐབས་སུ་ཉེ་བོར་མཁོ་བ་མེད་པའི་དོན་ནི་མཁས་པ་རྣམས་ཀྱི་གཙོ་བོར་གཽཏན་ལ་དབབ་པར་བྱ་བ་མ་ཡིན་ལ། གཙོ་བོར་གཏན་ལ་དབབ་པར་བྱ་བའི་དོན་ནི ་ཐམས་ཅད་བསྡུས་པ་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཡིན་ནོ་ཞེས་རྟོག་པར་འགྱུར་བའི་དགོས་པ་དང་ལྡན་པསོ།། དེ་ལ་སྔར་གྱི་དྲི་བའི་དོན་ཡང་ཕལ་ཆེར་དེ་ཉིད་གཏན་ལ་འབེབས་པའི་ཡན་ལག་ཏུ་འགྱུར་པས་འོག་ནས ་ལན་རྒྱས་པར་བསྟན་པར་བྱ་ཞིང་། འགའ་ཞིག་ནི་ལན་གདབ་པར་བྱ་བ་མ་ཡིན་ཞེས་པའོ།། དེ་རྣམས་ཀྱང་བྱང་ཆུབ་སེམས་དཔས་དྲིས་པའི་དགོས་པ་ནི་སྔ་མ་ལྟར་རྟོགས་པ་སྐྱེད་པ་ཉིད་ཡིན་ཏེ། དེས་ན་དགོས་པ་དང ་ལྡན་པའི་ཕྱིར་སྐྱོན་མེད་ཅེས་པའོ།། འདི་དང་གཞན་ཡང་ཞེས་པ་ལོ་སོགས་པས་སྔར་དྲིས་པ་དང་། འོག་ནོས་འདྲི་བར་འགྱུར་པ་ཐམས་ཅད་ཀྱི་དོན་གྱི་དེ་ཁོ་ན་ཉིད་བསྡུས་པ་སེམས་ཀྱི་ཆོས་ཉིད་བཤད་པར་དམ་བཅའ ་ཞིང་ཉོན་ཅིག་པོར་གདམས་པའོ།། རེ་རེར་མཚན་དང་རབ་ལྡན་ཞིང་ཞེས་པ་ལ་སོགས་པའི་དོན་ནི་དྲི་བའི་དོན་སོ་སོ་རེ་རེ་རེར་དངོས་པོར་དངོས་པོའི་མཚན་ཉིད་མི་འདྲ་བ་དང་ལྡན་ཞིང་། དེ་ལྟ་བུའི་དངོས་པོར་འཛིན་པའི ་བའི་ཉེས་པ་རྣམས་སྤངས་ཏེ། ཐམས་ཅད་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དུ་ཕྱོགས་གཅིག་ཏུ་གྲུབ་པའི་མཐའ་ང་ཡིས་བསྐྲུན་པར་བྱ་ཡིས་ཁྱོད་ཅག་པ་ལ་ཉན་པར་གྱིས་ཞེས་པའོ།། རྣམ་པ་གཅིག་ཏུ་ན་དྲི་བ་རྣམས་ཀྱིས ་གནས་སྐབསུ་ཉེ་བར་མཁོ་བའི་དོན་རྣམས་ཀུན་རྫོབ་ཏུ་སོ་སོར་མཚན་ཉིད་མ་འདྲེས་པ་ལྟ་བ་ཕྱིན་ཅི་ལོག་གིས་བརྟགས་པའི་ཉེས་པ་སྤངས་ཏེ། ཕྱིན་ཅི་མ་ལོག་པའི་ཕྱོགས་ཀྱིས་གྲུབ་པའི་མཐའ་ང་ཡིས་བཤད་ཅེས་པ་ལ ་སོགས་པའོ།། ཚིག་རྣམས་བཀོད་པ་ཞེས་པ་ལ་སོགས་པའི་དོན་ནི་དྲི་བ་ལ་སོགས་པ་དེ་དག་ཐམས་ཅད་ཚིག་ཙམ་ཡིན་གྱིས་དོན་གྲུབ་པ་མེད་པོར་སྟོན་པའི་ཚིག་དགོད་ཅེས་པ་ལ་སོགས་པ་སྟེ་ཤེས་པར་ཟདདོ།། དེ་ལྟར་དྲི ་བའི་ལྡན་ཤིན་ཏུ་བསྡུས་པ་དང་དྲི་བར་མི་འོས་པ་ལ་སོགས་པའི་ཚུལ་གཞན་གྱི་སྒོ་ནས་བསྡུས་ཏེ་བསྟན་པ་དང་། ཡང་དེ་ལས་ཚུལ་གཞན་གྱི་སྒོ་ནས་བཤད་པར་དམ་བཅས་ཤིང་ཉན་པར་གདམས་པར་བསྟན ་ནས། དེ་ཉིད་ལ་དྲི་བའི་ཚིག་འགོད་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ།། གལ་ཏེ་འདིརི་དྲི་བ་དང་ལན་གྱི་ཚིག་བརྒྱ་རྩ་བརྒྱད་ཉིད་དུ་སྨོན་པར་བྱེད་པའི་རྒྱུ་མཚན་ནི་མི་འཐད་ངོ་།། དྲི་བ་ལ་སོགས་པའི་དོན་སྐབསུ་ཉེ་བར ་མཁོ་བའམ་གཞན་ཡང་རུང་སྟེ་རྫོགས་པར་སྟོན་པ་ཡིན་ན་ནི་ཆོས་ཤིན་ཏུ་ཉུངས་པར་འགྱུར་ལ། ཕྱོགས་འགའ་ཞིག་ཙམོ་སྟོན་པ་ཡིན་ན་ནི་མངས་པར་ཡང་འགྱུར་རོ་ཞེ་ན། སྐྱོན་མེད་དེ། འདི་ནི་གདུལ་བྱ་ཉེ་བ་ཉིད་ཀྱི ་བསམ་པ་ལ་དགོངས་ནས་ཤེས་རབ་ཀྱི་དམིགས་པའི་ཡུལ་གཙོ་བོར་གཏན་ལ་འབེབས་པ་ན་འདི་ཉིད་ཙམ་བསྟན་པས་གདུལ་བྱ་རྣམས་རྗེསུ་འཛིན་པར་འགྱུར་པས་དེ་ལྟར་དྲི་བ་དང་ལན་གྱི་ཚིག་འདི ་དག་ཙམ་དཀོད་པའོ།། འདི་དག་ནི་གོ་རིམ་ངེས་པའི་རྒྱུ་མཚན་ཡང་དེ་ཉིད་ཡིན་ཏེ། དེ་ལས་གཞན་པའི་གོ་རམ་ངེས་པའི་རྒྱུ་མཚན་ནི་ཅུང་ཟད་ཀྱང་མེདདོ།། དེ་ལ་སྐྱོ་བའི་ཚིག་ཞེས་པ་ལ་སོགས་པ་དགག་པའི་ཡུལ་བརྗོད་པ་ཐམས་ཅད་ནི ་སྒྲུབ་པའི་རྣམ་པ་ཉིད་དུ་དངོསུ་བློ་ལ་སྣང་བ་འམ། དེ་ལས་ཤེས་ནས་རྟོགས་པར་བྱ་བའི་རང་བཞིན་ཏེ་ལེའུ་དང་པོར་ཆོས་ཞེས་པའི་སྒྲ་ཡིས་བསྟན་པར་བྱ་བའི་དོན་དང་སྦྱར་བར་བྱའོ།། དོན་འདི་རྣམས་ཐམས་ཅད་ཀྱང་སྔར་བསྟན་པའི ་རིགས་པའམ། འོག་ནས་ཀྱང་གཏན་ཚོགས་དུ་མའི་སྒོ་ནས་འགོག་པས་བདེན་པའི་དོན་ནི་ཅུང་ཟད་ཀྱང་མེད་དེ། དེ་ལྟར་བསྟན་པ་ནི་ཚིག་ཙམ་ཉིད་ཡིན་ཞེས་པའོ།། དེའི་ཕྱིར་དེ་ལ་བལྟོས་ནས་བཞག་པའི་བཀག་པའི་ཆོས་བློའི ་དོན་སྣང་བ་ཐམས་ཅད་ཀྱང་སྔར་གྱི་ཆོས་མེད་པ་ཞེས་པའི་ཚིག་གི་དོན་དང་སྦྱར་ཏེ། དེ་ཡང་བལྟོས་སམ་གྲུབ་པའི་ཕྱིར་དེ་ལ་བལྟོས་ཏེ་བཞག་པ་རྣམས་བརྫུན་པ་ཉིད་ཀྱི་ཕྱིར་དོན་གྲུབ་པ་མེད་པས་ཚིག་ཙམ་ཡིན་ཞེས་པའོ།། ། ་དེ་སྐད་ཡང་མདོ་སྡེ་གཞན་དག་ལས་འདི་དག་ཐམས་ཅད་མིང་ཙམ་སྟེ། འདུ་ཤེས་ཙམ་ལ་རབ་ཏུ་གནས། རྗོད་པར་བྱེད་ལོས་མ་གཏོགས་པ།། བརྗོད་པར་བྱ་བ་ཡོད་མ་ཡིན་ཞེས་གསུངས་པའི་ཕྱིརརོ།། དེ་ལྟར་ན་རྗོད་པའི་ཚིག་ཡོད་དམ ་ཞེ་ན། མ་ཡིན་ཏེ་དེ་ཡང་དོན་ལ་ལྟོས་ཏེ་བརྟགས་པའི་ཕྱིར་བལྟོས་སམ་གྲུབ་པས་མི་འཐད་ཅེས་པའོ།། དེ་སྐད་དུ་ཡང་། ཡོད་པའི་ཟླ་གྲངས་མེད་པ་སྟེ་ཞེས་པ་ལ་སོ་ཁ་འོག་ནས་སྟོན་པར་འགྱུའོ།། དེ་ལྟར་ན་ཚིག་དང་དོན་དུ་སྣང་ཞིང་བཤད་པ་ཉིད་མི ་འཐད་དོ་ཞེ་ན། དེ་ལྟར་སྣང་བ་ཀུན་རྫོབ་ཏུ་སེམས་ཉིད་ཡིན་གྱི་ཐ་དད་པའི་དོན་གྲུབ་པ་མེད་དོ།། དེ་སྐད་དུ་ཡང་ཆོས་འཆད་པ་དང་ཉན་དང་བཤད་བྱ་གང་ཡིན་པ། དེ་ཀུན་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་བསྟེན་ཞེས་གསུང་སོ།། ཚོག་སོ ་སོའི་དོན་ནི་སྔར་གྱི་དྲི་བ་དང་། ལན་བསྡུས་ཏེ་བསྟན་པའི་ཚིག་དང་སྦྱར་བས་རྟོགས་པར་སླ་བ་ཉིད་དུ་ཟད།། དགག་པའི་ཚིག་ཐམས་ཅད་ནི་སེམས་ཙམ་དེ་ནི་སྣང་བ་མེད། ས་རྣམས་ལ་ཡང་རིམ་པ་མེད་ཅེས་ལན་བསྡུས་ཏེ་བསྟན་པའི་ཚིག ་དང་སྦྱར་བར་བྱ་ཞིང་། གཞན་ཡང་སྔར་གྱི་དགག་པ་སྟོན་པའི་ཚིག་གི་ཁྱད་པར་དང་ཡང་སྦྱར་བར་བྱའོ།། མི་སྐྱེ་བ་དང་མི་རྟག་པ་ནི་སྐྱེ་བ་དང་བརྟག་པ་བཀག་པ་ཡིན་གྱི་ཡོངས་གཅོད་ཀྱི་ཆ་སྟོན་པ་ནི་མ་ཡིནོ།། མཚན་ཉིད་ཀྱི་ཚིག་ནི་མཚ ་ཉིད་རྣམ་པར་དགོད་པ་ཞེས་པ་དང་སྐྱེརོ།། གནས་གཞན་དུ་འགྱུར་བ་ནི་ཇི་ལྟར་ས་ལ་འཇུག་ཅེས་པོ་དང་ངོ་།། རང་བཞིན་ཡོད་པ་ན་ཆོས་ལྔ་དང་རང་བཞིན་ཞེས་པ་དང་ངོ་།། སེམས་ཀྱི་ཚིག་ནི་ཡིད་དང་རྣམ་པར་ཤེས་པ་ཞེས་པ་ལ་སོགས་པ ་དང་ངོ་།། དབུ་མའི་ཚིག་ནི་སེམས་ཙམ་སྟེ་ནི་སྣང་བ་མེད་ཞེས་པ་དང་སྦྱར་ཏེ། ཡོད་མེད་ཀྱི་མཐའ་དང་བྲལ་བ་རྣམ་རིག་པ་ཙམ་གྱི་དབུ་མའོ།། ཐེར་ཟུག་པའི་ཚིག་ནི་སྙིང་པོ་ཇི་ལྟར་འབྱུང་ཞེས་པ་དང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ ་འགྱུར་བ་མེད་པའོ།། ཉོན་མོངས་པ་ནི་ཅི་སླད་འགྱུར་བ་བརྒྱ་ཞེས་པ་དང་ངོ་།། སྲེད་པའི་ཚི་ག་ནཱི་ཅི་སླད་སྐྱེས་བུ་ན་ཆུང་ཤ་འཚལ་བར་ཡང་ཇི་ལྟར་འགྱུར་ཅེས་དང་ངོ་།། ཐབས་ཀྱི་ཚིག་ནི་མཚན་དང་དེ་བཞིན་གཟུ ་སྣ་ཚོགས་ཞེས་པ་དང་སྦྱར་ཏེ། སེམས་ཅན་འདུལ་བའི་ཐབསུ་ཇི་ལྟར་མོས་པོའི་གཟུགསུ་སྟོན་པའོ།། མཁས་པའི་ཚིག་ནི་གང་གིས་ཇི་ལྟར་རབ་ཏུ་བཤད་ཅེས་པ་དང་སྦྱར་ཏེ། མཁས་གང་གིས་ཞེས་པའོ།། སྨོན་པའི་ཚིག་དང་འཁོར ་གསུམ་གྱི་ཚིག་དང་མཚོན་མའི་ཚིག་ནི་ཏིང་འཛིན་ཞེས་པ་དང་སྦྱར་ཏེ། རྣམ་པར་ཐར་པའི་སྒོ་གསུམ་ཏིང་འཛིན་གྱི་དགག་བྱ་ཁམས་གསུམ་ལ་སྨོན་པ་ལ་སོགས་པའོ།། འཁོར་གསུམ་ནི་བྱ་བ་ཐམས་ཅད་ལ་བྱེད་པ་པོ་དང་། ལས་དང ་བྱ་བ་གསུམ་དུ་བརྟགས་པའོ།། ཡོད་མེད་ཀྱི་ཕྱོགས་ནི་གཉིས་ཀྱི་མཐའ་བརྗོད་ཞེས་པ་དང་སྟྭཾ། གང་ཡང་རུང་བ་གཅིག་གི་མཐར་འཛིན་པའོ།། གཉི་གའི་ཚིག་ཅེས་པ་ནི་དེ་ལྟ་བུའི་མཐའ་གཉིས་ཀ་ཚོགས་པའོ།། མཐོང་བའི་ཆོས་ལ ་བདེ་བའི་ཚིག་ནི་དེ་དག་འདི་དང་སླད་མར་ཡང་། ཆགས་མེད་ཉེར་ལེན་མ་མཆིས་འགྱུར་ཞེས་པ་དང་སྦྱརོ།། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལ་ཡང་། སྔ་མ་རྣམས་ཀྱིས་བཤད་དེ། ཆུའི་ཚིག་ནི་ཁམས་དྲུག་འཛིན ་པ་དང་ཞེས་པའམ་ཆུའི་ཟླ་བ་འདྲ་ཞེས་པ་དང་ངོ་།། རྨོངས་པའི་ཚིག་ནི་གླང་པོ་རི་དགས་རྟ་བླུན་ཞེས་པ་དོང་ངོ་།། ཡང་དག་པའི་ཚིག་ནི་ཅི་ཕྱིར་སེམས་ཙམ་ཡང་དག་ཉིད་ཅེས་པ་ལ་སོགས་པ་དང་ངོ་།། སྐྱེ་བའི་ཚིག་ནི་བཅིངས་པ་སུ ་ལགས་ཞེས་པའམ། བསམ་གཏན་པའི་ཡུལ་དང་སྦྱར་བར་བྱའོ།། སྟུག་པོའི་ཚིག་ནི་ཤིང་གི་འཁྲི་ཤིང་ཞེས་པ་དང་ངོ་།། སྒྱུ་རྩལ་དང་རིག་པ་དང་བཟོའི་ཚིག་ནི་ཚིག་གསུམ་དུ་དབྱེ་པར་བྱའོ།། སེམས་ཀྱི་ཚིག་ནི་སེམས་དང་ཕ་རོལ་ཕྱིན ་པ་ཞེས་པའམ། ཡང་སེམས་དང་ས་རྣམས་བདུན་ཞེས་པ་དང་སྦྱོ་རོ།། བློའི་ཚིག་ནི་བློ་དང་རིག་པ་བགྱི་དང་བྲལ་ཞེས་པའི་དགགི་བྱ་སྟོན་པའི་ཚིག་དང་ངོ་།། འཁོར་ལོའི་ཚིག་ནི་སྒྱུ་མེའི་དཔེ་རྣམས་སྟོན་པའི་སྐབསུ་མགལ་མེའི་འཁོར་ལོ་དོན ་གྱིས་བསྟན་པའམ། ཡང་ན་ཁོར་ཡུག་གཱི་རི་ཞེས་པ་དང་སྦྱརོ།། ཉི་ཟླ་དང་སྐར་མའི་ཚིག་ཀྱང་རྣམ་པ་གཉིསུ་དབྱེ་བའོ།། བདེན་པའི་ཆོ་ག་ནི་དེ་བཞིན་ཉིད་ནི་རྣམ་པ་དུ་ཞེས་པ་དང་ངོ་།། ཡན་ལག་གི་ཚིག་ནི་བྱང་ཆུབ་ཡན་ལག་ཅེས་པ་དང་ངོ་།། སྒྱུ ་རྩལ་རིགས་པ་ནི་ཡུལ་ཅན་གྱི་ཤེས་པ་ཡིན་པས་སྔ་མ་དོང་ཟློས་པ་མེདོ།། ནོར་པའི་ཚིག་ནི་ཅིའི་སླད་དུ་ནོར་པོ་ཞེས་པ་དང་ངོ་།། སྲུང་བ་ནི་རྒྱལ་སྲིད་བསྲུང་བའོ།། དུས་ཀྱི་ཚིག་ནི་ཤཱཀྱའི་རིགས་ཞེས་པ་དང་ངོ་།། བཟུང་བའི་ཚིག་ནི་སྣང་ལ་ཇི ་ལྟར་འཇུག་ཅེས་པ་དང་ངོ་།། གཡོ་བའི་ཚིག་ནི་འགྲོ་བ་དག་དང་ཞེས་པའམ་རྣམ་པར་ཤེས་པ་ཡུལ་ལ་གཡོ་བའོ།། འོག་མའི་ཚིག་ནི་ཁམས་འོག་མ་སྟེ་འདོད་པའི་ཁམ་སོ།། རྒྱུ་དང་འབྲས་བུའི་ཚིག་ནི་རྣམ་པ་གཉིསུ་དབྱེ་བའི།། བསྟན། ་པ་བཟུང་བ་ནི་བཤད་པ་དག་ཀྱང་ཇི་ལྟར་ཞེས་པ་དང་ངོ་།། བྱིན་གྱིས་བརླབས་ནི་ཡེ་ཤེས་དང་ཐུགས་རྗེའི་བྱིན་གྱིས་བརླབས་ཀྱི་ཞིང་ཐམས་ཅད་དུ་མཚན་དང་གཟུགས་སྣ་ཚོགས་སྟོན་ཅེས་པ་དང་ངོ་།། ཡང་སངས་རྒྱས་ཀྱི་མཐུས ་སྟན་ལས་ལངས་ཞེས་པ་དང་ཡང་སྦྱའོ།། དེ་ལྟར་ན་ཚིག་བརྒྱ་རྩ་བརྒྱད་པོ་འདི་རྣམས་ཀྱི་དོན་ནི་དངོས་སྔར་གྱི་དྲི་བ་བརྒྱ་རྩ་བརྒྱུད་དང་སྦྱར་ཞིང་དེ་ཉིད་ཀྱིས་དེའི་རིགསུ་གྱུར་པ་གསུང་རབ་ལ་སོགས་པ་ནས ་བསྟན་པའི་ཚིག་ཐམས་ཅད་ཀྱང་ཤེས་པར་བྱ་སྟེ། ཚིག་ཙམ་ཉིད་ཡིན་གྱི་སྒྲུབ་པའམ་དགོག་པའི་དོན་ནི་ཅུང་ཟད་ཀྱང་མེད་དོ་ཞེས་སྔར་བསྟན་པ་བཞི་ནོ།། སྔོན་གྱི་སངས་རྒྱས་ཀྱིས་བརྗོད་ཅེས་པ་ནི་དེ་དག་གིས་གསུངས་ཤིང་ད་ལྟར ་ངས་ཀྱང་བསྟན་ཅེས་པའོ།། དེ་ལྟར་དགོངས་པ་ཙོན་གྱི་ཚིག་གཞན་གྱི་སྒོ་ནས་དྲོས་པའི་ལན་བསྡུས་ཏེ་བསྟན་ནས་དེ་ཉིད་ཤིན་ཏུ་རྒྱས་པར་འཆིང་བ་ནི་དེ་ནས་ཡང་ཞེས་པ་ལ་སོགས་པའོ།། དེ་ལས་དང་པོ་ཆོས་ཐམས་ཅད་བསྡུས་པའི ་ལེའུ་ལ་ཡང་དོན་རྣམ་པ་ལྔའི་སྒོ་ནས་སྟོན་པ་ལས་དང་པོ་ཤེས་པར་བྱ་བའི་རང་བཞིན་སྟོན་ཏེ། དེ་ཡང་དོན་རྣམ་པ་བཅུའི་སྒོ་ནས་སྟོན་པ་ལས་དང་པོར་གཞན་གྱི་དབང་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་འགག་པ་ལ་སོགས་པའི ་ཚུལ་སྟོན་ཏོ།། དེ་ལས་དང་པོ་དྲིས་ལན་གྱི་ཚུལ་གྱིས་མདོ་ཙམ་དུ་བསྟན་པ་ནི། དེ་ནས་ཡང་ཞེས་པ་ནས་མཚན་ཉིད་གནས་པའོ།། ཞེས་པའི་བར་རོ།། དེ་ཡང་གཞན་གྱི་དབང་ནི་འདུས་བྱས་པ་ཡོན་ལ། འདུས་བྱས་ཀྱི་མཚན་ཉིད ་ཀྱང་སྐྱེ་བ་དང་གནས་པ་དང་འགག་པ་དང་རྣམ་པ་གསུམ་ཡིན་པར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་ལ། མཛོད་ཀྱི་བསྟན་ཆོས་ལས་རྣམ་པ་བཞིར་བཤད་པ་ནི་ཚུལ་ལུགས་གཞན་ཡིན་པས། དེ་དང་འགལ་བའི་ཉེས ་བར་མི་འགྱུར་རོ།། དེ་ལ་རྒྱུ་ནི་རང་རང་གི་རིགས་ཀྱི་རྒྱུ་དང་འབྲས་བུ་དུ་མར་འབྲེལ་བའོ།། མཚན་ཉིད་ནི་འདིར་རྣམ་པར་ཤེས་པ་རྣམས་ཀྱི་མཚན་ཉིད་ནི་འདིར་རྣམ་པར་ཤེས་པ་རྣམས་ཀྱི་མཚན་ཉིད་སྔར་བསྟན་པ་སྟེ། མདོར་བསྡུ་ན་རྟོགས ་པའི་རང་བཞིན་ཉིད་ཡིན་ཏེ། དེ་ལྟར་མཚན་ཉིད་དངོས་སམ་མཚན་ཉིད་དང་ལྡན་པའི་དངོས་པོ་ལ་ཡང་མཚན་ཉིད་ཅེས་བྱའོ།། དེ་ཅིའི་ཕྱིར་རྒྱུན་ཀྱང་མཚན་ཉིད་ཀྱིས་བསྡུས་མོད་ཀྱི་དེའི་ཁྱད་པར་གྱི་རྟོག་པ་གཞན་ཡིན་པས་གཉིསུ ་ཕྱེ་བའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པའི་སྒོ་ནས་རྒྱས་པར་སྟོན་ཏེ། དེ་ལས་དང་པོའི་དབྱེ་བའི་ཚུལ་ནི་རྣམ་པར་ཤེས་པ་རགས་པ་འམ་གསལ་བར་འཇུག་པ་དང་། དེའི་གནས་ཀྱི་དབང་དུ་བྱས་ཏེ་དབྱེ་ན་རྣམ་པ་གསུམ་སྟེ། ་འཇུག་པའི་མཚན་ཉིད་དང་། ལས་ཀྱི་མཚན་ཉིད་དང་། རིགས་ཀྱི་མཚན་ཉིདདོ།། དེ་ལ་དང་པོ་ནི་སྒོ་ལྔའི་རྣམ་པར་ཤེས་པ་ཡུལ་སོ་སོ་ལ་འཇུག་པའོ།། གཉིས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དེ་ཡང་ཉེ་བར་གནས་པ་ལས་བྱུང་བ་དང་། ་ཚོལ་བ་ཕ་དང་ངེས་པའོ་ཞེས་ཆོས་མངོན་པ་ལས་བཤད་པ་ལས། འདིར་ནི་ཚོལ་བ་དང་ངེས་པ་གཉིས་ཡིན་ཏེ། དེས་ཀྱང་ལུས་ངག་ཏུ་སྣང་བའི་ལས་ཀུན་ནས་སློང་བར་བྱེད་པ་འམ། ཀུན་བཞི་ལ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་བག ་ཆགས་འཇོག་པར་བྱེད་པའམ། དོན་འདི་ལྟར་ཡིན་གྱི་གཞན་དུ་མ་ཡིན་ཞེས་གཏན་ལ་འབེབས་པའི་བྱ་བ་བྱེད་པས་ལས་ཀྱི་མཚན་ཉིད་ཅེས་བྱའོ།། ཡང་ལས་ཀྱི་མཚོན་ཉིད་ནི་དེའི་ལསུ་གྱུར་པ་ཀུན་གཞི་ལ་ཡོད་པའི་བག་ཆགས ་ཀྱང་ཡི་ནོ།། གསུམ་པ་ནི་གཉིས་པོ་དེ་རྣམས་ཀྱི་གནས་ཀུན་གཞི་རྣམ་པར་ཤེས་པ་སྟེ་དེ་རྣམས་ཀྱི་རིགས་མཐུན་པའི་རྒྱུ་ཡིན་པས་རིགས་ཀྱི་མཚན་ཉིད་ཅེསོ།། གལ་ཏེ་དེ་ལྟར་ན་ཐེག་པ་ཆེན་པོའི་གསུང་རབ ་ལས་རྣམ་པར་ཤེས་པ་བརྒྱད་ཉིད་དུ་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡང་སྲིད་ཚད་ཀྱི་དབང་དུ་བྱས་ནས་རྒྱས་པར་ཕྱེ་ན། དེ་རྣམས་ཀྱི་སྟེང་དུ་ཡང་ཉོན་མོངས་པ་ཅན་གྱི་ཡིད་དང་བརྒྱད་དུ་འགྱུར་པའོ།། རྣམ་པར་ཤེས་པ་རྣམས ་ཀྱི་སོ་སོའི་རང་རང་གི་ངོ་བོ་ལ་སོགས་པ་ཅུང་ཟད་བརྗོད་པར་བྱ་སྟེ། རེ་ཞིག་སྒོ་ལྔའི་རྣམ་པར་ཤེས་པོའི་རང་རིང་གི་ངོ་བོ་ནི་ལུང་དུ་མ་བསྟན་པ་ཉིད་ཡིན་ལ། སོ་སོའི་མཚན་ཉིད་ལས་མིག་གི་རྣམ་པར་ཤེས་པའི་མཚན་ཉིད་ནི། བདག ་པོའི་རྐྱེན་མིག་གི་དབང་པོ་ལ་བརྟེན་ནུས་གཟུགས་ཀྱི་རྣམ་པར་གསལ་བའོ།། དེ་ལྟ་ན་དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་ལ་ཁྱབ་ཅེས་པར་འགྱུར་ཞེ་ན། སྐྱོན་མེད་དེ། དེ་ནས་སེམས་ལས་རྫས་ཐ་དད་པ་མ་ཡིན ་ཞིང་དེ་ཉིད་ཀྱི་ཁྱད་པར་དུ་གཏོགས་པའི་ཕྱིར་ཏེ། ཇི་ལྟར་བ་ལང་གི་མཚན་ཉིད་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་སེར་ཟལ་ཞུགས་པས་ཁྱབ་ཆེས་པར་མི་འགྱུར་བ་བཞིནོ།། སེམས་དང་སེམས་ལས་བྱུང་བ་ཎཱས་ཐ་དད་མེད་པའི ་འདི་ཡང་འོག་ནོས་བསྟན་པར་བྱའོ།། གལ་ཏེ་མིག་གི་དབང་པོ་ཉིད་གང་ཞེ་ན། འདིར་གཟུགས་ཅན་གྱི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་ཞེས་པ་ལྀ་སོགས་པ་ནི་སྡེ་པ་རྣམས་ཀྱིས་བརྟགས་པ་ཡིན་གྱི་དོན་དུ་གྲུབ་པ་ནི་མེདོ།། འོན་ཀྱང་མིག ་གི་དབང་པོ་ཞེས་བྱ་བར་གྲགས་ཤིང་སྣང་བའམ། དེ་ལ་བརྟེན་པའི་ནུས་པའི་ཁྱད་པར་སེམས་ཀྱི་ངོ་བོར་གྱུར་པའོ།། དེ་ཉིད་ཇི་ལྟར་གྲུབ་ཅེ་ན། མངོན་སུམ་ཉིད་ཀྱིས་གྲུབ་པའམ། ཡང་ན་རྐྱེན་གསུམ་ཚང་ཡང་རེས་འགའ་མ་དམིགས་པའི་ཕྱིར་སྐེ ་པའི་གཏན་ཚིགསོ་ལ་བརྟེན་ནས་རྐྱེན་གསུམ་ལས་མ་གཏོགས་པའི་མོག་གི་རྣམ་ཤེས་སྐྱེད་པའམ་ནུས་པའི་ཁྱད་པར་འགའ་ཞིག་མིག་ཏུ་གྲགས་པའི་ཕྱོགས་འདི་ཉིད་ན་ཡོད་དོ་ཞེས་རྟགས་ལས་རྟོགས་པར་གྱུར་པ་སྟེ། ཇི་ལྟར་ཚད་མ་རྣམ ་འགྲེལ་ལས་བཤད་པ་བཞི་ནོ།། དེ་ཉིད་བདག་པོའི་རྐྱེན་དུ་འགྱུར་བ་ནི་རྣམ་ཤེས་དོན་དུ་སྣང་བའི་ཕྱོགསུ་འཕྲོ་ཞིང་འཇུག་པ་ནི་རྐྱེན་གཞན་ཚང་བའི་གནས་སྐབས་ན་མིག་ཕྱེ་བཙུམས་ཀྱི་རྗེསུ་འགྲོ་ལྡོག་བྱེད་པས་དེས་བསྐྱེད་དེ། ཇི་ལྟར་རིག ་པའི་བསྟན་བཅོས་དག་ལས། དེ་མ་ཐག་པའི་རྐྱེན་གྱིས་ནི་མིག་གི་རྣམ་པར་ཤེས་པ་རྟོགས་པའི་བདག་ཉིད་དུ་སྐྱེད་ལ་དབང་པོས་ནི་ཡུལ་ལ་འཛིན་ནུས་བསྐྱེད་ཅེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ།། འདིར་ཡུལ་ནི་དེ་ལྟར་བའི་གཟུ ་ལ་སོགས་པའི་རང་གི་མཚན་ཉིད་ཀྱི་སྐད་ཅིག་མ་ཡིན་ཞེས་མངོན་པའི་བསྟན་བཅོས་ལས་བཤད་པ་ནི་ཉན་ཐོས་སྡེ་པ་རྣམས་ཀྱི་གྲུབ་མཐའ་དང་བསྟུན་པ་ཡིན་གྱི། དེ་ལྟ་བུའི་ཡུལ་གྲུབ་པ་ནི་མེད་དེ། འོན་ཀྱང་གཟུགས་ཀྱི་རྣམ་པར ་སྣང་བ་སེམས་ཀྱི་ངོ་བོར་གྱུར་པ་ཉིད་མིག་གི་རྣམ་པར་ཤེས་པའི་ཡུལ་ཞེས་བྱའོ།། དེ་སྐད་དུ་རང་གི་ས་བོན་གང་ལས་དེའོ།། རྣམ་རིག་སྣང་བ་གང་བྱུང་བ།། དེ་དག་དེ་ཡི་སྐྱེ་མཆེད་ནི།། རྣམ་པ་གཉིསུ་ཐུབ་པས་གསུངས་ཞེས་པའོ།། གཞན ་ཡང་སྔ་མ་ལྟ་ན་ཟླ་བ་གཉིས་སྣང་ལ་སོགས་པ་འཁྲུལ་པའི་ཤེས་པ་རྣམས་ཀྱི་ཡུལ་ནི་རང་གི་མཚན་ཉིད་མཱ་ཡིན་པས་མ་ཁྱབ་པ་ཉིད་དུ་ཡང་འགྱུརོ།། རྣ་བའི་རྣམ་པར་ཤེས་པ་ལ་སོགས ་བའི་མཚན་ཉིད་དང་ཡུལ་ཡང་འདི་ཉིད་ཀྱི་རྗེསུ་འབྲངས་ཏེ་རྟོགས་པར་བྱའོ།། ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ནི་དགེ་མི་དགེ་ལ་སོགས་པ་ཅི་རིགས་པར་འགྱུརརོ།། མཚན་ཉིད་ནི་བདག་པོའི་རྐྱེན་ཡིད་ལ་བརྟེན་ནས་ཡུལ་གྱི ་རྣམ་པར་སྣང་བའོ།། ཡིད་ཀྱང་དྲུག་པོ་འདས་མ་ཐག་པ་ཡི།། རྣམ་ཤེས་གང་ཡིན་དེ་ཡིད་ཅེས་པའམ། རང་གི་རིགས་ཀྱི་སྐད་ཅིག་མ་སྔ་མའོ།། འདིའི་ཡུལ་ནི་དུས་སུམ་གྱིས་བསྡུས་པའི་ཆོས་འདུས་བྱས་དང་འདུས་མ་བས ་པའི་སྤྱི་ཡིན་ལ། ཡང་ཉེ་བར་གནས་པ་ལས་བྱུང་བ་ནི་རང་གི་མཚན་ཉིད་ལ་དམིགས་པ་ཡིནོ་ཞེས་ཀྱང་འཆད་དེ། ཚད་མས་གྲུབ་པ་ནི་མེ་དོ།། གཞན་ཡིད་ཡིད་གོམས་པའི་སྟོབས་ཀྱིས་རང་གི་མེཚན་ཉིད་ཀྱི་དོན་གསོལ ་བར་སྣང་བར་ཡང་ཕྱིའི་དོན་གྱི་ཚུལ་ཁས་ལེན་པ་རྣམས་འདོད་མོད་ཀྱི། ཡང་དག་པར་ནི་མ་ཡིན་ནོ་ཞེས་སྔར་བསྟན་ཏོ།། འདི་རྣམས་ཀྱི་ལས་དང་མཚུངས་པར་ལྡན་པ་ལ་སོགས་པ་ཆོས་མངོན་པའི་བསྟན་བཅོས་ལས ་བཤད་པ་ནི་མདོ་སྡེ་པ་ལ་སོགས་པའི་བསྟན་བཅོས་དང་བསྟན་ནས་ཀུན་རྫོབ་ཀྱི་ཚུལ་རྣམ་པར་བཞག་པ་སྤྲོས་ཏེ་བསྟན་པ་ཡིན་ལ། འདིར་ནི་དོན་ལ་གཞོལ་བ་ངེས་པའི་དོན་ཉིད་བསྟན་པ་ཡིན་པས་མི་སྤྲོའོ།། ཡང་ཀུན ་གཞི་ལ་རྣམ་པར་ཤེས་པའི་ངོ་བོ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ལ་མཚན་ཉིད་ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ས་བོན་དུ་གྱུར་པ་སྟེ། ཇི་སྐད་དུ་སྟུག་པོ་བཀོད་པའི་རྒྱན་ལས། ཐམས་ཅད་སུ་བོན་ཀུན་གཞི་ལ ་རྣམ་པར་ཤེས་པ་ཀུན་ཀྱང་གནས།། རྣམ་ཤེས་བདུན་པོ་ཀུན་གཞི་ལས།། རབ་ཏུ་འབྱུང་ཕན་ཚུན་གནས་ཞེས་གསུངས་པའི་ཕྱིརརོ།། དེའི་དོན་ཡང་རྣམ་པར་ཤེས་པ་བདུན་པོ་རྣམས་འགག་པ་ནཱ་རང་གི་རིགས་མཐུན་ཕྱི ་མ་སྐྱེད་ནུས་ཀྱི་བག་ཆགས་ཀུན་གཞི་ལ་བསྒོས་པའོ།། དེ་ཉིད་ཀྱི་ཕྱིར་དེ་ནི་རྒྱུ་མཐུན་པའི་བག་ཆགས་ཞེས་ཀྱང་བྱ་ལ། རྣམ་ཤེས་སྣ་ཚོགསུ་སྣང་ཞིང་སྤྲོས་པའི་བའ་ཆགས་ཞེས་ཀྱང་བྱའོ།། གཟུང་འཛིན་གཉིསུ་སྣང་བ་ལོ་སོགས། ་པའི་བག་ཆགས་དང་ལྡན་པས་འཛིན་པ་གཉིས་ཀྱི་བག་ཆགས་ཞེས་པ་ལ་སོགས་པ་རྣམ་གྲངས་དུ་མྱུ་ལུང་ལསོ་བཤད་པའོ།། རྣམ་ཤེས་བདུན་པོ་རྣམས་ནི་ཕན་ཚུ་ནམ་རང་རང་གི་བག་ཆགས་བསྒོ་བའི་རྟེན་དུ་མི་འཐད་དུ། ་རྒྱུན་མི་བརྟན་པས་ས་བོན་ཆུད་ཟོས་པར་འགྱུར་བ་སྟེ། ཇི་ལྟར་རྒྱུན་མི་བརྟན་པའི་སྐྱེས་བུ་ལ་ནོར་བཅོལ་ན་ཆུད་ཟོས་པར་འགྱུར་བ་བཞི་ནོ།། ཀུན་གཞི་ནི་རྒྱུན་དང་ལྡན་པས་དེ་ལྟ་བུའི་ཉེས་པ་ལས་གྲོལ་བའོ།། ཡང་ཀུན་གཞི ་དེ་ཉིད་ལ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། རྣམ་པར་སྨིན་པ་ནི་རྒྱུ་ཟག་པ་དང་བཅས་པའི་དགེ་བ་དང་མི་དགེ་བ་ལས་བྱུང་ཞིང་དེ་ཡང་རྒྱུ་དང་དུས་གཞན་གྱོས་ཆོད་པའི་འོག་ཏུ་བྱུང་བ་དང་། སེམས་ཅན ་གྱི་རྒྱུད་ཀྱིས་བསྡུས་པ་དང་། རང་གི་ངོ་བོ་ལུང་དུ་མ་བསྟན་པའོ།། ཞེས་བསྟན་བཅོས་དག་ལས་བཤད།། གཞན་ཡང་དེ་ཉིད་ལ་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེས་ལུས ་འདི་གཟུང་ཞིང་བླངས་པའི་ཕྱིར་རོ་ཞེས་དགོངས་པ་ངེས་པར་འགྲེལ་པ་ལས་བཤད་པསོ།། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཀྱང་མདོ་སྡེ་འདི་ཉིད་ལས་སྟོན་པར་འགྱུར་ཞིང་། མྱ་དྲན་ལས་འདས་པ་ལ་སོགས་པའི་མདོ་སྡེ ་གཞན་ལས་ཀྱང་གསུངས་ཏེ་སྐབསུ་བབ་པ་ན་བཤད་པར་བྱའོ།། འདིའི་དམིགས་པའི་ཡུལ་ནི་འོག་ནུས་སྟོན་པར་འགྱུར་རོ།། ལྡོག་པའི་དུས་ལ་རིགས་ཆད་པ་ཁས་ལེན་པ་རྣམས་ནི་དེ་འདྲ་བའི་གང་ཟག་ལ་ལྟོས་ཏེ་ལྡོག ་པའི་དུས་མེད་དེ། ཕྱི་མའོ་མཐར་ཐུགས་པ་མེད་པའོ་ཞེས་འདོད་དེ། མཱི་འཐད་པ་ཉིད་དུ་འོག་ནས་སྟོན་ཏོ།། དེས་ནུ་འདིར་ས་བོན་གྱི་ཆ་དང་རྣམ་པར་སྨིན་པའི་ཆུ་ལས་དང་པོ་ས་བོན་ལ་ཡང་གཉིས་ཏེ། ཟག་པ་དང་བཙས་པའི་ས ་བོན་དང་། ཟག་པ་མེད་པའི་ས་བྱིན་ནོ།། དེ་ལ་ཟག་པ་དང་བཅས་པའི་ས་བོན་ཀྱང་གཉིས་ཡིན་པ་ལས། དང་པོ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་མཐོང་བའི་ལམ་སྐྱེས་པའི་དུས་ན་ལྡོག་ལ། སྒོམ་པས་སྤང་བར་བྱ། ་བ་ཡང་སྒོམ་པ་མཐར་ཐུགས་པའི་དུས་ན་ལྡོག་པའོ།། ཟག་པ་མེད་པའི་སྲ་བྱོན་ནི་ལྡོག་པ་མི་འཐད་དེ། སངས་རྒྱས་པའི་གནས་སྐྱབསོ་ན་ཡང་ཟག་པ་མེད་པའི་ཆོས་རྣམས་ཀྱི་བརྟེན་དུ་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུན ་དང་ལྡན་པ་སྟེ། ཇི་སྐད་དུ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། ཡེ་ཤེས་གསུམ་ནི་དེ་ལ་བརྟེན་ཞེས་པ་ལ་སོགས་པ་གསུང་སོ།། གཞན་ཡང་ས་བོན་དེ་རྣམས་ཀྱི་རྟེན་དུ་གྱུར་པ་ཀུན་གཞིའི་ངོ་བོར་གྱུར་པའི་རྟོགས་པའི་རང་བཞིན་ནི་རྒྱུན་མི་འཆར ་པ་སྟེ། རྟོགས་པའི་བདག་ཉིད་ནི་དེ་འདྲ་བའི་རང་བཞིན་གྱི་འབྲས་བུ་ཕྱི་མ་རྣམས་སྐྱེད་པ་ལ། རྒྱུ་མ་ཚང་བ་མེད་པ་ཉིད་དུ་ད་ལྟར་ཉམ་སུ་མྱོང་བས་གྲུབ་ལ། དེའི་ཕྱིར་མ་ཚང་བ་མེད་རྒྱུ་དེ་ལ་ནི། འབྲས་བུ་གང་གིས་ལྡོག་པར་འགྱུར་ཞེས་པ་སྟེ། ་ལྡོག་པ་ཉིད་མི་འཐད་ཅེས་པའོ།། རྣམ་པར་སྨིན་པའི་ཆ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པའི་དུས་ན་ལྡོག་ཅེས་བཤད་པའོ།། གལ་ཏེ་དེ་ལྟ་ན་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པ་ནི་རྣམ་པར་སྨིན་པའི་སངས ་རྒྱས་ཞེས་འོག་ནས་སྟོན་པ་དང་འགལོ་ཞེ་ན། སྐྱོན་མེད་དེ། སྔོན་དགེ་བ་གོམས་པའི་བག་ཆགས་ལས་བརྒྱུད་ནས་སྐྱེས་པས་རྣམ་པར་སྨིན་པ་ཞེས་བཏགསུ་ཟད་ཀྱི། རྣམ་པར་སྨིན་པ་དངོས་ནི་མ་ཡིན་ཏེ། ཟག་པ་དང་བཅས་པའི ་ལས་ཀྱིས་མ་བསྒྲུབས་པའི་ཕྱིརརོ།། འདིའི་སྒྲུབ་པར་བྱེད་པའི་ཚད་མ་ཡང་འོག་ནས་སྟོན་པར་འགྱུར་རོ།། ཉོན་མོངས་པོ་ཅན་གྱི་ཡིད་ཀྱི་ངོ་བོ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ཏེ། ངར་འཛིན་པ་ཕྲ་མོ་དང་ལྡན་པའི་དུས་ན ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འཆར་བའི་བགེགས་བྱེད་པའི་ཕྱི་རོ།། མཚན་ཉིད་ནི་ཀུན་གཞི་ལ་ང་ཡིར་འཛིན་པ་དང་བཅས་པ་སྟེ། ཇི་སྐད་དུ། ངར་སེམས་ཉིད་ནི་ཡིད་ཡིན་ཞེས་པ་དང་། ཡིད་ནི་བདག་ལ་བདག་ཅེས་ཏེ། ངར་འཛིན་རབ་ཏུ ་འཇུག་པ་ཡིན་ཞེས་གསུངས་པའི་ཕྱིརརོ།། འདིའི་དམིགས་པའི་ཡུལ་ནི་ཀུན་གཞི་རྣམ་པར་ཤེས་པའོ།། དེ་ཡང་ས་བོན་གྱི་ཆ་ནི་དགེ་མི་དྭགས་བསྡུས་པས་དེ་ལ་དམིགས་པར་མི་ནུས་ལ། འོན་ཀྱང་རྣམ ་པར་སྨིན་པའི་ཆ་ལས་དམིགས་པ་ཡིན་ཞིང་། དེ་ཡང་རྣམ་པར་འཇོག་པའི་ཚུལ་གྱིས་དམིགས་པ་ནི་མ་ཡིན་གྱི་འཁྲུལ་པའི་གཞིར་གྱུར་པའི་སྒོ་ནས་དམིགས་པ་ཡིནོ་ཞེས་འཚེད་པ་ནི་མི་འཐད་དེ། ཀུན་གཞི་ནི་ལུང་མ་བསྟན་གྱིས ་བོན་ཀྱང་ཡིན་ཏེ། སྔར་བསྟན་པ་ལྟར། ཐམས་ཅད་ཀྱི་ས་བོན་ཀུན་བཞི་ལ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིརརོ།། དེས་ན་ས་བོན་ནི་དགེ་མི་དགེས་བསྡུས་པ་མ་ཡིནོ།། དེ་ལྟར་ཡིན་ཡང་འཁྲུལ་པའི་གཞིར་གྱུར་པའི་སྒོ་ནས་དམི ་པའི་ཡུལ་ཡིན་པ་ལ་ནི་འགལ་བ་ཅུང་ཟད་ཀྱང་མེདོ།། འདིའི་ལྡོག་པའི་དུས་ནི་རྣམ་པ་གསུམ་སྟེ། འཇིག་རྟེན་འདས་པའི་ལམ་ལ་མེད།། འགོལ་པའི་སྙོམས་པར་འཇུག་པ་མེད།། དགྲ་བཅོམ་ཉིད་ན་དེ་ལྡོག་གོ་ཞེས་གསུང་སོ།། དེ་ལ ་འཇིག་རྟེན་ལས་འདས་པ་མཐོང་བའི་ལམ་ལ་སོགས་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་མེད་པ་ནི་རུང་གི་ངོ་བློ་གྲོལ་བ་སྟེ། རེ་ཞིག་སྔོན་དུ་རྒྱུ་བ་ལོག་པ་ཡིན་གྱི་ས་བོན་སྤངས་པའོ་སྒོ་ནས་གཏན་དུ་ལོག་པར ་གང་ཟག་གི་རྒྱུད་གྲོལ་བ་ནི་མ་ཡིནོ།། དགྲ་བཅོམ་པའི་རྒྱུད་ལ་ལྡོག་པ་ནི་ས་བོན་དང་བཅས་ཏེ་སྤངས་པ་གཏན་དུ་ལྡོག་པའོ་ཞེས་ཆོས་མངོན་པའི་བསྙེན་ཆོས་ལས་བཤད་མོད་ཀྱི། འདི་ཡང་མི་འཐད་པ་ཉིད་དུ་འོག་ནས་སྟོན་པར ་འགྱུར་རོ།། དེའི་ཕྱིར་ས་བོན་དང་བཅས་ཏེ་གཏན་དུ་ལྡོག་པ་ནི་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཡན་ཆོད་དམ་ཡང་ན་སངས་རྒྱས་པ་ཉིད་ཀྱི་གནས་སྐབས་སོ།། འདིའི་སྒྲུབ་པར་བྱེད་པ་ནི་ཡི་མས་པའི་ལུང་ལས་གཞན་དངོས་པོ ་སྟོབས་ཀྱིས་ཞུགས་པའི་ཚད་མ་ནི་མ་མཐོང་ངོ་།། དེ་ལྟར་རྒྱས་པར་ཕྱེ་ན་བརྒྱད་དུ་གསུངས་པའི་རྣམ་པར་ཤེས་པ་ནི་གསལ་བའམ་རིགས་པར་འཇུག་པའི་དབང་དུ་བྱས་ཏེ། མདོར་བསྡུས་ནས་རྣམ་པར་ཕྱེ་ན་རྣམ་པ་གཉིས་ཏེ། སྣང ་བའི་རྣམ་པར་ཤེས་པ་དང་། དངོས་པོ་སོ་སོར་རྟོག་པའི་རྣམ་པར་ཤེས་པའོ།། དེ་ལྟར་དབྱེ་བའི་ཚུལ་བསྟན་ནས་སོ་སོའི་རང་བཞིན་དང་འཇུག་པའི་ཚུལ་ལ་སོགས་པ་སྟོན་པ་ནི་བློ་གྲོས་ཆེན་པོ་ཞེས་ཨོཾ་ལ་སོགས་པའོ།། ཇི་ལྟར ་མེ་ལོང་ལ་གཟུགས་བརྙན་སྣང་བ་ནི་ཕྱི་རོལ་རྫསུ་གྲུབ་པ་མེད་པ་བཞིན་དུ། གཟུགས་དང་སྒྲ་ལ་སོགས་པ་ཡང་ཕྱི་རོལ་རྫསུ་གྲུབ་པ་ནི་མེད་དེ། སེམས་ཉིད་ཀྱི་རྣམ་པའོ།། དེ་འདྲ་བ་ལ་འཛིན་པ་མེ་རྡོ་ལྔའི་རྣམ་པར་ཤེས་པ་སྟེ། ་སྣང་བའི་རྣམ་པར་ཤེས་པ་ཞེས་གཅིག་ཏུ་བསྟན་པའོ།། དངོས་པོ་སོ་སོར་རྣམ་པར་རྟོག་པ་ནི་ཚོལ་བ་དང་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དོན་འདི་ནི་འདི་ལྷར་ཡིན་གྱི་གཞན་དུ་མ་ཡིན་ཞེས་པ་འམ། ཐེ་ཚོམ་གྱི་རྣམ་པ ་ཅན་གྱི་བློའོ།། དེ་གཉིས་ཀྱང་རྟོག་པའི་བདག་ཉིད་ཀྱི་སྤྱིའི་མཚན་ཉིད་ཐ་མི་དད་ཅིང་ཕན་ཚུན་གཅིག་གི་རྒྱུ་གཅིག་ཡིན་ཏེ། དེའི་དོན་ཡང་སྒོ་ལྔའི་རྣམ་པར་ཤེས་པའི་རྒྱུན་གྱི་ཐོག་མ་ནི་ཡིད་ཀྱི་རྣམ་པར་ཤེས་པས་དེ་མ་ཐག་པའི ་རྐྱེན་བྱས་ནས་སྐྱེ་བར་འགྱུར་ལ། ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དོན་གྱི་རྣམ་པར་སྣང་བ་ན། དེས་དེ་མ་ཐག་པའི་རྐྱེན་བྱས་ནས་དེའི་རྗེས་ཐོག་སུ་ཅི་དོན་འདི་འདི་ལྟར་ཡིན་ནམ་ཀའ ་དུ་ཡིན་ཞེས་ཚོལ་བ་ལ་སོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བའོ།། ཡང་རྣམ་པར་ཤེས་པ་སྔ་མའི་རྒྱུའི་རྐྱེན་ནི་ཀུནི་བཞི་རྣམ་པར་ཤེས་པ་ལ་ཡོད་པའི་རིགས་མཐུན་པ་ལ་སོགས་པའི་ངག་ཆགས་ཉན་ཐོས་ལ ་སོགས་པའི་བསམ་པའི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་ཡི་ནི་ལ། དེ་ཉིད་ཡོང་སུ་སྨིན་ཅིང་སད་པའི་རྒྱུ་ལས་བྱུང་བ་སྟེ། དེས་རྒྱུའི་རྐྱེན་བྱས་པའི་ཚུལ་གྱིས་བསྐྱེད་པའོ་ཏོ་པ་དག་པོདེ་རྐྱེན་ནི་སྔར་བསྟན་པ་ལྟརོ།། དམི ་པའི་རྐྱེན་སེམས་ལས་ཐ་དད་པ་ནི་ཁས་མི་ལེན་ཏེ། དོན་འདི་ཡང་སྔ་རོ་བསྟན་པ་བཞི་ནོ།། རྣམ་པར་ཤེས་པ་གཉིས་པའི་དེ་མ་ཐག་པའི་རྐྱེ་ནི་སྟི་མ་ལྔར་སྣང་བའི་རྣམ་པར་ཤེས་པ་ཡང་ཡིན་ལ། ཡུལ་ལ་རྣམ་པར་རྟོག་པའི་རྒྱུ་སྟེ ་རང་གི་རིགས་སྔ་མ་ལས་ཀྱང་བྱུང་བའོ།། གཞན་ཡང་རྒྱུའི་རྐྱེན་ནི་ཐོག་མ་མེད་པའི་ཞེས་པ་ལ་སོགས་པ་སྟེ། རིག་མཐུན་པའི་རྒྱུ་ལ་ཐོག་མ་མེད་པ་སྤྲོས་པ་སྣ་ཚོགས་ཀྱི་བག་ཆགས་ཀུན་གཞི་ལ་ཡོད་པའོ།། བདག་པོའི་རྐྱེནི་ན ་སྔར་བསྟན་པའོ།། གལ་ཏེ་དེ་ལྟ་ནི་བདག་པོའི་རྐྱེན་དང་ངོ་མ་ཐག་པའི་རྐྱེན་གཉིས་ཁྱད་པར་མེད་པར་འགྱུརརོ།། ཞེ་ན་སྐྱོན་མེད་དེ། དངོས་པོ་གཅིག་ཉིད་ཡིད་ཀྱི་རྣམ་པར་ཤེས་པ་རྫོགས་པའི་བདག་ཉིད་དུ་སྐྱེད་པའི་ཆར ་དེ་མ་ཐག་པའི་རྐྱེན་ཞེས་བྱ་ལ། ཡུལ་ལ་འཛིན་ནུ་སུ་བསྐྱེད་པའི་ཆ་ནས་བདག་པོའི་རྐྱེན་ཞེས་ཀྱང་བྱ་སྟེ། དངོས་པོ་ཐ་དད་པ་ནི་ཁས་མི་ལེན་པའི་ཕྱིརོ།། དམིགས་པའི་རྐྱེན་ནི་སྒྱུ་མ་དང་མཚུང་སོ།། དེ་ལ་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས ་པས་ནི་དེ་རྣམས་ཀྱི་འགག་པའི་ཚུལ་སྟོན་ཏེ། དབང་པོ་དྲུག་གི་རྣམ་པར་ཤེས་པ་ཐམས་ཅད་འགོག་པར་འགྱུར་བའི་རྒྱུ་མཚན་ནི་ཀུན་གཞི་ལ་ཡོད་པའི་བག་ཆགས་རྒྱུའི་རྐྱེན་འགགས་པ་སྟེ། དེ་ཡང་བག་ཆགས་ནི་རྣམ་ཤེས ་སྐྱེད་ནུས་པའི་ཁྱད་པར་འགའ་ཞིག་ཡིན་ལ། དེ་ཡང་ནུས་པ་ཅན་ཀུན་གཞི་ལས་ཐ་དད་པ་མ་ཡིན་པས་འདིར་ཀུན་གཞི་དང་བག་ཆགས་བཞི་མཐུན་པའི་བསྡུ་བ་བྱས་པའོ།། གལ་ཏེ་འདིར་རྟོགས་པས་དབེན་པ་སྣང་བའི་བག། ་ཚོགས་ཀྱི་རྒྱུའི་རྐྱེན་མ་ཡིན་ནམ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་ཅེས་དེ་ཉིད་འབའ་ཞིག་ཅི་སྟེ་བརྗོད་ཅེ་ན། བདེན་མོད་ཀྱི་རྟོག་པའི་བྱེད་པས་དབེན་པོའི་སྤོང་བ་ཙམ་གྱིས་ནི་རང་གི་རིགས་མཐུན་ཕྱི་མ་སྐྱེད་ནུས་པའི ་བག་ཆགས་འཇོག་པར་མི་ནུས་ཞེས་འོག་ནས་སྟོན་པས་བག་ཆགས་འཇོག་པ་ལ་རྟོག་པའི་བྱེད་པ་འཇུག་པའི་ཕྱིར་དེ་སྐད་སྨྲས་པའོ།། དེ་ལ་མཚན་ཉིད་འགག་ཅེས་པ་ནི་ལས་ཀྱི་མཚན་ཉིད་དེ། བག་ཆགས་སོམ་དེ་དང ་མི་དད་པའི་ཀུན་གཞིའི་སྐད་ཅིག་མ་དང་། གཞན་ཡང་རྣམ་པར་ཤེས་པ་དེ་རྣམས་ཀྱི་རྒྱུན་ལ་ཡང་མཚན་ཉིད་ཀྱིས་ཁྱབ་པས་དེ་རྣམས་འགག་པ་ནི་མཚན་ཉིད་འགག་པའོ།། དེ་ལ་རྒྱུན་འགག་ཅེས་པའི་རྒྱུན་ནི་སྔར་བསྟན་པ ་ལྟར་རང་རང་གི་རིགས་ཀྱི་འབྲས་བུར་གྱུར་པའི་སྐད་ཅིག་མ་དུ་མ་གང་ལས་རྒྱུན་ཏུ་འབྱུང་བ་ཡིན་ཏེ། དེ་ལ་གང་ལས་ཞེས་བྱ་བ་ནི་གང་ལ་གནས་པ་ཀུན་གཞི་ལ་ཡོད་པའི་བག་ཆགས་རྒྱུའི ་རྐྱེན་དང་། གང་ལ་དམིགས་པ་སྟེ། ཤེས་པའི་བདག་ཉིད་དུ་གྱུར་པ་གཟུགས་ལ་སོགས་པའི་རྣམ་པ་དམིགས་པ་ཉིད་དུ་སྔར་བསྟན་པའོ།། གལ་ཏེ་འདིར་འཇུག་པའི་རྣམ་པར་ཤེས་པ་རྣམས་དང་། དེའི་གནས་ཀུན་གཞི་རྣམ་པར ་ཤེས་པ་གཅིག་གམ་ཐ་དད་ཅེ་ནི། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། ཚིག་གི་དོན་ནི་ཕལ་ཚོར་ཤེས་པར་ཟད་དོ།། དེ་དག་ལས་བརྩམས་པ་མ་ཡིན་པར་འགྱུར་ན་ཞེས་པའི་དོནི་འཇིམ་པཱི་གོང་བུ་འཇིམ་པཱ་རྡུལ་ཕྲ་རབ་ཀྱི་བཀྲོད ་མ་ཡིན་པར་འགྱུར་བ་ལས། དེའི་བཀོད་པ་ཡིན་པའི་ཕྱིར་བཀོད་པ་དང་བཀོད་པ་ཅན་ཐ་དད་པར་འགལ་ཏེ། ཇི་ལྟར་ན་ངར་བའི་རིང་པོ་བཞི་ནོ།། དེ་སྟེ་གཅིག་པ་ཡིན་ན་ཡང་དེ་དྲག་ཕྱོགས་ཐམས་ཅད་ནས་ཁྱད་པར་མེད ་བའི་ཕྱིར། འཇིམ་པའི་གོང་བུས་བྱ་བ་གང་བྱེད་པ་དེ་ཉིད་རྡུལ་ཕྲ་རབ་སོ་སོ་བས་ཀྱང་བྱེད་པར་འགྱུརརོ།། དེ་བཞིན་དུ་གསེར་དང་གསེར་གྱི་ལྟེ་བུ་ཡང་བདག་ཉིད་ཐམས་ཅད་ནས་གཅིག་པོར་གྱུར་ན་ཉེས་པ་འདི་ཉིད་དུ་འགྱུར་བ ་རིགས་ཀྱི་མཚན་ཉིད་ཅེས་པ་ནི་དེ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྗེ་སུ་མཐུན་པའི་རྒྱུརརོ་གྱུར་པའམ། ཡང་ན་དེ་ཉིད་ཀྱི་རྒྱུན་ལ་རིགས་ཞེས་བྱའོ།། དེ་དག་ཐ་དད་ན་དེའི་རྒྱུ་ལས་འབྱུང་བར་མི་འགྱུར་ཞེས་པའི་དོན་ནི་དེ་ཁོ་ན་ཉིད ་དུ་བསམས་ན་ཐ་དད་དུས་མཉམ་པ་དང་མི་མཉམ་པ་གཉིས་ཀཱ་རྒྱུར་མི་འཐད་ཅེས་འོག་ནས་སྟོན་པར་འགྱུར་བའོ།། དེ་སྟེ་ཐཱ་དད་མ་ཡིན་ཞེས་པ་བདག་ཉིད་ཐམས་ཅད་ནས་གཅིག་པ་ཉིད་ཡིན་ན་ཞེས་པ་ལ་སོགས་པ་སྟེ་ཆོག ་གི་དོན་ནི་ཕལ་ཆེར་ཤེས་པར་ཟདོ།། རྣམ་པར་ཤེས་པ་རྣམས་ཀྱི་རིང་གི་རིགས་ཀྱི་མཚན་ཉིད་ནི་དེ་རྣམས་ཀྱི་རིགས་མཐུན་པའི་རྒྱུར་གྱུར་པ། ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་དང་ཐ་མི་དད་པ་ཟག་པ་མེད་པའི་ཆོས་ཀྱི་ས་བོན་ནི་སྔར ་བསྟན་པ་ལྟར་རྒྱུན་འགག་པར་མི་འགྱུར་ལ་ལས་ཀྱི་མཚན་ཉིད་དེ་འཇུག་པའི་རྣམ་པར་ཤེས་པས་བསྒོས་པའི་བག་ཆགས་ཟད་པ་དང་བཅས་པའི་ས་བོན་ནི་ཅི་རིགས་པར་འགག་པའོ།། གལ་ཏེ་དེ་ལྟ་ན་ཀུན་གཞི་རྣམ་པར་ཤེས ་པ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེསོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཟག་པ་དང་བཅས་པའི་ས་བོན་དང་། རྣམ་པར་སྨིན་པའི་ཆ་གློ་བུར་གྱི་དྲི་མ་རྣམས་གནས་གྱུར་པ་ཡིན་གྱི། དེའི་རང་བཞིན་ལ་སོགས ་པ་ནི་སྔ་མ་ལྟར་རྒྱུན་འགྱུར་བ་མ་ཡིན་ཏེ། ཇི་ལྟར་ཆོས་རྐུན་ཕྱུར་གྲགས་པའི་སྐྱེས་བུ་སྔར་གྱི་ཉེས་པར་སྤྱོད་པ་དང་། ཁྱིམ་པའི་རྟགས་སྦྱངས་པ་ན་སྐྱེས་བུ་དེ་ཉིད་གཞན་དུ་འགྱུར་ཞེས་བརྗོད་ཀྱི་དེའི་རང་བཞིན་འགག་པ་མ ་ཡིན་པ་བཞི་ནོ།། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་རིགས་ཀྱི་མཚན་ཉིད་དམ་རྒྱུན་ནི་འགལ་རྐྱེན་དང་མཐུན་པའི་རྐྱེན་རྣམས་ཀྱི་ནུས་པའོ་བྱེ་བྲག་གིས་སྐད་ཅིག་གཉིས་དང་གསུམ་ནས་ལོ་དང་བསྐལ་པ་ལ་སོགས། ་པ་བར་དུ་རགས་པར་འགག་པར་འགྱུར་ལ། ཡང་རྣམ་པར་ཤེས་པ་ཐམས་ཅད་ཀྱི་མཚན་ཉིད་དང་ལྡན་པའི་སྐད་ཅིག་གིས་དངོས་པོ་ནི་རང་ཉིད་སྐྱེ་བའི་དུས་ལས་སྐད་ཅིག་གཉིས་ཕན་ཆད་མི་གན། ་འགག་པར་འགྱུར་བའོ།། འགག་པའི་ཚུལ་བསྟན་པ་འདི་ཉིད་ཀྱིས་རྣམ་པར་ཤེས་པ་རྣམས་ཀྱི་གནས་པ་དང་སྐྱེ་བའི་ཚུལ་ཡང་ཤེས་པར་བྱ་སྟེ། དེ་ལ་རྐྱེན་རྣམས་ཀྱི་ནུས་པའི་བྱེ་བྲག་གིས་རྣམ་པར་ཤེས་པ་འགའ་ཞིག་ནི་སྐད་ཅིག ་གཅིག་པའི་ངོ་བོར་སྐྱེ་ལ། འགའ་ཞིག་ནི་སྐད་ཅིག་མ་གཉིས་དང་གསུམ་ལ་སོགས་པའི་རྒྱུན་དང་ལྡན་པར་སྐྱེ་བོའོ།། འདིར་ཐམས་ཅད་དུ་རྐྱེན་བཞིའི་བྱེ་བྲག་ཐ་དད་པ་ནི་བྱིས་པོའི་སྐྱེ་བོ་རྣམས་ལ་ཚད་མས་གྲུབ་པ་མེད་པས་ཁས ་བླང་བར་མི་བྱའོ།། དེ་ལྷོར་ན་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུན་ནི་སྐད་ཅིག་ལས་ཐ་དད་པར་རྫསུ་གྲུབ་པ་མེད་པོས་སྐད་ཅིག་གིས་མཐར་ཐུག་ལ། སྐད་ཅིག་ཀྱང་ཐོག་མ་དང་དབུས་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་སྟེ་སྔར་བསྟན ་པ་བཞི་ནོ།། དེ་ཉིད་ཀྱི་ཕྱིར་གཞན་གྱི་དབང་གི་རང་བཞིན་འདུས་བྱས་པའི་དངོས་པོ་ནི་དོན་དམ་པར་སྟོང་པ་ཉིད་ཅེས་བྱའོ།། གཞན་ཡང་འཇུག་པའི་རྣམ་པར་ཤེས་པ་དང་། རྟེན་ཀུན་གཞི་རྣམ་པར་ཤེས་པ་དང་གཅིག་དང་ཐ་ད་དེ་ལས ་གྲོལ་བ་ཉིད་ཀྱི་ཕྱིར་དོན་དམ་པར་ངོ་བོ་ཉིད་མེད་པ་སྟེ། སྐབས་ཀྱི་དོན་འདི་རྣམས་ཀྱང་སྔར་གྱི་རྐྱེན་གྱིས་སྐྱེ་བ་ཇི་ལྟ་བུ། འབྲས་བུ་ཅི་ལགས་རྒྱུ་ནི་གང་ཞེས་རྒོལ་བའི་ལན་དུ་སྦྱར་ཏེ། ཀུན་རྫོབ་དང་དོན་དམ་པའི་ཚུལ་ཇི་ལྟར་བསྟན་པ ་བཞི་ནོ།། ཡང་འདིར་གལ་ཏེ་ཀུན་གཞིའི་རྒྱུན་འགགས་པ་ན་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ཐམས་ཅད་བརྒྱ་མཚོ་དང་རླབས་བཞིན་དུ་འཕ་པར་འགྱུར་ཏེ། དེ་ལྟ་ན་ཆད་པར་སྨྲ་བའི་མུ་སྟེགས་རྒྱང་ཕན་པ་དག་སེམས་ཅན་གྱི ་ལུས་ནི་ཆང་དང་ཆང་གི་ནུས་པ་ལྟར་སེམས་ལས་ཐ་དད་པ་མ་ཡིན་ཞིང་། དེ་ཉིད་ཀྱི་ཕྱིར་མངོན་པར་གསལ་བའི་སེམས་པ་ཞེས་བྱ་བ་ལ། ཡང་འཆི་བའི་རུས་བྱས་པ་ན་མངོན་པར་མི་གསལ་བའི་སེམས་ཅན་འབྱུང་བ ་བཞིའི་བག་ལ་ཞ་བར་འགྱུར་ཏེ། དེ་ལས་གཞན་འཇིག་རྟེན་སྔ་ཕྱིས་བསྡུས་པའི་འཁོར་བ་དང་། མྱ་ངན་ལས་འདས་པ་དང་། ལས་དང་འབྲས་པའབྲེལ་པ་ནི་མའོ་ཞེས་སླུ་བ་དང་ཁྱད་པར་མེད་པར་འགྱུར་ཞེས་པའོ།། འདིར་ཡུལ་ལ། ་འཛིན་པ་ནི་མངོན་པར་གསལ་བའི་སེམས་པའོ།། རྒྱུན་ཆད་པས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེས་བསྡུས་པ་ཐམས་ཅད་རྒྱུར་འགྱུར་ཞེས་པའོ།། ཐོག་མ་མོད་པའི་དུས་ཀྱིས་རྒྱུན་ནི་འཁོར་བ་སྟེ། གཉེན་པོ ་གོམས་པ་མེད་པར་རྒྱུན་ཆད་པར་འགྱུར་ཞེས་པའོ།། དེ་ལ་ཐོག་མ་མེད་པ་ནི་གཞན་གྱི་ལུགས་རྗེསུ་བརྗོད་པ་ཡིན་གྱི་དེ་ད་གི་ལུགས་འཁོར་བ་ལ་ཐོགས་མ་མེད་པར་མི་འདོདདོ།། གལ་ཏེ་དེ་ལས་གཞན་པའི་མུ་སྟེགས ་པ་རྣམས་ཀྱི་རྣམ་པར་ཤེས་པ་སྐྱེ་བ་ལ་སོགས་པའི་ཚུལ་ཇི་ལྟར་འདོད་ཅེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་དང་བ་ནི་ཉེ་བར་འཚོན་པ་ཙམ་སྟེ། སྔར་བསྟན་པའི་རྐྱེན་རྣམས་ལས་ཞེས་པའོ།། དེ་དག ་གི་རྒྱུ་ནི་ཡོན་ཏན་གསུམ་ཆ་མཉམ་པའི་གཙོ་བོ་མིག་གི་བློ་ལ་སོགས་པ་རྣམ་པར་འགྱུར་བ་ཐམས་ཅད་ཀྱི་བྱེད་པ་པོར་འདོད་པ་དང་། ནང་གི་སྐྱེས་བུ་རིགས་པའི་བདག་ཉིད་དུ་གྱུར་པ་ཡུལ་འཛིན་ཅིང་ལོངས ་སྤྱོད་པའི་བྱེད་པ་པོར་འདོད་པ་དང་། ཡང་རིག་བྱེད་ཀྱི་མཐའ་པ་དག་སྣ་ཚོགས་པ་ཐམས་ཅད་སྐྱེས་བུའི་རྣམ་པར་རིགས་པ་ཙམ་ཉིད་ཀྱི་རྣམ་པར་འཕྲུལ་པ་སྟེ། དེ་ཉིད་ཀྱི་རྒྱུ་ལས་བྱུང་བར་འདོད་པ་དང་། གཞན་ཡང་རིག་པ་ཅན་དང་བྱེ ་བྲེག་པ་རྣམས་དབང་ཕྱུག་གིས་བྱིན་གྱིས་རླབས་ཀྱིས་བདག་དང་ཡིད་ཀུན་ཏུ་སྦྱོར་བ་ལས་ཤོས་པ་སྐྱེ་བར་འདོད་པ་དང་། འགའ་ཞིག་གནས་དང་ལུས་དང་ལོངས་སྤྱོད་དུ་སྣང་བ་རྣམས་ཁྱད་པར་དུ་འཕགས་པའི་བློ་དབང་ཕྱུག་སྔོན ་སོང་བར་འདོད་པ་དང་། དངོས་པོ་ཐམས་ཅད་དུས་ཀྱི་དབང་གིས་བྱུང་བར་འདོད་པ་དང་། རིགས་མཐུན་པས་རྡུལ་ཕན་ཚུན་སྦྱོར་བ་ལས་རགས་པ་ཡན་ལག་ཅན་གྱི་རྫས་རྩོམ་པར་འདོད་ཅིང་། དེ་ལས་ཡན་ཏན་ལ་སོགས་པ་སྐྱེ ་བར་འདོད་པ་སྟེ། རྒྱུ་དང་འབྲས་བུའི་ཚུལ་འདི་དག་ནི་ཡང་དྲག་པོའི་ཀུན་རྫོབ་ཉིད་དུ་ཡང་མི་འཐད་པར་འོག་ནས་བསྟན་པར་བྱའོ།། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྔར་གྱི་རྐྱེན་གྱིས་སྐྱེ་བའི་ཁྱད་པར་སྡུག ་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་ཀྱིས་བསྡུས་པ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ཚུལ་མདོར་བསྡུས་ཏེ་བསྟན་པ་འོམ། ཡང་སེམས་ཅན་དངོས་པོའི་སྣ་གྲངས་དང་། མངོན་པར་བརྗོད་པ་སུ་ཡིས་བསྐྱེད་ཅེས་པའི་ལན ་བསྡུས་ཏེ་བསྟན་པའོ།། དེ་ལས་འདུ་བའི་དངོས་པོའི་རང་བཞིན་ནི་རྒྱུ་ཀུན་འབྱུང་གི་བདེན་པ་སྟེ། ལས་དང་ཉོན་མོངས་པ་ལ་སོགས་པའི་རྒྱུ་རྐྱེན་ཕན་ཚུན་འདུ་ཞིང་སྦྱོར་བའི་དངོས་པོའོ།། དངོས་པོའི་རང་བཞིན་གྱི་དངོས་པོ་ནི ་དེ་ལས་ད་ལྟར་གྱི་མིང་དང་གཟུགས་ལ་སོགས་པའི་ཕུང་པོ་མངོན་པར་འགྲུབ་པ་སྡུག་བསྔལ་གྱི་བདེན་པར་རྟོགས་པའོ།། མཚན་ཉིད་ཀྱི་དངོས་པོ་ནི་ད་ལྟར་གྱི་ཕུང་པོས་བསྡུས་པའི་ཚོར་བའམ་ཚོར་བའི་རྒྱུ་ལ་མངོན་པར་ཆགས་པའི ་སྲེད་པ་དང་། ལེན་པ་དང་། དེ་དག་གིས་མ་འོངས་པའི་ཕུང་པོ་འགྲུབ་པར་བྱེད་པའི་འདུ་བྱེད་ཀྱི་ས་བོན་མཐུ་དང་ལྡན་པར་བྱས་པ་སྟེ། སྲིད་པ་ཞེས་གྲགས་པའོ།། དེ་རྣམས་ཀྱང་སྡུག་བསྔལ་དང་ཀུན་འབྱུང་གཉི་གའི་ཆར་བཏོགས ་པ་སྟེ། སྔོན་གྱི་ལས་དང་ཉོན་མོངས་པའི་འབྲས་བུར་གྱུར་པ་དང་། མ་འོངས་པའི་ཟག་པོ་དང་བཅས་པའི་ཕུང་པོ་འགྲུབ་པར་བྱེད་པའི་རྒྱུར་གྱུར་པའོ།། དེ་ཉིད་ཀྱི་ཕྱིར་དེ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཡིན་པས ་མཚན་ཉིད་ཀྱི་དངོས་པོ་ཞེས་བྱའོ།། འབྱུང་བ་ཆེན་པོའི་རིང་བཞིན་གྱི་དངོས་པོ་ནི་དེ་དག་གིས་བསྡུས་པ་ཕྱི་དང་ནང་གི་འབྱུང་བ་སྟེ། སེམས་ཅན་གྱི་སྐྱེ་བའི་གནས་ཀྱིས་བསྡུས་པའོ།། དེ་ཡང་སེམས་ཀྱི་སྣང་བ་ལས་མ ་བཏོགས་པ་བམ་པོའི་ངོ་བོ་ནི་གྲུབ་པ་མེད་ཅེས་བསྟན་ཏོ།། རྒྱུའི་དངོས་པོ་ནི་འདུ་བྱེད་ཀྱི་ས་བོན་དང་ལྡན་པོ་ཀུན་གཞི་རྣམ་པར་ཤེས་པ་སྟེ། མ་རྟོགས་ནི་འཁོར་བའི་ཉེ་བར་ལོན་པའི་རྒྱུར་འགྱུར་བའོ།། རྐྱེན་གྱི་དངོས་པོ་ནིམ ་རིག་པ་དང་འདུ་བྱེད་དང་སྦེད་པ་ལ་སོགས་པ་སྟེ། སྦྱར་གྱི་འདུ་བའི་དོན་ཉིད་ཀྱང་གསལ་བར་བསྟན་པ་སྟེ། འོན་ཀྱང་ད་ལྟར་གྱི་གནས་སྐབས་ལས་མ་འོངས་པའི་ཕུང་པོ་འགྲུབ་པར་བྱེད་པའི་རྒྱུ། ་དང་རྐྱེན་ལ་སྦྱོར་བས་ཟློས་པའི་ཉེས་པར་འགྱུར་བ་ནི་མ་ཡིན།། འགྲུབ་པའི་དངོས་པོ་ནི་རྒྱུ་རྐྱེན་དྲོ་དག་ལ་བརྟེན་ནས་སྐྱེ་བ་དང་རྒ་ཤིས་བསྡུས་པ་དང་། མ་འོངས་པའི་ཕུང་པོ་འགྲུབ་པ་སྟེ། དེ་ལྟར་ན་སྲེད་པའི་ཡན་ལོག་རྣམས ་ཀྱང་ཚེ་གསུམ་གྱིས་བསྡུས་པ་སྟེ། ཞིབ་ཏུ་ནི་འོག་ནས་བསྟན་པར་བྱའོ།། ཡང་བློ་གློས་ཆེན་པོ་ཞེས་པ་ལ་སོགས་པས་ནི་བརྟེན་འབྲེལ་དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དོན་དམ་པའི་བདེན་པ་སྟོན་ཏེ། སྔར་གྱི་དེ་བཞིན་ཉིད་ནི། ་རྣམ་པ་དུ་ཞེས་པའི་ལན་དུ་སྦྱར་བར་བྱའོ།། དེ་ལ་སེམས་ཀྱི་སྤྱོད་ཡུལ་ནི་དེ་བཞིན་ཉིད་ལ་དམིགས་པའི་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་སྤྲོས་པ་གཅོད་བྱེད་ཀྱི་རྗེསུ་དཔག་པའི་ཚད་མའི་ཡུལོ།། དེ་ཡང་སླུ་བ་མེད ་པས་རིགས་པ་ནི། དོན་དམ་ཡིན་ཏེ་ཞེས་པ་དང་། དེས་གཏན་ལ་སྒྲུབ་པའི་དོན་ཀྱང་དོན་དམ་པ་སྟེ་ཞེས་གསུངས་པའོ།། ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་འཇིག་རྟེན་པའི་བསྒོམ་པ་ལས་བྱུང་བའི་ཤེས་རབ་དྲོད་དང་རྩེ་མོའི་གནས་སྐབས། ་ཀྱིས་བསྡུས་པ་ཅུང་ཟད་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེའི་ཡུལ་དུ་གྱུར་པའི་དེ་བཞིན་ཉིད་དེ། དེ་སྐད་དུ་ཡང་ཡེ་ཤེས་ཀྱི་ཚོགས་ནི་དྲོད་དང་རྩེ་མོའི་གནས་སྐབས་ཡོན་ཆད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་འགྲེལ་པ་ལས་བཤད་པས་སོ།། ལྟ་བ་གཉིས་ཀྱི་སྤྱོད་ཡུལ་ནི་གང་ཟག་དང་ཆོས་ཀྱི་བདག་ཏུ་ལྟ་བ་དང་བཅས་པ་བཟོད་པ་དང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ཀྱི་ཡེ་ཤེས་དང་། དེའི་ཡུལ་དུ་གྱུར་པའི་དེ་བཞིན་ཉིད་དེ། ་དེ་སྐད་དུ་ཡང་། གང་ཟག་དང་ཆོས་ཀྱི་བདག་ལ་ཀུན་ཏུ་རྨོངས་པས་ས་དང་པོ་ལ་སྒྲིབ་པོ་ཞེས་སྔར་བསྟན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟོད་པ་དང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ན་གོ་རིམ་པཞི ་དུགང་ཟག་རྫས་ལ་བརྟེན་པ་དང་། སྐྱེས་བུ་བཏགས་པ་ལ་བརྟེན་པའི་འཛིན་པའི་རྟོག་པ་ཉིད་དང་ལྡནོ་ཞེས་གསུངས་པའི་ཕྱིརོ།། ལྟ་བ་གཉིས་ལས་འདས་པའི་སྤྱོད་ཡུལ་ནི་དེ་འདྲ་བའི་རྣམ་རྟོགས་རགས་པ་སྤངས་པ་མཐོང ་ལམ་ཡན་ཆོད་ཀྱི་ཡེ་ཤེས་དང་། ངོའི་ཡུལ་དུ་གྱུར་པའི་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའོ།། དེ་སྐད་དུ་ཡང་། སྔར་གྱི་ལྟ་བ་གཉིས་ལ་སོགས་པ་མཐོང་བ་དང་། བསྒོམ་པའི་ལམ་གྱིས་སྤང་བར་བྱ་བ་ཉིད་དུ ་གསུངས་པ་དང་དེ་འདྲ་བའི་རྨོངས་པའི་སྒྲིབ་པ་སྤངས་པས་ས་དང་པོ་ཐོབ་པ་ཉིད་དུ་གསུངས་པསོ།། སྣང་བ་མེད་པའི་སྤྱོད་ཡུལ་ནི་མདོ་སྡེ་འདི་ཉིད་ལས་སྣང་བ་མེད་པ་བརྒྱད་པ་སྟེ་ཞེས་གསུངས་པས་ཁྱད་པར་དུ་ས་བརྒྱད་པ་ཡན་ཆད ་གྱི་ཡེ་ཤེས་དང་དེའི་ཡུལོ།། སྲས་ཀྱི་ས་ལས་འདའ་བའི་སྤྱོད་ཡུལ་ནི་སངས་རྒྱས་ཀྱི་ས་ལ་འཇུག་པ་དཔའ་བར་འགྲོ་བའམ། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་གནས་སྐབས་ཀྱི་ཡེ་ཤེས་དང་དེའི་ཡུ་ལོ།། དེ་བཞིན་གཤེགས་པ་སོ་སོ་རང ་གིས་རིགས་པའི་སྤྱོད་ཡུལ་ནི་སངས་རྒྱས་ཀྱི་ས་ཡིས་བསྡུས་པ་ཆོས་ཀྱི་སྐུའི་ཡེ་ཤེས་མཉམ་པར་བཞག་པ་དང་རྗེས་ཀྱི་གནས་སྐབས་དང་དེའི་ཡུལ་དུ་འགྱུར་བའོ།། འདིར་ཐམས་ཅད་དུ་ཡང་ཡུལ། ་དང་ཡུལ་ཅན་ཐ་དད་པ་ནི་མིན་ཏེ། འོན་ཀྱང་སོ་སོ་རང་རིག་པའི་ཚུལ་དུ་རང་རང་གི་ཆོས་ཉིད་ལ་སྒྲོ་འདོགས་གཅོད་པའོ།། གལ་ཏེ་དེ་ལྟ་ན་ཐོག་མར་བསྟན་པ་རྗེསུ་དཔག་པའི་ཆེད་མི་རྟོག་མེད་དུ་འགྱུརརོ་ཞེ་ན། རང་གི་རང་བཞིན ་དུ་གྱུར་པའི་སྣང་བ་ལ་ཕྱིན་ཅི་ལོག་གི་སྒྲོ་འདོགས་གཅོད་པའི་ཆ་ནས་རྟོག་པ་མེད་ཅིང་མ་འཁྲུལ་པ་ཉིད་དུ་འགྱུར་པ་འདོད་པ་ཉིད་ཡིནོ།། འོན་ཀྱང་རང་གི་སྣང་བ་དོན་མ་ཡིན་པ་ལ་དོན་དུ་མངོན་པར་ཞེན་ཅིང་སྤྱིའི་རྣམ་པ ་སྒྲོ་བཏགས་ལ་འཛིན་པོའི་ཆ་ནས་རྟོག་པ་དང་བཅས་ཤིང་འཁྲུལ་པ་ཉིད་ཡིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མི་འདྲ་བར་བསྟན་པའོ།། དེ་ཡང་ཇི་ལྟར་ཕ་མལ་པ་རྣམས་ཀྱི་རྣམ་པར་རྟོག་པ་རང་གི་རོང་བཞིན ་ལ་བལྟོས་ཏེ་རང་གི་རང་རིག་མངོན་སུམ་གྱི་ཚད་མ་ཡིན་ཀྱང་སྒྲ་དོན་སྤྱིའི་རྣམ་པ་ཐ་དད་པ་ལྟ་བུར་སྣང་ཞིང་ཞེན་པས་དེ་ཉིད་རྟོག་པའི་བདག་ཉིད་ཡིན་ཞིང་། དེ་ཉིད་ཀྱི་ཕྱིར་དེ་འདྲ་བའི་གང་ཟག་རྣམ་པར་མི་རྟོག་པའི་ཡེ།། ་ཤེས་དང་ལྡན་པའོ་ཞེས་མི་བརྗོད་པ་བཞིན་ནོ།། དེ་སྐད་དུ་ཡང་། ཤེས་གང་གོང་ལ་སྒྲ་དོན་འཛིན།། དེ་ནི་དེ་ལ་རྟོག་པར་འདོད།། རང་གི་ངོ་བོའི་སྒྲ་དོན་མིན།། དེ་ཕྱིར་དེ་ལ་ཀུན་མངོན་སུམ་ཞེས་ཆེད་མ་རྣམ་འགྲེལ་ལས་བསྟན་པ་དང་རྗེས ་སུ་མཐུན་པར་འདིར་ཡང་རྐང་པ་གཉིས་ཀྱི་རྗེསུ། སྤྲོས་བྲལ་ཆོས་ཉིད་སྒྲ་དོན་མིན།། དེ་ཕྱིར་དེ་ལ་རྟོག་མེད་འགྱུར།། ཞེས་ཅི་སྟེ་མི་བརྗོད། དེ་ལྟ་ན་ཡང་ཐ་མལ་པའི་མངོན་སུམ་དེ་ལྟ་བུ་དང་རྗེསུ་དཔག་པར་གྲགས་པ་ནི་ཕྱིན་ཅི ་ལོག་གི་བདག་ཉིད་ཡིན་པས། ཡང་དག་པའི་ཡེ་ཤེས་མིན་ཡང་སྤྲོས་པ་གཅོད་པར་བྱེད་པའི་རྗེསུ་དཔག་པ་ནི་ཇི་སྙེད་པའི་སྤྲོས་པ་གཅོད་པའི་ཆ་ནས་ཡང་དག་པའི་ཚད་མ་ཡིན་ཞིང་། དེས་སྤྲོས་པ་བཀག་པའི་དོན་ཡང ་དོན་དམ་དང་མཐུན་པའི་དོན་དམ་པ་ཞེས་བྱའོ།། དེ་རྣམས་ཀྱིས་ཀྱང་ལམ་དང་འགོག་པོའི་བདེན་པ་བསྡུས་ཏེ། དེ་ལྟར་ན་དངོས་པོའི་རང་བཞིན་དང་། དོན་དམ་པའི་བདེན་པའི་རྣམ་གྲངས་བསྟན་པས་ནི་ཤེས་བྱ་བདེན་པ་བཞི ་བསྟན་ཅིང་། དེ་ཡང་ཀུན་རྗེབ་དང་དོན་པའི་བདེན་པ་གཉིསུ་འདུས་ལ། དེ་ལྟར་བདེན་པ་གཉིས་ཀྱིས་བསྡུས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་དུས་གསུཾ་ཀྱི་སངས་རྒྱས་རྣམས་ཆོས ་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ་ཞེས་དེ་རྣམས་རྟོགས་པའི་ཕན་ཡོན་སྟོན་པ་ནི། འདི་དག་ནི་ཞེས་པ་ལ་སོགས་པའོ།། སངས་རྒྱས་རྣམས་ཀྱི་དངོས་པོའི་རང་བཞིན་ཞེས་པ་ནི་དེ་རྣམས་ཀྱི་རྟོགས་པའི་དངོས་པོའི་རང་བཞིན་ཞེས ་པ་ལ་སོགས་པའོ།། དེ་དང་ལྡན་ཞེས་པ་ཡང་རྟོགས་བྱ་ཉིད་དུ་ལྡན་པའོ།། འཇིག་རྟེན་ནི་བྱིས་པའི་སྐྱེ་བོ་རྣམ་སོ།། འཇིག་རྟེན་ལས་འདས་པ་ནི་འཕགས་པ་ཉན་ཐོས་དང་རང་རྒྱལ་བའོ།། འཇིག་རྟེན་ལས་འདས་པ་མཆོག་ནི ་ཡང་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་སོ།། དེ་རྣམས་ཀྱིས་བསྡུས་པའི་ཆོས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་སྔ་མ་ལྟར་བདེན་པ་གཉིས ་ཀྱིས་བསྡུས་པ་རང་དང་སྤྱིའི་མཚན་ཉིད་དུ་རྟོགས་པ་སྟེ། དེ་ལ་སྤྱིའི་མཚན་ཉིད་ནི་འདུས་བྱས་ཐམས་ཅད་ནི་སྐྱེ་བ་དང་གནས་པ་དང་མི་བརྟགས་ཞེས་པའམ། རང་རང་གི་མཚན་ཉིད་དེ་གཟུགས་ནི་གཞིག་ཅིང་གཞི ་དུ་རུང་ཞེས་པ་ལ་སོགས་པའོ།། ཤེས་རབ་ཀྱི་སྤྱན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེ་སོ།། རྣམ་པོར་འགོད་པ་ནི་རིགས་དང་སྐལ་བ་ཇི་ལྟ་བ་བཞིན་དུ་བླང་བྱ་དང་དོར་བ་ལ་སོགས་པའི་བྱེ་བྲག་མ་འདྲེས་པར ་སྟོན་པའོ།། ཚུལ་ཇི་ལྟར་འགོད་ཅེ་ན། མུ་སྟེགས་བྱེད་ཀྱི་ཞེས་པ་ལ་སོགས་པའོ།། དེ་ལ་ཐོག་མར་དབང་པོ་དམན་པ་རྣམས་ལ་སྟོན་པ་ནི། མུ་སྟེགས་བྱེད་ཀྱི་སྨྲ་བ་དང་ལྟོ་བ་ངན་པ་སྟེ། གྲུབ་པའི་མཐོའ་ཡིས་བློ་མ་བསྒྱུར ་བའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་མཐུན་མོང་དུ་མི་འགྱུར་བ་སྟེ། དེ་དག་དང་མ་འདྲེས་ཤིང་དེ་དག་གི་གཉེན་པོ་ཉིད་དུ་གྱུར་པའི་ཆོས་སྟོན་པའོ།། ཇི་ལྟར་ན་དེ་རྣམས་དང་ཐུན་མོང་མ་ཡིན་པར་འགྱུར ་ཞེ་ན། འདི་ལྟ་སྟེ། ཞེས་པ་ལ་སོགས་པ་གསུངས་ཏེ། རྣམ་པར་ཤེས་པ་རྣམ་ཀྱི་རང་བཞིན་དུ་གྱུར་པའི་ཡུལ་ལ་ཐ་དད་པ་བདེན་པར་རྣམ་པར་རྟོག་པའི་ལྟ་བ་ཁོང་དུ་མ་ཆུད་པ་སྟེ། དེའི་ཡུལ་ཡང་སེམས་ལས ་པ་དད་མེད་པར་མ་ཤེས་ཤིང་། ཐ་དད་དུ་རྟོགས་པ་ཕྱིན་ཅི་ལོག་པ་ཉིད་དུ་ཁོང་དུ་མ་ཆུད་ཅེས་པའོ།། བདག་གི་སེམས་སྣང་བ་ཙམ་ཞེས་པ་ནི་དེ་ལྟར་སྣང་བ་ཀུན་རྫོབ་ཏུ་སེམས་ཉིད་ཡིནོ།། ཞེས་ཡོངས་གཅོད་ཀྱི་ཆ་ལ་མི ་འཇུག་པ་སྟེ་བློ་ཡིས་མ་རྟོགས་པའོ།། དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལས་མུ་སྟེགས་པའི་སེམས་ཙམ་སྨྲ་བ་ཁ་ཅིག་བདག་རིག་པ་གཉིས་མེད་ཀྱི་ངོ་བོ་ནི་དངོས་པོར་ཡོད་ལ། དེ་ལས་གཞན་པ་ཐམས་ཅད་ནི་དངོས ་པོར་མེད་ཅེས་པ་དང་། དེ་ལ་སོགས་པ་ཕྱི་རོལ་པ་དང་ཐ་མལ་པ་རྣམས་ཀྱིས་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ལ་མི་བལྟོས་པར་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་མེད་པའི་རང་བཞིན་དོན་དམ་པར་ལྟ་བའི་ལྟ་བ ་གཉིསུ་ལྟུང་བར་གྱུར་ཏེ། དེའི་ཕྱིར་དེ་རྣམས་ནི་སྲིད་པའི་ཡན་ལག་བཅུ་གཉིས་ལས་མི་ལྡོག་ཅིང་། གཞན་ཡོང་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྲིད་པ་གསུམ་གྱི་སྡུག་བསྔལ་གྱི་རྩ་བ་ལས་ཀྱང་མི་ལྡོག་སྟེ། དེས་ན་དེ་དག། ་རྣམ་པར་ཟློག་པའི་ཕྱིར་དེ་རྣམས་ཀྱི་ལྟ་བ་དང་མ་འདྲེས་པར་རང་གི་སེམས་སྣང་བའི་ཡུལ་སྒྱུ་མ་སྟེ། སྔར་བསྟོན་པ་ལྟར་རྣམ་པར་རིག་པ་ཙམ་གྱི་དབུ་མའི་ཚུལ་རྗེསུ་མཐོང་བར་འགྱུར་བའི་ཐབས་གང་ཟག་གི ་བདག་གིས་སྟོང་པ་ཕུང་པོ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་བཤད་པར་བྱའོ་ཞེས་པའོ།། དེ་ལྟར་བསྟན་པས་རིམ་གྱིས་དབང་པོ་ཅུང་ཟད་དག་ཅིང་སྟོང་པ་ཉིད་བཤད་པའི་སྐལ་བ་དང་ལྡན་པ་རྣམས ་ལ་སྟོང་པ་ཉིད་ཟབ་མོ་དངོསུ་སྟོན་པ་སྟེ། དེའི་དབང་དུ་བྱས་ནས་ལྷ་བ་ངན་པ་ནི། འཕགས་པ་ཉན་ཐོས་དང་རང་རྒྱལ་བ་གཟུང་འཛིན་དངོས་པོར་འདོད་པ་དང་། གཉིསུ་མེད་པའི་རང་རིག ་དོན་དམ་པའི་དངོས་པོར་སྨྲ་བ་རྣམས་ཀྱང་སྟེ། འཆིང་བའི་རྒྱུ་ཉིད་དུ་ཁྱད་པར་མེད་ཅིང་ཡུལ་ལ་གནོད་བྱེད་ཀྱི་ཚད་མ་ཡོད་པའི་ཕྱི་རོ།། དེ་སྐད་དུ་ཡང་། དེ་ཉིད་ཚུལ་ལ་ཐོག་མར་ནི།། ཐམས་ཅད་ཡོད་ཅེས་བརྗོད་པར་བྱ ་དོན་རྣམས་རྟོགས་ཤིང་ཚགས་མེད་ལ།། ཕྱིས་ནི་རྣམ་པར་དབེན་པོ་ཉིད་ཅེས་གསུངསོ།། ཡང་དེ་ལྟར་སྟོང་པ་ཉིད་བསྟན་པས་སྟོང་པ་ཉིད་ཀྱི་མཚན་མར་འཛིན་ཅིང་། ལས་དང་འབྲས་བུའི་འབྲེལ་པ་ལ་སོགས་པ་ལ ་སྐུར་པ་ཉིད་དུ་ལ་ལ་དག་འགྱུར་པས་དེ་རྣམ་པར་བཟློག་པའི་དོན་དུ་རྣམ་པར་རིག་པ་ཙམ་གྱི་དབུ་མ་མཐའ་གཉིས་དང་བྲལ་བའི་དེ་ཁོ་ན་ཉིད་ཟབ་མོ་མདོ་སྡེ་འདི་ཉིད་དམ། འདིའི་རིགས་ཅན་རྣམས་ཀྱིས་བཤད་པར ་བྱིའོ་ཞེས་སྟོན་ཏེ། དེའི་དབང་དུ་བྱས་ནས་ལྟ་བ་ངན་པ་ནི་སྟོང་པ་ཉིད་ཀྱི་མཚན་མར་འཛིན་པ་སྟེ། ཇི་སྐད་དུ། རྣམ་པར་དབེན་དོན་མ་ཤེས་པར།། ཐོས་པ་ཙམ་ལ་འཇུག་བྱེད་ཅིང་།། མི་གང་བསོད་ནམས་མི་བྱེད་པ།། ་སྐྱེས་བུ་ཐ་ཤལ་དེ་དག་རླག། ཅེས་གསུངས་པ་དང་། གཞན་ཡང་གང་ཟག་དུ་ལྟ་བའི་རབ་ཙམ་ནི་བླའི་ཞེས་པ་ལ་སོགས་པ་སྔར་བསྟན་ཏོ།། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཞེས་པ་ལ་སོགས་པ་དང་། ་རྣམ་པར་རྟོག་པ་སྲིད་པ་གསུམ་གྱི་སྡུག་བསྔལ་ཞེས་པ་ཡང་གནས་སྐབས་གཉིས་པོ་ལ་ཡང་ཇི་ལྟར་རིག་པ་བཞིན་དུ་སྦྱར་བར་བྱའོ།། བཤད་པར་བྱའོ།། ཞེས་པ་ནི་སངས་རྒྱས་གཞན་དག་གིས་བཤག་པ་ལྟར་ད་ལྟར་ངས ་ཀྱང་བཤད་པར་བྱ་ཞེས་པའོ།། བློ་གྲོསྡེ་ཆེན་པོ་དགེ་སྦྱོང་ངམ་ཞེས་པ་ལ་སོགས་པས་གཞན་དང་ཐུན་མོང་མ་ཡིན་པ་ཉིད་རྒྱས་པར་སྟོན་ཏེ། དེ་ལཱ་དགེ་སྦྱོང་ནི། སྡིག་པ་ཅི་ཡང་མི་བྱ་སྟེ། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། ཅེས ་པའི་དགེ་སྦྱོང་གི་ཚུལ་ལམ་ཕྱི་རོལ་པའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ཀྱང་ངོ་།། དེ་དག་གི་ལྟར་ན་དངོས་པོ་རྣམས་ཀྱི་རྟེན་འབྲེལ་དོན་དམ་པའི་དངོས་པོ་ཉིད་དུ་འདོད་དེ། དེ་ལ་འགའ་ཞིག་ནི་འབྲས་བུ་རྒྱུའི་དུས་སོམ་དེའི ་སྟོན་རོལ་ན་མེད་པ་ཞིག་རྒྱུའི་བྱེད་པའི་འོག་རོལ་དུ་སྐྱེ་བར་འདོད་ལ། གྲངས་ཅན་པ་རྣམས་ལས་མངོན་པར་གསལ་བར་སྨྲ་བ་རྣམས་འབྲས་བུ་རྒྱུའི་གན་སྐབས་ན་ཡང་ཡོད་མོད་ཀྱི་འོན་ཀྱང་མངོན་པར་མི་གསལ་བ་ཡིན་ལ། ་དེ་རྒྱུའི་བྱེད་པ་ལས་མངོན་པོར་གསལ་བར་འགྱུར་ཞིང་། འབྲས་བུ་ལ་ཡང་རྒྱུ་རི་རྗེསུ་འཇུག་སྟེ། དེ་ལྟར་རྒྱུ་དང་འབྲས་བུ་པིན་ཚུན་བདག་དུ་གྱུར་པ་སྐྱེ་བར་འདོད་དོ།། འདི་དགྲ་ནི་མི་འང་དེ་རེ་ཞིག་འབྲས་བུ་མེད་པ་སྐྱེ་ཞེས ་པ་ནི་འགོལ་བ་ཉིད་དུ་འགྱུར་ཏེ། སྐྱེ་བ་དངོས་པོའི་ཆོས་ཉིད་ཡིན་པས་མེད་པ་ཡིད་ཅེས་པར་འགྱུར་ན། དེ་ནི་འབྲས་བུའི་རང་བཞིན་གཅིག་ལ་ཅིའི་ཕྱིར་མི་འགོལ་ཞེས་པའོ།། གལ་ཏེ་ཡོད་པ་དང་མེད་པ་ནི་གཅིག་ལ་གཅིག ་ཅར་འགལ་བར་འགྱུར་གྱི། རིམ་གྱིས་ནི་མི་འགལ་ཏེ། དེའི་ཕྱིར་འབྲས་བུ་འགའ་ཞིག་སྤུར་རྒྱུའི་དུས་ལ་སོགས་པར་ནི་མེད་ལ་ཕྱིས་ཡོད་པར་མི་འགཡོ་ཞེ་ན། མི་འཐད་དེ། དངོས་པོ་ཡོད་པ། ་ནི་མེད་པའི་སྤྲི་དང་འགལ་བས་སྔར་མེད་ཅེས་པའི་ཁྱད་པར་དང་ཡང་འགལ་བར་འགྱུར་ལ། དེ་བཞིན་དུ་དངོས་པོ་མེད་པ་ཡང་ཡོད་པའི་སྤྱི་དང་འགལ་བས་ཕྱིས་ཡོད་ཅེས་པའི་ཁྱད་པར་དང་ཡང་འགལ་བར་འགྱུརརོ།། ་གལ་ཏེ་དེ་ལྟར་ཡོད་པ་དང་མེད་པའི་སྤྱི་དང་ཁྱད་པར་འགལ་བར་འགྱུར་བ་དེ་ལྟ་ན་ཡང་། སྔར་མེད་ཅེས་མེད་པའི་ཁྱད་པར་དང་། ཕྱིས་ཡོད་ཅེས་པའི་ཡོད་པའི་ཁྱོད་པར་ནི་འགལ་བ་མེད་དེ། ཇི་ལྟར་བུམ་པ་ལྟ་བུའོ ་རྫས་ཀྱི་དངོས་པོ་ཁང་བཟང་གི་ཕྱི་རོལོ་ན་ནི་མེད་ལ་ནང་ན་ནི་ཡོད་ཞེས་ཡོད་པ་དང་མེད་པའི་ཁྱད་པར་མི་འགལ་བ་བཞི་ནོ།། གཞན་དུ་ན་བདེ་བ་ལ་སོགས་པ་ད་ལྟར་ཉམས་མྱོང་བ་འདི་ཉིད་སྔར་གྱི་དུས་ན་ཡོད་དམ་མེད ་ཅེས་དབུ་མ་པ་རྣམས་ལ་དྲིས་ཤིང་བརྩད་པ་ན། སྔར་ནས་ཡོད་ཅེས་ནི་བརྗོད་པར་མི་ནུས་ལ། དེ་ཕྱིར་ད་ལྟར་ཡོད་པ་འདི་ཉིད་སྔར་མེད་ཅེས་སྟོན་པས་ཡོད་པ་དང་མེད་པ་དུས་སྡེ་ཕྱོ་ལ་བལྟོས་ཏེ་མི་འགལ་བ་ཉིད་དུ་ཅི་སྟེ་མི ་འགྱུར་ཞེ་ན། མ་ཡིན་ཏེ། སྔར་མེད་ཅེས་དགག་པའི་དོན་ནི་རྣམ་པ་གཉིསུ་འགྱུར་ཏེ། ཡོད་པ་བཀག་པ་ཙམ་གྱི་མེད་དགག་རི་བོང་གི་རྭ་ལྟ་བུ་དང་། མ་ཡིན་པར་དགག་པའོ།། དེ་ལ་རི་བོང་གི་རྭ་ལྟ་བུའི་མེད་པར་དགག ་པ་ནི་ཡོད་པའི་སྤྱི་དང་འགལ་བས་ད་ལྟར་ཡོད་ཅེས་པའི་ཁྱད་པར་དང་ཡང་འགལ་ལ། ཁྱད་པར་དེ་ཡང་མེད་པའི་སྤྱི་དང་འགལ་བས་སྔར་མེད་ཅེས་པའི་མེད་དགག་གི་ཁྱད་པར་དང་འགལ་བར་ཅི་སྟེ་མི་འགྱུར། ཡང་མ ་ཡིན་པར་དག་གི་པ་ཡང་གཉིསུ་འགྱུར་ཏེ། སྔར་མེད་ཅེས་སྔར་གྱི་དུས་བསྡུས་པ་དང་། དེ་ལྟར་ཡོད་པ་འདི་ཉིད་སྔར་གྱི་མེད་པ་ཡིན་ཞེས་ང་ལྟར་བའི་ཆོསུ་བསྐོར་བའོ།། དེ་ལ་སྔ་མ་ལྟར་ན་སྔ་པི་དུས་འགལ་བར་དུས་དེ་དག ་གིས་བསྡུས་པའི་ཡོད་པ་དང་མེད་པ་ཡང་འགལ་བར་འགྱུར་ཏེ། ཡོད་མེད་རང་བཞིན་འགལ་བ་ལ་དུས་འགལ་བ་བསྣན་པས་ནི་འགལ་བ་སྔ་མ་སྤོང་བར་མི་འགྱུར་ཞིང་ཆེས་ཤིན་ཏུ་འགལ་པོ་ཉིད་དུ་ཇི་ལྟར་མི་འགྱུར་བ ་སེམས་ཤིག། གཞན་ཡང་གཉིས་པ་ལྟར་ན་ད་ལྟར་ཡོད་པ་འདི་ཉིད་སྔར་མེད་པའོ་ཞེས་སྔར་མེད་པ་ད་ལྟར་ཡོད་པའི་ཆོསུ་བསྡུས་པ་ནི་མི་འགལ་མོད་ཀྱི། དེ་ནི་མེད་པའི་མིང་གིས་བརྗོད་ཀྱང་ཡོད་པ་ཉིད་ཡིན་པས་དེ་འདྲ་བ ་རྒྱུ་ལས་སྐྱེ་བར་འདོད་པ་ནི་འབྲས་བུ་ཡོད་པ་སྐྱེ་བའི་ཕྱོགས་ལ་བརྟེན་པར་འགྱུ་རོ།། ཡུལ་གྱི་དཔེ་ཡང་ཕྱོགས་ཀྱི་ཁོངསུ་འདུས་པའི་ཕྱིར་མ་གྲུབ་པ་ཉིད་དེ། ཇི་ལྟར་ཕྱི་རོལ་ན་མེད་པ་ཉིད་ནང་ན་ཡོད་པའི་བདག་ཉིད་ཞེས་ཡོད ་པའི་ཆོས་བསྐོར་བ་ནི་མེད་པའི་མིང་གིས་བརྗོད་ཀྱང་དོན་བྱེད་ནུས་པའི་ཕྱིར་དངོས་པོ་ཉིད་ཡིན་ལ། གཞོན་ཡང་ཡོད་པ་དང་མེད་པ་ཕྱི་དང་ནང་གི་ཡུལ་གྱིས་ཆོསུ་བསྔོས་པ་ནི་ཡུལ་འགལ་བ་ཉིད་ཀྱི་ཕྱིར། སྔ་མ་ལྟར་ཡོད་མེད། ་རང་བཞིན་འགལ་བ་ལ། ཡུལ་འགལ་བ་བསྣན་པས་ཕྱིར་ཞིང་ཤིན་ཏུ་འགལ་བར་འགྱུ་རོ།། ཡང་ཕྱི་རོལ་ན་མེད་ཅེས་པའི་མེད་དགག་གི་ཁྱད་པར་རི་བོང་གི་རྭ་ལྟ་བུ་ནི་ཡོད་པའི་སྤྱི་དང་འགལ ་པས་ཡོད་པས་ཁྱད་པར་ནང་ན་ཡོད་པ་དང་ཡང་འགལ་བར་འགྱུར་ཞེས་པ་ལ་སོགས་པ་སྔ་མ་བཞིན་དུ་ཤེས་པར་བྱའོ།། དེ་ལྟར་མེད་པ་སྐྱེ་བའི་ཕྱོགས་བཀག་ནས་ཕྱོགས་གཉིས་པ་དགག་པ་ནི་འབྲས་བུ་སྔ་ནས་ཡོད་པ་ནི ་བདག་ཉིད་ཐམས་ཅད་ཀྱིས་རྫོགས་ཟིན་པས་སྐྱེ་བར་མི་འཐད་དེ། སྐྱེ་ཞེས་པའི་དོན་ནི་གྲུབ་ཟིན་པ་མ་ཡིན་པ་འགྲུབ་པོར་འགྱུར་བའི་རང་བཞིན་ཡོན་ལ། ཡོད་པ་ནི་གྲུབ་ཟིན་པ་ཡིན་པས་ཡོད་པ་སྨྲ་ཞེས་པ་ཡང་ཅིའི་ཕྱིར་ན ་འགལ་བར་མི་འགྱུར། གལ་ཏེ་མངོན་པར་གསོལ་བའི་བདག་ཉིད་སྔར་མ་གྲུབ་པ་རྒྱུའི་བྱེད་པའི་རྗེསུ་བྱུང་བའི་རྒྱུ་ལས་སྐྱེ་བ་འཐང་ངོ་ཞེ་ན། དེ་ལྟར་ན་གསལ་བ་ཉིད་འབྲས་བུར་འགྱུར་ཏེ། འབྲས་བུའི་མཚན་ཉིད་དང་ལྡན ་པའི་ཕྱིརརོ།། དེ་ལྟར་འདོད་དོ་ཞེ་ན། དེ་སྔར་མེད་པས་ཡོད་པ་སྐྱེ་བའི་ཕྱོགས་ཉམས་པར་འགྱུ་རོ།། གཞན་ཡང་གསལ་བ་དང་བུམ་པ་ལ་སོགས་པའི་དངོས་པོའི་བདག་ཉིད་གཅིག་པར་ཁས་ལེན་ན་ནི་བུམ་པ་སྔར་ནས་ཡོད ་པ་བཞིན་དུ་གསལ་བ་ཡང་སྔར་ནས་ཡོད་པར་འགྱུར་བ་འོམ། གསོལ་བའི་བདག་ཉིད་སྔར་མེད་པ་ལྟར་བུམ་པ་ཡང་སྔར་མེད་པ་ཉིད་དུ་འགྱུརརོ།། གལ་ཏེ་དེ་དག་ཐ་དད་པར་འདོད་ན་རྒྱུའི་བྱེད་པ་གསལ་བ་ཉིད་ལ་སྦྱོར་བས ་བུམ་པའི་དངོས་པོ་རྒྱུ་མེད་པ་ཉིད་དུ་འགྱུར་རོ།། དེ་ལྟར་ན་འབྲས་བུ་སྔར་ནས་ཡོད་པའི་སྐྱེ་བའི་ཕྱོགས་ཀྱང་མི་འཐད་དོ།། དོན་འདི་ཉིད་མདོ་སྡེ་གཞན་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། ལྷ་མོ་ཕུང་པོ་ལྔ་ལ་ཆོས་ཀྱི་དབྱིངས་ཇི་ལྟར་གདགས་ཞེ ་ན། ཕུང་པོ་ལྔ་པོ་དེ་ནི་རྒྱུ་དང་རྐྱེན་གྱིས་མི་བསྐྱེད་པ་སྟེ། དེ་ཡང་གལ་ཏེ་རྒྱུ་དང་རྐྱེན་ལསོ་སྐྱེ་བ་ཞིག་ཡིན་ན་ནི། སྐྱེས་ཟིན་པ་སྐྱེ་འམ་མ་སྐྱེས་པ་སྐྱེ་ཞེས་པ། གལ་ཏེ་སྐྱེས་ཟིན་པ་སྐྱེ་ན་ནི་རྒྱུ་དང་རྐྱེན་ཀྱང་མི་དགོས་པར་རིགསོ།། གལ་ཏེ་མ་སྐྱེས ་པབ་སྐྱེ་ན་ནི་སྐྱེ་བ་དམིགསུ་མེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གང་མ་སྐྱེས་པའི་ཆོས་རྣམས་ནི་ཡོད་པ་མ་ཡིན་པ་ཉིད་པོས་མིང་མེད་པ། མཚན་མོ་མེད་པ། གཞོལ་བ་དང་། དཔག་པ་དང་། དཔེར་བྱ་བས་མི་བརྗོད་པ་སྟེ། རྒྱུ་དང་རྐྱེན་གྱིས ་སྐྱེད་པར་བྱེད་པ་མ་ཡིནོ་ཞེས་པ་ལ་སོགས་པ་རྒྱས་པར་གསུང་སོ།། དེ་ལྟར་འབྲས་བུའི་བདག་ཉིད་སྔར་མེད་པ་ནི་ཡོད་པ་ཉིད་དུ་མི་འགྱུར་ཏེ། རྟག་ཏུ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དངོས་པོ་གང་དང་ཡང་རྗེ་སུ་འགྲོ་བའམ་ལྡོག ་པ་གྲུབ་པོ་མེད་དེ། དཔེར་ན་རི་བོང་གི་རྭ་བཞིནོ།། འདིར་རྒྱུ་དང་འབྲས་བུའི་ནི་རྗེ་སུ་འགྲེ་བ་དང་ལྡོག་པའི་སྒོ་ནས་རྟོགས་པར་བྱ་བ་ཡིན་ཏེ། དེ་ལྟ་ན་རྗེསུ་དཔག་པ་ལ་སོགས་པའི་སྒོ་ནས་རྒྱུ་དང་འབྲས་བུའི་དངོས་པོ་དོན་དམ་པ ་གྲུབ་པ་མེདོ།། གཞན་ཡང་མངོན་སུམ་དང་མི་དམིགས་པ་སྟེ། དེས་དབེན་དེ་ཡི་རྣམ་པ་ཅན།། མངོན་སུམ་རྣམ་པ་གཉིས་ཀྱི་སོ་ནི།། རྒྱུ་དང་འབྲས་བུའི་དངོས་པོ་འགྲུབ། ཅེས་པ་ཡང་དོན་འདི་ལ་མི་འཐད་དེ། འདི་ལྟར་མི་དམིགས་པ ་སྔོན་དུ་སོང་བའི་མངོན་སུམ་རྣམ་པ་གཉིས་ཏེ། རྒྱུ་མེད་པའི་ཕྱོགས་འགའ་ཞིག་ཏུ་འབྲས་བུ་སྣང་དུ་རུང་བ་ལས་མི་དམིགས་པ་ལས། རྒྱུར་མངོན་པར་འདོད་པ་འགའ་ཞིག་དམིགས་ལ། དེའི་འཇུག ་ཐོགསུ་འབྲས་བུ་དམིགས་པ་ལ་བརྟེན་ནས་དེ་དག་རྒྱུ་དང་འབྲས་བུའི་དངོས་པོར་རྟོགས་པོ་ཡིན་ན། སྔར་བཤད་པ་ལྷུར་རྟག་ཏུ་མེད་པ་ལ་ནི་སྔར་སྣང་དུ་རུང་བའི་མི་དམིགས་པ་ལས་གང་དག་དམིགས་ན་དམིགས་ཞེས ་བའི་རྒྱུན་གྱི་ཐོག་མྱ་མཐོང་བ་མེད་པའི་ཕྱིར་མི་འཐད་དོ།། དེ་བཞིན་དུ་མངོན་སུམ་སྔོན་དུ་སོང་བའི་མི་དམིགས་པ་སྟེ། གཉིས་ཀ་དམིགས་པ་ལས་རྒྱུར་མངོན་པར་འདོད་པ་འགའ་ཞིག་མི་དམིགས་ན། དེའི་རྗེ་སུ་འབྲས ་བུར་མེངོན་པར་འདོད་པ་འགའ་ཞིག་ཀྱང་མི་དམིགས་པའོ།། དེ་ལྟ་བུ་ཡང་རྟག་ཏུ་མེད་པ་ལ་འཐད་པ་མ་ཡིན་ཏེ། གཉིས་ཀ་དམིགས་པ་དང་དེང་ཕྱིན་ཆད་མི་དམིགས་ཞེས་པའི་མི་དམིགས་པའི་ཐོག་མ་མཐོང་བ་མེད་པའི ་ཕྱིར་རོ།། དེ་བཞིན་དུ་ཡོད་པ་ཡང་སྔོནྡ་དང་ཕྱི་མའི་དུསུ་མེད་པར་འགལ་བས་རྟག་ཏུ་ཡོད་པ་ཉིད་དུ་འགྱུར་བའི་ཕྱིརོ།། དངོས་པོ་གང་དང་ཡང་རྗེ་སུ་འགྲོ་བའམ་ལྡོག་པར་རྟོགས་པ་མེད་དེ། དཔེར་ན་རཱི་བོ་ལ་སྩོགས་པ་བཞིན་ནོ།། ་གཞན་ཡང་མངོན་སུམ་དང་མི་དམིགས་པའི་སྒོ་ནས་གྲུབ་པ་ཡང་མི་འཐད་དེ། གང་དག་དམིགས་ན་དམིགས་ཞེས་པའི་རྒྱུན་གྱི་ཐོག་མ་མཐོང་བ་མེད་པའི་ཕྱིརརོ།། མངོན་སུམ་སྔོན་དུ་སོང་བའི་མི་དམིགས་པ་ཡང་མི ་ཡད་དོ།། དེ་དག་ལས་གཅིག་མོ་དམིགས་ན་མི་དམིགས་ཞེས་པ་དང་། མི་དམིགས་པའི་ཐོག་མ་མཐོང་བ་མེད་པར་ཕྱིརརོ།། གཞན་ཡང་མེད་པ་ཡོད་པར་འགྱུར་བ་འགལ་བས་མེད་པ་སྐྱེ་ཞེས་པ་ནི་རང་གི་ཚིག་དང་འགྲུལ ་བར་འགྱུར་ཏེ། སྐྱེ་བ་དངོས་པོའི་ཆོས་ཡིན་པའི་ཕྱིརརོ།། དེ་བཞིན་དུ་ཡོད་པ་ནི་གྲུབ་ཟིན་པ་ཡིན་ལ། སྐྱེ་བ་ནི་འགྲུབ་པར་འགྱུར་བ་ད་ལྟར་མ་གྲུབ་པའི་བདག་ཉིད་ཡིན་པས་ཡོད་པ་སྐྱེ་ཞེས་གཞོ་གཅིག་ལ་བསྡུས་པ་ཡང་། རང་གི ་ཚིག་དང་འགལོ་བར་འགྱུར་ཏེ། དེ་ལྟར་ན་ཕྱོགས་གཉིས་ཀ་ལྟར་ན་ཡང་དམ་བཅས་པ་ལས་ཉམས་པོ་དང་། གཞན་ཡང་ཇི་ལྟར་རྒྱུའི་དུས་ན་མྱུ་གུ་མེད་པ་དང་། དུ་བ་མེད་པ་དང་། རི་བོང་གི་རྭ་མེད་ཅེས་པ་ལ་སོགས་པའི་མེད་པ་རྣམས ་ལ་ཁྱད་པར་དུ་གྱུར་པའི་ཆོས་འགའ་ཞིག་ཁས་ལེན་ན་ནི་དངོས་པོ་ཉིད་དུ་འགྱུར་ཏེ། ཁྱད་པར་དངོས་པོའི་ཆོས་ཁོ་ན་ཡིན་པའི་ཕྱིར་རོ།། ཁྱད་པར་མེད་ན་ཡང་སྔར་གྱི་དུས་ན་དུ་བ་མེད་དང་ཤིང་གི་ཚོགས་པ་ལས་སྐྱེ་བ་བཞིན་དུ། ་མྱུ་གུ་མེད་པ་ཡང་དེ་ལས་སྐྱེ་བ་ཉིད་དུ་འགྱུར་ཏེ། སྐྱེ་བར་འདོད་པའི་མེད་པ་དང་ཁྱད་པར་མེད་པའི་ཕྱིར།། དེ་བཞིན་དུ་མྱུ་གུ་མེད་པ་སོ་དང་ས་བོན་གྱི་ཚོགས་པ་ལས་སྐྱེ་བ་བཞིན་དུ་དུ་བ་མེད་པ་ཡང་དེ་ལས་སྐྱེ་བར་འགྱུར་ཏེ། སྐྱེ་བ ་འདོད་པའི་མེད་པ་དང་ཁྱད་པོར་མེད་པའི་ཕྱིར་རོ།། གཞན་ཡང་རི་བོང་གི་རྭ་མེད་པ་ལ་སོགས་པ་ཡོང་རྒྱུ་དེ་དག་ལས་སྐྱེ་བོར་འགྱུར་ཏེ། སྔར་བསྟན་པ་ལྟར་རྒྱུ་མཚན་མོཚུངས་པ་ཉིད་ཀྱི་ཕྱིརརོ།། གལ་ཏེ་རི་བོང་གཽ་རྭ་མེད་པ་ནི་ས་བོན་ལ ་སོགས་པའི་བྱེད་པའི་རྗེས་ཐོགསུ་བྱུང་བའི་མྱུ་གུ་ལ་སོགས་པར་འགྱུར་བ་འགལ་བས། དེ་དག་ལས་སྐྱེ་བ་མ་ཡིནོ་ཞེ་ན། མ་ཡིན་ཏེ། སྔར་བསྟན་པ་ལྷུར་མྱུ་གུ་ལ་སོགས་པ་མེད་པ་ཡང་ཕྱིས་ཀྱི་ཡོད ་པར་འགྱུར་པ་འགལ་བས་དེ་དག་ལས་སྐྱེ་བར་མི་འཐད་དོ།། དེའི་ཕྱིར་མྱུ་གུ་མེད་པ་ནི་ས་བོན་ལ་སོགས་པའི་ཚོགས་པ་ཁོ་ན་ལས་སྐྱེའི། མེ་ལ་སོགས་པའི་ཚོགས་པ་ལས་མི་སྐྱེའོ་ཞེས་པའི་ངེས་པ་དང་། རི་བོང་གི་རྭ་མེད་པ་ཡང ་དེ་དག་ལས་མི་སྐྱེ་ཞེས་པ་དང་། ཡང་རྒྱུ་རྣམས་ཀྱི་དབང་དུ་བྱས་སྟོ་ས་བོན་ལ་སོགས་པས་མེད་པའི་མྱུ་གུ་སྐྱེད་པར་ནུས་ཀྱི། དུ་བ་ལ་སོགས་པ་སྐྱེད་པར་མི་ནུས་ལ། མེ་དང་ཤིང་གི་ཚོགས་ལས་ཀྱང་མེད་པའི་དུ་བསྐྱེད་པར་ནུས་ཀྱི ་མྱུ་གུ་ལ་སོགས་པ་སྐྱེད་པར་མི་ནུས་ཞེས་པའི་ངེས་པ་ལས་ཀྱང་འགལ་བར་འགྱུརོ།། གཞན་ཡང་མེད་པར་ཁྱད་པར་མེད་པའི་ཕྱིར་རུ་སྦལ་གྱི་རྒྱབ་ལས་སྤུ་དང་། བྱེ་མ་ལས་ཀྱང་འབྲུ་མར་འབྱུང་བར་འགྱུར་རོ།། གལ་ཏེ་མེད་པ་ཉིད་དུ ་ཁྱད་པར་མེད་ཀྱང་བྱེ་མ་དང་། རུ་སྦལ་གྱི་རྒྱུ་བ་ལས་སྤུ་དང་འབྲུ་མར་སྐྱེད་པའི་ནུས་པ་མེད་པས་འབྱུང་བར་མི་འཐད་ལ། མོ་ལ་སོགས་པ་ལ་ནི་མེད་པའི་དུ་བོ་ལ་སོགས་པ་སྐྱེད་པའི་ནུས་པ་ཡོད་པས་མི་མཚུངསོ་ཞེ་ན། མ་ཡིན ་ཏེ། སྔར་བསྟན་པ་ལྟོར་མེད་པ་ཡོད་པར་འགྱུར་བ་ནི་འགལ་བས་དེ་འདྲི་བའི་དོན་མི་སྲིད་ལ། གལ་ཏེ་མཾ་སྲིད་པའི་དོན་ལ་ནུས་ན་རུ་སྦལ་གྱི་སྤུ་ལ་སོགས་པ་ལ་ཡང་ཅིའི་ཕྱིར་ན་མི་ནུས་ཏེ་ནུས་པ་ཉིད་དུ་འགྱུར་སྙམ་དུ་དགོངས ་བྱའོ།། གཞན་སང་དོན་དམ་པར་གང་གི་རྗེས་ཐོག་སུ་འགའ་ཞིག་ཁོ་ན་འབྱུང་བར་ངེས་པའི་གཞན་གྱི་དབང་ཉིད་མི་འཐད་པས་ཁྱད་པར་དུ་ཕྱི་རོལ་པ་ལ་སོགས་པས་བྱེད་པ་ལྟ་རི་ལྟ་བུ་དང་། དེ་ལ་ཡོད་པའི་བྱ་བ་གྱེན་དུ ་ལྡིང་བ་དང་ཐུར་དུ་འབབ་པ་སྟེ་བྱེད་པ་ལས་དོན་གཞན་དུ་གྱུར་པ་དང་། དེ་ཉིད་བྱེད་པ་པོའི་གཞན་གྱི་དབང་དུ་གྱུར་པ་དང་། ལསུ་བྱ་བོ་ཤིང་དུམ་བུར་བྱེད་པ་སྟེ། ཆོས་ཀྱི་བྱེ་བྲག་དུ་མར་བཏགས་པ་ཐམས་ཅད་ཀྱང་དོན་མེད་པར ་འགྱུར་ཏེ། གཞི་མ་གྲུབ་པའི་ཁྱད་པར་མི་འཐད་པའི་ཕྱིར།། དེ་ཉིད་ཀྱི་ཕྱིར་སྔོན་གྱི་སློབ་དཔོན་དག་གི་ཕྱི་རོལ་པས་བརྟགས་པའི་བྱེད་པ་དང་བྱེད་པ་པོ་ལ་སོགས་པ་ནི་མི་འཐད་ཅིང་། གང་གི་ཚེ་ན་རྒྱུའི་སྐད་ཅིག་ཡོད་པ་དེའི ་ཚེ་འབྲས་བུའི་སྐད་ཅིག་མ་མདོ་དེ། དེས་ན་དངོས་པོ་དང་དངོས་པོ་མེད་པ་འབྲེལ་པ་མེད་མོད་ཀྱི། འོན་ཀྱང་སྔ་མའི་འོག་ཏུ་འདི་ཡོད་ན་འདི་འབྱུང་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བ་སོ་སོར་ངེས་པ་ཉིད་ནི་ཡོད་དེ། དེའི་ཕྱིར་ལུས ་དང་འབྲས་བུའི་འབྲེལ་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་བསྡུས་པ་ལ་ནི་སྐུར་པ་ཉིད་དུ་མི་འགྱུར་རོ་ཞེས་གཞན་གྱི་དབང་དོན་དམ་པའི་དངོས་པོར་འདོད་པ་ནི། བཅོམ་ལྡན་འདས་ཀྱིས་བསྟན་པའི་རིག ་པའི་རྣམ་གྲངས་འབི་དག་ལ་སོགས་པས་རྒྱང་རིང་དུ་སྤོང་བར་འགྱུར་ཏེ། མདོའི་དོན་དང་མི་མཐུན་པ་ཉིད་དུ་གསོལོ།། གཞན་ཡང་སྔར་བསྟན་པའི་རྒྱུ་མཚན་དེ་ཉིད་ཀྱིས་གཞན་དག་སྔར་ནི་མེད་ལ་ཕྱིས་ཡོད་པ་སྟེ། ་ཡོད་མེད་གཉི་གའི་བདག་ཉིད་དུ་གྱུར་པའམ། གཉིས་ཀ་མ་ཡིན་པའི་འབྲས་བུ་འགའ་ཞིག་སྐྱེ་བར་འདོད་པ་ཡང་གསལ་བ་སྟེ། དེ་ལྟར་འབྲས་བུ་སྐྱེ་བའི་ཕྱོགས་རྣམ་པ་བཞི་དང་བྲལ་བའི་ཕྱི ་གཞན་གྱི་དབང་གི་ངོ་བོ་ཉིད་དོན་དམ་པར་ཡོད་པ་མི་འཐད་ཅེས་པའོ།། མ་སྐྱེས་པའི་དངོས་པོར་ཡོད་པ་ནི་ཤིན་ཏུ་དགག་པར་བླ་བ་ཉིད་དོ།། གཏན་ཚིགས་འདིའི་ཆོས་ཅན་དག་གོ་བྱ་ལ་སོགས་པ་ནི་སྔར་བསྟན་པའི་རྗེས ་འབྲངས་ཏེ་རྟོགས་པར་བྱའོ།། འདིར་ཚིག་གི་དོན་ནི་སྔར་མ་བྱུང་བའི་འབྲས་བུ་རྒྱུ་ལས་བྱུང་བ་དང་། བུམ་པ་དང་ཞོ་ལ་སོགས་པའི་འབྲས་བུ་སྔར་ནས་ཡོད་པ་འོ་མ་ལ་སོགས་པའོ་རྒྱུ་ལས་མངོན་པ་དང་ཞེས་པ་སྟེ། རྒྱུའི ་བྱེད་པ་ལས་མངོན་པར་གསལ་བ་སྟེ། གྲངས་ཅན་པ་ཁ་ཅིག་འདོད་དོ།། རྒྱུ་དང་འབྲས་བུ་དེ་དག་ཀྱང་པན་ཚུན་རྗེསུ་འགྲོ་བའི་ཚུལ་གྱིས་ཡུན་དུ་གནས་པ་སྟེ། རྟག་པར་གནས་ཞེས་པའོ།། ཡང་རང་གི་སྡེ་པ་ཉན་ཐོས ་གོགནས་མ་བུ་བ་འགའ་ཞིག་ལས་དང་ཉོན་མོངས་པ་ལ་སོགས་པའི་སྐྱེ་མཆེད་རྣམས་ཐོག་མར་སྐྱེ་བ་དང་། དེ་ཉིད་འཇིག་པའི་རྒྱུ་དང་མ་ཕྱེད་ཀྱི་བར་ལ་གནས་པ་དང་། འཇིག་པའི་རྒྱུ་དང་ཕྲད་ནས་འཇིག་པར་འདོད་དོ།། ། ་གཞན་ཡང་འགའ་ཞིག་གི་ལུགས་ཀྱིས་མ་བྱུང་བའི་སྐྱེ་བ་དང་། སྐྱོ་བ་རང་གི་དུས་ལས་གཞན་དུ་མི་གནས་པར་འདོད་དེ། འདིར་ཕུང་པོའོ་ཞེས་པའི་དོན་ནི་སྤུངས་པའི་དོན་ཏེ། རྡུལ་ཕྲ་རབ་བམ་སྐད་ཅིག་མ་དུ་མ་འདུས་པ ་ཁམས་ཞེས་པ་ནི་རིགས་ཀྱི་དོན་ནམ་བྱེད་པ་མེད་པ་ལ་རང་གི་མཚན་ཉིད་འཛིན་པའི་དོན་གྱིས་ཏེ། ཕལ་ཆེར་ཕུང་པོ་ཉིད་ཀྱིས་བསྡུས་པར་རིགས་པར་བྱའོ།། སྐྱེ་མཆེད་ནི་རྣམ་པར་ཤེས་པ་སྐྱེ་བའི་སྒོ་བྱེད་པའི་དོན་གྱིས་ཏེ། ཕྱི་དང ་ནང་གིས་བསྡུས་པའོ།། དེ་ལ་གཟུགས་ཅན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་ཀུན་རྫོབ་ཙམ་དུ་ཡང་སེམས་ལས་ཐ་དད་པའི་ངོ་བོར་གྲུབ་པ་མེད་དེ། སེམས་ཀྱི་སྣང་བ་ཉིད་ལ་རྣམ་པར་གོཞགོ།། འདི་དག་གི་རྣམ་པར་དབྱེ་བ ་ལ་སོགས་པ་ཅུང་ཟད་ནི་འོག་ནས་སྟོན་པར་འགྱུར་ལ། གྲངས་དང་གོ་ཌོ་མི་ལ་སོགས་པའི་སྤྲོས་པ་ཞིབ་ཏུ་ནི་ཆོས་མངོན་པའི་མདོ་དང་བསྟེན་བཅོས་དག་ལས་ཤེས་པར་བྱ་སྟེ། འདིར་ནི་དོན་གཙོ་བོར་གཏན་ལ་འབེབསོ་པས ་མི་སྤྲོའོ།། བློ་གྲིས་ཆེན་པོ་དེ་ལྟར་འབྲས་བུ་ཡོད་པ་དང་མེད་པའི་བདག་ཉིད་དུ་བདེན་པ་འགའ་ཞིག་དོན་དམ་པར་རྒྱུ་དང་རྐྱེན་ལས་སྐྱེ་བར་འདོད་པ་དེ་དག་གི་རྒྱུན་དང་བྱ་བ་དང་སྐྱེ་བ་སྟེ། རང་གི་རྒྱུད་དུ་གཏོགས་པའི་རྒྱུ་དང ་འབྲས་བུའི་སྐད་ཅིང་དུ་མྱུར་འབྲེལ་པ་དང་། སྔར་བསྟན་པ་ལྟར་ཕྱི་རོལ་པ་ལ་སོགས་པས་བསྟན་པའི་བྱ་བ་དང་། རྒྱུ་འདི་ལས་སྐྱོ་ཞེས་པའི་རྒྱུའི་ཆོསུ་གྱུར་པ་དང་། འབྲས་བུ་འདི་སྐྱེ་ཞེས་པ་འབྲས་བུའི་རང་བཞིན་དུ་གྱུར ་པའི་ཆོས་དང་། སྲིད་པ་སྟེ་ཀུན་ནས་ཉོན་མོངས་པ་རྒྱུ་འབྲས་དང་། མྱ་ངན་ལས་འདས་པ་དང་ལམ་ཞེས་པ་གོ་རིམ་བཞིན་རྣམ་པར་བྱང་བའི་འབྲས་བུ་དང་རྒྱུར་གྱུར་པའོ།། ལས་དང་འབྲས་བུ་ནི་ཟག་པ་དང་བཅས་པ་དང་།། ་ཟག་པ་མེད་པ་སྟེ། ཇི་ལྟར་རིགས་པ་བཞིན་དུ་ལྡན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་བསྡུས་པའོ།། དེ་དྲུག་ཐམས་ཅད་ཀྱང་བདེན་པ་བ་ན་ཡིས་བསྡུས་པ་སྟེ། དུ་རྣམས་འཇིག་པ་དང་། ཆུད་པར ་བ་སྟེ། སྐུར་པ་འདེབས་པའི་བདག་མཐའ་ཉིད་དུ་འགྱུར་ཞེས་པའོ།། གལ་ཏེ་ཀུན་རྫོབ་ཙམ་དུ་འབྲས་བུ་སྔར་མེད་པ་སྐྱེ་བར་ནི་ཐེག་པ་ཆེན་པོ་པ་ཁྱེད་ཅག་གིས་ཀྱང་འདོད་པ་མ་ཡིན་ན་མི། དེས་ནི་ཁོ་བོ་ཅག་ལ་ཆད་པར་ལྟ་བའི་ཉེས་པར ་འགྱུར་བ་ཅིའི་ཕྱིར་ཞེ་ན། མངོན་སུམ་དང་ཞེས་པ་ལ་སོགས་པ་སྟེ། དོན་ནི་སྔར་བསྟན་ཟིན་ཏོ།། འདིར་དེ་དག་དང་མཚུངས་པར་མི་འགྱུར་བ་ནི་སྔ་མོ་ལྟར་ཡོད་པ་དང་མེད་པའི་བདག་ཉིད་དུ་བདེན་པའི་འབྲས་བུ་དོན་དམ་པར་སྐྱེ་བར་འདོད། ་པ་ནི། ཚད་མས་གནོད་པར་འགྱུར་ལ། དེ་ལས་གཞན་ཀུན་རྫོབ་པའི་སྐྱེ་བ་ནི་ཁས་མི་ལེན་པས་བསྐུར་པ་འདེབས་པའི་ལྟ་བར་འགྱུར་ལ། ཁོ་བོ་ཅག་ནི་ཇི་ལྟར་སྣང་བཞིན་པའི་སྐྱེ་བ་ཤེས་པའི་བདག་ཉིད་དུ་གྱུར་པ་ཀུན་རྫོབ ་པ་ཉིད་དུ་ཁས་ལེན་ཏེ། དེ་ལ་ནི་སྔར་མེད་པར་སྣང་བ་ལས་གང་གི་འཇུག་ཐོགསུ་གང་ཞིག་ངེས་པར་སྣང་བ་ཉིད་དུ་དམིགས་ཏེ། སྔར་བསྟན་པ་ལྟ་བུའི་སྤྱད་པ་ལསྤྱི་གྲོལ་བས་རྐྱེན་མེད་ཅེས་དགོངས་པའོ།། དེ་ལྟར་གཞུང་གི་ཆ ་དེ་རྣམས་ཀྱིས་ནི་ཕ་རོལ་པོའི་ཕྱོགས་སྐུར་པ་འདེབས་པཱི་མཐའ་ཉིད་དུ་བསྟན་ནས། དེ་ཉིད་ཀྱི་ཕྱིར་རང་གི་ལུགས་ཀྱིས་དོན་དམ་པའི་སྐྱེ་བ་མེད་ཅེས་བསྟན་པ་ནི། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཞེས་པ་ལ་སོགས་པའོ།། འགགས་པ ་དང་ཞེས་པ་ལ་སོགས་པ་གསུམ་ནི་གནས་མ་བུའི་སྡེ་པ་ལྟར་བྱུང་བའི་རྒྱུན་འགུགས་པ་དང་། འགག་པ་དེ་དག་གི་ལུགས་ཀྱིས་འཇིག་པའི་རྒྱུ་དང་མ་ཕྲད་ན་གནས་པར་འདོད་པ་ནི་སྐད་ཅིག་གི་དབང་དུ་བྱས་ནས་འགག་པ་ཉིད་ཡིན ་པས་འགག་པ་ཞེས་བྱའོ།། དགག་པར་འགྱུར་བ་ནི་རྒྱུན་འགག་པར་འགྱུར་བའོ།། སྐད་ཅིག་གི་དབང་དུ་བྱས་ནས་འགུགས་པ་དང་། འགག་པར་འགྱུར་བ་ལས་གཞན་འགག་པའི་བྱ་བ་དང་ལྡན་པ་དེ་ལྟར་བ་ནི་གྲུབ་པ་མེད་དོ།། ། ་བདག་གི་སེམས་སྟོང་པ་སྟེ་དེ་ལྟར་སྣང་བ་རང་གི་སེམས་ཉིད་ཡིན་ལ། སེམས་དེ་ཡང་སྣང་བ་ལས་ཐེ་དོད་ཀྱིས་དངོས་པོར་རྟོག་པ་སྟེ། དེ་འདྲ་བའི་རྟོག་པ་ཉིད་མཐོང་ཞིང་མྱོང་བའི་རྒྱུ་ལས་ཕུང་པོ་ལ་སོགས་པ་འགགས་པ ་ལ་སོགས་པར་སྣང་བ་བྱུང་བ་སྟེ། འཕྲལ་དུ་རྟོག་པ་ཉིད་ཀྱིས་སྒྲོ་བཏགས་པའམ། ཡང་སྔར་བརྟགས་པའི་ས་བོན་སད་པ་ལས་དེ་འདྲ་བའི་སྣང་བ་བྱུང་བ་སྟེ། མི་བདེན་པའི་དོན་བློ་ཡིས་བཞག་པའོ།། དེའི་ཕྱིར་ས་བོན་ཚིག་པ ་ལ་སོགས་པ་བཞིན་དུ་འབྲས་བུ་སྐྱེད་པའི་ནུས་པས་སྟོང་པས་དེ་དག་ནི་རྒྱུན་མི་འཆད་པར་འབྱུང་བ་མེད་ཅེས་པའོ།། དེ་ལྟར་བློ་ཡིས་བརྟགས་པ་ཉིད་ཡིན་ཞིང་། ནུས་པས་སྟོང་པ་ཉིད་ནི་སྔར་བསྟན་པའི་གཏན་ཚིགས ་རྣམས་ཀྱིསོ།། བློ་གྲོས་ཆེན་པོ་ཞེས་པོ་ལ་སོགས་པས་ནི་ཡོད་པ་དང་མེད་པའི་ཕྱོགས་སྐྱེ་བ་དགག་པའི་འཐད་པའི་རྣམ་གྲངས་གཞན་སྟོན་ཏེ། དོན་ནི་སྔར་བཤད་ཟིན་ཏོ།། ཡོད་པ་ལས་ཞེས་པ་ནི་གྲངས་ཅན་གྱི་ལུགས་ཏེ ་འབྲས་བུ་སྔ་ནས་ཡོད་པའི་རང་བཞིན་ལས་སྐྱེ་བའོ།། གསུམ་ཕྲད་པ་ནི་དབང་པོ་དང་དོན་དང་རྣམ་པར་ཤེས་པ་སྔ་མའོ།། གཞན་ནི་ཤེས་པར་ཟད་དོ།། གལ་ཏེ་དེ་འདྲ་བའི་ཕྱིན་ཅི་ལོག་ནི་དེ་དག ་དགའི་རྣམ་པར་རྟོག་པས་བརྟགས་པ་ཡིན་ནམ། སྔ་རབས་གཞན་གྱི་ཚིག་ལ་བརྟེན་པ་ཡིན་ཞེ་ན། དྲང་སྲོང་སེར་སྐྱ་ལ་སོགས་པ་གཞན་གྱི་ཚིག་ལ་བརྟན་པ་ཡིནོ་ཞེས་ལོག་པར་རྟོགས་པ་བརྒྱུད་པ་ཉིད་དུ་སྟོན་པ་ནི། ་གྲོས་ཆེན་པོ་དེ་དག་ལའང་ཞེས་པ་ལ་སོགས་པ་སྟེ། རང་གི་མཚན་ཉིད་ནི་རང་གི་ངོ་བོ་སྟེ། དེ་ལྟ་བུར་སྟོན་པའི་བླ་མ་འགའ་ཞིག་ཡོད་ཅེས་པའོ།། དེ་དག་གིས་ཚུལ་ཇི་ལྟར་སྟོན་ཅེ་ན། འདས་པ་དང་ཞེས་པ་ལ་སོགས་པ་སྟེ། སྔར ་བསྟན་པ་ལྟར་དྲིས་དབེན་དེའི་རྣམ་པ་ཅན་གྱི་མངོན་སུམ་ལ་སོགས་པའི་རིགས་པའི་ཡུལ་རྒྱུ་དང་འབྲས་བུ་མ་འོངས་ནས་མེད་པའི་མཚན་ཉིད་དང་། དེའི་རྗེསུ་རྒྱུ་དམིགས་ཤིང་དེའི་རྗེ་སུ་འབྲས་བུ་ཡང་མཐོང་བ་སྟེ། ད་ལྟར་བྱུང ་བའི་དངོས་པོ་ཡོད་པ་དང་། དེ་དག་ལས་རྒྱུར་མངོན་པར་འདོད་པ་ཞིག་མ་དམིགས་ན་འབྲས་བུ་ཡང་མི་དམིགས་ཞེས་པའི་དོན་འདས་ནས་མེད་པའི་མཚན་ཉིད་རྗེསུ་འགྲོ་བ་དང་ལྡོག་པོའི་མཚན་ཉིད་ཅན་གྱི་རྒྱུ་འབྲས་ཡོད ་བར་དེ་འདྲ་བའི་རིགས་པ་དང་། ཡིད་ཆེས་པའི་གཞུང་གིས་བརྟག་ཅིང་གཞལ་བར་བྱ་བའི་ས་ལ་གནས་ཤིང་ཞེས་པ་སྟེ། དེ་ལྟ་བུའི་ཡུལ་ལ་བརྟེན་ཅིང་རང་གི་ལྟེ་བའི་ཉེས་པའི་བག་ཆགས་ཀྱིས་སྟོན་པ་སྟེ། ཇི་ལྟར་སྣང ་ཙམ་གྱི་དོན་ལ་བདེན་པའི་དངོས་པོར་ཕྱིན་ཅི་ལོག་ཏུ་ལྟ་བའི་ཉེས་པའི་བག་ཆགས་ལ་བརྟེན་ནས་སྔ་མ་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་དོན་དམ་པར་ཡོད་ཅེས་སྟོན་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་ལྟར ་ཕྱིན་ཅི་ལོག་གིས་བསྟན་པ་ལ་བྱིས་པོའི་སྐྱེ་བོ་རྣམས་སེར་སྐྱ་ལ་སོགས་པའི་ཐམས་ཅད་མཁྱེན་པས་བསྟན་ཏེ་ཞེས་ཡིད་ཆེས་པར་འགྱུར་བ་ཉིད་དུ་སྟོན་ཏོ།། མི་མཉམ་པའི་བློ་ཅན་ཞེས་པ་ནི་དངོས་པོའི་མཚན་མ་སྣ་ཚོགསུ ་འཛིན་པའོ།། མི་ཤེས་པ་ནི་སྟོན་པོ་སྔ་མ་རྣམས་ལ་སྦྱར་བར་བྱའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཕྱིན་ཅི་ལོག་ལས་བཟློག་པའི་ཕན་ཡོན་སྟོན་ཏོ།། དེ་ལྟར་སྐྱེ་བ་ལ་སོགས་པའི་དངོས་པོའི་རང་བཞིན་མེད་པ་སྒྱུ་མའི་དཔེ ་བརྒྱད་དུ་སྣང་བ་དང་འདྲ་བར་ཟུང་དུ་འཇུག་པའི་དོན་ཉིད་དུ་རྟོགས་ཞེས་པ་སྟེ། ཚིག་གི་དོན་ནི་ཕལ་ཤེས་པོར་ཟད།། སྤྲིན་དང་ཞེས་པ་ནི་སྙིང་པོ་མེད་པའི་དཔེའོ།། མོ་སྐྱེས་པ་ནི་གཟུགས་བརྙན་ནམ་མིག་ཡོར་ཏེ་གཟུགས་ཀྱི ་དངོས་པོར་མ་སྐྱེས་པའོ།། ཕྱི་རོལ་གྱི་སེམས་ཀྱི་སྣང་བ་ཡང་དཔེ་དེ་རྣམས་དང་འདྲ་བར་རྟོགས་པསྡུ་བརྟགས་པའམ་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་བརྟགས་པོ་ལས་བྱུང་བའོ་སྣང་བ་ཙམ་དུ་མཐོང་ཞེས་པའོ།། རྐྱེན ་ཕྱིར་ལྡོག་པ་མདོ་ཅེས་པ་ནི་ཕྱིན་ཅི་ལོག་གནས་མི་གྱུར་གྱི་བར་ལ་རྒྱུན་ཆགསུ་འབྱུང་བའོ།། མཚན་ཉིད་དང་མཚན་གཞི་ནི་འཚོན་པར་བྱེད་པའི་མཚན་ཉིད་དང་། དེ་དང་ལྡན་པའི་དངོས་པོའོ།། ལུས་ནི་དབང་པོ་དང་བཅས་པ ་སེམས་ཅན་གྱི་ལུསོ།། ལོངས་སྤྱོད་ནི་འདོད་པའི་ཡོན་ཏན་ལྔའོ།། གནས་ནི་སྣོད་ཀྱི་འཇིག་རྟེ་ནོ།། ཡུལ་ནི་དེ་དག་ལ་སོགས་པ་ཡུལ་གྱི་ངོ་བོ་ཉིད།། དེ་ཉིད་གཟུང་བའི་ཆོས་ཀྱི་མཚན་ཉིད་དང་། བློ་ནི ་འཛིན་པའི་མཚན་ཉིད་དུ་བཏགས་པ་དང་བྲལ་བ་སྟེ། གཉིས་ཀྱི་རྣམ་པ་སྣང་བ་མེད་པས་སོ་སོ་རང་རིགས་པའི་སྤྱོད་ཡུལ་དོན་དམ་པར་འདུས་བྱས་ཀྱི་མཚན་ཉིད་སྤངས་པ་སྒྱུ་མ་ལྟ་བུའི་གཞན་གྱི་དབང་རྣམ་པར་རིག་པ ་ཙམ་གྱི་དབུ་མའི་དོན་སྒོམ་པར་འགྱུར་ཏེ། དེ་ལྟར་བསྒོམ་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་རིང་པོ་མི་ཐོགསོ་པར་ཚོགས་དང་མོས་པས་སྤྱོད་པའི་ས་ལས་འདས་ནས། འཁོར་བ་དང་མ་ངན་ལས་འདས་པ་མཉམ་པ་ཉིད་དུ ་རྟོགས་པ་ཐོབ་པ་སྟེ། ཇི་སྐད་དུ། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་དང་སེམས་ཅན་རྣམས་དང་ནི། དེ་ཡི་བྱ་བ་སངས་རྒྱས་ཉིད།། མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར།། དེ་ཡི་རབ་དགའ་ཁྱད་པར་འཕགས།། ་ཞེས་གསུངས་པ་ལྟ་བུའོ།། ཡང་ཁྱད་པར་དུ་ནི་ས་བརྒྱད་པ་ལོ་བཤད་དེ། ཇི་སྐད་དུ། ཞིང་ནི་རྣམ་པར་སྤྱོད་པ་དང་།། མི་གནས་མྱ་ངན་འདས་པ་ཞེས།། འཁོར་བ་དང་མྱ་ངན་ལས་འདས་པོ་རོ་གཅིག་པ་ཉིད་དུ་རྟོགས་པར ་གསུང་སོ།། ལྷུན་གྱིས་གྲུབ་པའི་སྦྱོར་བ་ཡང་སེམས་ཅན་སྨིན་པ་དང་། རང་གི་སངས་རྒྱས་ཀྱི་ཆོས་སྦོམ་པོའི་སྦྱོར་བ་སྟེ། ས་བརྒྱད་པ་ཡན་ཆད་དོ།། ཕྱི་རོལ་དུ་ལྟ་བས་མཚན་མ་མེད་ཅེས་པ་ནི་དེ་ལྟ་བུའི་ཚུལ་གྱིས་མཚན་མར ་འཛིན་པ་མེད་པའོ།། རིམ་གྱིས་སའི་རིམ་པ་ཞེས་པ་ནི་ས་དང་པོ་ལ་སོགས་པ་བགྲོད་པའི་རིམ་གྱིས་ཞེས་པ་སྟེ། ཤེས་པར་ཟདདོ།། འདིར་གཟུང་བ་དང་འཛིན་པའི་མཚན་ཉིད་དང་མི་ལྡན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་འོག་ནས ་བསྟན་པར་བྱའོ།། སྒྱུ་མ་ལྟ་བུའི་ཏིང་འཛིན་ཀྱང་ཁྱད་པར་དུ་ས་བརྒྱད་པ་ལའོ།། བདག་གི་སེམས་སྣང་བ་ཞེས་པ་ལ་སོགས་པས་ནི་དེ་ནས་རིམ་གྱིས་སངས་རྒྱས་ཀྱི་སའི་བར་དུ་ཐོབ་པའོ།། སྐྱེ་བ་དང་བྱ་བ་ནི་ཡིད་ཀྱི་རང་བཞིན ་གྱིས་ལུས་ལོན་པའམ། སེམས་ཅན་གྱི་དོན་དུ་བསམས་བཞིན་དུ་སྲིད་པར་སྐྱེ་བ་དང་། དེར་ཡང་སེམས་ཅན་སྨིན་པའི་བྱ་བ་བྱེད་པའོ།། ཏིང་འཛིན་རྡོ་རྗེ་ལྟ་བུའོ་གཟུགས་ནི་ཁྱད་པར་དུ་ས་བཅུ་པའི་གནས་སྐབས་ཏེ། རྣམ་པར ་རྟོག་པ་ལ་སོགས་པས་ནི་མི་ཤིགས་ཤིང་། དེ་རྣམས་ཉིད་འཇོམས་པར་བྱེད་པས་རྡོ་རྗེ་དང་ཆོས་མཐུན་པའོ།། དེ་ཉིད་ཆོས་ཀྱི་སྐུའི་རྗེསུ་འཇུག་པ་དེ་བཞིན་ཉིད་རྟོགས་ཤིང་། དེའི་རང་བཞིན་དུ་གྱུར་པའི་སྤྲུལ་པ་དཔག ་ཏུ་མེད་པ་འགྱེད་པ་སྟོབས་བཅུ་དང་། མངོན་པར་ཤེས་པ་དྲུག་དང་། དབང་བཅུ་དང་། སྙིང་བརྩེ་བ་སྟེ་སྦྱོར་བ་མེད་པའི་སྙིང་རྗེ་དང་། སྙིང་རྫི་བ་སྟེ་སྦྱོར་བ་དང་བཅས་པའོ།། དེ་ལ་སྟོབས་ལ་སོགས་པ་ནི་འཕགས་པ་རྣམ་པར་འཕྲུལ ་པའི་རྒྱལ་པོས་ཞུས་པ་ལས་ཇི་སྐད་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའི་སྟོབས་བཅུ་དང་། བྱང་ཆུབ་སེམས་དཔའི་མི་འཇིགས་པ་བཞི་དང་། བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས ་པ་བཅོ་བརྒྱད་ཀྱང་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་འདུལ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་འང་ཡོངསུ་སྤྱད་བ་བྱས་ཤིང་། ཕྱིར་མི་ལྡོག་པའི་བཟོད་པ ་ཐོབ་པ། ས་བརྒྱད་པ་ལ་གནས་ཤིང་ས་དགུ་ལ་འཕྱར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངསུ་ཟིན་པ་དེ་དག་ལ་ཡོད་དྲི་ཞེས་བྱང་ཆུབ་སེམས་དཔའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཤིན ་ཏུ་རྒྱས་པར་བསྟན་ཏོ།། གཞན་ཡང་འཕགས་པ་ཆོས་ཡང་དག་པར་བསྡུད་པ་ལས་ཀྱང་། ས་བརྒྱད་པ་ཡན་ཆོད་ཀྱི་བྱང་ཆུབ་སེམས་དཔའ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་གྱི་རིགས ་དང་ལྡན་པར་གསུངས་ཏེ། འོན་ཀྱང་དེ་དག་རྫོགས་པ་དང་མ་རྫོགས་པ་དང་། རྣམ་པར་དག་པ་དང་མ་དག་པའི་ཁྱད་པོར་ནི་ཡོད་དེ་ཞེས་པའོ།། སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་མུ་སྟེགས་ཅན་གྱི་གནས་ཉེ་བར་འགྲོ་ཞེས ་པ་ནི་ནུས་པ་དང་ཤེས་རབ་ལ་སོགས་པས་དེ་རྣམས་རྗེསུ་གཟུང་བའི་དོན་དུ་ཉེ་བར་འགྲོ་བ་སྟེ། སྔོན་གྱི་ལས་དང་སྨོན་ལམ་ལ་སོགས་པའི་སྟོབས་ཀྱིས་ཀྱང་ཁྱད་པར་དུ་དེ་རྣམས་འདུལ་བར་འགྱུར་བའོ།། རིམ་གྱིས་གནས ་འཕོ་ཞེས་པ་ནི། རྣམ་པར་ཤེས་པ་རྣམས་སྔར་བཤད་པ་ལྟར་རིམ་གྱིས་གནས་པར་འགྱུར་བའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་དོན་བསྒོམ་པ་ཉིད་དུ་གདམས་པའོ།། དེ་བཞིན ་གཤེགས་པའི་སྐུའི་རྗེ་སུ་འབྲང་བ་རབ་ཏུ་ཐོབ་ཅེས་པ་ནི་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའོ།། སེམས་དང་རྒྱུ་ཞེས་པ་ལ་སེམས་ཉིད་རྒྱུ་ཞེས་གཅིག་ཏུ་བསྡུས་ཏེ། སྔར་བཤད་པ་ལྟར ་ཀུན་གཞི་རྣམ་པར་ཤེས་པའོ།། རྗེསུ་འབྲང་བར་བྱ་བ་ནི་བསྒོམ་པར་བྱའོ་ཞེས་པའོ།། གཞན་ཡང་སྲིད་པ་གསུམ་དུ་སྣང་བ་ནི་བག་ཆགས་ཀྱིས་བྱུང་བའོ།། གཟུགས་སྣ་ཚོགས་ཀྱིས་ནོར་བུ་དང་འདྲ་ཞེས་པ་ནི་ཤེལ་ཡོངསུ ་དག་པས་སྔོན་པོ་ལ་སོགས་པའི་ཉེ་བར་བསྒྱུར་པོའི་རྐྱེན་གྱིས་ཁ་དོག་སྣ་ཚོགསུ་སྣང་བ་དང་འདྲ་བར་དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངསུ་དག་པ་དང་གདུལ་བྱའི་བསམ་པའི་བྱེ་བྲག་གིས་གཟུགས་སྣ་ཚོགས ་སྣང་བའོ།། ཕྲ་བ་ནི་དེ་རྣམས་ཀྱིས་རང་བཞིན་རྟོགས་པཱར་དཀའ་བའོ།། སེམས་ཙམ་དུ་འཇུག་པ་ནི་སྣང་བ་སེམ་སུ་རྟོགས་པའོ།། རབ་ཏུ་འཇོག་པ་ནི་རེང་གིས་རྟོགས་ཤིང་གཞན་ལ་ཡང་སྟོན་པའོ།། འདི་རྣམས་ཀྱང་སྔར་གྱི་དྲི་བཾ ་ཇི་ལྟར་ས་ལ་འཇུག་པར་འགྱུར་ཞེས་པའམ། གང་གིས་སའི་རིམ་པར་ཞེས་པའི་ལན་དུ་ཡང་སྦྱར་བར་བྱའོ།། དེ་ལྟར་ཤེས་བྱའི་དོན་གཏན་ལ་འབེབས་པ་ན། རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་འགག་པའི་ཚུལ་བསྟན་པ ་དང་། ཤེས་བྱ་བདེན་པ་བཞི་རྟོགས་པ་ཕན་ཡོན་དང་བཅས་ཏེ་བསྟན་ནས། ད་ནི་ཡིད་དང་རྣམ་པར་ཤེས་པ་དང་། ཀུན་གཞི་དེ་ཡང་ཇི་ལྟ་བུར།། ཇི་ལྟར་སྣང་ལ་འཇུག་པར་འགྱུར།། ཅིའི་སླད་དུ་སྣང་ལས་ལྡོག་ཅེས་དྲིས་པའི ་ལན་དུ་རྣམ་པར་ཤེས་པ་དེ་རྣམས་ཀྱི་འཇུག་པ་དང་ལྡོག་པའི་ཚུལ་སྟོན་ཏེ། དེ་ལ་རེ་ཞིག་དེ་ནས་ཡང་ཞེས་པ་ལ་སོགས་པས་ཞུ་བའི་ཚིག་བསྟན་པའོ།། རང་བཞིན་གསུམ་ལ་སོགས་པའི ་མཚན་ཉིད་དེ། ཀུན་རྫོབ་བམ་དོན་དམ་པའི་དེ་ཁོ་ན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དེ་ཉིད་རྗེསུ་རྟོགས་པའི་ཚུལ་གྱིས་ཁྱད་པར་དུ་འགྲོ་བའི་བདག་གི་སེམས་སྣང་བའི་སྤྱོད་ཡུལ་དང་། རྣམ་པར་གྲལ་བའི ་གཉིསུ་སྣང་བའི་མཚན་མ་དང་བྲལ་བར་བྱེད་པའོ།། བརྗོད་པ་དང་བརྗོད་པར་བྱ་བའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ། དེ་ལྟར་སྣང་བའི་རྣམ་པོར་རྟོགས་པ་དང་། ཐ་སྙད་པའི་མངོན་སུམ་ལ་སོགོས་པའི་རིགས་པ་དང་། དེའི ་ཡུལ་དུ་གྱུར་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་རྣམ་པར་འཇིག་ཅེས་པ་སྟེ། ཤེས་པ་དང་ཤེས་བྱའི་རྒྱུ་བཀག་པའོ།། དེ་ཡིད་མེད་པར་དགག་པའི་བདག་ཉིད་མ་ཡིན་གྱི། སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཀྱི་སྙིང ་པོ་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་དོན་དམ་པའི་ཆོས་ཀྱི་རྣམ་གྲངསོ་མཁས་པ་དགའ་བ་སྐྱེད་པར་བྱེད་པས་མེ་ཏོག་དང་འདྲ་བའོ།། ལངྒའི་གྲོང་རྡལ་ཞེས་པ་ལ་སོགས་པས་ཡང་བསྣན་ཏེ ་ཞུས་པའོ།། ཀུན་གཞི་རྣམ་པར་ཤེས་པའི་སྤྱོད་ཡུལ་ཞེས་པ་ནི་དེའི་དེ་བཞིན་ཉིད་སངས་རྒྱས་རྣམས་ཀྱིས་རྟོགས་པོར་བྱ་བའོ་ཡུལ་ཡིན་པ་སྟེ། གཞི་མཐུན་པའི་དྲུག་པ་ཉིད་དུ་སྦྱར་བར་བྱའོ།། དེ་ཉིད་བརྒྱ་མཚོ་དང ་འདྲ་བས་རྒྱ་མཚོ་ཞེས་ཉེ་བར་གདགས་ཏེ། ཆོས་ཀྱི་སྐུའི་རིགས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པས་ཆོས་ཀྱི་སྐུ་ཞེས་ཀྱང་བྱའོ།། རླབས་ལྟ་བུ་ནི་འཇུག་པའི་རྣམ་པར་ཤེས་པ་སྟེ། དེ་རྣམས་ཀྱང་སངས་རྒྱས་ཀྱི ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་གནས་གྱུར་གྱི་རྒྱུ་ཡིན་པས་ཆོས་ཀྱི་སྐུ་ཡིན་པས་ཆོས་ཀྱི་སྐུ་ཞེས་ཉེ་བར་གདགས་ཏེ། དེ་རྣམས་ཀྱི་འཇུག་པ་དང་ལྡོག་པའི་ཚུལ་དེ་བཞིན་གཤེགས་པ་སྔ་མ་རྣམས་ཀྱིས་རྗེས་སུ ་གསུངས་པ། ད་ལྟར་དེ་བཞིན་གཤེགས་པ་ཉིད་ཀྱིས་ཁྱད་པར་དུ་བཤད་དུ་གསོལ་ཞེས་པའོ།། དེ་ནས་ཞེས་པ་ལ་སོགས་པས་དང་པོ་སྒོ་ལྔའི་རྣམ་པར་ཤེས་པ་འཇུག་པའི་ཚུལ་སྟོན་ཏེ། དེ་ལྟ་རང་གི་སེམས་སྣང་བ་ལ་འཛིན ་པར་ཁོང་དུ་མ་ཆུད་ཅེས་པའི་དོན་ནི། ཀུན་རྫོབ་ཏུ་མིག་གི་རྣམ་པར་ཤེས་པ་རང་གི་སྣང་བ་ཙམ་ལ་འཛིན་ཅིང་། དོན་དམ་པར་སྟོང་པ་ཉིད་དུ་མ་རྟོགས་པ་སྟེ། ཟག་པ་དང་བཅས་པ་མིག་གི་རྣམ་ཤེས་སྐྱེ་བའི་འགལ་རྐྱེན་མེད ་པ་ཉིད་དུ་བསྟན་པའོ།། སྤྲོས་པའི་གནས་ངན་ལེན་གྱིས་བསྡུས་པ་གཟུགས་སྣ་ཚོགསུ་སྣང་བའི་བག་ཆགས་དང་། དེའི་རྟེན་ཀུནུ་གཞི་རྣམ་པར་ཤེས་པ་ལ་དངོས་པོར་མངོན་པར་ཞེན་པ་སྟེ། རྒྱུའི་རྐྱེན་ལ་མངོན་པར་ཞེན་པའོ།། ་རྣམ་པར་ཤེས་པའི་རང་བཞིན་གྱི་ངོ་བོ་ཉིད་ནི་དེ་མ་ཐག་པའི་རྐྱེན་གྱི་ངོ་བོ་སྟེ། དེ་ལ་ངོ་མཚར་དུ་འཛིན་ཅིང་དངོས་པོར་ཞེན་པའོ།། གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ནི་ཕྱི་རོལ་གྱི་ཁ་དོག་དོང་དབྱིབས་ལ་སོགས་པའི ་རྣམ་པར་སྣང་བ་ལ་ངོ་མཚར་དུ་འཛིན་པ་སྟེ། མོས་པའི་ཁྱད་པར་དུ་གཏོགས་པ་དེ་ལྟར་མངོན་པར་ཞེན་པའི་ཡིད་ཀྱི་རྣམ་པར་ཤེས་པས་བསྡུས་པ་སྟེ། དམིགས་པའི་རྐྱེན་ལ་དངོས་པོར་ཞེན་པའོ།། ་ཡང་ནང་གི་གཟུགས་རྣམ་པ་སྣ་ཚོགས་ཏེ། གཟུགས་ཅན་གྱི་དབང་པོར་གྲགས་པ་ལ་སྔ་མ་ལྟར་ངོ་མཚར་དུ་འཛིན་པ་སྟེ། བདག་པོའི་རྐྱེན་ལ་མངོན་པར་ཞེན་པའོ།། འདི་དག་གི་བསྡུས་པའི་དོན་ནི་ཟག་པ་དང་བཅས་པའི ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ལ་རྐྱེན་བཞིར་གྲགས་པ་ལས། འདི་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ན་ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་ཏེ། ཇི་ལྟར་གནས་གྱུར་པའི ་གནས་སྐབས་ཉིད་བཞི་ནོ།། དེ་ལས་གཞན་དུ་དེ་རྣམས་དངོས་པོའི་བདག་ཉིད་དུ་མངོན་པར་ཞེན་པའི་མཐུན་རྐྱེན་གྱིས་གསོས་གཏབ་པ་ན་ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞེས་པའོ།། དེའི་ཕྱིར་ཚིགས་དང ་བོས་འགལ་རྐྱེན་མེད་པ་ཉིད་བསྟན་ལ། གཞན་རྣམས་ཀྱིས་ནི་མཐུན་པའི་རྐྱེན་ཚོགས་པ་ཉིད་བསྟན་པའོ།། འདི་རྣམས་ཟག་པ་དང་བཅས་པ་ཉིད་ཡིན་པ་ཡང་འཕགས་པ་མྱ་ངན་ལས་འདས་པ་ཆེན་ཕོ་ལོས། འོད་སྲུངས ་ཀྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི་རྣམ་པར་ཤེས་པ་ལྔ་ནི་ཟག་པ་དང་བཅས་པ་ཡིན་ལ། ཕྱིན་ཅི་ལོག་མ་ལགས་ལ། སེམས་རྩེ་གཅིག་པ་ཡང་མ་ལགས་ན། ཅིའི་སླད་དུ་ཡོངསསུ་དག་པའི་ཚངས་པར ་སྤྱོད་པ་ཞེས་མི་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་གྱི་རྣམ་པར་ཤེས་པ་ལྔ་ནི། སེམས་རྩེ་གཅིག་པ་མ་ཡིན་ཡང་། ཟག་པ་དང་བཅས་པ་ཡིན་ལ། ཕྱིན་ཅི་ལོག་ཀྱང་ཡིན་ཏེ། ཟག་པ ་རྣམས་བསྐྱེད་པའི་ཕྱིར་ཟག་པ་དང་བཅས་པ་ཞེས་བྱའོ།། ངོ་བོ་ཉིད་ཀྱིས་ཡང་དག་པ་མ་ཡིན་ཏེ། འདུ་ཤེས་ལ་ཆགས་པས་ཕྱིན་ལོག་པ་ཞེས་བྱའོ་ཞེས་གསུངསོ།། འདིར་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་རྣམ་པར་ཤེས ་པཔ་ནི་འཇུག་པའི་རྣམ་པར་ཤེས་པ་ཡིན་ལ། རང་བཞིན་ནི་རྒྱུ་སྟེ་ཀུན་གཞི་རྣམ་པར་ཤེས་པའོ།། གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་ངོ་མཚར་དུ་འཛིན་པ་ཡང་མིག་གི་རྣམ་པར་ཤེས་པའི་རྒྱུན་ཐོག་མར་འབྱུང ་བའི་རྒྱུ་སྟེ། དེ་ལ་ངོ་མཚར་དུ་འཛིན་པས་མིག་ཕྱེ་བ་ན་རྣམ་པར་ཤེས་པ་སྐྱེ་བའི་ཕྱིརོ་ཞེས་འཆ་དོ།། སྔ་མ་ལྟར་ན་དེ་མ་ཐེག་པའི་རྐྱེན་མ་བསྡུས་པས་ཁྱབ་ཆུངས་པ་ཉིད་དུ་འགྱུར་རོ།། དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཅེས་པ་ནི། ་གཟུགས་ཅན་གྱི་དབང་པོ་རྡུལ་ཕྲ་རབ་འདུས་པར་སྣང་བ་ཙམ་ཡིན་གྱི་ཕྱི་རོལ་གྱི་རྡུལ་ནི་གྲུབ་པ་མེད་ཅེས་སྔར་བསྟན་ཏོ།། སྤུའི་ཁུང་པུ་ནི་ཁྱེད་པར་དུ་ལུས་ཀྱི་དབང་པོར་སྣང་བའི་པ་སྤུའི་ཁུང་བུའོ།། དེ་རྣམས་ཀྱང་སྒྲ་ལ་སོ། ་པ་རང་གི་སེམས་ཀྱི་སྣང་བ་ལ་འཛིན་པ་ཁོང་དུ་མ་ཆུད་པ་དང་། གནས་དོན་ལེན་གྱིས་བསྡུས་པ་སྒྲ་ལ་སོགས་པར་སྣང་བའི་བག་ཆགས་ལ་མངོན་པར་ཞེན་པ་དང་། རྣམ་པར་ཤེས་པའི་རང་བཞིན་གྱི་ངོ་བོ་ཉིད་དང་། སྒྲ་དང་། ་དྲི་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་ངོ་མཚར་དུ་འཛིན་པ་དང་། ཡང་ནང་གི་གཟུགས་དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་། སྤུའི་ཁུང་བུ་རྣམས་ལ་ངོ་མཚར་དུ་འཛིན་ཅིང ་དངོས་པོར་ཞེན་པའི་རྒྱུ་ལས་བྱུང་བའོ།། དེ་དག་ལས་ཡུལ་གྱི་རྣམ་པར་སྣང་བ་ཡང་། ཇི་ལྟར་མེ་ལོང་ལ་ཅིག་ཅར་གཟུགས་ཀྱི་རྐྱེན་མང་པོ་ཉེ་བར་གནས་པ་ན་རྫ་སུ་མ་གྲུབ་པའི་གཟུགས་བརྙན་མང་པོར་ཅིག་ཅར་སྣང་ཞིང་།། ་རྐྱེན་རིམ་གྱིས་ཉེ་བར་གནས་པ་ན། གཟུགས་བརྙན་ཡང་རིམ་གྱིས་སྣང་བ་བཞིན་དུ་ལྔ་ཚར་གྱི་རྐྱེན་ཅིག་ཅར་གནས་པ་ན། རྫ་སུ་མ་གྲུབ་པའི་ཡུལ་ལྔ་རུ་སྣང་བ་ཅིག་ཅར་འབྱུང་ལ། རྐྱེན་རྣམས་རིམས་ཀྱིས་ཉེ་བ་ནི་རིམས་གྱིས།། ་འབྱུང་བའོ།། གཅིག་དང་ཐ་དད་ལས་གྲོལ་བ་ནི་ཀུན་གཞི་དང་འཇུག་པའི་རྣམ་པར་ཤེས་པའམ། འཇུག་པའི་རྣམ་པར་ཤེས་པ་ཕན་ཚུན་ཡང་རུང་སྟེ། དོན་དམ་པར་གཅིག་དང་ཐ་དད་ལས་གྲོལ་བ་སྟེ། རང་བཞིན་གྱིས། ་སྟོང་པའོ།། ཀུན་རྫོབ་དུ་ཡུལ་སོ་སོར་རྣམ་པར་འཇོག་པའི་ལས་དང་། རིགས་ཀྱི་མཚན་ཉིད་ཅེས་པ་འང་གི་རྒྱུད་དུ་གཏོགས་པའི་རྒྱུའི་མཚན་ཉིད་དང་། ཤིན་ཏུ་འབྲེལ་པའི་རང་བཞིན་ལ་བདག་ཉིད་ཀྱིས་དེ་ལྟ་བུའི་ངོ་བོ ་ཉིད་དུ་ཁོང་དུ་མི་ཆུད་པ། རྣམ་པར་ཤེས་པའི་ཚོགས་ལྔ་འཇུག་ཅེས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཡིད་ཀྱི་རྣམ་པར་ཤེས་པ་འཇུག་པའི་ཚུལ་སྟོན་ཏེ། ལྔ་པོ་དེ་དག་དང་ལྷན་ཅིག་ཅེས་པ་ནི། གང་ཟག ་གཅིག་གི་རྒྱུད་ཀྱིས་བསྡུས་པའི་དང་སྤྱོད་ཡུལ་མཚུངས་པར་རྒྱུ་བའོ།། དེ་སྐད་དུ་ཡང་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་ཏུ་རྗེ་སུ་འཇུག་པ་དུས་མཚུངས་པ་སྤྱོད་ཡུལ ་མཚུངས་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་ཞེས་པ་ལ་སོགས་པ་རྒྱས་པར་གསུང་སོ།། གལ་ཏེ་རྣམ་པར་རྟོག་པའི་ཡུལ་ནི་སྒྲོ་གཏགས་སྤྱིའི་རྣམ་པ་ཡིན་ལ། དབང་པོའོ་ཤེས་པའི་ཡུལ་ནོ་སྒྲོ་མ ་གཏགས་པའི་རང་གི་མཚན་ཉིད་མ་ཡིན་ནམ། ཇི་ལྟར་དེ་དག་ཡུལ་མཚུངས་པར་འགྱུར་ཞེ་ན། སྐྱོན་མེད་དེ། ཕྱི་རོལ་ཏུ་གྱུར་པའི་རང་གི་མཚནྡ་ཉིད་ནི་ཡོད་པ་མ་ཡིན་ལ། ཤེས་པའི་བདག་ཉིད་དུ་གྱུར་པའི་རང་རང་གི་རྣམ ་པར་ནི་མཚུངས་པ་ཉིད་དུ་སྣང་བའི་ཕྱིརརོ།། རྒྱུ་དང་ཡུལ་བྱེ་བྲག་འབྱེད་པ་ནི་དོན་འདི་ནི་རྒྱུ་འདི་ལྟ་བུ་ལས་གྱུར་པ་ཡིན་ལ་རང་གི་རང་བཞིན་ནི་འདི་དང་འདི་ལྟ་བུ་ཞེས་ཐ་སྙད་འདོགས་པར་བྱེད་པ་སྟེ། དེ་ཉིད་ཙམ་ལ་ཁང ་དུ་ཆུད་པར་བྱེད་པ་ཞེས་ཀྱང་བྱ་སྟེ། ངེས་པའི་རྣམ་པ་ཅན་གྱི་བློ་ཡིན་པས་སོ།། ཡོད་ཀྱི་རྣམ་པར་ཤེས་པ་དེ་དག་གི་རྒྱུ་ནི་སྒོ་ལྔའི་རྣམ་པར་ཤེས་པའོ།། གལ་ཏེ་དེ་ལྟར་ན་རྒྱུ་དང་འབྲས་བུ་དུ་སོ་མཚུངས་པར་མི་འཐད་ཞེ་ན། ་སྐྱོན་མེད་དེ། དེ་རྣམས་ཕན་ཚུན་གཉིས་ཀ་ཡང་རྐྱེན་དུ་གྱུར་པ་ཡིན་མོད་ཀྱི། སྤྱིར་རྒྱུན་ལ་བལྟོས་ཏེ་དུས་མཚུངས་པ་མི་འགལ་ཏེ། ཇི་ལྟར་རོ་དང་གཟུགས་ལ་སོགས་པ་བཞི་ནོ།། དེ་དག་དང་དེ་ཞེས་པ་ལ་སོགས ་པས་ནི་སྒོ་ལྔ་རྣམ་པར་ཤེས་པ་དེ་དག་དང་། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡིས་དེ་རྣམས་རང་རང་གི་འཇུག་པ་མི་རྟོགས་པ་ཉིད་དུ་སྟོན་ཏོ།། འོན་ཀྱང་ཞེས་པ་ལ་སོགས་པས་ཀུན་གཞི་དང་། དེ་ལ ་བརྟེན་པའི་ཉེན་མོངས་པ་ཅན་གྱི་འཇུག་པ་ནི་རྟོག་པར་དཀའ་པ་ཉིད་དུ་སྟོན་ཏོ།། ཕན་ཚུན་ཐ་མི་དད་པ་ནི་སྤྱིའི་མཚན་ཉིད་དེ། སྔར་བསྟན་པ་བཞི་ནོ།། རྣམ་པར་རིག་པའི་ཡུལ་བྱེ་བྲག་འབྱེད་པ་ནི་སྒོ་ལྔའི་རྣམ་པར་ཤེས་པ་ཡུལ ་ལ་ཐ་སྙད་འདོགས་པ་སྟེ། སྔར་བསྟན་པའི་དོན་ཉིད་རྗེསུ་བརྗོད་པའོ།། དེ་ལ་འདིར་སྒོ་ལྔའི་རྣམ་པར་ཤེས་པ་ཅིག་ཅར་བྱུང་བ་ན། དེ་དང་རྗེསུ་མཐུན་པར་རྟོག་པ་དང་བཅས་པ་ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་ཐ་དད་པ་ལྔ་འབྱུང ་ངས་འོན་ཏེ་གཅིག་ཉིད་འབྱུང་བར་འགྱུར། སྔ་མ་ལྟར་ནི་མི་འཐད་དེ། རྟོག་པ་དུ་མ་ཅོག་ཆར་འཇུག་པ་མེད་པར་ཉམསུ་མྱོང་བའི་ཚད་མས་གྲུབ་པ་དང་། གཞན་ཡང་འདི་ལྟར་རྣམ་པར་རྟོག་པ་རྣམས། རིམ་གྱིས་འབྱུང་བར་ཡང ་དག་རྟོགས་ཞེས་སྔོན་གྱི་མཁས་པས་གསུངས་པའི་ཕྱིརརོ།། གཉིས་པ་ལྟར་ན་ཡང་ཡུལ་ལྔའི་རྣམ་པ་འགལ་བར་སྣང་བ་ནི་གཅིག་པ་ཉིད་དུ་མ་འཐད་ཞེ་ན། སྐྱོན་མེད་དེ། འདིར་དུས་མཉམ་པ་ཉིད་དུ་ཡིད་ཀྱི་རྣམ་པར་རྟོག་པ་དུ ་ལ་འབྱུང་བ་ནི་མ་ཡིན་ཏེ། སྔར་བསྟན་པའི་ཚད་མས་གནོད་པ་དང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་། ལྔ་ཆར་ལྷན་ཅིག་བྱུང་ན་ཡང་དེར་རྣམ་པར་ཤེས་པའི་ཚིགས་ལྔ་པོ་དག་དང་སྤྱོད་ཡུལ་མཚུངས་པ ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཅིག་ཁོ་ན་ལན་ཅིག་འབྱུང་ངོ་ཞེས་གསུངས་པའི་ཕྱིའོ།། དེ་ལྟར་ན་གཅིག་པོ་དེ་ཡུལ་ལྔ་ཆར་གྱི་རྣམ་པར་སྣང་ན་ནི་སྔར་བསྟན་པ་ལྟར་རྣམ་པ་འགལ་བས་གཅིག་པ ་ཉིད་དུ་མི་རུང་ལ། ཡུལ་གང་ཡང་རུང་བའི་རྣམ་པར་སྣང་ན་ནི། ལྔ་པོ་དག་དང་སྤྱོད་ཡུལ་མཚུངས་ཞེས་པོའི་མདོའི་དོན་མི་འཐང་ཞེ་ན། མ་ཡིན་ཏེ། དེ་ནི་སྔར་གྱི་ཡུལ་གང་ལ་གོམས་པ་ལ་སོགས་པའི་ཡུལ་དེ་ཉིད་ཀྱི ་རྣམ་པར་སྣང་ལ། ལྔ་པོ་དག་དང་མཚུངས་ཞེས་པའི་དོན་ནི་ལྔ་པ་དེ་ལས་འདི་ཁོ་ན་དང་སྤྲོད་ཡུལ་མཚུངས་པར་སྣང་ངོ་ཞེས་པའི་ངེས་པ་མེད་དེ། གོམས་པ་ལ་སོགས་པའི་རྐྱེན་དང་ལྡན་པ་གང་ཡང་རུང་བ་དང་སྤྱོད་ཡུལ ་མཚུངས་པར་སྣང་བའོ།། འདིར་ཉེ་བར་གྱུར་པ་ལས་བྱུང་བའི་ཡིད་རྣམ་པར་རྟོག་པ་མེད་པོ་ནི་དུ་མ་རྣམས་ཀྱང་འབྱུང་བར་སྲིད་མོད་ཀྱི། སྒྲུབ་པར་བྱེད་པའི་ཚད་ནི་མ་མཐོང་།། དེ་ལྟར་སྡེར་གྱི་དོན་རྗེསུ་བརྗོད་ནས་སྐབས་ཀྱི ་དོན་ཉིད་སྟོན་པ་ནི། དེ་ལྟར་འཇུག་པའི་ཚེ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་ཤེས་པའི་ཚོགས་དྲུག་དེ་ལྟར་འཇུག་པའི་ཚེ་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལ་མཉམ་པར་གཞག་པའི་རྣལ་འབྱོར ་ཅན་གྱིས་ཀྱང་འཇུག་པའི་རྣམ་པར་ཤེས་པའི་བག་ཆགས་ཀུན་གཞི་ལ་ཡོད་པ་དེའི་བདག་ཉིད་དུ་གྱུར་པ་རྒྱུན་གྱིས་འཇུག་པ་རྣམས་ཤིན་ཏུ་ཕྲ་བའི་ཕྱིར་མི་རྟོགས་ཏེ། ཇི་སྐད་དུ། ལེན་པའི་རྣམ་པར་ཤེས་པ་ཐོབ ་ཅིང་པྲ། ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ།། བདག་ཏུ་རྟོག་པར་འགྱུར་ན་མི་རུང་ཞེས།། བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། ཞེས་གསུངས་པ་ལྟ་བུའོ།། དེ་ལྟར་ནཱ་དེ་འདྲ་བའི་རྣལ་འབྱོར་ཐོབ་པ ་རྣམས་ནི་འདི་ལྟར་བདག་ཅག་ནི་ཡུལ་ལ་འཇུག་པའི་རྣམ་པར་ཤེས་པ་བཀག་ནས་སྙོམས་པར་འཇུག་ཅེས་པ་ལ་སོགས་པའི་དོན་ནི་ཤེས་པར་ཟད།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་རྟོགས་པར་ནུས་པའི་གང ་ཟག་གི་ཁྱད་པར་སྟོན་ཏེ། ས་ལ་རབ་ཏུ་གནས་པ་ནི་ཡང་དག་པའི་ས་སྟེ། རབ་ཏུ་དགའ་བ་ཡན་ཆོད་ལ་གནས་པའོ།། དེ་ལྟར་ཡང་། སོ་སོ་སྐྱེ་བོ་ཕྱིན་ཅི་ལོག། བདེན་པ་མཐོང་བས་ལྡོག་བྱ་སྟེ་ཞེས་གསུངས་པ་དང་། གཞན ་ཡང་། འཇིག་རྟེན་ཆོས་མཆོག་མན་ཆོད་ནས།། རྗེསུ་མཐུན་ལ་ཕྱིན་ཅི་ལོག་ཉིད་དུ་གསུངས་པའི་ཕྱིརརོ།། འདིར་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་ཚུལ་ལུགས་བདག་ཉིད་ཐམས་ཅད་ནས ་ལྔ་པ་བཞིན་དུ་རྟོགས་པ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ཏེ། ཇི་སྐད་དུ། དཔེར་ན་མར་སྲུབས་ཞོ་ལ་ཡང་།། དེ་ན་མར་ཡོད་མི་སྣང་བ།། སྲུབས་པའི་ཚུལ་གྱིས་མཐོང་བར་འགྱུར།། དེ་བཞིན་ཀུན་གཞི་རྣམ་པར་ཤེས།། རྣམ ་ཤེས་བདུན་དང་ལྡན་པ་ཡང་།། རྣམ་པར་སྲུབས་ཤིང་སྟུག་སྤྱོད་པའི།། ཐུབ་དབང་རྣམས་ཀྱིས་མཐོང་བར་འགྱུར་ཞེས་གསུངས་པའི་ཕྱིརོ།། ཁོང་དུ་ཆུད་པོ་ནི་ཐོསྲ་པ་དང་བསམ་པའི་ཤེས་རབ་ཀྱི་སོ།། ངེ་འཛིན་དང་ཤེས་རབ ་ཀྱི་སྟོབས་ཞེས་པ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་བསྒོམས་པ་ལས་བྱུང་བའི་ཤེས་པའོ།། འདིར་སོ་སོའི་སྐྱེ་བོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཐོས་པ་དང་བསམ་པའི་ཤེས་པས་སྤྱིའི་རྣམ་པའི་ཚུལ་དུ་རྟོག ་པར་འགྱུར་པའོ།། དེ་ལྟར་རྟོགས་པའི་དོན་གོང་ནས་གང་དུ་གོམས་ཤིང་ཚོགས་ཁྱད་པར་ཅན་བསགས་པ་ལ་བརྟེན་ནས། དེའི་རང་གི་མཚན་ཉིད་རྟོགས་པར་འགྱུར་རོ་ཞེས་སྔར་གྱི་དོན་ཉིད་གསལ་བར་བཤོད་པ་ནི། བློ་གིས་ཆེན་པོ ་གཞན་དུ་ན་ཞེས་པ་ལ་སོགས་པ་སྟེ། ཚིག་རབ་ཏུ་ཕྱེ་བ་ལ་རྣམ་པར་གདོན་མི་ཟ་ཞེས་པ་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་བོ།། རྒྱལ་བ་རྣམས་ལ་མཐའ་ཡས་པའི།། དགེ་བའི་རྩ་བ་བསགས་པ་ནི་རྙེད་པ་དང་བཀུཊ་སྟི ་དང་སྒྲུབ་པའི་མཆོད་པས་དེ་དག་མཉེས་པར་བྱས་པ་སྟེ། ཇི་སྐད་དུ། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང་།། མོས་པ་རྣམ་པར་འཕེལ་བྱེད་པ། ཇི་ལྟར་ཆུ་ཡི་རྒྱ་མཚོ་བཞིན།། དགེ་ཆོས་རྣམས་ཀྱིས་ཡང་དག་གང་། ཞེས་གསུངས་པ ་ལྟ་བུའོ།། རང་གི་སེམས་སྣང་བ་ལ་ཕྱི་རོལ་ལ་སོགས་པའི་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བ་སྟེ། ཤེས་རབ་དང་ཡེ་ཤེས་ལ་མཁས་ཞེས་སྔར་བསྟན་པ་དང་སྦྱར་ཏེ། ཞི་གནས་དང་འབྲེལ་པའི་ཤེས་རབ་བསྒོམས་པ་ལས་བྱུང་དུའོ།། ་ནགས་ཚལ་སྟུག་པོ་དང་། ཕུག་ཤིང་ཁྲོད་ན་གནས་ཤིང་ཞེས་པ་ནི་འདུ་འཛི་སྤངས་ཤིང་ལུས་རྣམ་པར་དབེན་པ་སྟེ། ཞི་གནས་ཀྱི་ཡན་ལགོ།། དེ་སྐད་དུ་ཡང་འཕགས་པ་སའི་སྙིང་པོའི་མདོ་ལས། ཏིང་འཛིན་སྙོམས་པ་དག་གལ་ཏེ ་ཏིང་ངེ་འཛིན་མང་པོ་མ་གྲུབ་ན། ནམ་གྱི་སྟོད་དང་ནམ་གྱི་སྨད་ལ་མི་ཉལ་བར་བྱ་སྟེ། བརྩོན་འགྲུས་སུ་བསླབ་ཅིང་བསྒོམ་པ་དང་འདུ་འཛི་ཡོངསུ་སྤངས་ཏེ། འདོད་པ་ཆུང་ཞིང་ཆོ་ག་ཤེས་པར་བྱ་བ ་དང་ཞེས་པ་ལ་སོགས་པ་གསུངས་ཤིང་། གཞན་ཡང་ཏིང་འཛིན་བསྒོམ་པ་ས་ཐེ་ཚོམ་གཅོད་འགྱུར་ཏེ།། དེ་མ་རྟོགས་པར་གཞན་གྱིས་ནུས་མ་ཡིན།། ཞེས་ཡང་དག་པའི་ཤེས་རབ་ཀྱི་ཏིངངེ་འཛིན་ལ་རག་ལས་པ་ཉིད་དུ ་གསུང་སོ།། ཡང་རྣམ་པ་གཅིག་ཏུ་ན། འདིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་རྟོགས་པ་དང་བྲལ་བ་སེམས་རྣམ་པར་དབྱེན་པ་ཉིད་མཚོན་པར་ཟད་དེ། ཡང་དག་པའི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས ་ནི་ཞི་གནས་ཀྱི་དམིགས་པ་རྙེད་ཟིན་པས་ལུས་རྣམ་པར་དབེན་པ་ལ་ཚོད་ཆེར་བྱེད་པ་མ་ཡིན་ཏེ། ཇི་སྐད་དུ། རྟག་ཏུ་གྲོང་དང་ཡུལ་འཁོར་གྲོང་རྡལ་གནས་བྱེད་ཅིང་།། སེམས་ཅན་སྨིན་བྱེད་བྱང་ཆུབ་བརྩོན་པ་མ་གཏོགས ་པ། དེ་ནི་དགྲ་བཅོམ་རང་རྒྱལ་འདོད་པ་གཞན་མི་སྐྱེད།། འདི་ནི་བདེ་བར་གཤེགསོ་པའི་སྲས་ཀྱི་དབེན་པར་གསུངས།། གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ།། སྦྲུལ་གྱིས་གང་པོར་ལོ་མང་བྱེ་བར་གནས་བྱེད ་ཀྱང་།། དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་ནི།། ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན།། ཞེས་པ་ལ་སོགས་པ་གསུངས་པའི་ཕྱིརརོ།། ཤིང་ཁྲོད་ཅེས་པ་ནི་ཤིང་གཅིག་ལ་སོགས་པའི་དྲུ་ངོ་།། རྣོལ ་འབྱོར་རབ་དང་འབྲིང་དང་ཐ་མ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལྷག་མཐོང་གི་དམིགས་པ་དང་། རྣམ་པར་རྟོག་པའི་གཟུགས་བརྙན་ཞི་གནས་ཀྱི་དམིགས་པ་སྟེ། དམིགས་པ་གཉིས་པོ་ཙམ་ཐོབ་པ་འཇིག ་རྟེན་ཆོས་མཆོག་མན་ཆད་ཀྱི་གནས་སྐབས་དང་། དེ་དག་ཟུང་དུ་འབྲེལ་ཅིང་དངོས་པོ་མཐའི་དམིགས་པ་ཐོབ་པ་མཐོང་བའི་ལམ་ནས་ས་བརྒྱད་པའི་བར་དང་། ས་བརྒྱད་པ་ནས་ས་བཅུའི་བར་དགོས་པ་ཡོངསུ་འགྲུབ་པའི་དམིགས ་པ་ཐོབ་པའི་གནས་སྐབས་ཏེ། དེ་ལྟར་རྣམ་པ་གསུམ་དང་གེ་རིམ་ལས་བཟློག་པའི་ཚུལ་གྱིས་སྦྱར་བར་བྱའོ།། ཡང་ནཱ་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་སྟེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན ་དང་ཚིག་རྣམས་གཅིག་ཏུ་བསྡུས་པའི་དེ་བཞིན་ཉིད་ལ་དམིགས་པ་དང་། འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་དེ་དག་ཉིད་ཀྱི་ཚིག་དོན་ཐོས་པ་དང་བསམ་པའི་ཤེས་པས་བཟུང་ཞིང ་བསམས་པའི་དོན་རྣམས་ཀྱིས་དེ་བཞིན་ཉིད་དམིགས་པ་དང་། འདྲེས་པ་ཚད་མ་མཆིས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་སོ་སོ་ཡང་དག་པར་རིག་པའི ་ཡེ་ཤེས་དང་། དེའི་ཡུལ་ཐམས་ཅད་ཤེས་ཤིང་དོན་དམ་པར་དེ་རྣམས་ཀྱི་དེ་བཞིན་ཉིད་དབྱེར་མེད་པ་མངོན་སུམ་དུ་རྟོགས་པ་སྟེ། དེ་རྣམས་གསུམ་དང་གོ་རིམ་བཟློག་པའི་ཚུལ་གྱིས་སྦྱར་བར་བྱའོ།། འདིར་བཤད་པ་སྔ་མའི་ཤེས ་@#པར་བྱེད་པ་ནི། ཇི་སྐད་དུ་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། དེས་སྔར་ཞི་གནས་དང་ལྷག་མཐོང་ཐོབ་པས་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་མི ་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་རྣམ་པ་གཉིས་ཐོབ་པ་ཡིནོ།། དེ་ལྟར་མཐོང་བའི་ལམ་ཐོབ་པས་དངོས་པོ་མཔའི་དམིགས་པ་ཐོབ་པ་ཡིན་ཏེ། དེས་གོང་མ་གོང་མ་རྣམས་སྒོམ་པའི་ལམ་ལ་ཞུགས་ཤིང་དམིགས་པ ་རྣམ་པ་གསུམ་པོ་དེ་དག་ཉིད་ཡིད་ལ་བྱེད་པ་ན། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་ཁྱི་གུ་ཆེས་ཕྲ་མོས་ཁྱི་གུ་ཆེས་སྦོམ་པོ་འབྱིན་པ་དེ་བཞིན་དུ་ནང་གི་མཚན་མའི་རྣམ་པར་སེལ་བར་བྱེད་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི ་ཆ་དང་མཐུན་པའི་མཚན་མ་ཐམས་ཅད་རྣམ་པར་སེལ་བར་བྱེད་དེ། མཚན་མ་རྣམ་པར་སེལ་བ་ན་གནས་ངན་ལེན་རྣམས་ཀྱང་སེལ་བར་བྱེད་དོ།། མཚན་མ་དང་གནས་ངན་ལེན་ཐམས་ཅད་ལེགས་པར་བཅོམ་པས ་རིམ་གྱིས་ས་གོང་མ་གོང་མ་རྣམསུ་གསེར་ལྟ་བུར་སེམས་རྣམ་པར་སྤྱོད་པར་བྱེད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། དགོངས་པ་ཡོངསུ་གྲུབ་པའི ་དམིགས་པ་ཡང་ཐོབ་སྟེ། ཞེས་གསུངས་པའོ།། བཤད་པ་གཉིས་པའོ་ཤེས་བྱེད་ཀྱང་མིད་དེ་ཉིད་ལས་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ནི་གོང་ལགས་ཞེས་དྲིས་པ་ལ་སོགས་པའི་ལན་དུ། བྱམས་པ་མདོའི་སྡེ་ནས ་ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེའི་བར་དག་སོ་སོར་གཅིག་ཏུ་བཟླུམས་ཏེ། ཡིད་ལ་བྱེད་པའི་ཞི་གནས་དང་ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཡིན ་པར་ཤེས་པར་བྱའོ་ཞེས་པ་ལ་སོགས་པ་གསུངས་ཏེ། མདོ་དེ་ཉིད་ཀྱི་རྗེ་སུ་འབྲངས་ཏེ་རྟོགས་པར་བྱའོ།། ཚིག་གི་དོན་གཞན་ནི་ཕལ་ཆེར་སྔར་བསྟན་པ་རྣམས་ཀྱི་རྗེ་སུ་འབྲངས་ཏེ་གཏོགས་པར་བྱའོ།། བློ་གྲོས་ཆེན་པོ་དགེ་བའི་བཤེས ་གཉེན་ཞེས་པ་ལོ་སོགས་པས་ནི་བཤད་པ་དང་འཆད་པར་འགྱུར་བའི་ཕན་ཡོན་དང་ལྡན་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ་བ་ཉིད་དུ་སྟོན་ཏེ།། ཇི་སྐད་དུ། སངས་རྒྱས་དང ་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག། ཕ་རོལ་ཕྱིན་དང་བཅུས་ཏེ་དགེ་བའི་བེཤེསུ་བསྟན། ཞེས་གསུངས་པ་དང་། དེ་ཡང་ཆོས་བཞི་དང་ལྡན་པ་སྟེ། ཇི་སྐད་དུ། བསྟན་པའི་བློ་གྲོས་ཆོས་གཞན་བཞི་དང་ལྡན་པ་ནི་དགེ ་ཤེས་གཽ་ཉིན་དུ་རིག་པར་བྱ་སྟེ། གཞི་གང་ཞེ་ན། ར་གཅོད་པའི་ཚིག་དང་ལྡན་པ་ཡིན། ཆོས་ཟབ་མོ་ལ་སྦྱོར་བར་བྱེད་པ་ཉིད་ཡིན། དུས་དུ་སུ་གདམས་ངག་གི་ཚིག་དང་ལྡན་པ་ཉིད་ཡིན་དུས་དུས་ཡལ་བར་འཇིག་པ་ཉིད ་ཡིན་ཏེ། ཆོས་པནི་པོ་དེ་དག་དང་ལྗོན་པ་ནི་དགེ་པའི་བཤེས་གཉེན་དུ་རིག་པར་བྱའོ།། ཞེས་པ་དང་། གཞན་ཡང་ཆོས་གཞི་དང་ལྡན་པ་སྟེ། གཞི་གང་ཞེ་ན། བསྟན་པའི་བློ་གྲོས་འདི་ལ་དགེ་བའི་ཚོ་ཞེས་གཉེན་ནི་མངོན་པར ་འབྱུང་བ་ལ་སྦྱོར་དུ་འཇུག་པ་ཡིན། དོན་ཟབ་མོ་ལ་ངེས་པར་སེམས་པ་ལ་སྦྱོར་དུ་འཇུག་པ་ཡིན། བསམ་གཏན་གྱི་དམིགས་པ་ཐམས་ཅད་ལ་མ་ཆགས་པ་ཉིད་ལ་སྦྱོར་དུ་འཇུག་པ་ཡིན། མཚན་མ ་མེད་པའི་དམིགས་པ་ཉིད་ལ་སྦྱོར་དུ་འཇུག་པ་ཡིན་ཏེ། གཞི་པོ་དེ་དག་གོ་ཞེས་པ་ལ་སོགས་པ་རྒྱས་པར་གསུང་སོ།། དོན་དེ་རྣམས་ཉིད་ལྷག་མ་དང་བཅས་ཏེ་ཚིགསུ་བཅད་པའི་སྒོ་ནས་བསྡུས་ཏེ་བསྟན་པ་ལས། དང་པོར་ཚིགསུ་བཅད ་པ་གཉིས་ཀྱིས་རྒྱ་མཚོ་དང་རླབས་ལྟ་བུར་འཇུག་པའི་རྣམ་པར་ཤེས་པ་ནི་ཀུན་གཞིའི་ཡོངསུ་འགྱུར་པའམ། གནས་སྐབས་ལྟ་བུར་བསྟན་ཏེ། དེ་ལ་གླར་ཅིང་ཞེས་པ་ནི་མྱུར་དུ་སྣ་ཚོགསུ་བསྒྱུར་ཞིང་གཡོ་བའོ།། རྣམ་པར་ཆད་པ་མེད ་ཅེས་པ་ནི་རྒྱུ་རྐྱེན་ཚོགས་པ་ནའོ།། སྔོན་པོ་དམར་པོ་ཞེས་པ་ལ་སོགས་པས་དཔེ་གཞན་དུ་མའོ་སྒོ་ནས་ཀུན་གཞི་དང་འཇུག་པའི་རྣམ་པར་ཤེས་པ་གཅིག་དང་ཐ་དད་པ་ལིས་གྲོལ་པ་ཉིད་དུ་སྟོན་ཏེ། དེའི་དོན་ནི་སྔར་བསྟན་ལ། གཞན ་ཡང་ཇི་ལྟར་དབའ་རླབས་རྒྱ་མཚོ་ལས་གཞན་མ་ཡིན་ཞིང་། དབའ་རླབས་དང་རྒྱ་མཚོ་བདག་ཉིད་ཐམས་ཅད་ནས་ཁྱད་པར་མེད་ཅིང་གཅིག་པ་ཉིད་ཀྱང་མ་ཡིན་ཏེ། རྒྱ་མཚོའི་འཆིང་གཡོ་བ་མེད་པ་གཞན་དུ་དབའ་རླབས་ཀྱང ་གཡོ་བ་མེད་པར་འགྱུར་བའི་ཕྱིར།། དེ་བཞིན་དུ་ཀུན་གཞི་རིགས་ཀྱི་མཚན་ཉིད་ལས་འཇུག་པའི་རྣམ་པར་ཤེས་པ་ཐ་དོད་པ་མ་ཡིན་ཞིང་། ཡང་བདག་ཉིད་ཐམས་ཅད་ནས་ཁྱད་པར་མེད་ཅིང་གཅིག་པ་ཡང་མ་ཡིན་ཏེ། རྒྱུན་འགག་པ ་མེད་པའི་ཀུན་གཞི་རྣམ་པར་ཤེས་པ་དེ་ལྟར་གནས་ཞེས་པའོ།། དེ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་བསྟན་པ་ནི་འགལ་བ་མེད་པའོ།། འདིར་ཚིག་གི་དོན་ནི་མེ་ཏོག་ཨུཏྤལ་དང་དེའི་སྔོན་པོ་དང་། པདྨ་དང་པདྨའི་དམར་པོ་དང་། ་ལན་ཚྭ་དང་དེའི་རོ་དང་། དུད་དང་དུང་གི་དཀར་པོ་དང་། འོ་མ་དང་། ཁ་ར་དང་། དེ་དག་གི་མངར་བ་དང་། བསྐ་བའི་འབྲས་བུ་ཨ་རུ་རཱ་ལ་སོགས་པ་དང་། དེ་དག་གི་བསྐ་བའི་རོ་དང་། ཉི་མ་དང་ཉི་མའི་འོད་ཟེར་ལ་སོགས་པ་བདག་ཉིད་ཐམས་ཅད ་ནས་གཅིག་ཅིང་ཁྱད་པར་མེད་པ་ཡང་མ་ཡིན་ལ། རྣམ་པ་ཐམས་ཅད་དུ་ཐ་དད་པ་ཡང་མ་ཡིན་ཞེས་པའོ།། ཡང་འདིར་དོན་དམ་པར་ནི་རྣམ་པར་ཤེས་པའི་དངོས་པོ་ཉིད་མ་གྲུབ་པས་ཤིན་ཏུ་ཡང་གཅིག་དང་ཐ་དད་པ་ལས་གྲོལ་བའོ།། རྒྱ་མ ་ཡོང་སུ་གྱུར་ཞེས་པ་ལ་སོགས་པས་སྔར་གྱི་དོན་བསྡུས་ཏེ་བསྟན་པའོ།། སེམས་དང་ཡིད་དང་ཞེས་པ་ལ་སོགས་པས་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་ཚོགས་རྣམས་ཀྱང་དེ་ན་དམ་པར་གཅིག་དང་ཐ་དད་པ་ལས་གྲོལ་བ་ཉིད་དུ་བསྟན་པ་ན ་གཞན་དག་དེ་ལྟར་རྣམ་པར་ཕྱེ་སྟེ་བསྟེན་པ་མི་འཐད་སྙམ་དུ་དོགས་པ་སེལ་བ་སྟེ། དེའི་དོན་ནི་ཀུན་རྫོབ་ཏུ་རྣམ་པར་ཤེས་པ་བརྒྱད་ཀྱི་མཚན་ཉིད་མ་འདྲེས་ཤིང་ཐ་དད་པར་གནས་ལ། དེ་ལྟར་བྱིས་པ་རྣམས་ལ་བསྟན་པའི་དོན་དུ་རབ ་ཏུ་བརྟག་ཅིང་བཤད་པའོ།། དོན་དམ་པར་ནི་མཚན་ཉིད་མེད་པའི་མཚན་ཉིད་ཅན་དུ་རོ་གཅིག་ཅིང་ཕ་དད་པ་མ་ཡིན་ཞེས་པའོ།། དེ་ལ་ཡོངསུ་གྱུར་པ་མི་རྙེད་ཅེས་པ་ནི། ཀུན་གཞི་ཡོངསསུ་གྱུར་པའི་རྣམ་ཤེས་ཐ་དད་པ་དོན་དམ་པར ་མ་གྲུབ་ཅེས་པའོ།། སེམས་ནི་ལས་རྣམས་སོག་ཅེས་པ་ལ་སོགས་པས་ནི་ཀུན་རྫོབ་ཏུ་ཐ་དད་པའི་ཚུལ་བསྟན་པ་སྟེ། ཀུན་གཞི་ནི་བག་ཆགས་ཀྱི་རྟེན་བྱེད་པའི་སྒོ་ནས་སོག་པར་བྱེད་པ་ཡིན་ལ། ཉོན ་མོངས་པ་ཅན་གྱི་ཡིད་དམ། དྲུག་པོ་འདས་མ་ཐག་པའི་ཡིད་ཀྱང་རུང་སྟེ། བག་ཆགས་སྒོམ་པར་བྱེད་པའི་སྒོ་ནས་སོག་པའོ།། ཡང་རྣམ་པར་ཤེས་པའི་ཚོགས་དྲུག་གིས་ནི་ཡུལ་རྣམ་པར་རིག་པ་སྟེ། དེ་ཡང་སྒོ་ལྔའི་རྣམ་པར་ཤེས་པ་དུ ་ལྟར་བའི་རང་གི་མཚན་ཉིད་ཀྱི་རྣམ་པར་སྣང་ལ། ཡིད་ཀྱི་རྣམ་པར་ཤེས་པས་དེ་ལ་བྱེ་བོ་ཉིད་དམོ་ཁྱད་པར་དུ་རྟོགས་པར་བྱེད་པའོ།། ཇི་ལྟར་སྣང་ཞེ་ན། སྔོན་པོ་དམར་པོའི་རྣམ་པར་ནི།། མིག་གི་རྣམ་པར་ཤེས་པར་གདའ་ཞེས་པ་སྟེ། 1 ་བབར་མཚོན་པ་ཙམ་དུ་ཟད་དེ། གཟུགས་དང་སྒྲ་ལ་སོགས་པའི་རྣམ་པར་སྣང་ཞེས་པའོ།། གལ་ཏེ་འཇུག་པའི་རྣམ་པར་ཤེས་པའི་དཔའ་རླབས་རྣམས་ཀྱང་ཀུན་གཞི་རྣམ་པར་ཤེས་པའི་ཡོངསུ་འགྱུར་བའམ། རིགས་ཉིད་ཡིན་ཞིང ་དེ་དང་མཐུན་པར་ཇི་ལྟར་འགྱུར་ཞེས་རྒོལ་བ་ནི། དབའ་རླབས་ཞེས་པ་ལ་སོགས་པའོ།། རྒོལ་བའི་དོར་རི་དབའ་རླངས་ཡུལ་གྱི་རྣམ་པར་གསལ་བར་སྣང་བ་དང་། ཀུན་གཞི་དེ་ལས་བཟློག་པ་ཇི་ལྟར་མཚུངས་ཞེས་པའོ།། ལོན་གྱི་དོན་ནི། ་དོན་དམ་པར་སྔོན་པོ་དང་། དམར་པོ་ལ་སོགས་པའི་རྣམ་པར་སྣང་བ་རྣམས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྦ་རླབས་དག་ལ་མ་མཆིས་ཞེས་པ་སྟེ། དེའི་དོན་ཡང་གལ་ཏེ་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་མིག་གི་རྣམ ་བར་ཤེས་པ་ལ་སོགས་པའི་བདག་ལ་ཡོད་ལ། རྣམ་པར་ཤེས་པ་གཅིག་གི་བདག་ཉིད་དུ་ཡོད་དམ་འོན་ཏེ་དུ་མར་ཡོད་ཅེས་བརྟག་པར་བྱའོ།། དེ་ལ་འདིར་ནམ་བདེན་པ་སྣ་ཚོགས་གཉིསུ་མེད་པར་སྨྲ་བ་རྣམས་ནི་སྔར་བསྟན ་ལྟར་ལྷན་ཅིག་དམིགས་པ་ངེས་པ་ལ་སོགས་པའི་གཏན་ཚིགས་ཀྱིས་སྔོན་པོ་ལ་སོགས་པའི་རྣམ་པ་སེམས་ཉིད་དུ་གྲུབ་ཅིང་། སེམས་ཀྱང་གཅིག་པ་ཉིད་དུ་གྲུབ་སྟེ། སྣ་ཚོགསུ་སྣང་བ་ཉིད་ཀྱི་ཕྱིར་ཞེས་པའོ།། དེའི་ཁྱད་པར་གྱི་དོན ་ནི་དཀར་དམར་སྣ་ཚོགསུ་སྣང་བ་ཤེས་པ་དུ་མའི་བདག་ཉིད་ཡིན་ན། རང་རང་གི་རང་བཞིན་ཙམ་མྱོང་གི་ཕན་ཚུན་གྱི་རྣམ་པ་མྱོང་བ་མེད་པས་སྣ་ཚོགསུ་སྣང་བ་མི་འཐད་དེ། ཇི་ལྟར་སྐྱེས་བུ་ལྔ་ཡིས་ཁ་དོག་རྣམ་པ་ལྔ་ལ་སོ ་སོར་བལྟས་པ་ན། སོ་སོར་སྣང་བའི་བློ་དུ་མ་ཡིན་པས། ཁྲ་བོ་འམ་སྣ་ཚོགསུ་སྣང་བ་མི་འཐད་དེ། འགའ་ཞིག་ལ་དཀར་པོར་སྣང་བའི་བློ་ཡིས་རྣམ་པ་དེ་ཉིད་མང་གི་གཞན་མ་མྱོང་བའི་ཕྱིར་རོ།། སྣང་བ་གཞན་ཡང་དེ་དང་མཚུངས ་ཞེས་པའོ།། འདི་ནི་མི་འཐད་དེ། ལྷན་ཅིག་དམིགས་པའི་ངི་པཱ་ལ་སོགས་པའི་གཏན་ཚིགས་ཀྱིས་དོན་དམ་པར་སེམསུ་གྲུབ་པ་ནི་མི་འཐད་པ་ཉིད་དུ་སྔར་བསྟོན་ལ། གཞན་ཡང་སྔོན་པོ་ལ་སོགས་པ་སྣ་ཚོག་སུ་སྣང་བ་ཤེས་པ་གཅོག ་ཉིད་ཡིན་ན། དེ་ཉིད་ཕྱི་རོལ་གྱི་རྫས་གཅིག་ཉིད་ཡིན་ཞེས་ཀྱང་ཅི་སྟེ་མི་བརྩད། གལ་ཏེ་ཆ་སྣ་ཚོགསུ་སྣང་བའི་ཕྱིར་ཕྱི་རོལ་གཅིག་གི་བདག་ཉིད་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་ཤེས་པ་གཅིག་གི་བདག་ཉིད་ཀྱང་མ་ཡིན་ཏེ། དོན་འདི་ནི་སྔར ་ཕྱི་རོལ་གཅིག་པ་ཉིད་བགོག་པའི་སྐབསུ་རྒྱས་པར་བསྟནོ།། གལ་ཏེ་འདིར་ཕྱི་རོལ་གྱི་རྫས་གཅིག་གི་བདག་ཉིད་འགོག་པ་ནི་ཚོན་གྱིས་བསྒྱུར་བ་དང་། མ་བསྒྱུར་བ་ལ་སོགས་པའི་ཆོས་འགལ་བར ་གནས་པའི་སྒོ་ནས་འགོག་ལ། དེ་ཉིད་ཤེས་པ་གཅིག་ཏུ་ཁས་ལེན་པ་ནི་མི་མཚུངས་ཏེ། ཤེས་པ་ནི་ཚོན་གྱིས་བསྒྱུར་བར་མི་འཐད་པའི་ཕྱིར་ཞེ་ན། དེ་ཅི་ཤེས་པར་ཁས་བླངས་ཞེས་ཀྱི་དེ་ཙམ་གྱིས་ཤེས་པའི་ངོ་བོ་དོན་དམ་པར་གྲུབ ་བམ་ཞེས་དྲི་བར་བྱའོ།། དེ་ལྟར་མ་གྲུབ་པོ་ཞེ་ན། དེ་ཉིད་ཀྱི་ཕྱིར་སྔོན་པོ་ལ་སོགས་པ་སྣ་ཚོགསུ་སྣང་བའི་ཆོས་ཅན་དོན་དང་ཤེས་པའི་ཁྱད་པར་དུ་མ་བྱས་པ་ལ། ཚོན་གྱིས་བསྒྱུར་བ་དང་མ་བསྒྱུར་བའི་འགལ་བའི་གཏན་ཚོགས་གཅིག ་ཉིད་གྲུབ་ན། དེ་ཤེས་པར་ཁས་བླངས་པའི་ཚེ་གཏན་ཚགས་མ་གྲུབ་ཅེས་ནི་བརྗོད་པར་མི་ནུས་ཏེ། ཆོས་ཅན་དང་གཏན་ཚིགས་སྔ་མ་ཉིད་ལས་མ་འཕོས་པའི་ཕྱིརརོ།། དེ་ཡང་ཇི་ལྟར་ལྷས་བྱིན་གྱིས་མདོག་སྔོ་བསངས་ཉིད་དུ་ཚད་མས་གྲུབ ་པན། དེ་དམངས་རིགས་ཉིད་དུ་ཁས་བླངས་པས་སྔོ་བསངས་ཉིད་དུ་མི་འགྱུར་བ་ནི་མ་ཡིན་ཏེ། རིགས་ཀྱི་ཁྱད་པར་གང་དུ་ཁས་བླངས་ཀྱང་ཁ་དོག་སྔོ་བསངས་ཉིད་དུ་ཚད་མས་གྲུབ་པོ་བཞིན་དུ་མི་འགྱུར་བ་བཞི་ནོ།། དེ་ལྟར་མ་ཡིན་ན།། ་ཕྱི་རོལ་གཅིག་པ་ཉིད་དུ་ཁས་ལེན་པས་དེ་ལ་ཚོན་གྱིས་བསྒྱུར་བ་དང་མ་བསྒྱུར་བའི་འགལ་བ་མི་འཐད་ཞེས་ཅི་སྟེ་མི་བརྗོད། གལ་ཏེ་གཅིག་ཏུ་ཁས་བླངས་པ་ཙམ་གྱིས་གཅིག་ཏུ་འགྱུར་བ་མ་ཡིན་ལ། ཇི་ལྟར་སྔོན་པོ་ལ་སོགས ་བར་སྣང་བའི་ཆོས་ཅན་ལ་ནི་གཏན་ཚིགས་དེ་མ་གྲུབ་པ་མ་ཡིནོ་ཞེ་ན། དེ་བཞིན་གཤེགས་པར་ཁས་བླངས་པ་ཙམ་གྱིས་ཀྱང་ཤེས་པ་ཉིད་དུ་ནི་མི་འགྱུར་ལ། དེ་ལྟར་སྣང་བའི་ཆོས་ཅན་ལ་ནི་གཏན་ཚིགས་ཏེ་གྲུབ་པས་ཅིའི་ཕྱིར་ན་མི ་མཚུངས་སྙམ་དུ་སེམས་པའོ།། གཞན་ཡང་སྣ་ཚོགས་པ་སྣང་བ་ཉིད་ཀྱི་ཕྱིར། ཤེས་པ་གཅིག་གིས་བདག་ཉིད་ཡིན་ཞེས་པ་ནི་བསྒྲུབ་བྱ་ལས་བཟློག་པའི་ཆོས་ཀྱི་ཁྱབ་པའི་ཕྱིར་གཏན་ཚིགས་འགལ་བ་ཉིད་ཡིན་པོའམ། ཡང ་དོན་དམ་པར་སྣ་ཚོགསུ་སྣང་བའི་ཕྱིར་ཞེས་གཏན་ཚིགསུ་འགོད་ན་ནི་མ་གྲུབ་ལ། ཀུན་རྫོབ་ཏུ་སྣ་ཚོགསུ་སྣང་བའི་ཕྱིརརོ།། དོན་དམ་པོར་དེ་ལྟར་སྣང་བའི་ཤེས་པ་གཅིག་ཉིད་ཏུ་སྒྲུབ་ན། ཁྱབ་པ་མ་གྲུབ་པོ་ཞེས་སྤྱིར་བསྟན་པར་བྱ ་ལོ། དེ་ལྟར་སྣ་ཚོགས་གཉིསུ་མེད་པའི་ཕྱོགས་བཀག་ནས་གཞན་དག་སྣ་ཚོགས་ཀྱི་རྣམ་པར་སྣང་བ་ནི་ཤེས་པ་དུ་མོའི་བདག་ཉིད་དུ་ཡོད་ཞེ་ན། འདི་ཡང་མི་འཐད་དེ། དུ་མ་རྩོམ་པར་བྱེད་པའི་སྔོ་སྣང་ལ་སོགས་པའི་ཤེས་པ ་སོ་སོ་བ་གཅིག་ཉིད་ཡིན་ནམ། འོན་ཏེ་དུ་མ་ཞིག་ཚེ་ཐུགས་པ་མེད་པར་ཁས་ལེན་དང་པོ་ལྟར་ནི།། རྡུལ་ཕྲ་རབ་ཀྱི་སྤྱད་པ་མཚུངས་ཏེ། ཇི་ལྟར་དབུས་ཀྱི་ཕྱོགསུ་དཀར་པོར་སྣང་བ་ལ་དེའི་ཤར་ཕྱོགསུ་སྔོན་པོར་སྣང་བས་བལྟས ་ཤིང་སྦྱར་བའི་ཕྱོགས་དེ་ཉིད་དུ་ལྷོ་ཕྱོགས་ལ་སོགས་པར་སོ་སོར་སྣང་བ་རྣམས་ཀྱིས་བལྟས་ཤིང་སྦྱར་ན། ཐམས་ཅད་ཤར་ཕྱོགས་ཀྱི་གོགས་ཉིད་དུ་སྣང་བར་འགྱུར་ལ། འོན་ཏེ་དེ་དག་གིས་ཕྱོགས་སོ་སོར་བལྟས་ཤིང ་སྦྱརོ་ཞེ་ན། དེ་ལྟ་ན་དབུས་ཀྱི་དཀར་པོར་སྣང་བ་དེ་ཉིད་ཆ་གཞིར་འགྱུར་པས་གཅིག་པ་ཉིད་ཉམ་སོ།། གལ་ཏེ་རྡུལ་ཕྲ་རབ་ལུས་ཅན་གྱི་དཔྱད་ལ། སེམས་ལུས་ཅན་མ་ཡིན་པས་མི་མཚུངས་ཏེ། དེ་ནི་ཡུལ ་དང་ཕྱོགས་ཀྱིས་མ་བསྡུས་པའི་ཕྱིརརོ་ཞེ་ན། མ་ཡིན་ཏེ། སྔར་བསྟན་པ་ལྷོར་སེམསུ་ཁས་བླངས་ཀྱང་དོན་དམ་པར་སེམ་སུ་གྲུབ་པ་ནི་མེད་ལ། སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བ་ནི་ཡུལ་དང་ཕྱོགས་ལ་སོགས་པས་བསྡུས་པར ་སྣང་བས་ཅིའི་ཕྱིར་ན་དཔྱོད་པ་མི་འཇུག་ཅེས་པའོ།། དེ་ལྟ་མ་ཡིན་ན། རྡུལ་ཕྲ་རབ་ཆ་ཤས་མེད་པ་ལས་ཤར་དང་ལྷོ་ལ་སོགས་པའི་ཆ་མི་འཐད་པས་རྣམ་རིག་ཙམ་དུ་སྨྲ་བ་རྣམས་ཀྱིས་དྲུག་གིས་གཅིག་ཅར་སྦྱར་བ་ལ་སོགས་པའི ་བརྟག་པ་བྱསོ་བ་ཡང་མི་འཇུག། གལ་ཏེ་ཆ་མེད་པར་ཁས་བླངས་ཀྱང་དེ་ལྟར་གྲུབ་པ་ནི་མ་ཡིན་ལ། འོན་ཀྱང་རྡུལ་ཕྲ་རབ་རྣམས་འདབ་ཆགསུ་གནས་པ་ལས་རགས་པ་རྩོམ་པར་ཁས་ལེན་པ་ན། དོན་གྱིས་ཤོར་ལ་སོགས་པར ་ཁས་ལེན་དགོས་པས་དེ་ལྟ་བུའི་དཔྱད་པ་འཇུགོ་ཞེ་ན། འདིར་ཤེས་པར་ཁས་བླངས་པ་ཙམ་གྱིས་ཤེས་པར་གྲུབ་པ་ནི་མ་ཡིན་ལ། འོན་ཀྱང་རྡུལ་སྔོན་པོ་ལ་སོགས་པའི་རྣམ་པ་འདབ་ཆགསུ་སྣང་བ་ལས་རགས་པར་སྣང་ལ་རྩོམ་པར་ཁུས ་ལེན་པ་ན་དེ་ལྟ་བུའི་དཔྱད་པ་ཙ་སྟེ་མོ་འཇུག་ཅེས་པའོ།། གལ་ཏེ་ཤེས་པའི་ཕྲ་རབ་དུ་མ་ཉི་ཚེར་ཁས་ལེན་ན། སའི་དཀྱིལ་འཁོར་རྒྱས་པར་སྣང་བ་དང་། སྐྲའི་རྩེ་མོའི་ཁྱོན་ཙམ་དུ་སྣང་བ་གཉིས་རྣམ་པ་ཆེ་ཆུང་གི་ཁྱད་པར་མེད་པར་ཐལ་ཏེ། ་རྩོམ་བྱེད་ཀྱི་ཤེས་པའི་རྡུལ་ཕྲ་རབ་ལ་མང་ཉུང་གི་ཁྱད་པར་མེད་པའི་ཕྱིརརོ་ཞེས་པ་ལ་སོགས་པ་སྔར་རྡུལ་ཕྲ་རབ་ལ་དཔྱད་པ་བྱས་པ་དང་མཚུངས་པས་བལྟ་བར་བྱའོ།། དེ་ལྟར་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་འཇུག་པའི་རྣམ་པར་ཤེས ་པཔའི་དབའ་རླབས་ལ་མེད་ཅིང་། རྣམ་པ་ལས་མ་གཏོགས་པའི་དཔའ་རླ་བོས་ཀྱང་གྲུབ་པ་མེད་པས་དོན་དམ་པར་ཀུན་གཞི་དང་མཐུན་པ་སྟེ། ཀུན་གཞི་ཡང་སྔར་བསྟན་པ་ལྟར་དོན་དམ་པའི་ངོ་བོར་མ་གྲུབ་པའི་ཕྱི་རོ།། དེ་ལྟ་ན་དེ་རྣམས་ཀྱི ་འཇུག་པ་བསྟན་པ་དང་འགལ་ལོ་ཞེ་ན། མཚན་ཉིད་དོན་དུ་ཞེས་པ་ལ་སོགས་པས་ལན་བསྟན་ཏོ།། དོན་དམ་པར་ནི་རྣམ་པར་ཤེས་པའི་ཆོས་ཉིད་དེ་བཞིན་ཉིད་ལ། རྒྱུན་གྱིས་འཇུག་པ་མེད་པ་ལ། ཡུལ་ལ་འཇུག་པ་ནི་ཀུན་རྫོབ་ཏུ ་ཡང་མེད་དེ། གཟུང་བའི་ཡུལ་མེད་པའི་ཕྱིརརོ།། གལ་ཏེ་གཟུང་བའི་ཕྱི་རོལ་གྱི་བདག་ཉིད་མེད་ཀྱང་ཤེས་པའི་ནང་དུ་གཏོགས་པའི་གཟུང་བ་ནི་ཀུན་རྫོབ་ཏུ་ཡོད་ཞེ་ན།། མ་ཡིན་ཏེ། དེ་ཡང་གཟུང་བའི་མཚན་ཉིད་དུ་གྲུབ་པ་མ ་ཡིན་ཏེ། གཟུང་དང་འཛིན་པས་སྟོང་པའི་ཕྱིར། དེ་ནི་དེ་ལྟར་རང་ཉིད་གསལ་ཞེས་གསུངས་པ་ལྟ་བུའོ།། གལ་ཏེ་གཟུང་བའི་ཡུལ་འགའ་ཞིག་ཡོད་ན། དེའི་ལྟོས་པར་གྱུར་པ་འཛིན་པའི་རྦ་རླབས་ཀྱང་དེ་ལྟར་སྣང་བ་དང་། མཐུན ་པར་གྲུབ་པར་འགྱུར་བ་ཞིག་ན། གཟུང་བ་ཉིད་མེད་པའི་ཕྱིར་དེ་ལ་ལྟོས་པའི་འཛིན་པ་མི་འཕད་དོ་ཞེས་པའོ།། དེ་ལྟར་ཀུན་རྫོབ་ཏུ་ཆོས་ཐམས་ཅད་སེམས་ཙམ་ཉིད་ཡིན་ཞིང་། དོན་དམ་སེམས་ཀྱི་ངོ་བོ་ཡང་གྲུབ་པ་མེདོ་ཞེས ་སྔར་རྒྱས་པར་བསྟན་ལ། འདིར་ནི་ཁྱད་པར་དུ་རྣམ་པ་བདེན་པའི་ཕྱོགས་བཀག་པའོ།། ཡང་རྣམ་པ་བརྫུན་པའི་ཕྱོགས་ཀྱང་འོག་ནས་འགོག་པར་འགྱུར་རོ།། ལུས་དང་ཞེས་པ་ལ་སོགས་པས ་ཀུན་རྫོབ་ཏུ་རྦ་རླབས་སེམས་དང་མཐུན་ཞིང་། སེམས་ཀྱི་འཇུག་པ་ཡོད་རྦ་རླངས་དང་འདྲ་བར་སྟོན་པོ་སྟེ། འདིའི་ཞིབ་ཏུ་ནི་འོག་ནས་བསྟན་པར་བྱའོ།། རྦ་རླབས་དངོས་པོར་ཞེན་པ་ལ་སོགས་པས་ནི་དཔེ་བསྟན་པའི་སྒོ་ནས་བྱིས་པ ་རྣམས་ཀྱིས་ཀྱང་དེ་དག་གི་འཇུག་པ་སྤྱིའི་ཚུལ་དུ་རྟོགས་པར་རིགས་ཤིང་། དེ་ཉིད་ཀྱི་ཕྱིར་དཔེ་ཡང་ཉེ་བར་དགོད་པ་ཡིན་ཞེས་པའོ།། སྔར་རྟོགས་པར་དཀའ་བ་ཉིད་དུ་བསྟན་པ་ནི་རང་གི་མཚན་ཉིད་ཇི་ལྟ་བ་ཡིན་པས་འགལ ་བའི་ཉེས་པར་མི་འགྱུར་རོ།། འདིར་རྦ་རླབས་དངོས་པོ་ཞེས་པ་ནི་དཔེའི་དབང་དུ་བྱས་ཏེ་བསྟན་པ་ཡིན་ལ། སྔར་བསྟན་པའི་དབའ་རླབས་ཞེས་པ་རྣམས་ནི་དཔེ་ཡིས་མཚོན་པའི་དོན་གྱི་དབང་དུ་བྱས་པའོ།། སྐྱེ་བོ་བཟང་ངན་ཞེས ་པ་ལ་སོགས་པས་ནི་སངས་རྒྱས་རྣམས་ཀྱི་ཆོས་བཤད་པ་འཇུག་པའི་བྱེ་བྲག་གདུལ་བྱའི་ཁྱད་པར་གྱིས་མི་འདྲ་བ་ཉིད་དུ་སྟོན་ཏེ། དེ་ལ་དབང་པོར་རྒོལ་བའི་དོན་ནི་དེ་བཞིན་གཤེགས་པ་ལ་ཐུགས་རྗེ་ཆེན་པོ་ཕྱོགས་རིས ་མེད་པ་མངའ་བས། ཐམས་ཅད་ལ་ཡང་དག་པའི་དོན་མཚུངས་པ་ཉིད་དུ་སྟོན་པར་རིགོས་ཏོ།། ཇི་ལྟར་ཉི་མའི་དཀྱིལ་འཁོར་སེམས་ཅན་རྣམས་ལ་མཉམ་པོར་འཆར་བ་བཞི་ནོ།། གལ་ཏེ་ཐམས་ཅད་ལ་ཡང་དག་པོའི་དེ་བཞིན ་ཉིད་དུ་གསུངས་ན། གསུང་རབ་དག་ལས་སེམས་ཙམ་དངོས་པོར་བསྟན་པའམ། ཕྱིའི་དོན་ལ་བསྟན་པ་ལ་དེ་བཞིན་ཉིད་མ་མཆིས་ཞེས་པ་སྟེ། བསྟན་པའི་དོན་ལ་ཚང་མས་གནོད་པ་དེ་བཞིན་ཉིད་ཀྱི་ངོ་བོར་མ་གྲུབ་ཅེས་པའོ།། ཆོས ་ལ་རབ་ཏུ་བཞུགས་མཛད་ཅིང་ཞེས་པ་ནི་རང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་པའོ་མ། སངས་རྒྱས་ཉིད་ཀྱི་ཆོས་དེ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ཐབས་དང་ཤེས་རབ་དབྱེར་མེད་པའི་བདག་ཉིད་ལ་རྟག་ཏུ་བཞུགས ་ནས་ཞེས་པའོ།། ཚིག་འདི་བསྟན་པའི་དགོས་པ་ཡང་ཐུགས་རྗེས་སེམས་ཅན་གྱི་དོན་བྱེད་པ་ན། རང་ཉིད་ཆོས་ཀྱི་དབྱིངས་ལས་གཡོངས་པར་འགྱུར་བ་སྲིད་པས་དེ་འདྲ་བ་དགག་པའི་དོན་དུའོ།། ཇི་ལྟར་རྒྱ་མཚོ་ཞེས་པ་ལ་སོགས ་པས་ལན་སྟོན་ཏེ། དེ་ལ་དང་པོར་ཀུན་རྫོབ་ཏུ་རྣམ་པར་ཤེས་པའི་འཇུག་པ་ཚུལ་གཞན་གྱི་སྒོ་ནས་བསྟན་ཏེ། དེའི་དོན་ཡང་ཇི་ལྟར་མེ་ལོང་ལ་རྫསུ་མ་གྲུབ་པའི་གཟུགས་སྣང་བ་དང་། རྨི་ལམ་ལ་སོགས་པའི་གནས་སྐབས་ན ་ཡང་དངོས་པོ་ལ་མེད་པའི་གཟུགས་ལ་སོགས་པ་རིམ་མཱམ་ཅིག་ཅར་གྱིས་སྣང་བ་བཞིན་དུ་རྣམ་པར་ཤེས་པ་རྣམས་ཀྱང་རང་གི་སྤྱོད་ཡུལ་དུ་སྲུང་བ་ལ། རྫསུ་གྲུབ་པའི་ཡུལ་དང་མི་ལྡན་ཡང་རིམ་མམ་ཅིག་ཅར་གྱིས ་འཇུག་ཅིང་སྣང་བ་སྟེ། དེ་ལ་རྣམ་པར་ཤེས་པ་ནི་ཀུན་གཞི་དང་ཡིད་ཀྱི་རྣམ་པར་ཤེས་པའམ། ཡང་ན་རྣམ་པ་དྲུག་གི་བདག་ཉིད།། ཡིད་ཀྱིས་དེ་བཞིན་སྙེམས་པར་བྱེད་ཅེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་ལ ་@ང་ཡིར་འཛིན་པ་སྟེ། བདག་ཏུ་ང་རྒྱལ་བའོ།། ནང་དུ་མཉམ་པར་བཞག་པའི་གནས་སྐབས་ནི། དེ་འདྲ་བའི་འཇུག་པའི་རིམ་པ་མེད་ཅེས་པའོ།། དེ་ལྟར་ན་ཡུལ་དང་ཡུལ་ཅན་གྱི་ངོ་བོ་སྣ་ཚོགསུ་བཤ ་པ་ནི་དོན་དམ་པར་གྲུབ་པ་མེད་ཅེས་རི་མོའི་དཔེའི་སྒོ་ནས་སྟོན་པར་བྱེད་དེ། དེ་ཡང་ཚོན་ལ་རི་མོ་ཡོད་མ་ཡིན་ཞེས་པས་དཔེ་ཉིད་གསལ་བར་འཆད་དེ། ཇི་ལྟར་ཚོན་རྩི་གཅིག་པུ་ལེ་རི་མོ་སྐྱེད་པའི་ནུས་པ་ཡོད་པ་མ་ཡིན་ཏེ། ་རྐྱེན་གཞན་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར།། དེ་བཞིན་དུ་པིར་དང་སྣོད་དང་སྒྱེད་བུའི་རྩོལ་བ་དག་ལ་ཡུད་སྦྱར་བར་བྱའོ།། གལ་ཏེ་དེ་རྣམས་རེ་རེ་ལ་འབྲས་བུ་སྐྱེད་ནུས་པ་མེད་ཀྱང་། དེ་རྣམས་ཚོགས་པ་ལ་ཡོད་ཞེ་ན། ཚོགས་པ ་ཅན་རེ་རེ་བ་རྣམས་མ་གཏོགས་པའི་ཚོ་གས་པ་ནི་གྲུབ་པ་མེད་དེ། དེའི་དོན་ཞིབ་ཏུ་འག་ནས་སྟོན་པར་འགྱུར་རོ།། དེ་ལྟར་དཔྱོད་པའི་དོནཱ་མ་གྲུབ་ཀྱང་། མ་གཏགས་ནི་ཉམས་དགའ་བ་ཙམ་དུ་ཚོན་ལ་སོགས་པས་རི་མོ་བསྐྱེད་པར་སྣང ་ཞིང་། དེ་ལྟར་རྣམ་པར་བརྟག་པར་བྱ་བ་བཞིན་དུ་ཤེས་པ་དང་ཤེས་བྱའི་བདག་ཉིད་སྣ་ཚོགསུ་བཤད་པ་ཡང་། སོ་སོ་བ་དང་འདུས་པའི་རྐྱེན་ལས་སྐྱེ་བ་མ་ཡིན་ཞིང་། མ་སྐྱེས་པའི་ངོ་བོར་ཡང་མ་གྲུབ་པ་མ་ཡིན་མོད་ཀྱི། ཀུན་རྫོབ་རྣམ་པར ་བཞག་པ་ཙམ་དུ་དེ་ལྟར་སྣང་བ་དང་། དམིགས་པ་ཅན་གྱི་སེམས་ཅན་རྣམས་དྲང་བའི་དོན་དུ་དེ་ལྟར་བསྟན་པའོ།། ཡང་དག་པའི་དོན་ལ་ནི་བརྗོད་བྱ་དོང་བརྗོད་བྱེད་ཀྱི་ཆོས་ཐམས་ཅད་མེད་ཅིང་། ཡོད་པར་བསྟན་པ་ནི་ཕྱིན་ཅི་ལོག་ཡིན་མོད ་ཀྱི། སེམས་ཅན་རྣམས་དྲང་བའི་དོན་དུ་བསྟན་པ་ཡིན་པས། དེ་བཞིན་གཤེགས་པ་ལ་བརྫུན་གསུངས་པའི་ཉེས་པ་མི་མངའོ།། དེ་ལྟ་ན་ཡང་དག་པའི་དོན་སུ་ལ་སྟོན་ཞེ་ན། ཆོས་རྣམས་ལ་ནི་ཞེས་པ་ལ་སོགས་པའོ།། ཇི་ལྟར་སྒྱུ་མ་ཞེས་པ ་ལ་སོགས་པས་ནི་སྔར་གྱི་དོན་ཉིད་བསྡུས་ཏེ་བསྟན་པའོ།། དེ་ལྟར་གདུལ་བའི་བྱེ་བྲག་མི་འདྲ་བས་བཤད་པ་འཇུག་པའི་བྱེ་བྲག་ཀྱང་མི་འདྲ་བ་ཉིད་དུ་དཔའི་སྒོ་ནས་གསལ་བར་བསྟན་པ་ནི། གཞན་ལ་གང་ཞིག་ཅེས་པ་ལ་སོགས་པའོ།། སེམས ་ཙམ་དུ་ཡང་ཞེས་པ་ནི་མཚོན་པ་ཙམ་སྟེ། གདུལ་བྱའི་ཁྱད་པར་ལ་གང་ཟག་དང་ཕྱིའི་དོན་ཡང་ཡོད་པར་སྟོན་པའོ།། དེ་ལྟར་བསྟན་པའི་དོན་དེ་ཉིད་དབང་པོ་མཆོག་དང་ལྡན་པ། ཐེག་པ་ཆེན་པོའི་རིགས་ཅན་ལ་ནི་མ་ཡིན་ཞེས་པ་སྟེ། ཤཱ ་པབར་ཟད་དོ།། དེ་ལྟར་རྣམ་པར་ཤེས་པ་རྣམས་ཡུལ་ལ་ཇི་ལྟར་འཇུག་པ་དང་ལྡོག་པོའི་ཚུལ་བསྟན་ནས། གཉིས་ཀྱི་མཐའ་བརྗོད་ཇི་ལྟ་བུ་ཞེས་པ་ལ་སོགས་པའི་ལན་དུ་ཡོད་པ་དང་མེད་པ་ལ་སོགས་པའི་མཚན་མ་བློའི་མདུན་དུ་བྱས་པ་ནི། ་གཡང་སའི་གན་སུ་གྱུར་པའི་མཐའ་ཉིད་ཡིན་པས་དེ་རྣམས་རྣམ་པར་བཀུག་པའི་དེ་བཞིན་ཉིད་སྨོན་ཏེ། དེ་ལྔ་དང་པོར་དེ་བཞིན་ཉིད་རྟོགས་པའི་ཡན་ལག་དང་ལྡན་པར་བྱའོ་ཞེས་དེ་བཞིན་གཤེགས་པས་གདམས་པའི་ཚུལ་དུ་སྟོན ་པ་ནི། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་ནི་རང་གི་སེམས་ཀྱི་རྣམ་པར་རྟོག་པ་ཉིད་ཡིན་ཞིང་ཐ་དད་པའི་སྤྱོད་ཡུལ་གྲུབ་པ་མེད་པ་ལ་དེ་བཞིན་དུ་རྟོགས་དོན་དམ་པར་སེམས་ཀྱི་རྣམ་པར ་རྟོག་པ་ཉིད་ཀྱང་ངོ་བོ་ཉིད་མེད་པར་རྟོགས་པར་འདོད་པས། འདུ་བ་དང་འདུ་འཛི་སྟེ། རྙེད་པ་དང་བཀུར་སྟི་མང་པོ་དང་། གཡོག་འཁོར་ལ་སོགས་པ་སྐྱེ་བོ་མང་པོའི་ཚོགས་དང་། གཉིད་དང་རྨུགས་པ་དང་། རྒོད ་པ་དང་། འགྱོད་པ་དང་། འདོད་པ་དང་། འདུན་པ་དང་། གནོད་སེམས་དང་། ཐེ་ཚོམ་དུ་གྱུར་པའི་སྒྲིབ་པ་ལྔ་སྤང་བར་བྱ་ཞིང་། དེ་ཉིད་ཀྱིས་སྲོད་དང་ཐོ་རངས་དང་ནམ་གྱི་གུང་ལ་མི་ཉལ་ཞིང་རྣལ་འབྱོར་ལ་བརྩོན་པར་བྱའོ་ཞེས་པ་ལ་སོགས་པ་ཤེས ་པར་ཟད།། སེམས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་སྟེ། སངས་རྒྱས་ཀྱི་རིགས་སམོ།། རང་བཞིན་ལ་སོགས་པ་ཉིད་དུ་བསྟན་ཏོ།། ཤེས་རབ་དང་ཡེ་ཤེས་ཀྱི་མཚན་ཉིད་ནི་འདིར་གོ་རིམ་བཞིན་དུ་ཆོས་ཀྱི་དབྱེ་བ ་རབ་ཏུ་ཤེས་པ་དང་། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པ་སྟེ། དེ་འདྲ་བའི་མཚན་ཉིད་རྣམ་པར་དགོད་པ་ལ་གནས་ཞེས་པ་སྟེ། དེ་རྣམས་ཇི་ལྟ་བ་བཞིན་དུ་རྟོགས་པས་བདུན་པ་མན་ཆོད་ཀྱི་གནས་སྐབས་ཀྱིས་བསྡུས་པའོ།། གོང་དུ་ཞེས་པ་ནི། ་དེ་ལས་རྟག་ཏུ་སྟེ། ཡོན་ཏན་ཁྱད་པར་ཅན་མངོན་དུ་བྱེད་པའོ།། དེ་ཉིད་གང་ཞེ་ན། སྣང་བ་མེད་པའི་མཚན་ཉིད་དེ། ས་བརྒྱད་པའི་གནས་སྐབས་ཀྱིས་བསྡུས་པ་གཉི་སུ་སྣ་བ་ལ་སོགས་པའི་མཚན་མ་མེད་པ་ཞི་བའི་བསམ་གཏན་ལ ་མཉམ་པར་བཞག་པའོ།། སངས་རྒྱས་ཐམས་ཅད་ཀྱི་རང་གི་སྨོན་ལམ་གྱི་བྱིན་གྱིས་བརླབས་ཀྱི་མཚན་ཉིད་ནི་དེ་རྣམས་ཀྱིས་སྔོན་ཚོགས་བསགས་ཤིང་། སྨོན་ལམ་བཏབ་པ་དང་། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་ཀྱང་དེ་བཞིན།། ་དུ་ཚོགས་བསགས་ཤིང་། སྨོན་ལམ་བཏབ་པའི་སྟོབས་ཀྱིས་ལོངས་སྤྱོད་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྱག་གླང་པོའི་རྣ་ལྟ་བུའོ།། དེ་མགོ་ལ་བཞག་ཅིང་ཚིག་ཏུ་བརྗོད་པར་སྣང་བའི་སྒོ་ནས་ཀྱང་སངས་རྒྱས་ཉིད་ཐོབ་པའི་ཚོགས་རྫོགས ་པར་བྱ་བའི་དོན་དུ་ཞི་བའི་བསམ་གཏན་ལས་བསླངས་ནས་སེམས་ཅན་གྱི་དོན་ལ་སོགས་པ་ལ་སྦྱར་བའོ།། དེ་ལྟར་ཡང་། ས་བདུན་དག་ནི་སེམས་ཡིན་ཏེ། སྣང་བ་མེད་པ་བརྒྱད་པའོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པས ་བཅུ་པོ་ལས། ས་བརྒྱད་པ་ལ་ཞི་བའི་བསམ་གཏན་ལ་སྙོམས་པར་ཞུགས་པ་ན་སངས་རྒྱས་རྣམས་ཀྱིས་དེ་ལས་བསླངས་ནུས་སེམས་ཅན་གྱི་དོན་ལ་བསྐུལ་བ་ཉིད་དུ་གསུངས་པས་སོ།། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་མཚན་ཉིད་ནི་དེ ་ལྟར་སེམས་ཅན་གྱི་དོན་ལ་སོགས་པ་ལ་སྦྱར་བ་ན་ཡང་དེ་རྣམས་སེམས་སྣང་བ་ཙམ་གྱི་རང་བཞིན་དུ་རྟོགས་ཤིང་། དེའི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ་ལས་མི་གཡོའོ།། བོང་བུ་ཐེང་པོ་ལྟ་བུ་ཞེས་པ་ལ་སོགས་པའི་དོན་ནི ་ས་བདུན་པ་མན་ཆོད་དུ་རྣམ་པར་ཤེས་པའི་ཚིགས་རྣམས་གནས་མ་གྱུར་ཅིང་། མཚན་མའམ་རྩོལ་བ་དང་བཅས་པའི་གནས་སྐབས་ཡིན་པས། བགྲད་པར་བྱ་བའི་གནས་ཇི་ལྟ་བར་འགྲོ་བ་ལ་ཅུང་ཟད་ཐོགས་པར་གྱུར་པའོ།། ། ་དེདེའི་ཕྱིར་སྔར་བསྟན་པའི་མཚན་ཉིད་གསུམ་ཁོང་དུ་ཆུད་པས་སྔར་གྱི་དམན་པའི་གནས་སྐབས་སྤངས་ཏེ། རྒྱལ་བའི་སྲས་ཀྱི་ས་བརྒྱད་པ་ཐོབ་ནས་དགུ་པ་ལ་སོགས་པ་ལ་སྦྱོར་བའི་རིམ་གྱིས་སངས་རྒྱས་ཉིད་དུ་འགྱུར་བའོ།། འདིར ་དེའི་གྲོང་དུ་ཞེས་པ་ནི་ས་བརྒྱད་པ་ལ་སོགས་པའི་སྔོན་རོལ་ལོ།། དེ་ལ་ཞེས་པ་ལ་སོགས་པས་སྔར་གྱི་མཚན་ཉིད་གསུམ་པོ་ཇི་ལྟར་འབྱུང་བའི་ཚུལ་སྟོན་ཏེ། དེ་ལ་དང་པོའི་དོན་ནི་སློབ་དཔོན་ཡེ ་ཤེས་དཔལ་བཟང་པོས་མུ་སྟེགས་ལ་སོགས་པ་རྣམས་ལ་ཡང་། སྲོག་དང་རྩོལ་བ་བསྡམས་པའམ། བགྲང་དང་རྗེས་འགྲོ་ལྡོག་པ་དང་ཞེས་པ་ལ་སོགས་པ་སྲོག་གི་རླུང་ལ་བསླབས་པའི་དབང་གིས་རྣམ་པར་རྟོག་པ་ལ་སོགས་པའི་སྣང་བ ་མེད་པའི་ཏིང་འཛིན་ཡོད་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་དང་རྗེ་སུ་མཐུན་པའི་ཐབས་ལ་བསླབས་ཤིང་འདྲིས་པར་བྱས་པས་དེ་འདྲ་བའི་ཏིངངེ་འཛིན་ཐོབ་པོ་ཞེས་གསུང་སོ།། འདིར་དེ་དག་དང་བྱང་ཆུབ་སེམས་དཔའི་ཁྱད ་པར་ནི་ཇི་ལྟར་སྐྱེས་བུ་མིག་བཙུམས་པ་ན། བུམ་པ་ལ་སོགས་པའི་གཟུགས་མི་སྣང་བ་དང་། མིག་དང་ལྡན་པས་དབང་པོ་ལོགས་པར་བྱས་པ་ན་བུམ་པ་ལ་སོགས་པའི་གཟུགས་སྣང་དུ་རུང་བ་ལ་སོ་མ་དམིགས་པས་ཡོད་པའི ་སྒྲོ་འདོགས་ཆོད་ཅིང་། མེད་པར་རྟོགས་པ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མཚན་མའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་དེ་འདྲ་བའི་སྣང་བ་མེད་པས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ཉིད ་ཡིན་ལ། གཞན་ནི་དེ་ལས་བཟློག་པའོ།། ཡང་རྣམ་པོ་གཅིག་ཏུ་ན་ཉན་ཐོས་ལ་སོགས་པའི་གང་ཟག་དང་། ཆོས་ཀྱི་བདག་ཏུ་དམིགས་པ་དང་བཅས་པའི་བསམ་གཏན་དང་དོའི་ཡུལ་ལ་ཇི་ལྟ་བ་བཞིན་རྣམ་པར་འབྱེད་པའི ་རབ་ཀྱིས་ཡོང་སུ་དཔྱོད་ཅིང་འདྲིས་པར་བྱས་པ་ལས། དེ་རྣམས་སྟོང་པ་ཉིད་དུ་རྟོགས་པས་སྣང་བ་མེད་པའི་ཏིང་འཛིན་འབྱུང་བ་སྟེ། ཇི་སྐད་དུ། སྤྱོད་པའི་ཏིང་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཉིད་བཤད་པ་ལྟ ་བུའོ།། གཉིས་པའི་དོན་ནི་ཤེས་པར་སླའོ།། འདིར་སྨོན་ལམ་ནི་སྔར་བསྟན་པ་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་སྨོན་ལམ་ཡང་དེའི་རྒྱུ་ཉིད་དུ་གྱུར་པའོ།། དེ་ལ་འདིར་བྱིན་གྱིས་བརླབས་ནི་དེ་དག་གི་མཐུ་ཡིན་ལ། མཚན་ཉིད་ནི ་དེདེའི་འབྲས་བུར་གྱུར་པ་ཚོགས་གཉིས་རྫོགས་པར་བྱེད་པའོ།། གསུམ་པའི་དོན་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་པ་ས་བརྒྱད་པ་ཡན་ཆད་དུ་སྟོབས་དང་མི་འཇིགས་པོ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་རིགས་ཐམས་ཅད ་ཐོབ་པར་གསུངས་པ་དང་། ཕུང་པོ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི་ལུས་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་སྒྱུ་མ་ལྟ་བུ་ཐོབ་པས། སངས་རྒྱས་ཀྱི་ཡེ་ཤེས ་ཁོང་དུ་ཆུད་པར་འགྱུར་པའི་རྟོག་པའི་རྒྱུན་གོང་ནས་གོང་དུ་འཇུག་པ་ལས་འབྱུང་ཞེས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྐབས་ཀྱི་དོན་བསྡུས་ཏེ། བསྟན་པའོ།། དེ་ལྟར་དེ་བཞིན་གཤེགས་པས་སྤྱིའི་ཚུལ་དུ་གདམས ་པའི་དོན་འཁོར་གྱི་གཙོ་བོས་ཞུས་པ་ནི། དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་ཞེས་པ་ལ་སོགས་པ་སྟེ། ཚིག་གི་དོནི་ཕལ་ཆེར་ཤེས་པར་ཟདདོ།། འདིར་འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་ཙམ་སྨོས་ཀྱི་དེའི་ཡུལ་ལོ་མ་སྨོས་པ་མི་འབད ་དེ། དེ་ལ་ཡང་གཞན་དག་རྨོངས་པར་འགྱུར་པའི་ཕྱིརོ་ཞེ་ན། སྐྱོན་མེད་དེ། ཡེ་ཤེས་ལ་ཐ་དད་པའི་གཟུང་བའི་ཡུལ་གྲུབ་པ་མེད་པའི་ཕྱིརོ།། གང་ལ་གནས་ཞེས་པ་ནི་དབྱིངས་དང་ཡེ་ཤེས་དཔེར་མེད་པ ་ཆོས་ཀྱི་སྐུའི་རང་བཞིན་ལ་གནས་པའོ།། གང་ཟག་དང་ཆོས་ལ་བདག་མེད་པའི་རབ་ཏུ་རྒྱུ་བ་ཞེས་པ་ནི་བདག་མེད་གཉིས་རྟོགས་པའི་ཤེས་རབ་ཀྱི་རྒྱུན་རྒྱུད་སྟེ། དེ་ཉིད་ཀྱིས་དྲི་མ་ས་བོན་དང་བཅས་ཏེ་སྦྱངས་པའོ།། ཆོས་ལྔ་དང་རོང་བཞིན ་རྟོགས་པ་ལས་རྣམ་པར་ལོག་པ་ནི་དེ་དག་གི་རྣམ་པར་དབྱེ་བ་རྟོགས་པ་ཀུན་རྫོབ་མཁྱེན་པའི་ཡེ་ཤེས་སྣང་བ་དང་བཅས་པ་ལས་ལོག་པ་ཆོས་ཀྱི་སྐུ་ཤེས་རབ་དང་ཡེ་ཤེས་ཤིན་ཏུ་འབྲེལ་པ་སྟེ། ཡེ་ཤེས་རིག་པ་དང་། དབྱིངས་དང་སྟོང ་པ་ཉིད་དབྱེར་མེད་པའི་ཚུལ་དུ་རྟོགས་པ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་སྤྱོད་ཡུལ་མངོན་པར་རྟོགས་ཤོང་གོམས་པའི་སྒོ་ནས་མངོན་པར་གྲུབ་པ་སྟེ། ཡེ་ཤེས་ཀྱི་ཚོགས་བསྟན་པའོ།། སངས་རྒྱས་ཀྱི་ཞིང་ཐམས་ཅད་དོང་ཞེས་པ་ལ ་སོགས་པོས་ནི་ཞིང་དང་གནས་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སངས་རྒྱས་ལ་མཆོད་པ་དང་། སེམས་ཅན་གྱི་དོན་བྱས་པས་བསོད་ནམས་ཀྱི་ཚོགས་རྫོགས་པཪྵ་བྱ་སྟེ། སྔར་བསྟན་པ་ལྟར་མཐར་གྱིས་འོག་མིན་གྱི་གནསུ ་ཉེ་བར་སོང་སྟེ། དེ་བཞིན་གཤེགས་པའི་ལིངས་སྤྱོད་རྫོགས་པའི་སྐུ་རབ་ཏུ་ཐོབ་པར་འགྱུར་བའི་འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་རབ་ཏུ་འབྱང་བའི་རང་བཞིན་ཟབ་མོའོ་ཆོས་ཀྱི་རྣམ་གྲངས་སྔར་བསྟན་པ་དགག་བྱ་དང་དེ་དགགཔ ་བརྗོད་པའི་ཚིག་བརྒྱ་རྩ་བརྒྱད་ཤིན་ཏུ་ཕྱེ་བའི་གནས་ཏེ་དེ་དག་ཐམས་ཅད་ལ་བདེན་པའི་དོན་གྲུབ་པ་མེད་པས་ཚིག་ཙམ་ཉིད་ཡིན་ཞིང་། ཚིག་ཉིད་ཀྱང་དོན་ལ་བལྟོས་པས་དངོས་པོར་མི་འཐད་ཅེས་པའོ།། དེའི་ཕྱིར་དགག་བྱ་དང་། ་བཀག་པའི་ཆོས་ཀྱི་མཚན་མར་འཛིན་པ་ནི་མཐའ་ཉིད་དུ་འགྱུར་བ་དེ་ལྟར་བདག་ལ་བཤད་དུ་གསོལ་ཞེས་པའོ།། བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ལན་ལྗོན་པར་བྱེད་དེ། རེ་ཞིག་དང་པོར་མཐའ་གཉིསུ་འཛིན་པའི ་ཚུལ་ནི་ཕྱི་རོལ་པ་འམ་རང་གི་སྡེ་པ་ཡང་རུང་སྟེ། ལོག་པར་ལྟ་བ་ཅན་ཐམས་ཅད་མུ་སྟེགས་པ་ཉིད་དུ་འོག་ནས་སྟོན་པར་འགྱུར་ལ། དེ་དག་ལས་ཀྱང་འགའ་ཞིག་སྔ་ན་མེད་པ་དང་། ཞིག་ནས་མེད་པ་དང་། བུམ་པ་དང་སྣམ་བུ་ལ ་སོགས་པོ་ཕན་ཚུན་གཅིག་ལ་གཅིག་མེད་པ་དང་། རི་བོང་གི་རྭ་ལ་སོགས་པ་གཏན་ནས་མེད་པའོ་ཞེས་མེད་པའི་མཚན་མར་འཛིན་ལ། དགག་པར་བྱ་བའི་དོན་དེ་དག་གིས་དབེན་པ་འམ། དེ་དག་གི་བཟློག་ཟླར་གྱུར་པའི ་བོང་གི་མགོ་བོ་དང་། གླང་གི་རཱ་ལ་སོགས་པ་ནི་དངོས་པོ་ཡོད་པའོ་ཞེས་ཡོད་པའི་མཐར་རྣམ་པར་རྟོག་པའོ།། དེ་ལ་མུ་སྟེགས་ཀྱི་ལྟ་བ་ཅན་ཞེས་པ་ནི་དེ་དག་ནི་གྲུབ་པའི་མཐའ་ལ་བརྟེན་པའོ།། མུ་སྟེགས་ཅན་ཞེས་པ་ནི་གྲུབ ་པའི་མཐའ་མ་ཐོས་ཀྱང་རང་བཞིན་གྱིས་ཕྱིན་ཅི་ལོག་པའོ།། དེ་ལྟར་མངོན་པར་ཞེན་པའི་རྒྱུ་མཚན་ཡང་རི་བོང་གཽ་རྭར་རྣམ་པར་རྟོག་པ་ལ་སོགས་པའི་བློ་དེ་འདྲ་བའི་རྣམ་པར་སྣང་བ་མེད་པའི་ཕྱིར། དེའི་ཡུལ་རི་བོང་ལ་ར་མེད་དོ ་སྙམ་སྟེ། དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཡང་ཕན་ཚུན་གྱི་བདག་ཉིད་མེད་པ་དང་། སྔོན་དང་ཕྱི་མའི་གནས་སྐབསུ་མདོ་ཞེས་རྣམ་པར་རྟོགོ།། རྒྱུ་ཟད་པའི་རང་བཞིན་ཞེས ་བ་ནི་དེ་འདྲ་བའི་རྟོགས་པ་ལ་སོགས་པ་འབྱུང་བའི་རྒྱུ་རྐྱེན་གཞན་ཟད་པའི་དབང་གིས་མེད་པ་ཡིན་གྱིས། རྭ་མེད་པའི་མཚན་མ་ཇི་ལྟར་བཟུང་བ་བཞིན་གནས་པ་ལ་བརྟེན་ནས་དེ་འདྲ་བའི་བློ་མེད་པར་འགྱུར་བ་ནི་མ་ཡིན་ཞེས་པའོ།། ། ་བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས་ཡོད་བཱི་མ་ར་རྟོག་པའི་ཚུལ་སྟོན་ཏེ། དེ་ལ་དཔེའི་ཚུལ་གྱི་ཁྱད་པར་ནི་བ་ལང་གི་རྭ་ལ་སོགས་པ་ཡོད་པར་འཇོག་པའི་གཏན་ཚིགས་དོན་བྱེད་པར་ནུས་པ་དང་། གང་ཞིག་དོན ་བྱེད་པར་ནུས་པ་དེ་ནི་ཡོད་པ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ཞེས་པ་ལ་སོགས་པའོ།། དེའི་ཕྱིར་དེ་ལས་བཟློག་པ་རི་བོང་གི་རྭ་མེད་པར་མངོན་པར་ཆགས་ཤིང་ཞེན་པ་རྣམས་དེ་དང་མི་མཐུན་པ་བ་ལང་གི་རྭ་ཡོད་དོ་སྙམ་དུ་རྣམ ་བོར་རྟོག་པའོ།། བློ་གྲོས་ཆེན་པོ་མཐའ་གཉིས་ཞེས་པ་ལ་སོགས་པས་དེ་འདྲ་བའི་བལྟ་བ་འོར་གཅིག་པར་གདམས་པའོ།། སེམས་ཀྱི་ཁམས་ཉིད་རྣམ་པར་རྟོག་པ་སྟེ། ཁམས་ཀྱི་དོན་ནི་རྒྱུའམ་དབྱིང་སོ།། དེའི་ཕྱིར་ལུས་དང ་ལོངས་སྤྱོད་དང་། གནས་དང་འགྲོ་བ་རྣམསུ་རྣམ་པར་རྟོག་པར་བརྟགས་པ་ནི་རྟོག་པའི་རང་བཞིན་ནམ། དེའི་རྒྱུ་ལས་བྱུང་བ་སྟེ། དེས་སྒྲོ་གཏགས་པའོ།། དེ་ལྟ་བུའི་རང་བཞིན་གྱི་རི་བོང་གི་རྭ་མེད་དོ་ཞེས་རྣམ་པར་རྟོག་པའི་བློའི ་མདུན་དུ་མེད་པའི་མཚན་མར་སྒྲོ་གཏགས་པ། དེ་ཁོ་ན་ཅད་དུ་ཡོད་པ་དང་མེད་པའི་མཚན་མ་ལས་རྣམ་པར་ལོག་པ་ལ་མེད་པའི་མཚན་མར་བརྟག་པར་མི་བྱ་ཞེས་པའོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཡོད་པ་དང་། མེད་པ་ལ ་སོགས་པའི་མཚན་མར་རྣམ་པར་རྟོག་པའི་བློ་ཡིས་བཅས་ཤིང་བརྟགས་པ་ལས་ལོག་པ་སྟེ། དེ་ལ་དེ་ལྟར་བརྟག་པར་མི་བྱ་སྟེ། ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་མོ་སྟེ། འཁོར་བའི་རྒྱ་མཚོར་ལྷུང་བར་བྱེད་ཞེས་གསུངས་པའི ་ཕྱིར་རོ།། འདི་ཉིད་དུ་ཡང་སྔར་བསྟན་པ་སྟེ། དེ་ལྟར་རྣམ་པར་རྟོག་པའི་བློ་ཡིས་སྤྲོས་པ་ཐད་དང་བྲལ་བའོ་ཞེས་མཚན་མར་བཟུང་ཞིང་མདུན་དུ་བྱས་ན། དེ་ཡང་ཕྱིན་ཅི་ལོགས་དུ་འགྱུར་བའོ་ཞེས་བསྟན་ཏོ། དེའི་ཕྱིར་ཆོས་ཐམས ་ཅོད་ཀྱི་རང་བཞིན་སྟོང་པ་ཉིད་དྲིམ། རི་བོང་གི་ར་དང་། ན་མཁའི་པདྨ་ལ་སོགས་པ་ཀུན་རྫོབ་ཙམ་དུ་ཡང་དངོས་པོའི་ངོ་བོ་བཀག་པ་ཙམ་ནི་དེ་ལྟར་བདེན་མོད་ཀྱི། དེ་དག་མེད་པའོ་ཞེས་རྣམ་པར་རྟོག་པའི་བློ་ཡིས་མདུན་དུ་བྱས ་ཤཱིང་མཚན་མར་བཟུང་བ་ནི་ཕྱིན་ཅི་ལོག་གཡང་སའི་མཐའ་ཞེས་བྱའོ།། མེད་པ་ལས་རྣམ་པར་ལོག་ཞེས་པ་ཡང་དེ་འདྲ་བའི་རང་བཞིན་གྱི་མེད་པ་ལས་ལོག་པ་སྟེ། གཞན་དུ་ན་དགག་པ་བཀག་པ་སྒྲུབ་པར་འགྱུར་ཞེས་པ་ལོ་སོ ་པའི་ཉེས་པ་སྔར་བསྟན་ཏོ།། བློ་གྲོས་ཆེན་པོ་གང་ཡང་ཞེས་པ་ལ་སོགས་པས་ཕྱིན་ཅི་ལོག་ལ་གནས་པ་རྣམས་དེ་ལྟར་རྟོགས་མོད་ཀྱི། ཡང་དག་པར་ན་དེ་དག་གིས་རི་བོང་གིརརྭ་མེད་ཅིང་། བ་ལང་གི་ར་ལ་སོགས་པ་ཡོད་ཅེས ་བརྟག་པར་མི་བྱ་སྟེ། ཡོད་པ་དང་མེད་པ་ཕན་ཚུན་བལྟོས་པའི་རྒྱུའི་ཕྱིརརོ།། གལ་ཏེ་དེ་ལྟ་ན་ཡང་ལྟོས་པར་བྱ་བ་བ་ལུང་གི་རྭ་ལ་སོགས་པ་ཡོད་པའི་ཕྱིར། དེ་ལས་བཟློག་པར་བང་གཱ་ར་མང ་ཉིད་དུ་བརྟགས་པར་འོསོ་ཞེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་རྣམ་པར་ལོག་ཅེས་པའི་དོན་ནི་ཐམས་ཅད་མཁྱེན་པའི་མཁྱེན་པ་ལ་ཡང་མི་སྣང་བའི་ཕྱིར་ཞེས་བདེ ་པ་གཉིས་ཀྱིས་རབ་ཏུ་བྱེད་པ་ལས་བཤད་པའམ། གཞན་ཡང་གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། འདུ་ཤེས་མཐོང་བ་མེད་ལ་སོགས་པ་ཤེས་རབ་ཕ་རོལ་ཕྱིན་པ་ལས་བཤད་པ་བཞི་ནོ།། དེ་ནས་ཞེས་པ་ལ། ་སོགས་པ་གདུལ་བྱའི་ཐེ་ཚོམ་གཅད་པར་བྱ་བའི་དོན་དུ་ཞུས་པ་སྟེ། དེའི་དོན་ནི་རི་བོང་གཾ་རྭར་རྣམ་པར་རྟོག་ཅིང་སྣང་བའི་བློ་མ་དམིགས་པས་བློའི་ཡུལ་དུ་གྱུར་པ་དེ་ལས་ཐ་དད་པོ་ཕྱི་རོལ་གྱི་ངོ་བོར་གྱུར་པའི་རི་བོང་གི་རྭ་མེད་དོ། ་ཞེས་དཔག་པར་བྱ་སྟེ། ཇི་ལྟར་ཕྱི་རོལ་གྱི་ངོ་བོར་གྱུར་པའི་དངོས་པོ་འགའ་ཞིག་ཡོད་ན། དེ་ལྟར་སྣང་བའི་བློ་དམིགས་པར་འགྱུར་ཏེ། གླང་གི་རྭ་ལ་སོགས་པ་བཞིན་སྙམ་དུ་སེམས་པའོ།། ལོན་གྱི་དོན་ནི་གལ་ཏེ་རི་བོང་གི་རཱ་ལ་སོགས ་པའི་དངོས་པོ་ཡོད་ན་དེར་སྣང་བའི་ཡུལ་ཅན་གྱི་བློ་ནི་འབྲས་བུ་ཉིད་དུ་འགྱུར་ན། ཡུལ་ནི་རྒྱུ་ཉིད་དུ་འགྱུར་བ་སྟེ། ཇི་སྐད་དུ། ཚད་མ་རྣམ་པར་གཏན་ལ་དབབ་པ་ལས། རྣམ་པར་རྟོག་པར་ནུས་པའི་ཕྱིར། ཤེས་པའི་ཡུལ་ནི་རྒྱ་ཉིད་ཡིན ་ལ། རྒྱུ་མ་ཡིན་པ་ནི་ཡུལ་དུ་མི་འགྱུར་རོ་ཞེས་གསུངས་པ་དང་། རྣམ་འགྲེལ་ལས་ཀྱང་། རྒྱུ་མིན་ཡུལ་ཡང་ཇི་ལྟར་རུང་ཞེས་གསུངས་པ་ལྟ་བུའོ།། དེའི་ཕྱིར་རི་བོང་གི་རྭརརྱ་རྣམ་པར་རྟོགས་པ་ལ་སོགས་པ་ཡུལ་ཅན་གྱི་བློ་འབྲས་བུར་གྱུར་པ ་བཀག་པས་རྒྱུ་བཀག་པ་ནི་འཁྲུལ་པ་ཉིད་དེ་ཇི་ལྟར་ས་ཕྱོགསུ་ཤ་ཟར་སྣང་བའི་བློ་བཀག་པས་ཤ་ཟ་དགག་པར་མི་ནུས་པ་ལྟ་བུའོ།། འདིར་དཽ་ནི་ཞེས་བྱ་བའི་དོན་ནི་གལ་ཏེ་ཕྱི་རོལ་གྱི་དངོས་པོར་གྱུར་པའི་རི་བོང་གི་རྭ་ལ་སོགས ་པ་ཡོད་ན། དེ་ཉིད་དེར་སྣང་བའི་ཡུལ་ཅན། རྣམ་པར་རྟོག་པའི་བློ་ལ་སོགས་པའི་རྒྱུ་ཡིན་ཏེ། དེ་ལ་བརྟེན་ཏེ་བློ་བྱུང་ཞེས་པའོ།། གལ་ཏེ་འདིར་ཤ་ཟོ་ལ་སོགས་པ་ནི་རང་བཞིན་གྱི་བསྐལ་བ་ཡིན་པས་ཡོད་ཀྱང་དེར་སྣང་བའི ་བློ་མི་འགྱུར་ལ་རི་བོང་གི་ར་ནི་ཡོད་པར་གྱུར་ན་ཡུལ་དང་དུས་དང་རང་བཞིན་གྱིས་མ་བསྐལ་ཞིང་མིག་གི་དབང་པོ་ལ་སོགས་པ་དམིགས་པའི་རྐྱེན་གཞན་དག་ཀྱང་ཚང་བས་དམིགས་པ་ཁོ་ནར་འགྱུར་ཏེ། གླང་རཱི་ལ ་སོགས་པ་བཞིནོ་ཞེ་ན། དེ་ལྟར་བདེན་མོད་ཀྱི། འདིར་རི་བོང་གི་རྭ་མེད་ཅེས་རྣམ་པ་ཐམས་ཅད་དུ་མེད་པར་བཀག་པའི་དོན་དང་། དེར་སྣང་བའི་བློ་བཀག་པ་ཙམ་གྱི་མེད་པར་དགག་པ་ལ་ནི་གོ་བྱ་གོ་བྱད་དུ་མི་འཐད་བ ་ཉིད་དུ་སྔར་རྒྱས་པར་བསྟན་ལ། གཞན་ཡང་མེདོ་ཞེས་རྣམ་པར་རྟོག་པའི་བློའི་མདུན་དུ་མཚན་མར་བཟུང་བ་དང་། དེར་སྣང་བའི་རྣམ་པར་རྟོག་པ་ལ་སོགས་པའི་བློ་མེད་ཅེས་མཚན་མར་བཟུང་བ་ནི་སྒྲོ་གཏགས་པའི ་དོན་ཏེ། ཇི་ལྟར་བཏགས་པ་བཞིན་མི་བདེན་པས་ཁྱད་པར་དུ་ཡང་གོ་བྱ་དང་གོ་བྱེད་མི་འཐད་པ་ཉིད།། གལ་ཏེ་དེ་ལྟ་ན་གཅིག་དང་དུ་མ་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཇི་ལྟར་སྣང་བ ་སྒྱུ་མ་ཡིནོ་ཞེས་རྣམ་པར་བཞག་པ་ཡང་མི་འཐད་ཞེ་ན། འདིར་ཡང་སྒྱུ་མ་ལ་སོགས་པའི་མཚན་མར་རྣམ་པར་རྟོག་པོའི་བློས་བརྟག་པ་ནི་དེ་ལྟར་བདེན་པ་མ་ཡིནོ་ཞེས་སྔར་བསྟན་ལ། གོ་བྱ་གོ་བྱེད་དུ་འགྱུར་བའི་ཚུལ་དོན་དམ ་པའི་དེ་ཁོ་ན་ཉིད་ཀྱང་སྔར་རྒྱས་པར་གཏན་ལ་ཕབ་བོ།། སྐབསུ་བབ་པའི་དོན་འདིར་ཡང་རི་བོང་གི་རཱ་ལ་སོགས་པའི་དངོས་པོ་བཀག་པ་དེའི་མགོ་ལ་སོགས་པར་སྣང་བའི་ཆོས་ཅན་གྱི་ཆོ་སུ་བསྐོར་བ་སྒྱུ་མ་ལྟ་བུའི་དོན་དང་། དེ ་ལྟར་དམིགས་པའི་བློ་བཀག་པའི་ངོ་བོ་ནི་གོ་བྱཱ་གོ་བྱེད་དུ་འཐད་ཅིང་སྒྱུ་མ་དོན་དམ་པའི་ངོ་བོ་ཉིད་མེད་ཅེས་བྱའོ།། འདིར་མི་འཐད་པ་ཉིད་དུ་བསྟན་པའི་དོན་ནི་རི་བོང་གི་རྭ་མེད་ཅེས་རྣམ་པར་རྟོག་པའི་བློས་མདུན་དུ་བྱས ་ཤིང་མཚན་མར་བཟུང་བའི་དོན་ཏེ། དེ་འདྲ་བའི་དངོས་པོ་བཀག་པ་ཙམ་བློ་ཡི་བྱེད་པས་སྒྲོ་མ་གཏགས་པ་ནི་དེ་བཞིན་དུ་བདེན་པའོ།། དེ་ཉིད་ཀྱི་ཕྱིར་གཞན་དག་སྐབས་ཀྱི་མདོ་འདི་རྣམས་ཀྱི་དོན་ཡོད་པ་དང་མེད་པ་ལ་སོག ་པའི་ཕྱོགས་ཐམས་ཅད་དང་བྲལ་བར་རབ་ཏུ་མི་གནས་པའི་དོན་ཉིད་བསྟན་པ་ཡིན་ཞེས་སྨྲ་བའི་ལོག་པར་རྟོག་པ་གསལ་བའོ།། ཐ་དད་པ་དངོ་ཞེས་པ་ལ་སོགས་པས་ནི་ཇི་ལྟར་བ་ལང་གཽ་རྭ་དང་མཚུངས་པར་རི་བོང་གི ་ཡོད་པར་གྱུར་ན་ཡང་དོན་དམ་པའི་དེ་ཁོ་ན་ཉིད་དུ་བསམས་ན། ར་དུང་དེ་ལྷུར་རྣམ་པར་རྟོག་པའི་བློ་གཉིས་གཅིག་དང་ཐ་དད་པ་ལས་གྲོལ་བའི་ཕྱིར། དེ་འདྲ་བའི་བློ་ཡོད་པ་མ་ཡིན་པས་དེ་ལ་བལྟོས་ཏེ་རི་བོང་གི་རཱ་མདོ་ཞེས ་རྣམ་པར་རྟོག་པའི་བློ་ཡི་མཚན་མར་བཟུང་བ་ནི་མི་བདེན་ཞེས་པའོ།། དེའི་དོན་ཡང་རི་བོང་གཱི་རཱ་དང་དེར་སྣང་བའི་རྣམ་པར་རྟོག་པ་ལ་སྩོགས་པོའི་བློ་གལ་ཏེ་ཐ་དད་ནཱ་ནི་བློ་རྭའི་རྒྱུ་ལས་བྱུང་བའམ་ཡིན་པར་འགྱུར་ཏེ། ཐ་དད་པ ་དུས་མཉམ་པ་དང་མི་མཉམ་པ་གཉིས་ཀ་ཡང་རྒྱུར་མི་འཐད་པའི་ཕྱིརརོ།། དེ་སྟེ་ཐ་དད་པ་མ་ཡིན་ན་ནི་དེའི་རྒྱུ་ལས་བྱུང་བ་སྟེ། ཐ་དད་པ་མ་ཡིན་པའི་རྟག་ལས་རྟོག་པའི་རྗེ་སུ་དཔག་པས་བློ་དེ་ཡང་མེད་པར་འགྱུར་ཞེས་རྟོག་པ ་བླམ། ཕ་རོལ་ལ་ཕ་མལ་པའི་དོན་དུ་སྦྱོར་བ་སྟེ། དེའི་རྒྱུ་མཚན་ཡང་ཐ་དད་པ་མ་ཡིན་པའི་ཕྱིར་ཞེས་པའོ།། དེའི་ཁྱབ་པའི་དོན་ནི་གླང་གི་རྭ་དང་མཚུངས་པའི་རི་བོང་གི་རྭ་ཡང་རིག་པ་དམ་པས་བསྡུས་པ་རྡུལ་ཕྲ་རབས ་ཀྱི་བར་དུ་བརྟགས་ན་མི་དམིགས་པ་ཞེས་པ་སྟེ། མེད་པ་དང་ཐ་དད་མེད་པའི་ཕྱིར་མེད་པ་ཉིད་དུ་འགྱུར་ཞེས་པའོ།། དེ་ལྟར་ན་བློ་དང་རཱ་གཉིས་ཀའི་དངོས་པོ་མེད་ན། རྒྱུ་མཚན་གང་གིས་ཕན་ཚུན་གཅིག་ལ་གཅིག་བལྟོས་ཏེ། ་མེད་པ་ཉིད་དུ་འགྱུར་ཏེ། དེ་འདྲ་བའི་མཚན་མ་གྲུབ་པར་མི་འགྱུར་ཞེས་པའོ།། གལ་ཏེ་བ་ལང་གི་རྭ་ཡོད་པ་ལ་བལྟས་ཏེ་རི་བོང་མེད་པ་ཉིད་དུ་འགྱུརརོ་ཞེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་འདྲ་བའི ་བལྟོས་པ་མ་གྲུབ་པས་དེ་ལ་བལྟོས་པ་མེད་པའི་མཚན་མར་བཟུང་བར་བྱ་བའི་དོན་གྲུབ་པ་མེད་ཅེས་པའོ།། དེའི་ཕྱིར་གང་དག་རི་བོང་གི་མགོ་རྭ་དང་ལྡན་པར་སྐྱེད་པའི་རྒྱུ་ནི་མེད་ལ་བ་ལང་གི་རཱ་ལ ་སོགས་པ་ནི་དེ་ལས་བཟློག་པས་རྒྱུ་མི་མཉམ་པའི་ཕྱིར་ཞེས་པ་ལ་སོགས་པ་སྟེ་ཤེས་པར་ཟད།། བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས་ནི་དེའི་རང་བཞིན་ཅན་གཞན་ལ་སྦྱར་བ་ཏེ། ཕྱིན་ཅི་ལོག་ཏུ་ལྟ་བའི་མུ་སྟེགས་ཅན ་གང་དག་ཐོགས་པ་དང་བཅས་པའི་གཟུགས་ཡོད་པ་ལ་བལྟོས་ཏེ། དེ་ལས་ལྡོག་པ་ན་མཁའ་ཐོགས་པར་བྱེད་པའི་དངོས་པོ་མེད་པའོ་ཞེས་མཚན་མར་འཛིན་པའམ། དེ་ལ་སོགས་པ་འདུས་མ་བྱས་རྫ་སུ་གྲུབ་པར་འདོད་པ་ན་མཁའི ་བཞིན་ཡོང་སུ་རྟོགས་པ་ལ་མི་མཁས་པ་སྟེ། གཟུགས་ཀྱང་ན་མཁའི་ངོ་པོ་དང་བྲལ་བའི་དངོས་པོ་ཡོད་པར་རྟོག་པར་བྱེད་པ་ནི་ཕྱིན་ཅི་ལོག་པ་ཉིད་ཡིན་ཏེ། དོན་དམ་པར་གཟུགས་རྣམས་ཀྱི་འབྱུང་བའི་རྗེསུ་ཞུགས་ཞེས་པ ་སྟེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགསུ་སྣང་བའི་རང་རང་གི་ངོ་བོས་སྟོང་པའི་ཕྱིར་ན་མཁའ་དང་མཚུངས་པའམ་དོའི་བདག་ཉིད་ཡིན་ཏེ། གཟུགས་ཉིད་ཀྱང་ན་མཁའ་ཏེ་ཞེས་པ་དང་སྦྱརོ།། དེ་ཉིད་ཀྱི་ཕྱིར་ན་ནམ ་མཁའ་ཉིད་ཀྱང་གཟུགས་ཡིན་ཏེ། དོན་དམ་པར་དེ་དག་དབྱེར་མེད་པའི་ཕྱིར། ཕན་ཚུན་འགལ་བའི་ངོ་བོ་ཉིད་དུ་གཅིག་ལ་གཅིག་བལྟོས་པའི་དབང་གིས་བརྟག་པར་མི་བྱའོ།། དེ་སྐད་དུ་ཡང་འཕགས་པ་ཤེས་རི་བོ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གཟུགས་ལ་གནས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་གཟུགས་ཀྱི་ངོ་བོས་སྐྱོང་པའི་ཕྱིརརོ།། ཞེས་པ་ལ་སོགས་པ་གསུངས་པ་དང་། རིགས་པས་ཀྱང་དེ་བཞིན་དུ ་གྲུབ་པའི་ཕྱིརརོ།། གལ་ཏེ་དེ་ལྟ་ན་གཟུགས་དང་ན་མཁའ་ཕན་ཚུན་འགལ་བ་ཉིད་དུ་དམིགས་པ་ཇི་ལྟར་ཞེ་ན་ཀུན་རྫོབ་ཏུ་དེ་ལྟར་རྣམ་པར་བཞག་པའི་རྒྱུ་ཐ་དད་པ་ནི་བཞག་པ་དང་བཞིའི་ཚུལ་དུ་གྱུར་པར་ཡིད་ཆེས་པར་བྱའོ་ཞེས་པ ་སྟེ། ཇི་ལྟར་གཞག་པར་བྱ་བ་བུམ་པ་དང་། དེའི་གཞི་ས་ཕྱོགས་དང་འདྲ་བར་རི་དང་ས་གཞི་ལ་སོགས་པའི་གཟུགས་བཞིར་གྱུར་པ་དང་། དེ་ལ་བརྟེན་ཅིང་འབྱར་བར་སྣང་བ་ན་མཁའ་སྟེ། ཀུན་རྫོབ་ཙམ་དུ་ཕན་ཚུན་འགལ་བའོ།། ་ཡང་ན་ན་མཁའི་གློ་སྐབས་ན་གནས་པའི་གཟུགས་བྱ་ད་གནམ་དུ་འཕངས་པ་ལ་སོགས་པ་ནི་གཞག་པ་ཞེས་བྱ་ལ། ན་མཁའ་ནི་དེ་དག་གི་བཞིའི་ཚུལ་དུ་བོལྟ་བར་བྱའོ།། གཞན་ཡང་ཀུན་རྫོབ་ཙམ་དུ་འབྱུང་བ་རྣམས་སྐྱེ་བ ་ནི་ཕན་ཚུན་དུ་རང་གི་མཚན་ཉིད་བྱེ་བྲག་གིས་ཐ་དད་པ་སྟེ། ཚ་ཞིང་སྲོག་པ་དང་གཤེར་བ་ལ་སོགས་པའི་ཁྱད་པར་གྱིས་ཐ་དད་པའོ།། ནམ་མཁའ་ལ་ཡང་མི་གནས་ཞེས་པོ་དེའི་རང་བཞིན་གྱིས་མི་གནས་ཞེས་པའོ།། དེ་དག་ལ་ཡང། ་ན་མཁའ་མེད་ཅེས་པ་སྟེ། དེ་དག་གི་བདག་ཉིད་ཀྱི་ཚུལ་དུ་མེད་པའོ།། དེ་ལྟར་ན་གཟུགས་དང་ནམ་མཁའ་ཀུན་རྫོབ་ཙམ་དུ་ཕན་ཚུན་ཡངས་པ་ཉིད་དུ་བལྟ་བར་བྱ་བའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་ཉིད་སྔར་གྱི་དོན ་ལ་སྦྱར་ཏེ་བསྟན་པའོ།། རི་བོང་གི་རྭ་མདོ་ཞེས་པའི་མཚན་མར་བཟུང་བ་ནི་བ་ལང་གི་རཱ་ཡོད་པ་ལ་ལྟོས་ཞེས་པའོ།། དེ་སྟེ་གཞན་ལ་བལྟོས་ཞེས་བུམ་པ་ལ་སོགས་པ་ཡོད་པའི་ཆོས་ཅན་གཞན་ལའོ།། དེ ་ཡང་དེ་ལྟ་བུ་ཞེས་པ་ནི་རྡུལ་ཕྲ་རབོ་ཀྱི་བར་དུ་བརྟགས་ན་མ་གྲུབ་པའོ།། སྐབས་ཀྱི་དོན་འདི་རྣམས་སྔར་བསྟན་པའི་ཆོས་དང་ཆོས་མེད་པ་རྣམ་པར་བཀག་པ་དང་ཡང་སྦྱར་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ཉེ ་བར་གདམས་པའི་ཚུལ་གྱིས་བསྡུས་ཏེ་བསྟན་པའོ།། ཚིགསུ་བཅད་པའི་དོན་ནི་ཕལ་ཆེར་ཤེས་པར་ཟད།། གལ་ཏེ་སྣང་བ་མེད་ན་དེ་ལས་སེམས་འབྱུང་བ་མི་འཐད་ཞེ་ན། ཕྱི་རོལ་གྱི་དངོས་པོ་མེད་ཀུན་རྫོབ་ཏུ་སེམས་ཀྱི་ངོ་བོར་ཡོད ་ཅིང་། དེ་འདྲ་བའི་ས་བོན་སྔ་མ་ལས་བྱུང་བའོ།། འདྲ་བ་ནི་དེ་འདྲ་བའི་རྣམ་པར་སྣང་བའོ།། དག་པ་ཞེས་པ་ནི་དེ་དག་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་དྲི་མའོ།། འབྲེལ་ཞེས་པ་ནི་སྔར་མ་ལྟར་ཕན་ཚུན་བལྟོས་པའི་ཚུལ་དུའོ།། དེ ་ཉིད་ཀྱི་དོན་གསལ་བར་བསྟེན་པ་ནི་རི་དང་ཞེས་པ་ལ་སོགས་པ་སྟེ། རིང་པོ་སྒྲུབ་པ་ཐུང་ངུ་ལ་ལྟོས་ཞེས་པ་ལ་སོགས་པོ་གོ་བར་ཟད།། རྣམ་པར་བརྟག་མི་བྱ་ཞེས་པ་ནི་བརྟག་བྱའི་ཡུལ་གྲུབ་པ་མེད་པས་གཟུགས་ཀྱི་དངོས་པོར་མི ་རྟོག་པའོ།། ཀུན་རྫོབ་སེམས་ཙམ་གྱིས་ཚུལ་དུ་བཞག་པ་ནི་ངན་པའི་ལྟ་བ་ལ་གནས་པ་རྣམས་ཀྱིས་རྟོག་པར་མི་ནུས་ཞེས་པའོ།། དེ་ནས་བཅོམ་ལྡན་འོངས་ལ་ཞེས་པ་ལ་སོགས་པས་བཤད་པ་དག་ཀྱང་ཇི་ལྟར་འགྱུར་ཞེས ་དྲི་བ་པའི་ལན། གདུལ་བྱའི་སེམས་རྒྱུད་རྣམ་པར་སྦྱང་བའི་དོན་དུ་དེ་བཞིན་གཤེགས་པའི་བཤད་པ་འཇུག་པའི་ཚུལ་དུ་སྟོན་ཏེ། དེ་ལ་དང་པོར་གདུལ་བྱ་ཁམས་དང་མོས་པ་དམན་པ་ཟབ་མོ་བཤད་པའི་སྐལ་བ་དང་མི་ལྡན་པ ་རྣམས་ལ་ཐོག་མར་གང་ཟག་དང་ཕུང་པོ་ལ་སོགས་པ་ཡོད་པར་བསྟན་པའི་རིམ་གྱིས་སེམས་བྲིད་ཅིང་དེ་ཁོ་ན་ཉིད་ཟབ་མོས་རྒྱུད་ནས་སྦྱོར་བར་བྱེད་དེ། ཇི་སྐད་དུ་དེ་ཉིད་ཚོལ་ལ་ཐོག་མར་ནི། ཐམས་ཅད་ཡོད་ཅེས་བརྗོད་པར་བྱའོ་ཞེས ་པ་ལ་སོགས་པ་ལྟ་བུའོ།། ཡང་གང་དག་དབང་པོ་ཡོངསསུ་སྨིན་པ་དེ་ཁོ་ན་ཉིད་བཤད་པའི་སྐལ་བ་དང་ལྡན་པ་རྣམས་ལ། དེ་ཉིད་ཅིག་ཆར་བསྟན་པོའི་སྒོ་ནས་དེ་དག་གི་སེམས་ཀྱི་རྒྱུད་རྣམ་པར་སྦྱོང་བར་བྱེད་དེ། ཆོས་རྣམས་ལ་ནི ་གནས་བཅས་ཤིང་།། རྣལ་འབྱོར་ཅན་ལ་ཡང་དག་བསྟན།། རྒྱལ་བའི་སྲས་ལ་འདི་བསྟན་གྱི།། བྱིས་པ་རྣམས་ལ་བཤད་མ་ཡིན་ཞེས་པ་སྔར་བསྟན་པའམ། དོན་རྣམས་རྟོགས་ཤིང་ཆགས་མོད་ལ།། ཕྱིས་ནི་རྣམ་པར་དབེན་པ་ཉིད ་ཅེས་གསུངས་པ་ལྟ་བུའོ།། རང་གི་སེམས་སྣང་བའི་རྒྱུད་ནི་སྔར་བསྟན་པ་ལྟར་སྣ་ཚོགསུ་སྣང་བ་རང་རང་གི་སེམས་ཀྱི་ངོ་བོར་གྱུར་པ་སྟེ། སེམས་ཀྱི་དེ་བཞིན་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང ་པོར་གྱུར་པ་རྣམ་པར་དག་པར་བྱ་བའི་ཕྱིར། བཤད་པའི་བྱེ་བྲག་ཇི་ལྟར་འབྱུང་ཞེས་གསོལ་བ་གཏབ་པའོ།། ཅིག་ཅར་རམ་རིམ་གྱིས་འཇུག་ཅེས་པ་ནི་ཟབ་མོ།། ཅིག་ཅར་རམ་རིམ་གྱིས་ཞེས་པ་ནི་ཤེས་པར་ཟདདོ།། བློ་གྲོས ་ཆེན་པོ་འདི་ལྟ་སྟེ། མེ་ལོང་གི་ནང་དུ་ཞེས་པ་ལ་སོགས་པས་ནི་སྔ་མ་ལྟར་གདུལ་བྱའི་ཁྱད་པར་ལ་ཅིག་ཅར་བཤད་པ་འཇུག་པའི་ཚུལ་བསྟན་པའོ།། གཟུགསུ་སྣང་བ་དུ་མའི་རྐྱེན་ཅིག་ཅར་ཚོགས་པ་མ་དེ་ལྟར་སྣང ་བར་བྱའོ།། སྙམ་པའི་རྟོགས་པ་མེད་ཀྱང་ཅིག་ཅར་སྣང་ཞེས་པའོ།། སེམས་ཅན་ཐམས་ཅད་ཀྱི་ཞེས་པ་ནི་དབང་པོ་ཡོངསུ་སྨོན་པ་ཐམས་ཅད་དེ། རྣམ་པར་མི་རྟོག་ཅིང་གཉིས་ཀྱི་རྣམ་པར་སྣང་བ་མེད་པ་སོ་སོ་རང་རིག་པའི་སྤྱོད་ཡུལ་རྣམས་ཅིག ་ཆར་ཐོབ་མོ་བསྟན་པའི་སྒོ་ནས་སྦྱོར་བའོ།། གནས་ངན་ལེན་གྱི་བག་ཆགས་དང་བྲལ་བ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་སྤང་བར་བྱ་བའི་ཉོན་མོངས་པ་ལ་སོགས་པ། ཇི་ལྟར་རིགས་པ་བཞིན་བག་ཆགས་དང་བཅས་ནས་སྤངས་པ ་སྟེ། ཇི་སྐད་དུ། དགེ་སློང་དག་འཕགས་པའི་ཤེས་རབ་ཀྱི་མིག་གི་སྤངས་པ་ནི་སྤངས་པའོ་ཞེས་གསུངས་པས་མཐོང་བའི་ལམ་ཐོབ་པ་ཡན་ཆོད་ཀྱིས་སྤང་པ་སྤངས་པ་ནི་བག་ཆགས་དང་བཅས་ཏེ་སྤངས་པའོ།། དེ་རྣམས་ལ་རྒྱལ་བའི ་ཡེ་ཤེས་ཉན་ཐོས་ལ་སོགས་པའི་བསམ་པའི་ཡུལ་མ་ཡིན་པའི་ཡུལ་དང་སྤྱོད་ཡུལ་ཞེས་པ་སྟེ། གོ་རིམས་བཞིན་དུ་དེ་ཁོ་ན་ཉིད་ཀྱི་དོན་དང་ཀུན་རྫོབ་ཀྱི་རྣམ་པོར་དབྱེ་བའོ།། བློ་གྲོས་ཆེན་པོ་འདི་ལྟ་སྟེ་ཞེས་པ་ལ་སོགས་པས་ཁྱད་པར་དུ ་སྐུ་གསུམ་གྱི་བདག་ཉིད་ཀྱི་སངས་རྒྱས་རྣམས་ཀྱིས་བསྟན་པ་འཇུག་པའི་བྱེ་བྲག་སྟོན་ཏེ། དེ་ལ་རྒྱུ་འདྲ་བའི་སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་བདག་ཉིད་ཆོས་ཀྱི་སྐུའི་རྒྱུ་ལས་བྱུང་བ་སྟེ། ་དེ་ཉིད་ཀྱང་རྡུལ་ཕྲ་རབ་བསགས་པའི་བདག་ཉིད་ཀྱི་སྐུ་མ་ཡིན་གྱི། ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་རྒྱུ་འདྲ་ཞེས་པའོ།། དེ་ནི་གདུལ་བྱ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་དོན་ཟབ་མོ་ཅིག་ཅན་བསྟན་པའི་སྒོ་ནས ་ཡོངསུ་སྨིན་པར་བྱས་པ་སྟེ། མི་མཐུན་པའི་ཕྱོགས་སྤྱང་དུ་རུང་བ་དང་། གཉེན་པོ་ཡེ་ཤེས་བསྐྱེད་དུ་རུང་བར་བྱས་པ་ནི་ཡོངསུ་སྟོན་པའོ།། ཞེས་ས་བཅུའི་མགོན་པོས་གསུངས་པའི་ཕྱིར།། དེ་ཡང་ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལ ་སོགས་པ་དག་ལོས་ཆོས་ཀྱི་རྣམ་གྲངས་ཐོབ་མོ་འདི་བསྟེན་པ་ན་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྟ་སྟོང་གིས་ནི་མི་སྐྱེ་བོའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་པའམ། རྣལ་འབྱོར་ཆེན་པོའི་ཡིད་ལ་བྱེད་པ་ཐོབ་པར་གྱུར་ཏོ། ་ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ།། འོག་མིན་གྱི་ཕོ་བྲང་དང་གཞལ་མེད་ཁང་ན་རྣམ་གྲངས་ཉིད་དུ་གཏོགས་པོའམ། སྤྱི་དང་བྱེ་བྲག་སྟེ་གནས་ཁྱེད་པར་ཅན་དེ་ལྟ་བུར་སྣང་པོའོ།། རྣལ་འབྱོར་གྱི་རྣལ་འབྱོར་ཅན་དུ་གཞོགོ་ཞེས ་པའི་དོན་ནི། ཆགས་མེད་མཉམ་པར་བཞག་པ་སྟེ།། མཐར་གྱིས་སྟུག་པོར་ཞུགས་ན་སུ།། རྣམ་པར་སངས་རྒྱས་སངས་རྒྱས་པར།། ཆོས་ཀྱི་དབང་པོར་བདག་གྱུར་ཏེ། སྡུག་པའི་དཀྱིལ་ན་སྲས་དང་བཅས།། ཆོས་ཀྱི་བདག་པོར་རྣམ་པར ་མཛེས། ཞེས་པ་ལ་སོགས་པ་སྟུག་པོ་བཀོད་པའི་བརྒྱན་ལ་བཤད་པ་ལྟར། ལོངས་སྤྱོད་རྫོགས་པའི་སངས་རྒྱས་སམ། དེའི་སྲསུ་གྱུར་པའི་ས་ལ་རྣམ་པར་འཇོག་པའོ།། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི། ་ཆོས་ཀྱི་སྐུའི་རང་བཞིན་གྱི་སངས་རྒྱས་དང་། དེའི་རྒྱུ་མཐུན་པའི་རྒྱུར་གྱུར་པའི་ལམ་གྱིས་བསྡུས་པ་སོ་སོ་རང་རིག་པའི་ཡེ་ཤེས་ནི་གོ་རིམས་བཞིན་དུ་གཟུགས་སྐུ་གཉི་སུ་སྣང་བས་སེམས་ཅན ་གྱི་དོན་བྱེད་ནུས་པ་དང་། མཐའ་གཉིསུ་བལྟ་བ་ཐམས་ཅད་ཅིག་ཅར་རྣམ་པར་སྤངས་པའི་སྒོ་ནས་མཛེས་ཤིང་བརྒྱན་པར་གྱུར་པའོ།། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཆོས་ཉིད་ཀྱི་སངས་རྒྱས་ཆོས་ཀྱི་སྐུའི་ངོ། ་པོ་ཉིད་དང་འདྲི་བར་བྱུང་བ་ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་ཀྱི་བཤད་པ་འཇུག་པའི་ཚུལ་གསལ་བར་སྟོན་ཏེ། དེའི་དོན་ནི་ཡང་དག་པའི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། རང་བཞིན་གསུམ་རྣམ་པར ་བྱ་སྟེ། ཕྱིན་ཅི་མ་ལོག་པར་གསུངས་པའོ།། དེ་ལ་འདིར་གཞུང་གི་དོན་ནི་འདྲ་བར་འབྱུང་བའི་སངས་རྒྱས་ནི་སྟོན་ཏོ་ཞེས་འོག་ཏུ་འབྲེལ་པར་བྱའོ།། ཚུལ་ཇི་ལྟར་སྟོན་ཞེ་ན། སྒྱུ་མའི་ཡན་ལག་ཅེས་པ་ལ་སོགས་པ་སྨོས་ཏེ། ཇི་ལྟར ་རྩོ་དང་ཤིང་ལ་སོགས་པའི་སྒྱུ་མའི་རྐྱེན་གྱིས་ཡན་ལག་མང་པོས་བསྒྲུབ་པའི་སྐྱེས་བུ་ཡང་དག་པདྨོ་སྐྱེས་བུའི་བདག་ཉིད་མྱ་ཡིན་པ་སྣ་ཚོགས་ལ། ལྟད་མོའི་སྐྱེ་བོ་རྣམས་དེའི་བདག་ཉིད་དུ་མངོན་པར་ཞེན་པའོ།། བདག་ཉིད་མ ་ཡིན་པ་ཅིའི་ཕྱིར་ཞེ་ན། མི་དམིགས་པའི་ཕྱིར་ཞེས་པ་སྟེ། ཕྱིན་ཅི་མ་ལོག་པའི་བློའི་དོ་ན་དེ་ལྟར་མ་དམིགས་པའི་ཕྱིར་ཞེས་པའོ།། དེ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་དུ་གཏོགས་པའི་ཆོས་ཐམས་ཅད་བརྟགས་པའི་རང་བཞིན། ་ལ་དངོས་པོར་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བ་སྟེ། དེ་འདྲ་བའི་ཞེན་པས་དངོསུ་སྒྲོ་བཏགས་པའམ། བརྟགས་པའི་དབང་གིས་དེ་ལྟར་སྣང་བའོ་ཞེས་སྟོན་ཏོ།། མངོན་པར་ཞེན་པ་དེ་ཉིད་གང་ལས་བྱུང་ཞེ་ན། རང་གི་སེམས་སྣང་བ ་ཞེས་པ་ལ་སོགས་པ་སྟེ། དེ་འདྲ་བའི་བག་ཆགས་རྒྱུའི་ཉིད་དམ། མངོན་པར་ཞེན་པའི་སྐད་ཅིག་མ་དང་འབྲེལ་པ་སྟེ། དེ་དག་གི་དབང་གིས་བྱུང་ཞེས་པའོ།། དེ་ལྟ་ན་བརྟགས་པའི་རང་བཞིན་ཇི་ལྟར་བྱུང་ཞེ་ན། བློ་གྲོས་ཆེན་པོ ་ཞེས་པ་ལ་སོགས་པ་སྨོས་ཏེ། འདིར་རྣམ་གྲངས་ཀྱིས་ན་ཀུན་ཏུ་བརྟགས་པ་ཡང་གཞན་གྱིས་དབང་ཉིད་དུ་འགྱུར་ཏེ། ཇི་ལྟར་རྣམ་པར་རྟོག་པའོ་སྣང་བ་ནི་དེ་ལྟར་རྟོག་པར་བྱེད་པའི་བློ་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་ཡང་བློ་སྔ ་མའམ་བག་ཆགས་ཀྱིས་གཞན་གྱི་དབང་ཉིད་དུ་འགྱུར་བའོ།། གལ་ཏེ་རྟོག་པའི་སྣང་བ་བློ་དང་མི་མཐུན་པར་སྣང་བ་བློའི་བདག་ཉིད་དུ་བདེ་ནི་ན། སྔར་ཤེས་པ་ལ་སྣང་བ་བདེན་ན་སྣང་བ་དང་མཐུན་པ་ཉིད་དུ་བདེན་ལ ་སྣང་གཞན་དུ་སྣང་བ་ལ་བདེན་གཞན་དུ་བདེན་པ་ནི་མི་འཐད་ཞེས་པ་ལ་སོགས་པ་བཤད་པ་དང་འགལོ་ཞེ་ནི། སྐྱོན་མེད་དེ། རྣམ་པར་རྟོག་པ་ལ་གཟུགས་ལ་སོགས་པར་སྣང་བ་དང་། སྣང་བ་དེ་ཉིད་ལ་ཕྱི་རོལ་ལཱམ ་དངོས་པོའི་བདག་ཉིད་དུ་ཞེན་ཅིང་སྒྲོ་བཏགས་པ་ནི་མི་འདྲ་བ་ཉིད་དེ། ཇི་ལྟར་དེ་འདྲ་བའི་སྣང་བ་ཕྱི་རོལ་ལམ་དངོས་པོའི་ངོ་བོ་དོན་དམ་པ་བས་དབེན་པ་ཉིད་དུ་རྟོགས་པ་རྣམས་ལ་ཡང་། དེ་ལྟ་བུའི་རྣམ་པར་སྣང་བ་མི ་འགལ་ཏེ། དཔེར་ན་རྟག་པ་དང་བདག་ལ་སོགས་པས་དབེན་པ་ཉིད་དུ་ཆུད་མས་རྟོགས་པ་རྣམས་ལ་ཡང་དེ་ལྟར་བརྗོད་པ་ལ་སོགས་པའི་དབང་གིས་དེ་ལྟ་བུའི་རྣམ་པར་སྣང་བ་མི་འགལ་བ་བཞི་ནོ།། ་དེས་ན་གཟུགས་ལ་སོགས་པའི་སྤྱིའི་རྣམ་པར་སྣང་བ་ནི་དེ་ལྟར་སྣང་བའི་རྟོག་པའི་བློ་ཉིད་དེ་ལས་ཐ་དད་པའི་རྟོག་པ་ནི་གནས་སྐབས་དེར་གྲུབ་པ་མེད་ཅིང་། རྟོག་པ་ལས་ཐ་དད་པ་འམ་དངོས་པོ་མེད་པའི་སྣང་བའང་མི་འཕད་དེ། སྔར ་བསྟན་པ་ལྟར་གསལ་བ་སེམས་ཀྱི་མིཚན་ཉིད་དང་འབྲེལ་པས་སེམས་ཉིད་ཡིན་ལ། རྟོག་པ་དེ་ཉིད་ལས་གཞན་པས་སེམསུ་ཡང་མི་འཐད་པའི་ཕྱི་རོ།། དེའི་ཕྱིར་དེ་ལྟར་སྣང་བ་ནི་རྟོག་པའི་སེམས་དང་མི་མཐུན་པར་སྣང་བ་མ ་ཡིན་པས། རྟོག་པ་སེམས་ཉིད་དུ་བདེན་པ་ལ་འགལ་བ་མེད་ཅེས་པའོ།། ཡང་གཅིག་ཏུ་དགའ་བ་དང་ཡོངསུ་གདུང་བ་ལ་སོགས་པ་ནང་ཉིད་དུ་ཉམས་མྱོང་བའི་བློ་དང་མི་མཐུན་པར་སྣང་མོད་ཀྱི་དེ་འདྲ་བའི་བློའི་བདག་ཉིད་དུ་བདེན ་པར་ཡང་མི་འདོད་པས་སྐྱོན་མདོ།། རྟོག་པའི་སྣང་བ་དེ་ཉིད་ལ་ཕྱི་རོལ་དང་དངོས་པོའི་ངོ་བོ་ཡང་དག་པར་སྒྲོ་བཏགས་པ་ནི་དེ་བཞིན་དུ་བདེན་པ་མ་ཡིན་ཞིང་།། དེ་ལས་གཞན་ཤེས་པའི་དངོས་པོར་ཀྱང་བདེན་པ་མ་ཡིན་ཏེ། དེའི་ཕྱིར ་དེའདྲ་བ་ནི་ཀུན་ཏུ་བརྟག་པ་ཉིད་ཅེས་བྱའོ།། ཡིད་རྣམ་རྟོགས་གཟུགས་ལ་སོགས་པའི་རྣམ་པར་སྣང་བ་ནི། རྟོག་པའི་གཟུང་བ་ཡིན་པས་ཀུན་བརྟགས་པ་ཞེས་ཀྱང་བྱ་ལ། སྔར་བསྟན་པ་ལྟར་རྣམ་གྲངས་འགའ་ཞིག་ནས་གཞོན ་དབང་དུ་ཡང་འགྱུར་རོ།། གཞན་གྱི་དབང་དེ་ཉིད་སྒྲོ་བཏགས་པའི་ངོ་བོས་སྟོང་ཞིང་མྱོང་བ་མ་འགགས་པའི་བདག་ཉིད་རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་ནི་རྣམ་པར་དག་པའི་དམིགས་ཡུལ་ཕྱིན་ཅི་མ་ལོག་པའི་ཡོངསུ་གྲུབ་པ ་ཞེས་ཀྱང་བྱའོ།། དེ་བཞིན་དུ་དང་སུ་རྟོག་པ་མེད་པའི་ཤེས་པ་ལ་གཟུགས་ལ་སོགས་པའི་རྣམ་པར་སྣང་བ་ཡང་དེ་ལྟར་སྣང་བ་ཉིད་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡིན་པས་ཤེས་པ་དང་མི་མཐུན་པར་སྣང་བ་མ་ཡིན་ཞིང་། དེའི ་ཕྱིར་ཤེས་པོ་ཉིད་དུ་བདེན་ཅིང་དེ་ཡང་སྒྱུ་མ་ལྟ་བུའི་གཞན་གྱི་དབང་ཉིད་དོ།། འདིར་རྟོག་པ་མེད་པའི་ཁྲུལ་པ་ཟླ་བ་གཉིས་ལ་སོགས་པར་སྣང་བའི་ཡུལ་ཀུན་ཏུ་བརྟགས་པའམ་འོ་ན་གཞན་གྱི་དབང་ཡིན་ཞེ་ན། དེ་ལ་ཕྱི་རོལ་གཉིས་ཀྱི ་དངོས་པོར་བརྟགས་པ་ནི་མི་བདེན་པའི་དོན་བླའི་བརྟགས་པས་ཀུན་ཏུ་བརྟགས་པ་ཞེས་བྱ་ལ། དེ་འདྲ་བའི་ཁྱད་པར་གང་དུ་ཡང་སྒྲོ་བཏགས་པ་མེད་ཅིང་། སྣང་བ་ཙམ་ནི་བློ་ཉིད་ཀྱི་བདག་ཉིད་ཡིན་པས་གཞན་གྱི་དབང་ཞེས་ཀྱང་བྱའོ།། ། ་གཞན་ཡང་མ་བརྟགས་པའི་སྣང་བ་ཙམ་ལ་ཀུན་ཏུ་བརྟགས་ཞེས་པའི་སྒྲའི་དོན་མི་འཐད་པ་དངོསུ་ནི་ཀུན་ཏུ་བརྟགས་པ་ཞེས་མི་བྱའོ།། གཞན་གྱི་དབང་གི་རང་བཞིན་ལ་མངོན་པར་ཞེན་པ་ལས་བྱུང་ཞེས་པ་ནི་གཞན་དབང ་སྟོང་པར་མ་གཏོགས་ཤིང་། དངོས་པོར་ཞེན་པས་གསོས་བཏབ་ནས་བྱུང་བའོ།། བློ་གྲོས་ཆེན་པོ་འདི་ལྟ་སྟེ་ཞེས་པ་ལ་སོགས་པས་ནི་སྔ་མའི་དོན་ཉིད་རྒྱས་པར་འཆད་པའོ།། མིར་ལྡན་ཞེས་པ་ནི་མིའི་རྩོལ་བ་དང་ངོ་།། ཀུན་བརྟགས ་པའི་རང་བཞིན་ཉིད་རྣམ་པར་རྟོག་པའི་སེམས་ཉིད་ཡིན་ཞིང་། དེ་ཉིད་གཞན་གྱི་དབང་གི་རང་བཞིན་གྱི་རྟོག་པ་ལ་སྣང་ཞེས་པའོ།། གཞན་ནི་ཤེས་པར་ཟ་དོ།། བློ་གྲོས་ཆེན་པོ་ཆོས་ཉིད་ཀྱི་ཞེས་པ ་ལ་སོགས་པས་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ་ནི་ཞལ་དང་ཚེམས་ལ་སོགས་པའི་སྒྲོས་སྣང་ཞིང་ངག་གི་རེག་བྱེད་དུ་སྣང་བའི་སྒོ་ནས་ཆོས་སྟོན་པ་ནི་མི་འཐད་ལ། འོན་ཀྱང་དེའི་བྱིན་གྱིས་བརླབས་ཀྱིས་བྱང་ཆུབ་སེམས་དཔའ ་རྣམས་ལ་དེ་བཞིན་ཉིད་ཀྱི་རྟོག་པ་འཆར་བར་བྱེད་པའི་སྒོ་ནས་སྟོན་ཞེས་བྱའོ།། བློ་གྲོས་ཆེན་པོ་འཕྲུལ་པས་སྤྲུལ་ཞེས་པ་ལ་སོགས་པ་ནི་སྤྲུལ་པའི་སྐུ་ཡིས་བཤད་པའི་ཚུལ་སྟོན་ཏེ། དེའི་གདུལ་བྱ་ནི་སེམས་ཅན་སྣ་ཚོགས་པ ་ཉིད་ཡིན་པས་ཐེག་པ་སྣ་ཚོགས་པ་ཉིད་སྟོན་པ་སྟེ། ཇི་སྐད་དུ། ལྷའི་ཐོག་དང་ཚངས་པའི་ཐིག་ཅེས་པ་ལ་སོགས་པ་འོག་ནས་སྟོན་པར་འགྱུར་བ་བཞི་ནོ།། དེ་ཉིད་ཀྱི་ཕྱི་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་སྒྱུ་དང་འདྲ་བའི ་སངས་རྒྱས་ཞེས་པ་སྤྲུལ་པའི་སྐུ་ཉིད་དེ། དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་པས་སྒྱུ་དེ་དང་འདྲ་བ་མཚན་དང་དཔེ་བྱད་ལ་སོགས་པའི་རྣམ་པར་སྣང་བའོ་ཞེས་འཆད་པ་ནི་མི་འཐད་དེ། རྒྱུ་དང་འདྲ་བའི་སངས་རྒྱས ་ཀྱི་བཤད་པ་ནི་སྔར་བསྟན་པ་ལྟར་གདུལ་བ་ཁྱད་པར་ཅན་ལ་ཐེག་པ་ཆེན་པོའི་དོན་རང་བཞིན་གསུམ་གྱི་དེ་ཁོ་ན་ཉིད་ཡིན་པར་བསྟན་ལ། སྤྲུལ་པའི་སྐུའི་བཤད་པ་ནི་ཐེག་པ་སྣ་ཚོགས་པ་ཉིད་དུ་གསུངས་པའི་ཕྱིར།། དེ་ལ ་སྦྱིན་པ་ནི་ལུས་དང་ལྗོངས་སྤྱོད་ལ་སོགས་པ་གཏོང་བའི་སེམས་པའོ།། བསམ་གཏན་ནི་དགེ་བ་རྩེ་གཅིག་པ་སྟེ་དང་པོ་དང་གཉིས་པ་ལ་སོགས་པ་འཇིག་རྟེན་པ་ཡང་ཡིནོ།། ཚུལ་ཁྲིམས་ནི་སྒོ་གསུམ་གྱི་སྤྱོད་པ་ངན་པ་སྤོང་བའི ་སེམས་པའོ།། ཏིང་འཛིན་ནི་རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་པའི་ཏིང་འཛིན་ཏེ། ཉན་ཐོས་ལ་སོགས་པ་རྣམས་དང་ཐུན་མོང་པའོ།། རྣམ་པར་ཐར་པ་ནི་ནང་གཟུགས་ཅན་གྱི་འདུ་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་ལ ་སོགས་པ་རྣམ་པ་བརྒྱད་ཀྱིས་བསྡུས་པའོ།། རྣམ་པར་ཤེས་པ་འཇུག་པའི་མཚན་ཉིད་ཅེས་པ་ལ་སོགས་པ་ནི་སྔར་བསྟན་པ་ལྟརོ།། མུ་སྟེགས་ཅན་གྱི་ལྟ་བ་པས་ཞེས་པ་ལ་སོགས་པའི་དོན་ནོ་ཞི་བ་པ་ལ་སོགས་པས་ཕྱིའི ་དོན་གཟུགས་ལ་སོགས་པ་ནི་མེད་ཀྱི། བདག་རིག་པ་གཉི་སུ་མེད་པ་ཡིནཱ་ལ། བདག་དེ་ཉིད་ཐར་བར་བྱེ་བའི་དོན་དུ་གཟུགས་མེད་པའི་ཏིང་ངེ་འཛིན་ནམ། བསམ་གཏན་བསྒོམ་པར་འདོད་པ་དང་རྗེསུ་མཐུན་པར་དེ་དོག་གི ་དོན་དུ་བདག་གམ་གང་ཟག་ལ་སོགས་པ་ཡོད་ཅིང་། དེ་རྣམས་ཐར་པའི་ཐབས་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་རིམ་པ་ཡང་སྟོན་ཞེས་པའོ།། བློ་གྲོས་ཆེན་པོ་ཆོས་ཉིད་ཀྱི་ཞེས་པ་ལ་སོགས་པས་ཆོས ་ཀྱི་སྐུ་ཡིས་བསྟན་པའི་ཚུལ་ཉིད་གསལ་བར་འཆད་པ་སྟེ། མིག་ལ་སོགས་པའི་དབང་པོའི་ཡུལ་མ་ཡིན་ཞིང་། ཐ་སྙད་པའི་ཚད་མའི་ཡུལ་ལས་ལོགས་པའོ།། ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཆོས་ཉིད་ཀྱི ་སངས་རྒྱས་ཀྱིས་བསྟན་པའི་དོན་ཉིད་ངེས་པའི་དོན་མཐར་ཐུགས་པ་ཉིད་ཡིན་པས་དེ་ལ་བརྩོན་པར་བྱའོ་ཞེས་གདམས་པའོ།། འདི་རྣམས་ཀྱང་སངས་རྒྱས་རྣམ་པ་དུ་རུ་བརྗོད་ཅེས་པའི་ལན ་དུ་ཡང་སྦྱར་བར་བྱའོ།། བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས། ཉན་ཐོས་ཀྱི་ཐེག་པ་བཤད་པའི་ཚུལ་རྣམ་པར་དབྱེ་བ་སྟེ། རང་སངས་རྒྱས་ལ་ནི་སྡེ་སྣོད་ཀྱི་ཚུལ་བཤད་པ་དེ་ལས་ཐ་དད་པ་མེད་ཅེས་པའོ།། འདི་རྣམས་ཀྱི་དོན ་ཀྱང་འཕགས་པ་ཉན་པོས་དང་རང་སངས་རྒྱས་རྣམས་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་སྐྱོ་ཞིང་ཡིད་བྱུང་བས་དེ་དྲག་རྣམ་པར་ཟད་པར་འགྱུར་པོའི་ལམ་སྒོམ་པའི་དབང་གིས་ཀུན་འབྱུང་པ་ཟད་པ་དང་སྡུག་བསྔལ་གྱི ་སྐྱེ་བ་མེད་པའི་ཡེ་ཤེས་འགོག་པའི་བདེན་པ་མངོན་དུ་བྱས་ཏེ། ཟག་པ་མེད་པའི་དབྱིངས་རྣམ་པོར་རྟོག་པ་མེད་པའི་ཏིང་འཛིན་ལ་ཡུན་རིང་དུ་གནས་པ་ནི་དེའི་སོ་སོ་རང་གི་རིག་པའི་ཁྱད་པར་ཡིན་ལ། གཞན་ཡང་ལེམ་གྱིས ་བསྡུས་པའི་མི་རྟོགས་པའི་ཏིང་འཛིན་དང་འགོག་པའི་སྙོམ་པར་འཇུག་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ།། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱིའི་ཚུལ་དུ་ཤེས་པར་བྱའོ།། ཇི་ལྟ་བ་བཞིན་དུ་མངོན་དུ་བྱ་བ་ནི་མ་ཡིན་ཏེ། ་ཇི་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། བྱང་ཆུབ་སེམས་མཁས་ཉན་ཐོས་ཡོན་ཏན་གོང་དག་དང་།། དེ་བཞིན་རང་རྒྱལ་ཡོན་ཏན་ཀུན་ལ་སློབ་བྱེད་ཅིང་།། དེ་དག་དེ་ལ་མི་གནས་འདོད་པ་མི་སྐྱེ་སྟེ།། འདི་ནི་བདག་གི ་བསླབ་བྱ་ཡིན་སྙམ་དེ་ཕྱིར་སློབ་ཅེས་གསུངས་པ་ལྟ་བུའོ།། གཞན་ཡང་ཕུང་པོ་ལ་སོགས་པའི་ཆོས་དབང་ཕྱུག་ལ་སོགས་པས་མ་བྱས་ཤིང་། རང་རང་གི་རྒྱུ་དང་རྐྱེན་ཀྱིས་སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས ་བྱུང་བ་ནི་རིགས་པ་དང་ལུང་ཤིན་ཏུ་གསལ་བའི་སྒོ་ནས་གྲུབ་པའི་ཕྱིར། དངོས་པོའི་ངོ་བོར་ཡོད་པའོ་ཞེས་ཆོས་ཀྱི་བདག་ཏུ་མངོན་པརོ་ཞེན་པ་སྟེ། དེ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་དངོས་པོར་རྣམ་པར་རྟོག་པའི་རང ་བཞིན་ལ་མངོན་པར་ཞེན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟར་ཤེས་ནས་སྤང་བར་བྱའོ་ཞེས་པའོ།། འདིར་ཚིག་གི་དོན་ནི་སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱ་སྟེ་བདག་གི་བས་སྟོང་པ་དང་བདག་རང་གི་ངོ་བོར ་གྱུར་པ་མེད་པ་དང་། སྐྱེ་བ་དང་རྒས་པ་ལ་སོགས་པ་སྡུག་བསྔལ་བརྒྱད་དང་འབྲེལ་པ་འམ། སྐྱེ་ཞིང་འཇིག་པའི་དོན་གྱིས་མི་རྟག་པའོ།། དེ་འདྲ་བའི་སྡུག་བསྔལ་ཀུན་འབྱུང་བའི་རྒྱུར་གྱུར་པ་ཀུན་འབྱུང་གི་བདེན་པའི་དབང ་དུ་བྱ་སྟེ། རྒྱུ་དང་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་རྐྱེན་གྱི་རྣམ་པ་སྟེ། དེ་འདྲ་བའི་བདེན་པ་གཉིས་ལ་སྐྱེ་བ་དང་ཡིད་འབྱུང་ཞེས་པའོ།། དེ་འདྲ་བའི་རང་བཞིན་རྒྱུན་ཆད་པས་ཟག་པ་དང་བཅས་པའི་ཕུང་པོ་དང་ཁམས ་དང་སྐྱེ་མཆེད་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པོ་ཕྱི་རོལ་པ་རྣམ་པར་འཇིག་པ་མེད་ཅེས་པ་སྟེ། མཉམ་པར་མ་བཞག་པའི་གནས་སྐབས་ཀྱི་ཡུལ་སྐྱེ་ཞིང་འཇིག་པའི་བདག་ཉིད་རྒྱུན་ཆད་ནས་ཞི་བར་གནས་པའི ་འགོག་པའི་རང་བཞིན་མངོན་དུ་བྱས་ནས་གནས་ཞེས་པའོ།། དེ་ཉིད་ཀྱི་དུས་ན་བསམ་གཏན་ལ་སོགས་པ་ལ། འདི་ལྟར་རྣམ་པར་བཞག་ཅེས་པ་ལ་སོགས་པའི་སྤྲོས་པ་དང་བྲལ་བའམ། ཡང་ན་མཉམ ་པར་བཞག་པའི་བསམ་གཏན་དྲང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ཐོབ་པ་དང་། མཐོང་བའི་ལམ་ལ་སོགས་པ་དང་། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་མངོན་དུ་བྱས་པ་དང་། འགོག་པའི་སྙོམས་པར་འཇུག་པ ་ལ་སོགས་པ་སྦྱངས་པ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་སྟེ། ཤེས་རབ་ཀྱི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྤངས་པ་དང་། ཏིངངེ་འཛིན་གྱིས་སྙོམས་པར་འཇུག་པོའི་སྒྲིབ་པ་སྤངས་པ། རྫུ་འཕྲུལ་ལ་སོགས་པའི ་ཡོན་ཏན་དང་ལྡན་པའི་དགྲ་བཅོམ་པ་བརྒྱད་དང་བཅས་པའོ།། བག་ཆགས་བསམ་གྱིས་མི་ཁྱབ་པ་ཡོངསུ་སྒྱུར་བའི་འཆི་འཕོ་བ་དང་བྲལ་བ། འཕགས་པ་སོ་སོ་རང་གི་རིག་པའི་བདེ་བ་ལ་གནས་པ་ལྷག་པར་རྟོག ་པར་འགྱུར་ཞེས་པ་ནི་དེ་འདྲ་བའི་ཏིང་ངེ་འཛིན་གྱི་བདེ་བ་ལྔ་གནས་པ་དེ་སྲིད་དུ་སྐྱེ་བ་དང་འཆི་འཕོ་བ་མེད་པའོ།། ཡང་ན་སེམས་ཅན་གྱི་དོན་དུ་དེ་འདྲ་བ་སྟོན་པ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་མངའ ་བ་དེ་ལྟ་བུ་མ་ཐོབ་པའོ།། བག་ཆགས་ཞེས་པ་ནི་སྐྱེ་བ་དང་འཆི་འཕོ་བའི་བག་ཆགས་རྣམ་པར་འགྱུར་པ་ལ་བྱའི་ཉོན་མོངས་པ་ལ་སོགས་པའི་བག་ཆགས་དང་བྲལ་བ་ནི་མ་ཡིན་ཞིང་། དེ་འདྲ་བའི་འཚེ་འཕོ་དང་ཡང་གཏན་དུ ་བྲལ་བ་མ་ཡིན་ཏེ། ཉོན་མོངས་བག་ཆགས་རྣམས་དང་ལྡན་ཞེས་པ་ལ་སོགས་པ་འོག་ནས་སྟོན་པར་འགྱུར་རོ།། འདིར་རྣམ་པ་གཅིག་ཏུ་ན་དེ་དག་གི་མངོན་པའི་ང་རྒྱལ་དང་སྦྱར་ནས་དེ་རྣམས་དང་བྲལ་ཞེས་བསྟན་པའོ།། བདག ་གི་སྨོན་ལམ་ནི་སེམས་བསྐྱེད་པའི་ཡུལོ།། རིགས་པ་དང་ཞེས་པ་ནི་བྱ་བ་བྱེད་པ་དང་། ལྟོས་པ་དང་ཆོས་ཉིད་ཀྱི་རིག་པ་སྟེ། དངོས་པོ་རྣམས་ཀྱི་རྒྱུ་དང་འབྲས་བུ་དང་རང་གི་ངོ་བོས་བསྡུས་པའོ།། ལུང་ནི་བདེན་པ་བཞིའི་ཆོས་ཀྱི ་འཁོར་ལོའོ།། ཚད་མ་ནི་འཐོད་པ་སྒྲུབ་པའི་རིགས་པ་སྟེ། ཕུང་པོ་ལོ་སོགས་པ་མངོན་སུམ་དང་རྗེསུ་དཔག་པའི་ཚད་མས་ཇི་ལྟ་བ་བཞིན་དུ་གྲུབ་ཅེས་པའོ།། གང་ཟག་ལ་བདགི་མེད་པའི་མཚན་ཉིད་དུ་བལྟ་བའི་ཕྱིར ་ལྡོག་སྟེ་ཞེས་པ་ནི་གང་ཟག་ལ་བདག་མེད་པ་ཙམ་དུ་ཕུང་པོ་ལ་སོགས་པའི་ཆོ་སུ་ལྟ་བའི་ཕྱིར་ལྡོག་ཅེས་པའོ།། དེ་ལྟར་བཤད་པ་འཇུག་པའོ་ཚུལ་བསྟན་ནས། བདག་དང་འཇིག་རྟེན་གྱིས་མི་བརྗོད།། རྟག་དང་འཇིག་གཏམ ་ཇི་ལྟ་བུ་ཞེས་པ་ལ་སོགས་པའི་ལན་དུ། དེ་བཞིན་གཤེགས་པའི་གནས་ཟབ་མི་གཞན་དང་ཐུན་མོང་མ་ཡིན་པ་ཉིད་དུ་སྟོན་ཏེ། དེ་ལ་དང་པོ་དོན་གྱི་དྲི་བ་འགོད་པ་ནི་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ ་འོ།། རྟག་པ་བསམ་གྱིས་མི་ཁྱབ་པར་བཤད་ཅེས་པ་ནི་མདོ་འདི་ཉིད་དམ་གཞན་ལས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པར་བདག་དང་། གཙང་བ་དང་བདེ་བའི་རང་བཞིན་ཉན་ཐོས་ལ་སོགས་པའི་བསམ་པའི ་@ཡུལ་ལས་འདས་པ་ཉིད་དུ་བསྟན་པའོ།། དེ་བཞིན་དུ་མུ་སྟེགས་བྱེད་དག་ཀྱང་རྣམ་གྱུར་ཐམས་ཅད་ཀྱི་རྒྱུར་གྱུར་པ་གཙོ་བོའི་རང་བཞིན་རྟགས་པ་དང་། བསམ་གྱིས་མི་ཁྱབ་པར་འདོད ་དེ། ཡོན་ཏན་གསུམ་གྱི་རང་བཞིན་མཆོག། མཐོང་བའི་ལམ་དུ་འགྲོ་མུ་ཡིན་ཞེས་བསྟན་པའོ།། གཞན་ཡང་ཡུལ་ལོངས་སྤྱོད་པའི་རྒྱུར་གྱུར་པ་བདག་ཤེས་པ་ནི་རྟག་པ་དང་བསམ་གྱིས་མི་ཁྱབ་པ་ཉིད་དུ་འདོད་ཅིང་། གཞན ་ཡང་དབང་ཕྱུག་འགྲོ་བ་ཐམས་ཅད་ཀྱི་རྒྱུར་གྱུར་པ་དང་། ཞི་བ་ལ་སོགས་པ་གཉིས་མེད་པར་སྨྲ་བ་རྣམ་པར་གྲོལ་བའི་རྒྱུར་གྱུར་པ། བདག་རིགས་གཉིསུ་མེད་པ་ནི་རྟག་པ་དང་བསམ་གྱིས་མི་ཁྱབ་པ་ཉིད་དུ་འདོད ་ཅེས་པ་སྟེ། མཚོན་པ་ཙམ་དུ་ཟད།། དེ་རྣམས་ལས་དེ་བཞིན་གཤེགས་པའི་གནས་ཟབ་མོ་བསྟན་པ་འདི་ལ་ཁྱད་པར་ཅི་མཆིས་ཞེས་དོན་གྱིས་ཞུས་པའོ།། ལན་གྱིསྣ་དོན་ནི་དེ་དག་གིས་ཐེར་ཟུག་པའི་བརྟག་པ་དང ་བསམ་གྱིས་མི་ཁྱབ་པའི་དངོས་པོ་ཡང་དག་པར་ཁས་ལེན་ཏེ། འོན་ཀྱང་དེ་འདྲ་བའི་བདག་ཉིད་དུ་འགྲུབ་པོར་ནི་མི་འགྱུརརོ།། དེ་ཅིའི་ཕྱིར་ཞེ་ན་དེ་དག་རྒྱུ་དང་རྐྱེན་གྱིས་བྱེད་པས་མ་བསྒྲུབས་ན། འབྲས་བུ་བསྐྱེད་པའི ་དོན་བྱེད་པ་ཡང་མི་འཐད་པས་དེ་འདྲ་བའི་དངོས་པོར་མ་རིག་སྟེ། རི་བོང་གི་རྭ་ལ་སོགས་པ་བཞི་ནོ།། འདིའི་སྤྲོས་པ་ཞིབ་ཏུ་རིགས་པའི་བསྟན་ཅེས་དག་ལ་ཤེས་པར་བྱའོ།། གལ་ཏེ་དེ་དག་རྒྱུ་དང་རྐྱེན་གྱིས་བྱས་པ ་ཡིན་ན་ཡང་མི་རྟག་པ་ཉིད་འགྱུར་ཏེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ཞེས་པའོ།། བློ་གྲོས་ཆེན་པོ་ངའི་ཞེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་བསྟན་པའི་ཕྱོགས་ལ་མི་མཚུངས་པ་ཉིད་དུ་སྟོན་ཏེ། རིག་པ་སྒྱུ་མའི་རང ་བཞིན་དོན་དམ་པའི་དངོས་པོར་ཡོད་པ་དང་། པ་སྙེད་ཙམ་དུ་མེད་པའི་མཐའ་གཉིས་སྤངས་པ་རིགས་པ་དང་སྟོང་པ་ཟུང་དུ་འཇུག་པའི་དབུ་མའི་དོན་ནི་དེ་འདྲ་བའི་རང་བཞིན་གྱི་རྒྱུའི་མཚན་ཉིད་སྔ་མ་སྔ་མ་རྣམས་ལས་བྱུང ་བས། རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་ལ། རྒྱུན་དང་ལྡན་ཞིང་དེ་འདྲ་བའི་ཆོས་ཉིད་གཞན་དུ་མི་འགྱུར་བས་རྟག་པ་ཞེས་ཀྱང་བའོ།། བསམ་གྱིས་མི་ཁྱབ་པའི་དོན་ནི་སྡེར་བསྟནོ།། ཀུན་རྫོབ་རིག་པ་སྐད་ཅིག་མ ་ཉིད་དུ་ཁས་ལེན་པས་རྒྱུ་དང་ལྡན་པ་ཉིད་མི་འགྲོལོ།། སྐབས་ཀྱི་དོན་འདི་ཉིད་ལ་བརྟན་ནས། སློབ་དཔོན་ཡེ་ཤེས་དཔལ་གྱི་རང་འག་པ་རྟེན་ཅིང་འབྲལ་པར་འབྱུང་བའི་དངོས་པོ་ཉིད་དུ་འཇོག་པ་ནི་འཁྲུལ་པ་སྟེ།། ་འདིར་དོན་དམ་པའི་དངོས་པོའི་རྒྱུའི་མཚན་ཉིད་ཅེས་སྨོས་པ་མེད་པ་དང་། རྒྱུ་དང་འབྲས་བུ་འགོག་པའི་ཚད་མ་དུ་མ་འདི་ཉིད་ལས་བསྟན་པའི་ཕྱིརོ།། མྱ་ངན་ལས་འདས་པ་ནི་སོ་སོར་བརྟགས་པའི་འགག་པའོ།། འགོག ་པ་ཞེས་པ་སོ་སོར་བརྟགས་མིན་གྱི་འགོག་པ་སྟེ། འདུས་མ་བྱས་གསུམ་པོ་རྟོག་པ་ཉིད་གཞན་ལ་གྲགས་པ་དཔེར་བྱེད་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་འདྲ་བའི་གནས་ཟབ་མོ་ཁོང་དུ་ཆུད་པར་བྱ་བ་ཉིད ་དུ་གདམས་པའོ།། ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་གཞན་གྱི་ཕྱོགས་མི་འཐད་པ་ཉིད་དུ་ཚུལ་གཞན་གྱི་སྒོ་ནས་སྟོན་ཏེ། བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་ངོ་བོར་གྱུར་པའམ ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་ཡོན་ཏན་གསུམ་ཉིད་དུ་ཕ་རོལ་པོས་འདོད་པ་རྣམས་ནི་མི་བརྟག་པའི་མཚན་ཉིད་ཀྱི་རྒྱུ་རྐྱེན་སྔ་མ་ལས་བྱུང་བས་མི་བརྟག་པ་ཉིད་དུ་འགྱུར་ལ། དེ་བཞིན་དུ་བདག་རིག་པ ་ཙམ་གྱི་བདག་ཉིད་ཀྱང་མི་བརྟག་པོའི་མཚན་ཉིད་ཀྱི་རྒྱུ་རིག་པ་སྔ་མ་ལ་སོགས་པའི་རྒྱུ་དང་རྐྱེན་གྱིས་བྱུང་བས་དེ་ལྟར་འགྱུར་བའོ།། ཡོང་བདག་གིས་བྱས་ཞེས་པ་ནི་གྲངས་ཅན་རྣམས་ཀྱོ་འོ་མ་ཉིད་ཞོའི་བདག་ཉིད་ཡིན ་པས་དེ་ལས་ཞོ་སྐྱེ་བ་ནི་བདག་ལས་སྐྱེ་བའོ་ཞེས་འདོད་པ་སྟེ། དེ་ཡང་མི་འཕད་པ་ཉིད་དེ། རྒྱུར་མངོན་པར་འདོད་པའི་བདག་ཉིད་གྲུབ་པ་ན་འབྲས་བུ་ཡོང་གྲུབ་ཟིན་པས་སྐྱེ་བར་འགལ་ལ། རྒྱུའི་བདག་ཉིད་མ་གྲུབ་པ་ནི ་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར། ཤིན་ཏུ་ཡང་འབྲས་བུ་བསྐྱེད་པར་འགལོ།། དེས་ན་བདག་གིས་བྱས་པའི་རྒྱུའི་མཚན་ཉིད་ཀྱི་རབ་ཏུ་ཕྱེ་བས་ཞེས་པ་ནི་དེ་ལྟར་ཁས་ལེན་པའི་རྒྱུ་མཚན་ཉིད་ལ་བརྟེན་ནས་དེ་བརྟག་པའི ་དངོས་པོ་མ་ཡིན་པ་ཉིད་དུ་ཕྱེ་ཞིང་གསལ་བར་བྱས་པའོ།། གཞན་ཡང་བདག་གིས་རང་བཞིན་གཅིག་ཉིད་ལ་འགའ་ཞིག་གི་འབྲས་བུའོ་ཞེས་མ་འཆོལ་བ་ཉིད་དུ་དབྱེ་བ་མི་འཐད་དེ། ཕན་ཚུན་རྒྱུ་འབྲས་འཆོལ་བ་ཉིད་དུ ་འགྱུར་ཏེ་རྒྱུ་མཚན་མཚུངས་པ་ཉིད་ཀྱི་ཕྱིརརོ།། བློ་གྲོས་ཆེན་པོ་དེ་སྟེ་ཞེས་པ་ལ་སོགས་པས་ནི་དེ་དག་གི་བརྟག་པ་དང་བསམ་གྱིས་མི་ཁྱབ་པ་ནི་དོན་དམ་པར་རྒྱུ་དང་རྐྱེན་གྱིས་མ་བྱས་ཤིང་། བྱས་པའི་དངོས་པོ་ཡང ་དག་པར་མེད་པས་དེ་འདྲ་བའི་ཆོས་ཉིད་འགྱུར་བ་མེད་པས་རྟག་པ་ཉིད་དུ་མཐོང་ནས་རྗེསུ་དཔོག་པའི་བློ་ཡིས་ཞེས་པ་སྟེ་བློ་ཡིས་དེ་ལྟར་རྟོགས་པ་ངག་སྔ་མ་ཉིད་བཤད་པའོ།། དེ་ལྷོར་འདོད་པ་ནི་ཁོ་བོ་ཅག་ཕྱོགས་དང ་མཚུངས་ཞེས་པ་སྟེ། ཤེས་པར་ཟད།། ཡང་བློ་གྲོས་ཆེན་པོ་དེ་སྟེ་ཞེས་པ་ལ་སོགས་པསེ་ནི་དེ་ཉིད་དོན་དམ་པར་རྒྱུ་དང་མཚན་ཉིད་དང་ལྡན་པའི་དངོས་པོ་གཅིག་ཏུ་ཁས་ལེན་ན་ནི་དེ་འདྲ་བ་ཚད་མས་བཀོག་པ་དེ ་ལྟར་འཇོག་པར་ནི་ཚིག་ཙམ་ལ་བརྟེན་པའི་རྣམ་པར་རྟོག་པའི་སྣང་བ་ལ་དེ་ལྟར་བརྟགས་པ་འབའ་ཞིགོ།། བློ་གྲོས་ཆེན་པོའི་ཞེས་པ་ལ་སོགས་པས་ནི་སྐབས་ཀྱི་དོན་བསྡུས་ཏེ་བསྟན་པའོ།། དངོས་པོ་དང་དངོས་པོ ་མེད་པ་རྣམ་པར་སྤངས་པས་ན་རྟག་ཅེས་པའི་དོན་ནི་རླིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་ཆོས་ཉིད་དེ་ལས་གཞན་དུ་མི་འགྱུར་བ་རྟག་ཅེས་པའོ།། ཕྱི་རོལ་གྱི་ཞེས་པ་ལ་སོགས་པས་གཞན་གྱི་ལུགས་སྟོན་ཏེ། ་ཞི་བ་པ་ལ་སོགས་པ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་ལུགས་ཀྱིས་བདག་དམ་པ་དེ་ཉིད་གཞག་ཅིང་གཞོན་དུ་རུང་བའི་ཕྱི་རོལ་གྱི་དངོས་པོ་མེད་པས་མི་རྟག་ལ། རྟག་པ་ལ་རྗེསུ་དཔོག་པ་སྟེ། རྟག་པ་ཉིད་ཀྱི་ཕྱིར ་བསམ་གྱིས་མི་ཁྱབ་པའོ་ཞེས་རྗེསུ་དཔོག་པའོ།། དཔོག་པའི་ཕྱིར་རྟག་པ་མིན་ཞེས་པ་ནི་ཕ་རོལ་པོའི་ཚུལ་དེ་ལྟར་འདོད་པ་ནི་ཡང་དག་པ་མ་ཡིན་ཏེ། ཕྱི་ལྔ་གྱི་དངོས་པོ་མེད་ཀྱང་རྟག་པ་མ་ཡིན ་པབའམ། མི་རྟག་པ་ཉིད་དུ་འགྱུར་པ་ལ་འགལ་བ་མེད་དེ། ཁྱབ་པ་ཉིད་མ་གྲུབ་ཅེས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ངག་སྔ་མ་གཉིས་ཀྱི་དོན་རྒྱས་པར་བཤད་པའོ།། གང་གི་བ་དེས་ནི་ཞེས་པ་ལ་སྔ་མ་དེ་འདྲ་བའི ་དོན་ཁས་ལོན་པའི་གང་ཟག་དེས་ནི། རྟག་པ་དང་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཇི་ལྟ་བ་བཞིན་མ་རྟོགས་ཤིང་། ཕྱིན་ཅི་ལེག་ཏུ་གྱུར་པས་གཏམ་བྱར་རུང་བ་མཱ་ཡིན་ཞེས་པ་སྟེ། ཇི་སྐད་དུ། སྡིག་པའི་གྲོགས་པོ་སྤྱང ་བར་བྱ་ཞེས་པ་ལ་སོགས་པ་ལྟ་བུའོ།། དེ་ལྟར་གནས་ཟབ་མོ་གཞན་དོང་མཐུན་མོང་མ་ཡིན་པ་ཉིད་དུ་བསྟན་ནས། རིགས་དང་ཐོག་པ་ལ་སོགས་པའི་བྱེ་བྲག་ཕྱིར་བསྟན་པ་ནི། བློ་གྲོས་ཆེན་པ་གཞན་ཡང་ཞིས་པ་ལ་སོགས་པའོ།། ། ་དེ་ལ་རོ་ཞིག་ཉན་ཐོས་ལ་སོགས་པའི་རིག་ཅན་དངོས་པོའི་འདུ་ཤེས་ཅན་རྣམས། མྱ་ངན་ལས་འདས་པ་དང་འཁོར་བའི་ཁྱད་པར་མི་ཤེས་པ་སྟེ། རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི་འཁོར་བ་ཉིད་ཀྱི་རང་བཞིན་དེ་བཞིན་ཉིད ་ཡིན་ཏེ། ཇི་སྐད་དུ། སྲིད་དང་ཞི་བ་མཉམ་ཉིད་དང་ཞེས་པ་དང་། འཁོར་བ་སྤངས་ནས་གཞན་དུ་ནི།། མྱ་ངན་འདས་པ་རྟོག་མི་འགྱུར་ཞེས་གསུངས་པ་དང་། དོན་དེ་ཉིད་འབོགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་གསུངས་པའི་ཕྱིརོ།། ། ་གཞན་ཡང་འབྲས་བུའི་བདག་ཉིད་ཀྱི་ཐེག་པ་རྟོགས་པའི་མྱ་ངན་ལས་འདས་པ་ནི་འཁོར་བའི་སྡུག་བསྔལ་དོན་དམ་པའི་དངོས་པོར་གྱུར་པ། རང་གི་རྣམ་པར་རྟོག་པས་དེ་བཞིན་ཉིད་དུ་བརྟགས་པས་འཇིགས་ཤིང་སྐྲག་པ་དག། དེ་འདྲ་བ ་འགགས་པའི་མྱ་ངན་ལས་འདས་པ་བདག་ཉིད་འབའ་ཞིག་བདེ་བར་གནས་པ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་ཡོངསུ་ཚོལ་ཏེ། ཏིངེ་འཛིན་གྱི་མྱོས་པས་མྱོས་པའམ། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་རྣམ་པར ་རྟོག་པ་ཐམས་ཅད་མེད་པ་དང་། དེ་ཉིད་ཀྱི་ཚེ་དབང་པོ་རྣམས་ཀྱི་ཡུལ་མ་འོངས་པ་རྒྱུན་འཆད་ཅེས་པ་སྟེ། ཡུལ་དང་ཡུལ་ཅན་འདུ་བྱེད་ཀྱི་འཇུག་པོ་ཐམས་ཅད་རྒྱུན་ཆད་པསོ།། མྱ་ངན་ལས་འདའ་བར་རྣམ་པར་རྟོག་ཅེས་པ་ནི་མྱ ་ངན་ལས་འདས་པ་མ་ཡིན་པ་ལ་དེའི་འདུ་ཤེསུ་འགྱུར་སྟེ། ཞིབ་ཏུ་ནི་འོག་ནས་སྟོན་པར་འགྱུར་རོ།། དེ་ལྟར་ཕྱིན་ཅི་ལོག་ཏུ་རྟོག་གི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀུན་གཞི་ཟག་པོ་དང་བཅས་པའི་ས་བོན་དང་། རྣམ་པར་སྨིན་པའོ ་ཐམས་ཅད་གནས་གྱུར་པ་སྔོན་དུ་སོང་བ་སངས་རྒྱས་ཀྱི་ས་ཡིས་བསྡུས་པ་མི་གནས་པའི་མྱ་ངན་ལས་འདྲེས་པ་ཆེན་པོ་འབའ་ཞིག་མྱ་ངན་ལས་འདས་པ་ཡིན།། ཞེས་རྟོག་པར་གྱུར་པ་ནི་མ་ཡིནོ།། དེའི་ཕྱིར་སྐྱེས་བུ་བླུན་པོ་དེ་དག ་འབྲས་བུའི་བདག་ཉིད་ཀྱི་ཐེག་པ་ནི་བྱང་ཆུབ་གསུམ་གྱི་བསྡུས་པ་སོ་སོར་ངེས་པའི་ངོ་བོ་རྣམ་པ་གསུམ་ཡིན་ཞིང་། དེ་རྣམས་ཐོབ་པར་བྱེད་པའི་ལམ་གྱི་བདག་ཉིད་ཀྱི་ཐེག་པ་ཡང་། སོ་སོར་ངེས་པར་ཐ་དོད་པ་གསུམ་དུ་སྨྲ་བའོ།། ། ་ཐེག་པ་དེ་རྣམས་ཀྱི་ཡུལ་ཡང་ཕུང་པོ་ལ་སོགས་པའི་དངོས་པོ་དང་། དེར་སྣང་བ་སེམས་ཙམ་གྱི་དངོས་པོ་ཉིད་དུ་རྟོག་གི། དོན་དམ་པར་སེམས་ཀྱི་ངོ་བོ་ཉིད་ཀྱི་དམིགས་པ་མེད་པར་མི་སྨྲའོ།། དེའི ་ཕྱིར་དེ་དགུ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པའི་ངེས་པའི་དོན་གཟུགས་ལ་སོགས་པར་སྣང་པ་ཀུན་རྫོབ་ཏུ་སེམས་ཉིད་ཡིན་ཞིང་། དོན་དམ་པར་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་མི་ཤེས་ཏེ། ་དེ་རྣམས་སེམས་ཀྱི་སྤྱོད་ཡུལ་ཐ་དད་པ་ཉིད་དུ་མངོན་པར་ཞེན་པ་ལ་སོགས་པ་དག། འཁོར་བའི་འགྲེ་བའི་འཁོར་ལོར་རབ་ཏུ་འཁོར་ཞེས་པ་སྟེ། ཇི་སྐད་དུ། དངོས་པོར་མངོན་པར་ཞེན་ཡོད་ན།། འདོད་ཆགས་ཞེ་སྡང་མི་ཟད་འབྱུང ་ཞེས་པ་ལ་སོགས་པོ་སྔར་རྒྱས་པར་བསྟན་པ་བཞི་ནོ།། དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པའི་ངེས་པའི་དོན་གྲང་ཡིན་ཞེ་ན། ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དུ་བསྟོན་པ་སྟེ། རྣམ་པར་ཤེས་པ་ཙམ་གྱིས ་གཞན་གྱིས་དབང་ཉིད་ཀྱང་དོན་དམ་པར་མི་འབྱེད་ཅེས་པའོ།། གལ་ཏེ་ནི་ཉམསུ་མྱོང་བའི་ཚད་མས་གྲུབ་པ་དང་། གསུང་རབ་ཀྱི་ཕྱོགས་གཞན་ལས་ཀྱང་གསུངསོ་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ལྟར་སྟོན་ཅེ་ན། འདི་ལྟ་སྟེ། ་བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་དངོས་པོ་མེད་པ་དང་ཞེས་པ་ལ། དེའི་དོན་ནི་སྔར་བཤད་པ་ལྟར། དེ་ལྟར་སྣང་བ་ཤེས་པ་གཅིག་དང་དུ་མའི་དངོས་པོར་གྲུབ་པ་མེད་པ་དང་། ཚད་མ་གཞན་གྱི་སྒོ་ནས་ཀྱང་བཀག་པས ་སྐྱེ་རྒྱུའི་དངོས་པོ་མེད་པའི་ཕྱིར། དོན་དམ་པར་མ་སྐྱེས་ཞེས་པའོ།། གཞན་ཡང་ཡོད་པ་དང་མེད་པ་ལས་སྐྱེ་བ་མེད་པའི་ཕྱིར་དངོས་པོ་ཐམས་ཅད་ནི་མ་སྐྱེས་པ་སྟེ། དེ་ལ་དངོས་པོ་རྣམས་རྒྱུ་མྱེད་པ་ལས་སྐྱེ་བ་ནི་མི་འཐད་པ་ཉིད་དོ།། ་མེད་པ་ནུས་པ་ཐམས་ཅད་ཀྱི་སྟོང་པའི་ཕྱིར།། ཡོད་པོ་ལས་སྐྱེ་བའི་ཕྱོགས་ཀྱང་རྣམ་པ་གཉིསུ་འགྱུར་ཏེ། འབྲས་བུ་རང་གི་རང་བཞིན་དུ་ཡོད་པ་ལས་སྐྱེ་བ་དང་དེ་ལས་གཞན་གྱིས་དངོས་པོར་ཡོད་པ་ལསོ།། དེ་ལ་རང་གི་བདག་ཉིད ་ལས་སྐྱེ་བ་ནི་གྲངས་ཅན་རྣམས་ཀྱི་འདོད་པ་སྟེ་སྔར་བཀགོ།། གཞན་ལས་སྐྱེ་བ་ཡང་རྣམ་པ་གཉིས་ཏེ། རྟག་པ་དང་མི་རྟག་པ་ལས་སྐྱེ་བའོ།། རྟག་པ་ལས་སྐྱེ་བར་འདོད་པ་ནི་ཕྱི་རོལ་པ་ཁ་ཅིག་གནས་དང་ལུས་དང་ལོངས་སྤྱོད་ཀྱིས ་བསྡུས་པའི་འགྲོ་བ་ཐམས་ཅད་དབང་ཕྱུག་པ་མཐུ་ཐོགས་པ་མེད་པའི་རང་བཞིན་ལས་སྐྱེ་བར་འདོད་དོ།། ཇི་སྐད་དུ། སྐྱེ་བོ་འདི་དག་ཤེས་པ་ཡོད་མིན་ཏེ།། བདག་གོ་བདེ་བསྡུག་བདག་ལ་རང་དབང་མེད།། དབང་ཕྱུག ་གིས་ཀྱང་ཡང་ན་མཐོ་རིས་སམ། གཡང་ས་དག་ཏུ་འགྲོ་བ་ཁོ་ནར་ངེས་ཞེས་པའོ།། འདི་ཡང་མི་འཐོད་དེ། དེ་ལྟ་ན་རྟག་པ་དང་མཛུ་རྫོགས་པ་མེད་པ་ནི་རང་གི་བདག་ཉིད་བ་མ་ཚང་བ་མེད་པ་དང་། འབྲས་བུ་སྐྱེད་པ་རྐྱེན་གཞན་ལ ་བལྟོས་པ་མི་འཐད་པ་དེའི་འབྲས་བུར་གྱུར་པའི་འགྲོ་བ་ཐམས་ཅད་ཅིག་ཅར་གྲུབ་པ་ཉིད་དུ་འགྱུརརོ།། གལ་ཏེ་རྐྱེན་ལ་བལྟོས་པ་མེད་པར་མ་གྲུབ་སྟེ། འགྲོ་བ་རྣམས་ཀྱི་རང་རང་གེ་ལས་ལ་སོགས་པའི་རྐྱེན་འགོའ་ཞིག་ལ་བལྟོས ་ཞེ་ན། མ་ཡིན་ཏེ། རྐྱེན་ཀྱི་དབང་ཕྱུག་ལ་རང་གི་ངོ་བོར་གྱུར་པའི་ཕན་པ་འགའ་ཞིག་བྱེད་ན་ནི། དེ་སྔར་གྱི་གནས་སྐབས་ལ་གཞན་དུ་འགྱུར་པས་མི་རྟག་པ་ཉིད་དུ་ཐལ་ལ། དེ་འདྲ་བའི་ཕན་པ་མི་བྱེད་ན ་བལྟོས་པར་འགལ་ཏེ་ཐམས་ཅད་ཐམས་ཅད་ལ་བལྟོས་པ་ཉིད་དུ་འགྱུར་བའི་ཕྱིར།། གཞན་ཡང་རྐྱེན་མ་ཚང་བའི་དུས་ན་དབང་ཕྱག་འབྲས་བུ་འགའ་ཞིག་བསྙེད་པར་འདོད་ཀྱང་། མི་བསྐྱེ་བས་མཐུ་ཐོགས་པ་མེད་པའི་རང་དབང ་ཅན་ཉིད་ཉམ་སོ།། ཡང་རྐྱེན་གཞན་པོ་དེ་ཉིད་དབང་ཕྱུག་གིས་བསྐྱེད་པར་བྱེ་བ་ཡིན་ནོ་ན་རང་གི་སྐྱེད་པའི་འབྲས་བུ་ལ་བལྟོས་པ་ཉིད་འགལ་ལ། མ་ཡིན་ན་ཡང་ཐམས་ཅད་དབང་ཕྱུག་གིས་པོསྐྱེད་པར་བྱ་བ་ཉིད་ཉམ་སོ།། གལ་ཏེ ་འདི་འབྲས་བུ་བསྐྱེད་པ་ནི། རྐྱེན་གཞན་ལ་བལྟོས་པ་མ་ཡིན་མོད་ཀྱི། འབྲས་བུ་རིམ་གྱིས་སྐྱེ་བ་ནི་དེ་ཉིད་ཀྱི་འདོད་པའི་དབང་གིས་ཏེ། གང་ཞིག་ད་ལྟར་སྐྱེས་པར་འདོད་པའི་འདོད་པ་ཡོད་པ་ནི་ད་ལྟར་ཉིད་དུ་སྩོ་ལ། འདྲ་བའི་འདོད་པ ་མེད་པར། དེའི་རྗེས་ཐོགས་ལ་སོགས་པར་སྐྱེད་པར་འདོད་པ་ཡང་དེ་བཞིན་དུ་འགྱུར་བས་སོ་ཞེ་ན། དེ་ཅི་འདོད་པ་དང་དབང་ཕྱུག་གཅིག་གམ་ཐ་དད་ཅེས་བརྟག་པར་བྱའོ།། གལ་ཏེ་གཅིག་པ་ཉིད་ཡིན་ནོ་ནི། དབང་ཕྱུག་རྟག་ཏུ་གནས ་ལྟར་འདོད་པ་ཡང་གནས་པས་འདོད་པ་མེད་པའི་དབང་གི་འབྲས་བུ་འགའ་ཞིག་ད་ལྟར་མི་སྐྱེ་བ་འགལོ།། ཐ་དད་ན་ཡང་འབྲས་བུ་སྐྱེ་བ་རང་ལས་གཞན་དུ་གྱུར་པའི་འདོད་པ་ལ་རག་ལས་པས་རང་དཔའ་ཅན་མཐུ་ཐེགས་པ་མེད ་པ་ཉིད་ཉམསོ།། གཞན་ཡང་དེ་འདྲ་བའི་འདོད་པ་དབང་ཕྱུག་གིས་སྐྱེད་ན་ཡང་། རང་གི་བསྐྱེད་པའི་འབྲས་བུ་ལ་བལྟོས་ནས་འབྲས་བུ་གཞན་བསྐྱེད་པ་འགལ་ལ་མ་བསྐྱེད་ན་ཡང་ཐམས་ཅད་དབང་ཕྱུག་གིས་བསྐྱེད་པ་ཉིད་ཉམསོ།། གཞན ་ཡང་འགྲོ་བ་གང་ཞིག་དབང་ཕྱུག་མཉེས་པའི་ལས་བྱེད་པ་དང་། དེ་ལ་གནོད་པར་འགྱུར་ཞིང་མི་དད་པའི་ལས་བྱེད་པའི་ལས་དེ་དག་དབང་ཕྱུག་ལྀ་རག་ལས་ན་ནི། རང་ལ་གནོད་ཅིང་མ་དད་པའི་ལས་བྱེད་དུ་འཇུག་པོ་མི་འཐད་དེ། ཇི་ལྟར ་ཤེས་བཞིན་དུ་རང་གི་རང་ཚོགས་པ་མི་འཐད་པ་བཞི་ནོ།། གལ་ཏེ་དེ་འདྲ་བའི་ལས་རང་ལ་གནོད་པ་ཉིད་དུ་མ་ཤེསོ་ཞེ་ན། དེ་ཐམས་ཅད་མཁྱེན་པ་ཉིད་དུ་ཁས་བླངས་པ་ཉམ་སོ།། གཞན་ཡང་དབང་ཕྱུག་ལ་གནོད་པའི་ལས་དབང་ཕྱུག་ཉིད་ཀྱིས ་བྱས་ནས་དེའི་འབྲས་བུ་ངན་སྟོང་གི་སྡུག་བསྔལ་ལ་སོགས་པ་འགྲོ་བ་གཞན་ལ་སྦྱིན་པ་མི་འཐད་དེ། ཇི་ལྟར་གཞན་གྱིས་སྤོས་བཏབ་པོའི་ཟས་ཟོས་པས་གཞན་སྐོམ་པས་འཆི་བ་མི་འཕང་པོ་བཞི་ནོ།། གལ་ཏེ་དེ་འདྲ་བའི་ལས་དང ་ཕྱོག་ལ་རག་ལས་པ་མ་ཡིན་ན། ཐམས་ཅད་དབང་ཕྱུག་གིས་བྱས་པ་ཉིད་དུ་ཉམས་པར་འགྱུརརོ།། གལ་ཏེ་དབང་ཕྱུག་ལ་ཡང་རག་ལས་མོད་ཀྱི། དེ་འདྲ་བའི་ལས་བྱེད་པ་འགྲོ་བ་དེ་རྣམས་ཉིད་ཀྱིས་འདོད་པ་ལ་སོགས་པའི་རྐྱེན་ལ ་བལྟོས་པས་དེ་དག་གི་འབྲས་བུ་འགྲོ་བ་རྣམས་ལ་ཡང་སྨིན་པོར་འགྱུརརོ་ཞེ་ན། དེ་ལྟ་ན་ཡང་འགྲོ་བ་བཟང་ངན་ལ་སོགས་པའི་འབྲས་བུ་མེད་པ་ལ། དབང་ཕྱུག་མཐུ་ཐོགས་པ་མེད་ཅིང་རང་དབང་ཅན་ཉིད་ཉམ་སོ།། གཞན་ཡང་འགྲོ། ་པ་དེ་དག་གི་འདོད་པ་ལ་སོགས་པའི་རྐྱེན་ཀྱང་དབང་ཕྱུག་གིས་བྱས་སམ་མ་བྱས་ཞེས་པ་ལ་སོགས་པའི་བརྟག་པ་མཚུངས་ཏེ། དོན་གོ་བར་ཟད།། གཞན་ཡང་ཐ་སྙད་ཙམ་དུ་མྱུ་གུ་ས་བོན་ལ་སོགས་པའི། ་ཚོགས་པ་ལ་སྐྱེ་བ་དང་། དུ་བ་ལ་སོགས་པ་མེ་ལ་སོགས་པ་ལས་སྐྱེ་བར་མཐོང་ཞིང་། མཐོ་རིས་དོང་ངན་འགྲོའོ་བདེ་བ་དང་སྡུག་བསྔལ་ཡང་ལས་ཀྱི་བྱེ་བྲག་འགའ་ཞིག་ལས་སྐྱེ་བར་སྔར་བསྟན་པས། དེ་ལས་གཞན་དབང་ཕྱུག་ལ ་གས་པ་རྟག་པའི་དངོས་པོ་ལས་སྐྱེ་བ་ནི་མི་འཐད་དོ།། གཞན་དུ་གྱུར་པ་མི་རྟག་པ་ལས་སྐྱེ་བ་འགོག་པ་ཡང་རྣམ་པ་གསུམ་སྟེ། དེ་ལ་འདས་པ་ཞོག་པ་ལས་སྐྱེ་བ་དང་། མ་འོངས་པ་ལས་སྐྱེ་བར་འདོད་པ་ནི་བེ་བྲག་རྣམས་ཀྱི ་གས་ཏེ། དེ་ནི་དགག་པ་ཉིད་དུ་སླའོ།། ད་ལྟར་དུས་མཉམ་པ་ལས་སྐྱེ་བ་ཡང་མི་འཐད་དེ། རྒྱུར་མངོན་པར་འདོད་པ་གྲུབ་པའི་དུས་ན་འབྲས་བུ་ཡང་གྲབ་ཟིན་པས་སྐྱེ་བར་མི་འཐད་ལ། ཆུ་མི་གྲུབ་པ་ཡང་ནུས་པོ་ཐམས་ཅད་ཀྱིས ་སྟོང་པས་དེ་ལས་འབྲས་བུ་སྐྱེ་བ་ནི་མོའི་ཕད་དེ། རང་ལས་སྐྱེ་བ་དགག་པོ་དང་མཚུང་སོ།། གཞན་ཡང་རྭ་གཡས་པ་དང་གཡོན་པ་ལྟར་དུས་མཉམ་དུ་གྲུབ་པའི་དངོས་པོ་གཉིས་ལ། འདི་ནི་རྒྱུ་ལ་འདི་ནི་འབྲས་བུ་ཞེས་པའི་ངེས་པ ་མི་འབད་དེ། རྒྱུ་མཚན་ལ་ཚུངས་པའི་ཕྱིར་ཕན་ཚུན་འཆོལོ་བ་ཉིད་དུ་འགྱུར་རོ།། དེའི་ཕྱིར་ད་ལྟར་བ་འབྲས་བུའི་དུས་ལ་བལྟོས་པའོ་སྔོན་རོལ་དེ་ལ་ཐེག་པ་བར་མེད་པ་ལས་སྐྱེ་བར་འདོད་པ་ནི་ཐ་སྙད་ཀྱི་ཚུལ་ལ་མཁས་པ ་རྣམས་ཀྱི་གཙུག་ལག་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་འཕགས་པ་སྤུ་ལུ་ལྗང་བའི་མདོ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ཞེས་པ་འམ། འདི་སྐྱེ་བའི་ཕྱིར་འདི་སྐྱེ་ཞེས་པ་སྟེ། གང ་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལྟ་བུའོ་ཞེས་བྱའོ།། འདི་ཡང་དཔྱང་ན་མི་འཐད་དེ། རྒྱུ་དང་འབྲས་བུའི་སྐད་ཅིགོ་གཉིས་བདག་ཉིད་ཐམས་ཅད་ནས་བར་མ་ཆོད་དེ། རྒྱུའི་སྐད་ཅག་དེ་ཉིད་ཀྱི་རྒྱུར་གྱུར་པའོ ་སྐད་ཅིག་སྔ་མ་ལ་ཉེ་ཞིང་འབྱོར་བོའི་ཕྱོགས་དང་། འབྲས་བུར་གྱུར་པའི་སྐད་ཅིག་གི་རང་གི་འབྲས་བུ་ལ་ཉེ་བའི་ཕྱོགས་གཉིས་ཀྱང་མ་ཆོད་ན་ནི་དེ་དག་དུས་མཉམ་པ་ཉིད་དུ་འགྱུར་ལ། གལ་ཏེ་དེ་དག་ནི་བོར་དུ་ཚད་མོད ་ཀྱི་རྒྱུར་གྱུར་པའི་སྐད་ཅིག་གི་རང་གི་འབྲས་བུ་ལ་ཉེ་བའི་ཕྱོགས་དང་། འབྲས་བུ་ཡང་རང་གི་རྒྱུ་ལ་ཉེ་བའི་ཕྱོགས་གཉིས་པར་མཆོད་པའོ་ཞེ་ན། རྒྱུ་དང་འབྲེས་བུའི་སྐད་ཅིག་རེ་རེ་ཡོང་ཆོད་པ་དང་མ་ཆོད་པའི་ཆུ་དིང་བཅས ་པས་སྐད་ཅིག་གཅིག་པ་ཉིད་ཉམ་སོ།། གལ་ཏེ་རྒྱུའི་དུས་ནི་འབྲས་བུ་མ་སྐྱེས་ན་མེད་པའི་ཕྱིར་མེད་པ་དང་། ཕྱོགས་གཅིག་མཐའ་དག་གི་བརྟག་པ་མི་འཇུག་ལ། འབྲས་བུའི་དུས་ན་ཡང་རྒྱུ་འགག་ནས་མེད་པའི་ཕྱིར་མེད ་པ་དང་ཕྱོགས་གཅིག་དང་མཐའ་དག་གི་བརྟག་པ་མི་འཇུག་ཞེ་ན། སྐྱོན་མེད་དེ། ཁྱད་པར་མཐའ་དག་སྤངས་པའི་སྤྱི་མི་འཐད་དེ། གཅིག་དང་དུ་མ་དང་བྲལ་བའི་དངོས་པོ་མི་འཐད་པ་བཞིན་ནོ།། དེའི་ཕྱིར་མཆོད་པ་ཉིད་དུ ་ཁས་བླངས་ན་ཁྱད་པར་དེ་དག་ལས་གང་ཡང་རུང་བ་གཅིག་གིས་ཁྱབ་ལ་དེ་དག་ལ་གཅིག་ཏུ་ངེས་པ་མེད་པ་ན་འདི་འམ་འདི་ཅིའི་ཕྱིར་བརྟག་པ་མི་འཇུག་ཅེས་པའོ།། གཞན་དུ་ན་རྒྱུའི་དུས་ན ་འབྲས་བུ་མ་སྐྱེས་ན་མེད་པས་མེད་པ་དང་གཉིས་བར་དུ་མ་ཆོད་ཅེས་པའི་ཁྱབ་བྱ་བརྟག་པའི་བཞི་ཁས་ལེན་པ་ཡང་མི་འཐད།། གལ་ཏེ་མ་ཆོད་པའི་དངོས་པོ་ནི་ཁས་མི་ལེན་མོད་ཀྱི། བར་མེད་པ་ཙམ་ཉིད་ལ་མི་ཆོད་པ་ཞེས ་བརྟགསུ་ཟད་དོ་ཞེ་ན། དེ་ལྟ་ན་རྒྱུ་དང་འབྲས་བུའི་དངོས་པོ་ཁས་ལེན་པ་ཡང་མི་འཐད་ལ། གཞན་ཡང་བདག་ཉིད་ཐམས་ཅད་ནས་བར་མེད་དམ་ཕྱོགས་ཀྱི་ཕྱོགས་གཅིག་ནས་པར་མེད་པའི་བརྟག་པ་ཡང་མཚུངསོ།། སྐབས་ཀྱི ་དོན་འདི་ནི་ཇི་ལྟར་ཉིན་པར་དང་མཚན་མོའི་དུས་གཉིས་བདག་ཉིད་ཐམས་ཅད་ནས་བར་དུ་མཆོད་དེ། ཉིན་བར་གྱི་སྔ་གྲོའི་ཕྱོགས་དེ་ཉིད་ཀྱི་སྔོན་རོལ་གྱི་མཚོན་མོའི་དུས་དང་ཉེ་བར་གྱུར་པའི་ཕྱོགས་དང་། མཚན་མོའི་རྗེས་ཐོགས ་ཕྱིར་བྱུང་བའི་ཉིན་པར་དང་ཉེ་བར་གྱུར་པའི་ཕྱོགས་གཉིས་ཀྱང་མཆོད་ན་ཉིན་མཚན་དེ་དག་དུས་མཉམ་པ་ཉིད་དུ་འགྱུར་ལོ། གལ་ཏེ་དེ་དག་ནི་བར་མཆོད་མོད་ཀྱི། ཉིན་བར་གྱི་ཕྱི་དྲོ་དང་། དེ་དང་ཉེ་བར་གྱུར་པའི་མཚན་མོའི་དུས ་ནི་མཆོད་དོ་ཞེ་ན། ཉིན་མཚན་དེ་དག་སོ་སོ་རེ་རེ་ཡང་ཆོད་པ་དང་མཆོད་པའི་ཆ་དང་བཅས་པར་འགྱུར་བ་བཞིན།། གཞན་ཡང་ཕྱིའི་དོན་ཁས་ལེན་པ་རྣམས་ཀྱི་ཤར་དང་ནུབ་ཀྱི་རྡུལ་བར་དུ་མ་ཆོད་ཅིང་འབྱེར་བར་ཁས་བླངས་པ ་ན་བདག་ཉིད་ཐམས་ཅད་ནས་མཆོད་དེ། ཤར་གྱི་ཤར་ངོས་དང་ནུབ་ཀྱི་ནུབ་ངོས་ཀྱང་མཆོད་ན་ནི་དེ་དག་ཡུལ་གཅིག་ཉིད་དུ་འགྱུར་ལ། དེ་དག་ནི་བར་དུ་ཆོད་མོད་ཀྱི། ཤ་གྱི་ནུབ་ངོས་དང་ནུབ་ཀྱི་ཤྭར་ངོས་གཉིས་མཚངོ་ཞེ་ན། ་རྡུལ་དེ་དག་རེ་རེ་ལ་ཡང་ཆོད་པ་དང་མཆོད་པའི་ཆ་གཉིས་དང་བཅས་པས་རྡུལ་གཅིག་པ་ཉིད་ཉམས་པར་འགྱུར་བ་དང་ཡང་མཚུང་སོ།། གཞན་ཡང་སྔ་མ་ལྟར་གཅིག་ཡོད་པའི་དུས་ན་ཅིག་ཤོས་མེད་པས་ཕྱོགས་གཅིག ་དང་མཐའ་དག་གི་རྟོགས་པ་མི་འཇུག་མ་འདིར་ཡང་ཤར་ཕྱོགས་ཀྱི་རྡུལ་གྱི་ཡུལ་ན་ནུ་བྱ་ངོས་ཀྱི་རྡུལ་མེད་པས་མེད་པ་དང་ཕྱོགས་གཅིག་མཐའ་དག་གི་བརྟག་པ་མི་འཇུག་ལ། ནུབ་ཀྱི་རྡུལ་གྱི་ཡུལ་ན་ཡང་ཤར་བྱ ་ཀྱི་རྡུལ་མེད་པས་དེ་བཞིན་དུ་འགྱུར་རོ་ཞེས་ཅེས་ཏེ་མི་བརྒྱད། གལ་ཏེ་གཅིག་གི་ཡུལ་ན་གཅིག་མེད་ཀྱང་དུས་མཉམ་དུ་ཕན་ཚུན་འདྲབ་འབྱོར་པ་ཉིད་དུ་ཡོད་པས་དེ་འདྲ་བའི་བརྟག་ལ་འཇུགོ་ཞེ་ན། གཅིག་གིས་དུས་ན་ཅིག ་མེད་ཀྱང་ཡུལ་གཅིག་ན་དུས་འདབ་འབྱོར་པ་ཉིད་དུ་ཡོད་པས་སྔ་མ་ལྟར་བརྟག་པ་འཇུག་པ་ཉིད་།། གཞན་ཡ་རྒྱུར་གྱུར་པཱི་སྐད་ཙླི་ལ་དཱི་ཉིད་རང་གི་རྒྱུར་གྷོ་བཱི་སྐད་ཅིག་དང་། བདག་ཉིད་ཐཾད་ཀྱིས་བ་དུ་མཆོད་ན་དེ་ཉིད་ལ་ཇམ་པར་འགྱུར་ཞིང་ཕྱོགས ་གཅིག་ནས་མ་ཆོད་ན་ཆ་དང་བཅས་པོས་སྐད་ཅིག་པ་ཉིད་ཉམས་ཏེ། དེའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་སྐད་ཅིག་གཅིག་པ་ཉིད་དུ་ཁས་ལེན་ཅིང་བར་དུ་མ་ཆོད་པ་ཉིད་དུ་ཡང་འདོད་ན་སྐལ་པ་ཡང་སྐད་ཅིག་གི་ཚད ་མྦྷ་ཉིད་དུ་འསྒྱུར་བཱ་ན་ལེགས་པར་བསམས་པས་ག་དྷཱ་དྨ་འང་ཝཱར་ཉན་པར་གྱི་དུས་འགའ་ཞིག་ལ། ཨཱུ་ཧཱུ~ཾ་བྷཱུ་མྦུའི་མཚན་མ་དུས་དག་ཉུ་རྣམ་པ་རླུང་ཆུ་བྱར་དུས ་རྟེན་པར་ས་བྱུང་རྒྱུ་ནིགང་ན་དུ་དགུ་ས་གྱུ་ན་ད་ས་ངན་སྦྱབར་འི ་བྱུར་དུ་ག་གྷྲ་ཀྱེ+ེ་ཎྜ་འབྱུ་ཧཱུ~ཾ་ན་ས་། ་སོགས་པ་ནི་ཐུང་དུ་མ་ཡིན་སྐད་ཅིག་མང་པོ་མཐུང་ནེས་བརྩམས་པོ་ཡིན་ལ། ར་བསྐུལ་པ་ལྟ་བུའི་དུས་དང་སི་གོལ་གཏོགས་པའི་དུས་ལྟ་བུ་ལྔ་རྩོམ་བྱེད་ཀྱི་དུས་ཀྱི་སྐད་ཅིག་མང་ཉུང་མེད་ན་ནི་ངོས་བརྩམས་པའི་དུས ་བུང་མེད་པར་འགྱུར་ལ། འོན་ཏེ་ཡོད་ནཱ་ནི་མང་ཉུང་ཚད་ཀྱི་མཐར་ཐུགས་ལ། དེའི་མཐའ་ཡང་གཙུག་ཏུ་ཁྲུས་ལེན་དགོས་ཏེ། སྔར་རྡུལ་ཕྲ་རབས་ཀྱི་སྐབ་སུ་བསྟན་པ་བཞིནོ།། གལ་ཏེ་སྐད་ཅིག་མ་ཤེས་མེད་པ་ལྷ་ཕྱོགས་གཅི ་དང་མཐའ་དག་གི་བརྟག་པ་མ་འཕདོ་ཞེ་ན། རྡུལ་ཕྲ་རབ་ཆ་ཤས་མེད་པ་ལ་ཡང་ཤར་དང་ལྷོ་ལ་སོགས་པའི་ཕྱོགས་ཆའི་རྟག་པ་མི་འཐད་པ་དྲུག་གིས་ཅིག་ཅར་སྦྱར་བ་ན་ཞེས་པ་ལ་སོགས་པའི་ཉེས་པ་ལས་གྲོའོ།། གལ་ཏེ ་ཤས་མེད་པར་ཁས་བླངས་ཞེས་ཀྱི། དེ་ཙམ་གྱིས་དེ་ལྟར་གྲུབ་པ་ནི་མ་ཡིན་ལ། གཞན་ཡང་དེ་དག་གི་དེ་འདྲ་བའི་རྡུལ་དུ་མ་འདུས་པ་ལས། གཟུགས་རགས་པ་རྩོམ་པ་ཉིད་དུ་ཁས་བླངས་པ་ན། རྡུལ་འགའ་ཞིག་ལ་འདབ་ཆགསུ ་ཀུན་ནས་བསྐོར་བ་ཉིད་དུ་ཁས་ལེན་དགོས་པས་དེ་འདྲ་བའི་བརྟག་པ་འཇུག་ཞེ་ན། དེ་བཞིན་དུ་རྒྱུ་དང་འབྲས་བུའི་སྐད་ཅིག་གཅིག་པའི་དངོས་པོར་ཁས་བླངས་མོད་ཀྱི། དེ་ཙམ་གྱིས་དེ་ལྟར་འགྲུབ་པ་ནི་མ་ཡིན་ལ། དེ་འདྲ་བའི་སྐད ་ཅིག་མཐུད་པ་ལས་དུས་རིང་པོར་རྩོམ་པར་འདོད་པ་ན། ཅིའི་ཕྱིར་དེ་འདྲ་བའི་བརྟག་པ་མི་འཇུག་ཅེས་བྱ་སྟེ། གཟུ་བོར་གནས་ཤིང་དོན་ལ་འཇུག་པའི་བློ་ཡི་བསམ་པར་བྱའོ།། དོན་འདི་རྣམས་ཉིད་ལུང་བསྟན་པའི་སློབ་དཔོན་འཕ ་པ་ཀླུ་སྒྲུབ་ཀྱིས། བདག་ལས་མ་ཡིན་གཞན་ལས་མནི།། གཽཉིས་ལས་མ་ཡིན་རྒྱུ་མེད་མིན།། དངོས་པོ་གང་དང་གང་ན་ཡང་།། སྐྱེ་བ་ནམ་ཡང་ཡོད་མ་ཡིན་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་སྟུག་པོ་བཀོད་པའི་རྐྱེན ་ལས། འབྱུང་བ་མེད་ཅིང་འཇིག་པ་མེད།། བདག་ལས་མ་ཡིན་གཞན་ལས་མོན།། རྟག་དང་ཚད་ལས་རྣམ་པར་གྲོལ།། བཟུང་དང་འཛིན་པ་རྣམ་པར་སྤངས།། འཇིག་རྟེན་ཅེས་པས་བྱས་མ་ཡིན།། རྡུལ་གྱི་རྐྱེན་ལས་འབྱུང་བ ་འང་མེད།། རྒྱུ་མེད་པས་དང་བྱས་མ་ཡིན།། ངོ་བོ་ཉིད་ཀྱི་འབྱུང་བའང་མིན་ཞེས་པ་དང་། གཞན་ཡང་འདི་ལྟར་དྲི་ཟའི་ཁང་པ་དག། ཁང་པ་མ་ཡིན་ཁང་པར་སྣང་།། རྒྱུ་མེད་པར་ཡང་མི་སྣང་སྟེ།། བདག་དང་གཞན་དང་གཉི་ག་ལས།། ། ་རྟོག་པས་རྣམ་པར་བརྟག་བྱས་ན།། དངོས་ཉིད་མི་འགྲུབ་དངོས་རྣམས་ཀྱི།། རང་བཞིན་ཀུན་ཏུ་བརྟག་པའོ།། རྒྱུ་ལས་དངོས་པོ་མི་འབྱུང་སྟེ།། རྒྱུ་མེད་ལས་ཀྱང་མ་ཡིནོ་ཞེས་གསུང་སོ།། དེ་ལྟར་སྐྱེ་བ་རྣམ་པ་བཞི ་དང་བྲལ་བའི་སྒོ་ནས་དངོས་པོའི་ངོ་བོ་དོན་དམ་པ་འགོག་སྟེ། འདིར་ཆོས་ཅན་དང་དགག་བྱ་ལ་སོགས་པའི་དོན་ནི་སྔར་བསྟན་པ་བཞིན་དུ་ཤེས་པར་བྱའོ།། གལ་ཏེ་སྐྱེ་བ་མེད་པའི་རི་བོང་གི་རྭ་ལ་སོགས་པ་དང་མཚུངས་ནི་མངོན ་སུམ་ལ་སོགས་པའི་ཚད་མ་དང་འགལ་བར་འགྱུརརོ་ཞེས། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བྱིས་པས་ཕྱི་རོལ་དང་། ཡང་དག་པོའི་དངོས་པོར་བརྟག་པ་བཞིན་དུ་མ་སྐྱེས་པ་ནི་རི་བོང་གི་རྭ་ལ་སོགས་པ ་དང་མཚུངས་ཏེ། གཞན་དུ་ན་མཚན་ཉིད་ཡོངསུ་ཆད་པའི་ཀུན་བརྟགས་ཀྱང་གཞན་གྱི་དབང་ཉིད་དུ་འགྱུརརོ།། སྔར་རྣམ་གྲངས་ཀྱིས་ན་ཀུན་ཏུ་བརྟག་པ་ཡང་གཞན་གྱི་དབང་ཉིད་དུ་འགྱུར་ཞེས་པ་ནི་རྣམ་གྲངས་སམ་བལྟོས ་པའི་ཀུན་བརྟག་ཡིན་པས་འགལ་བ་མེདོ།། རྣམ་པར་བརྟགས་པའི་ཕྱིར་ཞེས་པ་ལ་འདིར་ཕྱིར་ཞེས་པའི་དོན་ནི་རྣམ་པར་བརྟགས་པའི་ཚུལ་དེ་ལྟར། དངོས་པོ་ཐམས་ཅད་མ་སྐྱེས་ཞེས་པ་སྟེ། གཏན་ཚིགས་སམ་ཆུད ་དུ་བྱ་བའི་དོན་ནོ་མ་ཡིན།། དེས་ན་སྐྱེ་བ་ལ་སོགས་པ་ཚད་མས་གྲུབ་པ་ནི་འཕགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་སེམས་ཉིད་རིག་པའི་གཞན་གྱི་དབང་ཉིད་སྒྱུ་མ་ལྟོ་བུར་སྐྱེ་བ་ཡིན་གྱིས། བྱིས་པ་རྣམས་ཀྱི ་གཟུང་འཛིན་གཉིས་ཀྱི་དངོས་པོ་ཡང་དག་པར་རྟོག་པའི་སྤྱོད་ཡུལ་གྱི་སྒོ་ནས་ནི་སྐྱེ་བ་མ་ཡིན་ཏེ། དེ་ནི་ཡང་དག་པའི་ཀུན་རྫོབ་ཏུ་ཡང་མི་འཐད་པའི་ཕྱི་རོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཕྱིན་ཅི་ལོག་སྤང་བའི་དོན་དུ ་གདམས་པ་སྟེ། གནས་ཀྱི་རྣམ་པར་སྣང་བའི་རང་བཞིན་ཉིད་དོ།། གཞི་མཐུན་པར་གྱུར་བའོ།། གཟུང་བ་དང་འཛིན་པའི་མཚན་ཉིད་དུ་འཇུག་པ་ནི་སྔར་བསྟན་པ་ལྟ་རོ།། གཉིས་ལྟུང་ཞེས་པ་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་དང ་ལྡན་པ་དེ་ཉིད་ལ། གཟུང་འཛིན་གཉིས་ཀྱི་དངོས་པོར་ལྟ་བའི་ཕྱོགསུ་ལྟུང་བའོ།། འདི་ལ་ཁྱོད་ཀྱིས་བརྩོན་པར་བྱ་ཞེས་པ་ནི་ཕྱིན་ཅི་ལོག་གི་ལྟ་བ་འཆིང་བའི་རྒྱུ་ཡིན་པས་དེ་འདྲ་བ་སྤང་བའི་དོན་དུ་བརྩོན་པར་བྱ་ཞེས་པའོ།། ། ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས་ནི་ལམ་གྱི་ཐོག་པས་སྦྱང་བར་བྱ་བ་མྱ་ངན་ལས་འདས་པ་ཐོབ་པོའི་ཉེ་བར་ལོན་པའི་རྒྱུ་རིགས་ཀྱི་རྣམ་པར་དབྱེ་བ་སྟོན་ཏེ། དེ་ལ་རིགས་མེད་པ་ལ་མངོན་པར་རྟོག་པར་འགྱུར ་བའི་རིགས་ཞེས་ཇི་ལྟར་བརྗོད་ཅེ་ན། དེ་ཡང་ལྷ་དང་ཚངས་པའི་ཐེག་པ་མངོན་པོར་རྟོགས་པར་འགྱུར་བའི་རིགས་ཡིན་པས། དེ་ལྟར་བསྟན་པའོ།། རིགས་མེད་ཅེས་པ་ནི་ཐར་པའི་རིགས་མེད་པའོ།། ཕེག་པ་མངོན་པར ་རྟོགས་ཞེས་པ་ཡང་། ལམ་ཡང་འབྲས་བུའི་ཐེག་པ་སོ་སོ་རང་རིག་པའི་ཚུལ་དུ་རྟོགས་པ་སྟེ། ཐོབ་པར་འགྱུར་བའོ།། དེ་ལ་ཉན་ཐོས་ཀྱི་རིགས་ནི་ཕུང་པོ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་གང་ཟག་གི་བདག་གིས ་སྟོང་པར་ཤེས་པ་དང་། དེ་ཉིད་ཀྱི་མྱུར་དུ་རང་ཉིད་སྲིད་པའི་སྦྲུལ་ལས་ཐར་པ་ཉིད་བསྟན་པ་ནི། དེ་ལ་མོས་པའི་སྒོ་ནས་ལུས་ཀྱི་སྤུ་ལྡང་ཞིང་། དེའི་བློ་ཕུང་པོ་ལ་སོགས་པའི་མཚན་ཉིད་གང་ཟག་གི ་བདག་གིས་སྟོང་པའི་དོན་ལ་འདྲེས་ཤིང་གོམས་པར་བྱ་བའི་ཤེས་པ་ལ་འཇུག་སྟེ། སྒྲུབ་པའི་བྱེ་བྲག་གོ།། དེ་ལ་གཞན་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་དོན་དང་། ཐམས་ཅད་སེམསུ་གཅིག་ཅིང་དེ་ཡང་སྟོང་པ་ཉིད་དུ་རོ་ཙག ་པའི་མཚན་ཉིད་ལ་མོས་པ་དང་སྒྲུབ་པ་མི་བྱེད་པའོ།། དེའི་འབྲས་བུའི་བྱེ་བྲག་ནི་དེ་ལྟ་བུའི་ཐེག་པ་མངོན་པར་རྟོག་པའི་ལྟ་བས་ས་དྲུག་དང་ལྔ་དག་ཏུ་ཀུན་ནས་ལྡང་བའི་ཉོན་མོངས་པ་རབ་ཏུ་སྤངས་ཞེས་པ་ལ་སོགས་པའོ།། ས ་ལྔའམ་དྲུག་ནི་དེ་དག་གི་རིགས་ཀྱི་ས་དང་།། བརྒྱད་པ་དང་། མཐོང་པོའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་སྟེ་རྣམ་པ་ལྔ་འམ། གཞན་ཡང་བྱས་པ་རྟོགས་པའི་ས་དང་དྲུག་གི་བར་དག་ཏུ་ཅི ་རིགས་པར་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཀུན་ནས་ལྡང་བ་རྣམས་སྤངས་ཞེས་པའོ།། དྲུག་པོ་དེ་རྣམས་ཀྱང་གོ་རིམས་བཞིན་དུ་ཉན་པོས་ཀྱི་རིགསུ་ངེས་པ་སྟེ། བཟོད་པ་ཆེན་པོ་ཡན་ཆུང་དང་། རྒྱུན ་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང་། འབྲོས་བུ་དེ་ལ་གནས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འང་བ་འདོད་པའི་འདོད་ཆགས་དང་བྲལ་བ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཐོབ་པ་དགྲ་བཅོམ ་པ་རྣམས་དང་སྦྱར་བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲེལ་པ་ལས་བཤད་པ་བཞི་ནོ།། འདིར་བཟོད་པ་ཆེན་པོ་ཡན་ཆད་ནས་དེའི་རིགསུ་ངེས་པ་ནི། གཉིས་སློབ་རིགས་ལས་ལོག་ནས་ནི། སངས་རྒྱསུ་འགྱུར་གཞན ་གསུམ་ཡང་ཞེས་གསུངས་པས་ངེས་འབྱེད་གསུམ་པོ་བཟོད་པ་འབྲིང་པོ་ཡན་ཆད་དུ་ཡང་དགེ་བའི་བཤེས་གཉེན་ལ་སོགས་པའི་རྐྱེན་གྱིས་རང་གོ་རིགས་ལས་བཟློག་ནས་རང་སངས་རྒྱསུ་འགྱུར་སྲིད་པས་དེའི་རོགསུམ ་ངེས་ཞེས་པའོ།། བདག་གི་སྐྱེ་བ་ཟད་ཞེས་པ་ནི་ཀུན་འབྱུང་བ་ཟད་པ་དང་། དེ་ཉིད་ཀྱི་སྲིད་པར་སྐྱེ་བའི་ཕུང་པོའི་ལྷག་མ་ནི་འདི་ཉིད་ཙམ་ཡིན་གྱི། གཞན་ལེན་པ་མེད་པས་ཟད་པའོ་ཞེས་ཤེས་པའོ།། ཚངས་པར་སྤྱོད་པ་ལ ་གནས་ཞེས་པ་ནི་ཉེས་སྐྱོན་དང་བྲལ་བ་སྟེ། ཇི་སྐད་དུ། ཡོན་ཏན་བཞི་དང་ལྡན་པའི་ཚངས་པར་སྤྱོད་པ་སྟེ། མ་འདྲེས་པ་ཡོངསུ་རྫོགས་པ། ཡོངསུ་དག་པ་ཡོང་སུ་བྱུང་བ་ཞེས་གསུངས་པ་ལྟ་བུའོ།། དེ་ལ་མ་འདྲེས་པོ་ནི་ཉན ་ཐོས་ཀྱི་ཐེག་པ་དེ་ཉིད་མུ་སྟེགས་དང་མ་འདྲེས་པའོ།། ཡོངསུ་རྫོགས་པ་ནི་ཁམས་གསུམ་གྱི་ཉོན་མོངས་པའི་གཉེན་པོ་རྫོགས་པའོ།། ཡོངསུ་དག་པ་ནི་དེའི་སེམས་ངོ་བོ་ཉིད་ཀྱི་རྣམ་པར་དག་པའི་སྒོ་ནས་ཟག་པ་མེད་པའོ།། ཡོད ་སུ་བྱང་བ་ནི་དགྲ་བཅོམ་པའི་གནས་སྐབས་ན་ཉོན་མོངས་པའི་དྲི་མ་རྣམ་པར་དག་པས་ཟག་པ་ཟད་པའོ།། དེ་ལྟར་ཡང་གཞན་དང་ཐུན་མེད་མ་ཡིན་ལྡན་པ་དང་། ཁམས་གསུམ་ཉོན་མོངས་རྣམ་སྤོང་རྫོགས་བྱེད་དང་།། ངོ་བོ ་ཉིད་དག་དྲི་མ་དག་པ་སྟེ། ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད་ཅེས་གསུངས་པའི་ཕྱིརརོ།། བྱ་བ་བྱསོ་ཞེས་པ་ནི་སྡུག་བསྔལ་ཤེས་པ་དང་ཀུན་འབྱུང་བ་སྤངས་པ་དང་། འགོག་པ ་མངོན་དུ་བྱས་པ་དང་། ལམ་བསྒོམ་པ་རྣམས་པས་ཟིན་ཏེ། དེ་དག་ཕྱིན་ཆད་ཤེས་པར་བྱར་མེད་ཅིང་སྤང་དུ་མེད་ལ་མངོན་དུ་བྱར་མེད་ཅང་བསྒོམ་དུ་མེད་ཅེས་པའོ།། སེངྒེའི་སྒྲ་ནི་འཇིགས་པ་མེད་པའོ།། དེ་ལ་སོགས་པ་ཐ་བ ་བཅོམ་པོ་དང་ཀུན་ཏུ་སྦྱོར་བ་སྤངས་ཞེས་པའོ།། བློར་འགྱུར་ཞེས་པ་ནི་མྱ་ངན་ལས་འདས་པ་མ་ཡིན་པ་མ་ཡིན་པ་ལ། དེའི་བློར་འགྱུར་བའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཐར་པའི་རིགས་མེད་པ་ཉིད་སྟོན་ཏེ། ལས ་སོག་ཅིང་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་གང་ཟག་གི་བདག་ཡོད་པར་ཁོང་དུ་ཆུད་པས་དེ་ཉིད་སྡུག་བསྔལ་ལས་ཐར་པའི་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུ་འཇིག་རྟེན་པའི་བསམ་གཏན་དྲང་། གཟུགས་མེད། ་པའི་ཏིང་ངེ་འཛིན་བསྒོམ་ཞིང་། མེ་ལྔ་བརྟེན་པ་ལ་སོགས་པ་ལོགས་པའི་བརྟུལ་ཞུགས་སྤྱོད་པར་བྱེད་པའོ།། དེ་ལ་གསོ་བ་ནི་བདག་དེ་ཉིད་ཁམ་དུ་བྱས་པའི་ཟས་ཀྱི་རྒྱས་པར་བྱེད་པསོ།། སྐྱེས་བུ་ནི་དེ་ཉིད་ལུས་ལ་བརྟེན ་པསོ།། གང་ཟག་ནི་དེ་ཉིད་དགེ་མི་དགེའི་ཆོས་ཀྱི་གང་ཞིག་ཁམས་གསུམ་དུ་སྐྱེ་བར་འགྱུར་བསོ།། དངོས་པོ་ཐམས་ཅད་རྒྱུ་ལ་རག་ལས་ཞེས་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་དངོས་པོ་བཟང་པོ་དང་། ངན་པར ་གྱུར་པ་ཐམས་ཅད་དབང་ཕྱུག་ལ་སོགས་པའི་རྒྱུ་ལ་རག་ལས་པར་མཐོང་ནས་དེ་ལ་སྲོག་གི་མཆོད་སྦྱིན་ལ་སོགས་པས་ཉེས་པར་བྱས་པའི་སྒོ་ནས་མ་ངན་ལས་འདས་པ་འདོད་པར་འདོད་པའོ།། ཆོས་ལ་བདག་མེད་པའི་དེ ་ཁོ་ན་ཉིད་མ་རྟོག་པ་དེ་དག་གི་ཐར་པ་མི་འཐད་པ་ནི་སྔར་རྒྱས་པར་བསྟན་ཏོ།། བློ་གྲོས་ཆེན་པོ་དེ་ལ་ཞེས་པ་ལ་སོགས་པའི་དོན་ནི་རང་ཉིད་གཅིག་པུ་ཐོར་བར་བྱ་བའི་དོན་དུ་བརྟེན་འབྲེལ་ཟབ་མོའི་དོན་མངོན་པར་རྟོགས་པ ་བརྟན་པ་དང་། སངས་རྒྱས་དང་ཉན་ཐོས་ལ་སོགས་པ་འདུ་འཛིའི་རྐྱེན་མེད་པར་བདེན་པ་ལ་གནས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་ཤེས་པ་ཙམ་གྱི་དངོས་པོ་ལ་མངོན་པར་ཞེན་པའི་ཚུལ་དུ་སྒྲུབ་པ་སྟེ། དེ ་ལས་གཞན་གྱི་ཕྱི་རོལ་གྱི་ངོ་བོར་གྱུར་པའི་རྟེན་འབྲེལ་ལ་ནི་དངོས་པོརརོ་ཞེན་པ་མེད་དེ། ཇི་སྐད་དུ། གཟུང་བར་རྟོག་པ་ཉམས་ཕྱིར་དང་།། འཛིན་པ་མ་སྤངས་ཕྱིར་དང་ནི།། རྟེན་གྱི་བསེ་རུ་ལྟ་བུའི་ལམ། ཡང་དག་བསྡུས་པར་ཤེས ་པར་བྱ་ཞེས་པོ་རྨོངས་པའི་ཕྱིརརོ།། ལམ་དང་འབྲས་བུའི་གནས་སྐབས་ན་གྲོང་དུ་བསོད་སྙོམས་ལ་གཤེགས་པའི་རྒྱུ། སུ་དག་གི་མྱུ་གུས་པའི་སྤྱོད་པ་བྱས་པ་ནོ་དུས་དེ་ཉིད་ཀྱི་ཆུའམ་ཕྱིས་མྱ་ངན་ལས་འདའ་བའི་གནས་སྐབས་ཀྱང ་རུང་སྟེ། དེ་དག་གི་ཉེས་པ་བཤགས་པར་བྱ་བའི་དོན་དུ་མདུན་གྱི་ན་མཁའ་ལ་མངོན་པར་འཕགས་ནས་རང་གི་ལུས་ལས་མེའི་ཁམས་ཕྱུང་སྟེ། མྱ་ངན་ལས་འདའ་བ་སྟོན་པ་དང་། ཟུང་གི་ཆོ་འཕྲུལ་སྟེ། མེ་འབར་བ་དང ་ཆུ་འཇུང་པ་ལ་སོགས་པ་འགལ་བའི་རྣམ་པར་སྟོན་པའི་འབྲས་བུ་འདི་ལྟ་བུ་དགྲ་ཡོད་དོ་ཞེས་བཤད་པ་ན། ཐོག་མར་མོས་པ་ཉིད་དུ་འགྱུར་ཞིང་། དེའི་རྗེ་སུ་སྔ་མ་ལྟར་འདུ་འཛི་མེད་པའི ་རྐྱེན་གྱིས་སྒྲུབ་པ་ནི་རང་སངས་རྒྱས་ཀྱི་རིགས་ཅ་ནོ།། ཐེག་པ་ཆེན་པོའི་རིགས་ནི་རྟོགས་པའི་བདག་ཉིད་སོ་སོ་རང་གི་རིག་པའི་ཡེ་ཤེས་མངོན་པར་རྟོགས་པར་འགྱུར་བ་དང་། དེ་ཉིད་རང་གི་རང་བཞིན་དོན་དམ་པ་བས་སྟོང ་བའི་ཆོས་ཀྱི་དབྱིངས་མངོན་པར་རྟོག་པར་འགྱུར་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་ཕུན་སུམ་ཚོགས་པར་སྣང་ཞིང་། དེར་བདག་ཉིད་མཚན་དང་དབྱེ་བྱད་ཀྱིས་བརྒྱན་པའི་ལྗོངས་སྤྱོད་རྫོགས་པའི་སྐུར་སྣང་བ་མངོན་པར་རྟོགས ་པར་འགྱུར་བ་སྟེ། དེ་ལ་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྣང་པོ་ནི་ཡེ་ཤེས་ཀྱི་བདག་ཉིད་ལས་པ་དད་པ་རྡུལ་ཕྲ་རབས་འདུས་པ་ལས་གྲུབ་པ་མ་ཡིན་ཞིང་། ཡེ་ཤེས་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་ཡང་ཆོས་ཀྱི་དབྱིངས་སྟོང ་པ་ཉིད་ལས་གཞན་མ་ཡིན་ཏེ་དེ་ལྟར་ན་དེ་གསུམ་དབྱེར་མེད་པའི་རང་བཞིན་སོ་སོ་རང་རིག་པའི་ཚུལ་གྱིས་མངོན་པར་རྟོགས་པར་འགྱུར་པ་སྟེ། ཐོབ་པར་འགྱུར་བའོ།། དེ་འདྲ་བའི་རིགས་མཚོན་པའི་རྟགས་ཀྱང་དེ་གསུམ ་ལས་གསུམ་ལས་གང་ཡང་རུང་བ་གཅིག་བསྟན་པ་དང་། སྔར་བསྟན་པ་ལྟར་ཀུན་གཞི་རྣམ་པར་ཤེས་པའི་འཇུག་པའི་ཚུལ་ཀུན་རྫོབ་པ་དང་། དེའི་དེ་བཞིན་ཉིད་བསྟན་པ་ན་མོ་འཇིགས་མི་སྐྲག་སྐྲག་པར་མི་འགྱུར་བ་སྟེ། ཐོགོས ་མར་སེམས་སྟེ་བཀོད་པ་དང་། དེའི་རྗེས་ལ་སྤྲུག་པ་དང་ཡུན་རིང་དུ་སྐྲག་པར་མི་འགྱུར་ཞིང་། དེ་ལ་མོས་པར་འགྱུར་བ་དང་། དེ་བཞིན་དུ་སྒྲུབ་པར་བྱེད་པའོ།། འདིར་ཚིག་གི་དོན་བཤད་པ་ལ་རང་བཞིན་གྱིས་རང་བཞིན་མེད་ཅེས་པ ་ནི་རང་རང་གི་རང་བཞིན་བདེན་པ་པས་སྟོང་པའོ།། ཁོང་དུ་ཆུད་པ་ནི་རྟོག་པའི་བདག་ཉིད་དུ་གྱུར་པའི་ཡེ་ཤེས།། ཕྱི་རོལ་སྤངས་པ་ཞེས་པ་ནི་བྱི་རིལྔ་ལྟ་བུར་སྣང་བ་ལོངས་སྙེད་རྩེགས་ལྷའི་ཞིང་ཁམས།། སྤྲུལ་པའི་སྐྱོན་གདུལ་བྱ ་འབའ་ཞིག་གི་སྣང་བ་ཡིན་པས་ཐོབ་པར་བྱ་བའི་དོན་སྐུ་གཉིས་ལས་ཐ་དད་པ་མེདདོ།། ཡང་གདུལ་བྱ་ལ་དེ་ལྟར་སྟོན་པའི་ནུས་པ་ནི་ཡེ་ཤེས་ཉིད་ཡིན་ནོ།། གཞན་ཡང་འདྲིར་དེ་ལ་རིགས་ཀྱི་རྟགས་ནི། སྦྱོར་བའི་སྔོན་དུ་སྟོང ་རྗེ་དང་།། མོས་པ་དང་ནི་བཟོད་པ་དང་།། དགེ་བོ་ཡང་དགྲ་སྤྱོད་པ་ནི།། རིགས་ཀྱི་རྟོག་སུ་ངེས་པར་བཤད་ཅེས་ཀྱང་གསུངས་ཏེ། དགེ་བའི་བཤཾསྭཱ་གཉེན་ལ་སོགས་པ་ལས་སྙིང་ས་པའི་ཕན་ཡོན་ཐོས་པ་མེང་བར་དང ་པོ་ཉིད་ནས་སྙིང་རྗེ་དང་ལྡན་པ་དང་། ཐེག་པ་ཆེན་པོའི་ཆོས་ལ་མྱོས་པ་དང་། དཀའ་བའི་སྤྱོད་པ་བཟོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཡང་དག་པར་སྐྱེས་བྱའོ།། གཞན་ཡང་སྔར་གྱི་རིགས་སོས ་བ་ཡོད་པར་རྟོགས་པའི་རྟགས་ཀྱང་། ཁམས་རྣམས་དང་ནི་མོས་པ་དང་། སྒྲུབ་པ་ཐ་དད་དབྱེ་བ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པ་བཞིན་གཞུང་དང་སྦྱར་བར་བྱའོ།། མ་ངེས་པའི་རིགས་ཅན་ནི་ཐེག་པ ་གསུམ་གྱི་ཡོན་ཏན་སོ་སོར་བསྟུན་པ་ནཱ། ཇི་ལྟར་བསྟན་པ་དེ་ལ་མོས་པར་འགྱུར་ཞིང་། དེ་བཞིན་དུ་སྒྲུབ་པར་བྱེད་པའོ།། དེ་ཡང་ཡོན་ཏན་གསུམ་ཆར་ཐོས་པར་འགྱུར་བའི་ཚེ། གང ་ལ་དགའ་བ་ཤས་ཆེ་བ་དེ་ལས་རྗེསུ་སྦྱོར་བར་བྱའོ།། དེ་ལ་རིགས་ཞེས་པ་ནི་རྒྱུ་དང་འབྲས་བུའི་གནས་སྐབས་གཉིས་ཆར་ལ་འཇུག་སྟེ། ཇི་ལྟར་རྒྱལ་པོའི་རིགས་ལ་སོགས་པ་བཞི་ནོ།། སྤྱིར་དེ་ལྟར་ཡིན་མོད་ཀྱི། འདིར ་རིགས་རྣམ་པར་དགོད་པར་བྱས་པ་ནི་ཡོངསུ་སྦྱང་བའི་ས་སྟེ། རྒྱུའི་གནས་སྐབས་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་ས་བོན་གྱི་བྱེ་བྲག་སྟེ། དེ་ཡང་རྒྱུད་ནས་སྣང་བ ་མེད་པའི་ས་སྟེ། བྱང་ཆུབ་སེམས་དཔའི་ས་དང་པོའམ་བརྒྱད་པ་ཡན་ཆད་ལ་འཇུག་པར་བྱ་བའི་ཕྱིར་རྣམ་པར་དགོད་པའོ།། ཡང་རྣམ་པ་གཅིག་ཏུ་ན། ཉན་ཐོས་ལ་སོགས་པོ་རང་རང་གི་སྣང་བ་མེད་པའི་ཏིང་ངེ ་འཛིན་ལ་ཡང་སྦྱོར་བར་བྱའོ།། བཤད་པ་སྔ་མ་ལྟར་ན་རིགས་ཀྱི་སོ་སོ་རང་རང་གི་ཀུན་གཞི་ལ་ཉོན་མོངས་པའི་བག་ཆགས་དྭགས་ནས་ཆོས་ལ་བདག་མེད་པ་མཐོང་ཞིང་དེས་ཤེས་བྱའི་སྒྲིབ་པ་ཡང་སྤང་བར་བྱ ་བའི་ཕྱིར། ཏིང་འཛིན་གྱི་བོདེ་བ་ལ་གནས་པ་ཐོབ་ནས་དེ་ལས་ལངས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སེམས་ཅན་གྱི་དོན་དུ་སྲིད་པར་སྐྱེ་བ་བླངས་ཏེ། ཚོགས་གཉིསུ་ཁ་བསྐང་ནོས་ཉན་ཐོས་དགྲ་བཅོམ་པ ་རྣམས་ཀྱང་རྒྱལ་བའི་སྐུ་ཉིད་རབ་ཏུ་ཐོབ་པར་འགྱུརརོ།། དེ་ལྟར་ནུ་འདིར་དེ་བཞིན་གཤེགས་པའི་རིགས་ནི་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པའི་མཐར་ཐུག་པ་ཉིད ་ཡིན་ཏེ། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སྒྲུབ་པ་ཡི་ནི་རྟེན་གྱུར་པ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་ཞེས་གསུངས་པའོ།། དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱི་སྟེ། ཆོས་ཀྱི་སྐུ་ཡི་རྒྱུ་མཐུན་པས་སོ།། ་ཆོས་ཀྱི་སྐུའི་ཉེ་བར་ལེན་པ་ཞེས་ཀྱང་བྱ་སྟེ། དེ་ཉིད་དྲི་མ་སྣ་ཚོགས་དང་བཅས་པའི་དུས་ན་སེམས་ཅན་གྱི་ཁམས་ཡིན་ཞིང་། དྲི་མེ་ཕྱོགས་འགའ་དང་བྲལ་བའི་དུས་ན་བྱའི་ཆུབ་སེམས་དཔའ་ཞེས་བྱ་ལི། མཐའ་དགེ་བག་ཆ ་དང་བཅས་ཏེ་སྤངས་པའི་དུས་ན་ཆོས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་རོ།། དེའི་དོན་ནི་ད་ལྟར་གྱི་སེམས་ཀྱི་རང་བཞིན་སྤྲོས་བྲལ་འོད་གསོལ་འདི་ཉིད་ཀྱི་རྒྱུན་རྒྱུད་དྲི་མུ་མཐའ་དག་བག་ཆགས་དང་བཅས་ཏེ་སྦྱངས་པའི་དུས་ན ་ཆོས་ཀྱི་སྐུ་ཡིན་གཞན་ནས་ཐོབ་པ་མ་ཡིན་པས་རང་གི་རྒྱུད་དུ་གཏོགས་པའི་རྒྱུ་ཡིན་ཞེས་པའོ།། དེ་ལྟར་ནི་དོ་ནི་ཁམས་དང་ས་བོན་ཞེས་ཀྱང་སོ་བཅུའི་མགོན་པོས་བཤད་དེ། རྣམ་གྲངསུ་རྟོགས་པའོ།། གལ་ཏེ་སྒྲུབ་པ ་ཡི་ནི་རྟེན་གྱུར་པ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་སྤྱིར་བསྟན་པ་ལས། སེམས་ཀྱི་རང་བཞིན་ལ་རིགས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པར་བསྟན་པ་མདོ་ཞེ་ན། མ་ཡིན་ཏེ། སེམས་ལས་མི ་གཏོགས་པའི་ཆོས་མེད་པ་དང་། གཞན་ཡང་ཆོས་ཀྱི་དབྱིངས་སྟོང་པ་ཉིད་འབའ་ཞིག་གི་ལྡོག་པ་ནས་ནི་རྒྱུ་དང་འབྲས་བུའི་ཁྱད་པར་བྲལ་བའི་ཕྱིར། རིགས་ཉིད་དུ་མི་འཐད་པས་ཆོས་ཅན ་གྱི་རྣམ་པར་འགྱུར་པ་དང་། ཆོས་ཉིད་ཟུང་དུ་འཇུག་པ་སྒྱུ་མ་ལྟ་བུའི་ཆོས་ཉིད་དེ་ཉིད་རིགསོ་ལ་སོགས་པར་འཐ་།། དེ་སྐད་དུ་ཡང་། རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས ་པཔ་ཡིན་ཏེ། འོན་ཀྱང་གཉི་གར་གཉི་ག་ཁས་ལེན་དགོསོ་སོ་ཞེས་འཕགས་པ་རྣམ་གྲེལ་སྡེས་བཤ་དོ།། དེའི་ཕྱིར་སེམས་ལས་མ་གཏོགས་པ་བེམ་པོའི་ཆོས་ཅན་འགའ་ཞིག་ཀུན་རྗེབ་ཏུ་ཡོད་ཀྱང་དེ་དང་དེའི་ཆོས་ཉིད་ཟུང་དུ ་འཇུག་པ་ནི། སངས་རྒྱས་ཀྱི་རིགས་ཉིད་མ་ཡིན་ཏེ། མཚན་ཉིད་ཤིན་ཏུ་འགལ་བའི་ཕྱིར། རྟ་བ་ལང་གི་རིགས་མ་ཡིན་པ་བཞིན།། དེ་ཡང་སེམས་ཅན་ཐམས་ཅད་ལ་ཡོད་དེ། ཇི་སྐད་དུ་འཕགས་པ་མྱ་ངན་ལས་འདས་པ ་ས། དེན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡང་པས་ནུ་ལོག་སྲེང་ཅན་གྱི་བར་དུ་སངས་རྒྱས་ཀྱི་རང་བཞིན་ཡོད་།། ཞེས་གསུངས།། གཞན་ཡང་ལོག་སད་ཅན་ལ་སོགས་པ ་ལ་དགེ་བའི་ཆོས་རྣམས་མེད་ཀྱང་། སངས་རྒྱས་ཀྱི་རང་བཞིན་ཉིད་དགེ་བ་སྟེ། མ་འོངས་པའི་དུས་ན་ཡོད་པར་འགྱུར་བའི་ཕྱིརརོ།། ཞེས་གསུང་སོ།། གཞན་ཡང་ལོག་སྲེད་ཅན་ལ་སོགས་པ་ལས་སངས་རྒྱས་ཀྱི་རང་བཞིན ་ཡོད་དོ།། དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་དག་གདེན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱི་རོ།། རིགས་ཀྱི་བུ་དཔེར་ན་མི་འགའ་ཞིག་གི་ཁྱིམ་ན་འོ་མ་དང་ཞོ་ཡོད ་པ་ལས། ཡང་མི་ཞིག་གི་ཁྱོད་ལ་མར་ཡོད་དམ་ཞེས་དྲིས་པས། དེས་སྨྲས་པ་བདུག་ལ་མར་ཡོད་ཞེས་སྨྲོས་ཀྱང་། འདི་ལྟར་ཞོ་ནི་ཡང་དག་པར་མར་མོ་ཡིན་མོད་ཀྱི་ཐབས་ལ་མཁས་པས། གདོན་མི་ཟླ་བྱར་ཐོབ་པར་འགྱུར ་བའི་ཕྱིར།། མར་ཡོད་ཞེས་སྨྲོསོ།། སེམས་ཅན་དག་ཀྱང་དེ་དང་འདྲ་སྟེ། ཀུན་ལ་སེམས་ཡོད།། གང་སེམས་ཡོད་པ་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའོ།། དོན་དམ་པས་ན་ངས ་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཞེས་གསུངསོ་ཞེས་བསྟན་པ་དང་། གཞན་ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པ་མཐོང་བར་མི་ནུས ་པ་ཙམ་དུ་ཟད་དེ། བུད་མེད་དབུལ་མོ་དེ་ཉིད་ལོ་གཏེར་ཡོད་པ་དང་འདྲའོ།། རིགས་ཀྱི་བུ་ངས་སེམས་ཅན་ཐམས་ཅད་ལྔ་དེ་བཞིན་གཤེགས་པའི་སྙིང་པོ་ཡོང་ཞེས་ཡང་དག་པར་བསྟན་པར་བྱ་སྟེ། ཇི་ལྟར་དབུལ་མོ་དེས ་གཏེར་ཆེན་པོ་ཡོད་པར་བསྟན་ཀྱང་མི་ཤེས་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཡང་ཉོན་མོངས་པའི་རྣམ་པས་བསྒྲིབས་པས་སེམས་ཅན་རྣམས་ཀྱིས་མི་ཤེས་ཤིང་མ། ་མཐོང་ནས་དེ་དག་ལ་དེ་བཞིན་གཤེགས་པས་བསྟན་ཏེ། དེ་དག་མགུ་ནས་དེ་བཞིན་དུཤེགས་པ་ལ་སྦྱངསུ་འགྲོའོ་ཞེས་པ་ལ་སོགས་པ་གསུང་སོ།། འཕགས་པ་ཏིངངེ་འཛིན་གྱི་རྒྱལ་པོ་ལས་ཀྱང ་འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར།། འདི་ནི་སྣོད་མིན་སེམས་ཅན་གང་ཡང་མེད་ཅེས་པ་ལ་སོགས་པ་གསུངསོ།། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ལས་ཀྱང་། ཇི་ལྟར་དྲི་ངས་སྨད་པའི་གོས་དག་གིས།། ་ཡོངསུ་དཀྲིས་པ་བདེ་བར་གཤེགས་པའི་གཟུགས་ཞེས་པ་ལ་སོགས་པས་དཔེར་ན་གེས་རུལ་གྱིས་དཀྲིས་པའི་རྒྱལ་བའི་སྐུ་གཟུགས་མི་མཐོང་བཞིན་དུ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་མོད ་ཀྱི་ཉོན་མོངས་པའི་དྲི་མས་དཀྲིས་པས་མཐོང་བར་མཱ་ནུས་ལ། དེ་ཉིད་གསལ་ན་མཐོང་བར་འགྱུར་ཞིང་སངས་རྒྱས་ཀྱི་མིང་ཐོ་ས་པོ་ཞེས་དོན་འདི་ཉིད་རྒྱས་པར་གསུང་སོ།། དེ་ལ་སོགས་པ་དྲང་སྲོང་གི་གློཙུག་ལྕག་གི་གསུང ་དུ་མ་སྣང་མོད་ཀྱི་ཚིག་མངསུ་དོགས་པས་མི་སྤྲོའོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་རོམ་གྱིས་བརྒྱུ་དོ་ནས་སངས་རྒྱས་ཉིད་དུ་འགྱུར་བས་འབྲས་བུ་མཐར་ཞུགས་པ་ཡང་གཅིག་ཉིད་ཡིན་ཞིང་། དེ་ཐོབ་པར་བྱེད ་པའི་ལིམ་དང་། ལམ་གྱི་སྦྱང་བར་བྱ་བའི་རིགས་ཀྱང་མཐར་ཐོག་གི་དབང་དུ་བྱས་ན་གཅིག་ཉིད་དེ། སངས་རྒྱས་ཀྱི་རིག་སོ།། འོན་ཀྱང་གནས་སྐབས་ཀྱི་དབང་དུ་བྱས་ན། སྲིད་པའི་སྡུག་བསྔལ་ངལ་བསོ་བའི་གཏི ་གནས་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པ་དུ་མུ་ཡོད་ཅིང་དེ་ཐོབ་པར་བྱེད་པའི་ལམ་དང་། ལམ་གྱི་སྦྱང་བར་བྱ་བའི་རིགས་ཀྱི་གནས་སྐབས་ཐ་དད་པར་འགྱུར་བའོ།། གལ་ཏེ་དེ་ལྟ་ན་འཕགས་པ་མྱ་ངན་ལས་འདས་པའི་མདོ་དེ་ཉིད ་ལས། དཔར་ན་རྡོ་རྗེ་རོན་པོ་ཆེ་གཟི་བརྗིད་ཆེན་པོ་ནི་ཅིས་ཀྱང་བཅག་པོར་མི་ནུས་ལ། རྣམ་གྲངས་གཞོན་ཐམས་ཅད་ནི་དེས་ཆོམ་པར་འགྱུར་མོད་ཀྱི། ལུག་གི་ར་ནི་མི་ཆོ་།། དེ་བཞིན་དུ། ཡོངསུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ ་འདིས་ཀྱང་། ཤིན་ཏུ་སྡིག་པའི་ལས་བྱེད་པ་འདོད་པ་ཆེན་པོ་ནི་བྱང་ཆུབ་ཏུ་བཞག་པར་མི་ནུས་ཏེ། རྒྱུ་མེད་པའི་ཕྱིར་རྡོ་རྗེ་ལུག་གི་རྭ་ལ་མི་ཚུགས་པ་བཞིནོ་ཞེས་རིགས་ཆད་ཀྱི་གང་ཟུག་ཀྱང་གསུངས་ལ། གཞན་ཡང་ཕག་པ་ཆེན ་རཱི་མདོ་སྡེའི་རྒྱན་ལས་ཀྱང་། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ་ཞེས་རྒྱུ་དང་བྲལ་བ་གཏན་ཏུ་བའི་རིགས་ཆད་གསུངས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་དུ་མ་ལས་ཐེག་པ་གསུམ ་གྱི་རིགས་ཐ་དད་པར་གསུངས་པ་དང་། དེ་སྤྱོད་པར་བྱེད་པའི་ལེམ་དང་འབྲས་བུའི་བདགི་ཉིད་ཀྱི་ཐེག་པ་གསུམ་དུ་བསྟན་པ་དང་འགལ་བར་འགྱུར་རོ།། གཞན་ཡང་བཻ་རུ་རའི་ཕུང་པོའི་མདོ་ལས། དགེ་སློང་དག་རྒྱ་དང་རྔམས་སུ ་དཔག་ཚད་ཙམ་ཡོད་པའི་བ་རུ་རའི་ཕུང་པོ་ལས་ལེ་བརྒྱ་བརྒྱ་ཞིང་རེ་རེ་ཕྱུང་ནི་ཟད་པར་འགྱུར་ལ། སེམས་ཅན་རྣམས་ཀྱི་ཁམས་ནི་མི་ཟད་པའོ་ཞེས་གསུངས་པ་དང་། ཇི་ལྟར་ན་འགལ་བར་མི་འགྱུར་ཏེ། དེའི་ཕྱིར་རིགས་ཀྱི་ངོ ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་ཟག་པ་མེད་པའི་ཆོས་ཀྱི་ས་བོན་དངོས་བྲོར་གྱུར་ལ། ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱད་དེ་འོངས་པའམ་གློ་བུར་དུ་ཐོས་པ་དང་བས ་པ་ལ་སོགས་པའི་རྐྱེན་གྱིས་བསྒོས་པ་འགའ་ཞིག་ཡིན་ལ། དེ་ཡང་ཁྱད་པར་དུ་ཉན་ཐོས་ཀྱི་ཟག་པ་མེད་པའི་ཆོས་ཀྱི་ས་བོན་ནི་ཉན་ཐོས་ཀྱི་རིགས་ཉིད་དུ་ངེས་ཤིང་། དེ་ལས་ཉན་ཐོས་ཀྱི་བྱང་ཆུབ་ཁོ་ན་འབྱུང་གི་གཞན་ནི ་མ་ཡིནོ་ཞེས་བྱའོ།། དེ་བཞིན་དུ་རིགས་ཀྱི་ཁྱད་པར་གཞན་རྣམས་ཀྱང་ཤེས་པར་བྱའོ།། དེ་ལྟར་ན་རིགས་སོ་སོར་ངེས་པ་དང་། དེ་སྦྱོང་བར་བྱེད་པའི་ལམ་གྱི་བདག་ཉིད་ཀྱི་ཐེག་པ་ཡང་ཐ་དད་པ་གསུམ་དུ་དེས་ཤིང་། དེ་སྦྱང ་པའི་འབྲས་བུ་མཐར་ཐུག་པ་ཡང་བྱང་ཆུབ་ཐ་དད་པ་གསུམ་དུ་ངེས་ཏེ། བྱང་ཆུབ་དམན་པ་རྣམས་ལས་འདས་ནས་མཐར་ཐུག་པ་ལསོ་སངས་རྒྱས་ཉིད་དུ་འགྱུར་བ་ནི་མ་ཡིནོ་ཞེས་འདོད་།། དེ་ཉིད་ཀྱི་ཕྱིར་རིགས་དང་ཐོག ་གཅིག་ཉིད་དུ་བསྟན་པ་ནི་དགོངས་པོ་ཅན་ཡིན་ཏེ། ཇི་ལྟར་མདོ་སྡེ་འདི་ཉིད་ལས་འོག་ནས་སྟོན་པར་འགྱུར་བ་དང་། ས་བཅུའི་མགོན་པོ་ཆེན་པོས་ཀྱང་།། ཆོས་དང་གང་ཟག་གྲོལ་བ་དག། མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར།། ་བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད་ཅེས་པ་ལ་སོགས་པས་ཐོག་པ་གཅིག་ཉིད་དུ་བསྟན་པ་ནི་ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་མཚུངས་པའོ་ཕྱིར་ཐེག་པ་གཅིག་ཉིད་དོ།། ་དེ་ཡང་བགྲོད་པར་བྱ་བས་ན་ཐེག་པ་ཆེན་པོའོ་ཞེས་པ་དང་། གཞན་ཡང་ཉན་ཐོས་ལ་སོགས་པའི་གང་ཟག་རྣམས་གང་ཟག་གི་བདག་མེད་པར་མཚུངས་པས་ཐེག་པ་གཅིག་པ་ཉིད་དུ་བསྟན་ཏེ། དེ་ཡང་འགྲོ་བ་པོ་ཡིན་པས་ཐེག་པ ་ཞེས་བྱའོ་ཞེས་པ་ལ་སོགས་པས་རིགས་དང་ཐེག་པ་གཅིག་པ་ནི་དགོངས་པ་ཅན་ཉིད་དུ་བསྟན་པ་དང་འགལ་ཞེས་པའོ།། འདི་ནི་མི་འཐད་དེ་ས་བོན་དོན་དམ་པའི་དངོས་པོར་འདོད་པ་ནི་ལུང་དང་རིགས་པ་དུ་མའི་སྒོ་ནས་བཀག ་ལ། གཞན་ཡང་དེ་འདྲ་བའི་དངོས་པ་བསྟན་པ་ནི་ཀུན་རྫོབ་པ་ལ་དགོངས་ཤིང་དངོས་པོར་ཞེན་པའི་བྱིས་པ་རྣམས་དྲང་བའི་དོན་དུ་གསུངས་པའོ།། དབྱེ་བ་ཐ་དད་པ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡང་གནས་སྐབས་ཐ་དད ་པ་ལས་དགོངས་ཤིང་། དེ་ལྟར་བསྟན་པས་འདུལ་བའི་སེམས་ཅན་གྱི་དོན་དུ་གསུངས་པ་ཏེ། དེའི་དོན་ནོ་གནས་སྐབས་ཀྱི་དབང་དུ་བྱས་ན་སྔར་བསྟན་པོ་ལྟར་སྲིད་པའི་སྡུག་བསྔལ་དབུགས་ཕྱུང་བའི་གཏི་གནས་ཉན་ཐོས ་ཀྱི་བྱང་ཆུབ་ལ་སོགས་པ་ཐ་དད་ཅིང་། དེ་རྣམས་ཐོབ་པར་བྱེད་པའི་ལམ་གྱིས་གནས་སྐབས་གྱི་ཐ་དད་པ་དང་། ལམ་དང་འབྲས་བུ་བསྔོས་པའི་ཡོན་ཏན་གྱི་བྱེ་བྲག་ཐ་དད་པའི་རྟེན་དུ་གྱུར་པའི་སྒོ་ནས་སེམས་ཀྱི་ཆོས་ཉིད་སྤྲོས ་པ་དང་བྲལ་ཞིང་འོད་གསལ་བ་དེ་ཉིད་ཉན་ཐོས་ལ་སོགསོ་བའི་རིགས་ཐ་དད་པ་ཉིད་དུ་འཇོག་སྟེ། ཇི་ལྟར་གཞན་གྱིས་སྒྲ་ལ་བརྟེན་ནས་རང་ཉིད་ཕར་པ་ཐོབ་པར་འདོད་ཅིང་། གང་ཟག་གི་བདག་མེད་པ་ཙམ་རྟོགས་པར་ནུས ་པའི་ཤེས་རབ་ཀྱི་ཡོན་ཏན་རྟེན་པའི་ཆ་ནས་ཉན་ཐོས་ཀྱི་རིགས་ཉིད་དུ་རྣམ་པར་འཇོག་ལ། དེ་ལས་གཞན་དུ་གཞན་གྱིས་བསྟན་པ་ལ་མི་བལྟོས་པར་རང་ཉིད་ཕར་པ་ཐོབ་པར་འདོད་པ་དང་། གང་ཟག ་གི་བདག་མེད་པ་དང་། གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱི་ཡོན་ཏན་རྟེན་པའི་ཆ་ནས་རང་སངས་རྒྱས་ཀྱི་རིགས་ཉིད་དུ་འཇོག་ཅིང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་དང་། ་བདག་མེད་གཉིས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་ནུས་པའི་ཤེས་རབ་སྟེ། ཐབས་དང་ཤེས་རབ་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་རྟེན་དུ་འདུག་པའི་སྒོ་ནས་སེམས་ཀྱི་ཆོས་ཉིད་དེ་ལ་སངས་རྒྱས་ཀྱི་རིགས་ཞེས་རྣམ་པར་འཇོག་པ་ཡིན ་གཞན་ཡང་སེམས་ཀྱི་ཆོས་ཉིད་དེ་ཉིད་སྔར་བསྟན་པའི་མོས་པ་དང་བསྒྲུབ་པ་ལ་སོགས་པའི་ཀུནས་སྐབས་ཀྱི་རྟགས་ཀྱི་ཡོན་ཏན་དེ་རྣམས་དང་འབྲེལ་པས་ཀྱང་རིགས་ཐ་དད་པ་ཉིད་དུ་རྣམ་པར་འཇོག་པའོ།། དེ་སྐད་དུ་ཡང་། ་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།། རིགས་ནི་ཐ་དང་རུང་མ་ཡིན་ཞེས་བརྩོད་པའི་ལན་དུ་རྟེན་པའི་ཆོས་ཀྱི་དཔེ་པ་ཡས།། ང་ཡི་དབྱེ་པ་ཡོངསུ་བརྗོད་ཅེས་གསུངསོ།། གཞན་ཡང་འཕགས་པོ་དམ་པའི་ཆོས་པདྨ་དཀར་པོ་ལས།། ་ཇི་ལྟར་ཁོམོ་སྣོད་རྫ་མཁན་གྱིས།། འབྱིན་པ་མཚུངས་པ་ལ་བྱས་པ།། དེ་ལས་སྣོད་དུ་གྱུར་པའོ།། བུ་མ་འོ་མ་མར་དང་ཆུ།། ཡང་ན་ལ་ལ་མི་གཙང་དང་།། ཁེ་ཅིག། ནཾ་ཡི་སྣོད་དུ་གྱུར།། ཁམ་པ་སྣ་གཅིག་དེ་བླངས་ཏེ།། རྫས་ཀྱིས ་ཀྱང་ནི་སྣོད་དུ་བྱས།། ཇི་ལྟར་དངོས་པོ་བཅུག་པ་བཞིན།། དེ་ནི་སྣོད་ཀྱང་སོ་སོར་རྟོགས།། དེ་བཞིན་སེམས་ཅན་བྱེ་བྲག་མེད།། ཕ་དང་མོས་པས་དེ་བཞིན་གཤེགས།། ཐེག་པ་ཐ་དད་རབ་སྟོན་ཀྱང་།། ཐེག་པ་སངས་རྒྱས་ཐེག་པར་ངེས་ཞེ ་གསུངས་ཏེ། དེ་དག་གི་དོན་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་ཞིང་རིག་པ་གསལ་བ་ཙམ་དུ་མཚུངས་པས། ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན་གཅིག་ཉིད་ཡིན་ཞིང་། དེ་ཉིད་ཀྱིས་ན ་ལམ་དང་འབྲས་བུའི་ཐེག་པ་ཡང་གཅིག་ཉིད་ཡིན་མོད་ཀྱི་ཇི་ལྟར་རྫ་མཁན་གཅིག་གིས་འཇིམ་པ་མཚུངས་པ་གཅིག་ལ་སྣོད་རྣམ་པ་མཚུངས་པ་དུ་མ་བྱས་པ་ན། དེ་རྣམས་ལ་རྣམ་པ་འམ་རང་བཞིན་གྱི་དབྱེ་བ་མེད་མོད ་ཀྱི། དེ་རྣམས་ཀྱི་ནང་དུ་སྦྲང་རྩི་དང་ལི་ཁ་ར་ལ་སོགས་པ་སོ་སོར་བླུགས་པ་ན། ཡོན་ཏན་དེ་རྣམས་ཀྱི་དབྱེ་བས་འགའ་ཞིག་ནི་སྦྲང་རྩིའི་བུམ་པའོ།། འདི་ནི་ལི་ཁ་རོའི་བུམ་པའོ།། ཞེས་སོ་སོར་འཇོག་པ་དེ་བཞིན་དུ། སེམས་ཅན་གྱི ་སེམས་ཀྱི་རང་བཞིན་གྱི་རིགས་ལ་དབྱེ་བ་མེད་ཀྱང་སྔར་བསྟན་པ་ལྟར་གནས་སྐབས་ཀྱི་ཡོན་ཏན་དེ་རྣམས་དང་སོ་སོར་འབྲེལ་པས་རིགས་ཐ་དད་པར་འཇོག་ཅིང་། དེ་སྦྱོང་བར་བྱེད་པའི་ལམ་དང་འབྲས་བུའི་བདག་ཉིད་ཀྱི ་ཐེག་པ་ཡང་ཐ་དད་པར་བསྟན་པའོ།། རིགས་ཆད་པ་བརྟན་པ་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐེག་པ་ཆེན་པོའི་མདོ་སྡེ་ལ། འདི་དག་ནི་ཐར་པ་དང་མཐུན་པའི་མདོ་དང་འདུལ་བ་མ་ཡིན་ནོ་ཞེས་བསྐུར་པ་བཏབ ་པས། སྔར་བསགས་པའི་དགེ་བའི་རྩ་བ་ཐཾད་ཀྱི་འབྲས་བུ་འབྱིན་མི་ནུས་པར་བྱས་པའི་སྒོ་ནས་བཅོམ་པ་སྟེ། དེ་འདྲ་བའི་ལོག་པར་ལྟ་བ་དང་བཅས་པའི་རིང་ལ་ཐར་པ་ཐོབ་པར་མི་ནུས་པ་ལ ་དགོངས་ཤིང་། སེམས་ཅན་རྣམས་དེ་འདྲ་བའི་ལྟ་བ་སྐྱེས་པ་སྤོང་བར་འགྱུར་ཞིང་། མ་སྐྱེས་པ་རྣམས་མི་བསྐྱོད་པར་བྱ་བའི་དོན་དུ་གསུངས་པ་སྟེ། གཞན་དུ་ན་མདོ་སྡེ་འདི་ཉིད་དང་། མྱ་ངན་ལས་འདས་པ་ལས་བསྟན་པ ་དང་འགལ་བར་འགྱུར་རོ།། གཞན་ཡང་ཐོག་པ་གཅིག་ཏུ་བསྟན་པ་དགོངས་པ་ཅན་ཉིད་དུ་གསུངས་པ་ནི། གནས་སྐངས་དང་མཐར་ཐུག་པ་དང་ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དབྱེ་བ་ལ་མ་བལྟོས་པར་གཅིག་པ ་ཁོ་ནའོ།། ཞེས་བསྟན་པ་ནི་དགོངས་པ་ཅན་ཡིན་པས་དེ་ལྟར་བསྟན་པའམ། གཞན་ཡང་གནས་སྐབས་ཐ་དད་པ་ལ་དགོ། ཤིང་། དེ་ལྟར་བསྟན་པས་འདུལ་བའི་སེམས་ཅན་གྱི་དོན་དུ་གསུངས་པ་ཡིན་པས་སྐྱོན་མེད་དོ།། ། ་ཡང་སར་བསམ་པའི་རིགས་ཀྱི་ཆགས་རྣམས་ཀྱང་གང་ཟག་གི་རྒྱང་རྣམས་ལ་རྟག་ཏུ་ལྡན་པར་ངེས་པ་མེད་དེ། ཇི་ལྟར་སྙིང་མེད་ཅིང་རང་ཉིད་འབའ་ཞིག་གྲོལ་བར་འདོད་པ་དང་། ཕུང་པོ་ལ་སོགས་པའི་རང་དང་སྤྱིའི ་མཚན་ཉིད་ལ་མངོན་པར་ཞན་པ་རྣམས་ཀྱངམ་སྲེད་པའམ། རྐྱེན་ངེས་པཡང་རུང་བ་ལ་བརྟེན་ནས། སྙིང་རྗེ་དང་ལྡན་ཞིང་བདག་མེད་པ་གཉིས་ཀྱི་དེ་ཁོ་ན་ཉིད་རྟོགས ་པ་དང་། དེ་འདྲ་བའི་རང་བཞིན་ལ་མོས་པ་ལྟ་བུར་གནང་ལ། ཡང་སྙིང་རྗེ་དང་ལྡན་ཞིང་སེམས་ཅན་གྱི་དོན་བྱེད་པའི་དཀའ་བའི་སྤྱོད་པ་བཟོད་པ་རྣམས་ཀྱང་རྐྱེན་གང་ཡང་རུང་བ་འགའ་ཞིག་ལ་བརྟེན་ནས་དེ་ལས་བཟློག་པའི་ཆོས་དང་ལྡན ་པ་ཉིད་དུ་མྱོང་བའི་ཚད་མས་གྲུབ་པ་དང་། བསྟན་བཅོས་དབུ་མའི་སྣང་བ་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར།། གཞན་ཡང་གསུང་རབ་དག་ལས་ཕྱོགས་དུ་མས་གསུངས་མོད་ཀྱི། མཐར་ཐུག་ལ་རིགས་གཅིག་ཉིད་ཡིན་པར་ཆད་མེ ་སྟོབས་ཀྱིས་ཀྱང་བཞག་པར་ནུས་ཏེ། སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་རིག་པ་གསལ་བ་ཙམ་གྱི་རིང་བཞིན་ནི་སྔར་བསྟན་པ་ལྟར་སངས་རྒྱས་ཉིད་ཀྱི་རིགས་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་ཡོད་པ་ཉིད་དུ་གྲུབ ་སྟེ། ཇི་ལྟར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་ལ་སོགས་པ་ཉོན་མོངས་པ་ཅན་མ་ཡིན་པའི་མིང་ཤེས་པ་རྣམས་དང་ངད་པ་ལ་སོགས་པ་སེམས་ལས་བྱུང་བའི་དགེ། ་པའི་ཆོས་རྣམས་རེས་འགའ་བ་ཉིད་དུ་དམིགས་པས་ཀུན་རྫོབ་ཙམ་དུ་ཡང་སེམས་ཀྱི་རང་བཞིན་མ་ཡིན་ལ། མྱོང་ཞིང་རིག་པ་ཙམ་ནི་རྟག་ཏུ་སེམས་ལ་རྗེསུ་འབྲང་བ་ཉིད་དུ་གྲུབ་པས་ཀུན་རྫོབ་ཏུ་སེམས་ཀྱི་རང་བཞིན་ཡིན་ཏེ། ་མེ་ལ་ཚ་བ་བཞི་ནོ།། དོན་དམ་པར་སྟོང་པ་ཉིད་ནི་རིགས་པའི་སྟོབས་ཀྱིས་སྔར་བསྟན་པ་ལྟར་གྲུབ་སྟེ། རིགས་དང་སྟོང་པ་དེ་དག་ཀྱང་ཕན་ཚུན་ཟུང་དུ་འཇུག་པ་དབྱེར་མེད་པའི་རང་བཞིན་ཡིན་ལ། དེ་ལྟར་ན་དྲི་མ་རྣམས་གློ ་བུར་བ་ཕྱིན་ཅི་ལོག་གི་ཡུལ་ཅན་ཡིན་པས་དེ་དང་འགལ་བ་ཡང་དག་པའི་ཡུལ་ཅན་གྱི་ཡེ་ཤེས་སེམས་ཀྱི་རང་བཞིན་དུ་གྱུར་པའི་གཉེན་པོ་གོམས་ཤིང་མངོན་དུ་བྱས་པ་། ས་བོན ་དང་བཅས་ཏེ་སྤང་བར་ནུས་ལ། དེ་དག་སྤངས་པོའི་སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་མངོན་དུ་བྱས་པ་ནི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེའི་ཕྱིར་དེ་འདྲ་བའི་ས་བོན་དང་ལྡན་པ་ཉིད་དུ་བདག་ཉིད་སོ་སོ་ལ་གྲུབ་སྟེ། དེ་བཞིན་དུ་སེམས ་ཅན་ཐམས་ཅད་ཀྱི་རང་བཞིན་ཡང་ཀུན་རྩུབ་ཏུ་མྱོང་བ་རིག་པ་ཙམ་ཡིན་ཏེ། ཇི་ལྟར་བདག་ཉིད་ཀྱི་མྱོང་བའི་ཁྱད་པར་འགའ་ཞིག་མདུན་དུ་བྱས་ནས། སེམས་ཉིད་དུ་ཐེ་སྙད་འདོགས་པ་ན། བདེ་བ་དང་སྡུག་བསྔལ་ལ་སོགས ་པའི་ཁྱད་པར་གང་ཡིན་ཡང་བླ་སྟེ། ཕྱིར་མྱོང་རི་གོ་ཙམ་གྱིས་ལྡོག་པ་མདུན་དུ་བྱས་ནས་སེམསུ་ཐ་དང་བཏགས་པར་མྱོང་བའི་ཚད་མ་ཉིད་ཀྱིས་གྲུབ་སྟེ། དེའི་ཕྱིར་སེམས་ཅན་གཞན་གྱི་སེམས་རྒྱུད་ཀྱང་གལ་ཏེ་སེམས ་ཉིད་ཡིན་ན་མྱོང་རིག་གི་རང་བཞི་ནི་ཡོན་ལོ། དེ་ལྟ་མ་ཡིན་ན་སེམསུ་གདགས་པའི་དོན་མེད་པས་སེམས་ཉིད་མ་ཡིན་པར་ཟ་།། འདི་ནི་སོ་སོར་ངེས་པའི་དངོས་པོ་ལ་བརྟེན་ནས་མཚན་ཉིད་སྤྱིའི་ཚུལ་དུ་རྟོག་པ་ཚད་མ་གཅིག ་གི་ཕྱེད་པ་སྟེ། གཏན་ཚིགས་ཐམས་ཅད་ཀྱི་ཁྱབ་པ་སྒྲུབ་པའི་ཚུལ་ཡང་འདི་ཉིད་ཡིནོ།། དེ་ཡང་ང་པེར་ན་མདུན་དུ་བྱས་པའི་དངོས་པོ་འགའ་ཞིག་ལ་མེར་ཐ་སྙད་བྱེད་པས་ན་གསལ་ཞིང་འབར་བའམ། ཆེན་པོ་ལ་སོགས་པའི་ཁྱད ་བར་གྱི་ལྡོག་པ་འགའ་ཞིག་མདུན་དུ་བྱས་ནས་མེར་ཐ་སྙད་བྱས་པ་ན་མེ་མ་ཡིན་གྱི། འོན་ཀྱང་ཁྱད་པར་དེ་རྣམས་གང་ཡིན་ཡང་བླ་སྟེ། སྤྱིར་ཚྭ་ཞིང་སྒེག་པ་ཙམ་གྱིས་ལྡོག་པ་དེ་ཉིད་མདུན་དུ་བྱས་ནས་མེར་ཐ་སྙད་བཏགས་པ་ཉིད་དུ ་ཉམསུ་མྱོང་བའི་ཚད་མ་ཉིད་ཀྱིས་གྲུབ་ལོ། དེ་ཉིད་ཀྱིས་མ་མཐོང་བའི་ཡུལ་གཞན་ན་ཡོད་པའི་མེ་ཐམས་ཅད་ཀྱང་གལ་ཏེ་མ་ཡིན་ནོ་ཚ་ཞིང་སྲོག་པའི་རང་བཞིན་ཡོན་ལ། དེ་ལྟ་མ་ཡིན་ནོ་མེ་ཐ་སྙད་གདགས་པའི་མེད་པས་མ ་ཡིན་ནོ་ཞེས་སྔར་སོ་སོར་ངེས་པའི་དངོས་པོ་ལ་བརྟེན་ནས་ཞུགས་པའི་ཚད་མ་དེ་ཉིད་ཀྱིས་རྟོག་པ་བཞིནོ་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པ་ནི་སྔར་བསྟན་པའི་རིགས་པའི་རྗེསུ་འབྲངས་ཏེ་རྟོགས་པར་བྱའོ།། དེ་ལྟར་ན ་རིག་པ་དང་སྟེང་པ་ཟུང་དུ་འཇུག་པ་སྐྱེས་པ་དང་བྲལ་ཞིང་འོད་གསལ་བ་དེ་འདྲ་བ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པ་ཉིད་དུ་གྲུབ་པས་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་ཞེས་བྱའོ།། དེ་སྐད་དུ་ཡང་འཇམ་དཔོལ་རྣམ་པར ་འཕྲུལ་པ་ལས།། ཁྱེའུ་བྱང་ཆུབ་སེམས་དཔས་རང་གི་སེམས་རྟོག་པར་བྱ་བ་ལུས་མ་རྟོག་པ་ཁོང་དུ་ཆུད་པར་བྱ་བ་ལས་གཞན་ཅི་ཡང་མེདོ།། རང་གི་སེམས་རྟོག་པ་གང་ཡིན་པ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སེམས་རྟོག ་པབྱ་སྱནྟི་ནོ།། རང་གི་སེམས་དབེན་པས་སེམས་ཅན་ཐམས་ཅད་ཀྱི་སེམས་དབེ་ནོ།། རང་གི་སེམས་ཀྱི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་ཀྱི་རང་བཞི་ནོ།། རང་གི་སེམས་རྣམ་པར་དག་པས་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམ ་པར་དག་པའོ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། གལ་ཏེ་དྲི་མ་དང་བྲལ་བའི་སེམས་ཀྱི་རང་བཞིན་རེ་ཞིག་སྔོན་དུ་བྱས་པ་དེ་ལྟ་ན་ཡང་ཕྱིས་དེ་ལས་ཉམས་པར་འགྱུར་བས་དེ་ནི་ཆོས་ཀྱི་སྐུའི་ཡེ་ཤེས་མ ་ཡིན་ཞེ་ན། མ་ཡིན་ཏེ། སྤྱིར་ཡེ་ཤེས་རྒྱུན་ཆད་པ་ཉིད་མོའི་ཐད་པ་ནི་འོག་ནས་སྟོན་པར་འགྱུར་ལ། དྲི་མ་རྣམས་ཀྱང་འབྱུང་བ་ཡང་མི་འཐད་དེ། དེ་དང་འོགལ་བའི་གཉེན་པོ་གོམས་ཤིང་མཐར་ཐུག་པས་དེ་རྣམས་ཀྱི་རྩ་བར་གྱུར་པའི ་བདག་ཏུ་འཛིན་པ་ས་བོན་དང་བཅས་ནས་སྤངས་པའི་ཕྱིར་ཏེ། ཇི་སྐད་དུ། བདག་ལྷའི་ས་བོན་སྤངས་པའི་ཕྱིར། སླར་མི་གཤེགས་པ་ཉིད་ཡིནོ་ཞེས་གསུངས་པ་དང་། གཞན་ཡང་འཚེ་བ་མེད་དང་ཡང་དག་དོན། རང་བཞིན་ལས་ནི་ཕྱིར་ལོག་ན།། ་འབད་དུ་ཟིན་ཀྱང་མི་བཟློག་སྟེ།། བློ་ནི་དེ་ཕྱོགས་འཛིན་ཕྱིརརོ་ཞེས་གསུངས་པ་ལྟ་བུའོ།། དེའི་དོན་ཡང་བདོག་མེད་པར་རྟོག་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་མཐར་ཐུག་པ་དེ་འདྲ་བ་ནི་ཡང་དག་པའི་ཡུལ་ཅན་ཡིན་པ་དང་། སེམས་ཀྱི ་རང་བཞིན་ཉིད་ཡིན་པས་ཕྱིན་ཅི་ལེག་གིས་ཚུར་ལ་གཞོམ་མི་ནུས་ཤིང་། ཡང་སྡུག་བསྔལ་གྱི་འཆེ་བ་དང་ཕྱིན་ཅི་ལོག་དང་སྐྱོ་བའི་འཚེ་བ་མེད་པས་ཆེད་དུའི་གཉེན་པོ་གཞན་བསྒོམས་པའི་སྒོ་ནས་བཟློག་པ་ཡང་མི་འཐང ་ཅེས་པའོ།། དེ་བཞིན་དུ་ཐེག་པ་གཅིག་པ་ཉིད་ཀྱང་རིགས་པའི་སྟོབས་ཀྱིས་གྲུབ་པ་ཉིད་དོ།། འདིར་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ལམ་གྱི་གཙོ་བོ་ཡིན་པར་སྔར་བསྒྲུབ་ལ། དེ་ཁོ་ན་ཉིད་ཀྱང་འགལ་བ་དུ་མ་མོ་འཐང་དེ། གཅིག་ནི ་ཡིན་པས་དེ་རྟོག་པའི་ཤེས་རབ་ཀྱང་གཅིག་ཉིད་ཡིན་ཏེ། དེས་ན་ལམ་མཐར་ཐུག་པ་ནི་གཅིག་ཉིད་ཡིན་ཞིང་། དེའི་ཕྱིར་འབྲས་བུ་མཐར་ཐུག་པ་ཡང་གཅིག་ཉི་།། གལ་ཏེ་མཐར་ཐུག་པ་གཅིག་ཉིད་ཡིན་ཞེས་བགྱི།། དེ་ཙམ་གྱིས ་ཐེག་པ་གཅིག་ཏུ་འགྱུར་བ་ནི་མ་ཡིན་ཏེ། ཇི་ལྟར་རིགས་མཐར་ཐུག་པ་རྒྱལ་པོའི་རིགས་གཅིག་ཉིད་ཡིན་མོད་ཀྱི། དེ་ཙམ་གྱིས་མི་རྣམས་རིགས་གཅིག་ཏུ་གྱུར་པ་ནི་མ་ཡིན་པ་བཞི་ནོ།། ཞེ་ན་སྐྱོན་མེད་དེ། འདིར་གང་ཟག་གི ་བདག་མེད་པ་ཙམ་རྟོགས་ཤིང་། རང་ཉིད་ཐར་པ་ཐོབ་པར་བྱ་བའི་དོན་དུ་དེ་ལྟར་བསྒོམས་པ་དེ་ཉིད་རིམ་གྱིས་བདག་མེད་པ་གཉིས་རྟོགས་ཤིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཚོགས་གཉིས་རྫོགས་པར་བྱས་ཏེ་སངས་རྒྱས ་ཉིད་དུ་འགྱུར་བས། དམན་པའི་ལམ་དེ་དག་ཀྱང་ཐེག་པ་ཆེན་པོའི་ལམ་གྱིས་རྒྱུན་གཅིག་གིས་ཐོག་མ་དེ་ཉིད་ཀྱི་ཡན་ལག་ཡིན་པས་མཐར་ཐུག་ལ་ཕོག་པ་ཆེན་པོའི་ལམ་གཅིག་ཉིད་ཡིན་ཞེས་པ་སྟེ། ཇི་ལྟར་ཚུལ་ཁྲིམས་དང་། ་བག་ཡིད་ཀྱི་ཡན་ལག་ལ་སོགསྡུ་བྱ་ཐེགས་པ་ཆེན་པོའི་ལམ་གྱིས་ཡན་ལག་ཡིན་པས་དེ་ཉིད་དུ་འདུས་པ་བཞི་ནི།། འདིར་ཐེག་པ་དམན་པའི་ལམ་དེ་དག་ལས་བྱང་ཆུབ་དམན་པ་ཉིད་ཐོབ་ནས་དེ་ཉིད་དུ་མཐར་ཐུག་ཅིང་ཐེག་པ ་ཆེན་པོར་བགྲོད་དུ་མེད་པ་ནི་མ་ཡིནོ།། མི་རྣམས་ཀྱི་རིགས་ནི་སོ་སོར་ངེས་ཤིང་དམངས་རིགས་ལས་རིམ་གྱིས་རྒྱལ་པོ་ཉིད་དུ་འགྲོ་བ་མ་ཡིན་པས་ཕ་དད་པ་ཉིད་དུ་ངེས་པའོ།། དེ་སྐད་དུ་ཡང་། དེ་ཉིད་ཆེལ་ལ་ཐོག་མར་ནི། ཐམས ་ཅད་ཡོད་ཅེས་བརྗོད་པར་བྱ་ཞེས་པ་ལ་སོགས་པ་གསུང་སྟེ།། གཞན་ཡང་ཐེག་པ་གསུམ་དུ་ངེས་པར་བསྟུན་པའི་དགོངས་པ་ཅན་ཡིན་པར་གསུངས་ཏེ། ཇི་སྐད་དུ། ཤཱ་རའི་བུ་དེ་བཞིན་གཤེགས་པ་ལ ་ནི་བརྫུན་གསུང་བ་མི་མངའོ།། ཐེག་པ་ནི་གཅིག་ཁོ་ནར་ཟད་དེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པའོ་ཞེས་གསུངསྟེ།། གཞན་ཡང་མི་མཁས་གང་ཞིག་དམན་ལ་མངོན་དགའ་ཞིང་།། སངས་རྒྱས་བྱ་བ་མངལ་སྤྱད་མ་སྦྱད།། འཁོར་བ ་ལ་ནི་རྨུགས་ཤིང་སྡུག་བསྐུལ་བ།། དེ་དག་རྣམས་ལ་མྱ་ངན་འདས་པ་བསྟན།། སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར།། ཐབས་འདི་རང་བྱུང་གི་ནི་མཛད་འགྱུར་གྱི།། དེ་དག་རྣམས་ལ་ཁྱེད་ཅིག་སངས་རྒྱསུ།། འགྱུར་ཞེས་ནི་ནམ ་ཡང་མི་གསུང་ངོ་།། ཅི་ཕྱིར་ཞེ་ན་སྐྱེབ་པ་དུས་ལ་གཟིག། དལ་བ་གཟིགས་ནས་དེ་ཡི་འོག་ཏུ་གསུང་། ཞེས་པ་ལ་སོགས་པས་དགྲ་བཅོམ་པ་རྣམས་ཀྱང་སངས་རྒྱས་ཉིད་དུ་འགྱུར་བར་ལུང་བསྟན་པ་དང་། ཡང་ཐེག་པ་གཅིག་སྟེ་གཉིས ་བྱ་ཡོད་མ་ཡིན།། གསུམ་པ་ན་མོ་ཡང་ཡོད་མིན་འཇིག་རྟེན་ན། སྐྱེས་བུ་མཆོག་རྣམས་བབས་ཀྱི་ཐེག་པ་གང་།། སྣ་ཚོགས་ཉེ་བར་སྟོན་པར་མཛད་མ་གཏོགས་ཞེས་གསུང་སོ།། གཞན་ཡང་འཕགས་པ་བྱང་ཆུབ་སེམས་དཔའི ་སྤྱོད་ཡུལ་རྣམ་པར་འཕྲུལ་པ་ལས། སངས་རྒྱས་ཡེ་ཤེས་མཚུངས་མེད་བསྒྲུབ་བྱ་བ།། བྱང་ཆུབ་བརྙེས་ནས་དེ་སྲིད་པ་ཡི་ཚེ།། བར་མཾ་དོར་ནི་མྱ་ངན་འདའ་བ་མེད།། འོན་ཀྱང་མྱ་ངན་འདའ་བར་ངས་བསྟན་ཏོ།། རྟག་པའི་འདུ་ཤེས ་ཅན་རྣམས་མོ་བརྟག་བསྟན།། ལྷག་མ་ལུས་པ་ལྟར་ཡང་ངས་བསྟན་ཏེ།། དེ་ཡི་ཚེ་ན་ཕྱི་མའི་མཐར་བཏགསོ།། ང་ཡི་མྱ་ངན་འདའ་ཅིག་ཐེག་པ་གཅིག། ང་ཡི་ཐེག་པ་ཐ་དད་མེད་པ་སྟེ།། ཡང་དག་དུ་ན་ཕེག་པ་གཅིག་ཏུ་བསྟན།། དེ་ནི་ཐབས ་ཀྱི་ཡུལ་དུ་ཤེས་པར་གྱིས།། རྒྱུད་གཞན་བསམ་པ་ཆུང་བའི་སྐྱེ་བོ་དག། འཕྲལ་དུ་ཐོས་པས་འཇིགས་པར་འགྱུརརོ་སྲིད་ཅེས།། དེ་དགྲ་རྣམས་ལ་ཐེག་པ་གསུམ་བསྟན་གྱི་ཞེས་པ་ལ་སོགས་པས་ཐེག་པ་གསུམ་དང་། ལྷག་མ་དང ་བཅས་པ་དང་། ལྷག་མ་མེད་པའི་མྱ་ངནྡ་ལས་འདས་པཱ་བསྟོན་པ་ནི་དགོངས་པ་ཅིན་ཉིད་དུ་གསུང་སོ།། དེས་ན་ཐེག་པ་གསུམ་དུ་ངེས་པར་བསྟན་པ་ནི། དམན་པ་ལ་མོས་པ་རྣམས་ཀྱིས་ཀྱང་རིམ་གྱིས་ཐེག་པ་ཆེན་པོ་ཉིད་རྟོག་པ ་བྱ་བའི་དོན་དུ་གསུངས་ཀྱིས། དམན་པའི་འབྲས་བུ་དེ་ཉིད་ལ་མཉམ་པར་གཞོག་ཅིང་མཐར་ཐུག་པར་བྱ་བའི་དོན་དུ་གསུངས་པ་ནི་མ་ཡིན་ཏེ། དེ་དག་ལ་ཐེག་པ་ཆེན་པོའི་རིགས་ཡོད་བཞིན་དུ་དམན་པའི་འབྲས་བུ་ལ་འཇོག ་པོར་བྱེད་ན། དེ་བཞིན་གཤེགས་པ་ཆོས་ལ་སེར་སྣ་བྱེད་པ་དང་། སེམས་ཅན་རྣམས་ལ་ཕུགས་མཉམ་པོར་མི་གཟིགས་པ་ལ་སོགས་པའི་ཉེས་པར་འགྱུར་བས་སོ།། དེ་སྐད་དུ་ཡང་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ ་ལས།། རྡུལ་བྲལ་བྱང་ཆུབ་ཁྱད་པར་ཅན་རེག་ནས།། གི་ལྀ་ཏེ་ང་ཡི་ཐེག་པ་དམན་པ་ལ།། སེམས་ཅན་འགའ་ཞིག་བཀོད་པར་གྱུར་ན་ཡང་།། ང་ལ་སེར་སྣའི་ཉེས་འགྱུར་ལགས་མ་ཡིན་ཞེས་གསུང་སོ།། འཕགས་པ་བདེན་པའི་ལེའུ ་ལས་ཀྱང་། འཇམ་དཔལ་སངས་རྒྱས་ཀྱི་ཞིང་དེ་ནི་ཐེག་པ་གུཅིག་གིས་ངེས་པར་འབྱུང་བའི་ཕྱིར་ཐེག་པའི་སྙིང་པོ་དང་ལྡན་པར་འགྱུ་རོ།། ང་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ ་པར་འཇོག་པ་མེདོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་འདུ་ཤེས་ཐ་དད་པ་དང་བྲལ་བའི་ཕྱིར།། འཇམ་དཔལ་བ། ཏི་དེ་བཞིན་གཤེགས་པས་ཁ་གཅི་ག་ལ་ནི་ཐེག་པ་ཆེན་པོ་སྟོན་པར་འགྱུ། ཁ་ཅིག་ལ་ནི་རང ་རྒྱས་ཀྱི་ཐེག་པ། ཁ་ཅིག་ལོ་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་པར་འགྱུར་ན། དེ་བཞིན་གཤེགས་པ་ཡོངསུ་མ་དག་པར་ཡང་འགྱུར་ཞིང་། མངོན་པར་ཞེན་ཉེས་པར་ཡང་འགྱུར།། ཐུགས་རྗེ་ཆེན་ཆེ་བར་ཡང་འགྱུར་ལ།། ་འདུ་ཤེས་ཐ་དད་པར་འགྱུར་ཆོས་ལ་སློབ་དཔོན་གྱི་དཔེ་མཁྲད་བྱས་པར་ཡང་འགྱུ་རོ།། འཇམ་དཔལ་གཞན་ཡང་ང་ནི་སེམས་ཅན་རྣམས་ལ་ཆོས་གང་དང་གང་སྟོན་པ་དེ་ཐམས་ཅད་བྱང་ཆུབ་ལ་གཞོལ་པ། ཐགས་པ་ཆེན་པོ ་འབེབ་པ། ཐམས་ཅད་མ་ཁྱེན་པ་ཉིད་འདྲེན་པར་བྱེད་པ། ཕྱོགས་གཅིག་ཐོབ་པར་བྱེད་པ་སྟེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཡིནོ།། ཞེས་པ་ལ་སོགས་པ་གསུང་སོ།། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་རྣམ ་པར་འཕྲུལ་པ་ལས་ཀྱང་། འདྲེན་པ་སེམས་ཅན་ཀུན་ལ་སྙོམ་པའི་སེམས།། ང་ལ་ཐོ་དད་འདུ་ཤེས་ནམི་ཡང་མེད།། ཐེག་པ་དམན་པ་གཞན་ལོ་ངས་བསྟན་ན།། དེ་ནི་ང་ལ་སེར་སྣའི་སྐྱོན་དུ་འགྱུར་ཞེས་གསུང་སོ།། དེ་ལྟར་ན་མདོ ་སྡེ་འདིས་བསྟན་པར་བྱ་བའི་ངེས་པའི་དོན་ནི་འདི་ཡིན་ཏེ། ཇི་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དང་། གནས་སྐབས་དང་མཐར་ཐུག་པའི་དབྱེ་བ་ལ་མ་བལྟོས་པར་ཐེག་པ་ཆེན་པོ་གཅིག་ཉིད་ཡིན་ཞེས་པ་ཡང་དྲང་བའི་དོན་ཏེ། དོན ་དམ་པར་ཐེག་པ་མེད་ཅིང་། དེ་ལ་བརྟེན་ནས་འགྲོ་བའི་གང་ཟག་ལ་སོགས་པ་མེད་པ་དང་། ཀུན་རྫོབ་ཏུ་གནས་སྐབས་ཀྱི་ལཱམ་དང་འབྲས་བུ་མོ་འདྲ་བའི་ཕྱིར་ཡང་ཐེག་པ་གསུམ་དུ་ངེས་པ་ཡང་སྔར་བསྟན་པ་ལྟར་དགོངས་པ་ཅན ་ཡིན་ཞིང་། གཞན་ཡང་གནས་སྐབས་ཀྱི་དབང་དུ་བྱས་ན། ལྷ་དང་ཚངས་པའི་ཐེག་པ་ལ་སོགས་པ་དུ་མཱ་ཉིད་དུ་འགྱུར་བའི་ཕྱིར།། དུ་མ་ཉིད་དུ་ངེས་པ་ཡང་མ་ཡིན་ཏེ། སྔར་བསྟན་པ་ལྷུར་རྣམ་པར་གྲོལ་བའི་འབྲས་བུའི་རིགས་གསུམ ་དུ་འདུས་ཤིང་། དེ་ཐོབ་བྱེད་ཀྱི་ལམ་ཡང་གསུམ་དུ་འདུས་ཞེས་པ་ལ་སོགས་པ་ཤེས་པར་ཟདདོ།། དེའི་ཕྱིར་དེ་རྣམས་ལ་བཟློག་པའི་དོན་ནི་ངེས་པའི་དོན་ཞེས་བྱའོ།། ཚིགསུ་བཅད་པའི་དོན་ནི་ཉན་ཐོས་རྒྱུན་ཏུ་ཞུགས་པ་མཐོང་བ་སྤང ་བར་བྱེ་བའི་ཉོན་མོངས་པ་ས་བོན་དང་བཅས་ཏེ་སྤངས་ཞེས་པ་ན་སྔར་བསྟན་པ་ལྟར་དགྲ་བཅོམ་པའི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ལ་སོགས་པ་འཁྲུལ་པ་ཡིན་ཞིང་། དེ་རྣམས་ལ་དེ་ལྟར་འཛིན་པའི་བློ་གཞན ་ཡང་འཁྲུལ་པའོ།། དེའི་རྒྱུ་མཚན་ཡང་དེ་དག་གི་ཕྱིན་ཅི་ལོག་གི་རྩ་བ་དངོས་པོར་མངོན་པར་ཞེན་པ་ཉིད་མ་སྤངས་པའི་ཕྱིར་ཏེ། ཇི་སྐད་དུ། དམིགས་པ་དང་ནི་བཅས་པའི་སེམས།། འགགས་པ་སླར་ཡང་སྐྱེ་འགྱུར་ཏེ།། ཞེས་གསུང ་པའམ། སེམས་ནི་དམིགས་དང་བཅས་རྣམས་ཀྱི།། མྱ་ངན་འདས་པ་དཀའ་བར་གནས་ཞེས་གསུངས་པ་ལྟ་དུའོ།། གཞན་ཡང་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས། དགེ་སློང་དམ་དགེ་སློང ་མ་གང་ལ་ལ་ཞིག་དགྲ་བཅོམ་པ་ཉིད་དུ་ཁས་འཆེ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་ཡོངསུ་མི་འཛིན་པར་བདག་ནི་སངས་རྒྱས་ཀྱི་ཐེག་པ་ལ་རེ་བ་མདོ་ཞེས་སྨྲ་ཞིང་། བདག་གི་ལུས་ཀྱི་མྱ་ངན་ལས ་འདས་པའི་ཕ་མ་ནི་འདི་ཙམ་དུ་ཟ་དོ་ཞེས་སྨྲ་ན། ཤཱ་རིའི་བུ་མངོན་པའི་ང་རྒྱལ་ཅན་ཡིན་པར་ཤེས་པར་བྱའོ་ཞེས་གསུང་སོ།། ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། དེས་དགྲ་བཅོམ་པ་ཉིད་ཐོབ་ནས་ཡང་དག་པར ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ན། སྐྱེ་བ་མ་མཆིས་པ་ཇི་ལྟར་ཐོབ་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱི་མཁྱེན་བཞིན་དུ་འདིའི་སྐྱེ་བ་ལུང་མ་བསྟན་ལགསོ་ཞེས་པའི་ལན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས ་པང་ནི་ལས་དང་ཉོན་མོངས་པའི་དབང་དུ་སོང་བའི་སྐྱེ་བ་འདོགས་པར་མི་མཛད་མོད་ཀྱི། འོན་ཀྱང་འདིའི་སྐྱེ་བ་བསམ་གྱིས་མི་ཁྱབ་པའི་མྱ་ངན་ལས་འདས་པར་བསྔོས་པ་ཡིན་པར་འདོགས་པར་མཛད་ཞེས་གསུང་སོ།། འཕགས ་པ་ཆོས་བཅུ་པ་ལས་ཀྱང་། བཅོམ་ལྡན་འདས་ཉན་ཐོས་ཟག་པ་མ་མཆིས་པ་སྲིད་པར་ཀུན་ཏུ་སྦྱོར་བ་ཡང་དག་པར་ཆད་པ་རྣམས་རིགས་མཆིསསུ་ལགས་ཀྱང་། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་ཕྱིར་དཔེ་ཉོན་ཅིག། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་བུ་ཞིག་བཟོའི་གནས་ཐམས་ཅད ་ལ་སློབ་པར་འགྱུར་ལ། དེ་ཡང་དབང་པོ་བརྟུལ་ལ་དབང་པོ་རྣོ་བ་མ་ཡིན་པས་ཕྱིས་བསླབ་པར་བྱ་པོ་གང་ཡིན་པ་དེ་ནི་སྔར་སློབ། སྔར་སློབ་པར་བྱ་བ་གང་ཡིན་པ་དེ་ནི་ཕྱིས་སློབ་པར་གྱུར་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། འོན་ཀྱང ་གཞི་དེས། དེ་རྒྱལ་པོའི་བུ་མ་ཡིནོ་ཞེས་བྱ་བར་བརྗོད་དམ། བཅོམ་ལྡན་འདས་དེ་ལྟ་མ་ལག་སོ།། བདེ་བར་གཤེགས་པ་དེ་ལྟ་མི་ལགས་ཏེ། རྒྱལ་པོའི་བུ་ཞེས་བརྗོད་པར་བགྱི་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི ་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དབང་པོ་བརྟུལ་པོ་རིགས་དང་ལྡན་པ། སྔར་བསྒོམ་པའི་ལས་ཀྱི་ཉོན་མོངས་པ་ཟད་པར་བྱེད་ཅིང་། ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་སོགས ་པ་རྒྱས་པར་གསུང་སོ།། གཞན་ཡང་ལྷ་མོ་དཔལ་འཕྲེང་གི་ཞུས་པ་ལས་ཀྱང་། བཅོམ་ལྡན་འདས་དེ་ལྟར་ལེགས་པས་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་ཀྱང་མྱ་ངན་ལས་འདས་པའི་དབྱིངས་དང་རིང་བ་ལགསོ།། བཅོམ ་ལྡན་འདས་དགྲ་བཅོམ་པ་རྣམས་རང་སངས་རྒྱས་རྣམས་ཀྱིས་རྣམ་པར་གྲོལ་བ་ལ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་མཐའ་དབུགས་ཕྱིན་པ་རྗེསུ་དྲན་པ་གཞི་པོ་གང་ལགས་པ་དེ་དག་ཀྱང་། བཅོམ་ལྡན་འདས་དགོངས་པ་ཅན་དང ་ལྷག་མ་དང་བཅས་པ་དང་། དྲང་བའི་དོན་དང་། རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བགྱི་བ་ལགསོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཆི་འཕྲོ་ནི་འདི་གཉིས་ལགས་ཏེ། གཉིས་གང་ཞེ་ན། ་རྒྱུན་ཆད་པའི་འཆི་འཕོ་དང་། ཡོངསུ་བསྔོ་བ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ལག་སོ།། བཅོམ་ལྡན་འདས་དེ་ལ་རྒྱུན་ཆད་པའི་འཆི་འཕོ་ནི་ཉིད་འཚམས་སྦྱོར་བ་དང་བཅས་པའི་སེམས་ཅན་རྣམས་ཀྱིས་ལགསོ།། བཅོམ་ལྡན་འདས ་ཡིཡོངསུ་བསྔོ་བ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ནི་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་ཐོབ་པ་དང་། ཡིད་ཀྱིས་ལུས་རྣམས་ལགས་ཏེ། བྱང་ཆུབ་ཀྱི་སྙིང་པོ ་ལ་ཕུག་གི་བར་དུ་ལག་སོ།། བཅོམ་ལྡན་འདས་དེ་ལ་འཆི་འཕོ་འདི་གཉིས་ལས་རྒྱན་ཆད་པའི་འཆི་འཕོའི་དབོང་དུ་བགྱིས་ཏེ། བདག་གི་སྐྱེ་བ་ཟད་སྙམ་དུ་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་ཤེས་པ་འབྱུང་བ ་ལགསོ།། བཅོམ་ལྡན་འདས་དེ་ལྟར་ལྷག་མ་དང་བཅས་པའི་འབྲས་བུ་མངོན་སུམ་དུ་བགྱིས་པ་ལ་བརྟེན་ནས། བདག་གི་ཚངས་པའི་སྤྱོད་པ་བརྟེན་ཏོ་སྙམ་དུ་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱིས ་ཤེས་པ་འབྱུང་བ་ལེགསོ།། བྱིས་པ་སོ་སོའི་སྐྱེ་བོ་དང་། ལྷ་དང་མིར་བགྱི་བ་དང་བཅས་པ་ཐམས་ཅད་དང་། སླེབ་པ་བདུན་པོ་དག་གི་ཉིང་མཚམས་སྦྱོར་བ་དང་། བཅས་པའི་ཉོན་མོངས་པ་རྣམས་སྤངས་པ་སྔོན་མ་བགྱིས་པ ་དེ་སྤངས་པ་ལ་བརྟེན་ནས། བྱ་བ་བྱས་སྙམ་དུ་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་ཤེས་པ་འབྱུང་བ་ལགསོ་ཞེས་པ་ལ་སོགས་པ་དང་། དེ་རྣམས་ཀྱི་རྒྱུ་མཚན་དྲིས་པ་ནི། བཅོམ་ལྡན་འདས་དགྲ་བཅོམ་པ་རྣམས་དང་།། ་རང་སངས་རྒྱས་རྣམས་ལ་ཡོད། ཉོན་མོངས་པ་རྣམས་མ་སྤངས་པ་དང་། སྐྱེ་བའི་ཉོན་མོངས་པ་རྣམས་ཡོངསུ་མ་འཚལ་བ་ཡང་མཆིས་པའི་སླད་དུའོ།། བཅོམ་ལྡན་འདས་ཉོན་མོངས་པ་དག་ནི་རྣམ་པ་གཉིས་ཏེ། གནས་ཀྱི་སའི ་ཉོན་མོངས་པ་དང་། ཀུན་ནས་ལྡང་བའི་ཉོན་མོངས་པ་རྣམསོ།། བཅོམ་ལྡན་འདས་གནས་ཀྱི་ས་ཡང་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟར་བལྟ་བ་གཅིག་ལ་གནས་པའི་གནས་ཀྱི་ས་དང་། འདོད་པའི་འདོད་ཆགས་ལ ་གནས་པའི་གནས་ཀྱི་ས་དང་གཟུགས་ཀྱི་འདོད་ཆགས་ལ་གནས་པའི་གནས་ཀྱི་ས་དང་། སྲིད་པའི་འདོད་ཆགས་ལ་གནས་པའི་གནས་ཀྱིས་སྟེ། བཅོམ་ལྡན་འདས་གནས་ཀྱི་ས་བཞི་པོ་དེ་དག་གི་ཉོན་མོངས་པ ་ཀུན་ནས་ལྡང་བ་ཐམས་ཅད་བསྐྱེད་ལགསོ།། བཅོམ་ལྡན་འདས་དེ་དག་ཀྱང་སྐད་གཅིག་པ་སྟེ། སེམས་ཀྱི་སྐད་ཅིག་པ་དང་མཚུངས་པར་ལྡན་པ་ལག་སོ།། བཅོམ་ལྡན་འདས་མ་རིགས་པའི་གནས་ཀྱི་ས་ཐོག་མ་མཆིས ་པའི་དུས་ནས་མཆིས་པ་ནི་སེམས་དང་མི་ལྡན་པ་ལགསོ།། བཅོམ་ལྡན་འདས་གནས་ཀྱི་ས་བཞི་པོ་འདི་དག་གི་ནང་ན་སྟོབས་ཆེ་བ་གང་ལགས་པ་དེ་ནི། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གཞིར་གྱུར་པ། མ་རིགས་པའི ་གནས་ཀྱིས་སྟོབས་ཆེ་བའི་གྲངས་སམ། ཆའམ་བགྲང་བའམ་དཔེ་འམ་རྒྱུར་ཡང་མི་བཟོད་པ་ལགསསོ།། བཅོམ་ལྡན་འདས་དེ་ལྟར་མ་རིགས་པའི་གནས་ཀྱི་ས་ནི་སྟོབས་ཆེ་བ་ལགས་ཏེ། སྲིད ་པའི་འདོད་ཆགས་ལ་གནས་པའི་ས་ཞེས་ཀྱང་བགྱིའོ།། བཅོམ་ལྡན་འདས་དཔེར་ན་བདུད་སྡིག་ཅན་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་དུ་གཏོགས་ཀྱང་། འདི་ལྟར་གཟུགས་དང་། ཁ་དོག་དང་། གཟི་བརྗིད་དང་། སྟོབས་དང་། ་འཁོར་དང་། དབང་ཕྱུག་གི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཟིལ་གྱིས་གནོན་ཏོ།། བཅོམ་ལྡན་འདས་དེ་བཞིན་དུ་མ་རིགོ་སྟེ། མ་རིག་པའི་གནས་ཀྱི་ས་སྲིད་པའི་འདོད་ཆགས་ལ་གནས་པའི་གནས་ཀྱི་ས་ཞེས་བགྱི་བས་ཀྱང ་གནས་ཀྱི་ས་བཞི་པོ་འདི་དག་ཟིལ་གྱིས་གནོན་ཏོ།། ཉེ་བའི་ཉོན་མོངས་པ་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པ་སྙེད་ཀྱི་རྟེན་དུ་གྱུར་པ་དང་། ཉོན་མོངས་པ་བཞི་དང་ཡང་ཡུན་རིང་པོ་ནས་ལྷན་ཅིག་གནས་པ་དང་། ཉན་ཐོས་དུང་རང ་སངས་རྒྱས་ཀྱི་ཤེས་པས་མི་རྫི་བ་དང་། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་གཞོམ་པ་ལགས་ཏེ། བཅོམ་ལྡན་འདས་མ་རིག་པའི་གནས་ཀྱི་ས་ནི་སྟོབས་ཆེ་བ་ལགསོ།། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས ་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་སྲིད་པ་གསུམ་བྱུང་བ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་གནས་ཀྱི་ས་རྐྱེན་གྱིས་ཟག་པ་མ་མཆིས་པའི་ལས་ཀྱི་རྒྱ་ལས་བྱུང་བའི་དགྲ་བཅོམ་པ་རྣམས་དང་། རང་སངས ་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་དབང་ཐོབ་པ་རྣམས་ཀྱི་ཡིད་ཀྱི་ལུས་གསུམ་འབྱུང་སྟེ། བཅོམ་ལྡན་འདས་མ་རིགས་པའི་གནས་ཀྱི་ས་ནི་ས་གསུམ་པོ་འདི་དག་ཏུ་ཡིད་ཀྱི་ལུས་གསུམ་པོ་འདི་དག་འབྱུང་བ་དང་། ཟག་པ་མ ་མཆིས་པའི་ལས་མངོན་པར་གྲུབ་པའི་རྟེན་ལག་སོ།། ཞེས་པ་ལ་སོགས་པ་རྒྱས་པར་གསུངས་ནས། གཞན་ཡང་དེ་དག་གི་དབུགས་ཕྱུང་བ་བཞི་པོ་ལྷག་མ་དང་བཅས་པ་ཉིད་དུ་གསུངས་ཏེ། བཅོམ་ལྡན་འདས་སྡུག་བསྔལ་ཡོངས ་སུ་འཚལ་བ་ལྷག་མ་དང་བཅས་པ་ལགསོ།། ཀུན་འབྱུང་བ་སྤང་བར་བྱ་བ་ལྷག་མ་དང་བཅས་པ་ལགསོ།། སྡུག་བསྔལ་འགོག་པ་མངོན་དུ་བགྱིས་པ་ལྷག་མ་དང་བཅས་པ་ལགསོ།། སྡུག་བསྔལ་འགོག་པར་འགྲོ་བའི་ལམ ་བསྒོམས་པ་ལྷག་མ་དང་བཅས་པ་ལགསསོ།། ཞེས་པ་ལ་སོགས་པ་རྒྱས་པར་གསུངས་པའི་ཕྱིརརོ།། དེ་ལྟར་ན་ཉནི་ཐོས་ཀྱི་ཐེག་པ་ལ་སོགས་པ་བསྟན་པ་ཅི་ཞེ་ན། བྱིས་པ་བློ་གཞན་རྣམས་ལོ་ཞེས་པ་ལ་སོགས་པ་གསུངས་ཏེ། ་དོན་ནི་སྔར་བསྡུ་ནོ།། ཐེག་པ་མེད་པའང་ཞེས་པ་ནི་དུ་མ་ཉིད་ཀྱང་བསྟན་པ་ཞེས་པའོ།། ཕོག་མ་མེད་པ་སུ་ལ་སྟོན་ཙཱ་ན། འཕགས་པ་རྣམས་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། གཉིསུ་མེད་པའི་རང་རིག་པ་དོན་དམ་པར ་སྟོང་པ་ཉིད་ནི་དམ་པའི་དོན་ཏེ། ཆོས་ཀྱི་སྐུའི་ཡེ་ཤེས་ལ་འཇུག་པའི་སྒོའམ་ཐབས་ཞེས་པའོ།། ཡང་ན་དམ་པའི་དོན་ནི་མཐར་ཐུགས་པའི་ཆོས་ཀྱི་དབྱིངས་ཉིད་ཡིན་ལ། སྔ་མ་ནི་དེའི་སྒོའམ་ཐབས་ཞེས་པའོ།། དེས་ན་གཉིས ་སུ་སྣང་བ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་འཕགས་པ་སོ་སོ་རང་གི་རིག་པར་བྱ་བའི་དོན་ལ། ཐེགས་པ་གསུམ་ལ་སོགས་པ་མེད་ཅེས་པའོ།། དེ་བཞིན་དུ་བསམ་གཏན་དང་ཚད་མེད་པ་ལ་སོག ་པའི་ལམ་གྱི་ཁྱད་པར་དང་། དེ་དག་གི་འབྲས་བུར་གྱུར་པའི་ཐེག་པའི་བྱེ་བྲག་རྣམས་ཀྱང་རྣམ་པར་རིག་པ་ཙམ་གྱི་དོ་བུ་མ། དོན་དམ་པའི་དེ་ཁོ་ན་ཉིད་ལ་ཡོད་པ་མ་ཡིན་ཞེས་པའོ།། བློ་གྲོས་ཆེན་པོ་དེ་ལ་འདོད་ཆེན་པ་རྣམས་ཀྱི ་ཞེས་པའི་དོན་ནོ་གང་དག་སྲིད་པའི་ལོངས་སྤྱོད་འདོད་པའི་ཡོན་ཏན་གྱི་བདེ་བ་ལ་མངོན་པར་ཆགས་པ་སྟེ། ཇི་སྐད་དུ་བ་ནི་ངའི་གནས་ནི་ཉམས་དགའ་བར།། ཁྲུ་ཉིད་གྱུར་ཀྱང་མཆོག་ཡིན་གྱི།། གཽ་ཏ་མ་ཡུལ་རྣམས་སྤངས་པ ་ཡིན། ཐར་པ་ནམ་ཡང་མི་འཚལོ་ཞེས་ཟེར་པོ་ལྟ་བུ་འམ། གཞན་ཡང་བསམ་གཏན་དང་གཟུགས་མེད་ཀྱི་སྲིད་པའི་བདེ་བ་ཙམ་མངོན་པར་འདོད་པ་སྟེ། དེ་དག་གི་དོན་དུ་བསོད་ནམས་མངོན་པར་འདུས་བྱས་པ་ཡང་། བྱང་ཆུབ ་སེམས་དཔའི་སྡེ་སྣོད་ལ་བསྐུར་པ་བཏབ་པས་སྤངས་པ་སྟེ། འབྲས་བུ་འབྱིན་པར་མི་ནུས་པ་ཉིད་དུ་བྱས་པའོ།། བྱང་ཆུབ་སེམས་དཔའི་འདོད་ཆེན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བའི་ཚུལ་རྣམ་པ་བཞི་སྟེ། ཇི་སྐད་དུ། ་བློ་ལྡན་རྣམས་ཀྱི་ལས་དང་ནི།། གཞན་ཡང་སྨོན་ལམ་དགེ་དང་ནི།། ཏིང་ངེ་འཛིན་དང་དབང་འབྱོར་པའོ།། དབང་གི་སྐྱེ་བར་འདོད་པ་ཡིན་ཞེས་གསུངས་ཏེ། དེ་ལ་ལས་ཀྱི་དབང་གི་སྐྱེ་བ་ནི་མོས་པ་སྤྱོད་པའོ་ས་ལ་གནས་པ་རྣམས ་བསོད་ནམས་ཀྱི་ལས་ཀྱིས་གང་འདོད་པའི་གནས་སྐྱེ་བའོ།། སྨོན་ལམ་གྱི་དབང་གིས་སྐྱེ་བ་ནི་ས་ལ་ཞུགས་པ་རྣམས་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་ཡོང་སུ་སྨིན་པར་བྱ་བའི་ཕྱིར། དུད་འགྲོ་ལ་སོགས་པའི་གནས་དམན་པར ་ཡང་སྐྱེ་བ་གང་ཡིན་པའོ།། ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་ནི་བསམ་གཏན་བསྒོམ་ཡང་དེའི་དབང་གི་བསམ་གཏན་གྱི་ལྷའི་སྐྱེ་བ་མི་འཛིན་པར་སེམས་ཅན་གྱི་དོན་དུ་འདོད་པའི་ཁམ་སུ་སྐྱེ་བའོ།། དབང་འབྱོར་པའི་དབང་གིས་སྐྱེ ་བབ་ནི་སྤྲུལ་པ་དག་གི་དགའ་ལྡན་གྱི་གནས་ལ་སོགསོ་བར་སྐྱེ་བ་ཀུན་ཏུ་སྟོན་པ་གང་ཡིན་པའོ།། དེ་ལ་འདྲིར་ནི་སྲིད་པར་སྨོན་ལམ་དང་ཐབས་མངོན་དུ་བཏང་བས་ཞེས་པ་སྟེ། སྨོན་ལ་མི་གྱི་སྐྱེ་བ་ལ་སོགས་པ་གསུམ་པོ ་རྣམས་དང་སྦྱར་བར་བྱའོ།། དེ་ཡང་སེམས་ཅན་གྱི་དོན་དུ་སྲིད་པར་སྐྱེ་བ་ཉིད་དུ་སྨོན་ལྡམ་བཏབ་པ་དང་། བདེན་པོ་གཉིས་ཀྱི་ཐབས་ལ་མཁས་པ་བསམ་གཏན་བསྒོམ་ཡང་། དོན་དམ་པར་དེ་དག་གི་ཡུལ་དང་། བདེ་བའི་རོ། ་ལ་མི་ཆགས་ཏེ། སྟོང་པ་ཉིད་དུ་རྟོག་པ་དང་། འདོད་པའི་ཁམས་སྨོས་ཀྱང་དེ་དག་གི་རང་བཞིན་སྟོང་པར་རྟོགས་པས་འདོད་པའི་འདོད་ཆགས་ཀྱིས་མི་གོས་ཤིང་ཀུན་རྫོབ་ཏུ་གནང་བ་དང་བཅས་པའི་བློ་ཡི་དེ་དེ་དག་གི ་དོན་བྱེད་པ་སྟེ། འདིའི་དོན་ནི་སྔར་བསྟན་ཏེ།། གཞན་ཡང་ཐབས་ལ་མཁས་པ་གདུལ་བྱ་ཇི་ལྟར་འདུལ་བར་འགྱུར་བའི་སྐུར་སྤྲུལ་ནས་ཀྱང་སེམས་ཅན་གྱི་དོན་བྱེད་ཅེས་པའོ།། རང་གི་མཚན་ཉིད་མཚན་ཉིད་དང་ལྡན་པའི་དངོས ་པའོ།། དེ་ཉིད་ཀྱི་སྦྱོར་དེའི་རྒྱུལ་རབ་ཏུ་སྟོ་བ་སྐུ། དེའི་ཆོས་དང་ལྡན་པའོ།། དེ་ཁཱ་ཥྚ་བ་ཐམས་དཔའ་འདོད་ནནྡྷ་ཛྙཱན་དོན་ད་པར་ཆོས་ཐམས་ཅད་ག་མཱ་ནུས་བྷཱུདྡྷཱནྡྷ་ལ་ས་པརྫུན ་ཤིང་། བཟོད་མྱ་ངན་ལས་འདའ་བར་བྱ་བ་ལ་སོགས་པའི་ཆོས་མ་མཐོང་ནས་ཤིན་ཏུ་མྱ་ངན་ལས་མི་འདའ་ཞིང་།། ཀུན་རྒྱོབ་ཏུ་ཡང་སེམས་ཅན་གྱི་དོན་ལ་མངོན་པར་ཞེན་པས་མྱ་དྲན་ལུས་མི་འདའོ་ཞེས་པའོ།། གལ་ཏུ་དེ་ལྟན ་སེམས་ཅན་གྱི་དོན་ནི། སངས་རྒྱས་ནས་ཆོས་ཀྱི་སྐུའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་མངོན་དུ་བྱས་པ་དེ་ལྟ་ན་ཡང་། རྗེས་ཐོབ་ལ་གཟུགས་སྐུ་གཉི་སུ་སྣང་བ་ལ་སོགས་པས་བྱེད་པོར་ཇི་སྟེ་མི་འགྱུར་ཞེ་ན། བདེན་མོད་ཀྱི་སེམས་ཅན ་གྱི་དོན་ལ་མངོན་པར་ཞེན་པས་སྤྲུལ་པ་འབའ་ཞིག་གི་དམན་པ་རྣམས་ཀྱི་དོན་བྱས་ཀྱང་ཡོད་ཆེས་པར་མི་འགྱུར་བས་དེ་དང་དེ་དག་དུ་སྐྱེ་བ་ལེན་པའམ། གཞན་ཡང་རུང་སྟེ་དངོས་རང་ཉིད་ཀྱི་དོན་བྱེང་བར་འགྱུར་བའོ།། བམྱ ་གབ་ཏ་ན་ཞེས་པ་ལ་སོགས་པའི་དོན་ནི། དེ་དག་ལ་ཡང་དེ་བཞིན་གཤེགས་པོའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་བདག་ཉིད་ཡོད་ཅིང་། དེ་དག་དུའི་རྩ་བའི་སོ་བོན་ཡོད་པ་ཅུང་ཟད་སང་པོའི་དུས་ལྕི་བབ་པ་དང་།། ་དེ་བཞིན་གཤེགས་པའི་བྱ་རྗེ་ལ་སོགས་པར་བྱིན་གྱིས་བརླབས་ཚོགས་པས། དེའི་དྲི་མ་སྤོང་བར་འགྱུར་བའོ།། སྐབས་ཀྱི་དོན་འདི་རྣམས་ཀྱིས་ཀྱང་སྔར་གྱི་དྲི་བ་ཇི་ལྟར་ཐེག་པ་གསུམ་དུ་འགྱུར། རིགས་དང་རིགས་མ ་ལྷུར་ཅིས།། འདོད་ཆེན་པོར་ཡང་ཇི་ལྟར་འགྱུར།། མ་སྐྱེས་པ་དང་མུ་འགགས་པ།། ཇི་ལྟར་ན་མཁའི་མེ་ཏོག་འདྲ།། ཞེས་པའི་ལན་དུ་སྦྱར་བར་བྱ་སྟེ། སྤྱིར་ཤེས་པར་བྱ་བའི་ཚུལ་དུ་གཏན་ལ་ཕབ་པའོ།། གཞན་ཡང་བློ་གྲོས་ཆེན་པོ ་ཞེས་པ་ལ་སོགས་པས་བདག་མེད་པ་དང་ཆོས་ལྔ་དང་། རང་བཞིན་རྟོགས་དང་རྟག་པ་དང་ཞེས་པ་ལ་སོགས་པ་དྲིས་པའི་ལན་དུ། ཤེས་པར་བྱ་བའི་གནས་ཕག་པོ་ཆེན་པོའི་དོན་བསྡུས་པ་སྔ་མ་ལས་ཚུལ་གཞན་དུ་གྱུར་པ་ཉིད ་སྟོན་ཏེ། དེ་ལ་སྔར་བསྟན་པ་ལྟར་རྟོགས་པའི་གཟུང་བར་གྱུར་པའི་ཀུན་བརྟགས་པ། རྟོགས་པའི་བློ་ཉིད་དུ་གྱུར་པའི་བདག་ཉིད་ནི་གཞན་གྱི་དབང་གི་མཚན་མ་ལས་བྱུང་བའོ།། གལ་ཏེ་བརྟག་པ་ནི་དངོས་པོ་མེད་པའི་ཕྱིར། ་ཇི་ལྟར་མཚན་མ་ལས་འབྱུང་ཞེ་ན། འདི་ལྟ་ན་ཀུན་བརྟག་པ་དེ་འདྲ་བ་ནི་རྣམ་གྲངས་ཀྱིས་གཞན་གྱི་དབང་ཉིད་དུ་ཡང་འགྱུར་བས་འགལ་བ་མེད་ཅེས་པའོ།། དེ་ལས་གཞན་གྱི་དབང་ནི་དངོས་པོའི་མཚན་མའི་མཚན་ཉིད་དུ ་སྣང་བའམ་ཞེན་པ་བློའི་ངོ་བོར་གྱུར་པའོ།། དེ་ལྟར་ཞེན་པ་ཡང་རྣམ་པ་གཉིསུ་འགྱུར་ཏེ། ཞེན་པའི་ཡུལ་དང་། བློའི་བདག་ཉིད་དོ།། ཡུལ་ནི་ཀུན་བརྟག་པ་འབའ་ཞིག་སྟེ། དེ་ཡང་སངས་རྒྱས་རྣམས་ཀྱིས། འདི་ནི་གཟུགསོ་ཞེས་པ ་ལ་སོགས་པ་མིང་ལ་མངོན་པར་ཞེན་པའི་མཚན་ཉིད་དང་དེ་འདྲ་བའི་བརྡ་མོ་ཞེས་པ་རྣམས་ཀྱིས་ཀྱང་། གཟུགས་ལ་སོགས་པའི་དོན་སྤྱིའི་དངོས་པོའི་མཚན་མ་ལ་མངོན་པར་ཞེན་པོའི་མཚན་ཉིད་ཀྱི་སྒོ་ནས་ཀུན་བརྟགས ་པའི་རང་བཞིན་གཉིས་དང་། དེ་ལྟར་རྟོག་ཅིང་ཞེན་པའི་གཞན་གྱི་དབང་སྟེ། དེ་ལྟར་རྣམ་པ་གཉིསུ་འཇོག་ཅེས་སྦྱར་བར་བྱའོ།། ནང་དང་ཕྱིའི་ཆོས་ནི་ཕྱི་དང་ནང་གི་སྐྱེ་མཆེད་རྣམ་སོ།། ཡོངསུ་ཤེས ་ཤིང་ཁོང་དུ་ཆུད་ཅེས་པ་ཡང་ཞེན་པ་དང་བཅས་པའི་བློ་ཡིས་སྤྱིའི་ཚུལ་དུ་སྒྲོ་འདོགས་པའོ།། གལ་ཏེ་དེ་ལྟ་ན་དངོས་པའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་དང་མཚོན་མའི་མཚན་ཉིད་ལ་མངོན་པར་ཞེན་པ་གཉིས་ཚུལ་ཐ ་དད་པ་དེའི་དབྱེ་བ་ཉིད་དུ་མི་འཐད་ཞེ་ན། སྐྱོན་མེད་དེ། ཇི་ལྟར་ཤིང་དང་ཤ་པ་མཚན་ཉིད་མི་འདྲ་ཡང་། ཤྲ་པ་ཤིང་གི་བདག་ཉིད་དུ་གྱུར་པའི་ཁྱད་པར་ཡིན་པས་དེའི་དབྱེ་བར་འཐད་པ་བཞིན་དུ། དངོས་པོའི་མཚན་མ་ལ་མངོན་པར ་ཞེན་པ་ཡང་མཚན་མའི་མཚན་ཉིད་ལ་མངོན་པར་ཞེན་པས་ཁྱབ་ཅིང་དེའི་བདག་ཉིད་ཡིན་པས་དེའི་དབྱེ་བར་བསྟན་པའོ།། གལ་ཏེ་བ་ལ་ང་གི་མཚན་ཉིད་ཁོང་དུ་མ་ཆུད་ཅིང་མངོན་པར་ཞེན་པ་མེད་པས་ཀྱང་བ་ལང་གི་དངོས ་པོའི་མཚན་མ་ལ་མངོན་པར་ཞེན་པ་བཞིན་དུ། ནང་དང་ཕྱིའི་ཆོས་རྣམས་ཀྱི་མཚན་མའི་མཚན་ཞིང་ཁོང་དུ་མ་ཆུད་ཅིང་མངོན་པར་ཞེན་པ་མེད་ཀྱང་། ཆོས་དེ་དག་གི་མཚན་མ་ལ་མངོན་པར་ཞེན་པས་དེ་ལྟར་ཞེན་པ་ནི་མཚན ་མའི་མཚན་ཉིད་ལ་མངོན་པར་ཞེན་པས་ཁྱབ་ཅིང་། དེའི་བདག་ཉིད་དུ་གྱུར་པའི་ཁྱད་པར་དུ་མི་འཕང་ཞེ་ན། སྐྱོན་མེད་དེ། མཚན་མའི་མཚན་ཉིད་ཀྱི་ཐ་སྙད་མ་ཐོགས་པ་དེ་ལྟ་ན་ཡང་དོན་ནི་ཇི་ལྟ་བ་བཞིན་དུ་མངོན་པར་ཞེན་ཅིང་ཁོ ་དུ་ཆུད་པ་སྟེ། ཇི་ལྟར་བླུན་པོས་པ་ལང་གི་དངོས་པོའི་མཚན་མ་ལ་མངོན་པར་ཞེན་ཅིང་ཁོང་དུ་ཆུད་པ་ན། ལྐོག་ཤལ་ལ་སོགས་པ་དང་ལྡན་པ་དེའི་མཚན་ཉིད་ཀྱི་ཐ་སྙད་མ་ཐོགས་ཤིང་མངོན་པར་ཞེན་པ་མེད་ཀྱང་དེ་འདྲ་བའི་དོན་ཁོང ་དུ་ཆུད་ཅིང་མངོན་པར་ཞེན་པ་བཞི་ནོ།། དེ་བཞིན་དུ་མིང་ལ་མངོན་པར་ཞེན་པ་ཡང་མིང་དོན་དང་སྦྱར་ནས་མངོན་པར་ཞེན་གྱི། དོན་དང་མི་འབྲེལ་པའི་མིང་དུ་མངོན་པར་ཞེན་པ་མི་འཐད་པས་མཚན་མའི་མཚན་ཉིད་ལ་མངོན་པར ་ཞེན་པའི་དབྱེ་བར་འཐད་པའོ།། བློ་གྲོས་ཆེན་པོ་དེ་ནི་ཞེས་པ་མཚན་མའི་མཚན་ཉིད་ལ་མངོན་པོར་ཞེན་པའི་བདག་ཉིད་དུ་གྱུར་པ་མིང་དང་དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་ཡུལ་དེ་ནི་སྔར་བསྟན་པས་ཀུན་བརྟགས ་པའི་རང་བཞིན་གྱིས་མཚན་ཉིད་གཉིས།། དེ་འདྲ་བའི་ཀུན་བརྟགས་ནི་མཚན་ཉིད་ཡོངསུ་ཆད་པས་ཀུན་བརྟག་པ་འབའ་ཞིག་ཡིན་པས་མཚན་མ་ལས་སྐྱེ་བ་མི་འཕྲད་ལ། མཚན་མ་ལས་སྐྱེ་བ་ནི་སྦྱར་བསྣུན་པ་ལྟར་རྣམ་གྲངས ་ཀྱིས་ཀུན་བརྟགས་པའོ།། རྣམ་པ་གཅིག་ཏུ་ན་དེ་ནི་ཞེས་པའི་དོན་དངོས་པོའི་མཚན་མ་ལ་མངོན་པར་ཞེན་པ་སྟེ། ཀུན་བརྟགས་པའི་རང་བཞིན་གྱིས་མཚན་ཉིད་ཀྱི་སྔར་བསྟན་པ་ལས་གཉིས་པའོ་ཞེས་པ་སྟེ་གྲངས་གཉིས ་པའོ།། དེ་ལ་གནས་ཤིང་དམིགས་པ་ལས་བྱུང་ཞེས་པ་ནི་རྣམ་གྲངས་ཀྱི་ཀུན་བརྟགས་རྟོགས་པའི་གཟུང་བ་དེ་ལ་གནས་ཤིང་དམིགས་པའི་བློ་སྔ་མ་ལས་བྱུང་བ་སྟེ། དེ་ལྟར་སྣང་བའི་བློ་ཕྱི་མ་གཞན་གྱི་དབང་གི་བདག་ཉིད་དོ།། ། ་ཡོངསུ་གྲུབ་པའི་མཚན་ཉིད་ནི།། འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། ཡེ་ཤེས་རང་གི་རང་བཞིན་དུ་གྱུར་པའི་ཆོས་ཉིད་འགྱུར་པ་མེད་པའི་ཡོངསུ་གྲུབ་པ་དང་། དེ་ལྟར ་རྟོགས་པའི་རིགས་པའི་ཆ་ཕྱིན་ཅི་ལོག་པའི་ཡོངསུ་གྲུབ་པ་སྟེ། ཇི་ལྟར་རྣམ་པར་གཞག་པ་དེ་ལྟར་བདེན་ཅིང་གྲུབ་པས་ཡོངསུ་གྲུབ་པ་ཞེས་བྱའོ།། གཞན་ཡང་འདྲིར་རྣམ་པར་རིག་པ་ཙམ་གྱིས་དབུ་མའི་དབང་དུ་བྱས་ན་ཀུན ་ཏུ་རྟོག་པའམ་གཞན་ཡང་རུང་སྟེ། སེམས་ཉིད་རིག་པ་རང་གི་རིགས་སྔ་མ་ལ་རག་ལས་ཏེ། བྱུང་བ་སྒྱུ་མ་ལྟ་བུ་ནི་གཞན་གྱི་དཔེང་ཡིན་ལ། དེ་ཉིད་ལ་ཡོད་པ་དང་མེད་པ་ལ་སོགས་པའི་ཆོསུ་རྣམ་པར་རྟོག་པའི་བློས་སྒྲོ་བཏ ་ཤིང་ཞེན་པར་བྱས་པའི་དོན་ནི་ཀུན་ཏུ་བརྟགས་པ་ཉིད་ཡིན་ཞིང་། དེ་ལྟར་ཞེན་ཅིང་སྒྲོ་བཏགས་པའི་དོན་གྱིས་སྟོང་པའི་གཞན་དབང་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་ནི་ཡོངསུ་གྲུབ་པ་སྟེ། དབྱིངས་དང་ཡེ་ཤེས་ཀྱི་རྟོགས ་པ་གོ་རིམ་བཞིན་དུ་འགྱུར་བ་མེད་པ་དང་། ཕྱིན་ཅི་མ་ལོག་པའི་ཡོངསུ་གྲུབ་པ་ཞེས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གསུངས་པ་ལྟ་བུའོ།། གཞན་གྱི་དབང་ཡང་མ་དག་པོ་དང་རྣམ་པར་དག་པ་སྟེ། ཀུན་ནས་ཉོན ་མོངས་པ་དང་རྣམ་པར་བྱང་བས་བསྡུས་པ་རྣམ་པ་གཉིསུ་འགྱུར་རོ།། ཀུན་བརྟགས་པ་ནི་སྔ་མ་ལྟར་མཚན་ཉིད་ཡོང་སུ་ཆད་པ་དང་། རྣམ་གྲངས་དང་བལྟོས་པའི་ཀུན་བརྟགས་ཏེ། ཇི་སྐད་དུ། ཡོད་པའི་ཟླ་ལ་བལྟོས་ནས་འདི་ནི་མེད་པ ་འགའ་ཞིག་ཞེས་པའམ། རིང་བ་དང་ཐུང་པ་ལ་སོགས་པ་ཕན་ཚུན་བལྟོས་པའི་དབང་གིས་བློ་ཡིས་སྒྲོ་བཏགས་པ་སྟེ། མཚན་ཉིད་ཆད་དང་རྣམ་གྲངས་དང་། ལྟོས་པའི་ཀུན་བརྟགས་རྣམ་པ་གསུམ་ཞེས་གསུང་པ་ལྟ་བུའོ།། རང་བཞིན་གསུམ་པོ ་དེ་རྣམས་ཀྱིས་ཀྱང་ཆོས་ལྔ་བསྡུས་པ་ཉིད་དུ། ཚིག་སུ་བཅད་པའི་སྒོ་ནས་སྟོན་ཏེ། དེ་ལ་མིང་དང་རྒྱུ་མཚན་དང་།། རྣམ་པར་རྟོག་པ་ནི་ཀུན་ཏུ་བརྟགས་པ་དང་། གཞན་གྱིས་དབང་གི་རང་བཞིན་གྱིས་བསྡུས་ཏེ། དེ་ཡང་མཚན་མ་རྣམ་པར་རྟོག་པའི ་བཟུང་བ་ནི་དེ་ལྟར་རྟོགས་པའི་བློའི་བདག་ཉིད་ཡིན་པས་གཞན་གྱི་དབང་གིས་ཀྱང་བསྡུས་ལ། རྣམ་གྲངས་ཀྱི་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་གཞི་ཡིན་པས་ཀུན་ཏུ་བརྟགས་པ་ཞེས་ཀྱང་བྱའོ།། མིང་དུ་སྣང་བ་ནི་སྔར་བསྟན་པ་ལྔར ་འདི་བུམ་པ་ཞེས་དོན་དང་འབྲེལ་པའི་བདག་ཉིད་ཁོ་ནར་ཞེན་གྱི། དེ་འདྲ་བའི་ཁྱད་པར་གྱི་ཞེ་ན་ཆོ་སུ་ཞེན་པ་མེད་པོར་སྤྱི་རྣམ་པར་སྣང་བ་མི་འཐད་པས་ཀུན་ཏུ་བཏགས་པ་འབའ་ཞིག།། ཡང་དགེ་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་སྔར ་བསྟན་པ་ལྟར་ཡོངསུ་གྲུབ་པ་གཉིས་ཀྱིས་བསྡུས་པའོ།། དེ་ལྟར་ཆོས་ཀྱི་བྱེ་བྲག་སྣ་ཚོགསུ་རྣམ་པར་བཞག་པ་ཡོད། སེམས་ཅན་ལས་ཐ་དད་པ་མེད་པ་འཕགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ཞེས་པའོ།། རང་བཞིན ་གསུམ་པ་ཉིད་ཀྱང་བདག་མེད་པ་གཉིས་ཀྱིས་བསྡུས་ལ། དེ་ལ་གང་ཟག་གི་བདག་མེད་པ་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པས་བསྡུས་པ་རྣམས་མི་རྟག་པ་དང་། སྡུག་བསྔལ་བ་ལ ་སོགས་པར་ཤེས་ཤིང་། ཕྱི་རོལ་པས་བརྟག་པའི་རྟག་པ་དང་། བདག་དང་། གཙང་བ་ལ་སོགས་པས་དབེན་པར་ཤེས་པར་བྱའོ།། འདིར་རྣམ་པར་བྱུང་བའི་ཕྱོགས་ཀྱང་ཕྱི་རོལ་པས་བརྟགས་པའི ་བདག་ལ་སོགས་པས་དབེན་པ་ཡིན་མོད་ཀྱི། དེ་མི་གཙང་བ་དང་སྡུག་བསྔལ་ལ་སོགས་པ་ཐོག་མ་ཉིད་དུ་ཡིད་འབྱུང་བའི་གནས་མ་ཡིན་པས་དེ་དག་ཤེས་པ་ནི་གང་ཟག་ལ་བདག་མེད་པ་ཤེས་པའི་ཁྱད་པར་ཉིད་དུ་མཱ་གསུངས ་པའོ།། འདིར་ཚིགས་གི་དོན་ནི་མིང་དང་གཟུགས་ལ་སོགས་པ་གཟུང་བ་དང་འཛིན་པའི་དངོས་པོ་ལ། མངོན་པར་ཞེན་པའི་བག་ཆགས་ལ་སོགས་པའི་སྟོབས་ཀྱི་དབང་པོ་ཐམས་ཅད་ལ་རྣམ་པར་ཤེས་པ་འབྱུང་བ་ནི་ཤེས་པར། ་བྱད་དེ་ཞེས་འོག་ཏུ་སྦྱར་བར་བྱའོ།། གང་ཞིག་རྣམ་པར་ཤེས་པར་བྱེད་ཅེ་ན། འདི་ལྟ་སྟེ་ཞེས་པ་ལ་སོགས་པ་གསུངསོ།། ཇི་ལྟར་ཤེས་པར་བྱེད་ཅེ་ན། ཕུང་པོ་ལ་སོགས་པ་རི་གཟར་གྱི་ཆུ་འབབ་པ་དང་། ས་བོན་གྱི་སྐད་ཅིག་འགག ་པོར་འགྱུར་བ་དང་ཞེས་པ་ལ་སོགས་པ་སྟེ་ཤེས་པར་ཟདདོ།། གཡོ་བ་སྤྲེའུ་དང་འདྲ་ཞེས་པ་སྟེ། རྒྱུན་མི་བརྟན་པ་འམ་རྣམ་ཤེས་ཡུལ་ལ་གཡོ་བའོ།། སྦྲང་མ་ལྷ་བུ་རང་ཉིད་མི་གཙང་ཞིང་ཡུལ་མི་གཙང་བ་ལ་སྤྱོད་པ་སྟེ། མི་གཙང ་བའི་རྫས་སུམ་ཅུ་རྩ་གཉིས་ཀྱི་གང་བ་ལ་སོགས་པར་གསུངས་པ་ལྟ་བུའོ།། མགོན་མེད་པ་སྟེ་བསོད་ནམས་ཀྱི་སྣང་བ་ལས་མ་གཏོགས་པ་དབང་ཕྱུག་ལྟ་བུའི་སྐྱབས་ཀྱི་གནས་མེད་པ་སྟེ། འདིས་ཀྱང་འགྲོ་བ་སྡུག་བསྔལ་བ་ཉིད ་དུ་བསྟན་ཏོ།། མེ་འབར་བ་ལྟར་ཡུལ་ལ་འདོད་པ་མཆེད་ཅིང་ཆོག་མི་ཤེས་པ་འམ། དེའི་རེག་བྱ་ལ་ཞེན་ཅིང་ཆོ་ག་མི་ཤེས་པ་དང་མཚུངས་ཞེས་པའོ།། ཟོ་ཆུན་ལྟར་འཁོར་བ་ཉིད་གསལ་བར་བཤད་པ་ནི། སྲིད་པའི་འགྲོ་བ་ཞེས ་པ་ལ་སོགས་པའོ།། དེ་འདྲ་བའི་ལུས་འབྱུང་ཞིང་འཇུག་པ་ལ་རང་དབང་ཐོབ་པའི་སེམས་ཡོད་དམ་ཞེ་ན། སྒྱུ་མ་དང་རོ་ལངས་དང་། ཤིང་གི་འཁྲུལ་འཁོར་དང་འདྲ་བར་དེ་ཁོ་ན་ཉིད་དུ་དབང་སྒྱུར་བའོ་སེམས་མེད་ཅེས་པའོ།། ། ་ཉན་ཐོས་ལ་སོགས་པའི་རིགས་པ་ཅན་གྱི་དེ་འདྲ་བའི་གང་ཟག་ལ་བདག་མེད་པ་ཤེས་པ་ནི་ཐོག་མ་ཉིད་དུ་འཁོར་བ་ལ་ཡིད་བྱུང་ནས་མྱ་ངནི་ལས་འདས་པའི་ལམ་ལ་འཇུག་པར་འགྱུར་བའི་དགོས་པ་དང་ལྡན་པ ་འོ།། དེ་ལྟར་རྟོགས་པས་ཀྱང་རིམ་གྱིས་ཆོས་ལ་བདག་མེད་པ་རྟོགས་པ་སྟེ། ཕུང་པོ་འདུས་པ་ཙམ་ཞེས་པ་མིང་དང་གཟུགས་འདུས་པ་སྟེ། ཟག་པ་དང་བཅས་པའི་ལས་ཀྱི་ས་བྱོན་སྲེད་པའི་བཻརླན་གྱིས་བཙས་པའི་སྲིད་བུ ་ལྟ་བུས་དེ་རྣམས་བསྡུས་ཤིང་སྦྲེལ་པ། མདུང་ཁྱིམ་ལྟར་ཕན་ཚུན་རྐྱེན་དུ་གྱུར་པ་གཡོ་བ་མེད་པར་འབྱུང་ཞེས་པ་ནི་ཇི་སྲིད་གནས་མ་གྱུར་གྱི་བར་དུ་རྒྱུན་ཉམས་པ་མེད་པའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཞེས་པ་ལ་སོགས་པས་དེ་ལྟར་རྟོགས་པོའི་ཕན་ཡོན་འཚེད་དོ།། སྣང་བ་མེད་པར་རབ་ཏུ་རྟོགས་པ་ནི་བཟོད་པ་དང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ན་བཟུང་པོ་དང་འཛིན་པའི་སྣང་བས་མེད་པར ་རྟོགས་པའོ།། སྒྱུ་མའི་རང་བཞིན་གྱི་སྤྱོད་ཡུལ་རབ་ཏུ་འབྱེད་པ་ནི་སྒྱུ་མ་ལྟ་བུར་རྟོགས་པའི་ཤེས་རབ་དང་ཏིང་འཛིན་མ་ཐར་ཐུག་པས་སངས་རྒྱུས་རྣམས་ཀྱིས་དཔུང་བསྒྱུར་བར་སྣང་བ་འབྱུང་ནས ་པའོ།། གཞན་ནི་ཤེས་པར་ཟད།། དེ་ནས་ཡང་བཅོམ་ལྡན་འདས་ལ་ཞེས་པ་ལ་སོགས་པས་ཇི་ལྟར་རྟོག་དང་ཆད་པ་ཡིས།། ལྟ་བ་རབ་ཏུ་འབྱུང་མི་འགྱུར། ཞེས་པའམ། གློཉིས་ཀྱི་མཐའ་བརྗོད་ཇི་ལྟ་བུ་ཞེ་ས་དྲིས་པའི་ལན ་ཚུལ་གཞན་གྱིས་སྒོ་ནས་གསུངས་ཏེ། ཁྱོད་ཀྱི་སངས་རྒྱས་ཀྱི་ཚུལ་ཞེས་པ་ནི་སངས་རྒྱས་ཀྱི་རང་བཞིན་མཐའ་གཉིས་སྤངས་པའི་དབུ་མའོ་དོན་ནོ།། དེ་འདྲ་བའི་བདག་ཉིད་ཀྱི་སེམས་ཉིད་རིག་པ་ཙམ་ལ་མཐའ་གཉི་སུ་བརྟ ་པའི་དོན་ཡོད་པ་མ་ཡོན་ལ། གང་དག་ལུསོ་ལ་སྩོགས་པར་སྣང་བའི་སེམས་ཀུན་གཞིའི་བདག་ཉིད་དུ་གྱུར་པ་མི་ཤེས་པ་ན་མཐའ་གཉིས་ལ་སྤྱོད་ཅེས་བྱའོ།། མི་དམིགས་པར་རབ་ཏུ་འབྱེད་པ་མེད་པཱ་ནི་སྒྲོ་འདོགས་ཀྱི་ལྟེ་བ་ངན ་པའི་ཡུལ་རིག་པ་དམ་པའི་དོན་མེད་ཅིང་མི་དམིགསོ།། ཞེས་རྟོགས་པའི་ཤེས་རབ་མེད་པས་སྣ་ཚོགས་ཙམ་དུ་ཡང་མདོ་ཞེས་བསྐུར་བའི་མཐར་འགྱུར་བའོ།། མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པ་ནི་ཆོས་ཀྱི་བདག་ཏུ་སྒྲོ་འདོགས ་པའོ།། མེད་པའི་ལྟ་བར་སྒྲོ་འདོགས་པ་ནི་གང་ཟག་གི་བདག་ཏུ་སྒྲོ་འདོགས་པའོ།། མེད་པའི་རྒྱུར་སྐྱེ་འདོགས་ར་འདུས་བྱས་ཀྱི་ཆོ་སུ་སྒྲོ་འདོགས་པ་སྟེ། མེད་པའི་མཚན་ཉིད་ལ་སྒྲོ་འདེགས་པའི་ཁྱད་པར་རོ།། སྒྱུ་མ་ལྟ་བུར་ཞེས་པ་ནི ་དོན་དེ་ལྟར་ཡིན་ཅེས་པ་སྟེ། སྒྲོ་འདོགས་ཀྱི་བློའི་རྣམ་པ་ནི་མ་ཡིན་པའོ།། དྲན་པ་ནི་སྔར་མཐོང་བ་དྲན་པས་ད་ལྟར་ཡང་མཐོང་བར་འདོད་པ་ཡིད་ཀྱི་འཇུག་པའོ།། མེད་པའི་དངོས་པོར་སྒྲོ་འདོགས་པ་ནི་འདུས་མ་བྱསུ་སྒྲོ་འདོགས་པའོ།། ཀུན་ཏུ ་རྟག་པ་ནི་སྔ་མོའི་རྭ་ལ་སོགས་པ་བཞིན་དུ་མེད་པས་དེ་རྣམས་དཔེར་བྱེད་པའོ།། སྔ་མོའི་རྭ་ལ་སོགས་པར་སྣང་བ་ནི་བློའི་ངོ་བོར་ཡོད་པས་མེད་པའི་ཕྱོགས་དང་བྲལ་བའོ།། ཡང་ན་མེད་པའི་མཚན་མར་གཟུང་བ་དེ་མི་བདེན་པས་མེད་པའི་ཕྱོགས ་བྲལ་བའོ།། བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས་མཐའ་གཉིསུ་ལྟ་བ་དང་བྲལ་ཞིང་བདག་མེད་པ་རྟོགས་པ་ལ་སོགས་པའི་ཕོན་ཡོན་སྟོན་ཏེ། གཞན་གྱི་དབང་ལ་གནས་པ་ཞེས་པ་ལ་སོགས་པའི་དོན་ནི་རྣམ་པར་རིག ་པ་ཙམ་གྱིས་གཞན་དབང་སྒྱུ་མ་ལྟ་བུ་ལ་རྣམ་པར་གནས་ནས། རྣམ་གྲངས་ཀྱི་ཀུན་ཏུ་བརྟགས་པ་སྣ་ཚོགསུ་སྣང་བ་ལྟར། སྣ་ཚོགས་ཀྱི་གཟུགསུ་སྟོན་ཅིང་ཡིད་བཞིན་གྱི་ནོར་བུ་ལྟར་རྟོགས་པ་མེད་པར་སེམས་ཅན་རྣམས་ཀྱིས་དགོས ་འདོད་སྒྲུབ་པའོ།། ཐམས་ཅད་ཞེས་པ་ནི་སྒྱུ་མ་ལྟ་བུ་ལ་སོགས་པར་བསྟན་པའི་ཆོས་ཐམས་ཅད།། སྐྱེ་བ་དང་ཞེས་པ་ལ་སྡིགས་པའི་དོན་ནོ་སྨིན་ལོ་ལ་སོ་ཌ་པཱའི་དབང་གི་སྐྱེ་གནས་གང་དུ་སྐྱེས་པ་དེ་དག་དང་། འགྲོ་བའི་གནས་ཀྱི་བྱེ། ་བྲག་ལ་སོགས་པ་དེ་དག་ཏུ་དཀོན་མཆོག་གསུམ་གྱི་ལེགས་པ་བརྗོད་པའོ།། དེའི་ཚེ་ཚིགསུ་གྱུར་པའི་སྐུ།། གཟས་ཤིང་བྱེད་པ་ཀུན་སྤངས་པ།། ཞེས་པའི་དོན་ནི་དོན་དམ་པར་ཕུང་པོ་ལྔ་འདུས་པའམ། རྡུལ་ཕྲ་རབ་འདུས་པའི་རང ་བཞིན་གྱི་སྐུ། འདི་དང་འདི་ལྟར་བྱའོ།། ཞེས་རྣམ་པར་རྟོག་པ་སྔོན་དུ་བཏང་ནས། སེམས་ཅན་གྱི་དོན་དད་པ་སྤངས་པའོ།། དེ་ལྟར་མཐའ་གཉིས་རྣམ་པར་ལྟ་བ་བཀག་ནས། ཇི་སྐད་ཇི་ལྟར་སྤྱོད་པ ་ཉིད་ཅེས་པ་ལ་སོགས་པ་དྲིས་པའི་ལན་དུ་སྟོང་པ་ཉིད་ཀྱི་རྣམ་གླས་དང་རང་བཞིན་གསུངས་པ་ནི། དེ་ནས་ཡང་བཅོམ་ལྡན་འདས་ལ་ཞེས་པ་ལ་སོགས་པས།། དེའི་དོན་ཡང་སྟོང་པ་ཉིད་དང་མི་སྐྱེ་བ་ཞེས་པ་ལ་སོགས་པ་ནི་ཡོད ་པ་དང་མེད་པའི་མཐའ་དང་བྲལ་བ་ཟུང་དུ་འཇུག་པ་སྒྱུ་མ་ལྟ་བུའི་བདག་ཉིད་དེ། དེ་ཡང་གང་དང་གང་གིས་སྟོང་པ་དགག་པའི་རང་བཞིན་ནི་ཀུན་ཏུ་བརྟགས་པ་སྟེ། སྒྱུ་མ་ལྟ་བུའི་གཞན་དབང་ལ། ཡོད་པ་དང་མེད་པ་ལ་སོགས་པའི ་ཆོས་དོན་དམ་པར་ཀུན་བརྟགས་པས་སྟོན་པའོ།། དེ་ལ་མེད་པའི་མཐར་འཛིན་པ་གང་དག་དེ་འདྲ་བའི་ཀུན་བརྟགས་ལ་མངོན་པར་ཞེན་པས་སྟེང་ཉིད་ལ་སོགས་པའི་དངོས་པོར་སྨྲ་བ་སྟེ། གཟུང་བ་དང་འཛིན་པའི་དངོས་པོས ་སྟོང་པའི་བདག་བརྟགས་པའོ།། རླིག་པ་སྐད་ཅིག་མཱའི་དངོས་པོ་ལ་སོགས་པ་སྨྲ་བའོ།། དངོས་པོ་མེད་པ་དང་རང་བཞིན་མེད་པ་ཅེས་པ་ཡང་དངོས་པོ་ཉིད་ཁས་བླངས་ནས་དངོས་པོའི་པིའི་ཕྱོགས་གཞན་གྱིས་སྟོང་པས་ཏེ། ཉི་ཚེ་བའི ་སྟོང་པའམ། རྣམ་པ་གཅིག་ཏུ་ན་འདི་རྣམས་ཀྱི་དོན་ནི། སྟོང་པ་དང་མེད་པ་ལ་སོགས་པའི་མཚན་མར་རྣམ་པར་རྟོག་པ་ལ་སྡང་བ་མེད་པའི་རང་བཞིན་བདེན་པའི་དོན་ཉིད་དུ་སྒྲོ་འདོགས་པའོ།། དེ་བཞིན་དུ་དངོས་པོ་ཡོད་པར་ཀུན་བརྟ ་པ་ཡང་སྟེང་ཞེས་བྱའོ།། གཞན་ཡང་འདི་རྣམས་ཀྱི་དོན་ནི་བྱིས་པའི་སྐྱེ་བོ་ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པས། དེའི་གཉེན་པོར་སྤྱོད་པ་ལ་སོགས་པའི་དངོས་པོར་སྨྲ་བ་ཡིན་ཞེས་པ་སྟེ། དོན་དམ་པའི་དངོས་ཟག ་སྟོང་པ་སྒྱུ་མ་ལྟ་བུའི་དངོས་པོར་དེ་བཞིན་གཤེགས་པས་གསུངས་ཞེས་པའོ།། འདུས་པ་ཕན་ཚུན་བལྟས་པ་དང་། རབ་ཏུ་དབྱེ་བའི་ཁྱད་པར་མེད་པའི་ཕྱིར་ཞེས་ནི་མིང་དང་གཟུགས་ལ་སོགས་པ་འདུས་པའམ། རྡུལ་ཕྲ་རབ་ལ་སོག ་པ་འདུས་པ་ནི་འདུས་པ་ཅན་རབ་ཏུ་དབྱེ་བའི་ཁྱད་པར་ལས་ལོགས་ཤིག་ན་མེད་ན། རབ་ཏུ་དབྱེ་བའི་ཁྱད་པར་རྣམས་ཀྱང་ཆ་ཤི་སུ་ཕྱེ་བ་ན་ཡོད་པ་མ་ཡིན་ཏེ། གཟུགས་ནི་རྡུལ་ཕྲན་གཞིག་པ་ན།། རྡུལ་ཕྱིན་ཚྭ་ནི་ཡོད་མ་ཡིན།། ཉེས་པའི ་སྐད་ཅིག་གསུམ་གྱི་རང་བཞིན་གྱིས།། འཇིག་རྟེན་སྐད་ཅིག་ལ་མི་གནས།། ཞེས་གསུངས་པ་ལྟ་བུའོ།། ཕན་ཚུན་བལྟོས་པ་ཡང་རྒྱུ་དྲོང་འབྲས་བུའི་ཁྱད་པར་ཏེ། དགག་པའི་ཚུལ་རྒྱས་པར་བསྟན་ཟིན་ཏོ།། དེ་ཉིད་ཀྱི་ཕྱིར་རྒྱས་པར་ཕུང ་པོ་ལྔའི་རྒྱུན་རྒྱུད་འགའ་ཞིག་ནི་བདག་ཡིན་པ་དང་། འགའ་ཞིག་ནི་དེ་ལ་ལྟོས་པའི་ཕ་རོལ་གཞན་ཉིད་ཅེས་པ་ལ་སོགས་པ་མི་འཐད་པའི་ཕྱིར་མཚན་ཉིད་གནས་པ་མེད་ཅེས་པའོ།། དེ་ལ་འདིར་གཏན་ཚིགས་འོག་མ་ནི་སྔ ་མའི་ཁྱབ་པ་བསྒྲུབ་པའི་ཡན་ལག་དུ་སྦྱར་བའིརང་རྒྱུད་པ་ཉིད་ཡིན་ལ་ཡང་འགལ་བ་མེདོ།། རང་དང་རང་བཞིན་གྱི་དངོས་པོ་སྐྱེ་བ་མེད་པའི་ཕྱིར་ཞེས་པ་ནི་རང་ཞིན་གྱིས་དངོས་པོ་མེད་ཅེས་པ་དང་། རང་བཞིན་གྱིས་སྐྱེ་བ་མེད་ཅེས ་པ་སྟེ། དེ་ལ་རང་བཞིན་སྨོས་པ་ནི་དངོས་པོའམ་སྐྱེ་བའི་ཁྱད་པར་གཞན་བཀག་པ་མ་ཡིན་གྱི། རང་འང་གི་རང་བཞིན་བདེན་པ་དངོས་པོར་ཡོད་པའམ། སྐྱེ་བའི་ངོ་བོར་གྲུབ་པ་བཀག་པའོ།། རྣམ་པ ་གཅིག་ཏུ་ན་རང་དང་རང་ཞེས་བཟློག་པའི་སྒྲའི་སྦྱོར་བས་དངོས་པོ་སྐྱེ་བའི་ཁྱད་པར་དུ་མཆེན་པའོ།། དེ་རྣམས་ཐམས་ཅད་མེད་ཅེས་པའོ།། འདིར་ཁྱབ་པའི་དོ་ན་ནི་དེ་འདྲ་བའི་སྐྱེ་བ་བཀག་པོ་ན་མ་སྐྱེས་པའི་བདག་ཉིད་དུ་ཡོད་པ་ནི ་ཤིན་ཏུ་ཡང་མི་འཐད་པས་ཐམས་ཅད་དངོས་པོའི་རིང་བཞིན་གྱིས་སྟོང་པོའོ།། སྲིད་པའི་སྟེང་པ་ཉིད་ནི་སྒྱུ་མ་ལྟ་བུའི་གཞན་དབང་གང་ཟག་གི་བདག་དང་བདག་གི་བས་སྟོང་པ་སྟེ། སྒྱུ་མ་ཙམ་དུ་སྲིད་པས་སྲིད་པའི་སྟོང་པ་ཉིད ་ཅེས་བྱའོ།། དེ་ལ་དྷ་ནི་ཀུན་གཞི་རྣམ་པར་ཤེས་པའོ།། རིག་པ་ནི་བྱ་བ་བྱེད་པ་དང་བལྟོས་པ་སྟེ། ཇི་ལྟར་མེ་དང་ཤིང་གི་ཚོགས་པ་ནི་དུ། བསྐྱེད་པའི་བྱ་བ་བྱེད་པར་རིགས་ཀྱི་གཞན་དུ་མ་ཡིན་ཞེས་པ་དང་། དུ་བ་ཡང་མེ་དང་ཤིང་གི ་ཚོཚོགས་པ་ལ་བརྫེས་པར་རིགས་ཀྱི་གཞན་དུ་མ་ཡིན་ཞེས་དངོས་པོའི་རང་བཞིན་ད་ལྟར་གནས་པས་འགའ་ཞིག་ལས་འགའ་ཞིག་ཉིད་སྐྱེ་བར་འཐད་པའོ།། བྱེད་པ་དང་ལས་ནི་སེམས་པའི་ལས་དང་། ལུས་ངག་གི་ལསོ།། འབྱོར་པ ་ནི་དེ་རྣམས་ཚོགས་ཤིང་འཕྲོད་པ་འདུ་བ་ལས་ཀུན་རྫོབ་རྩམ་དུ་སྐྱེ་བར་སྣང་བའོ།། གང་དུ་རྒྱུ་དང་ལྡན་པའོ་ཞེས་གཞུང་འདོན་པར་བྱེད་པའི་སྐབསུ་ནི་རྒྱུ་དངོ་འབྲེལ་པ་སྟེ། ཚིག་གི་དོན་རྟོགས་པར་སླའོ།། ཕུང་པོ་རྣམས་ལོ་ཞེས ་པ་ནི་སྔར་གྱི་ཟག་པ་དང་བཅས་པའི་ཕུང་པོ་ལ། མྱ་ངན་ལས་འདས་པ་མི་སྲིད་ཅེས་པ་སྟེ། སྔ་ན་མེད་པའི་ཁྱད་པར་རོ།། འདིར་འཁོར་བ་དང་མྱ་ངན་ལས་འདས་པ་རོ་གཅིག་པ་ཉིད་དུ་བསྟན་པཱ་ནི་རང་བཞིན་གྱི་མྱ་ངན་ལས་འདས་པའོ།། ་དབང་དུ་བྱས་པ་སྐྱོན་མདོ།། ཆོས་ཐམས་ཅད་བརྗོད་དུ་མེད་ཅེས་པ་ནི་འདི་དགྲ་ཐམས་ཅན་མིང་ཙམ་སྟེ་ཞེས་པ་དང་ཚིག་བརྒྱ་རྩ་བརྒྱད་ལ་སོགས་པ་གསུངས་པས་ཐམས་ཅད་བརྗོད་པའི་དངོས་པོར་ཞེན་པོའམ་གཞན་ཡང་བརྗོད ་པ་ཉིད་བརྗོད་བྱའི་རང་བཞིན་དུ་ཞེན་པ་ན། དེ་ནི་ཀུན་བརྟགས་པའི་རང་བཞིན་ཡིན་པས་དེ་འདྲ་བའི་བདག་ཉིད་ཀྱིས་སྟོང་པའོ།། ལྟོ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱི་སྟོང་པ་ནི་འཇིགས་ཚོགས་ལ་ལྟ་བ་ལ་སོགས་པ ་དང་། དྲི་ལས་གཞན་སྒྲིབ་པ་གཉིས་ཀྱི་བག་ཆགས་གློ་བུར་གྱི་དྲི་མས་ཀུན་རྫོབ་ཙམ་དུ་ཡང་སྟོང་པའོ།། གཅིག་གིས་གཅིག་སྟོང་པ་ནི་ཕན་ཚུན་བདག་ཉིད་དམ་རྟེན་དུ་གྱུར་པའི་ཚུལ་གྱིས་པ་སྟོང་པ་སྟེ་ཤེས་པར་སླའོ།། སྟོང་པ ་ཉིད་འདི་ནི་ཀུན་གྱི་ཐ་ཤེལ་ཏེ། དེ་ནི་ཁྱོད་ཀྱིས་ཡོངསུ་སྤང་བར་བྱའོ།། ཞེས་པའི་དོན་ནི་དེ་འདྲ་བའི་སྟོང་པ་ཉིད་ནི་བྱིས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྟོགས་ཤིང་གོམས་ཀྱང་ཀུན་ནས་ཉོན་མོངས་པའི་ཕྱོགས་སྤོང་ཞིང་། སྐྱེས་བུ་ལ ་ཉེ་བར་མཁོ་བའི་དོན་ཐོབ་པ་ལ་མི་ཕན་པས་དེ་འདྲ་བ་གཏན་ལོ་ཕན་པ་ནི་དགོས་པ་མེད་ཅེས་པའོ།། གལ་ཏེ་དེ་ལྟར་ན་མི་སྲིད་པའི་སྟོང་པ་ཉིད་ཀྱང་ཕྱི་རོལ་པ་རྣམས་ཀྱི་འདོད་པའི་སྟོང་པ་ཉིད་བཞི་སྟེ། སྔ་ན་མེད་པ་དང་། ཞིག ་ནས་མེད་པ་དང་། གཅིག་ལ་གཅིག་མེད་པ་དང་། གཏན་ནས་མེད་པ་བཤད་པ་ལས། སྔ་ན་མེད་པའི་ཁྱད་པར་ཉི་ཆེ་བའི་སྟོང་པ་ཉིད་ཡིན་ཏེ་དེ་འདྲ་བ་གཏན་ལ་ཕན་པ་ལ་ཡང་དགོས་པ་མངོན་ན།། ་སྐྱོན་མེད་དེ། དེ་འདྲ་བ་ཉི་ཚེ་བའི་སྟོང་པའི་ཁྱད་པར་བསྟན་པས་བྱིས་པའི་སྐྱེ་བོ་རྣམས་ཟག་པ་དང་བཅས་པའི་ཕུང་པོ་ལ། མྱ་ངན་ལྔས་འདས་པ་ཞི་བ་དང་བསལ་བར་གནས་པའི་དང་བ་མང་ཞེས་སྐྱེ་ཞིང་ཡིད་བྱུང་བས་དེ་སྤངས ་པོའི་མ་ངན་ལས་འདས་པའི་ལམ་ལ་འཇུག་པར་འགྱུར་པ་ལོ་སོགས་པ་དང་གཞན་ཡང་མ་ངན་ལས་འདས་པ་སྔར་ནས་ཡོད་པའི་རྟག་པ་ཐེར་ཟུག་པའི་དངོས་པོར་ཕྱིན་ཅི་ལོག་སྦེང་བའོ།། གལ་ཏེ་གཟུགས་འ་སོགས་པའི ་དངོས་པ་ཡང་གྲུབ་མཐའ་ཕྱིན་ཅི་ལོག་པའི་སྨད་པ་ཁ་གཅིག་གཙོ་བོའི་རང་བཞིན་དུ་གཅིག་པའམ། སྤྱིའི་སྒོ་ནས་གཅིག་ཉིད་དུ་ཕྱིན་ཅི་ལོག་པོ་མ་ཡེར་ནཱ་མ། དེས་ན་དེ་དག་ཕན་ཚུན་སྟོང་པར་བསྟན་པས་དེ་འདྲ་བའི་ཕྱིན ་ཅི་ལོག་བསལ་བའི་དགོས་པ་ཡིདདོ་ཞེ་ན། མ་ཡིན་ཏེ། དེ་དག་གིས་ཀྱང་གཟུགས་ལ་སོགས་པའི་གནས་སྟོབས་དང་། གསལ་བའི་བྱེ་བྲག་སྟན་ཚུན་གཅིག་གིས་གཅིག་སྟོང་པ་ཉིད་ཀྱི་དེ་ནི་རྟོག་པ་འབའ་ཞིག་ཏུ་ཟདདོ།། གཞན ་ཡང་དེ་འདྲ་བའི་སྟོང་པར་རྟོགས་པ་དང་། དེ་ལྟར་མ་རྟོགས་ཤིང་གཅིག་ཏུ་འཛིན་པ་ནི་འཆིང་བའི་རྒྱུ་ཉིད་དུ་མཚུངས་པས་གཅིག་ཏུ་འཛིན་པ་བཀག་ནས་ཐ་དད་པའི་དངོས་པོར་བསྟན་པ་ལ་དགོས་པ་ཅུང་ཟད་ཀྱང་མེད ་ཅེས་པའོ།། གཞན་ཡང་བློ་གློས་ཆེན་པོ་ཞེས་པ་ལ་སོགས་པས་དེ་ཉིད་ཀྱི་རྣམ་གྲངས་མི་སྟོན་ཏེ། དེའི་དོན་ཡང་ཏིངངེ་འཛིན་གྱིས་གནས་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་ན་འཇུག་པའི་རྣམ་པར་ཤེས ་པ་རྣམས་ཀུན་རྫོབ་ཏུ་ཡང་མི་སྐྱེ་ལ། དེ་ལས་གཞན་པའི་གནས་སྐབསུ་རྣམ་པར་ཤེས་པ་དང་ཡེ་ཤེས་རྣམས་དོན་དམ་པར་རྒྱུ་མེད་པར་རང་འབྱུང་བའི་ཚུལ་དུ་ཡང་མི་སྐྱེ་ལ། ཡང་ཞེས་པས་བསྡུས་པ་བདག་དང་གཞན ་དང་གཉིས་ཀ་ལས་ཀྱང་མི་སྐྱེ་ཞིང་། ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་རྒྱུ་རྐྱེན་གཞན་གྱི་དབྱུང་གི་སྐྱེ་བ་ཡང་མ་ཡིན་ཞེས་པ་སྟེ། དེའི་ཕྱིར་མི་སྐྱེ་བའི་དོན་ཡང་ཟུང་འཇུག་སྒྱུ་མ་ལྟ་བུ་འབའ་ཞིགོ།། དེའི་ཕྱིར་ཞེས་པ་ནི་ཟུང་དུ་འཇུག ་པའི་དོན་དེ་ལྟར་ཡིན་པས་དོན་དམ་པར་མ་སྐྱེས་པ་ལ་སོགས་པ་ལ་དགོངས་ཏེ། དངོས་པོ་ཐམས་ཅད་རང་བཞིན་མེད་པར་བསྟོན་ཅེས་པའོ།། དོན་དམ་པར་རང་བཞིན་མེད་པའི་རྒྱུ་མཚན་ཡོད་གཞན་དབང་སྐད་ཅིག་མའི ་རྒྱུན་རྒྱུད་ནི་སྐད་ཅིག་མའི་བཀོད་པ་ཡིན་པས་བཀོད་པ་ཙམ་གྱིས་སྐད་ཅིག་ལས་ལོག་ན་མེད་ལ། སྐད་ཅིག་ཅིག་པ་ཉིད་ཀྱང་སྔར་བསྟན་པ་ལྟར་མེད་པ་དང་། ཡང་གཞན་གྱི་དབང་གི་དངོས་པོ་ནི་གཞན་དུ་འགྱུར་བར་སྣང ་བའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་ཅེས་པ་སྟེ། འདིར་ཁྱབ་པའི་དོན་ནི་སྔར་བསྟན་པ་ལྟར་གཞན་དུ་འགྱུར་བར་སྣང་བ་ནི་དེ་ལས་གཞན་རྟག་པ་འགྱུར་བ་མེད་པའི་དངོས་པོར་མི་འཐད་ལ། གཞན་དུ་འགྱུར་བའི ་དངོས་པོར་བདེན་པ་ཡང་འགལ་ཏེ། སྔར་གྱི་བདག་ཉིད་དེ་ཉིད་མ་སྤངས་པར་གཞན་དུ་འགྱུར་ན་ནི་དུས་གཅིག་ཏུ་དངོས་པོ་གཅིག་ཉིད་ལྡོག་པར་གཞན་ལ་མ་བལྟོས་པར་དེ་ཉིད་དང་གཞན་ཡིན ་པ་མི་འགལ་བ་ཉིད་དུ་འགྱུརོ།། གལ་ཏེ་སྔར་གྱི་རང་བཞིན་དེ་ཉིད་སྤངས་ནས་གཞན་དུ་འགྱུར་ན་ནརྀ། སྔ་མ་བདག་ཉིད་ཐམས་ཅད་ཀྱིས་འགགས་ལ། ཕྱི་མ་ལ་གློ་བུར་བ་གཞན་སྐྱེས་པས་སྔ་མ་དེ་ཉིད་གཞན་དུ་འགྱུར་བ་མ་ཡིན་ཏེ། ་ལྟར་ལྷས་བྱིན་ཤི་ནིས་མཆོད་སྦྱིན་སྐྱེས་པས་ན་ལྟས་བྱིན་མཆོད་སྦྱིན་དུ་གྱུར་པ་མ་ཡིན་པ་བཞི་ནོ།། སྐབས་ཀྱི་དོན་འདི་ཡང་སྔར་ཡོད་མེད་སྐྱེ་འགག་གི་སྐབསུ་ཡོད་པ་དང་མེད་པ་ནི་གཅིག་ལ་རིམ་གྱིས་ཀྱང་འགལོ།། ཞེས་བསྟན ་པ་དང་མཚུངས་ཏེ། བསམས་པས་གོ་བར་ཟད་སློབ་དཔོན་གྱིས་ཀྱང་། རང་བཞིན་གཞན་དུ་འགྱུར་པ་ནི།། ནམ་ཡང་འཐད་པ་མ་ཡིན་ཏེ། ཞེས་པ་ལ་སོགས་པ་གསུངསོ།། གཉིསུ་མེད་པའི་དོན་ཡང་འཁོར་བ་དང་མྱ་ངན་ལས ་འདས་པ་ལྟར། དོན་དམ་པར་གཉིས་ཀྱི་དངོས་པོར་གྲུབ་ལ། ཀུན་རྫོབ་ཏུ་གཉིས་སྣང་བ་ཐ་དད་པ་སྟེ། སྒྱུ་མ་ལྟ་བུའི་དོན་འབའ་ཞིག་བསྟན་པའོ།། གྲིབ་མ་དང་ཉི་མ་ལ་སོགས་པའི་དཔེ་གཞན་ཡང་དེ་བཞིན་དུ་སྦྱར་བྱར་བྱའོ།། ། ་གལ་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་ཀུན་རྫོབ་ཏུ་ཇི་ལྟར་ཐ་དད་ཅེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་གསུངས་པ་སྟེ། དོན་གོ་བར་ཟད།། རྟག་ཏུ་སྟོང་པ་ཉིད་བཤད་ཀྱང་།། ལས་ནི་རྣམ་པར་མི་འཇིགོ།། ཞེས་པའི་དོན་ནི་དོན་དམ ་བཔར་སྟོང་པ་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པར་བསྟན་ཀྱང་ཀུན་རྫོབ་ཏུ་ཟག་པ་དང་བཅས་པའི་ལས་དང་། དེའི་འབྲས་བུ་ཟག་པ་དང་བཅས་པའི་ཕུང་པོ་འཁོར་བའི་རང་བཞིན་ཡོད་ཅེས་པའོ།། དེ་ལྟར་ན་ཡང་བྱིས་པའི་སྐྱེ་བོ ་འགའ་ཞིག་དེ་དག་སྐྱོང་པར་བསྟོན་པ་ལ་བརྟེན་ནས་མེད་པའི་མཐར་རྟོག་པའོ།། ཡང་ལ་ལ་དག་རང་བཞིན་གྱིས་མྱ་དྲན་ལས་འདས་པ་དང་། ནམ་མཁའ་དང་སོ་སོར་བརྟགས་པས་འགོག་པ་སྟེ་གཉེན་པོའི་སྟོབས་ཀྱིས་སྟོང་བྱ་སྤངས་པ ་དང་། བརྟགས་མིན་གྱི་འགོག་པ་སྟེ། སྐྱེ་བར་འགྱུར་རྒྱུའི་ཆོས་མ་སྐྱེས་པ་རྣམས་འདུས་མ་བྱས་པའི་རྫས་དངོས་པོའི་རང་བཞིན་ཉིད་དུ་རྟོག་ལ། འཕགས་པ་དེ་དག་གིས་མཐར་རྟོགས་པ་སྤངས་པའོ།། དེ་ནས་ཡང་ཞེས་པ་ལ་སོགས ་པ་སྐབས་ཀྱི་དོན་དེ་ཉིད་གསུང་རབ་དག་ལས་སྟོང་པ་ཉིད་ལ་སོགས་པ་དོན་དམ་པའི་རྣམ་གྲོངས་བསྟན་པ་ཐམས་ཅད་ལ་སྦྱར་བར་བྱ་ཞེས་པའོ།། དེ་ལྟར་བདེན་པ་གཉིསུ་རྣམ་པར་ཕྱེ་བ་ལས་དོན་དམ་པའི་དབང་དུ་བྱས་ཏེ། སྟོང་པ ་ཉིད་ལ་སོགས་པར་བསྟན་པ་མ་ཡིན་པ་སྤྱིར་སྟོང་པ་ཉིད་ལ་སོགས་པར་བསྟན་པ་དང་། ཐེག་པ་ཆུང་ངུའི་གསུང་རབ་དག་ལས་ཀུན་རྫོབ་གྱི་དབང་དུ་བྱས་ཏེ། ཡོད་པ་དང་སྐྱེ་བ་ལ་སོགས་པར་བསྟན་པ་མ་ཡིན་པོ་སྤྱིར་ཕུང་པོ་ལ ་སོགས་པ་ཡོད་པ་དང་སྐྱེ་བ་ལ་སོགས་པར་བསྟན་པ་ནི། སེམས་ཅན་གྱི་བསམ་པ་ལ་བལྟོས་ནས་བསྟན་པ་དོན་འཁྲུལ་པ་ཡིན་ཏེ། ཀུན་རྫོབ་ཏུ་གཞན་གྱི་དབང་ངོ་བོ་གྲུབ་པ་དང་། དོན་དམ་པར་གྲུབ་པ་མེད་པའི་ཕྱིར། བདེན་པ་གཉིས ་ཀྱི་རྣམ་པར་དབྱེ་བ་ལ་མ་བལྟོས་པར་ཡོད་པ་དང་མེད་པ་འབའ་ཞིག་གི་མཐར་རྟོག་པ་ནི་མི་བདེན་ཞེས་པའོ།། གཞན་ཡང་ཕུང་པོ་ལ་སོགས་པ་ཀུན་རྫོབ་པའི་དངོས་པོར་ཡང་སྟོང་ཞེས་པ་དང་། ་ཡང་དོན་དམ་པའི་དངོས་པོར་ཡང་ཡོད་ཞེས་པ་ལ་སོགས་པར་བསྟན་པ་ནི་ཤིན་ཏུ་ཡང་དྲང་བའི་དོན་འཁྲུལ་པ་ཞེས་བྱའོ།། དེ་ལྟར་ན་ངེས་པའི་དོན་ནི་སྔར་བསྟན་པ་ལྟར་ཟུང་དུ་འཇུག་པའི་དབུ་མ་གཞན་གྱི་དབང་གིས་བསྡུས་པའི་ཆོས ་རྣམས། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད།། དམ་པའི་དོན་ནི་ཡོད་མ་ཡིན་ཞེས་བསྟན་པ་འབའ་ཞིགོ།། སྔ་མ་ལྟར་བསྟན་པོ་རྣམས་ནི་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དོན་དམ་པའི་དེ་ཁོ་ན་ཉིད་རྣམ་པར་དགོད་པའི་གཏམ་མ་ཡིན་ཞེས་པའོ།། ། ་དེ་ལྟ་བས་ནི་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། རྟོན་པ་རྣམ་པ་བཞིས་གསུངས་ཏེ། ཇི་སྐད་དུ། ངེས་པའི་དོན་ལ་རྟོན་གྱི་དྲང་བའི་དོན་ལ་མི་རྟོན་ཅེས་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པས་མི་རྟོན་པ་དང་། ཆོས་ལ་རྟོན ་གྱི་གང་ཟག་ལ་མི་རྟོན་པ་དང་། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟེན་པར་བྱའོ་ཞེས་གསུངས་པའི་རྗེསུ་འབྲང་བར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་སྔར་བསྟན་པ་ལྟར་ཤེས་བྱ་ཐམས་ཅད་སེམསུ་འདུས་ཤོ ་སེམས་ཀྱི་ཆོས་ཉིད་ཀྱང་སྟོང་པ་ཉིད་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པའོ་སྙིང་པོར་བསྟན་པས་གཞན་དག་གི་ལོག་པར་རྟོག་པ་སེལ་བར་མཛད་དེ། དེའི་དོན་ནི་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བསྟེན་པ ་དང་། མྱ་ངན་ལས་འདས་པའི་མདོ་ལ་སོགས་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་སྤྲོས་པ་དང་བྲལ་ཞིང་རང་བཞིན་གྱི་འོད་གསལ་བ་གློ་བུར་གྱི་དྲི་མ་རྣམ་པར་དག་པ་དང་། ཐོག་མ་ནས་རྣམ་པར་དག་པ་སྟེ་རང་བཞིན་གྱིས་ཀྱང་དག ་པཔ་གདུལ་བྱ་ལ་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པར་སྟོན་པར་ནུས་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་མ་མཆིས་པར་བརྗེད་དེ། ཕུང་པོ་ལ་སོགས་པ་ནི་འབྲས་བུར་གྱུར་པ་སྡུག་བསྔལ་གྱི་བདེན་པས་བསྡུས་པའོ།། འདོད་མ ་ལ་སོགས་པོ་ནི་ཀུན་འབྱུང་བ་ལས་དང་ཉོན་མོངས་པའོ།། ཡིངསུ་རྟོགས་པ་ནི་ཤེས་བྱའི་སྒྲིབ་པའོ།། བརྟག་པ་དང་བདག་ལ་སོགས་པའི་དངོས་པོར་གསུངས་ཏེ། ཇི་སྐད་དུ་ཆུ་བ་དགའ་བྱེད་ཀྱི་དྲུང་དུ་ཀུན་ཏུ་རྒྱུ་ལྟ་བརྒྱ་རྗེ་སུ་བཟུང་བའི ་དོན་དུ་གསུངས་པ་ལྟ་བུའོ།། དེ་ལྟ་ན་མུ་སྟེགས་བྱེད་རྣམས་ཀྱང་ལུས་ཅན་ཐམས་ཅད་ལ་ཐར་པའམ་གྲོལ་པའི་རྒྱུར་གྱུར་པ་བདག་དམ་པ་གཉིསུ་མེད་པའི་དོན་ཡོད་པར་འདོད་དོ། ཇི་སྐད་དུ། འབྱུང་པོ་ཀུནྡ་ལ་ཞི་བ་ཡོད།། ཞྭ ་གང་ཡིནི་དེ་ང་ཉིད་ཅེས་པའམ། ལུས་ཅན་ཀུན་ལ་བདག་ཡོད་དེ་ཞེས་པ་ལ་སོགས་པ་སླ་བ་དང་ཅིའི་ཕྱིར་མི་མཚུངས་ཞེས་པའོ།། དེ་ལ་བརྟག་པ་བྱེད་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇུག་པའོ།། ཞེས་པ་ནི་བདག་རྟག་པ ་ཤེས་པ་རིག་པ་དེ་ཉིད་ཡུལ་ལ་ལོངས་སྤྱོད་པའི་བྱ་བ་བྱེད་པའམ། དེ་ལ་བརྟེན་ནས་ཐར་པ་ཐེབ་པའོ།། ཡོན་ཏན་མེད་པ་ནི་གཟུགས་དང་བདེ་བ་ལ་སོགས་པའི་ཡོན་ཏན་གྱི་སྟོང་པའོ།། ཁྱབ་པ་ནི་ལུས་ཅན་སོ་སོ་ལ་བདག་ཐ་དང ་པ་རེ་གནས་པར་འདོད་པ་དང་། ཐམས་ཅད་ལ་ཕུན་མོང་པའི་བདག་གཅིག་ཏུ་གྱུར་པ་ཡོད་པར་འདོད་པའོ།། ལན་གྱིས་དོན་ནི་ང་ཡིས་བསྟན་པ་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཀུན་གཞི་རྣམ་པ ་ཤེས་པའི་མཐར་ཐུག་པ་དོན་དམ་པར་སྟེང་ཞིང་ཀུན་རྫོབ་དུ་མྱོང་བ་ཙམ་གྱི་བདག་ཉིད་ཀྱི་རྣམ་གྲངསུ་གཏོགས་པ་རང་བཞིན་གྱིས་རྣམ་པར་དག་པ་སྟེ། ཐེར་ཟུག་པའི་དངོས་པོ་དོན་དམ་པ་ཉིད་དུ་ཁས་མི་ལེན་པས་གཞན་དང་མི་མཚུངས ་ཞེས་པའོ།། སྙིང་པོ་ཞེས་ཡོད་པའི་སྒྲར་བསྟན་པ་ནི་བྱིས་པ་རྣམས་བདག་མེད་པའི་ཆད་པས་ལྟ་བས་འཇིགས་པ་རྣམས་ལ་བསྟན་པའོ།། གཞན་ཡང་གདུལ་བྱའི་ཁྱད་པར་འགའ་ཞིག་ལ་ནི་སྔར་བསྟན་པ་ལྟར་བདག་ལ་སོགས་པ་རང་གི ་མིང་གིས་ཀྱང་བསྟནོ།། ཡང་གསུང་རབ་དག་ལས་ཕོལ་ཆེར་བྱིས་པའི་སྐྱེ་བོ་བདག་ཏུ་རྟག་པར་འགྱུར་བས་དེ་ལྟར་མ་གསུངས་ཏེ་ཇི་སྐད་དུ། བདག་ཏུ་རྟོགས་བྱར་གྱུར་ན་མི་རུང་ཞེས། འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན་ཞེས ་གསུངས་པའམ། གཞན་ཡང་འཕགས་པ་མྱ་ངན་ལས་འདས་པ་ལསོ།། དེ་འདྲ་བ་བཤད་ན། སེམས་ཅན་ཐམས་ཅད་པ་དེ་དག་འདི་ལྟ་བུ་འདི་འདྲ་ཅིག་ཡོད་དོ་སྙམ་སྟེ། ལོག་པར་མཐོང་ན་སོ་ཤེས་རབ་མེད་པ་རྣམས་ལ་ཌི་ལམ་དུ ་རྨིས་པ་བཞིན་སྟེན་པར་བྱེ་དོ།། འཇིག་རྟེན་པ་དེ་དག་གིས་ཀྱང་དེ་སྐད་དུ་ཐོས་ནས་རང་གི་ལུས་ལ་བདག་ཡོད་སྙམ་རྟོག་པར་བྱེད་ལ། དེ་དག་གི་བདག་དེའི་རང་བཞིན་རི་མི་ཤེསོ།། དེ་ལྟར་བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས་ལོག ་པར་གཟུང་སྟེ། འཇིག་རྟེན་པ་རྣམས་སྐྱེས་བུ་མཐེ་བོང་ཙམ་ཞེས་བྱ་བ་དང་། ལྡུམ་བུ་ཤ་མ་ཀའི་འབྲས་བུ་ཙམ་དང་། འབྲས་ཀྱི་འབྲུ་ཙམ་ཞིག་སྙིང་ལ་གནས་ཏེ་འབའོ་ཞེས་ལོག་པར་རྟོག་པར་བདོ་ཞེས་པ་ལ་སོགས་པར་གསུངས་པ་དང་། ་གང་ལ་ལ་དག་བདག་གཟུགས་ཅན་མ་ཡིན་པ་རྣམ་པར་ཤེས་པ་ཙམ་གྱི་རོང་བཞི་ནི་འགའ་ཞིག་སྙིང་གི་ཕྱོགས་ནས་གནས་ཤིང་འབརེ་ཞེས་ལོག་པ་ཉིད་དུ་གསུང་སོ།། དེ་ལ་སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ལས། སྲིང་པོ་ཉི་ཤུ་རྩ་ལྔ་ལ ་ན་པ་གཅིག་ཙམ་ཡང་ཡོད་པར་མ་མཐོང་ཞེས་པའོ།། སྨོན་པ་མེད་པ་ནི་དེ་རྣམས་སྟོང་པ་དང་ཀུན་རྫོབ་ཏུ་ཉེས་སྐྱོན་དང་བཅས་པས་འཚོལ་བར་བྱེད་པའོ།། མཚན་མ་མེད་པ་ནི་མཚན་མ་བཅུ་མེད་པ་སྟེ། གང་ཞེ་ན། གཟུགས་ལ ་སོགས་པ་ཡུལ་ལྔའི་མཚན་མ་དང་། སྐྱེ་འཇིག་གནས་པ་གསུམ་མཚན་མ་དང་། ཕོ་དང་མོའི་མཚན་མ་མེད་པ་སྟེ། དེ་རྣམས་ཀྱིས་ཀྱང་ལུས་དང་ལོངས་སྤྱོད་དང་གནས་ཀྱི་མཚན་མ་གསུམ་སྤངས་པའོ།། ཡང་དག་པའི་མཐའ་ནི་ཡང་དག ་པའི་དོན་གང་གི་མཐར་ཐུག་པའི་གནས་ལུགས་དེ་བཞིན་ཉིད་དེ།། མྱ་ངན་ལས་འདས་པ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ།། དེ་ལ་སོགས་པ་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ཞེས་པ་ལ་སོགས་པ་སྟེ། དོན་དྲམ་པའི་རྣམ ་གྲངསུ་གཏོགས་པའོ།། སྙིང་པོའི་སྒོ་ནི་དངོས་པོ་ལྟ་བུར་བསྟན་པའི་ཕ་བོས་ཏེ། དེས་སྣང་བ་མེད་པའི་ཡེ་ཤེས་ཀྱི་ཡུལ་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ཉིད་སྟོན་ཏོ།། བཟོ་ནི་རིགས་པའི་ཁྱད་པར་རོ།། ནན་ཏན་ནི་ཡིད་གཞུངས་པའོ།། ་ཇི་ལྟར་རྫ་མཁན་གྱི་དཔེ་དང་འདྲ་བར་དེ་བཞིན་གཤེགས་པ་ཡང་འཇིམ་པ་ལྟ་བུའི་དེ་བཞིན་གཤེགས་པའི་སྙིང་པོ་ལས། དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་དང་། སེམས་ཅན་འདུལ་བའི ་ཐབས་ལ་མཁས་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པའམ། ཡང་བདག་ཏུ་སྨྲ་བས་འཇིག་པ་དང་བདག་ཏུ་ཕྱིར་ཅི་ལོག་ཏུ་འགྱུར་པ་སྤང་བའི་དོན་དུ་གང་ཟག་གི་བདག་མེད་པར་བསྟན་པས་ཀྱང་རུང་སྟེ། ་སེམས་ཅན་སོ་སོ་ལ་གླེགས་པའི་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱི་དངོས་སམ་བརྒྱུད་པའི་སྒོ་རས་སྙིང་པོ་དེ་ཉིད་རྟོག་པར་བྱེད་ཅིང་། གནས་སྐབས་ཀྱི་ལམ་མི་འདྲ་བ་ལ་བརྟེན་ནས་རིགས་གཅིག་པོ་དེ་ཉིད་ལ ་གནས་སྐབས་ཀྱི་འབྲས་བུ་མི་འདྲ་བ་སྣ་ཚོགས་བྱུང་པའོ།། སྙིང་པོ་བསྟན་པས་སྙིང་པོ་སྟོན་ཞེས་པ་ནི་དངོས་པོའི་སྒྲར་བསྟན་པའི་ཐབས་ཀྱི་སྙིང་པོ་ཡང་དག་པར་རྟོགས་པར་བྱེད་པའོ།། མངོན་པར་འཚང་རྒྱ་བར་ཇི་ལྟར་འགྱུར ་ཞེས་ཏེ། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པའི་དོན་ནི། ཇི་ལྟར་འགྱུར་ཞེས་དགོངས་པའི་ཚུལ་བསྟན་ནས་འཚང་རྒྱ་བར་བྱ་བའི་དོན་དུ་སྙིང་པོའི་སྒྲར་བསྟན་ཞེས་པའོ།། གང་ཟག་རྒྱུན་ནི་ཕྱི་རོལ་པ་རྣམས་ཀྱི་བཏགས་པ་ལྕི་བུའམ། ་རང་གི་སྔ་པ་གང་དག་རྟག་པ་དང་མི་རྟག་པ་ལ་སོགས་པའི་ཁྱད་པར་གང་དུ་ཡང་བརྗོད་དུ་མེད་པའི་གང་ཟག་ལས་དང་ལས་ཀྱི་ཁུར་ཁྱེར་བ་ཡོད་པར་འདོད་པ་ལྟ་བུའོ།། རྐྱེན་ནི་མི་རིག་པོ་ལ་སོགས་པའོ།། རྡུལ་ནི་རང་གི་སྡེ་པས ་འདོད་པའམ། ཡང་ཕྱི་རོལ་པས་རྡུལ་ཕྲ་རབ་རྟག་པ་ཉིད་དུ་འདོད་པའོ།། དོན་འདི་རྣམས་ཀྱང་། སྙིང་པོ་ཇི་ལྟར་འབྱུང་བར་འགྱུར་ཞེས་པའི་ལན་དུ་ཡང་སྦྱར་བར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས། རྣལ་འབྱོར་ལས ་ནི་ཇི་ལྟར་ལྡོག། རྣལ་འབྱོར་ལ་ཡང་ཇི་ལྟར་འཇུག། ཅི་འདྲའི་སྐྱེས་བུ་ཅི་ཚུལ་དུ།། རྣལ་འབྱོར་བཞག་པ་བདག་ལ་གསུངས་ཞེས་དྲིས་པའི་ལན་བཏབ་པའི་སྒོ་ནས་དེ་བཞིན་གོཤེགས་པའི་སྙིང་པོ་སྦྱོང་བར་བྱེད་པའི་ཐབས་སྟོན་པའོ།། དེ་ལ ་གཡོ་བ་མེད་པ་ནི་དེ་ཁོ་ན་ཉིད་དུ་སེམས་ཀྱི་འཇུག་པའམ། མི་བརྟག་པ་དངོས་པོར་ཡང་གྲུབ་པ་མེད་པའོ།། བག་ཆགས་ལ་མངོན་པར་ཞེན་པས་བསྒོས་པ། ཁམས་གསུམ་གྱི་གཟུགས་རྣམ་པོ་སྣ་ཚོགས་ལ་ཉེ་བར་སྤྱོད་པས་འབྲེལ ་པ་ཞེས་པ་ནི་ཁམས་གསུམ་པོ་བག་ཆགས་ཀྱིས་བཞག་ཅིང་། དེ་ཡང་ཁམས་གསུམ་གྱིས་བསྡུས་པའི་ཚུལ་ལུགས་རྣམ་པ་སྣ་ཚོགས་འདོད་པའི་དགའ་བ་དང་བསམ་གཏན་དང་ཏིང་འཛིན་གྱི་ཕྱི་རོལ་མངོན་པར་ཞེན་པའི་ཚུལ་གྱི་སྤྱོད ་པས་འཁོར་བར་རྗེསུ་འབྲེལ་པའོ།། སྒྱུ་མ་ལ་སོགས་པའི་གཟུགས་སྐྱེ་བ་དང་འདྲ་བར་ཞེས་པ་ལ་སོགས་པའི་དོན་ནི་གཟུགས་དེ་དག་ལ་རང་གཞན་དང་གཉིས་ཀར་གྱུར་པའི་རྒྱུ་མེད་པོའི་ཕྱིར། མི་སྐྱེ་བ་དང་འདྲ་བར་དངོས་པོ་ཐམས།། ་ཅད་མི་སྐྱེ་ཞེས་པ་སྟེ་ཇི་ལྟར་སྔར་བསྟན་པ་བཞི་ནོ།། གཞན་ཡང་སྲིད་པའོ་ཡན་ལག་གི་རྐྱེན་རྣམས་ཀྱི་རྡུལ་ཕྲ་རབ་བམ། སྐད་ཅིག་མ་འདུས་པའི་ཕུང་པོ་དང་། དབང་ཕྱུག་ལ་སོགས་པ་གང་དག་གིས་ཚོད་དུ་སྤུངས་པ་མེད་པར ་མཐོང་བས་ཀུན་རྫོབ་དུ་རང་དགའ་བའི་རྟོག་པས་བརྟགས་པ་ཉིད་དུ་ཤེས་པའོ།། རྟོག་པ་རབ་ཏུ་གྱུར་པ་ཁོང་དུ་ཆུད་ཅེས་པ་ནི་རྟོག་པ་ཉིད་དུ་ཁྱད་པར་གྱུར་པ་སོ་སོ་རང་རིག་པའི་ཚུལ་གྱིས་སྔོན་དུ་བྱས་པ་སྟེ། དེར ་རྣམ་པར་ཤེས་པ་རྣམས་ཀྱིས་སྣང་བ་ཡང་གནས་པར་གྱུར་པའོ།། ཡང་འདིར་ཕྱི་རོལ་གྱི་དངོས་པོ་ལ་སོགས་རང་བཞིན་མེད་པར་མཐོང་བས་དེ་འདྲ་བའི་ཕྱིན་ཅི་ལོག་ས་བོན་དང་བཅས་ཏེ་སྤངས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་ཡུལ་དང་། ཡུལ ་ཅན་ཆོས་ཀྱི་སྐུའི་ཡེ་ཤེས་ལ་མངོན་པར་མོས་པའོ།། འདིས་ནི་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཉིད་བསྟན་ལ། སྔ་མ་གསུམ་གྱིས་ནི་རྩེ་གཅིག་པའི་ཏིང་འཛིན་དང་མཚུངས་པར་ལྡན་པ་ཤེས་རབ་ཞི་གནས་དང་ལྷག་མཐོང ་ཟུང་དུ་འབྲེལ་པའི་རྣལ་འབྱོར་བསྟན་ཏེ། དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་ལམ་ནི་འཕགས་པའི་རིགས་སྦྱོང་བར་བྱེད་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་འདྲེན་པར་བྱེད་པ་སྟེ། སྔར་ཇི་སྐད་བསྟན་པ་བཞི་ནོ།། དེ་ནས་བཅོམ ་ལྡན་འདས་ལ་ཞེས་པ་ལ་སོགས་པས་ཀྱང་། འགྲོ་བ་དག་དང་ལུས་འཛིན་པ།། ཅིའི་སླད་དུ་བྱ་བ་འབྱུང་ཞེས་པ་དང་། རྐྱེན་གྱིས་སྐྱེ་བོ་ཛ་ལྟ་བུ་འབྲས་བུ་གང་ལོགས་རྒྱུ་ནི་ཅི་ཞེས་དྲིས་པའི་ལེན་ནི་སྔར་བསྟན་པ་ལས་ཚུལ་གཞན་གྱི་སྒོ ་ནས་རྒྱས་པར་འཆད་དེ། དེ་ཡང་རྒྱུ་དང་རྐྱེན་གྱིས་མཚན་ཉིད་རྟོག་པ་དོན་དམ་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་འཇུག་པར་འགྱུར་བ་སྟེ། ཇི་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པར ་འགྱུརརོ་ཞེས་པ་ལྟ་བུའོ།། དེ་ལ་ཕྱི་ནི་ཕྱི་རོལ་དུ་སྣང་བའོ།། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ་ལ། མ་རིག་པ་དང་སྲེད་པ་དང་ལས་དང་ཆོས་འདི་དྲག་ལ་སོགས་པ་ནི་ཞེས་པ་ལ། ལེན་པ་དང་སྲིད་པ་དང་རྣམ་པར་ཤེས་པ ་རྒྱུ་ཡིས་བསྡུས་པ་ཡང་སྟེ། དེ་ལ་སྲོད་པ་ལ་སོགས་པ་གསུམ་ནི་མ་རིག་པའི་རྐྱེན་གྱིས་ལས་མངོན་པར་འདུས་བྱས་ཀྱང་སྲེད་པ་ལ་སོགས་པའི་རྐྱེན་གྱིས་མ་ཟིན་ན། ཡང་སྲིད་པ་མངོན་པར་འགྲུབ་པར་མི་འགྱུར་བས་འདིར་སྨོས་པའོ།། ། ་རྟེན་ཅིང་འབྲེལ་པ་ཞེས་བྱ་བའི་མིང་ཐོབ་ཅེས་བྱ་བ་ནི་རྒྱུ་ཡིས་བསྡུས་པ་དྲུག་གམ་རྣམ་པ་ལྔའོ།། བློ་གྲོས་ཆེན་པོ་འདི་དག་ལས་སྐྱེས་པའི་ཕུང་པོ་དང་ཞེས་པ་ལ་སོགས་པས་ནི་འབྲས་བུ་བསྡུས་པའི་རྣམ་པར་ཤེས་པའམ། མིང་དང ་གཟུགས་ལ་སོགས་པོ་འབྲས་བུས་བསྡུས་པ་དྲུག་གམ། ཡང་ན་བདུན་ཉིད།། འདི་རྣམས་ཀྱིས་དོན་ཅུང་ཟད་བསྡུས་ཏེ་གསལ་བར་བསྟན་པ་ནི་འཕགས་པ་ས་བཅུ་པའི་མདོ་ལས་རྣམ་པ་བཅུའི་སྒོ་ནས་གསུངས་ཏེ། འདི་ལྟར་སྲིང ་པའི་ཡན་ལག་རྗེ་སུ་འབྲེལ་པ་དང་། སེམས་གཅིག་ཏུ་ཡང་དག་པར་འདུ་བ་དང་། རང་གི་ལྔས་མི་འདྲེས་པ་དང་། ཐ་དད་པ་མ་ཡིན་པ་སྟེ། ཀུན་ནུས་ཉོན་མོངས་པའི་རྒྱུད་དུ་གཅིག་པའམ། རང་རང་གི་འབྲས་བུ་རྒྱུན་མི་འཆད ་པ་དང་། སྟོན་པར་བྱེད་པ་ཉིད་དུ་མཚུངས་པ་དང་། ལམ་གསུམ་གྱི་རྒྱུད་དུ་འབྲིང་བ་དང་། སྔོན་གྱི་མཐའ་དང་ད་ལྟར་བྱུང་བ་དང་ཕྱི་མའི་མཐའ་ལ་བལྟོས་པ་དང་། སྡུག་བསྔལ་གསུམ་ཀུན་ཏུ་འབྱུང་བ་དང་། རྒྱུ་དང་རྐྱེན་ལས་བྱུང་བ ་དང་། སྐྱེ་བ་དང་འཇིག་པ་དང་འབྲེལ་པ་དང་། མེད་པ་ཟད་པར་སོ་སོར་རྟོག་པའོ།། དེ་ལས་དང་པོ་པའི་དབང་དུ་བྱ་སྟེ། མ་རིག་པ་ནི་བདེན་པ་རྣམས་མངོན་པར་མི་ཤེས་པ་སྟེ། དེ་ཡང་ཀུན་ཏུ་བརྟགས ་པའི་མ་རིག་པའོ།། འདུ་བྱེད་སེམས་དཔའོ་དང་བསམ་པའི་ལསོ།། རྣམ་པར་ཤེས་པ་ནི་གཙོ་བྱོར་ཀུན་གཞི་རྣམ་པར་ཤེས་པའོ།། མིང་དང་གཟུགས་ནི་དབང་པོ་མ་དོད་པའི་གནས་སྐབ་སོ།། སྐྱེ་མཆེད་དྲུག་ནི་དབང་པོ་ཐམས་ཅད་རྫོགས ་པའི་གནས་སྐབསོ།། རེག་པ་ནི་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་ཡུལ་གྱི་རྣམ་པ་ཡོངསུ་གཅོད་པའོ།། དེ་ཡང་སྡུག་བསྔལ་དང་བདེ་བའི་བྱེ་བྲག་མི་ཕྱེད་པ་ནི་རེག་པའོ།། ཞེས་མྱ་ངན་ལས་འདས་པ་ལས་གསུངསོ།། ཚོར་བ་ནི ་ཉམ་སུ་མྱེད་པའོ།། སྲིད་པ་ནི་ཚོར་བ་ལ་ཆགས་པའོ།། ལེན་པ་ནི་ཚོར་བའི་རྒྱུ་ལ་ཆགས་པའོ།། སྲིད་པ་ནི་མིང་དང་གཟུགས་ཀྱི་ས་བོན་ཀུན་གཞི་ལ་ཡོད་པ་ལོན་པས་གསོས་གཏབ་སྟེ། མཐུ་དང་ལྡན་པར་སོང་བའོ།། སྐྱེ་བ་ནི་མཱིང་དང ་གཟུགས་ལ་སོགས་པ་དེ་ཉིད་ཐོག་མར་བྱུང་བའོ།། རྒ་ཤི་དང་ནི་མིང་དང་གཟུགས་ལ་སོགས་པ་དེ་ཉིད་གནས་སྐབས་གཞན་དུ་གྱུར་པ་དང་རྒྱུན་ཆུད་པའོ།། ཡང་རྒས་པ་ནི་ཕུང་པོ་ཡོངསུ་སྨིན་པའོ་ཞེས་ཀྱང་གསུང་སོ།། སྤྱིའི་ངེས ་པའི་ཚིག་ནི་སྔ་མ་རྣམས་ལ་རྟེན་ཅིང་འབྲེལ་ཏེ། ཕྱི་མ་རྣམས་འབྱུང་བསོ།། སོ་སོའི་དབྱེ་བ་ལ་མ་རིག་པ་ནི་གཉིས་ཏེ། ལས་རྒྱུ་འབྲས་ལོ་རྨོངས་པ་སྲོག་གི་མཆོད་སྦྱིན་ལ་སོགས་པས་ཐར་པར་འདོད་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པ ་བདག་དང་བདག་གི་ལ་སོགས་པར་ཕྱིན་ཅི་ལོག་པ་དང་དེ་རྣམས་ཇི་ལྟ་བ་བཞིན་མ་རྟོག་པའོ།། འདུ་བྱེད་ལ་གསུམ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལསོ།། ཡང་ན་སྒོ་གསུམ་གྱི་ལས་གསུམ ་མོ། རྣམ་པར་ཤེས་པ་ནི་རྒྱུ་དང་འབྲས་བུ་བསྡུས་པ་གཉིས།། མིང་དང་གཟུགས་ནི་རྣམ་པ་ལྔའོ།། སྐྱེ་མཆེད་ནི་དྲུགོ།། ཚོར་བ་ཡང་དེ་ཉིད་དང་རྗེ་སུ་མཐུན་པའམ། རྣམ་པ་གསུམ་མམ་ལྔའོ།། སྲེད་པ་ནི་གསུམ་སྟེ། འདོད་པ་དང་། གཟུ ་དང་། གཟུགས་མེད་པའི་སྲེད་པའོ།། ལེན་པ་ནི་བཞི་སྟེ། འདོད་པ་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བོར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པའོ།། འདིར་ཉེ་བར་ལན་ཞེས་པ་ནི་དེ ་དག་ལ་ཆགས་པའོ།། སྲིད་པ་ཡང་རྣམ་པ་བཞི་སྟེ། སྔོན་དུས་ཀྱི་སྲིད་པ་དང་། འཆི་བའི་སྲིད་པ་དང་། བར་མ་དོའི་སྲིད་པ་དང་། སྐྱེ་བའི་སྲིད་པའོ།། འདིར་ན་དེ་རྣམས་ཀྱིས་བསྡུས་པའི་མིང་དང་གཟུགས་ཀྱི་ས་བོན་ལེན་པས་མཐུ་དང་། ་ལྡན་པར་བྱས་པའོ།། སྐྱོ་བ་དང་རྒ་ཤི་ལས་སྐྱེ་བ་ནི་གསུམ་སྟེ། སྙེད་ཅིག་གི་སྐྱེ་བ་དང་། མངོན་པར་གྲུབ་པའི་སྐྱེ་བ་དང་། ཉིད་མཚམས་སྦྱོར་བའི་སྐྱེ་བའོ།། རྒས་པ་ཡང་གསུམ་སྟེ། ཉེ་བར་དཔྱོད་པས་རྒས་པ་དང་། གཞན་ཉིད ་ཀྱི་རྒས་པོ་དང་། གཞན་དུ་འགྱུར་བས་རྒས་པའོ།། གཉིས་པ་དེ་རྣམས་སེམས་གཅིག་ཏུ་ཡང་དག་པར་འདུ་བ་ནི། སྡེར་བསྟན་པ་ལྟར་ཀུན་རྫོབ་ཏུ་ཐམས་ཅད་སེམས་ཉིད་ཡིན་ལ། དེ་ཡང་སྦྱོར་ཀུན་གཞི་རྣམ་པར་ཤེས་པ་གཅིག། ་ཉིད་དེ། རྒྱ་མཚོ་དང་རྦ་རླབས་བཞིན་ཞེས་སྔར་བསྟན་ཏོ།། གཞན་ཡང་རྒྱུན་དང་ལྡན་པའི་ཀུན་གཞི་ནི་ཐམས་ཅད་ཀྱི་ས་བོན་དུ་གྱུར་པས་དེར་འདུ་ཤེས་པའོ།། དེ་སྐད་དུ་ཡང་། དེ་དག་ཐམས་ཅད ་ཀྱང་སེམས་གཅིག་ལ་གནས་པ་དག་གོ་ཞེས་གསུང་སོ།། རང་གི་ལས་མ་འདྲེས་པ་ནི་དྲང་པོར་མ་རིག་པའི་དབང་དུ་བྱས་ན་རྣམ་པ་གཉིས་ཏེ། སེམས་ཅན་རྣམས་དམིགས་པ་ལ་ཀུན་ཏུ་སློངས་པར་བྱེད་པ་དང་། འདུ་བྱེད་མངོན་པར ་འགྲུབ་པའི་རྒྱུ་ཡང་འབྱིན་པའོ།། འདུ་བྱེད་རྣམས་ཀྱང་བྱ་བ་གཉིསུ་ཉེ་བར་གནས་པ་ཡིན་ཏེ། མ་འོངས་པའི་རྣམ་པར་སྨིན་པ་ཡང་མངོན་པར་འགྲུབ་པར་བྱེད་པ་དང་རྣམ་པར་ཤེས་པ་མངོན་པར་འགྲུབ་པའི་རྒྱུ་ཡངངོ་འབྱིན་པའོ།། དེ ་བཞིན་དུ་ཡན་ལག་ལྐོག་མ་རྣམས་ཀྱིས་ཀྱང་། རང་འང་གི་འབྲས་བུ་ཕྱི་མ་རྣམས་མངོན་པར་འགྲུབ་པའི་རྒྱུ་འབྱིན་པ་དང་། ཁྱད་པར་དུ་རྣམ་པར་ཤེས་པས་སྲིད་པ་ཉིད་མཚམས་སྦྱོར་བར་ཡང་བྱེད་པ་དང་། མིང་དང་གཟུགས་ཀྱི་ཕན ་ཚུན་སྟོན་པར་བྱེད་པ་དང་། སྐྱེ་མཆེད་དྲུག་གི་རང་གི་ཡུལ་རྣམས་ཕྱེ་བ་ཡང་སྟོན་པ་དང་། རེག་པ་དེ་མགོས་པ་ལ་རེག་པར་བྱེད་པ་དང་། ཚོར་བ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་། གཉིས་ཀ་ལས་རྣམ་པར་གྲོལ་བ ་མྱོང་བར་ཡང་བྱེད་པ་དང་། སྲེད་པས་ཆགས་པར་གྱུར་པའི་དངོས་པོ་ལ་ཀུན་ཏུ་ཆགས་པར་ཡང་བྱེད་པ་དང་། ལེན་པས་ཀུར་ནས་ཉོན་མོངས་པ་དང་འབྲལ་བར་ཡང་བྱེད་པ་དང་། སྲིད་པས་སྲིད་པའི་རྒྱུད་གཞན་ཡང་གནས་པར ་བྱེད་པ་དང་། སྐྱེ་བས་ཕུང་པོ་འབྱུང་བར་བྱེད་པ་དང་། རྒས་པས་དབང་པོ་ཡོངསུ་འགྱུར་བར་བྱེད་པ་དང་། འཆི་བས་འདུ་བྱེད་འཇིག་པར་བྱེད་པ་དང་། ཡོངསུ་མི་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ།། ཞེས་གསུངས་ཏེ། ་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཁོ་ན་ཉིད་མ་རྟོགས་པས་ཚེ་རབས་གཞན་དང་གཞན་གྱིས་རྒྱུར་འགྱུར་བའི་ཕྱིར།། དེ་ལ་བྱེད་པ་འདི་རྣམས་ཀྱི་དོན་ནི་ཇི་ལྟར་དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་ཞེས་པ་དང་། ཚད་མ་ནི་ཡུལ ་ལ་སྒྲོ་འདོགས་གཅོད་པར་བྱེད་ཅེས་པ་ལྟ་བུ་སྟེ། བྱེད་པ་རང་གི་ངོ་བོར་གྱུར་པ་ཡིན་གྱིས་དོན་གཞན་དུ་གྱུར་པ་ནི་མ་ཡིན།། ཐོ་དད་པ་མ་ཡིན་པའི་དོན་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་པ་མ་རིག་པའི་རྐྱེན་གྱིས ་འདུ་བྱེད་རྣམས་རྒྱུན་མི་འཚོད་པ་དང་རྟེན་པར་བྱེད་པ་སྟེ། དེ་ཡང་མ་རིག་པ་ནི་ས་བོན་གྱི་གནས་སྐབས་དང་། འབྲས་བུའི་གནས་སྐབས་གཉིས།། དེ་ལ་ས་བོན་གྱི་གནས་སྐབས་ཀྱི་འདུ་བྱེད་རྒྱུན་མི་འཆད་པར་བྱེད།། ས་བོན ་མ་སྤོངས་པ་དེ་སྲིད་དུ་འདུ་བྱེད་ཀྱི་རྒྱུན་འབྱུང་བའི་ཕྱིར།། འབྲས་བུའི་གནས་སྐབས་ཀྱིས་ནི་བསྐྱེད་ཅིང་རྟོན་པར་བྱེད་དེ། དེ་སྐྱེས་པས་དེ་ཡུང་རྗེས་ཐོགས་སྐྱེ་བའི་ཕྱིརརོ།། དོན་འདི་གཉིས་ཀྱང་འདི་ཡོད་པས་འདི་འོབྱུང་ཞེས ་པ་དང་། འདི་སྐྱེས་པའི་ཕྱིར་འདི་སྐྱེས་ཞེས་བྱ་བའི་དོན་རྣམ་པ་གཉིས་བསྟན་ཏེ།། ཡན་ལག་ལྐོག་མ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ།། ལན་གསུམ་གྱི་རྒྱུན་ཏུ་འབྲང་བ་ནི་དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན ་མོངས་པའི་ལམ་གྱིས་རྒྱུན་མི་འཆད་པ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ།། འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་གྱི་རྒྱུན་མི་འཆད་པ་སྟེ། ལས་ཀྱིས་ཀུན་ནས་ཉོན་མོངས་པའོ།། ལྷག་མ ་རྣམས་ནི་སྡུག་བསྔལ་གྱི་རྒྱུན་མི་འཆད་པར་རབ་ཏུ་ཕྱེ་བ་སྟེ། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ།། དེ་ཉིད་ས་བཅུའོ་མགོན་པོས་ཀྱང་། དང་པོ་བརྒྱད་དང་དགུ་ཉོན་མོངས།། གཉིས་དང་བཅུ་པ་ལས་ཡིན་ཏེ།། ལྷག་མ་དག་ནི་ཚེ་ཡིནོ་ཞེས ་གསུངས་ཏེ། འདིས་ཀྱང་ད་ལྟར་གྱི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། དེས་ཀུན་ནས་བསླང་བའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ལ་བརྟེན་ནས་མ་འོངས་པའི་སྐྱེ་བ་མངོན་པར་འགྲུབ་ཅིང་དེ་དག་ཏུ་ཡང་སྔ་མ་བཞིན་དུ་ཉོན ་མོངས་པས་ཀུན་ནས་བསླང་ཞིང་། ལས་མངོན་པར་འདུས་བྱས་པས་ཡང་གཞན་དུ་སྐྱེ་བ་མངོན་པར་འགྲུབ་པ་སྟེ། སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་འབྱུང་ཞེས་པའོ།། དུས་གསུམ་ལ་བལྟོས་པ་ཡང་མ་རིག་པ་དང་འདུ་བྱེད་ནི།། ་སྔོན་གྱི་མཐའི་ལྟོས་པ་སྟེ། ད་ལྟར་གྱི་ཕུང་པོའི་རྒྱུ་ཉིད་དུ་གྱུར་པའོ།། རྣམ་པར་ཤེས་པ་ནས་ཚོར་བའི་བར་ནི་ད་ལྟར་བྱུང་བའི་ལྟོས་པ་སྟེ། སྔ་མ་ལ་ལྟོས་པའི་འབྲས་བུ་དང་། ཕྱི་མའི་རྒྱུར་གྱུར་པས་བལྟོས་པའོ།། སྲེད་པ་ལྀ་སོ ་པ་གསུམ་ནི་ཕྱི་མའི་མཐའི་ལྟོས་པ་སྟེ། མ་འོངས་པའི་སྐྱེ་བོ་ལ་སོགས་པས་བསྡུས་པའི་མིང་དང་གཟུགས་ལ་སོགས་པའི་རྒྱུར་གྱུར་པའོ།། དེ་ལྟར་བསྟན་པས་ཀྱང་སྲིད་པའི་རྒྱུ་དང་འབྲས་བུའི་ཚུལ་དུ་གོ་རིམ་དུ་བསྟན་པ ་འདི་རྣམས་ཚེ་གསུམ་ལ་རྫོགས་པ་སྟེ། དང་པོ་གཉིས་ནི་སྒྱུ་མ་ལྔའོ།། དེ་ནས་རྣམ་པ་བརྒྱད་ནི་ཚེ་འདི་ཉིད་ལ་རྫོགས་པ་སྟེ། སྲེད་པ་ལ་སོ་ཌ་པ་གསུམ་ཕྱི་མའི་མཐའི་ལྟོས་པའོ།། ཞེས་གསུངས་པ་ནི་དེའི་ཉེ་བའི་རྒྱུར་གྱུར་པ་སྟེ། ཚེའི་དབང ་དུ་བྱས་ན་ད་ལྟར་བྱས་བསྡུས་པའོ།། སྐྱེ་བ་དང་རྒ་ཤི་ནི་ཚེ་ཕྱི་མས་བསྡུས་པའོ།། ཕྱི་མ་ཕན་ཆད་དུ་ཡང་དེ་བཞིན་དུ་རབ་ཏུ་འབྱུང་བ་སྟེ། ཕྱི་མ་ཉིད་ཀྱི་དུས་སྔོན་དུ་གྱུར་པ་ན་དེ་ལ་བལྟོས་ཏེ། ད་ལྟར་བ་ནི་སྔོན་གྱི་མཐའ་ལ་ལྟོས་ཞེས་པ ་སྟེ། ཤེས་པར་ཟད།། དེ་ཉིད་ཀྱི་ཕྱིར་རྒྱུ་དང་འབྲས་བུ་ཡང་ཚར་གཉིས་ཀྱིས་བསུས་པ་སྟེ། དང་པོ་གཉིས་ནི་རྒྱུ་ལ། དེ་ནས་རྣམ་པོ་ལྔ་ནི་འབྲས་བུར་གྱུར་པའོ།། ཡང་སྲེད་པ་ལ་སོགས་པ་གསུམ་ནི་ཕྱི་མའི་རྒྱུར་གྱུར་པ་ཡིན་ལ ་སྐྱེ་བ་དང་རྒ་ཤི་ནི་འབྲས་བུར་གྱུར་པའོ།། གཞན་ཡང་འདི་རྣམས་ཀྱིས་ནི་གང་དག་མ་རིག་པ་དང་འདུ་བྱེད་ལ་སོགས་པའི་རྒྱུ་ཁྱད་པར་མེད་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ལུས་ཅིག་ཅར་འགྲུབ་པར་ཐལ་ཞེས་པ་དང་། ་གཞན་ཡང་གང་ཟག་གི་བདག་མེད་པར་འདུ་བྱེད་ཐམས་ཅད་སྐད་ཅིག་མར་གྱུར་པ་དེའི་ཚེ། བྱེད་པ་པོ་མེད་པས་ལས་བདག་གིར་བྱ་བ་མེད་པར་འགྱུར་ཏེ། ཇི་སྐད་དུ། ལས་བྱས་ནས་ནི་ཞིག་པ་ན།། སུའི་ལསུ་འགྱུར་ཞེ་ན ་ཞེས་པ་སྟེ། རྣམ་པར་སྨིན་པའི་དུས་ན་ལས་བྱེད་པ་པོ་འགགས་ནས་མེད་པས་དེ་ཡིས་རྣམ་པོར་སྨིན་པ་མྱོང་བ་མེད་ཅིང་། གཞན་ལོ་སྨིན་པར་འགྱུར་བར་བྱས་པ་ཆུ་དེ་ཟོས་པ་དང་། མ་བྱས་པ་དང་ཕྲད་པའི་ཉེས་པར་འགྱུར ་ཞེས་པའོ།། གཞན་ཡང་སྔོན་གྱི་ལས་ནི་འབྲས་བུ་མ་བསྐྱེད་པར་འགགས་པས་ཕྱིས་འབྲས་བུ་སྐྱེད་པའི་དུས་ན་མེད་པའི་ཕྱིར་ལས་རྣམས་ཆུད་ཟོས་པའི་ཉེས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ་སྤྱིར་ལས་མ་བྱས་པ་དང་། བྱས་ཀྱང་འབྲས་བུ་བསྐྱེད་ཟིན་པ་དང་། བྱས་ཤིང་འབྲས་བུ་མ་བསྐྱེད་ཀྱང་གཉེན་པོ་རྙེད་པ་ཡོད་སྤངས་ཟིན་པ་ན་སྲིད་པ་མངོན་པར་འགྲུབ་པར་མི་འཕད་ལ། དེའི་ཕྱིར་ལས་འགའ་ཞིག་ནི་བྱས་ལ་འགའ ་ཞིག་ནི་མ་བྱོས་པའམ། བྱོས་པ་ཡང་འགའ་ཞོག་གིས་ནི་འབྲས་བུ་བསྐྱེད་ཟིན་ལ། འགའ་ཞིག་གིས་མ་བསྐྱེད་པའམ། མ་བསྐྱེད་པ་ཡང་འགའ་ཞིག་ནི་གཉེན་པོས་སྤངས་པའམ། འགའ་ཞིག་ནི་མ་སྤངས་པ་སྟེ། དེའི་ཕྱིར ་ཐམས་ཅད་ཀྱི་ལུས་ཅིག་ཅིར་མངོན་པར་འགྲུབ་པར་མི་འགྱུར་ཏེ། ལཱས་མ་བྱས་པའམ་བྱས་པའམ་བྱས་ཀྱང་འབྲས་བུ་བསྐྱེད་ཟིན་པའམ། བྱས་ལ་མ་བསྐྱེད་ཀྱང་གཉེན་པོ་མངོན་པར་ཐོབ་པ་རྣམས་ཀྱི་འབྲས་བུ་ནི་འབྱུང ་བར་མི་འགྱུར་ལ། དེ་ལས་བཟློག་པ་རྣམས་ཀྱིས་འབྲས་བུ་རྣམ་པར་སྨིན་པ་ནི་འབྱུང་བ.རརོ་འགྱུར་བ་སྟེ། དེས་ན་རྒྱུ་ལས་ཁྱད་པར་མེད་པའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་པས་ཉེས་པ་དང་པོ་ལས་གྲོལོ།། གཉིས་པ ་ཡང་མི་འཐད་དེ། ཀུན་གཞི་རྣམ་པར་ཤེས་པ་རྒྱུན་དང་ལྡན་པས་དེའི་རང་བཞིན་དུ་གྱུར་པའི་ས་བོན་གྱིས་ཀུན་ནས་བསླང་བའི་རྣམ་པར་ཤེས་པས་ལས་བསགས་ཤིང་། ལས་ཀྱི་སྐད་ཅིག་འགག་པ་ན་ཡང་དེའི་ས ་བོན་ཀུན་གཞི་ལ་བསྒོས་པ། གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་ལ་འབྱུང་བའི་རྣམ་པར་ཤེས་པ་ཟག་པ་དང་བཅས་པའི་ཕུང་པོས་བསྡུས་པ་དང་། ལྷན་ཅིག་པའི་ཀུན་གཞི་རྣམ་པར་ཤེས་པར་རེད་ཅིང་སྨིན་པ་སྟེ། གནས་དང་། ་ལུས་ལ་སོགས་པ་འདོད་བྱ་དང་འདོད་བྱ་མ་ཡིན་པའི་རྣམ་པར་སྣང་བ་རྒྱུ་བ་ཆ་ཕྲ་བ་སྟེ། དེའི་ཕྱིར། རྒྱུན་ཅིག་ལ་ནི་བརྟེན་ནས། བྱེད་པོ་སྤྱོད་པ་ཞེས་བྱར་བསྟན་ཞེས་པའོ།། དེས་ནི་འདིར་ཀུན་གཞི་རྣམ་པར་ཤེས་པ་ཉིད་འཁོར་གྱི ་དེ་མེད་པར་གྱུར་ན། འཇུག་པོའི་རྣམ་པར་ཤེས་པ་རྣམས་ལ་ནི་འཁོར་བ་མི་འཐད་ཞེས་འོག་ནོས་སྦྱིན་པར་འགྱུར་ཏེ། ཕ་རོལ་པོས་བརྗོད་པའི་ཉེས་པ་དང་འབྲེལ་པར་འགྱུར་བའི་ཕྱིརརོ།། གཞན་ཡང་འབྲས་བུ་མ་བསྐྱེད་པར་ལས ་ཟད་པ་དེ་ལྟ་ན་ཡང་། ལས་ཀྱིས་བསྒོས་པའི་ས་བློན་ཀུན་གཞི་རྣམ་པར་ཤེས་པ་ལ་རྒྱུན་ཆགསུ་གནས་པ་དེ་ཉིད་ལས་འབྲས་བུ་འབྱུང་བས་ལས་ཆུད་ཟློས་པའི་ཉེས་པ་ལས་ཀྱང་གྲོལ་ཏེ། ལུས་ཅན་རྣམས་ཀྱི་ལོས་རྣམས ་ནི། བསྐལ་པ་བརྒྱ་རུ་ཡང་ཆུང་མི་ཟ།། ཚོགས་ཤིང་དུས་ལ་བབ་པ་ན།། འབྲས་བུ་ཉིད་དུ་སྨིན་པར་འགྱུར་ཞེས་གསུང་སྷོ།། དེ་ཡང་གཉེན་པོ་མ་ཐོབ་པའི་གང་ཟག་གི་དབང་དུ་བྱས་པའོ།། དེས་ན་ལས་འགའ་ཞིག་ནི ་མཐོང་བའི་ཆོས་ལོ་མྱོང་བར་འགྱུར་བ་སྟེ། ཚེ་དེ་ཉིད་ལ་འབྲས་བུ་བསྐྱེད་ཟིན་པས་ཕྱི་མ་ལ་སྐྱོ་བར་མི་འགྱུར་བའོ།། འགའ་ཞིག་ནི་སྲེད་པ་དང་ལེན་པའི་རྐྱེན་ཚང་ཞིང་གཉེན་པོ་མཐེ་བོ་པས་སྐྱེས་ནས་འབྲས་བུ་མྱོང་བར་འགྱུར། ་བའོ།། འགའ་ཞིག་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་ལ། འགའ་ཞིག་མྱོང་བར་མ་ངེས་ཏེ། གཉེན་པོ་སྟོབས་ཀྱིས་ཟད་པར་འགྱུར་བ་དག་ཀྱང་སྲིདདོ།། འདིར་ཆོས་མངོན་པའི་བསྟན ་ཆོས་དག་ལས། སྲིད་པའི་ཡན་ལག་བཅུ་གཉིསུ་གྲངས་ངེས་པའི་རྒྱུ་མཚན་ནི་འོད་རྣམས་ལ་རྒྱུ་ཡིས་བསྡུས་པ་གཉིས་འབྲས་བུས་བསྡུས་པ་གཉིས་ལས། རྒྱུ་ཡིས་བསྡུས་པ་ཡང་རྣམ་པ་གཉིས་ཏེ། འཕེན་པར་བྱེད་པའི་རྒྱུ་རིང ་བར་གྱུར་པ་དང་། མངོན་པར་འགྲུབ་པའི་རྒྱུ་ཉེ་བར་འགྱུར་བའི་རྒྱུའོ།། དེ་ལ་འཕེན་པར་བྱེད་པ་ནི་མི་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རྒྱུ་ཡིས་བསྡུས་པ་སྟེ། དེ་ཡང་གང་ལ་བརྟེན་ཏེ་འཕེན་པ་དང་། གང་གི་འཕེན་པ ་དང་། ཚུལ་ཇི་ལྟར་འཕེན་ཏེ། རྣམ་པ་གསུམ་དང་གོ་རིམ་བཞིན་དུ་སྦྱར་རོ།། དེ་ལྟར་འཕེན་པར་བྱེད་པ་ཡང་དེ་རྣམས་ལས་མང་བ་མི་དགོས་ཤིང་། ཉུང་ན་ཡན་ལག་མ་ཚང་བར་འགྱུར་བས་དེ་དག་ཙམ་དུ་གྲངས་ངེས་པའོ།། མངོན་པར ་འགྲུབ་པའི་རྒྱུ་ལ་ཡང་། རྣམ་པ་གསུམ་སྟེ། གང་ལ་བརྟེན་ཏེ་འགྲུབ་པ་དང་། གང་གིས་འགྲུབ་པ་དང་། ཇི་ལྟར་འགྲུབ་པ་སྟེ། རིམ་པ་བཞིན་སྲེད་ལེན་སྲིད་པ་གསུམ་དང་སྦྱ་རོ།། འབྲས་བུའི་དབང་དུ་བྱས་ཏེ་འཕེན་པར་བྱེད་པས ་འཕངས་པ་རིང་བའི་འབྲས་བུ་ནི་གཞི་སྟེ། ལུས་ཐོབ་པ་དང་ཐོབ་པ་གང་ལས་ལོངས་སྤྱོད་པ་ལས། དང་པོ་ནི་གཉིས་ཏེ་ཐོག་མ་ཉིད་དུ་ཐེབ་པ་དང་། ཐོབ་པ་ཡོངསུ་རྫོགས་པ་སྟེ། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རིམ་པ ་བཞིན་དུ་སྦྱར་བར་བྱའོ།། གཉིས་པའི་དབང་དུ་བྱས་ནས་ཐོབ་པ་ཡུལ་ལ་ལོངས་སྤྱོད་པ་རེག་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ལོངས་སྤྱོད་པ་ཚོར་བའོ།། དེ་ལྟར་ན་རྣམ་པ་བཞིར་དེ་སོ།། མངོན་པར་འགྲུབ་པའི་འབྲས་བུ་ནི ་རྣམ་པ་གཉིས་ཏེ། རྟེན་གྱི་དབང་བྱས་པ་སྐྱེ་བ་དང་། བརྟེན་པའི་དབང་དུ་བྱས་ཏེ་རྒ་ཤིའོ།། གཞན་ཡང་འདུས་བྱས་ཀྱི་མཚན་ཉིད་གསུམ་མོམ་བཞི་ལས། གནས་པ་མ་སྨོས་པ་ནི་སྲིད་པའི་ཡན་ལག་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་བརྟག་པར་བྱ་བོའི་དོན་འདི་རྣམས་བསྟན་པ་ནི། ཅུང་ཟད་འཁོར་བ་ལས་སྐྱོ་བ་སྐྱེད་པའི་ཕྱིར་ཡིན་ལ། གནས་པ་ནི་སྐྱེ་བ་སྐྱེད་པའི་ཡན་ལག་ཏུ་མི་འགྱུར་བས་མི་སྨོས་པའོ།། རྒས་པ་དང་ཤི་བ་གཉིས་ཨན ་ལག་གཅིག་ཏུ་བཞག་པ་ཡོད། མཱ་རྒས་པར་འཆི་བ་ཡོད་པས་དེ་ལ་ཡན་ལག་འགའ་ཞོག་མོ་ཚང་བར་འགྱུར་པ་སྲིད་པའི་ཕྱིརརོ།། གལ་ཏེ་དེ་ལྟ་ན་རྫུས་ཏེ་སྐྱེ་བ་དང་། དྲོད་གཤོར་ལས་སྐྱེ་བ་ལ་མིང་དང་གཟུགས་མེད ་པའི་སྐྱེ་མཆེད་དྲུག་ཡོད་པས་དེ་གཉིས་ཀྱང་གཅིག་ཏུ་གཞག་པར་རིགསོ།། དེ་ཅི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་མཽད་མོད་ཀྱི། དེ་ཙམ་གྱིས་མིང་དང་གཟུགས་ལ་སྩོགས་པ་མེད་པར་ཇི་ལྟར་འགྱུར། གཞན ་ཡང་འདི་ནི་གཙོ་བོར་མངལ་ནས་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བའི་དབང་དུ་བྱས་ཏེ་རྣམ་པར་གཞག་པས་ཉེས་པ་མེདོ།། སྲིད་པའི་ཡན་ལག་འདི་རྣམས་ཀྱི་གོ་རིམ་ནི་སྐྱེ་བའི་རིམ་པའོ།། གཞན་ཡང་དབུས་དང་མཐོའ་རྣམ་འབྱེད ་ལས། མ་རིག་པ་དང་། འདུ་བྱེད་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་སྟེ་ལྔ་ནི་རྒྱུ་ཡིས་བསྡུས་པ་ལ། ལྷག་མ་རྣམས་ནི་འབྲས་བུའོ་ཞེས་གསུངས་པ་དང་། འཕགས་པ་ཐོགས་མེད་ཀྱིས། ལྔ་པོ ་དེ་རྣམས་ལ་ལྷག་དུ་རྣམ་པར་ཤེས་པ་ཡང་རྒྱུ་ཡིས་བསྡུས་པོ་སྟེ། དེ་ལྟར་ན་རྒྱུ་དང་འབྲས་བུ་རྣམ་པ་དྲུག་དྲུག་དུ་ངེས་པའོ་ཞེས་གསུངས་ཏེ། དེ་ལྟར་རྒྱུ་འབྲས་ཚ་རཱ་གཅིག་གིས་བསྲུངས་པའོ།། དེ་དག་ཀྱང་ཚེ་གཉིས་ཀྱིས་བསྡུས་པ ་སྔ་མ་ནས་འདིར་འཕོ་བའི་དབང་དུ་བྱས་ན་རྒྱུ་དྲུག་ནི་ཚེ་སྔ་མ་ལ་རྫོགས་ཤིང་དེས་བསྡུས་པོ་ཡིན་ལ། འབྲས་བུ་དྲུག་ནི་ཚེ་འདི་ཉིད་ལའོ།། འདྲི་ནས་ཕྱི་མར་འཕོ་བའི་དབང་དུ་བྱས་ན་ཡང་དེ་བཞིན་དུ་ཤེས་པར་བྱའོ།། ཞེས་གསུངས ་འདི་རྣམས་ནི་ཅུང་ཟད་དཔྱད་པར་བྱ་བ་སྟེ། སྲིད་པོའི་ཡན་ལག་བཅུ་གཉིས་པོ་འདི་རྣམས་མདོ་ལས་གསུངས་པ་བཞིན་དུ་སྔ་མ་རྣམས་ཀྱི་རྐྱེན་གྱིས་ཕྱི་མ་ཕྱི་མ་འབྱུང་བ། དོན་གྱི་གོ་རིམ་དུ་བསྟན་པ་དེ་ལྟར་ན་སེང་པོ་དང་ལེན་པ ་གསུམ་ནི་ཚེ་སྔ་མ་ལས་བསྡུས་པར་མི་འཐད་དེ། ཚོར་བ་ད་ལྟར་བ་ཡིན་པའི་ཕྱིར།། གཞན་དུ་ན་ད་ལྟར་བའི་ཚོར་བའི་རྐྱེན་གྱིས་ཚེ་སྔ་མོས་བསྡུས་པའི་སྲིད་པ་སྐྱེད་པས་མ་འོངས་པ་རྒྱུ་ཉིད་དུ་ཐལ་བའི་ཕྱིར།། གལ་ཏེ་ཚོར་བ ་ཡང་སྲེད་པའི་སྔོན་དུ་འགྲོ་བའི་ཚེ་སྔ་མས་བསྡུས་པ་ཉིད་ཞེ་ན། དེ་ལྟ་ན་དེའི་རྒྱུ་རོ་གྱུར་པའི་རེག་པ་ལ་སོགས་པ་ཡང་ཚེ་སྔ་མ་ཉིད་ཀྱི་བསྡུས་པས་འབྲས་བུ་དེ་རྣམས་ད་ལྟར་བའི་སྲེད་པས་བསྡུས་པ་ཉམས་པོར་འགྱུརརོ།། གཞན ་ཡང་དེ་ལྟར་ན་འཕེན་པར་བྱེད་པའི་རྒྱུ་དང་། མངོན་པར་འགྲུབ་པའི་རྒྱུ་དང་། དེ་རྣམས་ཀྱིས་འཕངས་པའི་འབྲས་བུ་དང་། མངོན་པར་བསྒྲུབས་པའི་འབྲས་བུའི་བྱེ་བྲག་རྣམ་པར་བཞག་པ་ཡང་མི་འཐད།། མངོན་པར་བསྒྲུབས་པའི་འབྲས ་བུ་སྐྱེ་བ་དང་རྒ་ཤི་དེ་དག་ཚེ་འདི་ཉིད་ཀྱིས་བསྡུས་པའི་མིང་དང་གཟུགས་ལ་སོགས་པའི་བདག་ཉིད་ཡིན་ནཱ་མ། འོན་ཏེ་འདིའི་འོག་རོལ་ཚེ་ཕྱི་མས་བསྡུས་པ་གཅིག་ཡིན་ཞེས་བརྟགས་པར་བྱའོ།། དང་པོ་ལྟར་ན་འཕོན་བྱེད་འཕངས ་པའི་མིང་དང་གཟུགས་ལ་སོགས་པ་དང་། མངོན་པར་བསྒྲུབས་པའི་འབྲས་བུ་གཅིག་ཉིད་ཡིན་པས་མིང་དང་གཟུགས་ལ་སོགས་པོ་ནི་འཕེན་བྱེད་ཀྱི་རྒྱུ་ཡིས་འཕངས་པའི་འབྲས་བུའི་བར་དུ་ཆོད་པ་ཡིན་ལ། སྐྱོ་བ་དང་རྒ ་ཤི་ནི་དེ་ལས་བཟློག། མངོན་པར་འགྲུབ་པའི་རྒྱུ་ཡིས་མངོན་པར་བསྒྲུབས་པའི་འབྲས་བུ་བཱར་དུ་མ་ཆོད་པ་ཡིན་ཞེས་པ་མི་འཐད་དེ། ཆ་ཤས་ཀྱི་བསྐྱེད་བྱ་སྒྱུ་བྱེད་ཉིད་དུ་འགྱུར་བའི་ཕྱིརརོ།། དེས་ན་མིང་དང་གཟུགས་ལ་སོ། ་པ་འཕེན་བྱེད་ཀྱི་རྒྱུ་ཡིས་འཕངས་ཤིང་བསྐྱེད་པ་བཞིན་དུ། སྐྱེ་བ་དང་ནི་ཤི་ཡང་འཕངས་ཤིང་བསྐྱེད་པར་འགྱུར་ལ། སྐྱེ་བ་དང་རྒ་ཤི་མངོན་པར་འགྲུབ་པོར་བྱེད་པའི་རྒྱུ་ཡིས་བསྒྲུབས་ཤིང་བསྐྱེད་པ་ལྟར། མིང་དང་གཟུ ་ལ་སོགས་པ་ཡང་བསྐྱེད་པར་འགྱུར་བའོ།། ཕྱོགས་གཉིས་པོ་ལྟར་ན་ཡང་། སྐྱེ་བ་དང་རྒ་ཤི་མངོན་པར་འགྲུབ་པའི་རྒྱུ་ལ་བལྟོས་ཏེ། བར་དུ་མ་ཆོད་པའི་འབྲས་བུ་ཉིད་དུ་མི་འཐད་ཅིང་། དེ་རྣམས་ཚེ་གསུམ་ལ་རྫོགས་པའི ་ཕྱོགས་ཉིད་དུ་འགྱུརོ།། དེས་ན་མདོ་སྡེ་དག་ལས་བསྟན་པ་སྲིད་པའི་ཡན་ལག་སྐྱེ་བའི་གོ་རིམ་དུ་བསྟན་པ་རྣམས་ནི་ཁོ་བོས་སྔར་བསྟན་པ་ལྟར་འཐད་ཀྱིས་གཞན་དུ་མ་ཡིན།། ཕྱིར་སྲེད་པའི་ཡན ་ལག་འདི་རྣམས་ཀྱི་རིགས་ཙམ་གྱི་དབོང་དུ་བྱས་ན་ཁམས་གསུམ་པོ་སྐྱེ་བ་རྣམ་པ་བཞིས་བསྡུས་པ་རྣམས་ཀྱི་ཚོ་རེ་རེ་ལ་ཡང་ཕལ་ཆར་རྫོགས་པ་སྟེ། མ་རིག་པ་དང་འདུ་བྱེད་ལ་སོགས་པས་རྣམ་པར་ཤེས་པ་ལ་སོགས ་པའི་རྐྱེན་ཆེང་དགོས་ཏེ། ཇི་སྐད་དུ་འཕགས་པོ་སྣ་བཅུ་པ་ལས། འདུ་བྱེད་དེ་དག་གི་ཡོངསུ་བསྒོས་པའི་སེམས་ཀྱིས་བོན་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་ནི་ཕྱི་མ་ལ་སྐྱེ་བ་དང་རྒ་ཤི་རང་བཞིན་ཡང་སྲིད་པ་དང ་མངོན་པར་འགྲུབ་པ་འབྱུང་བར་འགྱུར་པ་མ་ཡིན་ཏེ། ལས་ཀྱི་ཞིང་གི་གཞི་དང་། མ་རིག་པའི་མུན་པ་དང་། སྲིད་པའི་སྨན་དང་། ངའོ་སྙམ་པའི་ང་རྒྱལ་གྱིས་བརླན་པ་དང་། ལྕི་བར་གྱུར་པའི་དྲ་བ་རབ་ཏུ་འཕེལ་བས་མིང་དང ་གཟུགས་ཀྱི་མྱུ་གུ་འབྱུང་བས་ཏེ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིརརོ།། ཡང་མིང་དང་གཟུགས་ལ་སོགས་པའི་གནས་སྐབས་ན་ཡང་མ་རིག་པ་ལ་སོགས་པ་རྗེསུ་འབྲེལ་པར་འབྱུང་བའོ།། གཞུང་འདིས་ནི་རྣམ་པར ་ཤེས་པ་རྒྱུའི་ཕྱོགས་ཀྱིས་བསྡུས་པ་ཉིད་གསལ་བར་བསྟན་ཏེ། ཇི་སྐད་དུ། སེམས་ཀྱི་ས་བོན་ཉེ་བར་ལེན་པ་དང་བཅས་པ་ནི་ཕྱི་མ་ལ་སྐྱེ་བ་དང་རྒ་ཤི་མངོན་པར་འགྲུབ་པ་ཉིད་དུ་གསུངས་པའོ།། སྔར་བསྟན་པ་ལྟར་མ་རིག་པ ་དང་འདུ་བྱེད་ནི་སྔོན་གྱི་མཐའི་ལྟོས་པ་ཡིན་པ་དང་། རྣམ་པར་ཤེས་པ་ལ་སོགས་པ་ད་ལྟར་བའི་ལྟོས་པ་ཉིད་དུ་གསུངས་པས་ནི་རྣམ་པར་ཤེས་པ་འབྲས་བུས་བསྡུས་པ་ཉིད་དུ་གསུངས་པ་སྟེ། གང་ཡིན་ཀྱང་འགལ་བ་མེདདོ།། ། ་འཕགས་པ་མྱ་ངན་ལས་འདས་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་པོ་འོད་དག་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་ཡོད་དེ། ཕྱི་ནང་གཉིས་བཅུ་གཉིས་པོ་གང་ཞེ་ན། འདས་པའི ་ཉོན་མོངས་པོ་ནི་མ་རིག་པའོ།། འདས་པའི་ལས་ནི་འདུ་བྱེའོ།། ད་ལྟར་གྱི་དུས་ན་ཐོག་མར་མངལ་དུ་འཇུག་པ་ནི་རྣམ་པར་ཤེས་པའོ་ཞེས་པ་ལ་སོགས་པ་དང་། གཞན་ཡང་རིགས་ཀྱི་བུ་སེམས་ཅན་ཐ~ཾད་ལ་རྟེན་ཅིང་འབྲེལ་ཏེ ་འབྱུང་བ་འདི་དག་ཡོད་མེད་ཀྱི་ཡོངསུ་མ་རྫོགས་ཏེ། ནུར་ནོར་པོར་འདུག་པའི་ཚེ་ཤི་བ་ལ་སྐྱེ་མཆེད་དྲུག་ལ་སོགས་པ་མི་འཐད་པ་དང་། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་ལ་ཚོར་བ་རྣམ་པ་གསུམ་དང་། རིག་པ་རྣམ་པ ་གསུམ་དང་། སྲེད་པ་རྣམས་དང་། རྒ་བ་དང་ཤི་བ་མེད་ཀྱང་རྣམ་པ་བཅུ་གཉིས་དང་ལྡན་ཞེས་བྱའོ།། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་དག་གཟུགས་མེད་བྱ་ནས་རྒ་ཤིའི་བར་དུ་མེད་ཀྱང་རྣམ་པ་བཅུ་གཉིས་པོ་དང་། ་ལྡན་ཞེས་བྱ་སྟེ། དེ་ནི་ངེས་པར་ཐོབ་པར་འགྱུར་བའི་ཕྱིརརོ།། དེས་ན་སེམས་ཅན་ཀུན་ལ་མཉམ་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང་ལྡན་པ་ཡོད་པ་ཞེས་བྱའོ།། ཞེས་གསུང་སོ།། འདིར་གཟུགས་ཀྱི་ཁམས་བསམ ་གཏན་པན་པས་སར་སྐྱེ་བའི་སས་བསྡུས་པ་ལ། ཚོར་བ་བཏང་སྙོམས་ལས་མ་གཏོགས་པ་རྣམས་གཞིག་མེད་མོད་ཀྱི། བཏང་སྙོམས་ཉིད་དང་གསལ་བ་དང་། གཉེན་པོ་ལྟ་སོགས་པའི་ཡོན་ཏན་དང་། ་ལྡན་པས་ཡོད་བདེ་བ་ཉིད་དུ་ཆོས་ཡང་དག་པར་སྤྱོད་པའི་མདོ་ལྔས་གསུངས་པས་བཏང་སྙོམས་དང་ཡིད་བདེ་བ་ལས་མ་གཏོགས་པ་ཚོར་བ་གསུམ་དང་། ཁམས་ཀྱི་ཟས་དང་བྲལ་བས་ལྕེའི་འདྲ་ཏེ་རེག་པ་དང་། སྣ ་འདྲེས་ཏེ་རེག་པ་དང་། རྣམ་པར་ཤེས་བྱ་དེ་ཉིད་ཀྱི་རྗེསུ་བྱུང་བ་དེ་དག་གི་ཡུལ་ལྔ་མངོན་པར་ཞེན་དེའི་ཡིད་ཀྱི་འདུས་ཏེ་རེག་པ་སྟེ། རིག་པ་གསུམ་དང་། འདོད་པའི་སྲེད་པ་དང་། ཁམས་འོག་མས་བསྡུས་པའི་རྒས་པ་དང་དེངང ་འབྲེལ་པའི་ཤྲཱི་བ་དེ་ལྟ་བུ་མེད་ཅེས་པའོ།། འདི་རྣམས་ཀྱང་མཉམ་པར་བཞག་པའི་གནས་སྐབས་ན་མེད་ཅིང་ཤས་ཆུང་བ་ཙམ་ལ་དགོངས་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ཏེ། སྔ་རཾ་བསྟན་པ་ལྟར་དེ་རྣམས་ཀྱང ་དེ་བཞིན་གཤེགས་པའི་ཡོན་ཏན་ལ་དབང་སྒྱུར་དུ་མེད་པ་ལ་སོགས་པའི་སྡུག་བསྔལ་གྱི་སྡུག་བསྔལ་བ་ཡིན་ཞེས་མདོ་གཞན་ལས་གསུངས་པ་དང་། གཟུགས་མེད་པ་རྣམས་ཀྱང་ཐམས་ཅད་ཀྱི་ཏིང་འཛིན་ལ་དབང་བྱེད་པའི ་ཕྱག་བརྒྱལ་གྱི་སྡུག་བསྩལ་བྱ་དག་དམ་པའི་ཆོས་མི་ཐོབ་པའི་སྡུག་བསྔལ་གྱི་སུག་བསྩལ་བ་ལ་སོགས་པ་གསུང་། ཉིད་ཀྱི་ཕྱིར་དྲི་འདྲ་བའི་ཡོན་ཏན་ཐོབ་པར་འདོང་པ་དང་། ཏིང་འཛིན་གྱུརརོ་ལ་ཆགས་པའི་སྤྱོང་བ ་སོགས་པ་ཅིའི་ཕྱིར་ན་མེད་ཅེས་པའོ།། གཞན་ཡང་མེདོ་འདིའི་དོན་ནི་རྫ་སུ་གྲུབ་པའི་གཟུགས་སེམས་ལས་ཐ་དད་པ་ནི་གང་ན་ཡང་མེད་ལ། གཟུགསུ་སྣང་བ་ཙམ་གྱིས་དབང་དུ་བྱས་ན། གཟུགས་མེད་པ་རྣམས་ལ་ཡང་ཤིན ་ཏུ་ཕྲ་བའི་གཟུགསུ་སྣང་བ་ཅུ་བཟད་ཡོད་པ་སྟེ། ཕྲ་བའི་ཕྱིར་མེད་ཅེས་བསྟན་པར་ཟད།། དེས་ན་འདིར་སྐྱེས་པའི་སེམས་ཅན་རྣམས་ལ་ཡང་སྦྱོར་མིང་དང་གཟུགས་ལ་སོགས་པ་ཐམས་ཅད་ཡོད་ཅིང་། ཕུང་པོ་ཡོངསུ་སྨིན་པ ་རྒས་པ་དང་། ཤི་བ་ཡང་ཡོད་དེ། དེ་རྣམས་འཆི་འཕོའི་སྡུག་བསྔལ་གྱི་སྡུག་བསྔལ་པ་ཉིད་དུ་གསུངས་པའི་ཕྱིརརོ།། ཡང་སྔར་རྒས་པ་དང་ཤི་བ་མེད་པར་བསྟན་པ་ནི་བསམ་གཏན་བཞི་པའི་འཕགས་པའི་གནས་གཞན ་པོ་རྣམས་ལ་རྣམ་པར་ཆད་པའི་ཚེ་འཕོ་བ་ལ་སོགས་པ་མེད་པ་ལ་དགོངས་ཏེ་ཡང་གསུངས་པའོ།། འདིར་ལན་གྲངས་གཞན་ལ་མྱོང་བར་འགྱུར་པའམ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱི་དབང་དུ་བྱས ་ཏེ་ཆུ་གསུམ་ལ་རྫོགས་པ་ལ་སོགས་པའི་རྣམ་པར་བཞག་པ་བྱས་པ་ནི་མ་ཡིན་གྱི། འོན་ཀྱང་སྐྱེས་ནས་མྱེད་པར་འགྱུར་བས་ལ་སོགས་པའི་དབྱུང་དུ་བྱ་སྟེ་བསྟན་པས་སྒྲོན་མོད་དོ།། དེ་ལྟར་སྔོན་གྱི་མཐའི་ལྟོས་པ་ལྔ་སོ། ་པ་སྤྲོས་པ་དང་བཅས་ཏེ་བསྟན་ནས། མདོར་ནི་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འབྱུང་ཞེས་པའི་དོན་དེ་རྣམས་ཀྱང་སྡུག་བསྔལ་གསུམ་གྱིས་བསྔོས་པར་སྟོན་ཏེ། དེ་ལ་མ་རིག་པ་ནས་སྐྱེ་མཆེད་དྲུག་གི་བར་ནི ་འདུ་བྱེད་ཀྱི་སྡུག་བསྔལ་ལོ།། རེག་པ་དང་ཚོར་བ་ནི་སྡུག་བསྔལ་ཉིད་དུ་གསུངས་ཏེ། དེའི་དོན་ཡང་སྲིད་པའི་ཡནྡྷ་ལག་འདི་རྣམས་བྱིས་བྱ་རྣམས་འཁོར་བ་ལ་ཡང་འབྱུང་བར་བྱ་བའི་དོན་དུ ་གཙོ་བོར་ངན་སོང་གི་ཕུང་པོ་དང་འབྲེལ་པ་ཉིད་བསྟན་པ་སྟེ། དེས་ན་དག་གོ་རེག་པ་དང་ཚོར་བ་ནི་སྡུག་བསྔལ་ཉིད་ཤས་ཆེ་བས་དེ་ལྟར་བསྟན་པའོ།། གཞན་དུ་ན་མཐོ་རིས་ཀྱི་ཕུང་པོ་མངོན་པར་འགྲུབ་པའི་ལས་ཀུན་ནས ་བ་ནི་མ་རིག་པ་ཉིད་ཡིན་པའི་ངེས་པ་མེད། དང་པ་དང་ལས་དང་འབྲས་བུའི་བྱེ་བྲག་ཇི་ལྟ་བ་བཞིན་ཤེས་པའི་ཤེས་རབ་ཀྱིས་ཀྱང་། ཟག་པ་དང་བཅས་པའི་ལས་དགེ་བ་ཀུན་ནས་སློང་བར་བྱེད་པའོ།། སྲེད་པ་ལ་སོགས་པ་ལྷག ་མ་རྣམས་ནི་འགྱུར་བའི་སྡུག་བསྔལ་ཏེ། ཅུང་ཟུད་བདེ་བ་དང་མཚུངས་པར་ལྡན་པའོ།། རྒྱུ་དང་རྐྱེན་ལས་བྱུང་ཞེས་པ་ནི་འབྲས་བུ་ཕྱི་མ་མངོན་པར་འགྲུབ་པ་ལ་ཇི་སྐད་བསྟན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཀུན་གཞི་རྣམ ་པར་ཤེས་པའི་རྒྱུ་དང་། སྲིད་པ་ལ་སོགས་པའི་རྐྱེན་ཚོགས་པ་ལས་འབྱུང་བའོ།། སྐྱེ་བ་དང་འཇིག་པ་དང་འབྲེལ་པ་ནི་ཡན་ལག་དེ་རྣམས་སྔར་ནས་ཡོད་པའི་དོན་རྒྱུ་དང་རྐྱེན་གྱིས་གསུལ་བར་བྱས་པ་འམ། ཕྱིས་ཀྱང་ཉམས ་པར་མི་འགྱུར་བ་ལྟ་བུ་མ་ཡིན་ཏེ། རྐྱེན་གྱིས་གློ་བུར་དུ་བསྐྱེད་ཅིང་། ཡང་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ལ་སོགས་པ་ལུགས་ལས་ལྡོག་པའི་ཆོས་དང་ལྡན་པའོ།། མེད་པོ་ཟག་པར་སོ་སོར་རྟོག་ཅེས ་པ་ནི་དགྲ་བཅོམ་པ་དང་རང་སངས་རྒྱས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་ལ་སོགས་པ་རྣམས་ལ་དེ་དག་མེད་པའོ།། ཡང་དེ་རྣམས་ལ་ཡང་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ལ་སོགས་པ་རྣམ་པར་བྱང ་བའི་རྟེན་འབྲེལ་ནི་ཡོད་པ་ཉིད་དུ་གསུང་སོ།། གལ་ཏེ་འདྲིར་སྲིད་པའི་ཡན་ལག་འདི་རྣམསུ་གྲངས་ངེས་པའི་རྒྱུ་མཚན་སྔར་བསྟན་པ་ལྟར་མི་འཐང་ན་དེ་ལ་སྐུ་གཞན་དུ་རྣམ་པར་འཇོག་དགོས་ཞེ་ན། བདུན་ཏེ། འདིར་ནི ་འཁོར་གདུལ་བྱ་ཉེ་བའི་བསམ་པ་ཉིད་ལ་བལྟོས་ནས་དེ་དག་ཙམ་བསྟན་པར་ཟད་ཀྱི། དེ་ལས་གཞན་པའི་རྒྱུ་མཚན་ནི་མ་མཐོང་ངོ་།། ཡང་ཆོས་མངོན་པའི་བསྟན་ཆེས་དག་ལས་ཁམས་གསུམ་དུ་སྐྱེ་བ་མངོན་པར ་འགྲུབ་པའི་ཚུ་ལོ་རྣམ་པ་དགུ་སྟེ། ཁམས་གསུམ་འཕོས་ནས་འདོད་པའི་ཁམས་སྐྱེ་བའི་ཚུལ་གསུམ་དང་། གཟུགས་ཁམས་སྐྱེ་བ་གསུམ་དང་། གཟུགས་མེད་པར་སྐྱེ་བ་གསུམ་སྟེ། དེ་ལྟར་རྣམ་པོ་དགུའོ།། དེ་ལ། ་མ་རིག་པ་མ་གཏོགས་པའི་ཡན་ལག་གཞན་ཐམས་ཅད་ནི་གླང་དུ་སྐྱེ་བར་འགྱུར་བའི་ཁམས་སེམས་དེར་གཏོགས་པ་ཡིན་ལ། མ་རིག་པའི་དབང་དུ་བྱས་ན་འདོད་པའི་ཁམསུ་སྐྱེ་བ་གསུམ་མ་གཏོགས ་པ་གཞན་ནི་ས་མི་མཚུངས་པ་ཉིད་དེ། གང་དུ་སྐྱེ་བར་འགྱུར་བའི་ཁམས་དང་ས་དོར་མི་གཏོགས་པའོ།། དེ་ཡང་འདི་ལྟར་འདོད་པའི་ཁམས་ནས་འཕོས་ནས་བསམ་གཏན་དང་པོའི་ལྷར་སྐྱེ་བ་ན་དེ་འདྲ་བའི་ལུས ་འགྲུབ་པར་བྱེད་པའི་ལས་ནཱི་འདོད་པའི་འདོད་ཆགས་སྦྱོང་བར་བྱེད་པའི་ག་ཆད་མེད་པའི་ལམ་གསུམ་པོ་ཡིན་ལ། དེ་ཀུན་ནས་སློང་བའི་མ་རིག་པ་ནི་བསམ་གཏན་དང་པོའི་ས་ཡིས་བསྡུས་པ་མ་ཡིན ་ཏེ་ཁམས་འོག་མ་འདོད་པའི་འདོད་ཆགས་དང་མི་བྲལ་ན་ནི་དེའི་རྒྱུད་ལས་གོང་མའི་ཉོན་མོངས་པ་མངོན་དུ་རྒྱུ་སྐྱེ་བ་མི་འཐང་ལ། བྲལ་ན་ཡང་དེ་སྤང་བའི་བར་ཆད་མེད་པའི་ལམ་སྔོན་དུ་སོང་བས་དེའི་རྗེསུ་བྱུང་བ་བས ་བསམ་གཏན་དང་པོའི་སྲས་བསྡུས་པའི་མ་རིགས་པའི་སྔར་གྱི་ལས་ཀུན་ནས་སློང་བ་མི་འཐང་དེ། མ་འོངས་པ་རྨྱི་ཉིད་དུ་འགྱུར་པའི་ཕྱིརརོ།། དེས་ན་ལས་དེ་འདྲ་བ་ཀུན་ནས་སློང་བའི་མ་རིག་པ་ནི་འདོད་ཁམས་དེ་ཉིད་དུ་གཏོགས་པའོ།། ། ་དེ་བཞིན་སྲིད་པའི་རྩེ་མོའི་བར་དུ་གོང་ནས་གོང་དུ་སྐྱེ་བར་འགྱུར་པ་ཐམས་ཅད་ཀྱི་ཚུལ་ཡང་ཤེས་པར་བྱའོ།། ཡང་རང་གི་སེར་སྐྱེ་བསོ་ཏེ། བསམ་གཏན་དང་པོ་ནས་འཕོས་ནས་དང་པོ་པ་ཉིད་དུ་སྐྱེ་བའི་ལས་ནི་སྔར་འདོད་པའི ་ཁམས་མཉམ་པར་མ་བཞག་པའི་ས་དེ་ཉིད་ལོ། ལས་གཅིག་གཱི་ལུསུ་མ་འགྲུབ་པར་བྱེད་པའི་ལས་ཞི་རགས་ཀྱི་རྣམ་པར་བསྒོམ་པ་འདོད་པའི་འདོད་ཆགས་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་ཉིད་ཡིན་ལ། ་དེ་ཀུན་ནས་སླེ་པའི་མ་རིག་པ་ཡང་འདོད་པའི་ཁམསུ་རྟོགས་པ་ཡིན་གྱི། ཕྱིས་བྱུང་བ་བསམ་གཏན་གྱི་སར་གཏོགས་པ་ནི་མ་ཡིན་ཏེ། མ་འོངས་པ་རྒྱུད་ཉིད་དུ་འགྱུར་བའི་ཕྱིར་རོ།། འདིར་དེ་འདྲ་བའི་ལས་མེད་པར་བས་གཏན ་དང་པོ་ནས་འཕོས་ནས་ཡང་དང་པོའི་ལྷར་སྐྱེས་པ་མི་འཐད་དེ། དེ་ལ་ཞི་རགས་ཀྱི་རྣམ་པ་བསྒོམ་པ་མེད་པར་ནི་དེར་སྐྱེ་བ་མི་འཐང་ལ། དེ་ལྟར་བསྒོམ་པ་ཡང་གནས་སྐབས་དེར་མི་འཐད་དེ། འདོད་པའི་ཁམས་ལ་རཱག་ལས ་བཔ་དང་། བསམ་གཏན་དང་པོ་ལ་ཞི་བར་བསྒོམ་པ་ནི་མི་དགོས་ཏེ། སྔོན་དེ་ལྟར་བསྒོམ་པས་བསམ་གཏན་དང་པོ་ཉིད་ཐོབ་པའི་ཕྱིརརོ།། དང་པོ་དེ་ཉིད་ལ་ཞི་རགས་ཀྱི་རྣམ་པར་བསྒོམས་པ་ནི་འགལ་བར་འགྱུར་ཞིང་། དེ་ལ ་རག་པ་དང་གཉིས་པ་ཡན་ཆོང་ལ་ཞི་བར་བསྒོམས་པས་ན་བསམ་གཏན་དང་པོའི་ལྷར་སྐྱེ་བ་མི་འཐད་པས་སྔ་མ་ལྟར་འདོད་པོའི་ཁམས་ལ་བརྟེན་པའོ།། དེ་བཞིན་དུ་སྲིད་པའི་རྩེ་མོའི་བར་གྱི་རང་གི་སོར་སྐྱེ་བ་ཐ~ཾད ་ཀྱང་བལྟ་བར་བྱའོ།། གཞན་ཡང་འོག་མར་སྐྱེ་བའི་དབང་དུ་བྱས་ཏེ། བསམ་གཏན་གཉིས་པ་ནས་འཕོས་ནས། དང་པོའི་ལྷར་སྐྱེ་བ་ན་དེ་འདྲ་བའི་ལུས་འགྲུབ་པའི་ལས་ནི། སྔར་གྱི་དུས་མཉམ་པར་མ་བཞོག་པའི ་ས་ལ་བརྟན་ནས་ཞི་རགས་ཀྱི་རྣམ་པར་བསྒོམ་པོའི་ལས་རྙིང་པོ་དེ་ཉིད་ཡིན་པས་དེ་ཀུན་ནས་སློང་བར་བྱེད་པའི་མ་རིག་པ་ཡང་ས་དེ་ཉིད་ཀྱིས་བསྡུས་པའོ།། དེ་བཞིན་དུ་སྲིད་པའི་རྩེ་མོ་ནས་བསམ་གཏན་དང་པོའི་བར་དུ་འོག ་མར་སྐྱེ་བའི་ཚུལ་ཐམས་ཅད་བལྟ་བར་བྱའོ།། ཞེས་འཆང་པ་ནི་ཤིན་ཏུ་མི་འཐད་དེ། སྤྱིར་བདེ་འགྲོའི་རིགས་དེ་དག་ཏུ་སྐྱེ་བའི་ཟག་པ་དང་བཅས་པོའི་དགེ་བའི་ལས་སམ། ཁྱད་པར་དུ་མི་གཡོ་བའི་ལས་ཀུན་ནས་སློང་བར ་བྱེད་པ་ནི་མ་རིག་པ་ཉིད་ཡིན་པར་མ་ངེས་ཏེ། སྔར་བསྟན་པ་ལྷུར་ཤེསྟ་རབ་དང་དང་པཱ་ལ་སོ&་པའི་སྒོ་ནས་ཀྱང་ཀུན་ནས་སློང་བར་འགྱུར་བའི་ཕྱི་རོ།། གལ་ཏེ་མ་རིག་པས་སློང་བ་དེ་ལྟ་ཡང་བསམ ་གཏན་དང་པོའི་ལུསུ་འགྲུབ་པའི་ལས་ནི་རྒྱུ་སྙོམས་འཇུག་གི་བསམ་གཏན་ཏེ། བསམ་གཏན་དང་པོའི་ཏིང་འཛིན་མཾ་གཡོ་བའི་ལས་དེ་ཉིད་ཡིན་ལ། དེ་ཡང་དུས་ཀྱི་མཐར་གྱུར་པའི་སྐད་ཅིག་གཉིས་དང་གསུམ་ལ་སོགས་པར ་གནས་པ་ཙམ་ལ་ནཱི། བསམ་གཏན་ཉིད་དུ་ཐ་སྙད་གདགས་པར་བྱ་བའི་དོན་མང་དེ། དེའི་ངོ་བོ་ནི་སེམས་རྩེ་གཅིག་པར་གནས་པ་ཡིན་པའི་ཕྱིར།། གཞན་དུ་ན་མཉམ་པར་མ་བཞག་པའི་སེམས་ཀྱང་བསམ་གཏན་ཉིད ་དུ་འགྱུར་ཏེ། སྐད་ཅིག་གཉིས་དང་གསུམ་ལ་སོགས་པར་དམིགས་པ་ལ་རྩེ་གཅིག་པ་ནི་དེ་དག་ལ་ཡང་སྤྱོད་པའི་ཕྱིརརོ།། དེས་ན་དེ་འདྲ་བའི་བསམ་གཏན་ལ་དུས་ཇི་ལྟར་རིགས་པ་བཞིན་མཉམ་པར་བཞག་ནས་ཚེ ་འཕོས་ཏེ་བསམ་གཏན་དང་པོའི་ལུས་མངོན་པར་འགྲུབ་པ་ན། དེའི་སྔོན་རོལ་དུ་གྱུར་པའི་བསམ་གཏན་མི་གཡོ་བའི་ལོས་སྐྱེད་པར་བྱེད་པ་ནི་ས་དེ་ཉིད་དུ་གཏོགས་པའི་མ་རིགས་པ་ཡིན་པ་ལ་འགལ་བ་མེདོ།། འོདིས་ནི ་བསམ་གཏན་ཐོབ་པའི་དེ་མ་ཐག་ཏུ་ཚེ་འཕོས་པ་ཉིད་དུ་བསམས་ནས་སྨྲས་པ་འབའ་ཞིག་ཏུ་ཟ་ངོ་།། དེ་བཞིན་དུ་བསམ་གཏན་དང་པོ་ནས་འཕོས་ནས་དང་པོར་སྐྱེ་བའི་ལས་ནི་མཉམ་པར་བཞག་པའི་ས་ལ་ལས་གཅིག ་གི་ལུསུ་མ་འགྲུབ་པའི་ལས་བསམས་པ་མ་ཡིན་ཏེ། དེ་ནི་འབྲས་བུ་སྐྱེ་བའི་དུས་ན་འགགས་ནས་མེད་པས་རྒྱུ་ཉིད་དུ་མི་འཐད་པའི་ཕྱིརརོ།། གཞན་དུ་ན་འདས་པ་ཞིག་པ་རྣམས་རྒྱུར་འགྱུར་ལ། དེ་ལྟར་ན་ཀུན་གཞི་རྣམ་པར ་ཤེས་པ་སྒྲུབ་པ་ཡང་མི་འཐད་པར་འགྱུརརོ།། འཕེན་པར་བྱེད་པའི་རྒྱུ་གསུངས་པ་ལ་རྒྱུའི་རྒྱུ་ཡིན་པས་རྒྱུར་བཏག་སུ་ཟད་ཀྱི་རྒྱུའི་དངོས་ན་མ་ཡི་ནོ།། གཞན་ཡང་དུས་གཞན་གྱི་བར་ཆོད་པ་དེ་རྣམས་ལ་འདི་ཡོད་པས་འདི་འབྱུང་། ་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་མི་འཕང་དེ་འདི་ཞེས་པ་ནི་ཉེ་བ་མངོན་སུམ་པའི་ཚིགས་ཉིད་ཡིན་པའི་ཕྱི་རོ།། དེས་ན་འདི་འདྲ་བའི་དོན་ལ་ནི་དེ་འགགས་ནས་འདི་འབྱུང་ཞེས་བྱ་བ་ཙམ་དུ་འགྱུར ་གཞན་ཡང་བསྒོམ་གཏན་དང་པོ་ལས་མ་ཉམས་པར་ཚེ་འད་སླ་ན་ས་དང་པོར་སྐྱེ་བའི་ལས་ནི་བསམ་གཏན་དེ་ཉིད་ཡིན་ཏཱཾ། ལས་མ་ཟད་པ་ཉིད་ཀྱི་ཕྱིར།། ཇི་ལྟར་འདོད་པའི་ཁམསུ་མིར་སྐྱེ་བའི་བསོད་ནམས་ཀྱི་ལས་མ་ཟད་པོརརོ་ཚེ་ཟད་ནས་དྲི ་ནས་འཕོས་ཏེ། མིར་སྐྱེ་བར་འགྱུར་བའི་ལས་ཀྱི་སྔར་ནི་ལས་དེ་ཉིད་ཡིན་པ་བཞི་ནོ།། གཞན་ཡང་བསམ་གཏན་གྱིས་དེ་ཉིད་ལ་བརྟེན་ནས་ཁམས་འོག་མ་ལ་རགས་པར་བསྒོམ་པ་དང་།། དེ་ཉིད་ལ་ཞི་བར་བསྒོམ་པ་ལ་ཡང་གནོད་པ་མེད་དེ། ་དེ་ལས་ཉམས་ནས་ཁམས་འོག་མར་སྐྱེ་བ་སྲིད་པས་དེ་ལྟར་འགྱུར་དུ་དོགས་པའི་ཕྱིར་དེ་ལྟར་བསྒོམ་པའོ།། ཡང་བསམ་གཏན་གཉིས་པ་ནས་དང་པོར་སྐྱེ་བ་ན། དེའི་ལུས་འགྲུབ་པར་བྱེད་པ་སྔོན་གྱི་ལས་རྙིང་པ་ཡིན་ཞེས་པ་ཡང་དེ ་བཞིན་དུ་མི་འཐད་པར་རིག་པར་བྱའོ།། གལ་ཏེ་ལས་འགགས་པ་དེ་ལྟ་ཡང་དེ་ཡིས་བསྒོས་པའི་བག་ཆགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཀུན་གཞི་ལ་ཡོད་པ་མ་འགགས་ཤིང་དེ་མ་ཐག་པ་དེ ་ལས་དེ་འདྲ་བའི་ལུས་འགྲུབ་པ་ཡིནོ་ཞེ་ན། དེ་ལྟ་ན་དེ་ཀུན་ནས་སློང་བའི་མ་རིག་པ་ཡང་སྔོན་གྱི་གནས་སྐབསུ་མི་འཐད་དེ། དོན་གོ་བར་ཟད་།། དེ་དག་ནི་ཁྱད་པར་མེད་པ་ལས་བྱིས་པ་རྣམས་ཀྱིས་བརྟགས་ཅེས་པ་ནི་ཕྱི་དང་ནང་གི་ཆོས ་དེ་དག་ཀུན་རྫོབ་ཏུ་སེམསུ་གཅིག་ཅིང་དོན་དམ་པར་སྟོང་པ་ཉིད་དུ་ཁྱད་པར་མེད་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་སྤྱིའི་དབྱེ་བོ་སྟོན་ཏེ། དེ་དག་ལས་འབྱུང་བའི་རྒྱུ་ནི་སྔོར་བསྟན་པ་ལྟར ་མྱུ་གུ་དང་བུམ་པ་ལ་སོགས་པ་ཕྱིའི་ཆོས་དང་། འདུ་བྱེད་ལ་སོགས་པོ་ནང་གི་ཆོས་ཀྱི་རང་གི་ངོ་བོ་སྐྱེད་པའི་ཕྱིར། རྒྱུའི་བྱ་བ་བྱེད་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་སྟོར་བསྟན་པ་རྣམས་ལས་རྒྱུའི་ཆར་གཏོགས་བའོ།། འབྲས་བུ ་ཡོད་དེ་ཉིད་ཀྱི་ཤུགས་ལ་བརྟན་པོའོ།། འབྲེལ་པའི་རྒྱུན་ཕྱི་ནང་གི་ཕུང་པོ་ལ་སོགས་པ་དང་། ས་བོན་ལ་སོགས་པར་སྣང་པོ་འབྱུང་བའི་ཕྱིར་དམིགས་པའི་བྱ་བ་བྱེད་པ་སྟེ། ཤེས་པ་ཡུལ་གྱི་རྣམ་པར་སྣང་བའི་རྒྱུའི་རྐྱེན་ལ་སོགས ་བའོ།། འདིར་དམིགས་པའི་རྐྱེན་དང་བདག་པོའི་རྐྱེན་གྱི་དོན་ཇི་ལྟ་བ་ཡིན་པ་ནི་སྔར་བསྡུ་ནོ།། མཚན་ཉིད་ཀྱི་རྒྱུ་ནི་མཚན་ཉིད་འགྲུབ་པོའི་དེ་མ་ཐག་ཏུ་མཚོན་ཚོའི་ཐ་སྙད་རྣམ་པར་འཇོག་པར་བྱེད་པའི་མཚན་ཉིད་དང་འབྲེལ ་པའོ།། ཡང་མཚན་ཉིད་རྟགསུ་བཀོད་པ་ལས་མཚོན་ཆའི་ཐ་སྙད་རྣམ་པར་འཇོག་པ་སྟེ། ཚྭ་ཞིང་སྲིང་བའི་ཕྱིར་འདི་ནི་མར་ཕ་སྙད་དུ་བྱར་རུང་བའོ།། ཞེས་བྱ་བ་ལྟ་བུའོ།། བྱེད་པའི་རྒྱུ་ནི་དབང་བར་གཏོགས་པའི་བྱ་བ་བྱེད་པ་སྟེ་འཁོར་ལོས་སྒྱུར་བའི ་རྒྱལ་པོ་བཞི་ནོ་ཞེས་བྱ་བ་ནི་སེམས་དང་ལྡན་པའི་སྐྱེས་བུས་རང་དབང་ཐོབ་པའི་ཡུལ་ལ་ཇི་ལྟར་འདོད་པ་བཞིན་བྱེད་པ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་ཁམས་ལ་དབང་སྒྱུར་བ་བཞི་ནོ།། སྣང་བར་བྱེད་པོའི་རྒྱུ་ནི་རྣམ་པར་རྟོག་པའམ ་བརྟག་པར་བྱ་བའི་དངོས་པོ་སྐྱེས་ཟིན་པའི་མཚན་ཉིད་སྣང་བའི་བྱ་བ་བྱེད་པ་སྟེ། གཏན་ཚུགས་དང་ལུས་དྲུག་གི་བརྡ་དང་། མར་མེ་ལ་སོགས་པའི་སྣང་བས་དོན་གསལ་བར་བྱེད་པ་ལྟ་བུའོ།། སྔར་བསྟོན་པའི་སྣང་ཞིང་དམིགས་པ་ནི ་བློའི་བདག་ཉིད་ཡིན་ལ། འདི་སྣང་བའམ་གསལ་བ་ནི་ཡུལ་གྱི་ཆོ་སུ་ཞེན་པར་བྱས་པའོ།། ལྟོས་པའི་རྒྱུ་ནི་མི་མཐུན་པའི་ཁྱད་པར་སྐྱེད་པ་ལྷན་ཅིག་མི་གནས་པའི་འགལ་བས་བསྡུས་པ་སྟེ། ཇི་ལྟར་གཉེན་པོ་ལམ་གྱི་སྦྱང་བྱའི ་ཆོས་སྤངས་ནས་དེ་དག་ལྡོག་པའི་དུས་ན་གཉེན་པོ་རྣམ་པར་མི་རྟག་པའི་ཡེ་ཤེས་འབྱུང་བའི་ཕྱིར། ཤེས་པའི་རྒྱུན་གྱི་བྱ་བོ་མི་འཆང་པར་བྱེད་པའོ།། གཞན་ཡང་སྤྱིར་འདུས་བྱས་ཀྱི་རྒྱུན་གྱི་བྱ་བ་མི་འཆད་པ་སྟེ། རིགས་མཐུན ་བའི་དངོས་པོ་འགའ་ཞིག་འགགས་ཀྱང་། དེའི་ཡུལ་དུ་དེ་དག་ཉིད་ཀྱིས་བསྐྱེད་པའི་རིགས་མི་མཐུན་པའི་དངོས་པོ་གཞན་དང་གཞན་སྐྱེ་བ་རྒྱུན་མི་འཆད་པའི་ཕྱིར།། འདིར་སློབ་དཔོན་ཡེ་ཤེས་དཔལ་གྱིས། འབྱུང་བའི་རྒྱུ་ནི་ཕྱི་ནང ་གི་ཆོས་རྣམས་བསྐྱེད་པའི་སྔོན་ལས་མནོ་ཞེས་འརྒྱ་འོ།། འདི་དག་ནི་ཞེས་པ་ལ་སོགས་པས་དེ་རྣམས་གཞན་གྱི་དབང་སྒྱུ་མ་ལྟ་བུ་ཡིན་གྱི། དོན་དམ་པའི་དངོས་པོར་གཞག་པ་ནི་བྱས་པ་རྣམས ་ཀྱིས་ཀུན་བརྟགས་པ་ཉིད་དུ་སྟོན་ཏེ། འདིར་འདུས་མཉམ་པ་ལ་རྒྱུ་འབྲས་ཀྱི་མཚན་ཉིད་མི་འཐད་པར་ཡང་སྔར་བསྟན་ལ། དེ་བཞིན་དུ་རིམ་གྱིས་འབྱུང་བ་ཡང་མི་འཐད་པར་བསྟན་ཅིང་། གཞན་ཡང་རིམ་གྱིས་འབྱུང་པོའི་ཕྱོགས་ལ ་རྒྱུར་ཐ་སྙད་གདགས་པའི་དོན་ནི་འབྲས་བུ་ལ་བལྟོས་ནས་འཇོག་པ་ལས་འབྲས་བུ་མ་སྐྱེས་པའི་དུས་ན་ལྟོས་པ་མེད་པའི་ཕྱིར་རྒྱུའི་ཐ་སྙད་ཀྱི་དོན་མི་འཐད་པས་འབྲས་བུ་ཉིད་ཀྱང་གང་ལས་འབྱུང་ཞེས་པའོ།། དེ་ཡང་ཇི་ལྟར ་བུ་མ་སྐྱེས་པར་ཕའི་ཐ་སྙད་ཀྱི་དོན་མི་འཕང་ལ། དེ་མ་གྲུབ་ན་ཉིད་ཀྱང་མི་འཐད་པ་བཞི་ནོ།། དེས་ན་རྒྱུ་འབྲས་ཀྱི་ཚུལ་འདི་ནི་རྟོག་གི་པ་རྣམས་ཀྱིས་བརྟགས་པ་སྟེ། དེ་ཁོ་ན་ཉིད་དུ་མ་གྲུབ་ཅེས་པའོ།། གྲོལ་ཏེ་ཆོས་མངོན་པའི་མདོ་ལས ་རྐྱེན་བཞིས་རྣམ་པར་ཤེས་པ་སྐྱེད་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་སྒྱུ་མ་ལྟ་བུའི་གཞན་དབང་ལ་དགོངས་ནས་དམྱིགས་པ་ཅན་གྱི་སྐྱེ་བོ་རྣམས་སྐྲག་པ་སྤང་བའི་དོན་དུ་གསུངས་ཀྱིས། དོན་དམ་པར་ནི་མ་ཡིནོ།། དེ་དག ་ལོལས་གསུངས་པའི་དོན་ཡང་ཚོའི་རྐྱེན་ནི་རྣམ་པར་ཤེས་པའི་རིགས་མཐུན་པའི་ས་བོན་དུ་གྱུར་པ་འབྲས་བུའི་རང་གི་ངོ་བོ་སྐྱེང་བར་བྱེད་པ་ཡིན་ལ། དམིགས་པའི་རྐྱེན་ནི་རང་སྣང་བའི་ཡན་ལག་དང་། སྐྱེད་པ་བྱེང་པའི་ཡན ་ལག་གཉིས་དང་ལྡན་པ་ཤེས་པའི་རྣམ་པར་འཇོག་པར་བྱེད་པའོ།། འདིར་མཚན་ཉིད་ནི་ཤེས་པའི་རྣམ་པ་འཇོག་པའོ་ཞེས་བྱེད་པས་ཉེ་བར་མཚོན་པ་ཉིད་དུ་སྦྱར་བ་འགལ་བ་མེད་དེ། རིགས་པའི་བསྟན་ཆོས་དག་ལས་དེ་ལྟར་བསྟན ་པའི་ཕྱིརརོ།། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་རང་གི་ངོ་བོ་ཤེས་པར་འདུག་པ་དང་། རྒྱུ་དང་འབྲས་བུ་གཉིས་ཆར་རྒྱུད་གཅིག་གིས་བསྡུས་ཤིང་བར་དུ་མོ་ཆད་པ་དང་། སྔ་མ་འགགས་པས་གོ་ཕྱེ་ནས་ཕྱི་མ་སྐྱེད་པར་བྱེད་པ་སྟེ། དེ་ནས ་དེའི་ལོས་ཀྱང་གི་འབྱེད་པ་དང་། རྟོགས་པའི་བདག་ཉིད་དུ་བསྐྱེད་པ་སྟེ། རིག་པའི་བསྟན་བཅོས་དག་ལས་ཀྱང་དེ་མ་ཐུག་པའི་རྐྱེན་གྱིས་རྣམ་པར་ཤེས་པ་ལས་མྱིག་གི་རྣམ་པར་ཤེས་པ་རྟོག་པོའི་བདག་ཉིད་དུ་སྐྱེད་ཅེས་པ་ལ ་སོགས་པ་གསུང་སོ།། བོདག་པོའི་རྐྱེན་ནི་རྐྱེན་གསུམ་ལས་གཞན་དུ་གྱུར་པ་རྣམ་ཤེས་དོན་ལ་འཛིན་ནུས་སྐྱེས་པའོ།། རིམ་གྱིས་འཇུག་པས་མི་སྐྱེད་ཅེས་པ་ནི་བྱིས་པའི་སྐྱེ་བོས་བརྟགས་ཤིང་གསུང་རབ་དག་ལས་བཤད་པ་དེ་བཞིན་དུ་སྐྱེ་བ་དོན ་དམ་པ་མི་འཐད་ཅེས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཤེས་པའི་བདག་ཉིད་དུ་གཏོགས་པའི་རྒྱུ་འབྲས་དངོས་པོ་ཡང་དྲུག་པོར་བཞག་པ་ཡང་། བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པ་ཙམ་ཡིན་པའི་ཕྱིར་དོན་དམ ་པར་མི་སྐྱེ་ལ། སེམས་སྣང་བ་ལས་མ་གཏོགས་པའི་ཕྱིར་ཕྱི་རོལ་གྱི་སྐྱེ་བ་ནི་ཡང་དག་པའི་ཀུན་རྫོབ་ཉིད་དུ་ཡང་མི་འཐད་ཅེས་སྟོན་པའོ།། བརྟག་པའི་ཕྱིར་རྣམ་པར་རྟོག་པར་འབྱུང་ཞེས་པ་ནི་ཤེས་པར་རྟོགས་པའི་རྟེན་འབྲེལ་ནི ་ཀུན་རྫོབ་ཙམ་དུ་འཐབ་པའོ།། བརྟགས་པའི་རྐྱེན་རྣམས་ཁོ་ན་ནི་སྐྱེ་ཞིང་འགག་པར་འགྱུར་བ་ཡཱི་ནོ་ཞེས་པ་ནི་དོན་དམ་པར་རྐྱེན་གྱིས་སྐྱེ་བ་དང་འགག་པར་གཞག་པ་ནི་བརྟགས་པ་ཡིན་གྱི ་གཞན་དུ་མི་འཐད་ཅེས་པའོ།། ཡང་སྐྱེ་བ་འཇིག་རྟེན་ལས་འབྲེལ་པ་སེམས་ཀྱི་ངོ་བོར་གྱུར་པ་ཀུན་རྫོབ་པ་ནི་བཟློག་པར་བྱ་བ་མ་ཡིན་ཏེ། སྔ་མ་ལྟར་བྱིས་པའི་རྟོགས་པས་བརྟག་པ་ཉིད་བཟློག་པར་བྱ་བའོ།། དེ་ཉིད་རྒྱས་པར ་བསྟན་པ་ནི། བག་ཆགས་རྣམས་ཀྱིས་ཞེས་པ་ལ་སོགས་པ་སྟེ། བག་ཆགས་ཀྱིས་བསླང་པའི་སེམས་ཉིད་སྣ་ཚོགསུ་སྣང་གི་བདེན་པའི་དངོས་པོ་གྲུབ་པ་མེད་ཅེས་པའོ།། རྐྱེན་རྣམས་དང་ནི་གང་དག་ཀྱང་ཞེས་པ་ལ་སོགས་པའི ་ཚིག་གསུམ་ནི་རྐྱེན་གྱི་རང་གི་ངོ་བོ་དང་། ཡུལ་དང་དུས་དང་སྦྱར་ཏེ། རང་གི་ངོ་བོ་གང་ཡང་མེད་ཅིང་། ཡུལ་གང་ད་དང་འབྲལ་པ་ཡ་ཡོད་པོ་མ་ཡིན་ལ། དུས་གང་གི་ཚེ་ཡང་ཡོད་པ་མ་ཡིན་ཞེས་པའོ།། སྤྱོད་པ་ནི་སྣང ་བ་དང་བཅས་པ་བློའི་ཡུལ་ཏེ། བློའི་ངོ་ན་དེ་ལྟར་སྣང་ཞེས་པོའོ།། དེ་ནས་བཅོམ་ལྡན་བླད་སཱ་ལ་ཞེས་པ་ལ་སོགས་པ་ཡི་གེ་མྱེད་པར་ཇི་ཉྫ་ཡ་གསུང་ཞེས་པའམ། མངོན་པར་བརྗོད་པ་གངྒཱ་གིས་བསྐྱེད་ཅེས་དྲིས་པོའི་ལནཱ་དུ ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁྱད་པར་སྣང་བར་བྱེད་པའི་རྒྱུའི་བྱེ་བྲག་ཚིག་དང་། ཚིག་གིས་བརྗོད་པར་བྱ་བའི་རང་བཞིན་དེ་ཁོ་ན་ཉིད་སྟོན་ཏེ། ཞུ་བའི་སྐབསུ་ཚིག་གི་རྣམ་པར་རྟོགས་པའི་མཚན་ཉིད་ཀྱི་སྙིང་པོ་ཐ་དད་པའི་བྱེ ་བྲག་ཤིན་ཏུ་རྟོགས་པ་གང་གི་ཞེས་པ་ནི་བརྗོད་བྱེད་ཀྱི་ཚིག་རྣམ་པར་རྟོག་པ་ལ་སྣང་བ་ནི་རྣམ་པར་རྟོག་པའི་མཚན་ཉིད་ཡིན་ལ། དེའི་སྙིང་པོ་ནི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་སྟེ། དེ་ལྟ་བུ་རྟོགས་པས་བདག་དང་གཞན་རྣམས ་བརྗོད་པ་དང་། བརྗོད་བྱའི་དོན་གྱིས་སྟོང་པའི་ཆོས་ཉིད་ཁོང་དུ་ཆུད་ཅིང་གོམས་པས་མྱུར་དུ་སངས་རྒྱས་ནས། གཞན་ལ་ཡང་དེ་འདྲ་བའི་ཆོས་སྟོན་པར་འགྱུར་ཞེས་པའོ།། དོན་གཉིས་ཞེས་པ་ནི་དགག་བྱ་གཉིས་ལ་བལྟོས་ནས་རྣམ ་པར་གཞག་པ་སྟེ། སྟོང་པ་ཉིད་བཅོ་བརྒྱད་ཅེས་པ་ལྟ་བུའོ།། ཐ་དད་པའི་བྱེ་བྲག་ནི་གཞན་དང་ཐུན་མོངས་མ་ཡིན་པའོ།། དེ་ལ་མཚན་ཉིད་ཀྱི་ཚིག་ནི་མཚན་ཉིད་དང་ལྡན་པའི་དངོས་པོའི་མཚན་མ་གཟུགས་དང་སྐུ་ལ་སྔགས་པར་སྣ ་བ་ལ། འདི་ཉིད་གཞན་ལྔ་བརྟན་པར་བྱ་བ་ལ་སོགས་པར་མངོན་པར་ཞོན་པ་ལས་བྱུང་བ་འདི་ནི་གཟུག་སོ།། འདི་ནི་སྒྲའོ་ཞེས་པ་ལ་སོགས་པ་སྟེ། རྒྱུའི་སྒོ་ནས་མཚོན་ཏེ་བསྟན་པའོ།། རྨི་ལམ་གྱི་ཚིག་ནི་གཉིད་ཀྱིས་བསླང་བ ་གནས་སྐབས་ན་ལྷས་བྱིན་ལ་སོགས་པར་སྣང་བ་ལ་སྔོན་གྱི་དེ་ཉིད་འདི་ཡིནོ་ཞེས་མྱོང་བས་མཚམས་སྦྱར་ན་རྗེསུ་དྲན་པ་དང་། དེ་ལས་སང་པའི་གནས་སྐབས་ན་དེ་ལྟར་རྟོགས་ཅིང་སྣང་བའི་ཡུལ་མེད་པར་ཤེས་པ་ལས ་བྱུང་བ་སྟེ། དེ་ལྟར་སྣང་བ་ནི་རྨི་ལ་མོ་ཞེས་བརྗོད་པའི་ཚི་གོ།། འདི་ནི་མཚོན་པ་ཙམ་སྟེ་སྒྱུ་མོའི་དཔེ་གཞན་རྣམས་དང་། ཆོས་ཐམས་ཅད་དུ་སྣང་བ་ནི་རྨི་ལམ་དང་འདྲ་བ་སྟེ། དངོས་པོ་མེད་པའི་སྣང་བའོ་ཞེས་བརྗོད་པར་བྱེད་པའི་ཚིགོ ་གནས་ངན་ལེན་གྱི་རྣམ་པར་རྟོག་པའི་ཚིག་ནི་སྟོན་སྒྲས་བྱས་པའི་ལས་རྗེསུ་དྲན་པ་སྟེ། གང་དག་གི་གནོད་པ་བྱས་པ་དང་། དེས་ཉེ་བར་མཚོན་པ་སུ་དག་ས་ཕན་པ་བྱས་པ་དྲན་པ་ལ་སོགས ་བ་སྟེ། མདོར་ན་ཉོན་མོངས་པའི་སྐྱེན་ཉེ་བར་གནས་པ་ལ་རྟེན་ནས་བྱུང་བའི་ཚིག་སྟེ། ཚིག་རྩུབ་པ་འབྱིན་པ་ལ་སྩོགས་པའོ།། ཐོག་མ་མེད་པའི་དུས་ནོས་རྣམ་པ་རྟོག་པའི་ཚིག་ནི་ཐོག་མ་མེད་པའི་སྤྲོས་པ་སྣ་ཚོགས་ལ་མངོན་པར ་ཞེན་པའི་གནས་ངན་ལེན་གྱི་རཛོ་གི་ས་བོན་ཅེས་པ་སྟེ། གནས་ངན་ལེན་དེ་ཉིད་རྣམ་པར་རྟོག་པ་སྣ་ཚོགས་ཀྱི་ས་བོན་ཏེ། དེ་ལས་བྱུང་བའི་ཚི་གེ། དེ་ཡང་ཇི་ལྟར་ཁ་ཏོན་བྱ་བ་འདྲེན་པ་ལྟར་འབྲེལ་ལ་དོན་སྤྱིའི་རྣམ་པར་སྣང ་བ་མེད་ཀྱང་སྔོན་གོམས་པའི་བག་ཆགས་ཀྱིས་བྱུང་བའི་ཚིག་སྟེ། འདི་ཡང་ཤེས་བྱའི་སྒྲིབ་པར་གཏོགས་པའི་ཀུན་ནས་བསླང་བའི་ཚི་གོ།། སྔར་བསྟན་པའི་མཚན་ཉིད་ཀྱི་ཚིག་ནི་འཕྲུལ་དུ་གཟུགས་ལ་སོགས་པའི་དོན་དུ ་སྣང་ཞིང་ཞེན་པ་ལས་བྱུང་བ་ཡིན་པས། འདི་དགྲ་མི་མཚུངས་པ་ཉིད།། དེ་ལ་རྨི་ལམ་གྱི་ཚིག་ནི་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའི་ཚིག་ཡིན་ལ། གཞན་གསུམ་ནི་མི་མཐུན་པའི་ཕྱོགས་ཀྱིས་བསྡུས་པའི་ཚི་གོ།། དེའི་ཕྱིར། ་སྔར་གྱི་ཚིག་བརྒྱ་རྩ་བརྒྱད་ལ་སོགས་པ་ཡང་འདི་དག་ཉིད་ཀྱིས་བསྡུས་པར་ཤེས་པར་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་ལ་ཞེས་པ་ལ་སོགས་པས་ཚིག་གི་རྒྱུ་ནི་དེ་དག་ཙམ་དུ་འདུས་པ་མ་ཡིན་པ་རྒྱུ་གཞན་དགོ ་ཡོད་པ་རྣམས་ཞུས་པའོ།། ཚིག་རྣམ་པར་རིག་པ་རྟོག་པ་ཞེས་པ་ནི་ཚིག་གི་རྣམ་པར་རིག་བྱེད་སྔ་མ་ལྟར་རྟོག་པའི་བདག་ཉིད་དུ་གྱུར་པའམ། ཡང་ན་རྣམ་པར་རིག་པ་ནི་མངོན་པའི་སྤྱོད་ཡུལ་ཞེས་པ་དང་སྦྱར་ཏེ། རྟོག་པ་མེད་པའི་ཤེས་པས ་ཡུལ་དུ་བྱས་པ་ཤེས་པ་དེའི་བདག་ཏུ་གྱུར་པའོ།། དེ་ཡང་ཡུལ་ལམ་དུས་གང་དུ་རྒྱུ་ཅི་ལས། རྣམ་པ་ཇི་ལྟར། རྐྱེན་གང་གིས་འབྱུང་བ་ཞེས་ཚིག་རྣམ་པར་སྦྱརརོ།། ལན་གྱི་དོན་ནི་རྒྱུ་དང་རྐྱེན་ནི་སྔར་བསྟོན་པ་ལྟར་དེ་ན་སྤྱིའི་རྣམ་པར་སྣང་བའི ་དེའི་བག་ཆགས་ཀྱི་བདག་ཉིད་དུ་གྱུར་པ་དང་། བརྗོད་པར་འདོད་པ་དང་རྐན་དང་ལྕེ་ལ་སོགས་པའི་གནས་ཡིན་ལ། ཡུལ་ལམ་དུས་ཀྱང་རྒྱུ་རྐྱེན་ཚོགས་པའི་ཡུལ་ལྀ་དུས་ཉིད་དོ།། རྣམ་པ་ནི་ཡི་གེའི་གོ་རིམ་བཀོད་པའི་ཚུལ་དུའོ།། དེ ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་དོན་དམ་པར་སྟོང་པའོ་ཞེས་བསྟན་པའི་དོན་དུ། བློ་གྲོས་ཆེན་པོས་གསེལ་བ་ཞེས་པ་ལ་སོགས་པའོ།། གཅིག་པ་ཞིག་ཡིན་ན་ནི་དོན་གསལ་བར་བྱེད་པར་མི་འགྱུར་ཞེས་པ་ནི་བདག་ཉིད་ལ ་བྱ་བ་དང་བྱེད་པ་འགལ་བས་སོ།། དེ་ལྟར་ཚིག་དང་ཚིག་ཀུན་ནས་གླེང་བའི་རྣམ་པར་རྟོག་པ་དེ་ན་དམ་པར་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར། རང་བཞིན་མེད་ཅེས་པ་སྟེ། སྔོར་ཚིག་རྙིང་པོ་དྲིས་པའི་ལན་དུ་སྦྱར་བར་བྱ ་འོ།། ཡང་བློ་གྲོས་ཆེན་པོས་གསོལ་པ་ཞེས་པ་ལ་སོགས་པས་ནི་ཚུལ་གཞན་གྱི་སྒོ་ནས་ཀྱང་ཚིག་གམ། ཚིག་གིས་བསྟན་པར་བྱ་བའི་ཡུལ་དེ་ན་དམ་པ་ཉིད་འགོག་པ་སྟེ། ཕྱི་རོལ་པ་གང་ངག་གི་ཚིག་དང་ཡི་གེ་ཉིད་དེ་ན་དམ ་བར་ཁས་ལེན་ཏེ། ཇི་སྐད་དུ། ཐོག་མེད་དུས་ཀྱི་ཚངས་པ་རྟག། ཡང་དག་སྒྲ་ནི་ཡིག་འབྲུ་གང་ཞེས་པ་དང་། གཞན་ཡང་། ཨོཾ། ཞེས་པའི་ཡི་གེ་གཅིག་པོ་ཚངས།། གང་གི་བརྗོད་ཅིང་ང་ལ་ནི།། རྗེསུ ་དྲན་པར་གྱུར་པ་དེ།། ལུས་འདི་ཡོངསུ་སྤངས་ནསུ།། འགྲོ་བ་མཆོག་ཏུ་འགྲོ་བར་འགྱུར་ཞེས་པ་སྟེ། སྣ་ཚོགས་ཐམས་ཅད་སྒྲའི་ཚངས་པ་དེ་ན་དམ་པ་མཆོག་ཏུ་བདེན་པ་སྟེ། དེས་ན་སྒྲ་དང་དོན་ཀྱང་གཅིག་པར་འདོད་དོ།། ཡང་གཞན་དག ་སྒྲ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱེད་པ་དངོས་པོའི་དབང་གིས་ཞུགས་པ་སྟེ། དེས་ན་དེའི་དོན་ནི་དོན་དམ་པའི་རང་གིས་མཚན་ཉིད་ཞེས་ཟེ་རོ།། འདིར་སངས་རྒྱས་པ་རྣམས་ཀྱང་། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐཾད ་ཀྱི་སྒོའོ།། ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ།། པ་ཞེས་བྱ་བ་ནི་དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། ཡང་ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན ་ཡི་གེ་དམ་པ་ཡིན།། ཁོང་ནས་འབྱུང་བ་སྐྱེ་བ་མེད་ཅེས་པ་ལ་སོ། པ་གསུངས་པས་དེ་དག་གྲམ་དེ་དག་གི་བརྗོད་པར་བྱ་བའི་དེ་ན་ནི་དོན་དམ་པ་ཉིད་དུ་འདོད་དེ། དེའི་ཕྱིར་དེ་དྲུག་སོ་སོར་རྣམ་པར་བརྟགས་ཤིང་དྲིས་ནས་སུན་འབྱིན་པ ་འོ།། དེ་ལ་ཚིག་ཉིད་དེ་ན་དམ་པ་མ་ཡིན་ཏེ། ཚིག་གི་འཕགས་པའི་ཡེ་ཤེས་དེ་ན་དམ་པའི་བདེན་པ་སྟེ། ཟག་པ་མེདོ་པའི་བདེ་བ་དེ་ན་དམ་པའི་རིང་བཞིན་སྤྱིའི་རྣམ་པའི་ཚུལ་དུ་བརྗོད་པས་དེ་ཉིད་སྦྱོའི་རྣམ་པའི་ཚུལ་དུ་རྟོགས་ཤིང ་རྟོག་པའི་དོན་གོམས་པ་ལས། དོན་དམ་པའི་དེ་ཁོ་ན་ཉིད་ལ་རིམ་གྱིས་འཇུག་པའི་ཡན་ལག་ཡིན་པའི་ཕྱིར་ཏེ་ཇི་ལྟར་ལམ་ནི་གྲོང་ཁྱེར་དུ་འཇུག་པའི་ཡན་ལག་ཡིན་པའི་གྲོང་ཁྱེར་ཉིད་མ་ཡིན་པ་བཞི་ནོ།། སྤྱིའི་རྣམ་པའི་ཚུལ་དུ་བརྗོད ་ཅེས་པ་ཡང་རྟོགས་པའི་གཟུང་བ་སྐྱེ་གཏགས་པ་ཉིད་བརྗོད་པ་ལ། སྣང་བ་དང་རྟག་པ་གཅིག་ཏུ་ཞེན་ནས་དོན་དམ་པའི་རང་གི་མཚན་ཉིད་བརྗོད་པར་ཞེན་པའོ།། ཚིག་གིས་བརྗོད་པར་བྱ་བ་ཡང་དོན་ངོམ་པ་མ་ཡིན་ཏེ། ཚིག་གི ་རྣམ་པར་རྟོག་པ་ལས་བྱུང་བའི་བློའི་སྐྱེད་ཡུལ་མ་ཡིན་པའི་ཕྱིརརོ།། དེའི་དོན་ཡང་བློ་དེ་འདྲ་བའི་ཡུལ་ནི་སྐྱེད་པ་དང་འདྲེས་པར་སྣང་བའི་སྒྲོ་གཏགས་པ་ཉིད་ཡིན་ལ། དོན་དམ་པ་འཕགས་པོ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཡུལ ་ཡིན་པའི་ཕྱིར།། དྲོན་འདི་ཉིད་ཀྱང་། སྒྲ་གོང་ཞིག་ནི་བརྗེད་པ་ནི། རྟོགས་པའི་དེན་གང་ཡིན་པཱ་དཾ། དེ་ནརྀ་སྒྲའི་བརྗེད་བྱ་སྟེ་ཞེས་པ་ལ་སོགས་པ་བསྟ་ནོ།། རྣམ་པར་རྟོག་པ་ནི་ཞེས་པའི་ཚིག་གི་རྣམ་པར་རྟོག་པའོ།། གཞན་ཡང་སྒྲའི ་རང་གི་མཚོན་ཉིད་ནི་སྐྱེ་ཞིང་འཇིག་པ་མི་རྟག་པའི་རང་བཞིན་ཡིན་པས་དོན་དམ་པའི་རང་གི་མཚན་ཉིད་རྗོད་པར་མི་བྱེད་དེ། དེ་ནི་དེ་ལ་བརྡར་མ་བྱས་པའི་ཕྱིརརོ།། དེ་སྐད་དུ་ཡང་། སྒྲ་རྣམས་ཀྱིས་ནི་བརྡར་བརྟགས་བསྟོན། དཾ་ནཱི་ཐ་སྙད ་ཆེད་དུ་བྱས་ཞེས་པ་ལ་སོགས་པ་སྔར་བསྟན་ཏོ།། གཞན་ཡང་རྒྱུ་དང་རྐྱེན་ལས་བྱུང་བ་དོན་དམ་པའི་དངོས་པོར་མ་གྲུབ་པས་དེ་ཁོ་ན་ཉིད་དུ་དོན་དམ་པ་བརྗོད་པར་མི་འཐང་ཅེས་པའོ།། གཞན་ཡང་བརྗོད་བྱ་བརྗོད་བྱེད་ཀྱིས ་བསྡུས་པ་རང་དང་གཞན་གྱི་མཚན་ཉིད་མེད་པའི་ཕྱིར་ཡང་དེ་འདྲ་བ་མི་འཐང་ཅེས་པའོ།། གཞན་ཡང་སྒྲ་ལས་བྱུང་བའི་རྣམ་པར་རྟོག་པ་ལ་ནི་ཕྱི་རོལ་གྱི་རང་གི་མཚན་ཉིད་མི་སྣང་སྟེ། དེ་ཉིད ་ཀྱི་ཕྱིར་སྒྲ་ནི་རང་གི་མཚན་ཉིད་ཀྱི་དྲིན་དམཱ་པ་བརྗོད་པར་བྱེད་པ་མ་ཡིནོ།། ཡང་སྣ་ཚོགས་སྒྲའི་བདག་ཉིད་ཡིན་ཏེ། སྒྲ་དང་དོན་གཅིག་པར་གྱུར་ན། ཇི་ལྟར་མེ་ཞེས་བརྗོད་པས་སྐྱེས་བུའི་ཁའི་ཉེ་བར་འཁོར་ན་གནས་པས་དེའི ་དོན་མ་ཡང་དེ་ཉིད་ན་གནས་པའི་ཕྱིར་ཁ་ཚིག་པའི་ཉེས་པོར་འགྱུར་བ་དང་། གཞན་ཡང་དེ་འདྲ་བའི་སྒྲ་ཉན་པ་པོའི་རྣ་བའི་དབང་པོའི་ཉེ་འཁོར་ན་གནས་པས་ཀྱང་དེ་བཞིན་དུ་འགྱུར་བའོ།། གལ་ཏེ་སྒྲ་ནི་ཐམས་ཅད་དུ་ཁྱབ་པར ་གནས་པ་གཏགས་པའོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་ཡང་ཕྱོགས་ཐམས་ཅད་སྲེག་པའི་ཉེས་པར་འགྱུར་པ་དང་། རེ་སྣ་འགའ་བར་དམིགས་པ་མྱི་འཐང་།། དངོས་པོ་ཇི་ལྟ་བ་བཞིན་དུ་བརྗོད་པར་འདོད་པ་ནི་འོག་མ་འགེགས་པར་འགྱུར ་སྔ་མ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་དོན་ནོ་ཡི་གེ་དེ་རྣམས་ཀྱིས་རང་བཞིན་སྐྱེ་བ་མེད་པ་ལ་སོགས་པ་ཡིན་པ་དང་ཆེས་ཀྱི་བདག་པོ་ཉིད་ཀྱིས་དོན་དེ་རྣམས་ལ་བལྟོས་ཏེ། ཡི་གེ་དེ་དག་བརྗོད་བྱེད་ཉིད་དུ་བརྡར་བགེད་པ ་ན་ཡང་དེ་བཞིན་དུ་སྟོན་པར་ནུས་པ་སྟེ། འདིར་དེ་ལྟར་མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ཏོ། དེ་ན་དེ་ཉིད་ཚོགས་དང་ཡི་གེ་གཞན་གྱིས་བསྟན་པར་མི་ནུས་པ་དང་། ཚིག་དང་ཡི་གེ་དེ་རྣམས་ཀྱིས་ཀྱང་དོན་གཞན་སྟོན་པར་མི་ནུས ་བ་ནི་མ་ཡིན་ཏེ། སྐྱེས་བུའི་འདོད་པས་ཇི་ལྟར་བརྡར་སྦྱར་བ་བཞིན་དུ་དོན་གོ་བར་མི་ནུས་པའི་ཕྱིར།། དེ་ལྟར་དགེངས་པའི་དོན་དང་དགྱེས་པ་འགའ་ཞིག་ལ་བརྟེན་ནས། ཚིག་དང་ཡི་གེ་དེ་རྣམས་དང་དེ་རྣམས་ཀྱི་དོན་དམ་པ་ཉིད་དུ་གསུངས ་དདེ་སུ་ནི་དེ་དག་དོན་དམ་པ་མ་ཡིན་ཏོ།། འདི་ཉིད་ལས་གསུངས་པའི་ཚད་མས་གནོད་པོའི་ཕྱིར།། སྟེང་པ་ཉིད་དམ་ཞེས་པ་ནི་ཚི་གོ། བྱིས་པས་མ་མཐོང་རྣམ་པར་རྒྱུག་ཅེས་པ་ནི་ཚིག་ལ་སོགས་པ་དངོས་པར་བཟུང་ཞིང་དེ་ཡང་ར ་གི་མཚན་ཉིད་ཀྱི་དངོས་པོ་བརྗེད་པ་ཉིད་དུ་བཟུང་ནས་དེ་ལས་དེ་ལྟ་བུའི་དངོས་པ་ཆེལ་བར་བྱེད་པའོ།། དངོས་པོ་ཐམས་ཅད་ཅེས་པ་ལ་སོགས་པས་ནི་རྐང་པ་དང་པོ་གཉིས་ཀྱི་དེན་འཆད་པའོ།། མི་འཁོར་མྱ་ངན་འདའ་མི་བྱ་ཞེས་པ ་བརྗོད་བྱ་བརྗེད་བྱེད་ཀྱི་ཆེས་ཐམས་ཅད་སྟོང་པར་རྟོགས་པས་ཤེས་པས་སྲིད་པ་ལ་མི་གནས་པ་དང་། སྤྲུལ་པ་ལྟ་བུར་འགྲོ་བ་རྣམས་མཐོང་ཞིང་། དེ་ཡང་སྡུག་བསྩལ་གྱིས་གཟིར་པ་ཉིད་དུ་རྟོགས་པས་སྙིང་རྗེས་ཞི་བ་ལ་མི ་གནས་བཱའོ།། སྙིང་པོ་ནི་ཆུ་ཤིང་གི་སྙིང་པོའོ།། དེ་ལྟ་ན་ཕུང་པོ་ལ་སོགས་པའི་མཚན་ཉིད་ཡོད་པར་བསྟན་པ་མི་འཐོང་ཞེ་ན། ཇི་ལྟར་ཞེས་པ་ལ་སོགས་པ་གསུངས།། དྲི་ནས་ཡང་བཅོམ་ལྡན་འདས་ལ་ཞེས་པ་ལ་སོགས་པས ་ཡང་གཉིས་ཀྱི་མཐའ་བརྗིད་པ་ཇི་ལྟ་བུ་ཞེས་པ་དང་། ཇི་ལྟར་རྟག་དང་ཆད་པ་ཡི།། ལྟ་བ་རབ་ཏུ་འབྱུང་མི་འགྱུར།། ཞེས་པའི་དྲི་བ་ཚིག་གིས་འཕངས་པ། མཐའ་བཞིའི་ཚུལ་དགག་པ་རྒྱས་པར་སྟོན་ཏེ། རྟོག་པ་རྣམ་པར་ཕྱེ་བའི ་མཚན་ཉིད་ཅེས་པ་ནི་རྟོག་པ་ཉིད་རྣམ་པར་ཕྱེ་བ་སྟེ། ཇི་ལྟ་བ་བཞིན་རྟོགས་པའི་ཡུལ་ལ་མཆིས་པ་དང་མཆིས་པ་ལ་སོགས་པའི་མཐར་འཛིན་པ་སྤངས་པ་དེ་ཉིད་ཀྱི་ཕྱིར་མུ་སྟེགས་ཅན ་གྱི་རྟོགས་པ་མི་རྒྱུ་བ། འཕགས་པ་སྔོ་སོ་རང་གི་ཡེ་ཤེས་ཀྱི་མཁྱེན་པ་ལ་སོགས་པ་སྦྱར་བར་བྱའོ།། དེ་ལ་གཅིག་པ་དང་ཐ་དད་པ་ནི་ཕྱི་རོལ་པ་གང་དག་དངོས་པོ་ཐམས་ཅད་རང་བཞིན་ནས་གཅིག་ལོ།། གནས་སྐབས་ནས ་ཐ་དད་ཅེས་པའམ། ཡན་ལག་ཅན་གྱི་རྫས་ནི་གཅིག་ལ། ཡན་ལག་ཐ་དང་ཅེས་པ་ལ་སོགས་པ་དང་། དེ་ཉིད་ཀྱི་ཕྱིར་གཉིས་ཀ་དང་གཉིས་ཀ་མ་ལགས་པ་ཡང་ལྟ་བ་དེ་ཉིད་ལ་སྦྱར་བར་བྱ་སྟེ་གེ་བར་ཟད།། དེ་ལ་སོགས ་པ་རང་གི་སྡེ་པ་གང་དག་རྡུལ་ཕྲ་རབ་དང་སྐད་ཅིག་སོ་སོ་བ་ནི་གཅིག་ལ། དུ་མ་འདུས་པ་ནི་ཐ་དང་ཅེས་པ་ལ་སོགས་པོའོ།། མཆིས་པ་ཡང་མ་ལགས་ཞེས་པའི་དོན་ནི་མུ་སྟེགས་པའི་སེམས་ཙམ་པ་དག་ཤེས་པ་བཟུང ་འཛིན་གཉིས་ཀྱིས་དངོས་པོར་ཡོད་པ་མ་ཡིན་ཞིང་། གཉིས་མེད་པ་བརྟགས་པའི་དངོས་པོར་མེད་པ་ཡང་མ་ཡིན་ཞེས་པ་ལ་སོགས་པ་སྟེ། མདོར་ན་དངོས་པོའི་ཕྱོགས་ཁས་ལེན་པ་ཐམས་ཅད་ལ་ལྟ་བ་འདི་རྣམས་རྗེས་སུ ་འཇུག་པའོ།། དེ་དག་ཐམས་ཅད་མུ་སྟེགས་ཅན་ཞེས་ཀྱང་འོག་ནས་སྟོན་པར་འགྱུརརོ།། ཡུལ་མཐའ་ཡས་པའི་མཚན་ཉིད་ལྷུན་གྱིས་གྲུབ་ཅེས་པ་ནི་དེ་དག་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་དབང་སྒྱུར་བའི་ཡེ་ཤེས་དང་ནུས་པ་ལྷུན་གྱི ་གྲུབ་པའོ།། གཞན་ནི་ཤེས་པར་ཟདདོ།། ཕན་པ་དང་བདེ་བ་ནི་བྱམས་པའི་ལསོ།། ལྷ་དང་མི་རྣམས་ནི་དལ་འབྱོར་གྱི་རྟེན་ཕུན་སུམ་ཚོགས་པ་ཡིན་པས། དེ་རྣམས་ལ་ཕན་པ་དང་བདེ་བ་བྱས་པ་ནི་འགྲོ་བ་ཕལ་པོ་ཆེའི་དོན་དུ་འགྱུར་བ ་འོ།། དྲི་ཟའི་གྲོང་ཁྱེར་དེ་ནི་དྲི་ཟའི་གྲོང་ཁྱེར་མེད་པའང་མ་ཡིན་ཞེས་པ་དེ་ལྟར་སྣང་བ་ཙམ་གྱི་རང་བཞིན་ཀུན་རྫོབ་ཏུ་སེམས་ཀྱི་ངོ་བོར་གྲུབ་པའོ།། གྲོང་ཁྱེར་རིན་པོ་ཆེ་རྗེ་སུ་དྲན་ཞེས་པ་ནི་དེ་རྣམས་གྲོང་ཁྱེར་གྱི་དངོས་པོ་སྔར་མཐོང་བ་དང་། ་འདྲ་བར་འཛིན་ཙོང་། སྔར་མི་མཐོང་པོ་ཡང་དངོས་པོའི་ཚུལ་དུ་དྲན་པའོ།། མེད་པ་པ་ཞེས་པ་ནི་ཆད་པར་ལྟ་བ་ལ་གནས་པའོ་ཞེས་ཟེར་བའོ།། དེ་ཉིད་གསལ་བར་བསྟན་པ་ནི། སྐྱེ་བ་མེད་པར་སྨྲ་བ་ཞེས་པ་ལ་སྩོགས་པའོ།། མཐོང་བ ་དང་མ་མཐོངད་པ་ནི་དབང་པོ་བསླང་པས་མཐོང་བས་སེམས་ཀྱི་ངོ་བོར་ཡོད་ཅེས་པ་ལ་སོགས་པའོ།། བློ་གྲོས་ཆེན་པོ་གཞན་ཡང་ཚད་མ་གསུམ་ཞེས་པ་ལ་སོགས་པ་ནི་སེམས་ཙམ་པ་གང་དག་མངོན་སུམ་དང་རྗེ་སུ་དང ་པ་དང་། ཡིད་ཆེས་པའི་ལུང་སྟེ། དོན་ངེས་པར་བྱེད་པའི་ཡན་ལག་སོ་སོ་རྣམ་པར་ཕྱེ་ཞིང་བཞག་སྟེ། དེ་རྣམས་ལ་བརྟེན་ནས་འཕགས་པ་སོ་སོ་རང་གིས་རིག་པར་བྱ་བའི་ཡེ་ཤེས་སམ། དེའི་རིགས་སེམས་ཅན་ཐམས་ཅིང ་ལ་ཡོད་པའི་སེམས་རང་བཞིན་གྱིས་འོད་གསོལ་བ་ནི་རང་རིགས་པའི་མངོན་སུམ་ཉིད་ཀྱིས་གྲུབའམ། ཡང་རྟོག་པའི་རང་བཞིན་གྱིས་རྣམ་པར་ཤེས་པ་ཙམ་ནི་མྱེད་པའི་ཚད་མས་གྲུབ་ལ། དེ་ཉིད་གཟུང་འཛིན་གཉིས་ཀྱི་རང ་བཞིན་ཡིན་པ་ལ་གནོད་བྱེད་ཀྱི་ཚད་མ་ཡོད་པས་གཉིས་མེད་པས་རང་རིག་པ་དོན་དམ་པའི་དངོས་པོར་ཡོད་ཅེས་སློབ་དཔོན་དཀོན་མཆོག་འབངས་ཀྱིས་བསྟན་པའམ། གཞན་ཡང་སྦྱར་བསྟན་པ་ལྷུར། ་ལྷན་ཅིག་དམིགས་པ་ངེས་པ་ལ་སོགས་པའི་གཏན་ཚིགས་ཀྱིས། ཤེས་པ་གཉིས་མེད་ཀྱི་ངོ་བོ་དོན་དམ་པར་གྲུབ་པ་དང་། ལུང་ལས་ཀྱང་དེ་ལྟར་བསྟན་པའི་ཕྱིར། དེ་འདྲ་བའི་དངོས་པོར་ཡོད་ཅེས་པའོ།། དངོས་པོ་དང་དངོས་པོ་མེད ་འི་འདུ་ཤེས་ནི་ཤེས་པ་གཉིས་མེད་ཀྱི་ཕྱིར་དངོས་པོ་ཡོད་ཅིང་། གཟུང་འཛིན་ལ་སོགས་པའི་དངོས་པོ་མེད་ཅེས་པའོ།། དེ་ཉིད་དེ་དག་གི་བདག་ཏུ་འཛིན་པ་ལོ་སོགས་པར་འགྱུར་བ་ནི་གལ་ཏེ། རང་བཞིན་གྱིས་ཡོད་ན། དེ་ནི་མེད ་པ་ཉིད་མི་འགྱུར་ཞེས་སྔར་བསྟན་པའི་རིགོས་པས་དེ་ནི་རྟག་ཏུ་ཡོད་པའི་རང་བཞིན་ལ་བརྟེན་ཅིང་གནས་པས་ཤེས་པ་རིག་པ་ཙམ་གྱིས་རང་བཞིན་རྟག་པ་ལ་སོགས་པས་ཁས་ལེན་དགོས་པའོ།། གལ་ཏེ་དེ་ལྟ་ན་རྣམ་པར་ཤེས ་པ་དང་ཕྱིའི་དོན་ལ་སོགས་པ་ཡོད་པར་བསྟན་པ་དང་འགལོ་ཞེ་ན། དེ་ལྟར་བསྟན་པ་ནི་སྤྲུལ་པའི་སངས་རྒྱས་ཀྱི་སེམས་ཅན་རྣམས་བྲིད་པའི་དོན་དུ་བསྟན་པ་སྟེ། དྲང་བའི་དོན་ཉིད་ཡི་ནོ།། དེ་ནི་ཆོས་ཉིད་ཀྱི་སངས་རྒྱས་སམ། ཏིང་འཛིན་གྱིས ་སངས་རྒྱས་ཏེ་ལོངས་སྤྱོད་རྫོགས་པའི་སྐུས་བསྟན་པ་མ་ཡི་ནོ།། དེ་ལྟར་ཕྱི་ནང་གི་ཆོས་རྣམ་པར་འཇོག་པ་ནི་མི་བརྗོད་དོ་ཞེས་ཚིག་ཕྱི་མ་ལ་སྦྱར་བར་བྱའོ།། སུ་ཞིག་མི་བརྗོད་ཅེ་ན། རྟོག་པའི་རང་བཞིན་གྱིས་ཆོས་འཕགས་པའི་ཡེ ་ཤེས་སོ་སོ་རང་གིས་རིགས་པའི་ཏི་ངེ་འཛིན་གྱི་བདེ་བ་ལ་གནས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱི་སྐུའི་སངས་རྒྱུས་ནི་དེ་འདྲ་བ་མི་བརྗོད་ཅེས་པ་སྟེ། འདིའི་དོན་ཞིབ་ཏུ་ནི་སྔར་བསྟནོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དཔའ ་རྣམ་གྲངས་དུ་མའི་སྒོ་ནས་ཀྱང་དྲོན་དེ་ཉིད་སྟོན་ཏེ། ཤིང་གི་གྲིབ་མ་ནི་དེའི་གཟུགས་བརྙ་ནོ།། དེ་ནི་ཤིང་གི་དབྱིབསུ་སྣང་བ་ཤེས་པའི་ངོ་བོར་མེད་པས། གྲིབ་མ་མ་ཡིན་ཡང་མ་ཡིན་ལ། དངོས་པོར་གྱུར་པའི་ཕྱི་རོལ་གྱི་དབྱིབས ་མེད་པའི་ཕྱིར། རྫསུ་གྲུབ་པའི་གྲིབ་མའང་མ་ཡིན་ཞེས་པའོ།། གཞན་ཡང་བྲག་ཅ་ནི་མིང་དང་འབབ་ཆུ་དང་རླུང་གི་སྒྲ་དང་། རི་རོང་ལ་སོགས་པ་ཕྲད་པ་ལས་བྱུང་ཞིང་། ཕྱི་རོལ་ན་གྲག་སྟེ། དེ་ནི་བྱིས་པ་མི་མཁས་པ་ལ་ཕྱི་རོལ ་གྱི་སྒྲ་བདེན་པར་གྲག་ཅིང་། མཁས་པ་རྣམས་ལ་དེ་འདྲ་བ་མ་ཡིན་པར་གྲག་པའོ།། དེ་དག་ནི་ཆགས་པ་དང་ཞེས་པ་སྐེམ་པས་གདུངས་པའི་རི་དགས་ལ་ཆུ་རུ་སྣང་ཞིང་དེ་ལ་ཆགས་པའོ།། དངོས་འཛིན་བྱིས་པས་འཕང་བླངས ་པ་ཞེས་པ་ལ་སོགས་པའི་དོན་ནི་བྱིས་པ་རྣམས་ཀྱི་བདག་རྟག་པ་ལ་སོགས་པ་དངོས་པོ་ཞེན་པ་དམ་དུ་བཟུང་བ་རྣམས། ཇི་ལྟར་ཤིང་ལ་སོགས་པའི་གཟེར་ཆེན་པོ་གཟེར་ཕྲ་མེས་འབྱིན་པར་བྱེད་པ་ལྟར། དེ་འདྲིའི་ཕྱིན་ཅི་ལོག་རིགས ་པ་རྣམས་ཀྱང་མི་རྟག་པ་ལ་སོགས་པ་དངོས་པོར་བསྟན་པས་རིམ་གྱིས་བྲིད་དེ་རྣམ་པ་ཕྲ་མེས་རགས་པ་རྣམས་བཟློག་པར་བྱེད་པའོ།། སྒྱུ་མ་རོ་ལངས་འཁྲུལ་འཁོར་སེམས།། དཔེ་ཡིས་གཡོ་བོ་མེད་པའི་དཔེའོ།། རྨི་ལོ་མ་ལ་སོགས་པ་ནི ་མེད་བཞིན་དུ་སྣང་བའམ། མི་རྟག་པ་ཉིད་ཀྱི་དཔེའོ།། རྒྱུད་གསུམ་ཆད་པ་ནི་ཟད་པ་དང་མི་སྐྱེ་བ་སྟེ། དེ་འདྲ་བའི་ཡེ་ཤེས་ཐོབ་པ་ན་ཐར་པར་འགྱུར་བའོ།། གལ་ཏེ་རྒྱུད་གསུམ་སེམས་ཀྱི་དངོས་པོར ་འགྲུབ་པ་མ་ཡིན་ནམ་ཞེ་ན། འདི་ལ་རྣམ་རིག་གང་ཡང་མེད་ཅེས་པ་ལ་སོགས་པའོ།། ཅུང་ཟད་དུ་ཡང་ཁས་བླངས་མེད་ཅེས་པ་ནི་ཡིད་མེད་ལ་སོགས་པའི་མཚན་མར་བརྟག་པ་རྣམས་དེ་བཞིན་དུ་གྲུབ་པ་མེད་པ་དེ་འདྲ་བའི་ཕྱེ ་རྣམ་པར་འཇོག་པ་མེད་ཅེས་པའོ།། རྣམ་རིག་འདི་ནི་ཞེས་པ་ལ་སོགས་པས་སྔ་མ་དེ་ཉིད་གསལ་བར་འཆདོ།། གང་ལ་ཞེས་པ་ལ་མྱོང་བའི་རང་བཞིན་ཙམ་ལ། དངོས་པོའི་ངོ་བོར་བཏགས་པ་ནི་མི་བདེན་ཞེས་པའོ།། དེ་ལྟར་ནཱ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ངེས་པའི་དོན་བསྟན་པས་མི་མཐའ་བཞི་ལས་རྣམ་པར་གྲོལ་བ་རིག་པ་དང་། སྟོང་པ་ཟུང་དུ་འཇུག་པའི་དོ་ན་ཉིད།། གལ་ཏེ་དེ་ལྟ་ན་ཕུང་པོ་ལ་སོགས་པ་ཡོད་པར་བསྟན་པ་མི་འཐད།། ཞེ་ནི་དེ་ནི་གནས ་ཟབ་མོ་རྟོགས་པར་བྱ་བའི་དོན་དུ་ཐོག་མར་ཞེན་པ་དང་བཅས་པའི་སྐྱེ་བོ་རྣམས་ལ་དྲང་བའི་དོན་ཉིད་བསྟན་བྱའོ།། དེ་ལ་བདེན་པ་དང་ཞེས་པ་ལ་སོགས་པའི་དོན་ནི་བདེན་པ་བཞི་དང་སྔར་བསྟན་པ་ལྟར་ཀུན་ནས་ཉོན་མོངས།། ་པས་བསྡུས་པའི་རྟོན་ཅིང་འབྲེལ་བར་འབྱུང་བ་དང་། ལམ་དང་འགོག་པས་བསྡུས་པ་རྣམ་པར་བྱང་བའི་ཕྱོགས་ཀྱིས་བརྟེན་འབྲེལ་དང་རྣམ་པར་ཐར་པའོ།། སྒོ་གསུམ་གྱི་བསྟན་པ་འཇུག་པ་སྔོན་དུ་བཏང་སྟེ། དེ་ལ་བརྟེན་ནས ་རིམ་གྱིས་གནས་ཟབ་མོ་རྟོག་པར་བྱེད།། དེ་ལ་གཞན་དུ་གཙོ་བོའི་རང་བཞིན་དང་ཞེས་པ་ལ་སོགས་པ་ཤེས་པར་ཟང་།། རྒྱུ་མེད་པ་ཉིད་འདོད་རྒྱལ་བའམ། ཡང་ན་འདོད་པ་རང་དགའ་བའི་སྟོབས་ཀྱིས་འབྲས་བུ་འབྱུང་བ་སྟེ། ཇི་ལྟར་ཚངས་པའོ།། ་གཞལ་མེད་ཁང་སྟོང་པར་ཐོག་མ་ཉིད་དུ་སྐྱེས་པའི་སེམས་ཅན་འགའ་ཞིག་གི་འདོད་པའི་སྟོབས་ཀྱིས་ལྷག་གཞན་གཉིས་པ་དང་གསུམ་པ་ལྔ་སོགས་པ་སྐྱེས་སྙམ་དུ་སེམས་ཤིང་ཁས་ལེན་པ་ལྟ་བུའོ།། དེ་བཞིན་དུ་དུས་དང་རང་བཞིན། ་རྒྱུར་སྨྲ་བ་ལ་སོགས་པ་སྟེ། དེ་འདྲ་བྱ་སྟོན་པོར་བྱེད་པ་མ་ཡིན་ཞེས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་ཆོས་བསྟན་པ་འཇུག་པའི་རིམ་པ་ཉིད་ཚུལ་གཞན་གྱི་སྒོ་ནས་རྒྱས་པར་སྟོན་ཏེ། སྒྲིབ་པ་གཉིས་ཀྱིས་གཉེན་པོར་རིམ ་གྱིས་ཆོས་སྟེན་པ་ནི་ཇི་ལྟར་དེང་དཔོན་འགའ་ཞོག་འཇིམ་པའི་རི་དགས་ཀྱིས་བུ་རྣམས་འབྲིད་པ་སྟེ། སྔར་བསྟན་པ་བཞི་ནི།། དེ་བཞིན་དུ་ཉོན་མོངས་པའི་སྒྲིབ་པས་བསྡུས་པར་འགྱུར་བ་བརྒྱའི་གཉེན་པོར་སྔར་བཤད་པ་ལྟར། ་སྣང་བ་མེད་པ་བརྒྱ་པོ་ཉིད་ཐོག་མར་བསྟན་ལ། དེའི་རྗེ་སུ་ཤེས་བྱའི་སྒྲིབ་པས་བསྡུས་པ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱད་དེ། ཇི་སྐད་དུ། མཐོང་དང་བསྒོམ་པའི་ལམ་དག་ལ།། གཟུང་དང་འཛིན་པའི་རྣམ་རྟོག་རྣམས།། 1 ་བར་ཞི་བར་བྱ་བའི་ཕྱིར་གཉེན་པོ་རྣམ་པ་བརྒྱད་ཅེས་བྱ་ཞེས་གསུངས་པ་ལྟ་བུའོ།། དེ་ལ་བཟུང་འཛིན་གྱི་རྣམ་པར་རྟོག་པ་རགས་པ་རྣམ་པ་བཞི་ནི་མཐོང་བའི་ལམ་གྱི་སྤང་བར་བྱ་སྟེ། གཟུང་བའི་རྣམ་པར་རྟོག་པ་དང་པོ། ཀུན ་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་དང་། གཉིས་པ་གཉེན་པོའི་རྟེན་ཅན་གྱི་རྟོག་པའོ།། དེ་ལྟར་ཡང་། གཞི་དང་དེའི་གཉེན་པོ་ཡིས།། གཟུང་བའི་རྟོག་པ་རྣམ་པ་གཉིས།། ཞེས་གསུངས་སོ།། ། ་འཛིན་པའི་རྣམ་པར་རྟོག་པ་ཡང་གཉིས་ཏེ། གང་ཟག་རྫས་ལ་བརྟེན་པ་དང་། སྐྱེས་བུ་བརྟག་པ་ལ་བརྟེན་པའོ།། དེ་སྐད་དུ་ཡང་། རྫས་དང་བརྟག་པའི་རྟེན་ཅན་གྱིས། འཛིན་པ་རྣམ་པ་གཉིསུ་འདོད་ཅེས་གསུང་སོ།། དེ་ལྟར་རཌ་པ་བཞིན ་བྱང་ཆུབ་སེམས་དཔའི་སྣང་བ་མེད་པའི་ཡེ་ཤེས་མཐོང་བའི་ལམ་གྱིས་སྤང་པོར་བྱ་བ་ཡིན་ལ། ཕྲ་བ་རྣམ་པ་བཞི་ནི་དེའི་བསྒོམ་པའི་ལམ་གྱིས་སྤང་བར་བྱའོ།། དེ་ལྟར་ན་ལམ་གཉིས་ཀྱིས་བསྡུས་པ་སྤང་བྱ་ལ་བལྟོས་ཏེ། རྣམ་པ ་ཕྱེ་བ་བརྒྱ་རྩ་བརྒྱད་དང་། ལམ་དང་འབྲས་པུས་བསྡུས་པའི་ཐེག་པ་དང་། དེ་རྣམས་ཀྱི་བདག་ཉིད་དུ་རྟོག་པའི་ཡང་ཤེས་ཡིན་ཏན་བསྐྱེད་པའི་གཞིར་གྱུར་པས་ས་ཞེས་པ་སྟེ། ཐོག་མར་ཉོན་ཐོས་ཀྱི་ཐེག་པ་ལ་སོགས་པ ་བསྟན་པའི་རིམ་གྱིས་རབ་ཏུ་འཇུག་བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས་སྣང་བ་མེད་པའི་ཏིང་འཛིན་དེ་རྣམས་ཚུ་ལོ་ལུགས་རྣམ་པ་གཞིར་བསྡུས་པའི་སྒོ་ནས་གསལ་བར་སྟོན་ཏེ། བསམ་གཏན་པཱའི ་ཡུལ་དེ་གང་། རྣལ་འབྱོར་རྣམ་པ་དུ་རུ་བརྗོད་ཅེས་དྲིས་པའི་ལན་དུ་ཡང་སྦྱར་བར་བྱའོ།། དང་པོ་ནས་གོང་ནས་གོང་དུ་ཞེས་པ་ནི་དེ་ལྟར་དམིགས་པ་དང་བཅས་པའི་སེམས་ཀྱི་འཁོར་བ་ལ་ཡིད་འབྱུང་བ་སྔོན་དུ་བཏང་ནས་རིམ ་གྱིས་འདུ་ཤེས་དང་ཚོར་བ་འགོག་པ་སྟེ། སྣང་བ་མེད་པའི་ཏིངངེ་འཛིན་ཅེས་བྱ་བའོ།། དེ་ལ་བྱིས་པ་ཉེ་བར་སྤྱོད་པ་ཞེས་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་ལྷག་མཐོང་དང་བྲལ་བས་འཇིག་རྟེན་པའི་བསམ་གཏན་དང་མཚུངས་ཞེས་པའོ།། དོན ་རབ་ཏུ་འབྱེད་པའི་བསམ་གཏན་ནི་གང་ཟག་ལ་བདག་མེད་པའི་མཚན་མོ་ལ་སོགས་པ་དང་། བདག་དང་གཞན་གྱི་མཚན་མར་བཟུང་བ་ཐམས་ཅད་ཤེས་རབ་ཀྱི་རྣམ་པར་གཞིགས་ནས་བློ་ཡིས་དེ་ན་མེད་པར་བྱས་ཏེ། ཆེས་ལྔ ་བདག་མོད་པར་རྟོགས་པའི་མཚན་ཉིད་ཀྱི་དོན་རབ་ཏུ་འབྱེད་པའི་གོ་རིམས་ཅན་ཏེ། བྱང་ཆུབ་སེམས་དཔའི་ས་དང་པོ་དང་གཉིས་པ་ལ་སོགས་པས་བསྡུས་པའི་མཉམ་པར་བཞག་པའི་ཡེ་ཤེས་སྣང་བ་མེད་པའི་ཏིང་འཛིན།། ་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ནི་བདག་མོད་པ་གཉིས་ཀྱིས་མཚན་མོར་སྒྲོ་གཏགས་པ་ཡང་། ཀུན་ཏུ་གཏགས་པ་ཉིད་ཡིན་པས། དེ་འདྲེ་བའི་རྣམ་པར་ཡང་མི་རྙོག་པ་སེམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རྟོག་པ་སྣང་བ་མེད་པའི་ཏིང་འཛིན་གྱིས་བསྡུས་པའོ།། དེ་བཞིན་གཤེགས་པའི་བསྡམ་གཏན་ནི་དེ་བཞིན་གཤེགས་པའི་སའི་རྣམ་པར་འཇུག་པ་སྟེ། ཆོས་ཀྱི་སྐུའི་ཡང་སྔོན་དུ་བྱེད་པའི་ལམ་རྡོ་རྗེ་ལྟ་བུའི་ཏི ་འཛིན་གྱིས་བསྡུས་པའམ། ཡང་ན་ཆོས་ཀྱི་སྐུའི་ཡེ་ཤེས་ལ་རྒྱུན་གྱིས་འཇུག་པ་སྟེ། ཆོས་ཀྱི་སྐུ་ཉིད་བསྡུས་པའོ།། མཚན་ཉིད་གསུམ་གྱི་བདེ་བ་ནི་ཟག་པ་མེད་པའི་བདེ་བ་ང་སྤྲོས་པ་དང་བྲལ་བ་དང་། མི་འགྱུར་བའི ་བདེ་བ་སྟེ། དང་པོ་གཉིས་ཀྱིས་ནི་རིམ་པ་བཞིན་དུ་སྒྲུབ་པ་གཉིས་བག་ཆགས་དང་བཅས་ཏེ་སྤངས་པར་བསྟན་ལ་མི་འགྱུར་བས་ནི་མཐར་ཐུག་པ་དང་ཆོས་ཀྱི་དབྱིངས་ཀྱི་ར་བཞིན་ཡིན་པས ་པ་མེད་པའོ།། དེ་འདྲ་བའི་བསམ་གཏན་ཐོབ་པར་བྱ་བའི་དོན་དུ་རྣལ་འབྱོར་ཅུང་ཟད་ཐེབ་པ་རྣམས་ཀྱིས་ཡང་ནས་ཡང་དུ་བརྩོན་པར་བྱས་ན་བསམ་གཏན་གྱི་མཚན་མ། ཉི་མ་ཟླ་བའི་དབྱིབས་འདྲ་དང་།། འདྲ་དང་ཡན་ལྟ་བུ་དང་།། རི་མོ་ནམ ་མཁའི་མེ་འདྲ་མཐོང་ཞེས་པ་སྟེ། ཤྲི་ཀ་ལ་ཙཽཀྲ་ཡི་འགྲེལ་པར་ཉོན་མེའི་རྣལ་འབྱོར་གྱི་རྟགས་བསྟན་པ་སྟེ། ན་མཁའ་ལ་ཉི་མ་དང་ཟླ་བའི་དབྱིབས་དང་ཁ་དེག་གི་རྣམ་པ་ལྟ་བུར་མཐོང་བ་དང་། པདྨའི་དཉི་ས་དང་འདི་ལྟ་དུའ་སྣང ་དང་། སྤྲིན་མེད་པའི་ནམ་མཁའི་མེ་འབར་བའི་རྣམ་པར་མཐོང་བ་དང་། གཞན་ཡང་རི་མོའི་རྣམ་པར་སྣང་བ་སྟེ། རྣམ་པར་སྣང་མཛད་འད་ཆེན་པོ།། འགྲེ་བའི་མར་མེ་ཡི་ཤེས་སྒྲེ་ནི།། གཟི་བརྗིད་ཆེན་པོ་འད་གསལ་པ།། ཤེས་ཀྱི་པ་ཡེ ་ཤེས་མྱེ་བེ་ཆེ་ཞེས་གསུངས་པ་དང་སྦྱར་ཏེ་བསྟན་པ་ལྟ་བུའོ།། གཞན་ཡང་འཕགས་པ་རྣམ་པའི་གྲོལ་བའི་སྡེ་ཡིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པར་ཟད་པར་ཀྱི་སྐྱེ་མཆེད་ཀྱི་མཚན་མ་བཤད་པ་དང་ཡང ་བར་བྱའོ།། དེ་ལ་མཚན་མི་དེ་དག་མཐོང་བའི་ཚེ་ཡང་དག་པ་ཉིད་དུ་འཛིན་ཅིང་བདག་ཏུ་ང་རྒྱལ་བ་དང་བཅས་པར་གྱུར་ན། མུ་སྟེགས་ཅན་གྱི་ལོམ་དུ་ཁྲིད་པར་བྱེད་པ་སྟེ། ཐར་པ་ལོས་རིང་དུ་འགྱུར་བའོ།། གཞན་ཡང་ཡང་ངོས ་པའི་མཚན་མར་འཛིན་ཅིང་གང་ཟག་གི་བདག་ཏུ་རློམ་པ་མེད་པ་སྟེ། ལྟ་ན་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་ལྷུང་བར་བྱེད་པ་སྟེ། དམིགས་པ་དང་བཅས་པའི་ལམ་དང་དེ་འདྲ་བའི་འབྲས་བུ་ལ་སྤྱོད་པར་བྱེད་པ ་འོ།། དེའི་ཕྱིར་དེ་ལྟ་བུའི་མཚན་མར་ཞེན་པ་ལས་ལོག་སྟེ། དེ་ལྟར་སྣང་བ་ཡང་རྫ་སུ་མ་གྲུབ་སྨད་པ་སེམས་ཙམ་ཉིད་དུ་ཤེས་ཤིང་། དེ་དང་འདྲ་བར་ཆོས་ཐམས་ཅད་ཀྱང་རྟོག་པར་གྱུར་པ་ན། རིམ་གྱིས་སྣང་བ་ཙམ་ཡང་གནས་གྱུར ་ཏེ། སྣང་པོ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་སངས་རྒྱས་རྣམས་ཀྱི་བྱིན་གྱིས་རློབ་པ་སྟེ། འོག་ནས་སྟེན་པར་འགྱུ་རོ།། ཡང་དག་པའི་རྗེ་སུ་འགྲོ་བ་ནི་དེ་ལ་བློ་གྲོས་འཇུག་པའོ།། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས ་པས་ནི་ལམ་གྱི་བྱེ་བྲག་དེ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པར་སྦྱངས་པས་ཐོབ་པར་འགྱུར་བའི་འབྲས་བུ་མྱ་ལས་འདས་པ་ཉིད་རྒྱས་པར་སྟོན་པའོ།། དེ་ཡང་རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་འདོད་པའི་ཕུང་པོ་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་དང་། སངས་རྒྱས་ཀྱི་མོ་གཽནསྭཱ་པའི་མྱ་ངན་ལས་འོདས་པ་ཆེན་པོ་ལུས་འདིར་ནི་རེ་ཞིག་མི་གླ་ནཽ་སྨྲ་བའི་མྱ་ངན་ལས ་འདས་པ་སྟོན་ཏེ། དེ་ཡང་རྣམ་པར་ཤེས་པའི་བདག་ཉིད་ཐམས་ཅད་ཀྱི་བག་ཆགས་ཀུན་གཞི་དང་ཞེས་པ། བག་ཆགས་ཉིད་ཀུན་གཞི་སྟེ། ནུས་པ་དང་ནུས་པ་ཅན་ཐ་དད་པ་མེད་པའི་ཕྱིར།། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི ་ལྟ་བའི་བག་ཆགས་ཞེས་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་བག་ཆགས་ཏེ། ས་བོན་གཞན་དུ་གྱུར་ཅེས་པ་ལ་སོགས་པ་སྔར་བསྟ་ནོ།། མྱ་ངན་ལས་འདས་པའི་ཚུལ་ཞེས་པ་ལ་སོགས་པ་ན། ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་ལུགས་ཕྱིན་ཅི་མ་ལོག་པ། རང་བཞིན་གྱིས་སྟེང་པ་སྟེ། དབྱིངས་ཡེ་ཤེས་དབྱེར་མེད་པའི་ཆོས་ཀྱི་སྐུ་ལྔས་དབྱིངས་ཀྱི་ཆ་གཙོ་བོར་བསྟན་པའོ།། སངས་རྒྱས་རྣམས་དང་ང་ཡཱིས་། ་ཅེས་པ་མདོ་སྡེ་འོད་དང་འཕགས་པ་དཀོན་མཆོག་སྦྱིན་ལོ་སོགས་པར་གསུངས་པ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི་ཡང་དག་པ་མ་ལགས་པའི་ཡོངསུ་རྟོགས་པ་རབ་ཏུ་ཞི་བའི་ཚིགས ་བླ་དགས་ལ་གེས་ཞེས་པ་ལ་སོགས་པ་གསུང་སོ།། གཞན་ཡང་ཞེས་པ་ལ་སོགས་པ་ནི་ཡེ་ཤེས་ཀྱི་ཆ་གཙོ་བོར་སྟོན་པའོ།། རང་དང་སྤྱིའི་མཚན་ཉིད་དུ་རྣམ་པར་རྟོག་པ་སྤངས་པ་དེའི་ཕྱིར་རྟག་པ་མ་ཡིན་ཞེས་པཱ་ནི་དེ་དག་གི ་དངོས་པོ་ཡོད་པར་རྟོག་ན། དེ་ནི་རྟག་ཏུ་དེ་ཉིད་ཀྱི་རང་བཞིན་ལ་བརྟེན་ཅིང་གནས་པ་སྟེ། མེད་པ་ཉིད་དུ་མི་འགྱུར་བས་རྟག་པར་འཛིན་པའི་མཐར་གྱུར་པ་ལས། འདིར་ནི་དེ་ལྟར་མ་ཡིན་ཞེས་པའོ།། ཆད་པ་མ་ཡིན་པ་ནི་འདི ་ལྟ་སྟེ། འདས་པ་དང་ཞེས་པ་ལ་སོགས་ཞེས་གསུངས་པ་ལ། དེ་ལ་འདས་པ་ནི་སྔར་ཉིད་དུ་ཆོས་ཀྱི་སྐུའི་ཡེ་ཤེས་མངོན་དུ་ང་ལས་གཟུགས་སྐུ་གཉིསུ་སྣང་བས་སེམས་ཅན་གྱི་དོན་བྱས་ནས་སྤྲུལ་པའི་སྒྲ ་ཡུལ་ལམ་དུས་ཀྱི་ཁྱད་པར་འགའ་ཞིག་ཏུ། མྱ་ངན་ལས་འདས་པའི་ཚུལ་བསྟན་པ་སྟེ། མྱ་ངན་ལས་འདས་པ་དེ་ཡང་རྣམ་པར་ཆུད་པའི་འཆི་འཕོ་བ་ལྟ་བུའོ།། ད་ལྟར་བྱུང་བ་ནི་ད་ལྟར་ཆོས་ཀྱི་སྐུའི་ཡེ་ཤེས་མངོན་དུ་བྱས་ཤིང་། དེ ་ལས་བྱུང་བའི་གཟུགས་ཀྱི་སྐུ་ཡང་། ཆོས་ཀྱི་འཁོར་ལོ་བསྒྲེར་བ་ལ་སོགས་པར་སྣང་བའོ།། མ་འོངས་པ་ནི་དོན་གོ་བར་ཟ་།། སོ་སོ་རང་གི་རྟོག་པར་བྱེད་ཅེས་པ་དེ་རྣམས་ཀྱི་ཡེ་ཤེས་རྒྱུན་མི་འཆད་པར་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་སེལ་བ ་ལ་སོགས་པའི་བྱ་བོ་བྱེད་པའོ།། དེ་ཉིད་ཀྱི་ཕྱིར་བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་པ་གང་དག་འཕགས་པ་རྣམས་ཀྱི་ཡེ་ཤེས་ནི་སངས་རྒྱས་པའི་གནས་སྟོབས་སམ། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསསུ་ལྡོག་པར་འགྱུར་བ་སྐྱེ ་དེའི་རྒྱུ་མཚན་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་ཡོད་པ་དང་མེད་པ་ལ་སོགས་པའི་མཚན་མའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ཤེས་པར་བྱ་བའི་ཡུལ་ཡང་དག་པའི་ཀུན་རྫོབ་ཏུ་ཡང་མེད་པའི་ཕྱིར་དེ་ཤིས་པའི་ཡེ་ཤེས་མི ་འཕད་ཅེས་པའོ།། དེ་སྐད་དུ་ཡང་། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི།། མྨེ་ཨི་བུད་ཤིང་ཡིན་པར་འདོད།། དེ་དག་ཇི་བཞིན་རྣམྦ་འབྱེང་བའི།། མེ་ཡིས་བསྲེཊྭཱ~ཾ་ནས་ཉེར་ཞིར་འདོད།། ཅེས་གསུངས་པའི་ཕྱིརོ།། དེ་ཡང་དཔེར་ན་ཤིང་གཉིས་དྲུང ་པ་ལས་མེ་བྱུང་ནས་ཤིང་དེ་ཉིད་སྲེག་པ་ལྟར། གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལས་རེ་ཞིག་ཆོས་ཀྱི་སྐུའི་ཡེ་ཤེས་ཀྱི་མེ་བྱུང་ནས་དེའི་མཚན་མའི་ཆེས་ཐམས་ཅད་བསྲེགས་ཤིང་མི་དམིགས་པས་དེ་ལ་དམིགས་པའི་ཡེ་ཤེས ་དེ་ཉིད་ཀྱང་རྒྱུ་ལྡེག་པའོ།། རྣམ་པ་གཅིག་ཏུ་ན་རྡོ་རྗེ་ལྟ་བུའི་སྔོན་རོལ་གྱི་གཉེན་པོ་ལ་བརྟེན་ནུས་རྡོ་རྗེ་ལྟ་བུས་བསྡུས་པའི་ཡེ་ཤེས་ཀྱི་མེས་མཚན་མའི་བུད་ཤིང་བསྲེགས་ནས་དེའི་རྗེ་སུ་ཡེ་ཤེས་ཀྱི་རྒྱུན ་གཞན་འབྱུང་བ་མེད་པའོ།། བསྟན་བཅོས་དག་ལས་ཀྱང་། གང་ཚེ་དངོས་དང་དངོས་མེད་དག། བློ་མི་མདུན་ན་མི་གནས་པ།། དེ་ཚེ་རྣམ་པ་གཞན་མེད་པས།། དམིགས་པ་མེད་པར་རབ་ཏུ་ཞི། ཞེས་གསུང་སོ།། གཞན་ཡང་སངས་རྒྱས་ཀྱི་ཡེ ་ཤེས་རྒྱན་དང་ལྡན་པར་ཡོད་ན་དེ་ཉིད་འཁྲུལ་པ་དང་བཅས་པ་ཉིད་དུ་འགྱུར་ཏེ། འདི་ལྟར་དེས་རང་དམ་གཞན་གང་ཡང་མ་རིག་པའི་ཤེས་པ་ནི་མི་འཐད་ལ། དེ་དག་རིག་པར་ཁས་ལེན་ཏེ། རྗེས་ཐོབ་ཀྱི་ཡེ་ཤེས་གཟུགས་ཀྱི་སྐུ་དང། ་ཞིང་ཁམས་ཀྱི་རྣམ་པར་སྣང་བ་ཉིད་དུ་ཁས་ལེན་ནུ་སྤང་བའི་ཡུལ་དེ་རྣམས་ཕྱི་རོལ་གྱི་དངོས་པོར་མེད་བཞིན་དུ་སྣང་བའི་ཕྱིར་བློ་འཁྲུལ་པ་ཉིད་དུ་ཅིའི་ཕྱིར་མི་འགྱུར། གལ་ཏེ་ཉེས་པ་དེར་འགྱུར་དུའོ་ཞེས་ཏེ། རྗེས་ཐོབ་ཀྱི་ཡེ ་ཤེས་ནི་ཁས་མི་ལེན་ལ། མཉམ་པར་བཞག་པའི་ཡེ་ཤེས་རང་རིག་པ་འབའ་ཞིག་ཞེ་ན། དེ་ལྟ་ན་ཡང་རིག་པར་བྱ་བ་རང་གི་རང་བཞིན་དོན་དམ་པར་མེད་བཞིན་དུ་རིག་ཅིང་སྣང་བས་ཅིའི་ཕྱིར་འཁྲུལ་པར་མི་འགྱུར་ཏེ། བརྟག་པ ་སྔ་མ་ཉིད་མཚུང་སོ།། དེའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་མི་འཐདོ་ཞེ་ན། འདི་ནི་རིག་པ་མ་ཡིན་ཏེ། དེ་ལྟ་ན་མཐོང་བའོ་ལམ་གྱིས་བསྡུས་པའི་མཉམ་པར་བཞག་པའི་ཡེ་ཤེས་ཀྱིས་ཀྱང་ཡོད་མེད་ལ་སོགས་པའི་ཆོས་ཀྱི་མཚན་མ ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ཡེ་ཤེས་དེའི་དོན་དམིགས་བྱའི་ཆོས་ཀྱི་མཚན་མ་ཀུན་རྫོབ་ཏུ་ཡང་མེད་པའི་ཕྱིར། དེ་དག་ལ་དམིགས་པའི་ཡེ་ཤེས་གནས་སྐབས་དེ་ཉིད་ནས་རྒྱན་ཆད་པར་འགྱུར་རོ།། གལ་ཏེ་མཚན་མའི་ཆོས་དེ ་རྣམས་མེད་མོད་ཀྱི། མཚན་མ་མེད་པ་སོ་སོ་རང་གི་རིག་པར་བྱ་བ། རེག་པ་དང་སྟེང་པ་ཟུང་དུ་འཇུག་པའི་དོན་ཀུན་རྫོབ་ཏུ་གནས་པས་དེ་ཉིད་རིག་པའི་ཡེ་ཤེས་རྒྱུན་ཆད་པ་མི་འཐདེ་ཞེས་ན། དེ་ནི་ཕྱིས་ཀྱི་གནས་སྐབས་ཅིག་ཤོས་ལ ་སེང་མཚུངས་པའི་ཕྱིརརོ།། གཞན་ཡང་རྗེས་ཐོབ་ཀྱི་ཡེ་ཤེས་ལ་སྣང་བ་གཟུགས་ཀྱི་སྐུ་ལ་སོགས་པའི་ཕྱི་རོལ་དངོས་པོར་མེང་བཞིན་དུ་ཕྱི་རོལ་གྱི་དངོས་པོར་སྣང་པའི་ཕྱིར་ཞེས་གཏན་ཚིགསུ་སྦྱོང་བ་ན་ནི་གཏན་ཚིགས་འདི་མ ་གྲུབ་པ་ཉིད་དུ་འགྱུརརོ།། འོ་ན་ཇི་ལྟར་སྣང་ཞེ་ན། ཕྱི་རོལ་གྱི་དངོས་པོ་མེད་ཅིང་སེམས་ཉིད་དེ་ལྟར་སྣང་བ་སྟེ། དེ་ཡང་བདེན་པའི་དངོས་པོའི་སྟོང་པ་ཉིད་དུ་སྣང་ཞིང་རྟོགས་པས་ཤེས་བྱ་ཇི་ལྟར་ཡིན་ལུགས་བཞིན་སྣང་བའི་ཇི ་ལྟར་འཁྲུལ་པར་འགྱུར་ཞེས་བསམས་པའོ།། འདིར་གལ་ཏེ་གཟུགས་ལ་སོགས་པར་སྣང་བའི་ཕྱིར་ཞེས་དེ་དག་ཙམ་གཏན་ཚིགསུ་འགོད་ན་ཡང་ཁྱབ་པ་མ་གྲུབ་པ་ཉིད་དུ་འགྱུའོ།། དེ་བཞིན་དུ་ཡེ་ཤེས་རང་གི་མཚན་ཉིད ་དོན་དམ་པར་མེད་པ་ལ། དེ་ལས་བཟློག་སྟེ་ཡོད་པར་སྣང་བའི་ཕྱིར་ཞེས་གཏན་ཚིགསུ་སྦྱོར་ན་མ་གྲུབ་པ་ཉིད་དུ་འགྱུར་ལ། དོན་དམ་པར་མེད་པར་ཤེས་ཤིང་མྱོང་པོ་ཙམ་མ་འགགས་པ་རེག་པ་དང་སྟོང་པ་ཟུང་དུ་འཇུག་པའི ་རང་བཞིན་ཉིད་དུ་སྣང་ཞིང་ཤེས་པའི་ཕྱིར་ཞེས་གཏན་ཚིག་སུ་འགོད་ན་ནི་གཏན་ཚིགས་འདི་འགལ་བ་ཉིད་དུ་འགྱུར་ཏེ། ཤེས་བྱ་ཇི་ལྟར་ཡིན་ལུགས་བཞིན་དུ་སྣང་བ་ལ། འཁྲུལ་པ་ལས་བཟློག ་པའི་ཆོས་ཀྱི་ཁྱབ་པའི་ཕྱི་རོ།། སྤྱིར་དེ་ལྟར་སྣང་ཞིང་རིག་པ་ཙམ་དུ་གཏན་ཚོགས་སུ་གཏོང་ན་ཡང་ཁྱབ་པ་མུ་གྲུབ་པའོ།། གཞན་ཡང་འདི་སྐད་སྨྲ་བ་ནི་མདོ་སྡེ་དང་རྒྱུད་སྡེ་ཐོམཅད་དང་འགལ་བར་སྣང་ངོ་།། དེ་དག་ཇི་བཞིན་རྣམ་འབྱེད ་མ་ཡིས་སྲེགས་ནས་ཉེར་བཞིརི་འདོད་ཅེས་པའི་དོན་ཡང་ཡིན་ཅི་ལོག་གི་མཚན་མ་ཉེ་བར་ཞི་བའི་དོན་ལ་བཞེད་པར་གསལ་བ་ཉིད་ལས་ཁུངས་ཉིད་དུ་མི་རང་ངོ་།། ཡང་ཆོས་ཀྱི་སྐུ་ཡ་ཤེས་ཀྱི་རང་བཞིན་མེད་པ་དེ་ལྟ་ན་གཞི ་ཀྱི་སྐུ་རྣམ་པ་གཉིས་ནི་གདུལ་བྱའི་རྣམ་པ་ཙམ་ཡིན་གྱི། སངས་རྒྱས་ཀྱི་རང་བཞིན་མ་ཡིན་པར་གསེར་འོད་དམ་པ་ལ་སོགས་པའི་མདོ་སྡེ་དུ་མ་ལས་གསུངསྡུ་པས། སངས་རྒྱས་ལ་བསྐུར་པ་འདེབས་པ། དགེ་བུའི་ལོ་ཏོག་གི ་སེར་པོ། ལེགས་འདོད་རྣམས་ཀྱི་རྒྱོང་སྲིངས་ཏེ་སྤང་བར་བྱ་བ་ཁོ་ན་ཡིན་ནོ།། གལ་ཏེ་སྔར་བསྟན་པ་ལྟར་རྒྱུན་དང་མི་ལྡན་ཡང་ཡེ་ཤེས་ཀྱི་སྐད་ཅིག་པ་ཙམ་ཁས་ལེན་ཅིང་། དེ་ཉིད་ཀྱི་བོདག་པོ་ལ་བརྟེན་ནས་གཟུགས་ཀྱི་སྐུ་གཉི་སུ་སྣང ་བས་སེམས་ཅན་གྱི་དོན་བྱེད་པས་ཉེས་པའི་གོ་སྐབས་འདི་ལྟ་བུར་མི་འགྱུར་ཞེ་ན། དེ་ལྟར་སྐད་ཅིག་གཅིག་པོ་དེ་ཉིད་ཀྱང་སྔར་བསྟན་པ་ལྟར་འཁྲུལ་པས་སངས་རྒྱས་འཁྲུལ་པ་དང་བཅས་པ་ཉིད་དུ་འགྱུརརོ།། གཞན་ཡང་རྒྱུ་མཚོན ་མཚུངས་པའི་ཕྱིར། རྡོ་རྗེ་ལྟ་བུའི་གནས་སྐབས་སམ། མཐོང་བའི་ལམ་གྱི་གནས་སྐབས་ཉིད་ནཱ་ཡང་དམྱིགས་པར་བྱ་བ་མཚུན་མའི་བུད་ཤིང་བསྲེགས་པསྣ་དེའི་རྗེསུ་དེ་དག་ལ་དམིགས་པའི་ཡེ་ཤེས་འབྱུང་བ་མི་འཐད་པ་ཕྱིརོ།། ཡ ་དེ་ལྟར་ན་ཉན་ཐོས་ཀྱི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དང་ཁྱད་པར་མེད་པར་ཡང་འགྱུ་རོ།། གལ་ཏེ་དེ་ནི་སེམས་ཅན་གྱི་དོན་གྱི་སྦྱོར་བ་རྒྱུན་ཆད་པ་མ་ཡིན་ལ། ཅིག་ཤོས་ནི་སངས་རྒྱས་པའི་གནས་སྐབས་ན་ཡེ་ཤེས་མེད་ཀྱང་། ་སྔར་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་ཡེ་ཤེས་དང་སྨོན་ལོམ་ལ་བརྟེན་ནས་གཟུགས་སྐུ་གཉི་སུ་སྣང་ཞིང་སེམས་ཅན་གྱི་དོན་འབྱུང་བས་དེ་དག་མཚུངས་པ་མ་ཡིནནོ།། དེ་སྐད་དུ། དཔེར་ན་ནམ་མཁའ་ལྡིང་གི་ནི།། མཆོད་སྡོང་བསྐུས ་ནས་འོདས་གྱུར་པ།། དེ་འདས་ཡུན་རིངས་ལོན་ཡང་དེ།། དུག་ལ་སོགས་པ་ཞི་བྱེད་ལྟར།། བྱང་ཆུབ་སྤྱོད་དང་རྗེ་ས་མཐུན་པར།། རྒྱལ་བའི་མཆོད་སྟོང་བསྒྲུབས་པ་ཡང་།། བྱང་ཆུབ་སེམས་དཔའ་མྱ་ངན་ལས།། འདས་ཀྱང་དོན་རྣམས ་ཐམས་ཅད་བྱེད། ཅེས་གསུངས་པ་ལྟ་བུའོ།། ཞེ་ན་དེ་ཅི་འོ་ཐུགས་མངར་བའི་རོ་དང་འབྲེལ་ཞེས་པོ་གྱི། དེ་ཙམ་གྱི་ཆུ་ཡང་དེ་ལྟར་འགྱུར་རམ། འདིར་བྱང་ཆུབ་སེམས་དཔའི་ཡེ་ཤེས་ལ་སྩོགས་པ་ཡོད་ཅིང་དེ་ལ་བརྟེན་ནས་སེམས་ཅན་གྱི ་དོན་བྱས་ཀྱང་། དེ་ནི་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་དགྲ་བཅོམ་པ་དང་མི་འདྲ་བའི་ཁྱད་པར་དུ་འགྱུར་གྱི་སངས་རྒྱས་ཀུན་རྫོབ་ཏུ་ཡང་མེད་པོའི་སྟོན་གྱི་ཁྱད་པར་དུ་འགྱུར་བ་ནི་མ་ཡི་ནོ།། བྱང་ཆུབ་སེམས་དཔའ་མྱ་ངན་ལས ་འདས་ཞེས་པའི་ལུང་གི་དོན་ཡང་སྒྱུ་མ་ལྷུར་ཡང་དག་པ་མ་ཡིན་པའི་རྟོག་པ་ཞི་བ་ཉིད་ཡིན་གྱི། ཡེ་ཤེས་རྒྱུན་ཆད་པ་ནི་མྦྷ་ཡིན།། གཞན་ཡང་ཡེ་ཤེས་རྒྱུན་ཆད་པ་མ་ཡིན་པའི་སྒྲུབ་བྱར ་བྱེད་པའི་ཚད་མ་དག་ཀྱང་ཡོད་དེ། ཡེ་ཤེས་གང་གི་རྒྱུན་གྱི་ཐ་མར་འདོད་པ་དེ་ཉིད་ནི། རིགས་མཐུན་པའི་ཡེ་ཤེས་གཞན་གྱི་ཉིང་མཚམས་སྦྱོར་བར་བྱེད་པ་ཡིན་ཏེ། འགལ་རྐྱེན་མེད་ལ་མཐུན་རྐྱེན་ཚང་བའི་ཕྱིར་ཞེས་བྱའོ།། དེ ་ལོ་མཐུན་རྐྱེན་ཚང་བ་ཉིད་ནི། ད་ལྟར་སེམས་ཅན་སོ་སོའི་རྒྱུད་ལ་ཉམསུ་མྱོང་བའི་ཤེས་པ་འདི་ཉིད་གཟུགསུ་སྣང་བ་དང་སྒྲ་རུ་སྣང་བ་ལ་སོགས་པ་དང་། བདེ་སྡུག་ལ་སོགས་པའི་ཁྱད་པར་དུ་སྐྱེ་བ་ནི་སྔ་མའི་མྱོང་རིགས་ལས་མ ་གཏོགས་པའི་རྒྱུའི་ཁྱད་པར་འགའ་ཞིག་ལ་བལྟོས་ཀྱང་། ཤེས་པ་ཕྱི་མོ་མྱོང་རིག་ཙམ་དུ་སྐྱེད་པ་ལ་ལྟེ་ཏེ། སྔ་མའི་མྱོང་རིག་དེ་ཉིད་རྒྱུ་མ་ཚང་བ་མེད་པ་ཉིད་དུ་གྲུབ་ལ། དེ་བཞིན་དུ་ཡེ་ཤེས་གང་གི་རྒྱུན་གྱི་ཐ་མར་འདོད་པ ་ཡང་མྱོང་རིག་ཙམ་གྱི་རང་བཞིན་དུ་གྱུར་པའི་ཡེ་ཤེས་ཡིན་པས་རང་གི་རྒྱུད་དུ་གཏོགས་པའི་འབྲས་བུ་བསྐྱེད་པར་ནུས་པའོ།། འདིར་འགལ་བའི་རྐྱེན་མེད་པ་ནི། གལ་ཏེ་ཨེ་ཤཱ་ཀྱི་འགལ་རྒྱན་གཅིག་སྲིད་ན་དེ་ནི་ཕྱིན་ཅི་ལོག ་ཉིད་ཡོན་ཏེ། དེ་ཡང་མི་བདེན་པའི་དོན་ཅན་གློ་བུར་བ་ཉིད་ཡིན་པས་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་སེམས་ཀྱི་རང་བཞིན་དུ་གྱུར་པའི་ཡེ་ཤེས་དེ་ནི་དཔོས་བཟློག་པར་མི་ནུས། གཞན་ཡང་ཕྱིན་ཅི་ལོག་ས་བོན་དང་བཅོས་ཏེ ་སྤངས་པས་ཡེ་ཤེས་དང་ལྡན་པའི་རྒྱུད་ལ་ཡང་འབྱུང་བར་རིགས་པ་མ་ཡིན།། ད་ལྟར་གྱི་གནས་སྐབས་བརྒྱལ་བ་དང་གཉིད་འཐུག་པོ་ལ་སོགས་པའི་དུསུ་རྣམ་པར་ཤེས་པའི་ཚོགས་དྲུག་གི་ངོ་བོ་ལྡོག་པ་ནི་མིག་ལ་སྔོ ་པའི་མཐུན་རྐྱེན་མ་ཚང་བའམ། གཉིད་ཀྱི་བསྐྱེད་པ་དང་། གནད་མི་ཟད་པའི་གནསུ་སྐབས་བསྣུན་པ་ལ་སོགས་པའི་འགལ་བའི་རྐྱེན་གྱིས་ལྡེག་པའོ།། གཞན་ཡང་བུམ་པའི་སྐད་ཅིག་མ་གང་ཞིག་རང་གི་རིགས་ཕྱི་མ་བསྐྱེ ་ལ་རྒྱུ་མ་ཚང་བ་མེད་པར་གནས་ཀྱང་འདོག་པར་འགྱུར་བ་ནི་ཐེབ་པ་ལ་སོགས་པ་འགལ་བའི་རྐྱེན་ཀྱིས་ཡིན་ལ། འདིར་ནི་དེ་འདྲ་བའི་འགལ་རྐྱེན་མེད་ཅེས་པའོ།། གཞན་ཡང་དེ་འདྲ་བའི་ཡེ་ཤེས་འཁྲུལ་པོ་ཡིན་ནོམ ་འཁྲུལ་པའི་བློ་མི་སྲིད་པས་ལམ་དང་འབྲས་བུ་ཐམས་ཅད་གཏན་མི་སྲིད་པར་ཡང་འགྱུ་རོ།། དེ་ལྟར་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པས་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་དུ་གྱུར་པའི་ཡེ་ཤེས་དེ་ནི་རྒྱུན ་ཆད་པ་མ་ཡིན་ཞེས་པའོ།། འཆི་བ་ནི་རྣམ་པར་ཆད་པའི་འཕོ་བའོ།། དེ་འདྲ་བ་དང་ལྡན་ན་དེ་ཉིད་ད་རུང་སྐྱེ་བོའི་རྒྱུད་དུ་ཡང་འགྱུར་ལ། དེ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་པས། ཇི་ལྟར་མྱ་ངན་ལས་འདས་ཞེས་པའོ།། ་དེས་ན་རྣལ་འབྱོར་རབ་ཏུ་གྱུར་པ་རྣམས་ཤི་འཕོ་བ་དང་བྲལ་བ་འགྲོ་བ་རྣམས་ཀྱི་སྐྱབས་ཀྱི་གནས་སྔོན་དུ་བྱེད་པའོ།། དེ་ལྟ་ན་དེ་ཁོ་ན་ཉིད་དུ་ཡང་སྤངས་པ་དང་ཐོབ་པའི་ཡོན་ཏན་དང་ལྡན་པ་ཞིག་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཐོབ ་བྱ་དད་པས་བྱ་བའི་ཆོས་གྲུབ་པ་མེད་པའི་ཕྱིར།། དེ་ཉིད་ཀྱི་ཕྱིར་སྤྲོས་པ་ཐམས་ཅད་དང་བྲལ་བས་གཅིག་དང་ཐ་དད་པ་ལས་གྲོལ་བའོ།། གལ་ཏེ་དེ་ལྟ་ན་ཡང་དག་པ་མ་ཡིན་པའི་ཡོངསསུ་རྟོག ་པ་ཉེ་བར་ཞི་བ་མེད་པས། ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པས་ནི་མྱ་ངན་ལས་འདས་པ་མ་ཡིན་པར་འགྱུར་ཞེ་ན། དེ་ལྟར་འདོད་པ་ཉིད་ཀྱི་ཕྱིར་སྐྱེན་མེདོ།། ཡུལ་ལ་ཕྱིན་ཅི་ལོག་པ་ནི་རྟག་པ་དང་གཙང་བ་ལ་སོགས་པར ་འཛིན་པའི་ཕྱིན་ཅི་ལེག་གཞིའོ།། གཞན་ཡང་དགྲ་བཅོམ་པའི་སེམས་ཀྱི་ཐ་མ་ཡང་སྔར་བསྟན་པ་ལྟར། མྱོང་བའི་རང་བཞིན་གྱི་སེམས་ཉིད་ཡིན་པའི་ཕྱིར་སེམས་གཞན་གྱི་ཉིང་མཚམས་འབྲེལ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར ་ལྷག་མ་མེད་པ་ཉིད་ནི་དགོངས་པ་ཅན་ཡིན་ནོ་ཞེས་གསུང་སོ།། ཚད་མ་རྣམ་འགྲེལ་ལས་ཀྱང་།། ཐ་མའི་སེམས་ནི་སེམས་གཞན་དང་།། མཚམ་སྦྱོར་བ་ལི་འགལ་ཅི་ཡོད་ཅེས་གསུང་སོ།། ཡང་ཉོན་ཐོས་ལོ་སོགས་པ་དེ་དག་ལྀ ་རང་བཞིན་གཉིས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པའི་ཕྱིན་ཅི་ལོག་ཡོད་པ་མྱ་ངན་ལས་འདས་པ་མཚན་ཉིད་ལ་མ་ཡིནོ།། བློ་གྲོས་ཆེན་པོ་གཞན་ཡང་ཞེས་པས་དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པར་སྦྱངས་པ ་ཐེག་པ་ཆེན་པོའི་རིགས་འབའ་ཞིག་ཏུ་ངེས་ཤིང་། བྱང་ཆུབ་དམན་པར་མི་ལྷུང་པོའི་ས་མཚམས་དང་། དེ་ལྟ་བུའི་རྒྱུ་ཉིད་སྟེན་ཏེ། དེ་ཡང་ཚོགས་དང་མོས་པས་སྤྱོད་པའི་ས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚོགས་གཉིས ་ཁྱད་པར་དུ་བསགས་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའོ།། སངས་རྒྱས་ཀྱི་བྱིན་གྱིས་བརླབས་གྱིས་བྱིན་དུ་བརླབས་ནས་ཞེས་པ་ནི་ཏིངངེ་འཛིན་ནམ་འོད་ཟེར་གྱིསོ།། དེའི་དབང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱང ་ཐེག་པ་ཆེན་པོའི་དོན་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་འཇུགོ།། རྡོ་རྗེ་སྙིང་པོ་ལ་བྱིན་གྱིས་བརླབ་པ་ནི། རྡོ་ལྟར་ས་བཅུ་པ་ལས་བྱང་ཆུབ་སེམས་དཔའ་དེའི་ལུས་ལ་སངས་རྒྱས་རྣམས་ཀྱི་འོད་ཟེར་རབ་ཏུ་བསྟིམས་བྱས ་རྟོག་པ་ཁྱད་པར་ཅན་སྐྱེས་པ་སྟེ། ཇི་སྐད་དུ། ཕྲ་ཞིང་ཤེས་དཀར་དྲང་སྲོང་ཆེན་པོའི་ལམ།། རྟག་མཽད་རྟོག་བྲལ་ཤིན་ཏུ་རེག་པར་དཀའ།། དེ་ནི་ཚིག་གིས་ཤིན་ཏུ་བརྗོད་དཀའ་ཡང་།། བདེ་བར་གཤེགས་མཐུ་དཔག་མེད་གང་ཡིན་པ།། འོད་ཟེར ་ལུས་ཅན་དེ་ནི་བདག་ལ་ཡང་དག་ཞུགས།། དོ་ཡ~ཾ་མཐུས་ན་བདག་གིས་ཤེས་པར་ནུས་ཞེས་གསུངས་པ་ལྟ་བུའོ།། འདིར་སྤངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། དེའི་ཞལ་དུ་ལྟ་ཞིང་ཐེ་ཚོམ་གྱི་གནས་ཐམས་ཅད་འདྲི་བའོ།། རྫུ་འཕྲུལ ་དང་བསྟན་པའི་རྣམ་པ་གང་ཅི་སྤོབས་ཀྱང་ཞེས་པ་ནི་སྔར་མ་རྟོགས་པའི་ཆོས་རྣམས་ཀྱང་འཕྲུལ་དུ་རྟོགས་པར་འགྱུར་ཞིང་དེ་ཉིད་ཀྱི་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་སྩལ་བར་བྱེད་པའི་ཆོས་སྟོན་པར་ནུས་པ་སྤོབས་པ་སོ་སོ་ཡང་དག་པར ་རིག་པ་དང་། རྫུ་འཕྲུལ་ལ་སོགས་པའི་མཐུ་རྣམ་སོ།། དེ་ལྟར་རང་རང་གི་ཚོགས་བསགས་ཤིང་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་མེད་པར་ཡང་། དེ་འདྲ་བའི་སྤོབས་པ་ལོ་སོགས་པ་འབྱུང་ན་ནི། བྱིས་པའི་སྐྱེ་བོ་ཐམས་ཅད་ལ་ཡང ་འབྱུང་བར་འགྱུར་ཏེ། རྒྱུ་མེད་པ་ཉིད་དུ་མཚུངས་པའི་ཕྱིརརོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་བྱིན་གྱིས་བརླབས་པར་ནུས་པའི་རྒྱུ་མཚན་སྟོན་ཏོ།། སྒྱུ་འབྱིན་ཞེས་པ་ནི་ཆོས་སྨོན་པའི་སྒྲ་སྟེ། མི་འམ་ཅིའི་རྒྱལ་པོ ་ལྗོན་པས་ཞུས་པ་ལས་གསུངས་པ་ལྟ་བུའོ།། གལ་ཏེ་དེ་ལྟ་ན་སེམས་ཅན་ཐམས་ཅོད་ལ་ཅིའི་ཕྱིར་དེ་ལྟར་བྱིན་གྱིས་མི་རློབ་སྟེ། ཐུགས་རྗེ་ཆེན་པོ་ཉི་ཚེ་བ་མི་མངའ་བའི་ཕྱིར་ཞེ་ན། ཚོགས་མ་བསགས་པའི་སེམས་ཅན་རྣམས་ལ་བྱིན་གྱིས་རློབ ་མི་འཇུག་སྟེ། ཇི་སྐད་དུ། ལྔ་ཡིས་རྒྱལ་པོས་ཆར་ཕབ་ཀྱང་།། ས་བོན་མི་རུང་མི་འཁྲུངས་ལྟར།། སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་།། སྐལ་བ་མེད་པ་བཟང་མི་མྱོང་།། ཞེས་གསུངས་པ་ལྟ་བུའོ།། ཤིང་ལ་སོགས་པ་ལས་ཀྱི་སྒྲོ་འབྱུང་བར ་སྣང་བ་ཡང་སེམས་ཅན་སྣ་ཚོགས་བསྔགས་པ་རྣམས་ལ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་དེ་ལྟར་སྣང་བ་ཙམ་དུ་ཟད་ཀྱི། ཕྱི་རོལ་དེ་ལྟ་བུའི་ངོ་བོར་གྱུར་པ་ནི་མེདོ།། ཏིང་འཛིན་ལ་གནས་པའི་དུས་ནི་ས་དང་པོ་ལྔ་སོགས ་ས་བསྡུས་པ་ཡིན་ལ། ཁྱད་པར་གྱིས་ནི་བཅུ་པའོ།། དེ་ལ་དངོས་པོ་ལ་སོགས་པའི་གནས་སྐབསུ་བྱིན་གྱིས་རློབས་པའི་རྒྱུ་མཚན་ནི་བྱང་ཆུབ་སེམས་དཔའ་རྣམས་ས་བདུན་གྱི་བར་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་རྣམ་པར ་ཤེས་པ་ལ་དམིགས་ཤིང་། བདག་ཏུ་ང་རྒྱལ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་གནས་མ་གྱུར་པས་སེམས་ཀྱི་ངོ་བོ་དེ་འདྲ་བའི་ཉོན་མོངས་པས་ཅུང་ཟད་དཀྲུགས་ཤིང་། དེ་ཉིད་ཀྱི་ད་ལྟར་དང་མ་འོངས་པའི་དོན་ལས་ཅུང་ཟད ་ཉམས་པར་བྱེད་པའི་བདུད་ཀྱི་ལས་སྲིད་པ་དང་། དེའི་ཕྱིར་རེ་ཞིག་སེམས་ཅན་གྱི་དོན་བཏང་སྙོམསུ་འཇོག་ཅིང་རང་ཉིད་ཏིངངེ་འཛིན་གྱིས་བདེ་བ་ལ་གནས་པ། ཉན་ཐོས་ཀྱི་བསམ་གཏན་ལ་སོགས་པ་དང་མཐུན་པར་ལྷུང་བ་སྲིད།། རྨྱི་ལམ་ལུང ་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ས་བདུན་པ་མན་ཆེད་དུ། བདུད་དམ་བདུད་ཀྱི་ལུས་ཀྱང་རིག་པར་བྱའོ་ཞེས་གསུངས་པའི་ཕྱིརརོ།། ཡང་འདིར་དམན་པའི་ལམ་སྔོན་དུ་སོང་བའི་བྱང་ཆུབ་སེམས་དཔ ་འགའ་ཞིག་ས་བརྒྱད་པོ་ལ་སོགས་པའི་གནས་སྐབས་ན་ཡང་། ཉན་ཐོས་ལ་སོགས་པ་དང་མཐུན་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་། དེ་ཉིད་ལ་མྱ་ངན་ལས་འདས་པའི་འདུ་ཤེས་ཅན་དུ་འགྱུར་བར་འདི་ཉིད་ཀྱི་འོག་ནས་སྟོན་ཏོ།། ་དེ་བཞིན་གཤེགས་པ་ཞེས་པ་སོགས་པསྡུ་ནི་ས་དང་པོ་ལ་སོགས་པ་གནས་པ་དང་། བཅུ་པ་ལ་གནས་པའི་ཐུན་མོང་པའི་དགོས་པའོ།། དེ་ལྔ་ཐོབ་པ་ནི་ཡོན་ཏན་གྱི་ཁྱད་པར་སྐྱེ། ས་དང་པོ་ལ་སྤྲུལ་པ་བརྒྱ་འགྱེད་པར་ནུས་ཞེས་པ་ལ ་སོགས་པ་དང་། ས་བཅུའི་བར་དུ་ཡོན་ཏན་གྱིས་ཁྱད་པར་རྒྱས་པར་གསུངས་པ་རྣམ་སོ།། ཁོང་དུ་ཆུད་པ་ནི་རྟོགས་པའི་ཆེ་སོ།། དེ་ལྟར་བྱིན་གྱིས་མུ་བརླབས་པ་ནི་ཡང་དག་པའི་ས་ལ་ཞུགས་པ་འམ། གཞན་ཡང་རུང་སྟེ་ཚོགས་དང་མོས ་པ་དམན་ཞིང་དབང་པོ་བརྟུལ་བ་རྣམས། ད་ལྟར་དངོ་མ་འོངས་པའི་དོན་ལས་འབྱེད་པར་བྱེད་པའི་བདུད་ཀྱི་དབང་དུ་འགྱུར་ཞིང་། ཁོང་དུ་ཆུད་པ་ནི་དེ་ཉིད་ཀྱིས་མུ་སྟེགས་ཅན་གྱི་བསམ་པ་སྟེ། ལྷ་དང་ཚངས་པ་ལ་སོགས་པ་ཐོབ་པར་བྱ ་བའི་དོན་དུ། བསམ་གཏན་དང་གཟུགས་མེད་ཀྱི་ཏི་ངེ་འཛིན་སྒོམ་ཞིང་། དེ་དག་གི་རེ་ལ་ཆགས་པར་འགྱུར་བའོ།། ཉན་ཐོས་ཀྱི་བསམ་པ་ཡང་སྔར་བསྟན་པ་ལྟར་རམ། གཞན་ཡང་བདུད་སངས་རྒྱས་ཀྱི་ཆ ་བྱད་ལ་སོགས་པར་བྱས་ནས། ཁྱོད་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་པས་ཅི་ཞིག་བྱ་སྟེ། དེ་ནི་བསྐལ་པ་དཔག་ཏུ་མེད་པར་སྡུག་བསྔལ་མང་པོ་མྱོང་བར་འགྱུར་བས་འདི་ཉིད་དུ་རང་གི་སྲིད་པའི་སྡུག་བསྔལ་མཐར ་ངས་ཤིག་ཞེས་པ་ལ་སོགས་པ་བསྟན་པས་སེམས་བསྐྱེད་པ་ལ་ལྡོག་པ་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གཙུག་གཏེར་ཆེན་པོ་བདུད་ཀྱི་ལེའུ་ལས་ཇི་ལྟར་གསུངས་པ་བཞིནོ།། འདི་ཡང་ཡང་དག་པའི་ས ་ལ་ཞུགས་པ་རྣམས་ལ་ནི་མི་སྲིད་དེ། ཆོས་ཉིད་ཀྱི་ཐོབ་པའི་སེམས་སྐྱེས་པའི་ཕྱིར་དང་། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་དུ་རྟོགས་པའི་ཕྱིརརོ།། འདི་རྣམས་ཀྱང་གང་གི་སའི་རིམ་པར་འགྱུར་ཞེས་དྲིས་པ་ལ་སོ ་པའི་ལན་དུ་སྦྱར་བར་བྱའོ།། དེ་ནས་ཡང་ཞེས་པ་ལ་སོགས་པས་སྔར་བརྟེན་འབྲེལ་གྱི་དོན་བསྟན་པ་ལ་རྩད་པ་སྤངས་པ་སྟེ། དྲི་བའི་དོན་ནི་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པས་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པར ་བསྟན་གྱི་ཆོས་ཐམས་ཅོད་སྐྱེ་བ་མེད་པ་དེ་བཞིན་གཤེགས་པ་ཉིད་ཀྱི་ཚུལ་ལུགས་ཟབ་མོ་བསྟན་པའི་སྒོ་ནས་དམིགས་པ་ཅན་གྱི་སྐྱེ་བོ་ཕྱིན་ཅི་ལོགས་ལས་བཟློག་ནས། རང་གི་ཚུལ་ལུགས་ཟབ་མོ་གཟུང་བའི་གཏམ་མ་གསུང ་ཏེ། དེས་ན་ཕྱི་རོལ་པ་རྣམས་དང་ཁྱད་པར་མེད་པས་འགའ་ཞིག་ནི། སྒྲོ་འདོགས་པའི་མཐར་ལྟུང་ལ། གང་ཡང་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པ་འགའ་ཞིག་སྐུར་པ་འདེབས་པའི་མཐར་ལྟུང་སྟེ། རྒྱུ་དང་འབྲས་བུ་དོན་དམ ་པའི་དངོས་པོར་གསུངས་ཀྱི། སྒྱུ་མོ་ལྟ་བུར་བསྟན་པ་མེད་ལ། དོན་དམ་པའི་དངོས་པོ་ཡང་སྔར་བསྟན་པའི་ཚད་མས་གནོད་པས་མི་འཐད་ཅིང་། སྒྱུ་མ་ལྟ་བུའི་ཚུལ་དུ་མ་ཡང་མ་གསུངས་པས་རྒྱུ་དང་འབྲས་བུ་མེད་པའི་ཕྱོགས་ཉིད ་བསྟན་པར་འགྱུརརོ་སྙམ་དུ་དོགས་པའོ།། གཞན་ཡང་འདི་ཡོད་ན་འདི་ཡོད་ཅེས་པའི་རྟེན་འབྲེལ་གྱི་ཚིག་གི་དོན་ཡང་། མངོན་སུམ་བརྗོད་པར་བྱེད་པ་ཉིད་ཡིན་པས་གདུགས་དང་དྲི་མ་ལྟར་དུས་མཉམ་པ་ལ་འཐད་ཀྱི། རིམ་གྱིས་འབྱུང ་བ་ལ་མི་འཐད་དེ། རྒྱུ་འདི་ཡོད་ན་འབྲས་བུ་མ་སྐྱེས་པས་འདི་ཞེས་པ་མི་འཐད་ལ། འབྲས་བུ་སྐྱེས་པ་ན་རྒྱུ་འགགས་པས་འདི་ཞེས་པ་མི་འཐད་དོ།། དེས་ན་མུ་སྟེགས་བྱེད་ཀྱིས་རྣམ་པར་བརྗོད་པ་ཉིད་བཟང་གི་ཞེས་པ་ནི་གྲངས་ཅན་པ ་རྣམས་ཀྱིས་འབྲས་བུ་སྔར་ནས་ཡོད་པ་རྒྱུའི་བདག་ཉིད་དུ་གྱུར་པ་ཉིད་སྐྱེ་བར་འདོད་པ་ལ། འདི་ཡང་ན་འདི་ཡོད་ཅེས་པ་འཐད་ཀྱི་ཁྱེད་ཀྱི་ཕྱོགས་ལ་མི་འཐད་ཅེས་པའོ།། བརྟེན་ཅིང་འབྲེལ་པར་འབྱུང་བ་མཱ་ལགས་པའི་རྒྱུ་ཡིས་འབྲས ་བུ་མངོན་པར་སྒྲུབ་ཅེས་པ་ནི་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་དེ་རྣམས་ཉིད་རྒྱུ་ལས་མ་སྐྱེས་ཏེ་རྟག་ཏུ་གནས་པ་ཡིན་ལ། དེ་ལས་འབྲས་བུ་འབྱུང་བར་འདོད་པ་དང་། གཞན་ཡང་འབྲས་བུ་རྒྱུའི་བདག་ཉིད་དུ་གྱུར་པ་སྔར ་ནས་གནས་པ་ཉིད་མི་གསལ་བ་ལས་གསལ་བར་གྱུར་པ་ཙམོ་ཞེས་ཁས་ལེན་པའོ།། གཞན་ཡང་ཐ་དད་དུས་མཉམ་པ་ལ་ཡང་རྒྱུ་འབྲས་འཆོལ་བ་ཉིད་དུ་འགྱུར་བས། རྒྱུ་དང་འབྲས་བུའི་དབྱེ་བ་ངེས ་པ་ཉིད་དུ་མི་འཐ་།། ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུད་པ་དུ་མར་ཁས་ལེན་པ་ནི། སྔར་བསྟན་པ་ལྟར་ཕན་ཚུན་བལྟས་པས། རྒྱུ་དང་རྐྱེན་ཡང་འདྲེས་ཞེས་པ་ནི། འབྲས་བུ་དང་འདྲེས་པ་སྟེ། དེ་དག་ཉིད་ཀྱང་འབྲས་བུར་འགྱུར་བའོ།། ་དེ་བཞིན་དུ་འབྲས་བུ་ཡང་འབྲས་བུ་གཞན་གྱི་རྒྱུ་རེ་འགྱུར་ལ། དེ་ལ་རྒྱུའི་ཐ་སྙད་རྣམ་པར་འཇོག་པ་ནི་དེ་ཉིད་ཀྱི་འདྲེས་བུ་ལ་བལྟོས་ལ། ངས་འབྲས་བུར་གྲུབ་པ་ཡང་རྒྱུ་ལ་བལྟོས་ཤིང་། འབྲས་བུ་དེ་ཡང་གཞན་གྱི་རྒྱུར་ཁས་ལེན ་དགོས་ལ། དེ་ལ་རྒྱུར་ཐ་སྙད་འཇོག་པ་ཡང་དེ་ཉིད་ཀྱི་འབྲས་བུ་གྲུབ་པ་ལ་བལྟོས་ཤིང་། དྲི་གྲུབ་པ་ཡང་རྒྱུ་གྲུབ་པོ་ལ་ལྟོས་པས་ཕན་ཚུན་བརྟེན་པ་ཐུག་པ་མ་མཆིས་པར་འགྱུར་བའོ།། དེའི་ཕྱིར་འདི་ཡོད་ན་འདི་ཡོད་ཅེས་རྐྱེན་འབྲེལ ་དངོས་པོའི་ངོ་བོདྨོ་བརྗོད་པ་ནི་ཕྱིར་ཞིང་དེ་ཉིད་དགག་པ་བྱས་པ་ཉིད་དུ་འགྱུརརོ།། ལན་གྱི་དྲིན་ནི་ཁོ་བོ་ཅག་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཀུན་རྫོབ་ཏུ་རང་གི་སེམས་སྦེང་པ་ཙམ་ཡིན་ཞིང་དོན་དམ་པར་སེམས་ཀྱི་ངོ་བར ་གྲུབ་པ་ཡང་མ་ཡིན་ཏེ། རྐྱེན་ཉིད་འདི་ཙམ་སྒྱུ་མ་ལྟ་བུ་ཉིད་དུ་འདོད་པས། འདི་ཡོད་པས་འདི་ཡོད་ཅེས་བརྗོད་ཀྱང་རྒྱུ་དང་བྱེད་པ་དོན་དམ་པའི་དངོས་པོར་སྨྲ་བ། ཕྱི་རོལ་པ་ལ་སོགས་པ་དང་མཚུངས་པ་མ་ཡིན་ལ། ཀུན་རྫོབ་ཏུ་གང ་གི་འཇུག་ཐོགསུ་གང་ཞིག་ངེས་པར་འབྱུང་བའི་རྒྱུ་དང་འབྲས་བུ་མ་འདྲེས་པ་ཉིད་དུ་སྣང་བས་རྒྱུ་རྐྱེན་འབྲས་བུ་དང་འདྲེས་པ་སྟེ། ཕན་ཚུན་འཆོལ་བ་ཉིད་དུ་འགྱུར་པའི་སྐྱོན་ཡང་མེད་དེ། དེའི་ཕྱིར་སྐུར་པའི་མཐར་ཡང་མི་ལྟུང་ངོ་།། དོན་དམ ་པར་དཔྱད་ན་དེ་འདྲ་བའི་ཉེས་པ་ལ་སོགས་པ་དང་འབྲེལ་པས་རྒྱུ་འབྲས་ཡང་དག་པའི་དངོས་པོར་ཁས་མི་ལེན་པའོ།། དེ་ལྟར་མཐའ་གཉིས་འགྱུར་བ་ནི། ཕྱིའི་དོན་དངོས་པོར་ཁས་ལེན་པོའམ། སེམས་ཉིད་ཡང་དག་པའི་དངོས་པོར ་ཁས་ལོན་པ་ལ་རིགས་ཀྱི། ངའི་ལུགས་ལ་ནི་རིགས་པ་མ་ཡིན།། བློ་གྲོས་ཆེན་པོས་ཡང་གསོལ་པ་ཞེས་པ་ལ་སོགས་པས་ནི་ངོ་བོ་ཉིད་མེད་པའི་དོན་ལ་བརྩད་པ་སྤང་བ་སྟེ། ཕྱི་རོལ་པ་གང་དག་སྒྲ་དངོས་པོའི་སྟོབས་ཀྱིས་འཇུག ་པས་དེ་ལྟ་བུའི་བརྗོད་པར་ཡོད་པས་བརྗོད་པར་བྱ་བའི་དོན་ཀྱང་ཡོད་དོ།། གལླ་ཏེ་དེ་ལྟ་ན་ཆུ་ཀླུང་གི་འགྲམ་ན་བུ་རམ་གྱི་ཤིང་རྟ་བརྡལ་བ་དག་ཡོད་ཞེས་པ་དོན་གྱི་སྙིང་པོའི་སྒྲ་དྲག་དམིགསོ་ཞེ་ན། བཱ་དེ་ནི་དེ་དེ་འདྲ་བའི་ངག ་གཱི་སྒྱུ་ཡུལ་དང་བཅས་པ་བརྗོད་པ་ནི་རང་གི་བརྗོད་པར་བྱ་བ་ལ་འཁྲུལྔ་མོད་ཀྱི། ཚིག་གི་རང་བཞིན་གྱི་སྒྲ་ཡུལ་དང་དུས་ཀྱིས་ཁྱད་པར་དུ་མ་བྱས་པ་བུམ་པ་ཞེས་བརྗོད་པ་ལྟ་བུ་ནི་བརྗོད་བྱའི་དོན་ལ་མི་འཁྲུག་པ་སྟེ། དེ་འདྲ ་བའི་ཚིག་གི་དོན་ཡུལ་ལམ་དུས་གང་ན་ཡང་རུང་བ་ནི་མེད་པ་མི་སྲིད་པའི་ཕྱིརརོ་ཞེས་འདོད་པ་དགག་པའི་དོན་དུ་ཞུ་བ་པོས་གླིང་བསླང་པའོ།། བརྗོད་པ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གྲགས་པ་ཡང་མི་ཡིན་ཞེས་པ་ནི ་ལུས་དང་ངག་གི་རིགས་བྱེད་འགའ་ཞིག་སྤངས་རྒྱས་ཀྱི་ཞིང་འགའ་ཞིག་དུ་དོན་འགའ་ཞིག་ལ་བརྡར་གྲགས་པ་དེ་ཉིད་ཞིང་ཐམས་ཅད་དུ་མཐུན་པར་བརྡར་གྲགས་པ་མ་ཡིན་ཏེ། བརྡ་ནི་སྐྱེས་བུའི་འདོད ་པ་ལ་བལྟོས་ན་ཇི་ལྟར་བརྡ་བྱས་པ་དེ་བཞིན་དུ་དེ་དག་གི་དྲིན་གོ་བར་ནུས་པའི་ཕྱིརརོ།། དེའི་སྩོལ་ཞེས་པ་ནི་ལུས་ངག་གི་སྩོལ་ལམ་ཟུར་ཙམ་བསྟན་པའོ།། ཞིང་དྲན་པ་ནི་སེམས་ཀྱི་རྒྱུ་བ་རགས་པ་སྟེ། གཞན་གྱི་སེམས་ཤེས་པ་རྣམས་ལ ་དེས་མཚོན་ནས་ཟབ་མོའི་དོན་གཞན་སྟོན་པའོ།། མིག་མི་མཚུངས་པར་བལྟས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་སོགས་པ་ཐོབ་པས་དེ་ཉིད་དེ་ཐོབ་པའི་བརྡར་འགྱུར་བའོ།། དོན་སྟོན་བྱེད་ཀྱི་བརྡ་ངེས་པ་མེད་པ་དེ་ནི། འཇིག་རྟེན་འདི ་ཉིད་ན་ཡང་སྣང་སྟེ། སྲིན་བུ་དང་སྦྲང་མ་ལ་སོགས་པ་རྣམས་མི་རྣམས་ལྔ་བརྡར་གྲགོས་པའི་བརྗོད་པ་མེད་པས་ལུས་ཀྱི་རིགས་བྱེད་ལ་སོགས་པ་གཞན་གྱིས་ཕན་ཚུན་འདུ་བ་ལྀ་སོགས་པར་རང་རང་གི་དོན་སྟོན་པའི་བྱ་བ ་བྱེད་པའོ།། དེ་ནི་ས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་རྣམ་གྲངས་གཞན་གྱི་སྒོ་ནས་རྒྱས་པར་སྟོན་ཏེ། དྲོ་བའི་དོན་ནི་མདོ་སྡེ་འདི་དང་། མྱ་ངན་ལས་འདས་པ་ལ་སོགས་པ་ལས་དེ ་བཞིན་གཤེགས་པའི་སྙིང་པོ་རྟོག་པ་དང་བདག་ལ་སོགས་པའི་རང་བཞིན་དུ་གྱུར་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་པ་རྟག་པ་ཞེས་པ་ལ་སོགས་པའི་སྒྲའི་དོན་གང་ཡིན་ཞེས་པོའོ།། ལན་གྱི་དོན་ནི་བྱིས་པའི་སྐྱེ་བོའི་སེམས ་ཕྱིན་ཅི་ལོག་གི་གཟུང་ཡུལ་ནི་དེ་ལྟར་སྣང་བ་ཕྱིན་ཅི་ལོག་གི་བློ་ཉིད་ཀྱི་བདག་ཉིད་ཡིན་ལ། དེའི་དེ་ཁོ་ན་ཉིད་ཀྱང་འཕགས་པ་རྣམས་ལ་སྣང་བ་སྟེ། དེ་རྣམས་ལ་སྣང་བ་ཡང་ཀུན་རྫོབ་ཏུ་བློ་ཉིད་ཀྱི་བདག་ཉིད་ཡིན་ཞིང་། བློ་ཡང་དོན་དམ་པའི་དངོས ་པོས་སྟོང་ལ། དེ་ལྟར་སྣང་ཞིང་མྱོང་བ་མི་འགོག་པ་སྟེ། རིག་པ་དང་སྟེང་པ་ཟུང་དུ་འཇུག་པའི་དེ་བཞིན་ཉིད།། དེ་ནི་དེ་ལས་གཞན་དུ་མི་འགྱུར་བས་རྟག་པ་ཞེས་ཀྱང་བྱ་ལ། བྱིས་པའི་སྐྱེ་བོ་ལ་སོགས་པ་རྣམས་དེ་ལས་གཞན་དུ་སྣང་བས། ་དེ་དག་གི་བློ་ནོར་པ་ཕྱིན་ཅི་ལོག་ཅེས་ཀྱང་བྱའོ།། དེ་ལྟར་ན་ཕྱིན་ཅི་ལོག་གི་དེ་བཞིན་ཉིད་བརྟག་པ་དང་། དེ་ཡང་མ་རྟོགས་ནི་འཁོར་བའི་རྒྱུར་འགྱུར་ཞིང་། ཕྱོགས་འགའ་རྟོགས་པའམ་ཇི་ལྟ་བ་བཞིན་བདག་ཉིད་ཐམས་ཅད་ནས ་རྟོགས་ན། ཅི་རིགས་པོར་བྱང་ཆུབ་གསུམ་གྱི་རྒྱུར་འགྱུར་པས་མྱ་ངན་ལས་འདས་པའི་རིགས་ཞེས་ཀྱང་བྱའོ།། དེ་ཡང་གསུམ་གྱི་རྒྱུར་འགྱུར་བ་ནི་གནས་སྐབས་ལ་དགོངས་ཏེ། གསུངས་པ་ཡིན་ཞེས་པ་ལ་སོགས་པ་སྔར་རྒྱུས ་བར་བསྟན་ཏོ།། འདི་ལྟ་སྟེ་ཞེས་པ་ལ་སོགས་པས་དོན་དེ་ཉིད་རྒྱས་པར་འཆད་དེ། དེ་ལ་དཔེའི་དོན་ནི་མི་མཁས་པ་དག་གིས་སྨིད་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པའི་དངོས་པོ་ཡང་དག་པར་འཛིན་པས་ནོར་པ་ཕྱིན་ཅི་ལོག ་ཅེས་ཀྱང་བྱའོ།། ཡང་དེ་ལྟར་སྣང་བ་ཉིད་ཆུ་ལ་སོགས་པ་ཡང་དག་པའི་དངོས་པོས་སྟེང་ལ། དེ་ལྟར་སྣང་བ་མ་འགགས་པ་ཟུང་དུ་འཇུག་པ་སྒྱུ་མ་ཙམ་དུ་རྟོགས་ཏེ། དེ་ལྟར་རྟོག་པ་ནི་སྣང་བ་དེའི་དེ་བཞིན་ཉིད་གཞན་དུ་མི་འགྱུར་བའི། ་ཆོས་ཉིད་མི་འགྱུར་བ་བཞིན་དུ་ཞེས་པའོ།། མིག་གི་སྐྱེས་བུ་ནི་མིག་ཡོར་གྱི་ཁྱད་པར་སྐྱེས་བུར་སྣང་བའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དཔེ་ཡིས་མཚོན་པའི་དོན་བྱིས་པའི་སྐྱེ་བོ་ལ་སོགས་པའི ་བློ་ནོར་པ་དང་རྟག་པ་ཉིད་དུ་བསྒྲུབས་པ་སྟེ། དེ་ལ་ནོར་པ་ནི་འཕགས་པ་རྣམས་དང་མི་མཐུན་པར་དོན་ཅིག་ལ་འགལ་བའི་རྣམ་པ་དུ་མར་སྣང་བས་སོ།། དེའི་དེ་བཞིན་ཉིད་བརྟགས་པ་ནི། དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པའི་ཕྱིར། ་ཞེས་པ་སྟེ། ནོར་བ་ཕྱིན་ཅི་ལོག་གི་བློ་ཉིད་དོན་དམ་པའི་དངོས་པོར་མ་གྲུབ་ཅིང་། དེ་ལྟར་སྣང་བ་ཙམ་མ་འགགས་པས་སྔར་བསྟན་པ་ལྟར་ཟུང་དུ་འཇུག་པའི་སྒྱུ་མ་ལྟ་བུའི་ཆོས་ཉིད་ཡིན་ལ། དེ་ནི་དེ་ལས་གཞན་དུ་མི་གྱུར་པས་རྟག་ཅེས ་པའོ།། དེ་ལྟ་ན་རྟུག་པོའོ་ཞེས་མི་སྟོན་པར་མི་རྟག་པར་མི་བྱེད་ཅེས་སྟོན་པཱ་ཅིའི་ཕྱིར་ཞེ་ན་འདིར་རྟག་པ་ཐེར་ཟུག་པའི་དངོས་པོར་གྲུབ་པ་མ་ཡིན་གྱི། མི་རྟག་པའི་དངོས་པོ་བཀག་པས་སྒྱུ་མ་ལྟ་བུའི་ཆོས་ཉིད་མི་འགྱུར་བ་ཙམ་བསྟན ་པའི་དོན་དུ་ཡི་ནོ།། ཇི་ལྟར་ན་ཞེས་པ་ལ་སོགས་པས་ནི་སྔོར་གྱི་གཏན་ཚི་ཌཱ་མ་ཀྱོབ་པ་བརྩད་པ་སྤངས་པ་སྟེ། ཇི་ལྟར་རྒྱ་མཚོའི་རླབས་དང་གུངྒཱའི་ཆུ་ལཱ་ཡཱི་དྭགས་ཀྱི་རྣག་ཁྲག་དུ་མཐོ་ཞིང་ཚུར་མི་མཐོང་བ་དང་། མི་ལ་སོགས་པ་རྣམས་ཀྱི ་ཆུར་མཐོང་ཞིང་རྣག་ཁྲག་དུ་མི་མཐོང་བའི་ཕྱིར། དེ་ལྟར་སྣང་བ་ནི་བདེན་པའི་དངོས་པོ་སྤངས་པ་སྟེ། དོན་གཅིག་ལོ་འགལ་བ་དུ་མ་མི་སྲིད་པའི་ཕྱིརརོ།། ཡང་རང་རང་གི་ཤེས་པའི་དོན་སྣང་ཞིང་དོན་བྱེད་པས། དངོས་པོ་མེད་པ་ཡང་རྣམ ་བཔར་སྤངས་པའོ།། དེར་དེ་བཞིན་དུ་བྱིས་པ་ཐམས་ཅད་སྤྱོད་ཡུལ་སྣ་ཚོགས་ཀྱི་ཕྱིརོ།། ཞེས་པ་སྟེ་བློ་དང་བློའི་ཡུལ་ཇི་ལྟར་སྣང་ཞིང་། མྱོང་བ་འདི་ཉིད་ལ་ཁ་ཅིག་གིས་ནི་ཕྱི་རོལ་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་དུ་འཛིན་ལ་ཁ་ཅིག་གིས་ནི ་རགས་པ་ཡན་ལག་ཅན་གྱི་རྫས་གཅིག་ཏུ་འཛིན་ཅིང་།། འགའ་ཞིག་གིས་ཤེས་པའི་དངོས་པ་དོན་དམ་པར་འཛིན་ལ། གཞན་དག་གིས་དངོས་པོ་མེད་པའི་སྣང་བ་ཙམ་དུ་རྟོགས་པས་འགལ་བ་འདུ་བ་མི་སྲིད་པའི་ཕྱིར། ནོར་པ་ནི་དངོས་པོ ་མ་ཡིན་ལ་རང་རང་གི་བློའི་དོན་དེ་ལྟར་སྣང་ཞིང་མྱོང་ལ། དེ་ཡང་ཀུན་རྫོབ་ཏུ་གྲུབ་པས་དངོས་པོ་མེད་པ་ཡང་མིན་ཞེས་པའོ།། འདི་ལྟར་ཆུ་དེ་བཞིན་དུ་སྣང་བས་ན་ཞེས་པ་ནི། འདི་ལྟ་སྟེ་ཡི་དགས་རྣམས་ཀྱིས་མཐོང་བ་དང་མི་མཐོང་བ། ་ཕྱིར་ཞེས་པ་དང་། དེ་ན་ནི་སྤྱིར་བསྟན་ཏོ།། དེ་ལྟར་ནོར་པ་ནི་ཞེས་པ་ལ་སོགས་པ་ནི་སྐབས་ཀྱི་དོན་བསྡུ་བ་སྟེ། ཕྱིན་ཅི་ལོག་རྣམ་པར་སྤངས་པ་ནི་བྱིས་པ་ལྟར་དངོས་པོ་སྣ་ཚོགསུ་འཛིན་པ་སྤངས་པའོ།། ཕྱིན་ཅི་ལོག་མ་ཡིན་པ་རྣམ ་པོར་སྤངས་པ་ནི་སྣང་ཞིང་མྱོང་བ་ཙམ་མ་འགགས་པའི་ཕྱིར།། དེས་ན་ཡེ་ཤེས་དེའི་ངོ་ན་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པའོ།། དེ་ལྟར་གཏན་ཚིགས་ཉིད་བསྒྲུབས་ནས་སྐབས་ཀྱི་བསྒྲུབ་བྱ་ལ་སྦྱོར་བ་ནི། དེ་ལྟར་ཡང ་ཞེས་པ་ལ་སོགས་པ་སྟེ། ནོར་པའི་དེ་བཞིན་ཉིད་དངོས་པོ་དང་དངོས་པོ་མེད་པའི་མཐའ་གཉིས་སྤངས་པ་ཟུང་དུ་འཇུག་པའི་མཚན་ཉིད་ཡིན་པས། མཚན་ཉིད་ཐ་དད་པ་མ་ཡིན་ཅེས་པ། ནོར་པོའི་ཆོས་ཉིད་ཡུལ་དང་དུས་ལ་སོགས ་པ་ཐ་དད་མ་ཡིན་པས་བརྟག་པའོ།། བློ་གློས་ཆེན་པོ་ཞེས་པ་ལ་སོགས་པས་དོན་དེ་ཉིད་རྒྱུས་པར་འཆད་པའོ།། བློ་གྲོས་ཆེན་པོ་ཇི་ལྟར་ན་ཞེས་པ་ལ་སོགས་པས་ནོར་བ་ནོར་བ་དེ་ཁོ་ན་ཉིད་དུ་བསྒྲུབས། ་པ་སྟེ། སྔ་མ་ལྟར་ནོར་པ་འཕགས་པ་རྣམས་ཀྱི་ཡུལ་དུ་བྱས་པ་ལྟར། དེའི་ཆོས་ཉིད་དེ་བཞིན་ཉིད་ཡིན་ཏེ། དེས་ན་དེའི་ཆོ་སོ་ཉིད་གཞན་དུ་མི་འགྱུར་བའི་དེ་ཁོ་ན་ཉིད་ཡིན་ཞེས་པའོ།། དེ་ཡང་ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལས། གཟུགས་ནི་དེ་བཞིན་ཉིད་ཀྱི་ཕྱིར་ཟབ་མོ་ཞེས་པའམ། གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གཟུགས་ཟབོ་ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ།། དེ་ལ་ཕྱིན་ཅི་ལོག་གི་བློ་ཡང་མི་འཇུག་ཅེས་པ་ནི་བྱིས་པའི་སྒྲོ ་བ་ལྟར་དངོས་པོ་སྣ་ཚོག་སུ་མིནྡ་ཞེས་པའོ།། དེ་བཞིན་དུ་སྣང་ཞིང་མྱོང་བ་ཙམ་ལ་སྐུར་པ་མི་འདེབས་པའི་ཕྱིན་ཙཱ་མི་ལོག་པའི་བློར་ཡང་མྱི་འགྱུར་ཏེ། དེས་ན་འཕགས་པ་རྣམས་ནོ་ནོར་པ་ལ་རིག་པ་དང་སྟོང་པོ་ཟུང་དུ་འཇུག་པ་གྱི་ན ་སྒྱུ་མ་ལྟ་བུར་རྟོག་པའོ།། འདིར་གྱི་ན་ཞེས་བློའི་མདུན་དུ་བྱས་པའི་མཚོན་མ་དེ་ཉིད་བདེན་ནམ་ཞེ་ན། མ་ཡིན་ཏེ། དྭེ་ནི་བྱིས་པ་རྣམས་ཀྱིས་བརྗོད་པའི་རྗེ་སུ་འབྲངས་ནས་བཏགས་པ་ཙམ་དུ་ཟད།། འདིའི་དོན་ཞིབ་ཏུ་ནི་སྔོར་བསྟན་ཟིན་ཏོ།། ་གྲིས་ཆེན་པོ་ནོར་པ་དེ་ཡང་ཞེས་པ་ལ་སོགས་པས་དེ་ཉིད་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུའམ་རིགས་ཉིད་དུ་སྟོན་ཏེ། བྱིས་པའི་སྐྱེ་བོའི་སེམས་ཕྱིན་ཅི་ལོག་དེ་ཉིད་བྱིས་པ་རྣམས་ཀྱི་ཕྱིན་ཅི་ལོག་སྣ་ཚོགསུ་བརྟགས་པས་ལ ་བ་ཉིད་མངོན་པར་འགྲུབ་པར་བྱེད་པ་དང་། ཕྱིན་ཅི་མ་ལོག་པ་ཡིན་པ་སྟེ་བདག་ཉིད་ཐམས་ཅད་ཕྱོགས་འགའ་ཞིག་ནས་ཇི་ལྟ་བ་བཞིན་རྟོགས་ན་འཕགས་པའི་རིགས་ཉིད་དུ་འགྱུར་ཞིང་། བྱང་ཆུབ་རྣམ་པ་གསུམ་ཐོབ་པར་བྱེད་པའོ།། རང ་དང་སྤྱིའི་མཚན་ཉིད་ལ་མངོན་པོར་ཞེན་པ་ནི་ཕྱིན་ཅི་ལོག་དེ་ཉིད་ཀྱི་རང་དང་སྤྱིའི་མཚན་ཉིད་གང་ཟག་གི་བདག་མེད་པ་མི་བརྟག་པ་དུ་མའི་དངོས་ར་ཞེན་ཅིང་། གཞན་གྱི་སྒྲ་ལ་བརྟེན་ནས་རང་ཉིད་འབའ་ཞིག་གྲོལ་བ་དོན་དུ་གཉེར་བྱས་ནི།། ་ཉན་ཐོས་ཀྱི་རིགསུ་འགྱུར་བའོ།། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་ཅེས་པ་ནི་ཕྱིན་ཅི་ལོག་དང་དེའི་སྣང་བ་ཐམས་ཅད་སེམས་ཙམ་ཉིད་དུ་རྟོགས་ཤིང་། སེམས་ཀྱང་དོན་དམ་པའི་དངོས་པོ་མེད་པ་ཉིད་དུ་རྣམ་པར་མི་རྟོགས ་པའི་ཤེས་རབ་ཀྱིས་རྟོགས་པ་སྟེ། ཇི་ལྟ་བ་བཞི་ནི་བདག་ཉིད་ཐམས་ཅད་ནས་རྟོགས་པའོ།། འཁོར་བའི་ཐེག་པའི་རིགས་ཐོབ་པར་བྱེད་པ་ཡང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིགས་པས་ཕྱིན་ཅི་ལོག་པ་གང་ཟག་གི་བདག་རྟག ་པ་ཐེར་ཟུག་པའི་དངོས་པོར་བརྟགས་ཤིང་། ལས་དང་འབྲས་བུའི་འབྲེལ་པ་ལ་ནི་ཕྱིན་ཅི་མ་ལོག་པ་སྟེ། ལྷ་དང་ཚངས་པ་ལ་སོགས་པའི་དོན་དུ་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པ་དང་། བསམ་གཏན་དང་ཚད་མེད་པ་ལ ་སོགས་པ་བསྒོམས་པས་དེ་དག་ཉིད་ཐོབ་པར་འགྱུར་ཏེ། ལྷའི་ཐེག་དང་ཚངས་པའི་ཐེག་ཅེས་པ་ལ་སོགས་པ་སྟེན་པར་འགྱུར་རོ།། འགའ་ཞིག་གིས་ནི་ལས་དང་འབྲས་བུའི་འབྲེལ་པ་ཡང་ཕྱིན་ཅི་ལོག་སྣ་ཚོགསུ་བརྟགས་པས ་ངན་སོང་གི་འགྲོ་བ་རྣམསུ་འགྱུར་བའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དོན་བསྡུ་བ་སྟེ། རྣམ་པར་བརྟགས་པ་ནི་དེའི་རང་བཞིན་ཇི་ལྟ་བ་བཞིན་དུའོ།། གནས་ངན་ལེན་གྱི་བག་ཆགས ་གཞན་དུ་གྱུར་པས་ནི་ཆོས་ཀྱི་སྐུའི་ཡེ་ཤེས་ཐོབ་པར་འགྱུར་ལ་དེས་ན་དེ་ནི་མཐར་ཐུག་པ་ལ་དེ་བཞིན་གཤེགས་པའི་རིགས་ཡིནི་ཞིང་། དེ་རྣམས་ཀྱིས་ཀྱང་དེ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ཏེ། རྟོགས་པའི་དོན་དེ་ཉིད་ནོར་པའི ་དེ་བཞིན་ཉིད་ཅེས་བྱའོ།། ཚིག་འདི་ཉིད་ཅེས་པའི་ཚིག་གི་དོན།། རྟོག་པ་རྣམས་ཀྱིས་ཀྱང་རྣམ་པར་སྤངས་པ་ནི་ཕྱིན་ཅི་ལོག་གི་ཆོས་ཉིད་བརྟགས་བྱའི་ཡུལ་ལས་འདས་པའོ།། སྨྲས་པ་ཡིནོ་ཞེས་པ་ནི་རྟོགས་དང་བརྟགས་པ ་སྦྱངས་ཞེས་པ་ལ་སོགས་པ་མདོ་སྡེ་འདི་ཉིད་དང་། ཕྱོགས་གཞན་ཡང་།། མཚན་ཉིད་ལ་མངོན་པར་ཞེན་པ་ནི་དངོས་པོར་སྒྲོ་བཏགས་པ་སྟེ། དེ་དང་མཐུན་པར་ཡོད་པ་མ་ཡིན་པའོ།། དེ་བཞིན་དུ་གྱུར་ཞེས་པ་ནི་དེ་དག་གི་སྐྱེ ་བོ་དོན་དམ་པ་ཉིད་དུ་བརྟགས་པ་དང་མཐུན་པར་འགྱུར་བའོ།། བློ་གྲོས་ཆེན་པ་ཞེས་པ་ལ་སོགས་པཱ་སྟྲ་ནི། ནོར་པ་སྒྱུ་མཱ་ལྟ་བུ་ཡིན་ན་སྒྱུ་མྦྷ་ནཾ་རྐྱེནཱ་ལ་སུ་སྐྱེས་པ་དོན་བྱེད་པའི་རང་བཞིན་ཡིན་པ་དང་འདྲ་བར། འདི་ཡང ་ནོར་པ་གཞན་དང་གཞན་གྱི་རྒྱུར་འགྱུར་བས་ཐར་པ་ཉིད་འཐད་པར་མི་འགྱུར་ཞེས་པའོ།། ལན་གྱི་དོན་ནི་སྒྱུ་མ་ལ་སྒྱུ་མ་ཉིད་དུ་རྟོགས་ཤིང་། དངོས་པོའི་བདག་ཉིད་དུ་རྣམ་པར་མ་རྟགས་ན། གནས་ངན་ལེན་གྱི་ཉེས་པ ་ཐེབ་པར་མི་བྱེད་དེ། ཉོན་མོངས་པའམ་དེའི་བག་ཆགས་ཀུན་ནས་སློང་བར་བྱེད་པའོ།། དེ་སྐད་དུ་ཡང་། དཔེར་ན་སྒྱུ་མའི་མཁན་པོ་འགའ།། སྤྲུལ་པ་ཐར་བར་བྱ་ཕྱིར་བརྩོན།། གང་ཕྱིར་འདི་དེ་མངོན་ཤེས་པས།། དེ་ནི་སྦྲུལ་ལ་ཆགས ་པ་མེད།། ཅེས་གསུངས་པའི་ཕྱིའོ།། བློ་གྲོས་ཆེན་པོ་སྒྱུ་མ་ནི་ཞེས་པ་ལ་སོགས་པས་དཔེའི་སྒྱུ་མ་ནི་སེམས་དང་མི་ལྡན་པས་དེ་ཉིད་ཀྱང་། གནས་ངན་ལེན་གྱི་བག་ཚོགས་ཀྱི་མཐུ་ལས་བྱུང་བ་མ་ཡིན་ཞིང་། དེ་འདྲ་བ་གཞན་ཡང་ཐོབ་པར་མི ་བྱེད་པ་རྟག་ཏུ་འཁོར་བར་སྐྱེ་བ་མོ་ཡིན་པ་བཞིན་དུ་འདིར་ཡང་འགྱུར་བའོ།། དེ་ནི་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནོར་པ་གཞན་གྱི་སྒྱུར་འགྱུར་བ་ནི། གང་ཅི་ཡང་རུང་མངོན་པར་ཆགས་པ་མ་ཡིནོ།། ཞེས་སྟོན་ཏོ།། ནོར་པ་མི ་མཐོང་བ་ཞེས་པ་ནི་བྱིས་པས་མཐོང་བ་དང་མཐུན་པར་མི་མཐོང་ཞིང་། ཡང་དག་པའི་དངོས་པོར་སྣང་འཕགས་པའི་གནས་སྐབས་དེར་མཐོང་བ་མིན་ཏོ།། གལ་ཏེ་མཚན་མར་སྐྱེར་ཟིན་ན་ཞེས་པ་ནི་སྔར་བསྟནྡ་པཾ་ལྟར་སྒྱུ་མ་བུམ་གྱི ་ན་ཞེས་བཱི་མཚན་མཱ་སྒྲོ་འདོགས་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་ཐམས་ཅད་སྒྱུ་མ་ལྟ་བུའི་དོན་ཉིད་གསལ་བར་སྟོན་ཏེ། སྒྱུ་མའི་གླང་པོ་ལ་སོགས་པ་སྒྱུ་མར་མེད་པ་མ་ཡིན་ཞིང་། ཡང་དག་པའི་དངོས་པོར་ཡོད་པ ་མ་ཡིན་པ་དང་ཆོས་མཐུན་པར་མཐོང་བའོ།། སྒྱུ་མ་སྣ་ཚོགས་ལ་མངོན་པར་ཆགས་པའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལགས་སམ། ངེས་ཏེ་ལོག་པ་ལ་མངོན་པར་ཆགས་པའི་མཚན་ཉིད་ཀྱིས་ལགས་ཞེས་པ ་ལ་སོགས་པའི་དོན་ནི། སྒྱུ་མ་སྣ་ཚོགས་ལ་དངོས་པོའི་བདག་ཉིད་ཡང་དག་པ་ལ་སོགས་པར་སྒྲོ་བཏགས་པ་བཞིན་དུ། དེ་ལྟར་ཀུན་ལརྟགས་པའི་རང་བཞིན་དེ་ཉིད་ནས་སྒྱུ་མ་ལྟ་བུ་ཡིན་ནམ། འོན ་ཏེ་དེ་ལྟར་སྒྲོ་འདོགས་པ་ཕྱིན་ཅི་ལོག་གི་བློ་ལ་དེ་ལྟར་སྣང་ཞིང་མྱོང་བ་གཞན་གྱི་དབང་གི་མཚན་ཉིད་ལས། སྒྱུ་མ་ལྟ་བུ་ལགས་ཞེས་པརྟོགས་པའོ།། དེ་ལྷ་ཕྱོགས་དང་པོ་ནི་མི་འཐད་དྷེ། སྒྱུ་མ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ ་ཡིན་ལ། གཟུགས་ལ་སོགས་པ་ཡང་དག་པའི་དངོས་པོར་མཚན་ཉིད་སྣ་ཚོགས་པའི་ཀུན་བརྟགས་ནི་རྒྱུ་མེད་པར་ཆུད་མས་མཐོང་བའི་ཕྱིརོ།། གལྤ་ཏི་འདོར་རྒྱུ་ཡོད་ན་དེ་ཡང་གཞན་གྱི་དབང་ཉིད་དུ་འགྱུར།། དེ་ལ་ལོགས་པ ་ལ་མངོན་པར་ཆགས་ཞེས་པ་ནི་དེ་ལྟར་སྣང་ཞིང་མྱོང་བ་ཙམ་ཡིན་གྱི་དོན་དམ་པའི་དངོས་པོ་ལ་སོགས་པར་མངོན་པར་བརྟགས་པོ་ནི་མ་ཡིན།། མཚན་ཉིད་ཀྱིས་ཞེས་པའི་ཚོགས་འདི་རྣམས་ཀྱི་དོ་ནོ།། ཆགས་པ་དང ་རྗེསུ་མཐུན་པར་དེ་ལྟར་སྣང་ཞིང་བརྟགས་པ་ལ་སོགས་པའི་ལྡོག་པ་དེ་ཉིད་ནས་ཞེས་པའོ།། སྒྱུ་མ་ལྟ་བུ་ལགས་ན་ནི་ཞེས་པ་ནི་དེ་ལྟར་བཞེད་ན་ཞེས་པའི་དོན་ཏོ།། བཅོམ་ལྡན་འདས་གང་གིས་ཞེས་པ་ལ་སོགས ་པ་དོན་སྔ་མ་ཉིད་རྒྱས་པར་འཆད་པའོ།། ཕྱོགས་གཉིས་པ་ལ་ནི་དངོསུ་ཉེས་པ་མ་བརྗོད་ཀྱི། སེམས་ཙམ་པ་དག་དེ་ནི་དངོས་པོའི་ངོ་བོ་དོན་དམ་པ་ཡིན་པས་སྒྱུ་མར་མི་འཐད་ཅེས་དོན་གྱིས་རྒོལ་བའོ།། ལན་གྱི་དོན་ནི ་ཕྱོགས་དང་པོ་ནི་ཁས་མི་ལེན་ལ། གཉིས་པའི་དབང་དུ་བྱས་ཏེ་ཕྱིན་ཅི་ལོག་ནི་ཀུན་རྫོབ་དུ་མྱུར་བའི་གློག་དང་འདྲ་བར་སྐད་ཅིག་མའི་བདག་ཉིད་སྒྱུ་མ་སྔ་མ་རྣམས་ཀྱི་དབང་གིས་འབྱུང་བ་ཡིན་ལ། དོན་དམ་པར་དེ་འདྲ་བའི་ངོ་བོ་མོ་འཐང ་པོས་ཚུལ་དེ་ཉིད་ནས་སྒྱུ་མ་ལྟ་བུ་ཞེས་པའོ།། གློག་འགྱུ་བ་སྐད་ཅིག་ཏུ་འཇིག་པ་དེ་བཞིན་དུ། འདུ་བྱེད་རྣམས་ཀྱང་ཞིག་པར་ལྟ་བྱའི་རྣལ་འབྱོར་པ་རྣམས་ཀྱིས་མཐོང་བ་ནི། བྱིས་པ་རྣམས་ལ་མི་སྣང་སྟེ། འདྲ་བ་གཞན་འབྱུང་དང ་ཡོད་པ་དམིགས་པའི་འཁྲུལ་པའི་རྒྱུ་མཚན་གྱིས་བསྒྲིབས་པའི་ཕྱིར།། དེ་བཞིན་དུ་དངོས་པོར་སྣང་བ་ཐམས་ཅད་རང་གི་རྣམ་པར་རྟོག་པའི་གཟུང་བ་སྐྱེའི་མཚན་ཉིད་ཡིན་ལ། དེ་ལ་དེ་བཞིན་དུ་རྣམ་པར་འབྱེད་པ་སྟེ། ཀུན་རྫོབ་དུ་རྣམ ་པར་རྟོགས་པའི་བདག་ཉིད་ཡིན་ཞིང་། དོན་དམ་པར་སྟོང་པ་ཉིད་དུ་རྟོག་པ་མེད་པ་དང་། གཟུགས་ལ་སོགས་པའི་མཚན་ཉིད་ལ་མངོན་པར་ཞེན་པའི་དབང་གིས་དེ་ལྟར་སྣང་བ་སྟེ། དོན་དམ་པའི་དངོས་པོར་མ་གྲུབ་ཅིང་ཀུན་རྫོབ་ཏུ ་སེམས་ཉིད་ཡིན་པས་རྣམ་པར་རིག་པ་སྒྱུ་མ་ལྟ་བུའི་བདག་ཉིད།། ཡང་བློ་གྲོས་ཆེན་པོས་གསོལ་པ་ཞེས་པ་ལ་སོགས་པས་དེ་ཉིད་ལ་བརྩད་པ་ལས་སྤངས་པ་སྟོན་ཏེ། སྒྱུ་མ་ནི་རྟེན་འབྲེལ་ཡིན་པས་མ་སྐྱེས་པར་གསུངས་པ་པ ་འགལ་ལ། གཞན་ཡང་དངོས་པོ་ནི་རྒྱུ་མེད་པར་མི་འཕད་པས་ཀྱང་མ་སྐྱེས་པར་གསུངས་པ་དང་འགལ་ཞེས་པའོ།། ལན་གྱི་དོན་ནི་ཀུན་རྫོབ་ཏུ་སྐྱེ་བ་དང་སྐྱེ་བ་མེད་པར་སྣང་བ་སེམས་ཙམ་དུ་རྟོགས་ཤིང་དེ་ལ་ཕྱི་རོལ་གྱི ་དངོས་པོ་དང་དངོས་པོ་མེད་པར་སྔར་བསྟན་པ་ལྟར་རྒྱུ་ཡོད་པ་དང་མེད་པ་ལས་མི་སྐྱེ་བར་མཐོང་བས་ཕྱི་རོལ་གྱི་ངོ་བོར་མ་སྐྱེས་པ་ཡང་ཡིན་ལ། རིག་པ་སྒྱུ་མ་ལྟ་བུ་ཡིན་པས་འགལ་བ་མེད་ཅིང་། དོན་དམ ་པར་སེམས་ཉིད་རིག་པའི་སྐྱེ་བ་ཡང་མི་འཐད་ལ། ཀུན་རྫོབ་ཏུ་སྐྱེ་བ་ར་གྲུབ་པས་མ་སྐྱེས་པ་དང་སྒྱུ་མ་ལྟ་བུ་ལ་འགལོ་བ་མེད་པའོ།། མུ་སྟེགས་བྱེད་ཀྱི་འདོད་པའི་རྒྱུ་དང་འབྲས་བུ་ནི་དོན་དམ་པ་པའོ།། ཡང་དངོས་པོར་བསྟན་པ་ནི་ཀུན་རྫོབ ་པའི་དངོས་པོ་ཀུན་རྫོབ་ཏུ་རྒྱུ་ལས་སྐྱེ་བ་ཡིན་པས་དོན་དམ་པརརོ་མ་སྐྱེས་པ་དང་འགོལ་བ་མེད་པ་ཉིད་དུ་གསལོ།། དེ་ལྟར་བསྟན་པའི་དགོས་པ་ལ་འཁོར་བ་ཡོངསསུ་བཟུང་བ་ནི། ངའི་སློབ་མ་རྣམས་ཞེས་པ་ལ་སོགས་པས་སྟོན་ཏེ། སེམས ་ཉིད་རིག་པ་ཙམ་གྱི་རྒྱུན་དངོས་པོར་ཡོད་ཅིང་ལས་དང་འབྲས་བུའི་བྱེ་བྲག་ལ་སོགས་པ་བསྟན་པས། འགའ་ཞིག་ནི་སྐྱེ་བ་གཞན་དུ་རང་གི་སེམས་རྒྱུད་སྡུག་བསྔལ་དང་འབྲེལ་པས་འཇིགས་ནས་དེ་ལས་ལྡོག་པའི་དོན་དུ་ཟག་པ ་དང་བཅས་པའི་ལས་དགེ་བའམ། མི་གཡོ་བའི་ལས་སྣ་ཚོགས་ཀྱི་ལྷ་ལ་སོགས་པ་སྐྱེ་བའི་གནས་ཡོངསུ་འཛིན་གོ་འགའ་ཞིག་ནི་སྡུག་བསྔལ་ལས་ཐར་པའི་དོན་དུ། ལས་དང་སྨོན་ལམ་ལ་སོགས་པས་འཁོར་བར་སྐྱེ་བ ་ཡོངསུ་འཛིན་པ་སྟེ། དེའི་དོན་དངོས་པོའི་སྒྲ་སྨོས་པའོ།། ཡང་དག་པའི་གནས་ཇི་ལྟ་བ་ནི་ཡང་དག་པའི་གནས་ལུགས་ཇི་ལྟ་བ་སྟེ། དེ་དང་མི་མཐུན་པར་མཐོང་བའོ།། བཟློག་པ་ནི་དོན་དམ་པའི་དངོས་པོའི་རང་བཞིན་ལ་སོགས ་པར་འཛིན་པའོ།། གླན་པ་ནི་ཕྱིན་ཅི་ལོག་ལས་བཟློག་ནས་ཡང་དག་པའི་ལྟ་བ་ལ་འགོད་པའོ།། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་སྙིང་པོ་སྦྱོང་བར་བྱེད་པའི་ལམ་ཞི་གནས་དང་ལྷག་མཐོང་གི་རྒྱུ ་མཚན་གསུངས་པ་སྟེ། དེ་ལ་རབ་ཏུ་རྟོགས་པ་ནི་དེ་རྣམས་ལ་བརྟེན་ནས་དྲན་པ་དང་ཤེས་རབ་ཀྱི་ཆ་རུ་གཏོགས་པ་ཆེས་ཟབ་མོ་ལ་བཟོད་པའི་རྒྱུར་གྱུར་པའི་གཟུངས་ཐོབ་པ་སྟེ། དེ་ཉིད་ཀྱང་ཞི་གནས་དང་ལྷག་མཐོང་གི་དམིགས་པ་དང་། ་དངོས་པོ་མཐའི་དམིགས་པ་དང་། གསུམ་ཐོབ་པར་གྱུར་པའོ།། རྗེསུ་མི་འབྲང་བ་ནི་དེ་རྣམས་ལ་བརྟེན་ནས་མཚན་མ་སྣ་ཚོགསུ་མི་རྟོགས་པའོ།། དེ་ལས་ཞེས་པ་ལ་སོགས་པས་རྣམ་པར་གཞག་པ་ཙམ་དུ་དེ་རྣམས་ཀྱི་བྱེ་བྲག་མ་འདྲེས ་པར་སྟོན་ཏེ། དེ་ལ་མིང་གི་ཚོགས་ནི་བུམ་པ་ལ་སོགས་པའི་དངོས་པོ་འགའ་ཞིག་མདུན་དུ་བྱས་ཏེ། དེ་ཉིད་ཐ་སྙད་ཀྱི་དྲིསུ་གོ་བར་བྱ་བའི་ཕྱིར་འདི་ནི་བུམ་པ་ཞེས་མིང་དུ་བཏགས་པ་དང་། དེ་འདྲ་བའི་རིགས་ཅན་རྣམ་སོ།། དངོས་པོ་ཞེས་པ་ནི། ་དངོས་པོ་ཙམོ།། ཚིག་གི་ཚོགས་ནི་ཚིག་གི་དོན་མང་པོ་སྟེ། མིང་ལ་སོགས་པ་དུ་མ་འདུས་པ་དྲོན་དུ་གཉེར་བའི་སྐྱེས་བུའི་འཇུག་ལྡོག་གི་ཡུལ་སྟོན་པ་ཕྱོགས་ཆེ་གེ་མོ་ཞིག་ན་བུམ་པ་ཡོད་ཅེས་པ་ལ་སོགས་པ་ལྟ་བུའོ།། དོན་མུང ་པོ་བདེན་པ་ནི་ཀུན་རྫོབ་ཏུའོ།། གདོན་མི་ཟ་བ་ནི་ཚིག་གི་དོ་ནི་དེ་ལྟར་ཡིན་གྱི་གཞན་དུ་མ་ཡིན་ཞེས་ཐེ་ཚོམ་གྱི་གནས་སྤངས་པའོ།། ཐེག་པ་ནི་དོན་དེ་དག་ཙམ་དུ་ཟད་པའོ།། དམིགས་པ་ཞེས་པ་ནི་ཚིག་དང་འདྲེས་པར་སྣང་བའོ།། འདིར ་ཚིག་གི་དོན་ལ་ཚིག་གི་ཚོགས་ཞེས་སྟོན་པ་ནི་ཚིག་ལས་ཐ་དད་པའི་དོན་འགྲུབ་པ་མེད་ཅེས་རྟོགས་པར་བྱ་བའི་དོན་དུ་སྟེ། ཇི་ལྟར་སྔར་བསྟན་པ་བཞི་ནོ།། ཡི་གེའི་ཚོགས་ནི་ཡི་གེ་གོ་རིམསུ་བཀོད་པའི ་ཁྱད་པར་གང་གིས་མིང་དང་ཚིགས་རྣམས་འགྲུབ་པར་བྱེད་ཅིང་སྣང་བར་བྱེད་པ་སྟེ། ཡི་གེ་དང་མཚན་བརྟག་དང་། དོན་ངེས་པར་སྟོན་པའི་མཚན་མི་དང་། དོན་དང་འབྲེལ་པར་དམིགས་པ་དང་། རང་གི་དོན་ལ་འདིའོ་ཞེས་འདོགས་པ་སྟེ་རྣམ ་གྲོགྲགྲོང་སུ་རྟོགས་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་དེ་རྣམས་ཉིད་ཚུལ་གཞན་གྱི་སྒོ་ནས་འཆང་པ་སྟེ། དེ་ལ་ཚིག་ཐུག་པ་ནི་ཡི་གེ་དཔག་ཏུ་མེད་པ་དུ་མ་འབྲེལ་པ་གནས་ཞུགས་པ་མེད་པ་ཉིད་མ་ཡིན་ཏེ། ཅུང་ཟད་ཙམ་དུ་རྒྱ་འཆད ་པའོ།། ཨ་དང་ཧའི་བར་ནི་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་གཞན་རྣམསོ།། ཡི་གེའི་འཇུག་ནི་དབྱངས་ཀྱི་ཐ་མ། ཨ་དྲག་པོ་འམ། ཨ་ཉིད་དམ་ཡི་གེ་ཀྵ་ཞེས་པའོ།། གཞན་ཡང་གླང་པོ་དང་རྟ་ལ་སྩོགས་པ་ཕུང་པོ་གཟུགས་ཅན་དང ་འབྲེལ་པ་རྣམས་ཏེ། དེ་བཞིན་གཤེགས་པའི་བརྡར་གྱུར་པའོ།། ས་ལ་འགྲོ་བ་རྣམས་ཞེས་པ་ནི་རོས་འགའ་མཁའ་ལ་རྒྱུ་བ་བྱའི་སྐྱེ་གནས་རྣམས་ཀྱང་སྟེ། དེ་རྣམས་ཀྱང་ཕལ་ཆེརུ་ས་ལ་འགྲོ་བས་སོ།། ཡང་མིང་གཞིའི་ཕུང་པོ་ནི་མང་གི ་བརྗོད་པའམ་མིང་ལྟར་ཐོག་པ་མེད་པའི་ཕྱིར་མིང་ངོ་།། ཡི་གའི་རང་གི་མཚན་ཉིད་ཀྱིས་སྣང་བ་བྱེད་ཅེས་པ་ནི་དེ་ལས་ཡི་གེ་སྤྱིའི་རྣམ་པར་སྣང་བ་འབྱུང་ཞིང་། དེ་ལས་དོན་གོ་བར་བྱེད་པ་ཡིན་གྱི། དངོསུ་ཡི་གེ་རང་གི་མཚན་ཉིད ་ནི་དོན་བརྗོད་པར་བྱེད་པ་མ་ཡིན་ཏེ། སྐབས་གཞན་དུ་ཤེས་པར་ཟདདོ།། དེ་ལྟ་ན་ཕུང་པོ་གཟུགས་ཅན་དང་འབྲེལ་པ་རྣམས་ཀྱང་མིང་གིས་བརྗོད་པར་བྱ་ཞིང་ཡི་གེའི་རང་གི་མཚན་ཉིད་ཀྱིས་སྣང་བར་བྱེད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བདེ ་མེད་ཀྱི་དེ་ནི་རྒྱུ་རགསོ་པ་ཉིད་ཀྱི་ཕྱིར། མིང་ལ་སོགས་པས་མ་མཚོན་ཀྱང་བླུན་པོ་རྣམས་ཀྱིས་རྟོགས་པར་འགྱུར་བས་དེ་དག་ཙམ་ལ་དགོངས་ཏེ་དེ་ལྟར་མ་གསུངས་པའོ།། དེ་ལ་ཁྱོད་ཀྱི་དྲིས་པར་བྱ་ཞེས་པའི་དོན་ནི་ཐོག་མར་ཞི་གནས་ཀྱི་རྒྱུ ་མཚན་ཉིད་དུ་ཨ་ལ་སོགས་པའི་ཡི་གེ་རེ་རེ་འམ། དུ་མ་འདུས་པ་སྟེ་མིང་དང་ཚིག་གི་བདག་ཉིད་ཨ་ར་པ་ཙ་ནི་ཞེས་པ་ལ་སོགས་པ་དབྱིབསུ་བྲིས་པའི་ཡི་གེ་ལ་སེམས་འདྲིས་པར་བྱ་བ་སྟེ། དེ་ཡཽང་དམིགས་པ་ལ་ནི་སེམས་གཏད་ནས།། དེ ་རྒྱུན་རྣམ་པར་གཡེང་མི་བྱ།། རྣམ་གཡེང་མྱུར་དུ་ཤེས་བྱས་ནས།། དེ་ལ་སླར་ཡང་གླན་པར་བྱ།། ཞེས་པ་ལ་སོགས་པའི་ཚུལ་དུའོ།། དེ་ལྷོར་དམིགས་པ་བརྟན་པར་གྱུར་པ་དང་སྤྲོ་བ་དང་བསུ་བ་ལས་བསླབ་པར་བྱ་ཞིང་། བརྗོད་པའི་ཡི་གེ་ལ ་ཡང་བསླབ་པར་བྱའོ།། དེ་རྣམས་ལ་རྩེ་གཅིག་པའི་ཏིང་འཛིན་ཐོབ་པ་ནི་རྣམ་པར་མི་རྟོགས་པའི་གཟུགས་བརྙན་ཞི་གནས་ཀྱི་དམིག་པ་རྙེད་པའོ།། དེ་ནས་ཨ་ལ་སོགས་པའི་དོན་སྐྱེ་བ་མེད་པ་ལ་བསླབ་པར་བྱ་སྟེ། དེ་དག་ཉིད་སྔར་ཐོས ་པ་དང་བསམ་པའི་ཤེས་རབ་ཀྱི་སྤྱིའི་ཚུལ་དུ་རྟོགས་པའི་དོན་དང་ཡང་སྦྱར་བར་བྱའོ།། དེ་ལྟར་སྐྱེ་བ་མེད་པའི་དོན་ལ་རྩེ་གཅིག་ཏུ་གྱུར་པ་ནི་དངོས་པོའི་མཐའི་དམིགས་པ་ལ་ཡང་ཕ་བོ་པར་འགྱུར་པའོ།། དེའི་སྔོནི་རོལ་ཏུ་དོན་དེ་ཉིད་སྤྱིའི ་རྣམ་པའི་ཚུལ་དུ་རྟོགས་པ་ནི་རྣམ་པར་རྟོགས་པ་དང་བཅས་པའི་གཟུགས་བརྙན་ལྷག་མཐོང་གི་དམིགས་པ་རྙེད་པའོ།། དེ་ལྟར་དམིགས་པ་གསུམ་ཐོབ་པ་ཉིད་གྲོང་ནས་གོང་དུ་བསྒོམས་པས ་དེ་བཞིན་གཤེགས་པའི་སྙིང་པོ་སྦྱངས་པར་གྱུར་པ་ན་དགོས་པ་ཡོངསུ་འགྲུབ་པའི་དམིགས་པ་ཐོབ་ཅིང་། ཆོས་ཀྱི་སྐུའི་ཡེ་ཤེས་སྟོན་དུ་བྱེད་པའོ།། དེ་ལྟར་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་ཀྱི་ཚོགས ་བསྟན་པ་ལས། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ།། ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ལ་སོགས་པ་གསུང་སོ།། གཞན་དག་ལས་ཀྱང་། ཨ་ནཾ་ཡི་གེ་ཀུན་གྱི་མཆོག་ཅེས་པ ་ལ་སོགས་པ་དང་། ཡི་གེ་དྲུག་པོ་རྡོ་རྗེའི་སྒྲ།། འཛོམ་དབྱངས་ཆེན་པོ་སྒྲ་ཆེན་སེ། ཞེས་པོ་ལ་སོགས་ཏེ། འདིའི་དོན་ཞིབ་ཏུ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ།། དེ་སྐད་དུ་ཡང་། བྱང་ཆུབ་སེམས་དཔའ་དང་པོའི་ལས་ཀྱི་སར་གནས་གང་། ་ལྷག་པའི་བསམ་པས་སངས་རྒྱས་བྱང་ཆུབ་མཆོག་ཞུགས་པ།། སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གི། བླ་མ་མཁས་པ་རྣམས་ལ་བརྟག་ཏུ་བརྟེན་པར་བྱ།། ཞེས་པ་ལ་སོགས་པ་གསུངས་པའི་ཕྱིརརོ།། འདི་རྣམས་ཀྱང་ཡི་གེ ་མེད་པར་ཇི་ལྟར་གསུངས།། ཅི་ཡིས་རྣམ་པར་མི་རྟོག་འགྱུར།། ཞེས་དྲིས་པའི་ལན་དུ་སྦྱར་བར་བྱའོ།། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་མི་མཁས་པ་གང་དག་སྔར་ཡོད་པ་དང་། མེད་པོ་ལ་སོགས་པའི་མཚན་མར ་རྣམ་པར་རྟོག་པའི་བློ་ཡིས་སྒྲོ་གཏགས་པ་ནི་གཡང་སའི་གནས་ཀྱི་མཐའ་ཉིད་དུ་གསུངས་པ་ལ་བརྟེན་ནས། གཞན་དུ་ཁྱད་པར་གྱི་གཞི་འགའ་ཞིག་ཁས་བླངས་ནས་དེ་ཉིད་ཡོད་པ་དང་མེད་པ་ལ་སོགས་པའི་ཆོས་གང་གི་བསྡུས་པ ་ཁྱད་པར་དེ་རྣམས་གང་ཡིན་ཞེས་དྲིས་པའི་དུསུ་དེ་དག་ནི་ལུང་བསྟན་པར་འོས་པ་མ་ཡིན་ཏེ། མཐའ་ཉིད་དུ་འགྱུར་བའོ་ཞེས་ཟུར་ཏེ། དེ་ཡང་བདག་ཉིད་རིག་པས་མི་ཤེས་པས་གང་ཡང་རུང་བ་ཞིག་ཏུ་ལུང་བསྟན་པ་ན་ཕ་རོལ ་མཁས་པས་སྐྱོན་བརྗོད་ཀྱིས་དོགས་པའོ།། དེ་འདྲ་བ་དགག་པར་བྱ་བའི་དོན་དུ་ལུང་བསྟན་པར་བྱ་བའི་དབྱེ་བ་ཉིད་དུ་གསུངས་པའོ།། དེ་ལྟ་བའི་མཚན་ཉིད་ནི་དེ་རྣམས་ཀྱི་མཚན་མར་སྒྲོ་འདོགས་པའོ།། མཐའ་གཉིས་ཀྱི་ཚུལ་ནི་སྔ་མ ་ལྟར་ཁྱད་པར་གང་ཡང་རུང་བ་ཞིག་ཏུ་ལུང་བསྟན་པར་འོས་པས་འགའ་ཞིག་ནི་མཱི་འགྱུར་ལ། མི་བདེན་པའི་དོན་སྒྲོ་འདོགས་པ་འགའ་ཞིག་ནི་མཐར་འགྱུར་བའི་ཚུལ་ལུགས་ཕྱིན་ཅི་མ་ལོག་པའོ།། དེ་ཉིད་དྲིས་པ་ན་མངོན་སུམ ་ལ་སོགས་པའི་རིགས་པ་དང་དཔེ་དང་གཏན་ཚོགས་ལ་སོགས་པ་ཤེས་བྱེད་ཀྱི་རྒྱུ་དང་། སྤྱིར་དོན་ཇི་ལྟ་བ་བཞིན་འབྱེད་པའི་བློ་མེད་པས་ཕ་རོལ་གྱི་ཉེ་ས་པ་བརྗོད་པས་འཇིགས་པས་དོན་འདི་ནི་དྲི་བར་མི་འོས་ཤིང་། དེ་ཉིད ་ཀྱི་ལན་གྱི་བྱེ་བྲག་འགའ་ཞིག་ཀྱང་ལུང་བསྟན་པར་འོས་པ་མ་ཡིནོ་ཞེས་ཟེའོ།། འདི་ལྟ་སྟེ་ཞེས་པ་ལ་སོགས་པས་ནི་གཟུགས་ལ་སོགས་པར་སྣང་བའི་གཞི་འགའ་ཞིག་ཁས་བླངས་ནས། དེ་དག་ཉིད་མི་རྟག་པ་དང་ཅིག ་པའམ་ཐ་དད་པ་གང་རུང་གིས་བསྡུས་པས། དེ་དག་གང་ཡིན་ཞིང་དྲིས་པ་དང་གང་ཡང་རུང་བ་ཅིག་ཏུ་ལུང་བསྟན་པར་འོས་པ་ལས་དེ་ལྟར་མྱི་སྟེན་ཅིང་བསྟན་པར་འོས་པ་མ་ཡིན་ཞེས་དེ་འདྲ ་གྲུབ་མཐའ་རྣམ་པར་འཇོག་པའོ།། འདུ་བྱེད་ནི་འཁོར་བའོ།། མཚན་ལས་ཞེས་པ་ནི་མཚན་ཉིད་དོ།། ཡོན་ཏན་ནི་འོ་ཕུག་གི་མངར་པ་དང་། དུང་གི་དཀར་པོ་ལ་སོགས་པའོ།། མཐོང་པ་ནི་མཐོང་པའི་ཡུལོ།། རྣལ་འབྱོར་ཙ་ནཱ་ནི་ཞི ་གནས་སམ། དེ་དང་ལྡན་པའི་གང་ཟགོ།། ལུང་བསྟན་པ་རྣམས་ཞེས་པ་ནི་སྔ་མ་ལྟར་བསྟན་པར་འོས་པའོ།། ལུང་མ་བསྟན་པའོ་ཞེས་པ་ནི་དེ་ལྟར་མ་བསྟན་ཅིང་། བསྟན་པར་བྱ་བ་མ་ཡིན་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས ་གསུངསོ་ཞེས་མི་མཁས་པ་དག་ཟེར་བའོ།། སྐྱེས་བུ་ཞེས་པ་ལ་སོགས་པས་དེ་ཉིད་སུན་འབྱིན་པ་སྟེ། དེའི་དོན་ཡང་ཇི་ལྟར་ཉན་པ་པོའི་སེམས་ཅན་རྣམས་བློ་དང་མི་ལྡན་པས་ཁྱད་པར་འགའ་ཞིག་ལུང་བསྟན་པ་ན་སྐྲག་པར ་འགྱུར་པས་སྐྲག་པའི་གནས་དེ་ཉིད་སྤངས་པའི་ཕྱིར། གང་ཟག་གི་ཁྱད་པར་དེ་ལ་ལུང་དུ་མི་བརྟན་པར་འོས་པ་རྣམས་ལུང་དུ་མི་སྟོན་ཏོ་ཞེས་དེ་བཞིན་གཤེགས་པས་གསུངས་པ་ལ། སྐྱེས་བུ་གཏི་མུག་དེ་དག་ནི་རྣམ་པ ་ཐམས་ཅད་དུ་ལུང་མ་བསྟན་ཅིང་བསྟན་པར་མི་འོས་པ་ཉིད་དུ་དེ་བཞི་ནོ་གཤེགས་པས་གསུང་སོ།། ཞེས་ལོག་པར་རྟོག་པའོ།། དེ་བཞིན་གཤེགས་པས་ནི་མུ་སྟེགས་བྱེད་དེ་ལྟར་འདོད་པའི་ལྟ་བ་ངན་པ་གཞོག་པའི་ཕྱིར། དེ་དག ་ལུང་བསྟན་པར་བྱ་བ་ཉིད་དུ་གསུངས་ཀྱི། མི་བྱ་བ་ཉིད་དུ་ནི་མ་བཤད།། འདི་རྣམས་ཀྱིས་གཞུང་གི་དོན་ནི་ཅུང་ཟུང་དཀྲུགས་ཏེ་ཤེས་པར་བྱའོ།། མུ་ལྕམས་བྱེད་ཀྱི་ལྟ་བུ་ངན་པ་གང་ཞེ་ན། བློ་གློས་ཆེན་པོ་ཞེས་པ་ལ་སོགས་པས་གསུངས ་ཏེ། གཅེར་བུ་པ་རྣམས་འདུ་བ་དང་ནི་རྒྱུ་ས་པ་དང་། སྲོག་ནི་ལུས་ཀྱི་ཚད་ཅན་ཏེ། ཞེས་པ་ལ་སོགས་པ་སླ་སྟེ། དེའི་དོན་ནི་སྲོག་ནི་རྟག་པ་གཅིག་བུཾ་ལ་སོགས་པའི་ཡོན་ཏྲན་དང་ལྡན་པ་ལུས་ཀྱི་ཚད་དང་མཉམ་པ་ལུས་ལ་གནསོ་ཞེས ་འདོད་ལ། དེ་ལྷ་ནི་ལུས་དང་སྲོག་གཅིག་གམ་ཐ་དད་ཅེས་དྲིས་པ་ན། གལ་ཏེ་གཅིག་པར་ཁས་བླངས་ན་ལུས་མི་རྟག་པ་བཞིན་དུ་སོག་ཀྱང་མི་རྟག་པར་འགྱུར་ཞེས་པའི་ཉེས་པ་དང་པ་དད་ན་ཡང་དེ་ལྟར་དམིགས་པར་འགྱུར་རོ་ཞེས་པ་ལ ་སོགས་པའི་ཉེས་པས་འཇིགས་ནས་དེ་དག་གང་དུ་ཡང་ལུང་བསྟན་པར་བྱ་བ་མ་ཡིནོ་ཞེས་དེ་འདྲ་བའི་དོན་ཁས་ལེན་པའོ།། དེ་ལ་སོགས་པ་གཞན་ཡང་གྲངས་ཅན་པ་རྣམས་རང་བཞིན་དང་གནས་སྐབས་གཅིག་པ་དང་ཐ་དད ་པ་གང་དུ་ཡང་ལུང་བསྟན་མི་འོས་པའི་དོན་ཁས་ལེན་པ་དང་། བྱེ་བྲག་པ་རྣམས་རྡུལ་ཕྲ་རབ་དང་དེས་བརྩམས་པའི་རགས་པ་ཡན་ལག་ཅན་གྱིས་རྫུས་གཅིག་པ་དང་། ཐ་དད་པར་ལུང་བསྟན་པར་བྱ་བ་མ་ཡིནོ་ཞེས་པ ་ལ་སོགས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་དག་ལོས་བཟློས་པས། དེ་བཞིན་གཤེགས་པ་ཉིད་ཀྱི་ཕྱོགས་གསལ་བར་གསུངས་པའོ།། དེའི་དོན་ཡང་མུ་སྟེགས་པ་རྣམས་རྒྱ་དང་རིགས་པ་ལ་ཀུན་ཏུ་རྨོངས་པ་འགས ་ངའི་དོན་ཁས་བླངས་པ་ན་ཁྱད་པར་དེ་དག་ཏུ་ལུང་བསྟན་པ་ལ། རིགས་པའི་གནོད་པ་འཇུག་པས་དེས་འཇིགས་ནས་ལུང་མི་བསྟོན་པ་ཡིན་ལ། ངའི་གསུང་རབ་ཀྱི་ངེས་པའི་དོན་གཉིསུ་མེད་པའི ་རང་རིག་པའི་དོན་དམ་པའི་དངོས་པོ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་ལ་ནི་རྣམ་པར་རྟོག་པ་ཡང་མི་འཇུག་སྟེ། བརྟག་བྱའི་ཡུལ་ལས་འདས་པའི་ཕྱིརརོ།། དེ་འདྲ་བ་དེ་དག་ལ་བཞག་པར་བྱ་བ་ཉིད་དུ་སྒྲོ་གཏགས་པའི་དོན་ལྟ་ག ་ལ་ཡོད་ཅེས་པའོ།། གཞན་ཡང་དངོས་པོའི་ཕྱོགས་ཁས་ལེན་པ་རྣམས་ལ་ནི་གཅིག་ཏུ་ཡོད་དུམ་དུ་མར་ཡོད་ཅེས་པ་ལོ་སོགས་པ་ཁྱད་པར་གང་དག་གིས་བསྡུས་པའི་ཁྱད་པར་གྱི་ཆོས་གང་ཡིན་ཞེས་དྲིས་པ་ན། གང་དུ་ལུང ་བསྟན་ཀྱང་ཉེས་པ་དང་འབྲེལ་པས་དེ་ལྟར་བསྟན་པར་བྱ་བ་མ་ཡིན་ཏེ། འདི་ནི་བཞག་པར་བྱ་བའོ་ཞེས་དོན་ཕྱིན་ཅི་ལོག་ཏུ་བརྟགས་པོ་ཡོད་ཅེས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྔར་གྱི་དོན་ཉིད་རྒྱས་པར ་འཆད་པའོ།། ངས་དུས་གཞན་དུ་བསྟན་པར་བྱ་ཞེས་པ་ནི་གདུལ་བྱའི་ཁྱད་པར་གང་ལས་སྔར་བསྟན་པར་བྱ་བ་མ་ཡིན་པ་དེ་ཉིད་ཀྱང་གདུལ་བྱ་དེ་ཉིད་ཕྱིས་དབང་པོ་ཡོངསུ་སྨིན་པ་ན་བསྟན་པར་བྱ་ཞིང་། གཞན་ཡང་གདུལ ་བྱའི་ཁྱད་པར་གཞན་རྣམས་ལ་ནི་དུས་དེ་ཉིད་ཀྱི་ཚེ་ཡང་བསྟན་པར་བྱ་བའོ།། དེ་ཉིད་ཀྱི་ཕྱིར་ཇི་ལྟར་གནང་ཞིང་མྱོང་བའི་ཆོས་ཀུན་རྫོབ་ཏུ་ཁས་བླངས་པ་འདི་རྣམས་ནི་དེ་ཁོ་ན་ཉིད་དུ་སྐྱེས་པ་དང་མ་སྐྱེས་པ་དང་ཡོད་པ་དང་མེད ་པ་ལ་སོགས་པའི་ཁྱད་པར་དེ་དག་ཙམ་གྱིས་བསྡུས་ཤིང་། ཕུང་པོ་གཞན་མི་འཐད་པས་དེ་འདྲ་བའི་ཁྱད་པར་དྲིས་པའམ། མ་དྲིས་ཀྱང་རང་སྟེ། གདུལ་བྱའི་ཐེ་ཚོམ་བཅད་པའི་དོན་དུ་འདི་རྣམས་ནི་དོན་དམ་པར་མ་སྐྱེས་ཤིང་ངོ། ་པོ་ཉིད་མེད་པའོ་ཞེས་རང་བཞིན་སྟོང་པ་ཉི་དུ་ལུང་བསྟན་པར་འོས་ཤིང་དེ་ལྔར་བསྟན་པ་ཉིད་ཀྱང་ཡིན་ཏོ།། ཆོས་དེ་རྣམས་ཁྱད་པར་དེ་དག་ས་བསྡུས་པ་དང་། སྐྱེ་བ་དང་དངོས་པོ་ལ་སོགས་པའི་ཕྱོགས་ལ་གནོད་བྱེད་ཀྱི་ཚད ་མ་ཡོད་པའི་ཕྱིརརོ།། གཞན་དུ་དགག་པ་བཀག་པ་བསྒྲུབ་པ་ཡིན་ཞེས་པ་ལ་སོགས་པའི་ཉེས་པ་སྔར་རྒྱས་པར་བསྟན་ཟིན།། བྱ་བ་དང་བྱེད་པ་ནི་རྒྱུ་དཏེ་འབྲས་བུའོ།། དེ་ལྟར་ན་སྔར་མཐའ་གཉིས་དག་གྲོ་པ་གསུངས་པ་དང་འགལ། ་ཞེ་ན་མ་ཡིན་ཏེ། དེ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་ཆོསུ་རྣམ་པར་རྟོག་པས་སྒྲོ་བཏགས་པའི་མཐའ་ཉིད་བཀབ། པ་ཡིནས། འདིར་ནི་རང་བཞིན་གྱིས་མོ་སྐྱེས་པ་ལ་སོགས་པ་ཆོས་རྣམས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན ་བསྟན་པས་འགལ་བ་མེད་དེ་རྒྱས་པར་སྔར་བསྟན་པ་བཞི་ནོ།། དེས་ན་རབ་ཏུ་མི་གནས་པར་སྨྲ་བའི་མིང་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཇི་ལྟར་བསྟན་ནི་ཕྱིན་ཅི་ལོག་ཉིད་དུ་ཤེས་པར་བྱའོ།། ཆོས་ཐམས་ཅད་མི་རྟག ་ཅེས་པ་ནི་ཀུན་རྫོབ་པའི་དོན་ལུང་བསྟན་པའོ།། མཚན་ཉིད་སྐྱེ་བ་མི་སྐྱེ་བ་ཞེས་པ་ནི་སྐྱེ་བར་སྣང་བ་ཀུན་རྫོབ་པའི་དེ་ཉིད་དེ་ན་དམ་པར་མི་སྐྱེ་བ་སྟེ། མི་སྐྱེ་བའི་ཆོས་ཉིད་དེ་ཉིད་འགྱུར་བ་མེད་པས་བརྟགས་ཞེས་པའོ།། ཚིག་གི ་དོན་གཞན་ནི་ཤེས་པར་ཟད།། དེ་ལ་མགོ་གཅིག་ཏུ་ལྡན་གདབ་པ་ནི་ཕ་རོལ་པོའི་དྲི་བ་མང་པོ་ལ་ཚིག་གཅིག་གིས་ལན་འདེབས་པ་སྟེ། ཁ་ཅིག་འདི་སྐད་དུ། སྐྱེ་བ་ཐམས་ཅད་གདོན་མི་ཟ་བར ་འགག་པར་འགྱུར་བ་ཡིན་ནམ་དཀོན་མཆོག་གསུམ་བསོད་ནམས་ཀྱི་ཞིང་གཤིན་པ་ཡིན་ནམ་ཞེས་པ་ལ་སོགས་པ་དྲིས་པ་ལ། དེ་ལྟར་ཡི་ནོ་ཞེས་ལུང་བསྟན་པ་ལྟ་བུའོ།། རྣམ་པར་ཕྱེ་ནས་ལུང་བསྟན་པ་ནི་ཁ་ཅིག་འདི ་སྐད་དུ། ཅི་འགགས་པ་ཐམས་ཅད་ཡང་སྐྱེ་བར་འགྱུར་རམ། དཀོན་མཆོག་གསུམ་གཅིག་ཁོ་ནར་ཟད་ངམ་ཞེས་དྲིས་པ་ལ་སོགས་པ་ལ། དོན་འདི་ནི་དེ་ལྟར་མི་ངེས་ཏེ། འགགས་པ་རྣམས་ཀྱི་རྒྱུན་སླར་སྐྱེ་བ་ཡང་ཡོད་དེ།། ་བྱིས་པ་རྣམས་ཀྱི་ཉེ་བར་ལེན་པའི་ཕུང་པོ་བཞི་ནོ།། མི་སྐྱེ་བ་ཡང་ཡོད་དེ་དགྲ་བཅོམ་པའི་ཕུང་པོ་མཐའ་མ་འགགས་པ་བཞི་ནོ།། དཀོན་མཆོག་གསུམ་གཅིག་པ་ཡང་ཡོད་དེ། འགོག་པའི་ཆོས་མཐར་ཐུག་པ་དང་། སངས ་རྒྱས་དཀོན་མཆོག་གམ་ལམ་གྱི་ཆོས་དང་དགེ་འདུན་དཀོན་མཆོག་ལྟ་བུའོ།། ཐ་དད་པ་ཡང་ཡོད་དེ་སངས་རྒྱས་དང་དགེ་འདུན་ལ་སོགས་པ་བཞི་ནོ།། ཞེས་སྟོན་པ་ལྟ་བུའོ།། དྲིས་ནས་ལུང་སྟོན་པ་ནི་ཇི་ལྟར་ཁ་གཅིག་འདི་སྐདདུ། ་བྱང་ཆུབ་སེམས་དཔའི་ས་བཅུ་མཆོག་ཡིན་ནམ། འོན་ཏེ་མ་ཡིན་ཞེས་པ་ལ་སོགས་པ་དྲིས་པ་ལ་ཁྱོད་གང་ལ་བལྟོས་ཏེ་འདྲི་ཞེས་སླར་ཕར་ལ་དྲིས་ནས་ཅི་རིགས་པར་ལུང་སྟོན་པ་ལྟ་བུའོ།། ཅང་མི་སྨྲ་བར་བཞག་པས་ལུང་བསྟན ་པ་ནི་ཇི་སྐད་དུ་ཁ་ཅིག་བདག་ཅེས་བྱ་བའི་དངོས་པོ་ཅི་དགེ་བ་ཞིག་གམ་འོན་ཏེ་མི་དགེ་བ་ཞིག་ཅེས་འདྲི་བ་དང་། མོ་གཤམ་གྱི་བུ་མདོག་དཀར་བ་ཞིག་གམ་བྱོན་ཏེ་གནག་པ་ཞིག་ཅེས་དྲི་བ་ལ་སོགས་པ་ལ་ཅང་མི་སྨྲ་བར་གཞག ་པ་ལུང་བསྟན་པ་སྟེ། ཇི་ལྟར་འཕགས་པ་སངས་རྒྱས་ཀྱི་སའི་འབྲེལ་པ་ལས་གསུངས་པ་ལྷ་བུའོ།། གཞན་ཡང་རྒྱ་ཆེར་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལ ་སོགས་པ་ལས་ཤེས་པར་བྱའོ།། གལ་ཏེ་ཅི་ཡང་མི་སྨྲ་བར་བཞག་པས་ལུང་བསྟན་པ་ཉིད་དུ་ཇི་ལྟར་འགྱུར་ཞིང་། གཞན་ཡང་དེ་ལྟ་ན་སྔར་རློམ་པ་ཐམས་ཅད་དུ་བཞག་པར་བྱ་བ་ནི་མི་འཐད་དེ། གང་ཟག་གི་ཁྱད་པར ་འགའ་ཞིག་ལ་རེ་ཞིག་ལ་བཞག་པ་ཙམ་དུ་ཟད།། ཞེས་གསུངས་པ་དང་འགོལེ་ཞེ་ན། སྐྱོན་མེད་དེ། དེ་འདྲ་བའི་དྲི་བ་ལ་མི་སྨྲ་བར་བཞག་པ་ཉིད་ཀྱི་གཞི་མ་གྲུབ་པ་ལ་ཁྱད་པར་གྱི་དཔྱད་པ་མི་འཇུག་ཅེས་དེ་འདྲ་བའི་ཆོས་ཅན ་མ་གྲུབ་པ་ཉིད་དུ་རྟོགས་པར་འགྱུར་བས་ཅད་མི་སྨྲ་བ་ཉིད་དུ་ལུང་བསྟོན་པར་འགྱུར་བ་སྟེ། ཇི་སྐད་དུ་འཕགས་པ་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འཕགས་པ་འཇམ་དཔལ་གྱི་རིགས་ཀྱི་བུ་བདག་ཅག་གིས་ནི་རང ་རང་གི་རྟོགས་པ་བརྗོད་ཟིན་གྱིས། ཁྱེད་ཀྱང་གཉིསུ་མེད་པའི་ཆོས་ཀྱི་སྒོ་བསྟན་པ་ལ་སྤོབས་པར་མཛོད་ཅིག་ཅེས་དྲིས་པོ་དང་། དགེ་བསྙེན་ཆེན་པོས་དེ་ཁོ་ན་ཉིད་ཀྱིས་དོན་སྒྲའི་བརྗོད་དུ་མེད་པ་ཉིད་དུ་རྟོགས་ཤིང་། གཞན་ལ ་ཡང་བསྟན་པར་བྱ་བའི་དོན་དུ་ཅང་མི་སྨྲ་བར་བཞུགས་པ་དང་། འཇམ་དཔལ་གྱིས་ཀྱང་དེ་བཞིན་དུ་རྟོགས་ནས་རིགས་ཀྱི་བུ་ལེག་སོ་ལེག་སོ་ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ།། དེ་ལྟར ་བཞག་པ་ཉིད་ཀྱིས་དོན་སྟོན་པར་འགྱུར་བ་རྣམ་པོ་ཐམས་ཅད་དུ་བསྟན་པར་བྱེ་བ་མ་ཡིན་ཞིང་བཞག་པ་མདོ་ཞེས་གསུངས་པ་དང་འགལ་བ་མདོ།། གཞན་ཡང་གང་དག་རྣམ་པར་བརྒྱད་པའི་ཚུལ་གྱིས་འདྲི་བ་ལ། དེ་ལྟར་རང ་གི་གྲུབ་པའི་མཐའ་ལ་ཡང་དེ་ལྟར་འགྱུར་ཞེས་ལན་འདེབས་པ་ཡང་མགོ་གཅིག་ཏུ་ལུང་སྟོན་པའོ།། འདིར་མུ་སྟེགས་བྱེད་ཀྱི་སྨྲ་བ་གང་ཞེ་ན། ཡོད་དམ་མིད་ལས་ཞེས་པ་ལ་སོགས་པ་སྟེ། བློ་ཡིས་རྣམ་པར་གཞིགས་ན་ཡང་ཞེས ་པ་ལ་སོགས་པས་གཞན་གྱིས་འདོད་པ་དངོས་པོའི་ཕྱོགས་ཐམས་ཅད་འགོག་པ་སྟེ། ཇི་ལྟ་བ་བཞིན་རྣམ་པར་འབྱེད་པ་བློ་ཡིས་གཞིགས་ན་དངོས་པོར་གྲུབ་པའི་རང་བཞིན་བདེན་པ་མེད་ཅིང་། ངོ་བོ་ཉིད་ཀྱང་མེད་ཅེས་པས་ཏེ། མེ ་པ་ལ་སོགས་པས་ཆོསུ་སྒྲོ་གཏགས་པའི་མཚན་མའི་ངོ་བོ་ཡང་མེད་ཅེས་པའོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་ནི་དེ་བཞིནི་གཤེགས་པའི་སྙིང་པོ་སྤྱོང་པར་བྱེད་པའི་ལམ་དང་། གནས་སྐབས་ཀྱི ་འབྲས་བུ་ལ་གནས་པའི་གང་ཟག་གི་ཁྱད་པར་རྒྱས་པར་སྟོན་ཏེ། འདི་ཡང་བཅིངས་པ་སུ་ལོགས་གང་གིས་དགྲོལ་ཞེས་པ་ལ་སོགས་པ་དང་། སྲིད་གསུམ་ཚོམས་གནས་པ་དེ་སུ~ཾ་ཞེས་པ་ལ་སོགས་པ་དྲིས་པའི་ལན་དུ ་སྦྱར་བར་བྱའོ།། འགྲོ་བ་ནི་གང་ཟག་གི་ཁྱད་པར་རོ།། རྒྱུན་ཏུ་ཆུད་པ་ནི་དེའི་འབྲས་བུ་ལ་གནས་པའོ།། ཐབས་ཀྱི་མཚན་ཉིད་ནི་དེ་རྣམས་ཉིད་ཐོབ་པར་འགྱུར་བའམ། ཡང་དེ་ལ་བརྟེན་ནས་ཐེག་པ་ཆེན་པོ་མངོན་པར་རྟོགས་པར་འགྱུར། ་བོའི་ཐབས་ཀྱི་མཚན་ཉིད།། དེ་མངོན་པོར་རྟོགས་པས་ཀྱང་རང་དང་གཞན་གྱི་སྒྲིབ་པ་གཉིས་རྣམ་པར་སྤྱོད་པ་ལ་སོགས་པའོ།། འགྲོ་བ་ལ་འདོད་པ་བཞིན་དུ་ལོངས་སྤྱོད་པ་ནི་སེམས་ཅན་རྣམས་ལ་དབང་སྒྱུར་བའོ།། དེ་ལ་རྒྱུན་ཏུ ་ཞུགས་པའི་འབྲས་བུ་ལ་གནས་པ་ནི་འཕགས་པ་ཉན་ཐོས་རྣམས་ཀྱི་དབང་དུ་བྱས་ནས་མཐོང་བའི་ལམ་གྱིས་བསྡུས་པའི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་རྒྱུན་ཆགསུ་འབྱུང་བ་ལས་ཐམས་ཅད་ཡོངསུ་རྫོགས་པའི་གནས་སྐབས ་ཡིན་ལ། སྐད་ཅིག་བཅོ་ལྔ་པ་མན་ཆོད་ནི་འབྲས་བུ་དེ་ལ་ཞུགས་པའོ།། ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཀྱང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་རྗེ་སུ་ཤེས་པའི་བཟོད་པ ་དང་། སྡུག་བསྔལ་ལ་རྗེ་སུ་ཤེས་པ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་། སྡུག་བསྔལྟ་བ་དང་། སྟེང་པ་དང་། བདག་མེད་པ་ཉིད་དུ་མངོན་སུམ་དུ་རྟོགས་པ་སྟེ། རྣམ་པ་གཞི་དང་གོ་རིམ་བཞིན་དུ་སྦྱར་བར་བྱའོ།། དེ ་བཞིན་དུ་ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་རྣམ་པ་གཞི་སྟེ། ཀུན་འབྱུང་གི་བདེན་པ་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱིས་རྣམ་པར་རྟོག་པ་རྣམ་པ་བཞི་དང་། རིམ་པ་བཞོན་དུ ་སྦྱར་བར་བྱའོ།། དེ་བཞིན་དུ་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཞི་ནི་འགོག་པའི་བདེན་པ་ལ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་ཉིད་དུ་རྟོགས་པ་བཞི། ་དང་སྦྱ་རོ།། ཡང་ལམ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཞི་ནི་ལམ་གྱི་བདེན་པ་ལ་ལམ་ཉིད་དང་། རིག་པ་དང་། བསྒྲུབས་པ་དང་། ངེས་པར་འབྱིན་པ་ཉིད་དུ་རྟོགས་པ་སྟེ། རྣམ་པ་བཞི་དང་རིམ་པ་བཞིན་དུ་སྦྱར་བར་བྱའོ།། རྣམ ་པ་གཅིག་ཏུ་ནི་འདོད་པའི་ཁམསུ་གཏོགས་པའི་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཞིའི་ཚུལ་དུ་རྟོགས་པས་ཁམས་ངོར་གཏོགས་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང ་པབཔར་བྱེད་པའི་བར་ཆད་མེད་པའི་ལམ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ལ། དེ་སྤངས་པའི་རྣམ་གྲོལ་གྱི་ལམ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ།། ཁམས་གང་མ་གཉིས་ཀྱི་བསྡུས་པའི་སྡུག་བསྔལ་གྱི་བདེན་པ ་ལ་སྡོ་མ་ལྟར་རྟོགས་པས་དེ་དག་གིས་བསྡུས་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བར་བྱེད་པའི་བར་ཆད་མེད་པའི་སྡུག་བསྔལ་ལ་རྗེ་སུ་ཤེས་པའི་བཟོད་པ་ཡིན་ལ། དེ་རྣམས་སྤངས་པའི ་རྣམ་གྲོལ་གྱི་ལམ་ནི་སྡུག་བསྔལ་ལ་རྗེསུ་ཤེས་པའོ།། དེ་བཞིན་དུ་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ལྐོག་མ་རྣམས་ལ་ཡང་སྦྱར་བར་བྱའོ་ཞེས་བསྟན་པའོ།། སྐད་ཅིག་གིས་ནི་རྣམ་པར་དབྱེ་བ་ཡང་འཕ ་པ་སྟུག་པོ་བཀོད་པའི་རྒྱན་ལས། ཇི་སྐད་དུ་སྡུག་བསྔལ་ཆོས་ཉིད་ཤེས་པ་དང་།། སྡུག་བསྔལ་གྱིསུ་སོ་སོར་རྟོགས།། སྡུག་བསྔལ་ཉིད་ཀྱི་རྗེ་སུ་ཤེས།། འདུས་པ་རྣམས་ཀྱི་ཆོས་ཤེས་དང་།། འདུས་པ་ལ་ནི་ཀུན་རྟོགས་དང་།། འདུས་ལ ་རྗེསུ་འགྲོ་ཞེས་དང་།། འགོག་པ་དག་ལས་ཆོས་ཤེས་དང་།། འགོག་པ་དག་ལ་རྟོག་པ་དང་།། འགོག་ལ་རྗེ་སུ་འགྲོ་ཤེས་དང་།། ལམ་ལ་ཆོས་ཀྱི་ཤེས་པ་དང་།། ལམ་ལ་སོ་སོར་རྟོག་པ་དང་།། ལམ་ལ་རྗེསུ་འགྲོ་བ་ཤེས་ཞེས་གསུངས ་པ་ལྟ་བུའོ།། འདིར་མཐོང་བའི་ལམ་གྱི་ཡེ་ཤེས་སྐད་ཅིག་མ་རྣམས་ཀྱང་བདེན་པ་སོ་སོའི་ཡུལ་ཅན་ཉིད་དུ་གསུངས་པས་དེས་སྤང་བར་བྱ་བའི་ཉོན་མོངས་པ་ཡང་བདེན་པ་སོ་སོ་ལ་སོགས་པར་ཞུགས་པ་ཡིན་པས་བདེན་པ་ལ ་བརྟེན་ནས་རྣམ་པར་དབྱེ་སྟེ། དེ་ལ་འདོད་པའི་ཁམས་ན་སྡུག་བསྔལ་གྱི་བདེན་པ་ལ་མི་བརྟག་པ་དང་། སྡུག་བསྔལ་བ་ལ་སོགས་པའི་བདག་ཉིད་དུ་མ་གཏོགས་པའི་མ་རིག་པ་དང་མི་རྟག་པ་ལ་སོགས་པར་ཐེ་ཚོམ་ཟ་བྱ་དང་། ་ཉེར་ལེན་གྱི་ཕུང་པོ་ལྷོ་འབྲས་བུར་གྱུར་པ་རྣམས་ལ་བདག་དང་བདག་གིར་འཛིན་པ་འཇིགས་ཚོགས་ལ་ལྟ་བ་དང་བདག་དེ་ཉིད་རྟག་པ་དང་འཆད་པའི་མཐའ་གཉིསུ་འཛིན་པ་དང་། སྡུག་བསྔལ་གྱི་བདེན་པ་མེདདོ་ཞེས ་ལོག་པར་ལྟ་བས་ཏེ། དེ་ལྟར་རྣམ་པ་ལྔ་ནི་སྡུག་བསྔལ་གྱི་བདེན་པ་ལ་དངོསུ་ལོག་པར་ཞུགས་པ་ཡིན་ལ། ལྟ་བ་དེ་དག་ལ་རྗེ་སུ་ཆགས་པའི་འདོད་ཆགས་དང་། དེས་སེམས་ཁེངས་པའི་ང་རྒྱལ་དང་། དེ་དག་ལ་མཆོག་དང ་གཙོ་བོ་ལ་སོགས་པར་འཛིན་པ་སྟེ། ལྟ་བ་མཆོག་ཏུ་འཛིན་པ་དང་། ལྟ་བ་དམན་པ་དེས་ཡོངསུ་ཟིན་པའི་ལོག་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་དང་གཙོ་བོ་ལ་སོགས་པར་འཛིན་པ་སྟེ།། ་དེ་ལྟར་རྣམ་པ་གཞི་ནི་ལོག་པར་ཞུགས་པ་ལ་ལྡོག་པར་ཞུགས་པའོ།། དེ་ལྟར་ཚུགས་ཤིང་མཆོག་ཏུ་བཟུང་བའི་ཡུལ་ལ་གཞན་གྱིས་ཉེས་པ་བརྗོད་པ་ན་དེ་ལ་ཀུན་ནས་མནར་པོའི་སེམས་པའི་ཁོང་ཁྲོ་ནི་ལོག་པར་ཞུགས་པའི་དབང་གིས། ་ལོག་པར་ཞུགས་པའོ།། དེ་བཞིན་དུ་ཀུན་འབྱུང་གི་བདེན་པ་རྒྱུར་གྱུར་པའི་ཕུང་པོ་ལྔ་ལ་རྒྱུ་དང་ཀུན་འབྱུང་བ་ལ་སོགས་པ་མ་གཏོགས་པ་དང་། ཐེ་ཚོམ་ཟ་བ་དང་། དེ་ལ་བདག་དང་བདག་གིར་འཛིན་པ་དང་། བདག་དེ་ཉིད་རྟག་པ་དང་། ་ཆད་པའི་མཐེར་འཛིན་པ་དང་། ཀུན་འབྱུང་གི་བདེན་པ་དེ་འདྲ་བ་མེད་ཅེས་དངོསུ་ལོག་པར་ཞུགས་པ་ལྔ་དང་། ལྟ་བ་དེ་དག་ལ་རྗེ་སུ་ཆགས་པ་དང་། དེ་དག་གིས་སེམས་ཁེངས་པའི་ང་རྒྱལ་དང་། སྔ་མ་ལྟར་མཆོག་ཏུ་འཛིན་པ ་རྣམ་པ་གཉིས་ཏེ། དེ་ལྟར་བཞི་ནི་ལོག་པར་ཞུགས་པ་ལ་ལོག་པར་ཞུགས་པའོ།། ལོག་པར་ཞུགས་པའི་དབང་གི་ལྡོག་པར་ཞུགས་པ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ།། དེ་བཞིན་དུ་འགག་པ་དང་ལམ་གྱི་བདེན་པ་ལ་ཡང་སྦྱར ་བར་བྱའོ།། གལ་ཏེ་འཇིགས་ཚོགས་ལ་ལྟ་བ་ནི་ཕུང་པོ་ལྔ་ལ་བདག་དེང་བདག་གིར་འཛིན་པ་ཡིན་པ་ལ་འགོག་པའི་བདེན་པ་ནི་ཕུང་པོ་ཉེ་བར་ཞི་བ་ཙམ་ཡིན་པས་ལོག་པར་ཞུགས་པ་ཉིད་དུ་མི་འཐད་ཅིང་དེ་ཉིད་ཀྱི་མཐར་འཛིན་པ ་ཡང་མི་འཐུདྲོ་ཞེ་ན། དེ་ལྟར་བདེན་མེད་ཀྱི་འདིར་འགོག་པ་ནི་ཕུང་པོ་ཉེ་བར་ཞི་བ་ཙམ་གྱི་མེད་པར་དགག་པ་ཉིད་དུ་མི་འཐད་།། འོན་ཀྱང་དྲི་མ་དང་བྲལ་བའི་སེམས་ཀྱིས་གནས་སྐབས་ཡིན་པས་དེ་བདག་དང་བདག་གིར་འཛིན་པ ་དང་། བདག་དེ་ཉིད་རྟག་པ་དང་འཆད་པའི་མཐར་འཛིན་པ་འཐད།། ཡང་ཉན་ཐོས་སྡེ་པ་འགའ་ཞིག་གིས་མེད་པར་དགག་པ་ཙམ་ལ་འགོག་པར་འདོད་པའི་དབང་དུ་བྱས་ཏེ། བསྡུ་བ་རྣམ་པར་བཏན་ལ་དབབ་པ་ལས་ལྟ་བ་གཉིས་པོ་དེ་དག ་འགོག་པ་ལ་ལོག་པར་ཞུགས་པ་ཉིད་དུ་མ་གསུང་སོ།། གཞན་ཡང་དེ་ཉིད་ལས་ལྟ་བ་གཉིས་པོ་དེ་དག་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལ། ལོག་པར་ཞུགས་པ་ཉིད་དུ་མ་གསུངས་པ་ཡང་། དེར་སྡུག་བསྔལ་གྱི་བདེན་པ་ནི ་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཡིན་ལ། ཀུན་འབྱུང་ནི་ལས་དྲང་ཉོན་མོངས་པ་ཉིད་དུ་རྣམ་པར་བཞག་པ་དེ་ལ་བདག་དང་བདག་གིར་འཛིན་པ་ལ་སོགས་པ་མི་འཐད་པའི་ཕྱིརརོ་ཞེས་བླ་མ་དག་འཆདོ།། སྔ་མ་ལྟར་བསྟན་པ་ནི་ཆོས ་མངོན་པ་ཀུན་ལས་བསྔོས་པ་ལས། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ཕུང་པོའི་རྒྱུན་ལ་བཞག་པའི་དུསུ་དེ་ལྟར་འཐད་པསོ།། དེ་ལྟར་འདོད་པའི་ཁམས་ན་བཅུ་ཚན་བཞིར་འགྱུར་ལ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་བ་མེད ་པས་བདེན་པ་རེ་རེ་ལ་རྣམ་པ་དགུ་དགུར་ཤེས་པར་བྱའོ།། དེ་ལྟར་ན་སུམ་ཅུ་རྩ་དྲུག་པ་ཕྲག་གཉིས་ཏེ། ཐམས་ཅིང་བསྡོམས་པས་མཐོང་བར་སྤང་བར་བྱ་བའི་ཉོན་མོངས་པས་བརྒྱ་དང་བཅུ་གཉིསུ་འགྱུར་བའོ།། གལ་ཏེ་དེ་ལྟ་ན་དེ་རྣམས ་མཐའ་དག་སྤངས་པས་རྒྱུན་ཏུ་ཞུགས་པ་ཉིད་དུ་འགྱུར་བ་མ་ཡིན་ནམ། མདོ་སྡེ་འདི་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་རྒྱུན་ཏུ་ཞུགས་པའོ།། ཞེས་ཅིའི་ཕྱིར ་གསུངས་ཤེ་ན། འདི་མཐོང་བས་སྤང་བར་བྱ་བའི་ཀུན་ཏུ་སྦྱོར་བའི་གཙོ་བོས་བསྡུས་པ་ནི་གསུམ་པོ་འདི་རྣམས་ཡིནོ་ཞེས་ཤེས་པར་བྱ་བའི་དོན་དུའོ།། ཇི་ལྟར་ན་གཙོ་བོ་ཉིད་དུ་འགྱུར་ཞེ་ན། འཇིགས་ཚོགས་ལ་ལྟ་བས་ཕུང་པོ་ལྔ་སྡུག ་བསྔལ་གྱི་གནས་ལ་མངོན་པར་དགའ་བས་སྡུག་བསྔལ་ལ་མི་འཕགས་པ་དང་གཞན་ཡང་དེ་ནི་ལྟ་བ་དང་ཉོན་མོངས་པས་ཐམས་ཅད་ཀྱི་རྩ་བར་གྱུར་པས་སོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ནི་སྡུག་བསྔལ ་ལས་ཅུང་ཟད་འཕགས་ཀྱང་ལོག་པའི་ལམ་གྱིས་ངེས་པར་འབྱུང་བའི་རྒྱུར་འགྱུར་བ་སྟེ། ཡང་དག་པ་མ་ཡིན་པའི་ལྟ་བས་ཟིན་པའི་ལོག་པའི་བརྟུལ་ཞུགས་ལ་སོགས་པ་ལ་མཆོག་ཏུ་འཛིན་ཅིང་ནན་ཏན་དུ་བསྒྲུབ་པའི་ཕྱིརོ།། ཐེ་ཚོམ ་གྱིས་ཡང་དག་པའི་ལམ་ལ་ཐེ་ཚོམ་ཟ་བས་ལམ་དེས་ངེས་པར་མི་འབྱུང་བའི་རྒྱུར་འགྱུར་བས་སོ།། གཞན་ཡང་འདིར་འཇིགས་ཚོགས་ལ་ལྟ་བ་ནི། ཤེས་བྱའི་ཡུལ་ཕུང་པོ་ལྔ་ལ་ཕྱིན་ཅི་ལོག་སྒྲོ་འདོགས་པའི་རྒྱུ་ཡིན་ལོ། གཉིས་པ ་ནི་ལྟ་བ་གསུམ་ཡང་དག་པ་མ་ཡིན་པ་ལ་ཡང་དག་པ་ཉིད་དུ་སྒྲོ་འདོགས་པའི་རྒྱུ་ཡིན་པ་དང་། ཐེ་ཚོམ་ནི་གཉེན་པོ་ལ་ལོག་པར་སྒྲོ་འདོགས་པའི་རྒྱུ་ཡིན་པའི་ཕྱིར་རོ།། ཞེས་ཆོས་མངོན་པའི་བསྟན་བཅོས་དག་ལས་གསུང་སོ།། དེ་ལ ་རྒྱུན་ཏུ་ཞུགས་པའི་འབྲས་བུ་རྣམ་པར་དབྱེ་བ་ལ་ཁྱད་པར་མ་ཡིན་པ་ནི་སྔ་མ་དེ་ཉིད་ཙམ་ཡིན་ཏེ། མྱ་ངན་ལས་འདས་པའི་ལམ་གྱི་རྒྱུན་ལ་ཞུགས་པས་རྒྱུན་ཏུ་ཞུགས་པ་ཞེས་བྱའོ།། འབྲས་བུ་ཁྱད་པར་ཅན་ནི་འདིར་རྣམ་པ་གསུམ་སྟེ། ་དབང་པོ་ཐ་མར་གྱུར་པ་ནི་དེ་ལྟར་ཐོགས་ནི་འདོད་པའི་ཁམས་ཀྱི་ལྷ་དང་མི་རྣམས་ཀྱི་ནང་དུ་ཚེའི་སྲིད་པ་ལན་བདུན་བླངས་ནས་མྱ་ངན་ལས་འདའ་བ་སྟེ་རང་གི་སྡུག་བསྔལ་མཐར་བྱེད་པའོ།། དེའི་དོན་ཡང་དང་པོར་མིའི་རྟེན་ལྟ་བུ་གཅིག ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ནས། དེ་ནས་འདོད་པའི་ཁམས་ཀྱི་རིགས་དྲུག་ཏུ་ཚེའི་སྲིད་པ་ལྡན་དྲུག་བླངས་ནས། ཡང་དང་པོའི་རྟེན་མིའི་སྲིད་པ་དེ་ཉིད་དུ་སྐྱེ་བ་བླངས་ཏེ། རྟེན་དེ་ཉིད་ལ་ཁམས་གསུམ་གྱི་སྒོམ་པས་སྤང་བར་བྱ་བའི ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པའོ།། དེ་བཞིན་དུ་ལྷའི་རིགས་དྲུག་པོ་གང་ཡང་རུང་བའི་རྟེན་ལ་དང་པོར་རྒྱུན་ཏུ་ཞུགས་པ་ཐོབ་ནས། དེ་ནས་དེ་ལས་གནས་གཞན་དྲུག་དུ་སྐྱེ་བ་བླངས་ཏེ། ་ཡང་དང་པོ་དེ་ཉིད་དུ་སྐྱེ་བ་ནས་གཉེན་པོ་རྡོ་རྗེ་ལྟ་བུ་མངོན་དུ་བྱས་ཏེ། ཁམས་གསུམ་གྱི་བསྒོམས་པས་སྤང་བར་བྱ་བ་ཐམས་ཅད་སྤོང་བྱའོ།། དེ་ལྟ་ན་སྐྱེ་བོ་བདུནི་ཕྲག་དུ་མ་ཉིད་དུ་འགྱུར་ཞེས་ན། སྐྱོན་མེད་དེ། དེ་ནི་གང་ཟག་དུ་མའི་དབང་དུ ་བྱས་པ་ཡིན་ལ། གང་ཟག་གཅིག་གིས་དབང་དུ་བྱས་ན་སྐྱེ་བ་ལན་བདུན་ལས་མི་ལེན་པའི་ཕྱིརརོ།། དེ་ལ་འདིར་ཁམས་གསུམ་གྱི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རིམ་གྱིས་སྤོང་བའི་དབང་དུ་བྱས་ནས་དང་པོར་འདོད་པའི ་ཁམས་ཀྱི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆེན་པོ་ནས་འབྲིང་གི་ཆེན་པོའི་བར་དུ་སྤངས་པ་ནི་མི་དང་ལྷའི་རིགས་ནས་རིགསུ་སྐྱེ་བའོ་ཞེས་ཆོས་མངོན་པའི་བསྟན་བཅོས་དག་ལུས་བཤད་དེ། དེ ་ལྷ་ན་ཡང་འདིར་སྐྱེ་བ་ལན་བདུན་གྱི་བར་ལོ་ཅི་རིགས་པར་དེ་རྣམས་སྤངས་ནས་བདུན་གྱིས་ཐ་མར་གྱུར་པ་ལ་སྔ་མ་ལྟར་གཉེན་པོ་སྔོན་དུ་བྱས་ཏེ་མྱ་ངན་ལས་འདའོ་བའོ།། བར་མ་དང་མ་མཆོག་ཀྱང་ཚུལ་དེ་ཉིད་ཀྱི་རྗེ་སུ་འབྲངས་ཏེ། ་རྟོགས་པར་བྱའོ།། གལ་ཏེ་དེ་ལྟར་ན་གང་ཟག་དེ་ཉིད་ལ་ལན་ཅིག་ཕྱིར་འོང་བ་ལ་སོགས་པའི་སྤངས་པ་དང་ཐོབ་པའི་ཡོན་ཏན་རྫོགས་པའི་རྒྱུན་ཏུ་ཞུགས་པའི་དབྱེ་བར་མི་འཐ་།། ཞེ་ན་སྐྱོན་མེད་དེ། དང་པོར་རྒྱུན་ཏུ་ཞུགས་པར ་གཏོགས་པའོ་ཚེ་དེ་ཉིད་ལྔས་མ་འཕོས་པས་དེ་རྣམས་རྒྱུན་ཏུ་ཞུགས་པའི་དབྱེ་བར་བསྟན་པའོ།། ཡང་གལ་ཏེ་ཚེའི་སྲིད་པ་བདུན་པའམ། ལྔ་པོ་ལ་སོགས་པའི་བར་ལ་སྔ་མཱ་ལྟར་ཉོན་མོངས་པ་གསུམ་པའམ་བཞི་པའི་བར་དུ ་སྤངས་ནས་དེ་ནས་སྤང་བྱའི་ཉོན་མོངས་པ་གཞན་མ་སྤངས་པར་ཚེ་འཕྲོས་པར་གྱུར་ནས་ཉོན་མོངས་པ་ལྔ་པ་སྤོང་བ་ལ་ཞུགས་ནས་བརྒྱད་པ་མན་ཆད་སྤངས་པ་དེ་དག་ནི་འཕགས་པ་ལན་ཅིག་ཕྱིར་འོང་བ་སྟེ། སྤང་བྱའི ་ལྷག་མ་ལུས་པས་དེ་ནས་འཕོས་ནས་འདོད་པའི་ཁམས་ཀྱི་ལྷ་དང་མིའི་ནང་དུ་སྐྱེ་བ་ལན་རེ་ལེན་པའོ།། དེ་ལྟ་ན་ཡང་གང་རུང་གཅིག་ཏུ་ལན་ཅིག་ལས་མི་སྐྱེ་བས་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ།། དེ་ལྟར་སྐྱེ་བ་གཉིས་ཀྱི་མཐའ ་མ་ལ་གཉེན་པོ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ།། ཡང་གླལ་ཏེ་དེ་ཉིད་སྤང་བྱའི་ལྷག་མ་མ་སྦྱངས་པར་ཚེ་འཕོས་ཏེ། དེ་ནས་དཔ་པ་སྦྱོང་བའི་ལམ་ལ་ཞུ་པ་ནས་ལན་ཇི་སྲིད་པའི་རྩེ་མོའི་ཉོན་མོངས་པ་བརྒྱད་པ་སྤང ་བའི་བར་ན་ལན་ཅིག་ཕྱིར་མི་འོང་བ་ཞེས་བྱ་སྟེ། འདོད་པའི་ཁུམས་ཀྱི་ཀུན་སྦྱོར་བ་སྤངས་པས་དེར་སྐྱེ་བ་མི་ལེན་པའོ།། དེ་ཉིད་ཀྱི་རྟེན་ལ་གཉེན་པོ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བ་ཡང་ཡོད་ལ། ཡང་དེ་ལ་སྦྱང་བྱའི་ལྷ་མ ་སྲིད་པའི་རྩེ་མོ་ཉོན་མོངས་པ་དགུ་པ་ལས་པར་གྱུར་པ་ན་འཚེ་འཕོས་ཤིང་དེ་ཉིད་ནས་དེའི་གཉེན་པོ་བསྒོམས་པས་དེ་ཡང་སྤངས་པར་གྱུར་པ་ན་དགྲ་བཅོམ་པ་ཞེས་བྱའོ།། ཡུང་གལ་ཏེ་ས་དགུ་པཱ་ལ་ནི་ཆེན་པོའི་ཆེན་པོ་ལ ་སོགས་དྲི་མ་རྣམས།། གཉེན་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པའི།། ལམྲ་ནི་དག་པར་འདོད་ཞེས་གསུངས་པ་དང་། མཐུན་པ་ཁམས་གསུམ་གྱིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཅིག་ཅར་སྤོང་བ་སྟེ། ཁམས ་གསུམ་དུ་རྟོགས་པའི་བདེན་པ་བཞིའོ་ཆོས་དེ་སྒོམས་པས་ཆོས་ཉིད་ལ་ལོག་པར་ཞུགས་པའི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སྔ་མ་ལྟར་རྣམ་པར་ཕྱེ་ནས་རིམ་གྱིས་སྤོང་བ་ནི་མ་ཡིན་ཏེ། དེ་རྣམས་གཅིག་ཏུ ་བསྡོམས་ཤིང་དེ་ཡང་ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམ་པ་གསུམ་དུ་འགྱུར་ལ། དེ་རྣམས་རེ་རེ་ཡང་ཆེན་པོའི་ཆེན་པོ་དང་། ཆེན་པོའི་འབྲིང་པོ་ལ་སོགས་པོ་གསུམ་གསུམ་དུ་ཕྱེ་བས་དགུར་འགྱུར་བའོ།། དེ་ལས་དང ་ཆེན་པོའི་ཆུང་ངུ་འམ། འབྲིང་གི་ཆེན་པོའི་བར་རྣམ་པ་བཞི་སྐྱེ་བ་བདུན་གྱི་བར་ལ་ཅི་རིགས་པར་སྤངས་ནས་སྔ་མ་ལྟར་མྱ་ངན་ལས་འདའ་བའམ། གསུམ་དང་ལྷའི་བར་ལ་དེ་རྣམས ་སྤངས་ནས། ཚེའི་ཐ་མ་དེ་ཉིད་ལ་གཉེན་པོ་སྔོན་དུ་བྱས་ཏེ་མྱ་ངན་ལས་འདའ་བའམ། དང་པོའི་ཚེ་གཅིག་པོ་དེ་ཉིད་ལ་གཉེན་པོ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ།། ཡང་ཚྭ་དེའམ་ཆེའི་ཐ་མ་དེ་རྣམས་ལ་གཉེན་པོ ་མ་རྫོགས་ཤིང་དེ་ཉིད་ཀྱི་སྤང་བར་བྱ་བའི་ཉོན་མོངས་པ་འབྲིང་གི་འབྲིང་པོ་ལ་སོགས་པ་ལས་པར་གྱུར་པ་ན་དེ་ཉིད་ཚེ་འཕོས་ཏེ། ཆུང་ངུའི་འབྲིང་པོ་པོར་སྤངས་པར་གྱུར་པ་ནི་ལན་ཅིག་ཕྱིར་འོང་བ་ཞེས་བྱ་སྟེ། སྔ་མ་བཞི་ནོ།། ་ཡང་དེ་ཉིད་ལ་སྤང་བྱའི་ལྷག་མ་མོ་སྤངས་པར་ཚེ་འཕྲོས་ནས་འཕོས་པའི་རྟེན་དེ་ལ་དགུ་པ་སྤོང་བའི་ལམ་ལ་ཞུགས་ཤིང་དེ་སྤངས་པར་གྱུར་པ་ན་ཁམས་གསུམ་གྱི་ཉོན་མོངས་པོ་ཅིག་ཅར་སྟངསོ་པས་གསུམ་ཆར ་དུ་ཕྱིར་མི་འོང་བའོ།། དེ་ཉིད་ནི་དགྲ་བཅོམ་པ་ཡང་ཡིན་མོད་ཀྱི། རེ་ཞིག་ཕུང་པོའི་ལྷག་མ་ཡོད་པ་དེ་སྲིད་དུ་ཕྱིར་མི་འོང་བ་ཞེས་བྱ་ལ། དེ་ཉིད་སྤངས་པར་གྱུར་པ་ལྷག་མ་མེད་པ་ནི་དགྲ་བཅོམ་པ་ཞེས་བྱའོ།། དེ་ལ་བསྒོམ ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་རྣམ་པ་བཅུ་དྲུག་སྟེ། དེའི་རྒྱུ་མཚན་ཡང་བསྒོམ་པའི་ལམ་ནི་བདེན་པ་རྣམ་པར་མ་ཕྱེ་བ་དེ་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་དམིགས་པ་ཡིན་པས་དེ་སྤང་བར་བྱ་བ་ཡང་ཆོས་ཅན ་བདེན་པ་ལ་ལོག་པར་ཞུགས་པ་མ་ཡིན་གྱིས་འོན་ཀྱང་ཆོས་ཉིད་ལ་ལོག་པར་ཞུགས་པའོ།། དེའི་ཕྱིར་དེ་ལ་ནི་སྔ་མ་ལྟར་བདེན་པ་ལ་བརྟེན་པའི་དབྱེ་བ་མི་འཐད།། གཞན་ཡང་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚལ ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམྦུ་དང་རྣམ་པ་བཞི་ནི་མཐོང་བས་སྤང་བྱོར་བྱ་བ་ཉིད་ཡིན་ཏེ། དེ་རྣམས་ནི་ཉོན་མོངས་པ་ཀུན་ཏུ་བརྟགས་པ་འབའ་ཞིག་ཡིན་པའི་ཕྱིར་རོ།། དེ་རྣམས་ལས་མ་གཏོགས ་པའི་འདོད་པའི་ཁམས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དྲུག་དང་། ཁམས་གོང་མོ་གཉིས་ནུ་ཁོང་ཁྲོ་མུ་གཏོགས་པ་རྣམ་པ་ལྔ་ལྔར་འགྱུར་ལ། དེ་ལྟར་ན་ཐམས་ཅད་བསྡོམས་པས་བཅུ་དྲུག་ཉིད་དུ་འགྱུར་པའོ།། ་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་རྣམས་ཀྱི་སྤང་བར་བྱ་བའི་གཙོ་བོ་གསུངས་པ་སྟེ། ཀུན་ནས་སྦྱོར་ཞེས་པ་ནི་སྲིད་པ་དང་སྐྱེས་བུར་ཀུན་ཏུ་སྦྱོར་བའམ། ཡང་སྡུག་བསྔལ་དང་ཀུན་ནས་སྦྱོར་བ་ཞེས་ཀྱང་བཤད།། ཆེན ་པོ་དང་བར་མ་དང་ཆུང་ངུ་ནི་སྔར་བསྟན་པའི་གང་ཟག་ཐ་མ་ནི་དབང་པོ་བརྟུལ་ཞིང་འབྲས་བུ་མ་ཕོབ་པའི་དུས་ན་ཉོན་མོངས་དེ་རྣམོས་ཤས་ཆེ་བྱའོ།། འབྲིང་ནི་དབང་པོ་དང་ཉོན་མོངས་པ་འབྲིང་དུ་གྱུར་པའོ།། མཆོག་ནི་དབ ་པོ་རྣོ་ཞིང་ཉོན་མོངས་པ་ཆུང་བའོ།། བསྙེམས་པ་ནི་བདག་ཉིད་མཆོག་ཏུ་གྱུར་པ་དེ་རྣམས་ལ་གནས་པས་སེམས་ཁེངས་པའོ།། བྱེ་བྲག་ནི་ས་གོང་ནས་གོང་དུ་ཞེས་པ་ལ་སོགས་པའི་དོན་ནི་སྔ་མ་ལྟར་བསྒོམས་པས་སྤང ་བར་བྱ་བའི་ཉོན་མོངས་པ་སྤངས་པའི་བྱེ་བྲག་གིས་གོང་ནས་གོང་དུ་ལན་ཅིག་ཕྱིར་འོང་བ་ནས་དགྲ་བཅོམ་པའི་བར་དུ་འགྱུར་བའོ།། དེ་ལ་ཞེས་པ་ལ་སོགས་པས་འཇིག་ཚོགས་ལ་ལྟ་བ་ནི་མཐོང་བ ་དང་བསྒོམས་པས་སྤང་བའི་བྱེ་བྲག་གི་རྣམ་པ་གཉིསུ་གསུངས་ཏེ། དེ་ལ་ཡོངསུ་བཏགས་པ་ནི་ཐེག་མ་མེད་པ་ནས་ཕྱིན་ཅི་ལེག་གི་ས་བོན་བསགས་པ་དང་འཕྲལ་དུ་མི་དགེ་བའི་གྲོགས་པོ་དང་འགྲོགས་ཤིང་ཕྱིན་ཅི་ལོག་གི་བསྟན ་བཅོས་མཉམ་པ་ལ་སོགས་པའི་རྐྱེན་གྱིས་བྱུང་བ་བདག་རིག་པའི་བདག་ཉིད་དང་། རྟག་པ་དང་གཅིག་པུ་ལ་སོགས་པའི་ཁྱད་པར་དུ་སྒྲོ་འདོགས་ཤིང་། བདག་གི་བ་ཡང་དེ་ཉིད་ཀྱི་ལོངས་སྤྱད་པར་བྱ་བ་ལ་སོགས་པའི་ཁྱད་པར་དུ་སྐྱེ ་འདོགས་པའོ།། ལྷན་ཅིག་སྐྱེས་པ་ནི་དེ་འདྲ་བའི་ཁྱད་པར་སྐྱེ་འདོགས་པ་མེད་པ་ཕྱིན་ཅི་ལོག་གི་ས་བོན་བསགས་པ་ཙམ་ལས་བྱུང་བ་གྲུབ་པའི་མཐའི་མ་སྦྱར་བའི་སེམས་ཅན་ཐམས་ཅད་ལ་ཐུན་མོངས་དུ་ཡོད་པའོ།། དེ་ལུས་དང་པོའོ ་དབང་དུ་བྱ་སྟེ། དཔེ་ཉེ་བར་འགོ་པ་ནི་གཞན་གྱི་དབང་གི་ཞེས་པ་ལ་སོགས་པོའོ།། དེ་ཉིད་རྒྱས་པར་འཆད་པ་ནི། འདི་ལྟ་སྟེ་ཞེས་པ་ལ་སོགས་པའོ།། དེ་རྣམས་ཀྱི་དོན་ནི་ཇི་ལྟར་སྣང་བའི་རིགས་སྒྱུ་མ་ལྟ་བུའི་གཞན་གྱི་དབང་ཡིན་པ ་ལས་བྱིས་པ་རྣམས་ཀྱི་ཕྱི་རོལ་གྱི་རྡུལ་ཕྲ་རབས་འདུས་པའི་དངོས་པོའམ། རྫས་གཅིག་གི་བདག་ཉིད་དམ། སེམས་ཀྱི་ངོ་བོ་དོན་དམ་པ་ལ་སོགས་པར་ཀུན་བརྟགས་པའི་རང་བཞིན་ལ་མངོན་པོར་ཞེན་ཅིང་རྟོགས་པ་ལྟར་ཕུང་པོ ་ལྔ་རུ་སྣང་བ་སེམས་ཉིད་སྒྱུ་མ་ལྟ་བུ་ལ་ཡང་སྔར་བསྟན་པ་ལྟར་བདག་དང་བདག་གི་དངོས་པོར་རྟོག་པའོ།། དེ་ལ་ཡོད་པ་ཡང་མ་ཡིན་ཞེས་པ་ལ་སོགས་པའི་དོན་དེ་རྣམས་ཀྱི་མཚན་མར་བརྟགས་པ་མེད་པའམ། ཡང་ན་རྟོག་མཁན་གྱི་བློར ་དོན་མེད་པ་ཡང་མ་ཡིན་ཞེས་པའོ།། དེ་ནི་རྒྱུན་ཏུ་ཞུགས་པའི་ཀུན་བརྟགས་པའི་འཇིག་ཚོགས་ལ་ལྟ་བ་ཞེས་པ་ནི་དེས་ཐོབ་པ་མཐོང་བའི་ལམ་གྱི་སྦྱང་བར་བྱ་བའོ།། དེ་ཉིད་གསལ་བར་བསྟན་པ་ནི། དེ་ཡང་ཞེས་པ་ལ་སོགས་པ་སྟེ། གང་ཟག ་ལ་བདག་མེད་པ་བདེན་པ་བཞི་ཆོས་བཅུ་དྲུག་གི་རྣམ་པར་རྟོག་པས་བདག་ཏུ་འཛིན་པ་མེད་པའི་ཡེ་ཤེས་ཀྱི་སྤངས་པའོ།། ལྷན་ཅིག་སྐྱེས་པ་ནི་སྒོམ་པའི་ལམ་གྱིས་སྤང་བར་བྱ་བ་སྟེ། དེ་ཡང་འདིར་གཉེན་པོའི་སྒོ་ནས་མཚོན་ཏེ་བསྟན་པ ་ལོདེ་ལ་བདག་དང་གཞན་གྱིས་ལུས་མཉེམ་པ་ཉིད་ཅེས་པ་ལ་སོགས་པ་ནི་འཇིག་ཚོགས་ལ་ལྟ་བའི་བརྟེན་བདག་དང་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་རྣམས་སེམས་ཙམ་དུ་གནས་ཤིང་། སེམས་ཀྱང་དོན་དམ་པར་སྟོང་པ ་ཉིད་དུ་གནས་པ་དང་། གཞན་ཡང་དེ་ཉིད་ཀྱི་རྒྱུ་མཚན་མིང་བཞིའི་ཕུང་པོ་དང་གཟུགསུ་སྣང་བ་ཙམ་གྱི་གཟུགས་ཏེ་ཕུང་པོ་ལྔའི་རྒྱུན་རྒྱུད་སྐྱེ་བ་རྒྱུན་ཆགསུ་འབྱུང་བ་དང་། ཁྱད་པར་དུ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི ་གཟུགས་རྣམས་ཕན་ཚུན་དུ་རྒྱུའི་མཚན་ཉིད་ཀྱི་ཕྱིར་ཞེས་པ་སྤྱིར་མིང་དང་གཟུགས་ཀྱང་ཕན་ཚུན་རྟེན་དང་རྟེན་པར་གྱུར་པ་དང་། གཟུགས་དང་རོ་ལ་སོགས་པའམ། འབྱུང་བ་རྣམས་ཀྱང་ཕན་ཚུན་རྒྱུ་དང་འབྲས་བུར་གྱུར་པ ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར་དོན་དམ་པར་འབྱུང་བ་མེད་པའི་སྟེང་པ་ཉིད་ཅེས་བྱའོ།། དེའི་དོན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བར་གནང་བ་ནི་དེ་ལྟར་སྣང་བ་ལས་གཞན་མ་སྐྱེས་པ ་རྟག་པའི་དངོས་པོར་ཡོད་པ་ནི་མི་འཐད་ལ་སྣང་བ་དང་མཐུན་པར་རྒྱུ་ལས་སྐྱེ་བའི་དངོས་པོ་ཡང་དག་པར་མི་འཐད་དེ། སྔར་བསྟོན་པ་ལྟར་འབྲས་བུ་ཡོད་པ་དང་མེད་པ་ལ་སོགས་པ་སྐྱེ་བ་མི་འཐད་པའི་ཕྱིརོ།། དེས་ན་འདིར་རྟོན་ཅིང ་འབྲེལ་པར་འབྱུང་བའི་གཏན་ཚིགས་ཀྱིས་ནི་དངོས་པོའི་ཕྱོགས་བརྟག་པའི་བདག་ཉིད་དུ་ཡོད་པ་བཀག་ལ། དེ་ལས་གཞན་མི་བརྟག་པའི་བདག་ཉིད་དུ་ཡོད་པ་ནི་ཡོད་མེད་སྐྱེ་འགག་ལ་སོགས་པའི་གཏོན་ཚིགས་རྣམས་ཀྱིས ་བཀག་པས་གཏན་ཚིགས་དེ་རྣམས་ནི་དངོས་པོའི་མཐའོ་གཞན་བཀག་པས་མཐར་ཐུགས་པའི་དོན་ལ་སྟོང་པ་ཉིད་སྒྱུ་མ་ལྟ་བུར་གཏན་ལ་འབེབས་པའོ།། དེ་སྐད་དུ་ཡང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།། རྐྱེན་ལས་རག་ལས ་ང་དེ་སྟོང་པར་བཤད་ཅེས་པ་ལ་སོགས་པ་མདོ་སྡེ་གཞན་དག་ལས་ཀྱང་གསུང་སོ།། ཕུང་པོ་རྣམས་ཀྱི་རང་བཞིན་དེ་ལྟར་ཡིན་པ་ལ་ཉན་ཐོས་རྒྱུན་ཏུ་ཞུགས་པོས་ཡོད་པ་དང་མེད་པའི་ཕྱོགསུ་ལྟ་བ་མཐོང་སྟེ། རྟེན་ཅིང་འབྲེལ་པ ་འབྱུང་བ་ནི་རྟག་པ་དུ་མའི་བདག་ཉིད་དུ་ཡོད་ལ། བདག་དང་བདག་གི་རང་བཞིན་དུ་མེདོ།། ཞེས་དེ་འདྲ་བའི་ཕྱོགསུ་རྟོགས་ཤིང་གེམས་པའི་སྟོབས་ཀྱི་སྙོམས་པ་ཡོངསསུ་རྫོགས་པ་ན། དེ་འདྲ་བ་སྤངས་ཤིང་དེ་ཉིད་ཀྱིས་བསྒོམས ་པས་སྦྱང་བར་བྱ་བའི་ཉོན་མོངས་པ་གཞན་རྣམས་ཀྱང་སྤངས་པས་དགྲ་བཅོམ་པ་ཉིད་དུ་འགྱུར་བའོ།། ཡང་རྣམ་པ་གཅིག་ཏུ་ནི་ཉན་ཐོས་དབང་པོ་རྣོན་པོ་རྣམས་ཀྱིས་ཆོས་ཀྱི་བདག་མེད་པར་རྟོག་པར་སློབ་དཔོན་བྷ་བྱས་བཤད ་དེདེ། དེའི་རྗེ་སུ་འབྲོངས་ན་སྔར་གྱི་དོན་ཕྱིན་ཅི་མ་ལོག་པ་དེ་ཉིད་རྒྱུན་ཏུ་ཞུགས་པ་དབང་པོ་རྣོན་པོ་རྣམས་ཀྱིས་རིགས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་ཡོད་ཅིང་དོན་དམ་པའི་དངོས་པོར་མདོ་ཞེས་ཟུང་འཇུག་སྒྱུ་མ་ལྟ་བུའི་ཕྱོགསསུ ་བལྟ་ཞིང་། མཐོང་ངོ་ཞེས་པ་ལ་སོགས་པ་སྔ་མ་བཞི་ནོ།། དེ་ལྟར་བཤད་པ་འདི་ནི་མི་འཐད་པ་མ་ཡིན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབསོ་ཤིང་། ་རྒྱུན་ཏུ་ཞུགས་པ་རྣམས་ཀྱང་བྱུང་།། འབྱུང་ངོ་།། འབྱུང་བར་འགྱུར་ཞེས་པ་ནས་དགྲ་བཅོམ་པ་རྣམས་བྱུང་ངོ་།། འབྱུང་ངོ་།། འབྱུང་བར་འགྱུརརོ་ཞེས་པ་ལ་སོགས་པ་གསུངས་པ་དང་། གཞན་ཡང་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད ་པ་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་ཉིད་མཉན་པར་བྱ། བཟུང་བར་བྱ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར།། གལ་ཏེ་དེ་ལྟ་ན་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་གྱི་ཉན་ཐོསུ་མི་འཐང་ཞེ་ན། མ་ཡིན ་བྱམས་པ་དང་སྙིང་རྗེ་ཤས་ཆུ་ས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མེད་དོ། དམན་པ་ཉིད་དུ་སེམས་བསྐྱེད་པའི་ཕྱིར།། འདིའི་དེ་ནོ་ཞིབ་ཏུ་ནི་དབུ་མ་སྣང་བའི་རྣམ་པར་བཤད་པ་དེ་ཁ་ན་ཉིད་ཀྱི་སྒྲོན་མ་ལིས་ཤེས་པར་བྱའོ།། དེས།། ་བས་ན་ཞེས་པ་ལ་སོགས་པས་ལྟ་བ་དེ་ནི་ལྟ་བ་དང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེ་སྤངས་པར་གྱུར་ན། དེ་རྣམ་པ་ཐམས་ཅད་མི་འབྱུང་བའོ།། ཁོང་དུ་ཆུད་པ་ཐོབ་པ་དེ་ནི་བདེན་པ་བཞིའི་དོན་ཐོས ་པ་དང་བསམས་པའི་ཤེས་རབ་ཀྱི་རྟོག་པའོ།། ཤིན་ཏུ་མཐོང་བ་ནི་གོམས་པས་མངོན་དུ་གྱུར་པའོ།། ལྟ་བ་གཉིས་ནི་བདག་དང་བདག་གི་བ་གཉི་སུ་མེད་པ་སྟེ། དེ་རྣམས་སྤངས་པས་བདེན་པ་གཞོས་བསྡུས་པའི་ཆོས་རྣམས་ཐེ་ཚོམ ་མེད་པར་འགྱུར་ཏེ། དེའི་ཕྱིར་སེངྒེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པ་སྟོན་པ་གཞན་རྣམས་ལ་འདི་རྣམས་ནི་ཕྱིན་ཅི་ལེག་གི་དྲི་མ་དག་པའམ་མ་དག་པ་ཞེས་རྟོགས་པའི་སྒོ་ནས་དེ་རྣམས་ལ་རྟེན་པར་བྱ་བའི་འདུ་ཤེས ་མི་འབྱུང་བའོ།། དེ་སྐད་དུ་ཡང་། དགེ་སྦྱོང་དག་དང་བྲམ་ཟེ་གཞན་ལ་བརྟེན་མི་བྱེད།། ཅེས་པའམ་རང་གི་ས་ལ་ངོགས་མེད་རྟག་ཏུ་རི་རབ་འདྲ་ཞེས་གསུངསོ།། རྒྱལ་བའི་ཡུམ་བར་མ་དང་རྒྱས་པ་ལས་ཀྱང་། རྒྱུན་ཏུ་ཞུན་པ་རྒྱུན་ཏུ་ཕུཿཔཱི་ས་ལ་གནས ་པ་ནི་རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིརརོ།། དེ་ལྟར་ཐེ་ཚོམ་ཡང་གཉེན་པོའི་སྒོ་ནས་མཚོན་ཏེ་བསྟན་པའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མི་སྙེམས་པའི་རྒྱུ་མཚན་ནི་ཕྱི་རོལ་པ་རྣམས་ཀྱི ་ཚུལ་ཁྲིམས་དང་དཀའ་ཐུབ་མེ་ལྔ་བསྟེན་པ་དང་མདུང་རྩི་ལ་མཆོད་པ་དང་། ཆུ་བོ་འདུས་པའི་མཚམསུ་ལུས་འདོར་བ་ལ་སོགས་པ་དང་། ལེག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཁྱི་དང་རྨ་བྱའི་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་སོགས་པ་དང་། སྲོག་གི ་མཆོད་སྦྱིན་ལ་སོགས་པ་ནི་སྐྱེ་བ་འདི་དང་གཞན་དུ་སྡུག་བསྔལ་འབྱུང་བའི་གནས་ཉིད་དུ་རབ་ཏུ་མཐོང་བ་དང་། དེ་ལས་གཞན་པ་ཡང་དག་པའི་ཚུལ་ཁྲིམས་ཀྱིས་ཀྱང་མི་སྙེམས་པ་སྟེ། བདག་མེད་པ་ཉིད་དུ་རྟོག་པའི་ཕྱིརརོ།། མི་འགྱུར་བ་དག ་གི་ཞེས་པ་ནི་ལ་སོགས་པར་བྱེད་པའི་བདག་ཉིད་ཀྱི་ཕྱིར། ལས་ཀྱི་འབྲས་བུ་སོ་སོ་སྐྱེ་བོའི་ལོངས་སྤྱོང་དང་བསམ་གཏན་ལ་སོགས་པའི་བདེ་བ་འདོད་པ་རྣམས་བདེ་བ་དེ་རྣམས་དང་ལྡན་པའི་ལྷ་དང་མིར་སྐྱེ་བ་དོན་དུ་གཉེར་ཏེ། དེ་དག་ཐོབ་པར ་བྱེད་པའི་ཚུལ་ཁྲིམས་ལ་སོགས་པ་དང་བདག་ཅག་ལྡ་ནོ་ཞེས་སྙེམས་ཤིང་ང་རྒྱལ་བའོ།། དེས་མཾ་སྙོམས་ཞེས་པ་ནི་འཕགས་པ་རྣམས་དེ་ལྟར་མི་སྙེམ་སོ།། གཞན་དུ་བདག་གིས་ཞེས་པ་ལ་སོགས་པའི་དོན་ནི་སྲིད་པའི་ལོངས་སྤྱོད་ལ་སོགས་པ ་ལས་གཞན་དུ་སོ་སོ་རང་གིས་རིགས་པའི་ཁྱད་པར་ཆོས་ཀྱི་སྐུའི་ཡེ་ཤེས་ཐོབ་པར་བྱ་བའི་དོན་དུ་སྡོད་ཅིང་དོན་དམ་པར་དེ་རྣམསུ་མངོན་པར་ཞེན་པ་མེད་པའོ།། ཚུལ་ཁྲིམས་ཀྱི་ཡན་ལག་གི་ཞེས་པ་ལ་སོགས་པ་ནི་སྔ་མ་དེ་ཉིད་བཤད་པའོ།། ་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་རྣམས་སྤངས་པའི་ཕན་ཡོན་གསུང་སོ།། བློ་གྲོས་ཆེན་པོས་གསོལ་པ་ཞེས་པ་ལ་སོགས་པས་ནི་རྒྱུན་ཏུ་ཞུགས་པ་ཉིད་ཀྱི་གནུས་སྐབས་ན་འདོད་ཆགས་གང་སྤངས་པ་ཉིད་སྟོན་ཏེ། ཡུལ་ལས ་ལུས་ཀྱི་དབང་པོའི་འདོད་ཆགས་ཞེས་པ་ནི་གཟུགས་དང་རེག་བྱ་ལ་སོགས་པའི་ཡུལ་ལ་དེ་ཉིད་དང་ལུས་ཀྱི་དབང་པོ་ལ་སོགས་པ་ལས་ཡུལ་དེར་སྣང་བ་བྱང་ཞིང་དེའི་རྗེ་སུ་སྐྱེས་པའི་བདེ་བ་ལ་མངོན་པར་ཞེན་པའོ།། ད་ལྟར་བདེ་བ་མ ་@འོངས་པ་ན་སྡུག་བསྔལ་སྐྱེ་བའི་རྒྱུར་གྱུར་པ་ནི་ཇི་སྐད་དུ་འཕགས་པ་ཏྲི་ངེ་འཛིན་གྱི་རྒྱལ་པོ་ལས། དུད་མེང་ལས་ཆུ་འདེད་ཆགས་གང་།། འདོད་ཆགས་ནང་ན་འདི་ཆེ་སྟེ།། བུད་མེད་ཆགས་པས་ཡིད་བཅིང ་པ། ཕྱི་ནས་མེ་ཡིས་སྲེག་པར་བྱེད།། ཅེས་གསུངས་པའི་ཕྱིའོ།། ཁུ་ཚུར་དང་ཐལ་མོ་ནི་རྗེས་ཆགས་པས་རྩེ་མོའོ་དོན་དུའོ།། ཏིང་འཛིན་གྱི་བདེ་པ་ལ་གཉིས་པ་ཐེབ་པས་སྤང་ཞེས་པ་ནི་ཕུལ་དུ་བྱུང་བས་འདོད་ཆགས་དང་བྲལ་བའོ།། ཡང་ཉེས ་དུམིགས་མཐོང་བ་ལ་སོགས་པོ་གཉེན་པོ་གཞན་ཡང་།། དེ་ལས་གཞན་མྱ་ངན་ལས་འདས་པ་རྟོགས་པར་འདོད་པའམ། ཏིངངེ་འཛིན་གྱི་བདེ་བ་འདོད་པ་ལ་སོགས་པ་ནི་མ་སྤངས་པའོ།། ལན་ཅིག་ཕྱིར་འོང་བ་ཡང་རྣམ་པ་གསུམ་དུ་འགྱུར། ་འདོད་ཁམས་ཀྱི་ཉོན་མོངས་པ་ལྔ་པ་མན་ཆོད་སྤངས་པའི་ཕྱིར་འོང་བའི། ས་བུ་ལ་ཞུགས་པ་དང་། དྲུག་པ་སྤངས་པས་འབྲས་བུ་ཁྱད་པར་ཅན་མ་ཡིན་པ་དང་། བདུན་པ་དང་བརྒྱད་པའི་བར་སྤངས་པ་འབྲས་བུ་ཁྱད་པར་ཅན་བར་ཆད ་གཅིག་པའོ།། དེའི་དོན་ཡང་འཕགས་པ་ཕྱིར་མི་འོང་བ་དང་ཉོན་མོངས་པ་གཅིག་ལས་བར་ན་མེདོ།། ཚིག་པོ་དོན་བཤད་པ་ནི། འདི་ལྟ་སྔོ་སྐྱེ་དང་བྱེ་དྲག་གི་མཚན་མར་ལྟ་བའི་དེན་གཟུགས་ལ་སོགས་པ་མཚན་གྱི་གཞི་དང་། དེ་རྣམས ་ཀྱི་མཚན་ཉིད་མེད་པས་ཞེས་པ་ནི་མཚན་གཞི་དང་མཚན་ཉིད་མེད་པའི་ཕྱིར་ཞེས་པ་སྟེ། དེས་བསྒྲུབ་པར་བྱ་བའི་དོན་ནི་དེ་དག་མེད་བཞིན་དུ་གཟུགས་ལ་སོགས་པའི་མཚན་ཉིད་དུ་སྣང་ཞིང་ཞེན་པ་ནི་རྣམ་པར་རྟོག་པ་ཉིད་ཡིན་ཞེས ་།། དེ་འདྲ་བའི་རྟོག་པ་ལན་ཅིག་འབྱུང་ཞིང་དེ་ཉིད་ཀྱི་ཕྱིར་འདོད་པའི་འདོད་ཆགས་སྤངས་པས་ཚེ་བརྗེས་ནས་ཀྱང་འདོད་པའི་ཁམས་ཀྱི་འཇིག་རྟེན་འདིར་ལན་ཅིག་འོངས་ནས་ཞེས་པ་སྟེ། མི་དང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ལན་རེ་རེ ་བླངས་ནས་བསམ་གཏན་གྱི་ཡུལ་གྱི་མཚན་ཉིད་མངོན་དུ་མཐོང་བ་སྟེ། དབང་པོ་བརྟུལ་པོའི་དབང་དུ་བྱས་ན། སྔར་བསྟན་པ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་གྱི་ཡུལ་གང་ཟག་ལ་བདག་མེད་པ་ཙམ་མཐོང་བས་རང་ཉིད་ཀྱི་སྡུག ་བསྔལ་མཐར་དབྱུང་བའི་ཕྱིར་ཡོངསུ་མྱ་ངན་ལས་འདའ་བའོ།། དབང་པོ་རྣོན་པོའི་དབང་དུ་བྱས་ན་མཚན་གཞི་དང་མཚན་ཉིད་མེད་པ་ལོ་དེ་ལྟར་རྟོག་པས་མཚན་ཉིད་ལ་སོགས་པར་སྣང་བའི་རྣམ་པར་རྟོག་པ་ལྷན་ཅིག་བྱུང་ཞིང་། ་འདོད་པའི་འདོད་ཆགས་མོ་སྤངས་པས་སྔ་མ་ལྟར་འཇིག་རྟེན་འདིར་ལན་ཅིག་འོངས་ནས་བསམ་གཏན་གྱི་ཡུལ་གྱི་མཚན་ཉིད་ཆོས་ལ་བདག་མེད་པའི་དེ་ཁོ་ན་ཉིད་རབ་ཏུ་མཐོང་པས་རང་གི་སྡུག་བསྔལ་མཐར་འབྱིན་པའོ།། ཡང ་འཕགས་པ་ཕྱིར་མི་འོང་བ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་དགུ་པ་སྤངས་པས་དེ་ནས་ཚེ་བརྗེས་ཀྱང་འདོད་པའི་ཁམསུ་སྐྱེ་བ་མི་ལེན་པའོ།། དེ་ཡང་འཕགས་པ་མྱ་ངན་ལས་འདས་པའི་མདོ་ལས། རྒྱས་པར་ཕྱི་ན་རྣམ་པ་བདུན ་གསུངས་ཏེ། དེ་ལྟར་འདོད་པའི་ཁམས་ཀྱི་རྟེན་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོང་ནས་བརྩོན་འགྲུས་ནན་ཏན་དུ་བྱས་པས་ཁོམས་གསུམ་གྱི་ཉོན་མོངས་པ་སྤངས་ཏེ་མྱོ་ངན་ལས་འདས་པ་སྟེ། དེ་ཡང་བསྟན་བཅོས་དག་ལས། མཐོང ་བའི་ཆོས་ལ་ཞི་བ་ཞེས་བསྟན་པའོ།། ཡང་གཟུགས་མེད་ཀྱི་རྟེན་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་སྔ་མ་ལྟར་མྱ་ངན་ལས་འདའ་བ་དང་། བར་མ་དོར་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་མྱ ་ངན་ལས་འདའ་བ་དང་། སྤོང་པ་དང་བཅས་པས་མྱ་ངན་ལས་འདའ་བ་དང་། སྐྱེད་པ་མེད་པར་མྱ་ངན་ལས་འདོའ་བ་དང་། རྒྱུན་རབ་ཀྱི་མྱ་ངན་ལས་འདའ་བའོ།། དེ་ལ་སྤྱོད་པས་ཡོངསུ་མྱ་ངན་ལས་འདོའ་བ་ལའང་རྣམ་པ་གཉིས་ཏོ།། གཟུགས ་ཀྱི་ཁམསུ་སྐྱེ་བ་གཉིས་བླངས་ནས་མྱ་ངན་ལས་འདའ་བ་དང་། སྐྱེ་བ་བཞི་ལེན་པའོ།། དེ་ལ་སྔ་མཽ་ནཾ་དབང་པོ་རྣོན་པོའོ།། གཉིས་པ་ནི་དབོང་པོ་བརྟུལ་བ་ཞེས་བྱའོ།། དེ་ལ་སོགས་པའི་དབྱེ་བཱའི་ཚུལ་གཞན་ཡང་བསྟན་ཏོ།། སྤྱོད་པ་དང་སྤྱོད་པ་མེད ་པ་དེ་དག་ནི་མངོན་པར་འདུ་བྱེད་པ་དང་བཅས་པ་དང་། འདུ་བྱེད་པ་མེད་པ་ཞེས་ཀྱང་བྱའོ།། དེ་ལ་བར་མ་དེར་མྱ་ངན་ལས་འདའ་བ་ནི་བྱེད་པའི་ལས་དང་། སྐྱེ་བ་ལེན་པཱི་ལཱ་གཉིས་ལཱ། སྐྱེ་བ་ལེན་པཱི་ལས་ནི་སྤངས་ཤིང་བྱེད་པཽ་ལྦ་འབའ་ཞིག་ལ་བརྟེན་ན ་དོད་པའི་ཁམས་ཀྱིས་ཕུང་པོ་སྤངས་ནས་གཟུགས་ཁམས་སྐྱོ་བཱི་བར་དུ་གཉེན་པོ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བ་སྟེ། དེ་ཡང་དབང་པོ་རྣོ་བར་གྱུར་པའོ།། དེ་སྐད་དུ་ཡང་། རིགས་ཀྱི་བུ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི ་སེམས་ཅན་རྣམས་ལ་ལས་རྣམ་པ་གཉིས་ཡོད་དེ། བྱེད་པའི་ལས་དང་། སྐྱེ་བ་ལེན་པའི་ལསོ།། བར་དུ་མྱ་ངན་ལས་འདའ་བ་ནི་བྱེད་པའི་ལས་འབའ་ཞིག་ཡོད་དེ། སྐྱེ་བ་ལེན་པའི་ལས་མེདོ།། དེ་བས་ན་བར་དུ་ཡོངསུ་མྱ་ངན་ལས་འདའ་བ ་ཞེས་བྱ་སྟེ། འདོད་པའི་ཁམས་ཀྱི་ཕུང་བ་ནི་བོར་དབང་པོ་རྣོ་བའི་ཕྱིར་གཟུགས་ཀྱི་ཁམ་སུ་མ་ཕྱིན་པར་མྱ་ངན་ལས་འདས་པར་འགྱུར་ཏེ། དེ་ནི་བར་དུ་མྱ་ངན་ལས་འདའ་བའོ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ལས་དེ་དག་ཉིད་ལས་མངོན་པར ་འགྲུབ་པའི་ཀུན་ཏུ་སྦྱོར་བ་དང་། སྐྱེ་བའི་ཀུན་ཏུ་སྦྱོར་བ་ཞེས་ཀྱང་བསྟན་བཅོས་དག་ལས་བཤད་དོ།། ཕུང་པོ་བླངས་ནས་མྱ་ངན་ལས་འདའ་བ་ནི་ལས་དེ་དག་གཉིས་ཀ་མ་སྤངས་པས་དེས་འདོད་ཁམས་ཀྱི་ཕུང་པོ་བོར་ནས་གཟུགས་ཀྱི་ཕུང་པོ ་ལེན་ཏེ། དེར་ལམ་ལོ་བརྩོན་འགྲུས་ནན་ཏན་དུ་བྱས་པས་མྱ་ངན་ལས་འདའ་བའོ།། སྤྱོད་པ་ཡོངསུ་མྱ་ངན་ལས་འདིའ་བ་ནི་སྔར་བསྟན་པ་ལྟར་གཟུགས་ཁམས་ཀྱི་སྐྱེ་བ་གཉིས་སམ་བཞི་པོ་དེ་རྣམས་ཀྱི་བར་ལ་རྟག་ཏུ་ལམ་ལ་ནན ་ཏན་བྱེད་དེ། འདུས་བྱས་ཀྱི་ཏིངངེ་འཛིན་གྱི་ཤུགས་ཀྱིས་ཉོན་མོངས་པ་ཡོངསུ་བཅད་ནོས་མྱ་ངན་ལས་འདའ་བའོ།། སྐྱེད་པ་མེད་པར་ཡོངསུ་མྱ་ངན་ལས་འདྲའ་བ་ནི་གང་ཟག་དེས་ངེས་པར་མྱ་ངན་ལས་འདའ་བར་ཤེས་ནས་དེའི་ཕྱིར ་ལ་ལོ་བྱེདདོ།། དེས་ཀྱང་འདུས་བྱས་ཀྱི་ཏིང་འཛིན་གྱི་ཤུགས་ཀྱི་ཉོན་མོངས་པ་སྤངས་ཤིང་ཚོའི་དུས་བྱས་ནས་མྱ་ངན་ལས་འདའ་བར་འགྱུར་བའོ།། རྒྱུན་རབ་ཀྱི་མྱ་ངན་ལས་འདའ་བ་ནི་གང་ཞིག་བསམ་གཏན་བཞི་ཐོབ་ནས་རྐྱེན་འོག ་ཞིག་གོ་བསམ་གཏན་དེ་རྣམས་ལས་ཉམས་ཏེ། ཡང་བསམ་གཏན་དང་པོ་ལ་དགའ་བའི་སེམས་སྐྱེས་ཏེ། དེ་ལྟར་ནན་ཏན་དུ་བྱས་པས་བསམ་གཏན་དང་པོ་ཐོབ་ཅིང་། དེ་ནས་ཚེ་འཕོས་ནས་བསམ་གཏན་དང་པོའི་ལྷར་སྐྱེ་བ་དང་། ་དེ་ལ་བསམ་གཏན་གཉིས་པ་ཐོབ་ཅིང་། དེ་འདྲ་བའི་ལམ་གྱི་རྒྱུན་གྱི་བསམ་གཏན་གཉིས་པ་ནས་བཞི་པའི་བར་དུ་སྐྱེ་བར་འགྱུར་རོ།། བསམ་གཏན་བཞི་པ་དེ་ལ་ཡང་རྣམ་པ་གཉིས་ཏེ། གཟུགས་མེད ་པའི་ཁམསུ་འགྲོ་བ་དང་། གནས་གཙང་མའི་རིགས་ལྔར་འགྲོ་བའོ།། དེའི་རྒྱུ་མཚན་ཡང་ཏིང་འཛིན་ལ་དགའ་བ་ནི་ན་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ལ་སོགས་པ་མངོན་དུ་བྱས་ནས་དེ་ནས་ཚེ་འཕོས་ཤིང་སྲིད་པའི་རྩེ་མོའི་བར་གྱི་གནས ་གཞན་བཞི་པོ་དེ་རྣམསུ་སྐྱེ་བར་འགྱུར་ཞིང་དེའི་རྗེས་ལ་མྱ་ངན་ལས་འདའ་བའོ།། དེ་ཉིད་བསྟན་བཅོས་དགྲ་ལས་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ཞེས་བཤདདོ།། གཉིས་པ་ནི་ཤེས་རབ་ལ་མངོན་པར་དགའ་བ་སྟེ། ཤེས་རབ ་ཀྱི་ཡོངསུ་ཟིན་པའི་ཟག་པོ་མེད་པའི་བསམ་གཏཱན་གཙོ་བོརཱ་བསྒོམས་པས་འཕགས་པའི་གནས་དེ་རྣམས་སྐྱེ་བར་འགྱུར་བའོ།། དེ་ཡང་བསམ་གཏན་བཞིའི་ཁྱད་པར་སྔར་བསྒོམས་པ་སྟེ། ཐ་མ་དང་། འབྲིང་དང་། རབ་དང་། རབ་ཀྱི་འབྲིང ་དྲང་། རབ་ཀྱི་ཡང་རབ་བོ།། དེ་རྣམས་ཀྱིས་ཀྱང་གོ་རིམ་བཞིན་དུ་མི་ཆེ་བ་ལ་སོགས་པ་རྣམ་པ་ལྔ་རུ་སྐྱེ་བར་འགྱུར་བའོ།། དེ་ཡང་བསྟན་བཅྡོཾས་ངག་ལས། བསམྦ་གཏོན་ཟུག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་སྦྲེལ་ན་རབ་བསྒོམས་བསྟེ ་ཇི་སྐད་དུ། གསུམ་དུ་འཕེལ་བ་དང་། དྲུག་ཏུ་སྤེལ་བ་དང་། དགུ་དང་བཅུ་གཉིས་དང་བཅོ་ལྔའི་བར་དུ་སྟེ། ཟག་པ་དང་བཅས་པ་ནི་སུམ་ཆར་བསྒོམ་ཞིང་ཟག་མེད་སུམ་གཉིསུ་བྱ་སྟེ་སྤེལ་མཿབསྒོམ་པའོ་ཞེས་བཤད།། དེ་ལྟར་དེ ་གཉིས་ཀྱང་གཅིག་ནི་སྨྲ་བ་ལ་དགའ་བ་དང་། གཅིག་ནི་ཞི་བ་ལ་དགའ་བའོ།། དེ་ལ་ཞི་བ་ལ་དགའ་བ་ནི་གཟུགས་མེད་པའི་ཁམསུ་འགྲོ་བའོ།། སླུ་བ་ལ་དགའ་བ་ནི་གནས་གཙང་མའི་རིགས་སྔར་འགྲོའོ།། དེའི་དོན་ནི་རང་ཉིད་དེ་ཁོ ་ན་ཉིད་རྟོགས་པའི་ཤེས་རབ་དང་ལྡན་ཞིང་གཞན་ལ་ཡང་དེ་འདྲ་བའི་ལམ་སྨྲ་བ་ལ་དགའ་བའོ།། ཡང་གཟུགས་མེང་པའི་ཁམསུ་འགྲོ་བ་ནི་བསམ་གཏན་བཞི་དང་ཁྱད་པར་ལྔ་བསྒོམ་མི་ནུསོ།། དེ་ལྟར་བསྒོམ་པར་ནུས་པ་ནི་འོག་མིན་གྱི ་མཐར་ཐུག་པར་འགྲོ་བ་སྟེ། དེ་ཡང་བསྟན་བཅོས་དག་ལས། འཕར་བ་དང་། བྱེད་དུ་འབར་བ་དང་། གནས་ཐམས་ཅད་འཆི་འཕོ་བ་དང་རྣམ་པ་གསུམ་དུ་གསུངས་པ་ལས་འདི་ནི་ཐ་མའི་དབང་དུ་བྱས་པའོ།། གཉིས་པ་ཡང་དོན་གྱིས ་བལྟ་བར་བྱའོ།། དེ་ལ་བསམ་གཏན་གྱི་གནས་གཞན་བཅུ་གཉིས་ལས། ཚངས་པོ་ཆེན་པོ་ནི་གཙེ་བོ་གཅིག་ཏུ་ངེས་པའི་ས་དང་། ལྟ་བ་ངན་པས་གནས་ཡོན་པས་འཕགས་པ་རྣམས་དེ་ལྟར་དེར་སྐྱེ་བ་མི་ལེན་ལ། དེ་ལས་གཞན་པའི་གནས ་བཅུ་གཅིག་དང་། གནས་ལྔ་རྒྱུད་ནས་མྱ་ངན་ལས་འདའ་བའོ།། གལ་ཏེ་འདིར་བར་མ་དེར་མྱ་ངན་ལས་འདའ་བ་དབང་པོ་རྣོན་པོ་ཡིན་ན། ཅིའི་སྣང་དུ་ད་ལྟར་གྱི་དུས་འདོད་པའི་ཁམས་ཀྱི་རྟེན་འདི་ཉིད་ལ་མྱ་ངན་ལས་མི་འདའ་ཞེས་པ་དང་། ་གཞན་ཡང་། འདོད་པའི་ཁམས་ནས་གཟུགས་ཀྱི་ཁམ་སུ་འཕོ་བ་ལ་བར་དུ་མྱ་ངན་ལས་འདའ་བ་མཆིས་ལ། གཟུགས་ཀྱི་ཁམས་ནས་གཞན་དུ་འཕོ་བ་ལ་བར་དུ་མྱ་ངན་ལས་འདའ་བ་མ་མཆིས་པ་ཅིའི་སླད་དུ་ལགས་ཞེས་བྱང་ཆུབ ་སེམས་དཔའ་འོད་སྲུངས་ཀྱིས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་ད་ལྟར་གྱི་དུས་ན་ཆེན་པོ་བཞི་ཞན་པས་ལས་སྒོམ་མི་ནུས་ཏེ། དགེ་སློང་དག་ཆེན་པོ་བཞི་པོ་དེ་ཡང ་གནས་ཁང་དང་། བསོད་སྙོམས་དང་། གོས་དང་མལ་ཆ་དང་། ནད་ཀྱི་རྐྱེན་སྤྱན་ལ་སོགས་པའི་ཡེ་བྱད་རྣམས།། དེ་དང་མི་ལྡན་ན་ད་ལྟར་གྱི་དུསུ་མྱ་ངན་ལས་འདའ་བར་མི་འགྱུར་རོ་ཞེས་སྔོན་གྱི་གླེང་གཞི་དང་བཅས་ཏེ་རྒྱས་པར་གསུང་སོ་གན ་ཡང་ད་ལྟར་འདོད་པའི་ཁམས་ཀྱི་རྟེན་ལ་སེམས་ཅན་དེ་དག་གི་ཕན་པའི་དེ་ན་མང་པོ་བྱེད་པ་ལ་དགའ་བས་འབྲེལ་ཏེ། ཏིང་ངེ་འཛིན་ཐོབ་པར་མ་གྱུར་པས་ད་ལྔར་མྱ་ངན་ལས་འདས་པར་མ་གྱུར་ཏོ་ཞེས་པ་དང་། ཡང་བརྩད་པ་གཉིས་པའི ་ལན་དུ་འདོད་པའི་ཁམས་པའི་སེམས་ཅན་རྣམས་ལ་སྲེད་པ་རྣམ་པ་གཉིས་ཏེ། འདེད་པོ་ལ་སྲེད་པ་དང་། གཟུགས་ལ་སྲེད་པའོ།། དེ་ལ་སྲེད་པ་དེ་གཉིས་ཀྱིས་ཉེས་སྐྱོན་ལ་སོགས་པ་རྟོགས་ནས་སེམས་རྩེ་གཅིག་ཏུ་དེ་དག་ལ་སྨོད་པར ་འགྱུར་ཏེ། དེ་ལྟར་སྨད་ནས་དེའི་བར་དུ་མྱ་ངན་ལས་འདའ་བར་འགྱུར་བའོ།། གཞན་ཡང་འདོད་པའི་ཁམས་ན་ཉེན་མོངས་པ་སྦོམ་པོ་སྨད་པའི་གནསུ་གྱུར་པ་འདོད་ཆགས་དང་ཞེ་སྡང་ཁྲེལ་པ་མེད་པ་དང་འཛེམ་པ་མེད་པ་སྟེ། དེ་རྣམས ་ལ་སྨོད་ཅིང་ཡང་བྱུང་བས་དེ་ནས་འཕོ་བའི་བར་དུ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའོ།། གཟུགས་ཀྱི་ཁམས་ན་ནི་དེ་ལྟ་བུའི་ཉོན་མོངས་པ་སྦོམ་པོ་དང་། འདོད་པ་ལ་སྲེད་པ་ལ་སོགས་པའི་ཉེས་དམིགས་རྟོགས་པར་འགྱུར ་བའི་རྐྱེན་དེ་དག་མེད་དེ། བསམ་གཏན་གྱི་བདེ་བ་ལ་གནས་པ་དེ་དག་གི་གཉེན་པོ་བསྒོམ་པ་མེད་པའི་ཕྱིར་དེ་ནས་གཞན་དུ་འཕོ་བའི་བར་དུ་མྱ་ངན་ལས་འདའ་བ་མི་འཐད་ཅེས་པ་ལ་སོགས་པ་གསུང་སོ།། ཡང་བར་དུ་མྱ་ངན་ལས་འདའ་བ ་ལ་དབྱེ་ན་རྣམ་པ་གསུམ་ཏེ། རབ་དང་། འབྲིང་དང་། ཕྱེ་མའོ།། དེ་ལ་རབ་ནི་ཕུང་པོ་སྤངས་ནས་འདོད་པའི་ཁམས་དང་མ་བྲལ་བར་ཡོངསུ་མྱ་ངན་ལས་འདའ་བའོ།། འབྲིང་ནི་འདོད་པའི་ཁམས་དང་བྲལ་མ་ཕག་ལ་གཟུགས་ཀྱི་ཁམ་སུ་མ་ཕྱིན ་པར་ཡོངསུ་མྱ་ངན་ལས་འདའ་བའོ།། ཐ་མ་ནི་འདོད་པའི་ཁམས་དང་བྲལ་ནས་གཟུགས་ཀྱི་ཁམས་ལ་བསྙེན་ཏེ་མྱ་ངན་ལས་འདས་པའོ་ཞེས་གསུང་སོ།། ཡང་འཕགས་པ་སྟུག་པོ་བཀོད་པའི་རྒྱན་ལས། ཤེས་པ་རྣམས་དང་སློབ་པ་བཅུ ་བརྒྱད་པ་མང་ནི་ལན་བདུན་དང་།། རིགས་ནས་རིགས་དང་ལན་ཙུག་འོང་།། བར་ཆད་གཅིག་པའི་གང་ཟག་དང་།། བ་རོ་མར་མྱ་ངན་འདའ་བ་དང་།། གཞན་སྐྱེས་མྱ་ངན་ལས་འདའ་བོ།། མངོན་པར་འདུ་བྱེད་མ་བྱས་པ།། སྟེང་མའི་རྒྱུད་ཀྱང་དེ ་བཞིན་ཏེ། ཞེས་གསུངས་ཏེ། དེ་ལ་ཤེས་པ་རྣམས་ཟད་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཐོབ་པའི་དགྲ་བཅོམ་པ་དང་། རང་སངས་རྒྱས་མི་སློབ་པ་རྣམས་ཡིན་ལ། སློབ་པ་བཅུ་ལས་བརྒྱད་པ་ནི་སྔར་བསྟན་པ་ལྟར་རྒྱུན་ཏུ་ཞུགས་པའི ་འབྲས་བུ་ལ་ཞུགས་པ་ཡིན་ལ། རིགས་ནས་རོགས་ནི་སྔ་མ་ལྟར་ལྷོ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བ་གསུམ་མམ། ལྔ་བླངས་ནས་མྱ་ངན་ལས་འདའ་བའོ།། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་འདིར་མ་གསུངས་པ་ནི་ཉོན་མོངས་པ ་ལྔ་པ་སྤངས་པ་ཡང་ལན་ཅིག་ཕྱིར་འོང་བ་ཉིད་དུ་འདུས་པར་དགོངས་པའོ།། བརྒྱད་པ་ནི་དེ་ལྟ་མ་ཡིན་ཏེ། འབྲས་བུ་སྔོན་དུ་མ་བྱས་པ་དེར་མ་འདུས་པའོ།། གཞན་ཡང་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ ་ཉོན་མོངས་པ་བརྒྱད་པ་མན་ཆད་སྤངས་པ་ཡིནོ་ཞེས་ཆོས་མངོན་པ་ཀུན་ལས་བསྡུས་པ་ལས་བཤད་པ་ནི་འདིར་བར་ཚད་གཅིག་པའི་གང་ཟག་དུ་འདུས་པས་མདོ་སྡེ་དག་ལས་ལོགསུ་བཤད་པོ་མེ་དོ།། ཡང་མཛོད་ཀྱི་བསྟན་ཆོས་ལས ་ནི། དགུ་པ་སྤང་བའི་དོན་དུ་ལས་ལྔ་བརྩོན་འགྲུས་ནན་ཏན་དུ་བྱེད་པ་ནི་ཕྱིར་མི་འདི་བའི་འབྲས་བུ་ལ་ཞུགས་པའོ་ཞེས་བཤད་དེ། དེ་ལྟ་ན་པར་ཆད་གཅིག་པ་ད་མི་འདྲ་བས་ཐ་དད་དུ་བསྟན་ཀྱང་འགལ་བ་མདོ།། སྟེང་མའི་རྒྱུད་ཀྱང་ཞེས ་པ་ནི་སྔར་བསྟན་པའི་རྒྱུན་རབས་ཀྱི་མྱ་ངན་ལས་འདའ་བ་ཉིད་དོ།། གལ་ཏེ་འདིར་འདོད་པའི་ཁམས་ཀྱི་ཉོན་མོངས་པ་མཐའ་དག་སྤངས་པས་འཕགས་པ་ཕྱིར་མི་འོང་བ་ཉིད་དུ་འགྱུར་པ་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་མདོ་ལས། ཕ་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བའོ།། ཞེས་གསུངས་པ་དང་འགལེ་ཞེ་ན། སྐྱོན་མེད་དེ། དེ་ནི་སྔར་བསྟན་པ་ལྟར་གཙོ་བོ་ཉེ་བར་བསྡུ་བའི་དོན་དུ་སྟེ། ཅིའི་ཕྱིར་དེ་རྣམས་གཙོ་བོ་ཉིད་དུ་འགྱུར་ཞེ ་ན། འགྲོ་བ་ཐ་མ་དང་ཁམས་ཕ་མའི་རྒྱུར་གྱུར་པའི་ཕྱིརརོ།། དེ་ལ་དང་པོ་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གྱི་འགྲོ་བ་ཐ་མ་ངན་སོང་གསུམ་ལ་མི་འདའ་བས་དེའི ་རྒྱུ་ཉིད་དོ།། འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་ཀྱིས་ན་ཁམས་ཐ་མ་འདོད་པའི་ཁམས་ལས་མི་འདའ་བས་དེའི་རྒྱུ་ཉིད་ཡིན་པའི་ཕྱིར་ཞེ་ཚེ་མངོན་པའི་བསྟན་བཅོས་དག་ལས་བཤད་དོ།། འཕགས་པ་དགྲ་བཅོམ་པ་ནི་ཁམས ་གསུམ་གྱི་ཉོན་མོངས་པ་སྤངས་པ་སྟེ་དེ་ལ་ཅིག་ཅར་སྤོང་བའི་དབང་དུ་བྱས་ན་ལན་ཅིག་ཕྱིར་མི་འོང་བ་དང་མི་འདྲ་བའི་ཁྱད་པར་ནི་སྔར་བསྟན་པོ་ལྷར་རམ། ཡང་ན་ཁམས་གསུམ་གྱི་ཉོན་མོངས་པ་དགུ་སྤོང་བའི་ལམ་ལ་ཞུགས་པ་སྟེ། ་དེའི་དོན་དུ་བརྩོན་པར་བྱེད་པ་ནི་འཕྱགས་པ་ཕྱིར་མི་འོང་བ་ཞེས་བྱ་སྟེ། དེ་ཡང་བསྟན་བཅོས་དག་ལས་དགྲ་བཅོམ་པོའི་འབྲས་བུ་ལ་ཞུགས་པ་ཞེས་ཀྱང་བསྟན་ཏེ།། དེ་སྤངས་པའི་རྣམ་པར་གྲོལ་བ་ཐོབ་པ་ནི་དགྲ་བཅོམ་པའོ།། གཞན ་འདིར་བསམ་གཏན་དུ་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པས་དགྲ་བཅོམ་པ་ཞེས་པའི་དོན་ནི་དབང་པོ་བརྟུལ་པོའི་དབང་དུ་བྱས་ན་དེ་དག་གི་མཚན་མར་རྟོག་པ་ལ་ཉེས་དམིགསུ་ལྟ་བའི་སྒོ་ནས་དེ་ལྟར་རྟོག་པ ་མེད་པའི་ཏིངངེ་འཛིན་ཟག་པ་མེད་པའི་དབྱིངས་ན་གནས་པའོ།། དབང་པོ་རྣོན་པོའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་དང་མཐུན་པར་བརྟག་བྱའི་ཡུལ་སྟོང་པ་ཉིད་དུ་རྟོགས་པས་རྣམ་པར་རྟོག་པ་མེད་པའོ།། ་བསམ་གཏན་དུ་བྱ་བ་ནི་དེའི་དམིགས་པའི་ཡུལོ།། ཉོན་མོངས་པ་དང་སྡུག་བསྔལ་ལ་རྟོག་པ་མེད་པ་ནི་དེ་དག་ཉེ་བར་སྤངས་པའི་སྒོ་ནསོ།། གལ་ཏེ་འདིར་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད ་དུ་འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལྔས། གོང་མའི་ཆ་ཅན་གྱི་ཀུན་ཏུ་སྦྱར་བ་ལྔ་སྤངས་པ་དགྲ་བཅོམ་པའོ།། ཞེས་གསུངས་པ་དང་འགལོ་ཞེ་ན། སྐྱོན་མེད་དེ། སྔར་བསྟན་པ་ལྟར་གཙོ་བོ་ཉ ་བར་བསྡུ་བའི་དོན་དུའོ།། དེ་རྣམས་གཙོ་བོར་འགྱུར་པ་ཡང་ཁམས་གོང་མ་ཉེ་བར་ལེན་པ་དང་། བླངས་པ་མི་གཏོང་པོའི་ཕྱིར།། དེ་ལ་གོང་མ་ཉེ་བར་ལེན་པ་ནི་གཟུགས་མེད་པའི་འདོད་ཆགས་ཏེ། དེ་དག་གིས་ཁམས་དེ་དག་དུ ་བསྐྱེད་པའོ།། བླངས་པ་མི་གཏོང་བ་ནི་རྒོད་པ་དང་། ང་རྒྱལ་དང་། མ་རིགས་པའི་དེ་སྟེ་རྣམས་ཀྱིས་སྲེད་པ་དང་། ང་རྒྱལ་དང་། ཐེ་ཚོམ་ཤས་ཆེ་བས་བསམ་གཏན་ལ་གནས་ཤིང་། དེས་ཁམས་དེ་དག་ཏུ་ཀུན་ནས་ཉོན་མོངས་པར ་འགྱུར་བའི་ཕྱིར།། གལ་ཏེ་འདིར་གསུང་རབ་དག་ལས་དགྲ་བཅོམ་པ་རྣམ་པ་གསུམ་དུ་བཀའ་སྩལ་ན། སྐབས་འདིར་བསྟུན་པ་ནི་དེ་རྣམས་ཀྱི་ནང་ནས་གང་ཞིག་ལྗགས་ཞེས་ཞུས་པ་ལ། དེ་རྣམས་ཀྱི་དོན་ཡང་ཞི་བ་ཕྱོགས ་གཅིག་གི་ལོམ་རབ་ཏུ་ཐོབ་པ་ནི་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་ཉེ་བར་ཞི་བའོ།། ལམ་ཞེས་པ་ནི་དེ་གནས་སྐབས་ཀྱི་འབྲས་བུ་ཙམ་ཡིན་གྱི་མཐར་ཐུགས་པ་ཡིན་པསོ།། བྱང་ཆུབ་ཏུ་སྨོན་ལམ་གོམས་པར་དགེ་བོའི་རྩ་བ ་རྨོངས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་ཀྱང་། དེ་ཐོབ་པར་བྱེད་པའི་དགེ་བའི་རྩ་བ་འཁོར་གསུམ་སྒྱུ་མ་ལྟ་བུར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་མི་ལྡན་ཞིང་། གང་ཟག་ལ ་བདག་མེད་པ་ཙམ་རྟོག་པས་རེ་ཞིག་དགྲ་བཅོམ་པའི་འབྲས་བུ་མངོན་པར་འདུ་བྱས་པའོ།། འཕྲུལ་པས་འཕྲུལ་པ་ནི་བྱང་ཆུབ་སེམས་དཔའ་ཉིད་སེམས་ཅན་གྱི་དོན་དུ་ཉན་ཐོ་སུ་སྤྲུལ་པ་སྟེ། གནས་བསྟན་ནཱ་རིའི་བུ་ལ་སོགས་པ་ལྟ ་བུའོ།། ལན་གྱི་དོན་ནི་འདིར་ཞི་བ་ཕྱོགས་གཅིག་པ་ཉིད་ཡིན་ཏེ། དེ་ནི་དུས་ཡུན་རིང་དུ་ཟག་པ་མེད་པའི་དབྱིངས་ན་གནས་ཤིང་། སྲིད་པར་ཉིང་མཚམས་འབྲེལ་པར་བྱེད་པའི་ཕྱིརརོ།། དེ་སྐད་དུ་ཡང་། ཏིང་འཛིན་གྱི་མྱོས་པར་མྱོས་པ་བསྐལ ་པའི་བར་དུ་མི་སདེ་ཞེས་པ་ལ་སོགས་པ་འོག་ནས་ཀྱང་བསྟོན་པར་འགྱུརརོ།། དེ་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་སྨྲ་བ་ནི་སྔར་བསྟན་པའི་སྨོན་ལམ་གོམ་པ་སྟེ། སྨོན་ལམ་སྔོན་དུ་འགྲོ་ཞེས་པ་དང་སྦྱར་བར་བྱའོ།། འཕྲུལ་པས་སྤྲུལ ་པ་ནི་བདེན་པ་གཉིས་ཀྱིས་ཐབས་ལ་མཁས་པའོ།། དེ་དག་ནི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་མཛེས་པར་བྱ་བ་སྟེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་སྤྲས་པའོ།། གཞན་ཡང་ཞིད་དེ་དག་ལ་གནས་པའི ་གདུལ་བྱའི་ཁྱད་པར་རྣམས་རྗེསུ་བཟུང་བའི་དོན་དུ་ཉན་ཐོས་ལ་སོགས་པའི་གཟུགསུ་སྐྱེ་ཞིང་ཉིང་མཚམས་འབྲེལ་པ་ལྟ་བུར་སྟོན་པའོ།། སྐྱེད་པ་སྤྱད་པ་སྒྲ་ཞེས་པ་ནི་ཡང་དག་པའི་ཤེས་རབ་ཀྱིས་ཟིན་པ་མེད་པས་བྱང་ཆུབ ་སེམས་དཔའི་སྤྱོད་པ་དངོས་ནི་མ་ཡིན་ཞེས་པའོ།། སངས་རྒྱས་ཀྱིས་འཕྲུལ་པས་སྤྲུལ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་བདག་ཉིད་ཀྱི་མཐུ་ཡང་ཡིན་མོད་ཀྱི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཀྱང་མཐུ་དང ་སྤོབས་པ་ལ་སོགས་པ་ཁྱད་པར་དུ་གྱུར་པའི་ཉན་ཐོས་ཀྱི་གཟུགསུ་བསྟན་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་ནི་འཕགས་པ་ཉན་ཐོས་དེ་རྣམས་ཀྱིས་ཀྱང་ཆོས་ཀྱི་བདག་མེད་པ་མ་རྟོགས ་ཤིང་། གཟུང་བ་དང་འཛིན་པ་ལ་སོགས་པའི་དངོས་པོར་ཞོན་པ་ན་མྱ་ངན་ལས་བླངས་པའི་འབྲས་བུ་ཕོབ་པ་མི་འཐད་པས་དེ་དག་ཏུ་ཞེན་པ་ལས་ལྡོག་པར་བྱའོ།། ཞེས་གསུངས་པ་སྟེ། དེ་ལ་འབྲས་བུ་ཐོབ་པར་བྱ་བ་ནི་འཇིག ་རྟེན་པ་རྣམས་ཀྱི་སྐྱེ་བ་བསམ་གཏན་ལ་སོགས་པ་དང་། རྒྱུན་ཏུ་ཞུགས་པ་ལ་སོགས་པའོ།། བསམ་གཏན་པ་ནི་དེ་ལ་སྙོམས་པར་འཇུག་པའི་གང་ཟགོ།། དེ་ལྟར་འཁོར་གསུམ་དུ་སྣང་བ་ནི་བདེན་པའི་དངོས་པོར་མེད་ཅིང་རང ་གི་སེམས་སྣང་བ་ཙམ་དུ་རྟོགས་ཤིང་ཁས་ལེན་པས་འབྲས་བུ་ཐོབ་པའི་མཚན་ཉིད་བསྟན་ཏོ་ཞེས་པ་སྟེ། མྱ་ངན་ལས་འདས་པའི་འབྲས་བུ་དེས་ཐོབ་པར་ནུས་ཀྱི་གཞན་དུ་མ་ཡིན་ཞེས་པའོ།། དེ་ཉིད་འབྲས་བུ། དེ་ཉིད་གསལ ་བར་བསྟན་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གཉིསུ་འགྱུར་ཞེས་པ་ནི་སྤང་བྱ་དང་སྤང་བྱས་དབེན་པའི་གང་ཟག་གཉིསུ་རྟོགས་པས་དེ་ཉིད་དེའི་བདག་ཏུ་ལྟ་བ་ལ་སོགས་པར་ལྟུང་བར་འགྱུར་ཏེ། སྔར་བསྟན་པ ་བཞི་ནོ།། རྒྱུན་ཏུ་ཞུགས་པ་སྦྱར་བ་ཇི་ལྟ་བུ་བཞིན་དུ་དགྲ་བཅོམ་པར་ཁས་ལེན་པ་རྣམས་ཀྱིས་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱང་ཕྱིན་ཅི་ལོག་ཉིད་དུ་འགྱུར་པའོ།། གལ་ཏེ་དེ་ལྟ་ན་སེམས་སྣང་བ་ཙམ་གྱི་བདག ་ཉིད་དོན་དམ་པའི་དངོས་པོར་གྲུབ་ཅིང་། དེར་འཛིན་པ་ཕྱིན་ཅི་མ་ལོག་པའི་ལམ་མ་ཡིན་པ་སྙམ་དུ་སེམས་ན། གཞན་ཡང་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་ཕྱིན་ཅི་ལོག་ཡིན་པས་སེམས་ཁམས་གསུམ་ལས་འདའ་བར་འདོད་པ ་རྣམས་དེ་ལས་འདའ་བར་བྱ་བའི་ཕྱིར།། རང་གི་སེམས་སྣང་བའི་མཚན་ཉིད་དོན་དམ་པའི་དངོས་པོར་འཛིན་པས་ལྡོག་པར་བྱ་སྟེ། དེའི་ཕྱིར་སྙེམས་པར་འཇུག་པའི་ཁྱད་པར་རྣམས་དང་། བསམ་གཏན་དྲང་ཏིང་འཛིན་ལ་སོགས་པ་ཐམས ་ཅད་ཀྱང་སེམས་ཀྱི་ངོ་བོར་གྱུར་པའི་ཆོས་ཡིན་པས་དེ་རྣམས་དེ་ཁོ་ན་ཉིད་དུ་གྲུབ་པ་མ་ཡིནོ་ཞེས་ཤེས་པར་བྱའོ།། སེམས་ཙམོ་ལ་ནི་ཡོད་པ་མི་ནི་ཞེས་པ་ནི་དེ་རྣམས་ཀུན་རྫོབ་ཏུ་སེམས་ཉིད་ཡིན་མེད་ཀྱི། དེ་ཁོ་ན་ཉིད་དུ་མྱེད་རིག་ཙམ་གྱི ་སེམས་ཀུན་རྫོབ་པ་འདི་ལ་ཡོད་པ་མ་ཡིན་ཏེ། རང་གི་རང་བཞིན་དོན་དམྦྷ་པཱར་སྟོང་པའོ།། སློང་དང་བདེན་པོ་མཐོང་བ་དང་།། ཞེས་པ་ནི་སྔ་མ་ལྟར་བདེན་པ་གཞིས་ཆོས་བཅུ་དྲུག་གི་རྣམ་པར་མཐོང་བས་སྤང་བར་བྱ་བོའི་ཉོན་མོངས ་པ་རྣམས་སློང་བའོ།། འདྲི་རྣམས་ཀྱང་།། རང་རྒྱལ་རྒྱལ་སྲས་ཉན་ཕོས་ཀྱི།། ཅི་སླད་འགྱུར་པ་བརྒྱ་པོ་དང་།། སྣང་བ་མེད་པ་བརྒྱ་པོ་ཡང་།། ཅི་སླད་འགྱུར་པ་བདག་ལ་གསུངས།། ཞེས་དྲིས་པའི་ལན་དུ་ཡང་དོན་གྱི་སྦྱར་བར་བྱ་སྟེ། བརྒྱ་ཉིད ་དུ་འགྱུར་བའི་ཚུལ་ནི་དྲི་བོའི་ཚིག་གི་སྐབསུ་བསྟན།། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཤེས་བྱ་ཇི་ལྟར་རྣམ་པར་དག་ཅེས་དྲིས་པའི་ལན་དུ་ཤེས་བྱའི་གནས་ཐམས་ཅད་ནི་རེ་ཞིག་བདེན་པ་གཉི་སུ་འདུས་ལ། ་དེ་དག་གི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་ཤིང་གོམས་པས་དེ་དག་ཉིད་ཀྱི་དྲི་མ་སྤོང་བའོ།། དེ་ལ་རྣམ་པར་རྟོག་པའི་མཚན་ཉིད་འཛིན་པ་ལ་ཞེས་པ་ནི་གཞན་གྱི་དབང་གི་རྣམ་པར་རྟོག་པ་དོན་དུ་སྣང་ཞིང ་འཛིན་པ་ལ། མངོན་པར་ཆགས་པས་རབ་ཏུ་འཇོག་པའི་བློ་ཞེས་པ་སྟེ། ཀུན་རྫོབ་ཏུ་དོན་དང་རྗེ་སུ་མཐུན་པའི་བློ་འགའ་ཞིག་གིས་ཀུན་རྫོབ་ཀྱི་ཚུལ་རྣམ་པར་འཇོག་པའོ།། བློ་གང་གི་ཞེས་པ་ནི་དེ་ཁོ་ན་ཉིད་རྣམ་པར་འབྱེད་པའི་ཤེས་རབ ་གང་གིས་ཞེས་པའོ།། མཐའ་གཞི་དང་བྲལ་བ་མི་དམིགས་ཞེས་པ་ནི་མཐའ་གཞིར་འཛིན་པ་དང་བྲལ་པ་ལ་མི་དམིགས་པའོ།། མཐའ་གཞི་པོ་འདིས་ཆོས་ཐམས་ཅད་ཡོངསུ་བརྟག་པ་ལ་རབ་ཏུ་སྦྱར་བར་བྱའོ་ཞེས་པ་ནི་མཐའ ་བཞིར་རྣམ་པར་རྟགས་པ་ལ་དེ་རྣམས་མི་དམིགས་པའི་སྒོ་ནས་དོན་དམ་པར་སྟོང་པ་ཉིད་དུ་བརྟག་ཅིང་སྦྱར་བར་བྱའོ།། རྣམ་པ་གཅིག་ཏུ་ནཱ་རྣམ་པར་རྟོག་པའི་ཞེས་པ་ནི་དོན་དང་མཐུན་པའི་རྣམ་པར་རྟོག་པོའི་བློ་སྟེ། དེ་ཉིད་ཀྱི ་ཀུན་རྫོབ་ཏུ་ཚ་ཞིང་གཤེ་བ་ལ་སོགས་པ་རང་རང་གི་མཚན་ཉིད་འཛིན་པའི་དངོས་པོ་རྣམས་ལ་དེ་དག་མཐུན་པོར་མངོན་པར་ཆགས་པའི་བློ་གང་གིས་སྦྱར་བར་བྱའོ་ཞེསུ་རྟོགས་པའི་མཚན་ཉིད་ཅེས་པ་ནི་དེ་རྣམས་རྟོགས་པའི ་བློ་ལས་གཞན་མ་ཡིན་པའོ།། རྒྱུ་ནི་དེ་རྣམས་བློའི་བདག་ཉིད་དུ་གྲུབ་པའི་གཏན་ཚིགས་ཏེ། ལྷན་ཅིག་དམིགས་པ་ངེས་པ་ལ་སོགས་པའོ།། མཚན་ཉིད་ནི་དེ་ལྟར་སྣང་བའི་བློའི་མཚན་ཉིད་དང་ལྡན་པའོ།། དཔེ་ཡང་སྔར་བསྟན་པ ་ལྟར་ཆོས་གཉིས་དང་ལྡན་པའི་དཔེའོ།། དེ་དག་ལ་མངོན་པར་ཆགས་པས་སེམས་ཀྱི་ངོ་བོ་ཉིད་ཡང་དག་པའི་དངོས་པོར་སྒྲོ་འདོགས་པའི་ཚུལ་གྱིས་སྒྲོ་འདོགས་པ་སྟེ། ཆོས་ཐམས་ཅད་སེམས་ཙམ་ཉིད་དུ་རྣམ་པར་འཇོག་པའོ།། དེ་ལྟར ་ཀུན་རྫོབ་ཏུ་སེམས་ཉིད་ཡིན་པ་དང་། དོན་དམ་པར་སེམས་ཉིད་སྒྱུ་མ་ལྟ་བུར་འཇོག་པའི་བློ་གཉིས་ཀྱིས་མཚན་ཉིད་གང་དང་ལྡན་པས་ཞེས་པ་ལ་སོགས་པ་སྟེ། དོན་གོ་བར་ཟད།། སྣང་བ་མེད་པ་ནི་མཉམ་པར་བཞག་པའི་ཡེ་ཤེས་སོ་སོ ་རང་རིག་པའོ།། སྤྱོད་པའི་ས་ནི་སྣང་བ་དང་བཅས་པའི་གནས་སྐབ་སོ།། བསྐལ་པ་བརྒྱར་ཐོག་མའི་མཐའ་དང་ཐ་མའི་མཐར་འཇུག་ཅེས་པ་ནི་དུས་དེ་སྙེད་ཀྱི་བར་དུ་རདྭ་དང་གཞན་གྱི་ཚེ་རབས་སྔ་མ་དང་ཕྱི་མ་ཤེས་པའོ།། སངས་རྒྱས་ཀྱི་ཞིང ་བརྒྱ་ཡང་འོད་ཀྱིས་སྣང་བར་བྱེད་པ་དང་། སྤྲུལ་པ་བརྒྱ་འབྱེད་པར་ནུས་པ་ལ་སོགས་པོ་འཕགས་པ་ས་བཅུ་པ་ལས་རྒྱས་པར་གསུངས་པ་བཞིན་དུ་ལྟའོ།། སའི་མཚན་ཉིད་ཀྱི་ཆོ་ག་ནི་གོ་རིམ་སོ།། སྨོན་ལམ་གྱི་བྱེ་བྲག་གིས་ཞེས་པ་ནི་ས་དང་པོ ་ལ་སྨོན་ལམ་ཆེན་པོ་བཅུ་གྲུབ་ཅིང་དེ་ཉིད་ཀྱང་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའོ།། མཐར་ཐུག་པའི་གནས་བཅུ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོང་སུ་རྫོགས་པའོ།། སྐབས་ཀྱི་དོན་འདི་དང་འདིའི་རང་བཞིན་ཅན་སྔར་བསྟན ་པ་ཐམས་ཅད་ཀྱང་ཇི་ལྟར་ས་འཇུག་པར་འགྱུར། གང་གི་སའི་རིམ་པར་འགྱུར་ཞེས་དྲིས་པའི་ལེན་དུ་ཡང་སྦྱར་བར་བྱའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་སྔར་བསྟན་པའི་ཚ་བ་དང་གཤེར་བ་ལ་སོགས་པའི་འབྱུང་བ་དང ་འབྱུང་བ་ལས་གྱུར་པ་རྣམས་ནི་ཀུན་རྫོབ་ཏུ་སེམས་ཉིད་ཡིན་ཞིང་། དོན་དམ་པར་སེམས་ཀྱི་ངོ་བོ་གྲུབ་པ་མེད་པར་རྒྱས་པར་འཆད་དེ། མིང་དང་རྣམ་པར་རྟོག་པ་ཙམ་ཞེས་པ་དེ་ཉིད་གསལ་བར་བསྟན་པ་ནི། ་མིང་དང་རང་གི་སེམས་ཞེས་པ་ལ་སོགས་པའོ།། དེའི་དོན་ནི་མིང་དང་རྣམ་པར་རྟོགས་པ་ཉིད་ཀྱང་མཐའ་གཞི་དང་བྲལ་བས་སྟོང་པ་ཉིད་ཅེས་པའོ།། རང་གི་མཚན་ཉིད་ཀྱི་གནས་ཡང་དག་པ་ཇི་ལྟ་བ་ནི་རིག་པ་དང་སྟོང་པ་ཟུང་དུ ་འཇུག་པའི་གནས་ལུགས་དོན་དམ་པའི་དངོས་པོར་མ་སྐྱེས།། རབ་ཏུ་མཐོ་ངོ་ཞེས་པ་ནི་ཇི་ལྟར་ན་མཁས་པ་ཡིན་ཞེས་དྲིས་པའི་ལན་དུ་སྦྱར་ཏེ། ཚུལ་ལུགས་དེ་ལྟར་མཐོང་ཞེས་མཁས་པ་ཡིན་ཞེས་པའོ།། དེ་ལ་བློ་གྲོས་ཆེན་པོ་ཞེས ་པ་ལ་སོགས་པས་ནི་དེ་རྣམས་ངོ་བོ་ཉིད་མེད་པ་ཡིན་ན། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་དེ་བཞིན་གཤེགས་པས་གསུངས་ཤིང་། རབ་ཏུ་གྲགས་པ་འདི་ཉིད་མི་འཐ་སྙམ་ན། སྐྱོན་མེད་དེ། དེ་ལྟར་སྣང་ཞིང་གྲགས ་པ་ནི་རྟོགས་པའི་ས་བོན་ཡོངསུ་སྨིན་པ་ལས་བྱུང་བ་བློ་ཉིད་ཀྱི་རང་བཞིན་དུ་གྱུར་པའོ་ཞེས་གསུངས་པ་སྟེ། གཤེར་བར་རྣམ་པར་རྟོག་པ་ཉིད་དུ་འབྱུང་བ་ཆེན་པོ་ནི་ཞེས་པ་དེ་ལྟར་རྣམ་པར་རྟོག་པ་ཉིད་འབྱུང་བ་ཆེན་པོ་ཡིན་གྱི། རྟག ་པ་ལས་ཕ་དད་པ་ཕྱི་རོལ་གྱི་ངོ་བོར་གྱུར་པ་ནི་མེད་ཅེས་པའོ།། དེ་འདྲ་བའི་རྟོགས་པའི་ས་བོན་ཡོངསུ་སྨིན་པ་ལས་ཕྱི་དང་ནང་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཆུའི་ཁམསུ་སྣང་བ་སྒྲུབ་པའོ།། གཟུགས་ཀྱི་བྱེ་བྲག་འབྱེད་པ ་རྣམ་པར་རྟོག་པ་འབྱུང་བ་ཆེན་པོ་ནི་ཇི་ལྟར་རི་དང་ཁང་བཟངས་དང་ཤིང་ལ་སོགས་པ་ནམ་མཁའ་སྟེང་པས་བར་དུ་ཆོད་པས་དེ་རྣམས་ཐ་དད་པ་ཉིད་དུ་བྱེ་བྲག་འབྱེད་པ་རྣམ་པར་རྟོག་པའི་འབྱུང་བ་ཆེན་པོ་ཞེས་པ་སྟེ་སྔ་མ་བཞི་ནོ།། ལོག་པ ་ལ་བདེན་པ་ཞེས་པ་ལ་སོགས་པ་ནི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔ་དང་། འབྱུང་བ་ལས་གྱུར་པ་གཟུགས་དང་རེག་པ་རྣམས་ཇི་ལྟར་བྱུང་བའི་ཚུལ་བསྟན་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཞེས་པ་ལ་སོགས་པ ་སྔར་གསུངས་པ་དང་མཚུངས།། དེ་ཉིད་གསལ་བར་བསྟན་པ་ནི། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པའོ།། མངོན་པར་ཆགས་ཤིང་འདོད་པ་ནི་སྲེད་པ་དང་ལེན་པ་སྟེ། འདུ་བྱེད་མཐུ་དང་ལྡན་པར་བྱེད་པའོ།། སའི་འབྱུང་བ་ཞེས་པ་ལ་སོ། ་པས་དེ་རྣམསུ་སྣང་བ་ལ་ཕྱི་རོལ་ཐ་དད་པ་འགོག་པའི་རྒྱུ་མཚན་ཉིད་སྟོན་ཏེ། སའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་དུ་སྣང་བ་རྣམས་ལ་ནི་རྒྱུའི་འབྱུང་བ་ཆེན་པོ་སྟེ། སྔར་གསུངས་པོ་ལྟར་གཤེར་བ་དང་ཚ་བར་རྣམ་པར ་རྟོག་པའི་བདག་ཉིད་དུ་གྱུར་པའི་འབྱུང་བྱ་ཆེན་པོ་རྣམས་རྒྱུ་ཉི་དུ་ཡོད་ཀྱི་ཕྱི་རོལ་གྱི་ངོ་བོར་གྱུར་པའི་འབྱུང་བ་ཆེན་པོ་རྣམས་ནི་མདོ།། ཅིའི་ཕྱིར་ཞེ་ན། དངོས་པོ་དང་མཚན་མ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། རྡུལ་ཕྲ་རབ་བཾ ་རིགས་པའི་དངོས་པོ་དང་། དེ་རྣམས་མཚོན་པར་བྱེད་པའི་མཚན་མ་གློ་བུར་བ་སྟེ། ཇི་ལྟར་བྱ་རོག་ཆགས་པ་ནི་ལྷ་སྦྱིན་གྱི་ཁང་པའོ་ཞེས་པ་ལྟ་བུ་དང་། རང་གི་རང་བཞིན་དུ་གྱུར་པའི་ཆོས་ཐུན་མོངས་མ་ཡིན་པའི་མཚན་ཉིད ་གཤེར་བ་དང་ཚ་བ་ལ་སོགས་པ་དང་། གྲུ་བཞི་པ་ལ་སོགས་པའི་དབྱིབས་དང་། སྨིན་པ་དང་སྡུད་པ་ལ་སོགས་པའི་བྱ་བའི་བདག་ཉིད་དེ། དེ་རྣམས་ཚོགས་པའམ་རྡུལ་ཕྲ་རབ་རྣམས་སྦྱོར་ཞིང་འཕྲོད་པ ་འདུ་བ་མེད་པའི་ཕྱིརརོ།། དེའི་དོན་ཡང་རྡུལ་ཕྲ་རབ་རྣམས་ཕྱོགས་གཅིག་དང་མཐའ་དག་གིས་སྦྱོར་པོ་མི་འཐད་པ་ཉིད་དུ་རྒྱས་པར་བསྟ་ནོ།། ཡང་བྱེ་བྲོག་པ་རྣམས་ནི་རྡུལ་ཕྲ་མི་རྟག་པའི་རྫས་རྣམས་ལས་རགས་པ་ཡོན་ལག་ཅན་གྱི ་རྫས་རྩོམ་པ་ན་ཐོག་མར་བྱ་བ་དང་འབྲེལ་ཏེ། རྩོམ་པ་ལོས་འདིས་བྱ་བའི་བདག་ཉིད་དང་སྦྱོར་བ་མེད་པས་ཞེས་པ་དེ་དང་འབྲེལ་པ་མེད་པས་རྩོམ་པ་མི་འཐད་ཅེས་པའོ།། དངོས་པོ་དང་ཞེས་པ་ལ་སོགས་པས་ནི་དེ་ཉིད་རྗེ་སུ་འགྲོ་བའི་སྒོ ་ནས་སྟོན་ཏོ།། བྱ་བ་འདུས་པོ་ལས་སྐྱེ་ཞེས་པ་ནི་ལསུ་བྱ་བ་སྟེ། འབྲས་བུ་ཉིད་ལ་སྦྱ་རོ།། མཚན་མ་དང་མི་ལྡན་ཞེས་པ་ནི་དངོས་པོ་དང་མཚན་མ་ལ་སོགས་པ་ཚོགས་ཤིང་སྦྱོར་བ་མེད་པར་འབྱུང་བ་ཆེན་པོ་རྣམས་མི་སྐྱེ་བ་སྟེ། རྟོག་པ ་སྒོ་ནས་བསྟན་པའོ།། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་ཀུན་རྫོབ་ཙམ་དུ་ཕུང་པོ་ལ་སོགས་པའི་རྣམ་པར་བཞག་པ་ཇི་ལྟར་གཞག་པ་ཇི་ལྟར་ཡིན་པ་གསུངསོ།། དེ་རང་བཞིན་ནི་ཀུན་རྫོབ་ཙམ་དུ་མཚན་གཞི ་གཟུགས་ལ་སོགས་པའི་དངོས་པོའོ།། ཡང་རྣམ་པ་གཅིག་ཏུ་ན་དེ་རྣམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་སྐྱེ་བ་མེད་པ་དང་། མཚན་ཉིད་ཀྱང་དོན་དམ་པར་མཚན་ཉིད་མེད་པའི་མཚན་ཉིད་དེ།། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས ་གཟུགས་ནི་གཞིག་ཅི་གཞི་དུ་རུང་གི་མཚན་ཉིད་དེ། དེ་ནི་མཚན་ཉིད་མེད་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱ་སྟེ་ཞེས་པ་ནས། དེ་བཞིན་དུ་ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་དང་། འདུ་ཤེས་ནི་མཚན་མར ་འཛིན་པའི་མཚན་ཉིད་དང་། འདུ་བྱེད་ནི་སེམས་མངོན་པར་འདུ་བྱེད་པའི་མཚན་ཉིད་དང་། རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པའི་མཚན་ཉིད་དེ། དེ་ནི་མཚན་ཉིད་མེད་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས ་པར་སངས་རྒྱསོ་ཞེས་པའི་བར་དུ་གསུངས་པ་ལྟ་བུའོ།། དེ་ལ་ཕུང་པོ་བཞི་ནི་མིང་གཞིའི་ཕུང་པོའོ།། འབྱུང་བ་བཞི་ལས་གྱུར་པ་ནི་ཕྱི་དང་ནང་གི་སྐྱེ་མཆེད་གཟུགས་ཅན་ཉིད་དུ་གྲགས་པ་རྣམ་པ་བཅུའོ།། རྣམ་པར་རིག་བྱེད་མ་ཡིན་པ་ནི་ཧ་ཅང ་ཡང་འཁྲུལ་པར་གྱུར་པའི་སྡེ་པ་རྣམས་ཀྱིས་བརྟགས་པས་ཏེ། འདིར་སྨོས་པར་བྱ་བ་མ་ཡིནོ།། ཕན་ཚུན་དུ་མཚན་ཉིད་མི་མཐུན་པ་ནི་གཤེར་བ་དང་བསྲེག་པ་ལ་སོགས་པའོ།། གཟུགས་མེད་པ་ལ་གཞིར་བགྲང་བ་མེད་ཅེས་པའི་དོན་ནི་ཇི ་ལྟར་གཟུགས་རགས་པར་འཇུག་པ་རྟོགས་པར་སླ་བ་ཉིད་ཀྱིས་འདི་དང་དེའི་ཞི་བགྲང་བར་ནུས་པ་ལྟར་གཟུགས་མེད་པ་རྣམས་ནི་མ་ཡིན་ཞེས་པའོ།། ཡང་དོན་དམ་པར་ནི་ཕུང་པོ་ལྔ་པོ་ཐམས་ཅད་ན་མཁའ་དང་འདྲ་ཞིང་སྤྲོས་པ ་དང་བྲལ་བས་གཅིག་དང་གཉིས་ལ་སོགས་པའི་གྲངས་དང་། བགྲང་བྱའི་དངོས་པོ་འདས་པའོ།། དེ་ལྟར་ཡིན་ཀྱང་བྱིས་པ་རྣམས་ཀྱིས་ཐོགས་པར་བྱེད་པའི་དངོས་པོ་དང་བྲལ་བ་གཅིག་ནི་ན་མཁའོ་ཞེས་རྣམ་པར་རྟོག་པ་དེ་བཞིན་དུ་འདི ་ཚོར་བ་དང་ཞེས་པ་ལ་སོགས་པར་གྲངས་དང་བགྲང་བྱའི་དངོས་པོར་བརྗོད་པའོ།། གནས་གཞན་དུ་མ་ཡིན་ཞེས་པ་ནི་རྨི་ལམ་དང་གཟུགས་བརྙན་གྱི་སྐྱེས་བུ་ལྟར་དོན་དམ་པར་ཕུང་པོ་འདུས་པའི ་སེམས་ཅན་གྱི་སྐྱེ་གནས་གཞན་ཐ་དད་པ་མ་ཡིན་ཀྱང་། འཕགས་པ་ཡེ་ཤེས་མ་ཐོབ་པའི་བྱིས་པ་རྣམས་ལ། དེ་འདྲ་བའི་ཕུང་པོའི་རྣམ་པར་རྟོག་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པོས་ནི་དེ་འདྲ་བའི་རྣམ་པར་རྟོག་པ་སྤངས ་ལ། རང་དང་གཞན་གྱི་དོན་ལ་སྦྱར་བར་བྱའོ་ཞེས་གདམས་པའོ།། རབ་ཏུ་དབེན་པའི་ཆོས་བསྟོན་པ་བྱས་པས་ནི་ཆོས་ལ་བདག་མེད་པ་མཐོང་བ་རྣམ་པར་དག་པར་འགྱུར་ཞེས་པ་ནི་དེ་ལྟར་གོམས་ཤིང་ཚོགས་བསགས་པས་ས ་དང་པོ་ལ་བདྲེན་པ་གཞིའི་ཆོས་ཉིད་མཐོང་བ་གོང་ནས་གོང་དུ་རྣམ་པར་དྲག་པར་འགྱུར་ཞིང་། ས་བདུན་པ་རིང་དུ་སྤོང་བའི་ས་ལྔ་ཡང་རབ་ཏུ་འཇུག་པར་འགྱུར་བའོ།། དེ་ས་དེ་ལ་རབ་ཏུ་ཞུགས་པས་ཏིང་འཛིན་དུ་མ་ལ་དབང ་བསྒྱུར་ཞིང་ཡིད་ཀྱི་ལུས་རབ་ཏུ་ཐོབ་པས་སངས་རྒྱས་པ་ལ་སྒྱུ་མ་ལྟ་བུའི་ཏིང་འཛིན་རབ་ཏུ་ཐོབ་བོ།། གཞོན་ཡང་ས་དེ་ཉིད་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མངོན་པར་ཤེས་པ་དྲུག་དང་། དབང་བཅུ་པོ་རྣམས་རྟོ ་པར་ཁོང་དུ་ཆུད་པ་སྟེ། དེ་རྣམས་སོ་སོ་རང་རིག་པའི་ཚུལ་གྱི་རྟོག་པའོ།། དེ་ལ་དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་རིགས་རྣམས་བྱང་ཆུབ་སེམས་དཔའོ་སངས་རྒྱས་པ་ལ་ཐོབ་ཀྱང་། དེ་རྣམས ་རྣམ་པར་དག་ཅིང་ཡོངསུ་རྫོགས་པ་ནི་མ་ཡིནོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ཉིད་ཀྱི་སྟོབས་བཅུ་ལ་སོགས་པར་ཡང་འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ལས་བསྟན་ཏེ་སྔར་བཤད་པ་བཞི་ནོ།། མངོན་པར་ཤེས་པ ་རྣམས་ཀྱི་ཡུལ་དང་མཚན་ཉིད་ལ་སོགས་པར་ཡང་ཆོས་མངོན་པའི་བསྟན་བཅོས་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཤེས་པར་བྱའོ།། དེ་རྣམས་ཐོབ་པའི་རྒྱུ་ནི་འཕྲུལ་གྱི་མངོན་པར་འདུ་བྱེད་པ་དང་། སྔོན་གྱི་ལས་ཏེ་དེ ་ལ་དང་པོ་ནི་བསམ་གཏན་བཞི་པས་ཐམས་ཅད་ཀྱི་རུང་བར་བྱས་པས་འཕེལ་བ་རབས་ཀྱི་མཐར་ཐུག་སྟེ། ཇི་ལྟར་བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོའི་བར་བསམ་གཏན་བཞི་དང་། གཟུགས་མེད་པོ་བཞི་ལ་གོ་རོ་མ་བཞིན་དུ ་ལུགས་དང་མཐུན་པར་སྙེམས་པར་འཇུག་ཅིང་། ཡང་སྲེད་པའི་རྩེ་མོ་ནས་བསམ་གཏན་དང་པོའི་བར་དུ་གྲཝ་རིམ་བཞིན་དུ་ལུགས་ལས་ལྡེག་པའི་ཚུལ་གྱིས་སྙེམས་པར་ཞུགས་ཏེ། དེ་ནས་བསམ་གཏན་བཞི་པའི་བར་དུ་གོ་རིམ་བཞིན ་སྙོམས་པར་ཞུགས་ཤིང་། བསམ་གཏན་བཞི་པ་དེ་ལ་བརྟེན་ནས་རྫུ་འཕྲུལ་ཕོབ་པར་འདོད་པ་ན། རང་གི་ལུས་ཤིང་བྲལ་ལྟ་བུར་ཡང་བ་ཉིད་དུ་ཡིད་ལ་བྱེད་པ་དང་། མིག་དང་རྣ་བའི་མངོན་པར་ཤེས་པ་ལ་སོགས་པ་ཐོབ་པར ་འདོད་པ་ན། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་དབང་པོའི་ཉེ་བར་འཁོར་ན་གནས་པར་ཡིད་ལ་བྱེད་ཅིང་། དེའི་རྗེསུ་དེ་རྣམས་ཀྱི་ངོ་བོར་མི་རྟོག་པོའི་ཡེ་ཤེས་ལ་གནས་ནས་དེ་ལས་ལངས་པའི་རྗེས་ཀྱི་ཡེ་ཤེས་པ་ལ་དེ ་རྣམས་ཇི་ལྟ་བ་བཞིན་དུ་ཤེས་པའི་མངོན་པར་ཤེས་པ་འབྱུང་བའོ།། དེ་སྐད་དུ་ཡང་། བསམ་གཏན་གཞི་པ་ཤིན་ཏུ་དག་ཐོབ་ནས།། མི་རྟོག་ཡེ་ཤེས་ཡོངསུ་བཟུང་བ་དང་།། ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས ་གྲུབ་པའི་དམ་པ་ཐོབ་པར་འགྱུར།། ཞེས་གསུངས་པསོ།། གཞན་ཡང་འདི་རྣམས་སྔོན་གྱི་ལས་ཀྱི་དབང་གིས་ཀྱང་འབྱུང་བར་གསུངས་ཏེ། དེ་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་ལྷ་ཡིས་མིག་ཐོབ་འགྱུར།། ་ལྷ་ཡི་རཱུ་བ་ཇི་ལྟར་ཐོབ།། སེམས་ཅན་འཆི་འཕོ་སྐྱེ་བ་དག། འདྲེན་པར་གང་གིས་འཚལ་བར་འགྱུར།། ཞེས་དྲིས་པའི་ལྡན་དུ་འདྲེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། མར་མེ་བྱིན་པས་མིག་ཐོབ་འགྱུར།། རོལ་མོའི་སྒྲ་ཡིས་རྣ་བ ་དག། འཆི་འཕོ་སྐྱེ་བ་ཡེ་ཤེས་ཀྱིས།། དེ་དག་དེ་ལྟོར་འགྲུབ་པར་འགྱུར།། ཞེས་གསུངས་ནས། ཡང་འདྲེན་པ་བྱང་ཆུབ་སེམས་དཔའ་ཡི།། ཟག་པ་གང་གིས་བས་པར་འགྱུར།། ཚེ་རབས་སྔ་དྲོན་རྗེས་འགྱུར་ལགས།། རྫུ་འཕྲུལ་ཅི་ཡིས་ཐོབ ་འགྱུར།། ཞེས་དྲིས་པའི་ལྡན་དུ། གཞན་པ་བྱིན་པས་རྫུ་འཕྲུལ་འཐོབ།། དྲན་པ་བསྒོམས་པས་རྗེ་སུ་དྲན།། མཐའ་གཉིས་རབ་ཏུ་སྤངས་བྱས་ན།། ཟག་པ་ཟད་པ་རེག་པར་འགྱུར།། ཞེས་རྒྱ་ཆེར་གསུང་སོ།། འདི་རྣམས་ཀྱང་། འཇིག་རྟེན་མངོན ་ཤེས་ཇི་ལྟར་འབྱུང་།། འཇིག་རྟེན་འདས་ཀྱིའོང་ཇི་ལྟ་བུ་ཞེས་དྲིས་པའི་ལན་དུ་སྦྱར་བར་བྱ་སྟེ། དེ་ལ་མངོན་པར་ཤེས་པ་ལྔ་ནི་འཇོག་རྟོན་པ་རྣམས་དང་ཐུན་མོངས་པའོ།། ཟག་པ་ཟད་པ་ནི་འཕགས་པ་ཉན་ཐོས་ལ་སོགས་པ་སློབ་པའི ་ས་ལས་འདས་པའམ། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆོད་ཀྱི་གནས་སྐབས་ཀྱིས་བསྡུས་པའོ།། དེ་ལ་དབང་རྣམ་པ་བཅུ་ནི་འཕགས་པ་ཆོས་ཡང་དག་པར་བསྡུད་པ་ལས་ཇི་སྐད་དུ། ཚེ་ལ་དབང་པ་དང་། སེམས་ལ་དབང ་བ་དང་། ཡོ་བྱད་ལ་དབང་བ་དང་། ལུས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབྲིང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། ཡེ་ཤེས་ལ་དབང་པ་དང་། ཆོས་ལ་དབང་བ་སྟེ་དེ་དག་ནི་དབང ་བཅུའོ།། དེ་ལོ་བདུད་རྩི་ཐོབ་པའི་ཕྱིར་ཚེ་ལ་དབང་བའོ།། སེམས་ཙམ་དུ་ཡོངསུ་ཤེས་པའི་ཕྱིར་སེམས་ལ་དབང་བའོ།། ལག་ན་རིན་པོ་ཆེ་དང་ན་མཁའ་མཛོད་ཀྱི་ཏིང་འཛིན་རབ་ཏུ་རྙེད་པའི་ཕྱིར་ཡོ་བྱད་ལ་དབང་བའོ།། བག་ཆགས ་དང་བཅས་པའི་ལས་ཀྱི་ལམ་ཀུན་འཆད་པའི་ཕྱིར་ལས་ལ་དབང་བའོ།། ཏིང་འཛིན་རྣམས་བཟློག་པའི་བསམ་གཏན་རྙེད་པའི་ཕྱིར་སྐྱེ་བ་ལ་དབང་བའོ།། ལྷུན་གྱིས་གྲུབ་པར་བྱ་བ་ལ་འཇུག་པོ་ཐོབ་པའི་རྫུ་འཕྲུལ་ལ་དབང ་པབའོ།། ཟད་པར་གྱི་སྐྱེ་མཆེད་ཐེབ་པར་བྱ་བའི་ཕྱིར་མོས་པ་ལ་དབང་བའོ།། བསམ་པ་ཙམ་གྱི་དོན་ཐོབ་པར་འགྱུར་པའི་ཕྱིར་སྨོན་ལ་མོ་ལ་དབང་བའོ།། ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་དག་དང་ཡིད་ཀྱི་ལེས་ཐོབ་པའི ་ཕྱིར་ཡེ་ཤེས་ལ་དབོང་པའོ།། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་མཉམ་པའི་ཡེ་ཤེས་དྲི་མ་མེད་པའི་ཕྱིར་ཆོས་ལ་དབང་བའོ།། གཞན་ཡང་རིགས་ཀྱི་བུ་འཇིག་རྟེན་ནི་འཆི་བས་འཇིག་སྐྲག་སྟེ། ་དེའི་གཉེན་པོར་ཚེ་ལ་དབང་བའོ།། འཇིག་རྟེནྡ་ནི་སེམས་ཀུན་ནས་ཉོན་མོངས་པ་སྣ་འཇིག་སྐྲག་སྟེ། དེའི་གཉེན་པོར་སེམས་ལ་དབང་བའོ།། འཇིག་རྟེན་ནི་ཡོ་བྱད་ཀྱི་འཇིག་སྐྲག་སྟེ། དེའི་གཉེན་པོར ་ཡོབྱད་ལ་དབང་བའོ།། འཇིག་རྟེན་ནི་ཉེས་པར་སྤྱོད་པས་འཇིག་སྐྲག་སྟེ། དེའི་གཉེན་པོར་ལས་ལ་དབང་བའོ།། འཇིག་རྟེན་པོ་ནི་ངན་འགྲོས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སྐྱེ་བ་ལ་དབང་པོའོ།། འཇིག་རྟེན་ནོ་ཀུན་ནས་ཚོལ་བས ་འཇིགས་སྐྲག་སྟེ། དེའི་གཉེན་པོར་རྫུ་འཕྲུལ་ལ་དབང་བའོ།། འཇིག་རྟེན་ནི་དམ་པའི་ཆོས་ཀྱི་ཕེངས་པར་འགྱུར་བའི་ལས་ཀྱི་འཇིག་སྐྲག་སྟེ། དེའི་གཉེན་པོར་མོས་པ་ལ་དབང་བའོ།། འཇིག་རྟེན་ནི་འདོད་པའི་འཆིང་བས་འཇིག་སྐྲག ་དེའི་གཉེན་པོར་སྨོན་ལམ་ལ་དབང་བའོ།། འཇིག་རྟེན་ནི་ཐེ་ཚོམ་གྱི་ཟུང་ཅུས་འཇིག་སྐྲག་སྟེ། དེའི་གཉེན་པོར་ཡེ་ཤེས་ལ་དབང་བའོ།། འཇིག་རྟེན་ནི་འཁོར་གྱི་ནང་ན་བག་ཆབས་འཇིག་སྐྲག་སྟེ། དེའི་གཉེན་པོར་ཆོས་ལ་དབང་བའོ།། ། ་གཞན་ཡང་རིགས་ཀྱི་བུ་སྲོག་གཅོད་པ་སྤངས་ཤིང་སེམས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་ནི་ཚེ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ།། བདེ་བ་རྣམས་ལ་སྒྲིབ་པ་མེད་པའི་བྱམས་པ་ཆེན་པོ་དང་། སྡུག་བསྔལ ་རྣམས་ལ་སྒྲིབ་པ་མེད་པའོ་སྙིང་རྗེ་ཆེན་པོ་སེམས་ལ་དབང་བ་ཐོབ་པའི་རྒྱུའོ།། སེམས་སྙོམས་ཤིང་དངོས་པོ་ཐམས་ཅད་ཡོངསུ་གཏོང་བ་བྱང་ཆུབ་ཏུ་བསྔོ་བ་ནི་ཡོ་བྱད་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ།། ལས་ངེས་བྱ་བ་ལ་ཞུགས་ནས། ་ལུས་དང་ངག་དང་ཡིད་ཡོངས་སུ་དག་པའི་ལས་ཀྱི་ལས་བྱ་བ། ལས་བདག་གིར་བྱ་བ་ལ་འཇུག་པར་སྟོན་པ་ནི་ལས་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ།། བྱང་ཆུབ་ཀྱི་སེམས་ཀྱི་ཡང་དག་པར་བསྡུས་པའི་དགེ་བ་བཅུའི་ལས་ཀྱི་ཁམ་ནི ་སྐྱེ་བ་ལ་དངང་བ་ཐོབ་པར་བྱ་བའི་རྒྱུའོ།། རྙེད་པ་དང་བཀུཌྷོ་སྟི་དང་ཚིག་སུ་བཅད་པོ་ཐམས་ཅད་སྦྱིན་པ་དང་། གཞོན་པ་སྦྱིན་པ་ནི་རྫུ་འཕྲུལ་ལོ་དབ་བ་ཐོབ་པར་བྱ་བའི་རྒྱུའོ།། སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་བཀོད་ཅི ་འཛུད་དེ་མེས་པར་བྱེད་པ་ནི་མྱོས་པོ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ།། སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་། ཡོད་ཡོངསུ་དག་པ་སྒྲུབ་པ་ནི་སྨོན་ལམ་ལྀ་དབང་ཐོབ་པར་བྱ་བའི་རྒྱུའོ།། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན ་པ་ནི་ཡེ་ཤེས་ལ་དོ་པདྨ་བ་ཐོབ་པར་བྱ་བའི་རྒྱུའོ།། སེམསཽ་ནྡན་ཐམས་ཅད་ལ་ཆོས་མཉམ་པ་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་ཆོས་མཚུངས་པར་སྟོན་པ་དང་། དེ་བཞིན་གཤེགོས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ་ཟང་ཟིང་གི་སྐུ་མ་ཡིན་ནོ ་ཞེས་ཡོངསུ་འབྱེད་པ་ནི་ཆོས་ལ་དབོང་བ་ཐོབ་པར་བྱ་བའི་རྒྱུའོ།། རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའི་རྣམས་ཀྱི་དབང་བཅུའོ་ཞེས་གསུངས་ཏེ། དེ་རྣམས་སྤང་བྱ་གང་གི་གཉེན་པོ་ཡིན་པ་དང་། རྒྱུ་གང་ལས་མངོན ་པར་གྲུབ་པ་སྟེ། དེ་ཡང་སྔོན་གྱི་ལས་དང་འཕྲལ་གྱི་འདུ་བྱ་བོ་གཉིསུ་ཤེས་པར་བྱ་སྟེ། མངོན་པར་ཤེས་པའི་སྐབསུ་ཇི་ལྟར་བསྟན་པ་བཞིན།། དེ་ལྟར་བྱང་ཆུབ་སེམས་དཔའོ་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་བ་ནི ་སངས་རྒྱས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་རྗེ་སུ་མཐུན་པར་འགྱུར་བ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ནས་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། ས་བརྒྱད་པ་ལ་མི་གནས་མྱ ་ཏན་འདས་པ་དང་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིརརོ།། དེ་ལྟར་ན་རང་དང་གཞན་གྱི་སྡེ་པ་རྣམས་ཀྱི་འདོད་པའི་མྱ་ངན་ལས་འདས་པའི་རྣམ་པར་དབྱེ་བ་དང་། དེའི་རང་བཞིན་ཕྱིན་ཙཱ་མ་ལོག་པ་གང་ཡིན་སྙམ་དུ་དོགས་པ་གསོལ་། ་དོན་དུ་དེ་ཉིད་སྟོན་པ་ནི། གཞན་ཡང་བློ་གྲོས་ཆེན་པོ་ཞོས་པ་ལ་སོགས་པའོ།། དེ་ལ་དངོས་པོའི་རང་བཞིན་མྱ་ངན་ལས་འདས་པ་ནི་གང་གི་ཚེ་ན་རྣལ་འབྱོར་ཅན་རྣམས་ཀྱི་ཞི་བ་རོ་གཅིག་པའི་ཏིང་འཛིན་ཐོབ་པ་དེའི་ཚེ། བདག་དང ་བདག་གི་མཚན་མར་བརྟག་པའི་དངོས་པོའི་རང་བཞིན་མེད་པ་སྟེ། དེ་ལྟར་བརྟགས་པ་དང་རྟོག་པའི་མཚན་མོ་ཞི་བ། བདག་བརྟག་པ་གཅིག་བུའི་རང་བཞིན་མངོན་དུ་བྱས་པ་སྟེ། དེ་འདྲ་བའི་དངོས་པོ་ནི་ཁས་ལེན་པའོ་ཞེས་སློབ ་དཔོན་ཡེ་ཤེས་དཔལ་གྱིས་གསུང་སོ།། མཚན་ཉིད་སྣ་ཚོགས་ཀྱི་དངོས་པོ་མེད་པའི་མྱ་ངན་ལས་འདས་པ་ནི་ཚངས་པ་སྨྲ་བ་རྣམས་ཀྱིས་དོན་དམ་པའི་ཚངས་པ་སྨྲ་བ་རྣམོ་རིག་གཉི་སུ་མེད་པ་རྟག་པ་གཅིག་པུའི་རང་བཞིན་མངོན ་དུ་བྱས་པ་ན་དེ་ལས་གཞན་མཚན་ཉིད་སྣ་ཚོགས་ཀྱི་དངོས་པོ་མེད་པ་སྟེ། ཇི་སྐད་དུ། བུ་ཞིག་ཚངས་པ་མཆོག་ཏུ་བདེན།། རིག་པའི་དབང་ཕྱུག་མུན་མཐའ་ཡས།། འགའ་ཞིག་ཡོད་པ་ཉིད་སྨྲ་བ།། དེ་ཡང་ཞགས་པ་རབ་ཏུ་བརྗོད། ཅེས ་བསྟན་པ་དང་། གཞན་ཡང་རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པ་དག་ཅེས་པ་ལ་སོགས་པ་སྔར་བསྟན་པ་ལྟ་བུའོ།། རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པར་རྟོགས་པ་ནི་གྲངས་ཅན་པ་རྣམས་ཀྱི་ཇི་ལྟར་སྐྱེས་བུ་ཤེས་པ་རིག་པ་ཡོན ་ཏན་གསུམ་ཆ་མཉམ་པ་གཙོ་བོའི་རང་བཞིན་ཡུལ་དུ་བྱས་པ་ན། མི་མཉམ་པའི་རང་གི་མཚན་ཉིད་ཀྱི་དངོས་པོ་སྣ་ཚོགས་མེད་པར་རྟོགས་པའོ།། ཡང་རང་གི་སྡེ་པ་རྣམས་ཀྱི་དབང་དུ་བྱས་ན། དངོས་པོའི་རང་བཞིན་མེད་པ་ནི ་ཉན་ཐོས་སྡེ་པ་རྣམས་ཀྱིས་འདུ་བྱེད་ཀྱི་འཇུག་པ་ཐམས་ཅད་རྒྱུན་ཆང་ནས་མེད་པ་ནི་མྱ་ངན་ལས་འདས་པ་སྟེ། ཇི་སྐད་དུ། མ་ཞུམ་པའི་ལམ་གྱི་ནི།། ཚོར་བ་དང་དུ་བླང་མི་བྱ།། མར་མེ་ཤོ་བར་གྱུར་པ་བཞིན།། མྱེའི་སེམས་ནི་རྣམ ་པར་ཞི། ཞེས་བསྟན་པ་ལྟ་བུའོ།། གཞན་ཡང་སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་ཆད་པར་འདོད་པ་རྣམས་ཀྱང་འདི་ཉིད་དང་རྗེ་སུ་མཐུན་པའོ།། གཉིས་པའི་དོན་ནི་སེམས་ཙམ་རྣམ་པ་བརྫུན་པར་སྨྲ་བ་གང་དག། ད་ལྟ་སོ་སོ་སྐྱེ་བོའི་དུས་ན ་གཟུང་འཛིན་གྱི་རྣམ་པ་སྣ་ཚོགསུ་སྣང་བ་ནི་བརྫུན་པ་ཉིད་དེ། ཇི་སྐད་དུ། རིག་བྱ་རིག་བྱེད་རྣམ་པ་མེད་།། སྐྲ་སོགས་ཤེས་པོའི་ཐོ་དང་བཞིན།། གང་ཚེ་གཟུང་འཛིན་རྣམ་ཕྱེ་བའི།། མཚན་ཉིད་རྣམ་པར་བསླང་པ་ཅན།། ཞེས་གསུངས་པ་ལྟ་བུ། ་འོ།། དེའི་ཕྱིར་དེ་ལྟར་སྣང་བ་ནི་ཐོག་མི་མེད་པའི་འཁྲུལ་པའི་བག་ཆགས་ཀྱི་ད་བོང་གིསོ་ཏེ། ངས་ན་བག་ཆགས་ཐམས་ཅད་སྤངས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་མཚན་ཉིད་སྣ་ཚོགས་སྣང་བའི་རྣམ་པས་དབེན་པ ་གཉིསུ་མེད་པའི་རང་རིག་པ་འབའ་ཞིག་སྟེ། དེ་འདྲ་བ་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཞེས་ཁས་ལེན་པའོ།། དེ་ཡང་སེམས་ཙམ་གྱིས་གནས་སྐབས་ནི་ཤེས་པ་གཉིས་མེད་ཀྱི་ངོ་བོ་ཡུལ་གྱི། ་རྣམ་པས་ཁྭ་མ་སྒྱུར་བ་དོན་དམ་པའི་དངོས་པོར་འདོད་ཏེ། དེ་ཡང་སྐད་ཅིག་གིས་བདག་ཉིད་པས་ན་ཕྱི་རོལ་པ་རྣམས་དང་མི་མཚུངས་པའོ།། འདི་ནི་མི་འཐང་དེ། ཤེལ་སྒོང་དག་པ་འདྲ་བ་ཡི།། ཤེས་པ་རབ་ཏུ་ཚོལ་བ་མེད། ཅེས ་གསུངས་པ་དེ་འདྲ་བ་ལ་སྒྲུབ་བྱེད་མེད་པ་དང་། སྐད་ཅིག་གི་དངོས་པོ་ནི་རྒྱུ་མེད་པ་མི་འཐང་ལ། རྒྱུ་ལས་སྐྱེ་བའི་ཕྱོགས་ཀྱང་སྔར་བཱཀག་ཟིན་པའི་ཕྱིརརོ།། རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པར་རྟོག་པ་ནི་རྣམ་པར་རིག་པ་ཙམ་དུ་སྒྲ ་བབ་རྣམས་ཀྱིས་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ངོ་བོར་གྱུར་པའི་རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པར་མངོན་སུམ་དུ་རྟོགས་པའི་ཡིས་དོན་དམཽ་པ་དངོས་པོར་གྱུར་པ་སྤངས་པ་དང་། རྟོག་པ་རབ་ཀྱི་མཐར་ཐུག་པས་ཕྱེ་བ་ནི་སངས། ་རྒྱས་ཀྱི་མྱ་ངན་ལས་འདས་པ་ཉིད་དུ་འདོད་པའོ།། ཕུང་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་རྒྱུད་ཀྱི་རྒྱུན་ཆད་པོ་ནི་ཉེན་ཐོས་སྡེ་པ་རྣམས་ཀྱིས་ཟག་པ་དང་བཅས་པའི་ཕུང་པོའི་རྒྱུ་རྒྱུན་འཆད་པ་ཟག་པ་མེད་པའི་དབྱིངས་ན ་ཏིང་འཛིན་གྱི་ལུས་ཙམ་དུ་གནས་པ་ནི་མྱ་ངན་ལས་འདས་པའོ་ཞེས་ཁས་ལོན་པའོ།། དེ་དག་རྣོ་བློ་གྲོས་ཆེན་པོ་མུ་སྟེགས་བྱེད་རྣམས་ཀྱིས་འདོད་པའི་མྱ་ངན་ལས་འདས་པ་ཡིན་ཏེ།། ངའི་གསུང་རབ་ལ་ནི་མ་ཡིནོ་ཞེས་པོ་ལ་འདིར ་མུ་སྟེགས་བྱེད་ནི་གྲུབ་པའི་མཐའ་ཕྱིན་ཅི་ལོག་པ་ཐམས་ཅ་།། ཞེས་འོག་ནས་སྟོན་པར་འགྱུར་རོ།། དེ་རྣམས་མྱ་ངན་ལས་འདས་པ་མ་ཡིན་པའི་རྒྱུ་མཚན་ཡང་། དངོས་པོར་མངོན་ཞེ་ན་ཡོད་ན་ནི།། འདོད་ཆགས་ཞེ་སྡང་མི་ཟད ་འབྱུང་།། ཞེས་པ་ལ་སོགས་པ་སྔར་རྒྱས་པར་བསྟན་ཏོ།། ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ལྡོག་པར་འགྱུར་ལ། ཞེས་པའི་དོན་ནི་ཇི་ལྟར་བྱིས་པོའི་སྐྱེ་བོའི་རྣམ་པར་ཤེས་པའི་ཚིག་བརྒྱད་ལོག་ཅིང་གནས་པར་གྱུར་པ་མྱ ་ངན་ལས་འདས་པའོ་ཞེས་མི་གསུང་བར་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་ལྡོག་པར་མྱ་ངན་ལས་འདས་པའོ་ཞེས་དམིགས་ཀྱིས་བསལ་བ་དང་བཅས་ཏེ་གསུང་བ་མི་འཕད་ཅེས་རྒོལ་བ ་འོ|། ལམ་གྱི་དོན་ནི་འདིར་ཉོན་མོངས་པ་ཅན་ཀྱི་ཡིད་དང་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཀུན་གཞི་ལས་བྱུང་ཞིང་ཀུན་གཞི་ལས་དམིགས་པ། སྒོ་ལྔའི་རྣམ་པར་ཤེས་པ་དང་། དེ་དག་གི་ཡུལ་ལ་བྱེ་བྲག་འབྱེད ་ཅིང་། དངོས་པོའི་རང་བཞིན་དུ་རྣམ་པར་རྟོག་པ་ནི་ཀུན་གཞི་ལ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་བག་ཆགས་འཇོག་ཅིང་རྒྱསྡེ་པར་བྱེད་པས་དེ་ལྟ་བརྟེན་ནས་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་འབྱུང་ཞིང་། དེ་ཉིད་བཟློག ་པ་ན་རྣམ་པར་ཤེས་པ་བདུན་པོ་ཐམས་ཅད་ཀྱང་ལྡོག་པར་འགྱུར་བས་དེ་ཉིད་ལོག་པ་མྱ་ངན་ལས་འདས་པ་ཡིནོ་ཞེས་དམིགས་ཀྱིས་བསྟོན་པ་སྟེ། ཕྱིན་ཅི་ལོག་གིས་རྣམ་པར་ཤེས་པ་དེ་འདྲ་བ་ལོག་གི་ཡང་དག་པའི་ཤེས ་རབ་ཀྱི་རྣམ་པར་ཤེས་པ་དེ་རྣམས་ཀྱིས་རང་བཞིན་སྟོང་པ་ཉིད་དུ་རྟོགས་ན་བག་ཆགས་ལ་སོགས་པར་མི་བྱེད་པས་ཕྱིན་ཅི་ལོག་གི་རྣམ་པར་ཤེས་པ་ཐམས་ཅད་ལྡོག་པའོ།། འདིར་ཚིག་གི་དོན་བཤད ་པ་ལ་དེའི་རྒྱུ་དང་དམིགས་པའི་ཕྱིར་ཞེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་དེའི་རྒྱུ་དང་དམིགས་པ་ནི་ཀུན་གཞི་ཡིན་པའི་ཕྱིར་དེའི་ཕྱིར་ངོ་ལ་བརྟེན་ནས་འདུ་པོ་རྣམས་འབྱུང་བའོ།། ཚུལ་ཇི་ལྟར་འབྱུང་ཞེ་ན། བློ་གྲོས་ཆེན་པོ་ཞེས ་ལ་སོགས་པ་སྟེ། སྔར་བསྟན་པ་ལྟར་ཡིད་ཀྱི་རྣམ་པར་ཤེས་པས་དེ་རྣམས་དངོས་པོའི་རང་བཞིན་དུ་བརྟགས་པས་ཀུན་གཞི་ལ་བག་ཆགས་རྒྱས་པར་བྱས་པའི་ཚུལ་གྱིས་འབྱུང་བའོ།། ང་ཉིད་གསལ་བར་བསྟན་པ་ནི་ཡིད ་དང་ཞེས་པ་ལ་སོགས་པ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ལྷན་ཅིག་ཏུ་ཀུན་གཞི་ལ་བདག་དང་བདག་གི་མངོན་པར་ཆགས་པས་ངར་སེམས་པ་སྟེ་ཉོན་མོངས་པ་ཅར་གྱི་ཡིད་དང་མཐུན་པར་རྗེསུ ་འཇུག་པའོ།། དེ་ལྟར་འཇུག་པའི་དབང་གི་ཀུན་གཞི་ལ་བག་ཆགས་རྒྱས་པར་བྱས་པས་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུ་དང་དམིགས་པར་གྱུར་པའོ།། ལུས་ཐ་དད་པ་མ་ཡིན་ཞེས ་པ་ནི་སྔར་བསྟན་པ་ལྟར་རྒྱ་མཚོ་དང་རླབས་བཞིན་དུ་གནས་པའོ།། གཅིག་གི་རྒྱུར་གཅིག་གྱུར་པ་ནི་བག་ཆགས་དང་བཅས་པའི་ཀུན་གཞི་ཡང་འཇུག་པའི་རྣམ་པར་ཤེས་པས་བསྐྱེད་ལ། དེ་ལས་ཀྱང་འཇུག་པའི་རྣམ་པས ་ཤེས་པ་འབྱུང་བ་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཕན་ཚུན་གཅིག་གི་རྒྱུར་གཅིག་འགྱུར་བ་སྟེ། དོན་ཞིབ་ཏུ་ནི་སྔར་བསྟ་ནོ།། བྱ་བ་ནི་མཚན་ཉིད་དང་། དངོས་པོར་མྱ་ངན་ང་མི་འདའ་ཞེས་པའི་དོན་ནི་ཇི་ལྟར་སྤྲུལ་པའི་སྐུ ་མྱ་ངན་འདའ་བ་ཡང་སེམས་ཅན་གྱི་དོན་བྱེད་པའི་བྱ་བ་ལ་འཕྲིན་ལས་ཉིད་ཡིན་ལ་གཞན་ཡང་ཆེའི་དུས་བྱེད་ལྟ་བུར་སྟོན་པའི་མཚན་ཉིད་དང་། དེ་ལ་སོགས་པ་སྤུར་ཞུགས་ལ་བཞིན་པ་དང་། སྐུ་གདུང་ལ་སོགས་པའི་དངོས་པོར་སྟེན ་པོ་ནི་གདུལ་བྱའི་སྣང་བ་ཉིད་ཡིན་གྱི། སངས་རྒྱས་ཀྱི་རང་བཞིན་ལ་དེ་འདྲ་བ་མེད་ཅེས་པའོ།། དེ་རྒྱུ་དེ་ལ་དམིགས་ཞེས་པ་སོགས་པས་ནི་ཀུན་གཞི་དེ་ཉིད་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུ་དང་དམིགས་པ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ལ ་བརྟེན་ནས་ཉོན་མོངས་པ་ཅན་དང་། ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུད་ཀྱང་རྒྱུན་ཆགསུ་གནས་པའོ།། སེམས་ཀྱི་རྒྱུ་རྣམས་དེ་འབྱིན་པ་ནི་ས་བྱོན་དང་བཅས་པའི་ཀུན་གཞིས་འཇུག་པའི་རྣམ་པར་ཤེས་པ་རྣམས་འབྱིན་པོ་སྟེ། དེས་ན ་རྣམ་པར་ཤེས་པའི་རྒྱུན་ཀྱང་རབ་ཏུ་གནས་ཤིང་འབྱུང་བའོ།། རྣམ་པ་སྣ་ཚོགས་ཀྱང་འགགས་ཞེས་པ་ནི་སོ་བོན་སྣ་ཚོག་སོ།། དེ་ལྟར་རྟོགས་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཀུན་བརྟགས་པའི་རང་བཞིན་རབ ་ཏུ་དབྱེ་བའི་ཚུལ་ཇི་ལྟར་འགྱུར་ཞེ་ན། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་སོགས་པ་སྟེ། ཀུན་བརྟགས་པའི་རང་བཞི་ནི་སྔར་བསྟན་པ་དེ་ཉིད་རབ་ཏུ་དབྱེ་བའི་སྒོ་ནས་རྒྱས་པར་སྟོན་ཏོ།། དེ་ལྟར་བསྟན་པས་ཀྱང་ཀུན་བརྟགས་པའི ་རང་བཞིན་ཇི་ལྟ་བ་བཞིན་རྟོག་པའི་བློ་ཉིད་ལྡོག་པར་འགྱུར་བྱའོ།། གང་ལ་གནས་ཏེ་བརྗོད་པར་འཇུག་པར་འགྱུར་ཞེས་པ་ནི་ཤེས་བྱ་གང་ལ་དམིགས་ཏེ་བརྗོད་པ་འཇུག་པར་འགྱུར་བའི་བརྗོད་པ ་ཡིཡོད་ཞེས་པའོ།། རྒྱུའི་མཚན་ཉིད་ལ་སྐྱེ་བ་ཡོད་པ་དང་མེད་པ་སྣང་བར་བྱེད་པ་ནི་རྗེ་སུ་འགྲོ་དང་ལྡོག་པ་ཉིད་དུ་དམིགས་པའོ།། ཡང་ན་སྦྱར་ནས་ཡོང་བའི་དངོས་པོ་རྒྱུ་དོང་རྐྱེན་གྱིས་གསལ་བར་བྱེད་པའམ། སྔར་མེད་པ་ཉིད་རྒྱུད་དོ།། ་རྐྱེན་གྱིས་སྣང་བར་བྱེད་པ་སྟེ། གྲངས་ཅན་དང་བྱེ་བྲག་པ་ལ་སོགས་པས་འདོད་པ་བཞི་ནོ།། རིག་པ་ལ་རྣམ་པར་རྟོག་པ་ནི་ཇི་ལྟར་བདག་བརྟགས་པའི་ངོ་བོ་འགའ་ཞིག་མེད་ན། ལས་དང་འབྲས་བུའི་འབྲེལ་པ་མི་འཐད་པར་གྱུར ་པ་ལུས་དེ་ཉིད་ཡོད་པའི་ཕྱིར་གང་ཟག་གི་བདག་ཡོད་ཅིང་། དེ་ལ་བལྟས་ནས་བཞག་པ་བདག་གི་བུའི་མཚན་ཉིད་ཀྱང་ཡོད་དེ། དེ་ལྟར་འཇོག་པ་ནི་རིགས་པ་དམ་པ་ཡིནོ་ཞེས་རྣམ་པར་རྟོག་པའོ།། སྐྱོ་བ་ལྔ་རྟོགས་པ་ནི་འབྲས ་བུའི་ཕྱོགས་ནསོ།། མི་སྐྱེ་བོ་ལ་རྣམ་པར་རྟོག་པ་ནི་རྒྱུད་པན་པ་རྣམས་ཀྱི་སེམས་ཅན་རྒྱུད་ཀྱི་བསྡུས་པའི་དངོས་པོ་ཐམས་ཅད་སྔོན་གྱི་ལས་དང་ཉོན་མོངས་པའི་རྒྱུ་ཡིས་སྐྱེད་པ་ནི་མ་ཡིན་གྱིས། འོན་ཀྱང་སྔར་མེད་པ་ལས་ས་ལ་སོ ་པའི་འབྲས་བུ་འདུས་པོའི་རྐྱེན་གྱིས་སྤོང་ལ་ཤ་མི་གདོལ་བའི་ཚུལ་དུ་གློ་བུར་དུ་བྱུང་བའོ་ཞེས་རྟོག་པའོ།། དེ་ལྟར་ན་རྒྱུ་ལས་རྣམ་པར་རྟོག་པ་དང་། སྐྱེ་བ་ལས་རྣམ་པར་རྟོག་པ་དང་། མི་སྐྱེ་བ་ལས་རྣམ་པར་རྟོག་པ་གསུམ་ནི། ་ལྡོག་པ་མི་འདྲ་བའི་སྒོ་ནས་སོ་སོར་བསྟན་ཀྱང་རྒྱུ་འབྲས་ལ་རྣམ་པར་རྟོག་པ་གཅིག་ཉིད་དུ་འདུས་པའོ།། འབྲེལ་པ་ནི་བདག་ཉིད་གཅིག་པ་དང་དུ་ས་བྱུང་བ་འམ། ཡང་ཕྱི་རོལ་པ་རྣམས་ཀྱིས་བརྟག་པའི་སྦྱོར་བ་དང་། འདུ་བྱའི ་འབྲེལ་པ་ལ་སོགས་པའོ།། བཅིངས་པ་དང་། མི་བཅིངས་པ་ལ་རྣམ་པར་རྟོག་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའམ། དེ་ལས་གཞན་འཇིག་རྟེན་གྱི་ཐ་སྙད་དུ་བྱ་བའི་བཅིངས་པ་དང་མ་བཅིངས་པའོ།། བློ་གྲོས་ཆེན་པོ་དེ་དག ་ཞེས་པ་རྣམ་པར་རྟོག་པ་དེ་རྣམས་ཀྱིས་བརྟག་པའོ།། འདྲིར་ཀུན་བརྟག་པའི་རང་བཞིན་གྱི་རྣམ་པར་དབྱེ་བ་འདི་རྣམས་ལས་མང་བ་འམ་མྱང་བ་ཉི་དུ་མི་བསྙོན་པར་འདི་རྣམས་འབའ་ཞིག་ཙམ་བསྟན་པ་ནི་གདུལ་བྱ་ཉེ་བའི་བསམ ་བུ་ལ་དགོངས་པ་སྟེ། འདི་དག་ཙམ་བསྟན་པས་འདུལ་བ་ཉིད་དུ་གཟིགས་པའོ།། དེ་ལས་གཞན་པའི་གྲངས་ངེས་པའི་རྒྱུ་མཚན་ནི་མ་མཐོང་།། གལ་ཏེ་ཀུན་བརྟགས་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་ནམ། ་དེའི་ཕྱིར་བྱིས་པའི་སྐྱེ་བོ་མངོན་པར་ཆགས་པའི་ཡུལ་དུ་མི་འཐདེ་ཞེ་ན། བློ་གྲོས་ཆེན་པོ་གཞན་གྱི་དབྱུང་གི་མཚན་ཉིད་ལ་ཞེས་པ་ལ་སོགས་པ་སྨོས་ཏེ། སྔར་བཤད་པ་ལྟར་རྣམ་གྲངས་ཀྱི་ཀུན་ཏུ་བརྟགས་པ་བློའི་སྣང་བ་དེ་ཉིད། ་བློའི་བོདགོ་ཉིད་དུ་གྱུར་པའི་གཞན་གྱི་དབང་ཡང་དེ་ཡིན་ཏེ། དེ་ཉིད་ལ་མངོན་པར་ཆགས་ཤིང་རྟོག་པའོ།། དེ་ཡང་ཇི་ལྟར་སྒྱུ་མ་སྤྲུལ་པའི་གནས་སྣ་ཚོགསུ་སྣང་བ་ལ་ཕྱི་རོལ་གྱི་རྟ་དང་གླང་པོ་ལ་སོགས་པར་མཐོང་བ་བཞིན ་དུ་བྱིས་པ་རྣམསས་ཀྱི་སེམས་ཉིད་རིག་པའི་སྒྱུ་མ་གཟུང་འཛིན་གྱི་རྣམ་པ་སྣ་ཚོགསུ་མཐོང་ཞིང་ཞེན་པའི་བློ་ཡིས་རྣམ་པར་རྟོགས་ཏེ། བློ་གྲོས་ཆེན་པོ་དེ་ལ་རྣམ་པ་སྣ་ཚོགསུ་སྣང་བ་དང་། སེམས་ཉིད་རིག ་པའི་སྒྱུ་མ་ནི་གཅིག་པ་མ་ཡིན་ཏེ། སྔར་རྣམ་པ་བདོན་པའི་ཕྱོགས་དགག་པ་རྒྱས་པར་བསྟན་ཏོ།། ཡང་རྣམ་པ་སྣ་ཚོགས་སེམས་ལས་པ་དུད་པའི་ཕྱི་རོལ་གྱི་ངོ་བོར་གྱུར་པ་ཡང་མ་ཡིན་ཏེ། རྣམ་པ་སྣ་ཚོགསུ་སྣང་བ་སེམས་ཀྱི་རྒྱུ་ལས་བྱུང ་བ་མ་ཡིན་པར་འགྱུར་ཏེ། ཁྱབ་པའི་དོན་ནི་སྔར་བསྟན་ཏོ།། དེ་སྟེ་སྣ་ཚོགས་དང་སྒྱུ་མ་ཐ་མི་དད་པ་དེ་གཅིག་ཉིད་ཡིན་ན་ནི། དེ་དག་བྱེ་བྲག་མོད་པར་འགྱུར་ཏེ། ཇི་སྐད་དུ། གང་ཕྱིར་སྣ་ཚོགས་ངོ་བོ་རུ།། སྣང་བ་ཅན་གྱི་དངོས་པོ་གཅིག། ་རྣམ་པ་རྣམས་བདིན་ཇི་ལྟར་འགྱུར། གཅིག་པ་ཉིད་དེ་ཉམས་ཕྱི་རོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར།། དེའི་དོན་ཡང་ཕ་རོལ་པོ་སྣ་ཚོགས་གཉིསུ་མེད་པར་སྨྲ་བོ་རྣམས་ཀྱིས་རྣམ་པ་སྣ་ཚོགསུ་སྣང་བ་ནི་ཤེས་པ ་གཅིག་གི་བདག་ཉིད་དུ་བདེན་པར་འདོད་པ་ལ་དེ་ལྟ་ན་ཤེས་པ་གོ་ཊཱིག་པུ་ཉིད་དུ་མར་འགྱུར་ཏེ། དུ་མ་དང་ཐོ་མི་དད་པའི་ཕྱིར། དཔེར་ན་སྐར་མའི་དཀར་པོ་བྱིན་ནོ།། དེ་བཞིན་དུ་རྣམ་པ་རྣམས་ཀྱང་གཅིག་ཉིད་དུ་འགྱུར་ཏེ། གཅིག ་དང་ཐ་མི་དད་པའི་ཕྱིར།། གལ་ཏེ་རྣམ་པ་རྣམས་གཅིག་ཏུ་འགྱུར་བ་ནི་འདོད་པ་ཉིད་ཡིན་ལ། ཤེས་པ་དུ་མ་ཉིད་དུ་འགྱུར་བ་ལ་དུ་མ་དངོས་དང་ཐ་མི་དད་པའི་ཕྱིར་ཞེས་གཏན་ཆགསུ་སྦྱོར་ན་ནི་གཏན་ཚིགས་འདི་མ་གྲུབ་པར ་འགྱུར་ལ། དུ་མར་སྣང་བ་དང་ཕ་མི་དད་པའི་ཕྱིར་གཏན་ཚིགསུ་སྦྱོར་ན་ནི་ཁྱབ་པར་མ་གྲུབ་སྟེ་དུ་མར་སྣང་བ་ནི་དུ་མར་བདེན་པ་མ་ཡིན་ཞིང་རང་བཞིན་གཅིག་ཉིད་ཡིན་པའི་ཕྱིར་ཞེ་ན་མ་ཡིན་ཏེ། དུ་མར་སྣང་བ་དངོས་པོའི་བདག་ཉིད་དུ ་བདེན་པ་དང་། སྐྱེ་འགག་གི་རྣམ་པར་འགལ་བ་སྟེ། ཇི་ལྟར་དཀར་པོའི་རྣམ་པར་སྣང་བ་འགགས་ཀྱང་དམར་པོའི་རྣམ་པར་སྣང་བ་མི་འགག་ཅིང་། དེ་བཞིན་དུ་དེ་འགགས་ཀྱང་ཅིག་ཤེས་མི་འགག་ལ་གཅིག་སྐྱེས་ཀྱང་གཞན་མི་སྐྱེ ་བས་དེ་རྣམསུ་སྣང་བ་ནི་དུ་མུ་ཉིད་ཡིན་ཞིང་། དེ་དང་ཐ་མི་དད་པས་དུ་མ་ཉིད་དུ་འགྱུར་བའོ།། དེ་ཉིད་ཀྱི་སྣ་ཚོགསུ་སྣང་བ་གཅིག་ཉིད་དུ་འདོད་པ་ལ་ཡང་མངོན་སུམ་ལ་སོགས་པའི་བསམ་པ་འཇུག་པས། དེ་ལྟར་རིག་པ་མཱ་ཡིནོ།། དེ ་ཉིད་ཀྱི་ཕྱིར་སྒྱུ་མ་དང་སྣ་ཚོགས་ཀྱི་བྱེ་བྲག་མཐོང་བས་ན་གཅིག་པ་ཡང་མ་ཡིན་ལ་སྔ་མ་ལྟར་རྒྱུ་འབྲས་ཉིད་དུ་མི་འཐད་པས་ཐ་དད་པ་ཡང་མ་ཡིནོ།། སེམས་ནི་ཡུལ་དང་ཀུན་ཏུ་འབྲེལ་ཞེས་པ་ལ་སོགས་པ་ཚིགསུ ་བཅད་པོ་གཅིག་གིས་ནི་རྣམ་པར་ཤེས་པ་འཇུག་པའི་ཚུལ་སྟོན་ཏེ། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་ལུས་དང་ལོངས་སྤྱོད་ལ་སོགས་པར་སྣང་ཡུལ་དང་འབྲེལ་ཞིང་། དེ་ལས་གཞན་པའི་རྣམ་པར་ཤེས་པ་རྣམས་ཀྱང་རྟོག ་པས་བརྟགས་པའི་དོན་ལ་འཛིན་པའོ།། སྣང་བ་མེང་དང་བྱེ་བྲག་ལ། ཤེས་རབ་ཡང་དག་རབ་ཏུ་འཇུག་ཅེས་པ་ནི། སྣང་བ་མེད་པའི་དེ་བཞིན་ཉིད་ལ་ནི་དོན་དམ་པ་ཤེས་པའི་ཤེས་རབ་ལ་འཇུག་པར་འགྱུར་ལ། གཞན་གྱིས་དབང་གིས ་བསྡུས་པ་ཀུན་རྫོབ་པའི་བྱེ་དྲུག་ལ་ནི། ཀུན་རྫོབ་ཤེས་པའི་ཤེས་རབ་འཇུག་པའོ།། ཀུན་བརྟགས་པའི་རང་བཞིན་ཞེས་པ་ལ་སོགས་པས་ནི། གཞན་དབང་དོན་དམ་པ་ཉིད་འགོག་པ་སྟེ། དེ་ལ་སྔར་བསྟན ་པ་ལྟར་རྣམ་གྲངས་ཀྱི་ཀུན་བརྟགས་རྟོག་པའི་བཟུང་བ་ནི་ཀུན་རྫོབ་ཏུ་རྙོག་པའི་བློ་ཉིད་ཡོད་ཅིང་བློའི་ངོ་བོར་གྱུར་པའི་གཞན་དབང་ནི་དེ་ཁོ་ན་ཉིད་དུ་མེད་པ་སྟེ། དེ་ལྟ་ན་བློའི་ངོ་བོ་དོན་དམ་པ་ཉིད་དུ་མྱོང་བ་མི་འཐང་ཞེ་ན། ནོར་པ ་དག་གིས་བརྟགས་པ་སྣང་ཞེས་པ་སྟེ། དེ་ལྟར་སྣང་བ་ནི་ཕྱིན་ཅི་ལོག་གི་བློ་ཡིས་བརྟགས་པ་ཉིད་རྟོག་པའི་བློའི་ངོ་བོ་ན་སྣང་བ་སྟེ། ཕྱིན་ཅི་ལོག་ཡིན་པའི་ཕྱིར་དེ་ལ་དེ་ལྟར་མི་རྟག་ཅེས་ཉེ་བར་གདམས་པའོ།། དེ་ཡང་ཇི་ལྟར ་སྔགས་དང་སྨན་ལ་སོགས་པའི་ཡན་ལག་མང་པོས་གྲུབོ་པའི་སྒྱུ་མའི་གླང་པོ་ལ་སོགས་པར་སྣང་བ་དབང་པོ་མ་བསླང་པ་རྣམས་ཀྱི་བློའི་དོན་མྱ་གྲུབ་པ་དེ་བཞིན་དུ་གཞན་གྱི་དབང་གི་མཚན་མ་སྣ་ཚོགས་ཀྱང་། ཡང་དག ་པའི་རིགས་པས་བརྟགས་ན་མི་འགྲུབ་པའོ།། དེ་ཉིད་གཞན་གྱི་ད་བང་དུ་ཇི་ལྟར་འགྱུར་ཞེ་ན། མཆིན་མ་གནས་ངན་ལོན་གྱི་དངོས་ཞེས་པ་ལ་སོགས་པ་གསུངས་ཏེ། རྣམ་པར་རྟོགས་པའི་མཚན་མ་དང་། དྲི་ཡིས་དགོས་པའི ་བག་ཆགས་ཀྱིས་བྱིས་པའི་སྐྱེ་བོ་འཚང་བར་བྱེད་པ་ནི། སེམས་ཉིད་སྔ་མ་རྣམས་ལས་བྱུང་བས་ཀུན་རྫོབ་ཏུ་གཞན་གྱི་དབང་ཉིད་ཡིན་ལ། དེ་ཉིད་མི་ཤེས་པ་རྣམས་ཀྱི་དོན་དམ་པའི་དངོས་པོར་གཞག་པ་ནི་ཀུན་བརྟགས་པ་སྟེ། ་གཞན་གྱི་དབང་དོན་དམ་པ་ཉིད་དུ་རྣམ་པར་རྟོགས་པས་བརྟགས་པའི་ཕྱིརརོ།། གལ་ཏེ་ཀུན་ཏུ་བརྟག་པ་བློའི་ངོ་བོར་ཡོད་ན། དེ་ཉིད་རྒྱུ་མེད་པ་མི་འཐད་པས་གཞན་གྱི་དབང་དུ་འགྱུར་ཞེ་ན། རྣམ་གྲངས་ཀྱིས་ན་འགྱུར་བའོ་ཞེས་སྷོ། ་བ་ནི་གདུ་འདི་ཞེས་པ་ལ་སོགས་པ་སྟེ། ཚིག་སུ་བཅད་པ་ཕྱེད་སྔ་མ་ནི་ཕྱེད་ཕྱི་མས་བཤད་པའོ།། ཀུན་རྫོབ་དང་ནི་ཞེས་པ་ལ་སོགས་པས་ནི་ངོ་བོ་ཉིད་གསུམ་ཀ་ཡང་དོན་དམ་པའི་དངོས་པོར་མ་གྲུབ་པ་ཉིད་དུ་གསུངས་ཏེ། དེ་ལ་དོན ་པ་ནི་དེ་བཅང་འཕགས་པའི་སྤྱོད་ཡུལ་ཞེས་པའི་གཞན་གྱི་དབང་ལ་ཀུན་བརྟགས་པའི་རང་བཞིན་གྱིས་སྟོང་པ། འཕགས་པ་སོ་སེ་རང་གི་རིག་པའི་སྦེད་ཡུལ་དོན་དམ་པ་ཡོངསུ་གྲུབ་པའི་ངོ་བོ་ཉིད།། རྒྱུ་ལས་སྐྱེ་བ་ནི་གཞན་གྱི ་དདང་།། རྣལ་འབྱོར་ཅན་གྱི་ཞེས་པ་ལྀ་སོགས་པ་ཀུན་ཏུ་བརྟགས་པ་དངོས་པོ་མེད་པ་ཉིད་དུ་སྟོན་ཏེ། དེ་ལ་རྣལ་འབྱོར་ཅན་གྱི་དངོས་པོ་ནི་གཉི་སུ་མེད་པའི་རང་གི་རིག་པའི་དོན་དམ་ལ་སེམས་རྩེ་གཅིག་ཏུ་གནས་པ་སྟེ། དེ་ལྟར་གནས། ་པ་ན་སྒྲ་ཚོག་སུ་སྣང་བ་ཤེས་པའི་རང་བཞིན་གཅིག་ཉིད་དུ་རྣམ་པར་མཛེས་ཀྱང་ཞེས་པ་སྟེ། རང་བཞིན་གནྡ་ག་ཉིད་ལ་སྣ་ཚོཊཱ་སུ་སྣང་བཱི་རྣམ་པས་སྦྱངས་ཤིང་སྣང་བའོ།། དེ་ལྟར་སྣང་ཡང་ཤེས་པའི་རང་བཞིན་ལ་སྣ་ཚོགས་ཡོད་པ་མ་ཡིན་པ ་དེ་བཞིན་དུ་བརྟག་པའི་མཚན་ཉིད་ཀྱང་མེད་པའོ།། ཇི་ལྟར་ཞེས་པ་ལ་སོགས་པས་གཞན་གྱི་དབང་ངོ་བོ་ཉིད་མོང་པར་སྟོན་ཏོ།། ཇི་ལྟར་རབ་རིབ་ཀྱིས་དབང་པོས་ཉམས་པ་རྣམས་ལ་སྐྲ་ཤད་ལ་སོགས་པར་སྣང་བའི་གཟུགས་ལ། ་བདེན་པའི་གཟུགས་སྣ་ཚོག་སུ་བརྟགས་པ་ན་རྟོག་པའི་བཟུང་བ་དེ་དག་བདེན་པའི་གཟུགས་མ་ཡིན་ཞིང་དེ་ལྟར་སྣང་བ་ཤེས་པའི་ངོ་བོར་ཡོད་པས་རྣམ་པ་ཐམས་ཅད་དུ་མེད་པ་ཡང་མ་ཡིན་པ་བཞིན་དུ། ་མཁས་པ་རྣམས་ཀྱི་གཞན་གྱི་དབང་བཟུང་འཇུག་སྒྱུ་མ་ལྟ་བུར་རྟོགས་པར་བྱའོ།། ཇི་ལྟར་ཞེས་པ་ལ་སོགས་པས་ཡོངསུ་གྲུབ་པ་དངོས་པོར་མི་འཐད་པ་ཉིད་སྟོན་ཏེ། གསེར་ལ་སོགས་པ་བློ་བུར་གྱི་དྲི་མ་སྤངས་པ་བཞིན་དུ་སེམས་ཉིད་རིག ་པའི་དེ་བཞིན་ཉིད་གློ་བུར་གྱི་དྲི་མ་དོན་དམ་པའི་དངོས་པོར་གྱུར་པ་སྔར་ནས་གནས་པ་དང་བྲལ་བའི་ངོ་བོ་ཉིད་དུ་བརྟག་པ་ནི་དེ་ལྟར་མི་བདེན་ཞེས་པའོ།། བརྟགས་པ་ལ་ནི་ཞེས་པ་ལ་སོགས་པས་ངོ་བོ་ཉིད་གཉིས་ཀྱི་རང་བཞིན་ཇི་ལྟ་བ་ཉིད་སྟོན ་ཏེ། ཡོངསུ་གྲུབ་པ་ལ་དེ་ལྟར་བརྟགས་པའམ། གཞན་ཡང་རུང་སྟེ་ཀུན་བརྟགས་པ་ནི། ཇི་ལྟར་བརྟགས་པ་བཞིན་དངོས་པོར་མེད་ལ་གཞན་གྱི་དབང་ནི་སྒྱུ་མ་ལྟ་བུར་ཡོད་པ་སྟེ། དེ་དག་ལས་བཟློག་སྟེ་སྒྲོ་འདོགས་པ་དང་སྐུར་པ་འདེབས ་པ་ནི་སྐྱེ་བ་གཞན་བདེ་འགྲོ་དང་ཐར་པ་ཐོབ་པ་ལས་ཉམས་པར་བྱེད་པའོ།། འདིར་གཞུང་ཉིད་ཀྱང་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐར་རྟོགས་པ་ནི་རླག་པར་འགྱུར་ཞེས་འདོན་པར་བྱེད།། ཡང་གཞུང་འདི་ལྟར་ན་མཐའ ་གཉི་སུ་བརྟགས་པའི་དོན་རིགས་པས་རྣམ་པར་རྟག་ན་འཇིག་པོར་འགྱུར་ཞེས་པའོ།། གལ་ཏེ་ཞེས་པ་ལ་སོགས་པས་བརྟགས་པ་རྣམ་པ་ཐམས་ཅད་དུ་མེད་ཅིང་། གཞན་དབང་དོན་དམ་པ་པོ་དགག་པ་ཉིད་དུ་ཚུལ་གཞན་གྱི་སྒོ ་ནས་སྟོན་ཏེ། དེའི་དོན་ཡང་རྣམ་གྲངས་ཀྱི་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་ནི་ངོ་བོ་གཅིག་པ་དང་། ཡང་སྔ་ཕྱིར་གྱུར་པ་རྣམས་ཕན་ཚུན་རྒྱུ་དང་འབྲས་བུ་ཉིད་དུ་ཡང་སྔར་གསུངས་ཏེ། དེས་ན་དེ་དག་གཅིག་པས་བརྟགས་པ ་དངོས་པོ་མེད་པར་གཞན་གྱི་དབང་གི་དངོས་པོ་ཉིད་འགྱུར་བའམ། དེ་བཞིན་དུ་དངོས་པོ་ཉིད་དུ་ཡང་དངོས་པོ་མེད་བྱར་འགྱུར་བ་སྟེ། འགལ་བ་བདག་ཉིད་གཅིག་ཏུ་འགྱུར་ཞེས་པའོ།། གཞན་ཡང་དེ་དག་རྒྱུ་འབྲས་ཉིད་ཡིན་པའི་ཕྱིར། ་དངོས་པོ་མེད་པ་ལས་དངོས་པོ་སྐྱེ་བར་འགྱུར་བའམ། མིང་དང་མཚན་མས་འབྲེལ་པའི་གཞན་གྱི་དབང་གི་དངོས་པོ་ལས་ཀུན་བརྟགས་པའི་དངོས་པོ་མེད་པ་སྐྱེ་བར་འགྱུར་བའོ།། ཀུན་བརྟགས་པ་ལ་གནས་ནས་ནི། གཞན་གྱི ་དབང་ནི་ཉེ་བར་དམིགས་ཞེས་པོ་ནི་རྒྱུ་འབྲས་ཀྱི་དོན་ཉིད་གསལ་བར་བསྟན་པ་སྟེ། སྔར་བཤད་པ་བཞིནོ།། མིང་དང་མཚན་མ་འདྲལ་ཞེས་པ་ནི་བརྗོད་པ་དང་འདྲེས་པར་སྣང་བ་རྟོག་པའི་བཟུང་བ་སྟེ། རྟོག་པ་ཉིད་ཀྱི་བདག་ཉིད ་དུ་གྱུར་པའི་གཞན་གྱི་དང་ངོ་།། བརྟགས་པ་ཤིན་ཏུ་མ་གྲུབ་སྟེ། གཞན་ལས་འབྱུང་བ་ནི་མ་ཡིནོ་ཞེས་པ་ནི་ཐལ་བ་ལས་བཟློག་པའི་དོན་ཏེ། ནམ་མཁའ་པདྨ་ལྟར་ཤིནྡ་ཏུ་མ་གྲུབ་པ་ནི་གཞན་ལས་འབྱུང་བའི་འབྲས་བུར་མི་འཐད ་ཅེས་པའོ།། དེའི་ཕྱིར་རྣམ་གྲངས་ཀྱི་ཀུན་ཏུ་བརྟགས་པ་ནི་ཀུན་རྫོབ་ཏུ་བློའི་བདག་ཉིད་དུ་ཡེད་ལ། བློའི་ངོ་བོར་གྱུར་པའི་གཞན་དབང་ཡང་དོན་དམ་པའི་དངོས་པོར་མི་འཐད་དེ། སྔར་བསྟན་པ་བཞི་ནོ།། ཡང་འདི་དག་གི་ཁྱད་པར ་ནི་མཚན་ཉིད་ཡོངསུ་ཆུད་པའི་ཀུན་ཏུ་བརྟགས་པ་ནི་ཀུན་རྫོབ་ཙམ་དུ་ཡང་མེད་ལ། གཞན་གྱི་དབང་ནི་ཡོད་པ་སྟེ་སྔར་བསྟན་པ་དང་འགལ་བ་མེད་པ་ནི་རྟོགས་པར་སླའོ།། ཐལ་བ་ལས ་བཟློག་པའི་གཏན་ཚིགས་གཞན་ཡང་དངོས་པོ་དངོས་པོ་མེད་པར་འགྱུར་བ་མེད་པ་ཡིན་པ་དང་། དངོས་པོ་མེད་པ་ལས་དངོས་པོ་སྐྱེ་བ་མི་འཐད་པའི་ཕྱིར་ཡང་རྣམ་གྲངས་ཀྱི་ཀུན་བརྟགས་ཀུན་རྫོབ་ཏུ་ཡང་མེད་ལ། གཞན་དབང ་བདེན་པར་ཡོད་པ་མི་འཐད་ཅེས་པའོ།། དེ་ཚེ་དྲོན་དམ་རང་བཞིན་ནི་ཞེས་པ་ལ་སོགས་པས་དོན་དེ་ལྟར་རྟོགས་པའི་ཕན་ཡོན་འཆུ་དོ།། དེ་ནས་ཚིག་རྐང་གཉིས་ཀྱི་དེ་དག་གི་དབྱེ་བ་སྟོན་ཏེ། སྔར་བསྟན་པ་ལྟར་ཀུན་དུ་བརྟགས ་པ་གསུམ་ནི་རྒྱུ་འབྲས་བརྟགས་པ་གཅིག་ཉིད་དུ་འདུས་པས་བཅུ་གཉིསུ་གསུངསྣ་པ་དང་མི་འགལོ།། གལ་ཏེ་ཐེག་པ་ཆེན་པོའི་ཚུལ་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཉིད་དུ་ཁས་ལེན་པས་གཞན་གྱི་དབང་དྲུག་ཏུ ་མི་འཐད་ཞེ་ན། དེ་ལྟར་བདེན་མོད་ཀྱི་ཀུན་གཞི་དང་། ཉོན་མོངས་པ་ཅན་གྱི་ཡིད་ནི་རྒྱུ་བ་ཆ་ཕྲ་བ་རྣམས་གསལ་བ་མེད་པས་འདི་རོ་མ་སྨོས་པ་ཙམ་དུ་ཟད།། སོ་སོ་རང་གིས་ཞེས་པ་ལ་སོགས་པས་སོ་སེ་རང་གི་རིག་པའི ་དེ་བཞིན་ཉིད་ལ་དེ་འདྲ་བའི་བྱེ་བྲག་ཏུ་དབྱེ་བ་མི་འཐད་པ་ཉིད་དུ་སྟོན་ཏེ། སྣ་ཚོག་སུ་རྣམ་པར་གཞག་པ་ནི་དེ་བཞིན་ཉིད་ཀྱི་ངོ་བོར་རོ་གཅིག་ཅིང་། དེ་ཉིད་རྣལ་འབྱོར་ཅན་རྣམས་ཀྱིས་རྟོགས་ཤིང་། གོམས་ན་དེ་བཞིན་ཉིད ་མངོན་སུམ་དུ་གྱུར་པ་ཆོས་སྐུའི་རང་བཞིན་ཐོབ་པ་ལས་མི་འདའ་བའོ།། གལ་ཏེ་བརྗོད་པ་དང་འདྲེས་པར་སྣང་བ་གཞན་གྱི་དབང་ཉིད་དུ་འགྱུར་ན། མིང་དང་མཚན་མ་དག་མཚུངས་པ་ཡིན་ནམ་སྙམ་དུ་སེམས་ན་ནི་མཚན་མ ་དག་ནི་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནཱི་སྔར་བསྟ་ནོ།། ཀུན་བརྟགས་པ་ཞེས་པ་ལ་སོགས་པས་ནི་སྤྱིར་བསྟན་པ་ལྟར་རྣམ་གྲངས་ཀྱི་ཀུན་ཏུ་བརྟགས་པ་དང་། མཚན་མ་ནི་གཞན་གྱི་དབང་སྔ་མ་རྣམས་ལས་འབྱུང་བ ་འོ།། བློ་ཡིས་ཞེས་པ་ལ་སོགས་པས་ནི་ངོ་བོ་ཉིད་གསུམ་དངོས་ལ་མེད་པ་ཉིད་དུ་བསྡུས་ཏེ་བསྟན་པའོ།། ཅི་ཞིག་རྣམ་པར་བརྟག་ཅེས་པ་ནི་ཁྱད་པར་གྱི་ཆོས་ཅི་དང་ཅི་འདྲ་བར་རྣམ་པར་བརྟགས་ཏེ། བརྟག་བྱའི་དོན་དེ་འདྲ་བ ་གྲུབ་པ་མེད་ཅེས་པའོ།། གལ་ཏེ་འདིར་ཡོད་པ་དང་མེད་པའི་མཐའ་གཉིས་སྤངས་པའི་གྲུབ་པའི་དངོས་པོ་རྣམ་པར་རིག་པ་ཙམ་གྱིས་དབུ་མ་ངོན་དམ་པའི་དངོས་པོར་ཡོ་ཞེ་ན། དེ་འདྲ་བ་འགལ་ཏེ་ཡོད་པ་དང་མེད་པ་ནི ་རྣམ་གཅོད་ཡོངས་གཅོད་ཀྱི་འགལ་བ་ཡིན་པས་གཅིག་བཀག་པས་གཞན་གྲུབ་པ་ལ་བལྟོས་པའི་ཕྱིར། དེ་དག་གཉིས་ལས་གྲོལ་བ་ནི་ཕྱིར་ཞིང་གཉིས་ཀའི་བདག་ཉིད་དུ་འགྱུར་ན་དེ་འདྲ་བ་ནི་མི་སྲིད་པའོ།། དེ་ལྟ་ན་དེ ་འདྲ་བའི་འགལ་བ་གང་ལ་སྲིད་ཅེ་ན། ཀུན་བརྟགས་པ་རང་བཞིན་ལ། རང་བཞིན་གཉིས་ནི་རབ་གནས་ཏོ།། ཞེས་པ་དེ་ལྟར་རྟོགས་པའི་བློ་ཕྱིན་ཅི་ལོག་གི་དོ་ན་ཡོད་པའོ།། དེ་ལྟར་ན་འགལ་བ་སྣ་ཚོགསུ་སྣང་བ་ནི་བརྟག་པ་ཡིན་ལ ་དེ་འདྲ་བའི་ཕྱིན་ཅི་ལོག་རྣམ་པར་དག་པ་ལ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡོངསུ་གྲུབ་པའོ།། བརྟག་པ་སྣ་ཚོགས་སྣང་བའི་བློ་ནི་གཞན་གྱི་དབང་སྒྱུ་མ་ལྟ་བུ་སྟེ། དེ་ལྟར་ན་ཀུན་རྫོབ ་ཏུ་ངོ་བོ་ཉིད་གསུམ་གྱི་ཚུལ་མ་འདྲེས་པར་རྣམ་པར་གཞག་པའོ།། རྣམ་པ་གཞན་དུ་ཞེས་པ་ལ་སོགས་པས་ནི་གཞན་གྱི་དབོང་སྒྱུ་མ་ལས་གཞན་དོན་དམ་པའི་དངོས་པོར་བརྟགས་ན་ནི་ཕྱིན་ཅི་ལོག་ཉིད་དུ་འགྱུར་བའོ།། དེའི་ཕྱིར་དེ ་ལྟར་རྟོག་པ་བཞག་པ་ནི་བརྟགས་པ་སྟེ། ཇི་ལྟར་བརྟགས་པ་བཞིན་དུ་མ་གྲུབ་ལ། རྟོག་པའི་བློ་ནི་མཐོང་ཞིང་མྱོང་བའི་ཕྱིར་ཀུན་རྫོབ་ཏུ་རྒྱུ་ལས་བྱུང་བྱའོའི་གཞན་དབ་།། རྣམ་རྟོག་གཉིས་ལས་གྲོལ་བ་སྟེ། མཐའ་གཉི་སུ་རྟོགས་པ་སྤངས ་པའི་རིགས་པ་སྒྱུ་མ་ལྟ་བུ་ནི་ཡོངསུ་གྲུབ་པའི་མཚན་ཉིད།། ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྦྱོང་བར་བྱེད་པའི་ལམ་དང་འབྲས་བུའི་བདག་ཉིད་ཀྱི་ཐུག་པ་གཅིག་ཉིད་རྒྱས་པར ་སྟོན་པ་སྟེ། དེ་ལ་འཕགས་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་ནི་ལམ་གྱིས་རྟོག་པར་བྱ་བའམ་ཐོབ་པར་བྱ་བའི་འབྲས་བུའོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་ལ་མི་འཇོག་ཅེས་ནི་ཐེག་པ་ཆེན་པོའི་ཚུལ་ལུ ་རྟོགས་པ་ཉིད་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོག་པ་སྟེ། སྔར་གསུངས་པ་ལྟར་ཐམས་ཅད་ཀྱང་དེ་ཉིད་རྟོག་པོའི་ཡན་ལག་དུ་གསུངས་པའི་ཕྱིར།། འདིར་ལན་གྱི་དོན་ལ་དང་པོ་འཕགས་པ་སོ་སོ་རང་གི་ཡེ་ཤེས་རྟོག་པ་ནི་རྗེསུ ་དཔག་པ་ལ་སོགས་པའི་ཚད་མ་དང་། ཡིད་ཆེས་པའི་ལུང་གིས་དེ་བཞིན་ཉིད་ཀྱི་དོན་སྤྱིའི་ཚུལ་དུ་གཏན་ལ་ཕབ་ནས་ཞི་གནས་ཀྱི་རྒྱུ་མཚན་ནཱ་མ་ཡན་ལག་ཏུ། གཅིག་པུ་དབེན་པར་སོང་སྟེ་སྣར་བསྟན་པ་ལྟར་དྲན་པ་དང་ཤེས་རབ་ཀྱི ་ཆར་གཏོགས་པ་ཆོས་ཟབ་མོ་ལ་བཟོད་པའི་རྒྱུར་གྱུར་པའི་གཟུངས་ཐོབ་པའི་འགྱུར་བའི་ཐིབས་འགའ་ཞིག་ལྔ་བརྟེན་ནས་དེ་བཞིན་ཉིད་ཀྱི་སྤྱི་རྣམ་པར་སྐྱོ་འདོགས་པའི་རྣམ་པར་རྟག་པའི་དྲི་མ་ཞི་བཱ་བཱ་སྟྭ~ཾ། རྣམ་པར་རྟོག ་མེད་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་ཡུལ་དུ་བྱས་ནས་བསྒྲིམ་པར་བྱེད་པ་སྟེ། དེ་ལྟར་བསྒོམ་པའི་སྟོབས་ཡོངསུ་རྫོགས་པཱ་ན་ཐེབ་པར་འགྱུར་བའི་ཡེ་ཤེ་སོ།། ཐེག་པ་གཅིག་པོ་རྟོགས་པའི་མཚན་ཉིད་ནཱཾ་ཐེག་པ་ཆེན་པོ ་གཅིག་གི་འམ་རིག་ཅིང་ཁོང་དུ་ཆུད་པས་ཕོག་པ་གཅིག་པོ་རྟོགས་པ་ཞེས་བྱའོ།། དེ་ཉིད་རིག་ཅིང་ཁོང་དུ་ཆུད་པ་ག་ཞེ་ན། འདི་ལྟ་སྟེ་ཞེས་པ་ལ་སོགས་པ་གསུངས་ཏེ། བཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་སྣང་ཞི ་རྟོགས་པའི་བློ་ལས་མ་གཏོགས་པ་ཆོས་གཞན་ནི་སཱུཪྻཱ་བསྟུནུ་པ་ལྟར་ཀུན་རྫིབ་ཙམ་དུ་ཡང་མི་སྒྱིང་བློ་དེ་དག་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པཱ་ཇི་ལྟ་བ་བཞིན་དུ་རྟོགས་པས། སྣ་ཚོགས་ཀྱི་རྣམ་པར་རྟོག་པ་མི་འབྱུང ་བའི་ཕྱིར། ཐེག་པ་གཅིག་པ་ཁོང་དུ་ཆུད་བར་བྱས་པ་ཡིན།། དེའི་དོན་ཡང་དེ་ལྟར་རྟོགས་པར་བྱ་བའི་དོན་ནི་རྟོགས་པ་སྣ་ཚོགས་ཀྱིས་དབེན་པའི་ཆོས་ཀྱི་དབྱིངས་དབྱེར་མེད་པ་ཡིན་ལ། དེ་ལ་དེ་བཞིན་དུ་རྟོགས་པས་རྣམ་པར་རྟོག་པ ་མི་འབྱུང་ཞིང་། དེ་ཡང་དབྱེར་མེད་པའི་རང་བཞིན་མཐར་ཐུགས་པའི་དོན་གཅིག་ཉིད་ཡིན་པས་དེ་ལྟར་རྟོགས་པའི་ལམ་གྱི་བདག་ཉིད་ཀྱི་ཐེག་པ་ཡང་མཐར་ཐུག་པ་གཅིག་ཡིན་ཞེས་ཁོང ་དུ་ཆུད་པར་བྱས་པའོ།། ཇི་ལྟ་བ་བཞིན་དུ་གནས་པ་ལ་གནས་པ་ནི་རྟོགས་པའི་དོན།། ཁོང་དུ་ཆུད་པ་འདི་ནི་ཤེས་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་མཐར་ཐུག་པའོ།། དེས་ན་དེའི་ཕྱིར་ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོ། ་པབས་ཐོབ་པོའི་རྟོག་པ་ལ་བརྟེན་ནས་འབྲས་བུ་མཐར་ཐུག་པར་འབྱིན་མ་ནུས་པས། དེ་དག་གི་རྟོག་པ་ནི་མཐར་ཐུག་པའི་ལམ་མོ་ཡིན་ཞིང་། ཐེག་པ་ཆེན་པོའི་ལམ་གྱི་ཡན་ལག་ཉིད་དུ་འགྱུར་གྱི་གཞན་དུ་མ་ཡིན་པ ་ཟཐེག་པ་གཅིག་ཅེས་པ་སྟེ། འདིའི་དོན་ཞིབ་ཏུ་ནི་སྔར་བསྟན་ནོ།། བློ་གྲོས་ཆེན་པོས་གསོལ་པ་ཞེས་པ་ལ་སོགས་པས་དེ་ཉིད་ལ་རྩོད་པ་སྤངས་པས་གསུངས་ཏེ། འདི་དག་གི་དོན་ནི་ཉན་ཐོས་ལོ་སོགས་པ་ཐེག་པ་གསུམ ་དུ་བསྟན་པས་འདུལ་བར་འགྱུར་གྱི་གཞན་དུ་མེ་ཡིན་པ་སྟེ། རྒྱས་པར་སྦྱར་གཏན་ལ་ཕའོ།། དེ་བཞིན་གཤེགས་པ་འདུལ་བ་དང་ཞེས་པ་ལ་སོགས་པའི་དོན་ནི་གདུལ་བྱའི་བསམ་པ་ལ་བལྟོས་ནས་ཆོས་འདུལ ་བ་སྣ་ཚོགས་ཐབས་ཀྱི་བྱེ་བྲག་བསྟན་པ་དང་། འདུ་འཛིལ་སོགས་པས་དབེན་པའི་རྣལ་འབྱོར་གྱི་ལུང་གིས་གྲོལ་བ་སྟེ། ཁྱད་པར་དུ་རང་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་པའོ།། རང་གི་མ་ཡིན་ཞེས་པ་དེ་བཞིན་ག ་པའི་བསྟན་པ་ལ་མ་བལྟོས་པར། རང་གི་ཤེས་རབ་ཀྱིས་གྲོལ་ཞིང་མྱ་ངན་ལས་འདའ་བ་མ་ཡིན་པའོ།། ལས་ཀྱི་བག་ཆགས་མ་སྤངས་ཞེས་པ་ནི་ཇི་སྐད་དུ། ཉོན་མོངས་མེད་ཀྱང་དེ་དག་ལ་ལུས་ཀྱི་ཉེས་པ་མཐོང་བ་བཞིན་ཞེས ་གསུངས་པ་ལྟ་བུ་དང་། གཞན་ཡང་ཉོན་མོངས་པའི་བག་ལེ་ཉལ་ཡོད་མ་སྤངས་པའོ།། བསམ་གྷིས་མཱི་ཁྱབ་པར་ཡེངསུ་བསྒྱུར་བའི་ཤི་འཕྱོ་མ་ཐོབ་ཅེས་པ་ལ། དེ་ཉིད་ཐོབ་པ་དང་མ་ཐོབ་པའི་བྱེ་བྲག་ནི་སྦྱར་བསྐྲུན་པ་ལྟར ་ཤེས་པར་བྱའོ།། ཡང་འཇིག་རྟེན་གྱི་དང་ཞེས་པ་ལ་སོགས་པའི་དོན་ནི་དག་པ་འཇིག་རྟེན་པ་རྗེས་ཀྱི་ངོ་ཞེས་པས་སྦྱིན་པོ་ལ་སོགས་པའི་ཚོགས་རྫོགས་པར་བྱེད་པའོ།། འཇིག་རྟེན་ལུས་འདས་པོ་ཟག་པ་མེད་པ་ནི་མཉམ་པར ་བཞག་པའི་ཡེ་ཤེ་སོ།། དེ་ལ་ལྷ་དང་ཚུངས་པའི་ཐེག་པ་ནི།། སྙན་པར་སྨྲ་ཞིང་ཁྲོ་མི་བྱ།། སྙིང་ན་ཆུང་ཡང་སྦྱིན་པར་བྱཱ།། རྣམ་པ་འདི་གསུམྦྷ་གནས་པས་ནི།། ར་སྐྱེ་བ་ཡིས་རྒྱུ་ཡི་ནོ།། ནཱསྟྲ་གཱ་སུངས་པ་ལྟ་བུའམ། གཞན ་ཡང་བསམ་གཏན་དང་གཟུགས་མེད་ཀྱི་ཏིངེ་འཛིན་བསྒོམ་པ་དང་། དེ་དག་གི་འབྲས་བུའོ།། ཚངས་པའི་ཐེག་པ་ནི་ཁྱོད་པར་དུ་ཡང་ཏིང་འཛིན་གྱིས་ཡོངསུ་བཟུང་པོའི་ཚད་མེད་པ་རྣམསོ།། ཇི་སྲིད་སེམས་རྣམས་འཇུག་གི་བར ་ཞེས་པ་ནི་ཕྱིན་ཅི་ལོག་གི་ས་བོན་དང་བཅས་པའི་ཀུན་གཞི་འཇུག་པའི་བར་ལ་དེ་ལས་བྱུང་བའི་གནས་སྐབས་ཀྱི་ལམ་དང་། འབྲས་བུའི་གནས་ཐུག་པོ་མེད་པའོ།། དེ་འདྲ་བ་གནས་གྱུར་ཅིང་སྣང་བ་མེད་པའི་ཡེ་ཤེས ་མངོན་དུ་བྱས་པའི་སྤྱོད་ཡུལ་ལ་ནི་ཐེག་པ་མེད་ཅིང་། དེ་ལ་བརྟེན་ནས་འགྲོ་བའི་གང་ཟག་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་བའོ།། དེ་ལྟར་ན་སྣ་ཚོགསུ་གསུངས་པ་ཅི་ཞེ་ན། ཐེག་པ་རྣམ་པར་གཞག ་པ་ལ་སོགས་པ་གསུངསོ།། དེ་ལ་རྣམ་པར་གྲོལ་བ་གསུམ་ནི་ཉེན་མོངས་པ་སྤངས་པ་ཉིད་དུ་མཚུངས་པའི་བྱང་ཆུབ་རྣམ་པ་གསུམེ།། ཆོས་ལ་བདག་མང་དེ་ཉིད་དང་ཞེས་པ་ལ་སོགས་པས་ནི་དེ་ན་དམ་པའི་དེ་བཞིན་ཉིད་དང ་རྟགས་པའི་ཡེ་ཤེས་ཉོན་མོངས་པ་ལས་གྲེལ་ཞིང་ཤེས་བྱའི་སྒྲིབ་པ་སྤངས་པས་ཏེ། འདས་བུའི་བདག་ཉིད་ཀྱི་ཐེག་པ་ཆེན་པོའོ།། ཉན་ཐོས་རྣམས་ཀྱི་དེ་དག་སྤངས་པ་མ་ཡིན་པ་ཉིད་དུ་གསུངས་པ་ནི། ཇི་ལྟར་ཞེས་པ་ལ ་སོགས་པ་སྟེ། དེ་ལ་མཚན་ཉིད་རྣམས་ཀྱིས་རབ་ཏུ་གཡེངས་ཞེས་པ་ནི་ཕུང་པོ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་སྣ་ཚོགསུ་རྟོགས་པས་གཡེངས་པ་སྟེ། ཤེས་བྱའི་སྒྲིབ་པ་མ་སྤངས་པའོ།། དེ་བཞིན་ཉིད་དུ་ཉོན་མོངས་པའི ་སྒྲིབ་པ་མངོན་དུ་རྒྱུ་བ་སྦྱངས་མོད་ཀྱི། བག་ལྔ་ཉལ་བ་མྱ་སྤངས་པའོ།། དེ་རྣམས་ཀྱང་ཚོར་བ་དང་། འོད་ཤེས་སྐྱོན་དུ་ལྕི་བའི་བསྒོ་ནས་དེ་དག་ཉེ་བར་ཞི་བའི་ཕབས་འགའ་ཞིག་ལ་རྟེན་ཏེ། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ ་དང་བྲལ་བའི་ཏིང་འཛིན་གྱི་མྱོས་པས་མྱོས་ཤིང་། ཉོན་མོངས་པ་མངོན་རྒྱུ་སྤངས་པས། ཟག་པ་མེད་པའི་དབྱིངས་ན་འཁོད་པའོ།། དེ་ཉིད་རང་གི་འབྲས་བུ་མཐར་ཐུག་པ་ཡིན་ནམ་ཞེ་ན། མཐའ་མར་ཕྱིན་པ་དེ་ལས་མེད་ཅེས་པའོ།། ་དེ་ལྟ་ན་ཕྱིར་ཞིང་འཁོར་བར་ལྡོག་གམ་སྙམ་ན། ཕྱིར་ཀྱང་དེ་ལས་མི་ལྡོག་ཏེ། གང་ཟག་གི་བདག་མེད་པ་འདུ་བྱེད་པ་སྐད་ཅིག་མ་ཉིད་དུ་རྟོག་པ་དང་། བདག་ཉིད་བྱ་བ་བྱས་པ་ཉིད་དུ་ཤེས་པས་འཁོར་བར་སྐྱེ་བ་ལ་སོགས་པ་མེད་པ ་དྲདང་། སྲེད་པ་དང་ལྡན་པ་མངོན་དུ་རྒྱུ་བུའི་རྐྱེན་ཉིད་མི་ཚང་བའི་ཕྱིར་ཏེ། ཇི་ལྟར་རྒྱ་མཚོར་བསྒྱུར་བའི་ཤིང་གཏིང་དུ་མི་ནུབ་པ་དང་། ཡུལ་གཅིག་ན་གནས་ཤིང་ངོས་པོ་མ་ཡིན་པ་བཞི་ནོ།། ཟག་པ་མེད་པའི་དབྱིངས་ན་དུས་ཇི་སྲིད ་ཀྱི་བར་དུ་འཁོད་ཅིང་གནས་སྙམ་ནོ། ཏིངངེ་འཛིན་གྱི་ཞེས་པ་ལ་སོགས་པ་གསུངསོ།། དེས་ན་བདག་གི་ཡང་ཞེས་པོ་ལ་སོགས་པ་ནི་སྔར་བསྟན་པ་ལྟར་དེ་དག་ཉིད་ཀྱི་དགེ་བའི་རྩ་བའི་ས་བོན་དང་། དེ་བཞིན་གཤེགས་པའི་བྱིན ་གྱིས་བརླབ་ཀྱིས་ནམ་ཞིག་ན་ཟག་པ་མེད་དབྱིངས་ནས་སང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ཚོགས་གཉི་སུ་ཁ་བསྐྱངས་ནས། ཆོས་ཀྱི་སྐུ་ཐོབ་པར་འགྱུར་བའོ།། འཕགས་པ་ལང་ཀར་གཤེགས་པ་ལས་ཆོས་ཐམས ་ཅད་བསྡུས་པ་ཞེས་བྱ་བའི་ལེའུ་སྟེ། གཉིས་པའི་བཤད་པ་རྫོགས།། །། དེ་ལ་ལེའུ་ལྷག་མ་འདི་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་བསྡུས་པའི་དོན་ཤེས་པར་བྱ་བའི་གནས་དང་། དེ་རྣམས་ཀྱི་དེ་ཁོ་ན་ཉིད་དེ་བཞིན ་གཤེགས་པའི་སྙིང་པོར་འགྱུར་པ་དང་། དེ་སྦྱོང་བར་བྱེད་པའི་ལམ་དང་། ལམ་གྱི་ཐོབ་པར་བྱ་བའི་འབྲས་བུ་སྟེ། བཞི་པོ་དེ་རྣམས་ཉིད་བརྩོད་པ་སྤངས་པ་ལ་སོགས་པའི་སྒོ་ནས་རྒྱས་པར་སྟོན་ཏེ། དེས་ན་མདོ་སྡེ་འདིའི་དོན་ནི ་རྣམ་པ་བཞི་པོ་དེ་རྣམསུ་འདུས་ཤིང་དེ་རྣམས་ཀྱང་ཀུན་རྗེབ་ཏུ་སེམས་ཀྱི་རྣམ་པར་འཕྲུལ་པ་ཡིན་པ་ལ། དོན་དམ་པར་སྟོང་པ་ཉིད་དེ། དེ་ལྟར་ན་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་རྣམ་པར་རིག་བྱ ་ཙམ་གྱི་དབུ་མ་ཉིད་འདིའི་བརྗོད་པར་བྱ་བ་ཡིནོ་ཞེས་སྔར་བསྟ་ནོ།། དེ་ལ་ལེའུ་གསུམ་པ་འདི་ནི་དོན་རྣམ་པ་བཅུ་གཞིསྔ་སྟོན་པ་ལས། དང་པཾ་སྔར་བསྟན་པའི་ཡིད་ཀྱི་ལུས་ཉིད་རྒྱས་པར་སྟོན་པ་ནི། དེ་ན་སྡེ་ཡང་ཞེས་པ་ལ་སོ། ་བའོ།། དེ་ཡང་དོན་རྣམ་པ་དྲུག་གི་སྒོ་ནས་ཤེས་པར་བྱ་སྟེ། དེ་ལ་དང་པོ་ཡིད་ཀྱི་ལུས་ཐོབ་པར་བྱེད་པའི་རྒྱུ་ནི་ཏིང་འཛིན་ཁྱད་པར་ཅན་དེ། དེ་ཡང་ས་གསུམ་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཏིང་འཛིན་དང་ཐོས་པའི་གཟུངས ་ཁྱད་པར་དུ་འཕགས་པ་ཐོབ་པར་གསུངས་པས་ཡིད་ཀྱི་ལུས་ཀྱང་དང་པོར་ཐོབ་པའི་ས་མཚམས་ནི་གནས་སྐབས་དེ་ཉིད་ནས་ཡིན་པར་ཤེས་པར་བྱའོ།། འདིའི་རང་གི་ངོ་བོ་ཡང་རྡུལ་ཕྲ་རབ་འདུས་པ་མ་ཡིན་པ་ཏིང་ངེ ་འཛིན་དང་ཡེ་ཤེས་ཀྱི་ངོ་བོར་གྱུར་པའོ།། རྣམ་པ་ནི་མཚན་གྱི་མེ་ཏོག་གིས་བརྒྱན་པར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ལྟ་བུར་ཁ་དོག་དང་དྲི་བྱིབས་ཀྱི་རྣམ་པར་སྣང་བའོ།། ངེས་པའི་ཚིག་གེམ་སྒྲ་བཤད་པའི་རྒྱུ ་མཚན་ནི་སྔར་བཤད་པ་ལྟར་ཡིད་ལྟར་མགྱོགས་ཤིང་ཐོགས་པ་མེད་པ་དང་། ཆ་ཤས་འདུས་པས་ཡིད་ཀྱི་ལུས་ཞེས་པའོ།། རྣམ་པར་དབྱེ་བ་ནི་གསུམ་དུ་འགྱུར་བ་ལས། དང་པོ་ཏིང་འཛིན་གྱི་བདེ་བ་ལ་སྙོམས་པར ་འཇུག་པའི་ཡིད་ཀྱི་ལུས་ནི་ས་གསུམ་པ་ནས་བདུན་པའི་བར་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་མ་གྱུར་པ་རྣམས་ཀྱི་རྣམ་པ་མང་པོར་སྣང་བ། རང་རང་གི་ངོ་བོས་དབེན་པར་རྟོགས་ཤིང་བསྒོམས་པས་ཀུན་གཞིའི་རྒྱུ ་མཚོ་ལ་འཇུག་པའི་རྣམ་པར་ཤེས་པའི་རླབས་ཀྱི་མཚན་ཉིད་ཟག་པ་དང་བཅས་པའི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་མི་འབྱུང་སྟེ། སྲེད་པ་ཤས་ཆེ་བ་ལ་སོགས་པའི་བསམ་གཏན་ཉོན་མོངས་པ་ཅན་སྤངས་པའོ།། ་དེས་ན་ཟག་པ་མེད་པའི་ཏིང་འཛིན་གྱི་བདེ་བ་ལྔ་རེག་པར་གནས་པ་སྟེ། རང་གི་སེམས་སྣང་བའི་སྤྱོད་ཡུལ་ཀུན་རྫོབ་སེམས་ཀྱི་དངོས་པོར་ཡོད་པ་དང་། དོན་དམ་པའི་དངོས་པོར་མེད་པ་སྟེ། ཟུང་འཇུག་གི་དོན་ཤེས་པའི་ཤེས ་རབཱ་དང་ཏིངེ་འཛིན་གྱི་ཆོ་སུ་གྱུར་པས་ཡིད་ཀྱི་ལུས་ཞེས་བྱའོ།། གླེགས་བམྦྷ་འགའ་ཞིག་ལས། བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ལུས་འབྱུང་སྟེ་ཞེས་སྟོན་པའི་སྐབས་ནི། གནས་སྐབས་དེར་རྣམ་པར་ཤེས ་པའི་གནས་མ་གྱུར་པ་དང་། དབེན་པར་རྟོགས་པའི་ཤེས་རབ་དུདྭ་ཏིངེ་འཇིག་ཐོབ་པས་དེ་འདྲ་བའི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ལུས་ཐོབ་ཅེས་པའོ།། གཞན་ཡང་འདིར་ས་གསུམ་དང་ཞེས་པ་ནི། དང ་པོ་ནས་གསུམ་པོའི་བར་སྟེ། ས་དང་པོ་ལ་ཡང་ན་མཁའ་མཛོད་ཀྱི་ཏིངེ་འཛིན་ལ་སོགས་པ་ཐོབ་པར་གསུངས་པས་གནས་སྐབས་དེ་ཉིད་ནས་ཡིད་ཀྱི་ལུས་ཐོབ་པར་འགྱུར་བ་ལས་ཡང་འགལ་བ་མེད་དེ། ཇི་སྐད་དུ་འཕ ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། མཐོང་བའི་ལམ་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་ནི། མིག་གི་ནད་ལ་སོགས་པ་འབྱུང་བར་མི་འགྱུརརོ་ཞེས་གསུངས་པའི་ཕྱིར།། དེ་ལ་ཆོས་ཀྱི་ངོ་བོ་ཉིད་རྟོགས་པའི ་ཡིད་ཀྱི་ལུས་ནི། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་སྣང་བ་མེད་པའི་ཏིང་འཛིན་ཐོབ་ནས། དེ་ལྟར་ཞི་བའི་བསམ་གཏན་ལ་སྙོམས་པར་ཞུགས་པ་ན། སངས་རྒྱས་རྣམས་ཀྱིས་དེའི་ཚོགས་གཉིས་རྫོགས་པར་བྱ་བའི་དོན ་དུ་ཏིང་འཛིན་ལས་བླངས་ནས་རྗེས་ཀྱི་ཤེས་པ་ལ་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་འདྲ་བར་རྟོགས་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རིགས་ཐོབ་ཅིང་། དེ་རྣམས་ཀྱི་རང་བཞིན ་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་། དེ་འདྲ་བའི་ལུས་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་ཞིང་། དེ་རྣམས་ལས་ཐེ་ཚོམ་གྱི་གནས་ཐམས་ཅད་པས་ཆོས་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་རྟོགས་པའོ།། དེ་སྐད་དུ་ཡང་། ས་བདུན་དག་ནི ་སེམས་ཡིན་ཏེ། སྣང་བ་མེད་པས་བརྒྱད་པའོ་ཞེས་གསུངས་པའི་ཕྱིར།། འདིར་སྒྱུ་མ་ལ་སོགས་པའི་ཆོས་ལ་སྣང་བ་མེད་པའི་རབ་ཏུ་རྣམ་པར་འབྱེད་ཞེས་པ་ནི་སྔ་མ་ལྟར་སྣང་བ་མེད་པ་ལས་ལངས་ནས་རྗེས་ཀྱི་གནས་སྐབས་ན ་སྒྱུ་མ་ལ་སོགས་པའི་ཆོས་ལ་རབ་ཏུ་རྣམ་པར་འབྱེད་པའོ།། སེམས་ཀྱི་གནས་ནི་རྣམ་པར་ཤེས་པ་རྣམས་ཀྱིས་མི་དག་པའི་སྣང་བ་གནས་གྱུར་པའོ།། ཏིངངེ་འཛིན་གྱི་སྒོ་གཞན་ནི་ཐེང་རྒལ་གྱི་ཏིང་འཛིན་ལ་སོགས་པའོ།། གཞན ་ཡང་མཚན་སུམ་ཅུ་རྩ་གཉིས་དང་། དབང་བཅུ་ལྔ་སོགས་པའི་མེ་ཏོག་གིས་རྒྱན་གྱིས་བརྒྱན་པར་བྱའོ།། དེ་ལ་རིསུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་ནི། སྣ་བརྒྱད་པ་དེ་ཉིད་ལ་བྱང་ཆུབ་སེམས་དཔའ ་ཐེག་པ་གཞན་དང་མ་འདྲེས་པ་སངས་རྒྱས་ཉིད་ཀྱི་རིསུ་ལྷན་ཅིག་སྐྱེས་པ། མཚན་མ་དོང་རྩོལ་པོ་མེད་ཅིང་ལྷུན་གྱིས་གྲུབ་པོར་སེམས་ཅན་གྱི་བྱ་བ་ལ་སོགས་པ་བྱེད་པའི་ཏིང་ངེ་འཛིན་གྱི་ཚོ་གསུ་གྱུར་པའོ།། སངས ་རྒྱས་ཀྱི་ཆོས་ཐམས་ཅད་རང་གི་རིག་པ་ནི་སྔར་བསྟན་པ་ལྟར་སངས་རྒྱས་ཀྱི་སྟོབས་ལ་སོགས་པའི་ཡོན་ཏན་གྱི་རིགས་རྣམས་ཐོབ་པའོ།། འདིར་སྣ་བརྒྱད་པ་ནས་ཐོག་པ་གཞན་དང་མ་འདྲེས་པ་ཡང་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ས་བརྒྱད་པ་ཡན་ཆད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལམ་ཉིད་དུ་གསུངས་པའི་ཕྱིརརོ།། ཚིགསུ་བཅད་པའི་དོན་ནི་བདེན་པ་གཉིས་ལ་བལྟས་ཏེ་ཤེས་པར་བྱ། ་འོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པ་སྔར་བསྟན་པའི་དགོངས་པ་ཅན་གྱི་མདོའི་དོན་གསལ་བར་འཆད་དེ། དྲི་ཡང་རྣམ་པ་བཞིར་འགྱུར་པ་ལས། དང་པོ་དོན་གཞན་ལ་དགོངས་པ་ནི་གང་དུ་བཅོམ ་ལྡན་འདས་ཀྱིས་མཚམས་མེད་པ་ལྔའི་ལས་བྱས་ན་རྣམ་པར་ཤེས་པར་གསུངས་པ་ལྟ་བུའམ། གཞན་ཡང་མཚམས་མེད་པ་ལྔའི་ལས་བྱས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱི་ཐར་པ་ལ་མི ་@སྒྲིབ་པ་ཉིད་དུ་གསུངས་པ་ལྟ་བུའོ།། དེ་ལ་དྲུག་དང་པོའི་དགོངས་གཞི་ནི་སྲེད་པ་དང་མ་རིག་པ་ལ་སོགས་པ་མ་དད་པ་ལ་སོགས་པ་དང་ཅུང་ཟད་ཆོས་མཐུན་པ་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་ཀྱིས ་བཅད་ཅིང་བསད་པར་གྱུར་པའོ།། དགོངས་པ་ནི་གང་ལ་ལ་དག་གིས་མི་དགེ་བ་རུ་གཏོགས་པའི་ཕྱི་རོལ་གྱི་མཚམས་མེད་པའི་ལས་བྱས་ཤིང་། འགྱོད་པ་ཆེན་པོས་ཡིད་ཟིལ་གྱིས་མནན་ཅིང་གཉེན་པོ་བསྒོམ་པ་ལ་བརྩོན་པར ་མི་བྱེད་པར་གནས་པ་ནས་དེ་དག་ལ་མཚམས་མེད་པའི་ལས་བྱས་ནས་ཕྱིར་ཞིང་གྲོལ་པར་འགྱུ་རོ་ཞེས་བསྟན་པས་ཐོག་མ་ཉིད་དུ་དབུགོས་འབྱིན་པ་སྟེ། མྱ་ངན་གྱི་གདུང་བ་སེལ་བའོ།། ཡང་དེ་དག་གི་དགོངས་དོན་ཐོས་པར་གྱུར་པ ་ན། ཕྱིར་ཞིང་སྐྲག་པར་འགྱུར་བའམ། དེ་ལས་གཞན་ཡང་རུང་སྟེ། སྤྲུལ་པའི་ཉན་ཐོས་འགའ་ཞིག་གི་མ་ཐུས། ཕྱི་རོལ་གྱི་མཚམས་མེད་པ་བྱོས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་དེ་དག་གིས ་སྒྲིབ་པར་མི་འགྱུར་ཞིང་། ཕྱིར་ཞིང་མངོན་པར་རྟོག་པ་ཐོབ་པར་འགྱུ་རོ།། ཞེས་སྟོན་པ་ལ་སོགས་པ་སྟེ། དེ་ཡང་ཇི་ལྟར་རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་གསལ་པོ་ལས་ཇི་ལྟར་རྒྱལྔ་པོ་ངོས་བཅོམ་ལྡན་འདས་ལ་ཕྲ་བསད ་པའི་འགྱོད་པ་གསལ་བའི་ཐབས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་འགྱོད་པ་ལ་སོགས་པ་དེ་དག་འཕགས་པ་འཇམ་དཔལ་གྱིས་ལྷག་མ་མ་ལུས་པར་སེལ་ནུས་པ་ཉིད་དུ་དགོངས་ནས། སངས་རྒྱས་ཀྱི་མཐུས ་ཚེ་དང་ལྡན་པ་ཤཱ་རིའི་བུས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲ་སོ།། རྒྱལ་པོ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་སང་བཤོས་ལ་སྤྱན་དྲོངས་ཤིག་དང་། དེར་ཁྱེད་ཀྱི་རྩོམ་དྲན་པ་དེ་ཡང་བསལ་བར་འགྱུ་རོ་ཞེས ་པ་ལ་སོགས་པ་དང་། རྒྱལ་པོ་དེས་ཀྱང་ཤཱ་རིའི་བུས་ཇི་ལྟར་བསྒོས་པ་བཞིན་དུ་སྤྱན་དྲངས་ཤིང་བཤོས་དྲངས་ནས་འཕགས་པ་འཇམ་དཔལ་བདག་གི་འགྱོད་པ་དེ་བསོལ་དུ་གསོལ་ཞེས་བྱས་པ་དང་། འཇམ་དཔལ་གྱིས ་སྨྲས་པ། ཁྱེད་ཀྱི་འགྱོད་པ་དེ་ནི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་བསོལ་བར་མི་ནུསོ་ཞེས་གསུང་སོ།། དེ་ནས་ཡང་རྒྱལ་པོ་དེ་ཤིང་བཅད་པ་བཞིན་དུ་ས་ཆེན་པོ་འདི་ལ་འགྱེལ་པོར་འགྱུར་ཏོ།། དེ་ནས་གནས་བརྟན ་འོད་སྲུངས་ཆེན་པོས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་ཏེ། རྒྱལ་པོ་ཆེན་པོ་མ་འཇིགས་མ་སྐྲག་ཅིག། འཇམ་དཔལ་གཞོན་ནུར་གྱུར་པ་ནི་དགོངས་པའི་བཤད་པ་ལ་མཁས་པ་ཡིན་གྱིས་འདྲི་ཅི་ལ་དགོངས་ཏེ་དེ་སྐད་དུ་སྟོན ་ཅེས་ཞུས་ཤིག། དེ་ནས་རྒྱལ་པོ་དེས་སའི་སྟེང་ནས་སླར་ལོངས་ཏེ། དེ་བཞིན་དུ་ཞུས་པ་དང་འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམ། ཆོས་གང་ཆོས་གང་གིས་ཀྱང་བསྐྱེད་པར་མི་འགྱུར་བའི་ཆོས་དེས་ཚེསྟེ་གང ་ཡང་གསལ་བར་ནུས་སམ་གསོལ་པ། འཇམ་དཔལ་དེ་མ་ལགསོ།། འཇམ་དཔལ་གྱིས་སྨྲས་པ། ངས་དེ་ལ་དགོངས་ཏེ་སངས་རྒྱས་དེ་སྙེད་ཀྱིས་ཁྱེད་ཀྱི་འགྱེད་པ་དེ་གསལ་བར་མི་ནུ་སོ་ཞེས་དེ་སྐད་སྨྲའོ་ཞེས་པ་ལ་སོགས ་པའི་བར་རྒྱས་པར་གསུངས་ཏེ། དོན་དམ་པའི་དེ་བཞིན་ཉིད་ལས་བསལ་བར་བྱ་རྒྱུ་ལ་སོགས་པ་མེད་པས་བསལ་མི་ནུསོ་ཞེས་ཟབ་མོ་བསྟན་པས་དེ་སྣང་བ་མེད་པའི་ཏིངངེ་འཛིན་ཐོབ་ཅིང་། གཞན ་ཡང་བསྟན་པ་འདི་བསྟན་པའི་ཚེ་རྒྱལ་པོ་མ་སྐྱེས་དགྲས་མཐུན་པའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ཞེས་པ་ལ་སོགས་པ་རྒྱས་པར་གསུངས་ཏེ། དེ་དག་གི་འགྱོད་པ་ལ་སོགས་པ་བསལ་ཏེ་མཐར་གྱིས་བསྐལ་པ་མཐོ ་ན་དགའ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་འདམ་གྱིས་རྙོག་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡུལ་རྣམ་པར་དག་པ་ཞེས་བྱ་བར་འགྱུར་ཏེ་ཞེས་པ་ལ་སིར་པཱ་གསུང ་ལྟེ་བུའོ།། ཤཱ་རོའི་བུ་ལ་སོགས་པ་ཡང་སྤྲུལ་པའི་ཉན་ཐོས་སྦྱར་བསྟི་ནོ།། དེ་ལྔ་འདིར་ཆག་གཱི་དོན་བཤད་པ་ལ། དགའ་བའི་འདོད་ཆགས་དང་ལྡན་པ་ནི་དགའ་བ་ལ་མངོན་པར་ཞོན་པའམ། དེ་དང་ལྷན་ཅིག་པའི་འདིད ་ཚཆགས་ཏེ། དེ་དང་འབྲེལ་བའི་སེམས་རྒྱུད་ཡང་སྲིད་པ་མངོན་པར་འགྲུབ་པའི་རྒྱུར་གྱུར་པའི་སྲེད་པ་སྟེ། འདོད་ཆགས་ཉིད་དང་སྦྱར་བར་བྱའོ།། དེ་ཡང་བུ་ལ་རྗེ་སུ་ཆགས་པར་གྱུར་པའི་མ་དང་ཆོས་མཐུན་པས་མ་ཞེས་བྱའོ།། ་དྲི་ལྟར་ཕྲ་ནི་བུ་རྣམས་ལ་ཁ་ཟས་དང་གྲོང་ཁྱེར་བསྐྱེད་ཅིང་གཏོང་པར་བྱེང་བ་ལྷུར་མ་རིག་པས་ཀྱང་ཟག་པ་དང་བཅས་པའི་ལས་མངོན་པོར་འདུ་བྱས་པའི་སྒོ་ནུས་སྐྱེ་མཆེད་ཀྱི་གྲོང་བསྐྱེད་ཅིང་གཏོང་པར་བྱེད་པས་ཕ་ཅྡོཾས ་པའོ།། དེ་གཉིས་ཤིན་ཏུ་རྩ་བ་ནས་བཅད་པ་ནི་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་ཀྱི་རལ་གྲི་སོ།། སྒྲིབ་པ་གཉིས་ཀྱི་བག་ལ་ཉལ་བ་ནི་སྐབསུ་བབ་པ་ན་སྡུག་བསྔལ་སྐྱེད་པར་བྱེད་པས་དགྲ་དང་མཚུངས་པ་སྟེ། དབྱེ་གཞན་ཡང ་སྐྱེས་བུའི་ལུས་ལ་བྱི་བའི་དུག་ཞུགས་པ་ན། དེ་མ་ཐག་ཏུ་སྡུག་བསྔལ་སྐྱེད་པར་བྱེད་པ་མ་ཡིན་ཀྱང་། དུས་ཕྱིས་འབྱུང་བ་ཆེན་པོའི་རྐྱེན་གཞན་དང་ཚོགས་པ་ན་སྡུག་བསྔལ་སྐྱོད་པར་བྱེད་པ་བཞིན་དུ་ལས་དང་ཉོན་མོངས ་པོའི་བག་ཆགས་རྣམས་ཀྱང་སྟེ། ཇི་སྐད་དུ། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། བསྐོལ་པ་བརྒྱར་ཡང་ཚུད་མི་ཟེ་ཞེས་པ་ལ་སོགས་པོ་གསུངས་པ་ལྟ་བུའོ།། དེ་དག་བཅོམ་པ་ནི་སྔ་མ་ལྟོའོ།། དགེ་འདུན་གྱི་དབྱེན་ནི་ཕུང་པོ ་ཕན་ཚུན་མཚན་ཉིད་མི་མཐུན་པའི་ལས་དང་སྲིད་པའི་སྲང་བུས་བསྟིས་ཤིང་ཚོགས་ཉིད་དུ་བྱས་པ་སྟེ། ཇི་ལྟར་ཚོགས་གྱུར་པའི་མཆོག་དགེ་འདུན་ཞེས་བསྟན་པ་ལྟ་བུའོ།། དེ་རྣམ་པར་ཕྱེ་ཞིང་དེངས་པར་བྱས་པ་ནི་ཡང ་དགུ་པོའི་ཤེས་རབ་ཀྱིསོ།། དེ་བཞིན་གཤེགས་པ་ནི་ཕུང་པོ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ཤེས་པའམ། དེ་རྣམས་རང་གི་སེམས་སྣང་བ་ཙམ་དུ་ཤེས་པར་བྱེད་པ་དང་ཐ་མལ་པོའི་ཤེས་པ་གཟུགས་ལ་སྙིགས ་པའི་ངོ་བོ་ཙམ་འཛིན་པ། རྣམ་པར་ཤེས་པ་བརྒྱད་ཀྱི་ཚོགས་ཏེ། ཤེས་བྱའི་ཡུལ་རིགས་པས་དེ་བཞིན་གཤེགས་པ་དང་རྗེསུ་མཐུན་པའོ།། དེ་རྣམས་རྣམ་པར་ཐར་པའི་སྒོ་གསུམ་རྟོགས་པ། ཟག་པ་མེད་པའི་ཏིང་ངེ་འཛིན ་དང་ཤེས་རབ་ཀྱི་གནོད་སེམས་ཀྱིས་བཅོམ་ཞིང་ཕྱུང་བའོ།། མངོན་པར་རྟོགས་པའི་ཆོས་ཅན་ནི་བདེན་པ་མངོན་པར་རྟོགས་པ་སྟེ་རྣམ་པར་གྲོལ་བའོ།། དེ་ལྟར་ཆོས་མཐུན་པ་ལ་དགོངས་ཏེ་ཚིག་དེ ་སྐད་དུ་གསུངས་པའི་དགོས་པ་ནི་སྔར་བསྟན་པ་ལྟའོ།། དེ་ལྟར་དགོང་སཱ་དོན་ཐོས་པ་ཉིད་ཀྱིས་ལ་ལ་དག་ཕྱིར་ཞིང་སྐྲག་པར་འགྱུར་བ་ལ་སོགས་པཱ་དང་། མི་དགེ་བར་གཏོགས་པ་ཕྱི་རོལ་གྱི་ངོ་བོར་གྱུར་པའི་མཚམས་མེད ་པ་གང་ཡིན་ཞེས་ཐེ་ཚོམ་ལ་སྟེགས་པས་སྨོས་པར་གྱུར་པ་ན་དེ་ཉིད་བསལ་བའི་ཕྱིར་གཞན་ཡང་ཞེས་པ་ལ་སོགས་པ་གསུངས།། སྤྲུལ་པའི་བྱིན་གྱིས་བརླབས་ཀྱིས་མངོན་པར་རྟོགས་པ་ནི་མ་རྟོགསོ་ཞེས་པ་ལ། དོན ་ནི་སྤྲུལ་པའི་ཉན་ཐོས་ཀྱི་བྱིན་གྱི་བརླབས་ཀྱིས་གང་ལ་ལས་ཕྱི་རོལ་གྱི་མཚམས་མེད་པ་རྣམས་བྱས་ཀྱང་མངོན་པར་རྟོགས་པར་འགྱུར་བའོ།། དེ་ཉིད་བསལ་བར་བསྟན་པ་ནི། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྟེ།། ་དེའི་བྱིན་གྱིས་བརླབས་ཀྱིས་ཚུལ་ཇི་ལྟར་མངོན་པར་རྟོགས་པོར་འགྱུར་སྙམ་ན། ཉན་ཐོས་དེ་ཉིད་གང་ཟག་གང་ལ་ལ་མཚམས་མེད་པ་བྱས་པ་འགྱོད་པས་ཡིད་ཟིལ་གྱིས་མནན་པ་རྣམས་ཀྱི་ཐང་དུ་སོང་སྟེ། དེའི་འགྱོད ་པཔ་གསལ་ཞིང་སླར་རབ་ཏུ་སྤྲོ་བོར་བྱེད་པར་འགྱུར་སྙམ་ནས། དེ་ལ་འདི་སྐད་དུ། བྱང་ཆུབ་སེམས་དཔའི་བྱིན་བརླབས་སམ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཁྱོད་ཀྱི་སྡིག་པ་འདི་དག་ལོ་གྲེལ་ཞིང་མྱུར་དུ ་བར་བར་འགྱུར་བས་དེ་དག་གི་ཐད་དུ་སོང་ཞིང་ཚེགས་སོགས་ལ་ཐབས་ཞུས་ཤིག་ཅེས་རབ་ཏུ་བསྟན་པསོ།། བློ་གྲོས་ཆེན་པོ་མཚམས་མེད་པ་ལ་སོགས་པས་དེ་འདྲ་བའི་ཚིགས་ཀྱང་དེ་ལྟར་བདེན་པའི་དོན་ཅན་མ་ཡིན ་ཏེ། འགའ་ཞིག་དེ་ལྟར་འགྱུར་བ་སྲིད་པ་ཙམ་ལ་དགོངས་པའོ།། གལ་ཏེ་བརྒྱ་ལམ་ན་ཞེས་པ་ནི་སྤྲུལ་པའི་ཉན་ཐོས་ཀྱི་བསྟན་པའམ། དེ་ལས་གཞན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དགེ ་བླའི་བཤེས་གཉེན་དང་སྲིད་པ་ལས་ཆོས་ཐམས་ཅད་དབེན་པར་རྟོག་པ་ནི་ཉེས་པ་ལས་གྲོལ་བར་འགྱུར་བའོ།། མཚམས་མེད་པར་ནི་མཚམས་བཅད་པ་ཞེས་པ་ན་འཇམ་དཔལ་མཚམས་མེད་པ་ཞེས་བགྱི་བ་ནི་ཆོས ་ཀྱི་དབྱིངསུ་མཚམས་མ་མཆིས་པའི་ཚིག་བླ་དྭགསེ་ཞེས་པ་ལ་སོགས་པ་གསུང་སོ།། གཞན་ཡང་གཉེན་པོ་ཡེ་ཤེས་ཀྱི་རྒྱུན་རྒྱུད་ལ་ཕྱིན་ཅི་ལོག་གི་བར་མཚམས་མེད་པ་དེ་འདྲ་བའི་བར་མཚམས་བཅད་པས་དེ་ནི་མཚམ ་མེད་པའི་ལས་ཞེས་བྱ་སྟེ། ཐུན་མོང་གི་ངེས་པའི་ཚིགོ།། ། ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྔར་བཤད་པ་ལྟར་ཐིག་པ་གཅིག་པ་འབའ་ཞིག་དུ་བསྟན་པ་ནི་དགོངས་པ་ཅན་ཉིད་དུ་སྟེན་ཏེ། དེའི་དགོངས་པ་ཅན།། ་ཡང་ཉན་ཐོས་དང་རད་སངས་རྒྱས་རྣམས་ཀྱང་མཐར་གྱིས་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་ལ་སོགས་པའི་ཡོན་ཏན་ཐོབ་པ་ནས་སངས་རྒྱས་ཉིད་དུ་འགྱུར་བས་མཐར་ཐུག་གི་ཐེག་པ་ཆེན་པོ་གཅིག་ཉིད ་འགྱུར་བའོ།། སངས་རྒྱས་པ་ཉིད་ཅེས་པ་ནི་སངས་རྒྱས་པའི་ཚུལ་ལུག་སོ།། ཤི་འཕོས་གཉིས་ནི་རྣམ་པར་འཆད་པ་ལས་ཀྱི་ཤྲཱི་འཕོ་བ་དང་། བསམ་གྱིས་མི་ཁྱབ་པ་ཡོངསུ་བསྒྱུར་བའི་འཆི་འཕོ་བ ་འོ།། དེ་ལ་དང་པོ་ཉིད་སངས་རྒྱས་ཉིད་ཐོབ་པའི་ཡན་ལག་དུ་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་ལྷག་མ་འགའ་ཞིག་གིས་འཆི་འཕོ་བ་ན། གང་སེམས་ཅན་གྱི་དོན་དུ་འགྱུར་བའི་གནས ་དེ་ཉིད་དུ་སྐྱེ་བར་སྨོན་ལམ་བཏབ་ནས། སེམས་ཅན་གྱི་དོན་བྱས་པས། ཚིགས་རྫོགས་པར་བྱས་ཏེ་སངས་རྒྱས་ཐོབ་པར་འགྱུར་བ་ལྟར། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་།། བསམ་གྱིས་མི་ཁྱབ་པ་ཡོངསུ་བསྒྱུར་བ་ནི་སྐྱེ་བ ་དང་འཚོ་བ་ལ་དབང་ཐོབ་པའི་སྒོ་ནས་སྔ་མ་ལྟར་སེམས་ཅན་གྱི་དོན་བྱེད་པའོ།། ཉོན་མོངས་པ་གཉིས་ན་བག་ལ་ཉལ་དང་ཀུན་ནས་ལྡང་བའོ།། ཆོས་དེ་དག་ཉིད་ཁོང་དུ་ཆུད་པས་ཞེས་པ་ལ་སོགས་པའི་དོན་ནི་ཉན་ཐོས་དང ་རང་སངས་རྒྱས་རྣམས་ཀྱིས་ཀྱང་རིམ་གྱིས་ཆེས་དེ་དག་ཁོང་དུ་ཆུད་པ་དང་། ཐོབ་པ་དང་། སྤངས་པའི་ཕྱིར་སངས་རྒྱས་པ་ཉིད་དེ་དེ་སྐད་དུ་དཔལ་ཕྲེང་སེངྒེའི་ང་རོའི་མདོ་ལས། ཉན་ཐོསུ་འགྱུར་ཞིང་རང་སངས་རྒྱསུ་ཡང་འགྱུར་ལ། ་ཕྱིས་ནི་ཡང་དག་པར་རྫོགས་པའི་སངས་རྒྱསུ་ཡང་འགྱུརརོ་ཞེས་གསུངས་པ་ལྟ་བུའོ།། འདིའི་དོན་ཞིབ་ཏུ་ནི་སྔར་བསྟ་ནོ།། དེ་ལྟར་དོན་གཞན་ལ་དགོངས་པ་ཉིད་བསྟན་ནས་མཉམ་པ་ཉིད་ལ་དགོངས་པ་ནི། དེ་ནས་ཡང་ཞེས་པ་ལ ་སོགས་པ་གསུངས་ཏེ། སྔར་དྲིས་པའི་སྐབསུ། འོད་སྲུངས་ལེག་པར་དང་སེལ་དང་ཞེས་པ་ལ་སོགས་པ་བསྟན་པ་དང་སྦྱར་བར་བྱའོ།། གསུང་གི་རྣམ་པར་རྟོག་པ་ནི་གདུལ་བ་རྣམས་ལ་དེ་ལྟར་སྣང་ཞིང་བརྟགས་པ་ནཱི་ནོ། པཱི་བློ་ཉིད་ཀྱི་བདག་ཉིད ་གྱུར་པའོ།། རྣམ་པ་དྲུག་ཅུ་རྩ་བཞི་ནི། གསང་བའི་བདག་པོས་བསྟན་པ་ལས་གསུངས་ཏེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་རྩ་བཞི་དང་ལྡན་པ་འབྱུང་སྟེ། རྣམ་པ་དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། ་མཉེན་པའི་གསུང་འབྱུང་བ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་། འོད་གསལ་བ་དང་། སྙན་ཅིང་འཇོབས་པ་དང་མཉམ་པར་འོས་པ་དང་། མི་མཚུགས་པ་དང་། སྙན་པ་དང ་དུལ་བ་དང་། མི་རྩུབ་པ་དང་། མི་བསླང་བ་དང་། རབ་ཏུ་དུལ་བ་དང་། རྣམ་པར་སྙན་པ་དང་། ལུས་སིམ་པར་བྱེད་པ་དང་། སེམས་ཚིམ་པར་བྱེད་པ་དང་། སྙིང་དགའ་བར་བྱེད་པ་དང་། དགའ་བདེ་བསྐྱེད་པ་དང་། ཡོངསུ་གདུང་བ་མེད་པ་དང ་ཀུན་ཤེས་པར་བྱེ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་བསལ་བར་བྱ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་དང་། ཀུན་འགས་པར་བང་པ་དང་། རྣམ་པར་རིག་པར་བང་པ་དང་། རིགས་པ་དང་། འབྲལ ་པ་དང་། ཟློས་པའོ་སྐྱོན་མེད་པ་དང་། སངྒེའི་སྒྲའི་ཤུགས་ཅན་དང་། གླང་པོ་ཆེའི་སྒྲ་སྐད་དང་། འདྲུག་གོ་སྒྲ་དབྱངས་དང་། ཀླུའི་དབང་པོའི་སྒོ་དང་། དྲི་ཟའི་གླུ་དབྱངས་དང་། བཱ་ཀ་ལ་པིངྒའི་སྒྲ་དབྱངས་དང་། ཚངས་པའི་སྒྲ་དབྱངས་བསྒྱུར ་པ་དང་། ཤང་ཤང་ཏེའུའི་སྒྲ་དབྱངསུ་བསྒྲགས་པ་དང་། ལྷའི་དབང་པོའི་དབྱངས་ལྟར་སྙན་པ་དང་། རྔའི་སྒྲ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲ་ཐམས་ཅད་ཀྱི་རྗེ་སུ་ཞུགས་པ་དང་། ཚིག ་ཟུར་ཆག་མེད་པ་དང་། མ་ཚང་བ་མེད་པ་དང་། མ་ཞུགས་པ་དང་། མི་ཞེན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཆུབ་པ་དང་། རྒྱུན་ཆགས་པ་དང་། འབྲེལ་པ་དང་། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད ་ཚིམ་པ་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་བརྟགས་པ་དང་། འཁོར་ཀུན་ཏུ་གྲགས་པ་དང་། འདོད་ཆགས་ཞི་བར་བྱེད་པ་དང་། ཞེ་སྡང་འདུལ་བ་དང་། གཏི་མུག་སེལ་བ་དང་། བདུད་ཚོར་གཅོད་པ་དང་། རྣམ་པ་ཛ། ་ཀྱི་མཆོགོ་དང་ལྡན་པར་འབྱུང་བ་སྟེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ན་ཡན་ལག་དྲུག་ཅུ་རྩ་གཞི་པོ་དེ་དག་དང་ལྡན་པར་འབྱུང་ངོ་ཞེས་གསུངས་པ་དང་སྦྱརརོ།། ཀ་ལ་བིངྒ་ནི་རྒྱ་མཚོ་ཆེན་པོའི་གླིང་ལ་གནས་པའི ་བྱའི་ཁྱད་པར།། འདིར་གསུང་མཚུངས་པ་ཡང་འདུལ་བའི་དབང་གིས་དེ་བཞིན་གཤེགས་པ་རྣམས་གསུང་སྣ་ཚོགསུ་སྟེན་པ་ནི་མ་གཏོགསོ་ཞེས་འདིར་ཡང་སྦྱར་ཏེ། འོན་ཀྱང་འདུལ་བའི་དབང་གིས་སྐུ་དང་གསུང་སྣ་ཚོགས ་སྟོན་པ་ཡང་སངས་རྒྱས་གཅིག་གིས་སྟོན་པ་བཞིན་དུ་གཞན་གྱིས་ཀྱང་སྟོན་པར་སྤོང་བས་མཚུངས་པ་ཉིད་ཅེས་བྱའོ།། འདིར་དེ་ལྟར་བསྟན་པའི་དགོས་པ་ནི་དབང་པོ་དམན་པ་གང་དག་སངས་རྒྱས་ཤཱཀྱ་ཐུབ་པ་ནི་སྙིགས ་མ་ལྔའི་དུསུ་འཁྲུངས་པ། སངས་རྒྱས་གཞན་རྣམས་ལས་སྐུ་ཚེ་ཐུང་ཞིང་བསོད་ནམས་དམནྡ་པའོ་སྙམ་དུ་དོགས་པ་སེལ་བའོ།། ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དོན་གཞན་ལ་དགོངས་པ་སྟེ། ཡི་གེ་མེད་པར་ཇི་ལྟར ་གསུངས་ཞེས་པའི་ལན་དུ་ཡང་སྦྱར་བར་བྱའོ།། འདིའི་དོན་ནི་གསུང་རབ་ཀྱི་མཆོག་འགའ་ཞིག་ལས། དེ་བཞིན་གཤེགས་པས་ཚིག་དང་གང་གི་རྣམ་པར་རིགས་བྱེད་ཀྱི་སྒོ་ནས་ཞལ་དང་ལྗགས་ཀྱི་དབང་པོས་ཆོས་བསྟན་པ ་མེད་པ་སྟེ། དེ་འདྲ་བ་ནི་ངག་ཀུན་ནོས་སློང་པོའི་རྣམ་པར་རྟོགས་པ་ལ་ལྟོས་ཤིང་། དེ་བཞིན་གཤེགས་པ་ལ་ནི་རྣམ་པར་རྟོགས་པ་མི་མངའ་བའི་ཕྱིརོ།། ཞེས་པ་ལོ་སོགས་པ་གསུངས་པ་འདིར་ཡན་ལག་དྲུག་ཅུ་རྩ་བཞི ་པར་གསུངས་པ་དང་འགལ་བར་མི་འགྱུར་རམ། དེའི་ཕྱིར་དེ་རྣམས་གང་ལ་དགོངས་ཏེ་གསུངས་པ་ཡིན་ཞེས་དྲིས་པའི་ལན་དུ་རྣམ་པ་གཉིས་ལ་དགོངས་ཏེ་གསུངས་པའོ།། དེ་ལ་དང་པོའི་དོན་ནི་དེ་བཞིན་གཤེགས་པ་དེ ་དག་གིས་ཐུགསུ་ཆུད་པར་སོ་སེ་རང་རིག་པའི་ཡེ་ཤེས་ཀྱི་ཆ་ནི། སྔར་བསྟན་པ་ལྟར་སྒྲ་རྣམ་པར་རྟོག་པའི་ཡུལ་མ་ཡིན་པས། དེ་ལ་དགོངས་ཏེ་སྒྲའི་སྒོ་ནས་ཆོས་བསྟན་པ་མེད་ཅེས་པའོ།། གཉིས་པའི་དེ་ན་ནི་ཡང་སངས ་རྒྱས་རྣམས་ཀྱིས་ཐུགས་ཆུད་པའི་ཆོས་རྣམས་ཀྱི་སྔོན་གྱི་ལུགས་ཀྱི་ཆོས་ཉིད་ནི། སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཤིན་ཏུ་ཡང་སྒྲའི་ཡུལ་མ་ཡིན་པའི་ཕྱིར།། སྒྲའི་སྒོ་ནས་བསྟན་པ་མེད་ཅེས་པའོ།། འདིར་ངེས་པའི་དོན ་སྤྲུལ་པའི་སྐུའི་སངས་རྒྱས་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྣང་བ་དང་། གསུང་ཆོས་འཆད་པར་སྣང་བ་ནི་གདུལ་བྱ་འབའ་ཞིག་གི་སྣང་བ་ཡིན་གྱི་སངས་རྒྱས་ཀྱི་རང་བཞིན་ལ་མེད་པས། དེ་འདྲ་བའི ་ཆོས་སྟེན་པའི་སྒྲར་སྣང་བ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ལ། ཆོས་ཀྱི་སྐུ་ཡང་དེ་འདྲ་བའི་སྤྲོས་པ་དང་བྲལ་བས་སྒྲའི་སྒོ་ནས་ཆོས་སྔོན་པོ་མེད་དོ།། འོན་ཀྱང་འདིར་ལོངས་སྤྱོད་རྫོགས་པའི་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྣང ་དང་། གསུང་ཆེས་སྟོན་པར་སྣང་བ་ནི་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ལ་ཡོད་ཅིང་། དེ་ཡང་ཡེ་ཤེས་དེ་ཉིད་ཀྱི་བདག་ཉིད་ཡིན་པས་གསུང་དབྱངས་ཡན་ལག་དྲུག་ཅུ་པ་ལ་སོགས་པས་བསྟན་པ་ནི་ཀུན་རྫོབ་ཏུ་ཡོད་དེ། དེའི་ཕྱིར་མེད་པ ་བསྟན་པ་ནི་སྔ་མ་ལྟར་དགོངས་པ་ཅན་ཡིན་ཞེས་པའོ།། གཞན་ཡང་ཆོས་ཀྱི་སྐུ་དང་སྤྲུལ་པའི་སྐུ་ལ་སྔར་བསྟན་པ་ལྟར་བཤད་པ་མི་འཐོད་པས་དེ་ལ་དགོངས་ནས་ཡི་གེ་གཅིག་ཀྱང་མ་བཤད་ཅེས་པ་ལ་སོགས་པ་གསུངས།། ་དེ་ལྟར་བསྟན་པའི་དགེངས་པ་ཡང་བྱིས་པའི་སྐྱེ་བོ་གང་དག་སངས་རྒྱས་རྣམས་ཀྱི་གསུང་ཕན་ཚུན་འགལ་བ་འམ། གཅིག་ལ་ཟབ་མེ་བསྟན་པ་ནི་དེད་ཅག་ལ་མ་བསྟན་པས་ཐུགས་རྗེ་ཆེན་པོ་ཉི་ཆེ་བར་འགྱུར་རམ་སྙམ་ལ་སོན ་པའི་དོགས་པ་སེལ་བའོ།། དེ་ཉིད་ཡུལ་ལས་རྣམ་པར་གྲོལ་བ་ནི་རང་གི་མཚན་ཉིད་བརྗོད་པ་བརྗོད་བྱེད་ཀྱི་ཡུལ་ལས་འདས་པའོ།། ལྷག་ཚད་མེད་པར་ཁོང་དུ་ཆུད་ཅེས་པ་ནི་སངས་རྒྱས་སྔ་མ་རྣམས་ཀྱི་རྟག་པ་བཞིན་དུ་སྟེ། དེ་འདྲ་བའི ་དགྲའི་ཡུལ་མ་ཡོན་སྔོན་གྱི་ལུགས་ཀྱི་ཆོས་ཉིད་མི་འགྱུར་ཞིང་དེ་རྟོགས་ཤིང་གོམས་པ་ལས། ཡོན་ཏན་ཐམས་ཅད་འབྱུང་བ་ནི་རིན་པོ་ཆེའི་འབྱུང་ཁུངས་སམ། གྲོང་ཁྱེར་སྙིང་པོའི་ལམ་དང་མཚུངས་པའོ།། དེའི་ཆོས་ཉིད་དང ་ཆོས་ཀྱི་གནས་ཉིད་ནི་ཆོས་རྣམས་ཀྱི་སྟོང་པ་ཉིད་དང་། དེ་ཉིད་རྟོགས་ཤིང་གོམས་པས་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་གྱུར་པའོ།། གང་ལ་ཡོངསུ་མྱ་ངན་ལས་འདས་ཞེས་པ་ནི་སྤྲུལ་པའི་སྐུ་ཚེའི་དུས་བྱས་ནས་མྱ་ངན ་ལས་འདའ་བར་བསྟན་པའོ།། སངས་རྒྱས་ཀྱི་རང་བཞིན་ལ་ནི་དེ་འདྲ་བ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་མྱ་ངན་ཡོངས་མི་འདའ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིརོ།། སོ་སོ་རང་རིག་ཆེས་ལུགས་རྣམས་ཞེས་བྱ ་བཱ་ནི་སོ་སེ་རང་གི་རིག་པ་དང་། སྔོན་གྱི་ཆོས་ཉིད་ཀྱི་ཆོས་ལུགསོ།། ཅུང་ཟད་བྱེ་བྲག་བྱས་པ་མེད་ཅེས་པ་ནི་ཆོས་ཉིད་ལ་ཁྱད་པར་ཐ་དད་པ་མ་བྱས་པ་མེད་པའོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སྩོགས་པས ་ནི་མཐའ་གཉིས་རྣམ་པར་བཀག་པ་ཉིད་ཚུལ་གཞན་གྱི་སྒོ་ནས་རྒྱས་པར་སྟོན་པའོ།། ཡོད་པ་དང་མེད་པ་ལ་གནས་ཞེས་པ་ནི་དེ་དག་གི་མཚན་མར་འཛིན་ཅིང་བློའི་མདུན་དུ་བྱེད་པའོ།། སྐྱེ་བ་དང་མི་སྐྱེ་བ་ལ་མོས་པ་ཡང ་དེ་དག་ཉིད་དང་གེ་རིམ་བཞིན་དུ་སྦྱར།། ཡོད་པ་སྐྱེ་བ་སྟེ་སྟེ། མེད་པ་མ་ཡིནོ་ཞེས་པ་ནི་གྲངས་ཅན་པ་རྣམས་ཀྱི་འདོད་པ་ལྟར་ཐོག་མ་ནས་ཡོད་པའམ། ཡང་འགའ་ཞིག་གི་ལུགས་ཀྱིས་འབྲོས་བུའི་དུས་ན་ཡོད་པ་ཐོག་མ་ཉིད ་དུ་སྐྱེ་ཞིང་དེ་ཉིད་ཀྱི་རིགས་མཐུན་པ་རྒྱུན་ཆགསུ་འཇུག་པས་སྐྱེ་བ་སྐྱེ་ཞེས་ཚིག་གཉིས་སྐྱེས་པའོ།། བློ་གྲོས་ཆེན་པོ་དེ་དེ་སྐད་དུ་རྒྱུ་དང་འབྲས་བུའི་དངོས་པོ་དག་དོན་དམ་པར་ཡོད་པར་སྨྲ ་ན། ཕྱིར་ཞིང་རྒྱུ་དང་འབྲས་བུའི་དངོས་པོ་བཀག་པ་ཡིན་ཏེ། དེ་ན་དམ་པའི་དངོས་པོར་ཡོད་པ་ལ་སྔར་བསྟོན་པའི་ཚད་མའི་གནོད་པ་འཇུག་པ་དང་། སྐྱེ་བ་སྒྱུ་མ་ལྟ་བུ་ཁས་མི་ལེན་པའི་ཕྱིའོ།། དེས་ན་རྒྱུ་དང་རྐྱེན་རྣམས་ཀྱང་མེད ་ཅིང་རབ་ཏུ་གྲོགས་པའི་འཇིག་རྟེན་གྱི་ངོ་བོ་ཡང་རྒྱུ་མེད་པ་ལས་ཡོད་པར་སྨྲ་བར་ཉིད་དུ་འགྱུར་ཏེ། དེ་འདྲ་བ་ནི་མི་འཐ་འོ།། མེད་པ་ལ་གནས་པ་ནི་ཉིན་གྱིས་དང་རང་སངས་རྒྱས་གང་རིག་སྔར་གཉེན་པོ་མ་སྐྱེས་པའི་དུས ་ན། འདོད་ཆགས་ལ་སོགས་པའི་སྡང་བྱ་དོན་དམ་པའི་དངོས་པོ་ཡོད་པ་ཉིད་དུ་ཁྱས་བླངས་ནས། ཕྱིས་གཉེན་པ་སྐྱེས་པའི་དུས་ན་དེ་རྣམས་མེད་པ་ཉིད་དུ་རྣམ་པར་རྟོག་པ་སྟེ། འདི་ཡང་མི་འཐད་པ་ཉིད་ཅིའི་ཕྱིར་ཞེ་ན། བློ ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། དབུ་མ་པ་གང་དག་ཀུན་ནས་ཉོན་མོངས་པ་དང་རྣམ་པོར་བྱང་བའི་དངོས་པོ་རྣམས། དངོས་པོར་སྣང་བ་ཉིད་ཀྱིས་དུས་ན་རང་རང་གི་མཚན་ཉིད་དོན་དམ་པ་པས་སྟོང་པས་དོན་དམ ་པའི་དངོས་པོ་ཡོད་པར་ཁས་མི་ལེན་པ་དང་། སྔར་བདེན་པའི་དངོས་པོར་ཡོད་པ་ཕྱིས་གཉེན་པོས་དེ་རྣམས་སྤངས་ནས་དབེན་པའི་ཕྱིར་དེ་དག་ཡོད་པར་ཁས་མི་ལེན་པ་དེ་ལྟ་ན་སྔར་ནི་ཡིད་ལ་ཕྱིས་མེད་ཅེས་སྨྲས་པ། སྔར་བསྟན་པ ་ལྟར་དབུ་མ་པ་རང་བཞིན་གྱིས་བདེན་པར་སྨྲ་བ་འདི་གཉིས་ལས། དངོས་པོ་འཇིག་པར་བྱེད་པའི་ལྟ་བ་གང་ཡིན་ཞེས་བརྟག་པར་བྱའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པའི་དོན་ནི་གོ་བར་ཟདདོ།། མེད་པ་འབའ་ཞིག་རྣམ་པར་བྱེད། ་པ་མ་ཡིན་ཞེས་པ་ནི་སྔར་གྱི་སང་བྱའོ་དངོས་པོ་ཕྱིས་མེད་ཅེས་པའི་དགག་བྱའི་དོན་སྔར་ཡོད་པ་འབའ་ཞིག་རྣམ་པར་འཇིག་པར་བྱེད་པ་མ་ཡིན་ཏེ། འོན་ཀྱང་བྱང་ཆུབ་རྣམ་པ་གསུམ་ཡང་འཇིག་པར་བྱེད་པ་སྟེ། ཕྱིན་ཅི་ལོག ་གི་ལྟ་བར་གྱུར་པའི་ཕྱིར།། དེའི་དོན་ཡང་ཉོན་མོངས་པ་རྣམས་དོན་དམ་པར་གཅིག་དྲུང་དུ་མ་དང་བྲལ་ཞིང་། ལུས་ཀྱི་ནང་དོང་ཕྱི་རོལ་དུ་བཙལ་ན་མ་རྙེད་པའི་ཕྱིར་དོན་དམ་པའི་དངོས་པོ་མེད་ཅིང་། དེ་ཉིད་ཀྱི་ཕྱིར་དེ ་སྟེན་དུ་སོང་བའི་དངོས་པོ་མྱེད་པ་ཡང་མི་བདེན་པས་དེ་ལྟར་འཛིན་པ་ནི་ལོག་པར་ལྟ་བའོ།། དེ་སྐད་དུ་ཡང་། ཉོན་མོངས་པ་རྣམས་ནི་སེམས་ཀྱི་ཆོས་ཡིན་ལ་དེ་ཡང་། ཡང་དག་ཏུ་ན་རྣམ་པར་ཤེས། ལུས་ཀྱི་ནང་ནིའང ་ཡིད་མ་ཡིན་ཞེས་པ་ལ་སོགས་པ་སྔར་བསྟནོ།། གཞན་ཡང་འདོད་ཆགས་ལ་སོགས་པ་རྣམ་པ་དང་བཅས་པའི་ལུས་རི་སུ་ཡོངསུ་བཅད་པ་མེད་པའི་ཕྱིར་ནང་དང་ཕྱི་རོལ་ཏུ་མི་དམིགས་པའོ།། བློ་གྲོས་ཆེན་པོ་ཞེས ་ལ་སོགས་པས་སྐབས་ཀྱི་དོན་བསྡུ་བའོ།། བཅིང་བར་བྱ་བ་དང་ཞེས་པ་ལ་སོགས་པས་དེ་ཉིད་རྣམ་གྲངས་གཞན་གྱི་སྒོ་ནས་སྔོན་པོ་སྟེ། དོན་དམ་པར་དོ་འདྲ་བའི་ཉོན་མོངས་པས་བཅིངས་པར་བྱ་བའི་སེམས་ཅན་གྱི ་རྒྱུད་དང་། བཅིང་བའི་རྒྱུ་མེད་པའི་ཕྱིར་བཅིངས་པ་མེད་པས་དེ་མངོན་དུ་སོང་བའི་གྲོལ་བ་ཡང་མེད་དེ། དེས་ན་རང་བཞིན་གྱིས་རྣམ་པར་གྲོལ་ཞིང་མྱ་ངན་ལས་འདས་པའོ།། དེའི་ཕྱིར་བཅིངས་པ་དང་གྲེལ་བའི ་དངོས་པོར་སྨྲ་བ་ཡང་བྱང་ཆུབ་གསུམ་འཇིག་པར་བྱེད་པའོ།། དེ་ལྟར་ན་ཡོད་པ་དང་མེད་པའི་ཕྱོགས་ལ་གནས་པ་གཉིས་ཀ་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་པོས་བསྡུས་པའི་བདེན་པ་རྣམ་པར་འཇིག་པར་བྱེད་པ་ཡིན་ཏེ། ་དོན་འདི་ཉིད་སྔར་ཀྱང་བསྟན་པ་ཡིན་ཏེ། བློ་གྲོས་རྐྱེན་པོ་ངས་དེ་ལ་དགོངས་ནས་ཞེས་པ་ལ་སོགས་པའི་དོན་ནི་འཕགས་པ་དཀོན་མཆོག་བརྩེགས་པ་ལས། གང་ཐོག་དུ་ལྟ་བའི་རབ་ཙམ་ཡང་བླའི་ཡོད་པ་དང་མེད་པ་ཉིད་དུ་མངོན ་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིནོ་ཞེས་བཤད་པ་སྟེ། ཇི་ལྟར་གང་ཟག་གི་བདག་ཏུ་ལྟ་བ་ཆེན་པོ་ནི་དེའི་ཡུལ་རགས་པ་རྟོགས་པར་སླ་བ་ཉིད་ཀྱི་མྱུར་དུ་དེ་ལས་བཟློག་པར་ནུས་པས་ཐར་པའི་གེགས་ཆེན་པོ་མ ་ཡིན་ལྟ། འདི་འདྲ་བའི་སྟེང་པ་ཉིད་དུ་འཛིན་པ་ནི་ཕྱིན་ཅི་ལོག་ཞིང་དེ་ཡང་ལྡོག་པར་དཀའ་བ་ཉིད་ཀྱིས་ཐར་པའི་གགས་ཆེན་པོར་འགྱུར་བའོ།། སྟོན་པའི་ང་རྒྱལ་ཅན་ནི་ཡང་དག་པའི་ལྟ་བ་ཐོབ་པར་བྱ་རྒྱུ་མ་ཐོབ་པ་བཞིན་ཐོབ། ་པར་འཛིན་པའི་སྒོ་ནས་སེམས་ཁེངས་པའོ།། ཡངོ་ཞེས་པ་ནི་ཕན་ཚུན་བསྡུ་བའི་དོན་ཏེ།། གལ་ཏེ་དེ་ལྟར་ན་འཕགས་པ་རྣམས་ཀྱི་ཉོན་མོངས་པ་ལ་སོགས་སྡང་བའི་ཚུལ་ཇི་ལྟར་ཞེ་ན། སྤྱོད་ཡུལ་རྣམ་པར་སྤྲིངས་ནས་ནི། སེམས་ཀྱང ་ཡང་དག་འགག་པར་འགྱུར། ཞེས་པ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་ཙམ་དུ་མཐའ་གཉིསུ་རྟོགས་པའི་ཡུལ་སྤངས་ན་ཀུན་ནས་ཉོན་མོངས་པའི་ས་བོན་དང་བཅས་པའི་སེམས་འགག་པར་འགྱུར་ཞིང་། དེ་ཉིད་ཀྱི་ཡུལ་ལ ་འཛིན་པའི་ཕྱིན་ཅི་ལོག་ལ་སོགས་པ་འགོག་པ་མེད་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད་ཅེས་སྟེན་པར་འགྱུ་རོ།། དེས་ན་མཐའ་གཉིས་སྤངས་པ་དེ་བཞིན་ཉིད་ཀྱི་གནས་འཕགས་པའི་སྤྱོད་ཡུལ་ནི་དེ་བཞིན་དུ་བདེན་པའོ།། ་ལས་གཞན་དུ་དོན་དམ་པར་རྐྱེན་གྱིས་ཡོད་པ་སྟེ། སྦྱར་མ་བྱུང་བ་ལྔས་རྐྱེན་གྱི་རྗེས་ཐོག་སུ་གང་ཞིག་སྐྱེ་ཞིང་། ཡང་རྐྱེན་གྱིས་མེད་པ་སྟེ་བྱུང་ནས་འགལ་རྐྱེན་གྱིས་འཇིགས་པ་ཉིད་དུ་ཁས་མི་ལོན་པ་ནི་ངའི་བསྟན་པའི་དེ ་ན་ཉིད་ལ་བློ་གྲོས་མྱི་གནས་པོ་སྟེ། དེ་ཁོ་ན་ཉིད་མཱི་གཏོགས་པའོ།། འདིར་གླེགས་བམ་འགའ་ཞིག་ལ། མ་བྱུང་བ་ལས་གང་བྱུང་ཞིང་།། བྱུང་ནས་ཀྱང་ནི་རྣམ་འཛག་པ།། རྐྱེན་ལས་སྣོད་དང་མེད་དེ་དག། ང་ཡི་བསྟན་ལ་དེ་མི་གནས ་ཞེས་བྱུང་བ་དེར་ནི་ཚིག་གི་དོན་ཤིན་ཏུ་ཡང་འགྲིག་པ་འགྱུར་བའོ།། རྐྱེན་གྱིས་ཡོད་པར་མ་བསྒྲུབས་ཅེས་པ་ནི་དོན་དམ་པར་ཡོད་པར་ཉིད་དུ་བསྒྲུབས་པའི་མཐུ་མེད་པས།། དེ་ཉིད་ཀྱིས་ན་ཡོད་པ་སྟོན་དུ་སོང་བའི་མེད་པ་ཡང་མི ་འཐད་ཅེས་པ་ལ་སོགས་པ་སྟེ། དོན་གེ་བར་ཟད།། དེ་ལྟར་སྟོང་པ་ཉིད་དུ་ལྟ་བ་བཀག་པ་ནི་དགོངས་པ་ཅན་ཉིད་གསུངས་པས་སྔར་བསྟན་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ནི་ངེས་པའི་དོན་ཕྱིན་ཅི་མ་ལོག་པའོ།། འདིར ་དགོངས་པ་དང་ལྡེམ་པར་བགེངས་པའི་རྣམ་པ་མེ་ཡང་ས་རྒྱན་ལ་སོགས་པ་ལས་གསུངས་པས་དེ་དག་གིས་རྣམ་པར་བཤད་པའི་རྗེསུ་འབྲངས་ཏེ་རྟོགས་པར་འ།། ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ས་སྔར་བསྟན་པ་ཕྲུ་པར་མཐའ་དང་སྔར་བསྣུ་ཚུལ་རྣམ་པ་གཞན་གྱི་སྒོ་ནས་སྟོར་ཏེ། དེ་ཡང་ཁྱེད་ཀྱི་གྲུབ་མཐའ་རྣམ་པ་དུ། ལྷ་པོ་དག་ཀྱང་རྣམ་པ་དུ་ནེ་བ་དྲས་པ ་ལན་དུ་སྦྱོར་བར་བྱ་སྟེ། ཞིབ་ཏུ་ནི་རེག་ནས་སྙན་པར་འགྱུར་རོ།། འདིར་བསྒྲུབས་པའི་པའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་རྟོགས་པས་སངས་རྒྱས་པ་རྣམས་ཀྱི་རྟོག་གི་བ་དང་། མུ་སྟེགས་བྱེད་ལ་སོགས་པ་གཞན་གྱིས ་བསྟན་པོ་ལས་འོག་མ་ལས་པ་སྟེ། སྟེན་པ་གཞན་ལ་མོ་བརྟེན་པ། སོ་སོ་རང་གི་རེག་པའི་བློ་བག་གི་མཚན་ཉིད་དེ་ཞེས་པ་ལ་སོགས་པའི་དོན་ནི་ཆོས་ཀྱི་དབྱིངས་ཀྱི་ཕྱོགས་འགའོ་ཞིག་གང་ཟག་ལ་བདག་མེད ་དྲདང་། བཟུང་བ་ངོ་བོ་ཉིད་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སེས་རང་གི་རེག་པར་བྱ་བའི་དོན་སྒྲ་དང་རྣམ་པར་རྟོག་པའི་ཡུལ་ལས་འདས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་བསྒྲུབ་པའི་མཐའི་ཚུལ་ཡན་ལ ་སེམས་ཆེས་ཉིད་ཇི་ལྟ་བ་བཞིན་དུ་བདག་ཉིད་ཐམས་ཅད་ནས་རྟོགས་པའི་ཡེ་ཤེས་མཐར་ཞུགས་པའི་དོན་ནི་སངས་རྒྱས་རྣམས་ཀྱིའོ།། ཟག་པ་མེད་པའི་དབྱིངས་རྟོགས་པ་ཐོབ་པར་བྱེད་པ་ནི་སོ་སོ་རང་གི་མི་སློབ་པའི་འབྲས་བུ ་ཐོབ་པར་བྱེད་པའོ།། མུ་སྟེགས་ཅན་དང་བདུད་ཐམས་ཅད་སྤངས་པ་ནི་དེ་རྣམས་བཅོམ་པ་སྟེ། གང་ཟག་ཏུ་ལྟ་བ་སྤངས་པ་དང་མཐར་གྱིས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་གྱུར་གྱི། འཁོར་བར་ལྡོག་པ་མེད ་པ་སྟེ། ཕྱིར་ལྡོག་པ་ཡོད་ཡོད་མ་ཡིན་ཞེས་པཱ་ལ་སོགས་པ་སྔར་བསྟན་པའོ།། གཞན་ཡང་སོ་སོའི་སྐྱེ་བའི་གནས་སྐབས་ན་རྟོགས་པ་དང་བཅས་པའི་ཚ་ངོ་མས་གང་ཟག་གི་བདག་མེད་པ་ལ་སོགས་པ་སྨཻའི་ཚུལ་དུ ་གཏན་ལ་འབེབས་པ་ཐོས་པ་དང་བསམ་པའི་ཤེས་རབ་ཀྱི་བསྡུས་པ་ཡང་རྗེསུ་མཐུན་པའི་གྲུབ་པའི་མཐའ་སྟེ། རང་རང་གི་འདོད་པའི་དོན་ཇི་ལྟ་བ་བཞིན་དུ་གཏོགས་པ་ནི་མ་ཡིནོ།། དེ་ལ་བཤད་པའི་ཚུལ་ནི་བསྟན་པའི ་ཆོས་གསུང་རབ་ཡན་ལག་དགུ་གདུལ་བྱའི་མེས་པ་ཇི་ལྟ་བ་བཞིན་དུ་སྣ་ཚོ་གསུཾ་བཤད་པའོ།། དེ་ལ་གསུང་རབ་ཡན་ལག་དགུ་ནི་འཕགས་པ་མྱ་ངན་ལས་འདས་པ་ལས་ཀྱང་དགུ་ཉིད་དུ་གསུངས་ཏེ། མདོའི་སྡེ་དང ་དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགསུ་བཅིད་པའི་སྡེ་དང་། ཆུང་དུ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བཻའི་སྟེ་དང་། སྐྱེསཾ་པཱའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆེས ་ཀྱི་སྡེ་རྣམསོ་ཞེས་གསུངསོ།། གལ་ཏེ་དེ་ལྟ་ན་གསུང་རབ་ཡན་ལག་བཅུ་གཉིསུ་བསྟན་པ་ཇི་ལྟར་ཞེ་ན། དེ་ནི་རྒྱས་པ་དང་བསྡུས་པའི་སྒོ་ནས་ཕྱེ་བ་སྟེ། ཤིན་ཏུ་སྤྲོས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པར་ཀྱང་བསྟན ་ལ། ཤིན་ཏུ་བསྡུས་ན་སྡེ་སྣོད་གསུམ་དུ་ཡང་འདུ་བར་འགྱུར་བའོ།། དེ་ལ་ཡན་ལག་བཅུ་གཉིས་ཀྱི་དབང་དུ་བྱས་ན་ལ་དེའི་སྡེ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་པ་ནས་དགའ་ནས་རྗེསུ་མི ་རང་ཞེས་པའི་བར་དུ་ཆོས་མདོར་བསྡུས་ཏེ་བསྟན་པ་སྟེ། དེ་ལྟར་བསྟེན་པའི་དགོངས་པ་ཡང་བསྡུས་ཏེ་བསྟན་པའི་དོན་དེ་ཉིད་གེ་རིམ་བཞིན་དུ་སེ་སེར་པོ་སྟེ་དེར་རྣམ་པར་འཇིག་པ་ནི། སྡུད་པ་པོའི་སྤེན་པ་ལ་སོགས་པའི ་བབཞག་པར་སླ་བ་དང་། ཕྱི་རབས་ཀྱི་འཆད་པ་པེ་དང་ཉན་པ་པོ་རྣམས་ཀྱི་བཤད་པ་དང་བཟུང་བར་སླ་བ་ལ་སོགས་པའི་ཕན་ཡེན་རྣམ་པ་བཅུ་འཕགསོ་པ་ཐེག་མང་ཀྱི་གསུངས་པའི་ཕྱིའོ།། དབངས་ཀྱིས་བསྙད་པའི་སྡེ་ནི་མདོ ་སྟེ་དེ་ཉིད་དབུས་དང་ཕ་མར་ཚིགསུ་བཅད་དེ་དབྱངས་ཀྱིས་བསྙད་པ་སྟེ། སྔོན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བདེན་པ་བཞི་པ་ན་ཡིན་དང་བཅས་པ་སྟོན་པའི་མདོ་སྡེ་གསུངས་ནས་དེའི་ཆེན་སྐྱེ་བ་དབང་པོ་རྣོན་པོ་དག། ་དོདེའི་འོག་ཏུ་ཆོས་ཉན་པའི་ཕྱིར་སངས་རྒྱས་ཀྱི་སྤྱན་མངར་ལྷགས་ཏེ། གཞན་དག་ལ་འདི་སྐད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་འདིར་ཅི་ཞིག་མཛད་ཅེས་དྲིས་པ་དང་། བཅོམ་ལྡན་འདས་མཁྱེན་བཞིན་དུ་མདོ་སྡེ་སྔར་གསུངས་པ་ལས ་ཡང་ཚིགསུ་བཅད་དེ་དེ་སྐད་དུ། ངས་སྔོན་ཁྱེད་དང་འདྲ་བར་མི་བདེན་པ་བཞི་པོ་མ་མཐིང་སྟེ།། དེ་བས་འཁོར་བར་ཡོངསུ་འཁོར།། སྡུག་བསྔལ་ཆེན་པོའི་རྒྱ་མཚོར་ལྷུང་།། གང་གིས་བདེན་པ་གཞི་རྟོགས་ནི།། འཁོར་བ་ཡོངས ་གཅོད་པར་འགྱུར།། སྐྱེ་བའི་སྲིད་པ་ཀུན་ཟད་ན།། སྲིད་པ་ཐམས་ཅད་ལེན་མི་སྲིད། ཅེས་གསུངས་པ་དང་།། དེ་འདྲ་བའི་རིགས་ཅན་དགེ་གོ།། ཡང་དྲང་བའི་དོན་གྱི་མདོ་སྡེ་རྟོགས་པར་བྱེད་པས་དབྱངས་ཀྱིས་བསྙད་པའོ།། ཞེས ་ཀྱང་བསྟན་བཅོས་དགྲ་ལས་གསུངསོ།། ལུང་དུ་བསྟན་པའི་སྡེ་ནི་མདོ་སྡེ་དང་འདུལ་བ་ལས་ལྷ་དང་མི་རྣམས་སངས་རྒྱ་སུ་ལུང་བསྟན་པ་དང་། ཇི་ལྟར་ཁྱམས་པ་ལ་སོགས་པས་ལུང་བསྟན་པ་ལ་སོགས་པ་ལྟ་བུའོ།། གཞན་ཡང ་ཉན་ཐོས་འདས་ཏེ་ཤྲཱི་བའི་དུས་བྱས་པ་དང་འབྱུང་བ་ལུང་བསྟན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ཡང་ཡིན་ཏེ། དེས་ངེས་པའི་དོན་ཉིད་ལུང་སྟེན་པོའི་ཕྱིརརོ།། ཚིགསུ་བཅད་པའི་སྡེ་ནི་མདོ་སྡེ་དང་འདུལ་བ་གིང་ལས་ལྷག་པར ་ཚིགསུ་བཅད་པའི་ཚིག་བཞི་པོ་འདི་དག་སྐྱེས་པ་སྟེ། སྡིག་པ་ཐམས་ཅད་ཡོངསུ་སྤང་།། དགེ་པའི་ཆེས་ནི་རྫོགས་པར་བྱ།། བདག་གི་སེམས་ཀྱང་ཡོངསུ་འདུལ།། འདི་ནི་སངས་རྒྱས་བསྟན་པའོ།། ཞེས་སྨོས་པ་དང་། དེའི་རང ་བཞིན་ཅན་རྣམསསོ།། སྒྱུ་མ་དང་གཉིས་ཀྱི་ཁྱེད་པར་བསྟན་པ་ལ། སྔ་མ་ནི་འཁོར་ཐམས་ཅད་འཕྲལ་དུ་དགྲའ་བར་འགྱུར་བ་ཡིན་ལ། འདི་ནི་འཕྲལ་དུ་སྙན་ནམ་མི་སྙན་ནམ་མོ་སྙན་ཡཱ་བཱའི་ཡུལ་དུ་ཕྱིན་པར་འགྱུར་བའོ། ་ཆེད་དུ་བརྗོད་པའི་སྔ་ནི་སུས་ཀྱང་ཞུས་པ་མོད་པར་དེ་བཞིན་གཤེགས་པ་ཉིད་རྗེ་སུ་ཡི་རང་ནས་བརྗོད་པ་སྟེ། ཇི་སྐད་དུ། དགེ་སློང་དག་འདི་ལྟར་ཤིས་པར་བྱའོ།། ལྷར་སྐྱེས་པ་ཐམས་ཅད་ནི་ཤིན་ཏུ་ཡང་ཚེ་རིང་།། དགེ་སློང་ཁྱེད ་ཕ་རོལ་པོ་གཞན་གྱི་ཕྱིར་རྙེད་པ་མོ་འཚོལ་བཱ་ལེག་སོ།། འདོད་པ་ཉུང་བ་ལོག་སོ།། ཆོས་ཤེས་པ་ལོགསོ།། དུར་ཁྱོད་ན་གནས་པ་ཡང་ལེག་སོ་ཞེས་གསུངས་པ་ལྟ་བུའོ།། གླེང་གཞིའི་སྡེ་ནི་མདོ ་སྡེ་ལས་འབྱུང་བ་དགག་པའི་དོན་དུ་ཚིགསུ་བཅད་པ་གསུངས་པ་མངོན་གྱི་གཞི་དང་བཅས་ཏེ་འབྱེད་ཅིང་བསྟན་པ་སྟེ། དེ་ཡང་སྔོན་མཉན་དུ་ཡིད་པ་ན་སྐྱེས་བུ་གཅིག་གིས་བྱ་རྒྱས་བྱ་བཟུང་ནས་གསོལ་པོར་བཅུག་སྟེ། ཆུ ་དདེད་འབྲས་སྟོང་ནས་ཕྱིར་བཏངངོ་།། བཅོམ་ལྡན་འདས་ཀྱིས་དེའི་རྒྱུ་དང་རྐྱེན་མཁྱེན་པས་དེ་གླེང་གཞིར་བྱ་སྟེ། ཚི་གསུ་བཅད་པ། སྡུག་པ་ཕྲ་མ་ཆུང་ལ།། མི་གོནོད་སྙམ་དུ་བསྙས་མཽ་བྱ།། ཆུ་ཡཽས་ཐིགས་པ་ཟག་པ་ཡང་།། སྣོད་ཆེ་ནི།། ་ཡོངསུ་གང་བར་འགྱུར། ཞེས་གསུངས་པ་ལྟ་བུའོ།། རྟོགས་པར་བརྗོད་པ་ཞེས་བྱ་བ་ནི་འདུལ་བ་ལོས་དཔེ་བསྟན་པ་རྣམས་ཏེ། རྟོགས་པའི་དོན་དཔེ་དུ་མ་གསལ་བར་བྱེད་པའོ།། དེ་ལྟ་བུ་བྱུང་བ་ཞེས་བྱ་བ་ནི་བཅོམ ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟར་རིག་པར་བྱའོ།། ང་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་རྣམས་ནི་ཁམས་ཀྱི་མདོ་ཞེས་བྱ་བ་དེ་ལྟ་བུ་བྱུང་བ་དང་། བཅོམ་ལྡན་འདིས་བསོད་སྐྱེ་བས་འཇིག་རྟེན་དུ་གཤེགས་ཏེ། ་གསུངས་པ་ནི་བདུད་རྩི་རྔ་སྒྲ་ཞེས་པ་དང་། སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་ནི་ཆོས་ཀྱི་མི་ལིང་ཞེས་པ་དང་། བཅོམ་ལྡན་འདས་འོད་སྲུངས་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ ་ནོསྟོང་པ་རྣམ་པར་འབྱེད་པ་ལྕེ་བྱ་བ་དེ་ལྟ་བུར་བྷུཛྫ་ཞེས་པ་སྟེ། དེ་འདྲ་བའི་རང་བཞིན་ཅན་སྟོནྡ་གྱི་སྦྱོར་བ་སྟོན་པའོ།། སྐྱེས་པའི་རབས་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནི་སྐྱེ་བའི་གནས ་འདི་དང་འདི་དག་ཏུ་སྐྱེས་ཤིང་དཀའ་བོའི་སྤྱོད་པ་འདི་དག་སྤྱད་ཞེས་སྟེན་པ་སྟེ། རོ་བང་གི་ལུས་དང་། རྒྱལ་པོའོ་ལུས་ལ་སོགས་པ་བླངས་ཞེས་གསུངས་པ་ལྟ་བུའོ།། ཤིན་ཏུ་རྒྱས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཤིན་ཏུ་རྒྱས་པའི ་མདོ་སྡེ་དོན་ཤིན་ཏུ་རྒྱ་ཆེ་ལ་ཡངས་པ་ན་མཁོའ་དང་འདྲ་བ་སྟོན་པོ་རྣམ་སོ།། རྨད་དུ་བྱུང་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ངོ་མཚར་རྨོད་དུ་བྱུང་བ་བསྟན་པ་སྟེ། ཇི་སྐད། བྱང་ཆུབ ་སེམས་དཔའ་ཐོག་མ་བཅས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར་གམ་པ་བདུན་སོང་བ་དང་། སྤྲེ་འུས་སྦྲང་རྩི་ཕུལ་བ་ལ་སོགས་པ་བསྟན་པ་ལྟའི་བུའོ།། གཏན་ལ་ཕབ་པར་བསྟན་པ་ཞེས་བྱ་བ་ནི་ཇི་ཙམ་དུ་དོན་ལ་འབད་པོར་བྱེ་བྲག་ཕྱེ ་སྟེ་མཚན་ཉིད་བསྟན་པའོ་ཞེས་གསུངསོ།། དེ་ལ་མདོ་སྡེ་འདི་དང་། མྱ་ངན་ལས་འདས་པར་དགུར་བསྟན་པ་ནི་རྟོགས་པར་བརྗོད་པ་དང་། གླེང་གཞི་ན་དེ་ལྟ་བུ་བྱུང་བའི་སྡེ་ཉིད་དུ་བསྡུས་ཏེ། ངའི་རྟོགས་པ་དེ་དང་དེ་ལྟ་བུར་བྱུངངོ་ཞེས་པ ་དང་། སྔོན་གྱིས་དུས་ན་གཞི་འདི་ལས་ཉེས་པ་འདི་ལྟར་བྱུང་བསོ་ཞེས་སྟོན་པའི་ཕྱིར་རོ།། གཏན་ལ་ཕབ་པ་ནི་ཤིན་ཏུ་རྒྱས་པ་ཉིད་ཀྱིས་ནང་དུ་བསྡུས་ཏེ། དེས་ཤིན་ཏུ་རྒྱས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་འགྲུ། ་ཞིག་འཆང་པའི་ཕྱིརརོ།། དེ་ཡང་མདོ་སྡེ་འདི་དང་། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལྟ་བུའོ།། འདི་རྣམས་སྡེ་སྣོད་གསུམ་དུ་འདུས་ཏེ། འདི་ལྟར་མདོའི་སྔ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་། ་ལུང་དུ་བསྟན་པའི་སྡེ་དང་། ཚིགསུ་བཅད་པོའི་སྡེ་དང་། ཆེང་དུ་བརྗོད་པའི་སྡེ་གང་ཡིན་པ་འདི་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྟེ་།། གླེང་གཞི་དཔེ་རྡོ་པར་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེས་པའི་རབས་ནི་འདུལ་བའི་སྡེ ་སྙིསྟེང་ངོ་།། ཤིན་ཏུ་རྒྱུས་པ་དང་། རྨད་དུ་བྱུང་བ་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྟེ་སྟེད།། གཏན་ལྔ་ཕབ་པ་ནི་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད།། དེ་ལ་མེ་སྡེ་སྣོད་གསུམ་གྱི་ཚུལ་སོ་སོར་རྣམ་པར་བཞག་པ་ཡང་གང ་ཞིག་གཙོ་བོར་ཐེ་ཚོམ་གྱི་གཉེན་པོ་ར་གསུངས་པ་ནི་མདོ་སྡེའི་སྡེ་སྟེང་ཡིན་ལ། དེ་བཞིན་དུ་རང་གི་ལྷ་པ་མཆོག་ཏུ་འཛིན་པའི་གཉེན་པོ་གསུངས་པ་ཏི་མཁྱེན་པའི་སྟེ་སྣོ་ངོ་།། འདོད་པ་བསོད་སྙོམས་ཀྱི་མཐའ་དང་། དྲལ་ཅིང ་དུབ་པའི་མཐའ་སྟེ། དེ་ལྟ་དེ་ལྟར་མཐའ་གཉིས་ཀྱི་གཉེན་པར་གསུངས་པ་ནི་འདུལ་བའི་སྔ་སྟེ་།། གཞན་ཡང་གནས་རྣམས་དང་ནི་མཚན་ཉིད་དང་། ཆོས་དེནི་སྐྱེས་ཕྱིར་མད་ཡིན།། ཞེས་པ་ལ་སོགས་པ་ས་བཅུའི་དབྱུང ་ཕྱུག་ཆེན་པོས་གསུངས་པ་རྣམས་ཀྱང་འདིར་སྦྱར་བར་བྱའོ།། དེ་ལ་ཕྱོགས་སྤངས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན།། ཐ་དད་ཤེས་པ་སུས་མཐོང་ཞེས་པ་ནི་དེ་རྣམས་ཀྱི་བྱེ་བྲག་མ་འདྲིས་པར་རྟོགས་པའོ།། ཇི་ལྟར་ཐར་པ་དངོས་མེད་པར་ཞེས་པ་ནི ་མྱ་ངན་ལས་འདས་པ་དོན་དམ་པའི་དངོས་པོར་མེད་པ་ཕྱིན་ཅི་ལེག་ཉེ་བར་ཞི་བ་ཙམ་དུ་རྟོག་གེ་པ་རྣམས་ཀྱི་སྔ་མ་རྟོགས་པའོ།། ལྟ་བ་གཉིས་ན་སྒྲོ་འདོགས་པ་དང་བསྐུར་བའི་ལྟ་བའོ།། ཡིད་སྤུངས་པ་ནི་རྟོགས་པ་དང་བཅས་པའི་ཡིད ་སྤོངས་པའོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་ཡོངསུ་རྟོགས་པ་འབྱུང་བ་དང་ལྡོག་པའི་དེ་བཞིན་ཉིད་རྒྱས་པར་སྟེན་ཏེ། དེ་ལ་ཇི་ལྟར་ཅི་ཞིག་ཅེས་པ་ལ་སོགས་པའི་དོན་ནི་ཚུལ་ཇི་ལྟར། རང་གི་ངོ་བོ་ཅི་ཞིག། ་རྒྱུ་དང་རྐྱེན་གང་གིས་གོང་ཟག་སུའི་ཡང་དག་པ་པ་མ་ཡིན་པར་ཡོངསུ་རྟོགས་པ་འབྱུང་བར་འབྱུང་ཞེས་ཟློས་པའི་སྒྲའི་རྒྱུན་ཆགསུ་འབྱུང་བ་ཉིད་སྟོན་ཏེ།། བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་རང་གི་ངོ་བོ་ཅི་ཞིག་ཅེས་པའི་དོན ་བསྟན་ཏོ།། ཅི་ལ་ཞེས་པ་ལ་སོགས་པས་ཡུལ་གང་ལ་བརྟགས་པས་རྒྱུན་ཆགསུ་འབྱུང་བར་འགྱུར་བའི་རྒྱུ་སྟེན་ཏེ།། ལན་གྱི་དོན་ནི་གཟུང་བ་དང་འཛིན་པ་སྣ་ཚོགས་སྣང་བའི་དོན་ལ་ཡང་དག་པའི་དངོས་པོར་བརྟགས་ཤིང་། བརྟགས ་བྱའི་དོན་ལ་རྒྱུན་ཆགསུ་ཞེན་པའི་ཚུལ་གྱིས་ཕྱིན་ཅི་ལོག་གི་རྣམ་པར་རྟོགས་པོ་རྒྱུན་ཆགསུ་འབྱུང་པོའོ།། བློ་གྲོས་ཆེན་པོ་བཟུང་བ་དང་ཤེས་པ་ལ་སོགས་པས་སྔ་མའི་དོན་རྒྱས་པར་འཆད་དེ། དེ་ལ་རང་སེམས་སྣང་བ་ཙམ་དུ་མ ་རྟོགས་ཤིང་། གཟུང་འཛིན་ལ་མངོན་པར་ཆགས་པ་ནི་ཉན་ཐོས་ཀྱི་རིགས་ཅན་རྣམས་ཏེ། དེ་ལྟར་ཚོགས་པའི་བག་ཆགས་ཤིན་ཏུ་རྒྱས་པ་རྣམས་ཕྱི་རོལ་གྱི་དོན་སྣ་ཚོགས་དམིགས་པ་ལ་མངོན་པར་ཆགས་པ་དང་ཞེས་འོག་ཏུ་སྦྱར ་བར་བྱའོ།། ཡོད་པ་དང་མེད་པར་ལྟ་བའི་ཕྱོགསུ་ལྷུང་བ་མུ་སྟེགས་བྱེད་ཀྱི་ལྟ་བ་སོ་སོར་རྣམ་པར་རྟོགས་པའི་བག་ཆགས་ཤིན་ཏུ་རྒྱས་པ་རྣམ་པར་བདག་དང་བདག་གིར་མངོན་པར་ཆགས་ཞེས་སྦྱར་བར་བྱའོ། ་སེམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁྱད་པའོ།། སེམས་ལས་བྱུང་བ་ནི་དང་པ་དང་། སེམས་ཁྲིང་ཁྲོ་བ་ལ་སོགས་པ་རྣམ་པར་རྟོགས་པའི་ཕྱོགས་ཀྱིས་བསྡུས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དོན་དེ་ཉིད་བརྗོད ་པས་སྤངས་པའི་སྒོ་ནས་དེའི་དེ་བཞིན་ཉིད་རྒྱས་པར་འཆད་པའོ།། དེ་ལ་བརྩད་པའི་དོན་ནི་གལ་ཏེ་དེ་ལྟར་རྣམ་པར་རྟོག་པ་འབྱུང་བར་འགྱུར་ན་ཀུན་ནས་ཉོན་མོངས་པའི་ཕྱོགས་མི་ལྡོག་པ་ཉིད་དུ་འགྱུར་རོ།། ཅི་སྟེ་ཕྱིའི་དངོས་པོ་དང་དངོས ་མེད་པ་སྣ་ཚོགས་བརྟགས་པའི་དོན་ཡང་དག་པའི་ཤེས་རབ་ཀྱིས་རྣམ་པར་ཟློག་སྟེ། གཉིས་སུ་མེད་པའི་རང་རིག་པ་དོན་དམ་པའི་བདེན་པ་རྟོགས་པས་དེ་ལྟར་རྣམ་པར་རྟོག་པའི་རྒྱུན་ལས་བཟློག་པར་བྱ་བ་ཡིན་ཞིང་འདོགས་པར ་འགྱུར་བྲིས་ཉེས་པ་སྔ་མ་ལས་གྲོ་ལོ་ཞེ་ན། དེ་ལྟ་ནུ་བཅོམ་ལྡན་འདས་གཉིསུ་མེད་པའི་རང་རིག་པ་དོན་དམ་པ་ཡང་ཕྱིར་ཚད་མའི་ཡུལ་ལས་བཟློག་པ་དང་། ཁྱད་པར་དུ་དབང་པོའི་ཡུལ་ལས་འདས་ཏེ། ཇི་སྐད་དུ། མོག་དང་རྣ་བ་སྣ་ཡང ་ཚང་མི་མིན་ཞེས་པ་ལ་སག་པ་གསུམ་བླདོན་དམ་པའི་དེ་ཁོ་ན་ཉིད་དེ་འདྲ་བ་དབང་པོ་མངོན་སུམ་ལ་སོགས་པས་མ་གྲུབ་ཅིང་།། ཤེས་བྱེད་ཀྱི་རྒྱུ་ཚུལ་གསུམ་དང་ལྡན་པའི་རྟགས་དང་། གཏན་ཚོགས་ཀྱི་ཡན་ལག་དཔེ་ལས་འདས་པས་རྗེས ་དཔག་པའི་ཡུལ་ཡང་མྱ་ཡིན་ལ། ཡང་ཚྭ་ཤས་ལས་རྣམ་པར་ལྡོག་པ་སྟེ། སྣ་ཚོགས་སྣང་བའི་རྣམ་པའམ། ཤེས་པ་སྐད་ཅིག་མའི་ཆུ་ཤས་ལ་ལེག་པ་སྟེ། གནོད་པར་བྱེད་པའི་ཚད་མ་སྔར་བསྟན་པ་ལྟ་བུའོ།། དེའི་ཕྱིར་དེ་འདྲ ་བའི་ཡུལ་རྣམ་པར་བཟློག་ན་དེ་ལྟར་རྟོག་ཅིང་འཇལ་བའི་ཤེས་རབ་ཉིད་དུ་འདོད་པ་ཡང་བྲེ་ཟློག་པར་བྱ་ཞིང་ལྡོག་པ་ཉིད་དུ་འགྱུ་རོ།། གལ་ཏེ་དེ་འདྲ་བའི་དོན་དམ་པ་ལས་རྣམ་པར་རྟོག་པ་མི་འབྱུང་ཞིང་དེ་ཉིད་ཀྱི་བཟློག་པར་བྱ། ་བ་མེད་ཞེ་ན། བཅོམ་ལྡན་འདས་ཕྱིའི་དོན་སྣ་ཚོགས་སྣང་བ་ལ་རྟག་ཅིང་ཞེན་པའི་ཚུལ་གྱིས་རྣམ་པར་རྟག་པ་འབྱུང་བར་འགྱུར་ལ། དོན་དམ་པའི་མཚན་ཉིད་ལ་ཆགས་ཤིང་རྟོགས་པས་ནི་རྣམ་རྟོག་རྒྱུན་ཆགསུ་མི་འབྱུང་བ ་ཁྱད་པར་གྱི་རྒྱུ་མཚན་ཁས་ལེན་དགོས་པར་འགྱུར་ནི། དེ་ཡང་མི་འཕང་ཅེས་པའོ།། དེའི་ཕྱིར་ཕྱིན་ཅི་ལོག་གྲམ་ཡང་དག་པའི་ཤེས་རབ་ཀྱིས་བསྡུས་པའི་ཤེས་པ་ཡང་རུང་སྟེ། སྔར་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག ་པོ་ཉིད་དོན་དམི་པའི་དངོས་པོར་ཁས་ལེན་ན་འདི་ནི་འཇིག་རྟེན་རྒྱད་པན་པའི་ཕྱོགས་ལ་བརྟེན་པར་འགྱུར་ཏེ། དེ་དག་གིས་མངོན་པར་གསྔལ་བའི་སེམས་ཅན་སྔར་མེད་པ་ལསྟེ་འབྱུང་བ་འདུས་པའི་སྟོབས་ཀྱིས་བྱུང་ཞིང ་དེ་ཉིད་ཡང་ལྡོག་པ་ཉིད་དུ་འདོད་པ་དང་། མཐར་པ་མྱ་ངན་ལས་འདས་པ་ཁསོ་མི་ལེན་པ་དང་མཚུངས་པར་འགྱུར་བའི་ཕྱིར་ཞེས་པའོ།། ལན་གྱི་དོན་ནི་དོན་དམ་པའི་དེ་ཁོ་ན་ཉིད་དུ་ཕྱིན་ཅི་ལོག་གམ་ཡང་དག་པའི་ཤེས་རབ་ཀྱང ་རདྱ་སྟེ། སེམས་ཀྱི་ངོ་བོ་མ་བྱུང་བ་ལས་བྱུང་བ་དང་། ལྡོག་པ་ཉིད་དུ་ཁས་མི་ལེན་པས་དེ་འདྲ་བའི་ཉེས་པ་ལས་གྲོལ་བའོ།། གཞན་ཡང་ཕྱིའི་དོན་ནི་སྔར་བསྟན་པ་ལྟར་ཡང་དག་པའི་ཀུན་རྫོབ་ཏུ་ཡང་མ། ་གྲུབ་པས་དེ་ལྟར་འཛིན་པའི་བློ་ནི་ཕྱིན་ཅི་ལོག་ཡིན་པ་དང་། ལོག་པ་གཞན་གྱི་ཡང་རྒྱུར་འགྱུར་ལ། དེའི་རང་བཞིན་ཤེས་པས་ལོག་པར་འགྱུར་གྱི། དྲོན་དམ་པའི་མཚན་ཉིད་ནི་ཕྱིན་ཅི་ལེག་པ་སོ་སོ་རང་རིག་པའི་ཡེ་ཤེས་སྒྱུ་མ ་ལྟ་བུར་ཡིན་ལ་དེའི་ཕྱིར་ཕྱིན་ཅི་ལོག་པའམ་ལེག་པ་གཞན་གྱི་རྒྱུར་མི་འཐད་ཅིང་རྒྱུན་ལས་ཉམས་པར་མི་འགྱུར་པས་མཚུངས་པ་མ་ཡིནོ།། འདིར་ཚིག་གི་དེ་ན་ནི་འབྱུང་པོ་འབྱུང་ན་ཞེས་པ་ཡན་ཆད་ཀྱི་ནི་དེ་བཞིན་གཅིག ་པའི་ཚུལ་ལུགས་རྗེསུ་བརྗོད་ནུས་དེ་ལྟ་ན་ཀུན་ནས་ཉོན་མོངས་པའི་ཕྱོགས་ལྡོག་པར་མི་འགྱུརརོ།། ཞེས་བརྩད་པ་དང་དེའི་ལན་གྱི་དོན་སྔར་བསྟན་པ་ལྟར་རྣམ་པར་རྟོག་པ་བཟློག་པར་བྱ་ཞིང་ལྡོག་པ་ཉིད་དུ་བསྟན་པ་ལ། ཡོད ་པ་དང་མེད་པ་ནི་གཟུགས་ལ་སོགས་པ་རང་རང་གི་བདག་ཉིད་དུ་ཡོད་ཅིང་། ཕན་ཚུན་གྱི་བདག་ཉིད་དུ་མེད་པར་ལྟ་བའི་ཕོ་གསུ་ལྷུང་བ་དེ་འདྲ་བའི་དངོས་པོ་མེད་པར་འཛིན་པ་ལས་དབེན་པ་དེ་ལྟར་ལྷ་པའི་མཚན་ཉིད་ལས ་ཇི་ལྟར་བཟློག་པ་སྟེ། དེའི་ཡུལ་བཀག་པའི་སྒོ་ནས་བཟློག་པའོ།། གཅིག་པ་ཞེས་པ་ནི་ཕྱིའི་དེ་ནོ།། ཡོད་པ་དང་མེད་པའི་ཕྱོགས་ནི་སྔར་བསྟན་པ་བཞི་ནོ།། ཁྱོད་ལ་ཞེས་པ་ནི་ཁྱོད་ཀྱི་གྲུབ་པའི་མཐའ་ཕྱོགས་ལའོ།། ཡང་དག་པ་མ ་ཡིན་པ་ཞེས་པ་ལ་སོགས་པས་སྔར་གྱི་དོན་བསྡུས་ཏེ་བསྟན་པའོ།། སྒྱུ་མའི་ཡན་ལག་གི་སྐྱེས་བུ་ནི་ཡན་ལག་འདུས་པའི་སྐྱེས་པ་དང་བུད་མེད་ལ་སོགས་པར་སྣང་བའོ།། ཐ་དད་པ་རྣམ་པ་སྣ་ཚོགས་ནི་སྔགས་དང་སྨན་ལ ་སོགས་པའི་རྒྱུ་རྐྱེ་ནོ།། དེ་རྣམས་ལས་སྒྱུ་མའི་གཟུགས་གཅིག་གྲུབ་ཅིང་། ཡང་ལྡོག་པར་འགྱུར་བ་དེ་བཞིན་དུ་རྟོགས་པས་སྣ་ཚོགསུ་བརྟགས་པ་ལ་བརྟེན་ནས་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་རྒྱུནི་ཆགས ་འབྱུང་བ་ལས།། སྔར་བསྟན་པ་ལྟར་དེའི་ཡུལ་བཀག་པའི་སྒོ་ནས་རྟག་པའི་རྒྱུན་བཟློག་ཕྱིར་རྒྱང་ཕན་པ་དང་མཚུངས་ཞེས་པའོ།། འདིར་སྒྱུ་མ་དཔེར་བྱས་པ་ནི་བྱང་ཆུབ་སེམས་དཔའ་བློ་གྲོས་རྐྱེན་པོས་འབྱུང་པ་དང་ལྡོག ་པ་སྒྱུ་མ་དང་འདྲ་བར་རྟོགས་ཤིང་། ཤུགས་ལ་དེ་ལྟར་སྟོན་པའོ།། གཞན་དུ་ནུ་ཞེས་པ་ལ་སོགས་པའི་དོན་ནི་འབྱུང་བ་དང་། ལྡོག་པ་སྒྱུ་མ་ལྟ་བུར་སྟོན་པའོ།། ལོ་རྒྱུས་ལས་བྱུང་བ་སྔོན་དུ་འགྲོ་ཞེས་པ་ནི་ནུང་གི་མངོན ་པར་ཆགས་པའི་ས་དོན་དང་། ཕྱི་རོལ་ཏུ་སྣང་བ་མི་དགེ་བའི་གྲོགས་པོ་ལ་སོགས་པས་བསྟན་པུའི་སྒྲ་ལས་ཐོག་མར་རྣམ་པར་རྟོག་པ་འབྱུང་ཞིང་། དེ་སྔོན་དུ་འགྲོ་བ་ཅན་གྱི་རྒྱུན་གཞན་ཡང་འབྱུང་བའོ།། ཇི་ལྟར་ན་ཞེས ་པ་ལ་སོགས་པ་ཀུན་རྫོབ་ཏུ་རྣམ་པོར་རྟོག་ལེ་ལྡོག་པའི་ཚུལ་གསུངས་པའོ།། འབྲས་བུའི་ཉེས་པ་ནི་དེ་དག་སྒྲ་འདགས་པའོ།། གཏན་ནི་ངལ་ཆེ་རོ་གོ་བར་ཟོང་།། གང་ནའང་ཡོད་མེད་ཡོད་མནི་ནང་ཞེས་པ་ནི་ཡོད་པ་དང་མེད ་པའི་རང་གི་ངོ་བོ་ཉིད་ཀྱང་མ་གྲུབ་པའོ།། སེམས་ཀྱང་རྣམ་ལྡོག་ཞེས་པ་ནི་ས་བོན་སྤངས་པས་ཕྱིན་ཅི་ལོག་གི་སེམས་མེད་པའོ།། གང་ཕྱིར་རྐྱེན་ལས་བྱུང་བས་ན་ཞེས་པ་ལྔ་སོགས་པའི་དོན་ནི ་རྟེན་ཅིང་འབྲེལ་པར་འབྱུང་དེའི་གཏན་ཚིགས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་དོན་དམ་པ་པ་འགྲེག་པ་སྟེ། འདིའི་ཆོས་ཅན་དོང་དགུག་བྱ་ལ་སོགས་པ་ནི་སྔར་བསྟན་པ་བཞིན།། གཏན་ཚིགས་ཀྱི་དོན་ནི་རྐྱེན་ལས་སྐྱེ་བར ་སྣང་བ་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ཏེ། མངོན་སུམ་ལ་སཽ་ཌོཾ་པའི་ཚད་མས་གྲུབ་པའོ།། གཏན་ཚོགས་ཉིད་དུ་ཉེ་བར་འགོད་པ་ན་སྒྱུ་མ་ལ་སོགས་པས་ཁྱད་པར་དུ་མ་བྱས་པར་རྐྱེན་ལས་སྐྱེ་བར་སྣང་བའི་ཕྱིར་ཞེས་བྱའོ།། ངོ་ཉིད་ལ ་དོན་དམ་པར་མི་སྐྱེས་པས་ཁྱབ་པ་གྲུབ་པའི་ཚུལ་ནི་རྐྱེན་རྣམས་ཐམས་ཅད་ཞེས་པ་ལ་སོགས་པ་སྟེ། གང་འགའ་ཞིག་ཁོ་ནའི་རྗེས་ཐོག་སུ་འགའ་ཞིག་བྱུང་བ་ནི་སྔ་མི་དེའི་འབྲས་བུ་སྟེ། དེས་ན་འབྲས་བུའི་མཚན་ཉིད་ནི། ་བལྟོས་པ་ཡིན་ལོ། འབྲས་བུ་འབྲས་བུའི་དུསུ་མ་གྲུབ་ནི་རྒྱུ་སྔ་མ་དེ་ཉིད་གང་གི་རྒྱུར་འགྱུར་ཏེ། དེ་ལ་བལྟོས་པའི་རྒྱུའི་ངོ་བོར་མི་འཐའོ།། དེས་ནི་དེ་ཉིད་རྒྱུའི་ངོ་བོར་གྲུབ་པ་འབྲས་བུ་ལ་བལྟས་པས་དེའི་འབྲས་བུ་ཉི་དུ་འགྱུརརོ།། ་གལ་ཏེ་དེ་ལྟ་ན་ཡང་འབྲས་བུ་མ་སྐྱེས་ནས་མེད་པའི་དུསུ་རྒྱུ་རང་གི་རྒྱུ་སྔ་མ་ལས་གྲུབ་པའི་ཕྱིར་དེ་ལ་བལྟོས་པ་མ་ཡིན་ཞེ་ན། དེ་བཞིན་དུ་རྒྱུ་འགགས་ནས་མེད་པའི་དུས་ན་འབྲས་བུ་རང་གི་འབྲས་བུ་ཕྱི་མ་ལ་བལྟོས་ནས་གྲུབ ་པའི་ཕྱིར་དེ་བལྟོས་པ་མ་ཡིན་པར་འགྱུར་རོ།། གལ་ཏེ་རང་གི་འབྲས་བུ་ཕྱི་མ་མ་སྐྱེས་ནས་མེད་པའི་ཕྱིར་དེ་ལ་བལྟོས་ནས་གྲུབ་པ་མི་འཐ་དོ་ཞེ་ན། དེ་བཞིན་དུ་རང་གི་རྒྱུ་སྔ་མ་ཡང་འགགས་ནས་མེད་པའི་ཕྱིར་དེ་ལ་བལྟོས་ནས ་གྲུབ་པོ་མི་འཐད་།། གཞན་ཡང་གལ་ཏེ་འདིར་འབྲས་བུ་ཕྱི་མའི་དུས་ནི་རྒྱུ་འགགོས་ནས་མྱེད་ཀྱང་སྟོར་རྒྱུའི་དུས་ན་ཡོད་པ་ལ་བརྟེན་ནས་འབྲས་བུ་ཕྱི་མ་གྲུབ་པ་ཡཽནྡྲ་ལ་རྒྱུ་སྔན་གྱི་དུས་ན་མེད་ན་འབྲས་དུ་ཡང་ཕྱི་མའི་དུསུ ་མི་འབྱུང་བས་དེ་ལས་བལྟོས་པར་འཐད་ལ། རྒྱུ་ནི་དེ་ལྟར་འབྲས་བུ་ལ་བལྟོས་པ་མ་ཡིནོ་ཞེ་ན། མཚུངས་ཏེ། འབྲས་བུ་ཕྱིས་ཀྱི་དུསུ་ཡོད་པས་རྒྱུ་སྔར་གྱི་དུསུ་བྱུང་ཞིང་། གོལ་ཏེ་འབྲས་བུ་ཕྱིས་ཀྱི་དུསུ་མོ་གྲུབ་ནི་རྒྱུ་ཡང་སྔར ་གྱི་དུསུ་མི་འགྲུབ་པས་དེ་ཡང་འབྲས་བུ་ལ་བྲིལྟོས་པ་ཉིད་དུ་མ་ཆུང་སོ།། དེ་ལ་ལྟར་ན་རྒྱུནྡ་རྣམས་ནཱི་རིང་གི་འབྲས་བུ་ལས་སྐྱེ་བར་འགྱུར་ནི། དེ་ནི་སྐྱེ་བ་མི་སྲིད་དེ། འབྲས་བུ་དེ་ཉིད་ཀྱང་རྒྱུ་དང་འབྲས་བུ་གཉི་སུ་འགྱུར ་ལ། དྲི་བཞིན་དུ་རྒྱུ་ཡང་གཉི་སུ་འགྱུར་བྱས་སོ།། དེ་ནི་འདོད་པ་ཉིད་ཡིན་ཏེ། འབྲས་བུ་གཅིག་པོ་དེ་ཉིད་སྔ་མའི་ནི་འབྲས་བུར་འགྱུར་ལ། ཕྱི་མའི་རྒྱུ་འགྱུར་བས་སོ་ཞེས། མ་ཡིན་ཏེ། འདིར་འབྲས་བུ་འདོད་པ་གཅིག་པོ ་དེ་ཉིད་དུས་གཅིག་ཏུ་རང་གི་རྒྱུ་སྡེ་མེ་གཅིག་པོ་ལ་བལྟས་ཏེ། རྒྱུ་དང་འབྲས་བུ་གཉི་གར་འགྱུར་ལ། རྒྱུ་སྔ་མ་གཅིག་པོ་ཡང་འབྲས་བུ་སྔ་མ་གཅིག་པ་ལ་བལྟོས་ཏེ། དུས་གཅིག་ཏུ་རྒྱུ་འབྲས་གཉིས་ཀར་འགྱུར་ན། དེ ་འདྲ་བ་ནི་འགལ་བས་མི་སྲིད་ཅེས་པའོ།། དེས་ནི་འདིར་ཁྱབ་པའི་དོན་ནི་རྟེན་ཅིང་འབྲེལ་པར་སྣང་བ་དོན་དུམ་པར་བདེན་ན་སྣང་བ་དང་མཐུན་པར་རྒྱུ་དང་རྐྱེན་ལས་སྐྱེ་བས་ཁྱབ་ལ། དེ་ཡང་རྒྱུ་དང ་འབྲས་བུ་ཕན་ཚུན་མ་འཆོལ་བས་ཁྱབ་པ་ལས། འདིར་རྒྱུ་འབྲལ་འཆོལ་བར་འགྱུར་བའི་ཕྱིར་རྒྱུ་འབྲས་དོན་དམ་པ་བར་མི་འཐིད་ཅེས་པའོ།། ད་མི་ཌ་དང་དམིགས་བྱ་ཞེས་པ་ལ་སོ་ཌཱ་པས་སཽམ་ཉིད་རིགས་པོའི་གཞན་གྱི་དབང་སྒྱུ ་མ་ལྟ་བུར་སྟོན་ཏེ། དེ་ལས་དང་པོ་རྣམ་པར་དག་པ་མཐོཐར་ཐུག་པ་སེམས་ཙམ་ནི་ཀུན་རྗེབ་ཏུ་དྲི་མ་རྣམས་ས་བེན་དང་བཅས་ཏེ་སྤངས་པ་གཉིསུ་མེད་པར་རོང་རིག་པ་ཙམ་གྱི་ངོ་བོ་ཡེ་ཤེས་བཞི་ཡིས་བསྡུས་པའོ།། སེམ། ་མེད་པའི་སེམས་ཙམ་ཞེས་པ་ནི་སྔར་བསྟན་པ་ལྟར་བཟུང་འཇུག་གི་དྲོ་ནོ།། གལ་ཏེ་འདི་ཙམ་ཞེས་པ་དེ་ལས་གཞན་པའི་དངོས་པོར་ནི་མ་གྲུབ་ལ། དེ་ཉིད་བདེན་པའི་དངོས་པོར་ཡོད་པ་མ་ཡིན་ནམ་ཞེ་ན། ཙམ་དེ་དེ་བོ ་ཉིད་ཀྱི་དབྱིངས་ཞེས་པ་སྟེ། དོན་དམ་པར་ཆོས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་འགྱུར་བའོ།། དེ་ཉིད་གསལ་བར་སྟོན་པ་ནི། རྐྱེན་དང་དངོས་པོ་སྤངས་ཞེས་པའོ།། མཐར་ཐུག་དངོས་པོ་ཚུངས་པའི་མཆོག་ཅེས་པ་ནི་ཡེ ་ཤེས་མཐར་ཐུག་དྲི་མ་ཐམས་ཅད་ས་བོན་དང་བཅས་ཏེ་སྤངས་པའོ།། བདེན་པར་ཞེས་པ་ལ་སོགས་པས་ནི་གནས་སྐབས་ཐམས་ཅད་དུ་བདག་མེད་པ་ཉིད་དུ་སྟོན་པ་སྟེ། དེ་ལ་གང་ཟག་གི་བདག་ནི་ཕུང་པོ་ལྔའི་རྒྱུན་རྒྱུད་ལ ་བཏགས་པ་ཡིན་གྱི། རྫ་སུ་གྲུབ་པ་མ་ཡིནོ།། དེ་བཞིན་དུ་ཕུང་པོ་ཉིད་ཀྱང་དེ་ལྟར་སྣང་བ་ཙམ་གྱི་རང་བཞིན་ལ་བརྟགས་པ་ཡིན་གྱིས་རྫསུ་གྲུབ་པ་མེདོ།། དེའི་ཕྱིར་འདུས་བྱས་ཐམས་ཅད་མཉམ་པ་ཉིད་རྣམ་པ་བཞིས་མཉམ ་པ་སྟེ། ཀུན་རྫོབ་ཏུ་སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་ཀྱིས་མཉམ་པ་དང་། རྒྱུ་དང་རྐྱེན་གྱིས་དངོས་པོ་ལས་བྱུང་བར་མཉམ་པ་དང་། དོན་དམ་པོར་བདག་མེད་པར་མཉམ་པ་སྟེ། ཤེས་བྱའི་དབང་དུ་བྱས་པའོ།། ་བཞི་པ་ནི་སྔ་མ་ལྟར་རྣལ་འབྱོར་པའི་ཡེ་ཤེས་མཐར་ཐུག་པ་འཛག་ཚོགས་ལ་ལྟ་བ་ལ་སོགས་པའི་དྲི་མ་དང་། རྟོག་པ་དང་རྟོག་པའི་བཟུང་བ་སྣ་ཚོགསུ་སྣང་བ་སྤངས་པ་སྟེ། མཐར་ཐུག་པའི་སེམས་ཙམོ།། དངོས་པོ་མེད ་ཅེས་པ་ལ་སོགས་པས་ནི་སྤྱིར་དེ་ཁོ་ན་ཉིད་ཀྱི་སེམས་ཙམ་སྟོན་ཏེ། དོན་དམ་པའི་དངོས་པོར་མེད་ཅིང་རི་བོང་གི་རྭ་ལྟར་རྣམ་པ་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ཏེ། རིག་པ་མ་འགགས་པས་ཟུང་འཇུག་གི་བདག་ཉིད་དེ། ་སྔར་བསྟན་པ་བཞི་ནོ།། དེ་བཞིན་ཉིད་ཅེས་པ་ལ་སོགས་པས་སྟོང་པ་ཉིད་ཀྱི་རྣམ་གྲངས་སེམས་ཙམ་དུ་སྟོན་པའི།། མཐའ་ནི་ཡང་དག་པའི་མཐའོ།། རྣམ་རྟོག་ཅེས་པ་ལ་སྩོགས་པས་འཇིག་རྟེན་པའི་སེམས་ཙམ་སྟོན་ཏེ། ་དྲི་མ་དང་བཅས་པའི་གནས་སྐབས་ན་རྣམ་པར་རྟོག་པའི་བག་ཆགས་ཀྱི་དབང་གིས་སྣ་ཚོགསུ་སྣང་བ་ནི་སེམས་ཉིད་དེ། འོན་ཀྱང་འཇིག་རྟེན་པས་དེ་ལྟར་མ་རྟོགས་ཞེས་པའོ།། གཞན་ནི་ཤེས་པར་ཟད།། ཡང་འདིར་རྣམ་པར ་རྟོག་པ་འབྱུང་བའི་ཚུལ་ལ་བཅད་པ་སྤངས་པའི་གཞུང་གི་དོན་ནི། ཕྱི་རོལ་གྱི་དོན་སྣ་ཚོགསུ་སྣང་དུ་ལ་རྟོག་ཅིང་ཆགས་པས་རྣམ་པར་རྟོག་པ་རྒྱུན་ཆགསུ་འབྱུང་བ་འབྱུང་ན། བཅོམ་ལྡན ་འདས་གཅིག་པ་ཡང་དག་པར་མ་ཡིན་པའི་དོན་སྣ་ཚོགས་ཞེས་པ་ལ་སོགས་པའི་གཞུང་གི་དུམ་བུ་འོག་མ་དང་སྦྱར་བར་བྱ། དེའི་དོན་ནི་ཕྱི་རོལ་གྱི་དོན་སྣ་ཚོག་སུ་སྣང་བ་ལ་རྟོགས་ཅིང་ཆགས་པས་རྣམྱི་པར་རྟོག་པ་འབྱུང་ན། དེན་དམ ་པའི་མཚན་ཉིད་ལ་ཆགས་ཤིང་རྟོག་པས་ཀྱང་ཇི་ལྟར་མི་འབྱུང་ཞེས་པ་ལ་སོགས་པ་སྔ་མ་བཞིན་ཏེ། དེས་ན་ཀུན་ནས་ཉོན་མོངས་པའི་ཕྱོགས་ལྡོག་པར་མི་འགྱུར་བའོ།། ཡང་བཅོམ་ལྡན་འདས་ཕྱི་རོལ་གྱི་དོན་སྣ་ཚོག་སུ་ཞེས་པ་ལ་སོགས ་པས་དེ་ལྟར་བརྟགས་ཤིང་ཞེན་པ་ལས་རྣམ་པར་རྟོག་པ་འབྱུང་ཡང་། དེའི་ཡུལ་བཀག་པའི་སྒོ་ནས་བཟློག་པར་བྱ་ཞིང་ལྷག་པ་ཉིད་དུ་འགྱུརརོ་ཞེ་ན་ནི། དེ་བཞིན་དུ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པའི་དོན་སྔ་མ་བཞི་ནོ།། དཔེ་དང་རྒྱུ ་མཚན་ཉིད་ལས་རྣམ་པར་བཟློག་པ་ན། དེ་ལྟར་བཟློག་པའི་ཕྱིར་འཇིག་རྟེན་རྒྱང་པན་གྱི་ལྟ་བ་དང་བསམ་པར་ལྷུང་བར་འགྱུར་ཞེས་འོག་མེ་དང་སྦྱར་བར་བྱའོ།། འདིའི་དོན་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་དང་། དེའི་གཉེན་པོ་ཡང ་དག་པའི་ཤེས་རབ་ཏུ་ཁས་ལེན་པའི་རྣམ་པ་གཉིས་ཆར་ཀྱང་མ་བྱུང་བ་ལས་བྱུང་བ་དང་། བྱུང་ནས་ཀྱང་བཟློག་པར་བྱ་བ་ཉིད་དུ་མཚུངས་ཤིང་ལྡོག་པར་འགྱུར་བས་རྒྱང་པན་པ་དང་མཚུངས་ཞེས་པའོ།། དེ་ནས་ཡང་བྱང་ཆུབ་སེམས ་དཔའ་ཞེས་པ་ལ་སོགས་པས་སྔར་བསྟན་པ་གསལ་བྱེད་ཀྱི་རྐྱེན་གྱིས་ཁྱད་པར་ཚུལ་གཞན་གྱི་སྒོ་ནས་རྒྱས་པར་འཆད་པ་སྟེ། དེ་ལ་ཚིག་དང་ཡི་གེར་ཕྲད་པ་ནི་གོ་རིམ་གྱི་ཚུལ་གྱིས་འདུས་པའོ།། བག་ཆགས་ཀྱི་རྒྱུ་ལས་སྐྱེས་པ་ནི་དེ ་ལས་དོན་དུ་སྣང་བའི་བསམ་པ་དང་། དེ་ལས་བརྗོད་པར་འདོད་པ་ལ་སོགས་པའོ།། རང་གི་བློ་ནི་མཐོང་བ་དང་བསྒོམ་པའི་ལམ་སྟེ། དེ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའོ་བག་ཆགས་ཀྱིས་གནས་རབ་ཏུ་གྱུར་ཞེས་པ་ལ་སོགས་པ ་འོ།། འདིར་དོ་ནི་ལ་མཁས་པའི་ཡུལ་དེ་ཉིད་དོན་ཇི་ལྟ་བ་ཡིན་པས་དྲིས་པའི་ལན་དུ་འགྱུར་བའོ།། སྒྲའི་དོན་ལ་མཁས་ཞེས་པ་ནི་སྒྲ་དང་དེན་གཉིས་ཀའི་དོན་ལ་མཁས་པ་སྟེ། དེ་དག་དོན་དམ་པར་དེ་ཉིད་དང་གཞན་དུ་བརྗོད་དུ་མེད ་པས་སྟོང་པ་ཉིད་དེ། དེ་ལྟར་རྟོགས་པའོ།། སྒྲ་དང་དོན་གཅིག་པ་དགག་པ་ནི་རྒྱས་པར་སྔར་བསྟན་ཏེ།། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཉེས་པ་སྟོན་ཏེ། སྒྱུ་མ་སྣ་ཚོགས ་མཐོང་བའི་རྣམ་པར་རྟོག་པ་ལྟ་བུར་ཞེས་པ་སྒྱུ་མའི་གླང་པོ་ལ་སོགས་པ་སྣ་ཚེགསུ་སྣང་བ་ལ་རྟ་གླང་ཡང་དག་པར་སྐྱེ་འདོགས་པ་ལྔ་བུར་གཟུགས་ལ་སོགས་པ་སྐུ་ཚོགསུ་སྣང་བ་ལ་ཡང་དག་པ་དུ་མར་སྒྲོ་འདོགས་པ་དང་། སྨྲང ་ཞེས་མྱེད་པ་ཙམ་ཡང་མེད་ཅེས་སྐུར་པ་སྟེ། ཤེས་བྱའི་རང་བཞིན་རྣམ་པ་གཞན་དུ་གནས་པ་ལ་རྣམ་པ་གཞན་དུ་རྟགས་པའོ།། རྣམ་པ་གཞན་དུ་ལྟ་བ་ཡིན་ཞེས་པ་མཁས་པ་རྣམས་བྱིས་པ་དང་མི་མཐུན་པར་ལྟ་བའོ།། ཕུང་པོ་རྣམས ་ལ་བདག་མེད་དེ་ཞེས་པ་དེ་རྣམས་བདག་གི་རང་བཞིན་མ་ཡིན་ཏེ། བདག་དང་མཚན་ཉིད་མི་མཐུན་པའི་ཕྱིརརོ།། དེའི་དོན་བདག་ནི་རྟག་པ་དང་གཅིག་པུ་ལ་སོགས་པའི་བདག་ཉིད་ཡིན་ལ། ཕུང་པོ་རྣམ ་ནི་དེ་ལས་བཟློག་པསོ།། དེ་ཉིད་ཀྱི་ཕྱིར་དྲི་ལ་བརྟེན་པའི་ཚུལ་དུ་ཡང་མེད་ལ། ཕུང་པོ་རྣམས་ཀྱང་བདག་ལ་བརྟེན་པའམ། དེའི་བདག་ཉིད་ཀྱི་ཚུལ་གྱིས་མེད་པས་ཏེ། བྱིས་པ་རྟོགས་པ་བཞིན་དུ་དེ་དག་མེད་པའོ།། ཡད་བདག ་ཏུ་བརྟགས་པའི་རྟེན་ཕུང་པོར་སྣང་བ་ནི་ཀུན་རྫོབ་ཏུ་མེད་པ་མ་ཡིནོ།། དེ་ལས་གཞན་དུ་བྱིས་པས་བརྟགས་པ་བཞིན་དངོས་པོར་བདེན་ན། བྱིས་པའི་སྐྱེ་བོ་ཐམས་ཅད་ཡང་དག་པའི་དེ་ན་མཐོང་བར་འགྱུརརོ།། ཕུང་པོ་ལ་སྲེགས ་པར་སྣང་བ་སེམས་ཀྱི་ངོ་བོར་གྱུར་པ་ཀུན་རྫོབྱ་བ་ཙམ་ཡང་མྱེད་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པར་འགྱུར་ཏེ། སེམས་ཉིད་དྲི་མ་དང་བཅས་པ་དང་དེ་དང་བྲལ་བ་ལ་དེ་ལྟར་རྣམ་པར་འཇིག་པའི་ཕྱིར།། ་རྐང་པ་གཉིས་ཀྱི་སྒྲ་ནི་དོན་བསྡུ་བ་བསྟན་པའོ།། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྔར་རྣམ་པར་ཤེས་པ་དང་ཡེས་བསྟན་པ་ལ། གདུལ་བྷ་རྣམས་ཀྱིས་དེ་དག་གི་བྱེ་བྲག་མ་རྟགས་ཤིང་ཐེ་ཚོམ་དུ་གྱུ ་པས་དེ་དགག་པའི་དོན་དུ་དེ་དག་གི་བྱེ་བྲག་གསལ་བར་སྟེན་ཏེ།། སྐྱེས་ནས་འཇིག་པ་ནི་ཇི་ལྟར་རིགས་པ་བཞིན་རྒྱུན་དང་སྐད་ཅིག་གི་དབང་དུ་བྱས་པ་སྟེ། སྔོར་རྒྱས་པ་ཉིད་དུ་བསྟན་ཏོ།། མེ་སྐྱེས་མི་འཇིག་པ་ནི་ཡེ་ཤེས་ཞེས ་པ་ལ་གཞན་དག་དེ་ལྟ་ན་ཡེ་ཤེས་རྒྱུ་ལས་སྐྱེ་བ་གཞན་གྱི་དབང་ཉིད་དུ་སྔར་བསྟན་པ་དང་། དེ་བཞིན་དུ་རིགས་པས་ཀྱང་གྲུབ་པ་མ་ཡིན་ནམ། གལ་ཏེ་ཡེ་ཤེས་ཀྱི་ཆོས་ཉིད་དེ་བཞིན་ཉིད་མ་སྐྱེས་ཤིང་མི་འཇིག་པས་དེ ་ལྷུར་བསྟན་ཏོ་ཞེ་ན། དེ་ལྟར་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་མ་སྐྱེས་ཤིང་མི་འཇིག་པས་མཚུངས་པ་ཉིད་དུ་འགྱུར་ཞེ་ན། སྐྱེན་མེད་དེ། འདིར་མེ་ལེང་ལྟ་བུའི་ཡེ་ཤེས་ཆོས་ཀྱི་སྐུའི་རདྭ་བཞིན་གྱི་དབང་དུ་བྱས་པ་སྟེ། ་དྲིའི་རིགས་ཙམ་ཐོག་མ་མེད་པ་ནས་ཡོད་པས་གློ་བུར་དུ་སྔ་ན་མེད་པའི་རྒྱུན་གཞན་གྱིས་བསྐྱེད་པ་མ་ཡིན་ལ། རྟག་ཏུ་རྒྱུན་དང་ལྡན་པས་མི་འཇིག་པ་སྟེ། ཇི་སྐད་དུ། སླར་ཡང་གཞན་དུ་མི་འགྱུར་ཞིང་། རྟག་དང་ཆད་པ ་སྦེང་བྱེད་པའི།། འཆི་མེད་དེ་ཉིད་ཡེ་ཤེས་བརྗོད། ཅེས་གསུངས་པའམ། ཡེ་ཤེས་འཆི་མེད་དྲུམ་པ་དེ་ལ་གཞལ་མེད་ཐོབ་ཅེས་གསུངས་པ་ལྟ་བུའོ།། ཡང་རྣམ་གྲངས་གཅིག་ཏུ་ན་སྐྱེ་འགགྨ་ལ་སྡིགས་པའི་མཚན་མར ་འཛིན་པ་མེད་པས་དེ་ལྟར་བསྟན་པའོ།། རྣམ་པར་ཤེས་པ་ནི་དེ་ལྟར་མ་ཡིན་ཏེ། དེ་དག་གི་མཚན་མར་འཛིན་པའོ།། མཚན་མ་མེད་པར་ལྟུང་ཞེས་པ་ནི་མཚན་མ་མེད་པའི་མཚན་མར་འཛིན་པའི་ཕྱོགསུ་ལྷུང་བ་སྟེ། ཡིད ་ཀྱི་རྣམ་པར་ཤེས་པའོ།། ལ་སོགས་པའི་མཚན་ཉིད་ནི་ཀུན་གཞི་བག་ཆགས་ཐམས་ཅད་ཀྱི་རྟེན་དུ་གྱུར་པའམ། འཇུག་པའི་རྣམ་ཤེས་གཟུང་བ་དང་འཛིན་པའི་རྣམ་པ་སྣ་ཚོགསུ་འདུས་པའོ།། བྲི་བོའི་མཚན་ཉིད་ནི་ཟག་པ། ་དང་བཅས་པའི་ས་བོན་བྲི་ཞིང་འགགས་པའོ།། རང་དང་སྤྱིའི་མཚན་ཉིད་ལ་སོགས་པའི་རྣམ་པར་དབྱེ་བ་རླགས་པར་རྟོགས་པ་ནི། གྲུབ་པའི་མཐའ་ཡིས་བློ་མ་བསྒྱུར་བ་རྣམས་ཀྱི་རྣམ་པར་ཤེས་པ་ཡིན ་ལལ་དེ་དག་གི་བྱེ་བྲག་ཞིབ་ཏུ་རྟགས་པ་སྟེ། གཟུགས་ནི་གཞིག་ཅིང་གཞོམ་དུ་རུང་བའི་མཚན་ཉིད་ཅེས་པ་ནས། འདུ་བྱེད་སྐྲོད་ཅིག་ལ་སྐྱེ་ཞིང་འཇིགས་པ་དང་དོན་དམ་པར་སྐྱེ་བ་མེད་པ་ལ་སོགས་པར་སྤྱིའི་ཚུལ་དུ་རྟོགས ་པར་བྱེད་པ་བྱིས་པའི་སྐྱེ་བོ་རྣམས་ཀྱི་རྒྱུད་ཀྱི་བསྡུས་པ་ནི་གྲུབ་མཐས་བསྒྱུར་བའི་རྣམ་པར་ཤེས་པའོ།། ཡོད་དང་མེད་པོའི་ཕྱོགས་ལ་མངོན་པར་ཚུགས་པ་ནི་ཕྱི་རོལ་པ་རྣམས་ཀྱིས་བདག་བརྟགས་པའི་ངོ་བོར་ནི་ཡོད ་ལ། དེ་ལས་གཞུན་གཟུགས་ལ་སོགས་པའི་དངོས་པོར་མེད་པའམ་གཞིན་ཡང་བྱིས་པའི་སྐྱེ་བོ་རྣམས་ཀྱི་དངོས་པོ་རྣམས་རང་རང་གི་ངོ་བོར་ཡོད་ལ། ཕན་ཚུན་གྱི་དངོས་པོར་མེདོ་ཞེས་མངོན་པར་ཞེན་པ་དང་བཅས ་པའི་ཡེ་ཤེས་ནི་འཇིག་རྟེན་པའོ།། གལ་ཏེ་དེ་ལྟ་ན་དེ་ནི་རྣམ་པར་ཤེས་པ་དང་མཚུངས་པ་ཉིད་དུ་འགྱུར་ཞིང་། གཞན་ཡང་དེ་འདྲ་བ་ཡེ་ཤེས་ཉིད་དུ་མི་འཐད་དེ། དེ་ཉིད་ཤེས་ཕྱིར་ཡེ་ཤེས་དང་ཞེས་པ་ལ་སོགས ་པ་གསུངས་པའི་ཕྱིརརོ་ཞེ་ན། དེ་ལྟར་བདེན་མེད་ཀྱི། འདིར་རྣམ་པར་ཤེས་པ་རྣམས་ཀྱིས་ཀྱང་ཕྱི་རོལ་གྱི་དོན་ཐ་དད་པའམ། དངོས་པོ་མེད་པར་རི་བོང་གི་རྭ་ལྟ་བུར་འཛིན་ཅིང་རོག་པ་ནི་མ་ཡིན་ཞིང་། འོན་ཀྱང་རང་གི་རང ་བཞིན་ཀུན་རྫོབ་པ་འཛིན་ཅིང་རིག་པ་ཡིན་ལ། དེ་ཡང་སྒྱུ་མ་ལྟ་བུར་དོན་དམ་པར་བདེན་པ་དང་དབྱེར་མེད་ཅིང་གཅིག་པས། དོན་གྱི་རང་གི་ངོ་བོ་གཅིག་བདག་ཉིད་མངོན་སུམ་ཡིན་པ་ལ།། ཚད་མ་རྣམས་ཀྱི་བརྟག་བྱ ་གང་།། མ་མཐོང་ཆ་གཞན་ཅི་ཞིག་ཡོད། ཅེས་གསུངས་པའི་ཚུལ་དུ་ཤེས་པའི་རང་གི་ངོ་བོ་རིཀ་ཅིང་སྣང་བ་ན་དེ་དང་ཐ་དད་པ་མ་ཡིན་པའི་དེ་བཞིན་ཉིད་ཀྱང་རིག་ཅིང་སྣང་བས་དེ་འདྲ་བའི་ལྡོག་པ་ནས་འཇིག་རྟེན་པའི་ཡི ་ཤེས་ཞེས་ཀྱང་བྱ་ལ། ཡང་དེ་བཞིན་ཉིད་ལ་ཕྱིན་ཅི་ལོག་གིས་སྒྲོ་འདོགས་གཅོད་པར་མི་ནུས་ཤིང་། རྒྱས་ཅན་ཀུན་རྫོབ་ཀྱི་ངོ་བོ་རིག་པའི་ཆ་ནས་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེ་ལ་སྒྲོ་འཇིགས་པ་ཡང་ཇི་སྐད་དུ། གཟུ ་ཆོས་མཐུན་པ་མཐོང་བ་ལས། ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས།། ཡོན་ཏན་གཞན་སྦྱོར་ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ།། དེ་ལྟར་སྒྲོ་འདོགས་པའི་ལྡོག་པའི་རང་ངམ་གཞན ་གང་ཡང་རིག་པ་མེད་པས་ཤེས་པ་ཉིད་དང་མ་ཡིན་ལ། འོན་ཀྱང་རང་གི་བདག་ཉིད་རིག་པའི་རྒྱ་ནས་ཤེས་པ་ཉིད་དུ་རྣམ་པར་བཞགོ།། དེ་ལྟར་ན་བྱིས་པ་དང་འཕགས་པའི་ཡེ་ཤེས་ཀྱི་ཁྱད་པར་ནི་མྱོང་བའི་དོན་ལ་སྒྲོ་འདོགས ་སེལ་བར་ནུས་པ་དང་། མི་ནུས་པའི་སྒོ་ནས་རྣམ་པར་བཞགོ།། ཡང་འཕགས་པ་ཉན་ཐོས་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པོའི་ཁྱད་པར་ནི། འདོགས་ཕྱོགས་གཅིག་གམ་མཐའ་དག་ས་བེ་ནི་དང་བཅས། ་ཏེ་སེལ་བའི་སྒོ་ནསོ།། གཞན་ཡང་རྣམ་པར་ཤེས་པས་དེའི་དེ་བཞིན་ཉིད་འཛིན་པར་གསུངས་ཏེ། རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས།། དེ་ནི་ཇི་ལྟར་ཡོད་པ་བཞིན།། འཛིན་འགྱུར་ཞེས་པ་ལ་སོགས་པ ་གསུང་སོ།། རང་དང་སྤྱིའི་མཚན་ཉིད་དུ་ལྷུང་ཞེས་པ་ལ། ཕུང་པོ་ལ་སོགས་པའི་རང་གི་མཚན་ཉིད་དང་། དེ་རྣམས་ཉིད་མི་བརྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་གང་ཟག་གི་བདག་མེད་པ་དང་། བཟུང་བ་དང་ངོ་བོ་ཉིད་མེད ་པའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་ཕྱིན་ཅི་ལོག་གི་སྒྲོ་འདོགས་དགག་པ་སྟེ། དེས་ན་འཇིག་རྟེན་པའི་ཡེ་ཤེས་དང་མཚུངས་པ་མ་ཡིན།། གཞན་ཡང་ཞེས་པ་ལ་སོགས་པ་སྔར་བསྟན་པ་ལྟར་ཡེ་ཤེས་དང་རྣམ་ཤེས ་ཁྱད་པར་མེད་པར་དོགས་པ་སེལ་བའོ།། གལ་ཏེ་ཡེ་ཤེས་སྔ་མ་དེ་ཉིད་གཉིས་ཀྱང་ཡུལ་སྣ་ཚོགས་ལ་ཆགས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཆགས་པའི་སེམས་དང་འབྲེལ་མེད་ཀྱི་གང་ལ་ཡེ་ཤེསུ་འགྲེ་བའི་བཟློག་པ་དེ་ཉིད ་ནོས་མངོན་པར་ཆགས་པའི་མཚན་ཉིད་མ་ཡིནོ།། མངོན་པར་ཆགས་པ་དེ་ཡང་ཁྱད་པར་དུ་ཡིད་ཀྱི་རྣམ་པར་ཤེས་པའོ།། གསུམ་འདུས་པ་ནི་དབང་པོ་དང་ཡུལ་དང་ཡིད་ལ་བྱེད་པཱ་སྔ་མ་སྟེ། དྲི་རྣམས་ཀྱི་ལ་སུ་བྱ་བ་སྐྱེས་བྱ ་དང་ལྡན་པའི་མཚན་ཉིད་ནི་སྒོ་ལྔའི་རྣམ་པར་ཤེས་པའོ།། ཐོབ་པ་མེད་པའི་མཚན་ཉིད་ནི་སྔར་བསྟན་པ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རིགས་ཐོག་མ་མེད་པ་ནས་ཡོད་པས་ལོམ་གྱི་སྟོབས་ཀྱི་གློ་བུར་དུ་ཐོབ་པོ་མ་ཡིན་པ། ་འོན་ཀྱང་ཕྱིན་ཅི་ལོག་གི་དྲི་མ་གློ་བུར་བ་ལམ་གྱིས་སྦྱངས་པ་འབའ་ཞིག་དུ་ཟད།། དེས་ན་དེ་འདྲ་བའི་ཡེ་ཤེས་གློ་བུར་དུ་འཇུག་ཅིང་ལྡོག་པ་མེད་པ་སྟེ། ཆུ་ལ་ཟླ་བའི་དཀྱིལ་འཁོར་གློ་བུར་དུ་ཞུགས་ཤིང་ལྡོག་པ་མེད་པ་མཚུངསོ།། ་ཚིག་སུ་བཅད་པའི་དོན་ནི་ཀུན་གཞི་དང་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པས་སྔར་བསྟན་པ་ལྟར་ལུས་སོགས་ཅིང་རྣམ་པར་སྨིན་པ་འབྱིན་པར་བྱེད་ལ། ཡེ་ཤེས་ཀྱི་ས་དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་རྟོགས་པས་རྗེ ་ལྟ་བ་བཞིན་རྣམ་པར་འབྱེད་ཅིང་ལས་ཆུད་ཟོས་པར་བྱེད་པའོ།། ཡེ་ཤེས་དང་ཤེས་རབ་ནི་རྣམ་གྲངསུ་གཏོགས་པའམ། ཡང་ན་སྔར་བཤད་པ་ལྟོ་རོ།། དེ་ལྟར་ནཱན་ཤེས་རབ་ཀྱི་སྣང་བ་མེད་པའི་ཡེ་ཤེས་ཆོས་ཀྱི་སྐུའི་ངོ་བོ་ཐོབ་པར་བྱེད ་ཅིང་། དེ་ལས་སེམས་ཅན་གྱི་དོན་བྱེད་པའི་མཐུ་ཡང་རབ་ཏུ་ཐོབ་པར་བྱེད་པའོ།། ཡང་ན་ཡེ་ཤེས་ནི་སྔར་བསྟན་པའི་སྐྱེ་བ་མེད་པ་དང་འགག་པ་མེད་པར་སྤྱིའི་ཚུལ་དུ་རྟོག་པ་མེད་པར་ཤེས་པས་བསྡུས་པའོ།། སེམས་ཀྱི་ལས་། ་ལྟར་སོགས་ཞེ་ན། ཡུལ་སྣ་ཚོགསུ་སྣང་བ་དང་འབྲེལ་ཅིང་དེ་ལྟར་བརྟོགས་པསོ།། ཡེ་ཤེས་ཀྱི་རྣམ་པར་འབྱེད་པ་ཡང་། དེ་ལྟར་བརྟག་པའི་དོན་ལ་ཇི་ལྟ་བོ་བཞིན་ཤེས་པའི་ཡེ་ཤེས་འཇུག་པའོ།། ཡང་དོན་དམ་པར་ཤེས ་པའི་ཤེས་རབ་ནི་སྣང་བ་མེད་པའི་དེ་བཞིན་ཉིད་ལ་འཇུག་ཅིང་། ཀུན་རྫོབ་ཤེས་པ་ནི་ཆོས་ཀྱི་བྱེ་བྲག་མ་འདྲེས་པ་ལ་འཇུག་པའོ།། སྣང་བ་མེད་པར་རྟོགས་པའི་ཤེས་རབ་དང་ཡེ་ཤེས་ནི་སེམས་དང་ཡིད་ལ་སོགས་པ་སྤངས་པ ་སྟེ། འཇིག་རྟེན་ལུས་འདས་པ་མཆོག་གི་ཡཱ་ཤེསོ།། གཟུང་འཛིན་དུ་རྟོག་པའི་ཆེས་དང་འབྲེལ་པ་ནི་ཉན་ཐོས་ལ་སོགས་པའི་ཡེ་ཤེསོ།། གལ་ཏེ་དེ་ལྟ་ན་ཉན་ཐོས་ལ་སོགས་པ་རྣམ་ཀྱང ་རྣམ་པར་མི་རྟོགས་པའི་ཡེ་ཤེས་དང་ལྡན་པ་ཉིད་དུ་སྦྱར་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་ལ་སྦྱིན་དུ་ལྟ་བུའི་སྒོ་ནས་མུན་ངག་གི་སྟོབས་ཀྱིས་དེ་འདྲ་བ་བཀླག་ཅིང་མཉམ་པར་བཞོག ་པའི་གནས་སྐབསུ་ཡིན་ལ་བརྟག་བྱའི་ཡུལ་སྟེང་པར་རྟོགས་པས་རྗེས་ཀྱི་ཡེ་ཤེས་ལ་ནི་རྣམ་པར་རྟོག་པ་འབྱུང་བའོ།། ཞི་དང་བཟང་པོའི་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཁྱད་པར་འཕགས ་པར་སྟོན་པ་སྟེ། གོང་ནས་གོང་དུ་ཕྱིན་ཅི་ལེག་ཞི་བ་དང་། ཟབ་མོའི་དོན་ལ་བཟེད་པའི་ཡེ་ཤེས་ཁྱད་པར་དུ་གྱུར་ཅིང་མབྱར་ཐུག་པས་ཁྱད་པར་དུ་འཕགས་པའོ།། དགེ་བ་ནི་ཉེས་པའི་བག་ཆགས་ཐམས་ཅད་དང ་བྲལ་བ་སྟེ། གཞན་ལས་བྱེ་བྲག་དུ་གྱུར་པའི་དོན་ཉིད་དུ་སྐྱེས་ལ། མཚན་མ་དང་ཉོན་མོངས་པའི་སྐྱོན་ཏུ་སྤྱོད་པ་སྤངས་པའོ།། ཤེས་རབ་རྣམ་པ་གསུམ་ནི་འཕགས་པའི་གང་ཟག་གི་བྱེ་བྲེག་ཤེས་པ་དང་། ཆོས་ཀྱི་མཚན ་ཉིད་ཇི་ལྟ་བར་རྟོག་པ་དང་། དངོས་པོའི་བྱེ་བྲག་ཇི་སྙེད་པར་ནོས་པའོ།། ཐོས་པ་དང་བསམ་པ་དང་བསྒོམ་པའོ་ཤེས་རབ་གསུམ་ལ་ཡང་སློབ་དཔོན་ཡེ་ཤེས་དཔལ་གྱི་བཤད་དེ། དེ་ལྟར་ན་ང་ཡིས་སྔར་སྦྱངས་པའམ་བཤད ་བའི་ཤེས་རབ་ཅེས་སྦྱར་བར་བྱའོ།། དེ་འདྲ་བའི་ཤེས་རབ་དེ་ཉིད་ཉན་ཐོས་དང་རང་སྔངས་རྒྱས་ཀྱི་ཐེག་པ་གཉིས་དང་མི་ལྡན་ཞིང་གཉིསུ་སྣང་བ་རྣམ་པར་སྤངས་པ་སྟེ། འཇིག་རྟེན་ལས་འདས་པ་མཆོག་གི་ཡེ་ཤེསོ།། ཚིག ་གཞན་ནི་ཤེས་པར་ཟོ་།། གཞོན་ཡུང་ཞེས་པ་ལ་སོགས་པས་འཇིག་རྟེན་པའི་ཡེ་ཤེས་ཀྱི་ཁྱད་པར་མུ་སྟེགས་བྱེད་རྣམས་ཀྱི་འདོད་པ་འགྱུར་པར་ལྟ་བ་སྟོན་ཏེ། དེ་ལ་མཚན་ཉིད་ནི་མཚན་མ་སྟེ་ཁ་དོག་ལ་སོགས་པའི་མཚན། ་མ་གཞན་དུ་འགྱུར་བའོ།། རྒྱུ་ནི་ཕྱི་རོལ་པས་བརྟགས་པའི་བྱེད་པ་སྟེ། འབྲས་བུ་བྱུང་བའི་ཚེ་གཞན་དུ་འགྱུར་པའོ།། སྦྱོར་བ་ནི་རྐྱེན་མང་པོ་འདུས་པ་སྟེ་དེའི་དྲི་དང་རོ་ལྔ་སོགས་པ་གཞན་དུ་འགྱུར་བའོ།། ལྟ་བ་ནི་མཐོང་། ་བའི་རྣམ་པ་སྟེ་ཡུལ་འགའ་ཞིག་འདོད་བྱའི་རྣམ་པར་མཐོང་བ་ལྔས་ཕྱིས་འདོད་བྱ་མ་པའི་རྣམ་པར་སྣང་བ་ལྔ་བུའོ།། སྐྱེ་བ་ནི་ས་བོན་གྱི་དུས་ནརྀ་མྱུ་གུ་མྦྷི་སྣང་ཞིང་མ་སྐྱེས་པ་ལུས་དེའི་རྗེས་ཐོག་སུ་སྐྱེ་ཞིང་། དེ་ཡང་གཞན ་དང་གཞན་དུ་སྐྱེ་ཞྀ་འགྱུར་བའོ།། དངོས་པོར་འགྱུར་བ་ནི་ལྗོན་ཤིང་ངོམ་འགྲོ་པོ་གཞོན་ནུའོ་ལུས་རིམ་གྱིས་ཆེས་ཆེར་འཕེལ་བ་མ་སྦྱར་གྱི་དེ་ཁོ་ན་ཉིད་ཡིནོ་ཞེས་དེ་ཞེས་ཀྱི་བློའི་ཡུལ་དུ་བྱེད་པ་ལྟོ་བུའོ།། རྐྱེན་སྣང་བ ་བྱེད་པ་འགྱུར་བ་ནི་ཇི་ལྟར་ཤིང་བཙུབས་པ་ལས་མེ་དང་། ཏིལ་རྣམས་ལས་མར་བྱུང་བ་ལ་སོགས་པ་ལྟ་བུའོ།། བྱ་བ་སྣང་བར་བྱེད་པའི་འགྱུར་བ་ནི་ཇི་ལྟར་སྦྲུལ་གྱི་སེས་སྐྱེས་བུའི་ལུས་ལ་བཟུང་བས་ཉམས་པ་ལི། སྔགས ་དང་སྨན་ལ་སོགས་པས་སྲོག་ཆགས་སྣང་བར་བྱེད་ཅིང་དབུགས་འབྱིན་པ་ལ་སོགས་པར་བྱེད་པའི་འགྱུར་བའོ།། ཞེས་སློབ་དཔོན་ཡེ་ཤེས་དཔལ་གྱིས་བཤ་དོ།། ཡང་མཚན་ཉིད་འགྱུར་བ ་ནི་ཇི་ལྟར་གདུ་སུ་ལ་སོགས་པའི་དབྱིབས་འགྱུར་བ་ན། དེ་དག་གི་མཚན་ཉིད་ཀྱང་གཞན་དུ་འགྱུར་བའོ།། རིགས་པ་འགྱུར་བ་ནི་ཇི་ལྟར་ཉེ་བར་འཇལ་བའི་ཆེད་མས་པ་མིན་ནཱི་བ་ལང་འདྲའོ་ཞེས་པའི་ཚིག་ལས་བཞོ་དག་ལ ་གྱི་བྱ་བར་བྱེད་པར་རྟོག་པ་ལ། ཕྱིས་དེ་མངོན་སུམ་དུ་མཐོང་བ་ན་སྔར་གྱི་ཚད་མ་ལས་གཞན་དུ་འགྱུར་པའམ། ལ་རྒྱུ་བ་ཀྱི་མེ་རྗེ་སུ་དཔག་པའི་ཚད་མས་རྟོགས་པ་ལས་དེའི་དྲུང་དུ་ཕྱིན་པས་མེ་མངོན་སུམ་དུ་རྟོགས་པ་ན། ་གང་ཟག་དེའི་སེམས་ཀྱི་རང་བཞིན་ལ་འགྱུར་བ་མེད་ཀྱང་དོན་དེ་རྟོགས་པའི་ཚད་མ་སྔ་མ་ལས་གཞོན་མངོན་སུམ་ཉིད་དུ་འགྱུར་བྱ་ལ་སོགས་པ་ལྟ་བུའོ།། རྒྱུན་སྣང་བར་བྱེད་པ་ནི་སྒྲོན་མ་དང་། ཉི་མ་དང་ཟླ་བ་ལ་སོགས་པའི། ་རང་བཞིན་ལ་འགྱུར་བ་མེད་ཀྱང་ཡུལ་གཞན་དང་གཞན་དུ་འཕེ་ཞིང་། དངོས་པོ་གཞན་དང་གཞན་སྣང་བར་བྱེད་པ་ལྷོ་བུའོ།། བྱ་བ་སྣང་བར་བྱེད་པ་ནི་ཇི་ལྟར་སྟ་རོས་ཤིང་གཅོད་པར་བྱེད་པའམ། རྫ་མཁན་གྱིས ་བུམ་པ་བྱེད་པ་ན། དེ་དག་གི་བྱ་བ་གྱེན་དུ་ལྡིང་བ་དང་ཐུར་དུ་འབབ་པ་དང་། ལག་པའི་འདུ་བྱེད་གཞན་དུ་འགྱུར་ཞིང་། དེའི་ལས་བྱ་བ་ཡང་གཞོན་དུ་འགྱུར་པ་ལྟ་བུའོ།། དེ་རྣམས་ཀྱང་གནས་སྐབས་འགྱུར་བ་ཉིད་དུ ་འདོད་པ་ཡིན་གྱིས་རང་བཞིན་ནི་འགྱུར་བ་མ་ཡིན་ཞེས་གྲུབ་མཐའ་རྩུ་བ་ཕལ་ཆེར་དེ་ལྟར་འདོད་པའོ།། དེ་དག་ལས་བསམས་ནས་གྲངས་ཅན་པ་རྣམས་ནི་འབྲས་བུའི་རང་བཞིན་སྔར་ནས་ཡོད་པ་དང་། གནས་སྐབས ་མེད་པ་ལས་གློ་བུར་དུ་སྐྱེ་བར་འགྱུར་བ་ཉིད་དུ་སྨྲ་ལ། ཡང་རྒྱུའི་རང་བཞིན་རྟག་ཏུ་ཡོད་པ་དང་། གནས་སྐབས་འབྲས་བུའི་དུས་ན་མེད་པ་ལས་འབྲས་བུ་སྐྱེ་བར་སྨྲ་བའོ།། གཞན་ཡང་སྔར་བསྟན་པ་ལྟར་ཡོད་པ་དང་མེད་པ ་ལས་ཇི་ལྟར་རིགས་པ་བཞིན་འབྲས་བུ་སྐྱེ་བར་སྨྲ་བ་སྟེ། གཙོ་ཚོར་འབྲས་བུའི་ཕྱོགས་ལ་ཡང་དག་པའི་དངོས་པོར་རྟོགས་པའོ།། འདི་ལྟ་སྟེ་ཞེས་པ་ལ་སོགས་པས་དག་སྔ་མའི་དོན་གསལ་བར་སྟེན་པའོ།། མུ་སྟེགས ་བྱེད་ཁ་ཅིག་ཅེས་པ་གྲངས་ཅན་ལ་སོགས་པའོ།། ཁ་ཅིག་ནི་རྒྱུ་ལ་རྟོགས་ཅེས་པ་རྒྱུ་ཡོད་པ་གཙོ་བོའི་རང་བཞིན་དང་དབང་ཕྱུག་ལ་སོགས་པའམ། དུས་དང་རང་བཞིན་གྱིས་འབྲས་བུ་བསྐྱེད་པ་སྟེ། གཙོ་བོར་རྒྱུའི་ཕྱོགས ་ལོ་དངོས་པོར་རྟོགས་པའོ།། དེ་ལྟར་རྒྱུ་དང་འབྲས་བུ་ལ་རྟོགས་པ་དེ་དག་ནི། ཡོངསུ་རྟག་པར་བྱ་བའི་དོན་བློ་ཡཱས་ཉེས་བྱར་བཟུད་ནས། རྒྱུ་དང་འབྲས་བུ་དེ་དགྲ་ནི་གནས་སྐབས་མི་གསོལ་བའི་སྒོ་ནུས་ཐ་དང་པོས་དེ ་བཞིན་དུ་གཅིག་ཉིད་ཀྱང་མ་ཡིན་ལ། རང་བཞིན་ནམ་སྤྱིའི་སྒོ་ནས་གཅིག་པས་གཞན་དུ་ཐ་དོད་པ་ཡང་མ་ཡིནོ་ཞེས་རྟོག་པར་བྱེད་པའོ།། དེ་ལ་ཆང་དང་ཆང་གི་མྱོས་པ་དང་དེའི་རྒྱུར་འགྱུར་བ་དང་། མེ་ཏོག་དང་འབྲས་བུ ་དང་། འཇིམ་པ་དང་། བུམ་བྱ་ལ་སོགས་པ་དེ་དག་ནི་མུ་སྟེགུས་བྱེད་པ་དག་གིས་འགྱུར་བ་རེ་རེར་རྣམ་པར་བརྟགས་ཏེ་དེ་ལ་ཕྱི་རོལ་གྱི་ངོ་བོར་གྱུར་པའི་འགྱུར་བ་ནི་ཀུན་རྫོབ་ཙམ་དུ་ཡང་མི་འཐད ་ལ་ཞོ་དང་འོ་མ་ལ་སོགས་པར་སྣང་བ་ཤེས་པའི་ངོ་བོར་གྱུར་པ་ཡང་རེ་རེ་པ་ཉིད་དུ་མིའཐད་དེ། ཤེས་པའི་བདག་ཉིད་སྐད་ཅིག་ཏུ་སྐྱེ་ཞིང་འགག་པར་འགྱུར་རོ།། སྐད་ཅིག་མ་ཉིད་ཡང་སྔར་བཤད་པ་ལྟར་དོན་དམ་པར་གྲུབ་པ ་མེདོ།། དེ་བཞིན་དུ་ཞེས་པ་ལ་སོགས་པའི་དོན་ནི་ཕྱི་རོལ་བཞིན་དུ་རྣམ་པར་རྟོག་པའི་བདག་ཉིད་གོམས་པ་རྒྱུན་གྱིས་འཇུག་ཅིང་ལྡོག་པ་ཡང་དོན་དམ་པོར་ངོ་བོ་ཉིད་མེད་པར་བལྟ་སྟེ། བློ་གྲོས་ཆེན་པོ་ཇི་ལྟར་སྒྱུ་མ་དང ་རྨི་ལམ་གྱི་གཟུགས་འབྱུང་བ་དང་ལྡོག་པ་མཐོང་བ་བཞིན་དུ་ཕྱི་རོལ་གྱི་ངོ་བོ་འམ་རྣམ་པར་རྟོགས་པའི་བདག་ཉིད་དུ་སྣང་བ་འདི་ལ་ཆེས་གང་ཡང་འཇུག་པའམ་ལྡོག་པ་མེདོ།། ཚིགསུ་བཅད་པའི་དོན་ནི་སཾ་ལ་སོམ ་པའི་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་གཟུགས་ལ་སོགས་པའི་ཕྱིའི་སྐྱེ་མཆེད་དང་། ནང་གི་སྐྱེ་མཆེད་རྣམས་དང་། དུས་ཀྱི་དབང་གི་ཁྱད་པར་དུ་འགྱུར་བའོ།། དེ་ལས་གཞན་པའི་རྒྱུས་ཁྱད་པར་དུ་འགྱུར་བའོ།། དེ ་བཞིན་དུ་གྲུ་བཞི་ལ་སོགས་པའི་དབྱིབས་དང་། དབྱིབས་ཀྱི་འགྱུར་བ་ལ་སོགས་པ་སྔར་བསྟན་པ་རྣམས་དང་། སྲིད་པ་བར་མ་བསྡུ་བ་སྟེ། སེམས་ཅན་རྣམས་ཀྱིས་སེམས་རྒྱུད་འགྲོ་བ་གཞན་དུ་ཉིང་མཚམས་འབྲེལ་པར ་བྱེད་པ་ན་སྐྱེ་གནས་གཞན་ནས་འཕོས་ཏེ་བར་དེའི་ཕུང་པོ་འགྲུབ་པ་དང་། དེ་ལས་ལས་ཇི་ལྟ་བ་བཞིན་དུ་འགྲོ་བ་གཞན་དུ་ཉིང་མཚམས་འབྲེལ་པར་བྱེད་པའོ།། དེ་ལ་བསྡུ་བ་ནི་སེམས་ཀྱི་རྒྱུད་དང་འབྲེལ་པའོ།། ཡང་ན ་དྲོ་ཉིད་བསྡུས་ཏེ་ཆོ་འཕོ་བའོ།། དེ་འདྲ་བ་ལ་སོགས་པའི་དངོས་པོ་རྟོག་པ་ནི་ཕྱིན་ཅི་ལོག་པའོ།། དེ་ནས་ཚིགསུ་བཅད་པ་གཅིག་གིས་ནི་འགྱུར་བ་དོང་བཅས་པའི་བརྟེན་འབྲལ་སྒྱུ་མ་ལྟ་བུར་སྟོན་ཏེ།། དེ་རྣམས་ཀྱང ་ཇི་ལྟར་ཁྱེད་ཀྱི་སྐད་ཅིག་འཇིག་ཅེས་དྲིས་པའི་ལྡན་དུ་སྦྱར་ཏེ། ཞིབ་ཏུ་ནི་འོག་ནས་ཀྱང་སྟོན་པར་འགྱུར་རོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་རྟེན་འབྲེལ་གྱི་བསྡུས་པ་མཚམས་སྐྱེར་བ ་འཇུག་པོ་དང་། ལྡོག་པའི་ཚུལ་རྒྱས་པར་སྟོན་ཏོ།། འདི་རྣམས་ཀྱང་། བཅིངས་པ་སུ་ལགས་གིང་གི་གྲོལ་ཞེས་དྲིས་པའི་ལྡན་དུ་སྦྱར་བར་བྱའོ།། དེ་ལ་མཚམས་སྦྱར་བ་ནི་གང་གི་རིགས་ཕྱི་མ་སྐྱེད་པར་བྱེད་པ་སྟེ། འདིར་ཆེ། ་ཐམས་ཅད་ནི་སེམས་ཙམ་དུ་འདུས་ལ། དེ་ཡང་ཕྱིན་ཅི་ལྕོག་དང་ཕྱིན་ཅི་ལོག་མ་ཡིན་པ་གཉིས་ལས། ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་གང་གིས་རང་གིསཱི་རིགས་ཕྱི་མ་ཉིད་མཚམོས་འབྲེལ་པར་བྱས་ཤིང་སྲིད་པའི ་ཡན་ལག་ལུག་སུ་འཇུག་པར་འགྱུར་ལ། ཕྱིན་ཅི་མ་ལོག་པའི་སེམས་གང་གིས་དེའི་རང་བཞིན་ཡོངསུ་ཤེས་པ་ནི་སྲིད་པའི་ཡན་ལག་ལུགས་ལས་ལྡོག་ཅིང་མཚམས་སྦྱོར་བ་མེད་པར་འགྱུར་བའོ།། མཚམས་སྦྱོར་བ། ་དང་མཚམས་སྦྱོར་བ་མ་ལགས་པ་ཐམས་ཅད་ཀྱི་ཐབས་ལ་མཁས་པ་ནི་གལ་ཏེ་སེམས་ཅན་གྱི་དོན་དུ་སྲིད་པར་ཉིང་མཚམས་སྦྱོར་བ་དེ་ལྟ་ན་ཡང་བདེན་པ་གཉིས་ཀྱི་ཐབས་ལ་མཁས་པ་བདག ་ཉིད་འཆིང་བར་མི་འགྱུར་བའོ།། སྒྲ་ཇི་བཞིན་གྱི་དོན་ནི་ཕུང་པོ་ལ་སོགས་པ་ཡོད་པར་བསྟན་པའི་དོན་ལའོ།། སྟོབས་ནི་རྣམ་པ་བཅུ་སྟེ་དེ་ཡང་སྔར་བསྟན་པ་ལྟར། དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་ལ་སོ ་པའི་རིགས་ཙམ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ནས་ཐོབ་པར་གསུངས་པའམ། གཞན་ཡང་འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ལས་བྱང་ཆུབ་སེམས་དཔའ་ཉིད་ཀྱི་སྟོབས་བཅུ་ལ་སོགས་པ་གསུངས་སོ།། ། ་གཟུངས་ཀྱི་ཕྱག་རྒྱས་བཏབ་པ་ནི་གང་གི་ཇི་ལྟ་བ་དེ་ཁོ་ན་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་གཏོགས་པ་རྣམས་ཆུད་མི་གསོན་ཅིང་འཛིན་པ་སྟེ། དྲན་པ་དང་ཤོས་རབ་ཀྱིས་བསྡུས་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། དེ་རིམ་གྱིས ་མཐར་ཐུགས་པའི་གནས་བཅུ་དང་ཤིན་ཏུ་འབྲེལ་པའི་བློ་སྟེ། ཆོས་ཀྱི་སྐུའི་ཡེ་ཤེས་ལ་བྱིརྟེན་ནས་ཟླ་བ་དྲང་ཉི་མ་ལ་སོགས་པ་ལྟར་རྟོག་པ་མེད་ཅིང་། ལྷུན་གྱིས་གྲུབ་པར་སྤྲུལ་པའི་འོད་ཟེར་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན ་བྱེད་ཅིང་ཆོས་ཐམས་ཅད་ལ་རང་གི་རྣམ་པར་རྟོག་པ་ཞེས་པ་ལ་སོགས་པ་སྦྱར་བར་བྱའོ།། སངས་རྒྱས་ཀྱི་ས་ཡང་ཆོས་ཀྱི་སྐུའི་ཡེ་ཤེས་ཉིད།། སྒྲ་གཞན་གྱི་རྣམ་གྲངས་ལ་འཇུག་པའི་གནས་ཀྱི་རབ་ཏུ་འགོད་པར་འགྱུར་ཞི་བ་ནི ་ཆོས་སྐྱེ་སོ་ཡང་དག་པར་རིག་པའམ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་གོ་རིམ་བཞིན་དུ་དོན་གཅིག་ཉིད་རྣམ་གྲངས་དུ་མའི་སྒོ་ནས་སྟོན་པར་མཁྱེན་པ་དང་། འགྲོ་བ་སྣ་ཚོགས་ཀྱི་སྐད་མཁྱེན་པའི་སྒོ་ནས་སོ་སོའི་སྐད་དུ ་ཆོས་སྟོན་པ་སྟེ། ཇི་སྐད་དུ། འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར་ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ་ཞེས་གསུངས་པ་ལྟ་བའོ།། ཡང་གདུལ་བྱའོ་མོས་པ་ཇི་ལྟ་བ་བཞིན་དུ་དོན་སྣ་ཚོ་གོས་སྟོན་པའི་སྒྲ་སྣ་ཚོགས་སྟོན། ་པའི་སྒོ་ནས་ཀྱང་།། དེ་ལ་གནས་ནི་དེ་ལྟར་མཁྱེན་པར་སྤྱོད་པའི་ཡེ་ཤེསོ།། ལན་གྱི་སྐབསུ་སེམས་ཅན་རྣམས་ཀྱི་ལྡོག་པའི་ལམ་ལ་མཐའ་མེད་མེད་ཀྱི། དེ་དག་ལས་ཕྱོགས་འགའ་ཙམ་བསྟན་པ་ནི། མཚན་ཉིད་ལ་མངོན་པར ་ཆགས་པ་ཞེས་པ་ལ་སོགས་པ་སྟེ། དོན་གོ་བོར་ཟད།། རླུང་གི་རྣམ་པར་རྟོག་པ་མངོན་པར་རྟོགས་པ་རྣམ་པར་རྟོག་པའི་མཚམས་སྦྱོར་བ་དང་། ཐེག་པ་མངོན་པར་རྟོགས་པ་རྣམ་པར་རྟོག་པའི་མཚམས་སྦྱོར་བ་ནི་གཉེན་པོ་ལ ་མངོན་པར་ཞེན་པའི་རྟོགས་པའོ།། ཡོད་པ་དང་མེད་པའི་ཕྱོགས་མུ་སྟེགས་ཅན་གྱི་གནས་ནི་སྔར་བསྟན་པ་ལྟར་བདག་རྟག་པ་ཞི་བའི་ངོ་བོར་ནཱི་ཡོད་ལ་དེ་ལས་གཞན་པའི་ངོ་བོར་མེད་ཅེས་རྟོགས་པའོ།། མཚམས་སྦྱོར་བ་དེ ་དག་ལ་མཚམས་སྦྱར་ཞེས་པ་ནི་རང་གི་རིགས་ཀྱི་རྒྱུ་སྔ་མ་དེ་དག་ལ་མཚམས་སྦྱར་ནས་རིགས་མཐུན་པའི་རྟོག་པ་ཕྱི་མ་རྣམས་མཚམས་སྦྱོར་བའི་མཚན་ཉིད་ལ་ཡང་དངོས་པོ་དང་དངོས་པོ་མེད་པར་མངོན་པར་ཆགས་ཤིང་ཞེན་པ ་xxx ་xxx ་xxx ་ཉིད་དུ་མཐོང་ཞིང་སེམས་པས་མཚམས་སྦྱི་ཧཱུཾ་ལྡོག་པའི།། གཞན་ཡང་བློ་ས་ཆེན་པོ་ཞེས་པ་ལ་སོགས་པས་ཉོན་མོངས་པའི་ཕྱོགས་ཀྱིས་བསྡུས་པ་འགྲོ་བ་གཞན་དོང་གཞན་དུ་ཉིད་མན་མོས་འབྲེལ་བའི་སྐྱེ ་xxx ་དག་ལོག་པར་རྟོགས་པ་དང་། ཁྲི་ཚོམ་གྱིས་བསྡུས་པ་ཁམས་གསུམ་གྱིས་མོ་ཤེས་པའོ།། ཉིན་མོངས་པོ་དེ་རྣམས་ཀྱིས་ཀུནི་ནས་བསླང་བའི་མི་དགེ་བའི་ལས་སམ། ལས་ཀྱིས་བོན་ལ་དགའ་བའི་འདོད་ཆགས་དང་ལྡན་པ ་ཡང་སྲིད་པ་ཅན་གྱི་སྲིད་པས་མཐུ་དང་ལྡན་པར་བྱས་པ་དང་། དེ་བཞིན་དུ་མ་རིག་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་དགེ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱ་སྟེ། དེ་ལྟ་ན་ས་བོན་དང་ལྡན་པས་ཀུན་གཞི་ལ་སོགས་པ ་ལ་མཚམས་སྦྱར་ནས་འགྲོ་བ་རྣམས་ཀྱིས་མཚམས་སྦྱོར་བར་འགྱུར་པ་སྟེ། འབྲས་བུས་བསྡུས་པའི་རྣམ་པར་ཤེས་པ་དང་། མིང་དང་གཟུགས་ལ་སོགསོ་པ་མངོན་པར་འགྲུབ་པའོ།། དེ་ལྟར་ན་ཐར་བས་མི་འཐདོ་ཞེ་ན། བློ་གྲོས ་ཆེན་པོ་ཞེས་པ་ལ་སོགས་པ་གསུངསོ།། ཡང་དག་པའི་ཤེས་རབ་ཀྱིས་གཏི་མུག་རྣམ་པར་བཟློག་སྟེ། ཆགས་སྡང་ལ་སོགས་པའི་ཡུལ་སྟོང་པ་ཉིད་དུ་རྟོག་པ་ན་དེ་འདྲ་བའི་མཚམས་སྦྱོར་བ་ཆད་ནས་ཐར་པར་འགྱུར་རོ།། གཞན ་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་ད་ལྟར་བའི་ཚེ་འདི་ཉིད་ལས་མ་འོངས་པའི་ཚེ་གཞིན་དུ་མཚམས་སྦྱོར་བ་སྟེན་ཏེ། ཡུལ་དང་དབང་པོ་དང་། རྣམ་པར་ཤེས་པ་གསུམ་འདུས་པའི་ཚུལ་གྱིས་ཡུལ་ཡོངསུ་གཅོད ་པའི་རིག་པ་དང་། དེའི་བྱ་བ་སྦྱོར་བ་སྟེ། རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་དང་། ཚོར་བའི་རྒྱུ་ལ་མངོན་པར་ཆགས་པའི་སྲེད་པ་དང་ལེན་པས་མ་འོངས་པའི་སྐྱེ་བ་འགྲུབ་པའི་ལས་མཐུ་དང་ལྡན་པར་བྱས་པའི་སྲིད་པས་མ ་འོངས་པའི་སྐྱེ་བ་ལ་སོགས་པོ་འགྲུབ་པའི་ཚུལ་གྱིས་མཚམས་སྦྱོར་བ་སྟེ། དེ་ལྟར་ན་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་ཚུལ་གྱིས་བར་ཆད་མེད་པར་སྲིད་པོ་མཚམས་སྦྱོར་བར་འགྱུརརོ།། དེའི་ཕྱིར་མདོ་འདིས་ཀྱང་རྟེན་ཅིང ་འབྲེལ་པར་འབྱུང་བ་ཚེ་གསུམ་ལ་རྫོགས་པ་ཉིད་དུ་བསྟན་ཏེ། འདི་ནི་དོན་རྒྱས་པར་ནི་སྔར་བསྟན་ཏོ།། རྣམ་པར་ཤེས་པ་རྣམས་ཀྱིས་ཞེས་པ་ལ་སོགས་པས་དེ་ན་དེ་དག་ལུགས་ལས་བཟློག་པ་ཉིད་སྟོན ་ཏེཏེ། ཏེདོན་སྔར་བསྟན་པ་བཞིན་ཤེས་པར་བྱའོ།། ཚིགསུ་བཅད་པའི་དོན་ནི་ཕལ་ཆེར་གོ་བར་ཟད།། དངོས་པར་ཤེས་པའི་སྒྲ་འཛིན་པ་ཞེས་པ་ནི་སྒྲ་དང་འདྲེས་པའི་དོན་འཛིན་པའམ། ཡང་ན་སྒྲ་ལས་མ་གཏོགས་པའི་དངོས་པོ་མེད ་པས་དེ་ལྟར་འཛིན་པ་ནི་མིང་གི་རང་བཞིན་གྱི་སྒྲ་ཉིད་འཛིན་པའོ།། ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་བརྩད་པ་སྤང་བའི་སྒོ་ནུས་སྔར་བསྟན་པའི་དོན་རྒྱས་པར་འཆུད་དེ། མཚན་ཉིད་མི་རིགས་ཞེས་པ་ནི་རྟོགས་པའི་བློ ་ཡིས།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཞེས་པ་ལ་སོགས་པའི་དོན་ནི་ལེའུ་དང་པོར་འབོད་འགྲེགས་ལྔ་གསུངས་པའོ།། དེ་ལྕེ་འཕགས་པའི་ཡེ་ཤེས་ལ་སོགས་པ་གསུམ་ནི་གོ་རིམ་བཞིན་དུ་སངས་རྒྱས་ཀྱི་སྤྱན ་ཆོས་ཐམས་ཅད་ཀྱི་ཡུལ་ཅན་དང་། ཆོས་ཀྱི་སྤྱན་འཕགས་པའི་གང་ཟག་གི་རྣམ་པར་དབྱེ་བ་རྟག་པ་དང་། ཤེས་རབ་ཀྱི་སྤྱན་དང་སྦྱར་བར་བྱའོ།། ཡང་ན་ཡེ་ཤེས་དང་མཐོང་བ་ནི་འཁྲུལ་པ་མེད་པ་དང་། རྟོག་པ་མེད་པ་སྟེ་རྟོག ་པ་དང་བྲལ་ཞིང་མ་འཁྲུལ་པའི་ཡེ་ཤེསོ།། དེ་ཉིད་དོན་ཇི་ལྟ་བ་བཞིན་དུ་རྟོགས་པས་ཤེས་རབ་ཅེས་ཀྱང་བྱའོ།། ཡང་རྣལ་འབྱོར་སྤྱོད་པའི་སོ་ལས། ཤེས་པ་ནི་རབ་ཏུ་འབྱེད་པའི་དོན་ཏོ།། མཐོང་བ་ནི་རབ་ཏུ་ཚོལ་བའི་དོན་ཏེ། ་འདི་ལྟར་ཟག་པ་མྱེད་པ་འཕགས་པའི་ཡེ་ཤེས་ཀྱི་རབ་ཏུ་རྣམ་པར་འབྱེད་ཅིང་། ཡོངསུ་ཚོལ་བའི་ཕྱིར་འཕགས་པའི་ཤེས་པ་དང་མཐོང་བ་ཞེས་བྱའོ་ཞེས་གསུང་སོ།། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ ་གྲེལ་པ་ལས་སློབ་དཔོན་དབྱིག་གཉེན་གྱིས། འཕགས་པའི་ཡེ་ཤེས་མངོན་སུམ་གྱི་ཆད་པ་ནི་ཤེས་པ་དང་མཐོང་བའི་ཞེས་པའོ།། ཤེས་པ་འབའ་ཞིག་བསྟན་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། ཤེས་པ་འདི་ཡིས་ཤེས་པར ་འགྱུར་པའོ།། དེས་ཀྱང་ཐ་མལོ་པའི་མིག་གི་ལྟ་བུ་ལས་ཀྱང་རྣམ་པར་འབྱེད།། མཐོང་བ་ཁོ་ན་བསྟན་པ་གང་ཡིན་པ་ནི་འདི་ལྟ་སྟེ། ཤའི་མིག་ལ་སོགས་པས་མཐོང་བར་འགྱུར་པའོ།། དེས་ཀྱང་རྗེསུ་དཔག་པའི་ཤེས་པ ་ལས་རྣམ་པར་འབྱེད།། ཞེས་གསུངས་ཏེ། འདིར་ནི་དེ་རྣམས་རྗེ་སུ་འབྲེལ་པ་མོ་ཡིན་ཏེ། གཞུང་དང་མི་མཐུན་པསོ།། བློ་གྲོས་ཆེན་པོས་གསོལ་པ་ཞེས་པ་ལ་སོགས་པས་ནི་སངས་རྒྱས་ཀྱིས་གསུངས་པའི་དོན་རྗེ་སུ་བརྗོད་པ་སྟེ། ་དེ་ལ་འཕྲུལ་གྱི་མྲྀ་གི་ནི་ལྷན་སྤྱན་སྟེ། གཙོར་པོར་སྔོན་གྱི་རྣམ་པར་སྨིན་པ་ལས་བྱུང་ཞིང་ཡེ་ཤེས་ལ་བརྟེན་པ་སྟེ། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། བྱང་ཆུབ་སེམས་དཔའ་ལྕེའི་སྤྱན་གྱིས་ནི་སུམ་ཅུ་རྩ་གསུམ ་པ་ལ་སོགས་པའི་ལྷ་རྣམས་ཀྱི་ལྷའི་མིག་ཤེས་ལ། ལྷ་རྣམས་ཀྱི་མིག་གིས་ནི་བྱང་ཆུབ་སེམས་དཔའི་ལྷའི་སྤྱན་ཤེས་པར་མི་ནུསོ་ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ།། ཤའི་མིག་ནི་ཇི་སྐད་དུ། འཕགས་པ་ཉན ་ཐོས་རྣམས་ཀྱིས་དབང་དུ་བྱས་ནུ། སྟེང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་ཐུག་པའི་བར་དུ་མཐོང་བ་དང་། དབང་པོ་ལ་རྟེན་པའོ།། ཞེས་གསུངས་པ་ལྟ་བུའོ།། དེ་དག་གི་མཐོང་བ ་མ་ཡིན་པ་འཕགས་པའི་ཡེ་ཤེས་ལ་སོགས་པས་དངོ་སོ་པོའི་ངོ་བོ་ཉིད་རྟོག་པ་དེ་བཞིན་བདེན་གྱི། བྱིས་པའི་སྐྱེ་བོས་ཇི་ལྟར་བརྟགས་པ་དེ་ལྟར་མ་ལགས་ན་ཞེས་སྔར་གསུངས་པའི་དོན་རྗེ་སུ་བརྗོད་པའོ།། བཅོམ་ལྡན་འདས ་ཞེས་པ་ལ་སོགས་པས་དངོས་པོའི་ངོ་བོ་ཉིད་རྟོགས་པ་དེ་བཞིན་དུ་བདེན་གྱི། བྱིས་པའི་སྐྱེ་བོས་ཇི་ལྟར་མ་ལགས་ན་ཞེས་སྔར་གསུངས་པའི་དྲན་རྗེ་སུ་བརྗོད་པའོ།། བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་བྱིས་པའི ་སྐྱེ་བོའི་དོགས་པ་དང་བརྟན་ནས། དེ་ཉྩིད་གུསྔལ་བའི་དོན་དུ་སྦྱིན་བརྗོད་པའོ།། དེའི་དེ་ན་ཡང་ཇི་ལྟར་འཕགས་པས་བརྟགས་པར་བྱ་བའི་ངོ་བོ་ཁོང་དུ་མི་ཆུད་པའི་ཕྱིར་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ལྡོག་པར་མོ་འགྱུར ་བོ་དང་། གཞན་ཡང་དེ་ལྟ་ནི་བྱིས་པའི་བློ་ཕྱིན་ཅི་ལོག་འབའ་ཞིག་ཏུ་མ་ངེས་ཏེ། འཕགས་པས་རྟོགས་པར་བྱ་བའི་དངོས་པོའི་ངོ་བོའི་རང་བཞིན་ཁོང་དུ་མ་ཆད་པས་ཕྱིན་ཙོ་མ་ལོག་པ་ཡང་མ་ལགས་ཤིང་། ཡང་ཀུན་ནཱས ་ཉོན་མོངས་པའི་གཞན་དབང་རྣམ་པར་རྟོག་པའི་བདག་ཉིད། ཡོད་པ་དང་མེད་པའི་མཐའ་གཉིས་ལས་ལོག་པ་སོ་སོ་རང་གི་རིག་པའི་ཕྱིར། ཕྱིན་ཅི་ལོག་པོ་ཡང་དོག་པ་མ་ལགས་ཞེས་པའོ།། གལ་ཏེ་དེ་ལྟ་ན་བྱིས་པའི་སྐུ ་བོ་ཐམས་ཅད་གྲོལ་བ་ཉིད་དུ་འགྱུར་ཞེ་ན། མ་ཡིན་ཏེ། དངོས་པོའི་ངོ་བོ་ཇི་ལྟ་བ་བཞིན་དུ་རིགས་ཅིང་ཡལ་དུ་བྱས་མེད་ཀྱི། སྔར་བསྟན་པ་ལྟར། གཟུགས་ལ་ཆོས་མཐུན་པ་མཐོང་བ་ལས། ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། ཕྱིན་ཅི་ལོག ་གི་སྒྲོ་འདོགས་མ་ཆོད་པའི་ཕྱིར་རོ།། བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ནི་འཕགས་པ་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པའི་དངོས་པོ་མི་བརྟག་པ་དང་དུ་མའི་རང་བཞིན་ལ་སོགས་པར་རྣམ་པར ་བརྟགས་ཤིང་། དེ་ལྟར་རྟོག་པོའི་བློ་ཡང་། རང་གི་མཚན་ཉིད་དོན་དམ་པའི་ཡུལ་ལ་སྤྱོད་ཡུལ་དུ་བྱེད་ཅིང་རྟོག་པ་མ་ལགས་པའི་ཕྱིར། ཇི་ལྟར་བརྟགས་པ་དེ་བཞིན་དུ་བདེན་པར་མི་འགྱུར་བའོ།། བཅོམ་ལྡན་འདས་ཞེས ་པ་ལ་སོགས་པས་བྱིས་པ་དྲང་འཕགས་པ་དེ་དག་གིས་ཡུལ་དུ་བྱས་པའི་གཞན་གྱི་དབང་གི་དངོས་པོའི་རང་བཞིན་དང་། ཚན་ཉིད་དེ་ཡང་སྒྱུ་མ་བསྟན་པའི་ཞེས་པ་སྟེ། རྣམ་གྲངས་ཀྱི་ཀུན་ཏུ་བརྟག་པའི་རང་བཞིན ་སྒྱུ་མ་ལྟ་བུའི་རྒྱུ་ལས་བྱུང་གི། དངོས་པོ་ཡང་དག་པའི་རྒྱུ་ལས་མ་བྱུང་བ་ལ། དེ་ལྟར་མ་བསྟན་ཅིང་། མ་རྟོགས་ཏེ། དངོས་པོ་ཡང་དག་པའི་རྒྱུ་ལས་བྱུང་བ་ཉིད་དུ་ཀུན་བརྟགས་པས་མི་བདེན་པའི་དོན་བློ་ཡིས་བཞག་པའི ་ཕྱིར་ཀུན་བརྟགས་པའི་རང་བཞིན་ཉིད་སྣང་བའོ།། དེ་ལྟར་ན་དངོས་པོའི་མཚན་ཉིད་ལ་ལྟ་བར་ལྷུང་བས་ཕྱིན་ཅི་མ་ལོག་པའི་བློ་ལས་གཞན་དག་གི་སྤྱོད་ཡུལ་དུ་འགྱུར་ཏེ། དེའི་ཕྱིར་དེ་ལྟར་འཛིན་པའི་བློ་ཡིས་དངོས་པོའི ་རང་གི་མཚན་ཉིད་ཁོང་དུ་མ་ཆུད་པའི་ཕྱིར་ཕྱིན་ཅི་ལྡོག་ཕྱི་མའི་མཐའ་ཐུག་པ་མ་མཆིས་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་ལྡོག་པ་མེད་པར་འགྱུར་ཞེས་པའོ།། བཅོམ་ལྡན་འདས་ཞེས་པ་ལ། ་སོགས་པས་དོན་དེ་རྣམས་ཉིད་རྒྱས་པར་སྟོན་ཏེ། ཀུན་བརྟགས་པའི་རང་བཞིན་གྱི་རྒྱུ་ལས་སྐྱེས་པ་ནི་སྔར་བཤད་པ་ལྟར་རྣམ་གྲངས་ཀྱི་ཀུན་བརྟགས་པ་སྟེ། དེ་ལྟར་རྟོག་པའི་གཞན་དབང་སྔ་མ་རྣམས་ཀྱི་རྒྱུ་ལས ་སྐྱེས་པ་དོན་དམ་པའི་དངོས་པོའི་རང་བཞིན་གྱི་མཚན་ཉིད་མ་ལགས་པ་ན་ཞེས་པའོ།། དེ་ལྟ་མ་ལགས་བཞིན་དུ་ཡང་དག་པའི་དངོས་པོའི་རྒྱུ་ལས་སྐྱེས་ཤིང་། དེ་འདྲ་བའི་དངོས་པོར་ཀུན་བརྟགས་པས་ཇི་ལྟར་ནྱ་ཀུན ་བོརྟགས་པའི་རང་བཞིན་དུ་མི་འགྱུར་ཏེ། དེ་འདྲ་བའི་གཞན་དབང་ནི་ཀུན་ཏུ་རྟག་པ་འབའ་ཞིག་ཏུ་འགྱུར་པའོ།། དེའི་དོན་ཡང་སྒྱུ་མུ་ལ་བུའི་གཞན་དབོང་ལ་དོན་དམ་པའི་དངོས་པོ་བརྟགས་པ་ནི་མི་བདེན་པའི་དོན ་ཟློབློས་བརྟགས་པའི་ཕྱིར། བརྟགས་པ་འབའ་ཞིག་དུ་འགྱུར་ཞེས་པའོ།། བརྟག་ས་པ་ཇི་ལྟ་བུར། བརྟགས་པ་དེ་བཞིན་ཞེས་པ་ནི་དྭེན་གཅིག་བྱ་སྟེ་སྔ་མའི་བཤད་པ་ཉིད་དུ་ཕྱི་མ་སྦྱར་བར་བྱའོ།། བཅོམ་ལྡན་འདས ་ཞེས་པ་ལ་སོགས་པོས་ནི་སྒྱུ་མ་ལྟ་བུའི་གཞན་དབང་དོན་དམ་པའི་དངོས་པོའི་རང་བཞིན་མ་ཡིན་ཏེ། དེ་དག་རྒྱུ་མི་མཐུན་པའི་ཕྱིར་ཞེས་པའོ།། དེའི་དོན་ནི་སྒྱུ་མ་ལྟ་བུའི་གཞོན་དབོང་རྣམ་པོར་རྟོག་པ་སྔ་མ་ལས ་བྱུང་བ་དང་། དངོས་པོའི་རང་བཞིན་དྲོན་དམཱ་པ་ལ་དེ་བཞིན་དུ་ཡོད་ན་དོན་དམ་པའི་རྒྱུ་ལས་འབྱུང་བར་འཐད་པའི་ཕྱིརོ།། དེ་ལ་འདིར་བྱས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་གཞན་དབང་སོ་སོར་རྣམ་པར་རྟོག་པའི་ཕྱིར་མཚ ་ཉིད་ཀྱང་། དོན་དམ་པའི་དངོས་པོའི་རང་བཞིན་གྱི་མཚན་ཉིད་དུ་བརྟགས་ལ་དེ་ཡང་སོ་སོར་རྣམ་པར་རྡོ་ཌ་དའི་མཚན་ཉིད་དུ་བརྟགས་པ་ནི་ཕན་ཚུན་དུ་ཇི་ལྟར་བརྟགས་པ་འབའ་ཞིག་དུ་འགྱུར་ཏེ། མི་བདེན་པའི་དོན་བློའི་ས་སྒྲོ་བརྟག ་པའི་ཕྱིར་ཞེས་སྐབས་ཀྱི་དོན་བརྟན་པར་བྱའོ།། འདི་ལྟར་ཞེས་པ་ལ་སོགས་པས་བརྩད་པའི་དོན་བསྡུ་བ་སྟེ། ཕྱིན་ཅི་ལོག་གི་རྟོག་པ་བཟློག་པའི་དོན་དུ་ཇི་ལྟར་འཕགས་པའི་ཡེ་ཤེས་ལ་སོགས་པའི་ཡུལ་ཡོད་པ་ཉིད་དུ་སོ་སོ ་རྣམ་པར་རྟོག་པས་བརྟགས་པ་དེ་བཞིན་དུ་མདོ་ཞེས་བགྱིའམ། གཞན་ཡང་སྦྱར་བྱ་རྒོད་ཕུང་པོའི་རཱི་ལ་ཡོད་པ་དང་མེད་པའི་མཐའ་གཉིསུ་ལྟ་བ་བཟློག་པ་སྟེ། ཡང་མདོ་སྡེ་འདི་དང་དགོངས་པ་ངེས་པར་འགྲེལ་པ་ལ་སོག ་པས་དངོས་པོའི་རང་བཞིན་ལ་མངོན་པར་ཆག་སྨྲ་སྟེ། བྱིས་པའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་རྣམ་པར་རྟོག་པའི་གཞན་དཔུང་ཡོད་པར་བསྟན་པས་དེ་ལ་མངོན་པར་ཆགས་པ་དང་། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ་ཡུལ་ཡོད་པར་བསྟན་པས་ཡོད་པར་ལྟ་བ་འགོད་ཅིང་། ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱང་ཡོད་པར་བསྟན་པས་སྔར་རབ་ཏུ་དབེན་པའི་ཆེས་བསྟན་པ་མ་མཆིས་པར་བགྱིའམ་ཅི་ལག་ཞེས་མ་རངས་པའི་ཚུལ་གྱིས་བརྩད་པའོ། ་ལན་གྱི་དོན་ནི་དེ་ལྟར་བསྟན་པ་ནི་བཞུགས་པ་ལ་ལྡེམ་པོར་དགོངས་པ་ཡིན་གྱི། སྒྲ་ཇི་བཞིན་གྱི་དོན་དུ་མ་ཡིན་ཞེས་པའོ།། རྣམ་པ་གཅིག་ཏུ་ན་འཕགས་པའི་ཤེས་རབ་ཀྱི་མིག་གིས་དངོས་པོའི་རང་བཞིན ་ཇི་ལྟར་རྟོག་པ་དེ་ལྟ་བུར་དངོས་པོའི་རང་བཞིན་ནོ་ཞེས་པའི་དོན་ནི་དངོས་པོར་སྣང་བ་རྣམས་ཀྱི་རང་བཞིན་སྒྱུ་མ་ལྟ་བུར་རྟོག་པ་དེ་ལྟ་བུར་དངོས་པོའི་ཆོས་ཉིད་ཡིན་ཞེས་སྒྲ་རྗེ་བཞིན་གྱིས་དོན་དུ་ཡང་འགྱུར་མེད་ཀྱི། འོན་ཀྱང་དངོས ་པོའི་སྒྲ་སྨོས་པས་དོན་དམ་པའི་དངོས་པོར་ཡང་བྱིས་པའི་སྐྱེ་བོ་དག་དོགས་པར་འགྱུར་བས། དེ་འདྲ་བའི་སྒྲ་ནི་དགོངས་པ་ཅན་ཉིད་ཡིན་ཞེས་པའོ།། མངོན་པར་ཆགས་པའི་མཚན་ཉིད་དུ་ལྟ་བས་རབ་ཏུ་དབེན་པའི་ཆོས་སྟོན་ཅེས ་པ་ནི་དེ་འདྲ་བའི་ཐབས་ལ་བརྟེན་ནས་མཐར་གྱིས་རབ་ཏུ་དབེན་པ་རྟོགས་པར་བྱེད། ཅེས་པ་སྟེ་འདིའི་དོན་ནི་སྔར་རྒྱས་པར་བསྟན་ཏོ།། དངོས་པོའི་རང་བཞིན་བསྟན་པ་ནི་བྱས་མོད་ཀྱི་ཞེས་པ་ལ། དེ་ཉིད་མཐར་ཐུག་པའི་དོན་ཡིན ་ཞིང་དེ་འདྲ་བའི་རྟག་པ་ལ་དགོད་པར་བྱ་བའི་དོན་དུ་མ་བསྟན་ཅེས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་བཞིན་གཤུགས་པ་བདག་ཉིད་ཀྱི་དབེན་པའི་ཚེ་སཽ་རྟོགས་པ་ན་ཡང་ཕོག་མར་དངོས་པོར་འཛིན་པའི་ཐབས ་ལ་བརྟེན་ནས་མཐར་གྱིས་དབེན་པོའི་ཆོས་རྟོགས་པས་གཞན་ལ་ཡང་དེ་བཞིན་དུ་སྟོན་པ་སྟེ། ཇི་སྐད་དུ། སྐྱོབས་པ་ཉིད་གཟིགས་ལམ་གསུང་བ། འབྲས་མེད་ཕྱིར་ན་བརྫུན་མི་གསུང་ཞེས་གསུངས་པ་ལྟ་བའོ།། གཞན་ཡང ་བློ་གྲོགྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྔར་ཆོས་ཐམས་ཅད་སྐྱེ་བ་མེད་པར་ལ་སོགས་པར་དམ་བཅས་པས་ན་བྱིས་པའི་སྐྱེ་བོ་དག་དེ་ལྟར་ན་མངོན་སུམ་ལ་སོགས་པ་དང་འགལ་བར་འགྱུ་རོ་སྙམ་དུ་དོགས་པས་དེ་དག་བས ་བའི་དོན་དུ་དེ་བཞིན་གཤེགས་པས་ཀུན་རྫོབ་ཀྱི་སྐྱེ་བ་ལ་སོགས་པ་མེདོ་ཞེས་དམ་བཅའ་བར་མི་བྱ་སྟེ། བྱིས་པའི་སྨྲ་བ་བདེན་པར་འགྱུར་བའི་ཕྱིར་ཞེས་ཉེ་བར་གདམས་པའོ།། དེའི་དོན་ནི་དམ་བཅའ་བའམ། དམ་བཅའ་བའི་ཚིག ་ཀྱང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་ཀུན་རྫོབ་ཏུ་ཡང་མ་སྐྱེས་པར་འགྱུར་བ་དང་། ཡང་དམ་བཙོའི་བོའི་དོན་དེ་ལྟར་ཤེས་ཤིང་འདོད་པའི་རྒྱུ་ཡིས་ཚིག་འཇུག་པར་འདོད་པས་ཤུགས་ལ་སྐྱེ་བ་ཁས་བླངས་པའི་ཕྱིར། དངོས་ཀྱི ་དམ་བཅའ་བ་དང་། ཤུགས་ཀྱི་དམི་བཅའ་བོ་གཉིས་འགལ་པོར་འགྱུར་བས་དམ་བཅས་པ་ལས་ཉམས་པའོ།། གཞན་ཡང་དམ་བཅའ་བའི་ཚིག་ལས་ཕ་རོལ་པ་ལ་རྟོག་པ་སྐྱེ་བར་འདོད་ལ། དེ་ཡང་ཆོས་ཐམས་ཅད་ཀྱི་ནང ་དུ་འདུས་པས་མ་སྐྱེས་པར་ཡང་ཁས་བླངས་པའི་ཕྱིར་བདག་ཉིད་ཀྱི་ཚིག་འགལ་བས་དམ་བཅས་པ་ལས་ཉམས་པའོ།། དམ་བཅས་པའང་ཞེས་པ་ལ་སོགས་པས་དོན་དེ་ཉིད་རྒྱས་པར་སྟོན་ཏེ། དམ་བཅའ་བའི་ཚིག་དམ་བཅའ ་བའི་དོན་ཤེས་པ་དང་དེ་ལྟར་བསྟན་པར་འདོད་པ་ལས་བྱུང་བར་དོན་གྱིས་ཁས་བླངས་པས་ཞེས་པ་སྟེ། སྔར་བསྟན་པ་བཞི་ནོ།། དེ་སྟེ་ཞེས་པ་ལ་སོགས་པས་དམ་བཅའ་བའམ། དེའི་ཚིག་ཀུན་རྫོབ་ཏུ་མ་སྐྱེས་པར་འདོད་ན། དེ་དག ་རང་གི་ངོ་བོ་མ་ཐོབ་པའི་ཉམས་པ་ཉིད་དུ་འགྱུར་བ་སྟེ། བདག་ཉིད་ལ་བདག་ཉིད་སླུ་བར་བྱེད་པ་འདའ་ཞིག་དུ་ཟད།། དམ་བཅས་པ་ཡང་མཚན་ཉིད་ཐ་མི་དད་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་ནང་དུ ་འདུས་པས་དེ་རྣམས་ལས་མཚན་ཉིད་གཞན་མེད་པའོ།། དམ་བཅའ་བའི་ཡན་ལག་གི་རྒྱུས་ཞེས་པ་ལ་སོགས་པས་ནི་དོན་དེ་ཉིད་རྣམ་པར་ཕྱེ་སྟེ་སྟོན་པའོ།། དེའི་དོན་ནི་དམ་བཅའ་བའི་ཡན་ལག་དང་། གཏན་ཚོགས་ཀྱི ་ཡན་ལག་དང་། དཔེའི་ཡན་ལག་སྟེ་རྣམ་པ་གསུམ་ལས། འདིར་དམ་བཅའ་བའི་ཡན་ལག་སྟེ། ཆོས་ཐམས་ཅད་ནི་ཡོད་པ་དང་མེད་པ་ལས་མ་སྐྱེས་ཞེས་དམ་བཅའ་བ་ཡིན་ལ། དེ་ཉིད་རྒྱུ་མཚན་གྱི་རྒྱུ་ཡང་ཡིན་པས་ཡན ་ལག་གིས་རྒྱུས་ཞེས་གཞི་མཐུན་པའི་བསྡུ་བ་ཉིད་དུ་སྦྱར་བར་བྱའོ།། རྒྱུ་མཚན་དེས་ན་མ་ཐོབ་པའི་ཉམས་པའམ། འགལ་བ་ཁས་བླངས་པས་ཉམས་པ་ཉིད་དུ་འགྱུར་བའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དམ་བཅའ ་བའི་དོན་ད་ལྟར་འདོད་པའི་བློ་དང་། དམ་བཙའ་བའི་ཚིགོ་མ་སྐྱེས་པ་དེ་ཡིས་དངོས་པོ་ཐམས་ཅད་མ་སྐྱེས་པའོ།། ཞེས་དམ་བཅའ་བར་བྱེད་ན་ཞེས་པ་དམ་བཅའ་བའི་དོན་འཇོག་ཅིང་རྟག་པ་སྐྱེས་པར་བྱེད་པ་ན་ཡང་། དམ་བཅས་པ ་ལས་ཉམས་པར་འགྱུར་ཏེ། སྐྱེ་བའི་ཁྱད་པར་བླངས་པའི་ཕྱིར།། དོ་མ་བཅས་པ་ཞེས་པ་ལ་སོགས་པས་ནི་གཞན་དག་དམ་བཅས་པའི་ཚིག་ལ་སོགས་པ་མ་སྐྱེས་པའི་དངོས་པོའི་མཚན་ཉིད་དུ་འགྲུབ་པས་མ་ཐོབ་པའི་ཉམས་པ ་མི་འགྱུརརོ་ཞེ་ན། མ་སྐྱེས་པའི་དངོས་པོ་ནི་འགལ་བས་དེ་ལྟར་དམ་བཅའ་བར་མི་བྱ་ཞེས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་ཉིད་རྒྱས་པར་འཆད་པའོ།། ཡན་ལག་ཕན་ཚུན་ཞེས་པ་ལ་སོགས་པའི་དོན་ནི་དེ་ལྟར ་དམ་བཅས་པའི་ཡོན་ལག་ལས་གཏན་ཚིགས་དང་དཔེའི་ཡན་ལག་འཇུག་ཅིང་། དེ་དག་ལས་ཀྱང་དམ་བཅའ་བའི་ཡན་ལག་གི་དོན་རྟོགས་པ་དང་། དེ་འདྲ་བའི་ཚིག་འཇུག་པའི་ཕྱིར། ཕན་ཚུན་དུ་རྒྱུར་གྱུར་པའི་མཚན་ཉིད ་མི་འདྲ་བ་དང་། དེ་དག་གིས་ཀྱང་འབྲས་བུའི་བྱེ་བྲག་མི་འདྲ་བ་བྱས་ཤིག་དེ་ལྟར་ཁས་ལེན་པཱ་ཕྱིར་འགལ་བར་འགྱུར་བས་ཡན་ལག་རྣམས་དམ་བཅའ་བར་མི་བྱའོ་ཞེས་གདམས་པའོ།། གལ་ཏེ་དེ་ལྟ་ན་དེ་བཞིན་གཤེག ་པ་ཉིད་ཀྱིས་སྔར་གསུངས་པ་དང་འག་ལོ་ཞེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཀུན་རྫོབ་ཙམ་དུ་ཡང་ཆེས་ཐམས་ཅད་མ་སྐྱེས་པ་དང་སྟོང་པ་ལ་སོགས་པར་དམ་བཅའ་བར་མི་བྱ་མེད་ཀྱི ་སྦྱར་བསྟན་པའི་དོན་ནི་སྒྱུ་མ་ལ་སོགས་པ་སྦྱར་དོན་དམ་པའི་དངོས་པར་མ་སྐྱེས་ཤིང་ངོ་བོ་ཉིད་མེད་པ་ལ་སོགས་པ་དང་ཀུན་རྫོབ་ཏུ་དེ་ལྟར་སྣང་བ་སྟེ། ཟུང་དུ་འཇུག་པ་ཉིད་དུ་བསྟན་པའོ།། གཞན་དུ་ན་ཞེས་པ་ལ ་སོགས་པའི་དོ་ནི་ཀུན་རྫོབ་ཏུ་མ་སྐྱེས་པ་ལ་སོགས་པ་ལས་པའ་ན། དོན་དམ་པར་མ་སྐྱེས་པ་ལ་སོགས་པར་བསྟན་པས་བྱིས་པ་རིམས་ཡོད་པར་འཛིན་པའི་ཕྱོགསུ་ལྷུང་བ་དེ་དག་སྐྲག་པར་མི་འགྱུར་བ་དང་། མེད་པར ་མི་འཛིན་པའི་ཕྱོག་སུ་ལྟུང་བ་རྣམས་ཀྱང་པར་མི་འགྱུར་བའོ།། ཡང་ན་ཀུན་རྫོབ་དང་དོན་དམ་པ་ལ་དགོངས་ཏེ། སྐྱེ་བ་དང་སྐྱེ་བ་མེད་པ་ལ་སོགས་པར་བསྟན་པས་བྱིས་པ་རྣམས་གོ་རིམ་བཞིན ་དུ་ཡོད་པ་དང་མེད་པར་འཛིན་པའི་སྐྲག་པ་སྤོང་པོར་འགྱུར་བའོ།། སྣང་བ་དང་མི་སྣང་བྱའི་མཚན་ཉིད་ཅེས་པ་ནི་གཞན་གྱི་དབང་གི་བདག་ཉིད་ཀུན་རྫོབ་ཙམ་དུ་སྣང་བ་དང་། རིག་པས་སྐྱུང་པོའི་དོན་ནི་མི་སྣང་བའི་མན ་ཉིད་ཡིན་པའི་ཕྱིར། དེ་འདྲ་བས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མི་དང་རྨི་ལམ་ལྟ་བུའོ།། ལྟ་བ་དང་བློ་སླུ་བར་བྱེད་པ་ནི་གཞན་གྱི་དབང་ལ་དངོས་པོའི་བདག་ཉིད་དུ་ལྟ་བ་དང་། དེ་ལྟར་འཛིན་པའི་བློ་སླུ་བར་བྱེད་པའི་ཕྱིར། ་ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་པ་ལ་སོགས་པའོ།། ཚིགས་བཅད་པའི་དོན་ནི་ཕལ་ཆེར་ཤེས་པར་ཟད།། རང་བཞིན་ནི་ཀུན་ཏུ་བརྟགས་པ་ལ་སོགས་པ་གསུམ།། དངོས་པོ་ནི་ཕྱི་དང་ནང་གི་སྐྱེ་མཆེད་གཟུགས ་ཅཙནོ།། མེད་ཀྱང་དེ་ལྟར་སྟོང་པ་ནི་ཤེས་རབ་ཀྱི་གཡོ་བ་མེད་པས། དེ་དང་འདྲ་བའི་བྱིས་པ་ལོག་པའི་རྟོག་པ་ཅན་རྣམས་ཀྱིས་བརྟགས་པའོ།། གལ་ཏེ་དེ་ལྟར་ནཱ་རྣམ་རྟོག་རྗེསུ་འབྲེལ་པ་ལསོ།། དོན་གསལ་སྟོང་བ་ཡོད་མི་ཡིན ་ཞེས་གསུངས་པས་གཏོགས་པ་ཡིན་ན། གསལ་བར་སྣང་བ་མི་འབད་ཞེ་ན། སྐྱོན་མང་དེ་གསལ་བར་སྣང་བ་ནི་དངོསུ་བརྟགས་པ་མ་ཡིན་ཞིང་བརྟགས་པའི་དབང་གིས་སྣང་བར་འདོད་པའི་ཕྱིརརོ།། གཞན་ཡང་བདེན་པ ་གཉིས་ཀྱི་དབྱེ་བ་ལ་མ་བལྟོས་པར། ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པར་བསྟན་པ་ནི་དོན་དམ་པར་སྐྱེ་བ་ཉིད་དུ་ལྟ་བའི་མུ་སྟེགས་ཅན་གྱི་བློ་བཟློག་པའི་ཕྱིར་བསྟན་པ་དང་། གཞན་ཡང་དོན་དམ་པར་རྐྱེན་ལས ་སྐྱེ་བ་མེད་པས་སོ།། ཡང་ཀུན་རྫོབ་ཏུ་སྐྱེ་བ་པོ་ཐམས་ཅད་མི་སྐྱེ་བར་དམ་བཅའ་བའི་དོན་ལ་བདེན་པ་ཉིད་དུ་མི་བརྟགས་ཏེ། དེ་འདྲ་བའི་དམ་བཅའ་བ་འགྲུབ་པའམ། དེའི་ཚིག་རྒྱུ་དང་ལྡན་པར་འདོད་པའི་འགལ་བའམ། ་གལ་ཏེ་ཚིག་དང་དམ་བཅའ་བའི་དོན་འགྲུབ་པར་འདོད་ན། དེ་དག་བློ་ཡང་ཉམས་པར་འགྱུར་ཞེས་པ་སྟེ། མ་ཐོབ་པའི་ཉམས་པའོ།། དེ་བཞིན་གཤེགས་པས་སྒྱུ་མ་ལ་སོགས་པ་བཞིན་དུ་མ་སྐྱེས་པར་བསྟན་པ་ལ ་ནི་འགལ་བའི་སྐྱོན་མེད་དེ། དོན་དམ་པར་མ་སྐྱེས་ཤིང་ཀུན་རྫོབ་ཏུ་དེའི་ཚིག་ལ་སོགས་པར་སྐྱེ་བར་འདོད་པ་མི་འགལ་བའི་ཕྱིརོ།། ཇི་ལྟར་ཞེས་པ་ལ་སོགས་པས་མེད་བཞིན་དུ་སྣང་བ་དཔེའི་སྒོ་ནས་སྟོན་པའོ།། རྣམ ་པར་ཐར་པ་གསུམ་ནི་སྟོང་པ་ཉིད་ལ་སོགས་པའི་ཏིང་འཛིན་དང་ཤེས་རབ་སྟེ། དེ་གོམས་པ་ལས་དགས་པ་སྐྱེས་པའོ།། ཇི་ལྟར་དངོས་པོ་དང་དངོས་པོ་མེད་པ་དང་། མཉམ་པ་ཉིད་དུ་ཇི་ལྟར་བྱེད་ཅེས་པ་ནི་དངོས་པོ་དང་། ་དངོས་པོ་མེད་པའི་མཚན་མར་འཛིན་པ་སྤངས་ཤིང་། རིག་པ་དང་སྟོང་པ་ཟུང་དུ་འཇུག་པར་རྟོགས་ཤིང་། འོད་གསལ་བའི་རང་བཞིན་དུ་ཇི་ལྟར་འགྱུར་ཞེས་དྲིས་པའོ།། འཇིག་པར་བྱེད་པ་ནི་ཕྱིན་ཅི་ལོག་གི་དམིགས ་བ་དང་། དམིགས་པར་བྱ་བའི་མཚན་མ་ཉེ་བར་ཞི་བའོ།། བློ་གྲོས་ང་པོ་ངེས་པ་ལ་སེམས་པས་དམིགས་བྱ་དམིགས་དྲང་ལ་སོགས་པའི་མཚན་མ་མེད་པའི་རྣམ་པར་རིག་པ་ཙམ་ལ་བརྩད་པ་སྦྱང ་པའོ།། དེ་ལ་ཐ་མི་དད་པར་ཁྲོང་དུ་མ་ཆུང་བཱ་ནི་སྣ་ཚོགསུ་རོ་གཅིག་པ་དང་། དེ་ཡང་སྟོང་པ་སྣརུམ་གཏོགས་པའོ།། གཞན་ཡང་མམན་ཉིད་སྣ་ཚོགསུ་སྣང་བས་ཤེས་པ་གཉིསུ་མེད་པའི་ངོ་བོ་ཟིལ་གྱིས་མནནྱ་ནས་ཤེས ་པས་མི་དམིགས་པ་སྟེ། ཇི་ལྟར་ཉིན་མོའི་དུས་ན་སྐར་མ་སྣ་ཚོགས་ཡོད་བཞིན་དུ་ཉི་མའི་ཟེར་ཀྱིས་ཟིལ་ས་མཚན་ནས་མི་དམིགས་པ་ལྟ་བུའོ།། ཡིད་ན་འདི་རྣམས་ཀྱི་དོན་ནི་རིང་དང་སྤྱིའི་མཚན་ཉིད་སྣ་ཚོགསུ་སྣང ་གགཙོ་བོ་འམ། བདག་ཤེས་པ་རིག་པ་ཙམ་དུ་རིག་པར་ཡིད་དུ་མཆུད་པའམ། དེ་འདྲ་བ་ལ་སོགས་པའི་དངོས་པའི་ངོ་བོ་འགའ་ཞིག་གིས་མཚན་ཉིད་སྣ་ཚོགས་ཀྱིས་ཟིལ་དུ་བརླག་པའི་ཕྱིར། མི་དམིགས་ཞེས་སྦྱར་བཱིར ་བྱའོ། ཤེས་པ་མ་ལགས་ཞེས་པའི་དོན་ནི་གལ་ཡེ་ཤེས་བྱ་ཡིད་བཞིས་རྒྱུ་ཤེས་པས་མི་དམིགས་པ་སྟེ། དམིགས་པ་བཀག་པའི་མེད་དགྲག་ནཱ་མཁཱའི་པདྨ་ལྟ་བུ་ཡིན་ན་དེ་ཤེས་པ་ཉིད་དུ་མི་འཐུང་ལྔ། ཡང་དམཱིགསྔོ་བའི ་མྱོང་རིགས་ཙམ་གྱི་ངོ་བོ་ཡིན་ཡང་ཡུལ་དེ་ལ་བལྟས་ཏེ། ཤེས་པ་ཉིད་དུ་མི་འཐད་དེ། ཡུལ་ཡིད་བཞིན་དུ་མ་ཤེས་པའི་ཕྱིའོ།། གལ་ཏེ་མྱོང་བའི་ངོ་བོ་ཡིན་པས་ཤེས་པར་འཐད་ཞེ་ན། དེ་ལྟར་བདེན་མོད་ཀྱི་དེ་ཁོ་ན་ཇི་ལྟ་བ ་བཞིན་ཤེས་པ་མེད་པས་ཡང་དག་པའི་ཤེས་རབ་ཀྱིས་བསྡུས་པ་ལམ་དང་འབྲས་བུ་མཐར་ཐུག་པ་ཉིད་དུ་མི་འཐད་ཅེས་པའོ།། བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ཡུལ་མེད་པ་ལ། དེ་ལྟར་སྣང་བའི་གློ་བུར་བ། ཡང ་མེད་པའི་ཡུལ་དེ་ལ་བལྟོས་ཏེ། ཤེས་པ་ཉིད་མི་འཐད་དེ། ཙི་ཡང་ཤེས་པ་མེད་པཱའི་ཕྱིརོ།། དེས་ན་ཡུལ་ཇི་ལྟ་བ་བཞིན་ཤེས་པ་ནི་ཤེས་བྱའི་དོན་ཇི་ལྟ་བ་དང་ལྡན་པས་ཤེས་པ་ཞེས་བྱའོ།། བློ་མ་ཚང་ཞེས་པ་ནི་བློའི་འགལ ་རྐྱེན་ཉེ་བར་གནས་པའམ། མཐུན་རྐྱེན་མ་ཚང་བས་སོ།། འདིར་ལན་གྱི་དོན་ནི་གཉིསུ་མེད་པའི་ཡེ་ཤེས་དེ་ཉིད་དེ་ལྟར་བསྟན་པའི་རྒྱུ་མཚན་གྱི་སྒོ་ནས་མི་ཤེས་པ་མ་ཡིན་ཏེ། བློ་གྲོས་ཆེན་པཾ་ངས་ཤེས་བྱའི་དོན་ཡོད་བཞིན ་དུ་ཤེས་པས་མི་དམིགས་པ་ལ་དགོངས་ཏེ། དམིགས་བྱའི་དོན་ཤེས་པས་མི་དམྱིགས་པའི་ཚེ་རྣམ་པར་རིག་པ་ཙམ་དུ་བཞག་པ་ཡིན་ཞེས་མ་བཤད་དེ། འོན་ཀྱང་དམིགས་བྱའི་དོན་དམ་པ་སྟོན་པ་ཉིད་དུ་རྟོག་པས་མི་དམིགས ་ཤིང་མྱོང་བ་འགགས་པ་ནི་རྣམ་པར་རིག་པ་ཙམོ།། ཡོད་པ་དང་མེད་པ་ལས་ཕྱི་རོལ་གྱི་དངོས་པོ་མེད་ཅེས་པ་ནི་དེ་དག་ལས་སྐྱེ་བའི་ཚུལ་གྱིས་ཕྱིའི་དངོས་པོ་གྲུབ་པ་མེད་པའོ།། རྟོག་པ་ཅན་ཞེས་པ་ལ་སོགས་པས་རང་གི་སྡེ་པ ་ཕྱིའི་དོན་དུ་མངོན་པར་ཞེན་པ་རྣམས་ཀྱིས་དེ་ལྟར་མི་རྟོགས་ཤིང་། མ་རྟོག་པོས་ཕྱི་རོལ་ཡན་ལག་ཅན་གྱི་རྫས་ལ་སོགས་པ་ནི་མེད་དོ་ཞེས་རྟོགས་པར་བྱས་ནས། དེ་འདྲ་བའི་རྟོག་པ་མི་འབྱུང་བ་ནི་སེམས་ཙམ་དུ་སྟོན་ཏོ།། ། ་དེ་དག་ནི་རྟག་པ་དང་ཆད་པའི་མཐའ་གཉིས་ལྟུང་བར་འགྱུ་རོ་ཞེས་སྟོན་པ་ནི། བདག་དང་ཞེས་པ་ལ་སོགས་པའོ།། རྣམ་པར་འབྱེད་པ་མི་དམིགས་ཞེས་པ་ནི་འབྱེད་པའི་ཤེས་རབ་མི་དམིགས་པ ་ཚིགསུ་བཅད་པའི་དོན་ནི་ཕལ་ཆེར་གོ་བར་ཟད།། དེ་དག་རྟོག་ཅན་རྣམས་ཀྱི་ཚུལ།། གཞན་མིན་ཞེས་མཚམས་བཅད་དེ། དེ་འདྲ་བ་ལོག་པའི་རྟོག་གིས་བརྟག་པོའི་ཚུལ་ཡིན་གྱིས། གཉིསུ་མེད་པའི་ཤེས་པ་མ་ཡིན་ཏེ། དེའི་མཚན ་ཉིད་མེད་པའི་ཕྱིར།། ལོག་པའི་ཤེས་པ་ནི་ཞེས་པ་ནི་ཤེས་བྱ་ལ་ཇི་ལྟ་བ་བཞིན་དུ་ཤེས་པ་འཇུག་པ་ལོག་པའོ།། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་གྲུབ་པའི་མཐའ་དང་བཤད་པའི་ཚུལ་ཤིན་ཏུ་རྒྱས་པར ་སྟོན་ཏེ། དེ་ལ་ཐིག་མ་མེད་པའི་དུས་ཀྱི་སྤྲོས་པ་ལུས་ཀྱི་གནས་ངན་ལེན་གྱི་ཟག་པ་དང་བཅས་པའི་ལུས་ཀྱི་གནས་ངན་པ་ལེན་པར་བྱེད་པ་དང་། རང་གི་སོ་སོར་རྣམ་པར་རྟོག་རྒྱ་མཚོའི་རླབས་ལྟར་སྣ་ཚོགསུ་འཇུག་ཅིང་། གར ་ཐབ་སུ་གྲཝར་བྱེད་པའོ།། ཐབ་སུ་བསྟན་པ་ནི་དབེན་པར་རྟོག་པའི་ཡནྟ་ལག་ཏུ་བདག་དང་ཕུང་པོ་ལ་སོགས་པ་ཡོད་པར་བསྟན་པ་ལོ་སྔོགས་པའོ།། སླུ་བར་མྱི་འགྱུར་བ་ནི་ལོག་པའི་ལམ་ལ་འཇུག་པར་མི་འགྱུར་བའོ།། སྣ ་ཚོགས་ཀྱི་མདོ་ནི་སྔར་བཤད་པ་ལྟར་གསུང་རབ་ཡན་ལག་དགུའི་ཆོས་བསྟན་པ་ལ་སོགས་པའོ།། རྒྱུ་དང་ལྟ་བ་དང་རིགས་པའི་མཚན་ཉིད་ནི་ཕྱི་རོལ་པོ་ལ་སོགས་པས་བརྟགས་པའི་དབང་ཕྱུག་ལ་སོགས་པ་འགྲོ་བ་ཐམས ་ཅད་ཀྱི་རྒྱུར་འདོད་པའམ། དེ་ལས་གནན་པ་རྣམས་ཀྱིས་ཀྱང་རུང་སྟེ་རྒྱུ་དོན་དམ་པ་ཉིད་དུ་བརྟགས་པའོ།། ལྟ་བ་ནི་འཇིགས་ཚོགས་ལ་ལྟ་བ་ལ་སོགས་པའོ།། རིག་པ་ནི་ཐ་སྙད་པའི་ཚད་མ་སྟེ། དེའི་ཡུལ་ལས་བཟློག་པའོ།། དེ་ནས ་ཡང་ཞེས་པ་ལ་སོགས་པས་གྲུབ་པའི་མཐའ་ཕྱིན་ཅི་ལོག་དགགས་པ་རྒྱས་པར་སྟེན་ཏེ། དེ་ལ་སྔགས་དང་སྤོབས་པ་སྣ་ཚོགས་ནི་ཀེ་བ་ལྷ་སྣ་ཚོགས་སྨྲ་བ་ཐོང་ལེ་ཀོར་གྱི་རིག་པ་དང་། དེ་ལས་གཞན་ཤེས་རབ་ལ་སོགས་པའི་མཐུ་སྣ ་ཚོགསོ།། རྒྱུ་དང་ཚིག་ཅེས་པ་ལ་སོགས་པ་ནི་ལོག་པའི་གཏན་ཚིགས་དང་དཔེ་སྣ་ཚོགས་དང་། ཚིག་དང་ཡོ་གེ་རྣའི་སྙན་པ་སྣ་ཚོག་སོ།། རིག་པ་དང་ལྡན་པ་ནི་འབྲེལ་པ་རྩ་བ་ཅན་གྱི་ཚུལ་གསུམ་དང་ལྡན་པའི་རྟགས་ཚད་མས་གྲུབ་པ ་སྐྱེ། ད་འདྲ་བ་མཱད་ཅེས་པའོ།། ཚིག་དང་ཡི་གེ་རྣམས་ཀྱང་བདེན་པའི་དོན་དང་ལྡན་པ་མ་ཡིན་ཏེ་ཡང་དག་བྱའི་ཚུལ་ལ་རབ་ཏུ་འཇུག་པས་མ་ཡིན་གྱིས་ལོག་པའི་ཚུལཱ་ལ་འཇུག་པར་བྱེད་པའོ།། གཞན་ཡང་ཟློས་པའི་མྱ་ངན་ནཱཾ་འཆི ་ཞིང་འབྲེལ་བའི་ཚེ། མྱོས་ཤིང་ཆགས་པར་འགྱུར་བས་སེམས་ཡོངསུ་གདུངས་པའོ།། མྱ་ངན་ལས་བྱུང་བའི་ཚིགས་ཏུ་བརྗོད་པ་ནི་སྨྲེ་སྔགས་འདོན་པའོ།། དབང་པོ་ལྔའི་ཉམ་སུ་བབ་པ་ནི་སྡུག་བསྔལོ།། ཡིད་ཀྱི་ཡུལ་ལོ་ལྟ་བའི ་ཉམ་སུ་བབ་པ་ནི་ཡིད་མི་བདེ་བའོ།། སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་བྱུང་བའི་འཁྲུག་པ་སྟེ། དེ་ལ་སོགས་པ་སྲེད་པའི་ཡན་ལག་རྣམས།། གཙུག་ལག་མང་པོ་ལ་མཁས་པ་ནི་རིགས་པའི་གནས་དང་རྒྱུ་རྩལ་ལ་སོཊ་པ་ལ ་མཁས་པར་བྱེད་པ་སྟེ། ལྷ་རྣམས་ཀྱི་དཔྱང་པོ་བརྒྱ་བྱིནོ།། དེའི་འཁོར་འདུས་པའི་ནང་དུ་རྫུ་འཕྲུལ་གྱིས་སང་སྟེ། ཁོ་བོ་བཅོད་པ་ལས་རྒྱལ་བར་གྱུར་ན་ཁྱེད་ཀྱི་ཤིང་རྟ་རྩིབ་མ་སྟོང་དང་ལྡན་པ་བཅག ་པར་བྱ་ཞིང་། ཁྱེད་རྒྱལ་བར་གྱུར་ན་ངའི་ལུས་རེ་རེ་ནས་བཅད་ཞེས་སོ་སོར་དམ་བཅས་པའོ།། ཆོས་དང་ལྡན་པར་ནི་ཚིག་དེར་དང་ལྟག་ཆོད་ལ་སོགས་པར་མ་ཡིན་ཏེ། རིག་པའི་སྒོ་ནསོ།། བྱོལ་སོང་ལས་བསླབ་པ་ནི་ཀླུའི་སྐྱེ་བ་ནས་ནི ་བྱོལ་སོང་གྲི་འགྲོ་བར་གཏོགས་པསོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེའི་གྲུབ་པའི་མཐའ་པ་བཤད་པའི་ཚུལ་སྟོན་ཏོ།། དེ་ལ་རབ་ཏུ་གླགས་པའི་འཇིག་རྟེན་རྒྱུང་པན་པ་ནི། ཚང་དང་ཆུང་གི་ནུས་པ་ལྟར་སེམས་ཅན་གྱི ་ལུས་ཉིད་སེམས་ཀྱི་རང་བཞིན་དུ་གསལ་བ་འཇིག་རྟེན་སྔ་མ་ནས་མ་འཕོས་པ། ཕྱི་མར་མི་འགྲོ་བའོ།། བློ་ནཱི་དཾ་དང་ཐ་མེ་དཱིང་པ་མག་གི་བློ་ལ་སོགས་པའོ།། ཡུལ་ནི་མངོན་པར་མི་གསལ་བའི་སེམས་ཅན་ཕྱིའོ་འབྱུང་བ་ཆེན་པོ ་བཞིའོ།། དེ་ལས་གཞན་པའི་སྐྱེ་བ་དང་དགག་པའི་ཁྱད་པར་ཁས་ལེན་པའམ། གཞོན་ཡང་རུང་སྟེ་གྲུབ་པའི་མཐའ་ཕྱིན་ཅི་ལྡེག་ཁས་ལེན་པ་ཐམས་ཅད་ནི་ཉེ་བར་བརྟག་པའི་སྒོ་ནས་འཇིག་རྟེན་རྒྱང་པནྡྷ་པ་ཞེས་བྱ་སྟེ། འདུ ་བ་དང་ཟད་པར་ཁས་ལེན་པར་མཐུན་པ་དང་། ཕྱིན་ཅི་ལོག་ཏུ་གྱུར་པ་ཉིད་ཀྱིས་མྱ་ངན་ལས་མི་འདའ་བ་ཉིད་ཀྱི་ཕྱིརའོ།། དེའི་ཕྱིར་དེ་འདྲ་བའི་འཇིག་རྟེན་རྒྱང་པན་པ་ནི་འབུམ་ཞེས་པ་ཉེ་བར་མཚོན་པ་སྟེ། གྲང་མེད་པ་ཉིད།། ལྷོ་བརྒྱ་པ ་མ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལོ་ལྔ་བརྒྱ་ཕྲག་བརྒྱད་དམ་བཞིར་གནས་པ་ལས་དེའི་ཐ་མར་གྱུར་པ་སྟེ། དེ་ཡང་བཞིའི་ཐ་མར་གྱུར་པ་ལ་སྦྱར་ན་འགྲིག་པར་སྣང་།། དེ་ལ་ངན་པའི་རྟོག་གོ་པ་རྣམས་ཀྱིས་འབྱུང་བ ་འཕྲོད་པ་འདུ་བའི་རྒྱུར་ལྟ་བ་བསྟན་པས་སྔ་མ་ལྟ་བུའི་ལུས་བསྡུས་པར་གྱུར་པ་ལ། དེ་ཉིད་ཤི་བའི་དུསུ་གྱིས་ཤིང་དེངས་པར་འགྱུར་ཞེས་པ་རང་གི་སློབ་མ་རྣམས་ལ་སྟོན་ཅིང་། སྔར་སློབ་མ་མ་ཡིན་པ་རྣམས་ཀྱང་ཚིག ་དང་ཡི་གེ་བསྙེན་པོས་ཡོངསུ་བཟུང་ནས་དེ་ལྟར་སྟོན་པའོ།། དེ་ཡིང་རྒྱང་བན་པ་དངོས་ཀྱི་བསྟན་པའི་ཚུལི།། གཞན་ནི་དྲི་དང་རྗེ་སུ་མཐུན་པ་མྱ་ངན་ལས་འདའ་བའི་གླེགསུ་འགྱུར་བ་སྟོན་པར་བྱེདེ།། རྣམ་པ་གཅིག་ཏུ་ན་རྒྱུར ་ལྦུ་བ་བསྟན་པས་ཉན་པ་པོའི་འཁོར་བསྡུས་ཤིང་། བགྱེས་པར་འགྱུར་ཞེས་པ་སྟེ། དེ་བཞིན་གཤེགས་བྱས་ཆོས་སྟོན་པ་ན་ལྷ་ལ་སོགས་པའི་འཁོར་འདུས་ཤིང་སླར་རང་རང་གི་གནསུ་བགྱེས་པར་འགྱུར་པོ་ལྷ ་བུའོ།། འཇིག་རྟེན་རྒྱང་པན་གྱི་ཞེས་པ་ལ་སོགས་པའི་དོན་ནི་དེའི་ཚིག་སྣ་ཚོགས་འབྲེལ་པས་སྔ་མ་ལྟར་འཕྲོད་པ་འདུ་བྱའི་རྒྱུ་ལས་སེམས་ཅན་གྱིས་ལུས་བསྟིས་ཤིང་བགྱེས་པར་བསྟན་པ་དེ་ཉིད། རང་གི་རྒྱུ་ལ་ཆགས ་ཤིང་ཞེན་པའི་མུ་སྟེགས་བྱེད་རྣམས་འཆད་དེ། དེ་དང་རྗེ་སུ་མཐུན་པ་སྟོན་པའོ།། དེ་རྣམས་ཀྱང་རང་རང་གི་གྲུབ་པའི་མཐོའི་ཚུ་ལ་ནི་འཇིག་རྟེན་སྔ་ཕྱི་ཡོད་ཅིང་། མཐི་རིས་དང་མྱ་ངན་ལས་འདས་པ་ཡང་ཁས་ལེན་མོད་ཀྱང ་དེ་དང་འདྲ་བར་མྱ་ངན་ལས་འདས་པ་ཉིད་མྱི་ཐེབ་པས་རང་གི་ཚུལ་ལས་ཉམས་ཤིང་རྒྱང་ཕན་པ་དང་མཐུན་པར་འགྱུར་བའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་ཉིད་རྒྱས་པར་འཆད་དོ།། ་རྒྱུའི་སྒོ་ནི་རྒྱུ་མཚན་གྱི་རྒྱུ་འམ། སྐྱེས་པའི་རྒྱུ་ཁྱད་པར་དུ་མའི་སྒོ་ནས་དངོས་པོ་སྣ་ཚོགས་འདུ་ཞིང་སྐྱེད་པ་དང་། ཟད་པར་འགྱུར་བ་ཉིད་དུ་སྟོན་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་ཉིད་ལ་བརྩོད་པ་སྤོང་བ་སྟེ། གཞན ་དུག་དེ་ལྟ་ནི་དེ་བཞིན་གཤེགས་པ་ཡང་ལས་དང་ཉོན་མོངས་པའི་རྒྱུ་ལས། ཟག་པ་དང་བཅས་པའི་ཕུང་པོ་སྐྱེ་བ་དང་། དེ་ཉིད་འཇིག་པ་ལ་སོགས་པས་ཕྱི་དང་ནང་གི་རྟེན་འབྲེལ་གསུངས་པས་འཇིག་རྟེན་རྒྱང་ཕན་ཉིད་དུ་འགྱུར ་ཞེས་པའོ།། ལན་གྱི་དོ་ནི་དེ་འདྲ་བའི་རྒྱུ་འབས་དོན་དམ་པའི་དངོས་པོ་ཁས་མི་ལེན་པས་སྐྱོན་མེད་ཅེས་པའོ།། འདུས་པ་འོང་བ་ལས་འབྱུང་ཞེས་པ་སྡོ་མ་ནས་འདིར་འོང་བའི་ཚུལ་གྱིས་འབྱུང་བའོ།། འཇིག་པ་རྣམ་པ ་གཉིས་ནི་དངོས་པོ་མེད་པའམ། ཡང་ན་གནས་པ་དང་འཇུག་པ་གཉིས་ལ་སྦྱར་བར་བྱའོ།། བློ་གྲོས་ཆེན་པོ་ངས་ཞེས་པ་ལ་སོགས་པས། ཕྱིན་ཅི་ལེག་གླིང་གཞི་དང་བཅས་ཏེ་བསྟན་པའོ།། འཐད་པའི་གཏན་ཚིགས་སྣ ་ཚོགས་པ་ནི་སྤྱི་གཅིག་རྗེ་སུ་འགྲེ་བའམ། ངེས་ཤེས་ཀྱི་བླ་འཇུག་པ་དམིགས་པའི་ཕྱིར། ཐམས་ཅད་གཅིག་པའི་ཕྱིར། གཞན་ཡང་གནས་སྐབས་དང་གསལ་བའི་བྱེ་བྲག་འགལ་བར་དམིགས་པས་ཐ་དད་པའམ། དེ་ཉིད་ཀྱི ་ཕྱིར་དངོས་པོ་རྣམས་སྤྱི་དང་རང་བཞིན་གྱི་སྒོ་ནས་གཅིག་པ་ཡང་ཡིན་ལ། གནས་སྐྱབས་སོ་གསལ་བའི་སྒོ་ནས་ཐ་དད་པ་ཡང་ཡིན་པས་གཉིས་ཀ་ཞེས་པའོ།། གཉིས་ཀ་མ་ཡིན་པ་ཡང་དེ་ཉིད་ལས་མཚོན་པས་ཤེས་པར་ཟད།། ། ་ལུང་བསྟན་པ་ནི་གཅིག་དང་ཐ་དད་པ་ལ་སོགས་པར་དྲིས་པ་ལ་ལུང་སྟོན་པའོ།། ཐམས་ཅད་ལུང་མ་བསྟན་པ་ནི་སྔར་བསྟན་པ་ལྟར་རམ། ཡང་ན་མཐའ་གཅིག་ཏུ་ངེས་པར་ལུང་བསྟན་དུ་མེད་པར་དྲིས་པ་ལ་ལུང་བསྟན ་པར་བྱ་བ་མ་ཡིན་ཞེས་པའོ།། འཇིག་རྟེན་ཕ་རོལ་ཡོད་མེད་གཉིས་ཀ་ཞེས་པ་ནི་སྔར་གཉིད་ཀྱི་ལོག་པ་ལས་སད་པ་ན་སྡེར་གྱི་གནས་སྐབས་དེ་ཉིད་ཀྱང་ཕ་རོལ་གྱི་གྲངསུ་གཏོགས་པའམ། ཡང་ཚེ་སྒྲ་མས་བསྡུས་པའི་ཕ་རོལ་མེད ་པས་ཡོད་མེད་གཉིས་ཀ་ཞེས་པའོ།། ཀྱེ་བྲམ་ཟེ་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་སྐྱེ་བ་དང་འགག་པའི་ཚུལ་གསུངས་པས་ཏེ། དེ་ལ་ཕྱི་རོལ་གྱི་དངོས་པོར་འགྱུར་བའི་དམིགས་པའི་ཡུལ་མེད་པས་དེ་ལས་སྐྱེ་བ་མ་ཡིན ་པའོ།། འདི་གཉིས་ཀ་ཡང་ཞེས་པ་ནི་རྒྱུ་ལ་སྐྱེས་པའི་དངོས་པོའམ། རྒྱུ་མེད་པའི་མཚན་མོར་འཛིན་པའོ།། ཡིད་ལ་རྣམ་པར་གཡོས་པ་ནི་སེམས་ཉིད་གཉུག་མར་གནས་པའི་ཆོས་ཉིད་ལ་སོ།། དེ་ལྟར་ན་དེ་ཁོ་ན་ཉིད་ཀྱི་དྲིན་ལས་ཕྱིན ་ཅི་ལོལོག་གྱུར་པ་ཐམས་ཅད་ནི་སྔར་བསྟན་པ་ལྟར་ཉེ་བར་བརྟགས་པའི་སྒོ་ནས། འཇིག་རྟེན་རྒྱང་ཕན་པ་ཞེས་པའོ།། གལ་ཏེ་དེ་ལྟ་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཐར་པ་མི་འཐད་པར་འགྱུར་ཞེ་ན། སེམས་ནི་དམིགས ་དང་བཅས་རྣམས་ཀྱི། མྱ་ངན་འདས་པ་དཀའ་བ་གནས་ཞེས་གསུངས་པས་མཐར་ཐུག་པའི་མྱ་ངན་ལས་འདས་པ་མི་ཐོབ་པའོ།། ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཚུལ་གཙྪ ་གྱི་སྒོ་ནས་བརྩོད་པ་སྡང་བ་སྟེ། དེའི་དོན་ནི་བྲམ་ཟེ་རྒྱུད་ཕོན་པ་གང་དག་བདག་གི་གྲགས་པ་སྟེ། གྲུབ་པའི་དོན་བསྡུས་པ་དང་གྱོས་པ་ནི་མུ་སྟེགས་བྱེད་ཐམས་ཅད་ཀྱི་དཔེ་དང་གཏན་ཚིགས་དུ་མས་ཉེ་བར་སྒྲུབ་པའི་སྒྲོན ་སྟོན་པ་སྟེ། ཚད་མས་གྲུབ་པའི་དོན་ཉིད་སྟོན་པ་ཡིན་ལ། དེ་འདྲ་བ་སྟོན་པ་ཡང་འཇིག་རྟེན་རྒྱུད་ཕན་པ་ཡིན་ན་རྒྱུད་ཕན་པ་མ་ཡིན་པ་གང་ཡང་ཡོད་དོམ་ཞེས་འཁྱོག་པོའི་དྲི་བ་སྟེ། ཐམས་ཅད་ཀྱང་རྒྱུད་པནྟཾ་པར་འགྱུར ་ཞེས་བརྩེད་པའོ།། ལན་གྱི་དོན་ནི་ཁྱེད་ཀྱི་ཚད་མས་གྲུབ་པར་འདོད་པ་དེ་འདྲ་བ་ཡང་མ་ཡིན་ལ། རྣམ་པ་ཐམས་ཅད་ཚད་མས་གྲུབ་ཅིང་ཚིག་དང་ཡི་གེ་སྣ་ཚོགས་ཀྱིས་ཉེ་བར་བྲིས་ནས་ཚད་མས་གྲུབ་པའི་དོན་མི་སྟོན ་པ་ཡང་མ་ཡིན་ལ། དེ་འདྲུ་བ་སྟོན་པོའི་ཐེག་པ་ཆེན་པོའི་གསུང་རབ་དོན་དང་མི་ལྡན་པ་ཡང་མ་ཡིན་ཏེ། དོན་དང་ཡང་ལྡན་པར་ཡང་ཡོད་ལ་དེ་འདྲ་བའི་དོན་དུ། མུ་སྐྱེགས་བྱེད་ཐམས་ཅད་དང་། ཁྱོད་ཀྱི་བློ་ཡིས་མི ་རྟོགས་པ་རིགས་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ནི་དེ་བཞིན་དུ་བདེན་པ་ཡིན་ལ། དེ་འདྲ་བ་རྣམ་པར་འཇོག་པ་ནི་རྒྱང་ཕན་པ་ཉིད་དུ་ཇི་ལྟོར་འགྱུར་ཞེས་པའོ།། དེ་ལ་འཇིག་རྟེན་རྒྱ ་བན་ནི་གང་ཚད་མས་མ་གྲུབ་ཅིང་གནོད་པའི་དོན་སྟོན་པ་དེ་འདྲ་བ་མ་ཡིན་ནམ་ཞེས་པ་སྟེ། དེ་ཡང་འཁྱོག་པོའི་དྲི་བྱ་ཡིན་པས་ཚད་མས་གནོད་པ་དེ་འདྲ་བ་སྟོན་པ་ནི་རྒྱང་ཕན་པ་ཡིན་ལ། ཁོ་བོ་ཅག་ནི་དེ་འདྲ་བ་སྟོན་པ་མ་ཡིན་པས ་དེ་ལྟར་མི་འགྱུར་བའོ།། འགྲོ་བ་དང་ཞེས་པ་ལ་སོགས་པས་འགྲོ་བ་ལྔའམ་དྲུག་གི་བྱེ་བྲག་ལ་སཾ་གྲསྡུ་པ་དངོས་པོའི་ཆོས་ཐམས་ཅད་དུ་འདུ་བཱ་དང་ཟད་པས་བསྡུས་པ་སྟོན་པར་བྱེད་པ་ནི་རྒྱང་ཕན་པ་ཉིད།། འདོད་པ་ནི་འདུན་པ ་འོ།། སྙེམས་པ་ནི་སེམས་ཁེངས་པའོ།། བྲམ་ཟེ་དེ་ཉིད་འཇིག་རྟེན་ཕ་རོལ་མ་ཡིན་ནམ་ཞེས་པའི་དོན་ནི་གླིང་དེ་ཡང་སྣོད་ཀྱི་འཇིག་རྟེནུ་གཞན་ཡིན་ལ། དེ་ལ་གནས་པའི་དུས་ཀྱི་ཁྱོད་ཀྱི་ཕུང་པོ་ཡང་ད་ལྟར་གྱི་ཕུང་པོ་ལྔ་གཞན ་ཡིན་པས་དེ་ཉིད་དང་ད་ལྟར་གྱི་འཇིག་རྟེན་ལ་བལྟོས་ནས་འཇིག་རྟེན་ཕ་རོལ་ཞེས་བྱའོ།། གླལ་ཏེ་དེ་འདྲ་བའི་ཕ་རོལ་ན་ཡོད་མེད་ཀྱི་ཚེ་སྣ་མ་སྟུ་བསྡུས་པའི་ཕ་རོལ་ན་མདོ་ཞེ་ན། མོ་ཡིན་ཏེ། དེ་ཡང་སྔར་བསྒྲུབས་ཟིན་ཏོ།། ང་ལ་མུ ་དཱིདྲིསྨྲ་པར་ཞེས་པ་ལ་སོགས་པས་ནི་གཞན་གྱིས་ཚུལ་གསུངས་པ་སྟེ། གཞན་པ་དཱི་དག་གི་བསམ་པའི་ཚུལ་ནི་དྷ་ལ་མ་དྲིས་པར་དགེ་སྦྱོང་གཽ་ཏ་མི་རང་གི་གྲུབ་མཕའི་ཚུལ་སོ་སོར་རྣམ་པར་བཞག་པ་བརྗོད་པར་སེམས་ཏེ། དེ ་ནི་ངའི་ཚུལ་ལུགས་ཟབ་མོ་ལས་ཕྱི་རོལ་ཏུ་གྱུར་པའི་དོན་ཏོ།། ཉོན་མོངས་བསྡུག་གི་དེ་ནི་འཇུག་པ་མེད་པ་ལ་སོགས་པར་སྨྲ་ཞིང་རང་གི་རྣམ་པར་རྟོག་པའི་མཚན་ཉིད་ཁོང་དུ་ཆུད་པར་རློམ་པས་རྣམ་པར་རྟོག་པ་མི་འཇུག ་པ་ཟབ་མོའི་དོན་ལ་རཱང་གཱི་རྟོགས་ཤིང་གཞན་ལ་སྨྲ་བའོ་སྙམ་དུ་སེམས་པའོ།། གཞན་སྲང་བློ་གྲོས་ཆེན་པོ་ཁྱོད་ཀྱང་ཅིའི་ཕྱིར་དེ་ལྟར་ང་ལ་འདྲི་ཞེས་པའི་དོན་ནི་རྒྱུད་ཕན་པ་བསྙེན་ཞིང་བསྙེན་ན་ཟླང ་ཟིང་སྡུད་ཀྱི་ཆོས་སྡུད་པ་མིནེ་ཞེས་གསུངས་པ་དེ་ཅིའི་ཕྱིར་དེ་ལྟར་གསུངས་ཞེས་པ་འདི་སྟེ། འདྲི་བར་མི་འོས་ཞེས་པའོ།། བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ནི་ཆོས་དང་ཟང་ཟིང་གི་བྱེ་བྲག་སོ་སོར་སྟོན་པའོ།། ཟང་ཟིང་དང་། ་ཞེས་པོ་ནི་སྤྱིར་འདུ་འཛི་སྣ་ཚོགས་པའོ།། རེག་པ་དང་ཞེས་པ་ལ་སོགས་པཱས་འཁྱིག་པའི་འདོད་ཆགས་ཀྱི་ཀུནྡ་ནས་བསྐྱང་བའི་ཟང་ཟིང་སྟེ། ཡུལ་ལ་ལུས་ཀྱིས་རེག་པ་དང་། ལག་པས་འདྲེན་པཱ་དང་། ཐལ་མོས་ཉུག་པ་དང་། ་ཐོབ་པ་བདོག་གིར་བྱས་པས་སེམས་ཁེངས་པ་དང་། དེ་དག་གི་བདེ་བའི་རོ་མྱོང་བ་དང་། དེ་ལས་གཞན་ཕྱིའི་ཡུལ་སྣ་ཚོགས་ལ་མངོན་པར་ཆགས་པའོ།། ཡེ་ཤེསུ་དབང་བསྒྱུར་བ་ནི་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་དུ་དབང ་བསྐུར་བ་རང་རིག་པའི་ཚུལ་གྱིས་རྟོགས་པ་དེ་ཐོབ་པའོ།། དེ་བཞིན་དུ་ཤེས་པར་བྱ་བའི་གནས་ཐུག་པ་མེད་པ་མཁྱེན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལྔས་འདས་པའི་ཆོས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན ་ལྷུན་གྱིས་གྲུབ་དབང་བྱེད་པའོ།། རྒྱུའི་དངོས་པོ་མེད་པའི་ཕྱིར་འབྲས་བུའི་རྒྱུན་ཀྱང་འདོག་པས་ཁྱད་པར་ལྟ་བ་དང་། དེ་འདྲ་བའི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པར་མི་མཐོང་བ་ནི་ཆོས་ཞེས་བྱའོ།། ཚིག་སུ་བཅ ་པའི་དོན་ནི། བསྡུ་བའི་དངོས་པོ་གཞི་ལ་དང་པོ་སྦྱིན་པ་དང་སྙམ་པར་སྨྲ་བས་ནི་སེམས་ཅན་འདུལ་བྱ་སྟེ། དྲང་པོས་སྣོད་དུ་རུང་བར་བྱས་ཤིང་དེ་ལ་ཕ་རོལ་ཕྱིན་པ་དྲུག་ཆོས་བསྟན་པའི་སྒོ་ནསོ།། ཚུལ་ཁྲིམས་དང་ཤེས། ་རབ་ནི་དོན་མཐུན་པ་དང་དོན་སྤྱོད་པ་མཚོན་པ་སྟེ། དེ་ལ་ཚུལ་ཁྲིམས་ཀྱིས་ནི་གཞན་ལ་སྟོན་པ་ཇི་ལྟ་བ་བཞིན་དུ་རང་ཉིད་བསྒྲུངས་པས་སེམས་ཅན་དབྱུང་དུ་བྱེད་པ་འམ། དེ་ལས་ཏིང་འཛིན་སྐྱེ་བས་རང ་གི་སེམས་དབང་དུ་བྱེད་པའོ།། ཤེས་རབོ་ཀྱིས་ནི་རང་དང་གཞན་གྱི་ལྷ་བ་ཕྱིན་ཅི་ལོག་འཇོམས་པར་བྱེད་ལ། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ནམ་ཤེས་རབ་གོམས་པོས་པ་ཉིད་ཤིན་སྤེལ་བའོ།། དེ་རྣམས་ཀྱིས ་ཀྱང་རིམ་པ་བཞིན་དུ་མོ་བསྡུས་པ་བསྡུད་པ་དང་། བསྡུས་པ་སྨིན་པ་དང་། སྲིན་པོ་གྲོལ་བར་བྱེད་པ་ཉིད་དུ་ཡོང་གསུང་སོ།། དེ་ལས་གཞན་སྔར་བསྟན་པའི་ཚུལ་འདི་ཀུན་འཇིག་རྟེན་རྒྱང་ཕན་པ་ཞེས་པ་སོགས་པ་སྟེ། ་པལ་ཆེར་གོ་བར་ཟད།། རྟག་དང་ཆད་པ་སྤངས་པ་ཡིས།། སེམས་ནི་གཟུང་དང་འཛིན་པ་ཡི།། དངོས་པོ་རྣམ་པ་གཉིས་སྣང་ཞེས་སྦྱར་བར་བྱའོ།། སེམས་ནི་འཇུག་པའི་སེམས་འཇུག་པ་ནི་རྟོག་པ་དང་བཅས་པའི་ཡིད ་ཀྱི་གཡོ་བ་སྣ་ཚོགས་པའོ།། དེ་ནས་ཡང་ཞེས་པ་ལ་སོགས་པས་ཐོབ་བྱའི་འབྲས་བུ་མྱ་ངན་ལས་འདས་པ་ཉིད་དུ་རྒྱས་པར་སྟེན་ཏེ། ཇི་སྐད་དུ། རྒྱང་ཕན་པོ་ལས་གཞན་པའི་མུ་སྟེགས་བྱེད་རྣམས་ཀྱང་མྱ་ངན་ལས ་འདས་པ་ཁཱས་ལེན་ན། དེ་དག་གིས་མྱ་ངན་ལས་འདས་པ་དང་། དེ་བཞིན་གཤེགས་པ་ཉིད་ཀྱི་མྱ་ངན་ལས་འདས་པའི་ཚུལ་ཇི་ལྟར་ལགས་ཞེས་ཞུས་པ་ལས། ལན་གྱི་སྐབསུ་མུ་སྟེགས ་བྱེད་ནི་སྔར་བསྟན་པ་ལྟར་གྲུབ་མཐའ་ཕྱིན་ཅི་ལོག་ཁས་ལེན་པ་ཐམས་ཅད་ཡིན་ལ། དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཟག་པ་དང་བཅས་པའི་ཕུང་པོ་ལ་སོགས་པ་སྡུག་བསྔལ་གྱི་བདེན་པ་འགོག་པ་དང་། ཡུལ ་ལོ་འདོད་ཆགས་དང་བྲལ་བ་སྟེ། རྒྱུ་ཀུན་འབྱུང་གི་བདེན་པ་སྤངས་པ་དང་། དེ་དག་སྦེང་བའི་རྒྱུ་རྟག་པ་དང་ཆེས་མཐུན་པ། མི་རྟག་པ་ལ་སོགས་པ་ཆོས་བཅུ་དྲུག་གི་རྣམ་པར་མཐོང་བས་ཀུན་ནས་ཉོན་མོངས་པ་དང ་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་མང་པོ་མི་འབྱུང་བ་སྟེ། དུས་གསུམ་གྱི་ཡུལ་ལས་དྲན་པའི་རྣམ་པར་རྟོག་པ་མི་འབྱུང་བའོ།། དེ་ཡང་མ་ཪྵ་མེ་ཤི་བར་གྱུར་པ་ལ་སོགས་པ་བཞིན་དུ་རྒྱུ་ཟད་པས་མི་འབྱུང ་པ་ཡིན་གྱི། བརྟག་བྱའི་ཡུལ་སྟོང་པ་ཉིད་དུ་རྟོགས་པ་ནི་མ་ཡིནོ།། དེ་ཡང་སྔར་བདེན་པའི་དངོས་པོར་ཡོད་པའི་སྡུག་བསྔལ་དང་ཀུན་འབྱུང་གློ་བུར་དུ་ཟད་པ་དང་། མི་སྐྱེ་བའོ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱིས་དངོས ་པོ་འཇིགས་པར་ལྟ་བས་ཕྱིན་ཅི་ལོག་དུ་གྱུར་པའི་ཕྱིར་མྱ་ངན་ལས་འདས་པ་མ་ཡིན།། གཞན་ཡང་ལམ་གྱི་དུས་ན་ཡང་། དེ་དག་འཇིག་པར་ལྟ་བས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་མྱ་ངན་ལས་མི་འདའ་བའོ།། གཞན་དག་ནི ་མམུན་ངག་གི་སྟོབས་ཀྱིས་ཡུལ་ལས་རྣམ་པར་རྣམ་པར་རྟོག་པ་ཟད་པས་མདའ་དང་རླུང་བཞིན་དུ་བདག་དམ་པ་ཡུལ་གཞན་གྱིས་གནསུ་སོང་བ་སྟེ། ཇི་སྐད་དུ། ཕྱི་རོལ་པ་རྣམས་ཀྱིས་ཁམས་གསུམ་པོ་ཐམས་ཅད་ཀྱི ་སྟེང་ན་ཐར་པའི་གནས་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་པ་གདུགས་ལྟ་བུ་ཡོད་དོ་ཞེས་ཏེ། དེར་སོང་བས་ཐར་པར་འདོད་པ་ལ་སྩོགས་པ་ལྟ་བུའོ།། བློ་དང་རིག་པར་བྱ་བ་ནི་གཟུང་འཛིན་སྣ་ཚོགས་པ་སྟེ། དེ་ལྟ་བུར་སྣང ་བ་མེད་པས་བདག་བརྟག་པ་ཐར་པར་འདོད་པ་སྟེ། ཞི་བ་པ་རྣམས་ཀྱིས་འདོད་པའམ། སྔར་བསྟན་པའི་མཚན་མཱ་སྣ་ཚོགས་ཀྱི་དངོས་པོ་མེད་པས་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་དང་ཡང་སྦྱར་བར་བྱའོ།། རྟག ་པ་དང་མི་རྟག་པར་མཐོང་བས་ནི་བདག་ལ་སོགས་པ་འགའ་ཞིག་ནི་རྟག་ལ། གཞན་ནི་གཟུགས་ལ་སོགས་པ་མི་བརྟག་པར་མཐོང་བའོ།། གཞན་ཡང་འཕགས་པ་ཚངས་པའི་དྲ་བས་ཞུས་པའི་མདོ་ལས་ཁོ་ཅིག་རྟག ་པར་རྟོག་པའི་ལྟ་བ་རྣམ་པ་བཞི་གསུངས་པ་དང་ཡང་སྦྱར་བར་བྱའོ།། མཚན་མ་མཐོང་བས་བདེ་བ་འདོད་ཅེས་པ་ལ་སོགས་པས་ནི་མཚན་མ་རྣམ་པར་རྟོག་པ་ནི་སྐྲན་དང་ཟུག་རྔུ་ལ་སོགས་པ་ལྟ་བུར་མཐོང་བས་དེས ་འཇིགས་ནས་དེ་རྣམས་སྤངས་པས་བདག་རྟག་པ་ནི་མཆོག་ཏུ་དགའ་བའི་གནས་ཀྱི་མྱ་ངན་ལས་འདས་པར་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་རྣམས་རྟོག། འདོད་པའི་ཕྱིར་ཞེས་པ་ནི་འདོད་པའི་ཡུལ་དེ་འདྲ་བ་ལ་མྱ ་ངན་ལས་འདས་པའི་བློ་འགྱུར་བའོ།། ཡང་ཁ་ཅིག་སྟེ་ཞིབ་པ་དང་རྟོག་འདོད་པ་དང་། ཚངས་པ་ལ་སོགས་པར་སྨྲ་བ་རྣམས་ཀྱི་དུས་གསུམ་གྱིས་བསྡུས་པའི་བདག་གི་དངོས་པོ་མི ་ཇིག་སྟེ་ཡོད་པ་ཡིན་ལ། དེ་འདྲ་བ་སུ་དག་གིས་རིག་པ་ནི་མྱ་ངན་ལས་འདས་པ་སྟེ། ཇི་སྐད་དུ། གཏོགས་འདོད་ཀྱིས་ཡང་སྨྲས་པ་འབྱུང་པོ་ཀུན་ལ་བདག་གནས་པ།། བདག་ལ་འང་འབྱུང་པ་ཐམས་ཅད་དེ།། བདག་ལྡན ་དེ་ལྟར་སུས་རིག་པ།། ཀུན་ཏུ་མཉམ་པར་མཐོང་བའོ།། གཞན་ཡང་ཐམས་ཅད་འདི་ནི་ཞི་བདག་སྟེ།། ཞི་བ་ཉིད་ལས་རབ་ཏུ་བྱུང་།། འབྱུང་པོ་ཀུན་ལ་ཞི་བ་སྟེ།། གང་ཞི་དེ་ནི་བདག་ཉིད་ཞེས་པ་དང་། བསྟན་པ་བྱིན་འགྲོ་དེ་བཞིན ་དུ་ཞེས་པ་ལ་སོགས་པ་གསུངས་པའོ།། གཞན་ཡང་རུང་གི་སྡེ་པ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱང་ཕྱི་ནང་གི་ཆེས་རྣམས་ཀྱིས་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་ཅིང་། དེ་དག་ཀྱང་དུས་གསུམ་གྱིས་བསྡུས་ལ། དུས་གསུམ ་ཡང་རྫ་སུ་གྲུབ་པ་སྟེ། འདས་པ་ནི་འདས་པའི་ས་ན་ཡོད་ཅིང་། མ་འོངས་པ་ཡང་མ་འོངས་པའི་ས་ན་ཡོད་པས་དེ་དག་འཇིགས་པ་མ་ཡིན་ཏེ། འོན་ཀྱང་བྱེད་པ་ཞིག་པ་དང་མ་སྐྱེས་པའི་སྒོ་ནས་འདྲེས་པ་དང་མ་འོངས ་པ་ཉིད་དུ་འཇིག་ཅིང་། བྱེད་པ་ད་ལྟར་བ་ནི་ད་ལྟར་ཉིད་དེ་དེ་འདྲ་བར་སུ་ཡིས་རྟོགས་པ་ནི་མྱ་ངན་ལས་འདས་པ་ཉིད་དུ་རྟོགོ།། ཆོས་ཐམས་ཅད་མི་འཇོག་ཅེས་པ་ནི་ཐམས་ཅད་བདག་བརྟོག་པའི་རང་བཞིན་ཡིན་པས་མི་འཇིགས ་པའོ།། དེ་ལྟར་སུ་ཡིས་རྟོགས་ཤིང་རིག་པ་ནི། མྱ་ངན་ལས་འདས་པའོ་ཞེས་རྟོག་པའོ།། ཡང་གྲངས་ཅན་གཙོ་བོ་དབང་ཕྱུག་དང་བཅས་པར་སྨྲ་བ་རྣམས་ནི། རང་བཞིན་ཉི་ཤུ་རྩ་གཞི་དང་། སྐྱེས་པའི་བྱེ་བྲག་མཐོང་བ་སྟེ། ཡོན ་ཏན་སུམ་ཆ་མཉམ་པ་གཙོ་བོའི་རང་བཞིན་དང་། དབང་ཕྱུག་རྟག་པ་རྣམ་འགྱུར་སྣ་ཚོགས་ཀྱི་བྱེད་པ་པོ་ཡིན་ལ། དེ་ལྟར་རིག་ཅིང་དབང་ཕྱུག་མཉེས་པར་བྱས་པ་ནི། མྱ་ངན་ལས་འདས་པ་རྟོག་པའོ།། ཡང་ཁ་གཅིག་ནི་བདག ་ཏུ་དམིགས་པ་དང་བཅས་པའི་རྣལ་འབྱོར་བསྒོམ་ཞིང་། དེ་ལས་གཞན་རིག་སྔགས་དང་མཆོག་སྦྱིན་དང་། གདེལ་བུ་དང་སྣ་ཤ་ཅན་དང་བྲམ་ཟེ་ལ་སོགསོ་པ་ནི་དེ་ལྷོར་བདེན་པ་མ་ཡི་ནོ་ཞེས་རྟོག་པའིདི་ཤེས་རབ་ཀྱིས། བསོད ་ནམས་དང་བསོད་ནམས་མ་ཡིན་པའི་ལྀསུ་དམིགས་པའི་མཚན་མ་ཡོངསུ་བསྲེགས་ཤིང་ཟད་པར་གྱུར་པ་སྟེ། ཇི་ལྟར་ཙུབ་ཤིང་དང་གཙུག་གཏན་ལས་མ་བྱུང་ཞིང་མི་དེ་དག་ཉིད་ཀྱིས་དེ་དག་བསྲེགས་པ་བཞི་ནོ།། དེ ་ལྟར་ཟད་པས་མ་ངན་ལས་འདས་པར་རྟོག་པའོ།། ཁ་ཅིག་ནི་ཤེས་རབ་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོག་པ་མེད་པར་སྲིད་པའི་རྩེ་མེའི་བར་གྱི་སེམས་ཐོབ་པས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལ་འདོད་ཆགས་དང་བྲལ ་བ་ན། ཁོ་བོ་ནི་ཉན་མོངས་པ་ཐམས་ཅད་སྤངས་པའོ།། ཞེས་ཤེས་པས་མྱ་ངན་ལས་འདས་པར་རྟོག་སྟེ། ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་ཡེ་ཤེསོ།། དེ་ནི་མྱ་ངན་ལས་འདས་པ་མ་ཡིན་ཏེ། ཇི་སྐད་དུ། སྲིད་པ་ཆགས ་མེད་བསམ་གཏན་པ།། སྲིད་པའི་རྩེ་མོར་ཕྱིན་པ་ཡང་།། ང་རྒྱལ་ལྕགས་ཀྱུས་དྲངས་ནསུ།། སེམས་ཅན་དམྱལ་བར་ཡང་ལྟུང་ཞེས་གསུངས་པ་ལྟ་བུའོ།། ཁ་ཅིག་ནི་ཐམས་ཅད་དང་དབང་ཕྱུག་གིས་བྱས ་པར་མཐོང་ནས་དེ་མཉེས་པར་བྱས་པ་མྱ་ངན་ལས་འདས་པར་རྟོགོ། ཁ་ཅིག་ནི་འཇིག་རྟེན་གྱི་འབྱུང་བ་འདི་ནི་གཅིག་གི་གཅིག་ཞུགས་པ་སྟེ། བདག་ལས་དེའི་ཡོན་ཏན་ལྡང་བ་དང་འདོད་པ་ལ་སོགས་པའི་ཉོན་མོངས ་པར་འགྱུར་ཞིང་། དེ་ཡིས་ལོས་བསགས་པ་ལས་ཚེ་ལེན་པར་འགྱུར་བའོ།། དེ་ལས་གཞན་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་མེ་ཡིནོ་ཞེས་དེ་འདྲ་བའི་རྒྱུ་ལ་མངོན་པར་ཆགས་བཞིན་དུ་གཏི་མུག་ལས། འཇིག་རྟེན ་དང་འཇིག་རྟེན་ལས་འདས་པའི་རྒྱུ་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་མི་ཆུད་དེ། དེ་ཁོང་དུ་མ་ཆུད་པ་སྟེ་མྱ་ངན་ལས་འཛེས་པར་རྟོག་པ་སྟེ། དེ་འདྲ་བ་ཕྱིན་ཅི་ལོག་པའོ།། ཅི་ཞིག་ལས་མྱ་ངན་ལས་འདས་པར་རྟོག་ཅེ ་ན། བདག་སྡང་བ་དང་འདོད་པ་ལ་སོགས་པའི་ཡོན་ཏན་དང་བྲལ་བ་ལའོ།། དེ་འདྲ་བ་ནི་ཚད་མས་གནོད་པས་ཕྱིན་ཅི་ལོག་པའོ།། རྣམ་པ་གཅིག་ཏུ་ནོ་འདི་རྣམས་ཀྱི་དོནྟ་ནི་དེ་ལྟར་རྒྱུ་གཞན་ལས་འབྱུང་བ་མ་ཡིན ་ཞེས་རྒྱུ་གཞན་མེད་པ་བཞིན་དུ་དེ་འདྲ་བའི་རྒྱུ་ལ་མངོན་པར་ཆགས་པའི་ཚུལ་གྱིས་གཏི་མུག་པས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཁོང་དུ་མི་ཆུད་པས་མྱ་ངན་ལས་འདས་པར་རྟོག་པ་སྟེ། དེ་འདྲ་བ་ཕྱིན་ཅི་ལོག་པའོ།། ཅི་ཞིག ་ལས་མྱ་ངན་ལས་འདས་པར་རྟོག་ཅེ་ན། བདག་སྡང་བ་དང་འདོད་པ་ལ་སོགས་པའི་ཡོན་ཏཱན་དང་བྲལ་བའོ།། དེ་འདྲ་བ་ནི་ཚད་མས་གནོད་པས་ཕྱིན་ཅི་ལོག་པའོ།། རྣམ་གཅིག་ཏུ་ན་འདི་རྣམས་ཀྱི་དོན་ནི་དེ་ལྟར་རྒྱུ་གཞན་ལས་བྱུང་བ ་མ་ཡིན་ཞེས་རྒྱུ་གཞན་མེད་བཞིན་དུ་དེ་འདྲ་བའི་རྒྱུ་ལ་མངོན་པར་ཆགས་པའི་ཚུལ་གྱིས་གཏི་མུག་པས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཁོང་དུ་མི་ཆུད་དེ། དེའི་ཕྱིར་མྱ་ངན་ལས་འདས་པ་མི་ཐོབ་ལ། ཡང་སྔར་གྱི་ཚུལ་ཇི ་ལྟ་བ་བཞིན་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པར་རྟོག་པའོ།། ཡང་ཁ་ཅིག་ནི་བདེན་པ་དང་ལམ་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པར་རྟོག་པ་སྟེ། བདེན་པོ་བཞི་དང་དེ་དག་རྟོག་པའི་ལམ་ཁོང་དུ་ཆུད་པ་སྟེ། བདེན་པ ་ནི་རྒྱུད་གཞན་དང་འབྲེལ་པའི་ཚུལ་དུ་ཡང་རྟོག་ལ། ལམ་ནི་རང་རིག་པའི་ཚུལ་གྱིས་ཁོང་དུ་ཆུད་པའོ།། ཡང་འདིར་བད་ན་པའི་ལམ་ཞེས་གཞུང་འདོན་པར་བྱེད་དེ། རིག་པ་ཅན་རྣམས་ཀྱིས་ཚིག་གི་དེ་ནི་བཅུ་དྲུག་རྟོག་པས ་མྱ་ངན་ལས་འདས་པར་འདོད་པ་ལྟ་བུའོ།། ཁ་ཅིག་ནི་ཡོན་ཏན་ཉི་ཤུ་རྩ་བཞི་དང་ཡོན་ཏན་ཅན་རྫས་དགུའི་བདག་ཉིད་ལ་སོགས་པ་ཁོང་དུ་ཆུད་ཅིང་སྤྱིའི་སྒོ་ནཱ་གཙོག་པ་དང་། བྱེ་བྲག་གི་སྒོ་ནས་ཐ་དད་པ་དང་། དེ་ཉིད་ཀྱི་གཉིས་ཀ ་མོ་ཡིན་པར་ཡང་འགྱུར་ཏེ། དེ་ལྟར་མཐོང་བ་འམ་གཞན་ཡང་ཁྱད་པར་དུ་བདག་གི་ཡོན་ཏན་དགུ་རྩ་བ་ནས་བཅད་ན། ཡོན་ཏན་ཅན་གྱི་བདོག་ཐོར་པའོ་ཞེས་བྱེ་བྲག་པོས་རྟོག་པ་ལྟ་བུའོ།། ཁ་ཅིག་ནི་དངོས་པོ་ཐམས་ཅད ་རྒྱུ་མེད་པ་རང་བཞིན་ལས་བྱུང་བར་མཐོང་བས་མྱ་ངན་ལས་འདས་པར་རྟོགོ།། འདི་ཡང་འཇིག་རྟེན་རྒྱང་ཕན་པའི་ལུགས་ཡིནོ་ཞེས་སློབ་དཔོན་ཡེ་ཤེས་དཔལ་གྱི་བཤད་དེ། དེ་ནི་རྒྱུ་ལས་སྐྱེ་བར་འང། ་བས་ཧཱ་ཅང་འགྲིག་པ་མ་ཡིནོ།། གླེངས་ཅན་དབང་ཕྱུགྶ་ཁས་མི་ལེན་པ་རྣམས་ནི། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ཁོང་དུ་ཆུད་པས་མྱ་ངན་ལས་འདའ་བར་འདོད་དེ། དེ་རྒྱུམ་ཉི་ཤུ་ལྟ་ཤེས་ན།། གནས་ནི་གང་དང་གར་གནས་ཤིང་།། རལ་པ ་འམ་སྤྱི་བུར་གནས་ཀྱང་རུང་།། གྲོལ་བ་དེར་ནི་གདོན་མི་ཟ་ཞེས་བསྟན་པའོ།། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ལ། སྐྱེས་པ་ནི་སེམས་ཅན་གྱི་རང་བཞིན་ནང་ན་གནས་པའོ།། རང་བཞིན་ཉི་ཤུ་རྩ་བཞི། ལས་དང་པོ་རྡུལ་དང་མུན་པ། སྙིང་སྟོབས ་རྣམ་པོ་གསུམ་ཏེ། ཞེ་སྡང་དང་། གཏི་མུག་དང་། འདོད་ཆགས་རྣམ་པ་གསུམ་པོའམ། ཡང་ཚོར་བའི་དབང་དུ་བྱས་ན་སྡུག་བསྔལ་དང་། བཏང་སྙོམས་དང་། བདེ་བ་སྟེ། དེ་གསུམ་ཚེ་མཉམ་པའི་གནས་སྐབས་ནི་གཙོ་བོའི་རང་བཞིན ་གཙྪ་བོ་ལས་ཆེན་པོ་སྐྱེ་དེ་ནི་བློའི་རྣམ་གྲངས་ཀྱང་ཡིན་ལ། དེ་ལས་ང་རྒྱལ་ལོ།། ང་རྒྱལ་ལས་སྒྲ་ལ་སོགས་པའི་ཡུལྀ་ལྔ་སྟེ། དེ་ཙམ་ལྟ་ཞེས་པའོ།། དེ་ཙམ་ལྔ་ལས་འབྱུང་བ་ལྔ་སྟེ། ནམ་མཁའ་ཡང་འབྱུང་བར་འདོད་པའོ།། ཡང ་བློའི་དབང་པོ་ལྔ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་རེག་པ་སྟེ་ལུས་ཀྱི་བློ་དང་རྣམ་པ་ལྔའོ།། ལས་ཀྱི་དབང་པོ་ལྔ་སྟེ། ལག་པ་དང་། རྐང་པ་དང་། ཁ་དང་། སྐྲ་དང་། ཕ་དང་མོའི་དབང་པོའོ།། གཞན་ཡང་སེམས་མཉམ་པའི་དབང ་པོ་སྟེ། དེ་ལ་ཡིད་ཅེས་ཀྱང་བྱའོ།། དེ་ལྟར་ན་ཆོས་ཉི་ཤུ་རྩ་གཅིག་པོ་འདིའི་རྩ་བ་ནི་སྔར་བསྟན་པ་ལྟར་ཡོན་ཏནུ་རྣམ་པ་གསུམ་སྟེ། དེ་ཡང་འཕགས་པ་མྱ་ངན་ལས་འདས་པ་ལས། ཞེན་པ་ཞེས་བགྱི་བ་འདི་ནི་འདོད་པའོ།། ། ་རྡུལ་ཞེས་བགྱི་བ་འདི་ནི་ཞོ་སྡང་ངོ་།། ནག་པོ་ཞེས་བགྱི་བ་འདི་ནི་མ་རུང་སྨྲ་པའོ།། གཽ་ཏ་མ་ཚྭས་ཉི་ཤུ་ལྔ་པོ་འདི་ནི་ཐམས་ཅད་ཀྱི་རང་བཞིན་ལས་སྐྱེསོ།། བཀའ་སྩལ་པ་བྲམ་ཟེ་ཆེན་པོ་ལ་སོགས་པའི་ཆོ་སྣ་འདི་དག་རྟག་པ ་ཡིན་ནམ། མི་རྟག་པ་ཡིན་གསོལ་པ། གཽ་ཏ་མ་བདག་གི་ཆོས་ཀྱི་རང་བཞིན་ནི་རྟག་པ་ལ་ཀྱཻ། ཆེན་པོ་ལ་སོགས་པའི་ཆོས་ཐམས་ཅད་མི་རྟག་པའོ།། ཞེས་གསུང་སོ།། བསྟེན་ཆོས་དག་ལས་ནི། སྒྲ་ལས་ཀྱིས་དབང་པོ་ཉིད་དུ ་མ་གསུངས་ཏེ། གཞན་དུ་གསང་ཁུང་ཞེས་པ་སྟེ། བཤད་པའི་ལམ་ཉིད་ལས་ཀྱི་དབང་པོ་སྟོན་ཏོ།། ཁ་ཅིག་ནི་སྐྱེ་དགུ་སྐྱོང་བ་སྟེ། བྱམས་པ་དང་སྙིང་རྗེས་གཞན་གྱི་དོན་གཙོ་བོར་བསྒྲུབ་པ་དང་། ཡོན་ཏན་དྲུག་བསྟན་པ ་འཛིན་པ་སྟེ། སྙིང་རྗེས་མ་རུངས་པ་ཚར་གཅོད་པ་ན་དེ་དག་དང་རང་གི་ཕྱོགས་ཀྱི་སྡེ་གཉི་སུ་གཅོད་ཅིང་འཛིན་པོ་དང་། དེ་ནས་དེ་དོག་ཚར་གཅོད་པའི་དོན་དུ་གཡུལ་ངོར་ཆས་པ་དང་། འཐབ་པ་དང་། དུས་ལོ་མ་བབ་པ་ན ་རང་བཞིན་དུ་ཁོང་པ་དང་། འཁོར་དང་ལྗོངས་ལ་ཞེན་པ་ན་དེ་དག་གཞོམ་པོའི་ཐབས་ཤེས་པ་དང་། ལེགས་པར་ཕེབས་པ་ན་འཇལ་བསྡུམ་བྱེད་པ་སྟེ། རྒྱལ་པོ་སྙིང་རྗེ་ཅན་ལ་སོགས་པའི་སྤྱོད་པ་དེ་འདྲ་བས་རང་གི་བསྟན་པ ་འཛིན་པས་མྱ་ངན་ལས་འདས་པར་རྟོག་པའོ།། ཁ་ཅིག་གི་ནི། དུས་ཀྱི་འབྱུང་བ་རྣམ་པ་འཇིག་ཅིང་། དུས་ཀྱིས་གཉིད་ལེག་སད་པར་བྱེད་ཅེས་བསྟན་པ་ལ་སོགས་པའི་ཚུལ་གྱིས་ཐམས་ཅད་ཀྱི་བྱེད ་པ་པོ་དུས་ཡིན་པར་མཐོང་བས་མྱ་ངན་ལས་འདས་པར་རྟོགོ།། ཁ་ཅིག་ནི་སྲིད་པ་སྟེ། ཇི་སྐད་དུ་འཕགས་པ་རྨོངས་པའི་དྲ་བས་ཞུས་པ་ལས། ལ་ལ་ངག་འདོད་པའི་ཁམས་ཀྱི་རྟེན་འདི་ཉིད་ལ་བསམ་གཏན་ལ་སོགས་པ་མ་བསྒོམས་པར ་རྩེ་དགའ་སྤྱད་པ་ཙམ་གྱིས་མཐོང་བའི་ཆོས་ལ་མྱ་དྲན་ལས་འདས་པར་རྟོག་པ་དང་། དེ་བཞིན་དུ་རྟེན་དེ་ཉིད་ལ་བསམ་གཏན་དང་པོ་དང་། གཉིས་པ་དང་གསུམ་པ་དང་། གཞི་པ་བསྒྲུབས་ཏེ་མཐོང་བའི་ཆོས་ལ་མྱ་ངན་ལས ་འདའ་བར་འདོད་པ་སྟེ། ལམ་དེ་འདྲ་བ་ནི་སྲིད་པ་ཉིད་ཀྱི་རང་བཞིན་ལས་མ་འདས་པའོ།། ཡང་ལ་ལ་དག་སྲིད་པའི་བདེ་བ་མཐར་ཐུག་པ་ཉིད་མྱ་ངན་ལས་འདས་པར་འདོད་ཅིང་། དེ་ལས་གཞན་པའི་མྱ་ངན་ལས་འདས་པ་ནི་ཁྭ ་མི་ལེན་ཏེ། བིན་པའི་གནས་ནི་ཉམས་དགའ་བར་ཞེས་པ་ལ་སོགས་པ་སྔར་བསྟན་པ་ལྟ་བུའོ།། ཁ་ཅིག་ནི་གང་ཟག་གམ་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པ་ནི་མ་སྔངས་ལ། སྲིད་པ་མེད་པས་མྱ་ངན་ལོས་འདས་པར་འདོད་པའོ།། ་འདིར་སློབ་དཔོན་ཡེ་ཤེས་དཔལ་གྱིས་ནི་བྱེད་པ་དུས་ཡིན་ཞེས་པ་སྲོག་བརྩོལ་བ་མཉམ་པར་སྦྱོར་བ་སྟེ། ཇི་ལྟར་རྟོགས་འདེད་ཀྱིས་སྨྲས་པ།། སྲོག་དང་སྲོག་མིན་དབུགས་མཉམ་ནས།། སྣ་ཡི་ནང་དུ་རྒྱུ་བར་ཏེ།། དབང་པོ་ཡིད་དང་བློ ་ཡང་བསྡུམས།། ཐུབ་པའི་ཐར་པར་གནས་པའོ།། ཞེས་བསྟན་པའོ།། སྲིད་པ་ཞེས་པ་ནི་མཆོད་སྦྱིན་གྱིས་ཕར་པར་འདོད་པ་སྟེ། གང་འདིར་རྩཝའི་མཆོད་སྦྱིན་གྱིས་ནི་མཐོ་རིསུ་འགྲོ་བ་དང་། གོས་བྱིན་པས་ཉི་མ་དང་ལྷན་ཅིག་འགྲེགས་པ་དང་། ་གསེར་དང་དངུལ་བྱིན་པས་ནི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ཟ་ཞིང་ཚེའི་ཚད་ཀྱང་མཐའ་མེད་པའོ།། སྲིད་པ་མེད་པསོ་ཞེས་པ་ནི་ཁྲུས་དང་སྦྱིན་སྲེག་ལཱྀ་སོགས་པས་ཐར་པར་རྟོག་པའམ། གཞན་ཡང་གངྒཱ་དང་པྲ་ཡུག་འདུས་པ་འམ། དེ ་དྲུག་དང་རྒྱ་མཚོ་འོདུས་པའི་མཚམ་སུ་ལུས་དོར་བྱར་མྱ་དྲན་འདའ་བར་འདོད་པ་སྟེ། གངྒཱ་ཆུད་དང་དེ་བཞིན་མཆེད།། གྷངྒཱ་རྒྱ་མཚོ་འདུས་པར་ནི།། ཁྲུས་བྱེད་དེ་དག་མཐེ་རིས་འགྲོ།། ཤི་བ་དེ་དག་ཡང་སྲོང་མེད། གཞན་ཡང་། ་ཡིད་རྟ་དཔོའ་བོར་གནས་ཤིང་ནི།། རྣལ་འབྱོར་བརྩོན་པའི་འགྲོ་བ་གངངྒཱ།། གདྷཱ་ཡ་མུན་འདས་པ་ལ།། སྒྲོག་འདིར་དྭ་ཡིས་འགྲོ་བ་དོ།། ནམ་ཞིག་དུས་ཀླུ་རྣམ་གྲངས་ཀྱིས།། བ་རུ་ཎཱ་སེར་གལ་ཏེ་འགྲོ།། རྡོ་བས་རྐང་པ་གཉིས ་བཅག་སྟེ།། དེ་ཉིད་དུ་ནི་འཆི་བར་བྱ།། བྲམ་ཟེ་བསོད་ལ་སོགས་པའི་མི།། དཱར་བཀྲུས་ནས་ནི་རྣམ་པར་གྲོལ།། གང་སྲིད་ཕྱེ་མ་ལབ་རྣམས་ཀྱང་།། ཤི་བ་གྲོལ་བར་གདོན་མི་ཟ་ཞེས་རྟོག་པའོ།། སྲིད་པ་དང་སྲིད་པ་མེད་པ་ཡོངས ་ཤེས་པ་ནི་དེ་དག་གི་དེ་ཁོ་ན་ཉིད་ལྷ་ཆེན་པོ་སྟེ། དེ་ནི་རང་བཞིན་ཤེས་པ་ནི་དེ་དག་གི་མྱ་ངན་ལས་འདའ་བར་རྟོག་པའོ།། དེ་སྐད་དུ་ཡང་། ལྷ་ཆེན་པོས་སྨྲས་པ། འཇིག་རྟེན་རྒྱུ་དང་མི་རྒྱུ་བ།། ཆང་འཐུང་ལ་སོགས་སྐྱེན་རྣམས་ཀྱིས ་མི་རིགས་པར་ནི་བྱས་ན་ཡང་།། ཡང་དག་རིགས་ཉིད་མི་དགོ་སོ།། ཚངས་སྤྱོད་སོགས་པས་ལུས་ལ་ནི།། གདུང་བར་ཅི་ཕྱིར་བྱ་ཞིག་གུ།། ཡོངས་ཤེས་པས་ནི་དེ་དག་གྲོལ་ཞེས་པའོ།། སྲིད་པ་དང་མྱ ་ངན་ལས་འདས་པ་བྱེ་བྲག་མེད་པར་མཐོང་དུས་མྱ་དོན་ལས་འདས་པར་རྟག་པ་ནི་ཐེག་པ་ཆེན་པོ་འདི་ཉིད་ཀྱི་ལུགས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། མྱ་ངོན་ལས་འདས་པའི་མཐའ་གང་ཡིན། འཁོར་བའི་མཐའ་ཡང་གང་ལན ་པ། ང་ཉིད་བར་ན་ཅུང་ཟད་ཀྱང་།། ཤིན་ཏུ་ཕྲ་བ་ཡོད་པ་མིན་ཞེས་གསུངས་པ་དང་། ས་བཅུའི་མགོན་པོ་ཆེན་པོས་ཀྱང་། སྲིད་དང་ཞི་བ་མཉམ་ཉིད་དང་ཞེས་པ་ལ་སོགས་པ་གསུངས་ཏེ། ཁྱད་པར་དུ་ཡང་བྱང་ཆུབ་སེམས་དཔའིས ་བརྒྱད་པ་ལ། འཁོར་བ་དང་མྱ་ངན་ལས་འདས་པ་རོ་གཅིག་ཏུ་རྟོགས་ཤིང་། རིམ་གྱིས་ཚོགས་གཉིས་རྫོགས་པར་བྱས་པས་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་ཐོབ་པོའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས ་དེ་ཉིད་ཚུལ་གཞན་གྱི་སྒོ་ནས་གསལ་བར་སྟོན་པའོ།། དེ་ཁོ་ན་ཉིད་ནི་དོན་དམ་པའི་དངོས་པོའོ།། སོ་སོ་རང་གིས་འཕགསོ་པའི་ཆོས་ནི་རང་གི་སེམས་ཀྱི་ཆོས་ཉིད།། སྒྱུ་མ་ལ་སོགས་པའི་ཏིང་འཛིན་ནི་དག་པ་འཇིག་རྟེན་པ་སྣང ་བ་དང་བཅས་པའི་ཏིང་འཛིན་ཏེ། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ཡན་ཆད་ཀྱང་། བྱ་བ་གང་དང་གང་བྱེད་པ་ན་དེའི་སེམས་དེ་དག་མི་འཕྲོགས་པ་སྟེ། དེ་བཞིན་ཉིད་ལས་མ་གཡེངས་པས་ཏིང་འཛིན་ཅེས་བྱའོ།། ་མཁས་པས་སྤངས་པ་ནི། དེ་དག་མྱ་ངན་ལས་འདས་པ་དང་། དེའི་ལམ་དང་། ལམ་གྱི་ཡུལ་བརྟག་པ་དང་། ཆད་པ། ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་བརྟགས་པ་ལ། སྔར་གསུངས་པའི་ཚད་མས་གནོད་པས་དེ་རྣམས ་ཡང་དག་པའི་མ་ཡིན་ཞེས་པའོ།། འཇུག་པ་དང་ལྡོག་པ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་དང་། འཁོར་བ་ལས་ལྡོག་པ་དེ་ཁོ་ན་ཉིད་དུ་མེད་ཅིང་། དེ་དགུ་གི་ལུགས་ལ་ཀུན་རྫོབ་ཙམ་དུ་ཡང་མེད་པའོ།། དེ་ལྟ་མོད ་འོན་ཀྱང་དེ་འདྲ་བ་ནི་རང་གི་གཙུག་ལག་ལ་མོས་པ་སྟེ། གཞུང་ལུགས་ངན་པ་ལ་མངོན་པར་ཞེན་པས་བརྟགས་པ་ཡིན་ཞིང་། དེ་ཡང་ཡང་དག་པའི་རྒྱུ་མཚན་སྣ་ཚོགས་ཀྱིས་ཡོངསུ་བརྟགས་ན་འཁྲུལ་པའོ།། འོང་བ་དང ་བ་ལ་སོགས་པའི་དངོས་པོར་ཕྱིན་ཅི་ལོག་ཏུ་བརྟགས་པའི་ཕྱིར་མྱ་ངན་ལས་འདས་པ་མེད་ཅེས་པའོ།། ཐབས་རྣམས་རྣམ་པར་སྤངས་ཞེས་པ་ནི་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ཞིང་། གཞན་གྱི་ལུགས་ལ་ཀུན་རྫོབ་ཙམ་དུ་ཡང ་གྲོལ་བའི་ཐབས་མེད་ཅེས་བྱའོ།། དུ་མར་ཐ་དད་བྲལ་བར་སྣང་ཞེས་པ་ནི། དེ་དག་གི་ཚུལ་ལུགས་པ་དད་པ་དུ་མར་བརྟགས་ཤིང་སྤང་བྱ་དང་བྲལ་བར་སྣང་མེད་ཀྱི་ཕྱིན་ཅི་ལོག་ཏུ་གྱུར་པ་དེའི་ཕྱིར་ཐར་པ་མེད་ཅེས་པའོ།། བློ་གྲོས ་ཡངས་པ་ནི་ཅི་ལོག་དང་ཐེ་ཚོམ་གྱི་འཛེར་དོག་མེད་པའོ།། ཚིག་ཏུ་སྨྲ་བ་ནི་རྣམ་རྟོག་སྣ་ཚོགས་ཀྱིས་ཀུན་ནས་བསླང་བས་སྡུག་བསྔལ་བསྐྱེད་པར་བྱའོ།། དག་ཆགས་དོག་མེ་ལོང་ལོ་ཞེས་པ་ལ་སོགས་པས་ནི་བག་ཆགས་དང་ལྡན ་པའི་ཀུན་གཞིའི་མེ་ལོང་ལ་བྱིས་པ་རྣམས་ཀྱི་སེམས་གཟུང་བ་དང་འཛིན་པའི་རྣམ་པ་གཉིསུ་མཐོང་བ་སྟེ། དེ་ལ་བརྟེན་ནས་དེ་ལྟར་སྣང་བ་ཏུ་སེམས་ཀྱི་རྣམ་པ་ཡིན་ལ། དོན་དམ་པ་སྟོང་པ ་ཉིད་དུ་མི་ཤེས་པས་གཟུང་འཛིན་གྱི་དངོས་པོར་རྟོག་པ་གཉིས་སྐྱེ་བའོ།། མིང་དང་འདུ་ཤེས་ཞེས་པ་ལ་སོགས་པ་ནི་མིང་དང་མཚན་མར་སྣང་བའི་བྱེ་བྲག་གིས་སྣ་ཚོགསུ་བཿཡི་ནོ་ཞེས་མདོ་སྡེ་དེ་དང་དེ་དག་ལས་བཤད་དེ། དེ ་ཡང་མིང་དང་བརྗོད་པ་ལས་མ་གཏོགས་པ་བརྗོད་པར་བྱ་བའི་དོན་ཐ་དད་པ་རིག་ཅིང་རྟོག་པར་བྱ་བ་ནི་མེད་ཅེས་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་ཐུག་གི་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་རང ་བཞིན་སྟོན་ཏེ། ཇི་ལྟར་ཁྱོད་ཀྱིས་བཟོད་པ་དེ་བཞིན་དུ་ཞེས་པ་ནི་དེའི་རང་བཞིན་ཟབ་མོ་བསྟན་པ་ལ་མི་སྐྲག་ཅིང་གཏིང་ཚུགས་པར་འགྱུར་བ་དེ་བཞིན་དུའོ།། ཚིག་ངེས་པ་ནི་གཅིག་ཏུངས་པའི་སྒྲ་ཏེ། སྒྲ་དེའི་དོན་ཕྱོགས་རེར ་བརྟགས་པ་དེ་རྣམས་ལོས་གང་ཞིག་ལགས་ཞེས་པའོ།། བློ་གྲོས་ཆེན་པོ་གལ་ཏེ་ཞེས་པ་ལ་སོགས་པའི་དོན་དེ་བཞིན་གཤེགས་པ་དོན་དམ་པའི་དངོས་པོར་བྱས་པ་ཞིག་ཡིན་ན་ནི། དེ་ཉིད་མི་བརྟག་པའི་དངོས་པོར་ཡང་འགྱུར་ན ་དེ་འདྲ་བ་ནི་ཚད་མས་གནོད་པས་ཕྱིན་ཅི་ལོག་ཡིན་པའི་ཕྱིར། དེ་བཞིན་གཤེགས་པར་མི་འཐད་ལ། དེ་ལྟར་ཚད་མ་གནོད་པ་བཞིན་དུ་ཡང་དེ་བཞིན་གཤེགསོ་པར་འགྱུར་ན། འབྲས་བུའོ་ཐམས་ཅད་ཀྱང་དེ་བཞིན་གཤག ་པར་འགྱུར་བའོ།། དེ་སྟེ་ཀུན་རྫོབ་ཙམ་དུ་ཡང་རྒྱུ་དང་རྐྱེན་གྱིས་མ་བྱས་པ་ཡིན་ན་ནི་རི་བོང་གི་རྭ་ལ་སོགས་པ་དང་མཚུངས་པས་དེའི་དོན་དུ་ཚོགས་སོགས་པ་ཡང་དོན་མེད་པར་འགྱུར་ལ། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབ་ས ་པའི་མཐར་ལྷུང་བར་ཡང་འགྱུརརོ།། དེས་ན་དེའི་དོན་ཀུན་རྫོབ་ཏུ་ཡེ་ཤོས་སྐད་ཅིག་སྔ་མ་སྔ་མ་རྣམས་ལ་རག་ལུས་ཏེ་བྱུང་བར་ཡིན་ལ། དོན་དམ་པར་དེ་ལྟ་བུའི་ངོ་བོས་སྟོང་པ་ཟུང་འཇུག་སྒྱུ་མ་ལྟ་བུའོ།། བློ་གློས་ཆེན་པོ་གང་ཡང་ཞེས་པ་ལ ་སོགས་པས་དེའི་རང་བཞི་ནི་སྤྲོས་པ་དང་འབྲེལ་པ་ཉིད་དུ་གསུངས་ཏེ། དེ་བཞིན་གཤེགས་པ་ནི་དོན་དམ་པར་རྒྱུ་འབྲས་ལ་སོགས་པའི་སྤྲོས་པ་ཐམས་ཅད་ལས་འདས་པའོ།། མཐའི་གཞིའི་ཕྱི་རོལ་ནི་དེ་རྣམས་དང་བྲལ་བའོ།། དེ་རྣམས ་ནི་འཇིག་རྟེན་ཕྱིན་ཅི་ལོག་གི་སྤྱོད་ཡུལོ།། ཚིག་ཙམ་དུ་འགྱུར་རོ་ཞེས་པ་ནི་དོན་དམ་པར་བསམས་ན་ཚིག་ཙམེ་ཡིན་གྱི། དེ་ལས་མ་གཏོགས་པའི་དོན་གཞན་འགྲུབ་པའོ།། ཚིག་ཉིད་ཀྱང་དྲོ་ལྟར་སྣང་བ་ཙམ་ལས་རང་བཞིན་གྲུབ ་པ་མེད་ཅེས་སྔོར་བསྟན་ཏོ།། གོལ་ཏེ་མོ་གཤམ་གྱི་བུ་ལ་སོགས་པ་ནི་མཐར་ལྷུང་བ་མ་ཡིན་ནམ་ཞེ་ན། དེ་ནི་རྟོག་པའི་གཟུང་བ་མདོ་ཞེས་པའི་སྒྲའི་དོན་ཉིད་ཡིན་གྱི། དེའི་རང་བཞིན་བློའི་ཡུལ་ལས་འདས་པ་ནི་མཐའ་བཞིར་ལྷུང ་བ་མ་ཡིན་པའོ།། མཁས་པ་རྣམས་ལ་ཚད་མ་མ་ཡིན་ཞེས་པ་ཡོད་པའི་སྒྲོ་འདོགས་རྣམ་པར་བཀག་པ་ལས་མ་གཏོགས་པ་ཚད་མའི་བློ་ཡིས་འདི་དང་འདི་འདྲའོ་ཞེས་ཡུལ་དུ་བྱར་མེད་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས ་དེའི་རང་བཞིན་ཅན་གཞན་ལ་སྦྱར་བར་གསུངས་ཏེ། དེའི་དོན་ཡང་ཇི་ལྟར་སྣང་ཞིང་མྱོང་བའི་ཆོས་ཐམས་ཅད་དོན་དམ་པའི་དངོས་པོ་ལ་སོགས་པར་བརྟགས་པའི་བདག་གི་སྟོང་པ་ཉིད་བདག་མེད་པའི་དོན ་ཡིན་གྱི། སྣང་བ་ཙམ་གྱིས་རང་བཞིན་གྱིས་སྟོང་པ་ནི་མ་ཡིན་ཏོ།། དེ་ལྟར་ན་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པའི་སྒྱུ་མ་ཉིད་ཆོས་བདག་མེད་པའི་དོན་ཡིན་ཞེས་པ་སྟེ། དཔེར་ན་རྟ་དང་བ་ལང་གི་དངོས་པོ་ནི་ཕན་ཚུན་གཅིག་གི་བདག ་ཉིད་གཅིག་མ་ཡིན་ལ། རང་རང་གི་ངོ་བོར་གྲིབ་བཞིན་དུ་སྣང་ཞིང་མྱོང་བའི་ཆོས་དང་། བརྟག་པའི་བདག་ཉིད་ཀྱང་ཕན་ཚུན་གཅིག་གི་བདག་ཉིད་གཅིག་མ་ཡིན་ལ། སྣང་བ་ཙམ་པོ་རང་གི་ངོ་བོར་མ་གྲུབ་པ་མ་ཡིན་ཏེ། དེའི་ཕྱིར ་སྣང་བ་ཙམ་གྱི་ཆོས་ཅན་ཉིད་དགག་བྱ་མ་ཡིན་པར་སྔར་བསྟན་ཏོ།། གལ་ཏེ་དེ་ལྟ་ན་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་གཟུགས་ཀྱིས་ངོ་བོས་སྟོང་ཞེས་པ་ལ་སོགས་པ་དང་། གཞན་ཡང་གཟུགས་ནི་གཽཎྜཱི ་ཅང་གཞོམ་དུ་རུང་བའི་མཚན་ཉིད་དེ། དོ་ན་མཚན་ཉིད་མེད་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་འགལེ་ཞེ་ན། སྐྱོན་མེད་དེ། དེ་ཡང་གཟུགས་སམ་གཟུགས་ཀྱི ་མཚན་ཉིད་དུ་སྣང་བ་ནི་དེ་འདྲ་བའི་ངོ་བོ་དེན་པར་བརྟགས་པས་སྟོང་པ་ཉིད་དུ་གསུངས་ཀྱི། དེ་ལྟར་སྣང་བ་ཙམ་གྱིས་སྟོང་པ་རང་སེལ་བ་ནི་མ་ཡིན་ཏེ། དེ་ནི་ཚད་མ་ལ་སོགས་པས་གནོད་པའི་ཕྱིར།། བདག་མེད་པའི་དངོས་པོ་ཞེས་པ་ནི ་བརྟགས་པའི་བདག་གིས་སྟོང་པའི་དངོས་པོ་སྟེ། སྣང་ཚེད་ཙམ་དུ་དངོས་པོར་གྲུབ་པའོ།། དེ་བས་ན་བྱིས་པ་སོ་སོའི་སྐྱེ་བོ་ཞེས་པ་ལ་སོགས་པས་ནི་སྣང་ཞིང་མྱོང་བའི་ཆོས་ཐམས་ཅད་སྣང་པ་ཙམ་གྱིས་མཚན་ཉིད་དུ་ཡོད་པ་དེ་བས་ན། བྱིས་པ ་རྣམས་ཀྱིས་དངོས་པོའི་བདག་ཉིད་ལ་སོགས་པར་རྟོག་ཅིང་བརྟག་པ་ཉིད་དགག་བྱའི་རང་བཞིན་དུ་ཉེ་བར་གཟུང་ནས། དེ་འདྲ་བའི་བདག་མེད་པར་ཁོང་དུ་ཆུད་པོར་བྱ་སྟེ། རྣམ་པར་མི་རྟོག་པའི་བློ་ལ་སྣང་བ། སྣང་བའི་བདག་ཉིད་ཀྱིས་དབེན་པའི ་སྒྲ་ནས་བདག་མེད་པར་བསྟན་པ་ནི་མ་ཡིནོ།། དེ་བཞིན་དུ་རྟོག་པའི་གཟུང་བཱ་དཱི་ལ་སྣང་བའི་བདག་ཉིད་ཀྱང་སྣང་ཚེད་ཙམ་དུ་མེད་པ་མ་ཡིན་ཏེ། དེ་ཡང་སྒྲ་འཇུག་པོ་ཉིད་ཀྱི་ཕྱིར། ཡོད་ཅེས་ཐ་སྙད་རྟེན་པར་འདོད་ཅེས་གསུངས་པ་དང་། སོ་སོ་རང་གི། ་རིག་པའི་དོན་སྤང་བར་འོས་པ་མ་ཡིན་པ་ནི་ཆོས་ཅན་ནོ་ཞེས་གསུངས་པའི་ཕྱིརོ།། འོ་ན་དེ་ཉིད་དགག་བྱ་གང་གིས་དབེན་པ་ཡིན་ཞེ་ན། ཕྱི་རོལ་གྱི་རྟག་པ་དང་གཙོ་བོ་ལོ་སོགས་པར་བྱིས་པས་བརྟགས་པའི་ཆོས་ཀྱི་དབེན་པའོ།། དེ་བཞིན ་དུ་ཆོས་ཐམས་ཅད་སྟོང་པ་ལ་སོགས་པར་ཡང་སྦྱར་བར་བྱའོ།། གོ་བར་ཟད་དེ་བཞིན་དུ་ཞེས་པ་ལ་སོགས་པ་སྐབསུ་བབ་པའི་དོན་ཉིད་གསོལ་བར་གསུངས་པའོ།། འདི་རྣམས་ཀྱི་དོན་ཀྱང་དེ་ཁོ་ན་ཉིད་དུ་གཅིག་དང་ཐ་དད་པ་ལ་སོགས་པ། ་ལས་གྲོལ་བ་སྤྲོས་པ་ཐམས་ཅད་དང་བྲལ་བའོ།། རྣམ་པོར་བཞག་པ་ཙམ་དུ་ནི་ཟག་པ་མེད་པའི་ཕུང་པོ་བསྡུས་པའི་བདག་ཉིད།། གཉིས་ཡོད་ན་ཞེས་པ་ནི་བདེན་པའི་དངོས་པོ་གཉིས་ཡོད་ན་ཞེས་པའོ།། དེ་ལ་དངོས་པོ་ཐམས་ཅད་ནི་དེ ་ཁོ་ན་ཉིད་སྟོང་པ་ཉིད་དུ་འདྲ་བས་ན། ཐ་དད་པ་མ་ཡི་ནོ།། ཡང་ཀུན་རྫོབ་ཙམ་དུ་རིང་པོ་དང་ཐུང་ངུ་ལ་སོགས་པ་ཕན་ཚུན་འདོགས་པའི་ངོ་བོར་གྲུབ་པ་ལ་བལྟོས་ནས་ཐ་དད་པ་ཉིད་ཅེས་བྱའོ།། དེ་བཞིན་དུ་ཟག ་པ་དང་བཅས་པའི་ཕུང་པོ་རྣམས་དང་། དེ་བཞིན་གཤེགས་པ་ཡང་ལྟ་བར་བྱའོ།། ཡང་ཐར་པ་དང་དེ་བཞིན་གཤེགས་པ་ཐ་དད་ན་ཐར་པ་ནི་ཟག་པ་དང་བཅས་པའི་གཟུགས་ཀྱི་མཚན་ཉིད་ལས་འདས་པ་ཡིན་ལ་དེ་ལས་དེ་བ ་གཤེགས་པ་ལོག་པ་ན། དེ་འདྲ་བའི་གཟུགས་ཀྱི་མཚན་ཉིད་དང་ལྡན་པར་འགྱུར་བའོ།། ཡང་བདག་ཉིད་ཐམས་ཅད་ནས་ཐར་པ་དང་གཅིག་ན་ནི་ཉན་ཐོས་ལ་སོགས་པའི་རྣལ་འབྱོར་ཅན་རྣམས་ཀྱི་འབྲས་བུ་ཐོབ་པའི་མ ་ཉིད་བྱེ་བྲག་མེད་པར་འགྱུརོ།། དེ་ལྟར་འདོད་པ་ཡང་མི་འཐད་དེ། རྣལ་འབྱོར་ཅན་རྣམས་ཀྱི་ཕོབ་པ་དང་སྤངས་པ་མི་འདྲ་བའི་བྱེ་བྲག་མཐོང་བའི་ཕྱིར།། དམིགས་པ་མེད་ཅེས་པ་ནི་ཤེས་པ་ཐམས་ཅད་ཀྱིས་མི་དམིགས་པའོ།། ཚད ་མ་དང་དབང་པོ་ནི་རྗེསུ་དཔག་པ་ལ་སོགས་པའི་སྤྱི་དང་། དབང་པོའི་མངོན་སུམ་གྱི་ཡུལ་མ་ཡིན་པའོ།། ཕུང་པོར་བརྟེན་ནས་ཞེས་པ་ནི་དེ་རྒྱུར་བྱོས་པའམ་བློའི་མདུན་དུ་བྱས་པའོ།། ཕུང་པོ་མ་ཡིན་ཕུང་དང་མིན་ཞེས་པ་ལ་སོགས ་པའི་དོན་ཕུང་པོའི་ངོ་བོ་མ་ཡིན་པ་དང་། དེ་དང་འབྲེལ་པ་ཡང་མ་ཡིན་ལ། གཞན་ཐ་དད་པ་ལ་སོགས་པ་ཡང་མ་ཡིན་ཏེ། ཐམས་ཅད་ཆོས་ཉིད་ཀྱི་ངོ་བོར་འདྲེས་པའི་ཕྱིར་རོ།། གང་རྣམས་ཞེས་པ་ལ་སོགས་པའི་དོན་ནི་ཇི་ལྟར ་བརྟགས་པའི་བདག་ཉིད་དུ་སྣང་བ་རྟོགས་པའི་གཟུང་བ་དེ་ཡང་སྔར་བསྟན་པ་ལྟར་སྣང་ཆེད་དུ་མེད་པ་མ་ཡིན་ཞེས་པའོ།། ཡོད་པའི་ཞེས་པ་ལ་སོགས་པསྣ་ནི་ཕན་ཚུན་འདོག་པ་ལ་བལྟོས་ནས་བརྟག་པའི་ཐ་དད་པ་ཡང་དེ་ཁོ། ་ན་ཉིད་དུ་མི་འཐད་པའོ།། སྒྲ་ཙོམ་ལ་འཇུག་པ་ནི་ཡོད་པ་དང་མེད་པ་ལ་སོགས་པར་བསྟན་པ་ན་སྒྲ་ཇི་བཞིན་གྱིས་མཚན་མར་འཛིན་པའི་ཚུལ་གྱིས་འཇུག་པ་ནི་མཐའ་གཉིསུ་ལྟུང་བས་བདག་ཉིད་ཀྱང་སྐྱེ་བ་གཞན་དུ་དེ་འགྲོ་ང ་ཐར་པ་ལས་ཉམས་པར་འགྱུར་ཞིང་། བྱས་པ་གཞན་ཡང་ཉམས་པར་བྱེད་པས་ན་བརླག་པར་བྱེད་ཅེས་པའོ།། ཉེས་པ་ཀུན་ལས་གྲོལ་བ་ནི་སྒྲ་ཇི་བཞིན་མ་ཡིན་པ་མཐའ་གཉིས་སྤངས་པའི་དབུ་མའོ།། དེ་འདྲ་བར་རྟོག་པ་ནི ་འདྲེན་པ་དག་ལ་མི་སྨོད་ཅིང་གུས་པར་འགྱུར་ལ། དེ་ལས་སྒྲ་ཇི་བཞིན་དུ་འཛིན་པ་རྣམས་ནི་དེ་བཞིན་གཤེགས་པ་ལ་ཆད་པར་ལྟ་བའོ་ཞེས་པ་ལ་སོགས་པའི་སྒོ་ནས་སྨོད་པར་འགྱུར་བའོ།། དེ་ནས་བྱང་ཆུབ་སེམས་དཔའ ་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་དོན་དང་ལྡན་པའི་མཚན་ཉིད་ཀྱི་རྣམ་གྲངས་སྟོན་ཏེ། སྐྱེ་བ་མེད་པ་དང་འགག་པ་མེད་པ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བློ་དག་སོ་ཞེས་གསུངས་པ་ནི། རྟག་ཏུ་སྐྱེ ་མེད་ཆོས་ནི་དེ་བཞིན་གཤེགས།། ཆོས་རྣམས་ཀུན་དང་དེ་བཞོན་གཤེགས་དང་འདྲ་ཞེས་པ་ལ་སོགས་པ་གསུངས་པའོ།། དེ་ལྟར་གསུངས་པའི་དོན་དེ་སྐྱེ་བ་ལ་སོགས་པ་ཀུན་རྫོབ་ཏུ་ཡང་མེད་པ་རི་བོང་གི་རྭ་ལྟ་བུ་ཡིན་ལ ་དེས་ན་དེ་བཞིན་གཤེགས་པ་ནི་ཀུན་རྫོབ་ཏུ་ཡང་མེད་པ་ཉིད་དུ་སྟོན་པ་ཡིན་ནམ། འོན་ཏེ་འདི་དེ་བཞིན་གཤེགས་པས་ཡེ་ཤེས་སྒྱུ་མ་སྟོན་པའི་མིང་གི་རྣམ་གྲངས་གཅིག་ལགས། དེ་ལ་ཕྱོགས ་དང་པོ་ལྟར་ན། ཆོས་རྣམས་ཀུན་དང་དེ་བཞིན་གཤེགས་དང་འདྲ་ཞེས་གསུངས་པ་ཆོས་ཐམས་ཅད་དང་དེའི་སྐྱེ་བ་ལ་སོགས་པ་ཡང་ཀུན་རྫོབ་ཙམ་དུ་ཡང་མེད་པར་འགྱུར་ལ། དེ་ལྟ་ན་ཆོས་ཐམས་ཅད་ཞེས་པ་ནི་ཆོས་ཅན་དགགི ་གཞི་སྨོས་པ་ཡང་མི་འཐད་དེ། དེ་འདྲ་བའི་གཞི་ཀུན་རྫོབ་ཏུ་མ་གྲུབ་པས། དེ་ལ་སྐྱེ་བ་ལ་སོགས་པ་བཀག་པའི་ཆོས་དང་འབྲེལ་པ་རྟོག་པ་མི་འཐད་དེ། ཇི་ལྟར་སྣང་བ་ཙམ་པོ་འགོག་པ་རང་སེལ་བ་ཉིད་མི་འཐད་པར་སྔར་བསྟན་པ ་བཞིནོ།། འདིར་ཚིག་གི་དོན་བསྟན་པ་ལ་དངོས་པོ་མ་མཆིས་པ་ནི་ཀུན་རྫོབ་ཙམ་དུ་ཡང་ངོ་།། དེ་བཞིན་གཤེགས་པའི་རྣམ་གྲངས་ནི་ཡེ་ཤེས་སྒྱུ་མ་ཙམ་དུ་སྟོན་པའི་མིང་གི་རྣམ་གྲངསོ།། ཕྱོགས་མི་མཐོང་པ་ནི་བློའི་མདུན་དུ་མ་བྱས ་ཤིང་སྣང་ཚེད་ཙམ་དུ་ཡང་མ་གྲུབ་པའོ།། མ་སྐྱེས་པའི་ཕྱིར་ཞེས་པ་ཀུན་རྫོབ་ཏུ་ཡང་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཅེས་སྨོས་པ་མི་འཐད་པའོ།། དེ་དང་འདྲ་བར་དེ་བཞིན་གཤེགས་པ་ཡང་མ་སྐྱེས་ཞེས་སྟོན་པའི་སྐབས ་དེ་བཞིན་གཤེགས་པ་ཞེས་སྐྱེ་བ་དགག་པའི་རྟེན་སྨོས་པ་མི་འཐད།། ཆོས་ལ་ལ་ཞིག་གོས་ཞེས་པོ་ནི་ཡེ་ཤེས་སྒྱུ་མ་ལྟ་བུའོ།། ལན་གྱི་དོན་བརྟགས་པའི་ཕྱོགས་དང་པོ་ཁས་མི་ལེན་ལ། འོན་ཀྱང་སྐྱེ་བོ་མེད་ཅེས་པ་ལ་སོགས་པའི ་དོན་ནི་དོན་དམ་པར་སྒྱུ་དང་རྐྱེན་ལ་བལྟོས་པ་མ་ཡིན་ཞིང་། ཀུན་རྫོབ་ཏུ་ཡེ་ཤེས་སྒྱུ་མ་ལྟ་དུ་རྐྱེན་ལ་རག་ལས་པའོ།། སྨོས་པ་ཡང་མ་ཡིན་ཅེས་པ་ནི་སྐྱེ་འགག་ཀུན་རྫོབ་ཙམ་དུ་ཡང་མེད་པར་དེའི་རྟེན་ཆོས་ཐམས་ཅད་ཅེས་སྨོས་པ་མ ་ཡིན་པའོ།། དོན་མེད་པ་ནི་དོན་མྱི་བདེན་པའོ།། ཡིད་ཀྱི་རང་བཞིན་ནི་ཡེ་ཤེས།། ས་བདུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་གྱི་རིགས་ཅེ ་མངོན་དུ་མ་བྱས་ཤིང་དབང་པོ་བརྟུལ་བས། ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན་མ་གཏོགས་པས་དེའི་སྤྱོད་ཡུལ་དུ་མི་འགྱུར་བའོ།། འདི་ལྟ་སྟེ་ཞེས་པ་ལ་སོགས་པས་དོན་དེ་ཉིད་དཔེའི་སྒོ་ནས་རྒྱས་པར་སྟོན ་ཏེ། དེ་ལ་བ་བྱིན་དང་དབང་པོ་དང་། གྲོང་ཁྱེར་འཇིག་ཅེས་པ་ནི། ལྷའི་དབང་པོའི་རྣམ་གྲངསུ་གཏོགས་པའོ།། དེ་བཞིན་དུ་ལག་པོ་དང་བྱེད་པ་དང་སྤྱོད་པ་རྣམས་ཀྱང་།། ཡང་ལུས་དང་འདུས་པ་དང་། གཟུགས་རྣམས་ནི་རྣམ་གྲངསུ ་གཏོགས་པའོ།། དེ་བཞིན་དུ་ས་དང་། གནས་དང་། ནོར་འཛིན་ཀྱང་།། ཡང་ན་མཁའ་དང་། གོ་འབྱེད་པ་དང་། འོད་རྒྱུ་ཞེས་པ་སྟེ། དེ་ལ་སོགས་པ་དངོས་པོ་རཱི་རེ་ལ་རྣམ་གྲངས་ཀྱི་ཚིག་མང་པོ་འཇུག་པ་ལྷུར་ཞེས་པའོ།། རང་བཞིན་མ་ཡིན ་བར་ཡང་མི་འགྱུར་ཞེས་པ་ནི་དོན་དང་མི་ལྡན་པའི་མིང་སྒྲ་བཤད་པའི་རྒྱུ་མཚན་མེད་པ་ནི་མ་ཡིན་ཞེས་པའོ།། དེ་བཞིན་དུ་བློ་གྲོས་ཆེན་པོ་ང་ཡང་མི་འབྱེད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་པ་སྟེ། གང་གཞི་དང་ནི་ཉི་ཟླ་དང་།། ཥི ་དང་ནི་འདོད་ལྷ་དང་།། ཚངས་པའི་འཇིག་རྟེན་སྟོང་ལ་ནི།། སྟོང་ནི་སྤྱི་ཕུང་ཡིན་པར་འདོད།། དེ་སྟོང་ལ་ནི་སྟོང་གཉིས་པ།། བར་མའི་འཇིག་རྟེན་ཁམས་ཡིནོ།། དེ་སྟོང་ལ་ནི་སྟོང་གསུམ་སྟེ།། མཉམ་དུ་འཇིག་ཅིང ་འབྱུང་བ་ཡིན་ཞེས་གསུངས་པ་སྟེ། སེམས་ཅན་རྣམས་ཀྱི་རང་འང་གི་སེམས་ཉིད་དེ་ལྟར་སྣང་བའོ།། དེ་ལས་གཞན་པའི་འཇིག་རྟེན་གྱི་ཁམས་ཀྱང་རུང་སྟེ། དེ་རྣམསུ་མིང་གྲངས་མེད་པ་བརྒྱ་སྟོང་ཕྲག་གསུམ་དུ་བྱིས་པ་རྣམས་ཀྱི ་རྣལམ་དུ་གྲགས་པ་སྟེ། སེམས་ཅན་རྣམས་ཇི་ལྟར་འདུལ་བར་འགྱུར་པའི་སྐུ་དང་གསུང་སྟེ་ཚོགསུ་བསྟན་པས་མཚན་ཀྱང་སྣ་ཚོ་གསུ་གྲགས་པའོ།། དེ་ལ་གྲངས་མེད་པ་ནི་གནས་གཞན་དྲུག་ཅུ་ལས་འདས་པའོ།། དེ་འདྲ་བ་བརྒྱ་སྟོང ་ཕྲག་གསུམ་ཞེས་པས་ཏེ་མཚོན་པ་ཙམ་དུ་ཟད།། མིང་གི་རྣམ་གྲངསུ་མ་ཤེས་པ་ནི་རང་རང་སོ་སོའི་ལ་གྲགས་པས་ཕན་ཚུན་མི་ཤེས་པའོ།། དེ་ལ་རང་བྱུང་བ་ནི་སྲིད་པ་ཐ་མའི་གནས་སྐབས་ན་གཞན་གྱིས་བསྟན་པ་ལ་མི་བལྟོས་པའོ།། ་འདྲེན་པ་ནི་སེམས་ཅན་རྣམས་ཀྱི་འདྲེན་པ་སྟེ། གོ་དྷ་ནསྣ་གོང་གི་བྱེ་བྲག་གི་རྣམ་པ་གསུམ་དུ་འགྱུར་བའོ།། ཁྱུ་མཆོག་དང་འདྲ་བས་ཁྱུ་མཆོགོ།། ཚངས་པ་ལ་སོགས་པ་ཕྱི་རོལ་པའི་གཟུགས་ཀྱིས་འདུལ་བ་རྣམས་ལ་དེ་འདྲ་བའི ་གཟུགས་ལ་སོགས་པར་བསྟན་པས་དེ་རྣམས་ཀྱིས་མིང་དུ་གྲགས་པའོ།། གཞན་ལ་ལས་ནི་ཞེས་པ་ལ་འདུལ་བྱ་རྒྱུད་སྨིན་པ་རྣམས་ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་རང་བཞིན་ནི་སྐྱེ་བ་མེད་པའོ།། ཞེས་པ་ལ་སོགས་པ ་གསུངས་པས་དེ་རྣམས་ལ་དོན་དམ་པའི་མིང་གི་རྣམ་གྲངས་འདི་རྣམསུ་གྲགས་པའོ།། གཞན་ཡང་ཀུན་རྫོབ་ཏུ་སེམས་བསྐྱེད་པ་ལ་སྩོགས་པའི་རྐྱེན་ལས་སངས་རྒྱསུ་འགྱུར་བའི་རྒྱུ་བསྟན་ཅིང་སྟོན་པ་ཡིན་ཞེས་པ་དང་། རྣམ་པར ་བར་པ་དང་། ལམ་དང་བདེན་པ་རྣམས་སྟོན་པ་དང་། ཞེས་པ་ལ་སོགས་པ་སྦྱར་བར་བྱའོ།། ཞུགས་པ་ཡང་མེད་ཅེས་པ་ལ་སྟེགས་པས་ནི་འཇིག་རྟེན་གྱི་ཁམས་དེ་དག་ཏུ་འཇུག་པ་དང་ལྡོག་པ་མེད་པའོ།། རི་མོར་བྱེད་པ་ནི་གཞན་ལ ་མཐུན་མོངས་མ་ཡིན་པའི་རིམ་གྲོར་བྱེད་པའོ།། མཆོད་པ་ནི་རྙེད་པ་དང་བཀུར་སྟི་དང་སྒྲུབ་པའི་མཆོད་པའི་མཆོད་པའོ།། ཚིག་གི་དོན་དང་ངེས་པའི་ཚིག་ནི་དོན་གང་ལ་བརྗོར་བྱས་པའི་དོན་དང་། སྒྲ་བཤད་པའི་རྒྱུ་མཚནོ།། མོང ་ད་པ་མ་ཡིན་ཞེས་པ་ནི་དོན་གྱི་རང་བཞིན་ཐ་དད་པ་མ་ཡིན་པའི་མིང་མི་འདྲ་བ་སྟེ། དེ་ཡང་སྒྲ་བཤད་པའི་རྒྱུ་མཚན་དང་ལྡན་པའི་མིང་གི་རྣམ་གྲངས་ཉིད་དུ་མི་ཤེས་པའོ།། བཤད་པའི་སྒྲ་དང་བརྗོད་པ་ནི་བརྗོད་བྱེད་དང ་བྷྱཙྪེ་བྱའོ།། རང་གི་ཆུལ་སོ་སོར་འཇོག་པ་ནི་དེ་བཞིན་གཤེགས་པའི་བསྟན་པའི་གནས་ཟབ་མོ་མཐའ་གཉིས་སྤངས་པའི་དེ་མཱའི་དོན་ནོ།། བྷྲཱུཾ་གྲོས་ཆེནྡ་ཙ་སྐྱེས་བུ་བླུན་པོས་ཞེས་བྷཱ་ལཱ་སྟེགས་པས་སྦྱར་གྱི་དགོངས་པ་ཅན ་ཆོཚིག་དོན་ལྷག་དང་བཅས་ཏེ་རྒྱས་པར་སྟོན་པ་ལས་དང་པོར་རེ་ཞིག་གཞན་དག་དོན་སྣ་ཚོགས་ཐམས་ཅད་ནི་ངག་དུ་ལྷུང་བ་ཡི་གེའི་རྣམ་པ་ཅན་གྱི་སྒྲའི་རྣམ་པར་འགྱུར་བ་ཡིན་ཏེ། དེའི་ཕྱིར་དོན་དང་སྒྲལ་བ་དང་མེད་པར་འདྲ། ་པ་འགོག་པའོ།། དོན་ལ་ལུས་མེད་ཅེས་པ་ནི་ཡི་གེའི་རྣམ་པ་ཅན་གྱི་སྒྲ་ལས་མ་གཏོགས་པ། ཐེག་པ་དང་བཅས་པའི་ལུས་ཐ་དད་པ་མེད་པའོ།། གྲུབ་མཐའ་སྨྲ་བ་དེ་དག་གིས་ཀྱང་སྒྲའི་རང་བཞིན་ཀུན་རྫོབ ་པ་དང་། དེའི་དེ་བཞིན་ཉིད་དོན་དམ་པའི་ཚུལ་ལུགས་མི་ཤེས་པས། ཇི་ལྟར་སྒྲ་ནི་ཀུན་རྫོབ་ཙམ་དུ་སྐྱེས་བུའི་བརྗོད་པར་འདོད་པ་དང་། གནས་དང་བྱེད་པ་ལ་སོགས་པའི་དབང་གི་སྐྱེ་ཞིང་། དེ་དག་ལོག་པ་ན་འཇིགས་པར་འགྱུར་གྱི ་དོན་ནི་དེ་ལྟར་མ་ཡིན་པའི་འགལ་བ་ཉིད་མི་ཤེས་པས་དེ་དག་གཅིག་ཏུ་རྟོག་སྟེ། དེ་ཡང་དེ་ལྟ་བུའི་འགལ་བའི་ཆོས་དང་ལྡན་པའི་ཕྱིར་གཅིག་པ་ཉིད་དུ་མི་འཐད་ཅེས་པའོ།། གཞན་ཡང་བདག་ཏུ་ལྷུང་བའི་སྒྲ་ནི་ཡི་གེ་རེ་རེ་བ ་འམ་དུ་མ་འདུས་པ་སྟེ། ཡི་གེར་ལྟུང་བ་ཡིན་ལ། དོན་ནི་དེ་ལྟར་མ་ཡིན་པོའི་ཕྱིར་ན་ཡང་དེ་དག་གཅིག་པ་ཉིད་དུ་འགལེ།། ཡང་སྒྲ་ནི་སླུ་བ་པོའི་ཁའི་སྒོ་དང་ཉེ་འཁོར་ན་གནས་པས་དེ་དང་ཐ་མི་དད་པའི་དོན་ཡང་དེ་ལྟར་འགྱུར། ་ལ། དེ་ལྟ་ན་ཡང་མེ་ཞེས་མངོན་པར་བརྗོད་པའི་ཚེ། སྨྲ་བ་པོའི་ཁ་ཚིག་པར་འགྱུརརོ།། དེ་བཞིན་དུ་དེ་འདྲ་བའི་སྒྲ་ནི་ཉན་པ་པོའི་རྣ་བའི་དབང་པོ་དང་། དེའི་ཉེ་འཁོར་དག་ན་གནས་པས། དེ་དག་གི་རྣ་བའི་དབང་པོ་ཚིག་པར་འགྱུར་ཞེས ་ཀྱང་ཤཱཾ་ཀ་ལ་ཙཀྲྀའི་འབྲེལ་པ་ལས་བཤད།། གཞན་ཡང་དོན་ནི་དངོས་པོ་དང་དངོས་པ་མེད་པ་རྣམ་པར་སྤངས་པའི་ཕྱིར་སྐྱེ་བ་མེད་ཅིང་ལུས་མེད་ཅེས་པ་སྟེ། དོན་དམ་པའི་དབང་དུ་བྱས་པའོ།། གལ་ཏེ་དོན་དམ་པར་ན་སྒྲ་ཡང་དེ་བཞིན ་དུ་འགྱུརརོ་ཞེ་ན། བདེན་མོད་ཀྱི་དེ་ལྟར་སྤྲོས་པ་དང་བྲལ་བའི་རང་བཞིན་ལ། གཅིག་གི་དངོས་པོ་མི་འཐད་པ་ཉིད་དུ་ཤིན་ཏུ་གསལོ།། བློ་གྲོས་ཆེན་པོ་ཡི་གེ་ཞེས་པ་ལ་སོགས་པས་སྔར་གྱི་ཚིག་དང་སྦྱར་བ་ཉིད་དངོསུ་སྟོན་ཏེ། དེ་ལ ་ཡི་གེ་ལྷུང་བས་ཆོས་མི་སྟོན་ཅེས་པ་ནི་ཕྱི་རོལ་གྱི་ངོ་བོར་གྱུར་པའི་ཡི་གེ་ཉིད་རྣམ་པ་ཐམས་ཅད་མི་འཐད་པ་འམ། དོན་དམ་པར་སེམས་ཀྱི་ངོ་བོ་ཡང་གྲུབ་པ་མེད་པའི་ཕྱིར་ཞེས་པའོ།། གཞན་ཡང་སོ་སོར་རང་གི་རིག་པའི ་ཆོས་ལ་ཡི་གེ་མེད་པ་སྟེ། སྔར་བཤད་པོ་ལྟར་དེ་ཡི་གེའི་ཡུལ་མ་ཡིན་པའམ། ཡི་གེའི་རྣམ་པ་ཅན་གྱི་སྒྲ་དང་འདྲེས་ཤིང་གཅིག་པ་མ་ཡིན་པ་ལ། ཡཾ་གེར་ལྟུང་བའི་སྒྲའི་ཆོས་འཆད་པར་འདོད་པ་ནི་དེ་འདྲ་བའི་སྒྲ་དང་དོན ་འདྲེས་ཤིང་གཅིག་པར་འདོད་པས་འཁྱལ་ཏེ། ཕྱིན་ཅི་ལོག་ཉིད་ཡིན་ཞེས་པའོ།། དེ་འདྲ་བའི་དོན་དམ་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ལ་དགོངས་ནས། ང་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཡི་གེ་ག ་ཀྱང་མ་བཤད། འཆད་པར་མི་འགྱུརརོ་ཞེས་པ་སྟེ། འདི་རྣམས་ཀྱི་དོན་ནི་སྔར་བསྟུན་ཟིན་ཏོ།། འདི་ལྟ་སྟེ་ཞེས་པ་ལ་སོགས་པ་ནི་དེའི་ཕྱིར་ཞེས་པའི་དོན་ཉིད་རྒྱས་པར་བཤད་པའོ།། དོན་དང་མི་ལྡན་པར་ཡང་མི་འཆད་ཅེས་པ་ལ་སཾཌ ་པས་དེ་ཉིད་སྒྲ་ཇི་བཞིན་པ་ཉིད་དུ་མི་འཐད་པ་སྟོན་ཏེ། དེའི་དོན་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ཡེ་ཤེས་ལ། ལོངས་སྤྱོད་རྫོགས་པོའི་སྐུ་མཚན་དང་དཔེ་བྱེད་ཀྱི་རྣམ་པར་སྣང་བ་དང་། ཡི་གེའི་རྣམ་པ་ཅན་གྱི་སྒྲ་ཡིས་ཆོས་ཆད་པར ་སྣང་བ་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ནི་ཡོད་པས་རྣམ་པ་ཐམས་ཅད་དུ་ཡི་གེ་གཅིག་ཀྱང་མ་བཤད་ཅེས་པ་ལ་སོགས་པ་ནི་དགོངས་པ་ཅན་ཡིན་གྱི། སྒྲ་ཇི་བཞིན་པར་མི་འཕད་ཅེས་པའོ།། དེ ་ལྟར་དེ་བཞིན་གཤེགས་པས་སྐྱེ་བ་མེད་པ་ལ་སོགས་པར་བཤད་པ་ཡང་། དོན་དང་མི་ལྡན་པར་མི་འཆད་དེ། དེ་ལྟར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡི་གེའི་རྣམ་པ་ཅན་གྱི་སྒྲ་ཡིས་ཆོས་སྟོན་པར་སྣང་བ་ལས་དོན་ཇི་ལྟ་བར ་རྟོག་པའི་ཡེ་ཤེས་འཆར་ཞིང་དེ་འདྲ་བའི་སྒྲ་དོན་དང་ལྡན་ཞེས་པའོ།། ཡང་བྱང་ཆུབ་སེམས་དཔའ་དང་བྱིས་པའི་སྐྱེ་བོ་ལ་སོགོས་པ་རྣམ་པར་རྟོག་པ་གནས་མ་གྱུར་པ་རྣམས་ནི་དེ་འདྲ་བའི་སྒྲ་རུ་སྣང་བ་ལ་བརྟེན་ནས་དེ་དང་འདྲེས་པ་དོན ་སྤྱིའི་རྣམ་པར་སྣང་བ་བྱུང་བ་ན། དེ་ཉིད་རྟོགས་བྱའི་དོན་གྱི་རང་གི་མཚན་ཉིད་དུ་ཞེན་ནས་དེ་ལ་འཇུག་ཅིང་སྒྲོ་འདོགས་གཅོད་པ་སྟེ། དེ་ཡང་སྒྲའི་དངོས་ཀྱི་དོན་མི་བདེན་ཀྱང་ཞེན་པར་བྱས་པའི་དོན་དང་ལྡན་པར་འགྱུར་གྱི་མི་ལྡན་པར ་མོ་འཆད་ཅེས་པའོ།། རྣམ་པར་རྟོག་པ་གཟུང་ཞེས་པ་ནི་རྟོག་པའི་སྣང་བ་ལ་དོན་ཉིད་དུ་བདག་གིར་བྱས་པའོ།། དེ་འདྲ་བའི་ཆོས་བསྟན་པ་ཀུན་རྫོབ་པ་དེ་ཡང་མེད་ན་ནི་བསྟན་པ་འཇིག་པར་འགྱུར་ཏེ། བསྟན་པ་ཞིག་ན་ནི་ངེས་པར ་འབྱུང་བའི་ལམ་མེད་པས་སངས་རྒྱས་ལ་སོགས་པ་མེད་པར་འགྱུར་ལ། དེ་དག་མང་ན་ཡང་སུ་ལ་ཅི་ཞིག་བཤད་དེ་བསྟན་པ་འཇིགས་པར་འགྱུར་ཞེས་པའོ།། ཚིག་གི་ཚུལ་འདི་ནི་འཇིག་རྟེན་ན་བྱ་མེད་ན་སྒོ་ང་མི་འབྱུང་ལ། སྒོ་ང ་མེད་པར་ཡང་བྱ་མི་འབྱུང་ཞེས་པ་དང་མཚུངསོ།། དེས་ན་ཞེས་པ་ལ་སོགས་པས་ཉེ་བར་གདམས་པ་ཉིད་སྟོན་ཏེ། ཀུན་རྫོབ་ཙམ་དུ་དེ་འདྲ་བའི་བཤད་པའི་ཚུལ་འཐད་ཅིང་། དེ་ཁོ་ན་ཉིད་དུ་ཕྱི་རོལ་ལམ་ཤེས་པའི་ངོ་བོར་གྱུར་པ་མི་འཐད ་ཅིང་། གཞན་ཡང་དོན་དང་འདྲེས་པའི་བརྗོད་པ་མི་འཕད་པས་བཤད་པ་བརྗོད་པའི་སྒྲ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་མ་ཆགས་པར་བྱ་ཞིང་། དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་ཞེས་པའོ།། བློ་གྲོས་ཆེན་པོ་བཤད་པའི་བརྗོད ་པ་ཞེས་པ་ལ་སོགས་པས་ནི་ཁྱད་པར་དུ་སྤྲུལ་པའི་སྐུ་ཡིས་ངོ་བོ་ཉིད་མེད་པ་དང་། ཕུང་པོ་ལ་སོགས་གང་ཟག་དང་། ཡི་གེ་གཅིག་ཀྱང་མ་བཤད་ཅེས་བརྗོད་པ་ལ་སོགས་པ་ནི། སེམས་ཅན་རྣམས་ཀྱི་བསམ་པ་བཞིན་དུ་ཞུགས ་པས་འཁྲུལ་པ་ཡིན་ཏེ། དེའི་དོན་ནི་འགའ་ཞིག་ཐོག་མ་མེད་པ་ནས་དངོས་པོར་ཞེན་པས་དེ་དག་གི་སྐྲག་པ་སྤང་བའི་དོན་དུ་ཕུང་པོ་ལ་སོགས་པ་ཡོད་པར་བརྗོད་ཅིང་། ཡང་དངོས་པོར་ཞེན་པ་སྤང་བའམ་ངོ་བོ་ཉིད་མེད་པ་ལ་སོགས ་པར་བསྟན་པས་འདུལ་བར་འགྱུར་པའི་གང་ཟུག་འགའ་ཞིག་གི་དོན་དུ་ངོ་བོ་ཉིད་མེད་པ་ལ་སོགས་པར་བརྗོད་ལ། བཤད་པའི་སྒྲ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་ཡེ་ག་གཅིག་ཀྱང་མ་བཤད་ཅེས་གསུངས་པ་སྟེ། དེའི་ཕྱིར་དེ་དག ་ལ་སྒྲ་ཇི་བཞིན་གྱི་དོན་དུ་ཞེན་པ་ནི་འཁྲུལ་པ་ཡིནོ།། ང་དང་ཞེས་པ་ལ་སོགས་པས་དོན་དེ་ཉིད་རྒྱས་པར་འཆད་དེ། ཡིད་ཀྱིས་རྣམ་པར་ཤེས་པ་བཟློག་ཅེས་པ་ནི་སྔ་མ་ལྟར་ཡི་གེའི་རྣམ་པ་ཅན་གྱི་སྒྲ་ལ་མངོན་པར་ཞེན་པའི་ཡིད་ཀྱི ་རྣམ་པར་རྟོག་པ་ལ་སོགས་པ་བཟློག་པའི་ཕྱིར་ཆོས་སྣ་ཚོགས་བརྗོད་པར་བྱའོ།། ཆོས་ཐམས་ཅད་ལ་གཟུང་བ་དང་འཛིན་པ་གཉིས་ཀྱིས་རྣམ་པར་སྣང་ཞིང་སྒྲོ་འདོགས་པ་མེད་ཅིང་། རང་གི་སེམས ་སྣང་བ་ཙམ་དུ་ཁོང་དུ་ཆུད་པས་རྣམ་པར་རྟོག་པ་མང་པོ་ལོག་པ་སྟེ། ཁྱད་པར་དུ་ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་བདག་གི་སོ་སོ་རང་གི་རིག་པར་བྱ་བ། འང་གིས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལོངས་སྤྱོད ་རྫོགས་པའི་སངས་རྒྱས་ཀྱི་ཡི་གེའི་རྣམ་པ་ཅན་གྱི་གསུང་གིས་རྐྱེན་བྱས་ནས་རྟོག་པར་བྱ་བའི་དོན་ཡང་བདེན་པ་མ་ཡིན་ཞིང་། དེ་འདྲ་བའི་རྣམ་པ་ཅན་གྱི་གསུང་ཡང་མེད་ལ་དེ་ལྟར་སྣང་བ་ཡང་རྟོགས་བྱའི་དོན་དང་ལྡན ་མ་ཡིན་ནོ།། ཞེས་དེ་འདྲ་བ་བཟློག་པའི་དོན་དུ་ང་ཡིས་ཡི་གེ་གཅིག་ཀྱང་མ་བཤད་ཅེས་གསུངས་པ་ནི་མ་ཡིན།། ཡང་ན་དེ་འདྲ་བའི་སྒྲ་ལ་མངོན་པར་ཞེན་པ་ནི་རྣམ་པར་ཤེས་པ་རྣམས་གནས་གྱུར་པའི་ཡེ་ཤེས་ཐེབ་པའི ་བགེགས་ཡིན་པས་དེ་འདྲ་བ་བཟློག་པའི་དོན་དུ་བསྟན་གྱི་ཞེས་པ་ལ་སོགས་པ་སྦྱར་བར་བྱའོ།། བརྗོད་པ་གཞན་ཡང་སྔར་བསྟན་པ་ལྔར་གདུལ་བྱའི་བསམ་པ་བལྟོས་ཏེ་བརྗོད་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་གས་པས ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམས་ལ་ཉེ་བར་ག་དམས་པའོ།། དོན་ལ་བསྟན་པར་བྱ་བའི་ཡི་གེ་ལ་བསྟན་པར་མི་བྱའོ་ཞེས་པའི་དོན་གང་ལ་དགོངས་ཏེ་བཤད་པའི་དགོངས་དོན་རིགས་པས་འབད་པའི་དོན་ཉིད་ལ ་ཡིད་ཆེས་པར་བྱའི། ཡི་གེའི་རྣམ་པ་ཅན་གྱི་སྒྲ་ཡིས་དངོསུ་བརྗོད་པའི་དོན་ལ་ཡིད་ཆེས་པར་མི་བྱ་ཞེས་པའོ།། དེ་སྐད་དུ་ཡང་། སྒྲ་དེ་ལ་ནི་གང་ཆགས་པ།། དགོངས་ཏེ་བཤད་པ་མི་ཤེསོ་ཞེས་པ་ལ་སོགས་པ་སྔར་བསྟན་ཏོ།། དེ་ལྟར ་སྒྲ་ཇི་བཞིན་གྱི་དོན་དུ་མངོན་པར་ཞེན་པཱ་ནཾ་སྒྲོ་འདོགས་དང་སྐུ་པ་འདེབས་ཀྱི་མཐའ་གཉིས་ཀྱི་ལྟ་བར་ལྷུང་བཱས། བདག་ཉིད་ཀྱང་མཐའ་གཉིས་སྤངས་པའི་དབུ་མའི་དོན་གྱི་རྟོག་པ་ལས་ཉམས་པར་བྱེད་ཅིང་། གཞན་གྱིས ་ཀྱང་དེ་འདྲ་བ་ཁོང་དུ་ཆུད་པར་མི་བྱེདདོ།། ཚིག་དང་ངེས་པའི་སྒྲ་ནི་སྔར་བཤད་པ་ལྟར་དེ་བཞིན་གཤེགས་པའི་ཚིག་གི་རྣམ་གྲངས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། བདེ་བར་གཤེགས་པ་ཞེས་པ་ལ་སོགས་པའོ།། ། ་གཞན་ནི་ཤེས་པར་ཟད།། རང་གི་ཕྱོགས་ཞེས་པ་ནི་སྐྱེ་བ་མེད་པ་ལ་སྩོགས་པ་སྒྲ་ཇི་བཞིན་གྱི་དོན་དུ་བཟུང་ནས་སྐུར་པ་འདེབས་པའི་ལྟ་བུའི་ཕྱོགས་སྒྲོག་པར་བྱེད་པ་དང་། སྒྲོ་འདོགས་ཀྱི་ལྟ་བའི་ཕྱོགས་སྒྲོག་པར་བྱེད་པའོ།། ་དེ་སྟེ་ཞེས་པ་ལ་སོགས་པས་དེ་ལྟོས་བཟློག་པའི་ཕན་ཡོན་སྟོན་ཏེ། ཚིག་གི་དོན་ཕལ་ཆེར་ཤེས་པར་ཟད།། ཡང་དག་པ་མཚན་མ་མེད་པའི་བདེ་བ་ནི་ཕྱིན་ཅི་མ་ལོག་ཅིང་ཟག་པ་མེད་པའོ་བདེ་བ་དང་ལྡན་པའི་ཐེག་པོ་ཆེན ་པོའོ།། དེ་འདྲ་བའི་ཐེག་པ་ཆེན་པོ་ལ་བརྟེན་ཅིང་གནས་ན། དེ་ལས་ངེས་པར་ལོག་པའི་ཐབས་རྣམས་འབྱུང་བས་དེ་འདྲ་བའི་འབྲས་བུ་རྒྱུན་འཆད་པར་འབྱུང་ཞེས་པའོ།། ཡོངསུ་བཟུང་བས་ནི་དེ་ལས་མི་ཉམས་པའོ།། སེམས་ཅན ་ཐམས་ཅད་བཟུང་བ་ནི་ངན་འགྲོ་དང་སྐྱིད་པའི་སྡུག་བསྔལ་ལས་སྐྱོབ་ཅིང་། དེ་འདྲ་བའི་གོ་འཕངས་ཐོབ་པར་བྱེད་པའོ།། དེ་ལྟར་ཐོབ་པས་དམ་པའི་ཆོས་རྒྱུན་མི་འཆད་པས་ཆོས་ཡོངསུ་བཟུང ་ཡིནོ་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་བྱ་ལས་སྒོ་ངར་འགྱུར་ཞིང་། སྒོ་ང་ལས་ཀྱང་བྱ་ཞེས་འཇིག་རྟེན་ན་གྲགས་པ་དང་མཚུངས་པའོ།། སྐྱེ་གནས་ཀྱི་བྱེ་བྲག་ནི་འགྲོ་བ་ཕན་པར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས ་བར་འགྱུར་བའོ།། གཟུགས་དང་ཆ་བྱད་ཙོས་པ་ལ་གཟུགས་ནི་འགྲོ་བ་སྣ་ཚོགས་ཀྱི་གཟུགསོ།། ཆ་བྱད་ནི་གདུལ་བྱ་ཇི་ལྟར་འདུལ་བར་འགྱུར་བའི་ཆུ་བྱེད་སྣ་ཚོགས་པའོ།། སེམས་ཅན་གྱི་ཆ་བྱད་རྟོགས་ཞེས་འོག་མ་དང་སྦྱར་བར་བྱ་སྟེ། ་གང་གི་འདུལ་བར་འགྱུར་བའི་ཆ་བྱེད་དུ་སྟོན་མཁྱེན་པའོ།། དེ་བཞིན་ཉིད་དུ་ཆོས་སྟོན་ཅེས་པ་ནི་གདུལ་བྱའི་ཁམས་དང་། དབང་པོའི་བྱེ་བྲག་ཇི་ལྟ་བ་བཞིན་དུའོ།། དེ་ལ་གང་དག་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་རྣམས ་ལ་ནི། དེ་ཁོ་ན་ཉིད་ཀྱི་རྣམ་གྲངས་རྣམས་སྟོན་ཏོ།། སྔོ་སོའི་ཚིག་གི་དོན་ནི་སྔར་བཤད་ཟིན་ཏོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་འདྲ་བའི་ཟབ་མོའི་དོན་གྱི་དེ་ཁོ་ན་ཉིད་ལས་ཡི་གེ་དང་འབྲལ་བའི་སྒྲོ་གཏགས་སྤྱིའི ་རྣམ་པ་མེད་པའི་ཕྱིར། དེ་ཁོ་ན་ཉིད་ལ་སྒྲ་ཇི་བཞིན་གྱི་དོན་དུ་ཆགས་པ་ལ་མཁས་པར་མི་བྱ་ཞེས་པ་སྟེ། དེ་ལྟར་ཆགས་ཤིང་ཞེན་པར་མི་བྱ་བའོ།། འདིར་དཔེའི་དོན་ནི་ལ་ལ་བྱིས་པ་གཞོན་ནུ་རྣམས་ལ་སོར་མོའི་རྩེ་མོས་ན་མཁའི་ཟླ་བ ་བསྟན་པ་ན། གཞན་ནུ་དེ་སོར་མོའི་རྩེ་མོ་ཉིད་ལ་ལྟ་ཞིང་ཞེན་པར་འགྱུར་གྱི། དེས་ཚོན་པར་བྱ་བའི་ཟླ་བ་མི་མཐོང་བ་ལྟ་བུར་ཚིག་གིས་བསྟན་པར་བྱ་བའི་དོན་གྱིས་དེ་ཁོ་ན་ཉིད་མི་རྟོག་པར་སྒྲ་དང་འདྲེས་པའི་སྤྱིའི་རྣམ་པ་ལ་རྟོག་ཅིང ་ཞེན་པར་འགྱུར་བའོ།། ཡང་རྣམ་པ་གཅིག་ཏུ་ན། དགོངས་པ་ཅན་གྱི་ཚིག་གིས་རྒྱུད་ནས་རྟོགས་པར་བྱ་བའི་དགོངས་དོན་ཟབ་མོ་ལ་མི་ལྟ་བར་སྒྲ་ཇི་བཞིན་གྱི་དོན་ལ་ཆགས་ཤིང་ལྟ་བར་འགྱུར་ཞེས་པའོ།། བྱས་པའི་རང་བཞིན་ཅན ་ལྟ་བུར་ཞེས་པ་ནི་བྱིས་པ་གཞོན་ནུ་ལྟ་བུར་ཞེས་པའོ།། འདི་ལྟས་ཏེ་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་འདྲ་བའི་དེ་ཁོ་ན་ཉིད་རྟོག་པར་བྱ་བ་ལ་ཤེས་རབ་ཀྱི་མངོན་པར་འདུ་བྱེད་པས་མངོན་པར་འདུ་བྱེད་ཞེས་པའོ།། དེ་བསྙེན ་པར་བརྟགས་པར་འགྱུར་ཞེས་པ་ནི་ཟས་སྐོམ་རྣམས་མངོན་པར་འདུ་བྱེད་པའི་སྒོ་ནས་གཡོསུ་མ་བྱས་པར་ཟོས་ན་ནང་ལ་སོགས་པའི་རྒྱུར་འགྱུར་བས་ལོག་པའི་ལམ་རྫོགས་པོར་སླ་བ་ཉིད་ཀྱང་མི་ཤིས་པོའི་ཕྱིར་བསྙེན་པ་དང་། ་འདྲ་ཞེས་པའོ།། དེ་བཞིན་དུ་སྐྱེ་བ་མེད་པ་དང་འགག་པ་མེད་པའི་དགོངས་དོན་ཡང་ཤེས་རབ་ཀྱི་མངོན་པོར་འདུ་བྱེད་པས་མངོན་པར་འདུ་མ་བྱས་ཏེ་དགྲངས་དོན་ལེགས་པ་ཊ་མ་རྟོགས་ན་རྣམ་པ་ཐམས་ཅད་དུ་མདོ་ཞེས་བསྐུར་བའི་མཐར ་འགྱུར་བའི་མཛེས་པ་ཉིད་དུ་མི་འགྱུར་ཞེས་པའོ།། དེའི་ཕྱིར་དགོངས་པ་ཅན་གྱི་དོན་ཟབ་མོ་རྟོག་པ་ལ་བརྩོན་པོར་བྱའོ།། རབ་ཏུ་དབེན་ཅེས་པོ་ལ་སྠི་འདེགས་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བའོ།། སྒྲ་ནི་རྣམ་པར་རྟོགས་པ་དང་འཕྲེ ་@ཅེས་པ་རྟོག་པས་བརྟགས་ཤིང་རྟོག་པ་ཉིད་ཀྱི་རང་བཞིན་དུ་གྱུར་པའོ།། དེས་ཀྱང་འཁོར་བ་ཐོབ་པར་བྱེད་པ་སྟེ། ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། འཁོར་བའི་རྒྱ་མཚོར་ལྷུང་བར་བྱེད་ཅེས་གསུངས་པའི ་ཕྱིརརོ།། དོན་གྱི་རྟོག་པ་དེ་ཉིད་ཅི་ལྟར་ཐོབ་ཅེ་ན། མང་དུ་ཐོས་པ་ལས་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། ཐོས་པས་ཤེས་རབ་ཀུན་ཏུ་འཕེལ། ཐོས་པས་ལྟ་བ་དྲང་པོར་འགྱུར་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིརོ།། མང་དུ་ཐོས་པས་ཡང་དངོས ་སོམ་རྒྱུད་པའི་ཚུལ་གྱིས་སྒྲའི་བསྟན་པར་བྱ་བའི་དོན་ལ་མཁས་པར་བྱ་བ་ཡིན་གྱི། སྒྲ་བརྗོད་པའི་བྱེ་བྲག་ལ་མཁས་པ་ཙམ་ནི་མ་ཡིནོ།། མུ་སྟེགས་བྱེད་ཀྱི་སྨྲ་བ་ནི་གྲུབ་མཐའ་ཕྱིན་ཅི་ལོག་པ་ཐམས་ཅད་དེ། དེ་དག་དང་མ་འདྲེས་པར་ལྷ ་ནི་དོན་ལ་མཁས་པ་སྟེ། རང་དང་གཞན་མཐའ་གཉིས་ཀྱི་ལྟ་བར་མི་ལྟུང་བའོ།། དོན་འདོད་པས་དེ་དག་ལ་བརྟེན་པར་བྱ་ཞེས་པ་ནི་དོན་གྱི་རྟོག་པ་མཐར་ཐུགས་པ་འདོད་པས་དེའི་ཐབས་ལ་བརྩོན་པར་བྱ་ཞེས་པའོ།། དེ་ལསྣ་ལྡོག་པ་ནི ་དོན་གྱི་རྟོགས་པ་ལས་ཉམས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་སྔར་གྱི་ཕྱི་རོལ་པ་དང་མཚུངས་པར་བརྩད་པ་ཉིད་ཚུལ་གཞན་གྱི་སྐེ་ནས་སྟོན་ཏེ། དེའི་དོན་ནི་དེ་བཞིན་གཤེགས་པས་ཀྱང་འདུས་མ་བྱས་ཀྱི་ཆོས་ཀྱི ་ཁྱད་པར་འགའ་ཞིག་མ་སྐྱེས་པ་དང་མ་འགགས་པ་ལ་སོགས་པར་བསྟན་ཅིང་། དེ་ལས་གཞན་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་དངོས་པོ་ཡོད་པ་ཉིད་དུ་གསུངས་ལ་ཕྱི་རོལ་པ་རྣམས་ཀྱང་དེ་བཞིན་དུ་དབང་ཕྱུག་དང་། ་གཙོ་བོ་ལ་སོགས་པ་འགྲོ་བ་ཐམས་ཅད་དང་། རྣམ་འགྱུར་སྣ་ཚོགས་ཀྱི་རྒྱུར་གྱུར་པ་རྣམས་མ་སྐྱེས་པ་དང་མ་འགགས་པ་ཉིད་དུ་བརྗོད་ཅིང་། དེ་ལས་གཞན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དངོས་པོའི་རང་བཞིན་ཉིད་དུ་ཁས་ལེན ་པས་མཚུངས་པ་ཉིད་དུ་འགྱུར་ཞེས་པའོ།། རྙེད་པ་དང་རྐྱེན་གྱིས་རྒྱུ་ཞེས་པ་ནི་འདུ་བྱེད་དང་མ་རིག་པ་ཉིད་ལ་བྱ་བའམ། རྣམ་པ་གཅིག་ཏུ་ན། ཁྱད་པར་འཕགས་པའི་བློ་དབང་ཕྱུག་གི་འདོད་པ་དང་། རྡུལ་ཕྲ་རབ་ལ་སོགས་པའི ་རྐྱེན་ལས་འགྲོ་བ་རྣམས་འབྱུང་གཱ་བརྗོད་པའོ།། བཅོམ་ལྡན་འདས་ཀྱིས་ཀྱང་མ་རིག་པ་དང་འདུ་བྱེད་ལ་སོགས་པའི་རྒྱུ་དེ་ཉིད་ལ་རྟེན་ཏེ།། ཞེས་བགྱི་བར་ཕྱི་རོལ་པ་དང་མི་མཐུན་པར་མིང་གི་བྱེ་བྲག་གཞན་བརྟགས་པ་སྟེ། མ་རིག་པའི ་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་པ་ལ་སོགས་པ་གསུང་སོ།། རྡུལ་ཕྲ་མོ་དང་ཞེས་པ་ལ་སོགས་པས་ནི་རྒྱུ་ཉིད་གསལ་བར་སྟོན་པ་སྟེ། རྫས་རགས་པ་བརྩོམ་པོར་བྱེད་པའི་རྒྱུ་རྡུལ་ཕྲ་མོར་འདོད་པའོ།། ། ་སྐྱེ་དགུའི་བདག་པོ་ནི་ཚངསོ་པ་སྟེ། དེ་ལས་ཐམས་ཅད་འབྱུང་བར་འདོད་པའོ།། སོགས་པས་བསྡུས་དེའི་དོ་ན་ནི་རུས་བརྟག་པར་སྒྱུར་སྨྲ་བ་ལ་སོགས་པའོ།། གལ་ཏེ་རྗེས་དགུ་ལ་མི་བརྟག་པའི་རྗེས་འབྱུང་བ་བཞིན་རྣམས་མ་སྐྱེས ་མོ་འགགས་པར་ཇི་ལྟར་འགྱུར་ཞེ་ན། རགས་པའི་རྫས་ནི་མི་རྟག་པ་ཡིན་མོད་ཀྱི། རྡུལ་ཕྲ་མོའི་རྫས་རྟག་པས་མ་སྐྱེས་མ་འགགས་ཉེས་བྱའོ།། བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་རྣམ་གྲངས་གཞན་དུ་བཅོམ་ལྡན ་འདས་ཀྱིས། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡོད་པ་དང་མེད་པའི་མཐའ་དང་བྲལ་བས་མ་སྐྱེས་མ་འགགས་པའོ་ཞེས་གསུངས་པས་ཕྱི་རོལ་པ་དང་མ་མཚུང་སོ་སྙམ་དུ་ངོགས་ན། མཚུངས་པ་ཉིད ་དེ་ཕྱི་རོལ་པ་རྣམས་ཀྱང་སྔར་བསྟན་པ་ལྟར་འབྱུང་བའི་རང་བཞིན་མི་འཇིག་པས་ན་མི་སྐྱེ་མི་འགགས་པར་འདོད་དེ། འབྱུང་པོ་དེ་དག་གི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་གཞན་དུ་གྱུར་ཀྱང་། འབྱུང་བ་རྣམས་ཀྱི་རང་བཞིན་མི ་འགྱུར་ཞེས་པའོ།། ཡང་བཅོམ་ལྡན་འདས་ཀྱི་ཕྱིའི་འབྱུང་བ་ནི་རྫ་སུ་མ་གྲུབ་པས་མ་སྐྱེས་མ་འགག་ཅིང་འགྱུར་བ་མེད་ལ། དེ་དག་འགྱུར་པ་སྣང་བ་ནི་དེ་ལོ་དམིགས་པའི་རྣམ་པར་རྟོག་པ་ཉིད་ཡིན་པར་གསུངས་ལ། མུ་སྟེགས ་བྱེད་ཐམས་ཅད་ཀྱིས་ཀྱང་དེའི་རང་བཞིན་འགྱུརརོ་པར་སྣང་བ་ནི་རྣམ་པར་རྟོག་པ་ཉིད་ཡིན་པར་བརྟག་ཤིང་གཞག་སྟེ། དེས་ན་མཚུངས་པ་ཉིད་དུ་འགྱུར་ཞེས་པའོ།། དེ་ལྟ་ན་ཡང་སྐྱེ་བ་མེད་པ་དང་འགག་པ་མེད་པ་རྒྱུར་གྱུར་པས ་ཞེས་པ་སྟེ། དེ་འདྲ་བའི་དེ་ཁོ་ན་ཉིད་རྟོགས་ཤིང་གོམས་པས་སངས་རྒྱསུ་འགྱུར་ལ། དེ་ནི་མུ་སྟེགས་པ་རྣམས་ལ་ཡང་ཁྱད་པར་མེད་པས་དེ་རྣམས་ཀྱང་སངས་རྒྱསུ་འགྱུར་བའོ།། ཡང་ན་ཚིག་གི་དོན་ནི། རྟག་ཏུ་སྐྱེ་མེད་ཆོས་ནི ་དེ་བཞིན་གཤེགས་ཞེས་གསུངས་པས་དེ་འདྲ་བ་སངས་རྒྱས་ཀྱི་རང་བཞིན་ཡིན་ལ། དེ་ནི་དབང་ཕྱུག་དང་སྐྱེ་དགུའི་བདག་པོ་ལ་ཡང་ཁྱད་པར་མེད་པས་སངས་རྒྱས་ཉིད་དུ་འགྱུར་བའོ།། དེ་ལྟར་འདོད་པ་ཡང་མི་འཐད་དེ། བཅོམ་ལྡན ་འདས་ཀྱིས་འཇིག་རྟེན་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མང་པོ་འབྱུང་བ་ནི་གནས་མདོ་ཞེས་གསུངས་པ་དང་འགལ་བས་སོ།། འབྲས་བུ་ཡོད་པ་དང་མེད་པས་ནི་གོ་རིམ་བཞིན་དུ ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞལ་གྱིས་གཞེས་པས་རྒྱུ་འབྲས་ཡོད་པ་དང་། ཡང་ཆོས་འགའ་ཞིག་མཱ་སྐྱེས་པ་མྱ་འགགས་པ་རྒྱུ་དང་འབྲས་བུ་ལས་འདས་པའོ།། ལན་གྱི་དོན་ནི་དེ་ལྟར་མཚུངས་པ་མ་ཡིན་ཏེ། དེ་དག་ནི ་རྒྱུ་དབང་ཕྱུག་ལ་སོགས་པ་ནི་མ་སྐྱེས་པ་མི་འགྱུར་བའི་རྒྱུ་མཚན་ཉིད་དང་ལྡན་པ་རྟག་པ་ཐེར་ཟུག་པའི་དངོས་པོ་ཡོད་པ་ཉིད་དུ་ཁས་ལེན་ཅིང་རྟེན་འབྲེལ་ཡང་དོན་དམྱ་པའི་དངོས་པོ་ཉིད་དུ་འདོད་པའི་ཕྱིརརོ།། སྣང་བ་དང་། ་གཟུང་བ་དང་མི་སྣང་བ་དང་གཟུང་དུ་མེད་ཅེས་པ་ཚིག་སོ་སོར་སྦྱར་བར་བྱ་སྟེ། བློ་འཁྲུལ་པ་ལ་བལྟོས་ཏེ་སྣང་ཞིང་གཟུང་བ་དང་མ་འཁྲུལ་བ་ལ་བལྟོས་ཏེ་དེ་ལས་བཟློག་པའོ།། འཇིག་རྟེན་རང་ལ་གནས་ཞེས་པ་ནི་ཀུན ་རྫོབ་ཏུ་སེམས་ཉིད་རིག་པའི་སྐད་ཅིག་མ། རང་རང་གི་ངོ་བོ་ལ་གནས་ཤིང་ཕྱི་རོལ་པས་བརྟགས་པའི་བསྐྱེད་པར་བྱ་བ་དང་། བྱེད་པ་ཐཱ་དུད་ཀྱི་ངོ་བོ་མེད་ཅེས་པ་སྟེ། ཇི་སྐད་དུ། འདུ་བྱེད་ཐམས་ཅད་སྐད་ཅིག་མ།། མི་གནས་བྱ ་ག་ལ་ཡོད་ཅེས་གསུངས་པ་ལྟ་བུའོ།། དོན་དམ་ནི་རང་གི་ཆོས་ཉིད་ལ་གནས་ཤིང་ཤིན་ཏུ་ཡང་བྱ་བ་མེད་པའོ།། བློ་གྲོས་ཆེན་པོ་དེ་ནི་ཉེས་པ་བྱིས་པ་ང་ནི་ཡང་དག་པ་མ་ཡིན་པའི་དོན་ལ་རྣམ་པར་རྟོག་པས་སྤྱོས་ཞེས་སྦྱར། ་བར་བྱའོ།། དགེ་བ་ཡིན་ཏེ་ཞེས་པ་ནི་ལམ་གྱི་དུས་ན་ཕྱིན་ཅི་ལོག་ཉེ་བར་ཞི་བ་དང་། འབྲས་བུའི་དུས་ན་སྡུག་བསྔལ་དང་འཚོ་བཞི་བའི་ཕྱིརརོ།། ཡང་དག་པ་གནས་པ་ཇི་ལྟ་བ་ཞེས་པ་ནི་ཡང་དག ་པའི་གནས་ལུགས་ཏེ། དེ་ཉིད་ཇི་ལྟ་བ་བཞིན་དུ་མཐོང་བའོ།། སྔར་དྲངས་པ་ཞེས་པ་ནི་ཕྱིན་ཅི་ལོག་གནས་གྱུར་པ་སྔོན་དུ་སོང་བའོ།། ཚིག་གི་དོན་གཞན་ཤེས་པར་ཟོད།། དེ་ལ་ཞེས་པ་ལ་སོགས་པས་སྔར་གྱི་དོན་དེ་ཉིད་ལྷག ་དང་བཅས་ཏེ་བསྡུས་ནས་སྟོན་པ་ལས་དང་པོར་རེ་ཞིག་སྐྱེ་བ་མེད་པ་ལ་སོགས་པའི་ངོ་ཁོ་ན་ཉིད་བསྟན་པ་ནི། སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་དྲོན་དམ་པར་མ་སྐྱེས་ཤིང་། ཀུན་རྫོབ་ཏུ་སྐྱེ་བར་སྣང་བ་མ་འགགས་པས་སྟེ། ་རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་སྔར་རྒྱས་པར་བསྟན་པ་དེ་ཉིད་ཡིནོ།། སྒྱུ་མེད་པའི་དངོས་པོ་ཡོད་ཅེས་པ་ལ་སོགས་པས་ནི་ཕྱི་རོལ་པས་འདོད་པའི་དབང་ཕྱུག་ལ་སོགས་པ་རྒྱུ་མེད་པའི་དངོས་པོར་ཡོད ་པ་དང་། དེ་ལས་གཞན་དེ་བཞིན་གཤེཌ་པས་གསུངས་པའི་ཚུལ་ལུགས་ཇི་ལྟ་བ་བཞིན་དུ་བློ་གྲོས་ཆེན་པོ་བདག་ལ་གསུངས་ཞེས་པུའོ།། འདུས་པ་དགྲ་ནི་ཞེས་པ་ལ་སོ་གུས་པས་དེའི་དོན་གསལ་བར་སྟོན་ཏེ། རྡུལ ་ཕྲ་རབ་བམ་ཤེས་པའི་ཕྲ་རབ་འདུས་པ་ལས་མ་གཏོགས་པར་བུམ་པ་ལ་སོགས་པའི་དངོས་པོ་ཕྱིན་ཅི་ལོག་མ་ལོག་པའི་བློ་ཡིས་མི་རིག་ཅིང་མི་དམིགས་པ་སྟེ། དེའི་ཕྱིར་མ་སྐྱེས་ཞེས་པ་ལ་སོགས་པའོ།། གལ ་འདུས་པ་ལས་མ་གཏོགས་པའི་དངོས་པོ་མི་དམིགས་ཀྱང་། འདུས་པ་ཅན་གྱི་དངོས་པོ་རེ་རེ་བ་འདབ་ཆགས་སམ་འབྲེལ་པར་གནས་པ་ཉིད་བུམ་པ་ལ་སོགས་པའི་དངོས་པོ་ཡིནོ་ཞེ་ན། དེ་འདྲ་བ་ཡང་རིགས་པའི་དོན ་སྣང་བ་མེད་ཅིང་མ་དམིགས་པས་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། གཟུགས་ནི་རྡུལ་ཕྲན་ཞིགས་པ་ན་རྡུལ་ཕྲན་ཚྭ་ནི་ཡོད་མ་ཡིན་ཞེས་གསུངས་པ་ལྟ་བུའོ།། སྐབས་འདིར་འདུས་པ་རགས་པ་ཡན་ལག་ཅན་གྱི་རྫས་མུ ་སྟེགས་བྱེ་བྲག་པས་འདོད་པ་ལྟར་འཇིག་ཅིང་རྡུལ་ཕྲ་རབ་ཀྱི་དངོས་པར་འགྱུར་པ་ཙམ་ནི་མེད་པའམ་སྟོང་པའི་དོན་མ་ཡིནོ།། དེ་ལས་གཞན་དུ་སྒྱུ་མའི་དཔེ་བརྒྱད་དང་མཚུངས་པ་ཉིད། རང་བཞིན་མེད་པ་ལ་སོགས་པའི ་དེ་ན་ཡིན་ཞེས་པའོ།། སྒྱུ་མེད་སྨྲས་པས་ཞེས་པ་ལ་སོགས་པས་ནི་དོན་དེ་ལྟར་ཡིན་པ་དེ་ཉིད་ཀྱི་ཕྱིར་ཕྱི་རོལ་པ་རྣམས་དང་མི་མཚུངས་ཤིང་དེ་དག་གི་ཡུལ་མ་ཡིན་པར་སྟོན་ཏེ། དབང་ཕྱུག་ལ་སོགས་པ་རྒྱུ་མེད་པར་སྨྲ ་བས་མཚུངས་པ་ཉིད་དུ་བརྩད་པར་བྱ་སྟེ། དེ་སྤངས་པའི་དོན་དུ་མ་སྐྱེས་པ་སྒྱུ་མ་ཉིད་དུ་བསྒྲུབས་པོ་ན། ངའི་གྲུབ་པའི་མཐའི་ཚུའི་ནོད་འདྲ་བའི་བརྩད་པས་མྱི་གནོད་ཙང་མི་འཇིགས་པའོ།། དེ་ལྟར་དོན་དམ་པ་རྒྱུ་མེད་པའམ ་ཕྱི་རོལ་པ་བརྟགས་པའི་བྱ་བ་དང་བྱེད་པའི་རང་བཞིན་མེད་པར་སྐྱེ་བོའི་ཚུལ་ལུགས་བསྟེན་པ་ན། དངོས་པོར་ཞེན་པའི་སྐྱེ་བོ་རྣམས་དེ་ལྟ་ན་མྱུ་གུ་ལ་སོགས་པའི་དངོས་པོ་རྣམས། རྣམ་པ་ཇི་ལྟར་སྐྱེ་བར་འགྱུར་ཞིང་། ཡུལ ་ལཱམ་དུས་གང་དུ་རྒྱུ་མེང་བར་སྐྱེ་བར་འགྱུར་ཏེ། རྒྱུ་མེད་པ་ལ་ཡུལ་དང་། དུས་དང་། རང་བཞིན་ངེས་པ་མི་འཐད་ཅེས་པའོ།། གཞན་ཡང་རྒྱུ་མེད་ན་མྱུ་གུ་ལ་སོགས་པ་རྒྱུ་ཅི་ལ་སྐྱེ་བ་དང་། རྐྱེན ་ཇི་དག་གིས་སྐྱེས་ཏེ་དེ་ལྟར་སྐྱེ་བར་མི་དམིགས་པ་ཉིད་མི་འཐད་དེ། རྒྱུ་མེད་པ་ཉིད་ཀྱི་ཕྱིར་ན་མཁའི་པདྨ་བཞིན་ཞེས་པའོ།། དེ་ལྟར་འདོད་པ་ཡང་མི་འཐད་དེ་མངོན་སུམ་ལ་སོགས་པ་དང་འགལ་བར་འགྱུར་བའི་ཕྱིར་རོ་ཞེས ་མུམུ་སྟེགས་ཅན་རྣམས་འཇིགས་ཤིང་སྐྲག་པར་འགྱུར་བའོ།། འདིར་ནི་དེ་འདྲ་བའི་ཉེས་པ་དང་འབྲེལ་པ་མ་ཡིན་ཏེ། རྒྱུ་འབྲས་ཀུན་རྫོབ་པ་ནི་མི་འགག་ལ། དོན་དམ་པར་ཡུལ་དང་དུས་ངེས་པ་ལ་སོགས་པ་ཁས་མི་ལེན་པའི ་ཕྱིར། དངོས་པོ་མེད་པ་ཞེས་པ་ལ་སོགས་པས་སྐྱེ་བ་མེད་པ་ལ་སོགས་པའི་དོན་གཞན་གྱིས་བརྟགས་པ་ལྟར་ཁས་མི་ལེན་ཅེས་པའོ།། དེའི་དོན་ཡང་སྐྱེ་བ་མེད་ཅེས་པ་རི་བོང་གི་རྭ་ལ་སོགས་པ་ལྟར་ཀུན་རྫོབ་ཙམ་དུ་ཡང་མེད ་པོ་མ་ཡིན་ཞིང་། རྐྱེན་ལས་སྐྱེ་བའི་དངོས་པོ་ཉིད་ལ་དེ་འདྲ་བའི་མིང་བརྟགས་པ་ཡང་མ་ཡིན་ལ། དངོས་པོ་གཞན་ཞིག་གིས་མིང་གིས་རྣམ་གྲངས་ཀྱང་མ་ཡིན་ཞིང་། དོན་མེད་པའི་མིང་ཙམ་ཡང་མ་ཡིན་ཞེས་པའོ།། ། ་ཉན་ཐོས་དང་ནི་ཞེས་པ་ལ་སོགས་པས་སྐྱེ་བ་མེད་པའི་རྣམ་གྲངས་སྟོན་ཏེ། མ་སྐྱེ་བའི་དོན་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་མཐའ་གཉིས་དང་དྲལ་བའི་དབུ་མའི་དེན་ནི། ས་བདུན་པའི་བྱང་ཆུབ་སེམས་དཔའ་མན ་ཆེད་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། དེ་དག་ནི་མཚན་མ་དང་བཅས་ཤིང་དབང་པོ་དམན་པའི་ཕྱིརརོ།། བྱེད་པ་དག་ནི་ཞེས་པ་ཕྱི་རོལ་པས་བརྟགས་པའི་བྱེད་པའོ།། སེམས་ནི་སྣང་ལས་རྣམ་གྲོལ་བ་ཞེས་པ་ལ་སོགས་པའི་དོན་ནི ་གཟུང་འཛིན་གཉིསུ་སྣང་བ་ལས་གྲོལ་ཞིང་། རྟག་ཆད་ལ་སོགས་པའི་མཐའ་གཉིས་པོ་ཐམས་ཅད་སྤངས་པ། ཚོགས་བརྒྱད་གནས་གྱུར་པས་རབ་ཏུ་ཆེ་བ་ས་བརྒྱད་པ་ཡན་ཆོད་ཀྱི་ཡེ་ཤེས་ཀྱི་སོ་སོར་རང་གིས་རིག་པར་བྱ ་བ་ནི། སྐྱེ་བ་མེད་པའི་དོན་ཡིན་ཞེས་པའོ།། ཕྱི་རོལ་དངོས་པོ་ཞེས་པ་ལ་སོགས་པའི་དོན་ནི་ཕྱི་རོལ་ཏུ་སྣང་བ་སེམས་ཉིད་ཀྱི་ངོ་བོར་གྲུབ་པས་རྣམ་པ་ཐམས་ཅད་དུ་མེད་ས་མིན་ལ། དོན་དམ་པར་སེམས་ཉིད་ཀྱང་བཟུང་པོ ་འམ་འཛིན་པའི་ངོ་བོར་གྲུབ་པ་མེད་ཅེས་པོ་ལ་སོགས་པའོ།། དེ་བཞིན་སྟོང་པ་ཞེས་པ་ལ་སོགས་པས་རྣམ་གྲངས་གཞན་ལ་སྦྱར་བ་སྟེ། སྟོང་པ་ལ་སོགས་པའི་དོན་ཟུང་འཇུག་དབུ་མའི་དོན་ཉིད་དུ་བརྟག་ཅིང་བཞག ་པར་བྱ་བའོ།། སྟོང་པས་སྟོང་མ་ཡིན་ཞེས་པ་ནི་དེ་འདྲ་བའི་ཆོས་ཉིད་ཀྱི་ཐམས་ཅད་དུ་ཁྱབ་པའོ།། རྐྱེན་གྱིས་རྣམ་པ་འདུས་ཞེས་པ་ལ་སོགས་པས་སྐྱེ་བ་མེད་པ་ལ་སོགས་པར་འཇལ་བའི་རིག་པ་ཉིད་དགོད་པའོ།། ། ་དེའི་དོན་ཡང་མ་རིག་པ་དང་སྲེད་པ་ལ་སོགས་པའི་རྐྱེན་གྱིས་རྣམ་པ་འདུས་པ་ལས་སྲིད་པའི་ཡན་ལག་རྣམས་ལུགསུ་འཇུག་ཅིང་། དེ་དག་འགགས་པས་ལྡོག་པར་འགྱུར་བ་སྟེ། དེ་ཁོ་ན་ཉིད་དུ་སྐྱེ་བ་དང་འགག ་པ་དེ་འདུས་པ་ལས་ལོགས་ཤིག་ན། གྲུབ་པ་ཡང་མེད་ལ། འདུས་པ་ཉིད་ཀྱི་བདག་ཉིད་ཀྱང་མ་ཡིན་ཏེ། འདིའི་དོན་ཞིབ་ཏུ་ནི་སྔར་བསྟན་ཏོ།། གཅིག་པ་དང་ནི་ཞེས་པ་ལ་སོགས་པས་དེ ་ཉིད་རྒྱས་པར་སྟོན་ཏེ། ཇི་ལྟར་གྲངས་ཅན་ལ་སོགས་པས་རྒྱུ་དང་འབྲས་བུ་རང་བཞིན་གཅིག་ཅིང་གནས་སྐབས་ཐ་དད་པ་དང་། བྱེ་བྲག་པས་དེ་དག་རང་བཞིནི་ཐ་དད་པ་དང་གཞན་ཡང་དངོས་པོ་ཐམས་ཅད་སྤྱིའི་སྒོ་ན ་གཅིག་པ་དང་། གསལ་བའི་སྒོ་ནས་ཐ་དད་པར་རྟོག་པ་བཞིན་དུ་འདིར་རྒྱུ་དང་འབྲས་བུ་ལ་སོགས་པའི་དངོས་པོ་ཐ་དད་པ་མ་ཡི་ནི་ཞེས་པ་ལ་སོགས་པའོ།། གཞན་ཡང་འབྲས་བུ་ཡེད་པ་དང་མེད་པ་སྐྱེ་བ་མི་འཐད་པ ་ཉིད་དུ་སྔར་རྒྱས་པར་དེ་གཉིས་ཀ་མ་ཡིན་པ་མ་ཡིན་པ་ཡང་ཡུལ་ལམ་དུས་གང་ན་ཡང་མེད་དེ། དེས་ན་དོན་དམ་པར་སྐྱེ་བ་མི་འཐད་པའི་ཕྱིར། དེ་ལས་གཞན་ཀུན་རྫོབ་ཙམ་དུ་འབྲས་བུའི་བདག་ཉིད་རྡུལ་དུ་མ་འདུས ་པའམ། ཤེས་པའི་ཕྲ་རབ་འདུས་པ་ནི་རྒྱུ་ཡང་དེ་འདྲ་བའི་འདུས་པ་ལས་འཇུག་ཅིང་ལྡོག་པར་འགྱུར་བའོ།། འདུས་པ་ཉིད་དངོས་པོ་མ་ཡིན་ནམ་ཞེ་ན། དེ་ནི་འདུས་པ་ཅན་གྱི་དངོས་པོ་འབྲེལ་ཆགསུ་གནས་པ་ཉིད་ལ་བརྟག ་ཤིང་འདུས་པ་ཅན་རང་ཡང་དེ་ལྟར་སྣང་བ་ཙམ་ལ་བརྟགས་ཀྱི་སྔར་བསྟན་པ་ལྟར་དངོས་པོར་གྲུབ་པ་མེད་པའོ།། ཕན་ཚུན་བསྔོས་པ་འབྲེལ་པའོ།། ཞེས་པ་ནི་འདུས་པ་དང་འདུས་པ་ཅན་ཕན་ཚུན་ལྟོས་ཤིང་འབྲེལ་པ ་དེ་ཉིད་ཀྱི་ཕྱིར་ན་ཡང་འདི་དག་དོན་དམ་པར་མི་འཐད་པའོ།། ཡང་ན་འདི་རྣམས་ཀྱི་དོན་ནི་རྒྱུ་དང་འབྲས་བུ་རྣམ་པར་གཞག་པ་ནི་བརྟགས་པ་ཙམ་ཉིད་དེ། ཕུན་ཚུན་བལྟོས་པའི་སྒོ་ནས་འབྲེལ་པ་སྟེ། དེ་ཉིད་ཀྱི་ཕྱིར་དོན་དམ་པར་མ ་གྲུབ་ཅེསོ་སྔར་རྒྱས་པར་བསྟན་པའོ།། རྐྱེན་རྣམས་འབྲལ་ལས་ཞེས་པ་ལ་སོགས་པའི་དོན་ནི་ཀུན་རྫོབ་ཏུ་མ་རིགས་པ་དང་འདུ་བྱེད་ལ་སོགས་པའི་རྐྱེན་རྣམས་གང་གིས་འདུག་ཐེགསུ་གང་ངེས་པར་འབྱུང་བ་ཉིད་དེ ་རྣམས་ཀྱི་འབྲེལ་པ་སྟེ། དེ་ལས་ལོགས་ཤིག་ན་བསྐྱེད་པར་བྱ་བའི་དོན་འབྲས་བུའི་དངོས་པོ་ལས་ཐ་དད་པའི་ཆོ་སུ་ཕྱི་རོལ་པོས་བརྟགས་པ་ནི་མདོ་ཅེས་པའོ།། དེས་ན་དེལྟཔའི་མུ་སྟེགས་ཅན་གྱི་ཉེས་པ་སྤངས ་ཤིང་ཉེས་པ་དེ་དང་མ་འབྲེལ་པའོ།། གང་ན་ཞེས་པ་ལ་སྩོགས་པས་ནི་ཉེས་པ་དང་བཅས་པ་མུ་སྟེགསྔ་ཅན་གྱི་ལུགས་དགག་པའོ།། འབྲེལ་པ་རྣམ་པར་འཇིག་པ་སྟེ་ཞེས་པའི་དེ་ན་ནི་དངོས་པོ་གང་གི་རྗེ་སུ་གང་ཞིག ་ངེས་པར་བྱུང་བ་དེ་དང་འབྲེལ་པའི་འབྲས་བུའི་དངོས་པོ་ལས་ཐ་དད་པའི་བསྐྱེད་པར་བྱ་བའི་ཆོས་གཅིག་ཁྲུས་ལན་ན། འདིར་འབྲས་བུའི་དངོས་པོ་བསྐྱེད་དུམ་བསྐྱེད་ཅེས་བརྟགས་པར་བྱའོ།། གལ་ཏེ་བསྐྱེད་ན་དེ་ཉིད ་བསྐྱེད་པར་བྱ་བའི་དངོས་པོ་ཡིན་གྱི། དེ་ལས་རྟོག་པ་དོན་མེདོ།། དེ་ལྟར་རྟོག་ན་ཡང་དེ་ལ་ཡོང་གཞན་དང་གཞན་རྟོགས་པས་ཐུགས་པ་མེད་པ་ཉིད་དུ་འགྱུརརོ།། དེ་སྟེ་འབྲས་བུའི་དངོས་པོ་མ་བསྐྱོད་ན། དེ་དང་རྒྱུར་འདོད་པ་ག ་ལ་འབྲེལ་པ་མེད་དེ། ཐ་དད་པས་བདག་ཉིད་གཅིག་པར་མྱི་འཐད་ཅིང་མ་སྐྱེད་པས་དེ་ལས་བྱུང་བའི་འབྲེལ་པ་ཡང་མེད་པས་འབྲེལ་པ་རྣམ་པར་འཇུག་ཅིང་འབྲས་བུ་རྒྱུ་མེད་པ་ཉིད་དུ་སྨྲ་བར་འགྱུར ་པའོ།། གཞན་ཡང་གྲངས་ཅན་པ་རྣམས་ཀྱི་ཞོ་དང་འོ་མུ་ལ་སོགས་པ་རྒྱུ་དང་འབྲས་བུའི་དངོས་པོར་ཁས་ལྡེ་ནི་པ་མའོ་མ་དང་འབྲེལ་པ་ཞོའི་རང་བཞིན་ནི་སྦྱར་ནས་ཡོད་ཅིང་། འོ་མ་ལས་ཐ་དད་པ་མ་ཡིན་པས་བསྐྱེད་པར་བྱི་བ་མ་ཡིན ་འོན་ཀྱང་དེ་ཉིད་སྔར་མི་གསལ་བ་ལས་གསལ་བའི་གནས་སྐབསུ་རྒྱུ་དང་རྐྱེན་གྱིས་བསྐྱེད་པར་བྱ་བའི་དངོས་པོ་དེ་འདྲ་བ་ཡོད་ཅེས་པ་ནི། འབྲེལ་པ་རྣམ་པར་འཇིག་པ་སྟེ། གསལ་བའི་གནས་སྐབས་གཉེན་པ་ཉིད་དུ་རྒྱུ་དང ་རྐྱེན་གྱིས་བསྐྱེད་པར་བྱ་བར་འགྱུར་གྱི། ཞོ་ལ་སོགས་པའི་རང་བཞིན་བསྐྱེད་པ་མི་འཐང་པོའི་ཕྱིར།། དེས་ན་རྒྱུ་མེད་པར་སྨྲ་བ་ཉིད་དུ་ཡང་འགྱུརརོ།། ལག་ཏུ་གསལ་བའི་གནས་སྐབས་རྒྱུ་དང་བཅས་པས་སྐྱོན་མདོ་ཞེ་ན། དེ་འདྲུ་བ ་གནས་སྲབྱས་རྒྱུའི་དུས་ན་མེད་པར་འདོད་ན་ནི། འབྲས་བུ་རྒྱུའི་དུས་ན་ཡོད་པ་ཉིད་ཉམས་པར་འགྱུར་ལ། ཡེད་ན་ཡང་སྐྱེས་ཟིན་པས་སྐྱེ་བ་མི་འཐད་པའི་ཕྱིར་རྒྱུ་དང་འབྲས་བུའི་འབྲེལ་པ་འཇིག་པ་དང་། རྒྱུ་མེད་པར་སྨྲ་བ་ཉིད ་འགྱུར་བའོ།། དངོས་པོ་སུ་ལ་ཡིད་ཅེས་པ་བསྐྱེད་བྱའི་དངོས་པོ་སུའི་ལུགས་ལ་ཡོད་པའམ། འ་བྲས་བུའི་དངོས་པོ་སུ་ལ་ཡེད་ན་ཞོས་སྦྱར་བར་བྱའོ།། ངོ་ལྔ་ནི་མར་མོས་མུན་ཁུང་ན་ཡོད་པའི་བུམ་པ་བུའི་མེད་པ་བསྐྱེད་པ་ན ་ཡིན་གྱི། ཡོད་པའི་དོན་ཉིད་གསུལ་བར་བྱས་པ་ཙམ་ལ། དེ་དག་འབྲེལ་པར་འཇོག་པ་བཞིན་དུ་ཞོ་དང་བུམ་པ་ལ་སོགས་པའི་རྫས་ཀྱི་རིགས་རྣམས། འོ་མ་དང་འཇིམ་གོང་ལ་སོགས་པ་ལ་འབྲེལ་པར་འཇོག་པ་དང་སྔར་མེད་པ ་སྐྱེད་པ་ནི་མ་ཡིན་གྱི། ཡོད་བའི་དོན་ཉིད་གསལ་བར་བྱེད་པར་འགྱུར་ཞེས་པའོ།། གཞན་ཡང་འབྲས་བུའི་དངོས་པོ་ལས་བསྐྱེད་པར་བྱ་བའི་དངོས་པོ་གཞན་དུ་ཁས་ལན་ན། མུན་པའི་ནང་གི་བུམ་པ་སྦྱར་ནས་ཡོད་པ་ལ་མེར་མེས ་ཅཅ་ཡང་སྐྲད་པ་མེད་ཅིང་། འོན་ཀྱང་དེ་ཉིད་གསལ་བའི་བློའི་ཆོ་སུ་འགྱུར་བ་འགའ་ཞིག་བསྐྱེད་པ་ན། མི་མཁས་པས་གསོལ་བ་དེ་ཉིད་བུམ་པ་དང་ཐ་དད་མེད་པར་ཞེན་པས་བུམ་པ་ཡང་མར་མེའི་བསྐྱེད་བྱ་ཉིད་དུ་འབྲེལ ་པར་སྣང་བ་བཞིན་དུ་འབྲས་བུའི་དངོས་པོའི་རྫས་ཀྱི་རིགས་རྣམས་ལ་རྒྱུ་ཡིས་ཅི་ཡང་མྱ་བྱས་མེད་ཀྱི། བསྐྱེད་པར་བྱ་བའི་ཆོས་གཞན་ཞིག་བྱས་པས་དེ་དང་འབྲས་བུའི་དངོས་པོ་ཕ་དང་མེད་པར་ཞེན་པོས་དེ་ཡང་རྒྱུ་ལས ་འབྲེལ་པར་སྣང་བར་བྱེད་པར་འགྱུར་ཞེས་པའོ།། མ་སྐྱེས་ངོ་བོ་ཉིད་མེད་ཅེས་པ་ནི་ཀུན་རྫོ་བོ་ཙམ་དུ་ཡང་མེད་པའོ།། འཕགས་པ་ཞེས་པ་ལ་སོགས་པས་ནི་འཕགས་པས་རྟོགས་པའི་ཆོས་ཉིད་སྟོན་ཏེ། དེའི་དོན་ནི་འཕགས་པུས ་རྟོགས་ཤིང་མངོན་དུ་བྱས་པའི་ཆོས་ཉིད་སྐྱེ་བ་མེད་པོ་ནི་ཀུན་རྫོབ་ཀྱི་སྐྱེ་བ་བཀག་པོ་ལས། གཞན་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སོ་སོ་རང་རིག་པར་བྱའོ།། སྐྱེ་བ་མི་འབྱུང་ཞེས་པ་ནི་དེ ་འདྲ་བའི་རྣམ་པར་རྟོག་པ་མི་འབྱུང་ཞིང་། མི་སྐྱེ་བའི་ཆོས་ལ་བཟོད་པའི་ཡེ་ཤེས་ཀྱིས་སོ་སོ་རང་རིག་པར་བྱ་བའོ།། དེ་ལྟར་དོན་དམ་པར་སྐྱེ་བ་མེད་ཅིང་ཀུན་རྫོབ་རྟེན་ཅིང་འབྲེལ་པ ་འབྱུང་བ་ཙམ་མཐོང་བ་ན། སེམས་མཉམ་པར་འཇོག་པ་སྟེ། ས་བརྒྱད་པ་ཡན་ཚོད་ཀྱི་ཡེ་ཤེས་ཆོས་ཉིད་ལས་གཞན་དུ་མི་གཡེང་བའོ།། མི་ཤིས་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང ་བྱེ་བ་བསྟན་པའོ།། དེ་ཡང་འཁོར་ལོ་དང་འཇིམ་པ་ལ་སོགས་པ་ལས་བུམ་པ་འབྱུང་བ་དང་། ཆུ་དང་ས་བེན་ལ་སེགས་པ་ལས་བུམ་པ་འབྱུང་ཞིང་། ཤིང་མེ་ལ་སོགས་པ་ལས་དུ་བ་འབྱུང་བ་ལ་སོགས་པ་ནི། ཕྱི་རེང ་ཀྱི་རྟོན་འབྲེལ་ཏེ། ཕྱི་རོལ་ཏུ་སྣང་བ་ཉིད་ལ་འཇོག་གི་ཕྱི་རོལ་དངོས་ནི་གྲུབ་པ་མེད་པའོ།། འབྲེལ་པ་ཙམ་ཞེས་པ་ལ་སོགས་པས་ནི་ཚུལ་གཞན་གྱི་སྒོ་ནས་ཕ་རོལ་པོའི་འདོད་པ་འགོག་པའོ།། འཕྲལ་པ་ཙམ་ནི་འདི་ད ་ཅེས་པ་མ་བརྟགསྔོ་ན་ཉམས་དགའ་བ་སྒྱུ་མ་ལྟ་བུའི་རྟོན་འབྲེལ་མ་ཡིན་ཏེ། རྐྱེན་ལས་སྐྱེ་བ་དེན་དམ་པའི་དངོས་པོར་འདོད་པ་སྟེ། དེ་ནི་རིག་པ་དང་ལུང་ལ་མི་གནས་པ་སྟེ། དེ་དག་སྟེ་གཅོད་པཱུཪྵ་འགྱུར་བའོ།། གལ ་ཞེས་པ་སོགས་པའི་དོན་ནི་གཞན་དག་དེ་ལྟར་བསྐྱེད་ཏེ། བསྒྱིད་བྱ་སྐྱེད་བྱེད་ཀྱི་དངོས་པོ་མེང་ན། དེ་ལྟར་རྡེག་པའི་རྭ་ཡང་གང་གི་རྐྱེན་ལའི་བྱུང་སྟེ། མི་འཐད་པ་ཉིད་ཡིན་པས་དེ་ལྟར་རྟོགས་པའི་མི་རིག་མོ་ཞེས ་ལན་གྱི་དོན་ནི་རྟོགས་བྱའི་དོན་དོན་དམ་པར་སྐྱེ་བ་མེད་ཅིང་། ཀུན་རྫོབ་ཏུ་སྐྱེ་བར་སྣང་བ་དྲང་། དེ་ལྟར་འཇལ་བའི་བློ་ནི་ཕན་ཚུན་བསྐྱེད་པ་སྟེ། དེ་དག་དབྱེར་མེད་ཀྱང་རྒྱུན་རྒྱུད་ཕྱི་མ་རྣམས་ཕན་ཚུན་བསྐྱེད་པ་སྟེ། དོན་ནི་སྔར ་རྒྱས་པར་བསྟན་ཏེ།། དེའི་ཕྱིར་བློ་སྐྱེ་བ་འཐད་པས་དོན་དེ་དག་ཀྱང་ཀུན་རྗེབ་ཙམ་དུ་རྐྱེན་ཡིན་ཞིང་། དོན་དམ་པར་སྐྱེ་བ་མེད་པར་ཤེས་པའོ།། དྲེད་གཤེ་རོ་ཞེས་པ་ལ་སོགས་པོས་ནི་ཕྱིའི་འབྱུང་བ་ལ་སོགས་པ་བརྟགས ་པ་ཉིད་དུ་སྟོན་པ་སྟེ་གོ་བར་ཟད།། ནད་པའི་ཞེས་པ་ལ་སོགས་པས་ནི་རྟེན་འབྲེལ་དངོས་པོ་ཉིད་དུ་བསྟན་པའི་དགོས་དོན་འཆད་པའོ།། དེའི་དོན་ནི་ཇི་ལྟར་ནད་ཀྱི་བྱེ་བྲག་མི་འདྲ་བ་རྣམས་གསོ་བར་བྱ་བའི་དོན་དུ་སྨན་པས་སྨན ་གྱི་སྦྱོར་བའི་བྱེ་བྲག་ཐ་དད་པར་སྟོན་མོད་ཀྱི། དེ་ལ་བཙུག་ལག་ཐ་དད་པུ་སྟེ། དོན་དུ་གཉེར་བྱའི་འབྲས་བུའི་ཐ་དད་པ་མེད་པ་དེ་བཞིན་དུ། ངས་ཀྱང་སེམས་ཅན་རྣམས་ཀྱི་ཉིན་མོངས་པ་དང་དབང་པོ་རྣོ་རྡུལ་གྱི་བྱེ་བྲག་ཤེས ་ནས་དབང་པོ་བརྟུལ་པོ་རྣམས་ལ་རྟེན་འབྲེལ་ལ་སོགས་པ་དངོས་པོའི་ངོ་བོ་ཉིད་དུ་ཡོད་ཞེས་སྟོན་ཅིང་། འགའ་ཞིག་ལ་ཁྱད་པར་དུ་རྣམ་པར་རིགས་པ་འགའ་ཞིག་གི་རྟེན་འབྲེལ་བཤད་མོད་ཀྱི་མཐར་ཐུགས་རྟོགས་པ ་བྱ་བའི་དོན་ནི་ཐེག་པ་ཆེན་པོ་གཅིག་ཉིད་ཡིན་ཞེས་པའོ།། ཡན་ལག་བརྒྱད་ལྡན་ཞེས་པ་ནི་ཡང་དག་པའི་ལྟ་བ་དང་རྟག་པ་ལོ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་པོ་རྣམསོ།། ཞི་བ་ནི་ཕྱིན་ཅི་ལོག་ཉེ ་བར་ཞི་བའོ།། འདི་རྣམས་ཀྱི་དོན་ཞིབ་ཏུ་ནཱི་སྔར་བསྟན་ཏོ།། དེ་ནས་ཡང་ཞེས་པ་ལ་སོགས་པས་ནི་སྦྱར་གྱི་མི་རྟག་པ་ཉིད་ཕན་ཚུན་གཞན་གྱི་སྒོ་ནས་སྦྱིན་པའོ།། ཡང་དག་པའམ། ལོག་པ་ཞེས་པ་ནི ་བཞིན་གཤེགས་པ་ཉིད་ཀྱི་ཚུལ་ལུགས་ཕྱིན་ཅི་མ་ལོག་པ་དང་། གཞན་གྱིས་བརྟག་པའོ།། གཟུགས་ཉིད་མི་རྟག་ཅེས་མེ་ལྕེ་དང་གློག་ལ་སོགས་པའི་གཟུགས་ཉིད་མི་རྟག་པ་ཡིན་གྱི། དེ་ལས་གཞན་པ་རྣམས་ནི་རྟག་པར་འདོད་པ ་ཞེས་སྔོན་གྱི་སླེབ་དཔོན་དག་གིས་བཤ་དོ།། ཡང་ཕྱི་རོལ་པ་ཁ་ཅིག་ཤེས་པ་ནི་བདག་རྟག་པ་གཉི་སུ་མེད་པར་འདོད་ལ། དེ་ལས་གཞན་གཟུགས་ཉིད་མི་རྟག་པའོ་ཞེས་ཟླའོ།། ཆོས་ཐམས་ཅད་བར་ཆད་མེད་པར་རྒྱུན་ཏུ་རང་གི་དང ་འཇིགས་པ་འགྲོལ་བ་ཞེས་པ་ནི་སངས་རྒྱས་པ་རྣམས་ཀྱི་འདོད་པ་སྐད་ཅིག་མའི་མི་རྟག་པ་ཡིན་ལ། འགྲེལ་པ་ནཱི་དཾ་ལས་འདས་ནས་གཞན་དུ་བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་ལ་སྔར་གྱི་གནས་སྐབས་ལི ་བྷདྷ་དང་། རགས་པའི་འཇིགས་པ་ཉིད་འཇིག་ཅིང་འབྲེལ་པའོ།། དངོས་པོའི་དངོས་པོ་མེད་པ་ནི་གྷོ་མོ་ལ་སོགསྡུ་པའི་གནས་སྐབས་ན། བུམ་པའི་དངོས་པོ་མེད་པ་མི་རྟག་པ་ཉིད་དུ་འདོད་པའོ།། སྔ་མེ་ནི་གྱོ་མོ་ལ་སོགས ་པོར་གྱུར་པ་ཉིད་མི་རྟག་པར་འདོད་པས་མི་མཚུངས་སོ།། ཡང་ཆོས་ཅན་དངོས་པོར་གྱུར་པ་ནི་མོ་རྟག་པ་མ་ཡིན་ལ། དེའི་ཆོས་ཀྱི་ཁྱད་པར་གཞན་དུ་འགྱུར་ཞིང་མེད་པ་ནི་མི་རྟག་པའོ་ཞེས་སྔ་རངས་པ་དག་གིས་བ ་པ་ཡང་དེའི་དབང་དུ་འདུས་ཞེས་པ་ནི་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་དེ་ལ་ཁྱབ་པའོ།། འདི་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་བཞེད་པའི་དོན་ཡིན་ལ། གཞན་དེ་ལས་བཟློག་ཏེ་སྐྱེ་བའི་དངེས་པ་ཉིད་མི་བརྟག་པ་དོན་དམ་པ་ཉིད་དུ ་འདོད་པའོ།། དེ་ལ་ཞེས་པ་ལ་སོགས་པས་དེ་རྣམས་ཀྱི་དོན་རྒྱས་པར་འཚོད་དེ།། ངོ་བོ་ཉིད་མི་འཇུག་ཅེས་པ་ནི་དེའི་རྒྱུན་དུ་འཇུག་པ་མེད་པའོ།། རྟག་ཏུ་མི་བརྟག་པ་དང་ཡིད་པ་དང་མེད་པ་ལས་མི་འབྱུང་བ་དང་། ཆོས་ཐམས་ཅད ་མི་མཐོང་བ་དང་ཞེས་པ་ལ་སོགས་པའི་དོན་ནི་ཀུན་རྫོབ་ཏུ་འདུ་བྱེད་སྐད་ཅིག་པ་ཉིད་ཡིན་པས་རྟོག་ཏུ་མི་རྟག་པ་ཡིན་ལ། དེ་ནི་དམ་པར་རྒྱུ་ཡོད་པ་དང་མེད་པས་ལས་མི་འབྱུང་བ་དང་། འབྲས་བུ་ཡིད་ཡོད་བྱ་དང་མེད་པ་འབྱུང ་པ་མི་འཐད་པ་དང་། ཆོས་ཐམས་ཅད་རྡུལ་ཕྲ་རབ་སྐད་ཅིག་མའི་བར་དུ་བརྟག་ན་མི་མཐོང་ངོ་ཞེས་བརྗོད་པ་འདྲི་ན་མི་སྐྱེ་བའི་ཚིག་བླ་དྭགས་ཡིན་གྱི། སྐྱེ་བ་ནི་མ་ཡིནོ།། དེ་ལྟར་ན་དོན་དམ་པར་སྐྱེ་བ་མེད་ཅིང་ཀུན་རྫོབ་ཏུ་སྐད་ཅིག་མི ་རང་བཞིན་སྔ་མ་རྣམས་ལ་རག་ལས་ཏེ། ཕྱི་མ་སྐྱེ་བའི་མཚན་ཉིད་ཟུང་དུ་འཇུག་པའི་དོན་དེ་ཉིད་མི་རྟག་པ་ཡིན་ཞེས་པའོ།། སྐྱེ་བ་མི་རྟག་པར་སྨྲ་ཞེས་པོ་ལ་དོན་འདི་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་ཀྱང་འདུ་བྱེད་ཐམས་ཅད་སྐད ་ཅིག་མ་ཞེས་པ་ལ་སོགས་པ་གསུངས་པོ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་ཀུན་རྫོབ་པའི་ཚུལ་བསྟན་པ་ཡིན་གྱི། དོན་དམ་པའི་དེ་ཁོ་ན་ཉིད་དུ་མི་བཞེད་ལ། གཞན་ནི་དོན་དམ་པའི་དངོས་པོར་འདོད་པས་མི་འཐད་པའོ།། གཞན ་ཡང་ཞེས་པ་ལ་སོགས་པས་དངོས་པོ་མི་རྟག་པར་འདོད་པ་འགོག་སྟེ། དེ་ལ་དངོས་པོ་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་པ་མི་འཐད་དེ། དེ་དག་ནི་རྣམ་གཅོད་ཡོངས་གཅོད་ཀྱི་འག ་པཔ་ཡིན་པས་གཅིག་བཀག་པ་གཞན་བསྒྲུབས་པ་ལ་བལྟོས་པའི་ཕྱིརརོ་ཞེ་ན། སྐྱོན་མེད་དེ། དངོས་པོའི་ངོ་བོར་གྲུབ་པ་འགའ་ཞིག་རྟག་པ་དང་མི་རྟག་པ་གཉི་ཀ་མ་ཡིན་པར་འགལ་གྱི། འདིར་དངོས་པོའི་ངོ་བོ་བདེན་པ་གྲུབ་པ་ནི ་མེད་ཀྱི། དངོས་པོར་སྣང་བ་ཙམ་ཉིད་དེ་ཁོ་ན་ཉིད་དུ་རྟག་པ་དང་མི་རྟོག་པ་གཉི་ཀ་མ་ཡིན་ཞིང་། དངོས་པོ་ཉིད་དུ་ཡང་གྲུབ་པ་མེད་ཅེས་པའོ།། དེས་ན་དངོས་པོ་རྟག་པ་དང་མི་རྟག་པ་མ་ཡིན་པ་བཞིན་དུ་དེ་དག་ཀྱང་དངོས་པོ་མ ་ཡིན་ཞེས་པའོ།། དེ་ལི་རྟག་པ་དངོས་པོ་ཡིན་པ་ནི་དག་གྲ་པར་སྨྲ་མྱོད་ཀྱི། མི་རྟག་པ་དངོས་པོ་ཡིན་པ་ཇི་ལྟར་འགྲོག་ཅི་ནཱ། མི་རྟག་པ་ནཱི་རེས་འགའ་མ་ཡིན་པས། རྒྱུ་ལས་སྐྱེ་བས་ཁྱབ་ལ། དེ་ཡང་སྐྱེ་བ་རྣམ་པ་བཞི་ལ་སོགས ་པས་ཁྱབ་པ་ལས། དེ་ཁོ་ན་ཉིད་དུ་དེ་འདྲ་བའི་ཁྱབ་བྱེད་མི་འཐད་པའི་ཕྱིར་མི་རྟག་པ་དངོས་པོ་ཉིད་དུ་མི་འཐད་ཅིང་། དེ་ཉིད་ཀྱི་ཕྱིར་དངོས་པོ་ཡང་མི་བརྟག་པའི་བདག་ཉིད་མ་ཡིན་ཏེ། ཕན་ཚུན་བདག་ཉིད་མ་ཡིན་པར་མཚུངས་པའི། ་བྱ། གས་ཏེ་འདིར་མི་རྟག་ཙལ་བ་ལས་བྱུང་བའི་བདག་ཉིད་མ་ཡིན་ཀྱང་། ཚུལ་བྱུང་མི་བརྟག་པའི་བདག་ཉིད་ཡིན་པ་ལས་ཡོན་ཚུན་བདག་ཉིད་མ་ཡིན་པར་མཚུངས་པ་མི་འའད་ཞེན་སྦྱིན་མེད་དེ། ཀློག་དང་ནགས་ཀྱི་མེ་ཏོག ་ཡོད་པའི་མི་རྟག་པ་རྩོལ་བྱུང་གི་བདག་ཉིད་མུ་ཡིན་པ་ལྟར། རྩོལ་བྱུང་ཡང་མི་རྟག་པ་དེ་འདྲ་བའི་བདག་ཉིད་མ་ཡིན་པར་མཚུངས་པའི་ཕྱིརརོ།། འདི་ལས་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་མི་བརྟག་པ་ལ་སོགས་པ་འཐད་ཅིང ་དེ་ཉིད་འགའ་ཞིག་གི་རྒྱུ་ཉིད་དུ་སྟོན་པའོ།། དེའི་དོན་ཡང་ཀུན་རྫོབ་པའི་དངོས་པོ་ཐམས་ཅད་ཀྱི་དངོས་པོ་མེད་པ་སྟེ། དོན་དྲམ་པའི་དངོས་པོར་མེད་ཅིང་། ཀུན་རྫོབ་པའི་དངོས་པོ་ཉིད་དུ་གནས་པ་ནི་མི་རྟག་པའི་འབྲས་བུ་ཡིན་ཏེ།། ་དེ་ལས་གཞན་དངོས་པོ་མེད་པོའི་མ་བརྟག་པ་ནི་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་དེའི་རྒྱུར་མི་འཕད་པའོ།། དེ་ཉིད་དཔེའི་སྒོ་ནས་གསལ་བར་སྟོན་པ་ནི། བཅག་པར་བྱ་བ་བུམ་པ་གྱོ་མོའི་གནས་སྐབསུ་སོང་བ་ནི་དབྱིག་པ་ལ ་སོགས་པ་མེད་ན་མི་འབྱུང་བས་དེའི་འབྲས་བུ་ཉིད་དུ་འཇོག་པ་དང་མཚུངས་པའོ།། ཕན་ཚུནི་བྱེ་བྲག་མེད་ཅེས་པ་ནི་དཔེ་དོན་ཕན་ཚུན་བྱེ་བྲག་མེད་པའོ།། དངོས་པོ་ཐམས་ཅད་ཀྱི་ཞེས་པའི་ཁྱད་པར་སྨྱོས་པ་ནི། དངོས་པོ་མེད ་པའི་མེད་པར་དགག་པ་ཙམྲ་འབྲས་བུར་མི་འཐད་པའི་ཕྱིརརོ།། འདི་ནི་ཞེས་པ་ལ་སོགས་པས་དེ་འདྲ་བའི་རྒྱུ་འབྲས་དོན་དམ་པར་མ་གྲུབ་ཙོས་སྟོན་པའོ།། དེའི་དོན་ནི་དངོས་པོ་ཐམས་ཅད་ཀྱི་ནང་དུ་མི་བརྟག་པ་ཉིད་ཀྱང་འདུས་པ། ་དེ་ཡང་དོན་དམ་པར་ངོ་བོ་ཉིད་མེང་པའི་ཕྱིར། རྒྱུ་དང་འབྲོས་བུ་བྱེ་བྲག་ཏུ་འཇོག་པའི་རྒྱུ་མཚན་མེད་པའི་ཕྱིར། དེ་དག་གི་བྱེ་བྲག་མེད་ཅེས་པའོ།། དེ་ལྟར་རྒྱུ་མེད་པའི་ཕྱིར་དངོས་པོ་ཐམས་ཅད་ཅེས་པ་ནི་དེ་འདྲ་བའི་ཆོས་ཉིད ་ལ་འགྱུར་བ་མེད་པའོ།། དེས་ན་ཚིག་སྔ་ཕྱི་འགལ་བར་འགྱུར་བ་ཡང་མེད་ཅིང་། དོན་དམ་པའི་དངོས་པོ་འགའ་ཞིག་མི་རྟག་པ་ཉིད་དུ་འགྱུར་བ་ཡང་མ་ཡིནོ།། དེ་ལྟར་དོན་དམ་པར་རྒྱུ་མེད ་ཅིང་ཀུན་རྫོབ་ཏུ་སྒྱུ་ལས་སྐྱེ་བ་ཟུང་དུ་འཇུག་པའི་དེན་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཁྲོང་དུ་མི་ཆུད་ཅེས་སྦྱར་བར་བྱའོ།། རྒྱུ་ནི་ཞེས་པ་ལ་སོགས་པས་ཀུན་རྫོབ་ཙམ་དུ་རྒྱུ་འདྲ་བ་ལས་འབྲས་བུ་མི་འདྲ་བ་འབྱུང་བ་མི་འཐད་དེ ་དེ་ལྟར་འབྱུང་དུ་ཟིན་ན་ནི་དངོས་པོ་དྲོ་དག་ཐམས་ཅད་ཀྱི་མི་བརྟག་པས་འབྲས་བུ་མི་འདྲ་བ་བསྐྱེད་པར་འགྱུར་ཏོ།། འགོའ་ཞིག་དངོས་པོ་མེད་པའི་ངོ་བོར་བསྐྱེད་ལ། འགའ་ཞིག་ནི་དོན་དམ་པའི་དངོས་པོ་ཉིད་དུ་སྐྱེད་པར ་འགྱུར་རོ།། དེ་ལྟ་ན་ཡང་དངོས་པོ་རྣམས་ཀྱི་འབྲས་བུ་འདྲ་བ་དང་མི་འདྲ་བ་ཉིད་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། རྒྱུ་འདྲེ་བ་དང་མི་འདྲ་བ་གཉིས་ཀས་མ་བསྐྱེད་པའི་ཕྱིར།། དེ་ལ་རེ་ཞིག་དངོས་པོ་རྣམས་ཀྱི་མི་འདྲ་བ་རྒྱུ་འདྲ་བས་བསྐྱེད་པ ་མ་ཡིན་ཏེ། ནས་དང་སྲན་མ་ལ་སོགས་པའི་མྱུ་གུ་ལ་རྒྱུ་འདྲ་བ་མེད་ཀྱང་འབྲས་བུ་མི་འདྲ་བ་ཉིད་དུ་འགྱུར་བས་ལྡོག་པ་འཁྲུལ་པའི་ཕྱིར་རོ།། དེ་བཞིན་དུ་འབྲས་བུ་མི་འདྲ་བ་དེ་ཉིད་རྒྱུ་མི་འདྲ་བས་བསྐྱེད་པ་ཡང་མ་ཡིན་ཏེ། ་གནས་སྐབས་འདིར་རྒྱུ་ལས་མི་འདྲ་བ་མེད་ཀྱང་འབྲས་བུ་མི་འདྲ་བ་བྱུང་བས་ལྡོག་པ་འཁྲུལ་པའི་ཕྱིར།། དེ་བཞིན་འབྲས་བུ་འདྲ་བ་དང་རྒྱུ་འདྲ་བ་ཡང་མི་འདྲ་བས་མ་བསྐྱེད་དེ། གནས་སྐབས་འདིར་རྒྱུ་ལོ་འདྲ་བ་ཡོད་ཀྱང ་འབྲས་བུ་འདྲ་བ་མ་བྱུང་བས་རྗེསུ་འགྲོ་བ་འཁྲུལ་པའི་ཕྱིར་རོ།། དེ་ཉིད་དེ་རྒྱུ་མི་འདྲ་བས་ཀྱང་བསྐྱེད་པ་མ་ཡིན་ཏེ། ཇི་ལྟར་ནུས་ཀྱི་མྱུ་གུ་སྔོན་པོ་རྣམས་ལ་རྒྱུ་མི་འདྲ་བ་མེད་ཀྱང་། འབྲས་བུ་འདྲ་བ་ཉིད་བྱུང་བས་ལྡོག་པ་འཁྲུལ་པའི ་ཕྱིརརོ།། དེ་ལྟར་དངོས་པོ་ཐམས་ཅད་རྒྱུ་མེད་པས་རྒྱུ་དང་འབྲས་བུ་བྱེ་བྲག་མེད་པར་འགྱུར་ལ། དེ་ལྟོ་འདོད་པ་ཡང་མི་འཐད་དེ། ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་བྱེ་བྲག་ཀྱང་མཐོང་བས་ཕྱིརརོ།། དེའི་ཕྱིར་རྒྱུ་འདྲ་བ་ལས་འབྲས་བུ་མི་འདྲ་བ ་འབྱུང་བ་འགལ་བས་མི་རྟག་པའི་རྒྱུ་བས་སྔ་མི་ལྟར་འབྲས་བུ་མོ་བསྐྱེད་པ་མི་འཐད་ཅིང་། དེ་ལྟར་ན་ཡང་འགའ་ཞིག་དྲངོས་པོའི་ངོ་བོ་དོན་དམ་པ་བར་བསྐྱེད་པ་འགལ་བའོ།། འདིའི་སྤྲོས་པ་ཞིབ་ཏུ་ནི་རིགས་པའི་བསྟན་བཅས ་དག་ལས་ཤེས་པར་བྱའོ།། ཡང་ན་གཞུང་འདི་རྣམས་ཀྱི་དོན་ནི། དངོས་པོ་ཐམས་ཅད་ཀྱི་དངོས་པོ་མེད་པར་རྟོག་པ་ནི་མི་རྟག་པའི་འབྲས་བུ་སྟེ། དེ་ནི་དེའི་ཤེས་པར་བྱེད་པའི་རྒྱུའོ།། འདིའི་ཁྱབ་པ་ཡང་སྔ་མ་ལྟར་མི་རྟག་པ ་ནི་རྒྱུ་ལ་བལྟོས་པས་ཁྱབ་ལ་དེ་ཡང་སྐྱེ་བུ་རྣམ་བཞིར་འགྱུར་བ་ལས། དེ་འདྲའི་ཁྱབ་བྱེད་མི་འཐད་པའི་ཕྱིར་མི་རྟག་པ་ནི་དོན་དུམ་པའི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཁྱབ་པའོ།། མ་བརྟག་པ་མེད་པར་དངོས་པོ་ཐམས་ཅད ་ངོ་བོ་ཉིད་མེད་པ་མི་དམིགས་པ་ཞེས་པའི་དོན་ན་ཐམས་ཅད་དུ་དེ་ལྟར་ངེས་པ་མོ་ཡིན་ཀྱང་། གནས་སྐབས་འགའ་ཞིག་གི་ཚེ་དེ་ལྟར་འགྱུར་བ་སྟེ། ཇི་ལྟར་ལ་རྒྱབ་ཏུ་དུ་བ་མཐོང་བ་མེད་ན། མེ་མི་རྟོགས་པ་ལྟ་བུའོ།། དབྱིག་པ ་@དང་ཞེས་པ་ལ་སོགས་པའི་དོན་ནི་བཤད་པ་སྔ་མའི་རྗེསུ་འབྲངས་ཏེ་རྟོགས་པར་བྱའོ།། འདི་ནི་ཞེས་པ་ལ་སོགས་པས་ཤེས་བྱེད་ཀྱི་རྒྱུ་མི་རྟག་པ་ལ། ཤེས་བྱའི་དོན་དངོས་པོ་མེད་པའི་ངོ་བོ ་ཉིད་ཀྱི་ཁྱབ་པས་རྒྱུ་དང་འབྲས་བུའི་བྱེ་བྲག་མེད་པ་སྟེ། སྔ་མ་ཉིད་ཀྱི་རྗེ་སུ་འབྲངས་ཏེ་རྟོགས་པར་བྱའོ།། གལ་ཏེ་ཞེས་པ་ལ་སོགས་པས་ནི་མི་རྟག་པ་དངོས་པོ་ཉིད་ཡིན་པ་འགོག་སྟེ། དེའི་དོན་ཡོད་དངོས་པོ་ནི་རྒྱུ་མེད་པར་འགལ ་བས་འགོའ་ཞིག་གི་ལསུ་བྱ་བ་འབྲས་བུ་ཉིད་དུ་འགྱུར་ཞིང་དོན་བྱེང་ནུས་པའི་ཕྱིར། འགའ་ཞིག་གི་རྒྱུའི་ངོ་བོར་ཡང་འགྱུར་ལ། རང་གི་མཚན་ཉིད་འཛིན་པས་དེ་འདྲ་བའི་ཆོས་གསུམ་དང་ལྡན་པའི་དངོས་པོ་ཉིད་དུ་འགྱུར་ལ ་དེའི་ཕྱིར་མི་བརྟག་པའི་དངོས་པོ་བདག་ཉིད་ཀྱང་མི་རྟག་པ་ཉིད་དུ་འགྱུ་རོ།། དེ་ཉིད་མི་བརྟག་ཡང་མི་རྟག་པའི་རང་བཞིན་ལས་ཉམས་པས་དངོས་པོ་ཐམས་ཅད་རྟག་པར་འགྱུར་ཏེ། ཐོར་ཟུག་པའི་དངོས་པོ་ཉིད་དམ། འགྱུར་པ་བཀགས ་པའི་མྱེད་པ་ཙམྦྷ་ཉིད་དུ་འགྱུར་ཞེས་པའོ།། དེ་སྟེ་མི་རྟག་པའི་དྲངོས་པོ་ཉིད་མ་རྟག་པ་མ་ཡིན་ན་ནི། དངོས་པོ་ཐམས་ཅད་མི་རྟག་པ་ཉིད་ཉམས་པར་འགྱུའོ།། རྟག་པ་ཉིད་དུ་འགྱུར་ཞེས་པ་ནི་རྟག་པ་ཁོ་ནར་འགྱུར་ཞེས་མནན་པའི ་དོན་ཏོ།། དེ་སྟེ་མི་རྟག་ཅེས་པ་ལ་སོགས་པས་ནི་མི་རྟག་པ་ཉིད་གཟུགས་ལ་སོགས་པ་དངོས་པོ་རེ་རེ་བའམ། དངོས་པོ་ཐམས་ཅད་ལ་རྫོགས་པ་སྟེ། དེ་དག་ཐམས་ཅད་ལ་མི་རྟག་པས་ཁྱབ་པ་ཡིན་ན། དངོས་པོ་ཐམས་ཅད ་དུས་གསུམ་གྱིས་བསྡུས་པར་འགྱུར་ལ། དེ་ཡང་དོན་དམ་པར་མི་འཐད་དེ། འདས་པའི་གཟུགས་ནི་འདས་པའི་དུས་ན་དེ་ཡང་ཐོག་མ་སྐྱེ་བའི་ཆ་དང་གནས་པ་དང་། འགག་པར་འགྱུར་བའི་ཆ་གསུམ་གྱི་བསྡུས་པར་འགྱུར ་བའི་གཅིག་པ་ཉིད་དུ་མི་འཐད་ལ། དེ་དག་རེ་རེ་བ་ཡང་དེ་བཞིན་དུ་འགྱུར་ཏེ། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། ཐོག་མ་དབུས་ཀྱང་བརྟག་པར་བགྱིས་ཞེས་པ་ལ་སོགས་པས་སྔར་རྡོ་རྗེ་གཟེགས་མའི་སྐབསུ་རྒྱས་པར ་བསྟན་ཏོ།། དེ་ལ་གཟུགས་ཉིད་གང་ཞེ་ན། འབྱུང་བ་ཆེན་པོའི་གནས་ཀྱི་བྱེ་བྲག་སྟེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་རྣམས་གཟུགས་ཀྱིས་ཕུང་པོས་རབ་ཏུ་ཕྱེ་ཞིང་དེ་ལ་བརྟེན་པའོ།། དེ་རྣམས་ཀྱི་རང ་བཞིན་དེ་བཞིན་ཉིད་ནི་མི་འཇིགོ།། དེ་ཉིད་གསལ་བར་སྟོན་པ་ནི། མུ་སྟེགས་བྱེད་ཅེས་པ་ལ་སོགས་པ་སྟེ། གྲུབ་མཐའ་ཕྱིན་ཅི་ལོག་པ་རྣམས་ཀྱི་གཅིག་དང་ཐ་དད་སྤངས་པའི་ཕྱིར་ཞེས་པ་ནི་དོན་དམ་པ་གཅིག་དང་དུ་མ ་དང་བྲལ་བའི་ཕྱིར་མི་འཇིགས་ཅེས་པའོ།། སྲིད་པ་གསུམ་པོ་ཐམས་ཅད་ཅེ་སོ+ོ་པཱ་ནི་དེ་རྣམས་ཀྱིས་བསྡུས་པའི་གཟུགས་ཡིན་ལ། དེ་ནི་སྐྱེ་བ་ལ་སོགས་པར་བརྟགས་པ་ཙམ་ཡིན་གྱི་དེ་ཁོ་ན་ཉིད་དུ་གྲུབ་པ་མེད་དེ། སྔར ་བསྟན་པ་ལྟར་རེ་རེ་ཡང་ཆ་སྣ་ཚོགསུ་འགྱུར་བས་ངོ་བོ་ཉིད་གྲུབ་པ་མེད་པའི་ཕྱིརོ།། ཡང་ན་འདིར་མུ་སྟེགས་བྱེད་ཅེས་པ་ནི་བྱེ་བྲག་པོ་དང་གྲངས་ཅན་ལ་སོགས་པས་རྫས་གཅིག་པ་དང་ཐ་དད་པར་བརྟགས་པ་སྤངས ་བྱའི་ཕྱིར་ཞེས་སྦྱར་བར་བྱའོ།། འདིར་འབྱུང་བ་དང་འབྱུང་བ་ལས་གྱུར་པཱ་དང་ཐཱ་དང་པའི་མི་རྟག་པའི་གཞན་གང་ཡོད་ཅེས་པ་ནི་མཱི་འཐད་དེ། དེ་ལས་ཐ་དད་པའི་སེམས་ཉིད་མི་རྟག་པར ་གྲུབ་པའི་ཕྱིརརོ་ཞེ་ན། སྐྱོན་མེད་དེ། དོན་དོམ་པར་ཐོ་དད་པའོ་དངོས་པོ་དེ་འདྲ་བར་གྲུབ་པོ་མྱེད་ཅིང་། དྲི་ཉིད་ཀྱི་ཕྱིར་མི་རྟག་པའི་ངོ་བོ་དོན་དམ་པར་ཡང་གྲུབ་པ་མེད་པའི་ཕྱིརརོ།། དེ་ལྟར་ན་དེ་འདྲ་བ་ཡང་གྲུབ་པ་མེད་ཅིང་འབྱུང་བ ་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱང་མི་འཇིགས་པས་ན་འཇུག་པ་དང་ལྡོག་པ་ལ་སོགས་པ་དོན་དམ་པོར་མེད་དེ། དེས་ན་མི་རྟག་པ་དངོས་པོ་ཉིད་དུ་མི་འཐད།། འབྱུང་བ་རྣམས་འབྱུང་བ་གཞན་མི་རྩོ་མོ་ཞེས་པ་ལ་སོགས ་བའི་དོན་ནི་ལྷན་ཅིག་མི་གནས་པའི་འགལ་བར་གཏོགས་པ་མེ་དང་ཆུ་ལ་སོགས་པའི་འབྱུང་བ་རྣམས་ཕན་ཚུན་མྱི་མཐུན་པའི་རང་གི་མཚན་ཉིད་བསྐྱེད་པའི་ཕྱིར་ཕན་པར་འགྱུར་བའི་བྱེ་བྲག་མི་རྩོམ་སྟེ། ཕན་ཚུན ་བན་པ་མི་བསྐྱེད་པའོ།། དེ་ལྟ་ན་ཕན་པའི་འབྲས་བུ་ལྡོག་པ་དང་། ཡང་ཕན་ཚུན་མཐུན་ལཱྀ་དང་རང་གི་རྒྱུད་དུ་གཏོགས་པའི་ཕན་པ་སྔར་བསྤྱད་ཟིན་པོ་ཡང་ཕྱིར་ཞིང་བསྒྱུར་ནས་མི་རྩོམ་པོས། དེ་ལྟ་བུའི་ཆོས་གཉིས་དང ་ལྡན་པའི་ཕྱིར་མོ་རྩོམ་པ་ལ་མི་རྟག་པའི་བློར་འགྱུར་ཞེས་པ་སྟེ། དེ་ཁོ་ན་ཉིད་དུ་ཕན་པ་སྡེ་སྐྱེད་ཟིན་པ་ལ་སོགས་པའི་མི་འཐད་པ་དང་། ཕན་ཚུན་མི་མཐུན་པར་གྱུར་པ་རྣམས་ལ་ཕན་པའི་བྱེ་བྲག་མི་འབྱེད་པ་ཡང་བཟོད ་མ་ཉིད་ནས་དེ་ལྟར་ཡིན་གྱིས་གློ་བུར་དུ་བྱེད་པ་ལོག་པ་མ་ཡིན་པས་མྱི་རྟག་པ་ཉིད་མི་འཕད་ཀྱི་རང་གི་བློའི་སྣང་བ་ཉིད་ཡིན་ཅེས་བྱའོ།། རབ་ཏུ་འབྱེད་ཅིང་ཡོངསུ་རྟོག་ཅེས་པ་ནི་ཐོ་བ་ལ་སོགས་པར་འཇོམས་པར་བྱེད་པ ་དང་། བློའི་སོ་སོར་རྟོག་པའོ།། འཇིགས་པོ་ནི་ཞེས་པ་ལ་སོགས་པས་དོན་དེ་ཉིད་གསལ་བར་སྟོན་པ་སྟེ། དེ་ལ་དབྱིབས་གཞན་དུ་མཐོང་བ་ནི་བུམ་པའི་དབྱིབས་གྱི་མེ་ལ་སོགས་པའི་རྣམ་པ་གཞན་དུ་མཐོང་བའི་ཕྱིར། ་སྔར་གྱི་རིང་པོ་དང་ཐུང་ངུ་ལ་སོགས་པ་མི་དམིགས་ཤིང་དེ་ལས་གཞན་དུ་དམིགས་པའོ།། འབྱུང་བ་རྣམས་འཇིགས་པའི་ཕྱིར་རྡུལ་ཕྲ་མོ་འབྱུང་བ་རྣམས་ལ་ནི་མ་ཡིནོ་ཞེས་པ་ནི་འབྱུང་བ་རགས་པ་རྣམས་ལ་འཇིགས ་པར་གནས་པའི་ཚུལ་གྱིས་དེ་དག་མཐུན་པར་རྡུལ་ཕྲ་མོ་རྣམས་འཇིགས་པ་མ་ཡིན་ཏེ། དེ་ནས་འཇོམས་པ་དང་བློ་ཡིས་གྲོ་ཞིག་པར་མི་ནུས་པའི་ཕྱི་ཞེས་གནས་མཱ་བུའི་སྡེ་པ་དང་། བྱེ་བྲག་པས་འདོད་པའོ།། འདི་ནི་མི ་འཐད་དེ། རབ་ཏུ་འཛེགས་པ་སྟེ་བུམ་པ་ལ་སོགས་པ་གྱི་མེ་ལ་སོགས་པའི་གནས་སྐྲབསུ་གྱུར་པའི་སྔོན་རོལ་དེ་དག་ཏུ་མི་འཇིག་པ་དང་། མཐར་འཇིགས་པ་ཡང་ཐོ་བ་ལ་སོགས་པའི་རྒྱུ་ལ་བལྟོས་པ་ཡིན་ན། བུམ་པ ་ཐོག་མར་གྲུབ་པའི་དུས་དང་། ཕྱིས་འཇིགས་ཀ་མའི་གནས་སྐབས་གཉིས་ལ་མི་འདྲ་བའི་ཁྱད་པར་འགའ་ཞིག་ཡོད་ན་ནི། སྔ་མ་ལས་གཞན་དུ་འགྱུར་བས་གནས་སྐབས་དེ་ཉིད་ཀྱི་ཚེ་ཡང་མི་རྟག་པར་འགྱུར་ལ། ཁྱད་པར ་མེད་ན་ཡང་སྔར་གྱི་དེ་ཉིད་ཀྱིས་ཟླ་བ་དང་ལོ་ལ་སོགས་པའི་དུས་ཇི་སྙེད་ཅིག་ཏུ་གནས་པ་བཞིན་དུ་དེ་དང་ཁྱད་པར་མེད་པའི་ཕྱིས་ཀྱིས་དངོས་པོ་ཡང་དེ་སྙེད་ཅིག་ཏུ་གན་པར་འགྱུར་ལ། དེ ་ཡང་དེ་བཞིན་དུ་འགྱུར་བས་དངོས་པོ་གཏན་མི་འཇིག་པ་ཉིད་དུ་འགྱུར་ཞེས་ཚད་མ་རྣམ་པར་གཏན་ལ་དབབ་པ་ལ་སོགས་པ་ལས་བསྟན་ཏེ།། གཞན་ཡང་འཇིག་པ་རྒྱུ་ལ་བལྟོས་པ་ཡིན་ན། རྒྱུ་རྣམས་དང་རང་གི། ་རྒྱུ་དང་རྐྱེན་ལ་བལྟོས་ནས་ཉེ་བར་འགྱུར་བའི་ཕྱིར་མ་ཚང་པ་སྲིད་པའི་དངོས་པོ་འགའ་ཞིག་མི་འཇིག་པར་ཡང་འགྱུར་ལ། དེས་ན་འདུ་བྱེད་ཐམས་ཅད་དུས་ཀྱི་མཐའ་རུ་འཇིག་པར་འདོད་པ་མི་འཐད་པར་འགྱུར་རོ།། ་གཞན་ཡང་བུམ་པ་ལ་སོགས་པའི་དབྱེབས་ཀྱི་གནས་སྐབས་ལྡོག་པར་འགྱུར་གྱི། དེའི་རང་བཞིན་མི་ལྡོག་པར་འདོད་ན། གྲངས་ཅན་གྱི་སྨྲ་བ་ལྟུང་ཞིང་། དེ་ལ་ཡང་ཉེས་པ་བརྗོད་ཟིན་ཏོ།། སུ་ལ་གཟུགས་ཉིད་མི་རྟག ་པ་དེ་ལ་ཞེས་པ་ལ་སོགས་པའི་དོན་དུ་ནི་གྲུབ་མཐའ་སྨྲ་བ་སུའི་ལུགས་ལའམ་འབྱུང་བ་ལས་གྱུར་པའི་གཟུགསུ་ཞིག་ལ་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་གྱི་བདག་ཉིད་མི་བརྟག་པ་དང་། དབྱིལས་མི ་རྟག་པ་ཉིད་གནས་ཀྱི། འབྱུང་བ་རྣམས་ཀྱི་མཚན་ཉིད་ནི་མི་རྟག་པ་མ་ཡིན།། དེ་སྟེ་འབྱུང་བ་རྣམས་ཀྱི་མཚན་ཉིད་མི་རྟག་པ་སྟེ། ཁ་དོག་དང་དབྱིབས་ཀྱི་རྣམ་པ་སྔ་མ་ལས་གཞན་དུ་མི་འགྱུར་ཀྱང་མཚན་ཉིད་གཞན་དུ ་འགྱུར་བ་ཡིན་ན་ནི། རབ་ཏུ་གྲགས་པའི་འཇིག་རྟེན་ན་གཞལ་བྱ་དང་། ཚད་མ་དང་། ཚད་མའི་འབྲས་བུའི་མཐའ་སྙད་རྣམ་པར་གཞག་པ་ངེས་པ་ཉིད་མི་འཐད་དེ། དེའི་དོན་ཡང་གཞལ་བར་བྱ་བའི་རང་བཞིན་འདི་ནི་ས་ཡིན་གྱི ་ཆུ་ལ་སོགས་པ་མ་ཡིན་ཞེས་ཐ་དད་པའི་ཐ་སྙད་རྣམ་པར་བཞག་པ་དང་། ཤེས་པ་འདི་ནི་ས་ཉིད་འཇལ་བར་བྱེད་པའི་ཚད་མ་ཡིན་གྱི་གཞན་མ་ཡིནོ་ཞེས་ཐ་དད་པའི་ཐ་སྙད་རྣམ་པར་བཞག་པ་མི་འཐད་དེ། ས་ལ་སོགས་པ་རང་གི ་མཚན་ཉིད་ལ་བརྟེན་ཅིང་གནས་པ་མེད་དེ། དེ་ལས་གཞན་གྱི་ངོ་བོར་འགྱུར་བའི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་དེ་དག་གི་འབྲས་བུ་དོན་དུ་གཉེར་བ་རྣམས་དེ་ལྟར་འཇལ་བར་བྱེད་པའི་ཚད་མ་འགའ་ཞིག་ལ་རྟེན་ནས་ཞུགས་པ་ན། དེ་འདྲ ་བའི་དོན་ཐོབ་པ་མི་འཐད་དེ། དེའི་རང་བཞིན་གཞན་དུ་འགྱུར་བའི་ཕྱིརརོ།། དེ་ལྟ་ན་ཡོངས་དང་ཆུ་ལ་སོགས་པའི་འབྱུང་བའི་དངོས་པོར་བཞག་པ་ཐམས་ཅད་དོན་གྱི་སྟོང་པའི་ཚིག་ཙམ་ཉིད་དུ་འགྱུརརོ།། དེ་ལྟར་འདོད་པ་ཡང་མི ་འཐད་དེ། དེ་ལྟར་ན་རང་གི་མཚན་ཉིད་འགག་ནས་ཡང་སྐྱེ་བར་མཐོང་ལ། དེ་ཡང་རྒྱུ་ངེས་པ་མེད་པ་ལས་གློ་བུར་དུ་འབྱུང་བར་འདོད་པས་རྒྱུད་ཕན་པའི་ལྟ་བར་ལྟུང་བར་འགྱུར་ཞེས་པའོ།། དེ་ལྟར་འབྱུང་བའི་རང་བཞིན་གཞན ་དུ་འགྱུར་པ་མི་འཕད་མོད་ཀྱི། དེ་ཁོ་ན་ཉིད་དུ་རྟག་པའི་དངོས་པོར་ཡོད་པ་མ་ཡིན་ཏེ། སྔར་བསྟན་པའི་ཚད་མས་གནོད་པའི་ཕྱིརོ།། ཀུན་རྫོབ་ཏུ་ནི་དབྱིབས་ལ་སོགས་པོ་མི་རྟག་པ་ཉིད་ཀྱི་དེ་དང་འབྲེལ་པའི་འབྱུང་བའི་རང་བཞིན་ཀྱང ་མི་རྟག་པར་འགྱུར་བའོ།། གཟུགས་གཞན་དུ་འགྱུར་བ་མཐོང་ཞེས་པ་ནི་ཇི་ལྟར་རྫས་སྒྱུ་བའི་བུམ་པ་མེ་ཡིས་བསྡིག་པ་མཱ་དམར་པོའི་ཁ་དོག་ཏུ་འགྱུར་བར་མཐོང་བ་སྟེ། དབྱིབས་ལ་སོགས་པ་དང་ངོ ་རྟེན་འབྱུང་བ་རྣམས་ནི་འགྱུར་བ་མ་ཡིནོ།། གསེར་གྱིས་ཞེས་པ་ལ་སོགས་པ་ནི་ཁ་དག་ལ་སོགས་པ་མི་འགྱུར་ཀྱང་དབྱིབས་འགྱུར་པ་ཉིད་འདིའི་དཔེར་བྱེད་པའོ།། དེ་ཉིད་ཀྱིས་ན་སྔ་མ་དང་མི་ཟློས་པ་ཉིད།། འདི་རྣམས་སུན ་འབྱིན་པ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ།། དེ་འདྲ་བའི་རྣམ་པར་འགྱུར་བར་ལྟ་བའི་ཕྱོགསུ་ལྷུང་བའི་དེ་ལ་སོགས་པ་སྟེ། ཕྱི་རོལ་པ་གང་དག་སྒྲ་དང་རླུང་ལ་སོགས་པ་ནི་མི་རྟག་པའོ།། རྡོ་རྗེ་དང་རི་བོ་ལ་སོགས་པ་ནི་རྟུག་པ ་འོ་ཞེས་ཡང་དག་པའི་དོན་ལས་གཞན་དང་གཞན་དུ། དེ་འདྲ་བ་ལ་སོགས་པའི་རྣམ་པ་དུ་མས་རྟོག་པ་བྱེད་པའོ།། འབྱུང་བ་རྣམས་ནི་རང་གི་མཚན་ཉིད་ལ་རྟེན་ཅིང་གནས་པའི་ཕྱིར་མེས་བསྲེག་ཀྱང་མི་ཚིག་པ་སྟེ། དེའི་དེ་ན་ནི།། ་བུད་ཤིང་ལ་མེས་བསྲེག་པ་ན་ཁ་དོག་དང་དབྱིབས་ལ་སོགས་པ་གཞན་དུ་འགྱུར་བྱས་འཚིག་པར་ཐ་སྙེད་བྱེད་ཀྱང་སྡེའི་མཚནཱ་ཉིད་ས་པ་ཉིད་མི་འདོར་བ་ལ་བསམས་ཏེ་བསྟན་པ་ཡིནོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས ་པས་དེ་དག་ཐམས་ཅད་དོན་དམ་པར་སྟེང་པོ་ཉིད་ཀྱི་བཟོད་མ་ནས་མི་དམིགས་ཤིང་ཆད་པར་འགྱུར་ཞེས་པའོ།། འདི་ཉིད་ཀྱི་ཕྱིར་ང་ནི་ཕྱི་རོལ་གྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་རྟག་པ་དང་མི་རྟག་པའི་མཐའ ་གཉིས་དང་བྲལ་བ་སྟེ། ཕྱི་རོལ་གྱི་དངོས་གོ་ཁས་མི་ལེན་པ་དང་དེ་ལྟར་སྣང་བ་སེམས་ཙམ་དུ་སྟོན་ཅིང་། སྒེག་པ་ལ་སོགས་པའི་མཚན་ཉིད་སྣ་ཚོགས་ཁས་མི་ལེན་པར་ཕྱིར།། ཚིག་དོན་གནན་ནི་ཕལ་ཆེར་ཤེས་པར ་ཟད་དེ།། ཡོངསུ་ཤེས་པོ་དང་ཞེས་པ་ནི་རྟོག་པའི་ཡུལ་དང་རང་གི་ངོ་བོ་ཉིད་སྟོང་པ་ཉིད་དུ་རྟོགས་པའི།། དེ་ལྟ་ན་བྱིས་པའི་སྐྱེ་བོའི་རྣམ་པར་རྟོག་པ་ཇི་ལྟར་བྱུང་ཞེ་ན། རྣམ་པར་རྟོག་པ་ནི་རྟོག་པ་སྔ་མ་རྣམས་ཀྱིས ་མངོན་པར་འདུ་བྱེད་པ་སྟེ། རྩོལ་བ་ལས་བྱུང་བའོ།། གཏམ་གྱི་སྐྱེས་བུ་སྔོན་མྱ་གྲུབ་པ་ཞེས་པ་ལ་སོགས་པའི་དོན་ནི་འཇིག་རྟེན་པ་སོ་སོའི་སྐྱེ་བོ་དང་། འཇིག་རྟེན་ལས་འདས་པ་འཕགས་པའི་སྐྱེས་བུ་དང་འཇིག ་རྟེན་ལས་འདས་པོའི་མཆོག་ཏུ་གྱུར་པ་དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོ་ཞེས་རྣམ་པར་བཞག་པ་ནི་བརྗོད་པའི་གཏམ་ཙམ་ཡིན་གྱི་དེ་ཁོ་ན་ཉིད་དུ་དེ་འདྲ་བའི་དོན་གྲུབ་པ་མེད་ཅེས་པའོ།། བློ་གྲོས་ཆེན་པོ་ཞེས ་པ་ལ་སོགས་པས་དོན་དེ་ཉིད་རྒྱས་པར་སྟོན་པའོ།། མཚན་ཉིད་རྣམ་པ་གསུམ་ནི་འཇིག་རྟེན་པ་ལ་སོགས་པ་གསུམ་གྱིས་བསྡུས་པའི་ཆེས།། དེ་ལ་ཞེས་པ་ལ་སོགས་པས་དེ་རྣམས་ཀྱི་དོན་བསྡུས་ཏེ་བསྟན་པའོ།། འབྱུང ་བ་འབྱུང་བའི་དངོས་བརྟག་ན། ཅི་ལ་མི་རྟག་ཉིད་དུ་རྟོག་ཅེས་པ་ནི་ཕྱི་རོལ་པས་འདོད་པ་ལྟར་དེ་ཁོ་ན་ཉིད་དུ་འབྱུང་བའི་དངོས་པོ་རྟག་ན། དེ་ལས་གཞན་མི་བརྟག་པ་ཉིད་དུ་རྟག་པར་བྱ་བའི་དོ་ནི་མི་འཐད་དེ། རྒྱུ་མན ་པའི་ཕྱིརརོ།། ཚིག་གི་དོན་གཞན་ཤེས་པར་ཟད་དོ།། འཕགསཾ་པ་ལ་ཀར་གཤེགས་པའི་འབྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་བརྒྱན་ཅེས་བྱ་བ་ལས་མི་རྟག་པའི་ལེའུ་སྟེ་གསུམ་པའི ་བཤད་པ་རྫོགསོ།། །། བཞི་པ་མངོན་པར་རྟོགས་པའི་ལེའུས་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྦྱོང་བར་བྱེད་པའི་ལམ་གྱི་རིམ་པ་དང་སྦྱངས་པས་རྣམ་པར་དོག་པ་ཐོབ་པ་ཉིད་དུ་ཚུལ་གཞན་གྱི་སྒོ་ནས ་ཅུང་ཟད་བསྡུས་ནས་སྟོན་ཏེ། དེས་ཀྱང་སྔར་དྲི་བའི་སྐབསུ་འགོག་པ་དེ་ཡང་ཇི་ལྟ་བུ་ཞེས་པ་ལ་སོགས་པའི་ལན་དུ་སྒྱུར་བར་བྱའོ།། དེ་ལས་དང་པོ་ཞུ་བའི་ཚིག་ནི་དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ་འགོག་པའི་གོ ་རློརིམ་གྱིས་མཚམས་སྦྱོར་བའི་མཚན་ཉིད་ནི་སྤྱིར་ཉན་ཐོས་ལ་སོགས་པའི་སའི་རིམ་པ་གང་དང་གང་ལ། སྤང་བྱ་གང་དང་གང་འགོག་པའི་གོ་རཱིམ་དང་། དེ་རྣམས་སྤངས་པའི་སའི་མཚམས་སྦྱོར་བའི་མཚན ་ཉིད་དང་། ཁྱད་པར་དུས་གང་ནས་གཟུང་སྟེ་འགྲིག་པ་ལས་སྙོམས་པར་འཇུག་པ་དང་། དེའི་རྗེ་སུ་སྙོམས་པར་འཇུག་པ་མཁས་པར་འགྱུར་བའི་གོ་རཱི་མ་དང་མཚམས་སྦྱར་བའི་མཚན་ཉིད།། རྨོངས་པར་མི ་ལྟུང་བར་འགྱུར་ཞེས་པ་ནི་རྟག་ཏུ་རྨོངས་པར་མི་འགྱུར་བའོ།། འདིར་ལན་གྱི་སྐབསུ་འགོག་པའི་སྙོམས་པར་འཇུག་པ་ནི་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་དབང་དུ་བྱས་པ་དང་། བྱང་ཆུབ་སེམས་དཔའི་དབང་དུ ་བྱས་པའོ།། དེའི་དང་པོ་ལ་བདུན་ཏེ། རྟེན་གྱི་གང་ཟག་དང་། ཁམས་གང་དུ་སྙོམས་པར་འཇུག་པ་དང་། ས་གང་ལ་རྟེན་པ་དང་། ཡིད་ལ་བྱེད་པ་གང་གིས་སྙོམས་པར་འཇུག་པ་དང་། དགག་བྱ་གང་འགོག་པ་དང་། འགོག ་པའི་རང་གི་ངོ་བོ་དང་། དུས་ཇི་སྲིད་དུ་འཇུག་པའོ།། དེ་ལ་རྟེན་གྱི་གང་ཟག་ན་འཇིག་རྟེན་པ་དང་། འཕགས་པ་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་རྣམས་ཀྱིས་ནི་འགོག་པ་ལ་སྙོམས་པར་འཇུག་པར་ནུས་ཏེ། དེ ་ལ་བདག་མེད་པར་རྟོག་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་དགོས་པར་གསུངས་པ་ལ། འཇིག་རྟེན་པ་སྲིད་པའི་རྩེ་མོའི་བར་དུ་ཐེག་པ་རྣམས་ལ་ཡིང་དེ་འདྲ་བའི་ཤེས་རབ་མེད་པའི་ཕྱིར་དང་། གཞན་ཡང་ནི་གནས ་མཐར་ཐུག་པའི་སྲིད་པའི་རྩེ་མོའི་སེམས་ཐོབ་དགོས་པ་ལས། འཕགས་པའི་གང་ཟག་གཉིས་པོ་དེ་ལ་དེ་འདྲ་བ་མི་འཐད་དེ། སྲིད་པའི་རྩེ་མོའི་སེམས་ཐོབ་ན། ཁམས་འོག་མ་གཉིས་ཀྱིས་ཉོན་མོངས་པ་སྤངས་པས ་དེ་དག་ཏུ་སྐྱེ་བ་མི་འཐད་པའི་ཕྱིརོ།། ལན་ཅིག་ཕྱིར་མི་འོང་བ་ཁྱད་པར་ཅནྡ་མ་ཡིན་པ་རྣམས་ཀྱང་འདོད་པའི་འདོད་ཆགས་དང་བྲལ་བ་ཙམ་ཡིན་ཀྱང་། བསམ་གཏན་གཞི་པའི་དངོས་གཞི་མ་ཐོབ་ཅིང་། སྲིད་པའི་རྩེ ་མོའི་སེམས་མ་ཐོབ་པས་སྙོམས་པར་འཇུག་མི་ནུས་ལ། དེ་དག་ཐོབ་པའི་ཕྱིར་མི་འོང་བ་ཁྱད་པར་ཅན་ནི་དེ་ལ་སྙོམས་པར་འཇུག་ནུས་པར་དེའི་རྟེན་གྱིས་གང་ཟག་ཏུ་འབའོ།། འཕགས་པ་དགྲ་བཅོམ་པ་རྒྱན་མེད ་སྙོམས་པར་འཇུག་པ་ལམ་སྦྱངས་པ་རྣམས་ཀྱང་། བསམ་གཏན་གྱི་དངོས་གཞི་མ་ཐོབ་པས་སྙོམས་པར་འཇུག་པའི་སྒྲིབ་པ་དང་ལྡན་པའི་ཕྱིར་འགོག་པ་ལ་སྙོམས་འར་འཇུག་མི་ནུསོ།། དེས་ན་དགྲ་བཅོམ ་པ་རྒྱན་ཅན་སྲིད་པའི་རྩེ་མོའི་བར་གྱི་སེམས་ཕོད་པ་རྣམས་ནི་འདིའི་རྟེན་ཉིད་པུའཐང་།། ཁམས་གང་དུ་སྙོམས་པར་འཇུག་པ་ནི་གང་ཟག་དེ་གཉིས་ཀ་ཡང་འདོད་པོའི་ཁམས་གླིང་གསུམ་དུ་མའི་ནང་དུ་དང་པོ་ཐོབ་པ་ཐོབ་པར ་བྱེད་ཅིང་། ཕོབ་ནས་ཞི་བ་དང་བདེ་བར་བྱནས་ཤིང་སྙོམས་པར་འཇུག་པ་ནི་ཁམས་གཞན་དུ་ཡང་།། འདོད་པའི་ཁམསུ་ཐོབ་པར་བྱེད་པའི་རྒྱུ་མཚན་ཡང་ལྡམ་དེ་ནི་འདུ་ཤེས་དང་ཚོར་བ་རགས་པས་སྡུག་བསྔལ་དང་སྐྱོ་བ་ནས་ཆེ་ཞིང་། དེ ་ཉིད་ཀྱི་མྱུར་དུ་འདི་རྣམས་ཞི་བའི་འགོག་པ་ལ་སྙོམས་པར་འཇུག་པར་བྱ་སྙམ་པས་དེ་ལྟར་རྡོབ་པར་བྱེད་པའོ།། ས་ན་སྲིད་པའི་རྩེ་མོ་ལ་དེརྟེན་པ་སྟེ། དེ་ཉིད་འདུ་ཤེས་དང་ཚོར་པ་ཆ་ཕྲ་བས་དགག་པར་སྨྲ་བའི་ཕྱིར་རོ་དེ་ལྟར་ན་སྔར ་འདོད་པའི་ཁམས་ནི་དེ་དག་རག་པའི་རྒྱ་མཚན་གྱིས་སྐྱེ་ཤས་ཆོངས་སྙོམས་པར་འཇུག་པ་ཉིད་དུ་ངོསྟོན་པ་དང་འགལ་ཞེ་ན། སྐྱོན་མེད་དོ།། རྟེན་དེ་ལ་སྦྱར་སྲིད་པའི་རྩེ་མོའི་སེམས་མ་ཐོབ་པའི་དུས་ན། དེ་དག་རོགས་པས་སྐྱོ་བར་འགྱུ ་ཞིང་། མྱུར་དུ་དེ་རྣམས་ཞི་བའི་འགོག་པ་ཐོབ་པར་བྱ་སྙམ་པ་སྟེ། དེ་ཐོབ་བྱེད་ཀྱི་ཡན་ལག་ཙམ་ཡིན་ལ་དེའི་རྗེསུ་འབད་པ་དང་རྩོལ་བས་སྲིད་པའི་རྩེ་མོའི་སེམས་མངོན་དུ་བྱས་ནས་དེ་ལ་བརྟེན་དེ། འོག་པ་ལ་སྙོམས་པར་འཇུག་པ ་དེས་ན་དུས་སྔ་ཕྱི་ལ་བལྟོས་ཏེ་ཕྲ་བ་དང་རགས་པ་མི་འགལ་བའོ།། འདིར་ཡིད་ལ་བྱེད་པ་ནི་མཐོང་བའི་ཆོས་ལ་ཞི་བ་དང་བདེ་བར་གནས་པར་བྱའོ་སྙམ་པའི་སྒོ་ནས་སྙོམས་པར་འཇུག་གི། འདུ་ཤེས་མེད་པའི་སྙོམས་འཇུག་ལྟར་འཁོར ་བ་ལས་ངེས་པོར་འབྱུང་བའི་སེམས་ཀྱིས་ནི་མ་ཡིན་ཏེ། འདི་ནི་འཕགས་པའི་འཁོར་བ་ལས་ངེས་པར་འབྱུང་ཟིན་པའི་ཕྱིར།། དགག་པར་བྱ་བ་ནི་དགྲ་བཅོམ་པ་རྣམས་ཀྱི་དབང་དུ་བྱས་ན་འདོད་པའི་ཁམསུ་སྙོམས་པར་འཇུག་པ ་པ་ན། ཚོགས་དྲུག་སེམས་ལས་བྱུང་བ་དང་བཅས་པ་འགོག་ལ། གཟུགས་ཀྱི་ཁམསུ་ནི་སྣ་དང་ལྕེའི་རྣམ་པར་ཤེས་པ་སྔར་ནས་འགགས་ཟིན་པས། དེ་དག་ལས་མ་གཏོགས་པ་བཞི་འགོག་ལ། གཟུགས་མེད་པར་ནི་ཡིད་ཀྱི་རྣམ ་པར་ཤེས་པ་འབའ་ཞིག་འགོག་པའོ།། ཉོན་མོངས་པ་ཅན་གྱི་ཡིད་ནི། དགྲ་བཅོམ་ཉིད་ནི་དེ་ལྡོ་གོ་ཞེས་གསུངས་པས་སྔར་ཉི་དུ་འགག་པའི་ཕྱིར་དུས་དེར་འགག་པ་མ་ཡིན།། ཕྱིར་མི་འོང་བའི་དབང་དུ་བྱས་ན། འདོད་པའི་ཁམསུ་ནི ་ཚོགས་བདུན་སེམས་ལས་བྱུང་བ་དང་བཅས་པས་འགོག་ལ་ཁམས་གོང་མ་གཉིསུ་ཡང་སྟེ་མའི་རྗེསུ་འབྱངས་ཏེ་ཤིས་པར་བྱའོ།། ཡང་ཉན་ཐོས་རྣམ་པར་ཤེས་པའི་ཚེ་གས་བརྒྱད་ཁས་མི་ལེན་པོ་རྣམས་ཀྱི་དབང་དུ་བྱས་ན། ་གོ་རིམ་བཞིན་དུ་འདོད་པ་ལ་སོགས་པའི་ཁམས་གསུམ་དུ་དྲུག་དང་བཞི་དང་གཅིག་འགོག་པར་འདོད་དེ། དེ་དག་གི་གྲུབ་མཐའ་ཕྱིན་ཅི་ལོག་ཡིན་གྱི། ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་ནི་ཚད་མ་དང་ལུང་གིས ་གྲུབ་པའོ།། རང་གི་ངོ་བོ་ནི་ཚོགས་བདུན་དང་དྲུག་ལ་སོགས་པ་དང་བྲལ་བའི་དབང་པོ་དང་བཅས་པའི་ལུས་ཀྱི་གནས་སྐབས་ལ་འདོད་དོ།། དུས་ནི་བསྐལ་པ་གཅིག་གམ་གཉིས་ལ་སོགས་པ་དུས་རིང་དུ ་སྙོམས་པར་འཇུག་པའོ།། འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་ནས། ས་དྲུག་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ནི་རྟེན་ཐུན་མྱོངས་མ་ཡིན་ལ། ཁྱད་པར་དུ་སེམས་ཀྱི་སྐད་ཅིག་རེ་རེ་ལ་སྙོམས་པར་འཇུག་པ་ནི་སེ ་བདུན་པ་ཡནྟ་ཚི་དོ།། ཁམས་ནི་འདོད་པ་དང་གཟུགས་ཀྱི་ཁམས་སྙོམས་པོར་འཇུག་གི། གཟུགས་མེད་པར་ནོ་མ་ཡིན་ཏེ། བྱང་ཆུ། ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་བྱེ་ཞེས།། གཟུགས་མེད་ཁམས་སྐྱེ་བྱ་དོན་དུ་གཉེར་མི་བྱེད ་གསུངས་པའི་ཕྱིར།། ས་ནི་ཐམས་ཅད་ལ་བརྟེན་པ་སྟེ། ཇི་སྐད་དུ། འདོད་པར་གཏོགས་པའི་རྣམ་པར་ཤེས།། མཉམ་བཞག་མིན་པས་མ་མས་གཟུང་སྟེ།། ཞེས་པ་ལ་སོགས་པ་གསུངས་ཏེ། དྭེའི་དེ་ན་ནི་མདོ་ལས། མཉམ་པར་མོ ་བཞག་པའི་སེམས་སྔོན་དུ་བྱེའོ།། མཉམ་པར་མཱ་གཞག་པ་ལས་འགོག་པ་ལ་སྙོམས་པར་འཇུག་ཞེས་པ་ལ་སོགས་པ་གསུངས་པའོ།། ཡིད་ལ་བྱེད་པ་ནི་ང་འདྲ་བའི་སྙོམ་འཇུག་སྦྱང་ཞིང་ཤེས་པར་བྱ་སྙམ་པའི་སྒོ་ནས་ཏེ། ་ཇི་སྐད་དུ་འཕགས་པ་དཀོན་མཆེ་གེ་སྤྲིན་ལས། དེའི་གང་ན་གང་སེམས་ཀྱི་མཚན་མ་མེད་པ། རྒྱུ་བ་ཐམས་ཅད་འགག་པ། སྒྲིབ་པ་ཐམས་ཅད་དང་བྲལ་བ་འདི་ནི་འགོག་པའོ།། ཞེས་བྱ་བ་སྟེ་དེ་ནི་ཤེས་པར་བྱའོ་སྙམ་ནས་བྱང་ཆུབ ་སེམས་དཔའ་སྙོམས་པར་འཇུག་གི་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིརརོ།། དགག་པར་བྱ་བ་ཡང་མདོ་འདི་ཉིད་ལས་གསུངས་པའི་དོན་དམ། གཞན་ཡང་འཕགས་པ་ཉི་མའི་སྙིང་པོ་དང་སའི་སྙིང་པོ་ལས། བྱིས་པའས་པའི་སྐྱེ ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚོར་པོ་གསུམ་དང་། འདུ་ཤེས་གསུམ་ལ་སོགས་པ་ཐམས་ཅད་འགོག་པར་གསུང་སྷོ།། རང་གི་ངོ་བོ་ནི་དགག་བྱ་དེ་རྣམས་དང་བྲལ་བའི་ཀུན་གཞི་རྣམ་པར་ཤེས་པ་རིག་པ་དང་སྟོང་པ་ཟུང་དུ་འཇུག ་པའི་བདག་ཉིདདོ།། དུས་ནི་ཉི་མ་གཅིག་ནས་བདུན་གྱི་བར་ཡིན་ཞེས་ཀྱང་བླ་མ་དག་འཆ་དོ།། གཞན་ཡང་འཕགས་པ་སའི་སྙིང་པོ་ལས་བྱང་ཆུབ་སེམས་དཔའ་དེའི་ཚེ་ཡང་འདི་སྙམ་དུ་ཆེས་ཐ~ཾད་དང་། གཟུགས་ཐམས་ཅད་ཀྱང་སྒྱུ་མ་དང་། ་འདྲ་སྟེ། ཡང་དག་པ་མ་ཡིན་པས་བདག་གི་ཚོར་བ་རྣམ་པ་གསུམ་དང་། འདུ་ཤེས་གསུམ་ལ་སོགས་པ་ཐམས་ཅད་ལྷག་མ་མ་ལུས་པོར་ཐམས་ཅད་གཅོད་སྙམ་ནས། འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགསོ།། ཏིངངེ་འཛི་ནི་དེ ་ལས་གནས་ནས་བློ་སྟོན་དུ་བཏང་བ་བཞིན་དུ། ཐམས་ཅད་ཡོངསུ་བཅད་དེ། ཏིང་འཛིན་དྷིམྦིའི་ཟས་ཀྱི་འཚེའོ།། གཱལྤ་ཏེ་ན་ཐུག་བདུན་ནམ། ཞག་བདུན་གཉིས་སམ། བདུན་གསུམ་མམ། བཞི་འམ། ལྔ་འམ། དྲུག་གམ། བདུན་ནམ། བརྒྱད ་དམ། གལ་ཏེ་བསྐལ་པ་ཚད་མེད་པ་བྱེ་བ་ཁྲག་ཁྲིག་སྟོང་གི་བར་དུ་ཅི་ནུསུ་གནས་ཏེ། ཏིང་འཛིན་གྱི་ཟས་ཟའོ།། ཏིང་འཛིན་དེ་ལས་ལངས་ནས་སེམས་རབ་ཏུ་ཞི་བས་ཅི་ལ་ཡང་མ་ཆགས་ཏེ། བདེ་བར་གནསོ་ཞེས་གསུངས།། མདི་གཞན་དག ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོག་པ་ནི་བར་གྱི་བསྐལ་པ་བཅུ་རུ་ཡང་འགོག་པ་ལ་སྙོམས་པར་འཇུག་ཞེས་གསུང་སོ།། གལ་ཏེ་དེ་ལྟ་ན་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་གྱི་དབང་གང་ཡང་དག་པར་མཐོང་བས་འགོག་པའོ་སྙོམས་པར་འཇུག་པ་ལས་མཉམ་པར་འཇོག་པར་མི་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ཤྭ་ར་དྭ་ཏཱིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལྟུང་དུ་དོགས་པའི་ཕྱིར། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའི་བདེ་བ་ལ་མཉམ་པར་མི་འཇོག་སྟེ། ་ཤེས་དང་ཚེར་བ་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་བཞག་ན་ནི་དགྲ་བཅོམ་པའི་འབྲས་བུ་མངོན་སུ་དུ་བྱེད་པར་འགྱུར་པར་ཤེས་པར་བྱ་སྟེ། ཤཱ་ར་དྭ་ཏིའི་བུ་དོན་གྱི་དབྱུང་འདི་ཡང་དག་པར་མཐོང་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་མི་འཛེགོ།། ཞེས་གསུངས་པ་དང་། མདོ་སྡེ་འདི་ཉིད་ལས་དུས་ཅུང་ཟད་ཙམ་སྙོམས་པར་འཇུག་པ་ཉིད་དུ་གསུངས་པས་འདི་རྣམ ་ཕན་ཚུན་འགལ་བ་ཉིད་དུ་ཅིས་མི་འགྱུར་ཞེ་ན། སྐྱོན་མེད་དེ། དེ་ལྟར་བསྟན་པའི་དོན་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ཉན་ཐོས་དང་འདི་སངས་རྒྱས་ཀྱི་བྱང་ཆུབ་སྔོན་དུ་མ་སོང་བ་རྣམས་ཏེ། མྱུར་དུ་སེམས་ཅན་སྨིན་པར་བྱེད་པ་ལ ་སོགས་པའི་ཚོགས་རྫོགས་པར་བྱ་སྟེ། སངས་རྒྱས་པར་འདོད་པས་འགོག་པའི་བདེ་བ་ལ་ཡུན་རིང་སྙོམས་པར་ཞུགས་ན་སེམས་ཅན་སྨིན་པར་བྱེད་པའི་སྤྱོད་པ་ལས་ཉམས་པས། རེ་ཞིག་ཉན་ཐོས་ལ་སོགས་པའི་བྱང་ཆུབ་དང་འདྲ ་བར་འགྱུར་པས་དེ་ཡུན་རིང་དུ་སྙོམས་པར་འཇུག་པར་མི་བྱེད་པ་ལ་དགོངས་ཏེ་བསྟན་པ་ཡིན་ལ། དེ་ལ་གཞན་དུ་གསུངས་པ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་དམན་པ་སྔོན་དུ་སོང་ནས། དེ་ལས་ལངས་ཏེ་བྱང་ཆུབ་མཆོག་ཏུ ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་སོགས་པའི་གནས་སྐབསུ་ཡང་སྔོན་གོམས་པའི་རྗེ་སུ་འཇུག་པས་དུས་ཡུན་རིང་དུ་འགོག་པའི་བདེ་བ་ལ་སྙོམས་པོར་འཇུག་པ་སྟེ། ཇི་ལྟ ་གྲོགས་ཤཱན་ལ་སོགས་པའི་དངོས་པོ་ཡུན་རིང་དུ་བཏོབ་ནས་སྐྱེས་བུའི་རྩོལ་བསྲོ་ཟིན་ཏེ་བསྐྱངས་པ་ལས། སླར་བཏང་བ་ན་སྔ་མའི་རྗེ་སུ་འཇུག་པ་བཞི་ནི།། དེ་ལྟ་ཡང་དེ་རྣམས་གནས་སྐབས་དེར་ཡང་སྤྲུལ་པས་སེམས་ཅན་གྱི་དོན ་ཅུང་ཟད་བྱེད་ཅིང་། ཕྱིས་དེ་ལས་ལངས་ཏེ་ཚོགས་རྫོགས་པར་བྱས་ནས་དུས་ཡུན་རིང་མོ་ན་མངོན་པར་རྫོགས་པར་འཚང་བརྒྱ་པར་འགྱུར་བའོ།། འཕགས་པ་རང་སངས་རྒྱས་རྣམས་ཀྱང་མི་སློབ་པའི་ས་མཐར་ཕུག་པ་ཐོབ་པ་ན། ་མྱུར་དུ་ལྐོག་མ་མེད་པའི་མྱ་ངན་ལས་འདས་པ་མངོན་དུ་བྱ་སྙམ་པའི་སྒོ་ནས་འགོག་པ་ལ་སྙོམས་པར་མི་འཇུག་ཀྱང་། སློབ་མའི་གནས་སྐབས་སྲིད་པའི་རྩེ་མོའི་སེམས་ཐོབ་པ་རྣམས་ནི་གནས་པའི་འདུ་ཤེས་ཀྱི་དོ་སྙོམས་པར་འཇུག ་པའོ།། བདུན་ལ་ནི་ཞེས་པ་ལ་སོགས་པའི་བྱང་ཆུ་བསཉན་ཐོས་ལ་སོགས་པའི་ཁྱད་པར་སྟོན་ཏེ། དེ་ལ་སེམས་ཀྱི་སྐད་ཅིག་ནི་བྱ་བ་རྫོགས་པའི་སྐད་ཅིག་སྟེ། དུས་ཅུང་ཟད་ཙམ་མཚོན་པར ་བྱེད་པའི་ཚི་གོ།། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་བསལ་ཞེས་པ་ནི་བརྣལེ་སྟོང་པ་ཉིད་དུ་རྟོགས་པས་དེ་འདྲ་བའི་མཚན་མ་དང་། སྤྲོས་པ་བཀག་པོའོ།། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མངོན་པར་འདུ ་བྱེད་པ་ཅན་གཟུང་བ་དང་འཛིན་པའི་མཚན་ཉིད་དུ་ལྟུང་བ་སྟེ། འཇུག་པའི་རྣམ་པར་ཤེས་དང་ངའི་ཡུལ་སྟོང་པ་ཉིད་དུ་རྟོག་པ་མེད་པར་འདུ་ཤེས་དང་ཚོར་བ་རགས་པས་སྐྱོ་ནས་འབད་པ་དང་། རྩོལ་བའི་སྒོ་ནས་དེ་འདྲ་བ་འགོག ་པོ་སྟེ། ཕལ་པ་གཡོག་པའི་མེ་བཞིན་དུ་གཟུང་འཛིན་དུ་རྟོགས་པའི་ས་བོན་དང་བཅས་པའོ།། དེ་བས་ན་དེ་དག་ནི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་སེམས་ཅིག་ཅིང་། དོན་དམ་པར་སྟོང་པ་ཉིད་དུ་བྱེ་བྲག་མེད་པའི་མཚན་ཉིད་དང་ཆོས ་སྣ་ཚོགས་ཀྱིས་མཚན་ཉིད་མེད་པར་མ་རྟོགས་པའོ།། མི་རུང་བ་ཞེས་པ་ནི་དོན་ནི་སྣ་ཚོགས་ཀྱི་མཚན་ཉིད་མེད་པ་ལ་སོགས་པར་འགྱུར་ན། དེ་དག་གི་གྲུབ་པའི་མཐའ་དང་འགལ་བའི་སྐྱོན་མེད་དུ་འགྱུར་བའོ།། དེའི་ཕྱིར་དེ་དག་ནི་ས ་བདུན་ལ་ཁྱད་པར་དུ་སྙོམས་པར་འཇུག་པར་མི་ནུས་པའོ།། དེ་ལས་དྲུག་དང་བདུན་ལ་སོགས་པ་ནི་ཉན་ཐོས་རྣམས་ཀྱི་དབང་བྱས་ན། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པ་དང་མཐོ་ངོ་བ་དང་། སྲབས་པ ་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་སུ་དང་། དེ་ལྟར་བདུན་དུ་འགྱུར་ལ། ཡང་གསུང་རབས་དག་ལས་ཉན་ཐོས་ཀྱི་ས་ཞེས་སྨོས་པ་ནི་བདུན་པོ་དེ་དག་ཏུ་འདས་པའམ། དེ་ལས་ཐ་དད་པར་ཡང་འགྱུར ་བ་སྟེ། དེ་ལྟར་ན་རྣམ་པ་བརྒྱ་དོ།། དེ་ལ་དཀར་པོ་རྣམ་པར་མཐོང་བ་ནི་མོས་པས་སྤྱོད་པའི་ས་ལ་གནས་པའི་ཚེ་དྲོད་དང་རྩེ་མོ་ཞེས་བྱ་བྱའི་ཏིང་འཛིན་ཐོབ་པ་ནཱ། དང་པོ་རྣམ་པར་བྱང་བའི་ཆོས་དཀར་པོ་མཐོང་བའི་ཕྱིར་དེ་དག་ནི ་དཀར་པོ་རྣམ་པར་མཐོང་པོའོ་ཞེས་སྔོན་གྱི་སློབ་དཔོན་དག་གིས་བཤད་དེ། ཚེགས་ཀྱིས་མཱ་བསྡུས་པའི་ཕྱིར་ཧ་ཅང་འགྲིག་པ་མ་ཡི་ནོ།། གཞན་དྲུག་ནི་ཚོགས་ཀྱི་ལམ་གྱི་གནས་སྐབས་ན་བསམས་པ་ལས་བྱུང་བའི་ཤེས་རབ་རྗེས ་དཔག་པའི་ཚད་མས་བདག་མེད་པ་གཉིས་རྟོགས་པ་ལྷག་མཐོང་གི་ངོ་བོར་གྱུར་པ་ཉིད་ཡིན་ཞེས་འཆ་འོ།། མོས་པས་སྤྱོད་པའི་སས་བསྡུས་པ་བཟེད་པ་འབྲིང་པོའི་བར་དུ་ཡང་ས་དེ་ཉིད་ཀྱིས་བསྡུས་པར་བལྟའོ།། རིགས་ཀྱི་ས་ནི་ཉན ་ཐོཞེས་ཀྱི་དབང་དུ་བྱས་ན་བཟོད་པ་ཆེན་པོ་ནས་རང་གི་རིགསུ་ངེས་པ་སྟེ། གཞན་དུ་དྲོད་དང་རྩེ་མོའི་གནས་སྐབས་གཉིས་ལ་ནི་རང་གི་རིགས་ལས་བཟློག་ནས་སངས་རྒྱ་སུ་འགྱུར་པ་སྲིད་ལ། གཞན་རང་སངས་རྒྱས་ནི་བཟོད་པ ་འབྲིང་པོ་མན་ཆད་དུ་ཡང་འགྱུར་བར་སྲིད་པས་དེ་རྣམས་ཀྱི་གནས་སྐབསུ་རང་གི་རིགསུམ་ངེས་པའོ།། དེ་སྐད་དུ་ཡང་། གཉིས་སློབ་རིགས་ལས་བཟློག་ནས་ནི། སངས་རྒྱསུ་འགྱུར་གཞན་གསུམ་ཡང་ཞེས་མཛོད་ཀྱི་བསྟན་ཆེས ་ལས་གསུངས་པའོ།། བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དབང་པོ་རྣོན་པོའི་སྤྱོད་ནས་ཀྱང་རང་གི་རིགས་ངེས་པར་བཤྭ་དོ།། བརྒྱད་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་སྟེ། མཐར ་ཕུཐུག་པ་དགྲ་བཅོམ་པའི་འབྲས་བུ་ནས་མར་བཙལ་པོའི་གྲངས་ཀྱི་གནས་བརྒྱད་པ་ཉིད་དུ་འགྱུར་པའོ།། མཐོང་བའི་སྐུ་ནི་འཕགས་པའི་གང་ཟག་གི་འབྲས་བུ་སྔར་མཽ་མཛོང་པ་མཐོང་བ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ ་གནས་པའོ།། སྲབས་པ་ནི་འདོད་པའི་འདོད་ཆགས་དང་གནོད་སེམས་ལ་སོགས་པ་སྲབས་པ་སྟེ། ལན་ཅིག་ཕྱིར་འོང་བའི་བྲས་བུ་ལ་གནས་པའོ།། འདོད་ཆགས་དང་བྲལ་བ་ནི་འདོད་པའི་འདོད་ཆགས་དང་གནོད་སེམས་ལ་སོགས ་པ་སྤངས་པ་སྟེ། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པའོ།། དེ་ལྟར་ན་འདི་ཉིད་ཉན་ཐོས་ཀྱི་ས་དྲུག་པ་ཡང་ཡིན་ལ། དེ་ལ་གནས་པའི་འཕགས་པ་ཕྱིར་མི་འོང་བ་ཁྱད་པར་ཅན་ནི་སྔར་བསྟན་པ་ལྟར་འགོག་པ་ལ་སྙོམས་པར ་འཇུག་པའོ།། བྱས་པ་རྟོགས་པ་ནི་དགྲ་བཅོམ་པ་སྟེ། བྱ་བ་བྱས་བྱེད་པ་བྱས་ཞེས་རྟོག་པ་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཐོབ་པའི་ཕྱིརོ།། དེ་ལ་འདིར་འབྲས་བུ་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་ཞུགས་པ། ་གསུམ་གཅིག་ཏུ་བསྡོམས་ཏེ་ཉན་ཐོས་ཀྱིས་ཉིད་དུ་རྣམ་པར་བཞིག་པ་ན་སའི་གྲངསུ་བརྒྱད་དུ་འགྱུརརོ།། མངོན་པོར་རྟོགས་པའི་གོ་རིམ་ནི་གཙོ་བོ་ཉིད་རྒྱུ་མཚན་དུ་བྱ་སྟེ་དགྲ་བཅོམ་པའི་སྔོན་རོལ་ཉིད་དུ་གཞགོ།། ཡང་ཞུགས ་པ་རྣམ་པ་གསུམ་འབྲས་བུ་ལ་གནས་པའི་ཁོང་དུ་བསྡུས་ཤིང་། ཉན་ཐོས་ཀྱི་ས་ཞེས་པ་ཐམས་ཅད་ལ་ཁྱབ་པ་ཐུན་མོང་པ་ཉིད་དུ་གཞག་པ་ན། གྲངས་བདུན་དུ་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པ་ལ་སོགས་པ་ནས་ཚུག ་དེ་ལྟར་བདུན་དུ་བཤད།། ཡང་འཕགས་པ་རྣམ་པར་གྲོལ་བའི་སྡེས་ནི། དཀར་པོ་རྣམ་པར་མཐོང་བ་མ་སྨོས་པར་རིགས་ཀྱི་ས་ལ་སོགས་པ་བདུན་དུ་བཤ་དུ་དེ། ཐམས་ཅད་བསྡོམས་པས་བརྒྱད་ཉིད་དུ་འགྱུར་བའོ།། རང་སངས་རྒྱས་རྣམས ་ཀྱི་ཡང་དེ་དང་ཆ་མཐུན་པ་ལས། སྤངས་པ་དང་རྟོག་པའི་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གི་ལྷག་པའོ།། གཞན་ཡང་དེ་དག་གིས་ནི་ཆོས་ཐམས་ཅད་ཀྱི་ནི་དགེ་བ་དང་མི་དགེ་བའི་རང་གི་མཚན་ཉིད་ཁོང་དུ་མ་ཆུད་ཅེས་པ་སྟེ། ཐབ ་ལ་མཁས་པས་ཡོངསུ་བཟུང་ནས་རང་དང་གཞན་གྱི་དོན་དུ་འདོད་པའི་ཡོན་ཏན་ལ་སྤྱོད་པ་དང་། མ་རུངས་པ་ཚར་གཅོད་པ་ནི་དགེ་བ་ཉིད་ཡིན་པ་ལ་དེ་ལྟར་མ་གཏོགས་པ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་མངོན་པར ་ཕྱོགས་པ་དང་། འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་ནི་མི་དགེ་བ་ཉིད་ཡིན་པ་ལ། དེ་ལྟར་མི་རྟོགས་པ་སྟེ། ཀུན་རྫོབ་ཀྱི་དབང་དུ་བྱས་པའོ།། དོན་དམ་པར་དེ་རྣམས་ཀྱིས་ཆོས་ཉིད་དེ་བཞིན་ཉིད་མ་གཏོགས་པའོ།། དེ་བས་ན་ཞེས་པ་ལ ་སོགས་པས་ནི་དེན་བསྡུ་བ་སྟོན་ཏོ།། གང་གིས་ཞེས་པ་ནི་བདེན་པ་གཉིས་ཀྱིས་ཐབས་ལ་མཁས་པས་སོ།། བློ་གྲེས་ཆེན་པོ་ཞེས་པ་ལ་སོགས་པས་ན་དེ་རྣམས་ཀྱི་རེ་ཞིག་རྣམ་པར་རྟོག་པ་ལྡོག་པའི་དུས་བསྟན་པའོ།། དེའི་དོན ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་དུས་ཡུན་རིང་པོར་ཏཱི་ངེ་འཛིན་གྱི་བདེ་བས་མྱོས་པས་རྣམ་པར་རྟོག་པ་ལྡོག་པའོ།། དེ་དག་རང་གི་ལུགས་ཀྱིས་ནི་ལྕུག་མ་མེད་པའི་མྱ་ངན་ལས་འདས་པའི ་དབྱིངས་རྣམ་པར་རྟོག་པ་གཏན་དུ་ལྡོག་པར་ཡང་འདེ་དོ།། བྱང་ཆུབ་སེམས་དཔའ་རྣམས་ནི་རེ་ཞིག་ཞི་བའི་བསམ་གཏན་ལ་སྙོམས་པར་ཞུགས་པས་དུས་ཅུང་ཟད་དུ་རྣམ་པར་ལྡོག་པའི་རིགས་མཐའ་དགྲ་ལྡོག་པའོ།། འདུ་ཤེས་ནི ་རྟོག་པའི་ཁྱད་པའོ།། ས་དང་པོ་དང་ཞེས་པ་ལ་སོགས་པས་ནི་ས་བདུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། བྱིས་པའི་སྐྱེ་བོ་ལ་སོགས་པ་རྣམས་ཀྱིས་རྟོག་པའི་ཁྱད་པར་སྟེན་སྟེ། དེ་རྣམས་ནི་རང་གི་སེམས་ཉིད་གཟུང་བ་དང ་འཛིན་པར་སྣང་བ་ལས། དེ་ལྟར་མ་ཤེས་ཤིང་བཟུང་བ་དང་འཛིན་པའི་དངོས་པོར་རྟོག་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་རྟག་པ་པའི་མྱ་ངན་ལས་འདས་པ་ཉིད་སྟོན་ཏེ། དེ་ལྔས་བརྒྱད་པ་ནི་སྔར་བསྟན་པ་ལྟར་ཉན་ཐོས ་ལ་སོགས་པའི་དབང་དུ་བྱས་ན་བྱས་བུ་རྟོགས་པའི་ས་སྟེ། མངོན་པར་རྟོགས་པའི་གོ་རིམ་དང་སྦྱར་ན་དེ་ཉིད་གྲངས་ཀྱི་གནས་བརྒྱད་པ་ཡིན་པའི་ཕྱིར།། བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་ལ་སོགས་པའི་རྒྱུ་མཚན་གང་གིས་སེམས ་ཅན་གྱི་དོན་གྱི་སྦྱོར་བ་བཤོལ་ནས། ཏིང་འཛིན་གྱི་བདེ་བ་ལ་ཡུན་རིང་དུ་མི་གནས་པར་ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་རྣམས་ཀྱི་ཕྱག་གླང་པོའི་སྣ་ལྟ་བུ་དེའི་མགོ་ལ་བཞག་པ་དང་། འོད་ཟེར་ལ་སོགས་པའི་སྒོ་ནས་ཏིང་ངེ ་འཛིན་དེ་ལས་སྡུད་པར་བྱེད་པའོ།། དེ་ལྟ་མ་ཡིན་ན་སེམས་ཅན་སྨིན་པར་བྱེད་པ་ལ་སོགས་པའི་ཚོགས་མ་རྫོགས་པས། དེ་བཞིན་གཤེགས་པའི་ས་ཆོས་ཀྱི་སྐུའི་ཡེ་ཤེས་མ་རྫོགས་པའི་ཕྱིར། སེམས་ཅན་གྱི་བྱ་བ་ཡང་རྒྱུན་ཆད་པར ་འགྱུར་བ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་གདུང་ཡང་ཆད་པར་འགྱུར་ཏེ། ཡང་དག་པའི་ལམ་གཅིག་ནས་གཅིག་ཏུ་རྒྱུད་པ་མེད་པས་འཇིག་རྟེན་གྱི་ཁམས་སྣ་ཚོགསུ་སངས་རྒྱུས་དུ་མ་མངོན་པོར་རྫོགས་པར་འཚང ་རྒྱ་བ་མེད་པས་བྱང་ཆུབ་སེམས་དཔའ་དེ་རྣམས་སྔ་མུ་ལྷོར་རྗེ་སུ་འཛིན་པའོ།། གཞན་ཡང་སངས་རྒྱས་དུ་མ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་རྣམས་ཀྱང་། སངས་རྒྱས་ཀྱི་ཆེ་བ་སྟེ། ཆོ་འཕྲུལ་རྣམ་པ་གསུམ་མངོན་དུ་འགྲོ་བ། ་ས་ནས་ཐག་པ་སྟེ་ཚོགས་ཀྱི་ལམ་སྟོན་པ་སྟེ། དེའི་ཕྱིར་དེ་འདྲ་བའི་དགོས་པ་ལས་མི་ཉམས་པར་བྱ་བའི་དོན་དུ། དེ་དག་ཡོངསུ་མྱ་ངན་ལས་མི་འདའ་བར་འཛིན་པའོ།། བདེ་བས་འཕྲོགས་པར་འགྱུར་བ་ནི་སེམས་དེའི་དབང ་དུ་འགྱུར་ཞིང་དེ་ཉིད་ལ་ཡུན་རིང་དུ་གནས་པའོ།། དྲྀ་ཡང་མྱ་ངན་ལུས་འདས་པ་མཚན་ཉིད་པ་ནི་མ་ཡིན་ཏེ། འདི་ལ་མཐར་ཐུག་ཡོད་མིན་ཏེ་ཞེས་པ་ལ་སོགས་པ་སྦྱར་བསྟན་ཏོ།། དེས་ན་དེ་དག་ཉིད་ཀྱི་མངོན་པའི་ང་རྒྱལ་གྱི ་སྒོ་ནས་མྱ་ངན་འདས་པའི་བློར་འགྱུར་བའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་ནི་ས་བདུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དབང་པོ་བརྟུལ་པོ་རྣམས་སངས་རྒྱས་ཀྱིས་རྗེ་སུ་འཛིན་པའི་ཚུལ་ཏེ། དེའི་དོན་ནི་ས་བདུན་པ་མན ་ཆོད་དུ་ཉོན་མོངས་པ་ཅན་གྱི་ཡིད་གནས་པར་མ་གྱུར་ཞིང་། དེ་ཡང་ཀུན་གཞི་ལ་དམིགས་ནས་བདག་ཏུ་ལྟ་བ་དང་། བདག་ཏུ་ཆགས་པ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་རྨོངས་པ་དང་མཚུངས་པར་ལྡན་པ་སྟེ། ་པས་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་མི་ཤེས་པ་དང་། མུ་སྟེགས་བྱེད་ཀྱི་བདག་ཏུ་ལྟ་བ་དང་། ལམ་དེ་ཏིང་འཛིན་དང་བརྟུལ་ཞུགས་ལ་སོགས་པར་ལྟུང་ན་མི་རུདོ་སྙམ་དུ་དགེངས་ནས་སེམས་དང་ཡིད་ལ་སོགས་པ ་དེ་རྣམས་ཀྱིས་ཀུན་རྫོབ་པའི་མཚན་ཉིད་དང་། འཇུག་པ་ལ་སོགས་པ་ལ་འདྲིས་པར་བྱ་བ་དང་། དོན་དམ་པར་དེ་རྣམས་ཀྱི་ཡུལ་དང་རང་བཞིན་སྟོང་པ་བདག་མེད་པ་ལ་སོགས་པ་ལ་འདྲིས་པར་བྱ་བའི་དོན་དུ་དེ་རྣམས་ཀྱི་བྱེ་བག་ཇི་ལྟབ ་བཞིན་དུ་བསྟན་པ་ང་ཡིས་བྱས་ཞེས་པའོ།། དེ་ལྟར་རྟོགས་པར་བྱ་བའི་ཕྱིར་སའི་གོ་རིམ་ལ་སོགས་པ་རྣམ་པར་བཞག་པར་བྱ་སྟེ། དེ་ཁོ་ན་ཉིད་དུ་གོ་རིམ་དང་འཇུག་པ་ལ་སོགས་པ་ཐམས་ཅད་མི་འཐད་པའོ།། དེ་ལྟར་ཡིན་མེད་ཀྱི་དེ་ལས ་གཞན་དུ་བྱིས་པའི་སྐྱེ་བོ་ལ་སོགས་པ་རྣམས་ཀྱིས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་སའི་གོ་རིམྦ་དང་མཚམསོ་སྦྱོར་བ་ལ་སོགས་པ་སྣ་ཚོགས་ཀྱི་དངོས་པོར་བརྟགས་ཏེ། དེ་ཡང་ཕྱིན་ཅི་ལོག་པ་ཉིད་ཀྱིས་ཁམས་གསུ ་པར་རྟོག་པོའོ།། དེ་ལྟར་བརྟག་པ་འདི་ནི་ཀུན་རྫོབ་ཏུ་རང་གི་སེམས་སྣང་བ་ཙམ་སྟེ་བྱིས་པ་རྣམས་ཀྱིས་ཁོང་དུ་མི་ཆུད་ཅེས་པ་ལ་སོགས་པའོ།། དེའི་ཕྱིར་བྱིས་པའི་སྐྱེ་བོ་དང་འཕགས་པ་དེ་དག་གི་རྟོགས་པར་བྱ་བའི་དོན་དུ་སའི་གོ་རིམ ་གྱིས་མཚམས་སྦྱོར་བ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་ང་དང་སངས་རྒྱས་རྣམས་ཀྱིས་བསྟན་ཅིང་རྣམ་པར་བཞག་པ་སྟེ། གསལ་བར་བྱས་པའོ།། གལ་ཏེ་འདིར་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་མུ་སྟེགས་ཀྱི་ལྟ་བ་དང་ལམ ་དུ་དུ་འགྱུར་པ་ནི་མི་སྲིད་དོ།། དེ་ལྟར་ན་དེ་དག་འཁོར་བའི་སྡུག་བསྔལ་དང་ཡང་འབྲལ་པར་འགྱུར་བས་སྔར་བསྟན་པ་ལྟར་འཇིགས་པ་རྣམ་པ་ལྔ་དང་བྲལ་བ་མི་འཐད་ཅིང་། གཞན་ཡང་ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲེབ ་རྟོག་པ་མི་འཐདོ་ཞེ་ན། སྐྱོན་མེད་དེ། དེ་འདྲ་བའི་ལོག་པར་ལྟུང་བ་ཉིད་དུ་མི་འགྱུར་མོད་ཀྱི། སྔར་བསྟན་པ་ལྟར་བསྒོམ་པས་སྤང་བར་བྱེ་བ་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལ་བརྟན་ནས་རྗེས་ཀྱི་གནས་སྐབས ་སུ་ཅུང་ཟད་འཕེལ་བར་འགྱུར་ཞིང་། ཕྱི་རོལ་པ་རྣམས་དང་ཕྱོགས་འགའ་ཞིག་ནས་མཚུངས་པར་འགྱུར་བ་སྲིད་པསོ།། གཝཱ་ཧཱ་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་ནི་སྔར་བསྟན་པ་ལྟར་བྱང་ཆུབ་དམན་པ་གཉིས་སྔོན་དུ་སོང ་པབཔའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པར་ཐར་པ་འགའ་ཞིག་སྟོན་ཏེ། དེའི་དོན་ཡང་ཉན་ཐོས་ཀྱི་རིགས་ཅན་འགའ་ཞིག་གིས་དང་པོར་ཉན་ཐོས་ཀྱི་བྱང་ཆུབ་སྔོན་དུ་བྱས་ཤིང་། དེ་ནས་རྣམ་པར་ཐར་པ་ཅུང་ཟད་ཀྱིས ་ལྷག་པར་རྒྱལ་བའི་བྱང་ཆུབ་རྟོག་པར་འགྱུར་ལ། དེའི་རྗེསུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་ས་བརྒྱད་ཀྱི་བར་དུ་ཡོང་སུ་རྫོགས་པར་བྱས་པའམ། ཡོད་བྱང་ཆུབ་དམན་པ་དེ་དག་སྔོན་དུ་བྱས་པ་ལས་དེའི ་རྗེས་ཐོགས་ལ་སོ་སོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་ས་བརྒྱད་ཀྱི་བར་ཡོངསུ་རྫོགས་པར་བྱས་པའོ།། སྔར་གྱི་དོན་དེ་ལྟར་ཡིན་པ་ཡང་འཕགས་པ་དཔལ་ཕྲེང་གི་མདོ ་ལས། ཉན་ཐོསུ་འགྱུར་ཞིང་རང་སངས་རྒྱ་སུ་ཡང་འགྱུར་ལ། ཕྱིས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་ཞེས་གསུངས་པའི་ཕྱིརརོ།། དེ་ལྟར་ན་སྔར་ཉན་ཐོས་དང་རང་སངས་རྒྱས་ཉིད་ཡིན་པས་ཀྱང་ཆུབ་སེམས ་དཔའི་སྣ་བརྒྱད་ཡོངསུ་རྫོགས་པའི་གནས་སྐབས་ན་ཡང་། དེ་དག་གི་མིང་གིས་གཏུགས་པའོ།། དེ་འདྲོ་བ་ནི་སྔར་བསྟན་པ་ལྟར་གོམས་པའི་རྗེས་འཇུག་པས་དུས་རིང་པོར་ཏིངེ་འཛིན་གྱི་བདེ་བས་མྱོས་པའོ།། 8། སེམས་སྣང ་བ་ཙམ་ཡིན་ལ་མི་མཁས་ཞེས་པ་ནི་རབ་ཏུ་དབེན་པའི་ཆོས་ལ་མོས་པའི་བློ་ནི་མ་ཡིན་ཞེས་པ་དང་སྦྱར་ཏེ། རིག་པ་དང་སྟོང་པ་དང་ཟུང་དུ་འཇུག་པ་མཐའ་གཉིས་སྤངས་པའི་དབུ་མའི་དོན་མ་རྟོགས་ཞེས་པའོ།། རང་དང་སྤྱིའི ་མཚན་ཉིད་ཀྱི་སྒྲིབས་པ་ནི་ཤེས་བྱའི་སྒྲིབ་པའོ།། བདག་མེད་པ་གཉིས་རྟོག་པ་ནི་བྱང་ཆུབ་སེམས་དཔོའི་ལམ་ལ་ཞུགས་པ་སྟེ། དེ་ལྟར་ན་ཡང་ཅུང་ཟད་སྟོང་པ་ཉིད་ཀྱི་མཐར་ལྟུང་ཞེས་པའོ།། དེ་འདྲ་བ་ནི་རང་གི་མངོན་པའི་ཕ ་རྒྱལ་དང་བཅས་པའི་རྣམ་པར་རྟོགས་པས་དེ་འདྲ་བའི་བདེ་བ་ལ་མྱ་ངན་ལས་འདས་པར་མོས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་བྱང་ཆུབ་དམན་པ་སྔོན་དུ་མ་སོང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་འགོག ་པའི་ཏིང་འཛིན་གྱིས་བདེ་བའི་སྒོ་མཐོང་བ་སྟེ། ལན་ཅིག་མངོན་དུ་བྱས་ནས་དེ་ལས་འདའ་བའོ།། དེའི་རྒྱུ་མཚན་ཡང་རང་གི་མངོན་གྱི་སྨོན་ལམ་ལ་སོགས་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་དེ་ལས་ས ་ནས་མཐར་ཐུགས་པའི་གནས་མཆོག་ཆོས་ཀྱི་སྐུའི་ཡེ་ཤེས་ལ་འཇོག་པའི་ཐབས་ཀྱིས་རྣམ་པར་ཤེས་པའི་ཏིངེ་འཛིན་གྱི་བདེ་བ་ལ་ཡུན་རིང་དུ་མི་གནས་ཞེས་པའོ།། གལ་ཏེ་རྣམ་པར་རྟོག་པའི་རིགས་ཐ~ཾད་སྤངས་པ་ནི་ཡིན ་ནམ་ཞེ་ན། དེ་དག་གི་ཞེས་པ་ལ་སོགས་པ་གསུང་སོ།། ཆོས་ཐམས་ཅད་ཞེས་པ་ལ་སོགས་པས་ནི་མཐར་ཐུགས་པའི་གནས་ལ་འཇུག་པའི་ཚུལ་སྟོན་ཏེ། མི་འཇུག་པ་ཡང་མ་ཡིན་ཏེ་ཞེས་པ་ལས་ནི་དེ་དག་ལ་ཀུན་རྫོབ་ཙམ་དུ་ཐོབ ་བྱའི་རང་བཞིན་དུ་རྟོག་ཅིང་དེའི་དོན་དུ་འཇུག་པའོ།། འཇུག་པའི་ཚུལ་ཡང་ཡིས་དེ་ཉིད་ཐོབ་པར་བྱ་བའི་ཕྱིར་དེ་དག་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་ཡེ་ཤེས་མངོན་དུ་འགྲོ་བ་སྟེ། དེས་ཟིན་པར་བྱས་ནས་འཇུག་པའོ།། དྲྀ ་ཇི་ལྟར་རྨི་ལམ་ན་འགྲའ་ཞིག་གིས་འབད་པ་དང་རྩོལ་བ་དྲག་པོས་ཆུ་ལ་རྒལ་བར་རྨི་བ་ལས། གནས་སྐབས་དེ་ཉིད་ཀྱིས་གཉིད་སད་ནས་དེའི་དེ་མ་ཕག་ཏུ་ཅི་འདྲི་བདེན་ནམ་བརྫུན་ཞེས་རྟོག།། དེའི་རྗེས་ཐོགསུ་དེ་འདྲ་བ་ནི ་བདེན་པ་ཡང་མ་ཡིན་ལ། དེ་ལ་བལྟོས་ནས་བརྟག་པའི་བརྫུན་པ་ཡང་མ་ཡིན་ཏེ། དེ་ལས་གཞན་དུ་མངོན་ཏེ་འདྲ་བ་མཐོང་བ་ལ་སོགས་པའི་རྣམ་པར་རྟོག་པའི་བག་ཆགས་ལས་དེ་ལྟར་སྣང་བའི་ཡིད་ཀྱི་རྣམ་པར་ཤེས ་པ་བརྫུན་པ་ཉིད་སྣང་སྙམ་དུ་སེམས་ཏེ། དེ་བཞིན་དུ་ཞེས་པ་ལ་སོགས་པ་ཕལ་ཆེར་ཤེས་པར་ཟད།། དང་པོ་ནས་བདུན་འཕོ་ཞེས་པ་ནི་ས་བདུན་གྱི་བར་ལ་དབང་པོ་རྣོན་པོས་ཆོས་ཐམས་ཅད་སེམས་ཀྱི་སྣང་བ ་དུ་མངོན་པར་རྟོགས་ཤིང་། སེམས་ཀྱང་སྒྱུ་མ་ལ་སོགས་པ་དང་མཚུངས་པར་རྟོགས་ལྔ། དེ་ཉིད་ཀྱི་བཟུང་བ་དང་འཛིན་པའི་དངོས་པོར་རྟོགས་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་རྒྱུ་བ་མཐོ་ནས་པ་སྟེ། ་དགག་པའི་རྣམ་པ་ཅན་གྱི་རྟོགས་པ་སྟེ། བཟང་པོའི་རྟོག་པ་རྒྱུ་བ་མཐོང་ནས་དེ་འདྲ་བའི་རྟག་པ་དང་བཅས་པའི་ཤེས་རབ་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ལ་རབ་ཏུ་སྦྱོར་བའོ།། དེ་འདྲ་བའི་རྣམ་པར་རྟོག་པ་ནི་མ་ནཡས་འདས་པ་ཁང ་དུ་ཆུད་པར་བྱེད་པའི་སྦྱོར་བ་སྟེ། ལམ་ཡིན་གྱི། དེ་འདྲ་བའི་ལམ་འཇིག་པར་བྱེད་པ་ནི་མ་ཡིནོ།། སེམས་དང་ཞེས་པ་ལ་སོགས་པས་ནི་སྔར་བསྟན་པའི་ས་བརྒྱད་པ་ལ་རྣམ་པོར་རྟོག་པ་མི་འཇུག་པར་མཐོང་ཞེས་པ་ཉིད་སྟོན་པའོ།། ། ་ཆོས་བསྟན་ཅེས་པ་ནི་སྟི་མ་རྣམས་ཀྱི་བསྟན་པ་ལས་རྟོག་པ་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པའོ།། དེ་འདྲ་བ་སྤྲོས་པ་དང་བྲལ་བའི་དོན་དམ་པ་འདི་ལ་གོ་རིམ་དང་མཚམས་སྦྱོར་བའི་རྣམ་པར་དབྱེ་བ་མི་འཐད་དེ། དེ་དྲག་རྗེས་ཀྱི་གནས་སྐབས ་ན་ཇི་ལྟར་སྣང་བ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བསྟན་པའོ།། དེ་ལ་ཞེས་པ་ལ་སོགས་པས་དོན་ལྷག་མ་དང་བཅས་ཏེ་བསྡུས་ནས་བསྟན་པའོ།། དེ་ལ་དང་པོ་ཚིག་རྐང་པ་ལྔ་ཡིས་ནི་དེ་ནི་མདོ་ཙམ་དུ་སྟོན་ཅིང་། དེ་ནས་ཚིགསུ་བཅད་པ ་བཞིས་ནི་དེ་དྲུག་གིས་དྲོན་རྒྱས་པར་འཆད་པའོ།། དེ་ནས་ཚིགསུ་བཅད་པ་གཉིས་ཀྱིས་དང་ས་ལ་གནས་པའི་གང་ཟག་གི་དབྱེ་བ་ལ་མ་རྨོངས་པར་བྱ་བའི་དོན་དུ་རྒྱས་པ་དང་བསྡུས་པ་ལ་སོགས་པའི་དབྱེ་བ་སྟོན་པའོ།། དེ་ལས ་དུན་དག་ནི་སེམས་ཡིན་ཏོ། ཞེས་པ་ལ་སོགས་པའི་ཚོགས་གི་དོན་ནི་བྱང་ཆུབ་སེམས་དཔའི་ས་བདུན་ལ་རྣམ་པར་ཤེས་པའི་ཚིགས་བརྒྱད་གན་མ་གྱུར་པས་སེམས་ཀྱི་ས་ཞེས་བྱའོ།། ས་བརྒྱད་པ་ལ་མཉམ་པར་བཞག་པའི་གན ་སྐབས་ན་བཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པར་སྣང་བ་མེད་ཅིང་རྗེས་ཀྱི་གནས་སྐབས་ན་ཡང་རྣམ་པར་མི་རྟོགས་པ་ལ་དབང་ཐོབ་པས་དེ་དག་ཏུ་ཞེན་པ་མེད་པའི་ཕྱིར་སྣང་པོ་མེད་པ་ཞེས་བྱའོ།། དེ་ནས་དགུ་པ་དང་བཅུ་པ ་གཉིས་ན་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་བདག་གི་ཉེ་བའི་རྒྱུར་གྱུར་པ་གནས་ཞེས་པའམ། ཡང་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ལ་དབང་བ་དང་། མངོན་པར་ཤེས་པོའི་ལས་ལ་དབང་བས་ཆོས་སྟོན་པ་དང་། འཕྲིན་ལས་སྣ ་ཚོགས་ལ་དབང་སྦྱོར་བའི་གནས་ཡིན་པས། དེ་དོག་ནཽ་གནས་ཀྱི་ས་ཞེས་པའོ།། དེ་རྣམས་ལས་གཞན་སྲ་བཅུ་གཅིག་པ་ནི། སངས་རྒྱས་ཀྱི་རང་བཞིན་གྱིས་སྡེ་སྒྲིབ་པ་གཉིས་བག་ཆགས་དང་བཅས་ཏེ་དྲག་པ་དང་། དེ་བཞི་ནི ་ཉིད་སོ་སོ་རང་གི་རིག་པ་སྟེ། སྤངས་པ་དང་རྟོགས་པའི་ཡོན་ཏན་མཐར་ཐུག་པ་འདི་ནི་སངས་རྒྱས་པའི་རང་བཞིན་ཞེས་པའོ།། དེས་ཀྱང་ཆོས་ཀྱི་སྐུའི་རང་བཞིན་གཙོ་བོར་བསྟན་ལ་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ནི་དབང ་ཕྱུག་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། སྐུ་མཚན་དང་དཔེ་བྱད་ལ་སོགས་པའི་རྣམ་པར་སྣང་བ་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དབང ་འབྱོར་པ་སྟེ། དེ་ཉིད་ཀྱི་ཞིང་ཁམསུ་སྣང་བ་གཞི་རིན་པོ་ཆེ་ལས་གྲུབ་ཅིང་རིན་པོ་ཆེ་སྣ་ཚོགས་བརྒྱན་ཅིང་མཛེས་པར་སྣང་བ། ཇི་ལྟར་མེའི་ཕུང་པོ་ལ་མེ་ལྕེ་དང་འོད་ཟེར་སྣ་ཚོགས་འབྱུང་བ་བཞིན་དུ་རིན་པོ་ཆེའི་འོད་ཟེར་སྣ་ཚོགས་པ་ཡིད་དུ་འོང ་བ་དོར་སྐྱེ་བ་རྣམས་ཀྱི་བསོད་ནམས་ཀྱི་སྣང་བ་ཡིན་པས་འཚེ་བའམུ་མི་མཐུན་པར་མེད་པར་གྱུར་པ་ནི་ཞི་བའོ།། ཡང་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་དེ་ཉིད་ལས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཐེག་པ་ཆེན་པོའི་ཆོས་ཀྱི་འོད་ཟེར ་སྣ་ཚོགས་པ་ཡིད་དུ་འོང་བ་ཞི་བ་རབ་ཏུ་འབྱུང་ཞེས་ཀྱང་སྦྱར་བར་བྱའོ།། དེ་འདྲ་བའི་ཡེ་ཤེས་དེ་དག་གིས་མ་འོངས་པའི་དུསུ་ཡང་སྲིད་པ་གསུམ་པོ་སྤྲུལ་པར་བྱེད་ཅིང་། དེ་ལྟར་གྱི་དུས་སུ་ཡང་སྤྲུལ་པ་དང་སྔར་འདས་པའི་དུསུ་སྤྲུལ་ཞེས་པ ་འོ།། གལ་ཏེ་སྲིད་པ་གསུམ་པོ་ནི་སེམས་ཅན་དེ་རྣམས་ཀྱི་ལས་དང་ཉོན་མོངས་པའི་སྤྲུལ་པ་མ་ཡིན་ནམ། ཇི་ལྟར་ཡེ་ཤེས་དེས་སྤྲུལ་པ་ཡིན་ཞེ་ན། བདེན་མེད་ཀྱི་ཡེ་ཤེས་དེའི་རང་བཞིན་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ། སེམས ་ཅན་ཐམས་ཅད་གྱི་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ། དེ་ཉིད་ཀྱི་རྣམ་པར་འགྱུར་པ་ལས་སྲིད་པ་གསུམ་པོ་སྣ་ཚོགསུ་སྣང་བ་ལ་དགོངས་ཏེ་བསྟན་པའོ།། དེ་ལྟར་ཡང་རང་གི་རིག་པའི་འགྱུར་པ་ལས། དམྦ་པ་ལས ་ལས་བསྐྱེད་དེ།། རང་གི་འཕྲོག་ཅིང་རང་གི་བྱེད།། རང་གི་རྒྱ་ལྷོ་རང་གཙོ་བོ་ཞེས་གསུངས་པ་ལྟ་བུའོ།། དེ་ལྟ་བུའི་གནས་ཁྱད་པར་ཅན་དུ་སྣང་བ་དེར་དངོསུ་ཐེག་པ་ཆེན་པོ་འབའ་ཞིག་སྟོན་ཅིང་། དེ་ལས་བརྒྱུད་པའམ་སྤྲུལ་པའི་སྒོ་ནས་ཐེག་པ ་སྣ་ཚོགས་སྟོན་པར་བྱེད་པ་དེ་ནི་ངའི་རང་བཞིན་གྱིས་ཏེ། ཡེ་ཤེས་དེ་ཉིད་ཀྱི་བདག་ཉིད་ཡིན་གྱི། དེ་ལས་གཞན་ཕྱི་རོལ་གྱི་ངོ་བོར་གྲུབ་པ་མེད་ཅེས་པའོ།། དེ་ལྟར་ན་ས་དང་ཐེག་པའམ། དེ་ལ་གནས་པའི་གང་ཟག་གི་རྣམ་པར་དབྱེ་བུ་མི་འདྲ་བ ་དུ་མ་མདོ་འདི་ཉིད་དམོ་གཞན་ལས་གསུངས་པས་གདུལ་བྱ་རྣམས་ཅི་ཉེས་པའི་དོན་ནི་གང་ཡིན་ཞེས་ཐེ་ཚོམ་མ་མི་ཕྱིན་ཅི་ལོག་ཏུ་གྱུར་པས་དེ་དག་གསལ་བའི་དོན་དུ། བཅུ་པོ་པ་ནི་ཞེས་པ་ལ་སོགས་པ་སྨོས་ཏེ། སྔར་བསྟན་པའི་ཚུལ་གྱིས ་ཉན་ཐོས་རིགས་ཅན་འགའ་ཞིག་གི་གོ་རིམ་བཞིན་དུ་ཉན་ཐོས་དང་རང་རྒྱལ་བའི་བྱང་ཆུབ་དོན་དུ་བྱས་ཤིང་། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བྱང་ཆུབ་སེམས་དཔའི་སྲ་བརྒྱད་ཀྱི་བར་དུ་ཡོངསུ་རྫོགས་པར་བྱས་ནས། དེ་ནི་སྔར་གྱི ་དམན་པའི་ས་གཉིས་དང་། བྱང་ཆུབ་སེམས་དཔའི་ས་བརྒྱད་དེ། དེ་ལྟར་ས་བཅུ་ཡོང་སུ་རྫོགས་པར་བྱོས་པ་ཡིན་པས་བཅུ་པོ་པ་ཞེས་ཀྱང་བྱས་ལ། དེ་ཉིད་སྔར་གྱི་དུས་ན་ཉན་ཐོས་ཡིན་ལ། དེ་ཡང་མྱ་ངན་ལས་འདས་པའི་ལམ་དང་འབྲས་བུ་ལ ་ཞུགས་པའི་དང་པོ་ཡིན་པས་དང་པོ་པ་ཞེས་བྱའོ།། དེའི་དོན་ཡང་ས་བཅུ་པོ་ཡོངསུ་རྫོགས་པའི་དུས་ན་ཉན་ཐོས་མ་ཡིན་ཡང་། སྔར་གྱི་མིང་སྙིང་མཐུན་གྱིས་བཏགས་ནས་དེ་ལྟར་བསྟན་པའོ།། ཡང་དེ་འདྲ་བའི་ཉན་ཐོས་མཚན་ཉིད་པ་དེའི་ས་དང་། ་ས་ལ་གནས་པའི་གང་ཟག་ནི་རྒྱས་པར་ཕྱེ་ན་སྔར་བསྟན་པ་ལྟར་དཀར་པོ་རྣམ་པར་མཐོང་བ་ནས། བྱས་པ་རྟོགས་པའི་བར་རྣམ་པ་བརྒྱད་དོ།། དགུ་པོ་ཡང་ནི་བདུན་པོ་སྟེ་ཞེས་པ་ནི་ཉན་ཐོས་ཀྱི་རིགས་ཅན ་གང་ཞིག་ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་བྱས་ནས། རང་སངས་རྒྱས་ཀྱི་ས་མ་བགྲོད་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྔ་མ་ལྷོར་ས་བརྒྱད་ཀྱི་བར་ཡོང་སུ་རྫོགས་པར་བྱས་པ་ནི་དགུ་པོ་འམ་དགུ་པོ་པ་ཡིན་ལ། དེ་ཡང་བདུན་པ ་སྟེ་སྔར་བསྟན་པ་ལྟར། ཉན་ཐོས་ཀྱི་སཱ་ལྀ་ལོགས་སུ་མུ་བགྲངས་པར་བདུན་དུ་བསྡུས་པོའི་དུས་སུ་དེའི་གྲངས་ཀྱི་གོནས་བདུན་པ་ནི་བྱས་པ་རྟོག་པ་སྟེ་དགྲ་བཅོམ་པ་ཡིན་ལ། དེ་ཡང་སྔར་བསྟན་པ་ལྟར་ས་དགུ་ཡོངས་སུ་རྫོགས ་པའི་དུས་ན། བྱང་ཆུབ་སེམས་དཔའ་ཡིན་ཀྱང་སྔར་གྱི་མིང་གི་གཏགས་ནས་དེ་ལྟར་བསྟན་པའོ།། ཡང་བདུན་པོ་བ་ཡང་བརྒྱད་པོ་ཡིན་ཞེས་པ་ནི་དེ་ལྟར་བསྡུས་ནས་བདུན་དང་དེ་ལ་གནས་པའི་གང་ཟུག་བདུན་པོ་ཡང་། རྣམ་པར ་སྤྲོས་ན་སྔ་མ་ལྟར་བརྒྱད་དུ་འགྱུར་བའོ།། ཡང་དགུ་པོ་ཞེས་པ་རང་སངས་རྒྱས་ཀྱི་རིགས་ཅན་འགའ་ཞིག་གི་རང་གི་བྱང་ཆུབ་མངོན་དུ་བྱས་ནས་བྱང་ཆུབི་མཆོག་ཏུ་སེམས་བསྐྱེད་དེ། ས་བརྒྱུད་ཀྱི་བར་དུ་ཡོངས་སུ་རྫོགས་པར ་བྱས་པ་ཡང་། སྔར་གྱི་ཚུལ་དེ་ཉིད་ཀྱི་རྗེས་སུ་འབྲངས་ཏེ། རྟོགས་པར་བྱའོ།། གཉིས་པོ་པ་ནི་གསུམ་པོ་ཡིན་ཞེས་པོ་ནི་ས་བདུན་གྱི་གནས་སྐབས་ན་སེམས་ཀྱི་སྐད་ཅིག་རེ་རེ་ལ་འགོག་པ་ལ་སྙེམས་པར་འཇུག་པར ་ནུས་པ་དང་། མི་ནུས་པ་གཉིས་པོ་ནི་རྒྱས་པར་ཕྱེ་ན་གསུམ་དུ་འགྱུར་བ་སྟེ། དེ་ལྟར་མི་ནུས་པ་ཉན་ཐོས་དང་རང་སངས་རྒྱས་གཉིས་ཕྱེ་བས་སོ།། དེ་ལྟར་གསུམ་པོ་རེ་རེ་ཡང་དབང་པོ་བརྟུལ་པོ་དང་རྣོན་པོ་གཉིས ་གཉིས་ཕྱེ་བས་རྣམ་པ་དྲུག་ཏུ་འགྱུར་པའོ།། བོནི་པོ་ཡང་ནི་ལྔ་པོ་ཡིན་ཞེས་པ་ནི་ཐེག་པ་ཆེན་པོས་བསྡུས་པའི་ས་དངོ་ས་ལ་གནས་པའི་གླང་ཟག་རྣམ་པ་གཞི་སྟེ། སེམས་ཀྱིས་དང་། སྣང་བ་མེད་པ ་དང་། གནས་ཀྱིས་དང་། སངས་རྒྱས་ཀྱི་སྣའོ།། དེ་ཡང་གནས་ཀྱིས་ས་ནི་དགུ་པ་དང་བཅུ་པ་གཉིས་སུ་འགྱུར་བྱས་རྒྱས་པར་ཕྱེ་ན་ལྔ་ཉིད་ཡིན་ཞེས་པའོ།། དེ་ལྟར་ན་རྣམ་པ་དབྱེ་བ་ནི་གཅིག་ཏུ་དྲིས་པ ་མེད་དེ། རྣལ་འབྱོར་པཱའི་ཀུན་རྫོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ངོ་བོ་ན་རྒྱས་པོ་དང་བསྡུས་པ་ལ་སོགས་པའི་སྒོ་ནས་ཕྱེ་ནུ་གང་ལྟར་ཡང་ཡིན་ཞེས་པའོ།། ཡང་དོན་དམ་པར་སྣང་བ་མེད་པའི་ཡེ་ཤེས ་སམྱ། དེའི་ཡུལོ་དེ་བཞིན་ཉིད་ལ་ནི། དེ་འདྲུ་བའི་རིམ་པའམ་དབྱེ་བ་མི་འཐད་ཅེས་པའོ།། ཡང་འདི་རྣམས་ཀྱི་དོན་ནི་མདོ་སྡེ་འདི་དང་བརྗོད་བྱའི་དོན་གཅིག་ཏུ་སྟོན་པ། འཕྲིགས་པ་བསྟུག་པོ ་བཀོད་པའི་བརྒྱན་ལས། ཤེས་པ་རྣམས་དང་སློབ་མ་བཅུ།། བརྒྱད་པ་མང་ན་ལན་བདུན་དང་།། རིགས་ནས་རིགས་དང་ལན་ཅིག་འོངས།། བར་ཆད་གཅོག་པའི་གང་ཟག་དང་། ་བར་མཱར་མྱ་ངན་འདའ་བ་དང་།། གཞན་སྐྱེས་མྱ་ངན་འདའ་བཱ་དང་། མངོན་པར་འདུ་བྱེད་འདུ་མི་བྱེད།། སྟེང་མའི་རྒྱུད་ཀྱང་དེ་བཞིན་ཏེ་ཞེས་གསུངས་པས་དེ་འདྲ་བ་སྣོང ་བའི་གང་ཟག་བཅུ་ནི། དང་པོ་ཉན་ཐོས་ཀྱི་ཐེག་པ་པ་ཡིན་ཏེ། དེ་ཡང་། དེ་ཉིད་ཚོལ་ལ་ཐོག་མར་ནི།། ཐམས་ཅད་ཡོད་ཅེས་བརྗོད་པར་བྱ་ཞེས་གསུངས་པས་དེ་བཞིན་གཤེགས་པས་ཐོག་མ་ཉིད་དུ་གསུངས་པའི ་ལམ་ལ་ནན་ཏན་ཏུ་བྱེད་པ་ཉན་ཐོས་ཀྱི་གང་ཟག་སྟེ། གོང་དུ་བསྟན་པའི་ས་དེ་དང་དེ་རྣམས་ལ་གནས་པའོ།། དེ་འདྲ་བའི་དང་པོ་པ་ནི་རྣམ་པར་ཕྱེ་ན་བརྒྱུད་དེ། རྒྱུན་ཏུ་ཞུགས་པ་རྒྱུ་འབྲས་ནས་དགྲ་བཅོམ ་བ་རྒྱུ་འབྲས་ཀྱི་བར་དུའོ།། གལ་ཏེ་ཐོག་མར་བསྟན་པའི་ལམ་ཉམས་སུ་ལེན་པ་ནི་རང་སངས་རྒྱས་ཀྱང་མ་ཡིན་ནམ་ཞེ་ན། དེ་ལྟར་བདེན་པོས་རང་སངས་རྒྱས་དང་ལྗིན་གཅིག་འཕགས་པའི་གང་ཟག་དགུ ་རུ་འིགྱུར་ལ། དེ་ཡང་བསྡུ་ན་རྣམ་པ་བདུན་ཏེ། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་པ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་བརྒྱན་དང་བཅས་པ་དང་། རྒྱན་མེད་པ་དང་། ་རང་སངས་རྒྱས་བསེ་རུ་ལྟ་བུ་དང་ཚོགས་ནོ་སྤྱོད་པའོ།། འདིར་བདུན་པ་ཞེས་པ་ནི་དེ་དག་སྦྱོར་བསྟན་པ་ཡིན་གྱི། སྔ་མ་ལྟར་གྲངས་ཀྱི་གནས་འཛིན་པའི་ཚིག་ཏུ་སྦྱར་བ་མ་ཡིན་ནོ།། དེ་འདྲ་བའི ་བདུན་པོ་ཡང་ཆགས་ན་སྤྱོད་པ་ལ་དབང་པོ་འབྲིང་དང་བརྟུལ་པོ་གཉིས་བྱེ་བས་བརྒྱད་དུ་འགྱུར་བའོ།། གཉིས་པོ་པ་ནི་གསུ་པ་ནི་རྩད་པད་རྒྱུན་ཏུ་ཞུགས་པའི་འབྲས་ལ་གནས་པ་གཉིས ་ནཱ་གསུམ་དུ་འགྱུར་ཏེ། བོ་ཟློས་ནཱ་སྲིད་ལན་བདུན་པ་ལ་སོགས་པ་རབ་དཔའ་བྲིང་དང་ཐ་མཱ་རྣམ་པ་གསུམ་སྦྱར་ཇི་སྐད་དུ་བསྟེ། ཡིདི་ཡང་གཉིས་བཻ་རེ་རྗེ་ཞིང་ཕྱེ་ན་གསུམ་དུ་འགྱུར་བ ་དགོངས་པ་ཡིན་གྱིངེས་པའི་དོན་དུ་རྣམ་པ་དྲུག་ཏུ་འགྱུར་བའོ།། དེ་ཉིད་ཀྱི་ཕྱིར་གསུམ་པོ་ཡང་ནི་དྲུག་ཡོ་དག་ཏུ་གསུངསསྔར་གྱི་གསུམོ་འི་ལ་མེའི་གཉིས ་གཎྜཱིས་སུ་འགྱུར་བ་། ཡ་ནྱཻ་དྷེསྨྲ་བ་རྟགས་པའི་ས་ཞེས་པས་མཚན་པ་ཟོད་པ་ཤེས་པ་དང་སྨྱེ་ཊི་ཤེས་པབྷྲཱུཾ་ནཱི་གཱ་ཡྀ་དུ་འགྱུན་ས ་དེ་བཙུན་གཤེགས་པ། དྲིལས་མ་གན་ན་ཧཱུ~ཾ་ལག་གིསནཤིན་ཏུ་ན། མྦྷ་རྨ་དུ་མཱུཊྚཱ་ཧཱ།། ་ཨོཾ་ཤེས་བྱང་ཆུབ་ཆེས་བརྗོད་དེས། ཟང་མང་སྐྱེ་མེད་ཕྱིར་དེ་དག་གི་མི་ཛིཞིན་དུ་ཞེས་པར་བྱ་ནས་གསུམ་པ་ལྟ་དུ། ན་པ་ཡང་རྣ་མ་ཞེས་པ་སྦྱི་འཇིགས་པའི་གང་ཟིག་རྗེ་། ་ནཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། དེ་ལ་ཉན་ཐོས་ནི་སྔར་འང་ཉིད་དུ་གསུངས་པ ་ཞི་བ་བགྲོད་པ་གཅིག་པུ་པ་དང་། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པ་སྟེ། དེ་ལྟར་ན་རྣམ་པ་ལྷུ་རུ་འགྱུར་བའོ།། གལ་ཏེ་དེ་ལྟར་ན་སྤྲུལྟ་པའོ་ཉན་ཐོས་ཀྱང་སྔར་གསུངས་པ་མ་ཡིན་ནམ་ཞེ་ན ་དེ་ནི་བྱང་ཆུབ་སེམས་དཔའ་ཉིད་ཡིན་ནོ་ཞེས་སྔར་བསྟན་ཏོ།། འདིར་དངོསུ་གང་ཟག་གི་དབྱེ་བུ་བསྟན་པས་ཀྱང་དེ་རྣམས་གང་ལ་གནས་པའི་སཱ་དང་། ཐེག་པའི་དབྱེ་བ་ཡང་བསྟན་པའོ།། ་ས་དང་ཐེག་པཱ་ཡང་རྟོག་པའི་ཡེ་ཤེས་ཀྱི་བྱེ་བྲག་ཉིད་ལ་འཇོག་པས་ཐ་དད་པ་ཉིད་དུ་བསམས་པར་མི་བྱའོ།། འཕགས་པ་ལང་ཀཱར་གཤེགས་པའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན ་ལས་ལེའུ་བཞི་པའི་རྣམ་པར་བཤད་པ་རྫོགས་སོ།། །། དེ་ནས་ཡང་ཞེས་པ་ལ་སོགས་པས་ཐོབ་པར་བྱ་བའི་འབྲས་བུ་སངས་རྒྱས་ཀྱི་རང་བཞིན ་སྔར་བསྟན་པ་ཉིད་ཚུལ་གཞན་གྱི་སྒོ་ནས་བསྡུས་ཏེ་སྟོན་པ་ལས། དང་པོར་དྲི་བ་དགོད་པའོ།། བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་ལན་རྒྱས་པར་བསྟོན་ཏེ། དེའི་དོན་ཡང་དེ་བཞིན ་གཤེགས་པ་ནི་རྟག་པའི་དངོས་པོར་མི་འཐད་དེ། དེ་ལྟར་ན་གཞན་དག་གིས་དབང་ཕྱུག་བརྟགས་པ་ཐམས་ཅད་མཁྱེན་ཅིང་བྱེད་པས་འགྲོ་བ་ཐམས་ཅད་ཀྱི་རྒྱུར་བཏགས་པ་ལ་སོགས་པ་དང་ཁྱད་པར་མེད་པར་འགྱུར ་།། གལ་ཏེ་འདིར་དེ་འདྲ་བ་ནི་འབྲས་བུ་རིམ་པ་ཅན་ལ་སྦྱོར་བར་བྱེད་པ་དང་། ཤེས་བྱའི་ཡུལ་རིམ་པ་ཅན་ལ་འཇུག་པས་རྟག་པ་དང་གཅིག་པུའི་བདག་ཉིད་དུ་མི་འཐད་དེ། འབྲས་བུའི་རིམ ་ཅན་ཉིད་སྦྱོར་བས། རྟག་རྣམས་གཅིག་པུའི་བདག་ཉིད་མིན་ཞེས་གསུངས་པ་ལྟ་བུའོ་ཞེ་ན། མ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་ཅིང་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད ་པར་ཁས་ལེན་པ་ལ་ཡང་མཚུངས་པའི་ཕྱིར་རོ།། མ་བྱས་པ་བརྟགས་པའི་ཕྱིར་ཞེས་པ་ནི་དེ་འདྲ་བའི་རང་བཞིན་དུ་གཞན་ལས་ཁྱད་པར་དུ་མེད་པར་འགྱུར་བའི་ཕྱིར།། དེ་བཞིན་གཤེགས་པ་ནི ་རྟག་པའང་མ་ཡིན་ཞེས་པའོ།། ཡང་གཞན་དག་དེ་བཞིན་གོཤེགས་པ་ནི་གྲོང་ཁྱེར་རྩ་མཆོག་ཤིང་ས་ལ་ཟུང་གི་ཚལ་དུ་ལྷག་མ་མོད་པར་མྱ་ངན་ལས་འདྲའ་འགྱུར་བ་མི་རྟག་པའི་རང་བཞིན་ཡིན་ནོ ་སྙམ་ན། མ་ཡིན་ཏེ། དེ་ལྟར་ན་འདུས་བྱས་པའི་མི་རྟག་པ་དུས་ཀྱིས་མཐར་འཇིག་པ་དང་། དང་པོ་ཉིད་ནས་སྐད་ཅིག་མའི་དངོས་པོར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་གང་ཟག་པ་མེད་པའི་ཕུང་པོ ་གྲགས་པ་དང་། མཚན་ཉིད་དང་། མཚན་ཉིད་དང་ལྡན་པའི་མཚན་བཞི་རྣམས་ཞིག་པས་མེད་པའི་ཕྱིར་ཆད་པར་འགྱུར་ཞེས་པའོ།། དེ་ལྟར་འདོད་པའོ་ཞེ་ན་མི་འཐད་དེ། དེ་ལྟ་ན་དེའི་དོན་དུ་བསྐལ ་བ་དུ་མར་ཚོགས་རྫོགས་པར་བྱེད་པ་དོན་མེད་པར་འགྱུར་བའི་ཕྱིར་རོ།། གཞན་ཡང་དེ་དག་ནི་འཆི་བདག་གི་བདུད་ལ་སོགས་པ་བཅོམ་པས་ཚུལ་དེ་ལྟར་མྱ་ངན་ལས་འདའ་བ་མ་ཡིན་ཏེ། ཇི་སྐད་དུ། མྱ་ངན་མི་འདའ་འདའ་ལ་མིན་ཞེས ་པ་ལ་སོགས་པས་སྔར་བསྟན་པ་བཞིན་ནོ།། གལ་ཏེ་འདིར་གཞན་དག་བྱས་པ་ནི་མི་རྟག་པར་འགྱུར་བའི་ངེས་པ་མེད་དེ། རྡོ་རྗེ་དང་རི་ལ་སོགས་པ་བཞིན་ནོ་སྙམ་དུ་སེམས་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་ལན་དུ་སྦྱར་བར ་བྱའོ།། གཞན་ཡང་དེ་བཞིན་གཤེགས་པ་བྱས་པས་མི་རྟག་ཅིང་རྒྱུན་ཆོད་པར་འགྱུར་བའི་ཕྱིར། དེའི་ཆེད་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་ཡང་དོན་མེད་པར་འགྱུར་རོ།། ཡང་ན་ངག་འདིའི་དོན་ནི་དེ་བཞིན ་གཤེགས་པ་རང་བཞིན་གྱིས་ཡོད་ན་སྔར་བསྟན་པ་ལྔར་མེད་པ་ཉིད་དུ་འགྱུར་བ་མི་འཐད་པ་ལླ་དེ་ལྟར་མེད་པ་འགྱུར་ན་རང་བཉྩི་གྱིས་ཡོ་བ་མ་ཡཱི་པཱ་དེའི་ཡིས་ཚྭ་ཀྱི་སྐུའི་ཆོ་ག་རྣམ་དོན་མེད་པ་སྟེ། བདེན་པའི་དོན་ཉིད་དུ་མ་གྲུབ་པར་འགྱུར་ཞེས ་པའོ།། གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་འདུས་བྱས་པའི་དངོས་པོ་གཞན་ལས། འགའ་ཞིག་ཁོ་ན་དེ་བཞིན་གཤེགས་པར་འཇོག་པར་བྱེ་བྲག་གི་གཏན་ཚིགས་མེད་པའི་ཕྱིར། ཐམས་ཅད་ཁྱད་པར་མེད ་པར་དེ་བཞིན་གཤེགས་པར་འགྱུར་རོ།། གལ་ཏེ་བྱེ་བྲག་གི་གཏན་ཚིགས་མེད་པ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཚོགས་གཉིས་རྫོགས་པ་ལས་བྱུང་བ་སྤངས་པ་དང་ཐོབ་པའི་ཡོན་ཏན་མཐར་ཐུག་པའི་ཕྱིར། གཞན་དང་མཚུང ་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་སྔར་བསྟན་པ་ལྟར་དུས་ཀྱི་མཐར་བཆི་བའི་ཆོས་ཅན་དུ་འགྱུར་བས་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པ་མེད་པའི་ཕྱིར་ཕུང་པོ་དང་འཆི་བདག་གི་བདུད་ལ་སོགས་པ་བཅོམ་པ་མེད་ཅིང་། ཚེ་དབང་པོ་ལ་སོགས་པ་ཐོབ་པས ་སྤངས་པ་དང་ཐོབ་པའི་ཡོན་ཏན་མཐར་ཐུག་པ་མེད་པའི་ཕྱིར། ཇི་ལྟར་ན་གཞན་དང་མི་མཚུངས་ཞེས་པའོ།། གཞན་ཡང་རྟག་པ་དང་ནི་འབྲས་བུར་མི་འཐད་པའི་ཕྱིར། དེའི་དོན་དུ་ཚོགས་སོགས་པ་མི་འཐད་དོ།། གཞན་ཡང་ཞེས་པ ་ལ་སོགས་པས་དེ་བཞིན་གཤེགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ། མེད་པར་དགག་པའི་རང་བཞིན་འགྱུར་པ་མེད་པ་ཙམ་ལ་རྟག་པ་ཉིད་དུ་ཁས་མི་ལེན་པ་མི་འཐད་ཅེས་པ་སྟེ། གཞུང་གི་དོན་ནི་ཤེས་པར་ཟད་དོ།། གཞན་ཡང ་བློ་གྲོས་ཆེན་པོ་རྣམ་གྲངས་གང་གིས་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་བདག་ཉིད་ནི་རྒྱུན་ལ་ཉམས་བྲི་མེད་པས་བརྟག་པའོ།། གལ་ཏེ་དེ་ནི་རྒྱུ་ཚོགས་གཉིས་ཀྱི་མངོན་པར་འདུ་བྱས་པའི་ཕྱིར ་རྟག་པར་འགལ་ལོ་ཞེ་ན། མ་ཡིན་ཏེ། ཚོགས་གཉིས་རྫོགས་པར་བྱས་པས་ནི་དེའི་མི་མཐུན་པའི་ཕྱོགས་གློ་བུར་གྱི་དྲི་མ་སྦྱངས་པ་འབའ་ཞིག་ཏུ་ཟད་ཀྱི་དེའི་རང་བཞིན་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ནི། དེ་བཞིན་གཤེགས་པ ་@རྣམས་ཀྱང་ཡང་རུང་མ་བྱུང་ཡང་རུང་སྟེ། དང་པོ་ཉིད་ནས་ཐམས་ཅད་ཀྱི་སེམས་ལ་ལྡན་ཅིང་གུན་སྡུ་པའོ།། འདིར་མངོན་པར་རྟོགས་པ་རྣམས་ཞེས་པ་ནི་དེ་དག་གི་སེམསོ།། ཆོས་ཉིད་ནི ་ཡེ་ཤེས་ཀྱི་དེ་བཞིན་ཉིད་དོན་དམ་པར་སྟོན་པའོ།། ཆོས་མི་འགྱུར་བ་ནི་དོན་དམ་པར་སྟོང་ཡང་མྱོང་ཞིང་རིག་པ་མ་འགགས་པ་སྟེ། རིག་པ་དང་སྟོང་པ་ཟུང་དུ་འཇུག་པའོ།། ཆོས་གནས་པ་ཉིད་ཀྱི་རྣམ་གྲངས་སོ།། འདུག་ཅེས ་པ་ནི་རྟག་ཏུ་ཐམས་ཅད་ཀྱི་སེམས་ལ་གནས་པའོ།། དེས་ན་ནམ་མཁའ་ལ་ཐོགས་པར་བྱེད་པའི་དངོས་པོ་དང་བྲལ་བའི་ཆོས་ཉིད་ནི་གནས་སྐབས་ཐམས་ཅད་དུ་མི་འགྱུར་བ་དང་མཚུངས་པ་སྟེ།། བྱིས་པའི་སྐྱེ་བོ་རྣམས་ཀྱིས ་ཁོང་དུ་མི་ཆུད་ཅེས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་རང་བཞིན་བསྡུས་ཏེ་བསྟན་པའོ།། རབ་ཏུ་ཕྱེ་བ་ཞེས་པ་ནི་དེ་དག་གིས་ཁྱབ་ཅིང་དེའི་རང་བཞིན་དུ་གྱུར་པའོ།། གཞན་ནི་ཤེས ་བར་ཟད་དོ།། བློ་གྲོས་ཆེན་པོ་གཉིས་ཡོད་ན་ཞེས་པ་ལ་སོགས་པས་ཚུལ་གཞན་གྱི་སྒོ་ནས་རྟག་པ་དང་མི་རྟག་པ་ཉིད་དུ་འགྱུར་བ་འགོགས་པོ་སྟེ། སྤྱིར་ཁྱབ་པར་བྱེད་པོ་གཉིས་པའི་ཆོས་གཅིག་དང་ལྡན་ན། ཁྱབ་པར་བྱ་བ་རྟག ་བ་དང་མི་རྟག་པ་ཉིད་འགྱུར་བ་ཡང་མི་སྲིད་པ་ལས། དེ་འདྲ་བའི་ཁྱབ་བྱེད་མི་འཐད་པས་གཉིས་པོ་དབེན་པ་སྟེ། དེ་བཞིན་གཤེགས་པ་གཉིསུ་སྣང་ཡང་གཉིས་ཀྱི་དངོས་པོ་དོན་དམ་པ་བས་དབེན་པའོ།། བློ་གྲོས་ཆེན་པོ་རྣམ་པར ་རྙོག་པ་ཞེས་པ་ལ་སྩོགས་བས་ནི་ཕྱིན་ཅི་ལོག་གི་རྟོག་པ་ཟད་པས་དེ་འདྲ་བའི་ལྟ་བ་ལྡོག་པར་འགྱུར་གྱི། དབེན་པར་རྟོག་པའི་ཤེས་རབ་ཀྱི་བློ་ཟད་པས་ནི་ཕྱིན་ཅི་ལོག་གི་ལྟ་བ་ལྡོག་པ་མ་ཡིན་ཏེ། ཤེས་རབ་ཀྱི་བློ་ནི་བྱིན ་ཅི་ལོག་གི་ལྟ་བའི་གཉེན་པོ་ར་འགྱུར་བའོ།། དེ་ལ་ཞེས་པ་ལ་སོགས་པས་དོན་བསྡུས་ཏེ་སྟོན་པའོ།། རྟག་དང་མི་རྟག་རབ་བྱ་བར་ཞེས་པ་ནི་ཡེ་ཤེས་རྒྱུན་དང་ལྡན་པས་བརྟག་པའམ། དེའི་ཆོས་ཉིད་འགྱུར་བ་མེདོ་པ ་རྟག་པ་དང་། ཡང་ཀུན་རྫོབ་ཏུ་ཡེ་ཤེས་སྐད་ཅིག་མ་ཉིད་ཡིན་པས་དེ་དག་གིས་རབ་ཏུ་ཕྱེ་ཞིང་ཁྱབ་པར་གནས་ཞེས་པའོ།། དེ་དག་ལྟ་བའི་དབང་མི་འགྲོ་ཞེས་པ་ནི་སེ་མུས་ལོག་པར་ལྟ་བའི་དབང་དུ་མི་འགྲོ་བའོ།། རྟག ་བ་དང་ཞེས་པ་ལ་སོགས་པའི་དོན་ནི་རྟག་པ་དང་མི་རྟག་པ་གང་ཡིན་ཡང་རུང་སྟེ། རང་རིང་གི་རྒྱུད་ལ་ཚོགས་གཉིས་སྡུད་ཅིང་སོགས་པ་དོན་མེད་པར་འགྱུར་བའོ།། ཇི་སྲིད་དུ་ཡང་ཞེས་པ་ལ་སོགས་པས་ནི་དེ་ཁོ་ན་ཉིད་དུ ་ཕྱོགས་ཆ་འགའ་ཞིག་ཁས་ལེན་བྷཱུ་དི་སྤྱད་དུ་ལོག་བཱིའི་མུག་སྟེགས་ཅན་ལ་སོགས་པ་དང་འདྲེས་པར་འགྱུར་ཞེས་པའི།། རྩོད་པ་རྩད་པར་མི་བྱ་ཞེས་པ་ནི་དེ་འདྲ་བའི་དོན་ཟབ་མོ་ལ་ཐེ་ཚོམ་མི་ཟ་བ་ཉིད་དུ་གདམས་བྱའོ།། ་འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱུན་ལས་ལེའུ་ལྔ་པའི་འགྲེལ་པ་རྫོགས་སོ།། །། དེ་ནས་ཡང་ཞེས་པ་ལ་སོགས་པས་སྔར་བསྟན་པ་དེ་བཞིན ་གཤེགས་པའི་སྙིང་པོ་ཉིད་ཚུལ་གཞན་གྱི་སྒོ་ནས་རྒྱས་པར་སྟོན་པ་ལས། དང་པོར་དྲི་བའི་དོན་ནི། སེམས་ཅན་རྣམས་ལ་བདག་རྟག་པའི་རང་བཞིན་འགའ་ཞིག་མ་མཆིས་ན། གང་ཞིག ་འཁོར་བར་འཇུག་པ་དང་ལྡོག་པར་འགྱུར་ཏེ། སེམས་ཀྱི་རང་བཞིན་སྐད་ཅིག་མ་ནི་ཟག་པ་དང་བཅས་པའི་ལྔས་མངོན་པར་འདུ་བྱས་པ་ན་འཇིག་པར་འགྱུར་བའི་ཕྱིར་མེད་པས་སྐྱེ་བ་གཞན་དུ་རྣམ་པར་སྨིན་པར ་ལུས་ལེན་པ་མི་འཐད་ཅིང་། ཡང་འཁོར་བའི་གཉེན་པོ་མངོན་པར་འདུས་བྱས་པ་ན་ཡང་ཞིག་ནས་མེད་པའི་ཕྱིར་དེས་སྐྱེ་བ་གཞན་དུ་འཁོར་བ་ལས་ལྡོག་ཅིང་མྱ་ངན་ལས་འདྲེས་པའི་བདེ་བ་ཐོབ་པོ་མི་འཐད་ཅེས་པའོ།། ་བྱིས་པ་རྣམས་ནི་འཇུག་པ་དང་ལྡོག་པ་ལ་གནས་པས་ཞེས་པ་ལསོ།། དུསོ་ཕྱིས་གཉེན་པོ་སྔོན་དུ་བྱེད་པའི་དུས་ན་འཁོར་བ་ལས་ལྡོག་པས་དེ་ལྟར་འཇུག་པ་དང་ལྡོག་པའི་རྟེན་བདག་རྟག་པ་འགའ་ཞིག་སེམས ་ཅོན་རྣམས་ལ་ཡོད་ཅེས་པའོ།། སྡུག་བསྔལ་ཟད་པ་ཁོང་དུ་མ་ཆུད་ཅེས་པ་ནི་འཁོར་བར་འཇུག་པོའི་ཕྱོགས་ལ་གནས་པས་བྱིས་པ་རྣམས་ལ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མྱ་ངན་ལས་འདས་པ་མེད་ཅེས་པའོ།། ། ་རྣམ་པ་གཅིག་ཏུ་ན་འཇུག་པ་དང་ལྡེག་པ་ནི་འགྲོ་བའི་ཁྱད་པར་དེ་དང་དེ་དག་གི་ལུས་ལེན་ཅིང་འདོར་བ་སྟེ། དེ་ལྟར་ན་སྡུག་བསྔལ་ཟད་པ་ཁོང་དུ་མ་ཆུང་པ་ཞེས་པའི་དོན་ཤིན་ཏུ་འགྲིག་པར་འགྱུར་རོ།། འདིར་ལན་གྱི་དོན ་ནི་བདག་རྟག་པའི་ངོ་བོ་མེད་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཐོག་མ་མེད་པའི་དུས་ནས་གནས་ཤིང་རྒྱུན་དང་ལྡན་པ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པས་དེ་དག་ལ་རྟེན་ནས་མ་རིག་པའི ་རྐྱེན་གྱིས་ལས་མངོན་པར་འདུ་བྱས་ཤིང་། དེ་ཉིད་སྲེད་པའི་རླན་གྱིས་བཅས་པསྲ་ནུ་སྐྱེ་བ་གཞན་དུ་ཟག་པ་དང་བཅས་པའི་ཕུང་པོ་མངོན་པར་གྲུབ་ཅིང་། རྣམ་པར་སྨིན་པ་མྱོང་བ་སྟེ། ལས་ཀུན་ནས་སློང་བ་ཀུན་གཞི ་རྣམ་པར་ཤེས་པའི་སྐད་ཅིག་མ་འགགསུ་ཟིན་ཀྱང་། དེའི་རྒྱུན་རྒྱུད་མ་འགགས་ཤིང་དེ་ཉིད་ཀྱིས་རྣམ་པར་སྨིན་པ་མྱོང་བས་འཁོར་བར་འཇུག་པ་འཐད་དེ། རྒྱུན་གཅིག་ལྔ་བརྟེན་ནས་སུ། བྱེད་པ་སྤྱོད་ཞེས་བྱར་བསྟན ་ཞེས་གསུངས་པ་ལྟ་བུའོ།། འཁོར་བ་ལས་ལྡོག་ཅིང་མྱ་ངན་ལས་འདས་པ་ཐོབ་པའི་ཚུལ་ཡང་དེ་བཞིན་དུ་ཤེས་པར་བྱའོ།། ཡང་འདིར་དོན་དམ་པར་ནི་རྒྱུན་ཅན་གྱི་སྐད་ཅིག་མ་ལས་གཏོགོས་པ་རྒྱུན་གཅིག ་པ་ནི་འགའ་ཡང་མེད་མོད་ཀྱི། དེ་ལྟར་རྣམ་པར་སྤྱད་པའི་དོན་ནི་འཇུག་པ་དང་ལྡོག་པའི་ཆོས་གང་ཡང་ཁས་མི་ལེན་ལ། རྣམ་པར་བཞག་པ་ཙམ་དུ་སྔ་མ་ལྟར་སྐྱོན་མེད་པའོ།། དགེ་བ་དང་མི་དགེ་བའི་རྒྱུར་གྱུར་པ ་ཞེས་པ་ལ་སོགས་པའི་དོན་ནི་དེ་འདྲ་བའི་ལས་ཀུན་ནས་སློང་བར་བྱེད་པ་སྟེ། དེ་ཡང་ལས་ཀྱི་བག་ཆགས་དང་ལྡན་པསོ།། དེ་ལས་དུས་གཞན་དུ་སྐྱེ་བ་རྣམ་པ་བཞི་དང་། འགྲོ་བ་ལྔ་འམ་དྲུག་གི་ལུས་ཐམས་ཅད་འཛིན་པར ་བྱེད་པ་དང་། ཡང་ཀུན་གཞི་དེ་ཉིད་ཕྱི་རོལ་པ་རྣམས་ཀྱིས་བདག་ཏུ་འཛིན་པའི་གཞི་ཡིན་པ་ལ་དེ་འདྲ་དྲའི་རང་བཞིན་སྤངས་ཤིང་། དེ་ལ་འཇུག་པའི་རྣམ་པར་ཤེས་པ་སྣ་ཚོགས་མྱུར་དུ་འཇུག ་ཅིང་། དེ་ཉིད་ཀྱི་འགྲོ་བླ་ཉམ་ང་བ་སྟེ། དོན་སོང་གསུམ་གྱི་རྟེན་ལ་སོགས་པོར་འཇུག་པའོ།། དེ་ལྟར་ཀུན་གཞིའི་རང་བཞིན་སྤྲོས་པ་དང་བྲལ་ཞིང་འོད་གླསལ་བ་ཁོང་དུ་མ་ཆུད་ཅིང་། ཀུན་རྫོབ་ཙམ་དུ་དེ་འདྲ་བའི་ཉེ་བར་ལིན་པཱ་ལ ་རྟེན་ནས། དང་པོ་མ་རིག་པ་ནས་བཟུང་སྟེ་གསུམ་འདུས་པའི་རྐྱེན་གྱི་བྱ་བ་རེག་པ་དང་། ཚོར་བ་ལ་སོགས་པ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ཚུལ་གྱིས་འཁོར་བར་འཇུག་པ་ཡིན་པ་ལ། དབང་ཕྱུག་ལ་སོགས་པའི་རྒྱུ ་ལ་མངོན་པར་ཞེན་པའི་མུ་སྟེགས་ཅན་རྣམས་ཀྱིས་ཁོང་དུ་མི་ཆུད་དེ། སྐྱེ་འགྲོ་ཐམས་ཅད་དབང་ཕྱུག་ལ་སོགས་པས་བྱུསྡུ་པར་སྨྲ་བའོ།། ཐོག་མ་མེད་པ་ཞེས་པ་ལ་སོགས་པས་ནི་སྔར་གྱི་དེ་ཉིད་རྒྱས་པར་སྟོན་པ་སྟེ། མ་རིག ་བའི་གནས་ཀྱི་ས་ནི་མ་རིག་པས་བསྡུས་པ་རྣམ་པར་ཤེས་པ་རྣམས་ཀྱི་བག་ཆག་སོ།། གཞན་ནི་ཕུལ་ཆེར་སྔར་བཤད་ཟིན་ཏོ།། ལུས་རྒྱུན་མི་འཆད་ཅེས་པ་ནི་ཀུན་གཞི་ཉིད་ཀྱི་ལུས་སམ། སྐྱེ་འགྲོའི་ལུསོ།། དེ་ལྟར་རྒྱུན་མི་འཆང ་པ་ཉིད་ཀྱིས་མི་རྟག་པའི་ཉེས་པ་དང་བྲལ་བ་སྟེ། མི་རྟག་པ་ཉིད་ཀྱི་ཕྱིར་འཁོར་བར་འཇུག་པ་ལ་སོགས་པའི་མི་འཐད་ཅེས་པའི་ཉེས་པ་ལས་གྲོལ་བའོ།། བདག་ཏུ་སྨྲ་བ་ལས་རྣམ་པར་ལོག་པ་ནི་བདག་དང་བདག་གི་སྤངས་པ་ཞེས་བྱ ་དང་སྦྱར་རོ།། དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་ཅིང་། གློ་བུར་གྱི་དྲི་མ་དང་བཅས་པའོ།། དེ་ལྟར་ཀུན་གཞི་རྒྱུན་དང་ལྡན་པས་འཁོར་བར་འཇུག་པ་ལ་སོགས་པ་འཐད་ཀྱི། དེ་མ་ཡིན་པ་འཇུག་པའི ་རྣམ་པར་ཤེས་པ་ནི་རྒྱུན་དང་མྱི་ལྡན་པས་སྔར་གྱི་ཉེས་པར་འགྱུར་བའི་ཕྱིར་འཁོར་བར་འཇུག་པ་ལ་སོགས་པ་མི་འཐད་ཅེས་པའོ།། སྐད་ཙོག་མ་ཡིན་ཅེས་པའི་དོན་ནི་དུས་ཀྱི་མཐའི་སྐད་ཅིག་པ་དང་། བྱ་བ་རྫོགས་པའི་སྐད ་ཅིག་གཉིས་ཆར་དང་འབྲེལ་པའོ།། དབྱིབས་ཀྱི་ཆ་བྱད་ཅེས་པ་ནི་དབྱིབས་ཀྱི་ཆ་བྱད་དོ།། བདེ་བ་དང་སྡུག་བསྔལ་མི་མྱོང་བར་ཐར་པའི་རྒྱུ་མ་ཡིན་ཞེས་པ་ནི་མྱ་ངན་ལས་འདས་པ་ཚོར་བ་བཏང་སྙོམས་ཀྱིས་ཡོངསུ་ཟིན་པས་བདེ་སྡུག ་མི་མྱོང་བ་ཡིན་ལ། དེ་འདྲ་བའི་རྒྱུར་འཇོག་པའི་རྣམ་པར་ཤེས་པ་མི་འཐད་ཅེས་པོ་སྟེ། ཉེར་ལེན་དུ་མི་འཐད་པའོ།། བསྐྱེད་ཅིང་སྐྱེད་པར་བྱེད་ཅེས་པ་ནི་སྔར་རྣམ་པར་ཤེས་པ་རྣམས་ཀྱི་རྐྱེན་བཞི་བསྟན་པ་དེ་དག་གི་ཁོངསུ་གཏགས ་པའི་རྐྱེན་དེ་དག་གིས་སྔར་བསྐྱེད་ཅིང་ཕྱིས་ཀྱང་སྐྱེད་པར་བྱེད་པའོ།། དེའི་རྒྱུ་ལ་དམིགས་ཞེས་པ་ནི་འཇུག་པའི་རྣམ་པར་ཤེས་བྱ་རྣམས་ཀྱི་རྒྱུ་ནི་ཀུན་གཞི་ཡིན་ལ། དེ་ཉིད་ལ་དམིགས་པ་ཉིད་དུ་ཡང་སྔར་བསྟན་པའོ།། ཟིན་པའི་ཞེས་པ ་ལ་སོགས་པས་ནི་འཁོར་བ་ལས་ལྡོག་པོ་བཏགས་པའི་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟོན་པ་སྟེ། དེ་ལ་ཟིན་པའི་དབང་པོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་དབང་དུ་བྱས་ན་སེམས་ཀྱི་ཟིན་པའི་གཟུགས་ཅན ་གྱི་དབང་པོ་དང་། དེ་ལ་བརྟེན་པའི་རྣམ་ཤེས་ལྔའི་ཚོགས་དང་། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་པའམ། འགོག་པའི་སྙོམས་པར་འཇུག ་བའི་དུས་སུ་འགགས་ཤིང་ཟད་ནས། དེ་མ་ཐག་ཏུ་དེ་དག་གི་རིགས་ཀྱང་མི་སྐྱེ་ཞིང་། དེ་ལས་གཞན་དག་ཀྱང་མི་འཇུག་པའི་ཕྱིར་རང་གི་བློའི་རྣམ་པར་རྟོག་པ་བདེ་བ་དང་སྡུག་བསྔལ་མི་མྱོང་བ་སྟེ། མིག་ལ་སོགས་པའི་བློ་དང་། ཡིད་ཀྱི་རྣམ་པ ་རྟོག་པའི་བདག་ཉིད་དུ་གྱུར་པ་འམ། དེ་ལས་བྱུང་བའི་བདེ་སྡུག་མི་མྱོང་བ་སྟེ། དེ་འདྲ་བའི་འགོག་པ་ལ་སྙོམས་པར་ཞུགས་པ་ལ་རྣམ་པར་ཐར་པའི་བློར་འགྱུར་ཞེས་པ་སྟེ། སྔར་བསྟན་པ་ལྟར་མྱ་ངན་ལས་འདས་པའི་བློར་འགྱུར་བའོ།། སུ་ཞིག་དེ ་ལྟར་འགྱུར་སྙམ་དུ་སེམས་ན། བསམ་གཏན་བཞི་དང་ཞེས་པ་ལ་སོགས་པའོ།། དེ་ལ་འདིར་འཇིག་རྟེན་པའི་བསམ་གཏན་ལ་མཁས་པ་འགའ་ཞིག་ནི་འདུ་ཤེས་མྱེད་པ་ལ་ཡང་ཐར་པའི་བློར་འགྱུར་བའོ།། ཡང་འདིར་བྱང་ཆུབ་སེམས་དཔའ ་ཐེག་པ་ཆེན་པོ་པ་རྣམས་ཀྱི་དབང་དུ་བྱས་ན་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པའི་དབང་པོའི་བྱེད་པ་དང་། འཇུག་པའི་རྣམ་པར་ཤེས་བུ་འགུགས་ནས་ཞེས་པ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་བར་བྱའོ།། དེ་ལ་བས་མོ་གཏན་བཞི་ནི་དང་པོ་དང ་གཉིས་པ་ལ་སོགས་པ་ཡིན་ལ། དེ་ཡོང་འདིར་རྣམ་པ་གསུམ་གྱི་སྒོ་ནས་ཤེས་པར་བྱ་སྟེ། དེ་རྣམས་གང་ལས་ཐོབ་པའི་རྒྱུ་བསམ་གཏན་གྱི་ཉེར་སྔོགས་དང་། དེ་རྣམས་རྣམ་པར་འབྱེད་པའི་རྒྱུ་མཚན་ཡོན་ལག་དང་ཡན་ལག་ཉེ་བར་བསྡུ་བའོ།། ་དེ་ལ་དང་པོ་ཉེར་སྔོགས་ནི་རེ་རེ་ལ་ཡང་རྣམ་པ་དྲུག་དྲུག་གི་སྒོ་ནས་ཤེས་པར་བྱ་སྟེ། མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་དང་། མོས་པ་ལས་བྱུང་བ་དང་། རབ་ཏུ་དབེན་པ་ཡིད་ལ་བྱེད་པ་དང་། དགའ་བ་སྡུད་པ་དང་། དཔྱོད་པ་པ་དང་། སྦྱོར ་བའི་མཐའོ།། དེ་ལ་དང་པོའི་དོན་ནི་བསམ་གཏན་དང་པོའི་དབང་དུ་བྱས་ན་འདོད་པའི་ཁམས་ལ་རགས་སོགས་ཀྱི་རྣམ་པར་ཡིད་ལ་བྱེད་ཅིང་། བསམ་གཏན་དང་པོ་ལ་ཞི་བའི་རྣམ་པར་བསྒོམ་པ་འདོད་པའི་ཁམས་ཀྱི་ཐོས་པ་དང་། ་བསམས་པའི་ཤེས་རབ་དང་འདྲེས་པས་ཏེ། ཤེས་རབ་དེ་ཉིད་ཀྱི་ཞི་རིགས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་རིག་པས་མཚན་ཉིད་རབ་ཏུ་རིག་པ་ཞེས་བྱའོ།། རགས་པ་དང་ཞི་བ་ཡང་གོ་རིམ་བཞིན་དུ་ཁམས་འོག་མ་ནི་ཚེ་ཐུང་ཞིང་སྡུག ་བསྔལ་དུང་ཉོན་མོངས་པ་མང་ལ། གོང་མ་ནི་དེ་ལས་ཟློག་པའོ།། འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟར་སྒོམ་པ་མི་འཐད་ཞེ་ན།། སྐྱོན་མེད་དེ། ཀུན་རྫོབ་ཏུ་དེ་ལྟར་ཡིད་ལ་བྱེད་ཅིང་དོན་དམ་པར་དེ་འདྲ་བའི་དངོས་པོར་མི་ཞེན་པའོ།། ། ་ཡིད་ལ་བྱེད་པ་འདིས་ཀྱང་ཁམས་འོག་མ་ལ་སྐྱོ་ཞིང་གོང་མ་ལ་མངོན་པར་འདོད་པས་དེའི་ཐབས་ལ་འཇུག་པའི་ཡན་ལག་ཙམ་དུ་འགྱུར་གྱི། དངོསུ་ནི་དབུགས་འབྱུང་རྔུབ་རྗེསུ་དྲན་པ་ལ་སོགས་པ་ཞི་གནས་ཀྱི་རྒྱུ་མཚན་ཡིད་ལྔ་བྱེད་པ ་ལས་དེ་འདྲ་བའི་བསམ་གཏན་ཐོབ་པར་གསུང་རབ་དག་ལས་བཤད་དོ།། མོས་པ་ལས་བྱུང་བ་ནི་ཐོས་བསམས་ཀྱི་ཤེས་རབ་དང་མ་འདྲིས་པར་རྩེ་གཅིག་པའི་ཏིང་ངེ་འཛིན་འབའ་ཞིག་པའོ།། དེ་འདྲ་བའི་ཡིད་ལ་བྱེད་པ་ལས་འདོད་པའི་ཁམས་ཀྱི ་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆེན་པོ་སྤོང་ཞིང་དེས་དབེན་པའི་ཡིད་ལ་བྱེད་པ་ནི་རབ་ཏུ་དབེན་པའོ།། དེ་ལྟར་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་རེག་པ་སྤོང་བར་དགའ་ཞིང་སྤོང་བ ་ཕན་ཡོན་དུ་མཐོང་ནས་དད་པས་ཡིད་ལ་བྱེད་པ་སྒོམ་པ་ནི་དགའ་བ་སྡུད་པ་ཞེས་བྱ་སྟེ། ཉོན་མོངས་པ་འབྲིང་པོ་སྤོང་བར་བྱེད་པའོ།། དེའི་རྗེས་ཉོན་མོངས་པ་ཐམས་ཅད་སྤང་བར་འདོད་པས་དེ་རྣམས་སྤངས་པ་དང་མ་སྤངས་པ་བརྟག ་པར་བྱ་བའི་དོན་དུ་ཉོན་མོངས་པ་སྐྱེ་བ་དང་རྗེསུ་མཐུན་པའི་ཡུལ་ཡིད་ལ་བྱེད་པས་སྒོམ་པར་འགྱུར་ཞིང་དཔྱོད་པ་ཡིད་ལོ་བྱེད་པ་ནི་དཔྱོད་པའོ།། དེར་ཉོན་མོངས་པ་སྐྱེ་བའི་མཚན་མ་མཐོང་ནས་དེ་དག་སྤང་པར་བྱ་བའི་དོན་དུ་སྨྲ ་མ་ལྷོར་ཞི་རགས་ཀྱི་རྣམ་པར་སྒོམ་པ་ནི་སྦྱོར་བའི་མཐའ་བའོ།། སྦྱོར་བའི་མཐའི་འབྲས་བུ་ནི་དེ་རྣམས་ཀྱི་ཐོབ་པར་བྱ་བ་དངོ་ས་གཞི་ཉིད་ཀྱི་ཁོངསུ་གཏོགས་པའོ།། འདིར་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་རྒྱུན་འབའ་ཞིག་ལ་དང་པོ་དང ་གཉིས་པ་ལ་སོགས་པར་རྣམ་པ་འབྱེད་པ་མི་འཐད་དོ་ཞེ་ན། དེའི་ཡོན་ལག་གི་སྒོ་ནས་རྣམ་པར་དབྱེ་བར་བྱ་སྟེ། དེ་ལ་དང་པོ་ནི་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་། བདེ་བ་དང་། རྩེ་གཅིག་པ་སྟེ། ཡན་ལགོ་རྣམ་པ་ལྔ་དང་ལྡན་པའོ།། དེ ་ལ་རྟོག་པ་དང་དཔྱོད་པ་ནི། སེམས་པ་དང་ཤེས་རབ་ཀྱི་ཆར་གཏོགས་པ་ཚོལ་བ་པ་དང་། ངེས་པའི་རྣམ་པ་ཅོན་ཡིན་ཞེས་མངོན་པའི་བསྟན་བཅོས་དག་ལས་བཤད་དོ།། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལ་ནི། བསམ་གཏན་དང་པོ ་དང་རྗེ་སུ་མཐུན་པའི་རྟོག་པ་སྟེ། ཆོ་ག་བཞིན་དུ་རྟོག་ཅིང་དེ་དག་ཀྱང་འདུལ་བས་ན་རྟོགས་པ་ཞེས་བྱ་སྟེ། ཞེས་པ་ལ་སོགས་པ་བཤད་ནས་རྟོག་པ་དེ་ཉིད་ལ་དཔྱོད་པ་དང་། རྣམ་པར་སྤྱོད་པ་ལ་སོགས་པ་ནི་སྤྱོད་པ་པའོ་ཞེས་ཀྱང་གསུང་སོ།། ། ་དགའ་བ་དང་བདེ་བ་ནི་གོ་རིམ་བཞིན་དུ་སེམས་དང་ལུས་ཀྱི་བདེ་བ་སྟེ། དེ་ཡང་འདོད་ཆགས་ཀྱི་དབེན་པ་ལས་སྐྱེ་བའོ།། རྩ་གཅིག་པ་ནི་དེ་དག་གི་གནས་ཀྱི་ཡན་ལག་སྟེ། གང་ཡང་རུང་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའོ།། ་བསམ་གཏན་གཉིས་པ་ནི་ཡན་ལག་རྣམ་པ་བཞི་དང་ལྡན་པ་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་། ནང་རབ་ཏུ་དང་བྱ་དང་རྩེ་གཅིག་པའོ།། ནང་རབ་ཏུ་དང་བ་ནི་མངོན་པའི་བསྟན་བཅོས་དག་ལས། བཏང་སྙོམས ་དང་དྲན་པ་དང་ཤེས་བཞིན་གསུམ་ལ་ཡང་བཤད་ལ། ཆོས་ཡང་དག་པར་སྡུད་པ་ལ་ནི། དཀོན་མཆོག་གསུམ་ལ་དགའ་བ་སྐྱེ་བ་སྟེ། དེ་དཀོན་མཆོག་གསུམ་ལ་དགའ་བས་དགེ་བའི་ཆོས་རྣམས་རྫོགས་པར་འགྱུར་རོ་ཞེས་གསུང་སོ།། ནང ་རབ་ཏུ་དང་བ་ཡང་མདོ་སྡེ་དེ་ལས་རྟོག་དཔྱོད་ཀྱི་དྲི་མ་ལ་སོགས་པ་དང་བས་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་སྟེ། ཇི་ལྟར་རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་རྣམས་ལན་ཚྭའི་རོར་གཅིག་པ་བཞིན་དུ་རོ་གཅིག་ཏུ་གྱུར་ཏེ། ཏིང་འཛིན་དུ་བྱེད་པ ་ཏིང་ངེ་འཛིན་དེ་ལས་དཀོན་མཆོག་ལ་དགའ་བ་བསྐྱེད་པ་ཉིད་དུ་གསུང་སོ།། བསམ་གཏན་གསུམ་པ་ལོ་ནི་ཡན་ལག་ལྔ་དང་ལྗོན་པ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། དགའ་བ་མེད་པའི་བདེ་བ་དང་། རྩེ་གཅིག་པའོ།། དེ་ལ་བཏིང ་@སྙོམས་ནི་ཉོན་མོངས་པ་མེད་པར་གནས་པས།། འབད་པ་དང་རྩོལ་བ་མེད་པར་སེམས་རྣལ་དུ་འཇུག་པའོ།། དྲན་པ་ནི་སྔར་མྱོང་བའི་དངོས་པོ་མི་བརྗོད་པའོ།། ཤྭེ་བཞི་ནི་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་ཡོངསུ་ཤེ ་པའོ།། བཞི་པ་ནི་དག་པ་ཡལ་ཡལ་པོ་མེད་པའི་བདེ་བའོ།། བསྟན་བཞི་ཡན་ལག་བཞིད་ལྡན་པ་སྟེ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་བཏིང་སྙོམས་ཙམ་པ་སྟེ། ལུས་དང་སེམས་ལ་ཕན་པ་དང་གནོད་པར་མི་འགྱུར་བ་དང ་བཏང་སྙོམས་ཡོང་སུ་དག་པ་དང་། དྲན་པ་ཡོང་སུ་དག་པ་དང་། རྩེ་གཅིག་པའོ།། དེ་ལ་ཡོང་སུ་དག་པ་ནི་བདེ་བ་དང་སྡུག་བསྔལ་དང་། ཡིད་བདེ་བ་དང་ཡིད་མི་བདེ་བ་ལ་སོགས་པའི་དྲི་མ་དག་ཅིང་། གཉེན་པོའི་སེམས་དང་། ཡིད་དུ་འོང་བའི ་སེམས་དང་། ལསུ་རུང་བའི་སེམས་དང་། དྲི་མ་མེད་པའི་སེམསུ་འདུག་པའོ་ཞེས་མདོ་ལས་བཤད་པའོ།། གཞན་ཡང་ཡོང་སུ་དག་པ་ནི་སྤང་བྱ་སྤོང་བའི་བྱ་བ་དང་བཅས་པ་དང་། སྤངས་པའི་རྣམ་གྲོལ་གྱི་ལ་མོ།། ལམ་དེའི་རྒྱུན་ལ་གནར ་པ་ནི་བཏང་སྙོམས་སོ་ཞེས་བཤད་དོ།། ཡན་ལག་རྣམ་པར་དབྱེ་བ་ནི་དང་པོའི་དབང་དུ་བྱས་ན། རྟོག་པ་དང་དཔྱོད་པ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་སྤོང་བའི་གཉེན་པོའི་ཡན་ལག་གོ།། དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི ་ཡན་ལག་ཅེས་བྱའོ།། རྩེ་གཅིག་པ་ནི་གནས་ཀྱི་ཡན་ལག་གོ།། གཉིས་པའི་དབང་དུ་བྱས་ན་ན་རབ་དང་བ་ནི་རྟོག་དཔྱོད་ལ་སོགས་པ་འོག་མའི་ཉེས་པ་སྤོང་བའི་གཉེན་པོ་ཡིན་ལ། དགའ་བ་དེ་ནི་ཕན་ཡོན་ནོ།། རྩེ་གཅིག་པ་ཞེས་པ་ནི ་ཐམས་ཅད་ཀྱང་སྔ་མ་དང་མཚུངསོ།། གསུམ་པའི་དབང་དུ་བྱས་ན། བཏང་སྙོམས་དང་། དྲན་པ་དང་ཤེས་བཞིན་ནི། སྔ་མ་ལྟར་གཉེན་པོ་ཡིན་ལ། དགའ་བ་མེད་པའི་བདེ་བ་ནི་ཕན་ཡོན་ཡིན་ནོ།། བཞི་པ་ལ་བཏང་སྙོམས་ཡོངསུ་དག་པ་དང་། ་དྲན་པ་ཡོང་སུ་དག་པ་ནི་འོག་མའི་ཉེས་པ་སྤོང་བའི་གཉེན་པོ་ཡིན་ལ། བཏང་སྙོམས་ཙམ་པོ་ནི་ཉེས་པ་དེ་རྣམས་ཀྱིས་དབེན་པ་ཕན་ཡོན་གྱི་ཡན་ལག་གོ།། འདིར་བསམ་གཏན་གྱི་ཉེར་སྔོགས་འདི་རྣམས་ནི། གཟུགས་མེད་ཀྱི་སྙོམས་པར ་འཇུག་པ་ལ་ཡང་སྦྱོར་བར་བྱའོ།། འདི་རྣམས་ཀྱི་ཡན་ལག་ནི་བཏང་སྙོམས་དང་རྩེ་གཅིག་པའམ། ཡང་ན་བསམ་གཏན་བཞི་པའི་ཡན་ལག་ཇི་སྙེད་པ་ནི་འདི་རྣམས་ཀྱི་ཡན་ལག་ཏུ་འགྱུར་བའོ།། འདི་རྣམས་ཀྱི་དབྱེ་བ་ནི་སྔར་བསྟན་པ ་སྟར་དམིགས་པའི་སྒོ་ནས་རབ་ཏུ་ཕྱེ་བའོ།། འདི་རྣམས་ཀྱི་སྤྲོས་པ་ཞིབ་ཏུ་ནི་ཆོས་མངོན་པའི་བསྟན་ཆོས་ལས་ཤེས་པར་བྱའོ།། ཡང་ཉན་ཐོས་ཀྱི་ས་དང་མཉམ་པར་བཞག་པའི་སྣ་ལས་བཤད་པ་ནི། བསམ་གཏོན་བཞི་པོ་དེ་དག་ཉིད ་ཐོབ་པར་བྱེད་པའི་ཡན་ལག་བསམ་གཏན་གྱི་ཉེར་བསྡོགས། བསམ་གཏན་ཉོན་མོངས་པ་ཅན་དང་། དག་པ་འཇིག་རྟེན་པའི་བསམ་གཏན་དང་། འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་བསམ་གཏན་ནོ།། རྣམ་པ་བཞིའོ།། དེ་ལ ་དང་པོ་ནི་བོས་མ་གཏན་རེ་རེ་ལ་ཡང་ཡན་ལག་དྲུག་དྲུག་སྟེ། སྔར་བསྟན་པོ་བཞིན་ནོ།། གཉིས་པའི་དོན་ནི་སྲེད་པ་དང་ལྟ་བ་དང་། ང་རྒྱལ་དང་མ་རིག་པ་ཤས་ཆེ་བའི་བསམ་གཏན་ཏེ། འཕགས་པ་རྣམས་ཀྱིས་བསྒོམ་པར་བྱ་བ་མ་ཡིན་ནོ།། ་གསུམ་པ་ནི་དེ་འདྲ་བའི་ཉེས་པ་ལས་ཟློག་པ་ངེས་འབྱེད་དང་། མངོན་པར་ཤེས་པ་དང་། ཚད་མེད་པ་ལ་སོགས་པ་ཡོན་ཏན་དང་ལྡན་པའོ།། བཞི་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ་སྟེ། ་སྟོང་པ་ཉིད་དང་། མཚན་མེད་པ་དང་། སྨོན་པ་མེང་པོའི་དོན་ལ་རྩེ་གཅིག་ཏུ་གནས་པའོ།། སྟོང་པ་ཉིད་ལ་སོགས་པ་ཡང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པར་འགྱུར་པ་སྟེ། སྐབས་གཞན ་དུ་ཤེས་པར་བྱའོ།། དེ་བཞིན་དུ་བདེན་པ་བཞི་དང་རྣམ་པར་ཐར་པ་བརྒྱད་དམ་གསུམ་ལ་མཁས་པ་སྟེ། ཉན་ཐོས་ལ་སོགས་པའི་བྱེ་བྲག་གི་ཅི་རིགས་པར་སྦྱར་བར་བྱའོ།། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པ་ལས ་པས་ནི། དེ་འདྲ་བའི་འགོག་པ་ལ་སྙོམས་པར་ཞུགས་པ་མྱ་ངན་ལས་འདས་པ་དངོས་ཡིན་པ་འགག་པ་སྟེ། དེའི་དོན་ནི་ཀུན་གཞི་རྣམ་པར་ཤེས་པ་གནས་མ་གྱུར་ན། འཇུག་པའི་རྣམ་པར་ཤེས་པས་བསྡུས་པའི་འདུ་ཤེས་དང་ཚོར ་བ་ལ་སོགས་པ་མངོན་དུ་རྒྱུ་བ་འགགས་ཀྱང་དེ་རྣམས་ཀྱི་ས་བོན་དང་ལྡན་པའི་ཀུན་གཞི་ལ་བརྫུན་ནས་སླར་འབྱུང་བས་མྱ་ངན་ལས་འདས་སཅན་ཉིད་པར་མི་འཐད་ཅེས་པའོ།། གལ་ཏེ་ཉན་ཐོས་ལ་སོགས་པ་རྣམས་ཀྱི ་ས་བོན་དང་ལྡན་པའི་ཀུན་གཞི་ཉིད་ཀྱང་སྤངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཀུན་གཞིའི་རང་བཞིན་གྱི་ལྟ་བ་བཞིན་དུ་རྟེགས་ཤིང་གོམས་པ་མེད་པས། སྤོངས་པ་མི་འཐད་པའོ།། དེ་སྐད་དུ་ཡང་། རང་སེམས་ཁོང་དུ་ལ་ཆུད་པས ་ཡུལ་ལ་གཞོལ་བའི་རྣམ་པར་ཤེས། རབ་ཏུ་འཇུག་དང་ལྡོག་པར་འགྱུར་ཞེས་པ་ལ་སོགས་པ་གྲུསུངས་པའི་ཕྱིར་རོ།། དེའི་རང་བཞིན་མི་རྟོག་པའི་རྒྱུ་མཚན་ཡང་། དེ་ནི་བདག་མེད་པ་གཉིས་ཀྱིས་བསྡུས་པ་སྤྲོས་པ ་དང་བྲལ་ཞིང་འོད་གསལ་བ། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་ལ། གང་ཟག་དེ་རྣམས་ལ་ནི་ཇི་ལྟར་རིགས་པ་བཞིན་དུ་བདག་མེད་པ་གཉིས་རྟོགས་པ་མེད་པསོ།། ཕུང་པོ་དང་ཞེས་པ་ལ་སོགས་པ་ཆོས་ཀྱི་བདག་ཏུ ་སྒྲོ་འདོགས་པ་ཉིད་བསྟན་ཏོ།། ཡོངསུ་བཟུང་བས་ཞེས་པ་ནི་གཟུང་བའི་ཕྱིར་ཞེས་པ་སྟེ། མི་རྟོག་པ་ཉིད་ཀྱི་གཏན་ཆེ་གསུ་སྦྱར་རོ།། དེ་ལྟ་ན་དེ་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་དམ་ཞེ་ན། དེ་བཞིན་གཤེགས་པ ་སྙིང་པོ་འཇུག་ཞེས་པ་སྟེ། དེ་རྣམས་ལ་ཡང་རྒྱུ་དང་ལྡན་པར་འཇུག་ཅིང་ཡོད་པའོ།། ཡང་ན་ཡོངསུ་བཟུང་བས་དེ་བཞིན་གྲོཤེགས་པའི་སྙིང་པོ་འཇུག་པ་སྟེ། ཆོས་ཀྱི་བདག་ཏུ་སྒྲོ་འདོགས་ཤིག་གང་ཟག་གི་བདག་མེད་པར ་རྟོགས་པ་ཕྱོགས་གཅིག་པའི་སྒོ་ནས་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་སྟེ། ཕྱོགས་ཐམས་ཅད་ནས་རྟོག་པ་མེད་ཅེས་སྔར་བསྟན་པ་བཞིན་དུ་ཤེས་པར་བྱའོ།། ཆོས་ལྔ་དང་ཞེས་པ་ལ་སོགས་པས་དེ་བཞིན ་གཤེགས་པའི་སྙིང་པོ་སྦྱངས་པས་འཁོར་བ་ལྡོག་ཅིང་། མྱ་ངན་ལས་འདས་པ་འཇུག་པའི་ཚུལ་སྟོན་ཏེ། དེ་བཞིན་གཤེག་པ་འཇུག་སྟེ་ཞེས་པའི་ཚིག་མར་ཀྱང་གདགས་ཏེ།། དེ་ལྟ་བུའི་སྙིང་པོ་སྦྱོང་བ་ཡང་ས་དང་པོའི་གནས་སྐབས ་བུ་ཆོས་ལ་བདག་མེད་པ་ལ་སོགས་པ་མཐོང་བས། གོང་ནས་གོང་དུ་སའི་རིམ་པ་མཚམས་སྦྱར་བ་གཞན་དང་གཞན་དུ་འཕོས་པ་སྟེ། བརྒྱུད་པ་ལ་སོགས་པའི་གནས་སྐབས་ན་ཀུན་གཞིའི་སྣང་བ་དང་། ་འཇུག་པའི་རྣམ་པར་ཤེས་པ་ལྡོག་པར་འགྱུར་ཏེ། གཞན་མུ་སྟེགས་ཅན་གྱི་ལམ་གྱི་ཡུལ་གང་ཟག་ལ་སོགས་པའི་མཚན་མོར་འཛིན་པས་བསྐྱོད་པར་མི་ནུསོ།། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ནི་ཏིང་ངེ ་འཛིན་བདྲེན་པའི་སྒོའི་ལམ་བཅུ་རབ་ཏུ་ཐོབ་པར་འགྱུར་ཏེ་ཞེས་པ་ལྔ་བདེན་པའི་ཕྱིན་ཅི་མ་ལྡོག་པའི་ཡུལ་ཅན་ཏེ། དེ་བཞིན་ཉིད་ལ་དམིགས་པའོ།། དེ་ཉིད་སྲུངས་རྒྱས་ཀྱི་ཆོས་རྣམས་ཐོབ་པའི་སྒོར་འཇུག་པའི་ལམ་ཡིན་པས། ་བདེན་པའི་སྒོ་ཞེས་པ་སྟེ་གཞི་མཐུན་པའི་བསྡུས་པའོ།། བཅུ་ཞེས་པ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངསུ་རྫོགས་པ་དང་། སྒྱུ་མ་ལྟ་བུའི་ཏིངངེ་འཛིན་རྫོགས་པའོ།། དེ་ལ་སྙོམས་པར་འཇུག་པ་དགུ་ནི་སྔར ་བསྟན་པའི་བསམ་གཏན་བཞི་དང་། གཟུགས་མེད་ཀྱི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པའོ།། དེ་ལ་སྙོམས་པར་འཇུག་པ་བཞིནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་ན། གཟུགས་ཀྱི་འདུ ་ཤོས་ལ་སོགས་པ་རྣམ་པར་བསལ་ཞིང་ཐམས་ཅད་ན་མཁའོ་ཞེས། ན་མཁར་འདུ་ཤེས་ཤིང་གོམས་པ་ལ་བརྟེན་ནས་བྱུང་བའི་ཏིང་ངེ་འཛིན་དེ་བཞིན་ཉིད་ཀྱི་ཡུལ་ཅན་ནོ།། དེ་བཞིན་དུ་ན་མཁར་འདུ་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། ཀུན ་རྫོབ་ཏུ་རྣམ་པར་ཤེས་པ་ཙམ་མོ་ཞེས་འདུ་ཤེས་པ་དང་། གཞན་ཡང་ཅི་ཡང་མེད་པ་སྟེ། དེ་ལ་ཅི་ཡང་ཞེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་རྟོགས་པ་དང་། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། དེ་ལ ་སོགས་པ་འདུས་བྱས་ཀྱི་ཆོས་ཇི་སྙེད་པ་ཡང་དག་པ་མ་ཡིན་པར་ཡོངསུ་རྟོགས་པའི་རྒྱུ་ལས་བྱུང་བ་ཐམས་ཅད་།། མེད་ཅེས་བྱ་བ་ནི་དེ་རྣམས་ཀྱང་ཀུན་རྫོབ་ཏུ་ཆུང་ཞིང་ཕྲ་བ་སྟེ་དེ་འདྲ་བའི་མཚན་མར་འཛིན་པ་དང་། ཡང་འདུ ་ཤེས་ཡོད་པ་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་ཕྱིར་རོ།། མེད་པ་མ་ཡིན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ་ཞེས་དེ་འདྲ་བའི་མཚན་མར་འཛིན་པ་སྒོམ་པ་ལས་བྱུང་བ། དེ་བཞིན་ཉིད་ཀྱི་ཡུལ་ཅན་ཏེ་དེ་ལྟར་རྣམ་པ་གསུམ་དང ་རིམ་པ་བཞིན་སྦྱར་རོ།། མཚན་མར་འཛིན་པ་གོམས་པ་ལས་དེ་བཞིན་ཉིད་ཀྱི་ཡུལ་ཅན་གྱི་ཏིང་ངེ་འཛི་ནི་སྐྱེ་བ་ཡང་། ཇི་སྐད་དུ། དམིགས་པ་ལ་ནི་བརྟེན་ནས། མི་དམིགས་པ་རྣམས་རབ་ཏུ་སྐྱེ་ཞེས་གསུངས་པ་སྟེ། རྟེན་ཅིང ་འབྲེལ་པར་འབྱུང་བའི་ཆེ་བའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་བཞི་ཡང་། དེ་བཞིན་ཉིད་ལ་དམིགས་པ་བདེན་པའི་ཡུལ་ཅན་ནོ།། འགོག་པའི་སྙོམས་པར་འཇུག་པ་ནི་སྔར་བསྟན་ཏེ།། གཞན་ཡང་འཕགས་པ་ཆོས་ལྔ ་དག་པར་སྡུད་པ་ལས་ནི། རིགས་ཀྱི་བུ་འགོག་པ་ཞེས་བྱ་བ་ནི། གློ་བུར་གྱི་སྒྲིབ་པ་མེད་པ། ཡང་དག་པ་མ་ཡིན་པ། ཀུན་ཏུ་བརྟག་པ་སྟེ། ནམ་ཡང་དག་པ་མ་ཡིན་པ་དེ་ལ་ཀུན་ཏུ་མི་རྟོག་པ་དེ་ནི་འགོག་པའོ་ཞེས་གསུང་སོ།། གཞན་ཡང ་རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་འགྲོག་པ་མངོན་དུ་མི་བྱེད་དོ།། བྱང་ཆུབ་སེམས་དཔའ་གང་འགོག་པ་མངོན་སུམ་དུ་བྱེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི ་སར་ལྟུང་ངོ་ཞེས་གསུངས་ན། བཅོམ་ལྡན་འདས་ཀྱིས་དེ་ཅི་ལ་དགོངས་ཏེ་གསུངས། སྨྲས་པ། རིགས་ཀྱི་བུ་མངོན་སུམ་དུ་མི་བྱེད་ཅེས་བྱ་བ་འདི་ནི་བསྟན་དུ་མེད་པ་མངོན་སུམ་དུ་མཐོང་བའི་ཚིག་བླ་དགས་སོ།། བཅོམ་ལྡན་འདས་ཀྱི ་ཀྱང་འགོག་པ་ནི་བསྟན་དུ་མེད་པའི་ཆོས་སོ་ཞེས་གསུང་སོ།། ཆོས་གང་བསྟན་དུ་མེད་པ་དེ་ནི་མངོན་སུམ་དུ་བྱ་བར་མི་ནུས།། དེ་བས་ནི་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འགོག་པ་མངོན་སུམ་དུ་མི་མཐོང་ངོ་ཞེས་གསུངས། ་ཏེ། དེ་ལ་དགོངས་ཏེ་བྱང་ཆུབ་སེམས་དཔའ་ནི་འགོག་པ་མངོན་དུ་མི་བྱེད་དོ།། ཉན་ཐོས་ནི་ཆོས་ལ་མཚན་མར་འཛིན་པའི་བློ་ཡིས་འགོག་པ་མངོན་སུམ་དུ་བྱེད་དོ།། གནས་སོ།། ཀུན་ཤེས་སོ།། ཞེས་གསུངས་པའོ།། དེ་ལྟར ་དགོངས་དོན་བསྟན་པས་ཀྱང་མདོ་འདི་ལས་བྱང་ཆུབ་སེམས་དཔའ་འགོག་པའི་སྒོ་ཅུང་ཟད་མངོན་དུ་བྱེད་པར་གསུངས་པ་ནི། མདོ་སྡེ་གཞན་དང་མི་འགོལ་བར་བསྟན་ཏོ།། འདིར་ཏིང་ངེ་འཛིན་བཅུ་དེ་ལྟར་ཡིན་པའི་རྒྱུ ་མཚན་ཡང་གསུངས་རབ་དག་ལས་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆོད་ཐོབ་པ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཇི་ལྟར་འདོད་པ་བཞིན་སྙོམས་པར་འཇུག་གོ་ཞེས་གསུངས་པ་དང་མདོ ་འདི་ཉིད་ལས་ཀྱང་ས་བརྒྱད་པ་ལ་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་ཏིང་འཛིན་གྱི་བདེ་བ་ལ་གནས་པ་ན། སངས་རྒྱས་རྣམས་ཀྱིས་རྗེ་སུ་འཛིན་པ་སྟེ། དེ་ལས་སྤད་པར་བྱེད་པ་ཉིད་དུ་གསུངས་པའི་ཕྱིར་རོ།། གཞན་ཡང ་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྫོགས་པ་འམ། རྫོགས་པ་ལ་ཉེ་བའི་གནས་སྐབས་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་རྫོགས་པའམ། རྣམ་པར་དག་པ་ཉིད་དུ་གསུངས་པ་ལ ་དེ་འདྲ་བ་ཡང་ས་བརྒྱད་པ་ལ་སོགས་པའི་གནས་སྐབས་ཡིན་པས་སོ།། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་ཆོས་ལས། ཁྱད་པར་དུ་ས་བརྒྱུད་པའི་གནས་སྐབས་ནས་ཐོབ་པར་བཤད་དེ།། དབང ་པོ་ཤེས་དང་རྒྱལ་བ་ཡི།། ཞིང་སྦྱོང་སྒྱུ་མ་ལྟར་གནས་དང་ཞེས་གསུངས་པ་ལྟ་བུའོ།། གཞན་ཡང་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སྔོན་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ ་ཐོབ་པར་བྱའོ་ཞེས་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པ་ལ། རྣམ་པར་ལྟ་བ་སྟེ། སྨོན་ལམ་དྲན་པས་ཏིང་ངེ་འཛིན་གྱི་སྒོ་ཡང་དག་པའི་མཐའ་ལས་བཟློག་པ་སྟེ། སྟོང་པ་ཉིད་ཀྱི་མཐའ་མངོན་དུ་བྱེད་པ་ལས་ལངས་ནས་རྗེས་ཀྱི་གནས་སྒྲབ ་སུ་བདག་གོ་འཕགས་པ་སོ་སོ་རང་གིས་རིགས་པས་ཤེས་པར་བྱ་བ་གཞན་དང་ཐུན་མོང་ཡིན་པའི་རྣལ་འབྱོར་གྱི་ལམ་སྟེ་སྣང་ལ་ཞེན་པ་མེད་པའི་ཤེས་རབ་ཀྱིས་སེམས་ཅན་སྨིན་པར་བྱེད་ཅིང་སངས་རྒྱས་ལ་མཆེད་པ་ལ་སོགས་པའི ་སྒོ་ནས་ཚོགས་རྫོགས་པར་བྱེད་པ་དང་། ཡང་མཉམ་པར་བཞག་པའི་རྣལ་འབྱོར་སྤེལ་མར་བསྒོམས་པས། འཕགས་པའི་རིགས་དང་དེ་བཞིན་གཤེགས་པའི་སྙིང་པོ་སྦྱོང་བར་བྱེད་པའི་ལམ་དུ ་ཡོངསུ་རྫོགས་པའོ།། གཞན་ཡང་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་དང་ཞེས་པ་ས་བཅུའི་གནས་སྐབས་ཉིད་ལ་སྦྱར་བའམ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐར་ཐུག་པ་ལ་སོགས་པ་ལྔ་སྦྱར་པོར་བྱའོ།། དེ་ལྟ་བས་ནཱ་ཉེ ་པ་ལ་སོགས་པ་ནི་དེ་འདྲ་བའི་ཡོན་ཏན་ཁྱད་པར་ཅན་ཐོབ་པར་འདོད་པས། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་སྦྱང་བར་བྱའོ།། ཞེས་གདམས་པའོ།། དེ་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་ཀུན་གཞི ་ཉིད་དེ་བཞིན་གཤེགས་པའི་སྙིང་པོར་གྱུར་པའི་རྒྱུ་མཚན་ནི་ལུས་ཅན་ཐམས་ཅད་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཉིད་དུ་གསུངས་པས་འཇུག་པའི་རྣམ་པར་ཤེས་པ་ནི་རྒྱུ་དང་མི་ལྡན་པའི་ཕྱིར་སྙིང་པོ་ཉིད་དུ་མི་འཐད་ཅེས ་བའོ།། གལ་ཏེ་སེམས་ཅན་གྱི་གནས་སྐབས་ན་ཡང་རྒྱུན་ལས་ཉམས་པར་འགྱུར་བ་ནི་དུས་གཞན་གྱིས་ཆོད་པའི་འོག་རོལ་དུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱར་མི་འཐད་ལ། དེ་ལྟར་ན་ཡོང་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་ནི།། ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། ཡིད་ཀྱི་རྣམ་ཤེས་དང་སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་ནི་གོ་རམ་བཞིན་དུ་སོ་སོར་རྟོག་པ་དང་། བྱོ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ་ཞེས་པའི་དབྱེ་བ་མི་འཡང་དོ་ཞེམ་སྐྱོན་མེད་དེ། རྣམ་པར་ཤེས་པོ་རྒྱུན་འམས ་པར་གྱུར་པ་ན། དེ་རྣམས་ཀྱི་རང་གི་རིགས་མཐུན་ཕྱི་མ་བསྐྱེད་པར་གྱུར་པའི་ས་བོན་སེམས་ཀྱི་ངོ་བོར་གྱུར་པ་ཀུན་གཞི་རྣམ་པར་ཤེས་པ་ལ་བསྒོས་ཤིང་། དེ་ལས་ཀྱང་རྣམ་པར་ཤེས་པ་དང་ཡང་དེ་འགག་པར་གྱུར་བ་ན་ས་བོན་ལ་སོར ་པའི་སྦེད་ཅིག་གཞན་དང་གཞན་འབྱུང་བ་ན། དེ་རྣམས་ལས་རབ་ཏུ་མཆོད་པར་ཡེ་ཤེས་ཀྱི་ཁྱད་པར་དེ་རྣམས་འབྱུང་བས་སོ་སོར་ངེས་པའི་རྒྱུ་ཉིད་དུ་འཐད་ཅིང་དེ་ཉིད་ཀྱི་གནས་གྱུར་པའི་བྱེ་བྲག་ས་བོ་རྱང་སྡུ་པ་ལྔ་འགལ་བ་མེད་དོ།། ་གལ་ཏེ་དེ་ལྟ་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བའི་རྒྱུར་འགྱུར་བས་དེ་བཞིན་གཤེགས་པའི་སྙིང་པོ་འམ་རིགས་ཉི་དུ་འགྱུར་པ་མཚུངས་སོ་ཞེ་ནོ།། མ་ཡིན་ཏེ། ཆོས་ཀྱི་སྐུའི་རང་བཞིན་ནི་མེ ་ལོང་ལྟ་བའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ལ། དེ་ཡང་ཀུན་གཞི་རྣམ་པོར་ཤེས་པ་གནས་གྱུར་པས་རབ་ཏུ་ཕྱེ་བ་ཉིད་དོ་ཞེས་གསུངས་པས་དེ་ཉིད་སངས་རྒྱས་ཀྱི་སྙིང་པོ་འམ་རིགས་ཉིད་དུ་འཐད་ཀྱི། དེ་ལས་གཞན་ཡེ ་ཤེས་གསུམ་པོ་ནི་ཡེ་ཤེས་སྔ་མ་དེ་ལ་བརྟེན་པའི་གནས་སྐབས་གློ་བུར་བ་ཡིན་པས་དེ་རྣམས་ཀྱིས་རྒྱུར་གྱུར་པའི་འཇུག་པའི་རྣམ་པར་ཤེས་པ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པར་མི་འཐད་པའོ།། དེ་ལས་གནས་གྱུར ་ཞེས་པའི་དོན་ནི་སྤང་བྱ་ས་བོན་དང་བཅས་པ་སྤངས་ནས་གཉུག་མར་གནས་པའི་ཡེ་ཤེས་ས་བོན་དང་བཅས་པ་འབའ་ཞིག་པའོ།། འདི་རྣམས་ཀྱི་དོན་ཞིབ་ཏུ་སྔར་བསྟན་ཟིན་ཏོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་འཇིག་རྟེན་ཐ་མལ ་པ་རྣམས་ལ་ཀུན་གཞི་སྒྲུབ་པར་བྱེད་པའི་གཏན་ཚིགས་སྟོན་ཏེ། འདིའི་དོན་ཡང་འཇུག་པའི་ཆོ་ག་དྲུག་རྒྱུན་གྱི་འཇུག་པ་ལས་བརྒྱལ་བ་དང་གེཉིད་འཐུག་པོ་ལོག་པ་ལ་སོགས་པའི་གནས་སྐབས་སུ། རེ་ཞིག་ལྡོག་ཅིང་ཡང་དེ་ལྔས་སང་ནས ་རྒྱུན་གྱིས་འཇུག་པ་སྟེ། དེའི་རྒྱུན་གྱིས་ཐོག་མོ་དེ་ཉིད་ན་ས་བོན་ཐམས་ཅད་དང་ལྡན་པའི་སེམས་འཇུག་པའི་རྣམ་པར་ཤེས་པ་ལས་གཞན་པ་འགའ་ཞིག་སྔོན་དུ་སོང་བ་ཡིན་ཏེ། རེས་འགའ་བ་ཉིད་དུ་འཇུག་ཅིང་དམིགས་པའི་ཕྱིར་ཞེས ་གཏན་ཚིགསུ་སྦྱར་རོ།། གལ་ཏི་རེས་འགའ་བ་ཉིད་དུ་དམིགས་པ་ནི། མྱོང་བའི་ཚ་དེ་མས་གྲུབ་པའི་དེ་ལྟ་ན་ཡང་དེ་འདྲ་བའི་སེམས་སྔོན་དུ་སོང་བ་ཉིད་དུ་ཇི་ལྟར་འགྱུར་ཏེ། ཁྱབ་པ་མ་གྲུབ་པོ་ཞེ་ན། སྐྱོན་མང་དེ། རས་འགའ་བ་ཡོན་པའི ་ཕྱིར་རྒྱུ་མེད་པར་ནི་འགལ་ལ། རྒྱུ་ཡང་བེམ་པོ་དང་རིག་པ་ལས། སེམས་ལས་ཐ་དད་པའི་བེམ་པོ་ནི་ཡང་དག་པའི་ཀུན་རྫོབ་ཙམ་དུ་སྔ་མི་འཐད་ཞེས་སྔར་བསྟན་ལ། རིག་པ་ཡང་རང་གི་རྒྱུད་དུ་གཏོགས་པ་དང་། རྒྱུ་གཞན་གྱིས་བསྡུས་པ་ལས ་དོང་པོ་རང་གི་རྒྱུད་དུ་གང་ཏོགས་པོའི་རྣམ་པར་ཤེས་པའི་ཚོགས་དྲུག་ནི་འགགས་ནས་མེད་པའི་ཕྱིར་དྲིའི་རྒྱུར་མི་འཐད་ལ། བར་དུ་ཚོད་ལ་སྔ་མ་ཡང་འབྲས་བུ་སྐྱེད་པའི་དུས་ནུ་ཞིག་ནས་མེད་པའི་ཕྱིར་རྒྱུར་མི་འཐད་ཅེས་པའོ།། གལ་ཏེ་ཉོན་མོངས ་པ་ཅན་གྱི་ཡིད་དེའི་རྒྱུར་འགྱུར་རོ་ཞེ་ན། མི་འཐད་དེ། དེ་འདྲ་བ་ལུང་ལས་བཤད་པ་ནི། ཀུན་གཞི་ལ་བརྟེན་ཅིང་། དེ་ལ་དམིགས་པ་ཉིད་ཡིན་པས། དེ་གྲུབ་ན་ཀུན་གཞི་ཡང་གྲུབ་པ་ཉིད་དུ་འགྱུར་ལ། དེ་ལས་གཞན་པ་འཇུག་པའི་རྣམ་པར་ཤེས་པའི་ས ་བློན་དང་ལྡན་པའི་སེམས་འགའ་ཞིག་ཡིན་པར་རྟོག་ན་ནི། དེ་ཀུན་གཞི་བར་ཤེས་པའི་མཚན་ཉིད་དང་ལྡན་པས་ཀུན་གཞི་ཉིད་ཡིན་ཏེ། མིང་ནི་ཇི་ལྟར་ཡང་འདོགས་ལ་རག་གོ།། གཉིས་པ་རྒྱུད་གཞན་གྱིས་བསྡུས་པའི་སེམས་ཀྱང་དེའི་རྒྱུར ་མི་འཐད་དེ།། དེ་ཉིད་བབའ་ཞིག་རྒྱུ་ཡིན་ན་ནི།། རྒྱལ་བ་ལ་སོགས་པའི་སྐབསུ་ཡང་ཚོགས་དྲུག་ལྡོག་པ་མི་འཐད་དེ། དེའི་རྒྱུ་ལ་མ་ཚུང་བ་མེད་པའི་ཕྱིར་རོ།། འོན་ཏེ་དེ་ལ་ཡང་ལྟོས་པཙམ་དུ་ཁས་ལེན་ན་ནི་སྐབས་ཀྱི་དོན་ལ་གནོད་པ ་མེད་པ་སྟེ། དེས་ཀྱང་འཇུག་པའི་རྣམ་པར་ཤེས་པའི་རྐྱེན་བྱེད་ཅིང་། དེ་ལས་གཞན་རང་གི་རྒྱུད་དུ་གཏོགས་པ་ས་བོན་དང་ལྡན་པའི་སེམས་དེ་འདྲ་བ་སྔོན་དུ་སོང་བ་ཉིད་དུ་ཡང་གྲུབ་པའི་ཕྱིར་རོ།། འདི་ཡང་གཏན་ཚིགས་བསྒྲུབ་པར་བྱ། ་པབའི་བདག་ཉིད་ཡིན་པ་དང་། རང་བཞིན་གྱིས་གཏན་ཚི་གོས་ཉིད་དུ་འགྱུར་བའོ།། སློབ་དཔོན་སྔ་མ་དག་གིས་ནི་ཆད་ནས་འབྱུང་བའི་ཕྱིར། ཀུན་གཱཞི་རྣམ་པར་ཤེས་པ་ཡོད་དོ་ཞེས་ལོང་ལ་བརྟེན་པའི་གཏན་ཚིགས་སམ་རྗེས་སུ ་དཔག་པར་འདོད་དེ། མ་རྟོགས་པའི་ཉེས་པ་འབའ་ཞིག་ཏུ་ཟད་དོ།། ཡང་འདིར་གཏན་ཚིགས་སྦྱོར་བའི་ཚུལ་ནི། བདག་ཅག་རྣམས་ཀྱི་ཕུང་པོའི་རྒྱུན་རྒྱུད་འགའ་ཞིག་ཆོས་ཅན་དུ་བཞག་ནས། དེ་ལ་འཇུག་པའི་རྣམ་པར་ཤེས ་པ་ལས་མ་གཏོགས་པའི་ས་བོན་དང་བཅས་པའི་སེམས་འགའ་ཞིག་ཡོད་དེ།། རྣམ་པར་ཤེས་པའི་ཚོགས་དྲུག་རྗེ་སུ་འཇུག་ཅིང་ལྡོག་པའི་ཕྱིར་རོ་ཞེས་གཏན་ཚིགས་སུ་སྦྱར་རོ།། དེ་ལ་འཇུག་པ་དང་ལྡོག་པ་ནི་སྔར་བསྟན་པ་ལྟར ་རྒྱལ་བ་ལ་སོགས་པའི་གནས་སྐབསུ་སྔར་གྱི་རྒྱུན་ལྡོག་ཅིང་། དེ་ལས་སད་པ་ན་ཡང་འཇུག་པར་འགྱུར་པ་སྟེ། འདིའི་ཁྱབ་པའི་དོན་ནི་སྔར་བསྟན་པ་བཞིན་དུ་ཤེས་པར་བྱའོ།། རྣམ་གྲངས་གཞན་དུ་སྦྱར་བ ་ཡང་འདི་ལྟར་བདག་ཅག་རྣམས་ཀྱི་ཕུང་པོའི་རྒྱུན་གྱིས་ཆོས་ཅན་ལ། ས་བོན་ཐམས་ཅད་དང་ལྡན་པའི་སེམས་འགའ་ཞིག་ཡོད་དེ། འཁོར་བར་འཇུག་པ་དང་དེ་ལས་ལྡོགས་པའི་ཕྱིར་ཞེས་པ་སྟེ་འདི་ཡང་དངོས་པོའི་སྟོབས་ཀྱི་ཞུ་གས་པཱི ་གཏན་ཚིགས་སོ།། གལ་ཏེ་བྱིས་པའི་སྐྱེ་བོ་རྣམས་ལ་འཁོར་བར་འཇུག་པ་དང་ལྡོག་པའི་གཏན་ཚིགས་ཇི་ལྟར་གྲུབ་ཅེ་ན། འདི་ལྟར་སེམས་ཅན་གྱི་སྐྱེ་གནས་གཞན་དང་གཞན་ལེན་ཅིང་དེ་ལས་ལྡོག་པ་འབའ་ཞིག་ནི་འཁོར་བར་འཇུག ་པ་དང་ལྡོག་པའི་དོན་མ་ཡིན་གྱི། ད་ལྟར་གྱི་གནས་སྐབསྔ་ན་ཡང་ལས་དང་ཉོན་མོངས་པའི་རྒྱུན་རྒྱུད་རྒྱུན་ཆགསུ་འཇུག་པ་ལས། དེའི་གཉེན་པོ་བྱམས་པ་དང་སྙིང་རྗེ་ལ་སོགས་པ་དང་། བདགེ་མེད་པར་རྟོག་རྫ་པའི་ཤེས་རབ་རྒྱུད ་ལ་བསྐྱེད་ཅིང་། དེའི་རྒྱུན་རྒྱུད་གོམས་པར་བྱས་པ་ན་སྔར་གྱི་ཉོན་མོངས་པ་ལ་སོགས་པ་ལྡོག་པར་འགྱུར་པ་ཉིད་དུ་ཉམསུ་མྱོང་བའི་ཚད་མས་གྲུབ་ལ། དེ་ཉིད་ཀྱང་རེ་ཞིག་འཁོར་བར་འཇུག་པ་དང་ལྡོག་པ་ཉིད་ཡིན་པའི་ཕྱིར་རོ།། འདིའི་ཁྱབ ་པའི་དོན་ཡང་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་དང་། བྱམས་པ་ལ་སོགས་པ་དང་བདག་མེད་པར་རྟོགས་པའི་ཤེས་རབ་བསྟན་ཞིང་བསལ་བར་འཇུག་པ་ནི། རང་གི་རིག་པ་གོམས་པའི་མ། གོམས་པའི་ས་བོན་འགའ་ཞིག་སྔོན་དུ ་འགྲོ་བར་ཉམ་སུ་མྱོང་བའི་ཚད་མས་གྲུབ་སྟེ། འདིའི་དོན་ནི་སྔར་བསྟན་ཏོ།། དེའི་ཕྱིར་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་དང་། དེས་ཀུན་ནས་བསླང་བ་མི་དགེ་བའི་སེམས་པའི་རྒྱུན་རྒྱུད་ལོག་ནས། བྱམས་པ་ལ་སོགས ་པ་དང་། བདག་མེད་པོར་རྟོགས་པའི་ཤེས་རབ་ཀྱི་རྒྱུན་རྒྱུད་སྐྱེ་བར་འགྱུར་བའི་ཐོག་མོ་དེ་ཉིད་ནི། དེ་འདྲ་བ་བསྐྱེད་པར་ནུས་པའི་ས་བོན་དང་ལྡན་པའི་སེམས་འཇུག་པའི་རྣམ་པར་ཤེས་པ་ལས་གཞན་པ་འགའ་ཞོག་སྔོན་དུ་སོང་བ ་ཡིན་ཏེ། རེས་འགའ་བར་དམིགས་པའི་ཕྱིར་ཞེས་པ་ལ་སོགསྤ་སྔར་བསྟན་པའི་རྗེ་སུ་འབྲངས་ཏེ་རྟོག་པར་བྱའོ།། གལ་ཏེ་འདྲིར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཉིད་དེའི་རྒྱུར་འགྱུར་བས།། ཀུན་གཞི་སྒྲུབ་པ་མི་འཐད་དོ་ཞེ་ན། སྐྱོན་མེད ་དེ། ཚོགས་དྲུག་པོ་དེ་ནི་སྒྲ་དྲང་རླུང་ལ་སོགས་པ་བཞིན་དུ་ཤིན་ཏུ་རྒྱུན་མི་བརྟན་པས་བྱམས་པ་ལ་སོགས་པའི་ས་བོན་བསྒོ་བའི་རྟེན་དུ་མི་འཐད་དེ། དེ་ལྟ་ན་ས་བོན་ཉིད་ཀྱང་ལྡོག་པར་འགྱུར་བས།། འབྲས་བུ་དེ་འདྲ་བ་འབྱུང་བ་མི་འཐད་།། དེ ་ལྟར་འཁོར་བ་ལས་ལྡོག་པའི་ཁྱད་པར་གྲུབ་པ་དེ་ཉིད་ལ་བརྟནྡ་ནས། ཀུནྡ་གཞི་རྣམ་པར་ཤེས་པ་འགྲུབ་པ་ནི། དེ་ཉིད་ཀྱི་ཤུགས་ལ་འཁོར་བའི་ཆོས་ཐམས་ཅད་ལས་ལོག་ཅིང་། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ན། ཡང་ཚུལ་འདི ་ཉིད་ཀྱི་རྗེས་སུ་འབྲངས་ལ་རྟོགས་པར་བྱ་སྟེ། ཇི་ལྟར་ཆེ་བ་དག་གི་མི་ཚ་ཞིང་སྲེག་པའི་མཚན་ཉིད་དུ་གྲུབ་པ་ན། དེའི་རང་བཞིན་ཅན་དེ་ལྟར་རྟོགས་པར་འགྱུར་བ་ནི་ཚད་མ་གཅིག་གི་བྱེད་པ་ཡིན་པར་སྔར་བསྟན་པ་བཞིན་ནོ།། ཡང་འཁོར ་པར་འཇུག་པ་ནི་སྔར་གྱི་གཉེན་པོའི་རྒྱུན་འགག་ནས། ཆགས་སྡུད་ལ་སོགས་པའི་ཉོན་མོངས་པའི་རྒྱུན་རྒྱུད་སྐྱེས་པ་ན། དེའི་རྒྱུན་གྱི་ཐོག་མ་དེ་ཉིད་སྔར་བསྟན་པ་ལྟར། འཇུག་པའི་རྣམ་པར་ཤེས་པ་ལས་ཐ ་དད་པ་ས་བོན་ཐམས་ཅད་དང་ལྡན་པའི་སེམས་རྒྱུད་འགའ་ཞིག་སྔོན་དུ་སོང་ཞེས་པ་སྟེ། སྔར་བསྟན་པའི་རྗེསུ་འབྲངས་ཏེ་རྟོགས་པར་བྱའོ།། གཞནོ་ཡང་འཁོར་བར་འཇུག་པའི་ཚུལ་ལས་དང་འབྲས་བུའི་འབྲེལ་པ་དང་། འཇིག་རྟེན་སྔར་མ་དང ་ཕྱི་མ་ནི་སྔར་བསྟན་པ་ལྟར་ཆ་མའི་སྟོབས་ཀྱིས་གྲུབ་པ་སྟེ། དེའི་ཕྱིར་འཇིག་རྟེན་སྔ་མས་བསྡུས་པའི་ལས་ཉོན་མོངས་པའི་རྒྱུན་རྒྱུད་འགའ་ཞིག་ལས། ད་ལྟར་གྱི་ཕུང་པོ་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་དང་ལྷན་ཅིག་པ་གྲུབ་པ་ན། དེ ་འདྲ་བ་ནི་རང་གི་རིགས་གོམས་པའམ། གོམས་པའི་ས་བོན་འགའ་ཞིག་སྔོན་དུ་སོང་བ་ཡིན་ལ། དེ་ལ་སྒོམས་པ་མངོན་དུ་རྒྱུ་བ་ནི། རེས་འགའ་བ་ཡིན་པས་རྟགས་ཏུ་ལྡན་པར་མ་ངེས་ལ། སྔར་གྱི་གོམས་པ་ཡང་ཞིག་པས་རྒྱུ་ཉིད་དུ་མི་འཐད་དེ། ་དེའི་ཕྱིར་དེ་འདྲ་བའི་ས་བོན་སྔོན་དུ་སོང་བ་ཡིན་ལ། ས་བོན་གྱི་རྟེན་ཀྱང་ཀུན་གཞི་ལས་གཞན་དུ་མི་འཐད་པས་དེ་ཉིད་ཚད་མོའི་སྟབས་ཀྱིས་གྲུབ་པའོ།། གཞན་ཡང་ཆག་སྟེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་། དེ་ཀུན་ནུས་སློང་བའི་མི་དགེ་བའི ་སེམས་པ་ནི། བྱམས་པ་ལ་སོགས་པའི་གཉེན་པོའི་ཕྱོགས་ཀྱིས་སྤོང་བ་ཉིད་དུ་ཚད་མས་གྲུབ་ལ། དེ་ཡང་སྤང་བྱ་དང་བཅས་པའི་རྒྱུད་ལ་གཉེན་པོ་འཇུག་ཅིང་སྐྱེད་དགོས་པའོ།། དེ་ལྟར་སྐྱེ་བ་ཡང་སྤང་བ་མངོན་དུ་རྒྱུ་ཡོད་པའི་དུསུ་ནི་མི་འཐད། ་རྣམ་པ་འགལ་བའི་ཕྱིར། ཇི་ལྟར་ཚ་བའི་རེག་པས་ཁྱབ་པའི་ཕྱོགསུ་གྲང་བའི་རེག་པ་མི་འཇུག་པ་བཞིན་ནོ།། ཡང་སྤང་བྱ་དང་ས་བྱོན་དང་བཅས་ཏེ་འགགས་ན་ཡང་། གཉེན་པོ་དོན་མེད་པར་འགྱུར་བས། དེའི་ཕྱིར་ས་བྱོན་དང་བཅས་པའི ་རྒྱུད་ལས་གཉེན་པོ་འཇུག་ཅིང་། ས་བོན་གྱི་རྟེན་ཀྱང་ཀུན་གཞི་ལས་གཞན་དུ་མི་འཐད་པས་དེ་ཉིད་ཚད་མའི་སྟོབས་ཀྱིས་གྲུབ་པའོ།། འདིར་གཞན་དང་སྙོམས་འཇུག་རྣམ་པ་གསུམ་ལས་ལྡང་བའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས ་པ་ཡོད་ཅེས་པ་ལ་སོགས་པ་ལུང་ལ་རྗེ་སུ་དཔག་པས་གྲུབ་པོ་ཞེས་པ་ནི་ལུང་ཉིད་ཀྱི་མཐར་ཐུག་པས་དོན་ཅུང་ཟད་ཀྱང་རྒྱས་པར་མི་བྱེད་པའོ།། བྱིས་པ་དང་འཕགས་པ་རྣམས་ལ་འཇུག་པ་དང་ལྡོག་པ་ཡོད་པས་ཞེས་པ་ནི་བྱིས་པ ་འཁོར་བར་འཇུག་པ་དང་། འཕགས་པ་དེ་ལྔས་ལྡོག་པའོ།། ཚུལ་ཇི་ལྟར་ལྡོག་ཅེ་ན། རྣལ་འབྱོར་ཅན་ཞེས་པ་ལ་སོགས་པ་གསུངས།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པསྔ་ནི་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པར་དཀའ་བ་ཉིད ་རྒྱས་པར་སྟོན་ཏོ།། རྣམ་པར་དཔྱོད་པའི་ལྟ་བ་ནི་མཆིན་མ་སྣ་ཚོགས་ལ་ཆགས་པའོ།། གལ་ཏེ་ཀུན་གཱཞི་རང་བཞིན་གྱིས་རྣམ་པར་དག་པས།། དཔྱོད་པ་མི་འཐུད་དོ་ཞེ་ན། རང་བཞིན་ཞེས་པ་ལ་སོགས་པ་གསུང་སོ།། མུ་དག་པུ་ལྟར་སྣང་སྟེ། ་ཞེས་པ་ནི་རང་བཞིན་དེ་ཁོ་ན་ཉིད་ལ་མ་དག་པའི་དྲི་མ་མེད་ཀྱང་བློ་འཁྲུལ་པ་ལ་དེ་ལྟར་སྣང་བའོ།། དེ་བཞིན་གཤེགས་པའི་སྙིང་པོ་དེ་འདྲ་བ་ཡང་། ལྷ་མོ་དཔལ་ཕྲེང་མ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་གི་དྲི་མ་མེད་ཅིང ་ཟབ་མོའི་དོན་ལ་བློ་གྲོས་འཇུག་པ་དང་། ཐེ་ཚོམ་ལ་སོགས་པའི་མཛེར་དོག་མེད་པས་ཡངས་ཤིང་མཁས་པ་རྣམས་རང་རང་གི་རྟོག་པ་ཁྱད་པར་དུ་འགྱུར་བ་དང་། གདུལ་བྱའི་ཁྱད་པར་འགའ་ཞིག་གི་ཆེད་དུ། ད ་བཞིན་གཤེགས་པ་ལས་འདྲི་འདྲ་བའི་དོན་ཟབ་མི་ཞུས་ཤིང་། དེ་བཞིན་གཤེགས་པས་ཀྱང་གསུང་རབ་ཀྱི་ཆོས་བསྟན་པ་བརྗོད་པ་ལ་དོན་དེ་ཉིད་བཤད་ཅེས་པའོ།། མངོན་པར་ཆགས་པའི་ཉན་ཐོས་ཞེས་པ་ནི། ལོག་པའི་དགེ་བའི་བཤེས། ་གཉེན་ལ་སོགས་པའི་རྐྱེན་ཀྱིས། ལོགས་པར་ཆགས་ཤིང་ཞེན་ཀྱང་དབང་པོ་རྣོན་པོའི་རིགས་ཡིན་པས། ཆོས་ལ་བདག་མེད་པའི་མཚན་ཉིད་ཅན་དེ་བཞིན་གཤེགས་པའི་སྙིང་པོ་རྟོགསུ་པར་འགྱུར་བའོ།། ཡང་ན་ཉན་ཐོས་ལ་སོགས་པ་དབང ་བོ་རྟུལ་པོ་རྣམས་ཀྱི་ཡུལ་མ་ཡིན་ནོ།། ཚིག་གི་དོན་གཞན་ནི་ཤེས་པར་ཟད་དོ།། དེ་ལྟ་བས་ན་ཞེས་པ་ལ་སོགས་པ་ཉེ་བཱ་རཱ་བསྡུས་པའི་ཚུལ་གྱིས་གདམས་པའོ།། ཐོས་པ་ཙམ་གྱིས་ནི་ཆོག་པར་ནི་མི་བྱའོ།། ཞེས་པ་ནི་གལ་ཏེ་ཐོས་པ་ཙམ ་གྱིས་དོན་མཐོང་འགྱུར་ན་བསྒོམ་པ་དོན་མེད་འགྱུར་ཞེས་ས་བཅུའི་མགོན་པོས་བསྟན་པའི་ཉེས་པར་འགྱུར་བའི་ཕྱི་རོ།། དེ་ལ་ཞེས་པ་ལ་སོགས་པས་ནི་དོན་བསྡུས་ཏེ་བསྟན་པའོ།། འཛིན་པ་གཉིས་ཀྱིས་རབ་ཏུ་འཇུག་སྟེ་ཞེས་པ་ནི་དེ ་རྣམས་ལ་གཟུང་བ་དང་འཛིན་པའི་དངོས་པོར་བརྟག་པོའི་སྒོ་ནས། རྒྱུན་དང་ལྡན་པར་འཇུག་ཅིང་། དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་རྟོགས་པས་རྒྱུན་ལས་ལྡོག་པར་འགྱུར་བའོ།། ཚུལ་ཇི་ལྟར་དུ་འཇུག་ཅེ་ནོ།། ཇི་ལྟར་མེ་ལོང་གི་ངོས་ལ་རྫས ་སུ་མ་གྲུབ་པའི་གཟུགས་བརྙན་སྣང་བ་ལ། བྱིས་པ་རྣམས་ཀྱིས་དངོས་པོར་བརྟགས་པ་བཞིན་དུ་གཟུགས་ལ་སོགས་པའི་ཡུལ་སྣང་བ་ལ། ཐ་དད་ཀྱི་དངོས་པོར་འཛིན་པའི་ཚུལ་གྱིས་འཇུག་པ་སྟེ། དེ་ཡང་ཐོག་མ་མེད་པ་ནས་གཉི་སུ་རྟོགས་བཱི། ་བག་ཆགས་ཀྱིས་ཡོངསུ་བསྒྲེས་པའི་དབང་གིས་དེ་ལྟར་སྣང་བའོ།། གལ་ཏེ་ཐ་དད་པར་སྣང་བའི་དོན་མཐུན་པར་སྣང་བ་དང་། དོན་བྱེད་ནུས་པའི་ཕྱིར་བདེན་པ་མ་ཡིན་ཞེ་ན་མ་ཡིན་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་པ་མཐར་ཐུག་པས་རྣམ་པར ་ལྟས་ཤིང་གཅལ་ན། དོན་གྱི་རྣམ་པར་སྣང་ཡང་བདེན་པའི་དོན་མེད་དེ། རྒྱས་པར་སྔར་བསྟན་པ་བཞིན་ནོ།། ཇི་ལྟར་ཞེས་པ་ལ་སོགས་པས་ནི། བསྟན་པ་བརྗོད་པའི་སྒྲ་ལ་ཞེས་པས་ཡང་དག་ཉིད་མི་རྟོག་ཅེས་པ་སྟེ། འདིའི་དོན་སྔར་བསྟན་ཏོ།། ། ་སེམས་ཅནྡ་ནི་ཞེས་པ་ལ་སོགས་པས་ཡང་རྣམ་པར་ཤེས་པ་རྣམས་ཀྱིས་འཇུག་པའི་ཚུལ་གསལ་བར་སྟོན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཡུལ་དུ་སྣང་བའི་རླུང་གིས་སྐྱོང་ནས། གར་མཁན་ནམ་ཆུ་རླབས་བཞིན་དུ། དེ་ལས་རྣམ་ཤེས ་སྣ་ཚོགས་ཀྱི་སྦྱང་བ་དེ་ཉིད་ལ་ཡིད་ཀྱི་རྣམ་པར་ཤེས་པས་འདྲི་དང་འདི་ལྟ་བུ་ཞེས་ཐ་སྙད་འདོགས་ཤིང་གསལ་བར་བྱེད་པས། བཞད་གང་དང་འདྲའོ།། ལྔ་དང་བཙེས་པའི་རྣམ་པར་ཤེས་པ་ནི་གྲངས་སྔར་ཚྭ་བ་སྒོ་ལྟའི་རྣམ་པར་ཤེས་པའི ་སྣང་བ་ནི། སྣ་ཚོགས་ཤིང་གསལ་བ་ཉིད་ཡིད་ཡིན་པས་ཚོན་གྱི་རི་མོ་དང་འདྲ་བར་རྟོག་པ་སྟེ། རྟོག་པའི་བག་ཆགས་ལསོ་བྱུང་བའོ།། དངོས་ནི་དེ་རྣམས་རྟོག་པ་མ་ཡིན་ཏེ། སྐབས་གཞན་དུ་ཤེས་པར་བྱའོ།། ཡང་ན་སྒོ་ལྔའི་རྣམ་པར་ཤེས་པ་དང ་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་སྒོ་ལྔའི་རྣམ་ཤེས་ཀྱི་སྣང་བ་སྣ་ཚོགས་ལ་དེ་དང་འདྲ་བ་རྟོག་ཅེས་པ་སྟེ། ཚིག་སྔ་མ་ཉིད་རྣམ་པར་བཤད་པའོ།། འདི་རྣམས་ཀྱང་། འགྲོ་བ་དག་དང་ལུས་འཛིན ་བ་ཅིའི་སླད་དུ་བྱ་བ་འབྱུང་ཞེས་དྲིས་པའི་ལན་དུ་ཡང་སྦྱར་བར་བྱའོ།། དེ་ནས་ཡང་ཞེས་པ་ལ་སོགས་པས་ཐམས་ཅད་བསྡུས་པ་ཆོས་ལྔ་རང་ནི་ཚུལ་གཞན་གྱི་སྒོ་གསལ་བར་སྟོན་ཏེ། དྲི་བ་གང་གི་ལན་དུ་སྦྱར་བ་ནི་སྔར་བསྟན་པའི་རྗེས ་སུ་འབྲངས་ཏེ་རྟོག་པར་བྱའོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེ་སུ་འཇུག་ཅེ་པ་ནི། སྟོབས་དང་མི་འཇིགས་པ་ལ་སོགས་པའི་རིགས་རྣམས་ཐོབ་པ་ས་བརྒྱད་པ་ཡན་ཆོད་དོ།། བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་ཆོས་ལྔ ་ལ་སོགས་པ་རྟོག་པའི་ཕོན་ཡོན་སྟོན་ཏེ་ཚིག་གི་དོན་ནི་ཤེས་པར་ཟད་དོ།། དེ་ལ་ཞེས་པ་ལ་སོགས་པས་མ་རྟོགས་པའི་ཉེས་དམིགས་སྟོན་ཏེ། ཤིན་ཏུ་འདོད་ཚོགས་ཞེས་པ་ནི་དྲི་ཉིད་རྒྱུན་རྙིང་དུ་གསལ་བར་འཇུག་པའོ།། འདྲ་བ་གང་ཟག ་དེ་རྣམས་ཀྱང་ཇི་ལྟར་དར་གྱི་སྲིན་བུ་རང་གི་ལུས་ལ་བྱུང་བའི་སྤུ་ཡིས། རང་ཉིད་འཆིང་བ་བཞིན་དུ། རང་གི་ཀུན་གཞི་ལས་བྱུང་བའི་ལས་དང་ཉོན་མོངས་པས། བདག་ཉིད་དཀྲིས་ཤིང་འཆིང་བའོ།། ཚིག་གི་དོན་གཞན་ནི་ཤེས་པར་ཟད།། ་དེ་ལ་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཆོས་ལྔ་པོ་སོ་སོའི་རང་བཞིན་སྟོན་ཏེ། གཟུགས་ལ་སོགས་པར་སྣང་བ་ལས་ལོགས་ཤིག་ན་རྣམ་པར་ཤེས་པ་མེད་པས། སྣང་བ་དང་སྣང་བའི་རྣམ་པར་ཤེས་པ་ཐམས་ཅད་མཚན་མའོ།། གལ ་ཏེ་རྟོག་པ་མེད་པའི་ཤེས་པ་དེ་འདྲ་བ་ནི་མཚན་མར་འཛིན་པ་མི་འཐད་དོ།། དེ་ལྟ་ན་དེ་བཞིན་གཤེགས་པ་རྗེས་ཐོབ་ཀྱི་སྣང་བ་དང་ལྡན་པས་མཚན་མ་དང་བཅས་པར་འགྱུར་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་འདི་ནི་རྣམ་པར་རྟོག ་པས་ཀུན་ནས་བསླང་བ་མ་དག་པའི་སྣང་བ་སྟེ། དེ་འདྲ་བ་ཡོད་རིང་ལ་མྱ་ངན་ལས་འདས་པ་ལ་བསྒྲིབ་པས་མཚན་མ་ཞེས་བྱའོ།། གང་གི་མིང་དུ་བརྗོད་ཅེས་པ་ལ་སོགས་པའི་དོན་ནི་བློ་གང་གི་མིང་དུ་བརྗོད་ཅིང་མིང་གི་ཁྱད་པར་དུ ་བྱས་ནས། མཚན་མ་གསལ་བར་བྱེད་པའི་བློ་དེ་ནི་རྣམ་པར་རྟོག་པ་ཡིན་ལ། ཁྱད་པར་དུ་བྱེད་པའི་ཆོས་ནི་མིང་ངོ་།། ཕན་ཚུན་གློ་བུར་དུ་བྱུང་ཞེས་པ་ནི་མིང་ཡང་དོན་ལ་གློ་བུར་ཏུ་བཏགས་ཤིང་། དོན་ཡང་མི་ལ་གློ་བུར་དུ་བཏ། ་པའི་ཕྱིར་མེད་ཅིང་མི་དམིགས་པའོ།། དེ་འདྲ་བའི་ཡེ་ཤེས་དེས་མིང་དང་མཚན་མ་དངོ་སྡེ་སྒོ་མི་འདོགས་ཤིང་། དངོས་པོ་མེད་ཅེས་སྐུར་པར་ཡང་མི་བྱེད་པའོ།། ཤེས་པ་དེ་ལྟ་བུ་ནི་དྲི་བཞིན་ཉིད་ཡིན་ཞེས་པའི་དོན་ཡང་། ཤེས་པ་དེའི་ཡུལ་དེ ་བཞིན་ཉིད་ཡིན་ལ། དེ་ཁོ་ན་ཉིད་དུ་ཡུལ་དང་ཡུལ་ཅན་གཉིས་མེད་པས་ཤེས་པ་དེ་ལྟ་བུ་དེ་བཞིན་ཉིད་དུ་བསྟན་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་བཞིན་ཉིད་རྟོགས་པའི་ཕན་ཡོན་སྟོན་ཏེ། སྒྱུ་མ་ལ་སོགས་པ་སྔོན་དུ་འགྲོ་ཞེས་པ་ནི ་དེ་འདྲ་བའི་རང་བཞིན་གྱིས་ཁྱབ་པའོ།། དེ་བཞིན་གཤེགས་པའི་སའི་བར་དུ་རབ་ཏུ་ཐོབ་པར་འགྱུར་རོ།། ཞེས་བྱ་བ་ཡན་ཆོད་ཀྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ནས་དེ་ཐོབ་ནས་ཞེས་པ་ལ་སོགས་པས་གཞན་གྱི་དོན་ཕུན་སུམ་ཚེགས ་པ་སྟོན་ཏེ། དེ་ཡང་ཆུ་སྟེང་དང་བ་སྣ་ཚོགས་ཀྱི་ནང་དུ་ཟླ་བའི་གཟུགས་སྣ་ཚོགས་སྣང་བ་བཞིན་དུ། གྲངས་ཐུག་པ་མེད་པའི་གདུལ་བའི་རྒྱུད་དང་བ་རྣམས་ལ་ཡང་། ཤིན་ཏུ་འབྲེལ་པའི་ཆོས་ཅན་ཇི་ལྟར་མོས་པའི ་སྐུར་སྣང་བས། དེ་རྣམས་ཀྱི་རྒྱུ་དང་མཐུན་ཅིང་འབྲེལ་པའི་ཆོས་ཅན་ཞེས་བྱའོ།། མོས་པ་ཐ་དད་ཅེས་པ་ནི་གསུང་གང་དང་གྲང་ལ་མོས་པ་མ་འདྲ་བ་རྣམས་ལ། དེ་ལ་མཐུན་པར་ཆོས་སྟོན་པའོ།། ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་རྣམ ་ཕན་ཚུན་བསྡུ་བའི་ཚུལ་སྟོན་ཏེ། དོན་ནི་ཕལ་ཆེར་སྔར་བསྟན་ཟིན་ནོ།། དེ་ལྀ་འདིར་སེམས་དང་སེམས་ལས་བྱུང་བ་རྫས་གཅིག་གམ་ཐ་དད་ཅེ་ན། ཀུན་རྫོབ་ཏུ་རྫ་སཱ་གཅིག་པ་ཉིད་དེ་ཇི་སྐད་དུ། དེ་དང་དེ་མིན་རང་བཞིན་ཅན། དེ་དེ་མིན་དངོས་རྒྱུ ་ལ་སྐྱེས།། དེ་ཤེས་ཐ་དད་མེད་རྒྱུས་སྐྱེས།། བདེ་སོགས་ཅི་ཕྱིར་ཤེས་མ་ཡིན་ཞེས་སློབ་དཔོན་དྷརྨ་ཀཱིརྟིས་བཤད་དེ། ཇི་ལྟར་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་པའི་བདེ་བ་ལ་སོགས་པ་རྣམས། མིག་གྲི་རྣམ་པར་ཤེས་པ་དང་ཐ་དད་མེད་པའི་རྒྱུ་ཡིས ་སྐྱེད་པའི་ཕྱིར། མིག་གི་རྣམ་པར་ཤེས་པ་ཉིད་ཡིན་ཅེས་པས་ཏེ། འདིར་རྒྱུར་ཐ་དད་མེད་པའི་དོན་ཡང་། ཚོགས་པ་གཅིག་པ་དང་ཉེར་ལེན་གཅིག་པ་གཉི་ག་གཏན་ཚིགས་ཀྱི་དོན་ཡིན་ཏེ། དེ་དག་སྒྲུབ་པའི་ཚུལ་ལུགས་རྒྱས་པར་ནི་ཚད་ཡ་རྣམ་པར ་དོས་པའི་རྒྱན་ལས་ཤེས་པར་བྱའོ།། གཏན་ཚིགས་འདི་ཡང་མི་མཁས་པ་རྣམས་ལ། བདེ་སྡུག་རྣམ་པར་ཤེས་པའི་བདག་ཉིད་ཡིན་པའི་ཐ་སྙད་ཙམ་སྒྲུབ་པར་བྱེད་པ་ན་སྟེ། དོན་ནི་མངོན་སུམ་ཉིད་ཀྱིས་གྲུབ་པའོ།། ཡང་མཁས་པ་རྣམ་ལ་ནི་དོན་དང་ཐ ་སྙད་གཉིས་ཀ་ཡང་མངོན་སུམ་ཉིད་ཀྱིས་གྲུབ་སྟེ། དེ་ལ་དགའ་བ་དང་ཡོངསུ་གདུང་བ་ལ་སོགས་པ་གཅིག་ཏུ་ཉམ་སུ་མྱོང་བའི་བདག་ཉིད་དུ་མཐོང་ངོ་ཞེས་གསུངས་པ་ལྟ་བུའོ།། གལ་ཏེ་བདེ་སྡུག་མྱོང་བའི་བདག་ཉིད་དུ་ནི་ཐམས་ཅད་ཀྱི་འདོད་མོད་ཀྱི། དེ་ལྟ ་ན་ཡང་གཙོ་དེའི་རྣམ་པར་ཤེས་པ་དང་རྫུ་སྣ་གཅིག་པ་མ་ཡིན་ནོ་ཞེ་ན། དེ་ནི་རྣམ་པར་ཤེས་པ་བརྒྱུད་ཀྱི་བདག་ཉིད་ལས་མཱ་གཏོགས་པའི་མྱོང་བའི་རྫས་འགའ་ཞིག་འདོད་ན་ནི། ཇི་ལྟར་ལུང་རྣམས་དང་འགལ་བར་མི་འགྱུར་ཞེས་པའོ།། གཞན་ཡང ་སྔར་བསྟན་པའི་གཏན་ཚིགས་ནི་གཙོ་བོའི་རྣམ་པར་ཤེས་པར་འདོད་པ་དེ་ཉིད་དང་རྒྱུན་གཅིག་ཏུ་ངོསྒྲུབས་པས། དེ་ཉིད་ཀྱི་བདག་ཉིད་དུ་འགྱུར་བའོ།། གཞན་ཡང་སློབ་དཔོན་བཟང་མདོག་དང་། བཙུན་པ་བརྟགས་པའི་ལྷས་ཀྱང་དེ་དག་རྫས་ཐ་དད་མེད་པ ་གསུངས་པས་དེ་ཉིད་ཀྱི་རྗེ་སུ་འབྲང་བར་བྱའོ།། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་ཆོས་དག་ལས་སེམས་བསྐྱེད་པ་སྟོན་བློ་སྐ་སུ་སེམས་དང་སེམས་ལས་བྱུང་བ་འདུན་པ་གཉིས་ཐ་དད་མེད་པར་གསུངས་ཏེ། སེམས་བསྐྱེད་པ་ནི་གཞན ་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་སེམས་བསྐྱེད་པའི་ངོ་བོ་འདུན་པ་ལ་བཤད་ཅིང་། མདོ་ལས་ཀྱང་ཤཱ་རིའི་བུ་དེ་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་ལ་བརྩོན་པར་བྱའོ་ཞེས་སེམས་བསྐྱེད་པའི་ངོ་བོ་ཐོབ་པར་འདོད་པོའམ། དོན་དུ་གཉེར་བའི་འདུན་པ་ཉིད་ལ་བཤད་པའི་ཕྱིར་རོ།། གལ་ཏེ་དེ་ལྟ་ན་ཉི་མ་དང་འོད་ཟེར་ལྷན་ཅིག་པ་བཞིན་དུ། དུས་གཅིག་ཏུ་བྱུང་ཞེས་པ་མི་འཐད་དེ། ལྷན་ཅིག་པའི་སྒྲའི་དོན་ནི ་པ་དད་པ་ལ་འཇུག་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། རྟོགས་པའི་བདག་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་ནི། རང་བཞིན་དང་གནས་སྐབས་ཀྱི་ལྡོག་པ་ནི་མི་འདྲ་བ་གཉིས་ཡིན་པས་དེ་ལྟར་བསྟན་པའོ།། དེ་ཉིད་ཀྱི་ཕྱིར ་སྔོན་གྱི་སློབ་དཔོན་དག་གིས་ལྔ་ཉིད་འཐད་པ་མེད་ཕྱིར་དང་། བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། ལུང་དང་འགལ་བར་འགྱུར་ཕྱིར་རོ་ཞེས་གསུངས་པས་དེ་དག་རྫས་ཐ་དད་ན་ཕུང་པོ་སྔར་དབྱེ་བ་མི་འཐད་ཅེས་པ་ལ ་སོགས་པའི་སྐྱོན་ཡང་ཐག་རིང་དུ་སྤངས་ཏེ། ལྡོག་པ་མི་འདྲ་བ་ལ་བལྟོས་ནས་སྔར་རྣམ་པར་དབྱེ་བ་དང་། བྱེད་རྒྱུའི་བྲག་ལ་སོགས་པ་འཇོག་པའི་ཕྱིར་རོ།། རྣམ་པར་རྟོག་པ་ཁོང་དུ་ཆུད་པར་བྱེད་ཅེས་པ་ནི། དེ་ཡང་རྟོགས་པའི་བདག་ཉིད་ཡི། ་བས་སོ།། རྣམ་པ་བརྒྱད་དུ་ཕྱེ་ཞེས་པ་ནཱི། དེ་ཁོ་ན་ཉིད་དུ་མ་གྲུབ་ཀྱང་བྱིས་པ་རྣམས་ཀྱིས་བརྟགས་ཤིང་སྣང་བའི་དོན་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་ཕྱེ་བའོ།། རྣམ་པ་ལྔ་པོ་འདྲི་རྣམས་ཀྱི་ནང་དུ་ཆོས་ཐམས་ཅད་འདུས་པའི་དོན་མི་ཀུན་ནས ་ཉོན་མོང་པའི་ཇི་སྙེད་པ་ཐམས་ཅད་ནི། མིང་དང་མཚན་མ་དང་རྣམ་པརོ་རྟོག་པ་གསུམ་གྱིས་བསྡུས་ལ། རྣམ་པར་བྱང་བའི་ཕྱོགས་ཇི་སྙེད་པ་ཐམས་ཅད་ནི། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱིས་བསྡུས་པའོ།། གཞན་ཡང་བློ་གྲོས་ཆེན་པོ ་ཞེས་པ་ལ་སོགས་པས་ནི། ཆོས་ལྔ་པོའི་རང་བཞིན་སྔ་མ་ལས་ཚུལ་གཞན་གྱི་སྒོ་ནས་རྒྱས་པར་སྟོན་ཏེ། དེ་ལ་མཚན་མ་གསལ་བར་བྱེད་ཅེས་པ་ནི། སྔར་བསྟན་པ་ལྟར་མིང་གིས་ཁྱད་པར་དུ་བྱས་ནས་གསལ་བར་བྱེད་པའོ།། ཕན་ཚུན་མྱོང་བྱེད་ཅེ ་པ་ནི་གཟུང་བ་དང་འཛིན་པ་སྤངས་པའོ།། བློ་རབ་ཏུ་གཞིག་གི་བར་དུ་ཞེས་པ་ནི་ཡང་དག་པའི་ཤེས་རབ་ཀྱིས་གཞིག་པའི་དུས་ན་མི་དམིགས་པའོ།། རང་གི་བློ་ལ་མཁས་པར་བྱའོ་ཞེས་པ་ནི། མདོ་སྡེ་གཞན་ལས་ཀྱང་བྱང་ཆུབ་སེམས་དཔའ་སེམས་ད། ་ཆེན་པོ་རང་གི་སེམས་རྟོག་པར་བྱ་བ་ལས་མ་གཏོགས་པ། ཁོང་དུ་ཆུད་པར་བྱ་བའི་ཆོས་གཞན་མེད་དོ་ཞེས་གསུངས་ཏེ། འདིའི་དྲོན་ཞིབ་ཏུ་ནི་སྔར་བསྟན་ཏོ།། བསྡུ་བའི་ཚིགསུ་བཅད་པ་ཡང་སྔར་བཤད་ཟིན་ཏོ།། དེ་ནས་ཡང་ཞེས་པ་ལ་སོགས་པས་དེ ་བཞིན་གཤེགས་པའི་རང་བཞིན་ཚུལ་གཞན་གྱི་སྒོ་ནཾས་གཞན་གྱི་སྒོ་ནས་གསལ་བར་སྟོན་ཏེ། དྲི་བ་གང་གི་ལན་དུ་སྦྱར་བ་ནི། སྔ་མའི་རྗེ་སུ་འབྲངས་ཏེ་རྟོག་པར་བྱའོ།། དེ་ལ་འདི་རྣམས་ཀྱི་དོན་ནི། དུ་མར་བསྟན་པའི་དཔེ་ཡང་དགོངས་པ་ཅན་ཡིན་ཏེ། ་གངྒཱའི་ཀླུང་གི་བྱེ་མའི་ཚད་ཀྱིས་ནི་དུས་གསུམ་གང་ཡང་རུང་བའི་གཅིག་གིས་བསྡུས་པའི། སངས་རྒྱས་ཀྱི་ཚད་དུ་ཡང་མི་འགྱུར་བའི་ཕྱིར་རོ།། གལ་ཏེ་འདས་པ་དང་མ་འོངས་པ་ནི་ཚད་མེད་པའི་ཕྱིར་དེ་ལྟར་འགྱུར་མོད་ཀྱི། ད་ལྟར་གྱི་དུས་ཀྱི་བསྡུས ་བ་ནི་ཅུང་ཟད་ཙམ་དང་ཁྲེལ་པ་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེ་ན། སྐྱོན་མེད་དེ། དེ་ལྟར་ཕྱོགས་བཅུ་ཚད་མེད་པ་རྣམས་ན་བཞུགས་པའི་སངས་རྒྱས་རྣམས་ཀྱང་ཚད་མེད་པའི་ཕྱིར་རོ།། དེ་འདྲ་བའི་དཔེ་ལས་འདས་པའི་རྒྱུ་མཚན་ཡང་། འཇིག་རྟེན་ན ་གྲགས་ཤིང་གྲུབ་པའི་ཕུལ་ལས་འདས་པ་བརྟག་པའི་མཐའི་གཟུང་པོའི་དཔེ་འགའ་ཞིག་དང་འདྲ་བ་ལྟ་བུར་སྣང་ཡང་འཇིག་རྟེན་ན་གྲགས་པ་རྣམས་ནི་དེ་བཞིན་གཤེགས་པ་དང་ཕལ་ཆེར་མི་འདྲ་བའི་ཕྱིར། དེ་འདྲ་བའི་དཔེ་ནི་ཡང་དག་པའི་དབུ་མ ་ཡིན་ཞེས་པའོ།། དེ་ལྟར་ན་ཡང་དེ་འདྲ་བའི་དཔེ་བསྟན་པའི་སྒོ་ནས་འཁོར་བའི་སྡུག་བསྔལ་ལས་ཐར་ཅིང་། མྱ་ངན་ལས་འདས་པའི་བདེ་བ་མཐར་ཐུག་པ་དང་ལྡན་པའི་སངས་རྒྱས་དུ་མ་ཉིད་དུ་བསྟན་པས། གདུལ ་བྱའི་ཁྱད་པར་འགའ་ཞིག་འཁོར་བའི་སྡུག་བསྔལ་ལས་སྐྱོ་ཞིང་། སྡུག་བསྔལ་ཞི་བའི་སངས་རྒྱས་ཉིད་ཐོབ་པར་སླ་བ་ཉིད་དུ་མཐོང་ནས། བརྩོན་འགྲུས་ཁྱད་པར་ཅན་རྩོམ་པར་འགྱུར་བས། དེ་ལྟར་བསྟན་པའོ།། དེའི་ཕྱིར་ཐོབ་པར་དཀ ་བའི་དཔེ་བསྟན་པ་ཡང་དགོངས་པ་ཅན་ཉིད་ཡིན་ཏེ། དེ་བཞི་ནོ་གཤེགས་པ་རྣམས་རང་རང་གི་རྟོགས་པའི་ཚུལ་ཕྱིན་ཅི་མ་ལོག་པ་རྣམ་པར་བཞག་པའི་གཽ་ཏ་མ་སྟེ། དེས་དོན་གྱི་གསུང་རབ་ཀྱི་དབང་དུ་བྱས་ན་ཞེས་པ་ལ་སོགས་པ་ཤེ་བར ་ཟད་དོ།། དེ་ལ་རང་གི་ཚུལ་འཇིག་རྟེན་གྱི་ཕུལ་ལས་འདས་པ་བརྟག་པ་མཐའ་བཟུང་གི་དཔེ་འགའ་ཞིག་ནི་དཔེ་ཉིད་དུ་རིགས་ཡོད་ཀྱི། གདུལ་བྱའི་ཁྱད་པར་འགའ་ཞིག་ནི་ཡིད་ཆེས་པར་མི་འགྱུར་བས་དཔེ་ཉིད་དུ་མི་སྦྱར་རོ།། དོན་དམ་པའི ་དེ་ཁོ་ཉིད་ནི་སོས་པ་ཐམས་ཅད་བྲལ་བས་དཔར་བྱ་ཀུན་ལས་འངས་པའོ།། མདོ་སྔ་གཞན་དག་ལས་ཀྱང་།། གང་ཞིག་སངས་རྒྱས་ཆོས་རྣམས་ལ།། དཔེར་གཞག་ཇི་སྙེད་བྱེད་པ་ནི།། དེ་དག་སངས་རྒྱས་མ་འཚལ་ཏེ།། དེས་ནི་རྒྱལ་བ་སྨད ་པཔ་ས་ག་།། གལ་ཏེ་དེ་ལྟ་ན་ངག་དེ་ཉིད་ཀྱི་རྒྱུན་ལས་དཔེ་གཅིག་ཡང་དག་སྟེ། དེ་ནི་ནམ་མཁའི་ཁམ་སུ་བརྗོད་ཅེས་འཇིག་རྟེན་ན་གྲགས་པ་ཉིད་དཔེར་བྱས་པ་དང་འགལ་ལོ་ཞེ་ན། དེ་ནི་ཕྱོགས་གཅིག་འདྲ་བའི་སྒོ་ནས་དཔེར་བྱས ་བ་སྟེ་མདྨོ་འདི་ཉིད་ལས་ཀྱང་། དེ་ལྟར་དཔེར་སྦྱར་བའི་དོན་རྒྱས་པར་སྟོན་པ་ནི། དེ་ཁོ་ན་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ་ཞེས་པ་ལ་སོགས་པའོ།། ཚིག་གི་དོན་ནི་ཕལ་ཆེར་ཤེས་པར་ཟུད་ངོ་།། མེའི་ཁམས་དང་འབྲེལ་པའི་ཕྱིར ་ས་ནི་མི་ཚིག་སྟེ་ཞེས་པའི་དོན་ནི། དེ་དང་འབྲེལ་པའི་དབང་གིས་མི་ཚིག་ཅེས་པ་སྟེ། སའི་རང་བཞིན་མི་འདོར་བའོ།། དོན་འདི་ཡང་སྔར་བསྟན་ཟིན་ཏོ།། རྣམ་པ་གཅིག་ཏུ་ནི་སྨིན་པར་བྱེད་པ་མེའི་ཁམས་ཀྱང་ས་ལ་ཚང་བའི་ཕྱིར་ཞེས ་པའོ།། རང་བཞིན་གཞན་དུ་མི་རྩོམ་སྟེ་ཞེས་པ་ནི་དེ་དང་ལྷན་ཅིག་མི་གནས་པའི་འགལ་བའི་ཚུལ་གྱིས་གནས་པ་རྣམས་ལ་ཕན་མི་འདྲོགས་པ་སྟེ། བྱེ་མ་རྣམས་ནི་བྱེ་མའི་གནས་ཉིད་དུ་ཞེས་པ་རང་དང་རྗེས་སུ་མཐུན་པའི་འབྲས་བུ ་རྣམས་ཀྱིས་གནས་ཡིན་ཞེས་པའོ།། གཞན་ཡང་གངྒཱའི་ཀླུང་གི་བྱེ་མཱ་ནི་ཕྲི་བ་དང་བསྣན་པས་བྲི་དང་འཕྲལ་བར་མི་མངོན་པའོ།། ཆོས་ནི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་ཆོས་སོ།། སེམས་ཅན་གྱི་སྡུག་བསྔལ་དག་གིས་གཟིར་ཞེ ་པ་ནི། ཇི་ལྟར་བུ་གཅིག་པ་ན་བའི་ཕ་མ་ལྟ་བུར་རོ།། ཆོས་ཀྱི་དབྱིངས་ཀྱི་རང་གི་ངང་གི་སྨོན་ལམ་གྱི་བདེ་བ་མི་འདོར་རོ་ཞེས་པ་ནི་ཐུགས་ཆོས་ཀྱི་དབྱིངས་ལས་མ་ཡེངས་པར་ལྷུན་གྱིས་གྲུབ་པའི་སྨོན་ལམ་གྱི་བདེ་བ་མི་འདོར་ཏེ། ་སེམས་ཅན་གྱི་སྡུག་བསྔལ་མཚན་མར་དམིགས་པ་མེད་པའི་ཕྱིར་རོ།། མྱ་ངན་ལས་འདས་པ་ལ་འབབ་ཅེས་པ་ནི་ལྷ་དང་ཚངས་པའི་ཐེག་པ་ལ་སོགས་པ་བསྟན་པ་རྣམས་ཀྱང་བརྒྱུད་ནས་མྱ་ངན་ལས་འདས་པ་མཐར་ཐུག་པ་ལ། ་གཞོལ་ཞིང་འབྱུང་བར་སྟོན་པའོ།། ཟླ་བྲས་ཆེན་པོ་ཞེས་པ་ལ་སོགས་པས་ནཱི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་རྟག་པ་ཡིན་པས། འཁོར་དུ་འདུས་བྱས་རྣམས་ལ་ལྡན་པའི་དོན་འགའ་ཞིག། དེ་བཞིན་ག ་པ་རྣམས་ལ་དཔེ་ཉིད་དུ་མི་འཇུག་པར་སྟོན་པའོ།། དེའི་དོན་ཡང་འཁོར་བའི་འདུས་བྱས་པ་ཡིན་པས་འཇིག་པའི་ཆོས་ཅན་ཉིད་དོ་དག་ལ་ལྡན་པའི་དོན་ཡིན་ལ། དེ་འདྲ་བ་ནི་དེ་བཞིན་གཤེགས་པ་ལ་མེད་ཅེས་པའོ།། གལ་ཏེ་དེ་ལྟར་ན་འཁོར་བའི་ཐོག ་མའི་མཐའ་ཞེས་པ་སྟེ། དེ་ལ་ཐོག་མ་ནི་སྔོན་གྱི་མཐའ་ཡིན་ལ། ཐོག་མ་དེའི་མཐའོ་ནི་ཕྱི་མའི་མཐའ་སྟེ་དེ་དག་ཤེས་པ་མེད་དེ། དེའི་ཕྱིར་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པས། ཇི་ལྟར་འཇིག་པ་ཉིད་འཁོར་བ་ལ་ལྡན་པའི་དོན་དུ་བཤད་དེ། ་མ་མེད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། སྤྱི་རིགས་ཙམ་ལ་ཐོག་མ་དང་ཐ་མ་མེད་ཀྱང་། དངོས་པོའི་དབང་དུ་བྱས་ན་སྐྱེ་ཞིང་འཇིག་པོའི་ཆོས་དང་འབྲེལ་པས་སོ།། ཆད་པ་ནི་འཇིག་པ་ཉིད་ཀྱི་རྣམ་གྲངསོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས ་འཁོར་བ་ལ་ཕྱི་མའི་མཐའ་མེད་ན། ཇི་ལྟར་སྲོག་ཆགས་རྣམས་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འགྱུརརོ་ཞེས་རྒོལ་བའོ།། ལན་གྱི་དོན་ནི་ཁམས་གསུམ་སྤྱི་ཙམ་གྱི་དབང་དུ་བྱས་ན་འཁོར་བ་ཚད་མེད་པས་ཕྱི་མའི་མཐའ་མེད་ཀྱང་། གང ་ཟག་བྱེ་བྲག་པོ་འགའ་ཞིག་གི་དབང་དུ་བྱས་ན་ཐར་པ་འཐང་ལ། དེ་ཡང་ཕྱིན་ཅི་ལོག་ཉེ་བར་ཞི་བ་ཙམ་དུ་མ་བྱས་པ་ཡིན་པས།། འཇིག་པའི་ཆོས་དང་འབྲེལ་པོ་མ་ཡིན་ནོ།། དེ་བསོན་རྣམ་པ་ཐམས་ཅད་དུ་འཁོར་བ་ལ་མཐའ་མེད་ཅེས་བྱ་བའི་ག ་ནཱི་ཙིར་ཡང་དགུས་པ་ན་ཡིན་སྒྲ། དོན་གྱི་སྦྱོང་བའི་ཕྱིར་རོ།། དོན་དམ་པཔ་དྷེ་དག་ཐམས་ཅད་རྟོགས་པས་བརྟགས་པའི་རྣམ་གྲངས་སྨིན་ཞེས་པ་སྣ་ཤེས་པར་རུང་།། གང་གིས་བདུའ་མཉམ་དུ་ནུས་པ་ནི། སྔར་བསྟན་པ་ལྟར་བྱུགས་འགའ ་ཞིག་ནས་འདྲ་བའོ།། འཇིགས་མེད་ཚུལ་གྱིས་མཐར་ཐུག་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་རྟག་པའོ།། ཉེས་པ་ཐམས་ཅད་ནི་རྟོག་པ་ལ་སོགས་པའོ།། དེ་ནས་ཡང་ཞེས་པ་ལ་སོགས་པས་ནི། མི་རྟག་པ་ཉིད་ཚུལ་གཞན་གྱི་སྒོ་ནས་གསལ ་བར་སྟོན་ཏེ། དེའི་དོན་ཡང་ཆོས་ཐམས་ཅད་ནི་འདི་ལྟ་སྟེ་དགེ་བ་དང་མི་དགེ་ཞེས་པ་ལ། དགེ་བ་ནི་ཕ་ལ་ཕར་འཛིན་པ་དང་། དགེ་སྦྱོང་ལ་དགེ་སྦྱོང་དུ་འཛིན་པ་ལ་སོགས་པ་འཇིག་རྟེན་པའི་ཆོས་དགེ་བ་ནས་བཟུང་སྟེ་སངས་རྒྱས་ཀྱི་ཆོས་མ་འདྲེས ་པ་བཅོ་བརྒྱད་ཀྱི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཇི་སྐད་དུ་བཤད་པ་རྣམས་ཏེ། འཚོ་བ་ཉེ་བར་ཞི་བར་བྱེད་པས་དགེ་བའོ།། མི་དགེ་བ་ནི་དེ་བཟློག་པ་མི་དགེ་བ་བཅུ་ཡིས་བསྡུས་པ་རྣམསོ།། དེ་ལ་སོགས་པ་རྒྱུ་དང་རྐྱེན་གྱིས ་མངོན་པར་འདུས་བྱས་པ་དང་། དེ་ལས་ཟློག་པ་དང་། འཇིག་ཅིང་མི་རྟག་པས་འཇིག་རྟེན་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་། དེ་ལས་བཟློག་པ་དང་། རང་བཞིནི་དང་བཅས་པའི་ཁ་ན་མ་ཐོ་བ་དང་འབྲེལ་པ་དང་། དེ་ལས་བཟློག་པ་དང་འདོད ་བའི་ཟག་པ་ལ་སོགས་པ་གསུམ་མམ་བཞི་དང་། དེ་ལས་བཟློག་པ་དང་། སེམས་ཀྱིས་ཟིན་པའི་དབང་པོ་དང་། དེ་ལས་བཟློག་པ་རྣམསོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་རྣམས་ཀྱི་དོན་རྒྱས་པར་འཆད་དེ། ལེན་པའི་ཕུང་པོ་ལྔ་ལྔ ་བྱིས་པས་དགེ་བ་མི་དགེ་བར་བརྟགས་པ་ནི་ཐ་སྙད་ཙམ་དུ་འཇིག་རྟེན་པའི་ཆོས་དགེ་བ་དང་མི་དགེ་བའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་འཇིག་རྟེན་ལས་འདས་པའི་དགེ་བའོ།། སྙོམས་པར ་འཇུག་པ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའོ།། ཀུན་གཞི་རྣར་ཤྭེ་བ་དགེ་བ་དུ་མི་དགེ་བ་ཉིད་དུ་བསྟན་པའི་དོན་ནི། དེའི་དགེ་བ་དང་མི་དགེ་བའི་ས་བོན་དང་འབྲེལ་པས་ན་རེ་ཞིག་དེ་དག་དང་ཐ་དད་མེད་པས། དགེ་བ་དང་མི་དགེ ་བ་ཉིད་དུ་རྣམ་པར་བཞག་པའོ།། ཉོན་མོངས་པ་ཅན་གྱི་ཡིད་ཀྱང་ས་བོན་དེ་དག་དང་ལྡན་པའི་ཀུན་གཞི་ལ་དམིགས་པས། ཅི་རིགསུ་དགེ་བ་དང་མི་དགེ་བར་བཞག་གོ།། མུ་སྟེགས་ཅན་གྱིས་བརྗོད་ཅེས་པ་ནི་ཕྱིན་ཅི་ལྡོག་གི་ལྟ་བས་གང་ཟག ་དང་ཆེས་ཀྱི་བདག་ཏུ་སྒྲོ་བཏགས་པའི་སྒོ་ལྔའི་རྣམ་པར་ཤེས་པ་སྐད་ཅིག་མ་དུ་མ་འདུས་པ་རྣམས་ཀྱང་། རྟོག་པ་དང་བཅས་པི་ཡིད་ཀྱིས་དགེ་བའི་རྐྱེན་དུ་བསྒྱུར་བ་ནི་དགེ་བ་ཞེས་བྱ་བ་ལ། མི་དགེ་བའི་རྐྱེན་དུ་བསྒྱུར་བ་ནི་མི་དགེ་བ་ཞེས་བྱ་སྟེ། དེ ་ལྟར་ན་རྣམ་པ་བརྒྱད་པོ་ཐམས་ཅད་ཀྱང་དགེ་བ་དང་མི་དགེ་བར་འགྱུར་བའོ།། དེས་ན་འབྲལ་པ་ཅན་གྱི་ཆོས་གཞན་ལ་བལྟོས་ནུས་དེ་ལྟར་འགྱུར་གྱིས་རང་གི་ངོ་བོ་ནི་སྔ་མ་ལྟར་མིང་དུ་བསྟན་པ་ལ་སོགསོ་པ་ཡིན་པས་འགལ་བ་མེད ་པའོ།། འདིར་དགེ་བ་ལ་སོགས་པའི་བྱེ་བྲག་ཆོས་མངོན་པའི་བསྟན་ཆོས་ལས་བཤད་པ་རྣམས་ཀྱང་རྗེ་སུ་མི་འཇུག་པ་མ་ཡིན་མོད་ཀྱི། དེ་དག་ཉིད་ཀྱི་གཞུང་ལས་ཤེས་པར་བྱའོ།། མདོ་སྡེ་འདི་ནི་གཙོ་བོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན ་གཏན་ལ་འབེབས་པསྡུ་རྒྱས་པར་ནི་མདོ་དེ་ཉིད་ཀྱི་རྗེ་སུ་འབྲངས་ཏེ་རྟོགས་པར་བྱའོ།། དེ་ལྟར་སྐད་ཅིག་མའི་ཆོས་དང་ལྡན་པའི་ཆོས་ཅན་བསྟན་ནས། དེ་ལ་ཡོད་པའི་ཆོས་སྐད་ཅིག་མ་ཉིད་སྟོན་པ་ནི། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས ་བའོ།། རྒྱུད་ཀྱིས་རྒྱུན་གྱིས་ལུས་ཐ་མི་དང་ཅེས་པ་ནི། དེ་དག་ཀྱང་རྒྱུད་གཅིག་ཅིང་རྒྱུན་ཆགསུ་འབྱུང་ཞིང་འབྱུང་ལ་བྱུང་ན་ཀྱང་འཇོག་པར་འགྱུར་བ་སྟེ། རགས་པའི་འཇིག་པའམ། སྐད་ཅིག་རེ་རེ་ལ་འཇུག་པའོ།། གལ་ཏེ་འགགས་མ་ཐག་ཏུ ་རྣམ་པར་ཤེས་པ་གཞན་འབྱུང་བའི་ངེས་པ་ནི་མེད་དེ། རྒྱལ་པོ་ལ་སོགས་པའི་གནས་སྐབསུ་ཚོགས་དྲུག་འགེགས་པ་ནི་དེ་མ་ཐག་ཏུ་འབྱུང་བ་མེད་པར་སྟོན་པ་བཞིན་ནོ་ཞེ་ན། མ་ཡིན་ཏེ། འགལ་བར་འགྱུར་བ་དེ་དག་གིས་དེ་མ ་ཟག་ཏུ་ཀུན་གཞི་རྣམ་པར་ཤེས་པ་ལ། རང་རང་གི་བག་ཆགས་ཤེས་པའི་བདག་ཉིད་དུ་གྱུར་པ་གཞན་དང་གཞན་སྐྱེས་པའི་ཕྱིར་རོ།། སྐད་ཅིག་གིས་དུས་སུ་མི་གནས་ཞེས་པ་ནི་རང་གི་དུས་ལས་མ་གཏོགས་པའི་སྐད་ཅིག་དུ་མི་གནྡ ་པའོ།། བག་ཆགས་ཀྱི་སྐད་ཅིག་པ་ཡིན་ཞེས་པ་ཡིན་ཞེས་པ་ནི་ཟག་པ་དང་བཅས་པའི་བག་ཆགས་དང་ལྡན་པ། ཀུན་རྫོབ་ཏུ་ཡོད་པ་བདག་ཉིད་ནི་སྐད་ཅིག་མ་ཡིན་ཞེས་པ་སྟེ། འདི་རྣམས་ཐམས་ཅད་སྐད་ཅིག་མ་ཉིད་དུ་བྱིས་པའི་སྐྱེ ་རྣམས་ལ་ཡིད་ཆེས་པར་བྱེད་པའི་རྒྱུ་མཚན་ཡང་། བྱས་པའམ་ཡོད་པ་ལ་སོགས་པའི་གཏན་ཚིགས་ལས་ཏེ། རྒྱས་པར་ནི་རིགས་པའི་བསྟན་ཆོས་དག་ལས་ཤེས་པར་བྱའོ།། ཟག་པ་མེད་པའི་བག་ཆགས་ཀྱིས་ཞེས་པ་ལ་སོགས་པསོ་ནི ་ཟག་པའི་གཉེན་པོར་གྱུར་པ་སྤྲོས་པ་དང་བྲལ་བ་དོན་དམ་པའི་རང་བཞིན་གྱིས་ནི་སྐད་ཅིག་པ་མ་ཡིན་པའོ།། དེ་ལྟར་བྱིས་པའི་སྐྱེ་བོས་ཀུན་རྫོབ་ཏུ་སྐད་ཅིག་པ་དང་། དོན་དམ་པར་སྐད་ཅིག་པ་མ ་ཡིན་པ་ཟུང་དུ་འཇུག་པས་དོན་མ་རྟོགས་པས་ལ་ལ་ངག་སེམས་ཉིད་རིག་པ་སྐད་ཅིག་པའི་དོན་ཀུན་རྫོ་ཙམ་དུ་ཡང་མེད་དོ་ཞེས་ཆུང་པར་ལྟ་བ་ཉིད་དུ་འགྱུར་ལོ།། འགའ་ཞིག་ནི་དེ་ལས་བཟློག་པར་སྒྲོ་འདོགས་པའི་མཐར་འགྱུར། ་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པའི་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱང་འཇིག་པར་བྱེད་དེ། མ་ཐོབ་པའི་ཉམས་པར་འགྱུར་བའོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་རྣམ་པར་ཤེས་པ་དེ་རྣམས་ལ་ལྡན་པ་དང ་པའི་ཆོས་ཀྱི་ཁྱད་པར་སྟོན་ཏེ། དེ་ལ་སྒོ་ལྔའི་རྣམ་པར་ཤེས་པ་ནི་སྔར་བསྟན་པ་ལྟར་རྒྱུན་དང་མི་ལྡན་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་མ་ཡིན་ཞིང་། དེ་ཉིད་ཀྱི་ཕྱིར་བདེ་བ་དང་སྡུག་བསྔལ་གྱི་རྣམ་པར་སྨིན་པ་སྔ ་མྱོང་བ་མ་ཡིན་ནོ།། ཀུན་གཞི་རྣམ་པར་ཤེས་པ་ནི་བདེ་བ་དང་སྡུག་བསྔལ་མི་མྱོང་བའི་རྒྱུ་དང་བཅས་ཞེས་པ་ལས། མྱ་ངན་ལོས་འདས་པ་ནི་ཚོར་བ་བཏང་སྙོམས་འབའ་ཞིག་དང་ལྷན་ཅིག་པ་ཡིན་པས། དེ་འདྲ་བའི་བྱ། ་ལོས་འདས་པའི་རྒྱུར་ཡང་འགྱུར་ལ། ཡང་འདོད་པའི་ཟག་པ་ལ་སོགས་པ་འོག་ནོས་སྟོན་པོར་འགྱུར་བ་བཞིའི་བག་ཆ་གོས་དང་ལྡན་པས། འཁོར་བར་འཇུག་ཅིང་མྱ་ངན་ལས་འདས་པའི་རྒྱུར་མི་འགྱུར་པས། དེ་ལས་ལྡོག་པ་ལྔ ་ཡིན་ནོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པསྡུ་ནི་རྒྱུན་བརྟན་པའི་དངོས་པོ་བྱིས་པས་སྐད་ཅིག་མ་ཡིན་པའི་དངོས་པོར་བརྟགས་པའི་ཁྱད་པར་སྟོན་ཏེ། ཁྱད་པར་དག་ཅེས་པ་ནི་ཚིག་སུ་བཅད་པས་འོག་ནས་སྟོན་པར་འགྱུརརོ།། དེ་ལ ་མངོན་པར་རྟོགས་པ་ཐོབ་པ་ནི་མཐོང་བའི་ལམ་གྱིས་ཡེ་ཤེས་ལ་སོགས་པ་སྟེ། དེ་རྣམས་འཇིག་པའི་ཆོས་ཅན་སྐད་ཅིག་པ་ཡིན་ན།། འཕགས་པ་རྣམས་འཕགས་པ་མ་ཡིན་པར་འགྱུར་ཏེ། མྱ་ངན་ལས་འདས་པ་རྟག་པ་གཙང་བའི ་གོ་འཕང་མ་ཐོབ་པའི་ཕྱིར་རོ།། ཚིག་འོག་མ་ནི་ཐལ་བ་ལས་འདོགས་པའོ།། ལྡེམ་པོའི་ངག་ཏུ་བཤད་པ་ལ་མི་མཁས་ཞེས་པ་ནི་དངོས་པོ་ཐམས་ཅད་སྐད་ཅིག་མར་གསུངས་པ་ནི་བྱིས་པའི་སྐྱེ་བོ་རྣམས་འཁོར་བ་ལ་སྐྱོ་བ་སྐྱེད་པའི ་དོན་དུ་གསུངས་པ་ལ་དེ་ལྟར་མ་ཤེས་པའོ།། ཇི་ལྟར་བརྟགས་ཞེས་པ་ནི་སྦྱོང་བའི་སྒྲ་སྟེ། དེ་ལྟར་བརྟགས་པར་མི་རིགས་པའོ།། གལ་ཏེ་དེ་ལྟ་ན་གང་བྱས་པའམ་ཡོད་པ་དེ་ནི་སྐད་ཅིག་མ་ཡིན་ཏེ་ཞེས་བསྟན་པ་མི་འཐོད་པོར་འགྱུར ་ཞེ་ན། བདེན་མོད་ཀྱི་དགྲ་འདི་རྣམས་ཀྱི་དོན་ནི། དོན་དམ་པར་སྐད་ཅིག་གི་ངོ་བོར་ཡང་གྲུབ་པ་མེད་ལ། ཀུན་རྫོབ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཀུན་རྫོབ་དང་། རྣལ་འབྱོར་པའི་ཀུན་རྫོབ་བོ།། དེ་ལ་དང་པོ་ནི་འཇིག་རྟེན་ཐ་མལ ་པའི་སྣང་བ་སྟེ། དེ་དག་གི་སྣང་ངོན་གསེར་དང་རྡོ་རྗེ་ལ་སོགས་པ་སྐད་ཅིག་པ་མ་ཡིན་པར་འགྱུར་བ་མེད་པའི་ངོ་བོ་ཉིད་དུ་སྣང་བས། ཀུན་རྫོབ་ཏུ་དེ་དག་རྟག་ཅེས་བྱའོ།། རྣལ་འབྱོར་པོའི་ཀུན་རྫོབ་ནི་དེ་དག་གི་སྣང་བ་སྟེ། དེའི་དོན ་ཐམས་ཅད་སྐད་ཅིག་པ་ཉིད་དུ་དམིགས་པས། དེ་ལྟར་རྣམ་པར་བཞག་པའོ།། དེ་ལ་འདིར་འཇིག་རྟེན་གྱི་ཀུན་རྫོབ་དེ་འདྲ་བ་ནི་ལོག་པའི་ཀུན་རྫོབ་ཞེས་ཀྱང་བྱ་སྟེ། འོན་ཀྱང་དེ་དག་ཡིད་ཚིམ་པར་བྱ་བའི ་དོན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དང་མཐུན་པར་གསུངས་པའོ།། ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཕ་རོལ་ཕྱིན་པ་དུ་ཞེས་སྔར་དྲིས་པའི་ལན་དུ། ལམ་ཕ་རོལ་ཏུ་ཕྱིན་པོ་དྲུག་སྟོན་པ་སྟེ། སྙིང་པོ་སྦྱོང་བར་བྱེད་པོའི ་ལམ་ཉིད་དུ་བསྡུའོ།། སྲིད་པར་སྐྱེ་བའི་གནས་སྣ་ཚོགས་ཀྱི་ཕྱིར་ཞེས་པ་ནི་འཁོར་ལོས་སྒྱུར་བ་ལ་སོགས་པ་ཐོབ་པར་བྱ་བའི་དོན་དུ་སྦྱིན་པ་རྫོགས་པར་བྱེད་པ་སྟེ། དེ་དག་ཀྱང་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་མངོན ་པར་དགའ་བའོ།། མངོན་པར་ཤེས་པ་དག་ཀྱང་མངོན་པར་གྲུབ་ཅེས་པ་ནི་དེ་འདྲ་བའི་བྱ་བ་དང་ལྡན་པའི་བསམ་གཏན་གྱི་ཏིང་ངེ་འཛིན་དང་། བྱམས་པོ་ལ་སོགས་པ་མངོན་པར་བསྒྲུབ་པའོ།། དེ་དག་ཀྱང་རང་རང་གི་བསམ་པ་ལ ་བལྟོས་ནས་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་བཏགས་མོད་ཀྱི། ཐབས་དང་ཤེས་རབ་དམ་པས་མ་ཟིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དངོས་ནི་མ་ཡིན་ནོ།། ལེན་པ་ལ་འཛིན་པ་མེད་ཅེས་པ་ནི་ཀུན་གཞི་རྣམ་པར་ཤེས་པའམ། ཉེ་བར་ལེན་པའི་ཕུང་པོའོ།། དེ་ཉིད ་གསལ་བར་སྟོན་པའི་ནི་རང་གི་སེམས་དང་ཞེས་པ་ལ་སོགས་པའོ།། རྣམ་པར་རྟོག་པ་མི་འཇུག་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་རྣམ་པར་རྟོག་པ་རྒྱུད་བ་ངན་པ་སྤངས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའོ།། ་གང་གཟུང་བ་དང་འཛིན་པ་དངོས་པོ་སྟོང་པ་ཉིད་དུ་རྟོགས་པས། དེ་འདྲ་བའི་ཆོས་ཟབ་མོ་ལ་བཟོད་པ་ནི། ཆོས་ལ་ངེས་པར་སེམས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། རྣལ་འབྱོར་དང་མཐུན་པར་མཐོང་བ་ནི་ཏིང་ངེ་འཛིན་གྱི་དམི ་པ་དེ་ཁོ་ན་ཉིད་དང་མཐུན་པར་རྟོག་པའོ།། མུ་སྟེགས་ཅན་གྱི་མྱ་ངན་ལས་འདས་པར་འཛིན་པར་མི་ལྟུང་བ་སྟེ། ཀུན་རྫོབ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་སེམས་རྩེ་གཅིག་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན ་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་རྟོག་པ་མེད་པའི་བློས་བདེན་པ་གཉིས་ཀྱི་ཆོས་རབ་ཏུ་ཕྱེ་ན། མཐའ་གཉིས་སུ་འཛིན་པ་སྤངས་ཤིང་། གནས་གྱུར་པ་སྔོན་དུ་འགྲོ་བ་སྟེ། ས་བརྒྱད་པ་ཡན་ཆོད་ཀྱི་ཤེས་རབ་བམ་ཡེ ་ཤེས་རྒྱུན་ལས་ཉམས་པ་མེད་པ་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་དོན་དུ་རབ་ཏུ་སྦྱོང་བ་སྟེ། སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱང་འཁོར་གསུམ་སྒྱུ་མ་ལྟ་བུར་རྫོགས་པའི་ཤེས་རབ་དང་། བསྔོ་བ་ལ་སོགས་པའི་ཐབས་ལ་མཁས་པས་ཟིན ་པ་སྟེ། ཇི་སྐད་དུ། གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་ན།། དེ་ཚེ་མྲིག་རྙེད་གྱུར་ཅིང་དོ་ཡི་མིག་ཐོབ་པོ་ཞེས་གསུངས་པ་དང་། མདོ་སྡེ་གཞན་དག་ལས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མ་བསྔོས་པའི་སྦྱིན་པས་སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་བོ་ཞེས་པ་ལ་སོགས་པས་གསུངས་པའི་ཕྱིར་རོ།། འདིའི་དོན་ཞིབ་ཏུ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས་ཤེས་པར་བྱ་སྟེ། འདིར་ནི ་གཞུང་མངས་ཀྱི་འཇིགས་པས་མ་སྤྲོས་སོ།། ཚིགས་སུ་བཅད་པའི་དོན་ནི་ཕལ་ཆེར་ཤེས་པར་ཟད་དོ།། བྱེད་པ་ནི་ཕྱི་རོལ་པས་བརྟགས་པའི་བྱེད་པ་སྟེ། དེ་འདྲ་བ་མེད་ཅིང་སྔ་ཕྱི་ཕན་ཚུན་བྱེད་པའམ། དོན་དམ་པའི ་དངོས་པོས་དབེན་པའོ།། སྐྱེ་བ་མེད་ཅེས་པ་ལ་སོགས་པའི་དགག་པ་རྣམས་ནི་ཐམས་ཅད་དང་དོན་དམ་པ་ལ་དགོངས་པའོ།། དངོས་པོ་རྣམས་ཀྱིས་རྣམ་པར་རྟོག་པ་ཞེས་པ་ལ་སོགས་པས་ནི་ཀུན་རྫོབ་ཏུ་རྣམ་པར་རྟོག་པའི་གཞན་དབང་། སྐད་ཅིག ་མ་ལ་སོགས་པར་སྟོན་པ་སྟེ། དེ་འདྲ་བའི་སེམས་འབྱུང་བར་བྱེད་པའི་རྒྱུ་ནི་མ་རིག་པ་ཐོག་མ་མེད་པ་ནས་བརྒྱུད་པ་ཡིན་ཏེ། དེས་གཟུགས་ལ་སོགས་པའི་དེ་ཁོ་ན་ཉིད་མ་རྟོགས་པ་དེ་སྲིད་ཀྱི་བར་དུ་དེ་གནས་ཅི་ཞེས་པ་གནས་སམ་འོན་ཏེ། མ་ཡིན ་ཞེས་པ་སྟེ། ཀུན་རྫོབ་ཏུ་རྒྱུ་ནི་གནས་ལ་སྐད་ཅིག་ནི་འཇིགས་པའོ།། གཟུགས་ནི་དུསུ་ཞེས་པ་ལ་སོགས་པས་དོན་དམ་པར་གཟུགས་དང་མ་རིག་པ་ལ་སོགས་རྒྱུ་མེད་པས། དེ་རྣམས་མི་འཐད་ཅེས་པའོ།། དུས་སུ་མི་གནས་ཞེས་པ་ནི་དོན་དམ་པ ་ང་ཡོད་པའི་དུས་སུ་ཡང་མི་གནས་པ་སྟེ། གཟུགས་གཟུགས་ཀྱིས་ངོ་བོས་སྟོང་པའོ།། ལོག་པའི་རྒྱུནི་མ་རིག་པའོ།། ཇི་ལྟར་སྐད་ཅིག་འཇིག་པར་རིག་ཅེས་པ་ནི་འཇིག་པར་དམིགས་ཤིང་གྲུབ་པ་མེད་པའོ།། རྣལ་འབྱོར་ཅན་གྱི་སྙོམས་འཇུག ་ཅེས་པ་ལ་སོགས་པས་ནི་རྟག་པ་ཉིད་དུ་བརྟགས་པའི་ཁྱད་པར་ཏེ་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའོ།། འོད་སྣང་གནས་གྱི་གཞལ་མེད་ཁང་ནི། བསམ་གཏན་གཉིས་པའི་གཞལ་མེད་ཁང་སྟེ། འཇིག་རྟེན་པོའི་ནང་གི་སྐྱོན་རྟོག་པ་དང་། ་དཔྱོད་པ་མེད་པས་ཕྱི་རོལ་གྱི་མེའི་བསྐལ་པས་ཀྱང་འཇིག་པ་མེད་ཅེས་པ་སྟེ་བསམ་གཏན་དང་པོ་མན་ཆོད་མེ་ཡི་ལན་བདུན་དུ་ཞིག་ཀྱང་དེ་མི་འཇིག་པའོ།། གནས་པ་རྣམས་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་སྟེ། ཉོན་མོངས་པ་སྤངས་པས ་དགེ་སློང་ཞེས་ཀྱང་བྱའོ།། ཐོབ་པའི་ཆོས་ནི་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་བར་དུ་རྟོག་པ་ཐོབ་པ་རྣམས་སྐད་ཅིག་མ་ཉིད་དུ་ཐ་མལ་པ་རྣམས་ཀྱིས་མ་མཐོང་བས་དེའི་ངོར་རྟག་ཅེས་པའོ།། ཡང་དག་པར་ནི་དེ་རྣམས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང ་འདྲ་བར། ཀུན་རྫོབ་ཏུ་སྐད་ཅིག་མ་ཡིན་ཞིང་དོན་དམ་པར་སྟོང་པའོ།། འབྱུང་པོ་དེ་དག་ཅེས་པ་ནི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་སྟེ། དོན་དམ་པར་གང་ནས་ཀྱང་འོངས་པ་མེད་ཅིང་། གང་དུ་ཡང་སོང་བ་མེད་པའོ།། འཕགས་པ་ལང་ཀར་གཤེགས ་བའི་འགྲེལ་པ་དྲི་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས་ལེའུ་དྲུག་པའི་རྣམ་པར་བཤད་པ་རྫོགསོ།། །། དེ་ནས་ཡང་ཞེས་པ་ལ་སོགས་པས་སྔར་གྱི་དགོངས་པ་ཅན་གྱི་དོན་ཉིད་ཚུལ་གཞན་གྱི་སྒོ་གསལ་བར་སྟོན་ཏེ། འཁོར་གྱི་ཐ ་ཚོམ་བསལ་བའི་ཕྱིར་དྲི་བའི་དོན་ནི་དགྲ་བཅོམ་པ་སྤངས་རྒྱས་ཉིད་དུ་འགྱུར་བ་མི་འཐད་དེ། དེ་ནི་ཚོགས་པར་བྱ་བའི་དོན་དུ་སྦྲིད་པར་སྐྱེ་བ་ལེན་པ་དགོས་པ་ལ། དགྲ་བཅོམ་པ་ནི་སྲིད་པ་ཀུན་ཏུ་སྦྱོར་བ་ཟད་པའི་ཕྱིར་རོ།། ཡང་འདོད་ཆེན་པ་རྣམ ་ནི་མངོན་པར་མཐེ་བོ་ཐོ་སྡིག་རྫི་རྩ་བ་ཡང་བཅད་པའི་ཕྱིར། སངས་རྒྱས་ཉིད་དུ་འགྱུར་བ་ལྟ་ཅི་སྨོས་ཞེས་པའོ།། གཞོན་ཡང་དེ་བཞིན་གཤེགས་པ་ཡི་གེ་གཅིག་ཀྱང་མི་གསུངས་ན། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ཚིག་འབྲུ་བཟང་པོ་ཞེས་པ ་ལ་སོགས་པ་མི་འཐད་པས་དེ་ལྟར་བསྟན་པ་ནི་དོན་ཅི་ཡིན་ཞེས་པའོ།། རྫུ་འཕྲུལ་སྤྲུལ་པ་ལ་སོགས་པའི་བྱ་བ་བྱེད་པ་ནི། ཀུན་ནས་སློང་བའི་བློ་སྔོན་དུ་འགྲོ་བས་རྟོག་པ་མེད་པར་དེ་འདྲ་བར་མི་འཐད་ཅེས་པ་དང་། ་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་སྔ་ཕྱི་ཐ་དད་པའི་བདག་ཉིད་དུ་མ་དམིགས་པས་དེ་ལྟར་བསྟན་པའི་དྲོན་གླིང་ཡིན་ཞེས་པ་དང་། དེ་བཞིན་གཤེགས་པའི་སྐུ་ནི་ཉེས་པ་ཐམས་ཅད་སྤངས་ཤིང་ཡོན་ཏན་ཐམས་ཅད་རྫོགས་པས ་ལག་ན་རྡོ་རྗེ་རྟག་ཏུ་ཕྱི་བཞིན་འབྲང་ཞིང་བསྲུང་བ་མི་འཐད་ན། གསུང་རབ་དག་ལས་དེ་ལྟར་བསྟན་པའི་དོན་ཅི་ཡིན་ཞེས་པ་དང་། སྔར་བསྟན་པ་ལྟར་འཁོར་བའི་ཐ་མ་མེད་པ་དང་། མྱ་ངན་ལས་འདས་པ་འགལ་བས་དེའི་དྲོན་གང་ཡིན་པ ་དང་། ལྷས་བྱིན་ནི་ཡུན་རིང་པོ་ནས་དེ་བཞིན་གཤེགས་པའི་གཤེད་མ་དང་དགྲ་བོར་གྱུར་ཏོ།། ཞེས་པ་ལ་སོགས་པའི་བདུད་དང་། དེ་དག་གིས་བྱས་པའི་ལས་ཏེ། དེ་བཞིན་གཤེགས་པའི་ཞབས་ལ་བདུད་ཀྱིས་འཕངས་པའི་སྩོགས་ཀྱི་ཟེར ་ཕོག་གོ་ཞེས་པ་དང་། གཞན་ཡང་སྔོན་གྱི་ལས་གྱི་ཉེས་པས་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་ཅེས་པ་དང་། བྲམ་ཟེའི་བུ་མོ་ཅན་ཙས་ཤིང་གི་གཞོང་ཁུང་ལྟེ་བར་བཅུག་ནས་དགེ་སྦྱོང་ཁྱོད་ཀྱིས་ང་སྦྲུམ་དུ་བཅུག་གོ་ཞེས་སྐུར་པ་བཏབ་པ ་ལ་སོགས་པ་དང་། བསོད་སྙོམས་ཀྱི་ཕྱིར་བྲམ་ཟེའི་གྲོང་ས་ལ་ཅན་དུ་གཤེགས་པ་ལས་བསོད་སྙོམས་མ་རྙེད་ནས་ལྷུང་བཟེད་བཀྲུས་ཏེ་ཕྱིར་བྱུང་ངོ་ཞེས་པ་ལ་སོགས་པ་འཕགས་པ་ཚོས་བཅུ་པའི་མདོ་ལས་གསུངས་པ་རྣམས་ཀྱི་དོན་ཇི ་ལྟར་འཐད་དེ། དྲི་འདྲ་བའི་ཉེས་པ་དགྲ་མ་སྤངས་པར་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགལ་བའི་ཕྱིར་རོ།། ལན་གྱི་སྐབསུ་དགྲ་བཅོམ་པ་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་པ་ནི། དེ་རྣམས་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན ་ལས་འདས་པའི་དབྱིངས་ཏེ་ཟག་པ་མེད་པའི་དབྱིངས་ལ་ཡུན་རིང་དུ་གནས་པ་ན། རང་གི་དགེ་བའི་ས་བོན་དང་།། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས། དེ་ལས་སོང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ཚོགས་རྫོགས་པ། ་བྱས་ནས་སངས་རྒྱས་པ་ལ་དགོངས་པ་སྟེ། རྒྱས་པར་ནི་སྔར་བསྟན་ཏོ།། གཞན་ཡང་དེ་ལྟར་བསྟན་པའི་དགོས་པ་ནི་བྱང་ཆུབ་སེམས་དཔའི་དབང་པོ་བརྟུལ་པོ་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ ་སྤྱོད་པ་རྣམས་ལམ་དེ་ཡིས་སྐྱོ་ནས། ཉན་ཐོས་ཀྱི་ཐེག་པས་ཡོངསུ་མྱ་ངན་ལས་འདའ་བར་འདོད་པ་ཡོད་དེ། དེ་དག་དེ་ལས་བཟློག་ནས་ཐེག་པ་ཆེན་པོ་ལ་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར། གནས་བརྟན་འོད་སྲུངས་ལ་སོགས་པ་སྤྲུལ་པོའི ་ཉོན་ཐོས་རྣམས་ལ་སྤྲུལ་པའི་སྐུ་དག་གིས་སངས་རྒྱས་སུ་ལུང་བསྟོན་ཏེ། ཉན་ཐོས་ཀྱི་བྱང་ཆུབ་དེ་ཉིད་དུ་མཐར་ཐུག་པ་མ་ཡིན་ཞིང་། སངས་རྒྱས་ཉིད་དུ་འགྲོ་བར་བྱ་བ་ཡིན་པས་ཐོག་པ་ཆེན་པོའི་ལམ་དེ་ཉིད་ལ་བརྩོན་པར་འགྱུར་བའོ།། ་གལ་ཏེ་དེ་ལྟ་ན་དགྲ་བཅོམ་པ་རྣམས་སངས་རྒྱས་སུ་ལུང་བསྟན་པ་དགོངས་པ་ཅན་ཡོན་པས་སྔར་བསྟན་པའི་རྣམ་པར་བཞག་པ་དང་འགལ་ལོ་ཞེ་ན། སྐྱོན་མེདདོ། དགྲ་བཅོམ་པ་རྣམས་ཟག་པ་མེད་པའི་དབྱིངས་ལ་བསྐལ་པའམ་བསྐལ ་@བ་ལས་ལྷག་པར་གནས་ནས། སྔར་བསྟན་པ་ལྟར་སངས་རྒྱས་ཉིད་དུ་འགྱུར་བ་ནི་ངེས་པའི་དོན་ཡིན་པས་སྔར་བསྟན་པ་དང་འགལ་བ་མེད་པའོ།། དེ་ལས་གཞན་དུ་ཟག་པ་མེད་པའི་ཏིང་ངེ་འཛིན་རྒྱ། ་སྒོ་མཐོང་བར་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་དང་མཚུངས་པར་མྱུར་དུ་ཚོགས་གཉིས་རྫོགས་པར་བྱས་ཏེ། སངས་རྒྱས་པ་ནི་ཤིན་ཏུ་ཡང་རིགས་པ་མ་ཡིན་ལ། གཞན་ཡང་སྔ་མ་ལྟར་དུས་དང་རྐྱེན་གྱི་དབྱེ་བ་མ་བྱས་པར ་དགྲ་བཅོམ་པ་རྣམས་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་བསྟན་པ་ཡང་དགོངས་པ་ཅན་གྱི་ཚིག་ཡིན་ཏེ། ཇི་སྐད་དུ། དོན་དམ་པ་དང་། གནས་སྐབས་དང་། མཐར་ཐུག་པའི་དབྱེ་བ་མ་བྱས་པར་ཐག་པ་ཆེན་པོ་གཅིག་ཉིད་ཡིན་ཞེས ་བསྟེན་པ་ནི་དགོངས་པ་ཅན་གྱི་ཚིག་ཉིད་དུ་སྔར་བསྟན་པ་བཞིན་དུའོ།། དེས་ན་སྐབས་ཀྱི་དོན་འདི་ནི་སྔར་བསྟན་པ་དང་འགལ་བར་མི་འགྱུར་བའོ།། གཞན་ཡང་གལ་ཏེ་སྤྲུལ་པའི་ཉན་ཐོས་རྣམས་ལ་དེ་ལྟར་ལུང་བསྟན་ཏོ་ཞེས་དམ ་ཀྱིས་བསལ་བ་བྱས་པས་དེ་ལས་གཞན་ཞི་བ་བགྲོད་པ་གཅིག་པུ་པ་རྣམས་སངས་རྒྱས་ཉིད་དུ་མི་འགྱུར་པས་སྔར་བསྟན་པ་དང་འགལ་ལོ་ཞེ་ནུ་མ་ཡིན་ཏེ། འདི་ནི་དམ་པའི་ཆོས་པདྨ་དཀར་པོ་ལས་འོད་སྲུངས་ཆེན་པོ་ལ་སོགས་པ་སངས ་རྒྱས་སུ་ལུང་བསྟོན་པ་ནི་སྤྲུལ་པའི་ཉན་ཐོས་ཡིན་ནོ་ཞེས་གསུངས་ཀྱི་གསུང་རབ་ཀྱི་ཕྱོགས་གཞན་དག་ལས་ཉན་ཐོས་ཐམས་ཅད་སངས་རྒྱས་ཉིད་དུ་ལུང་མི་སྟོན་པ་ནི་མ་ཡིན་ནོ།། དེ་ལྟར། དེས་ན་འདིར་དགྲ་བཅོམ་པ་དང་རང་སངས་རྒྱས ་རྣམས་བྱང་ཆུབ་དམན་པ་དེ་དག་ཙམ་དུ་མཐར་ཐུག་ཅིང་། དེ་ལས་གོང་དུ་བགྲོད་དུ་མེད་པར་བསྟན་པ་ཡང་དྲང་བའི་དོན་ཡིན་ལ། ཁྱད་པར་དུ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྔོན་གྱི་ལས་དང་ཉོན་མོངས་པས་འཕངས་ཀྱི ་ཕུང་པོ་ཟོད་པ་ནས། ན་མཁའ་ལ་སྦྱིན་དང་སྔ་པ་ལྟར་འདུ་བྱེད་ཀྱི་འཇུག་པ་ཐམས་ཅད་རྒྱུན་ཆུང་བར་འདོད་པ་ནི་ཤིན་ཏུ་ཡང་མི་འཐོབ་པ་ཉིད་དུ་སྔར་རྒྱ་སྣ་པར་བསྟན་ཏོ།། གལ་ཏེ་དེ་ལྟར་བྱང་ཆུབ་དམན་པ་དང་མཆོག་ཉིད་འཇོག ་པ་དེ་ལྟ་ན་དེ་དག་ལ་སྤངས་པ་དང་རྟོགས་པའི་ཁྱད་པར་ཅི་ཡོད་སྙམ་དུ་དོགས་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་གསུངས་ཏེ། དེའི་དོན་ནི་ཉོན་མོངས་པའི་སྒྲིབ་པ་མངོན་དུ་རྒྱུ་སྤངས་པར་སངས་རྒྱས་དང་བྱེ་བྲག་མེད་པ་ཡིན་གྱི། ་བག་ཆག་སྤངས་པ་ནི་མ་ཡིན་ནོ་ཞེས་སྔར་བསྟན་ཏོ།། ཤེས་བྱའི་སྒྲུབ་པ་ནི་ཆོས་ལ་བདག་མེད་པ་སྟེ། སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་མཐོང་ཞིང་གོམས་པས་ཀུན་གཞི་རྣམ་པར་ཤེས་པ ་ལ་ཡོད་པའི་མ་རིག་པའི་བག་ཆགས་ཐམས་ཅད་བཟློག་པའི་ཕྱིར་སྤོང་བར་འགྱུར་བའོ།། འདིར་གང་ཟག་ལ་བདག་མྱེད་པ་ནི་བདེན་པ་བཞི་ཆོས་བཅུ་དྲུག་གི་རྣམ་པ་སྟེ། དེ་ལྟར་མཐོང་བའི་བྱེ་བྲག་གི་རྣམ་པར་དག་པར་འགྱུར་བའོ།། དེའི ་དོན་ཡང་ཕུང་པོ་ལྔ་ལ་རྟག་པ་དང་བདེ་བ་ལ་སོགས་པར་ཕྱིན་ཅི་ལོག་པ་ལ་བརྟེན་ནས་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་འབྱུང་བ་ལས། དེ་ལས་བཟློག་སྟེ། མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པར་མཐོང་ཞིང་གོམས་པ ་མངོན་དུ་རྒྱུ་བ་སྤོང་བར་འགྱུར་བའོ།། ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི་ཕྱིར་ཞེས་པ་ཡང་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའོ།། ཆོས་ཀྱི་སྒྲིབ་པ་ནི་ཆོས་རྣམས ་མཐོང་བ་ལ་སྒྲིབ་པ་སྟེ། ཤེས་བྱའི་སྒྲིབ་པའོ།། གཞན་ཡང་ངས་ཡི་གེ་གཅིག་ཀྱང་མ་གསུངས་ཞེས་པའི་དོན་ནི་འདས་པ་དང་མ་འོངས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའི་ཚིག་ཡི་གེ་ལས་མ་གཏོགས་པའི་ལྷག་མ་ཟད་ཀྱང་གསྦྱངས ་པ་མེད་པའོ།། དེ་ལས་གཞན་པའི་དགོངས་པ་དོན་གཉིས་ཀྱང་སྔར་བསྟན་ཏོ།། མི་རྟོག་མི་དཔྱོད་པར་འཕྲུལ་པ་སྤྲུལ་པ་ལ་སོགས་བསྟན་པའི་དོན་ཀྱང་སྔོན་གྱི་སྨོན་ལམ་ལ་སོགས་པ་དང་། ཡེ་ཤེས་ཀྱི་དབང་གིས་རྟོག་པ་མེད་ཀྱང་དེ་ལྟར་སྟོན་པ ་ལ་འགལ་བ་མེད་པའོ།། མཁྱེན་བཞིན་དུ་ཞེས་པ་ནི་སེམས་ཅན་རྣམས་ཀྱི་ཁམས་དང་མྱོས་པ་ཇི་ལྟ་བ་བཞིན་དུ་མཁྱེན་ནས་དེ་དག་གི་དོན་མཛད་པའོ།། གལ་ཏེ་དྲན་པ་ནི་སྔར་འདྲིས་པའི་དངོས་པོ་ཉེ་བར་མ་ཡིན་པ་དོན་ལ་འཛིན་པ་ཡིན་ཕྲ་རྟོག་པ་དྨ་བཅཝ་པ་ཉིད ་འགྱུརརོ་ཞེ་ན། མ་ཡིན་ཏེ། འདས་པའི་དོན་ལ་ཕྱིན་ཅི་ལོག་གི་སྒྲོ་འདོགས་བཀག་པ་ཙམ་ཡིན་གྱི། དེ་འདྲ་བའི་རྣམ་པ་སྣང་བ་མ་ཡིན་པའི་ཕྱིར་རོ།། ཤི་འཕོས་གཉིས་ནི་སྔར་བསྟན་ཏོ།། རྣམ་པར་ཤེས་པ་རྣམས་སྐད་ཅིག་ཏུ་བསྟན་པ་དང་། འཁོར ་བ་ཐོག་མཐའ་མེད་པ་ལ་སོགས་པ་བསྟན་པའི་དོན་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱི་འཇུག་པའི་རྣམ་པར་ཤེས་པ་ནི་དགེ་བ་ཟག་པ་མེད་པའི་ཕྱོགས་དང་བྲལ་བ་སྟེ། དེ་རྣམས་ལས་ཟག་པ་འཕེལ་ཞིང་རྒྱས་པར་བྱེད་པའི་ཕྱིར་རོ།། དེ་ལྟར་ཡང་འཕགས ་པ་མྱ་ངན་ལས་འདས་པ་ཆེན་པོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་གྱི་རྣམ་པར་ཤེས་པ་ལྔ་ནི་སེམས་རྩེ་གཅིག་པ་མ་ཡིན་ཞིང་ཟག་པ་དང་བཅས་པ་ཡིན་ལ། ཕྱིན་ཅི་ལོག་ཀྱང་ཡིན་ཏེ། ཟག་པ་རྣམས་བསྐྱེད་པའི་ཕྱིར་ཟག་པ ་དང་བཅས་པ་ཞེས་བྱའོ།། ངོ་བོ་ཉིད་ཀྱིས་ཡང་དག་པ་མ་ཡིན་ཏེ། འདུ་ཤེས་ལ་ཆགས་པས་ཕྱིན་ཅི་ལོག་པ་ཞེས་བྱའོ།། ཞེས་གསུངས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་འདི་རྣམས་མྱ་ངན་ལས་འདས་པའི་རྒྱུ་མ་ཡིན་ལ། སྔར་བསྟན་པ་ལྟར་རྒྱུན་དང་མི་ལྡན་པས ་འཁོར་བ་མ་ཡིན་ནོ།། ཡང་བག་ཆགས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་ཀུན་རྫོབ་ཏུ་སྐུད་ཅིག་མོ་ཉིད་ཡིན་ཏེ། དེ་ལས་དགོངས་ན་སྐད་ཅིག་མ་བདེན་པ་ལྟ་བུར་བསྟན་པའོ།། དེ་ལྟ་ན་གང་འཁོར་བར་འགྱུར་སྙམ་ནུ་ཀུན་གཞི་རྣམ་པར་ཤེས་པ་ཉིད་མ་རྟོགས་ན ་འཁོར་བའི་རྒྱུར་འགྱུར་ཞིང་། རྟོགས་ན་མྱ་ངོན་ལས་འདས་པའི་རྒྱུར་འགྱུར་བ་སྟེ། འདིའི་དོན་ནི་སྔར་བསྟན་ཟིན་ཏོ།། སྟོང་པ་ཉིད་ཀྱིས་གཡེངས་ཞེས་པ་ནི་མཚོན་པ་ཙམ་སྟེ། ཆུང་པ་དང་རྟག་པའི་མཐར་འཛིན་པའི་བློ་ཅན་རྣམས་ཀྱིས་དབུ་མའི་དོན་རང ་བཞིན་གྱིས་རྣམ་པར་དག་པའི་དེ་ཁོ་ན་ཉིད་མི་ཤེས་པའོ།། གཞན་ཡང་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་ཕྱི་བཞིན་དུ་འབྲང་བར་བྱིས་པའི་སྐྱེ་བོ་ལ་སོགས་པ་རྣམས་ཀྱིས་མཐོང་བ་ནི་སྤྲུལ་པའི་སངས་རྒྱས་ཉིད་ཡིན་གྱི་ངོ་བོ་ཉིད་ཀྱི་སངས་རྒྱས ་ནི་མ་ཡིན་ཏེ། དེ་ནི་དེ་དག་གི་མཐོང་བའི་ཡུལ་ལས་འདས་པའི་ཕྱིར་རོ།། སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ལ་དེ་ཕྱི་བཞིན་དུ་འབྲང་ཞིང་བསྲུང་བར་བསྟན་པ་ནི་ལག་ན་རྡོ་རྗེས་འདུལ་བའི་སེམས་ཅན་རྗེསུ་བཟུང་བའམ། དེའི་སྔོན་གྱི་སྨོན་ལམ་ལ་སོགས་པ་འབྲས ་བུ་དང་ལྡན་པ་ཉིད་དུ་སྟོན་པའོ།། གལ་ཏེ་དེ་ལྟ་ན་ངོ་བོའི་སངས་རྒྱས་གང་གི་སྤྱོད་ཡུལ་དུ་འགྱུར་ཞེ་ན། ཚེ་འདི་ཞེས་པ་ལ་སོགས་པ་གསུངས་ཏེ། མཐོང་བའི་ཆོས་ལ་ཏིང་ངེ་འཛིན་གྱི་བདེ་བར་གནས་པ་དང་། བདེན ་པ་བཞིའི་དེ་ཁོ་ན་ཉིད་མངོན་པར་རྟོག་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དང་ལྡན་པ་ས་དངོ་པོ་ཡན་ཆོད་ཀྱི་བྱང་ཆུབ་སེམས་དཔས་རྟོག་པར་བྱེད་པ་སྟེ། དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུའི་དབང་དུ་བྱས་པའོ།། ཆོས་ཀྱི་སྐུའི་ངོ་བོ ་ནི་ས་བརྒྱད་པ་ཡོན་ཆོད་དུ་སྤྱིའི་རྣམས་པའི་ཚུལ་གྱིས་ཡུལ་དུ་བྱེད་ལ། ཇི་ལྟ་བ་བཞིན་དུ་རྟོག་པ་ནི་སངས་རྒྱས་ཉ་གཅིག་གོ།། ཆོས་ཤེས་པའི་བཟོད་པ་ས་དང་པོའི་གནས་སྐབས་ཡིན་པར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་ཆོས་དག ་ལས་བཤད་དེ། རྒྱུན་ཏུ་ཞུགས་པའི་ཤེས་པ་དང་སྤོང་བ་གང་ཇི་སྙེད་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་ཏེ། ཞེས་པ་ལ་སོགས་པ་གསུངས་པ་དང་། བཟོད་པ་དེ་ཡང་འཕགས་པ ་རྣམ་པར་གྲོལ་བའི་སྡེ་ཡོས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པར་གསུངས་སོ།། ཡང་ལས་ཀྱི་ཉེས་པ་དང་ལྡན་པར་བསྟན་པ་ནི་ངེས་པའི་དོན་དུ་དེ་ལྟར་མ་ཡིན་ཏེ། སྤྲུལ་པའི་སངས་རྒྱས་ནི་གདུལ་བྱ་འབའ་ཞིག་གི་སྣང་བ་ཡིན་གྱི། དེ་དག་ལ་ཡང ་དེ་བཞིན་གཤེགས་པའི་རང་བཞིན་མེད་དེ། དོན་དམ་པར་དེ་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མེད་དེ། དེ་ལྟར་ན་ད་ནི་སངས་རྒྱས་ཉིད་མིན་པས་དེ་ལས་ཀྱི་ཉེས་པ་དང་འབྲེལ་པར་སྣང་ཡང་། སངས་རྒྱས་ནི་དེ་ལྟར་མ་ཡིན་པའོ།། སྤྲུལ་པ་ཉིད་ལས ་ཀྱི་ཉེས་པ་དང་འབྲེལ་པར་བསྟན་པའི་དགོས་པ་ཡང་བྱིས་པའི་སྐྱེ་བོ་རྣམས་རྣམ་པར་སྨིན་པའི་ལུས་ལ་སྐྱོ་བ་སྐྱེད་པ་སྟེ། དེ་བཞིན་གཤེགས་པ་ལ་ཡང་འདི་འདྲ་བའི་སྡུག་བསྔལ་ཡོད་ན། གཞན་རྣམས་ལྟ་ཅི་སྨོས་སྙམ་དུ་འགྱུར་བའོ།། ཁྱད་པར་དུ ་ལྷུང་བཟེད་དཀྲུས་ཏེ་ཕྱིར་འབྱུང་བ་ཉིད་དུ་བསྟན་པ་ནི་བསོད་ནམས་ཆུང་བའི་ཉན་ཐོས་རྣམས་ཀྱི་ཡི་ཆང་པོ་སྤང་བའི་དོན་དུའོ།། ཙན་ཙས་བཀུར་བ་བཏབ་པར་བསྟན་པ་ཡང་བསོད་ནམས་ཆུང་ཞིང་སྐུར་པ་མང་བའི་དགེ་སྦྱོང་རྣམས་ཀྱི་ཡི་ཆད ་པཔོ་སྤང་བར་བྱ་བའི་དོན་དུའོ།། ལྷས་བྱིན་དགྲར་གྱུར་པ་ལ་སོགས་པར་བསྟན་པ་ཡང་དེ་བཞིན་གཤེགས་པའི་ཆེ་བ་དབྱུང་བའི་དོན་དུ་བསྟན་པ་སྟེ། འདི་རྣམས་ཀྱི་དོན་ཞིབ་ཏུ་འཕགས་པ་ཆོས་བཅུ་པའི་རྗེས་འབྲངས་ཏེ་རྟོགས་པར་བྱའོ།། ་རྫུ་མཁན་གྱི་དམིགས་པ་ལ་སོགས་པ་ལ་སོགས་བུ་ནི་དེའི་བཟོ་རིགས་པ་དང་འཁོར་ལོ་ལ་སོགས་པའི་རྐྱེན་གྱིས་སྣོད་སྣ་ཚོགས་འབྱུང་བར་སྣང་བཞིན་དུ། སྦལ་པའི་སངས་རྒྱས་ཀྱང་གདུལ་བྱ་སྣ་ཚོགས་ཀྱི་དོན་དུ་བྱ་བ་སྣ་ཚོགསོ ་སྟོན་ཅིང་། མཚན་དང་ལྡན་པར་ཡང་སྟོན་མོད་ཀྱི་ངེས་པའི་དོན་གྱི་གཏམ་བདག་གི་འཕགས་པ་སོ་སོ་རང་གི་རིག་པར་བྱ་བའི་སྤྱོད་ཡུལ་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ནི་མི་སྟོན་ཏེ། སྦྲུལ་པོའི་གདུལ་བྱ་ནི་ཐ་མ་ལྔ་པ་སྣ་ཚོགས་ཡིན ་པས་དེ་ལྟར་བསྟན་པས་འདུལ་བར་མི་འགྱུར་བའི་ཕྱིར་རོ།། འདི་རྣམས་ཀྱི་དོན་ཞིབ་ཏུ་ནི་སྔར་བསྟན་ཏོ།། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྤྲུལ་པའི་གདུལ་བྱའི་ཁྱད་པར་སྟོན་ཏོ།། རྒྱང་བནི་པ་ལ་སོགས་པ་འགའ་ཞིག་རྣམ་པར་ཤེས ་པ་དྲུག་ལས་མ་གཏོགས་པ་གཞན་ནི་ཁས་མི་ལེན་ལ། དྲུག་པོ་རྣམས་ཀྱང་འཆི་བའི་དུས་ན་འགགས་པས་ཆད་པར་ལྟ་བ་སྟེ། འཇིག་རྟེན་སྔ་ཕྱི་མེད་ཅེས་པ་ལ་སོགས་པའོ།། ཡང་གྲངས་ཅན་པ་ལ་སོགས ་པས་ཀུན་གཞིའི་འཇུག་པ་ཀུན་རྫོབ་ཏུ་སྐད་ཅིག་པ་ཡིན་ཞིང་། དོན་དམ་སྟོང་པ་ཉིད་དུ་མ་རྟོགས་པའི་ཕྱིར་རྟག་པའི་དངོས་པོར་ལྟ་བའོ།། དེ་ལ་སོགས་པ་ལྟ་བ་སྣ་ཚོགས་པོའི་གཉེན་པོར་བཤད་པ་སྣ་ཚོགས་སྟོན་པར་སྣང་བའོ།། བློ་གྲོས ་ཆེན་པོ་རང་གི་བློའི་ཞེས་པ་ལ་སོགས་པས་འཁོར་བ་ཐོག་མ་དང་ཐ་མ་མེད་པ་དང་། མྱ་ངན་ལས་འདིས་པ་བསྟན་པ་མི་འགལ་དུ་ཉིད་དུ་སྟོན་ཏེ། དོན་ནི་ཞིབ་ཏུ་ནི་སྔར་བསྟན་ཏོ།། རང་གི་བློ་ཡི་ཤེས་པ་ལ་སོགས་པས་བྱིས་པའི་སྐྱེ ་བོས་དེའི་ཐོག་མ་དང་བར་མ་དང་ཐ་མ་ཤེས་པར་མི་རུང་བ་ཉིད་དུ་སྟོན་པའོ།། ཐར་པ་དེ་ཉིད་བག་ཆགས་ཀྱི་ས་གཞི་སྤངས་པའོ།། ཚིགསུ་བཅད་པའི་དེ་ནོ་ནི་གནས་སྐབས་དང་མཐར་ཐུག་པ་ལ་སོགས་པའི་དབྱེ་བ་ལ་མ་བལྟོས་པར་ཐེག ་པ་གསུམ་དང་། ཐེག་པ་མེད་པ་དང་། ཐེག་པ་གཅིག་ཉི་དུ་ངེས་པར་སྟོན་པ་དང་། མྱ་ངན་ལས་འདས་པའི་བྱེ་བྲག་མ་ཕྱེད་པར་སངས་རྒྱས་ལ་མྱ་ངན་ལས་འདའ་བ་མེད་ཅེས་པ་དང་། མྱ་ངན་ལས་འདའོ་ཞེས་ཕྱོགས་གཅིག་ཏུ་ངེས་པར་སྟོན་པ ་དང་། དུས་དང་རྐྱེན་གྱི་དབྱེ་བ་མ་བྱས་པར་འགྲོ་བ་ཐམས་ཅད་སངས་རྒྱས་ཉིད་དུ་ལུང་སྟོན་པ་དང་། དགྲ་བཅོམ་པ་རྣམས་ཉོན་མོངས་པའི་བགོ་ཆགས་ལ་སོགས་པའི་ཉེས་པ་ཐམས་ཅད་དང་བྲལ་བར་བཤད་པ་དང་། ཡང་གསུང་རབ་དག ་ལ་དུས་དང་རྐྱེན་གྱི་དབྱེ་བ་ལ་མ་བལྟོས་པར་དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་མངོན་པར་རྟོགས་པ་མཐུར་ཐུག་པའི་ཡེ་ཤེས་ཐོབ་པར་ལུང་བསྟན་པ་དང་། དགྲ་བཅོམ་པ་རྣམས་ཀྱིས་སྲིད་བུར་སྐྱེ་བ་ལེན་པ་མེད་པར་རྟོགས ་པ་སྟེ། ཟག་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཐོབ་པར་བཤད་པ་རྣམས་ནི་ཞུམ་པ་རྣམས་ཀྱང་སྤྲོ་བར་བྱ་བའི་ཕྱིར་ཞེས་པ་སྟེ། སྔ་མ་ལྟར་རྫོགས་པའི་བྱང་ཆུབ་ལ་སེམས་ཞུམ་ནས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདའ ་བར་འདོད་པ་རྣམས་སྤྲོ་བར་བྱ་བ་དང་། གཞན་ཡང་རྫོགས་པའི་བྱང་ཆུབ་ཐོབ་པར་དཀའ་བྱ་ཉིད་དུ་སྦྱིན་པ་སྟེ། ཐུར་པོ་ལ་སེམས་ཞུམ་པ་རྣམས་སྤྲོ་བ་བསྐྱེད་པོ་སྟེ། མྱུར་བ་སྲིད་པ་གསུམ་གྱིས་གྲོལ་བ་ཉན་ཐོས་ཀྱི་བྱང་ཆུབ་ཀྱང་ཡོད ་དོ་ཞེས་སྤྲོ་བ་སྐྱེད་པ་ལ་སོགས་པའི་དོན་དུ་དགོངས་ཏེ་བཤད་པོའོ།། དེ་དག་གི་དགོངས་དོན་ལ་སོགས་པའི་བྱེ་བྲག་ཞིབ་ཏུ་ནི་སྔར་རྒྱས་པར་བསྟན་ཏོ།། སངས་རྒྱས་དག་གི་ཞེས་པ་ལ་སོགས་པས་ནི་དེ་ལ་ཉན་ཐོས་སམ་བྱིས་པའི་སྐྱེ ་བོས་བཏགས་པ་ལྟར། རྣམ་པར་སྨིན་པའི་ལུས་འདོར་ཞིང་འགྲོངས་པ་ལྟ་བུའི་མྱ་ངན་ལས་འདས་པ་མེད་པོར་སྟོན་ཏེ། སངས་རྒྱས་ཉིད་ཀྱི་ཚོགས་ཡོངསུ་རྫོགས་པར་བྱས་ནས་ཆོས་ཀྱི་སྐུའི་ཡེ་ཤེས་རྒྱུན་དང་ལྡན་པ་རོ་སྐྱེད་ཅིག། ་ཡེ་ཤེས་དེ་ཉིད་ཀྱིས་གཟིགས་པའི་ལམ་བཤད་ཅིང་། གདུལ་བྱ་རྣམས་ཀྱང་མཐར་ཐུག་པའི་ལམ་དེ་ཉིད་ནས་འགྲོ་ཞིང་། སངས་རྒྱས་ཉིད་ཐོབ་པར་འགྱུར་བ་སྟེ། དེའི་ཕྱིར་མྱ་ངན་ལས་མི་འདའ་སྟེ། ཇི་སྐད་དུ། ཡེ་ཤེས་འཆི་མདོ་དམ་པ ་དེ་ལས་གཞན་མེད་ཐོབ་ཅེས་གསུངས་པ་ལྟ་བུའོ།། གཞན་ཡང་ཚིགས་འདི་རྣམས་ཀྱིས་མཐར་ཐུག་ལ་ཐེག་པ་གཅིག་ཉིད་ཡིན་པས་གསུམ་ལ་སོགས་པར་བསྟན་པ་དགོངས་པ་ཅན་ཉིད་དུ་སྟོན་ཏོ།། ་ཡང་འདི་སངས་རྒྱས་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་བསྟན་པས། མྱ་ངན་ལས་མི་འདའ་ཞེས་མཐའ་གཅིག་ཏུ་བསྟན་པ་ཡང་དགོངས་པ་ཅན་ཉིད་དུ་སྟོན་པའོ།། ཡང་སྔར་བསྟན་པའི་བག་ཆག ་བཞི་པོ་རྣམས་གང་ཡིན་པ་དང་། གང་ལ་བརྟན་པ་ལ་སོགས་པ་ནི་སྲིད་པ་ཞེས་པ་ལ་སོགས་པ་སྟེ། སྲིད་པའི་ཟག་པ་དང་། འདོད་པའི་ཟག་པ་དང་། གཟུགས་ཀྱི་ཟག་པ་དང་། ལྟ་བའི་ཟག་པ་སྟེ། འདི་རྣམས་ཀྱི་དོན་ནི་སྟར་བསྟནོ།། ་དེ་རྣམས་ཀྱི་བག་ཆགས་རྣམ་པ་བཞི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡིད་ཀྱི་རྣམ་པར་ཤེས་བུས་དངོས་པོར་བརྟགས་པའི་དབང་གིས་བསྒོས་ཤིང་བཞུག་པའོ།། ཡིད་ལ་གནས་ཞེས་པ་ནི་དེ་དང་འབྲེལ་པའི་ཚུལ་གྱིས་སོ ་ཡིད་ཀྱི་རྣམ་པར་ཤེས་ཞེས་པ་ལ་སོགས་པ་ནི་ཤེས་པར་ཟད་དོ།། ཐོག་མ་མེད་པ་ནི་ཀུན་གཞིའོ།། མྱ་ངན་ལས་འདས་པ་ལ་མོས་པ་ནི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་འམ། ཕྱི་རོལ་པས་བརྟགས་པའི ་ཐར་པ་ལ་བདེན་པར་འཛིན་ཅིང་མངོན་འདོད་པའོ།། འདོད་པ་ཆེན་པོ་རྣམས་སངས་རྒྱས་ཉིད་དུ་བསྟན་པ་ཡང་དུས་དང་སྐྱོན་གྱིས་བྱེ་བྲག་ལ་སོགས་པ་ལ་མ་བལྟོས་པར་དེ་ལྟར་བསྟན་པ་ནི་དགོངས་པ་ཅན་ཡིན་ལ། དུས ་རིང་མོ་ཞིག་ན་རང་གི་ལས་ཀྱིས་ས་བོན་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་དེ་ལྟར་འགྱུར་བ་ནི་ངེས་པའི་དོན་ཡིན་པས་སྔར་བསྟན་པ་དང་མི་འགལ་ལོ།། དེ་ལ་འདིར་སངས་རྒྱས་ཉིད་དུ་ངེས་པར་འབྱུང་བའི་ལམ་མདོར ་བསྡུས་ན་རྣམ་པ་གཉིས་ཡིན་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོའི་ཕྱོགས་རྒྱས་པར་སྟོན་ནས། ད་ནི་བྱམས་པ་དང་སྙིང་རྗེ་སྔོན་དུ་སོང་བའི་བྱང་ཆུབ་མཆོག་ཏུ་སེམྦ་བསྐྱེད་ན། བྱང་ཆུབ་སེ་དེའི་སྤྱོད་པ་ཨཱ་ལ་མ་ཁྭ་བཱི་ཕྱོན་ཅུང་ཟད་སྡུས་ཏེ་སྟོན་པ ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པ་སྟེ། དེ་ཡོད་སྒྲུབ་པོ་དང་། དགུག་པའི་སྤྱོད་པ་རྣམ་པོ་གཉིས་ལས། འདིར་ཁྱད་པར་དུ་ཤའི་ཟས་ལ་དགའ་བའི་སྲིན་པོ་རྣམས་རྫས་བཟང་བའི་དོན་དུ་ཤ་ཟ་བའི་ཉེས་དམིགས་རྒྱས ་པར་སྙན་པའི་སྒྲ་ནས་སྙིང་རྗེ་ཅན་གྱི་དྲི་ཉིད་དགག་པར་བྱ་བ་ཉིད་དུ་སྟོན་པའོ།། འདི་རྣམས་དྲི་བ་གང་གི་ལན་དུ་སྦྱར་བ་ནི། ཚིགསུ་བཅད་པ་རྣམས་ཀྱིས་ཞུས་ནས་ཞེས་པ་སྟེ། སྔར་དྲི་བ་བརྒྱ་རྩ་བརྒྱད་ཀྱི་སྐབ་སུ་ཞུས་ནས་ཞེས་པའོ།། ཆོས ་ཀྱི་རེའི་ཟས་ལ་མྲྀ་པས་ཞེས་པ་ནི་ནང་དུ་ཏིང་འཛིན་ལ་མཉམོ་པར་བཞག་པའི་བདེ་བའི་རོ་དང་། རྗེས་ཐོབ་ཀྱི་གནས་སྐབས་ན། གཞན་དོན་སེམས་དང་དེའི་ཐབས་རྙེད་དང་ཞེས་པ་ལ་སོགས་པ་ཐེག་པའི་རོའི་ཟས་སོ།། ཕན་ཚུན་དུ་བྱམས་པ ་ཐོབ་པ་ནི་ཁྱད་པར་དུ་ས་དང་པོ་ལ་སོཌ་པའི་གནས་སྐབ་ཏེ། ཆོས་དང་སེམས་ཅན་རྣམས་དང་ནི།། དེ་ཡི་བྱ་བ་སངས་རྒྱས་ཉིད།། མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ།། ས་རྣམས་སུ་སྦྱང་བར་བྱས་ཞེས་པ་ནི་ཐབ ་@དང་ཤེས་རབ་ཀྱི་ཀུན་གཞི་ལ་ཡོད་པའི་ལམ་གྱི་དྲི་མ་སྦྱངས་ནས་མྱུར་དུ་སངས་རྒྱས་པ་སྟེ། དམན་པའི་ལམ་སྔོན་དུ་མ་སོང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་པའོ།། ཉན་ཐོས་དང་རང་ས ་རྒྱས་ཀྱི་སར་ངལ་གསོ་བ་ནི་དམན་པའི་ལམ་སྔོན་དུ་སོང་བའི་བྱང་ཆུབ་སེམས་དཔའོ།། ཆོས་བཤད་པར་ཞེས་པ་ནི་བཤད་པའི་ཆོས་རྣམས་ལས་ཤ་ཟ་བའི་ཉེས་པ་བཤད་དུ་གསོལ་ཞེས་པའོ།། མུ་སྟེགོས་ཅན་རྣམས་ཀྱིས་ཀྱང་ཤ་ཟ་བ ་བཀག་སྟེ། དྲང་སོང་སུ་གེས་སྨྲས་པ། ཁྱོད་ཀྱི་ཕྱུགས་ནི་སྔོན་བསྲང་དེ། ཁྲག་གི་འདམ་རྫབ་ཏུ་བྱས་པས།། གྲལ་ཏེ་མཐོ་རིས་འགྲོ་འགྱུར་ན།། གང་གིས་དམྱལ་བུ་འགྲོ་འགྱུར་ཞེས་བསྟན་པ་དང་།། གཞན་ཡང་དྲང་སྲོང་བྱ་སས་སྨྲས་པ། གང ་གིས་གང་གི་ཤ་ཟ་བ།། དེ་དག་གཉིས་ཀྱིས་ཁྱད་པར་ལྟོས།། གཅིག་ནི་སྐད་ཅིག་འདྲངས་པར་འགྱུར།། གཅིག་ནི་བསྟན་དུ་སྲོགས་དང་འབྲལ།། འཆིའོ་སྙམ་པའི་སྡུག་བསྔལ་གང་།། སྐྱེས་བུ་ལ་ནི་སྐྱེས་གྱུར་པ།། རྗེ་སུཾ་དཔག་པ་དེ་ཡིས་ནི། ་གཞན་ཡང་སྲུང་བར་འོས་པའོ།། ཞེས་པ་ལ་སོགས་པ་རྣམ་པ་དུ་མ་སྨྲས་པའོ།། འཇིག་རྟེན་གྱི་མགོན་པོ་ཁྱོད་ཀྱིས་བསྟན་པ་ཞེས་པ་ནི་དེ་ཡིས་བསྟན་པ་ལམ་དང་འབྲས་བུའི་ཐེག་པ་དམིགས་པ་མེད་པའི་ཐུགས་རྗེས་རོ་གཅིག་ཏུ ་གྱུར་པའོ།། འཆལ་པ་མི་བཟློག་ཅེས་པ་ནི་གཞན་ཟ་བའོ།། རྒྱུ་ཚད་མེད་པ་ནི་བཟའ་བར་མི་འོས་པའི་རྒྱུ་མཚོན་ནོ།། འདི་ལས་ཞེས་པ་ལ་སོགས་པར་ཐམས་ཅད་ཕ་དང་མ་ལ་སོགས་པར་མ་གྱུར་པ་མེད་པས་བཟའ་བར་མི་འོས་པ་ཉིད་དུ ་སྟོན་ཏེ། གཉེན་བཤེས་ནི་ཆུང་མ་ལ་སོགས་པའོ།། བློ་གྲོས་ཆེན་པོ་དཔྱོད་པ་དང་ཞེས་པ་ལ་སོགས་པས་ནི་མི་གཙང་བ་ལ་གཙང་བ་ལ་སོགས་པར་འཁྲུལ་པའི་རྒྱུ་མཚན་གྱིས་མི་བཟའ་བ་ཉིད་དུ་བསྟན་པའོ།། གཞན་ཡང་འབྱུང་པོ་རྣམ ་སྡང་བར་བྱེད་པ་དང་། དམ་པ་རྣམས་ཀྱི་སྤངས་པ། ཁ་ན་མ་ཐོ་བ་སྤང་བ་དང་། བསམས་ན་དབང་པོ་དང་མི་འཕྲོད་པ་དང་། དངོས་གྲུབ་དང་ཐར་པའི་གེགསུ་འགྱུར་བ་དང་། འཁྲིག་པའི་ཆགས་པ་ལ་སོགས་པ་འཕེལ་བ་དང་། འཇིག་རྟེན་སྐྱོང ་པ་ལ་སོགས་པའི་ལྷ་རྣམས་ཀྱིས་སྤོང་བ་དང་། མཐོང་བའི་ཆོས་ལ་ཉེས་དམིགས་མང་པོ་དང་འབྲེལ་པས་བཟའ་བར་མ་གནང་ཞིང་བཀག་ཅེས་པའོ།། དེ་ལས་རིགས་སྔགས་འཆང་བ་རིགས་སྔགས་སྒྲུབ་པར་འདོད་པ་ནི་བྱ་བའི་རྒྱུད ་ལསོགས་པའི་རྗེས་སུ་འབྲང་བ་རིག་སྔགས་དང་གཟུང་སྔགས་ལ་སོགས་པ་སྒྲུབ་པར་འདོད་པའོ།། ངས་ཁ་ཟས་ནི་བུའི་ཤ་དང་སྨན་བཞིན་དུ་བཤད་ལ་ཞེས་པ་ནི། ཤའི་ཟས་བུའི་ཤ་དང་འདྲ་བ་དང་། དེ་ལས་གཞན་དང་དྲང་སྟོང ་ཟས་འོ་མ་དང་འབྲས་ཆན་ལ་སོགས་པ་ནི་ཕན་འདོགས་པས་སྨན་དང་འདྲ་བ་སྟེ། དེ་ཡང་རོ་ལ་ཆགས་པའི་འདུ་ཤེས་ཀྱིས་ནི་མི་བཟའ་སྟེ། སྐྱེ་བ་འདི་དང་གཞན་དུ་ཕན་པའི་འདུ་ཤེས་ཀྱིས་བཟའ་བའོ།། ཧྭགས་དང་ཞེས་པ་ནི་འབྲུ ་མར་བསྐོལ་བ་ལས་སྤྱུགས་པའོ།། ཁ་འདའ་ནི་ཏིང་ཀྲོལ་དུ་བྱས་པའོ།། བློ་གྲོས་ཆེན་པོ་སྤྱན་འདས་པའི་ཞེས་པ་ལ་སོགས་པས་གདུལ་བྱའི་ཁྱད་པར་འགའ་ཞིག་ཡང་རྒྱས་པར་བྱ་བའི་དོན་དུ་སྔོན་གྱི་གཏམ་རྒྱད་བསྟན་པའོ།། ་ཐོས་པར་བསྙེན་པ་ནི་བཟླའ་བར་མི་འོས་པ་བསྟེན་པའོ།། དེ་ལ་དབང་པོས་ཀྱང་ཞེས་པ་ལ་སོགས་པའི་དོནྡ་ནི་མྦྷའི་དབང་ཐོས་སྔོན་ཁྱུ་གཟུགས་བྱས་བྱས་རྒྱལ་བ་ནི་ཀུན་གྱི་བསམ་པ་བརྟག་པར ་བྱ་བའི་དོན་དུ་ཕུག་རོན་གཙེས་པར་གྱུར་ཏོ།། དེ་རྒྱལ་པོ་ལ་སྒྲུབསུ་སོང་བ་དང་། ཁྭའི་གཟུགས་དེས་སྨྲས་པ། འདི་ནི་ངའི་ཟས་སྐལ་ཏེ། འདི་མེད་ན་ང་ནི་འཆི་བའི་དུས་ལ་བབ་བོ་ཞེས་རྒྱལ་པོ་དེ་ལ་གཟིར་བ་དང་། རྒྱལ་པོས ་འདིའི་ཤ་དང་མཉམ་པའི་སྲང་ཚད་བཅལ་ཏེ་ཁྱོད་ལ་སྦྱིན་ནོ་ཞེས་པ་ལ་སོགས་པ་གསུང་རབ་ཀྱི་ཕྱོགས་འགའ་ཞིག་ལས་གསུངས་པ་བཞིན་ནོ།། སྲོག་གི་རིམ་གྲོའི་ཕྱིར་ཞེས་པ་ནི་སེང་གེ་མོ་དང་མ་འགྲོགས་ན་དེ་ཡི་བསོད ་པར་འགྱུར་བས་དེ་དང་འགྲོགས་པའོ།། ཁྱིམ་བདུན་པོའི་གྲོགས་ཞེས་པ་ནི་དེ་བཞིན་གཤེགས་པོའི་བསྟན་པའི་རྗེས་འབྲང་བ། ལས་དང་པོ་པ་རྣམས་ཀྱིས་འགྲོ་བར་བྱ་བ་མ་ཡིན་པའི་གནས་བཤན་པའི་ཁྱིམ་དང་། ཆང་འཚོང ་དང་སྦྲང་འཚོང་མ་དང་། བྱ་བ་དང་། ཉ་པ་དང་། རྒྱལ་པོའི་ཕོ་བྲང་དང་། དེ་ལས་གཞན་རྟོན་པ་ལ་སོགས་པ་རིགས་ངན་གྱི་ཁྱིམ་མམ། ཡང་ན་ལོག་པར་ལྟ་བའི་མུ་སྟེ་གོས་སྲོག་གི་མཆོད་སྦྱིན་ལ་དགའ་བའི་ཁྱིམ་སྟེ་བདུན་པོ་དེ་དག ་ཡོད་པའི་གྲོང་ཁྱེར་ན། ཤོ་ལ་ཤིན་ཏུ་ཧམ་ཞིང་དེ་ལས་གཞན་ཡང་རྟེན་པར་མི་འོས་པའི་འདོད་པའི་ཡོན་ཏན་རྣམས་བརྟེན་ན། མེའི་ཤ་ཟ་བའི་འཕྲ་མེན་མ་སྟེ། གནོད་སྦྱིན་གྱི་རིགསུ་གཏོགས་པའི་འགྲོ་བའི་ཁྱད་པར་རོ།། ཤ་ཟ ་ཉེས་པ་ཡང་ཞེས་པ་ལ་སོགས་པས་ནི་རེ་ཞིག་ཟ་བ་ལ་སོགས་པའི་ཉེས་པ་ཡང་དེ་དང་འདྲ་བ་ཡིན། རྟག་ཏུ་བརྟེན་ཅིང་བསྙེན་པའི་ཉེས་པ་ཆེན་པོར་འགྱུར་བ་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ།། བློ་གྲོས་ཆེན་པོ་ཞེས་པ་ལ ་སོགས་པས་མི་བཟའ་བའི་རྒྱུ་མཚན་བསྡུས་པ་དང་། གཞན་དགྲ་ཟ་བར་འགྱུར་བའི་རྒྱུ་མཚན་སྟོན་ཏེ། གསོད་པར་མི་འགྱུར་ཞེས་པ་ནི་ཕལ་ཆེ་བ་ལ་དགོངས་པ་སྟེ། ངག་གི་རྒྱུན་འོག་མ་རྣམས་ཀྱིས་བསྟན་པའོ།། བློ་གྲོས་ཆེན་པོ་གང ་ཉེ་བར་བཟུང་སྟེ་ཞེས་བྱ་བ་ནི་རྣམ་པ་གསུམ་དག་པའི་ཤ་གང་ཞིག་ལ་དགོངས་ཏེ། ཉོན་ཐོས་རྣམས་ལ་གནང་བ་བདག་ཉིད་ཀྱིས་སྲོག་མ་བཅད་པ་དང་། གཞན་གཅོད་དུ་མི་བཅུག་པ་དང་། མ་བསམས་ཤིང་བློ་ཡི་ཡུལ་དུ་མ་བྱས་པ ་ལྷུང་ཟེད་ལ་སོགས་པོའི་སྣོད་དུ། སྦྱིན་བདག་ལ་སོགས་པས་བཀུར་བ་སྟེ། དེ་འདྲ་བ་ཡང་དངོས་སམ་བརྒྱུད་པས་སེམས་ཅན་རྣམས་ལ་གནོད་པར་འགྱུར་བས་རུང་བ་མ་ཡིན་ཞེས་པའོ།། ཤཱཀྱའི་སྲས་ཀྱི་ཡིན་ནོ་ཞེས་པ་ནི་ཤཱཀྱའི ་སྲས་ཀྱི་དགེ་སྦྱོང་ཡིན་ནོ་ཞེས་ཁས་ལེན་པའོ།། རྣམ་པ་མང་པོར་རྟོག་པ་ནི་དོན་འབྱུང་བའི་གླང་གཞི་དེ་དང་དེ་དག་ལ་བརྟགས་ནས་ཞེས་པ་དང་སྦྱར་ཏེ། བསླབ་པ་བཅའ་བ་ལ་སོགས་པའི་དགོས་པ་སྟོན་པར་བྱེད་པའི་གཏམ་རྒྱུད་དེ ་དག་ལ་བརྟགས་པ་སྟེ། དེ་བཞིན་གཤེགས་པས་ཀུན་དགའ་བོ་ལ་བསླབ་པ་ཕྲ་མོ་བག་ཡང་སུ་བྱར་ཡོད་ཀྱིས། ང་མྱ་ངན་ལས་འདའ་བའི་དུས་སུ་ཁྱོད་ཀྱིས་ངོ་ལ་དྲིས་ཤིག་ཅེས་གསུངས་པས་ཤའི་ཟས་ལ་སོགས་པ་བསླབ་པ་ཕྲ་མོ་རྣམས་ནི ་བཅོམ་ལྡན་འདས་ཀྱིས་གནང་ངོ་ཞེས་སྨྲའོ།། ཤ་ཟ་བའི་གཏན་ཚིགསུ་སྣང་བ་ཞེས་པ་ཡང་དོན་འདི་ཉིད་དང་སྦར་བར་བྱའོ།། ཡང་དོན་འབྱུང་ཞེས་པ་དེ་དག་གི་མངོན་པར་སྦྱར་བའི་དོན་ཉིད་ལ ་སྦྱར་བར་བྱའོ།། གཞན་ཡང་དེ་བཞིན་གཤེགས་པས་གནང་ཞིང་རུང་བ་ཡིན་ན། ཤ་ཐམས་ཅད་ཟ་བ་གཅད་པར་མི་བྱ་བ་ཉིད་དུ་འགྱུར་པོ་ལས། དེ་ལྟར་བྱས་པའི་ཕྱིར་མི་རུང་ཞེས་པའོ།། དེ་ལྟར་ན་ཅུང་ཟད་གནང་བ་ཡང་མེད ་དམ་སྙམ་དུ་དོགས་ན། བདྲེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ནས། རིག་པ་འཛིན་པའི་སྡེ་སྣོད་ཀྱི་བར་གྱི་བསྟན་པ་བརྗོད་པ་དེ་དོང་དེ་དག་ལས། སོ་སོ་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པོའི་བསླབ་པའི་གཞི་མས ་རིམ་གྱི་བཅའ་བ་སྐས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་པ་གསུམ་བཅས་ནས་དོན་ཆེན་པོ་དང་ལྡན་པ་གོང་མ་རྣམས་མི་ཉམས་པར་བྱ་བའི་དོན་དུ་ཉན་ཐོས་རྣམས་ལ་གནང་བ་བྱས་པའི་རྣམ་གསུམ་དག་པའི་ཤ་ལ་སོགས་པ ་ཡང་ཐེག་པ་གོང་མ་རྣམསུ་བཀག་སྟེ། དེའི་ཕྱིར་རང་བཞིན་གྱིས་ཤི་བ་བཅུའི་ཤ་ནི་མ་བཀག་མེད་ཀྱི། འདིར་སྲིན་པོ་ལ་སོགས་པ་རྗེསུ་བཟུང་བའམ། དངོས་སྔམ་བརྒྱུད་པས་སེམས་ཅན་ལ་གནོད་པ་བསྲིང་བར་བྱ་བའི་དོན་དུ་སྲོག ་ཆགས་ཐམས་ཅད་ཀྱི་ཤ་ཐམས་ཅད་དུས་སམི་གནས་སྐབས་ཐམས་ཅད་དུ་ཀུན་དགའ་ཡང་ཟ་བའི་ཐབས་མེད་པར་རིལ་གྱིས་བཀག་པའོ།། དེ་ལ་རང་བཞིན་གྱི་ཤི་བ་བཅུ་ནི་ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་ལ་སོགས་པ ་འགའ་ཞིག་ལ་བའི་དབང་གིས་ཤི་བ་མ་ཡིན་སེམས་ཅན་རྣམས་ཀྱི་སྲོག་ཡུན་རིང་དུ་གནས་པའི་འགལ་རྐྱེན་ཕྱི་དང་ནང་གིས་བསྡུས་པ་སྟེ། དེ་ལ་ཕྱེའི་དབང་དུ་བྱས་ན་སེན་དང་། སེམས་ཅན་གཡིན་པའི་གནོད་པ་རྣམ་པ་གཉིས་སོ།། སེམས ་ཅན་མ་ཡིན་པ་ཡང་ས་ལ་སོགས་པའི་འབྱུང་བ་བཞིར་སྣང་བས་སྲོག་ལ་གནོད་པ་སྟེ། དེ་ལྟར་ན་ཕྱི་རོལ་གྱི་འགོལ་རྐྱེན་རྣམ་པ་ལྔའོ།། ནང་གི་དབང་དུ་བྱས་ན་རླུང་ལས་གྱུར་པ་དང་མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར ་པ་དང་། འདུས་པ་ལས་གྱུར་པའི་ནང་རྣམས་ཏེ། དེ་ལྟར་འགལ་རྐྱེན་རྣམ་པ་བཞི་དང་། ཚེ་ཟད་ནས་འཆི་བ་སྟེ་མཐུན་རྐྱེན་མ་ཚང་བའོ།། དེ་ལྟར་ན་ནང་གི་དབ་དུ་བྱས་པ་རྣམ་པ་ལྔ་སྟེ། ཐམསཅད་བསྡོམས་པས་བཅུ་རུ་འགྱུར་བའོ།། ་དེ་ཡང་ཇི་ལྟར་མི་རྣམས་མིའི་ཤ་མི་ཟ་ཡང་འཆི་བའི་རྐྱེན་རྣམ་པ་བཅུ་པོ་དེ་རྣམས་ཀྱི་མི་རྠམྦྷ་འཆི་བ་བཞིནོ་རྣམ་པ་གསུམ་དག་པ་དང་། རིག་པ་འཛིན་པའི་སྡེ་སྣོད་ལས་ན། ག་ཧ་དང་པོ་ལ་སོགས་པ་བཟའ་བར་བཤད་པ་ཡང ་འདི་རྣམས་ཀྱི་ནང་དུ་འདུས་པར་ཟད་དོ།། ངེས་པའི་དོན་དེ་ནི་དེ་ལྟར་ཡིན་མོད་ཀྱི། འདིར་ནི་ཤྲའི་ཟས་ཟ་བ་ཙམ་ལ་བརྟེན་ནས་སེམས་ཅན་ལ་གནོད་པར་འགྱུར་བ་སྲིད་པ་དང་། སྔ་མ་ལྟར་སྲིན་པོ་ལ་སོགས་པ་རྗེ་སུ་བཟུང་བའི་དོན་དུ ་ཐམས་ཅད་བཀག་པའོ།། ཆོས་ཀྱི་ཟས་ཟ་སྟེ་ཟང་ཟིང་གི་ཟས་མ་ཡིན་ཞེས་པ་ཏིང་ངེ་འཛིན་གྱི་བདེ་བ་ཐོབ་པ་རྣམས་ཀྱིས་དབང་དུ་བྱས་པའོ།། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཞེས་པ་ནི་མཁྱེན་ཀྱང་ཐུགས་མངོན་དུ་མི་གཏོད་པ ་མི་གཟིགས་པ་དག་ཀྱང་སྲིད་པས་དེ་ལྟ་བུ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་གཟིགས་པའོ།། ཚིགསུ་བཅད་པ་རྣམས་ཀྱིས་ནི་དོན་སྔ་མ་ལྔས་ལྷག་པ་ཡང་སྟོན་པྲས་ཞུས་པ་ལྷག་ཏུ་བྱ་བའོ།། འབྲུ ་མར་གྱིས་ཀྱང་བྱུག་པ་ཡང་ཞེས་པ་ལ་སོགས་པའི་དོན་ནི་དེས་ལུས་རྒྱགས་པར་འགྱུར་བའམ། ལོང་འཆོས་ཉིད་དུ་འགྱུར་བས་སོ།། གཞན་ཡང་ཤིང་ལ་སོགས་པ་ལས་བྱིས་པའི་ཁྲི་གྲ་མིག་དུ་བྱས་ཀྱི་སྟེང་དུ་ཉལ་བར་མི་བྱ་སྟེ། གླ ་མིག་དེ་དག་ན་གནས་པའི་སྲོག་ཆགས་ཕྲ་མོ་རྣམས་དེའི་སྡུག་བསྔལ་བསྐྱོད་དང་སྐད་ཀྱིས་འཇིག་པར་འགྱུར་བའི་ཕྱིར་རོ།། དྲེགས་པ་ནི་ང་རྒྱལ་དང་རྒྱགས་པའི་ཆ་རུ་གཏོགས་པའོ།། རྟོག་པ་ནི་འདོར་པ་ན་འདོགས་པའམ་སྡིགས་པའི ་མཚན་མར་འཛིན་པའོ།། འདོད་ཆགས་ཀྱིས་ནི་སེམས་རྨོངས་བྱེད། ཅེས་པོ་ལ་སོགས་པའི་དོན་ནི། འདོད་པ་ལ་ལྗོངས་ལ་ཁྲེལ་མེད་ངོ་ཚ་མེད་ཅེས་པ་ལྔ་སོགས་པའམ། གཞན་ཡང་འདོད་པས་ཡོངསུ་བསླུས་པ་དག། རྒྱ་མཚོའི་ཆུ་ནང ་འཇུག་པར་བྱེད།། མཚོན་ཆ་ཐིབས་པོར་འབབ་པ་ཡི།། གཡུལ་དུ་ཡང་དག་འཇུག་པར་བྱེད་ཅེས་པ་ལ་སོགས་པ་གསུངས་པ་སྟེ། བླང་བྱ་དང་དོར་བྱའི་བྱེ་བྲག་ལ་རྨོངས་པ་ཟག་པ་དང་བཅས་པའི་ཕུང་པོ་འདུས་པར་རབ་ཏུ་འགྱུར་ཏེ། དེ ་བུར་སྐྱེ་བ་ལོན་ཅིང་གྲོལ་བར་མི་འགྱུར་བའོ།། དེ་དག་གཉིས་ཀ་ཞེས་པ་ནི། བསད་ནས་འཚེང་པ་དང་། ཉོ་བ་གཉིས་ཀའི་འཇིག་རྟེན་གཉིས་ཞེས་པ་ཡང་དེ་དོག་དང་སྦྱར་རོ།། ཡང་མེད་པས་ཞེས་པ་ནི་སྤྱིར་ཤ་ཟེ་བའི་ཉེས་པས་དངོས་མ་སྩལ ་ཡ་། བརྒྱུད་ནས་བསྐུལ་བར་འགྱུར་བའོ།། དེ་ལ་ང་སངས་རྒྱས་དག་གི་བཤད་ཅེས་པ་གསུང་རབ་ཀྱི་ཕྱོགས་གང་ལས་བཤད་སྙམ་ནས། གླང་པོའི་རྩ་ལྔ་དང་སྤྲིན་ཆེན་དང་ཞེས་པ་ལ་སོགས་པའོ།། མཐོང་དང་ཐོས་དང་ཞེས་པ་ལ་སོགས ་པ་ནི་དེ་འདྲ་བའི་ཉེས་པ་མཐོང་བ་དང་ཐོས་པ་ལ་སོར་འོ།། འདོད་ཆགས་ཐར་པ་ལ་བར་ཆད་ཅེས་པ་ནི་ཁྱད་པར་དུ་འཁྲིག་པའི་འདོད་ཆགས་ཏེ། བུད་མེད་ཆགས་པས་ཡིད་བཅིངས་པ།། ཕྱི་ནས་མེ་ཡིས་བསྲེག་པར་བྱེད།། ཅེས་གསུངས་པའི་ཕྱིར་རོ།། ཤ ་དང་ཆང་ལ་སོགས་པ་ལ་ཆགས་ཤིང་བསྟེན་པ་ཡང་དེ་དག་མཚུངས་པར་འགྱུར་བའོ།། རླན་པ་དང་ནི་མྀ་འཕྲོད་པར་ཞེས་པ་ལ་སྔར་བསྟན་པ་ལྟར་སྨན་དང་འདྲ་བ་དྲང་སྲོང་གི་ཐོས་རྣམས་ཀྱང་རན་པ་ཙམ་དུ་བཟའ་ཞིང་། ཤའི་ཟས་ལ་ནི་མི ་འཕྲོད་པའི་འདུ་ཤེས་ཀྱི་སྤངས་པར་བྱའོ།། ཝ་ལ་སོགས་པ་དང་འགྲོགས་བྱ་བས་ཞེས་པ་ནི་དེ་དེ་དག་ཏུ་སྐྱེ་ཞིང་དེའི་རིགས་དང་འགྲོགས་པའོ།། འདི་ནི་འཕགས་པའི་རྒྱལ་མཚན་ནོ་ཞེས་པ་ནི་ཚུལ་ཁྲིམས་ཀྱིས་བརྒྱན་ཅིང་། ཕ་རོལ་ཏུ་བདུད་ལས ་རྒྱལ་བའི་མཚན་མའོ།། འཕགས་པ་ལོང་ཀར་གཤེགས་པའི་འགྲེལ་པ་དེ་བཞིན་གཤེགས་པའི་སྟོང་པའི་རྒྱན་ལས་ལེའུ་བདུན་པའི་འགྲེལ་པ་རྫོགས་སོ།། ། དེ་ནས་ཞེས་བྱ་བ་ལྔ་སོགས་པས་བྱང་ཆུབ་སེམས ་དཔའ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ལམ་གྱིས་སངས་རྒྱས་ཉིད་དུ་ངེས་པར་འབྱུང་བ་ལ། བར་ཆད་འབྱུང་བ་བཟློག་པར་བྱ་བའི་དོན་དུ་ནུས་པ་དང་ལྡན་པའི་སྔགས་སྟོན་ཏོ།། དེ་ཡང་མན་དྲ་ཅེས་པའི་དོན་ནི་ཡིད་ཅན་སྐྱོབ་པོར་བྱེད་པ་དང་། དེ ་ཁེ་ན་ཉིད་ཀྱི་རྟོག་པ་སྲུང་བར་བྱེད་པ་དང་བསྒྲུབ་བྱ་འགུགས་པར་བྱེད་པས་སྔགས་ཞེས་བྱ་སྟེ། ལམ་གྱི་ཡན་ལག་ཉིད་དུ་འགྱུར་བའོ།། འདིར་བདུད་ཀྱི་བྱེད་པ་ཡང་ས་བདུན་པ་མན་ཆོད་དུ་བྱང་ཆུབ་སེམས ་དཔའ་རྣམས་མངོན་པར་རྟོགས་པ་མྱུར་དུ་འཇུག་པ་ལ་བགེགས་བྱེད་པ་དེ་ག་སྲིད་དེ། ཇི་སྐད་དུ། ས་བདུན་པ་མན་ཚད་དུ་བདུད་དལ་བདུད་ཀྱི་ལས་ཀྱང་རིག་པར་བྱའོ།། ཞེས་གསུངས་པའི་ཕྱིར་རོ།། དེ་ལ་སྐབས་མི་སྙེད་ཅེས་པ་ནི་ཉེས་པའི ་གེ་སྐབས་མི་རྙེད་པའོ།། ནམ་མཁའ་ལྡིང་ནི་དུད་འགྲོའི་རིགསུ་གཏོགས་པ་ན་མཁའ་ལ་སྤྱོད་ཅིང་ཀླུ་རྣམས་ཟས་སུ་ཟླ་བ་སྟེ། ཡང་དག་དབྱངས་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་སློབ་དཔོན་ཀླུ་གྲུབ་ཀྱིས་ཇི་སྐད ་དུ་གསུངས་པ་ལྟ་བུའོ།། འབྱུང་པོ་ནི་བྱང་ཤར་གྱི་མཚམས་ན་གནས་པའི་འབྱུང་པོ་དབང་ལྡན་ནོ།། ལྷ་མ་ཡིན་ནི་ལྷའི་འགྲོ་བར་གཏོགས་པ་གདུགས་དང་བརྩུབ་དང་གཡོ་རྒྱུ་ཤས་ཆེ་བས་འདི་དག་ནི་ལྷ་མ་ཡིན་ཞེས་ཐ་སྙད་དུ་བྱེད ་པ་སྟེ། ཇི་ལྟར་ངན་པའི་ལས་བྱུད་པོའི་མི་རྣམས་ལ། འདི་ནི་མ་ཡིན་ནོ་ཞེས་ཟེར་བ་ལྟ་བུ་སྟེ། སྒྲ་གཅན་འཛིན་དང་། མགུལ་འཕྲེང་དང་། རབ་རྒོད་ལ་སོགས་པའོ།། གྲུལ་བུམ་ལ་སོགས་པ་ནི་པལཱ་ཆེར་ཡི་དགས་ཀྱི་འགྲོ་བར་གཏགས ་པ་ལས་ཀྱི་དབང་གིས་དམན་པའི་ཡི་དགས་རྣམས་ལས་ཁྱད་པར་དུ་མཐུ་དང་རྫུ་འཕྲུལ་དུ་ལྡན་པ། གཞན་ལ་གནོད་པའི་བསམ་པ་དང་རྗེ་སུ་འབྲེལ་པའོ།། དེ་ལ་གྲུལ་བུམ་ནི་འབྲས་བུ་ཆེ་བ་སྟེ་བུམ་པའི་ཚད་ཙམ་དང་ལྡན་པའོ།། ་ཟ་བ་ནི་རྡུལ་ཁྲོད་དམ་ཆབ་ལུང་གི་གནས་ན་གནས་པ་ཤའི་ཟས་ལ་དགའ་བའོ།། གླནོན་པོ་ནི་མི་རྣམས་ཀྱི་གཟི་བརྗིད་དམ་ཡིད་འགྲིབ་པ་དང་གནོད་པར་བྱེད་པའོ།། བརྗེད་བྱེད་ནི་དྲན་པ་འཕྲོག་པར་བྱེད་པའོ།། མཱ་དངས་འཕྲོག་པ་ནི ་ཁྲག་དང་ཁུ་བ་འདྲེན་པར་བྱེད་པས་གཟི་མདངས་ལ་གནོད་པའོ།། ལུས་སྲུབ་པོ་ནི་ལུས་མི་འདྲ་བ་དུ་མ་བཟུང་ཞིང་གཞན་ལ་གནོད་པར་ཞུགས་པའོ།། གཞན་ནི་སྔར་བཤད་ཟིན་ཏོ།། གཞན་ཡང་སྔགས་ཀྱི་ཚིག་འདི་རྣམས་དེ ་བཞིན་གཤེགས་པ་ཆོས་ཀྱི་མངའ་བདྲག་ཆེན་པོར་འགྱུར་པས། སྔར་བསྟན་པའི་མདོའི་བརྗོད་བྱའི་དོན་ཟབ་མོ་སྟོན་པའི་ཚིག་ཏུ་ཡང་བྱིན་གྱིས་བརླབས་ཤིང་བརྗེར་བྱས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་རྗེ་སུ་འཛིན ་པས། འདི་དག་ཀློག་པར་བྱེད་པ་དེ་ཡིས་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླག་པར་འགྱུར་བྱའོ།། ཁྱད་པར་དུ་ཡང་སྔོགས་ཀྱི་ཚིག་འདི་དག་ནི་བཅོམ་ལྡན་འདས་ཀྱིས་སྲིན་པོ་རྣམ་པར་བཟློག་པའི་ཕྱིར ་གསུངས་ཞེས་པ་སྟེ། འབྲོད་འགྲོགས་ཀྱི་འཁོར་དེ་རྣམས་ལ་ཆོས་བཤད་པའི་སྐལ་པ་དང་ལྡན་པ་རྣམས་ནི་རྗེ་སུ་འཛིན་ལ། དེ་ལས་གཞན་པ་མ་རུངས་པའི་སེམས་དང་ལྡན་པ་ན་རྣམས་ནི་རེ་ཞིག་ཚུར་བཅད་པ་ལ་སོགས ་པ་བྱེད་པའོ།། དེ་ལྟར་ན་འདི་ནི་ཤ་ལ་དགའ་བའི་སྲིན་པོ་རྣམས་རྗེས་སུ་འཛིན་ཅིང་ཚར་གཅོད་པས་ལེའུ་སྔ་མ་ཉིད་ཀྱི་ཡན་ལག་ཏུ་སྦྱར་བར་བྱའོ།། དེ་ལྟར་དྲིས་པ་དང་ལན་དག་གི་སྒོ་ནས་བརྗོད་པར་བྱ་བའི་དེ་ཁོ་ན་ཉིད་རྒྱས་པར ་བསྟན་ནས། ད་ནི་དྲི་བའི་དོན་སྔར་བསྟན་པ་རྣམས་བསྟན་པར་བྱ་བ་དང་། བསྟན་པ་རྣམས་ཀྱང་ཚིགསུ་བཅད་པའི་སྒོ་ནས་བསྡུས་ཏེ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་འཁོར་གྱི་གཙོ་བོས་སྔར ་བསྟན་པའི་ཚིགསུ་བཅད་པས་སླར་ཡང་བསྟོད་ཅིང་། དོན་གྱིས་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པའོ།། འདིར་དགོས་པ་ལྷག་པ་དང་ལྡན་པ་དང་། ཞུ་བ་པོ་དེ་བཞིན་གཤེགས་པ་ལྔ་དང་བཾ་ཁྱད་པར་ཅན་སྐྱེས་ཤིང ་དེའི་ཡོན་ཏན་གྱི་ཁྱད་པར་རྣམས་སྔ་མ་དེ་དག་ཙམ་དུ་འདུས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། ཚིག་སྔ་མ་དེ་དག་ཉིད་བཀྲོད་པས་ཟློས་པའི་ཉེས་པར་འགྱུར་བ་ནི་མ་ཡིན་ནོ།། སེམས་སླུ་བའི་སྨིག་རྒྱུ་བ་ཞེས་པ་ལ་སོགས་པས་རྣམ ་པར་ཤེས་པ་འཇུག་པའི་ཚུལ་དང་། ཆོས་རྣམས་ཀྱི་དབུ་མོའི་དོན་གསལ་བར་སྟོན་ཏེ། འདི་རྣམས་ཀྱི་དོན་ནི་སྔར་བརྟན་ཟིན་ནོ།། རྟག་ཏུ་བག་ཆགས་དག་གིས་བསྐྱེད་ཅེས་བྱ་བ་ལ་སོགས་པའི་དོན་ནི་ཀུན་གཞི་ལ་བསྒོས་པའི་བག ་ཆགས་དག་གིས་འཇུག་པའི་རྣམ་པར་ཤེས་པ་སྣ་ཚོགས་སུ་སྣང་བ་བསྐྱེད་ལ། བག་ཆགས་ཀྱང་ཐོག་མ་མེད་པའི་དུས་ནས་གོམས་པས་རྩ་བ་ཟུག་ཅིང་། དེའི་རྟེན་ཀུན་གཞི་ཡང་རྒྱུན་དང་ལྡན་པས་བརྟན་པའོ།། རྣམ་པར ་པའི་ཚོགས་དེ་དག་ཀྱང་བག་ཆགས་ཀྱི་སྟོབས་ཀྱི་སྤྱོད་ཡུལ་སྣ་ཚིགསུ་འཁྱམ་ཞིང་གཡོ་བ་སྟེ། ཁབ་ལན་གྱི་ལྕགས་གཡོ་བ་བཞིན་ནོ།། ཀུན་གཞི་དེ་ཡང་སེམས་ཅན་ཐམས་ཅད་ལ་གནས་ཤིང་། དེ་བཞིན་གཤེགས་པའི ་རིགས་ཀྱི་ས་སྟེང་དེའི་སྙིང་པོ་རྟོག་དང་བརྟག་པར་བྱ་བ་ལས་འདས་པའོ།། ཤེས་དང་ཤེས་བྱ་རྣམས་སྤངས་ཤིང་ཞེས་པ་ལ་སོགས་པས་དེ་རྣམས་གནས་གྱུར་ནས་འབྲས་བུ་ཐོབ་པའི་ཚུལ་སྟོན་ཏེ། ས་བཅུ་ལས་ནི་རྣམ་བྱུང་བ ་ཞེས་པ་ལ་སོགས་པའི་དོན་ནི་ས་བཅུའི་ཡེ་ཤེས་གོམས་པ་ལས་བྱུང་བ་སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། ཕྱིན་ཅི་ལོག་སྤངས་པའི་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ལ་འདྲིས་ཤིང་གོམས་པར་བྱ་སྟེ། དེ ་ལྔས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་བའོ།། ལྷུན་གྱིས་གྲུབ་ཅེས་བྱ་བ་ལ་སོགས་པས་ནི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་གཞན་གྱི་དོན་བྱེད་པ་སྟེ། འདི་རྣམས་ཐམས་ཅད་ཀྱི་ཚིག་གི་དོན ་ནི་ཕལ་ཆེར་སྔར་བསྟན་ཟིན་ནོ།། རྣམ་པར་རྟོག་ལས་གུད་ན་ནི་ཞེས་བྱ་བ་ལ་སོགས་པས་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མཐའ་གཉིས་དང་བྲལ་བ་དབུ་མའི་དོན་ལ། བྱིས་པའི་སྐྱེ་བོ་ཕྱིན་ཅི་ལོག་པ་ཉིད་དུ་སྟོན་ཏེ། ཕྱོགས་བསླང ་ཅེས་བྱ་བ་ནི་བདེན་པ་དང་། བརྫུན་པའི་ཕྱོགས་འཁྲུགས་ཤིང་ལོག་པར་འཛིན་པའོ།། ཡང་ན་ཡོད་པ་དང་མེད་པ་ལ་སོཌ་བའི་ཕྱོན་སུ་འཛིན་རཱི་ལགས་ཀྱི་སེམས་ཀྱི་རྒྱུད་བསླང་པ་རྣམས་ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་གཉིས་སུ ་འཛིན་པར་བྱེད་པའོ།། གལ་ཏེ་ཡོད་པ་དང་མེད་པའི་ཕྱོགས་སངས་རྒྱས་ཀྱིས་བསྟན་པ་མ་ཡཱི་ནམ་ཞེ་ན། རང་བཞིན་མེད་ཅེས་པོ་ལ་སོགས་པ་གསུངས་ཏེ། བདེན་པ་གཉིས་ཀྱི་དབྱེ་བ་ལ་མ་རྟེན་པར་མེད་པ་དང་ཡོད་པའི་ཕྱོགས་བསྟན ་པ་ནི་དགོངས་པ་ཅན་ཡིན་གྱི་ངེས་པའི་དྲོན་མ་ཡིན་ཞེས་པའོ།། རྐྱེན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ།། སྲིད་པ་དང་ནི་མི་སྲིད་པའི་སྟོང་པ་ཉིད་ལ་སྩོགས་པ་ཡང་སྔར་བསྟན་ཟིན་ནོ།། ཐམས ་ཅད་མཁྱེན་པ་དང་ཞེས་པ་ལ་སོགས་པས་ནི་ཆོསྣ་ཐམས་ཅད་ཀྱི་དབུ་མའི་དོན་དེ་བཞིན་ཉིད་ལ་ཐམས་ཅད་གྲུབ་པ་མེད་པས་དེ་ཁོ་ན་ཉིད་དུ་ཐམས་ཅད་མཁྱེན་པ་གྲུབ་པ་མེད་མོད་ཀྱི། བྱིས་པའི་སྐྱེ་བོ་རྣམས་ནི་ཐམས ་ཅད་མཁྱེན་པ་འཇིག་རྟེན་གྱི་སྟོན་པ་སངས་རྒྱས་ནི་འདིའོ་ཞེས་མཚན་དང་དཔེ་བྱད་ལ་སོགས་པའི་རྣམ་པ་བདེན་པ་ཉིད་དུ་ཕྱིན་ཅི་ལོག་པའོ།། བརྟག་པ་འདི་ནི་མིང་ཙམ་སྟེ་ཞེས་པ་ལ་སོགས་པས་བརྟག་པོ་དང་གཞན་གྱི་དབང་གི། ་ཆོས་ཉིད་བསྟན་པའོ།། ན་མཁའི་མེ་ཏོག་ཅེས་པ་ལ་སོགས་པས་ཕྱིན་ཅི་ལོག་ལྡོག་པར་འགྱུར་བའི་ཚུལྷ་དང་། དེ་ལོག་པ་ཉིད་མྱ་ངན་ལས་འདས་པར་སྟོན་པའོ།། སྟོང་པ་ངོ་བོ་ཉིད་མེད་པ་ཞེས་པ་ལ་སོགས་པས་ནི་ཆོས་རྣམས་ཀྱི་དེ ་ཁོ་ན་ཉིད་དང་། དེ་ཉིད་རྟོགས་པའི་ཕན་ཡོན་སྟོན་པའོ།། དེ་ལ་རྟོག་གེའོ་མཚན་མ་རིག་པ་ནི་མཚན་མར་འཛིན་པའི་ཚད་མ་དང་། གཞལ་བྱ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་དེ་ཉིད་འཕགས་པ་ལྷའི་སྤྱོད་ཡུལ་ཏེ་རྣམ་པར་དག་པའི་ལྷ་སང ་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡོངསུ་གྲུབ་པའི་མཚན་ཉིད་དེ། ཀུན་བརྟག་པ་དང་གཞན་གྱི་དབང་གི་རང་བཞིན་གཉིས་སྤངས་པའོ།། དེ་ལ་རྣམ་རིག་གང་ཡང་མེད་པ་ལས་ཞེས་བྱ་བ་ལ་སོགས་པས་ནི་དེ་ཁོ་ན་ཉིད ་མཐོང་བ་དཔེའི་སྒོ་ནས་རྒྱས་པར་སྟོན་པ་སྟེ། སྲོག་དང་རྩོལ་བ་བསྡམས་པ་ལ་སོགས་པའི་དབང་གིས་མུན་ཁུང་དུ་སྲིན་བུ་མེ་ཁྱེར་ལ་སོགས་པའི་རྣམ་པར་སྣང་བ་མེད་ཀྱང་མྱོས་པའི་དབང་གིས་སྣ་ཚོགསུ་སྣང་ཞེས་པའོ།། རྐྱེན་རྣམས ་ཡོད་དང་མེད་པ་ལས་ཞེས་བྱ་བ་ལ་སོགས་པས་ནི་ངོ་བོ་ཉིད་མེད་པར་སྒྲུབ་པའི་གཏན་ཚིགས་ལ་སོགས་པ་སྟོན་པའོ།། ལུས་ཀྱི་མཐར་འགྲོ་བ་དང་། འཇིག་རྟེན་གཙོ་དང་ཞེས་པ་ནི་གོ་རིམ་བཞིན་དུ་ངན་འགྲོའི་ལུས་དང་། མཐོ་རིས་ཁྱད ་པར་ཅན་ནོ།། དེ་དག་ལ་སོགས་པ་བྱེད་པ་པོ་དང་ལས་སྣ་ཚོགསུ་བརྟགས་པ་ནི་རྨི་ལམ་ལ་སོགས་པའི་དཔེ་དང་མཚུངས་པའོ།། སེམས་འདི་ཞེས་བྱ་བ་ལ་སོགས་པས་ནི་ཀུན་རྫོབ་ཏུ་ཁམས་གསུམ་དུ་སྣང་བ་སེམས་ཀྱི་རྣམ་པར་འཕྲོལ ་པ་ཉིད་དུ་སྟོན་པའོ།། འདི་དང་ཕ་རོལ་ཞེས་པ་ནི་སྐྱེ་བ་འདི་དང་ཕ་རོལ་ཏེ། སེམས་ལས་ཐ་དད་པའི་འཇིག་རྟེན་མེད་པའི་ཕྱིར་དེ་ལྟར་མི་རྟག་ཅེས་པའོ།། མི་གཙང་གནས་ཀྱི་ཐ་མར་ཕྱིན་པར་འགྱུར་ཞེས་པ་ནི་འཁོར་བའི་ཐ་མ་མྱ་ངན་ལས ་འདས་པ་ཉིད་དུ་འགྱུར་བའོ།། དེ་ཉིད་ཀྱང་གང་ཞེ་ནྡོ། ལྷའི་ཕོ་བྲང་འོག་མིན་པའོ་ཞེས་པ་ལ་སོགས་པ་གསུངས་ཏེ། སྐྱེ་བའི་ལྷ་འམ། སྐྱེ་བ་རྣམ་པར་དག་པའི་ལྷ་སྟེ་ལོངས་སྤྱོད་རྫོགས་པའི་སངས་རྒྱསྟེ།། གནས་དེའམ་དེ་ན་གནས་པ་རྣམས་སྡིག་པ ་ཐམས་ཅད་སྤངས་ཤིང་བསོད་ནམས་འབའ་ཞིག་གི་སྣང་བར་གྱུར་པའོ།། རྫོགས་པའི་སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའིའོ།། འོད་ཞེས་པ་ནི་རྡོ་རྗེའི་གདན་བྱང་ཆུབ་ཀྱི་སྙིང་པོའི་ཤིང་གི་དྲུང་འདིར་དུས་ཕྱིས་འཚང་རྒྱ་བའི་ཚུལ་སྟོན་པ་སྟེ། ་དོན་འདི་ཉིད་ཀྱི་གསུང་རབ་ཀྱི་ཕྱོགས་གཞན་དག་ལས་ཀྱང་རྒྱས་པར་གསུང་སོ།། དེ་ལ་སོགས་པའི་སྤྲུལ་བྱ་དཔག་ཏུ་མེད་པ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་ལས་འབྱུང་བར་འགྱུར་བའོ།། སྣ་ཆོག ་མེད་ལས་སྣ་ཚོགས་འབྱུང་ཞེས་པ་ནི་ཕྱི་རོལ་གྱི་ངོ་བོར་གྱུར་པའི་སྐུ་དང་གསུང་སྣ་ཚོགས་མེད་ཀྱང་གདུལ་བྱའི་སྣང་བ་ལ་སྣ་ཚོགས་བྱུང་བའོ།། དེ་ལ་བྱིས་པའི་སྐྱེ་བོ་རྣམས་ནི་རྣམས་པར་རིག་པའི་རིགསུ་གཏོགས་པ་ཕྱིན་ཅི་ལོག་གི་རྟོག ་པས་བསྒྲིབས་ནས་ཕྱི་རོལ་གྱི་ངོ་བོར་རྟོགས་ཤིང་སངས་རྒྱས་ཀྱི་དེ་བཞིན་མི་ཤེས་པའོ།། གཞན་ཡང་ལུས་ཅན་ཀུན་ལ་གནས་པའི་དེ་བཞིན་གཤེགས་པའི་སྙིང་པོ་ཡང་དེ་འདྲ་བའི་རྟོགས་པ་གཡོགས་ནས་མི་མཐོང་བའོ།། གལ་ཏེ་དེ་ལྟ་ན ་དེ་འདྲ་བའི་རྟོག་པ་རྒྱུན་མི་འཆད་པས་མྱ་ངན་ལས་འདས་པ་མི་འཐ་ཞེ་ན། སྒྱུ་མ་ནོར་པ་ཡོད་མོད་ཀྱི། སྒྱུ་མ་ནོར་པོའི་སྒྱུ་མ་ཡིན་ཞེས་གསུངས་ཏེ། ཕྱིན་ཅི་ལོག་གི་རྟོག་པ་སྒྱུ་མ་ལྟ་བུ་དེ་ནི་རྟོགས་པ་ཕྱི་མ་སྐྱེད་པའི་རྒྱུ་མ་ཚང་པ་མེད་པའམ།། ནུས ་པ་ཐོག་པ་མེད་པ་མ་ཡིན་ཏེ། དེ་དགྲ་གཉེན་པོས་གཞོམ་པར་ནུས་པའོ།། འཇིག་རྟེན་དག་ན་ཞེས་པའི་དོན་ནི་སེམས་སླུ་བའི་སྔ་བོན་ཅུང་ཟད་ཀུན་རྫོབ་ཏུ་ཡོད་པ་དེ་ནི་བརྟག་པ་ལ་རྟོག་པ་སྟེ། དེ་འདྲ་བའི་རང་བཞིན་གཉིས་ཀྱིས་ཀུན་གཞི་ལས ་བོན་བསྒོས་ནས། དེ་ལས་ཕྱིན་ཅི་ལོག་སྣ་ཚོ་གསུ་སྤྲུལ་ཅིང་སྐྱེད་པའོ།། གཞན་ཡང་རྣམ་པར་རིག་པ་ཙམ་གྱི་རང་བཞིན་མྱོང་བས་གྲུབ་པས་དངོས་པོ་རྡོག་ཅིང་རིག་པ་དེ་ཉིད་དང་། ཕུང་པོ་ལ་སོགས་པར་སྣང་བ་ལ་འཇིག་རྟེན་པ་རྣམས ་ཀྱིས་གང་ཟག་དང་ཆོ་སུ་བརྟགས་ཤིང་གོམས་པར་བྱེད་པ་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་རྟོགས་ཤིང་གོམས་པས་ཕྱིན་ཅི་ལོག་གནས་ཤིན་ཏུ་གྱུར་པ་ན་ངའི་སྲས་ཡོན་ཏན་ཐམས་ཅད་མངོན་པར་རྫོགས་པ་ཡིན་ཞེས་པའོ།། དྲོད་དང་ཞེས ་པས་བྱིས་པ་རྣམས་ཀྱི་ཕྱིན་ཅི་ལོག་དང་། དེ་ཉིད་འཇུག་པའི་རྒྱུ་སྟོན་ཏེ། དེ་ལ་འཁོར་བར་མི་བྱ་མྱ་ངན་འདས་མི་བྱ་ཞེས་པ་ནི་ཤེས་རབ་ཀྱིས་སྲིད་པ་ལ་མི་གནས་ཤིང་། སྙིང་རྗེས་ཞི་བ་ལ་མི་གནས་པའོ།། སྣ་ཚོགས་ས་བོན་ཞེས་པ་ལ ་སོགས་པས་ནི་ཀུན་གཞི་རྣམ་པར་ཤེས་པའི་རྦ་རླབས་ཉིད་སྤྱོད་ཡུལ་སྣ་ཚོགསུ་སྣང་བ་སྟེ། དེ་ལ་བཟུང་བ་དང་འཛིན་པ་གཉིས་སུ་མངོན་པར་ཆགས་པའི་བྱིས་པ་རྣམས་ནི་སྐྱེ་བ་ལ་སོགས་པར་རྟོག་པའོ།། རྟོག་པསྲ་གྲུབ་པ་མ་ཡིན ་ནོ་ཞེས་པ་ནི་རྟོག་པས་ནོར་པ་ཕྱིན་ཅི་ལོག་ཏུ་བརྟགས་ཀྱང་བདེན་པར་མི་གྲུབ་པའོ།། ནམ་ཞིག་ལུས་ལ་མི་གནས་ན་ཞེས་པ་ལ་སོགས་པའི་དོན་ནི་སྡུག་བསྔལ་གྱི་རྟེན་དུ་གྱུར་པའི་ཕུང་པོ་ལ་མངོན་པར་མི་ཞེན་ཅིང་། དེ་འདྲ་བ་སྤངས ་པར་གྱུར་པ་ནཱ་ངའི་སྤྱོད་ཡུལ་མ་ཡིན་ཏེ་ཐེག་པ་སྣ་ཚོགས་བསྟན་པའི་གདུལ་བྱ་མ་ཡིན་ཞིང་། ངེས་པའི་དོན་འབའ་ཞིག་བསྟན་པར་བྱ་བའོ།། ཇི་ལྟར་རྒྱལ་པོ་ཞེས་པས་ནི་ཐག་པ་སྣ་ཚོགས་སྟོན་པའི་རྒྱུ་མཚན་དཔེའི་སྒོ་ནས ་སྟོན་པའོ།། དེའི་དོན་ཀྱང་རི་དགས་ཀྱི་གཟུགས་འདྲ་བའི་རྩེད་མོའི་བྱེ་བྲག་སྣ་ཚོགསོ།། བུ་རྣམས་བྲིད་ཅིང་ཁྱིམ་དུ་རྩེར་འཇུག་པ་སྟེ། ཕྱི་རོལ་གྱི་འཚེ་བ་ལ་སོགས་པས་འཇིགས་པའི་ཕྱིར་རོ།། དེ་ན་དེ་དག་ཆེར་སྐྱེས་པ་དང་ཁྱིམ་གྱི་ཕྱི ་རོལ་དུ་ཁྲིད་ནས་ནགས་ཀྱི་རི་དགས་དངོས་དང་ཕྲད་པར་བྱེད་པར་ལྟར། ཐུག་པ་སྣ་ཚོགས་ཀྱིས་དྲིད་ནས་མཐར་ཐུག་པ་ལ་སོ་སོ་རང་རིག་པའི་དོན་ཕྱིན་ཅི་མ་ལོག་པ་ཉིད་སྟོན་པ་སྟེ། སྔར་རྒྱས་པར ་བཤད་ཟིན་ནོ།། ཇི་ལྟར་ཞེས་པ་ལ་སྲེགས་པ་ཀུན་གཞིའི་འཇུག་པ་ཉིད་རྒྱས་པར་སྟོན་པ་སྟེ། ཚིག་གི་དོན་ནི་སྔར་བསྟན་ཟིན་ཏོ།། ཕུང་པོ་ལ་ནཱི་བདག་མེད་དོ་ཞེས་པ་ལ་སོགས་པས་བདག་མེད་པའི་དོན་བསྡུས་ཏེ་བསྟན་པའོ།། ་རབ་ཀྱིས་ནི་ཡོད་མ་ཡིན་ཞེས་པ་ནི་ཤེས་རབ་ཀྱི་རྣམ་པར་ཕྱེ་བའི་ཚེ་ན་མེད་པའོ།། རྐྱེན་དང་གཏན་ཚིགས་དཔེ་རྣམས་དང་། ཞེས་པའི་དོན་ནི་སྐྱེ་བ་རྣམ་བཞི་དང་བྲལ་བ་ལ་སོགས་པའི་གཏན་ཚིགས་དང་། རྨི་ལམ་ལ་སོགས ་པའི་དཔེ་དང་། དམ་བཅའ་བ་སྟེ། དེ་ལྟར་ཡན་ལག་གསུམ་ལ་བརྟེན་ནས་རྐྱེན་དྲང་རྒྱུ་རྣམས་ཀྱིས་སྐྱེ་བ་དེ་ནི་ངས་བཟློག་གོ་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ།། གལ་ཏེ་དམ་བཅའ་བའི་ཚིག་ནི་བསྒྲུབ་བྱ་རྟོགས་པའི་ཡན ་ལག་ཏུ་ཇི་ལྟར་འགྱུར་ཞེ་ན། དེ་ཝཱ་གཱཏན་ཚི་ཌཱ་ཥ་སྭོ་ཌ་བཱི་ཚིག་འཇུག་པྲ་བསྒྲུབ་བྱ་རྟོག་པའི་ཡན་ལག་ཙམ་དུ་འགྱུར་བའོ།། ཉི་ཟླའི་འོད་དང་མྱུ་གུ་ལ་སོགས་པའི་དཔེའི་དོན་ནི་ཉི་ཟླ་ལ་སོགས་པའི་འོདྲ་ལ་མྱུ་གུ་དང་སྐྱེས་བུ་ལ་སོགས ་པའི་གྲིབ་མ་སྣང་བ་ན། དེ་འདྲ་བའི་གྲིབ་མ་ནི་གྲིབ་མ་འཇོག་མཁན་གྱི་སྐྱེས་བུ་ལ་སོགས་པའི་ལས་སྐྱེ་བར་སྣང་ཡང་། ཐོག་པ་དང་བཅས་ཤིང་རྫསུ་གྲུབ་པའི་གཟུགས་སྐྱེ་བ་མེད་པའོ།། འཇིག་རྟེན་གསུམ་ལ་མི་གནས་པ་ནི་དེ ་ལྟར་སྣང་བ་ཡང་བདེན་པའི་རང་བཞིན་ལ་རྟེན་ཅིང་གནས་པ་མ་ཡིན་པའོ།། མི་སྐྱེ་བཟོད་པས་ནི་སཱ་དང་པོ་ནས་སོ།། ཕྱི་རོལ་སྣང་བའི་གཟུགས་ཅན་གྱི་ཞེས་བྱ་བ་ལ་སོགས་པས་ནི་ཀུན་རྫོབ་ཏུ་རྣམ་པར་ཤེས་པ་ཙམ་གྱི་ཚུལ་རྒྱས ་བར་སྟོན་ཏེ། གཟུགས་ཅན་གྱི་ངོ་བོ་ཕྱི་རོལ་དུ་སྣང་བ་ནི་སེམས་ཉིད་ཡིན་པས་སེམས་ལ་སེམས་ཉིད་རང་སྣང་བ་སྟེ། རང་རིག་པ་འབའ་ཞིག་པའོ།། འབྲེལ་པ་ནི་ཕྱིའི་རྟེན་འབྲེལ་ལོ།། ཤིན་ཏུ་བསླབ་པས་རྣམ་རིག་གིས།། འགྲོ་བ་སྣ ་ཚོགས་བྱིན་གྱིས་རློབ་ཅེས་པ་ནི་རྣམ་རིག་ཙམ་གྱི་ཚུལ་ལ་གོམས་པར་བྱས་པས་གོམས་པ་མཐར་ཐུག་སྟེ། ཐམས་ཅད་སེམས་ཀྱི་སྣང་བར་ཤེས་པ་ན། ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པར་བྱེད་པའོ།། གཞན་ཡང་ལུས་ལ ་སོགས་པའི་གཟུང་བ་འཛིན་ཅིང་རྣམ་པར་རིག་པ་ནི་གསུམ་སྟེ། དེ་ལ་ཡོད་ནི་རྣམ་པར་རྟོག་པ་མེད་པའི་ཡིད་དོ།། འཛིན་པའི་རྣམ་རིག་ནི་སྒོ་ལྔ་དང་ཀུན་གཞི་རྣམ་པར་ཤེས་པའོ།། རྣམ་པར་རྟོག་པ་ནི་ཡིན་གྱི་རྣམ་པར་ཤེས ་པའི་ཁྱད་པར་རོ།། མཚན་མེད་གནས་ཤིང་ངལ་ཡང་སེ།། ཞེས་པ་ནི་ཅུང་ཟད་ཙམ་ཏིང་ངེ་འཛིན་གྱི་བདྲེ་བ་ལ་གནས་ཤིང་། སྲིད་པའི་སྡུག་བསྔལ་ལས་ངལ་གསོ་བའོ།། བྱ་གག་སྣག་ཚས?་བསྐུས་པཱ་ལ། ཞེས་བྱ་བ་ལ་སོགས་པ་ནི ་ཐེག་པ་གསུམ་རྣམ་པར་བཞག་པ་ཡང་དགོངས་པ་ཅན་ཉིད་དུ་སྟོན་པའོ།། ཆོས་དང་གང་ཟག་འཕོས་པའི་ཕྱིར་ཞེས་པ་ལ་སོགས་པས་ནི་དེ་ལྟར་འཛིན་པའི་ཕྱིན་ཅི་ལོག་གནས་གྱུར་པ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་དེ་ཉི་མ་ལ་སོགས ་པས་འོད་འབྱུང་བ་དང་། ནོར་བུ་རིན་པོ་ཚྭ་ལས་དགོས་འདོད་འབྱུང་བ་བཞིན་དུ་རྣམ་པར་རྟོག་པ་མེད་ཀྱང་འགྲོ་བའི་དོན་སྣ་ཚོགས་འབྱུང་བའོ།། ཇི་ལྟར་རབ་རིབ་ཅན་དྲག་གིས་ཞེས་པ་ལ ་སོགས་པས་ལོག་པར་འཛིན་པའི་རྒྱུ་མཚན་དེ་པེའི་སྒོ་ནས་སྟོན་ཏེ། དེ་ལ་ཇི་ལྟར་འགའ་ཞིག་གི་དྷེ་དུ་རའི་འབྲས་བུ་ཟོས་པས་མྱོས་ཤིང་འཁྲུགས་པ་ན། ས་དང་འགྲོ་བ་ལ་སོགས་པ་གསེར་དུ་སྣང་བ་བཞིན་ཞེས་པའོ།། ས་བོན ་གཅིག་དང་ཞེས་པ་ལ་སོགས་པས་ཕྱིན་ཅི་ལོག་དུ་སྣང་བའི་བག་ཆགས་ཀྱི་དབྱེ་བ་སྟོན་ཏེ། དེ་ལ་ས་བོན་གཅིག་པ་ནི་སེམས་ཀྱི་ཆོས་ཉིད་རྟོགས་ཤིང་གོམས་པ་མཐར་ཐུག་པས། བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས ་པ་ཆུང་ངུའི་ཆུང་ངུ་ཡང་རྣམ་པར་དགོ་པ་སྟེ། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་གནས་སྐབས་ན་གནས་ངན་ལན་གྱི་ལྷག་མ་ཙམྲ་ལུས་པ་ནི་ས་བོན་གཅིག་པའོ།། དེ་ཉིད་ཀྱང་སྤངས་ཤིང་ཀུན་གཞི་ཟག་པ་དང་བཅས་པའི་ས་བོན ་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ནི་ས་བོན་མེད་པའོ།། དེ་ཉིད་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་མི་རྟོགས་པས་ས་བོན་ཐམས་ཅད་མཉམ་པའོ།། ཡང་བྱིས་པའི་སྐྱེ་བོ་ལ་སོགས་པའི་གནས་སྐབས ་ན་ཟག་པ་དང་བཅས་པའི་ས་བོན་ཤས་ཆེ་བས་ཚེ་རབས་འདྲེས་པ་སྟེ། སྲིད་པར་སྐྱེ་བ་ལེན་པའོ།། གཞན་ཡང་བྱིས་པའི་སྐྱེ་བོ་ཟག་པ་དང་བཅས་པའི་ས་བོན་འབའ་ཞིག་ཀུན་གཞི་ལ་འདེབས་པས་ན། དེ་ནི་ས་བོན་ཐམས་ཅད་པ ་ཞེས་པའོ།། ཡུང་འདི་རྣམས་ཀྱི་དོན་ནི་ཟག་པ་དང་བཅས་པའི་ས་བློན་རྣམ་པར་དག་པའི་དུས་ན་ཟག་པ་མེད་པའི་ས་བྱོན་འབའ་ཞིག་པ་ནི་སྤུ་བོན་གཅིག་པ་ཡིན་ལ། ཡང་ཤིན་ཏུ་གྱུར་པ་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད ་དང་བྲལ་བའི་ཚེ་ན་ས་བོན་མེད་ཅིང་མཉམ་པའོ།། ཟག་པ་མེད་པའི་ས་བོན་ཤས་ཆེ་ཞིང་ཟུག་པ་དང་བཅས་པའི་ས་བོན་ཅུང་ཟད་ཡོད་པའི་ཚེ་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་དུ་སྲིད་པར་སྐྱེ་བ་ལེན ་པས་ཚེ་རབས་འདྲེས་པའོ།། དངོས་པོའི་རང་བཞིན་ཤེས་འདོད་ལ།། ནོར་པ་དག་ནི་མི་རྟོག་སོ་ཞེས་པ་ནི་རྟོག་གེ་པ་དག་མངོན་པོའི་ང་རྒྱལ་གྱི་དངོས་པོའི་རང་བཞིན་རྟོགས་པར་འདོད་ཀྱང་དེ་ལྟར་མ་རྟོགས་ཤིང་། རང་གི་བློ་ནོར་པ ་ཤཱིད་ཀྱང་མཱི་རྟོགས་ཞེས་པའོ།། སྒྱུ་མ་མེད་པ་དང་ཞེས་པ་ལ་སོགས་པས་ནི་རིག་པ་སྒྱུ་མ་ལྟ་བུའི་རང་བཞིན་དུ་སྟོནྨ་ཏེ། དེ་ཡང་དོན་དམ་པར་དངོས་པོ་མེད་པའི་སྣང་བ་ཡིན་པ་དང་། ཀུན་རྫོབ་ཏུ་གློག་ལྷུར་མི་རྟག་པས་སྒྱུ་མ་ཞེས་པའོ།། ། ་དེ་ཉིད་ཀྱང་ཕྱིར་སྐྱེ་འཇིག་དུ་སྦྱང་བ་ཙམྦ་ནི་བཟློག་པར་བྱས་པ་མ་ཡིན་ཞིང་། བདེན་པའི་དངོས་པོར་བརྟགས་པ་ཉིད་བཟློག་པར་བྱ་བའོ།། རང་བཞིན་མེད་ཅིང་ཞེས་པ་ལ་སོགས་པས་རྣམ་པར་རིག་པའི་དེ་ཁོ་ན་ཉིད་དུ་རྟོགས་པའི ་ཕན་ཡོན་སྟོན་ཏོ།། དེ་ཚེ་རི་སུ་གཏོགས་པའི་ལུས།། བྱ་བའི་འདུ་བྱེད་སྤངས་པ་སྟེ། ཞེས་པས་ནི་ཆོས་ཀྱི་སྐུའི་རིས་སུ་གཏོགས་པའི་ཡེ་ཤེས་ཀྱི་ལུས་འདུས་མ་བྱས་པ་མངོན་དུ་བྱས་པའོ།། ཐམས་ཅད་གཟུགསུ་སྣང་བ་ནི་ཇི་ལྟར་མོས ་པའི་སྐུ་སྣ་ཚོགས་སུ་སྟོན་པའོ།། ནོར་སེམས་ཐོག་མ་མེད་པ་ཞེས་པ་ལ་སོགས་པས་ནི་ཡོ་ཤེས་ཀྱི་ལུས་ཐོབ་པ་དེའི་ཚེ་རྣལ་འབྱོར་ཅན་གྱི་རྣམ་པར་ཤེས་པའི་ཆོས་ཉིད་རྟོགས་པས་འགྲོ་བ་སྣ་ཚོགས ་སུ་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་ཅིང་། ཐོག་མ་མེད་པ་ནས་གསཌ་པའི་ནོར་བཱི་སེམས་བཟློག་པའོ།། སྒྱུ་མ་དྲི་ཟའི་གྲོང་ཁྱེར་དང་ཞེས་པ་ལ་སོགས་པས་ནི་ཕྱིན་ཅི་ལོག་ཏུ་འབྱུང་བ་དང་ལྡོག་པའི་ཚུལ་བསྡུས་ཏེ་བསྟན་པའོ།། རྣམ ་པ་སྣ་ཚོགས་དམིགས་པའི་སེམས་ཞེས་པ་ལ་སོགས་པས་ནི་བྱིས་པ་དང་། འཕགས་པ་རྣམས་ཀྱི་སེམས་དང་མངོན་པར་རྟོག་པ་འཇུག་པའི་ཚུལ་སྟོན་ཏེ། ཀུན་རྫོབ་དུ་སེམས་ཡུལ་སྣ་ཚོགས་ལ་འཇུག་པ་བཞིན་དུ་སེམས་ཀྱི་ཆོས ་ཉིད་ནི་མཁའ་ལྟར་སྟོང་པ་ཉིད་ཀྱང་གཅིག་པ་ལ་སོགས་པའི་ཆོས་རྣམས་ལ་ཅིའི་ཕྱིར་མི་འཇུག་སྟེ། ཆོས་ཀྱི་དབྱིངས་ལས་མ་རྟོགས་པ།། འདི་ལྟར་ཆོས་ཡོད་མ་ཡིན་ནོ།། ཞེས་གསུངས་པའི་ཕྱིར་རོ།། གལ་ཏེ་ཕྱི་རོལ་གྱི་མཚན་མ ་འགའ་ཞིག་ལ་དམིགས་ནས་སེམས་འཇུག་པར་འགྱུར་ན། སེམས་ཙམ་ཉིད་དུ་མི་འཐད་པའོ།། དེའི་ཕྱིར་སེམས་ཀྱིས་སེམས་ཉིད་ལ་འཛིན་གྱི་ཕྱི་རོལ་གྱི་དམིགས་པའི་རྒྱུ་ནི་གླང་ཡང་མེད་པའོ།། ཡང་དེན་དམ་པོརྭ་སེམས་ཀྱི་ཆོས ་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་ཡིན་པས་བག་ཆགས་ལ་སོགས་པས་གོས་པ་མེད་པའོ།། ཡིད་ནི་གཉིས་ཀར་རྒྱུ་བ་སྟེ། ཞེས་པས་ནི་ཉོན་མོངས་པ་ཅན་གྱི་ཡིད་ནི་ལུང་དུ་མ་བསྟན་པ་ཡིན་ལ། ཡིད་ཀྱི་རྣམ་པ་ཤེས་པ ་ནི་དགེ་མི་དགེར་ཡང་འགྱུར་བའོ།། ལུས་དྲུང་ཞེས་པ་ལ་སོགས་པའི་ཚིག་བཟླས་ཏེ་གསུངས་པ་ནི་གཞན་ཡང་དེ་བཞིན་གཤེགས་པས་གློ་བུར་དུ་ལྷག་པའི་གདུལ་བྱ་རྣམས་ཀྱི་དོན་དུ་སྔར་བསྟན་པ་ཉིད་བཟླས་ཏེ་གསུངས་ལ་བསྡུས་པས ་བོས་ཀྱང་དེ་བཞིན་དུ་བསྡུས་པས་བཟློས་པའི་སྐྱོན་དུ་འགྱུར་བ་མ་ཡིན་ནོ།། མདོའི་སྐབས་གཞན་དུ་ཡང་དེ་བཞིན་དུ་ཤྲཱི་བར་བྱའོ། འདིར་མངོན་པ་ཎཱ~ཾ་པ་བསྟན་པའི་དོན་དུ་ཡིན་པས་བཟློས་པའི་ཉེས་པར་འགྱུར་བ་མེད་པའོ།། དེ་ལས་གཞན་ཡང་སྒྱུ ་མཱུའི་དཔལ་སོགས་པས་ཟབ་མོའི་དོནྡ་རྣམ་གྲངས་དུ་མར་བསྟན་པ་ཡང་སྲུབ་སུ་བབྱ་བའི་ཁྱད་པར་དེ་དང་དེ་དག་ལ་ཐེ་ཚོམ་བསིལ་བ་ལ་སོགས་པའི་དོན་དུ་ཡིན་པས་བཟློས་པར་འགྱུར་བ་མ་ཡིན།། ཞིང་དུ་པོ་དང་ཞེས་པ་ལ་སོགས་པ ་ནི་སྣང་བ་མེད་ལ་རིམ་ཅི་ཡོད་ཞེས་པའི་དོན་འཆད་དོ།། སྟུག་པོ་དཀོད་པའི་གླིང་དུ་འཕོ་བའི་ཚུལ་བསྟན་ཅིང་སངས་རྒྱས་པའི་རྟོག་པ་སྟེ། མཉམ་པར་བཞག་པའི་ཡེ་ཤེས་དང་། ས་བརྒྱུད་པ་ཡན་ཆད་ཀྱི་སྣང་བ་མེད་པའི་ཡེ་ཤེས་ཀྱི་དོན་དུས ་གསུམ་གྱིས་བསྡུས་པའི་སའི་རིམ་པ་མེད་དེ། དེ་ཡང་སེམས་ཙམ་དུ་དམིགས་པ་ལས་འདས་ནས་སྣང་བ་མེད་པའི་ཏིང་ངེ་འཛིན་ལྔ་གནས་པའི་འབྲས་བུ་སྟེ། སངས་རྒྱས་ཉིད་ཀྱི་རྟོགས་པའོ།། རྣམ་པ་སྣ་ཚོགས་ཞེས་པ་ལ་སོགས་པ་ཀུན ་རྫོབ་ཏུ་ཡོད་པ་དང་། མེད་པར་སྣང་བ་བྱིས་པའི་ཤེས་པ་འཇུག་པའི་ཚུལ་བསྟན་པའོ།། ནམ་ཞིག་མི་རྟོག་པའི་ཡེ་ཤེས་ཀྱི་དོ་ནི་དངོས་པོར་མ་གྲུབ་ཅིང་།། གཟུགས་ལ་སོགས་པར་དམིགས་པ་མེད་པ་དེའི་ཕྱིར་རྣམ་པར་རྟོག ་པའི་རྒྱུན་འདོགས་པའོ།། བྱིས་པ་རྣམས་ནི་འདུས་བྱས་ལ། ཞེས་པ་ལ་སོགས་པས་ནི་སྐད་ཅིག་མའི་དོན་བསྟན་པའོ།། ཡོད་དང་མེད་ལས་ཞེས་པ་ལ་སོགས་པས་ཕྱི་རོལ་པའི་ལུགས་དགག་པ་བསྟན་པའོ།། ། ་ཀུན་རྫོབ་ཏུ་ནི་ཞེས་པ་ལ་སོགས་པས་རྣམ་པར་ཕྱེ་སྟེ་ལུང་བསྟན་པའི་ཁྱད་པར་རོ།། དེའི་དོན་ཡང་ཡོད་མེད་ཀྱི་མཐའ་གཉིས་སྤངས་པ་ཟུང་དུ་འཇུག་པའི་དོན་ཉིད་དེ་ཁོ་ན་ཉིད་ཀྱི་དོན་ཡིན་ལ། དེ་ལས་གཞན་དུ་རང་བཞིན་རྣམ་པར ་བཀག་པ་ཙམ་ལ། དམ་པའི་དོན་དུ་འདོད་ན་ནི། དམིགས་པ་རང་བཞིན་མེད་པ་སྟེ། སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་ཉིད་ཀུན་རྫོབ་ཏུ་བསྟན་པ་ཡིན་ན། འདི་ནི་མི་འཐད་པ་ཉིད་སྔར་རྒྱས་པར་བསྟན་ཏོ།། དངོས་པོ་བརྗོད་པའི་རྒྱུས་བྱུང་བ་ཞི་བ ་ལསོགས་པས་ནི་རྩད་པ་སྤངས་པ་ཉིད་གསལ་བར་སྟོན་ཏེ། ཆོས་ཐམས་ཅད་དངོས་པོར་མེད་དོ་ཞེས་དམ་བཅའ་བ་བརྗོད་པའི་ཚིག་དང་། དེ་ལས་གཏན་ཚིགས་ཀྱི་ཚིག་འཇུག་པ་དང་། དེ་ལས་དོན་གྱི་རྟག་པ་སྐྱེས་པའི་དངོས་པོ་བེ་རྗོད་པའམ་བརྗོད ་པའི་རྒྱུ་ལས་བྱུང་བ་རྣམས་ཏེ་རང་བཞིན་ཡོད་པར་འདོད་ན་ནི། དྲི་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་ཐམས་ཅད་དངོས་དེ་ལ་མེད་ཅེས་བྱ་བ་ཉམས་པར་འགྱུར་བའོ།། འདིར་བརྗེད་པ་དག་ལས་བྱིང་བའི་དངོས་པོ་ནི་བརྗོད་པའི་སྟོབས ་སྐྱེ་བར་འདོད་པ་གཏན་ཚིགས་ཀྱི་ཚིག་དང་། དེ་ལས་དོན་རྟོགས་པའི་དངོས་པོ་ཡིན་ལ། དེ་ཡང་དངོས་པོ་ཐམས་ཅད་ཀྱི་ནང་དུ་འདུས་པས་མེད་པར་བསྟན་པ་ནི། དེ་དག་རང་བཞིན་ཡོད་པར་མཁས་བླངས་པས་ཉིམས་པ་སྟེ། མེད་ཅེས་པའི་ཚི་ག་ཐ་མས ་བསྟན་ཏོ།། གལ་ཏེ་དེ་དག་རང་བཞིན་ཡོད་པར་ཁས་མི་ལེན་ན་ནི། ཐམས་ཅད་མེད་ཅེས་དམ་བཅའ་བའི་ཚིག་བརྗོད་པ་དོན་མེད་པར་འགྱུར་བའོ།། ལུན་གྱི་དོན་ནི་དེ་འདྲ་བའི་བརྗོད་པ་དོན་གྱི་སྤྱི་དང་འདྲེས་པར་སྣང་བའམ། ཕྱི་རོལ་གྱི་ངོ ་བོར་གྱུར་པ་ནི་ཀུན་རྫོབ་དུ་ཡང་ཡོད་པ་མ་ཡིན་ལ། བརྗོད་པར་སྣང་བའི་སེམས་ཀྱང་དོན་དམ་པར་ཡོད་པ་མ་ཡིན་ཞིང་། དེ་ལས་གཏན་ཚིགས་ཀྱི་ཚིག་འཇུག་པ་ལ་སོགས་པ་ཡང་དེ་བཞིན་ཏེ། དེ་ལྟ་ན་ཡང་ཀུན་རྫོབ་ཏུ་བརྗོད་པ་ནི་ཀུན ་ཙམ་དུ་གཏན་ཚིགས་ཀྱི་ཚིག་འཇུག་ཅིང་དེ་ལས་རྟོགས་པ་སྐྱེ་བ་ཡོད་པར་འདོད་པས་རྗོད་པ་དོན་མེད་པ་ཡང་མ་ཡིན་ནོ།། ཕྱིན་ཅི་ལོག་ནི་དངོས་ཡིན་པས། དམིགས་པ་ཡོད་པ་མ་ཡིན་ནོ་ཞེས་པ་ལ་སོགས་པའི་དོན་ནི་གཞན་གྱི་དབང ་ཕྱིན་ཅི་ལོག་གི་སེམས་ཀུན་རྫོབ་ཏུ་དངོས་པོ་ཡིན་པས། དེའི་དམིགས་པའི་ཡུལ་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་དམིགས་པའི་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་མི་འཐད་པའི་ཕྱིར་རོ།། གལ་ཏེ་ཕྱིན་ཅི་ལོག་དོན་དམ་པའི་དངོས་པོར་ཡོད་ན། དོན་དམ ་པར་ཐམས་ཅད་ངོ་བོ་ཉིད་མེད་ཅེས་པ་ཉམས་པར་འགྱུར་བའོ།། ཕྱིན་ཅི་ལོག་ནི་ཞེས་པ་ལ་སོགས་པས་སྔར་གྱི་རྐང་པ་གཉིས་ཀྱི་དོན་གསལ་བར་འཆད་པ་འགྱུར་རོ།། མི་རྟོག་རྣམ་པར་རྟོག་པ་ཡིས་ཞེས་པ་ནི་ཞི་གནས་དང་རྟོག་པ་དང་བཅས་པཱི ་ལྷག་མཐོང་ངོ་།། སྒྱུ་མའི་གླེང་བ་ཞེས་པ་ལ་སོགས་པས་ནི་ལོག་པར་སྣང་བའི་དཔེ་བསྟན་ཏེ། དྷ་རུ་རས་མྱོས་པ་རྣམས་ལ་ལོ་མ་ལ་སོགས་པ་གསེར་དུ་སྣང་བའོ།། གལ་ཏེ་མཚན་མ་སྐྱེར་ཟིན་ན་ཞེས་པ་ནི་སྟོང་པ་ལ་སོགས་པའི་མཚན་མར ་འཛིན་པའོ།། འཆིང་དང་བཅིངས་པ་ཞེས་པ་ལ་སོགས་པས་མཱི་རྟོགས་པས་འཆིང་བ་ལ་སོགས་པ་སྟེ། དེ་འདྲ་བའི་བཅིངས་པ་ལ་ལྟོས་ནས་བྱིས་པ་རྣམས་ཀྱིས་ཐར་པར་རྟགས་པའི་ཕྱིར། དྲུག་པོ་འདི་དག ་ཐར་པའི་རྒྱུ་ཞེས་པའོ།། དེ་ལྟར་ན་དེ་ཁོ་ན་ཉིད་དུ་བཅིངས་པ་མེད་པས་དེ་ལ་བལྟོས་ནས་བརྟག་པའི་ཐར་པ་ཡང་མེད་ཅེས་སྟོན་པ་ནི།། ས་རྣམས་མེད་ཅིང་དེའི་ཡུལ་བདེན་པ་ལ་སོགས་པ་མེད་ཅེས་པའོ།། གང་ཟག་རྒྱུན་དང་ཞེས་པ་ལ་སོགས ་པས་ནི་རྣམ་པར་རིག་པའི་དོན་དེ་ཁོ་ན་ཉིད་བསྡུས་ཏེ་བསྟན་པའོ།། དེ་ལ་རྣམ་པར་ཤེས་པའི་ཚོགས་དྲུག་ནི་དམིགས་པ་དང་རྣམ་པ་གསལ་བའི་སྒོ་ནས་འཇུག་པས་སྣ་ཚོག་སུ་འཛིན་ལ། སེམས་ཀྱི་རིགས་ནི་རང་གི་རྒྱུད་དུ་གཏོགས་པའི་རྒྱུ་དང ་འབྲས་བུ་སྟེ། རྣམ་པར་ཤེས་པ་བརྒྱད་པོ་ཐམས་ཅད་དེ། དོན་དམ་པར་མཚན་ཉིད་གྲུབ་པ་མེད་པའོ།། ཕུང་པོ་རྣམས་ལ་ཞེས་པ་ལ་སོགས་བདག་མེད་པའི་དོན་གསལ་བར་འཆད་པའོ།། གལ་ཏེ་འདིར་དངོས་པོ་ཐ་མ་ས་ཅད་ཀུན་རྫོབ་ཏུ་ཡང་མེད ་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་སྐུར་པར་འགྱུར་བས་ཇི་ལྟར་བྱིས་པས་མཐོང་ཞིང་བརྟགས་པ་བཞིན་མེད་ལ། སྣང་ཆོད་ཙམ་དུ་མེད་པ་མ་ཡིན་ཞེས་པའོ།། ཀུན་རྟོགས་ཅེས་པ་ལྔ་སོགས་པས་རང་བཞིན་གསུམ་བསྡུས་ཏེ ་བསྟན་པའོ།། དེ་ལ་མིང་ནི་དོན་དང་བསྲེས་ནས་བརྟགས་པས་རྣམ་པར་བརྟག་པའོ།། རྐྱེན་དེས་བག་ཆགས་ལ་སོགས་པའོ།། དེ་ལ་མི་འབྱུང་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ལ་མཚན་མ་དེ་དག་མི་འབྱུང་བའོ།། རྣམ་པར་སྨིན་པའི་སངས ་རྒྱས་ཞེས་པས་ནི་ཐམས་ཅད་གཉུག་མར་གནས་པའི་ཡེ་ཤེས་སམ། མཐར་ཐུག་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ཉིད་དུ་སྟོན་ཏེ། དེ་ལས་སེམས་ཅན་ནི་གཉུག་མའི་ཡེ་ཤེས་སོ་སོ་རང་རིག་པའི་རྣམ་པར་འཕྲུལ་པ་སྟེ། རང་གི་རིག ་པའི་འགྱུར་བ་ལས།། དམན་པ་ལས་ནི་ལས་སྐྱེས་ཏེ། ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ།། ཕྱོགས་ཕྱོགས་ཞིང་ནི་སྤྲུལ་པའི་སྐུའི་ཞིང་ཁམ་སོ།། སྒྱུ་འདྲའི་ཆོས་དང་ཞེས་པ་ལ་སོགས་པས་ནི་བརྗོད་བྱ་བརྗོད་བྱེད་ཀྱི་ཆོས་སྒྱུ ་མ་དང་བྲག་ཅ་ལྟ་བུ་དང་། གཅིག་ཏུ་འགྱུར་ཞིང་མང་བློར་འགྱུར་བ་ལ་སོགས་པའི་རྫུ་འཕྲུལ་དང་། མཆོ་གྲོ་གྲི་སྤྲུལ་པ་རྣམས་ཀྱིས་སྤྲུལ་པ་སྟེ། བཟོ་བ་དང་སྐྱེ་བ་ལ་སོགས་པའི་སྤྲུལ་པའོ།། དེ་ཀུན་སྣང་བ་མཐའ་ཡས་ཀྱི། བདེ ་བ་ཅན་ནས་བྱུང་བའོ།། ཞེས་པའི་དོན་ནི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་དེ་ན་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སྔར་བསྟན་པའི་འོག་མིན་གྱི་གནས་ཡོན་ལ། དེར་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་སངས་རྒྱས་པ་སྟེ། མཐར ་གྱིས་སྟུག་པོར་ཞུགས་ནས་ཀྱང་། རྣམ་པར་སངས་རྒྱས་སྤངས་རྒྱས་སྔར་ཞེས་གསུངས་པའི་ཕྱིར་རོ།། དེ་ན་རྣམ་པར་སྨིན་པའི་སངས་རྒྱས་ཀྱང་བདེ་བ་ཅན་ནས་བྱུང་བའོ།། ཡང་རྣམ་པ་གཅིག་ཏུ་ན་དེ་འདྲ་བའི་ཞིང་ཁམ་སུ་སངས་རྒྱས ་ཀྱི་ཡེ་ཤེས་ལ་སྣང་བ་ནི་ཡེ་ཤེས་དེ་ཉིད་ཀྱི་བདག་ཉིད་ཡིན་ཞིང་དེ་འདྲ་བའི་ཡེ་ཤེས་ལས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྣང་བ་བྱུང་བས་དེ་ལྟར་བསྟན་པའོ།། གལ་ཏེ་དེ་ནི་སངས་རྒྱས་མི་འཁྲུགས་པ་ལ ་སོགས་པའི་ཞིང་། བྱམས་བཞིན་པ་ཡང་མ་ཚུངསེམས་དེ་དང་སྨྲས་བྱུང་བ་ཉིད་དུ་ཡང་ཅིའི་ཕྱིར་མི་སྟོན་ཅེ་དུ། དེ་ལྟར་བདེ་དུ་མོད་ཀྱི་འདི་ནི་མཚོན་པ་ཙམ་སུ་ཤཱས་རྫུང་དུ ་རྒྱས་སྣང་བ་མཐའ་ཡས་ནི་ཁྱད་པར་དུ་ཡང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་རླིག་པ་འཛིན་པའི་སྡེ་སྣོད་ལས་བཤད་ལ། སོ་སོར་རྟོག་པའི་ཡེ་ཤེས་ཀྱང་། ཤེས་བྱ་ཀུན་ལ་རྟགས་མི་ཐོགས།། འཁོར་གྱི་དཀྱིལ་འཁོར ་ཐམས་ཅད་དུ།། འབྱོར་པ་ཐམས་ཅད་མཛད་པ་དང་། ཐེ་ཚོམ་ཐམས་ཅད་བཙོད་པ་ཡི།། ཆོས་ཆེན་ཆར་ནི་རབ་ཏུ་འབེབས། ཞེས་ས་བཅུའི་མགོན་པོ་དང་། འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས་གསུངས་པས་སྐུ་དང་གསུང ་སྣ་ཚོགསསུ་སྣང་ཞིང་དོན་བྱེད་པ་ལ་སོགས་པ་ནི་ཡེ་ཤེས་དེའི་བདག་ཉིད་དུ་གྱུར་པའི་ཞིང་ཁམས་དེ་ཉིད་ནས་བྱུང་བའོ།། དེའི་དགོངས་པ་ཤེས་པར་གྱིས་ཤེས་པར་གྱིས་ཤེས་པས་ནི་ངག་འདི་རྣམས་ཀྱི་དགོངས་དོན་ཡང་ཤེས་པར ་གྱིས་ཤིག་ཅེས་ཤུགས་ལ་བསྟན་པའོ།། གང་ཡང་འདྲེན་པ་རྣམས་ཀྱིས་བཤད་ཅེས་པ་ནི་ཅེས་པ་ནི་སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཤད་པ་སྟེ། རྒྱལ་བའི་བུ་ནི་ཉེ་བའི་སྲས་རྣམས་ཡིན་པས་བཟློས་པར་མི་འགྱུར་བའོ།། ་སྤྲུལ་པ་དག་གིས་ཞེས་པ་ནི་སྐྱེ་བའི་སྤྲུལ་པ་ལ་སོགས་པ་ཉིད་སྤྲུལ་རྣམས་སོ།། ཆོས་འདི་རྣམས་ནི་མ་སྐྱེས་པོ་ཞེས་པ་ལ་སོགས་པས་དོན་དམ་པར་མ་སྐྱེས་ཤིང་། ཀུན་རྫོབ་ཏུ་བཅིངས་པ་དང་ཐར་པ་ལ་སོགས་པ་ཐམས་ཅད ་སེམས་ཉིད་སྟོན་པའོ།། རབ་ཏུ་བསྡུས་པ་ནི་ཀུན་གཞི་ལ་བག་ཆགས་ཐམས་ཅད་བསྒོས་པའོ།། དོན་དུ་སྣང་ལ་རྣམ་ཤེས་ཏེ། ཡེ་ཤེས་ཡང་དག་སྤྱོད་ཡུལ་ཅན་ཞེས་པ་ནི་དོན་དུ་སྣང་བ་རྣམ་པར་ཤེས་པའི་དེ་ཁོ་ན་ཉིད་རྟོགས་པ ་ནི་ཡེ་ཤེས་ཏེ། ཡང་དྲུག་པའི་ཡུལ་ཅན་ནོ།། འཕགས་པའི་སྤྱོད་ཡུལ་ཞེས་པ་ནི་སོ་སོ་རང་རིག་པའི་དེ་ཁོ་ན་ཉིད་དོ།། དོན་རབ་འབྱེད་པའི་ཞེས་པ་ལ་སོགས་པས་ནི་དེ་རྣམས་ཐོབ་པར་འགྱུར་བའི་ལམ་སྟོན་པའོ།། ཐམས་ཅད་ཆོས་ནི་ཞེས་པ་ལ ་སོར་པས་ནི་རང་བཞིན་གསུམ་ཚུལ་གཞན་གྱི་སྒོ་ནས་བསྙོན་པ་སྟེ། ནམ་ཞིག་ཅེས་པ་ལ་སོགས་པས་ཡོངསུ་གྲུབ་པ་སྟོན་པའོ།། དེ་བཞིན་ཉིད་ཀྱི་རྗེ་སུ་འགྲོ་བའི་ལྟས་ཞེས་པ་ནི་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་རྟགས་སོ།། གང་ཕྱིར་ཞེས ་པཱ་ལ་སོགས་པས་ནི་དངོས་པོར་འཛིན་པ་དང་བཅས་པ་ལ་གྲོལ་བ་མི་འཐད་པ་ཉིད་དུ་སྟོན་ཏེ། དངོས་པོ་ཀུན་གྱི་སྨྲ་བ་ནི་ཕུང་པོ་ལ་སོགས་པ་ལ་གྲངས་དང་གོ་རིམ་ལ་སོགས་པའི་དངོས་པོ་ཉིད་བདེན་པར་སྨྲ་བ་འམ། ཐ་མ་ལ་པོ་རྣམས། ་ཀྱིས་སྐྱེས་པ་དང་། བུད་མེད་ལ་སོགས་པའི་དངོས་པོར་ཕྱེ་བའི་སྒོ་ནས། དངོས་པོར་རྟོགས་པ་རྣམས་རྟག་ཏུ་ཚེ་རླབས་གཞན་དང་གཞན་དག་ཏུ་སྐྱེས་པ་ན་སྣང་། ཕན་ཚུན་གཅིག་ལྔ་གཅིག་སྡུག་པ་དང་མི་སྡུག་པ་ལ་སོགས་པའི་རྣམ ་པར་རྟོག་ཅིང་དེ་ལས་སྐྱེ་བ་གཞན་དུ་འཁོར་བར་འགྱུར་བའོ།། མིང་ནི་བརྗོད་པ་མ་བྱས་ན་ཞེས་པ་ལ་སོགས་པས་ནི་སྔར་བསྟན་པ་ལྟར། ཀུན་རྫོབ་ཏུ་ངོ་བོ་ཉིད་མེད་པ་ལ་སོགས་པའི་ཆོས་བརྗོད་པར་སྣང་བ་མ་བྱས་ན་བསྟན་པ་ནུབ་པར ་འགྱུར་བས། འཇིག་རྟེན་རྨོངས་པར་འགྱུར་ཞེས་སྟོན་པའོ།། མིང་དང་ཞེས་པ་ལ་སོགས་པས་ངོ་བོ་ཉིད་གསུམ་དབྱེ་བའི་སྒོ་ནས་གསལ་བར་བསྟན་པའོ།། དེ་ལྔ་བུ་པ་ལ་སོཌ་བཱི་མིང་དུ་རྟོག་པ་དང་། དེ་དགི་དོན་ལ་རྟོག ་པ་དང་། གཙང་བ་དང་། བདེ་བ་དང་། བདག་ལ་སོགས་པར་ཕྱིན་ཅི་ལོག་ཏུ་རྟོགས་པ་དང་། གཏན་ཚིགས་ལ་སོགས་པའི་རྐྱེན་རྣམས་ཀྱིས་ལྐོག་ཏུ་གྱུར་པའི་དོན་ལ་རྟོག་པ་སྟེ། རྗེ་སུ་དཔག་པའི་རྟོག་པ་དྲུང་གསུམ་གྱི་སྒོ་ནས་བྱིས་པ ་རྣམས་དངོས་པོར་རྟོག་པའོ།། ཡང་འགག་པ་མེད་པ་ལ་སོགས་པའི་རང་བཞིན་ལ་དེ་དག་དང་མི་མཐུན་པར་བརྟགས་པ་ནི་ཀུན་དུ་བརྟགས་པའི་མཚན་ཉིད་དོ།། སྒྱུ་མའི་དཔེ་རྣམས་དང་འདྲ་བའི་དེ་བཞིན་ཉིད་དང་གཉིསུ་མེད ་པ་ལ་སོགས་པ་ནི་འགྱུར་བ་མེད་པ་དང་ཕྱིན་ཅི་མ་ལོག་པའི་ཡོངསུ་གྲུབ་པའོ།། ལུས་དང་ངག་གི་སྤྱོད་ཡུལ་བརྫུན་ཞེས་པས་ནི་དེ་དག་གི་རྣམ་པར་རིག་བྱེད་དམ། དེ་དག་གི་ལས་སུ་བྱས་པའི་ཕྱི་རོལ་གྱི་ངོ་བོ་ནི་ཀུན་རྫོབ་ཏུ ་ཡང་མེད་ལ་རྣམ་པར་མི་རྟོག་པའི་ཤེས་རབ་དང་། དེས་རྟོག་པར་བྱ་བའི་དོན་ནི་བདེན་པ་སྟེ། དེ་ཉིད་ཀྱིས་གཉིད་ཀྱི་ལྔ་འཛིན་པ་རྣམས་སྤོང་བའོ།། རིག་པས་རྣམས་པར་གཞིགས་ན་ནི། གཟུང་བ་དང་ནི་འཛིན་པ་འགག་ཅེས་པ་ལ་སོགས ་པའི་དོན་ནི་ཤེས་པས་དོན་འཛིན་པར་འཇོག་པའི་རྒྱུ་མཚན་མི་འཐད་དེ། ཇི་སྐད་དུ་མྱོང་བ་ཡོད་པ་དེ་དོན་འཛིན་པར་ཇི་ལྟར་འགྱུར་ཞེས་བརྟགས་པ་ན། སྐྱེས་པ་དང་འདྲ་བ་དག་གིས་སོ།། གཟུང་འཛིན་ཁས་ལེན་པ་རྣམས་ཀྱི་སྒྲས ་པའི་ཚེ། དེ་ལྟར་ན་ཡུལ་མཚུངས་པའི་ཤེས་པ་དེ་མ་ཐུག་པ་ཡང་ཡུལ་དུ་འགྱུར་རོ།། ཞེས་པ་ལ་སོགས་པ་སློབ་དཔོན་དྷརྨ་ཀཱིརྟིས་བཤད་པ་ལྟ་བུའོ།། དེའི་དོན་ཡང་ཤེས་པ་དོན་ལས་སྐྱེས་ཤིང་དོན་དང་འདྲ་བའི་སྒོ་ནུས་དོན་འཛིན ་པར་འདོད་པ་མི་འཐད་དེ། དེ་ལྟར་ན་སྔོན་རོལ་སྣང་བའི་བློ་རྒྱུན་ཆགསུ་འཇུག་པ་ན། བློ་སྔ་མ་རྣམས་ཕྱི་མའི་ཡུལ་དུ་འགྱུར་ཏེ། སྒྱུ་མ་ལས་སྐྱེས་པ་དང་དེ་འདྲ་བའི་ཕྱིར་རོ།། དེ་ལ་སོགས་པ་རིགས་པའི་བསྟན་བཅོས་དག་ལས ་བཤད་པ་རྣམས་སྐབས་འདིར་ཤེས་པར་བྱའོ།། གལ་ཏེ་དོན་དུ་སྣང་བ་ལོག་པ་ཉིད་ཡིན་ན། སྣང་པོ་སེམས་ཀྱི་ངོ་བོར་ཡང་མི་ཐད་དམ་སྙོམ་ན། ཇི་ལྟར་བྱིས་པས་ཕྱི་རོལ་གྱི་ངོ་བོར་བརྟགས་པ་ལྟར་མི་བདྲེན་ཏེ། ཀུན་རྫོབ ་ཏུ་སྣང་བ་སེམས་སུ་བདེན་པའོ།། ཕ་མ་ཕྲདྲོ་པར་འགྱུར་ཞེས་པ་ལ་སོགས་པས་འཁོར་བར་འཇུག་པའི་ཚུལ་སྟོན་ཏོ།། ཕྲ་མ་ཕྲད་ཅིང་ཆགས་པར་གྱུར་པ་དང་། དེའི་དུས་ཀྱི་ཁུ་བ་དང་ཁྲག་གི་ནང་དུ་ཀུན་གཞི་རྣམ་པར་ཤེས ་པ་སྐྱེ་གནས་ལ་ཆགས་པའི་ཡིད་དང་ལྷན་ཅིག་ལ་འཇུག་པར་འགྱུར་ཞིང་། རེ་ཞིག་དེ་ལྔས་མི་ཐེན་པ་སྟེ་མར་གྱི་བུམ་པའི་ནང་དུ་བྱི་བ་ཞུགས་པ་བཞིན་ནོ།། དེ་ལས་རིམས་ཀྱིས་ནུར་ནུར་པོ་ལ་སོགས་པ་དང་། གཟུགས ་དམན་ཞིང་ཆུང་ལ་འབྲས་མི་སྡུག་པ་སྟེ། རྐང་ལག་འགྱུས་ཞིང་དབང་པོ་མདོད་པའི་གནས་སྐབ་སོ།། དེ་དག་ཀྱང་སྔོན་གྱི་ལས་ལས་བྱུང་པོའི་རླུང་རྣམས་ཀྱིས་ཁྱད་པར་དུ་འགྱུར་བ་སྟེ། རྒྱས་པར་ནི་དགའ་བོ་མངལ་དུ་འཇུག་པ་བསྟན ་པ་ལྔས་ཤེས་པར་བྱའོ།། ལྔ་དང་ཞེས་པ་ལ་སོགས་པས་ནི་དབང་པོ་ལྔ་དང་། ཡུལ་ལྔ་དང་དོན་སྙིང་ལྔའོ།། ཡིད་ནི་ཀུན་གཞི་དང་ལྷན་ཅིག་ཏུ་འཇུག་ཅིང་རེ་ཞིག་རྒྱལ་བར་འགྱུ་རོ་ཞེས་ཀྱང་བསྟན་ནོ།། ། ་གཞན་ཡང་རྣམ་པར་རྟོག་པས་དོན་ཅིའི་རྣམ་པར་རོག་ཅིང་། དེ་ལས་བརྗོད་པར་འདོད་པ་དང་། རྐན་དང་མཆུའི་བྱེད་པ་ལ་སོགས་པ་ལས་ཚིག་ཏུ་རྣམ་པར་བརྟག་པ་འབྱུང་བའོ།། མུ་སྟེགས་སྒྲ་ལ་བརྟེན་པོ་ནི་ལྷན་ཅིག་སྐྱེས་པའི ་འཇིགས་ཚོགས་ལ་ལྟ་བ་དང་ལྡན་པའོ།། གནས་སྐབས་དེར་ཐེག་པ་ཆེན་པོའི་སྣོད་དང་ལྡན་པ་ནི་མ་ཡིན་ཏེ། དེའི་ཕྱིར་གང་ཟག་དང་ཕུང་པོ་ལ་སོགས་པ་ཙམ་སྟོན་པ་སྟེ། སེམས་ཅན་གྱི་བསམ་པ་དང་བསྟན་པ་ཡིན་གྱིས། ངན་པར ་ལྟ་བའི་གནས་དེ་དག་བདེན་པ་ནི་མ་ཡིན་པའོ།། མགོན་པོ་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ཟབ་མོ་གསལ་བར་བྱེད་པའི་གང་ཟག་མ་འོངས་པའི་དུས་སུ་ཇི་ལྟར་དྲིས་ཤིང་། ཡང་བསྣན་ཏེ་དྲིས་པ་དང་། དེའི་ལན་གསལ་བར་སྟོན ་པའོ།། དུས་དག་འདས་ནས་ཞེས་པ་ནི་ལོ་གྲངས་ཉིས་བརྒྱ་འདས་ནོས་ཞེས་གསུང་རབ་ཀྱི་ཕྱོགས་འགའ་ཞིག་ལས་བསྟོནྡ་ཏོ།། དཔལ་ལྡན་ཞེས་པ་ནི་གཉིསུ་མེད་པའི་ཡེ་ཤེས་སམ། བསོད་ནམས་ཀྱི་ཚོགས་བསྔགས་པའོ།། ཀླུ་ནི ་མིང་གི་དང་པོ་སྡེ་ཀླ་སྒྲུབ་སྙིང་པོའོ།། འགྲོ་བ་ཀུན་དུ་ཞེས་པ་ལ་སོགས་པས་སློབ་དཔོན་དེ་ཉིད་སྲིད་པའི་སྡུག་བསྔལ་ལས་ཡང་བྱུང་པ་ལ་སོགས་པ་སྟེ། ཤེས་པར་ཟད་དོ།། དེ་ལྟ་ན་ཐེག་པ་ཆེན་པོ་རིགས་ཅན་མ་ཡིན་པར་འགྱུ་རོ་རོ།། ་ཞེ་ན་མ་ཡིན་ཏེ། དེ་ཡིས་སྐྱོ་བས་རང་དང་གཞན་སྡུག་བསྔལ་ལས་ཐར་བར་བྱ་བའི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཕྱིར་རོ།། རྣལ་འབྱོར་ཅན་གྱི་ཞེས་པ་ལ་སོགས་པས་ནི་བསམ་གཏན་གྱི་མཚན་མ་དང་། དེ་དག ་ལལོག་པར་མི་འགྱུར་པོའི་ཚུལ་སྟོན་ཏེ། ཚིག་གི་དོན་ནི་ཕལ་ཆེར་སྔར་བསྟན་ཏོ།། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལྟར་ཞེས་པ་ལ་སོགས་པས་ནི་འཕགས་པས་ཡུལ་དུ་བྱས་པ་བཞིན་དུ། དེ་བཞིན་ཉིད་ཀྱི་དོན་བདེན་པའོ།། ་ཡོངསུ་གྱུར་དང་ཞེས་པ་ལ་སོགས་པའི་ནི་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་སྦྱིན་ཏེ། གླེངས་ཅན་ལ་སོགས་པས་ཐམས་ཅད་གཙོ་བོའི་དངོསུ་འགྱུར་བ་རྭ་འདྲོད་པ་ལ་སོགས་པ་སྟེ། དྲོན་གྲོ་བར་ཟད་དོ།། བར་མ་དྲོ་ངག་བསྡུ་བ་ནི་སྲིད་པ་བར ་མའི་སེམས་ཅན་ལ་སོགས་པ་སྔར་བསྟན་པ་རྣམས་གསུང་རབ་ཀྱི་བརྗོད་བྱ་ཉིད་དུ་བསྡུས་ཤིང་བསྟན་པ་ལ། དངོས་པོར་རྟོག་པ་ནི་དེ་ཁོ་ན་ཉིད་ཀྱི་དྲོན་ལ་མཁས་པ་མ་ཡིན་ཏེ། དོན་དམ་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི ་རྒྱལ་བས་མ་གསུངས་ཏེ། འོན་ཀྱང་ཇི་ལྟར་སྣང་བ་ཙམ་གྱི་རྟེན་འབྲེལ་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པའི་ཆོས་སྟོང་པ་ཉིད་མཚོན་པའི་བརྡ་སྟེ། ཇི་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག ་པས་ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ།། དེས་ན་རྟེན་འབྲེལ་དུ་སྣང་བའི་བརྡ་ལས་ཐ་དད་དུ་གྱུར་པའི་དངོས་པོ་ནི་མ་སྐྱེས་ཤིང་མ་འགགས་པའོ།། གཟུགས་བརྙན་ནི་ཆུ་འདྲ་བའི།། ཞེས་པ་ནི་རྫ་སུ་མ ་གྲུབ་ཅིང་རྒྱུན་ཆགསསུ་འབྱུང་བའོ།། ཐེག་པ་ཆེན་ངའི་ཐེག་པ་མིན?་ཞེས་པ་ལ་སོགས་པས་ནི་དེ་ཁོ་ན་ཉིད་དུ་ཐེག་པ་མེད་ཅིང་འགྲོ་བ་མེད་ཅེས་པ་ལ་སོགས་པའོ།། བདེན་པ་མ་ཡིན་ཐར་པ་མིན ་ཞེས་པ་ནི་བདེན་པ་དང་བདུན་པ་མངོན་པར་རྟོག་པའི་ཐར་པ་མ་གྲུབ་པའོ།། འོན་ཀྱང་ཀུན་རྫོབ་དུ་ནི་ཐེག་པ་ཆེན་པོའི་ཐེག་པ་སྟེ། དེ་འདྲ་བའི་ལམ་ནས་འོངས་ཤིང་དེ་ཉིད་ལ་གནས་པའོ།། སྐྱེ་བ་དག་ནི་མདོར་བཤད་དེ། འགོག་པ་ཉིད ་ནི་རྒྱུ་ས་པར་རོ་ཞེས་པ་ནི་སྐྱེ་བ་ནི་བྷྱོ་རགས་པའི་ཡུལ་དུ་བསྡུས་ཏེ་བསྟན་ནས་དེ་ཉིད་དྲིན་དྲམ་པར་འགོག་པ་ནི་རྟོགས་པར་དཀའ་བས་ཐེག་པ་ཆེན་པོའི་གསུངས་རབ་ལས་རྒྱས་པར་བསྟན་པའོ།། སྐྱེ་བ་བཀག་པའི་སྟོང་པ་ཉིད ་ནི་གཉི་སུ་འགྱུར་ཏེ། མི་སྐྱོ་བའི་སྟོང་པ་རྣམ་པར་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱིན་ཅི་མ་ཀ་བྷཱི་དྲོན་དང་། ཡང་སེམས་ཙམ་པ་ལ་སོགུས་པས་རྟེན་འབྲེལ་དོན་དམ་པའི་དངོས་པོར་གྲུབ་པ་ཉིད་གཟུང་འཛིན་ལ་སོགས ་པས་སྟོང་པར་འདོད་པ་སྟེ། དེ་འདྲ་བ་ནི་ཚད་མཱའི་གླནོད་པ་ཡོད་པས་འཇིག་ཅིང་མི་བདེན་པའོ།། མདོ་སྡེ་འདུལ་བ་ཞེས་པ་ལ་སོགས་པས་སྡེ་སྣོད་གསུམ་གྱི་བསྡུས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚིག་གི་བརྗོད་པའི ་བརྟགས་པ་སྣ་ཚོགས་ལ་བརྟེན་ནས། ཀུན་གཞིའི་དྲི་མ་རྣམ་པར་དག་པར་རྟག་ཅིང་། བདག་མེད་པའི་དོན་རྟོགས་ཤིང་གོམས་པ་ལས་རྣམ་པར་དག་པར་མི་འདོད་པ་རྣམས་ནི་ཕྱིན་ཅི་ལོག་ཡིན་པས་བདག་མེད་པའི་དེ་ཁོ་ན་ཉིད ་རྣམ་པར་དག་པའི་དོན་ལ་བློ་གྲོས་མི་གནས་ཤིང་མི་འཐོབ་པའོ།། དེ་སྐད་དུ་ཡང་གང་ཞིག་སྒྲ་ཡིས་ཚེས་བསྟན་པའི།། སྒྲ་དེ་ལས་ནི་གང་ཆགས་པ། ཞེས་པ་ལ་སོགས་པ་སྔར་བསྟན་པའི་ཕྱིར་རོ།། རྐྱེན་གྱིས་ཡོད་པར་མ་བསྒྲུབ་ཞེས ་པ་ལ། དངོས་པོར་སྨྲས་པ་འགའ་ཞིག་དེ་ལྟར་འདོད་པ་མ་ཡིན་ནཱམ་ཞེ་ན། དེའི་འདོད་པས་དེ་ལྟར་འགྲུབ་པ་མ་ཡིན་ནོ།། དེ་ལྟར་ཡོད་པར་མ་གྲུབ་པས་དེ་ལས་ལྟོས་པའི་མེད་པ་ཡང་མི་འགྲུབ་ཅིང་། གལ་ཏེ་ཡོད་པ་སྒྲུབ་ནི་དེའི ་ལྟོས་པ་མེད་པ་ཡང་གྲུབ་པར་འགྱུར་རོ།། དེ་ལ་ཡོད་མེད་ཉེར་མི་འགྲོ། ཞེས་པ་ནི་ཡོད་མེད་ཀྱི་མཐར་འཛིན་པ་ཉིད་དུ་མི་ལྟུང་བའོ།། དེ་ལ་འགའ་ཞིག་ནི་སྣང་བའི་རི་བོང་གི་རྭ་བཞིན་མེད་པའི་མཐར་རྟོག་པ་ཡོད་ལ། གཞན་ནི ་ཡོད་པར་མཐུར་རྟོག་པ་སྟེ། དེ་དག་གཉིས་ཀ་ཡང་ནོར་པའོ།། ཟ་བ་ཡངས་ཞེས་པ་ལ་སོགས་པས་ནི་བཤད་པ་འཇུག་པའི་ཚུལ་སྟོན་ཏེ། དེ་ལ་ཟབ་པ་དུང་རྒྱ་ཆེ་བའི་ཡེ་ཤེས་ནི་གོ་རིམ་བཞིན་དུ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན ་པཱའི་ཡེ་ཤེས་སོ།། ཡངས་པ་ནི་དེ་གཉིས་ཀ་ཡང་ཐེ་ཚོམ་ལ་སོགས་པའི་འཛེར་དྲུག་མེད་པའོ།། ཕུན་སུམ་ཚོགས་པའི་ཞིང་ནི་ལོངས་སྤྱོད་རྫོགས་པའི་སྐུའོ་ཞིང་ཁམས་ཡེ་ཤེས་དག་པའི་སྣང་བའོ།། རྒྱུ་མེད་པའི་རྣམ་རྟོག ་ནི་དེ་ཁོ་ན་ཉིད་དུ་གཞན་དབང་གི་རྣམ་རྟོག་རྒྱུ་ལས་མ་སྐྱེས་པས། དེ་ལྟ་བུའི་ངོ་བོར་མ་གྲུབ་པའོ།། སྣང་ལ་བྱིས་པ་རྣམས་ཞེས་པ་ལ་སོགས་པས་ནི་བྱིས་པ་རྣམས་ཀྱིས་སྣང་བ་ལ་རྟག་པ་དང་བདག་ལ་སོགས་པར་བརྟག ་ལ། འཕགས་པ་ཉན་ཐོས་ལ་སོགས་པ་རྣམས་ནི་དེ་ལས་བྱེ་བྲག་ཏུ་མི་རྟག་པ་ལ་སོགས་པར་ལྟ་བ་སྟེ། བྱིས་པ་ལ་བལྟོས་ན་འཕགས་པའི་ལྟ་བ་དགྲ་པ་སྟེ། དེ་ཡང་རྣམ་པར་ཐུ་ར་པ་གསུམ་ཐོས ་བསྡམ་གྱིས་རྟོག་པ་ལས་བྱུང་བའོ།། དེ་ལ་དེ་དག་གིས་ལུགས་ཀྱི་རྣམ་པར་ཐར་པ་གསུམ་ལས་སྟོང་པ་ཉིད་ནི་སྡུག་བསྔལ་གྱི་བདྲེན་པའི་རྣམ་པ་སྟོང་པ་དང་བདག་མེད་པ་གཉིས་ཡིན་ལ། མཚན་མ་མེད་པ་ནི་ལམ་དང་འགོག། ་པའི་རྣམ་པ་བརྒྱད་དེ། གང་མཚན་མ་མེད་པ་འགོག་པ་དང་གང་གིས་མཚན་མ་མེད་པ་ལམ་གྱི་རྣམ་པའོ།། སྨོན་པ་མེད་པ་ནི་ཀུན་འབྱུང་གི་བདེན་པའི་རྣམ་པ་བཞི་དང་། སྡུག་བསྔལ་གྱི་བདེན་པའི་རྣམ་པ་ལྷག་མ ་གཉིས་སོ།། ཐམས་ཅད་ཆོས་ལ་མ་ཆགས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ལའོ།། མ་བརྡྷ་ཌ་པཱི་འབྲས་བུ་ནི་བཟུང་བའི་རྟོ་པ་སྦེད་པས་རྟོག་པའོ།། དེ་ཉིད་ཀྱི་ཕྱིར་རང་རྒྱལ་བ་རྣམས་ནི་ཕྱི་རོལ་གཟུང་བའི་རང་བཞིན་ནཱི་བརྟག་པ ་ཡིན་ལ། གཞན་གྱི་དབང་ནི་གྲངས་ཅན་གྱིས་འདོད་པ་ལྟར་བདག་ལས་སྐྱེ་བར་འཁྲུལ་པ་མ་ཡིན་ཞིང་། གཞན་ལས་སྐྱེ་བར་འདོད་པའོ།། དེའི་ཕྱི་རོ་འཛིན་པའི་སེམས་འབའོ་ཞིག་རྒྱུན་ཆགསུ་འཇུག་པའོ།། འདི ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་སྦྱར་ཏེ། དེ་རྣམས་ཀྱང་ཕྱིའི་དོན་ཀུན་རྫོབ་ཏུ་མི་འཐད་ཅིང་རྣམ་པར་རིག་པ་ཙམ་གྱི་གཞན་དབང་ཀུན་རྫོབ་ཏུ་གཞན་ལས་རྒྱུན་ཆགས་སུ་འབྱུང་བར་འདོད་པའི་ཕྱིར་རོ།། ་ན་ཐོས་ལ་སོགས་པའི་གང་ཟག་གི་རྣམ་པར་དབྱེ་བ་ལ་ལོག་པར་རྟོགས་སེལ་བ་ནི་ཞེས་པ་ལ་སོགས་པ་སྟེ། སྔར་རྒྱས་པར་བསྟན་ཏོ།། དངོས་པོ་རྣམས་ནི་ཞེས་པ་ལ་སོགས་པས་ནི་སྣང་བ་མེད་པའི་ཏིང་འཛིན་ཐོབ་པའི་ཐབས ་སྟོན་ཏེ། དངོས་པོའི་སྣང་བ་མེད་ན། དེ་ལ་བལྟོས་པའི་དངོས་མེད་དུ་སྣང་བ་ཡང་མེད་དེ། དེ་དག་མཉམ་ཞིང་ཕན་ཚུན་རྒྱས་གཏབ་པའོ།། གལ་ཏེ་དངོས་པོ་དང་དངོས་པོ་མེད་པ་འགལ་བ་ཇི་ལྟར་དེ་དག་མཉམ་པ་ཉིད་དུ་བྱེད་ཅེ་ན། གང ་གི་ཚེ་ན་ཞེས་པ་ལ་སོགས་པ་གསུངས་ཏེ། ཕྱི་ནང་གི་ཡུལ་ལྔ་གཡོ་བའི་སེམས་མི་ཤེས་པ་སྟེ། དེ་འདྲ་བའི་སེམས་མི་དམིགས་པ་དེའི་ཚེ་དངོས་པོ་དང་དངོས་པོ་མེད་པར་འཛིན་པ་འཇིག་པར་བྱེད་ཅིང་སེམས་ཀྱི་མཉམ་པོ་ཉིད་ཀྱང་ཐོབ ་པའོ།། གཞན་ཡང་ཀུན་རྫོབ་པའི་དངོས་པོ་ཉིད་དོན་དམ་པའི་དངོས་པོར་མེད་པས་དེ་དག་འགལ་བ་མ་ཡིན་ནོ།། ཡང་དངོས་པོར་འཛིན་པ་ཇི་ལྟར་ལྡོག་ཅེ་ན། ཐོག་མ་མེད་ལྡན་ཞེས་པ་ལ་སོགས་པ་གསུངས་ཏེ། བྱིས་པ་རྣམས ་གང་ཟག་གི་བདག་ཏུ་འཛིན་པས་སེམས་ཀྱི་རྒྱུད་གཡོགས་པ་ལ། གཟེར་ཆུང་ངུས་གཟེར་ཆེན་པོ་འབྱིན་པ་ལྟར། ཕུང་པོ་ལ་སོགས་པའི་དངོས་པོར་བསྟན་པས་བྲིད་ནས། གང་ཟག་དུ་འཛིན་པ་རྣམ་པར་བཟློག་ལ། ཕུང་པོ ་ལ་སོགས་པར་འཛིན་པ་ཡང་སྟོང་པ་ཉིད་དུ་བསྟན་པས་བཟློག་ཅིང་། སྟོང་པའི་མཚན་མར་འཛིན་པ་ཡང་ངེས་པའི་དོན་གྱི་མདོ་འདིར་ཟུང་འཇུག་སྒྱུ་མ་ལྟ་བུའི་དོན་བསྟན་པས་བཟློག་པའོ།། དེའི་རྒྱུ་ཅན་དེ་ལ་དམིགས་ཞེས་པས་ནི ་རྣམ་ཤེས་འཇུག་པའི་ཚུལ་རྒྱས་པར་སྟོན་ཏེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་ཀུན་གཞི་ལུས་བྱུང་ཞིང་ཀུན་གཞི་ལ་དམིགས་པའོ།། ཡིད་ནི་ཉོན་མོངས་པ་ཅན་ནོ།། སེམས་ནི་རྣམ་པར ་ཤེས་པ་དྲུག་གི་ཚེ་གས་ཏེ། དེའི་རྒྱུ་ཀུན་གཞི་རང་གི་རིགས་ཕྱི་མ་ཡང་དེས་འབྱིན་པར་བྱེད་ཅེས་པ་ལ་སོགས་པའོ།། རྣམ་པར་སྨིན་སྐྱེས་ཞེས་པ་ལ་སོགས་པས་ནི་རྣམ་པར་ཤེས་པའི་ཁྱད་པར་རྣམ་སྨིན་ལས་བྱུང་བའི ་མངོན་པར་ཤེས་པ་སྟེ། ཇི་སྐད་དུ། མར་མེ་ཕུལ་བས་སྤྱན་དང་ལྡན། རོལ་མོ་སྒྲ་ཡཱི་སྣ་ཐོ་བོ་འགྱུར་ཞེས་པ་ལ་སོགས་པ་སྔར་བསྟན་པ་རྣམསོ།། བྱིན་རླབ་པ་ནི་སངས་རྒྱས་རྣམས་ཀྱིས་གནོང་བ་སྟེ། དེའི་བྱིན་གྱིས་རླབས་ཀྱིས ་ཐོབ་པའི་མངོན་ཤེས་སོ།། རིས་དང་འགྲོ་བ་རྣམས་དང་བྱུང་ཞེས་པ་ནི་འགྲོ་བའི་རིས་སྣ་ཚོཌ་རྣམས་ཀྱང་ཀུན་གཞི་ལས་བྱུང་ཞིང་དེ་རྣམས་ལ་ལོས་ཀྱི་ཐོབ་པའི་མངོན་པར་ཤེས་པ་ཡང་དེ་ལས་བྱུང་བའོ།། རྨི་ལམ་དུ་ནི ་གང་རྙེད་དང་ཞེས་པ་ནི་གནས་གཙང་མའི་ལྷ་ལ་སོགས་པའི་བྱིན་གྱིས་རླབས་ཀྱིས་བསླད་པའི་གནས་སྐབས་ན་ཡང་དོན་ཇི་ལྟ་བ་བཞིན་སྣང་བའི་མངོན་པར་ཤེས་པ་སྟེ་དེ་ལྟར་མངོན་ཤེས་རྣམ་པ་བཞིའོ།། གང་ཡང ་ཞེས་པ་ལ་སོགས་པ་དེ་དག་ཉིད་གསལ་བར་བསྟན་པའོ།། མངོན་ཤེས་རྣམ་སྨིན་སྐྱེས་དེ་མིན་ཞེས་པ་ནི་མངོན་ཤེས་དེ་དང་འགྲོ་བའི་རིས་རྣམས་ལ་ཡོད་པ་སྔོན་གྱི་ལས་ལས་བྱུང་བ་གཉིས་གཅིག་པ་ཉིད་དུ་དོགས ་པ་སྩལ་བ་སྟེ། ལསྣ་ལས་ཐོབ་པ་ནི་བསོད་ནམས་ཀྱི་ལུས་མ་ཡིན་པ་གང་ཡང་རུང་བ་རྣམས་ལས་ཐོབ་པ་སྟེ། དམྱལ་བ་དང་ཡི་དགུས་རྣམས་ལས་ཡང་ཕ་རོལ་པོའི་སེམས་དང་། ཆོད་པ་ལ་སོགས་པའི་དོན་ཤེས་པ་འབྱུང ་བཱའོ།། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་སྔོན་གྱི་བསོད་ནམས་ཀྱི་ལས་དང་འཕྲུལ་གྱི་འདུ་བྱེད་ལས་བྱུང་བ་སྟེ། མངོན་པར་ཤེས་པ་ལྔ་པོ་རྣམས་སོ།། དེ་རྣམས་ཀྱི་སངས་རྒྱས་ཀྱི་ལས་ཀྱི་ས་བོན་དང་། དེ་དག་གིས་བྱིན ་གྱིས་རླབས་པའི་ལིས་ཀྱི་ས་བོན་ཀྱང་ཀུན་གཞི་ལ་བསྒོས་ཤིང་དེ་ལས་བྱུང་བའོ།། ཟག་པ་ཟོད་པའི་མངོན་ཤེས་ནི་ས་བརྒྱད་པ་ཡན་ཆོད་ཀྱི་གནས་སྐབས་ཡིན་པས། དེ་ལས་བྱུང་བའི་ངེས་པ་མེད་དོ།། གཞན་ཡང་ཀུན་གཞི ་ལས་དེ་རྣམས་འབྱུང་བའི་ཚུལ་རྒྱུས་པར་བསྟན་པ་ནི། བགྲུ་ཆགས་ཀྱིས་ནི་ཞེས་པ་ལ་སོགས་པའོ།། སྣང་བ་དག་ནི་མི་སྣང་བ་ཞེས་པ་དེ་ཁོ་ན་ཉིད་དུ་གཉིས་ཀྱི་རྣམ་པ་ལ་སོགས་པར་སྣང་བ་མེད་དེ། གང་ཟག་གི་སྣང་བ ་དང་། རྒྱུ་ཅི་ལས་བྱུང་བ་དང་། ཡུལ་ཅི་ཞིག་སྣང་བ་འམ། རང་གི་ངོ་བོ་ཅི་ཞིག་ཅེས་བརྟགས་ན་མཱ་གྲུབ་པའོ།། དེ་ལྟར་གཉིས་སྣང་གི་དྲི་མ་མེད་པའི་སེམས་ནི་རང་བཞིན་དྲང་བ་སྟེ། ཞེས་པ་ལི་སོགས་པའོ།། ཀུན་གཞི་ཡི་སཱི་ནི་འདིས ་བར་བྱེད་ཅེས་པ་ལ་སོགས་པའི་དོན་ནི་དེ་ལ་ལས་ཀྱི་བག་ཆགས་ཡོད་པ་རྣམས་ཡུལ་དུ་སྣང་བའི་ཕྱིན་ཅི་ལོག་ལ་མངོན་པར་ཚིགས་ཤིང་འགྲོ་བ་རྣམསུ་སྨོན་པར་བྱེད་པའི་སྲེད་པའི་རླན་གྱིས་གསོས་བཏབ་ནས་བྱིས་པའི་སྐྱེ ་པོ་འཁོར་བའི་གནས་སུ་འདོར་བར་བྱེད་པའོ།། ངའི་སེམས་ནི་ཞེས་པ་ལ་སོགས་པས་ནི་གྲདམས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་བསྟན་པའོ།། བསམ་གཏན་པའི་ཡུལ་དང་ཞེས་པ་ལ་སོགས་པས ་ནི་དེ་ལྟར་ལས་སྣ་ཚོགས་ཀྱི་འགྲོ་བ་སྣ་ཚོགས་མངོན་པར་གྲུབ་པོ་དང་། དེ་དག་གི་གཉེན་པོ་བསམ་གཏན་བསྒོམ་པའི་དམིགས་པའི་ཡུལ་དང་། དེ་རྣམས་སྟོན་པའི་སངས་རྒྱས་ཀྱི་ཆེ་བ་ནི་བསམ་གྱིས་མི་ཁྱབ་ཅེས་པའོ།། ་མ་འོངས་ཞེས་པ་ལ་སོགས་པས་རྫ་སུ་མ་གྲུབ་པའི་དོན་རྣམས་ཀྱང་ཀུན་རྣོ་བ་ཉིད་བཤད་ཅིང་། དེ་ཝ་རྫ་སུ་གྲུབ་པ་སྣང་བ་རྣམ་ཀུན་རྫོབ་ཏུ་ཡོད་པ་ལྟ་ཅི་སྨོས་ཞེ་སྟོན་པའོ།། དེ་ལ་མྱ་ངན་ཝ་འདྲ་པ་ནི་ཕྱིན་ཅི་ལོག་ཉེ་ལྔ་ཞིབ་ཙམ་ཡཱི་པྲ་རྫ་སཱ་མ་གྲུབ་པའོ།། རིསུ་གཏོགས ་དང་ཞེས་པ་ལ་སོགས་པས་ནི་གང་ཟག་དང་ཆོ་སུ་ལྟ་བའི་གང་ཟག་སྟོན་ཏེ། རི་སུ་གཏོགས་པ་སངས་རྒྱས་ཀྱི་སྐྱེ་བོ་དང་། མུ་སྟེགས་ཅན་རྣམས་ཀྱི་གང་ཟག་གི་བདག་ཏུ་ལྟོ་བའི་ལྟ་བ་ཅིག་ལ་གནས་ཤིང་། ཡང་ཀུན་རྫོབ་སེམས ་ཙམ་གྱིས་ཚུལ་ལ་རྨོངས་པ་རྣམས་ནི། ཕྱི་རོལ་གྱི་དངོས་པོ་ལ་རྟོག་པ་སྟེ། ཆོས་ཀྱི་བདག་ཏུ་རྟོགས་པའོ།། རྨི་ལྡམ་ན་ནི་ཞེས་པ་ལ་སོགས་པས་དེ་ལས་ཟློག་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལོག་པའི་རྟགས ་སྟོན་ཏེ། དེའི་དོན་ཡང་དབང་བསྐུར་བ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་སྟེ། དེ་ཉིད་སངས་རྒྱས་ཞེས་ཀྱང་བྱ་སྟེ། ཇི་སྐད་དུ།། ཨ་དགུ་འདས་ནས་ཡེ་ཤེས་ནི།། གང་གི་སངས་རྒྱས་སར་གནས་པ། དེ་ནི་བྱང་ཆུབ་སེམས་དཔའི་ས།། བཅུ ་པ་ཡིན་པར་ཤེས་པར་བྱ། ཞེས་གསུངས་པ་དང་། གཞན་ཡང་ས་བཅུ་པ་ལ་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཞེས་བྱའི། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་པ་དང་། སྟུག་པོ་བཀོད་པའི ་བརྒྱན་ལས་ཀྱང་། བརྒྱད་པ་ཡན་ཆད་དག་འགྱུར་ཏེ།། དགུ་ལ་བསམ་གཏོན་སྤྱད་ཡུལ་ལོ།། བཅུ་ལ་སངས་རྒྱས་སྤངས་རྒྱས་ཀྱིས།། དབང་བསྐུར་རྒྱལ་བར་འགྱུར་བའོ།། ཞེས་གསུངས་པའི་ཕྱིར་རོ།། དེ་རྣམས་མི ་ལམ་དུ་མཐོང་ན། བྱང་ཆུབ་ཀྱི་ས་བོན་འཕེལ་བ་སྟེ། ཕྱིར་མི་ལྡོག་པའི་རྟགསོ།། དེ་སྐད་དུ་ཡང་། ཁམས་གསུམ་དག་ལ་རྨི་ལམ་ན་ཡང་མི་འདོད་ཅིང་།། སངས་རྒྱས་རྣམས་མཐོང་འགྲོ་ལ་ཆོས་ཀྱང་སྟོན་བྱེད་པ།། དེ་ནི་མི ་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ།། གལ་ཏེ་རུང་རྒྱ་ལ་བ་ལ་སོགས་པ་རྣམ་པ་བཞིར་མཐོང་བ་དེ་དག་དངོས་པོ་ལ་ཡོང་དམ་ཞེ་ན། ཡོད་པ་མ་ཡིན་ཏོ།། ཡུལ་ལམ ་དུས་གང་ན་འཕགས་པ་དེ་དག་རྣམ་པོ་ཇི་ལྟར་ཡོད་པ་དང་། རྒྱུ་གངྒཱ་ལས་བྱུང་པོ་དང་། དེ་ལྟར་ཡིན་པ་ཅིའི་ཕྱིར་ཞེས་པ་སྟེ། དེ་འདྲ་བའི་ཤེས་བྱེད་ཀྱི་ཚ་དྲ་མཱ་ལ་སོགས་པ་མ་གྲུབ་པས་དེ་ལྟར་མཐོང་བ་ནི། སེམས་ཉུང ་སྐྱེ་མ་ལྟ་བུའི་རྣམ་པ་བཞི་ཡིན་ཞེས་པའོ།། དེ་ལ་རྒྱུ་ལ་རྨོངས་པ་ནི་ལས་དང་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པའོ།། རང་བཞིན་མེད་པ་དོང་སྟོང་པ་ནི་ཉི་ཚེ་བའི་སྟོང་པ་ཡིན་པས་དེ་སྐད་སྨྲ་བ་ནི། སྐྱེ་བར་སྨྲ་བའི ་ལྟ་བའོ།། འགྲོ་བ་གཅིག་ཐ་དད་གཉི་གར་ཡང་ཞེས་པ་ལ་སོགས་པའི་དོན་ནི་ཕྱི་རོལ་པ་རྣམས་ཀྱིས་འགྲོ་བ་ཐམས་ཅད་རྒྱུད་གཅིག་པའམ། ཐ་དད་པར་འདོད་པ་དེ་ཡང་དབང་ཕྱུག ་ལ་སོགས་པའི་རྐྱེན་གྱིས་བསྐྱེད་པའམ། འདོད་རྒྱལ་བ་ཉིད་དུ་ཁས་ལེན་པ་ནི་བརྟག་པ་སྟེ། ཀུན་རྫོབ་ཏུ་ཡང་མོ་གྲུབ་པའི།། དེ་ལྟ་ན་ཀུན་རྫོབ་ཏུ་དེ་རྣམས་གང་ལས་བྱུང་ཞེ་ན། འཁོར་བའི་ས་བྲོན་ཞེས་པ་ལ་སོགས ་པ་གསུངསོ།། ཕྱི་དང་ནང་ཞེས་པ་ལ་ཕྱི་ནི་ཕུང་པོ་ལ་སོགས་པ་ཕྱིའི་ཆོས་རྣམ་སོ།། ནང་ནི་རྐྱེན་ཏེ་སྲེད་པའི་ཡནྡ་ལག་རྣམསོ།། དེ་རྣམས་ཀྱི་ཆོས་ཉིད་ལ་རྣལ་འབྱོར་གྱི་བསྒོམ་ཞེས་པའོ།། འདིར་རྣམ་པར་ཤེསཱ ་པའི་ས་བྲོན་ལོས་ཇི་ལྟར་འབྱུང་ཞེ་ནཽ། བག་ཆགས་ཀྱི་བྱེ་བྲག་མི་འདྲ་བ་དག་གིས་འབྲས་བུ་སེམས་ཀྱི་བྱེ་བྲག་མི་འདྲ་བསྐྱེད་ཅིང་། བགྲ་ཆགས་དང་བག་ཆགས་ཀྱི་རྟེན་ཀུན་གཞི་ནི་ཐ་མི་དད་པའོ།། རྙོག་པ་སྤངས་པའི ་སེམས་ནི་གློ་བུར་གྱི་དྲི་མ་དང་བྲལ་སོ་རང་རིག་པའི་ཡེ་ཤེས་ཏེ། ཆོས་ཐམས་ཅད་བསྡུས་པའི་དེ་ནི་ཤེས་པའི་ཕྱིར། སངས་རྒྱས་ཉིད་ཡིན་ཞིང་ཕྱིན་ཅི་ལོག་གི་ཡིད་བཟློག་པར་བྱེད་པའོ།། མྱ་ངན་ལས་འདས་པ་ནི་ཡོངས་སུ ་དག་པའི་ཞིང་ངོ་།། ལུས་འདི་ཉིད་དུ་བཤད་པ་ཡིན་ཞེས་པ་ནི་སེམས་ཀྱི་ལུས་སམ་ཆོག་ས་ཡིན་པའོ།། མཚན་ཉིད་དང་ནི་རྟོག་པ་དེ།། ང་ཡི་སྐྱེ་བ་རྣམོ་གཉིས་སོ།། ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱི་ངོ་རྗེ ་ཉི་དང་། ཆོས་ཀྱི་སྐུ་རྟོག་པའི་ཡེ་ཤེས་གཉིས་ནི་དེ་བཞིན་གཤེགས་པའི་སྐྱེ་བ་ཡིནྡ་ལ། སྤྲུལ་པའི་སྐུ་ནི་གདུལ་བྱ་འབའ་ཞིག་གི་སྣད་པ་ཡིན་པས་མཱ་སྤྲོས་པའོ།། བཤད་པའི་ཚུལ་བསྟན་པ་ནི་རྣམ་པ་བཞི་སྟེ། རིག་པར་བསྟན ་པ་གཅིག་དང་། གྲུབ་པའི་མཐའ་གསུམ་མོ།། དེ་ལ་རིགས་པ་གླཅིག་ནི་མཐ་རོ་ཐུག་གི་ཐེག་པ་གཅིག་པ་དང་། དྲིན་དམ་པར་ཐེག་པ་མེད་པ་སྟེ། དེ་བཞིན་དུ་རིགས་པས་གཅིག་ཉིད་དུ་བསྡུའོ།། གྲུབ་པའི་མཐའ་ནི་ཐེག་པ་གསུཾ ་སྟེ། གདུལ་བྱའི་བསམ་པ་བཞིན་བཤད་ཀྱི། དེ་ལྟར་རིགས་པ་ནི་མ་ཡིན་པའི་ཕྱིར་རོ།། གལ་ཏེ་གནས་སྐབས་ཀྱི་དབང་དུ་བྱས་ན་གསུམ་དུ་རིགས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གྲྀ་ན་སྡེ་སྐབས་ཀྱི་དབང་དུ་བྱས་ན། ལྷ་དང་། ་ཚངས་པའི་ཐེག་པ་ལ་སོགས་པ་གྲངས་ཐུག་པ་མེད་པ་ཉིད་དུ་སྔར་གསུངས་པའི་ཕྱིར་རོ།། རྟག་པ་ཐེར་ཟུག་ཅེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་སྐུའི་རིགས་དངོས་པོའི་ངོ་བོ་ཉིད་ཕྱིན་ཅི ་མ་ལོག་པ་ནི་འགྱུར་བ་མེད་པས་རྟག་པ་ཐེར་ཟུག་པ་ཡིན་ལ། དེ་ཡང་སེམས་དང་རྣམ་པར་ཤེས་པ་ལས་གྲོལ་བའོ།། དངོས་པོ་མེད་ན་ཞེས་པ་ལ་སོགས་པས་ནི་ཀུན་རྫོབ་དུ་དེ་བཞིནཱཾ་གཤེགས་པའི་སྙིང་པོ་དེ་འདྲ་བ་མེད ་ན་རྣམ་པར་དག་པ་དང་ཀུན་ནས་ཉོན་མོངས་པ་མི་འཐད་པ་སྟོན་པའོ།། དེ་བཞིན་ཉིད་ནི་ནོར་པ་ཙམ་ཞེས་པ་ལ་སོགས་པས་ནི་ཕྱིན་ཅི་ལོག་ལ་སོགས་པའི་ཆོས་དང་། དེ་བཞིན་ཉིད་ཆོས་ཉིད་ནི་དེ་ཉིད་དང་གཞན་དུ་བརྗོད་དུ་མ ་པར་སྟོན་པའོ།། འདུ་བྱེད་མཐོང་བ་ནི་དེ་རྣམས་ཀྱི་དེ་བཞིན་ཉིད་མཐོང་བས་ཕྱིན་ཅི་ལོག་སྤོང་བར་འགྱུར་བའོ།། དེ་ལྟར་སྤོང་བར་འགྱུར་བའི་ཚུལྔ་བསྡུས་ཏེ་བསྟན་པ་ཡང་། སེམས་ཙམ ་ལྔལ་ནི་ཞེས་པ་ལ་སོགས་པའོ།། འདི་རྣམས་ཀྱི་དོན་ནི་དྲིད་དོང་རྩེ་མོའི་གནས་སྐབས་ན་གཟུང་བ་རང་བཞིན་མེད་པའི་སེམས་ཙམ་གྱི་རྟོག་པ་ལ་གནས་ནས། ཕྱིའི་དོན་ལ་མི་བརྟག་ཅིང་ཡང་རིམ་གྱིས་མཐོང་བའི་ལམ ་གྱི་གནས་སྐབས་ན། འཛིན་པའི་སེམས་ཀྱང་དྲོན་དམ་པར་ངོ་བོ་ཉིད་མེད་པ་ཡང་དག་པའི་དམིགས་པ་ལ་གནས་ནས་འཛིན་པའི་སེམས་སུ་མངོན་པར་ཞེན་པོ་ལས་འདའ་བར་བྱ་བའོ།། སེམས་ཙམ་ལས་འདས་ནས་མཐོང ་བའི་ལམ་ལ་སོགས་པའི་མཉམ་པར་བཞག་པའི་ཡེ་ཤེས་སྣང་བ་མེད་པ་ལ་རེ་ཤིག་གནས་དེ་ལས་ཀྱང་འདའ་བར་བྱ་བ་སྟེ། རྗེས་ཐོབ་ཀྱི་གནས་སྐབསུ་སའི་ཡོངསུ་སྦྱངས་པ་ལ་སོགས་པས་ས་དེ་དང་དེ་དག་རྫོགས་པར་བྱའོ། ་དེདེ་ལས་གཞན་རྟག་ཏུ་སྣང་བ་མེད་པའི་ཏིང་འཛིན་ལ་གནས་ན། ཉན་ཐོས་ལྟར་སེམས་ཅན་སྨིན་པར་བྱེད་པ་ལ་སྲོགྲོས་པའི་བསོད་ནམས་ཀྱི་ཚོགས་མ་རྫོགས་པས་འབྲོས་བུའི་བདག་ཉིད་ཀྱི་ཐེག་པ་ཆེན་པོ་མི་མཐོང་བ་སྟོ། ་མི་ཐོབ་ཅེས་པའོ།། དེས་ན་རྗེས་ཀྱི་གནས་སྐབསུ་སྒྱུ་མ་ལྟ་བུར་རྟོགས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་། ཕྱིན་ཅི་ལོག་ཞི་བ་དང་དེ་འདྲ་བས་ཡོངསུ་ཟིན་པའི་ཁྱད་པར་དུ་སེམས་བསྐྱེད་པ་དང་། སྨོན་ལམ་དག་གིས་ཀུན ་གཞིའི་དྲི་མ་སྦྱངས་ནས། བདག་མེད་པ་སྱ་ཤེས་མཆོག་ཏུ་གྱུར་པ་ཆོས་ཀྱི་སྒྱུ་སྨྲས་པ་དང་བྲལ་བ་མངོན་དུ་བྱས་པ་དེའི་ཚེ་མཚན་མ་ཐམས་ཅད་མི་མཐོང་བའོ།། ཡང་ཇི་ལྟ་བྷ་ཕྱིའི་དོན་ལ་མི་རྟོག་ཅིང་སྣརུམས་ཙམ་ས་འང ་བར་བྱ་ཞེ་ན། སེམས་ཀྱི་སྤྱོད་ཡུལ་ཕྱི་རོལ་ལྟ་བུར་སྣང་བ་ལཾ་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱ་སྟེ། དེ་ལྟར་བཟླས་པས་ཕྱིའི་དོན་བརྫུན་པ་ཉིད་དུ་མཐོང་བ་ན་དེ་ལ་མི་རྟོག་པའོ།། ཡང་སོ་སོ་རཏྣ་རིག་པའི་ཡེ ་ཤེས་ཀྱི་སྤྱོད་ཡུལ་སེམས་ཀྱི་རང་བཞིན་ལ་ཡང་། ཤེས་རབ་ཀྱིས་དེ་བཞིན་དུ་བལྟས་པས་སེམས་ཀྱི་ཆོས་ཆོས་ཉིད་སྟོང་པ་ཉིད་ཤེས་རབ་ཀྱི་སྤྱོད་ཡུལ་ཇི་ལྟ་བ་བཞིན་མཐོང་བ་ན། ཆོས་ཀྱི་མཚན་ཉིད་དེ་ཁོ་ན་ཉིད ་ལཱ་མི་རྨོངས་པས་སེམས་ཙམ་དུ་དམིགས་པ་ལས་འདའོ།། དེ་དག་གི་སྤྱོད་ཡུལ་གང་ཡིན་ཞེ་ན། སྡུག་བསྔལ་གྱི་བདེན་པར་རྟོགས་པ་སེམས་ཅན་སྐྱོ་བ་དང་སྐྱེ་བའི་གནས་ཕྱི་རོལ་ལྟ་བུར་སྣང་བ་ནི་སེམས་ཀྱི་སྤྱོད་ཡུལ ་ཡིན་ལ། སེམས་པའི་ལས་དང་ཉོན་མོངས་པ་ཀུན་འབྱུང་གི་བདེན་པར་རྟོགས་པ་སེམས་ཀྱི་ངོ་བོར་གྱུར་པ་ནི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ།། འབྲས་བུ་ཐོབ་པོ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུའོ།། མྱིག་དང ་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་རྣམ་ཤེས་སྐྱེ་བའི་རྒྱུ་སྟེ། དེ་ལ་ན་མཁའ་ནི་གོ་སྐབས་ཕྱེ་བའི་སྒོ་ནས་རྣམ་པར་ཤེས་པ་སྐྱེ་བའོ།། འཛིན་པ་དང་འཛིན་པའི་གོ་རིམ་བཞིན་དུ་རྣམ་པར་ཤེས་པ་དང་དབང་པོའོ།། དོན་ལ ་མིང་ནི་མི་འབྱུང་སྟེ་ཞེས་པ་ལ་སོགས་པས་ནི་མཱི་དང་དེ་ན་རང་དགའི་འདོད་པའི་སྦྲེལ་བ་ཙམ་དུ་ཟད་ཀྱི། དེ་ལས་གཞན་ཕན་ཚུན་དུ་འབྲེལ་པ་ནི་མེད་ཅེས་པའོ།། སྒྱུ་དང་རྒྱུ་མྱེད་པ་ལས་བྱུང་བའི ་དངོས་པོ་རྣོ་བར་རྟོག་པས་བརྟགས་པའི་དོན་ལ་བདེན་པ་ཉིད་དུ་མི་རྟག་ཅེས་པའོ།། སྟོང་པ་དང་ནི་སྟོང་པའི་དོན།། བྱིས་པས་མ་མཐོང་རྣམས་པར་རྒྱུག། ཅེས་པ་ནི་སྟོང་པོའི་བདག་ཉིད་དུ་གྱུར་པའི་གཟུག་ཆོས་ལ་སོགས་པ་ལ་བྱས་པས ་དེ་ལྟར་མི་རྟོགས་པས་མངོན་པར་འདོད་ཅིང་ཚོལ་བའོ།། གཞན་ཡང་བྱིས་པའི་སྐྱེ་བོ་ལ་སོགས་པ་རྣམས་ཀྱི་བཤད་པ་འཇུག་པ་ཡང་རླུང་རང་གི་མངོན་པའི་ང་རྒྱལ་གྱིས་བདེན་པ་དེ་ཁོ་ན་ཉིད་ཀྱི་དོན་ཚིག་གིས་རྣམ་པར་འགོད་ཅིང ་སྟོན་པ་ཉིད་དུ་མཐོང་བས་ན་བརྟགས་པའི་ནི་བཤད་པ་ཡིན་ཞེས་པ་སྷོ། རྟོག་པོའི་གཟུང་བ་སྒོ་བཏགསུ་བཤད་པ་ལ་བདེན་པའི་རང་གི་མཚན་ཉིད་བཤད་པར་ཞེན་པའོ།། གཅིག་པོ་རྣམ་པ་ལྔར་གྲུབ་ཅེས་པ་ལ་སོགས་པས ་ནི་ཕུང་པོ་ཞེས་གཅིག་དུ་ནམ་པར་བཞག་པ་ཡང་རྣམ་པ་ལྔར་འགྱུར་ལ། དེ་རྣམས་རེ་རེ་ཡང་སྔར་བསྟན་པ་ལྟར་དུ་མར་འགྱུར་བས་བདེན་པའི་རང་བཞིན་སྤངས་པའོ།། དེ་ལྟར་མཱ་གྲུབ་པ་བཞིན་སྣ་ཚོགསུ་སྤྲོ་ཞིང་རྟོག་པ་ནི ་བདུད་ཀྱིས་ཡོངསུ་བཟུང་བའོ།། ཡང་གཞན་དག་དབང་ཕྱུག་རྟག་པ་ལ་སོགས་པ་འགྲོ་བ་སྐྱེད་པར་བྱེད་པ་དང་བཅས་པར་འདོད་པ་ནི་འགལ་བ་ཁས་བླངས་པས་རྩོད་པ་འཇུག་པའི་རྟེན་ཡིན་ནོ།། དེས་ན་བདེན་པའི་མཆོག་མཐུ ་གཉིས་སྤངས་པའི་དབུ་མའི་དོན་སྒྲ་དང་རྣམ་རྟོག་གི་ཡུལ་མ་ཡིན་པ་ནི་ཕྱིན་ཅི་ལྡོག་མཐའ་དག་འགུགས་པ་ནཱ་མཐོང་བར་འགྱུར་བ་ཡིནོ།། ཡིད་དང་མཚན་ཉིད་དངོས་པོ་ལ།། ནཱག་དང་མི་རྟག་རློམ་སེམས་མེད།། ཅེས་པ་ནི་དེ་དག ་ལ་རྟག་པ་དང་མི་རྟག་པ་ལ་སོགས་པའི་དངོས་པོར་བཟུང་བའི་སྒོ་ནས་སེམས་ཀྱི་ཁེངས་པ་མེད་པའོ།། དེ་བཞིན་དུ་སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པའི་མཚན་མེར་བཟུང་བའི་སྒོ་ནས། རྣལ་འབྱོར་པ་ནི་རློམ་སེམས་པ་མེད་པའོ།། ་དོན་གཉིས་ནི་གཟུང་བ་དང་འཛིན་པའོ།། ཡང་ཀུན་གཞི་ལ་བྱུང་བའི་སེམས་ཀྱི་དོན་གཅིག་ལྔ།། སེམས་གཉིས་ཀྱིས་ནི་མི་ཤེས་མི་འགྱུར་ཞེས་པ་སྟེ། གཟུང་འཛིན་གཉིས་ཀྱི་ངོ་བོར་མ་གྲུབ་ཅིང་མི་དམིགས་པའོ།། ཡང་ན ་སེམས་གཉིས་པ་གཞན་ཞིག་གིས་མི་འཛིན་པ་སྟེ། དེའི་མྱོང་བ་གཞན་ཡོང་མིན།། གཟུང་དང་འཛིན་པས་སྟོང་པའི་ཕྱིར་ཞེས་སྔར་བཤད་པ་བཞིན་ནོ།། ལྟ་བའི་དྲ་བ་ནི་སྡུད་ཅིང་འཆིང་བར་བྱེད་པས་དྲ་བས་ཏེ། ལྟ་བ་དྲུག་ཅུ ་རྩ་གཉིས་ལ་སྩོགས་པའོ།། ལྟ་བ་དེ་རྣམས་ཀྱིས་བླདེན་པར་བརྟགས་པའི་མ་རིག་པ་ལྔ་སོགས་པའི་རྐྱེན་རྣམས་གང་ནས་ཀྱང་འངས་པ་མེད་ཅིང་། གང་དུ་ཡང་འགྲོ་བ་མེད་ལ་ཕྱི་རོལ་པས་བློརྟགས་པ་དབང་ཕྱུག་དང་རང་གི ་སྡེ་པས་འདོད་པི་ཕུང་པོ་འདོ་པ་མེད་པའོ།། དོད་ཆག་མེད་ཅིང་ཀྭི་བ་ལ་སོར་པྲ་ནི་མ་རིག་པའི་རྐྱེན་གྱིས་ལས་འདུས་བྱས་པ་དང་། ལས་ཀྱིས་དོན་སྲེད་པས་མཐུ་དང་ལྡན་པར་བྱས་པ་ཡང་མེད།། སྔོན་ཡང་མེད་ཅེས་པས་ནི་ངོ་དག་ཚེ་སྔ་མས ་བསྡུས་པ་ཡང་མེད་ཅེས་པའོ།། ལས་མེད་བྱེད་མེད་ཅེས་པས་ནི་ཕྱི་རོལ་པཱ་བདྷ་པ་རྣམ་ཀྱང་མེད་པའོ།། བྱས་པ་མེད་ཅིང་འདུས་བྱས་མེད་ཅེས་པས་ནི་ད་ལྟར་གྱི་དུས་ན་རྣམ་པཪྵ་ཤེས་པ་དང་། མིང ་དང་གཟུགས་ལ་སོགས་པའི་དངོས་པོ་དང་། དེ་རྣམས་སྔ་མ་སྔ་མ་རྣམས་ཀྱིས་འདུས་བྱས་མྱེད་པའོ།། མཐའ་ཡང་མེད་ཅིང་ཆགས་པ་མེད་ཅེས་པ་ནི་ཕྱི་མའི་མཐའ་དེ་སྐྱེད་པ་དང་ལེན་པས་མུ་བླངས་པའི་མིང་དང་གཟུགས ་འགྲུབ་པར་བྱེད་པའི་ས་བོན་མཐུ་དང་ལྡན་པར་བྱས་པ་དང་། དེ་ལས་མ་འོངས་པའི་ཕུང་པོ་འགྲུབ་པ་ལ་སོགས་པ་མེད་པའོ།། ཐར་པ་ནི་སྲིད་པ་ལུགས་ལས་བཟློག་པའོ།། ཆོས་མ་ཡིན་པ་ནི་མི་དགེ་བའོ།། དུས་མེད་མྱ་ངན ་ལས་འདྲས་པོ་མེད་ཅེས་པ་ནི་ཕྱི་རོལ་པས་བརྟགས་པའི་དུས་དང་མྱ་ངན་ལས་འདས་པོའི་མེད་པའོ།། ལོག་དང་མྱ་ངན་ལས་འདས་པ་མེད་ཅེས་པ་ནི་འཁོར་བ་ལས་བཟློག་ཅིང་མྱ་ངན་ལས་འདས་པ་སྟེ། སངས་རྒྱས་པ ་རྣམས་ཀྱིས་བརྟགས་པའོ།། ལྟོ་བ་ཐམས་ཅད་སྤངས་པ་ནི་ལྟ་བའི་ཡུལ་བཀག་པས་སྣ་ཚོགསུ་བརྟགས་པ་ཐམས་ཅད་སེམས་ཡིན་ཞེས་པའོ།། ལུས་ནཱི་སྡུག་བསྔལ་གྱི་བདེན་པོའོ།། ཉོན་མོངས་པ་དང་ལྔས་ཀྱི་ལོམ་ནརྀ ་ཀུན་འབྱུང་ངོ་།། ལུས་ལ་སོགས་པ་རྨི་ལམ་ལ་སོགས་པ་དང་འདྲ་བས་དེ་ལྟར་སྣང་བ་སེམས་ཡིན་ཞིང་ཞེས་པའོ།། སེམས་ཡང་དོན་དམ་པར་མ་གྲུབ་པའོ།། དེ་འདྲེ་བའི་སེམས་ཀྱི་ཆོས་ཉིད་རྟོགས་པའི་ཕྱིར་མཐའ་གཞི ་སུ་བརྟགས་པ་ཕྱིན་ཅི་ལོག་ཉིད་དུ་མཐོང་བར་འགྱུར་བའོ།། སུ་སྣང་རྒྱུ་བྱུང་ངེས་པ་ནི་ཞེས་པ་ནི་ས་ལ་སོགས་པ་ཁ་དོག་དང་དབྱིབས་ཀྱི་རྣམ་པར་ངེས་པ་དང་། ཡུལ་དང་དུས་ངེས་པར་མཱི་རྣམས་ལ་སྣང་བ་ནི་བག་ཆགས་ལ ་སོགས་པའི་རྒྱུ་ཡིས་བྱུང་བ་སྟེ། ཀུན་རྫོབཱ་ཙམ་དུ་སེམས་ཀྱི་ངོ་བོར་བདེན་པའོ།། སེམས་ནི་སྣང་བ་མེད་ལས་བྱུང་ཞེས་པ་ལ་སོགས་པས་ནི་ཁྱད་པར་དུ་ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པ་གསལ་བ་མེད་པའི་རང་གི ་རིགས་སྔ་མ་ལས་བྱུང་བའོ།། མཱི་རྣམས་ཀྱིས་ནི་ཞེས་པ་ལ་སོགས་པས་དོན་སྔ་མ་དེ་ཉིད་རྒྱས་པར་འཆད་པའོ།། གཞན་ཡང་སེམས་རང་བཞིན་གྱིས་རྣམ་པར་དག་པ་ནི་བག་ཆགས་ལ་སོགས་པ་གློ་བུར་གྱི་དྲི་མུས་མི་མཛེས་པ ་སྐྱེ། དཀར་པོའི་རས་ལྀ་དྲི་མ་སྣང་ཞིང་མི་མཛེས་ལ། དྲི་མྦྷ་ལ་ནཱི་དཀར་པོ་མྱེད་ཅིང་མི་སྣང་བ་དང་མཚུངས་པའོ།། གཞན་ཡང་ན་མཁའ་གློ་བུར་གྱི་སྤྲིན་གྱིས་བསྒྲིབས་ཤིང་མི་སྣང་བ་བཞིན་དུ་སེམས་ཀྱི་ཆོས་ཉིད་ཀྱང་མི་མཐོང་བར་བྱས ་པའོ།། དེ་ལྟར་སེམས་ལ་བག་ཆགས་ཀྱིས་བསྒོས་ཤིང་དེ་ཉིད་ཇི་ལྟར་ལྡོག་པར་འགྱུར་སྙམ་ན། སེམས་ནི་ཞུས་པ་ལ་སོགས་པ་སྟེ། ཚིག་གི་དོན་ནི་སྔར་བསྟན་ཏོ།། བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་ཞེས་པ་ནི་བྱང་ཆུབ་དམན ་པ་སྔོན་དུ་བཏང་ནས་དུས་རིང་མོ་ཞིག་ནས་སངས་རྒྱ་བར་འགྱུར་བ་དང་། དབང་པོ་རྣོན་པོ་དེ་འདྲ་བ་སྔོན་དུ་མ་སོང་བར་མྱུར་དུ་ཚོགས་རྫོགས་པར་བྱས་ནས་སངས་རྒྱོབ་དང་། འདོད་ཆེན་པ་དང་གསུམ་དུ་འགྱུར་བའོ།། རྣམ་གྲངས་ག ་དུ་སང་སྔུར་བཤད་སྦྱིན་ཏོ།། སྐྱུར་མ་དང་ནི་སྦྱིན་སྒྲ་བྷུར་\ུ0f7fམྦྷ་པཱ་ལ་སོགས་པཱས་ནྣི་སྨཱིནྣ་གྱིས་མ་བསྒྲིབས་པཱ་རི་དྲཱས+འུནྟུ་སྐཨཱ་རྱཱམྦྷ་དང་ཉྲནྡྷ་གནགས་དུ་འོད་སྣང་བར་ལཱནྡྷརྱཱ་བྱུ་དང་འདྲ་བ་བྱག་ན། ་ལུས་བྱུང་བའི་སེམས་ཉིད་སྣ་ཚོགསུ་སྣང་ལ། དེ་འདྲ་བའི་དྲི་མས་བསྒྲིབས་པ་ནཱ་སེམས་ཀྱི་དེ་བཞིན་ཉིད་མི་སྣང་སྟེ། སྤྲིན་གྱིས་བསྒྲིབས་པ་ན། ཉི་ཟླ་ལ་སོགས་པ་མཱི་སྣང་བ་བཞིན་ནོ།། སྨིག་རྒྱུ་བཱི་དང་ལྔ་ཡིན་ནོ།། ཞེས་པ་ལ་སོགས་པ ་ནི་ཆོས་ཀྱི་རབ་ཏུ་དབྱེ་བ་ཉིད་ཇི་ལྟ་བ་བཞིན་དུ་སོང་སྟེ། དེ་ལ་འདིར་སྒྱུ་མ་ལ་སོགས་པའི་དཔེ་རྣམ་པ་བཞི་དང་། དེ་རྣམས་ཀྱི་མཚན་མ་རྫས་དང་བརྟགས་པའི་གཟུགས་ཏེ། ལྔ་པོ་དེ་དག་གིས་སྒྱུ་མ་ལ་སོགས་པར་ཆོས་མཚུངས ་པའོ།། ཡང་རྣམ་པ་གཅིག་ཏུ་ན་འབྱུང་བ་བཞིའི་གཟུགས་དང་། ན་མཁའི་ཁ་དོག་གཅིག་པ་སྟེ། རྫས་དང་བཏགས་པའི་གཟུགས་རྣམ་པ་ལྔ་ནི་སྒྱུ་མ་ལ་སོགས་པ་དང་མཚུངས་པའོ།། འདོད་པ་ཅན་ནི་རྣམ་ལྔ་ཞེས་པ་ལ་སོགས་པས ་ནི་གནས་སྐབས་ཀྱི་རིགས་ཅན་ལྔ་པ་དེ་ཉིད་ཁམས་གསུམ་གྱི་བདེ་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་ཅན་སྔར་འགྱུར་ཞིང་། དེ་འདྲ་བའི་འདོད་པ་ཐོབ་པར་བྱེད་ཅིང་རིགས་སྦྱོང་བར་བྱེད་པོའི་ཐེག་པ་ཡང་ལྔ་སྟེ། ་དང་ཚངས་པའི་ཐེག་པ་ལ་སོགས་པ་སྔར་བསྟན་པ་རྣམས།། མྱ་ངན་ལས་འདས་པ་རྣམ་པ་དྲུག་ནི་ཉན་ཐོས་དང་། རང་རྒྱལ་བ་དང་། དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པ་གསུམ་ལ། ཕུང་བའི་ལྐོག་མ་དང་བཅས་པ་དང་། ལྷག ་མ་མེད་པ་གཉི་སུ་ཕྱེ་བས། རྣམ་པ་དྲུག་ཏུ་འགྱུར་བའོ།། གལ་ཏེ་དེ་བཞིན་གཤེགས་པ་ལ་དེ་ལྟར་འབྱེད་པ་མི་འཐད་སྙམ་ནས་སྐྱེན་མེད་དེ། འཕགས་པ་གསེར་འོད་དམ་པ་ལས། དེ་བཞིན་གཤེགས་པ་ཡང་གཟུགས་ཀྱི་སྐུ་རྣམ་པ ་གཉིས་ལ་བརྟེན་ནས། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཞེས་བྱ་ལ། ཆོས་ཀྱི་སྐུ་ལོ་བརྟེན་ནས་ལྷག་མ་མེད་པོའོ།། ཞེས་གསུངས་པའི་ཕྱིར་རོ།། ཕུང་པོ་ཐ་དུད་ཉི་ཤུ་བཞི་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་བརྒྱ་དེ་དང་། ་སྙམ་པར་ཤེས་པའི་ཚོགས་བརྒྱད་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོ་བ་ལ་སོ་ཌ་པ་ཚེར་བ་དྲུག་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་རྣ་པ་གཉིས་ཏེ། དེ་ལྟོར་ན་ཉི་ཤུ་རྩ་བཞི་རུ་འགྱུར་བའོ།། གལ་ཏེ་གཟུགས་ཀྱི་ཕུང་པོ་ནི་མངོན་པའི ་སྟད་བཅེས་ལ་སོགས་པ་ནས་བཅོཾ་ལྔ་ལྔ་སོགས་པས་གསུངས་པ་མ་ཡིན་ནུ་མ་ཞེ་ན། སྐྱོན་མེད་དེ། འདིར་རྒྱུར་གྱུར་པའི་གཟུགས་རྣམ་པ་བཞི་དང་། འབྱུང་བ་ལ་གྱུར་པཱི་ག་ཊུར་རྣོ་པ་བཞི་སྟེ་ནོང་གཙུཊ་ཅན་གྱི་དབང་པོ་རྣམ་ཀྱང་གཟུའི་དང་། དྲི་ཛྭ་རོ་དང་། ས ་བསྡུས་པས་དེ་དག་ཙམ་དུ་ཟད་དེ། སྒྲ་ནི་འདིར་གཟུགསུ་བགྲང་བར་བྱ་བ་མ་ཡིན་ནོ།། དེ་ལྷོར་ཡང་འཕགས་པ་ཆོས་ཡང་དག་པར་བསྡུད་པའི་མདོ་ལས་ཀྱང་གསུངས་པའི་ཕྱིར་ཐེ་རོལ་མི་བྱའོ།། དེ་ལས་གཞན་དུ་བསྟན་པ་ནིནཱ་ཅུང ་ཟད་སྤྲོས་ཏེ་རྣམ་པར་ཕྱེ་བའམ། གྲུབ་པའི་མཐའ་ངན་པས་བརྟགས་པ་ཡིན་ནོ།། དེ་ལྟར་ཕུང་པོ་ཉི་ཤུ་རྩ་བཞི་པོ་དེ་རྣམས་ཉིད་སངས་རྒྱས་ཉི་ཤུ་རྩ་བཞི་ཡིན་ཏེ། དེའི་དོན་ཡོང་ཆོས་ཐམཔ་ཚོང་མ་སྐྱེས་པ་དང་། མ་འགགས་པ་ནི་རང ་བཞིན་གྱི་མྱ་ངན་ལས་འདས་པའི་སངས་རྒྱས་ཉིད་ཀྱི་རྣམ་གྲངསུ་སྔར་བསྟན་པ་དང་། མདོ་སྡེ་གཞན་དག་ལས་ཀྱང་། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས།། ཆོས་རྣམས་ཀུན་ཀྱང་དེ་བཞིན་ག ་དང་འདྲ། ཞེས་གསུངས་པས་ཕུང་པོ་འདི་རྣམས་ཀྱི་རང་བཞིན་མ་སྐྱེས་པ་དང་། མ་འགགས་པ་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པའི་སངས་རྒྱས་ཡིན་པས་དེ་ལྟར་གསུངས་པའོ།། ཡང་སྦྱངས་པས་རྣམ་པར་དག་པའི་སངས་རྒྱས་ནི ་སྐུ་གསུམ་གྱི་བདག་ཉིད་སྔར་བསྟན་པ་རྣམས་ཏེ། སངས་རྒྱས་རྣམ་པ་དུ་རུ་བརྗོད།། ཁྱོད་ཀྱི་རང་བཞིན་ཇི་ལྟ་བུ་ཞེས་དྲིས་པའི་ལན་དུ་ཡང་སྦྱར་བར་བྱའོ།། རྒྱལ་པོའི་སྲས་ནི་རྣམ་པ་གཉིས་ཞེས་པ་ནི་རིགས་པ་གནས་ཤིང་སེམས་བསྐྱེད ་པ་སོ་སོའི་སྐྱེ་བོའི་བྱང་ཆུབ་སེམས་དཔའི་དང་། ས་ལ་ཞུགས་པའོ།། ཚུལ་བརྒྱ་རྩ་བརྒྱད་ནི་སྔར་བསྟན་པའི་ཆོ་ག་གི་ཚུལ་བརྒྱ་རྩ་བརྒྱད་དོ།། ཉན་ཐོས་རྣམ་པ་གསུམ་ནི་སྡེར་བསྟན་ཏོ།། སངས་རྒྱས་རྣམས་ཀྱི་ཞིང་གཅིག་སྟེ་ཞེས ་པྲ་ལ་སོགས་པས་ནི་སྦྱངས་པས་རྣམ་པར་དག་པའི་སངས་རྒྱས་རྣམས་ཀྱི་ཞིང་ནི་ཡེ་ཤེས་ཡོངསུ་དག་པའི་སྣང་བ་སྟེ། ཡེ་ཤེས་ཀྱི་རང་བཞིན་དུ་གཅིག་པའོ།། དེ་བཞིན་དུ་སངས་རྒྱས་ཉིད་ཀྱང་སྐུ་སྣ་ཚི་ག་སྣ་སྣང་བ་ཡང་སངས་རྒྱས ་ཀྱི་རང་བཞིན་མ་སྐྱེས་པ་ཡིན་པས་དེའི་རང་བཞིན་ནི་དབྱངས་དང་ཡེ་ཤེས་དབྱེར་མེད་པ་གཅིག་ཉིད་དོ།། དོན་དམ་པར་ནི་གཅིག་དང་ཐ་དད་པ་ལ་སོགས་པའི་སྤྲོས་པ་དང་བྲལ་བའོ།། དེ་བཞིན་དུ་རང་བཞིན་གྱི་མྱ་ངན་ལས་འདས་པོའོ། ་སངས་རྒྱས་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་དབྱེ་བ་མི་འཐད་པས་གཅིག་ཉིད་དུ་འགྱུར་ཞིང་། ཉི་ཤུ་རྩ་བཞིར་ཕྱེ་བ་ནི་ཆོས་ཅན་ཐ་དད་ལ་ལྟོས་ཏེ། ཀུན་རྫོབ་ཏུ་བསྟན་པའོ།། རྣཾ་བར་གྲོལ་བ་དེ་བཞིན་གསུམ་ཞེས་པ་ལ་སོགས་པའི་དོན་ནི ་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་ནི་བྱང་ཆུབ་རྣམ་པ་གསུམ་ཡིན་ལ། སེམས་ཀྱི་རྒྱུད་ནི་རློམ་པ་བཞི་ཡིན་ཏེ། ཀུན་གཞི་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། སྒོ་ལྔའི་རྣམ་པར ་ས་པའོ།། ང་ཡིས་བསྟན་པའི་བདག་མེད་པ་རྣམ་པོ་དྲུག་ནི་བདག་ཏུ་སྒྲོ་འདོག་པའི་གཞི་ནི་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། ཀུན་གཞི་དང་ཉོན་མོངས་པ་ཅན་ནི་རྒྱ་ཆ་ཕྲ་བས་བྱིས་པའི་སྐྱེ་བོའི་ཡུལ་མ་ཡིན་པའི་ཕྱིར། ་བདག་ཏུ་སྒྲོ་འདོགས་པའི་གཞི་མ་ཡིན་ནོ།། དེ་ལྟར་དགག་བྱ་སྒྲོ་འདོགས་པའི་རྟེན་དྲུག་ཡིན་པས་དེ་དག་བཀག་པའི་ཆོས་ཀྱང་རྣམ་པ་དྲུག་ཅེས་བྱའོ།། ཤེས་པར་བྱ་བོ་བཞི་ནི་འཕགས་པའི་བདེན་པ་བཞི་སྟེ། ཤེས་བྱ་ཐམས ་ཅད་དེ་དག་རྣམསུ་འདུས་པ་དང་། གཞན་ཡང་སྤངས་བྱ་རྒྱུ་འབྲས་དང་། བླང་བར་བྱ་བའི་རྒྱུ་འབྲས་ཤེས་པས་འཕགས་པ་རྣམས་ཀྱི་དགོངས་པ་ཡོངསསུ་རྫོགས་པར་འགྱུར་བའི་ཕྱིར་ཤེས་པར་བྱ་བ་ནི་དེ་དག་ཙམ་དུ་ཟད།། རྒྱུ་རྣམས ་དང་ནི་འབྲལ་འགྱུར་བ་ཞེས་པ་ལ་སོགས་པས་ནི་ཕྱིར་ལོབས་བརྟགས་པའི་རྒྱུ་ལ་སོགས་པའི་ཉེས་པ་དང་བྲལ་བ་ཐེག་པ་ཆེན་པོའི་རང་བཞིན་བསྟན་པའོ།། སྐྱེ་བ་དང་ནོ་མི་སྐྱེ་བོ།། རྣམ་པ་བརྒྱ་དང་རྣམ་དགུར་འགྱུར།། ཞེས་པ་ནི ་འཕགས་པ་ཀུན་ཐོས་སློབ་པ་བདུན་ཏེ། འབྲས་བུ་དང་པོ་ལ་ཞུགས་པ་ནས་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའི་བར་བདུན་པོ་རྣམས་ནི་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པ་མང། ་པས་སྲིད་པར་སྐྱེ་བ་ལེན་པ་ཡིན་ལ། དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ནི་ཀུན་དུ་སྦྱོར་བ་ཐམས་ཅད་སྦྱངས་པས་མི་སྐྱེ་བ་ཉིད་དུ་ཕ་རོལ་པོས་བརྟགས་པ་སྟེ། དེ་ལྟར་རྣམ་པ་བརྒྱུད་དང་། རང་སངས་རྒྱས་མི་སྐྱོབ ་བ་ཡང་མི་སྐྱེ་བོ་སྟེ། དགུ་རུ་འགྱུར་བའོ།། གཅིག་དང་རིམ་གྱིས་རྟོག་པ་སྟེ། གྲུབ་པའི་མཐའ་ཡང་གཅིག་ཉིད་དོ།། ཞེས་པ་ནི་དབང་པོ་རྣོན་པོ་དེ་ཁོ་ན་ཉིད་ཟབ་མོ་ཅིག་ཅར་བསྟན་པས་རྟོགས་པར་འགྱུར་བ་དང་། དབང ་རྟུལ་པོ་གང་ཟག་ལ་བདག་མེད་པ་ལ་སོགས་པའི་རིམ་གྱིས་རྟོག་པར་འགྱུར་བ་སྟེ། དེ་ལྟར་དངོས་སམ་བརྒྱུད་པའི་སྒོ་ནས་རྟོགས་པར་བྱ་བའི་དོན་མཐར་ཐུག་པ་ནི་རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་གཅིག་ཉིད ་ཡིན་ནོ།། གཟུགས་མེད་ཁམས་ནི་རྣམ་པ་བརྒྱད།། བསམ་གཏན་ཐ་དད་རྣམ་པ་དྲུག། ཅེས་པ་ནི་རྒྱུ་སྙོམས་འཇུག་གིས་བསྡུས་པ་རྣམ་པ་བཞི་དང་། འབྲས་བུ་སྐྱེ་བར་རྟོག་པ་རྣམ་པ་བཞི་སྟེ། དེ་ལྟར་བརྒྱུད་དུ་འགྱུར་ལ། བསམ ་གཏན་གྱི་དབང་དུ་བྱས་ན་ཉེར་བསྡོགས་དང་། བསམ་གཏན་ཁྱད་པར་ཅན་དང་། དབང་པ་ལ་སོགས་པའི་དངོས་བཞི་རྣམ་པ་བཞི་སྟེ། རྣམ་པ་དྲུག་ཏུ་འགྱུར་བའོ།། དེ་ལས་སྔར་བསྟན་པའི་བྱིས་པ་ཉེར་དཔྱོད་ཀྱི་བསམ་གཏན་ལ ་སྡིགས་པ་བཞི་ནི་བསམ་གཏན་ཁྱད་པར་ཅན་གྱིས་བསྡུས་པའོ།། རང་རྒྱུ་ལྔ་སྲས་པོ་རྣམས་ཀྱིས་ནི།། འབྱུང་བ་རྣམ་པ་བདུན་དུ་འགྱུར། ཞེས་པ་ནི་རང་རྒྱལ་བ་རྣམས་ཀྱང་མཐར་ཐུག་པ་ལ་སངསུ་རྒྱུས་ཀྱི་གདུང་སོབ་པར ་བྱེད་པས་སྨྲས་པོ་ཉིད་ཅེས་བྱ་འོ།། དེས་མྱ་ངན་ལྔས་འདས་པར་འབྱུང་བའི་ལམ་ནི་བདུན་ཏོ།། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་ངེས་པར་འབྱེད་པོའི་ཆུ་བཞི་དང་། མཐོང་བ་དང་བསྒོམ་པའི་ལོམ་སྟེ་རྣམ་པ་བདུན ་དུ་འགྱུར་བྱའོ།། དུས་གསུམ་པོ་ཡང་ཡོད་པ་མ་ཡིན་ཞེས་པ་ལ་སོགས་པས་གང་ཟག་ལ་སོགས་པ་རྣམ་པར་ཕྱེ་སྟེ། བསྟོན་པ་དེ་རྣམས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོན་ཏེ། དེ་རྣམས་ཐམས་ཅད་ཀྱང་དུས་གསུམ་གྱིས ་བསྡུས་པ་དོན་དམ་པར་ཡོད་པ་མ་ཡིན་པའོ།། དེ་ལྟ་ན་དྲི་རྣམས་ཀྱིས་སྣང་བ་ཡིན་པས་སེམས་ཀྱི་ངོ་བོར་སྟོན་ནམ་ཞེ་ན། སེམས་ཀྱི་སྣང་དང་བྲལ་ཞེས་པ་ལ་སོགས་པ་གསུངསོ།། གཞན་ཡང་སྤྲུལ་པའི་སངས་རྒྱས་ཡུམ ་གྱི་རུམ་དུ་འཇུག་པ་དང་། རུམ་ནས་སྐྱེས་བཱ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སྐྱེ་རྒན་འཆི་ལ་ཡིད་བྱུང་ནས་ཁྱིམ་ནས་མངོན་པར་འབྱུང་བ་དང་། དེ་དག་གི་སྔོན་དུ་དགའ་ལྡན་གྱིས་གནས་ན་དམ་པ་ཏོག་དཀོར་པོའི ་ཚུལ་དུ་བཞུགས་པ་དང་། སངས་རྒྱས་ཀྱི་ཞིང་གཞན་དུ་གཤེགས་པར་སྣང་བ་ཡང་དེ་ལྟར་བདེན་པ་མ་ཡིན་ཞེས་པའོ།། གཞན་ཡང་བྱ་རྒོད་ཕུང་པོ་ལ་སོགས་པའི་གནས་ཕན་ཚུན་དུ་འཕོ་བར་སྣང་བ་དང་། གྲོང་ཁྱེར་དུ ་ལྗོངས་རྒྱུ་ཞིང་སེམས་ཅན་གྱི་དྲུང་དུ་གཤེགས་ཤྲཱིད་དེ་དག་འདུལ་བྱར་འགྱུར་བའི་ཆོས་སྨྱོན་པ་དང་། ཐ་མྱུར་གྲོང་ཁྱེར་རྩཝ་མཆོག་དུ་མྱ་དྲན་ལུས་བྱུདྱཥྚ་བ་སྟོན་པ་དང་། བདེན་བླ་མངོན། ་པར་རྟོག་པ་དང་འདུལ་བར་བྱ་བའི་ཞིང་རྟོགས་པ་རྣམས་ཀུན་རྫོབ་ཏུ་ཟག་པ་མེད་པའི་ལས་སམ། བསོད་ནམས་ཀྱིས་ལས་ཀྱི་འཕགས་པའོ།། གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར ་དུ་དུ་སྐུ་འཆགས་པ་ལྟ་བུར་སྟོན་པ་དང་། དཀའ་ཐུབ་ཀྱི་ནགས་ཚལ་དུ་གཤེགས་ཤིང་དེར་སྙོམས་པར་འཇུག་པ་ཁྱད་པར་དུ་སྦྱོར་བར་སྟོན་པ་དང་། དེ་འདྲ་བའི་མུ་སྟེགས་སམ། གཞན་ཡང་རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་སོགས ་པའི་དྲུང་དུ་གཤེགས་ཤིང་། དེར་བསམ་གཏན་དང་གཟུགས་དང་མེད་ཀྱི་ཏིང་ངེ་འཛིན་ཐོབ་པར་སྟོན་པ་དང་། དེ་དོག་ནས་འཕོས་ནས་བདག་མེད་པར་རྟོགས་པ་དང་། ཐེག་པའི་བྱེ་བྲག་གོང་དུ་ཐོབ་པོ་དང་། འབྲས་བུ་མཐར་ཐུག་པ ་ཐོབ་པར་བསྟན་པའི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་སྟེ། དོན་དམ་པར་དེ་ལྟ་བུའི་ངོ་བར་གྲུབ་པ་མེད་བྱའོ།། ཟླ་བ་སྒྱུར་མ་ཞེས་པ་ལ་སོགས་བྲས་ནི། ས་དང་སྐར་ཚོགས་ཇི་ལྟོ་བུ།། རྒྱལ་པོ་འཁོར་ལོས་སྦྱར་རྣམས་དང་།། དྲང ་སྲོང་དྲིས་ཟས་ཀུན་བཀོང་ག་ཞེས་པ་ལ་སོགས་པ་དྲིས་པའི་ལན་དུ་སྦྱར་བའོ།། ཡང་གཞན་དག་དགྲ་བཅོམ་པ་ལ་སོགས་པ་ལས་དང་སྲེད་པའི་རྒྱུ་ལས་མ་བྱུང་ངོ་སྙམ་དུ་སེམས་ན། དེ་དག་ཀྱང་བསམ་གྱིས་མི་ཁྱབ་བསྒྱུར་བའི ་འཆི་འཕོ་བ་དང་ལྡན་པ་དེ་སྲིད་དུ་ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་དང་། ཉོན་མོངས་པའི་བག་ཚུགས་ལས་བྱུང་བྱའོ།། བ་ལྕང་ལུག་དང་ཞེས་པ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས ་བ་ཡོངསུ་བཟུང་བའི་སྤྱོད་པའི་ཁྱད་པར་སྔར་བསྟནྡ་པ་ལས་ལྷག་ཏུ་སྟོན་ཏོ། དེ་ཡང་རབ་ཏུ་བྱུང་བའི་ཕྱོགས་ཀྱིས་བསྡུས་པོའི་སྤྱོད་པར་རོ།། ཞིང་གི་དངོས་པོར་རྟོག་ཅེས་པ་ནོ་ཞིང་སྨོད་པ་ལ་སོགས་པ་སྟེ། དགེ་སློང་ལ་སོགས་པ ་དེ་དག་ཐམས་ཅད་སྤང་པོར་བྱ་བའོ།། ས་ལེ་ཡང་ནི་མི་བསྐུའོ་ཞེས་པ་ནི་མི་རྣམས་ཡོངསུ་སྤྱོད་པ་དང་། དཀོན་མཆོག་གྲི་ཕོ་བྲང་ལྀ་སོགས་པར་དྲི་མ་ངན་པ་མི་དོར་བའོ།། གཞན་ཡང་ཁྱིམ་པའི་རྟགས་སྤང་བར་བྱ་བའི་དོན་དུ། ་སྣམ་བུ་སྔོན་པོར་བཅོས་པ་དང་། བ་ལང་གི་ལྕི་བ་དང་ས་དང་འབྲས་བུ་དང་། ལོ་མ་ལ་སོགས་པའི་ཚོན་གྱིས་དཀར་པོའི་གོས་རྣམས་ངུར་སྨྲིག་གི་ཁ་དྲོག་ཏུ་བསྒྱུར་བའི།། དེ་བཞིན་དུ་ན་ལྀ་འབྱོར་བསྒོམ་པའི་བགེ་གསུ་འགྱུར་བའི ་བཟོ་དང་སྨྲེ་རྩལ་ལ་སོགས་པ་བསླབ་པར་མི་བྱ་བའོ།། འོན་ཀྱང་དྲི་དག་ནི་འདོད་པའི་ཡོན་ཏན་ལ་མངོན་པར་དགའ་བའི་ཁྱིམ་པ་རྣམས་ཀྱིས་བྱ་སྟེ། དེ་ཡང་ཐོ་བསྡུ་དང་ཤེས་རབ་ཀྱིས་ཟིན་པོར་བྱ་བའོ།། གོས་གསུམོ་ནི་བླ་གོས ་དང་མཐང་གོས་དང་། ཆོས་གོས་རྣམས་སྦྱར།། བདེ་བར་བྱིན་པ་ནི་ནན་གྱིས་བླངས་པ་མ་ཡིན་པ་སྟེ། གོས་ཀྱི་རིན་དུ་སྦྱར་བར་བྱའོ།། འདྲེས་པར་གྱུར་པའི་འཚོ་བ་ནི་རྩོད་པའི་གཞི་ཡིན་པས་སྤང་བར་བྱ་བའོ།། ཤི་བ་དང་བྱིས་པ ་བཙས་པའི་ཁྱིམ་དུ་ཤིང་ཟན་དང་། དགའ་སྟོན་གྱི་ཟས་བཟའ་བར་མི་བྱ་སྟེ། གདུང་བ་དང་ཆགས་པས་གཡེང་བར་འགྱུར་བའི་ཕྱིར་རོ།། ཡང་དུ་བ་འཐུལ་བའི་གཙུག་ལག། ཁདྨ་རྣམསུ་རིམ ་གྱིས་ཟས་ཀྱི་དོན་དུ་རྟག་དུ་བསྟེན་ཅིང་དོན་དུ་གཉེར་བ་སྐྱེང་བར་བྱའོ།། དེ་དག་ལ་སོགས་པ་བདག་གི་འདོད་པ་བསྒྲུབ་པར་བྱ་བའི་དོན་དུ་བྱ་བ་གང་བྱེད་པ་རྣམས་ནི་མི་རུང་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཐམ ་ཅད་ནི་གཞན་གྱི་དོན་དུ་བྱ་བར་རིག་པའི་ཕྱིར་རོ།། འདི་རྣམས་ཀྱང་རྣལ་འབྱོར་ལ་ནི་ཇི་ལྟར་འཇུག་ཅེས་པ་ལ་སོགས་པོའི་ལན་དུ་སྦྱོར་བྱའོ།། འཇིག་རྟེན་ཞེས་པ་ལ་སོགས་པས་ན་དེ་རྣམས་ལ་ཞེན་པ་སྤངས་པ་ཉིད ་དུ་སྟོན་ཏེ། འཇིག་རྟེན་རྒྱུ་རྐྱེན་ལས་བྱུང་ཞེསྔོ་པ་ལ་སོགས་པས་ནི་རང་གི་སྔོ་པས་བརྟགས་པའི་ཕྱོགས་སྤངས་པའོ།། བསམ་པ་མེ་པ་རོ་ཞེས་པས་ནི་མཚན་མཱར་འཛིན་པའི་བསམ་པ་སྤངས་པའོ།། གཞན་ཡང་སྡེ ་སྣོད་དག་ལས་བཤད་པ་རྣམས་ཀྱི་ནང་ནས་རིགས་པས་འཐད་པའི་དོན་ལས་ཡང་དག་པའི་དེ་ཁོ་ན་ཉིད་བསྡུས་ནས་བསྒོམ་པར་བྱ་བའོ།། དེ་ལྟར་བསྒོམས་པའི་ཏིང་ངེ་འཛིན་གྱི་མཚན་མ་ལ་སོགས་པ་བསྟན་པ་ནི་དགྲ ་པའི་དོན་གཞན་དང་ལྡན་པས་སྔར་བསྟན་པ་དང་ཟློས་པར་མི་འགྱུར་བའོ།། རྒྱུ་མེད་པ་ལས་ཞེས་པ་ལ་སོགས་པས་ནི་གཞན་དག་རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་གཉིས་དང་བྲལ་བའི་དབུ་མའི་དོན་རྒྱུ་དང་རྐྱེན ་གྱིས་མ་བསྐྱོད་པའི་དངོས་པོ་ཡོད་པར་སྨྲ་བ་སྟེ། རྒྱུ་མེད་པར་སྨྲ་བ་ནི་ཆུང་པར་ལྟ་བ་སྐུར་པའི་མཐར་འགྱུར་ལ། དངོས་པོ་ཡོད་པར་སྨྲ་བས་ནི་སྒྲོ་འདོགས་པའི་མཐར་འགྱུར་བའོ།། གཞན་ཡང་ཕྱི་རོལ་གྱི་དངོས ་པོ་སེམས་སྣང་བ་ཙམ་ངོ་བོ་ཉིད་མེད་པར་མ་རྟོགས་པས་ཆད་པའི་ལྟ་བས་འཇིགས་ནས་ཕྱི་རོལ་ལ་སོགས་པའི་དངོས་པོར་འཛིན་པ་ཡང་སྒྲོ་འདོགས་ཀྱི་མཐར་གྱུར་པ་སྟེ། དེ་ལྟར་མཐའ་གཉིས་ལྷུང་བཞིན་དུ། དབུ་མའི ་དོན་སྟོན་པའོ་ཞེས་ཁས་འཚེ་ཞིང་རློམ་སེམས་པ་ནི་ཤིན་ཏུ་ཕྱིན་ཅི་ལོག་པའོ།། སེམས་ཙམ་དུ་ནི་ཞེས་པ་ལ་སོགས་པས་ནི་དབུ་མའི་དོན་ཕྱིན་ཅིམ་ལོག་པ་སྟོན་ཏེ། སྣང་བ་མེད་ཅེས་པ་ནི་སྣང་བ་སེམས་ཀྱི་ངོ་བོར་གྱུར་པ ་ཡང་དོན་མེད་པའོ།། སྐྱེ་བ་དང་ཞེས་པ་ལ་སོགས་པས་མཐའ་གཽཉིས་པོ་དེ་དག་ཏུ་མི་བརྟག་པར་གདམསྨྲ་པའོ།། རྣམ་པར་རྟོག་པ་འཇུག་མེད་པས་ཞེས་པ་ལ་སྔོགས་པས་སེམས་ཀྱི་འཇུག་པའི་ཆོས་ཉིད་མ་རྟོགས་པར་རེ ་ཤིག་རྣམ་པ་རྟོག་པོ་འཇུག་པ་མེད་པ་ཙམ་གྱིས་རཱུ་པར་འདོད་པ་ནི་མི་འཐད་དེ། གཟུང་བ་དང་འཛིན་པ་གཉིས་སུ་གཏོགས་པའི་ས་བོན་མ་སྤངས་པའི་ཕྱིར་དེ་དག་སྤོང་བར་མི་འགྱུར་བའོ།། སྤོང་དང་ཡོངསསུ་འཛིན ་པ་ནི་བླང་བྱ་དང་དོར་བྱ་ཉིད་དུ་རྟོག་པ་སྟེ། རྣམ་རྟོག་མི་འཇིགས་ཅིང་རྒྱུན་གྱིས་འཇུག་པའོ།། གཞན་ཡང་མུ་སྟེགས་ཅན་གྱི་བདག་ཏུ་ལྟ་བ་ལ་སོགས་པའི་ཉེས་པོ་སྤངས་ཀྱང་སེམས་ཀྱི་འཇུག་པའི་མཚན་ཉིད་མར་འཛིན་ན་ཕན ་ཆུན་ལྟོས་པའི་ཕྱིར་ལྡོག་པའི་མཚན་མར་ཀྱང་འཛིན་པས། དེ་དག་ཏུ་འཛིན་པ་སྤངས་ཏེ། མཁས་པ་དག་གིས་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་གཟུང་ཞིང་རྟོག་པར་བྱ་བའོ།། མི ་སྐྱེ་བ་ལ་ཞེས་པ་ལ་སོགས་པས་ནི་དེ་ལྟར་རྟོགས་པའི་ཕན་ཡོན་སྟོན་ཏེ། སྲིད་པར་སྐྱེ་བ་དང་ཤི་འཕོ་བ་ལ་སོགས་པ་མེད་ཀྱང་སེམས་ཅན་གྱི་དོན་དུ་སྐྱེ་བ་སྣ་ཚོགས་པ་ལ་སོགས་པར་སྟོན་པ་སྟེ། ཉོན་མོངས ་གགོསོལ་བར་བར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད།། རྒ་དང་ན་དང་འཆི་འཕོ་བ་མེད་ཀྱང་འཆི་འཕོ་སྟོན་ཞེ་གསུང་བ་བཞི།། སེམས་ལྔ་སེམས་ཀྱིར་གྱུར་ནས་ནི་ཞེས་པ་ལ་སོགས་པས་ནི་སེམས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་རྟོགས་པར ་གྱུར་ནས། གདུལ་བྱའི་ཁྱུད་པོར་འགའ་ཞིག་ལ།། སེམས་ཙམ་དུ་ཡང་སྨྲ་བའོ།། དེ་ཉིད་གསལ་བར་བསྟན་པ་ནི། སེམས་རྣམས་ལ་ཞེས་པ་ལ་སོགས་པ་སྟེ། ཀུན་རྫོབ་ཏུ་རྣམ་པར་ཤེས་པའི་ཚོགས་རྣམས་ལ་སེམས ་ཙམ་དུ་སྨྲ་ཞིང་། དོནྡོ་དམོ་པར་སེམས་པ་དང་མེད་བཞིན་དུ་ཀུན་རྫོབ་དུ་སེམས་ལས་རྣམ་པ་སྣ་ཚོ་གུས་སུ་འབྱུང་བར་སྟོན་པ་སྟེ། གཟུགས་དྲང་དབྱིབས་ལ་སོགས་པ་སྣ་ཚོགས་སེམས་ཀྱི་རྣམ་པར་འཕྲུལ་པ་ཉིད ་དུ་སྟོན་ཅིང་དེ་ལྟར་རིག་པའོ།། རྣམ་པ་མང་པོའི་གཟུགས་གཞན་གྱིས་ཞེས་པ་ལ་སོགས་པའི་དོནི་ནི་ཇི་ལྟར་འདུལ་བའི་གཟུགས་སྣ་ཚོགས་ཀྱི་སེམས་ཙམ་དུ་སྟོན་ཅིང་། རྫས་སུ་གྲུབ་པའི་གཟུགས་མེད་པ་ཡེ་ཤེས་ཀྱི ་རང་བཞིན་དེ་ཉིད་གཟུགས་མེད་པའི་གཟུགས་སྣ་ཚོགས་སུ་སྟོན་ཏེ། རྨི་ལམ་གྱི་གཟུགས་ལ་སོགས་པ་བཞིན་ནོ།། སེམས་ཙམ་གྱི་རྒྱུ་དགྲ་དང་ཞེས་པ་ནི་ཀུན་རྫོབ་ཏུའོ།། དེ་དག་ཤིན་ཏུ་གྱུར་པ་ནི་སེམས་གནས་གྱུར་པའོ།། ་རང་བཞིན་གཉིས་ནི་ཀུན་དུ་བརྟགས་པ་དང་། གཞན་གྱི་དབང་སྟེ། གཞན་དབང་དོན་དམ་པར་རྟགས་པ་ཡང་ཀུན་དུ་བརྟགས་པ་ཡིན་པས་གཉི་ག་ཡང་ཀུན་དུ་བརྟགས་པའི་རང་བཞིན་ལྔས་ཕྱེ་བའོ།། རྣམ་པ ་གཞན་དུ་རྟོག་ཅེས་པ་ནི་རིག་པ་སྒྱུ་མ་ལྟ་བུ་ལས་གཞན་དོན་དམ་པའི་སྐྱེ་བ་ལ་སོགས་པར་རྟོག་པའོ།། རྟོག་པ་བརྟགས་ཞེས་བཤད་པ་སྟེ། ཞེས་པ་ནི་གཞན་དབང་གི་རྟོག་པ་དོན་དམ་པའི་དངོས་པོར་ཞེན་པ་ནི ་བརྟགས་པའོ།། ཀུན་རྫོབ་ཏུ་ནི་རྣམ་པར་རྟོག་པ་ལ་སོགས་པ་མཐོང་ཞིང་མྱོང་བའི་ཕྱིར། རྒྱུ་ལྔས་བྱུང་བའི་གཞན་གྱི་དབང་ངོ་།། ཞིང་དང་ཞེས་པ་ལ་སོགས་པས་ནི་དེ་བཞིན་ཉིད་ཟབ་མྱོ་ཚུལ་གཞན་གྱི་སྒོ་ནས ་སྟོན་པ་སྟེ། སངས་རྒྱས་བྱེ་བྲག་སུམ་ཅུ་དྲུག་ཅེས་པ་ནི་སྔར་བསྟན་པའི་སངས་རྒྱས་ཉི་ཤུ་རྩ་བཞི་དང་། སློབ་པ་དང་། མི་སློབ་པའི་ཉན་ཐོས་དང་། རང་སངས་རྒྱས་དགུ་དང་། རང་སངས་རྒྱས་སློབ་པ་དང་། སྔར་བསྟན ་པའི་བྱང་ཆུབ་སེམས་དཔོའ་རྣམ་པ་གཉིས་ཏེ། སུམ་བཅུ་དྲུག་གོ།། དེ་རྣམས་ལས་བྱེ་བྲག་ཏུ་རང་སངས་རྒྱས་མི་སློབ་པ་དང་། དགྲ་བཅོམ་པ་མ་གཏོགས་པ་གང་ཟག་རྣམ་པ་བཅུ་དང་། སེམས་ཅན་སོ་སོའི་སེམས་རྒྱུད ་རྣམས་ནི་སངས་རྒྱས་རྣམས་ཀྱིས་གདུལ་བར་བྱ་བྷའི་ཞིང་གི་སྣོད་ཡིན་ནོ།། འཕགས་པ་མི་སློབ་པ་སྟེ། གཉིས་ནི་རེ་ཞིག་ཟག་པ་མེད་པའི་དབྱིངསཱ་ནྱ་གནས་ཤིང་། ཏིང་ངེ་འཛིན ་གྱིས་མྱོས་པས་མྱོས་པའི་ཕྱིར་གདུལ་བར་བྱ་བའི་ཞིང་མ་ཡིན་པའོ།། མཐར་ཐུག་པ་ལྔ་ནི་དེ་དག་ཀྱང་ས་མྦྷ་ཉིད་དུ་འགྱུར་རོ་ཞེས་སྔར་བསྟན་ཏོ།། འགྲོ་བར་དེ་བཞིན་ཞེས་པ་ལ་སོགསྔོ་བའི་དོན་ནི་འགྲོ་བའི་གནས་རྣམ ་སུ་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་བདག་ཉིད་དང་། དེའི་ངོ་བོར་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཆོས་ཉིད་ཀྱིས་སངས་རྒྱས་ལས་མེ་གཏོགས་པ་འགྲོ་བ་ཐ་མལ་པ་རྣམས་ལ་གཟུགས་ཀྱི་སྐུ་སྣ་ཚོགསུ་སྣང་བ་ནི་སངས་རྒྱས་སྔ ་མ་དེ་དག་གི་སྤྲུལ་པ་སྟེ། སེམས་ཅན་རང་རང་གི་དགེ་བའི་བག་ཆགས་དང་བཅས་པའི་སེམས་ཀྱི་རྒྱུད་ལས་སངས་རྒྱས་ཀྱི་གཟུགསུ་མཐོང་བའོ།། དེ་ལྷརྭ་མཐོང་བའི་མཚན་མ་དང་འབྲེལ་པོ་ལས། མཚོན་མ་སངས་རྒྱས་ཀྱི ་ངོ་བོར་ནོར་པ་ཕྱིན་ཅི་ལོག་གི་རྟོག་པ་འཇུག་མོད་ཀྱི། ངོ་བོར་སངས་རྒྱས་ནི་སྔ་མ་དེ་དག་ཙམ་དུ་ཟད་དོ།། དེ་ལྟར་རྟོག་པ་ཡང་མཚན་མ་ལས་གཞན་མ་ཡིན་ཞིང་། དེ་བཞིན་ཉིད་ཀྱང་རྣམ་པར་རྟོག་པ་ལས་གཞན་མ་ཡིན་པ་སྟེ།། ་ཆོས་ཅན་དང་ཆོས་ཉིད་དབྱེར་མོད་པའོ།། རང་བཞིན་གྱིས་དང་ཞེས་པ་ལ་སོགས་པས་སྦྱངས་པའི་རྣམ་པ་དག་པའི་སངས་རྒྱས་སྟོན་ཏེ། ཆོས་ཀྱི་སངས་རྒྱས་ཞེས་པ་ལ་སོགས་པའོ།། སངས་རྒྱས་མང་བ་སུམ་ཅུ་དྲུག། རང་བཞིན ་གྱིས་ནི་སངས་རྒྱས་ཡིན། ཞེས་པའི་དོན་ནི་སྔར་བསྟན་པའི་ཕུང་པོ་ཐ་དད་ཉི་ཤུ་བཞི་ཡང་སེམས་ཀྱི་སྣང་བ་སེམས་ཉིད་ཡིན་ལ། དེ་རྣམས་ཀྱི་ཆོས་ཉིད་སྐྱེ་བ་མེད་པ་ལ་སོགས་པ་དང་། དོན་དམ་པར་མ་སྐྱེས་བཞིན་དུ་ད་ལྟར་མྱོང་བ ་མ་འགགས་པ་སྟེ། རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་ནི་སངས་རྒྱས་ཀྱི་རང་བཞིན་ཉིད་དུ་རྒྱས་པར་སྔར་བསྟན་ཏོ།། གང་ཟག་རྣམ་པ་བཅུ་གཉིས་ཀྱི་སེམས་ཀྱི་ཆོས་ཉིད་ཀྱང་དེ་ཉིད་དྲང་མཚུངས་ཤིང་། གློ་བུར་གྱི་དྲི་མ་ཡང་ཅི ་རིགས་པར་སྤངས་པས། རང་བཞིན་གྱི་སངས་རྒྱས་ཞེས་བྱའོ།། སྔོན་པོ་ཞེས་བྱ་བ་ལ་སོགས་པས་སྔར་བསྟན་པའི་དོན་ཀྱང་གསལ་བར་བྱེད་ཅིང་། ཕུང་པོ་ལ་སོགས་པའི་ཆོས་ཉིད་དང་ཚྭ་ཅན་དེན་ཀྱང་དེ་ཉིད་དྲ་གཉྫ་དུ་བརྗོད་མེད་པ་སྟོན་ཏེ། ཚིག ་དོན་ནི་སྔར་བསྟན་ཟིན་ནོ།། ནོར་པ་རྣམ་པ་གཉིས་ནི་བརྟགས་པ་དང་། གཞན་དབང་ངོ་།། གསུམ་པ་ནི་ཡོངསུ་གྲུབ་པའོ།། གང་ལས་ནོར་པོ་འབྱུང་བ་དྲང་ཞེས་པ་ལ་སོགས་པའི་དོན་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་མུ་རིག ་པ་ལ་སོགས་པ་གཞན་དབང་གི་རང་བཞིན་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དེ། དེ་དག་གི་བག་ཆགས་སམ། རིགས་རྣམས་འབྱུང་བའོ།། གང་ལ་བརྟེན་ཏེ་འབྱུང་བ་ནི་ནང་གི་སྐྱེ་མཆེད་དྲུག་དང་། དམིགས་པའི་རྐྱེན་ཕྱིའི ་སྐྱེ་མཆེད་དྲུག་ལ་རྟེན་ཏེ་རྣམ་པར་ཤེས་པའི་ཁྱད་པར་རྣམས་འབྱུང་བའོ།། དེའི་ཕྱིར་ན་ངས་བཤད་ཅེས་པ་ནི་ཀུན་རྫོབ་ཏུ་དེ་ལྟར་གནས་པས་བཤད་པའོ།། བརྟགས་བྱར་འཇུག་པ་ནི་ཤེས་རབ་ཀྱི་བྱེད་པ་འཇུག་པའོ།། སྐར ་དང་སྐུར་བཟུང་ཞེས་པ་ནི་ཆུ་ལ་སྐར་མའི་གཟུགས་དང་ཁར་སྣང་ལ་སྒྲ་བཤད་དུ་བཟུང་བའོ།། མཚན་ཉིད་ཀྱིས་ནི་གསུམ་དུ་འགྱུར་ཞེས་པ་ནི་ཀུན་རྫོབ་ཏུ་མཚན་ཉིད་རྣམ་པར་གཞག་པའི ་དབང་དུ་བྱས་ན་རང་བཞིན་གསུམ་མ་འདྲེས་པའོ།། དེ་ལ་དགེ་བར་བྱ་བ་མཱ་ཡིན་ཞེས་པས་ནི་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ནི་དགེ་མི་དགེ་ལ་སོགས་པའི་བག་ཆགས་ཀྱི་བདག་ཉིད་དུ་བསྐྱེད་པར་བྱ་བ་མ་ཡིན ་པའི། མངོན་པར་ཤེས་དང་དབང་གི་དགྲ་ཅེས་པ་ནི་ཀུན་རྫོབ་ཏུ་གློ་བོར་བའི་དྲི་མ་དག་པའོ།། འདི་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་རིགསུ་ངེས་པའི་གནས་སྐབས་སྟོན་ཏེ། ས་བདུན་པ་ཡན་ཆོད་དོ།། སངས་རྒྱས་ཉིད་ཀྱི ་སྭ་ནི་རིགས་མཐར་ཐུག་པའོ།། ཆོས་ཀྱི་སྤྲིན་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དེའི་རྒྱུ་མཚན་ཡང་སྔར་བསྟན་ནོ།། དེ་དག་སངས་རྒྱས་རྣམས་ཀྱི་རིགས་ཞེས་པ་དེའི་རིགསུ་ངེས་པའོ།། ལྷག་མ་སྟེ་ས་དྲུག་པ་མན་ཆོད་ནི ་དེའི་རིགསུམ་ངེས་པའོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་ཐོབ་པར་བྱེད་པའོ།། དེའི་དོན་ནི་བྱང་ཆུབ་སེམས་དཔའ་དབང་པོ་བརྟུལ་ཞིང་མོས་པ་དམན་པ་དགུ་ས་དྲུག་པའི་གནས་སྐབས་ན་རྟེན་འབྲེལ ་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པའི་དོན་ཅུང་ཟད་རྟོགས་ཤིང་འཁོར་པོ་དང་མྱ་ངན་ལས་འདས་པའི་ཆོས་འགའ་ཞིག་མངོན་དུ་བྱས་པས་འཁོར་བ་ལས་སྐྱོ་ཞིང་མྱུར་དུ་མྱ་ངན་ལས་འདའ་བར་འདོད་པ ་དང་། སེམས་ཅན་གྱི་དོན་གྱི་སྦྱོར་བ་རེ་ཞིག་རྒྱུན་ཆད་ནས་ཏིང་ངེ་འཛིན་གྱི་བདེ་བ་ལ་ཡུན་རིང་དུ་གནས་པ་ནི་བྱང་ཆུབ་གཉིས་པོ་དང་ཆོས་མཐུན་པས་དེ་དག་ཐོབ་པར་བྱེད་ཅེས་གསུངས་པའོ།། ཏིང་ངེ་འཛིན་གྱི་བདེ་བ་ཡང ་འགོག་པའི་སྙོམས་པར་འཇུག་པ་སྟེ། ས་དྲུག་པ་ནས་ཐོབ་པ་ཉིད་དུ་སྔར་བསྟན་ཏོ།། གལ་ཏེ་དེ་ལྟ་ན། ས་ཐོབ་འཇོག་པ་ལྔ་དང་བྲལ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་དྲབང་པོ ་བརྟུལ་པོ་མ་ཡིན་པའི་དབང་དུ་བྱས་པའམ། ཡང་ན་དེ་འདྲ་བའི་སྡུག་བསྔལ་རགས་པ་མེད་ཀྱང་སེམས་ཅན་གྱི་དོན་བྱེད་པའི་དཀའ་བའི་སྤྱོད་པས་འཇིགས་ཤིང་སྡུག་བསྔལ་ཕྲ་མོ་ཡོད་པ་འགལ་བ་མེད་པའི་ཕྱིར་རོ།། ། ་ཡང་སེམས་ཅན་རྒྱུད་ཀྱི་བྱེ་བྲགཽ་དང་ཞེས་པ་ལ་སོགས་པས་ནི་སེ་བདུན་པའི་གནས་སྐབས་ན་ཡང་བྱང་ཆུབ་སེམས་དཔའ་དབང་པོ་ཤིན་ཏུ་རྟུལ་ཞིང་། ཁམས་དང་མིས་ཤིན་ཏུ་དམན་པ་རྣམས་ཆོས་རྣམས་ཀྱི་རོང་དང ་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དང་། སྣའི་གོ་རིམས་ད་མཚམས་སྦྱོར་བ་ལ་མི་མཁྲིས་པས་མུ་སྟེགས་བྱེད་ཀྱི་ལྟ་བ་དང་། ལམ་དུ་ལྟུང་བར་གྱུར་ནཱ་མྱི་རུང་ཞེས་དེ་དག་རྣམས་ལ་སའི་མཚན་ཉིད་ལ ་སོགས་པ་རྣམ་པར་ཕྱེ་ཞིང་གསལ་བར་བྱ་བའི་ཕྱིར་ཡང་། སེམས་ཀྱི་དབང་དུ་འགྲོ་བའི་ས།། བདུན་པོ་སངས་རྒྱས་རྣམས་ཀྱི་བཤད། ཅེས་པ་སྟེ། དེ་དག་ལ་སེམས་ཀྱི་ཚོགས་བརྒྱད་གནས་མ་གྱུར་པས་སྔ་མ་ལྟར་སེམས ་ཅན་གྱི་དོན་གྱི་སྦྱོར་བ་ལ་སྐྱོ་བ་དང་། ཏིང་ངེ་འཛིན་གྱི་བདེ་བ་ལ་ཡུན་རིང་དུ་གནས་པས་སེམས་དབང་དུ་བྱས་ཏེ། ཚོགས་ཡོངསུ་རྫོགས་པ་དང་། མངོན་པར་རྟོགས་པ་བུལ་བས་དེ་འདྲ་བའི་སྐྱོན ་དང་བཅས་པའི་ས་བདུན་པོ་རྣམས་བཤད་པའོ།། གལ་ཏེ་དེ་ལྟར་ན་ས་བདུན་པ་ཡན་ཆོད་སངས་རྒྱས་ཀྱི་རིགསུ་ངེས་པར་བསྟན་ཕྲ་འོགལ་ལོ་ཞེ་ནཱ། སྐྱོན་མེད་དེ། དེ་ནི་ཕལ་ཆེ་བ་ལ་དགོངས་ཏེ་བསྟན་པ་སོ།། རྣམ་པ་ཐམ ་ཅད་དུ་སངས་རྒྱས་ཀྱི་རིགསུ་ངེས་པ་ནི་ས་བརྒྱད་པ་ཡན་ཆོད་ཡིན་པར་གསུངས་རབ་དག་ལས་བཤད་དོ།། རྣམ་པ་གཅིག་ཏུ་ནི་འདི་རྣམས་ཀྱི་དོན་ནི་སྔོར་བསྟན་པ་ལྟར་ས་བདུན་པ་ཡན་ཆོད་སངས་རྒྱས་ཀྱི་རིགསུ་ངེས ་པ་ཡིན་ན་མདོ་སྡེ་འདི་དང་གཞན་དག་ལས་ཀྱང་ས་བདུན་པ་མན་ཆོད་སངས་རྒྱས་ཀྱི་རིགསུ་མ་ངེས་པར་བཤད་པ་འགལ་ལོ་ཞེས། སྐྱོན་མེད་དེ། སེམས་ཅན་གྱི་རྒྱུད་ཀྱི་བྱེ་བྱུག་སྟེ། བྱིས་པའི་སྐྱེ་བོ་འགོའ་ཞིག་དེ་ལྟར ་བསྟན་པས་འདུལ་བར་འགྱུར་བ་དང་། ཀུན་རྫོབ་ཏུ་ས་དེ་དག་གི་མཚན་ཉིད་མ་འདྲེས་པར་གཞུག་པའི་དོན་དུ་བཤད་པས།། གཞན་ཡང་བྱིས་པའི་སྐྱེ་བོ་དག་རྟོགས་པར་མངོན་པའི་ང་རྒྱལ་གྱིས་ཁོ་བོ་ནི་སངས་རྒྱས་ཀྱི ་རིགས་སུ་ངེས་པ་སྟེ། བདུད་ཀྱི་ལས་སྤངས་པའོ་སྙམ་ནས་བརྩོན་འགྲུས་ཞན་པར་འགྱུར་བས་ཉེས་པ་དེ་འདྲ་བ་སྤང་བའི་དོན་དུ་ས་བདུན་པ་མོན་ཆད་དུ་ཡང་སངས་རྒྱས་ཀྱི་རིགསུ་མ་ངེས་པོའི་ཉིད་དུ་བཤད་པའོ།། དེ་ལྟར ་བསྟན་པའི་དགོངས་བཞི་ཡང་། དབང་པོ་བརྟུལ་པོ་རྣམས་ཅུང་ཟད་མངོན་པར་རྟོག་པ་བུལ་བ་ལ་སོགས་པའི་ཉེས་པ་དང་འབྲེལ་པའོ།། ངག་ལུས་ཉེ་བ་ལ་སོ་ཌ་པྲ་ནི་དེ་རྣ་ལ་སྒོ་གསུམ་གྱི་མི་དགེ་བྷི་བག་ཆཌ་མི་འཇུག་ཅིང་སེ་བརྒྱད་པ་ལྔ་ནི་དེ་འདྲ་བཱི་བག ་ཆགས་ཀྱི་གནས་ཀུན་གཞི་དང་། ཀུན་གཞིའི་སྣང་བ་ལ་སོགས་པ་རྨི་ལམཱ་ལྟ་བུར་རྟོགས་ཤིང་། རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པས་ཆུ་བོ་དང་མཚུངས་ཤིང་འདྲ་བའོ།། སྲ་བརྒྱད་དང་ནི་ཞེས་པ་ལ ་སྩོགས་པས་ནི་བྱང་ཆུབ་སེམས་དཔའ་རྣོན་པོ་རྣམས་སུ་དང་པོ་ལ་སོགས་པའི་རྗེས་ཐོབ་ཀྱི་གནས་སྐབས་ནུ་བཟོ་དང་རིག་པའི་གནས་ཐ་མས་ཅད་ལྔ་མཁས་པར་བྱེད་ཅིང་། གཞན་ལ་ཡང་དེ་བཞིན་དུ་སྟོན་པ་དང་། འཁོར ་ལྟོས་སྒྱུར་བའི་རྒྱལ་པོའི་ལུས་བཟུང་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ། འཕགས་པ་ས་བཅུ་པ་ལས་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཛམ་བུའི་གླི་ངོ་ལ་དབང་བའི་འཁོར་ལོ་ས་སྦྱར་བའི་རྒྱལ་པོའི་ལུས ་འཛིན་པར་བྱེད་ཅེས་པ་དང་། ས་གཉིས་པ་ལ་གནས་པ་ནི་གློང་བཞི་ལ་དབང་བའི་ལུས་འཛིན་པར་བྱེད་ཞེས་པ་ལ་སོགས་པོ་གསུངས་པའི་ཕྱིར་རོ།། སྟུག་པོ་བཀོད་པའི་རྒྱུན་ལས་ཀྱང་དེ་བཞིན་དུ་གསུངས་པའོ།། ས་བརྒྱད ་དང་ནི་རྣམ་ལྔ་ཞེས་གསུངས་པ་ནི་ཁྱད་པར་དུ་གསུངས་པ་ནི་བརྒྱད་པ་ལ་སངས་རྒྱས་རྣམས་ཀྱིས་རྗེསུ་བཟུང་ནས་སེམས་ཅན་གྱི་དོན་ལ་སྦྱོར་བ་དང་། ལྔ་པ་ལ་ཤེས་བྱ་ཐམས་ཅད་བསྡུས་པ་བདེན་པ་བཞི་རྟོགས་པའོ ་ཤེས་རབ་དང་ལྡན་པས་དེ་ལྟར་བསྟན་པ་སྟེ། ས་གཞན་དག་ལ་ཡང་དེ་ལྟར་མི་སློབ་པ་ནི་མ་ཡིན་ནོ།། སྐྱེ་དང་མི་སྐྱེ་ཞེས་པ་ལ་སོགས་པས་མཐའ་གཉི་སུ་འཛིན་པ་སྤངས ་པར་གདམས་པའོ།། དེ་ལྟར་མཐའ་གཉིསུ་བསྟན་པ་ནི་རང་རྒྱལ་དང་ཉན་ཐོས་རྣམས་ལ་བཤད་པའོ།། ཀུན་རྫོབ་ཏུ་ནི་དངོས་རྣམས་ཡོད།། དེ་ན་དམྦ་དུ་ནཱི་ར་ངོ་བཞིན་མེད་ཅེས་པ་ལ་སོགས་པ་གསུངས་པ་ལ ་འདིར་བདེན་པ་གཉིསུ་དབྱེ་བའི་གཞི་ནི་ཤེས་བྱའི་གནས་སུ་གྱུར་པའི་སྤྱི་ཙམ་ཡིན་ལ། དྲི་དག་སོ་སོའི་མཚན་ཉིད་ལ་དོན་དམ་པའི་བདེན་པ་ནི་རིགས་པ་ཡུལ་དང་ཡུལ་ནྡན་གྱིས་བསྡུས་པའོ།། ཀུན་རྫོབ ་ནི་འཁྲུལ་པ་ཡུལ་དང་ཡུལ་ཅན་གྱིས་བསྡུས་པོ་སྟེ། དེའང་གཞན་དག་སྣང་བ་དང་བཅས་པའི་བློ་ཐམས་ཅད་ནི་འཁྲུལ་པ་ཡིན་ཞིང་། དེའི་ཡུལ་ཀྱང་ཕྱིན་ཅི་ལོག་པའོ་ཞེས་སྟོན་པ་ནི་མི་འཐད་དེ། དེ་ལྟ་ན་དེ་བཞིན་གཤེག ་པ་ལ་ཡང་རྗེས་ཐོབ་ཀྱི་གླུ་ནས་སྐབས་ན་སྐུ་དྲང་ཞིང་ཁམས་ལ་སོགས་པའི་རྣམ་པར་སྣང་བ་ཡོད་པས་འཁྲུལ་པ་དང་བཅས་པ་ཉིད་དུ་འགྱུར་རོ།། གལ་ཏེ་ཉེས་པ་དེར་གྱུར་དུ་དོགས་པས་རྗེས་ཐོབ་ཀྱི་སྣང་བ་མེད ་ན་མཉམ་པར་བཞག་པའི་ཡེ་ཤེས་འབའ་ཞིག་ཙམ་མོ་ཞེ་ན། མི་འཐད་དེ། དེ་ལ་རང་ངམ་གཞན་གྱི་རྣམ་པར་སྤང་ཞིང་སྣང་བ་མེད་ན་ཡེ་ཤེས་ཉིད་དུ་མི་འཐད་ལ། དེ་ལྟར་མྱོང་ཞིང་སྣང་བ་ཡང་འཁྲུལ་པ་དང་བཅས་པོ་ཉིད་དུ་འགྱུར་རོ།། ་གལ་ཏེ་འདིར་ཡེ་ཤེས་ཀྱི་རང་བཞིན་དོན་དམ་པར་དམ་པར་མེད་པ་ལ། ཡོད་པ་ཉིད་དུ་མྱོང་ན་འཁྲུལ་པ་ཉིད་དུ་འགྱུར་བ་ལས། དེ་ལྟར་མ་མྱོང་སྟེ། མེད་པ་ལྔ་མེད་པ་ཉིད་དུ་རྟོགས་ཤིང་ཀུན་རྫོབ་དུ་མྱོང་བ་མ་འགགས་པ་ཙམ་ཡིན ་པས་འཁྲུལ་པར་མི་འགྱུརརོ་ཞེ་ན། དེ་བཞིན་དུ་སྐུ་དང་ཞིང་ཁམས་ལ་སོགས་པའི་རྣམ་པ་ཡང་ཡེ་ཤེས་ལས་ཐ་དད་དུ་གྱུར་པ་མེད་ཅིང་ཡེ་ཤེས་ཉིད་ཀྱི་དངོས་པོ་བདྲེན་པར་ཡང་མ་གྲུབ་པ་ལ། དེ་ལྟར་ཡོད་པར་འཛིན་ན་འཁྲུལ ་པ་ཉིད་དུ་འགྱུར་བ་ལས། དེ་ལྟར་མི་འཛིན་ཅིང་དོན་དམ་པར་མེད་པ་ལ་མེད་པ་ཉིད་དུ་རྟོགས་ཤིང་། ཀུན་རྫོབ་ཏུ་དེ་ལྟར་སྣང་བ་མ་འགགས་པ་ཙམ་ཡིན་པའི་ཕྱིར་རོ།། ཡང་གཞན་དག་མཉམ་པར་བཞག་པའི་ཡེ་ཤེ ་ཉིད་ཀྱང་མེད་པར་ཁས་ལེན་པ་ནི་བསྐུར་པ་འདེབས་པའི་མཐའ་ལྡོག་པར་ལྟ་བ་ཆེན་པོ་ཉིད་དུ་སྔར་རྒྱས་པར་བསྟན་ཏོ།། ཡང་གཞན་དག་དེ་བཞིན་གཤེགས་པས་འཁྲུལ་པ་ལ་འཁྲུལ་པ་ཉིད་དུ་མཁྱེན་པས་འཁྲུལ ་པ་མ་ཡིན་ཞེས་པ་ཡང་མི་འཐད་དེ། དེ་ལྟར་མཁྱེན་ཀྱང་སྣང་བ་མི་ལྡོག་ཅིང་དེ་ཡང་འཁྲུལྔ་པ་ཉིད་ཁས་བླངས་པའི་ཕྱིར་རོ།། གཞན་ཡང་འཁྲུལ་པུ་ལ་འཁྲུལ་པར་མཁྱེན་པས་འཁྲུལ་པ་ལྡོག་ན། དེ་ལྟར་མཁྱེན་པའི་ཡེ ་ཤེས་ཉིད་འཁྲུལ་པར་འགྱུར་ཏེ། ཡེ་ཤེས་སྐྱེས་པ་ན་གཞལ་བྱའི་ཡུལ་མི་བདེན་པའི་ཕྱིར་དང་། མ་སྐྱེས་པའི་དུས་ན་ཡེ་ཤེས་མེད་པའི་ཕྱིར་རོ།། དེའི་ཕྱིར་ཡོད་པ་དང་མོད་པ་ལ་སོགས་པའི་ཁྱད་པར་གང་དུ་སྒྲོ་འདོགས་པ ་མེད་པའི་སྣང་བ་ཙམ་ནི་དངོསུ་འཁྲུལ་པ་མ་ཡིན་ལ། ཡང་བདེན་པའི་དངོས་པོ་མེད་པའི་མྱོང་བླ་རདྭ་སྣང་བ་ཙམ་དུ་རྟོགས་པ་ཡང་འཁྲུལ་པ་མ་ཡིན་ནོ།། དེ་ལྟ་ན་ཡང་ཕྱིན་ཅི་ལོག་གནས་མ་གྱུར་པ་བྱིས ་པའི་སྐྱེ་བོ་ལ་སོགས་པའི་སྣང་བ་ནི་ཕྱིན་ཅི་ལོག་གི་ཀུན་ནས་བསླང་བ་དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད་པ་འཆིང་བའི་རྒྱུ་ཉིད་ཡིན་པས་ཀུན་རྫོབ་ཅེས་བྱའོ།། ཕྱིན་ཅི་ལོག་གནས་གྱུར་པས་སངས་རྒྱས་དང་བྱང་ཆུབ་སེམས ་དཔའོ་ཆེན་པོ་རྣམས་ཀྱི་སྣང་བ་ནི་དཽ་ལས་བཟློག་པར་རིགས་པ་དང་། རིགས་པའི་ཡུལ་ཡིན་པོས་དོན་དམ་པ་ཞེས་བྱའོ།། གལ་ཏེ་འདིར་དོན་དྲམ་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་ཤེས་བརྗོད་ཀྱི་ཡུལ་ལས་འདས་པ་མ ་ཡིན་ནམ། ཇི་ལྟར་ན་རིག་པའི་ཡུལ་དུ་འགྱུར། གཞན་ཡང་རིགས་པ་ནི་སེམས་ཀྱི་རྒྱུ་མ་ཡིན་ལ། དེ་ཡང་ཀུན་རྫོབ་ཉིད་དུ་གསུངས་ཏེ། དོན་དམ་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ་དོན་དམ་པའི་དེ་ཁོ་ན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཀྱང་དེ་འདྲ་བའི་སྤྲོས་པ་དང་རྣམ་པར་བཀག་པས་ཡེ་ཤེས་དང་། ཤེས་བྱ་མཐུན་པ་ཙམ་ལ་རིག་པའི་ཡུལ་ཞེས་བྱ་བའི་མཚན་མ ་དང་བཅས་པའི་ཚུལ་དུ་ཡུལ་དུ་བྱས་པ་མེད་པའི་ཕྱིར་རོ།། རྣམ་པ་གཅིག་ཏུ་ན་དོན་དམ་པ་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་དེ་ཉིད་རྣ་པ་མི་རྟོག་པའི་ཡེ་ཤེས་ཀྱི་སོ་སོ་རང་རིག་པའི་ཚུལ་དུ་རྟོགས་པ་ཡིན་གྱིས།། ་མཚན་མའི་བྱེ་བྲག་སྣ་ཚོགསུ་བཟུང་ཞིང་སྤྲོས་པ་ནི་མ་ཡིན་པའི་ཕྱིརརོ།། སེམས་ཀྱི་རྒྱུ་བ་དོན་དམ་པ་ལ་མེད་པ་ཉིད་དུ་གསུངས་པ་ཡང་དེ་བཞིན་ཏེ་དེ་ལས་ཟློག་ནས་ཡོད་པ་ཉིད་དུ་བརྟགས་པ་ནི་ཀུན་རྫོབ་ཉིད་འགྱུར་བའོ།། དེས ་ན་ཀུན་རྫོབ་དུ་སེམས་ཀྱི་རྒྱུ་མ་འགགས་ཤིང་ཕྱིན་ཅི་ལོག་གི་སྤྲོས་པ་གཅོད་པ་དང་། དྲོན་དམ་པའི་དངོས་པོ་མུ་གྲུབ་པ་སྟེ། རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་ནི་དོན་དམ་པ་ཉིད་དོ་ཞེས་རྒྱས་པར་བསྟན་ཟིན་ཏོ།། དེ་སྐད ་དུ་ཡང་། སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་གཽ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ།། འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་སྤྲོས་པ་གཅོད་པར་བྱེད་པའི་རྗེ་སུ་དཔག་པ་ཡང་ཕྱིན་ཙོ་ལོག་གིས་སྤྲོས་པ་གཅོད་པ། ་ལྡོག་པ་ནས་དོན་དམ་པའི་བདེན་པ་ཡོན་ཞིང་དེ་ནས་གཏན་ལ་ཕབ་པའི་དོན་ལྡ་དོད་པ་ཡིན་ལ། བརྗོད་པོ་དང་འདྲེར་རུང་གི་རྣམ་པར་སྒྲོ་འདོགས་པའི་ཆ་ནོས་ནི་ཡང་དག་པའི་རིགས་མ་ཡིན་ཏེ་ཕྱིན་ཅི་ལོག་ཉིད་ཡིན་ཞིང ་དེའི་ཡུལ་ཡང་ཀུན་རྫོབ་ཀྱི་བདྲེན་པའོ།། གླལ་ཏེ་སྔར་བསྟན་པ་ལྟར་ཁྱད་པར་གྱི་ཆོ་སུ་སྒྲོ་འདོགས་པ་མེད་པའི་སྣང་བ་འགའ་ཞིག་འཁྲུལ་པ་མ་ཡིན་ན། དེ་དག་ཀུན་རྫོབ་ཏུ་ཡང་མི་འཐད་དེ། དེའི་མཚན་ཉིད་མྱེད་པའི་ཕྱིར ་རོ་ཞེ་ན། དེ་ལྟར་བདེན་མེད་ཀྱི་འདིར་མཚན་ཉིད་ཀྱང་འཁྲུལ་པ་ཡུལ་དང་ཡུལ་ཅན་དང་། དེས་ཀུན་ནས་བསླང་བའི་སྣང་བར་འདུག་པ་ཡིན་ལ། དེ་འདྲ་བའི་མཚན་ཉིད་ནི་སྔ་མ་དེ་ལ་ཡང་ཡོད་པའི་ཕྱིར་སྐྱོན་མེད་དོ།། གཞོན ་ཡང་འདིར་ཤེས་བྱའི་དེ་ཁོ་ན་ཉིད་ཇི་ལྟ་བ་ནི་དོན་དམྦ་པཱའི་བདེན་པ་ཡིན་ལ། དེ་ལས་གཞན་དུ་རྣམ་པར་བཞག་པ་ནི་ཀུན་རྫོབ་ཀྱི་བདེན་པའོ།། དེ་དག་གཉི་སུ་དབྱེ་བའི་དོན་ནི་དེ་ཁོ་ན ་ཉིད་དུ་དངོས་པོ་གཅིག་པ་དང་ཐ་དད་པ་ལས་གྲོལ་བ་སྟེ། དངོས་པོའི་ངོ་བོ་ཉིད་མ་གྲུབ་པའི་ཕྱིར་རོ།། དེས་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། དགོངས་པ་ངེས་པར་འགྲེལ་པ་ལས་ཇི་སྐད་གསུངས་པ་བཞིན་ནོ།། ཀུན ་རྫོབ་ཏུ་གཉིསུ་ཕྱེ་བའི་དོན་ནི་སྔར་བསྟན་པ་ལྟར་མཚན་ཉིད་མི་འདྲ་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་གཅིག་ཏུ་བསྟན་པ་ནི་དབྱེར་མེད་པ་ཙམ་ལས་དགོངས་པའོ།། གཉིས་སུ་འབྱེད་པའི་རྒྱུ་མཚན་ནེ། ་ཤེས་ངོ་གཉིས་ལ་བལྟོས་པ་སྟེ། བློ་འཁྲུལ་པ་འམ་འཁྲུལ་པས་ཀུན་ནས་བསླང་བའི་ཤེས་པ་ལ་སྣང་བའི་ཆ་ནས་ནི་ཀུན་རྫོབ་གྱི་བདེན་པ་ཡིན་ལ། དེ་ཉིད་རིགས་པ་དམ་པས་བཙལ་བའི་དོན་མ་གྲུ་པས་དེ་ལ་བལྟོས་ཏེ། ་དྲན་དམ་པར་འཇོག་པའོ།། སོ་སོའི་དབྱེ་བ་ནི་རྣམ་པ་གཉིས་གཉིསུ་འགྱུར་བ་སྟེ། དེ་ལ་ལོག་པའི་ཀུན་རྫོབ་ནི་སྣང་ལ་དྲན་བྱེད་ནུས་པས་སྟོང་པའོ།། ཡང་དག་པའི་ཀུན་རྫོབ་མི་སྣང་ལ་དྲོན་བྱེད་ནུས་པ་སྟེ། འདིར་ཕྱིའི་དོན ་སེམས་ལས་ཐ་དད་པ་ཉིད་དུ་བརྟགས་པོ་ནི་ལོག་པའི་ཀུན་རྫོབ་ཡིན་ལ། དེ་ལྟ་ན་དེ་དག་ཀྱང་བཏུང་ངོམས་ལ་སོགས་པའི་དོན་བྱེད་པར་འགྲུབ་པས་ཡང་དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ཁྱོབ་ཆེས་པར་འགྱུར་རོ་ཞེ་ན། ་མ་ཡིན་ཏེ། འཁྲུལ་པའི་བག་ཆགས་བསྟན་པའི་ཕྱིར་དོན་དུ་སྣང་བ་ལས། དེ་དང་ཕྲད་ཅིང་དོན་བྱེད་པར་སྣང་བ་སེམས་ཀྱི་ངོ་བོར་གྱུར་པ་ཡིན་གྱི། དེ་ལས་ཐ་དད་པའི་ཕྱི་རོལ་གྱི་དོན་བྱེད་པ་ནི་ཀུན་རྫོབ་ཏུ་ཡང་མེད་དོ་ཞེ ་སྔར་རྒྱས་པར་བསྟན་ཏོ།། དོན་དམ་པའི་བདེན་པོ་ཡང་རྣམ་པ་གཉིས་ལས། རྣམ་གྲངས་ཀྱི་དོན་དྲིམ་པའི་བདེན་པ་ནི་སྐྱེ་བ་ལ་སོགས་པའི་སྤྲོས་པ་ཕྱོགས་རེ་བཀག་པོ་ཙམ་སྟེ། དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ ་པ་ཞེས་ཀྱང་བྱ་ལ། སྤྲོས་པའི་ཕྱོགས་གཞན་མ་བཀག་པས་ཕྱིན་ཅི་ལོག་ཏུ་ཡང་འགྱུར་བའི་ཕྱིརུ་ཀུན་རྫོབ་ཀྱང་ཡིན་ཏེ། དེའི་ཕྱིར་ལྡོག་པའི་རྣམ་གྲངས་འགའ་ཞིག་ན་དོན་དམ་པར་འགྱུར་ལ། འགའ་ཞིག་ནས་ཀུན་རྫོབ ་ཏུ་འགྱུར་བྲིས་རྣམ་གྲངས་ཀྱི་དོན་དམ་པའི་བདེན་པ་ཞེས་བྱའོ།། དེ་ལྟ་ན་སྤྲོས་གཅོད་པར་བྱེད་པོའི་རྗེས་སུ་དཔག་པ་ཡང་རྣམ་གྲོངས་ཀྱི་དོན་དམ་པར་འགྱུར་རམ་ཞེ་ན། དེ་ལྟར་འདོད་པ་ཉིད་དོ།། རྣམ་གྲངས་མ་ཡིན་པའི ་དོན་དམ་པའི་བདྲེན་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་འོད་གསལ་བའོ།། འདྲིར་ཀུན་རྫོབ་ཀྱི་ངེས་པའི་ཚིག་ནི་དེ་ཁོ་ན་ཉིད་ཀྱི་རྟོག་པ་ལ་སྒྲིབ་པར་བྱེད་པའོ།། བདེན་པ་ཞེས་པ་ནི་ཀུན་རྗེབ་ཏུ་བདེན་པ་སྔོ།། དོན་དྲམ་པ་ནི ་དམ་པ་རྣམས་ཀྱིས་དོན་དུ་གཉེར་ཞིང་གཏན་ལ་དབབ་པར་བྱ་བ་ཡིན་པས་དོན་ཅེས་བྱ་ལ། མི་སླ་བས་ན་དོན་དམ་པར་བདེན་པས་ན་དོན་དཔའི་བདེན་པ་ཞེས་ཚིག་བསྡུས་ཏེ་རྣམ་པར་སྦྱར་བར་བྱའོ།། འདི་དག་གི་སྤྲོས་པ ་ཞིབ་ཏུ་ནི་དེ་ཁོ་ན་ཉིད་ཀྱི་སྒྲོན་མཱ་ལ་སོགས་པའི་ལས་ཤེས་པར་བྱའོ།། ཚིག་གི་དོན་བཤད་པ་ལ། དོན་དུམ་དུ་ནི་རང་བཞིན་མེད། ཅེས་པ་རང་བཀག་པ་ཙམ་གྱི་མེད་པར་དགག་པ་ནཱི་ར་བོང ་གི་ར་དང་ཁྱད་པར་མེད་པར་འགྱུར་བས་ཤེས་བྱ་ཇི་ལྟར་སྣང་བའི་ཆོས་ཉིད་དོན་དམ་པའི་བདེན་པོ་མ་ཡིན་ཏེ། དེས་ན་དོན་དམ་བཱི་དངོས་པོར་མ་གྲུབ་ཅིང་སྣང་ཞིང་རིག་པ་མ་འགག་པ་སྟེ་ཟུང་འཇུག་སྒྱུ་མ་ལྟ་བུའོ།། དེ ་ལས་ཕྱིན་ཅི་ལོག་ཏུ་ནོར་པ་དང་ནོར་བསྡུ་ཀུན་ནོས་སླང་བའི་བློ་དང་བློའི་ཡུལ་ནི་ཀུན་རྫོབ་ཀྱི་བདེན་པའོ།། ཆོས་རྣམ་པ་ཐམས་ཅད་ཅེས་པ་ལ་སོགས་པས་ཀུན་རྫོབ་ཉིད་རྒྱས་པར་བསྟན་པའོ།། བརྗོད་ལས་བྱུང ་བའི་དངོ་སྔ་པོའི་ཞེས་པ་ལ་སོགས་པས་ནཱི་ཀུན་རྫོབ་ཏུ་དོན་དང་མཐུན་པའི་གཱཏམ་བརྗོད་པ་ལས་བྱུང་བའི་བློའི་སྤྱོད་ཡུལ་ཏེ། ཞེན་ཡུལ་རླུང་གི་མཚན་ཉིད་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པའོ།། ཡང་ན་དོན་དམ་བུ་དང ་མཐུན་པའི་གཏམ་བརྗོད་པ་ལས་དེ་ཉིད་ཀྱི་སྤྱིའི་རྣམ་པར་སྣང་བའི་བློ་འབྱུང་ཞིང་། དེས་གཏམ་ལ་ཕབ་པའི་དོན་གོམས་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་ཞིང་། དེའི་དོན་དུ་གྱུར་པའི་སྤྱོད་ཡུལ་ནི་དེ་ལྟར ་བདེན་པའོ།། ལྟ་བས་ཡོད་པ་མིན་ཞེས་པ་ནི་དེ་དོག་ལ་དོན་དམ་པའི་དངོས་པོ་ལ་སོགས་པར་ལྟ་བའི་སྒོ་ནས་ནི་ཡོད་པ་མ་ཡིན་ནོ།། རྩིག་པ་མེད་པར་ཞེས་པ་ལ་སོགས་པས་ཕྱིན་ཅི་ལོག་འབྱུང་བའི་རྒྱུ་ལ་སོགས་པ་སྟོན་ཏེ། སྡོང ་དུམ་ལ་སོགས་པ་མེད་པར་དྲི་མ་མི་འབྱུང་བ་ལྟར། ཀུན་གཞི་མེད་ན་འཇུག་པའི་རྣམ་ཤེས་མི་འབྱུང་ཞིང་། དེ་ཡོད་ན་དེ་རྣམས་འབྱུང་ལ། དེ་རྣམས་སམ་དེ་རྣམས་ཀྱི་བག་ཆགས་ཀྱིས་ཀྱང་ཀུན་གཞི་དྲི་མ་ཅན་དུ་བྱས་པས་མི ་མཛེས་པའོ།། དེ་དག་ངོ་བོའི་སངས་རྒྱས་ཞེས་པ་ནི་རྒྱུ་དང་རྒྱུ་འདྲ་བ་གཉིས་སོ།། ཚིག་གི་དོན་གཞན་ནི་སྔར་བསྟན་ཏོ།། དྲང་པོ་དྲང་ནི་བཅུ་པཱར་ཞེས་པ་ནི་ས་དང་པོ་དང་བཅུ་པ་ལ་ཞལ་ལ་སོགས་པ་བསྟན་པས་བྱིན་གྱིས་རློབ་པ ་སྟེ་རྒྱས་པ་སྔར་བསྟན་ནོ།། ཚེ་དང་དྲོད་དང་སྲོག་གི་དཔེ་ང་པོ་ནི་རྣམ་གྲངས་ཉིད་དུ་རྟོགས་པའམ། ཡང་ན་ཚེའི་སྲོག་གི་རླུང་ཡིན་ལ། དྲོང་ནི་དེ་དག་ལ་བརྟེན་པའི་དྲོད་ཀྱི་ཁྱད་པར་རོ།། རྟག་ཏུ་རློམ་སེམས་པ་ནི་ཉོན་མོངས་པ ་ཅན་གྱི་ཡིད་དོ།། སྒོ་ལྔའི་རྣམ་པར་ཤེས་པ་ནཱི་རང་གི་ཡུལ་ལ་འཛིན་པ་དེ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་བྱེ་བྲག་འབྱེད་པའོ།། སྲེད་པ་དག་ནཱི་ཞེས་པ་ལ་སྩོགས་པས་དེ་རྣམས་གཅོད་ཅིང་རྣམ་པར་འབྱེད་པ ་ནི་དགོངས་ཏེ་བསྟན་པའི་མཚམས་མེད་པ་ཉིད་དུ་སྟོན་པའོ།། བདག་ནི་རྫས་དང་འདྲ་བའི་ཡོད་ཅེས་པ་ཕ་རོལ་པོས་ཁྱོས་བླངས་པ་ཡིན་ལ། དེ་ཉིད་འགོག་པ་ནི་ཕུང་པོ་རྣམས་ཞེས་པ་ལ་སོགས་པ་སྟེ། བདག་ཏུ་བརྟག ་པའི་རྟེན་ཕུང་པོ་ཉིད་ཀྱང་ཀུན་རྫོབ་ཙམ་དུ་ཡོད་ཀྱི། དོན་དམ་པར་མེད་ན་དེ་ལ་བདག་ཡོད་པ་ལྟ་ག་ལ་སྲིད་པ་ཅེས་པའོ།། དེ་ལྟ་ན་སངས་རྒྱས་ཉིད་ཀྱིས་ཀྱང་བདག་ཡོད་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་དགོངས་པ ་ཅན་ཡིན་ཏེ། ས་ནི་དེ་དག་བར་དུ་ཡང་།། ཅུང་ཟད་བསྟན་པ་ཡོད་མ་ཡིན།། ཞེས་གསུངས་པ་དང་མཚུངས་ཏེ། དེའི་ཕྱིར་ཚིག་འདི་རྣམས་ཀྱང་དབང་པོ་ལྟ་བུར་བསྟན་པའོ།། གང་གི་རྒྱུ་དང་ཞེས་པ་ལ་སག། ་པས་ནི་གཞན་གྱི་སྐྱེ་བར་བརྟགས་པ་འགོག་པ་སྟེ། གང་དག་རྒྱུ་དང་རྐྱེན་གྱིས་འཇིག་རྟེན་རབ་ཏུ་འབྱུང་ཞིང་། དེ་ཡང་ཚུལ་ཇི་ལྟར་འབྱུང་ཞེ་ན། མཐའ་བཞིའི་ཚུལ་གྱིས་འབྱུང་བར་རིགས་པར་གྲུབ་པའོ།། དེའི་དོན་ནི་འབྲས ་བུ་ཕྱིས་ཀྱི་དུསུ་ཡོད་པ་དང་། སྔར་རྒྱུའི་དུས་ལ་སོགས་པར་མེད་པ་དང་། དེ་ཉིད་ཀྱི་ཕྱིར་ཡོད་མེད་གཉི་གར་གྱུར་པ་དང་། སྔར་ནི་ཡོད་པ་མ་ཡིན་ལ། ཕྱིས་ནི་ཡོད་པ་མ་ཡིན་པས་གཉིས་ཀ་མ་ཡིན་པ་སྟེ། མཐའ་བཞིའི ་ཚུལ་དྲང་ལྡན་པ་རྒྱུ་རྐྱེན་ལུས་སྐྱེ་བོར་ཚད་མས་གྲུབ་ཅེས་པའོ།། འདི་རྣམས་དགོག་པ་ནི་སྔར་བསྟན་ཏོ།། གང་ཕྱིར་རྐྱེན་ལས་བྱུང་བས་ནཱ་ཞེས་པ་ལ་སོགས་པས་ནི་རྟེན་འབྲེལ་གྱི་གཏན་ཚིགས་ཏེ་སྔར་བསྟན་ཏོ།། ་གང་གི་ཚེ་ནི་ཞེས་པོ་ལ་སོགས་བྱས་སྐྱེ་བ་མེད་པའི་ཚུལ་དེ་ཉིད་སེམས་ཙམ་གྱི་ཚུལ་ལ་སྦྱར་བའོ།། འཇིག་རྟེན་པོའི་སེམས་ཙམ་ཞེས་པ་ནི་གནས་སྐབས་དེ་འདྲ་བ་ནི་འཇིག་རྟེན་ལས་མ་འཕགས་པའོ།། ཉན་ཐོས ་ཟད་པའི་ཡེ་ཤེས་དང་ཞེས་པ་ལ་སོགས་པས་ནི་མྱ་ངན་ལས་འདས་པ་ལ་སོགས་པ་སྒྱུ་མ་ལྟོ་བུར་ཡོད་པ་ཉིད་དུ་སྟོན་པའོ།། སངས་རྒྱས་རྣམས་ཀྱི་སྐྱེ་བ་ནི། མཚན་དང་དེ་བཞིན་རྟོགས་པ་དང་། ཡང་སྐྱེ་བ་རྣམ་པ་གཉིས ་ཞེས་སྔར་བསྟན་པའོ།། མཐའ་བཞིར་སྦྱར་བའི་གཏན་ཚིགས་ནི་སྔར་བསྟན་པ་དེ་ཉིད་སྐྱེ་བར་ཚད་མས་གྲུབ་པི་ཕྱིར་དེ་ལྟར་བདེན་ནོ་ཞེས་གཏན་ཚིགས་ཉིད་དུ་སྦྱར་བའོ།། བླུན་པོ་དག་གིས་བཟློག་ཅེས་པ་དབུ་མའི་ཚུལ་ལུགས ་འགོག་པའོ།། ཡང་ན་འདི་རྣམས་ཀྱི་དོན་ནི་སྐྱེ་བ་རྣམ་བཞི་དང་བྲལ་བའི་ཕྱིར་བླུན་པོ་དག་གིས་ཀུན་རྫོབ་ཀྱི་སྐྱེ་བོ་བཟློག་པར་བྱེད་པའོ།། རང་གི་སེམས་ནི་དྲོན་རྒྱུད་དེ་ཞེས་པ་ནི་སེམས་ཉིད་དོན་གྱི་རྒྱུད་རྒྱུན་ཆགསུ་སྣང ་བའོ།། ཕན་ཚུན་མ་གྱེས་འབྲེལ་པ་ཡི།། བག་ཆགས་གཅིག་གིས་རྒྱུ་ལས་བྱུང་ཞེས་པ་ནི་ཀུན་གཞི་ལ་བྲོག་ཆུ་གསྔ་བསྔོས་ཤིང་སྲེད་པའི་སྲས་བུས་བཅིངས་པའི་རྒྱུ་ལས་བྱུང་བའོ།། གཉིས་པ་ནི་རྣམ་གྲངས་ཀྱི་ཀུན ་དུ་བརྟགས་པ་དང་། གཞན་གྱི་དབང་ངོ་།། སྣང་བའི་ས་བོན་ལྡན་པའི་ཕྱིར།། སྐྱེ་མཆེད་རྣམས་ནི་བཅུ་གཉིས་ཞེས་ནི་ཀུན་གཞི་ལ་ཕྱི་ནང་གི་སྐྱེ་མཆེད་དུ་སྣང་བའི་ས་བོན་སེམས་ཀྱི་བདག་ཉིད་དུ་གྱུར་པ་ཡོད་པ་སྟེ། ་དེ་ལ་སྐུ་གཞན་བེམ་པོའི་ངོ་བོར་གྱུར་པ་ནི་མི་འཐད་ཅེས་བསྟན་ཏོ།། དེ་ལྷོར་མེད་བཞིན་དུ་གནས་དང་དམགས་བྱ་སྟེ། ནང་དང་ཕྱི་རོལ་གྱི་སྐྱེ་མཆེདོ་དང་ལྡན་པའི་ཚིག་བརྗོད་པ་ནི་བདྲེན་པའི་དོན་དང་མི་ལྡན་པས་ལོ་རྒྱུས ་སུ་ང་ཡིས་བཤད་པ་སྟེ། ཚིག་ཙམ་ཉིད་ཅེས་པའོ།། གང་ལ་གང་གི་དངོས་པོ་ལྔ་ཞེས་པ་ལ་སོགས་པས་ནི་རྣམ་རིག་སྒྱུ་མ་ལྟ་བུའི་གཞན་དབང་ལོ།། དེ་ལྟ་བུའི་ངོ་བོར་བརྟགས་ན་རྒྱུ་མ་ཙམ་དུ་མི་དམིགས་པ་མ་ཡིན་པ་དེ་ནི་དེ་ལྟར ་བདེན་པའོ།། དེ་ལས་གཞན་དུ་ཡོད་མེད་ཀྱི་མཚན་མར་བརྟགས་པ་ནི་མི་བདེན་པའོ།། ཐོག་མ་མེད་ལྡན་ཞེས་པ་ལ་སོགས་པས་ནི་དོགས་པ་བསལ་བའི་ཚུལ་གྱིས་སྔར་གྱི་དོན་དེ་ཉིད་རྒྱས་པར ་བསྟན་པའོ།། དེའི་དོན་ཡང་རྣམ་རིག་སྒྱུ་མ་ལྟ་བུའི་གཞན་དབང་ཐོག་མྱ་མེད་པ་ནས་གནས་པ་ལ། དངོས་པོའི་ངོ་བོར་རྟོག་པ་ནི་ནོར་པ་ཡིན་ན། དེ་ལས་གཞན་པའི་དངོས་པོ་བདེན་པ་ཉིད་རྒྱུ་རྐྱེན་སུ་ཞིག་གིས་འཁོར ་བར་བྱ་སྟེ། འདིའི་དོན་ཐུབ་པ་ཆེན་པོ་ས་བདག་ལ་གསུངས་ཞེས་པའོ།། ལན་གྱི་དོན་ནི་དངོས་པོ་བདེན་པ་གཅིག་ནི་འཁོར་བ་མེད་ཀྱི། ཀུན་གཞིའི་བདག་ཉིད་དུ་གྱུར་པའི་རིག་པ་སྒྱུ་མ་ལྟ་བུ་ཉིད་འཁོར་ཞེས་པའོ།། དེ་ལས ་རྣམ་པོ་གཞུན་ཡོད་ནཱ་ཞེས་པ་ལ་སོགས་པས་ནི་བྱིས་པས་དངོས་པོར་བརྟགས་པ་ལས་གཞན་རིགས་པ་སྒྱུ་མ་ལྟ་བུར་ཡོད་ཀྱང་བྱིས་པའི་བློས་དེ་ལྟར་རྟོགས་པར་མི་རུང་ངོ་།། གལ་ཏེ་འཕྱགས་པ་རྣམས་ལ་ཡེ་ཤེས ་སྒྱུ་མ་ལྟ་བུ་སྟེ་ཡོད་ན་བྱིས་པས་བརྟགས་པ་མ་ཡིན་ལ། མང་ན་ཡང་འཕགས་པ་དང་བྱིས་མཉམ་པར་འགྱུ་བའོ།། གང་ཕྱིར་ཞེས་པ་ལ་སོགས་པས་དེ་དག་མི་མཉམ་པ་ཉིད་དུ་སྟོན་པའོ།། དེ་ལྟར་ནི་ཕུང་པོ་ལ་སོགས ་པ་ཡོད་པར་སྟོན་པ་མི་འཐད་དོ་ཞེ་ན། མཁའ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། བརྟོགས་པའི་འབྲས་བུ་ནི་ཕུང་པོ་ལ་སོགས་པ་བསྟན་པའོ།། དེའི་འབྲས་བུ་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པའོ།། གང་གི་མ་བྱུང་ཞེས ་པ་ལ་སོགས་པས་སྦྱར་མ་བྱུང་བའི་འབྲས་བུ་རྐྱེན་རྣམས་ཀྱི་སྐྱེ་བར་འདོད་ན། དེ་དག་འབྲེལ་པ་མི་འཐད་དེ། གཅིག་ཡོད་པ་ན། ཅིག་ཤོས་མྱེད་པའི་ཕྱིར་རོ།། གཞན་ཡང་ཡོད་མེད་རིམ་གྱིས་ཀྱང་འགལ་བས་མེད་པ ་འབྲས་བུའི་དངོས་པོའི་བདག་ཉིད་དུ་རེད་པ་མེད་ཅེས་པའོ།། དེ་ལྟ་བུའི་མདོར་མཐོང་ན་ཞེས་པ་ནི་དེ་ལྟ་བུའི་དོན་མདོ་རྣམ་སུ་བཤད་པ་མཐོང་ཞིང་རྟོགས་ན་ཞེས་པའོ།། མུ་སྟེགས་ཅན་རྣམས་ཞེས་པ་ལ་སོགས་པའི ་དོན་ནི་སྐྱེ་བ་དངོས་པོར་རྟོགས་པ་དག། བྱིས་པའི་འཁོར་རྣམས་ལ་རྐྱེན་དུ་མས་འབྲས་བུ་གཅིག་པ་དང་། ཐ་དད་པ་སྐྱེད་པ་དང་། ཡང་རྐྱེན་གཅིག་གིས་འབྲས་བུ་གཅིག་པ་དྲང་ཐ་དད་པ་སྐྱེད་པའི་གཏམ་རྒྱུད་སྣ་ཚོགས ་ཐ་སྙད་པའི་ཚད་མ་ལ་རྟེན་ནས་ཟེར་ཀྱང་དོན་དམ་པར་འགྲོ་བའི་རྨི་ལམ་ལ་སོགས་པ་དང་འདྲ་བ་སྟེ། སྐྱེ་བ་མེད་པ་ལོ་དེ་ལྟར་མ་རྟོགས་པའོ།། འདིའི་དོན་ནི་གཞན་དག་རྒྱུ་མིག་དང་གཟུགས་ལ་སོགས་པ་དུ་མི་ལས ་འབྲས་བུ་མིག་གི་རྣམ་པར་ཤེས་པ་གཅིག་སྐྱེ་བར་འདོད་པ་དང་། ཡང་རྒྱུ་གཅིག་ལས་འབྲས་བུ་གཅིག་ལས་བུ་གཅིག་སྐྱེ་སྟེ། ད་ལྟར་གྱི་བུམ་པའི་སྐད་ཅིག་གཅིག་ཉིད་རང་གི་རིགས་ཀྱི་སྐད་ཅིག་མ་སྒྱུ་མ་ཅིག་ལས ་སྐྱེ་བའོ།། ཡང་རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་དད་པ་སྐྱེད་སྟེ། ནས་དང་སྲན་མོའི་ས་བོན་ཐ་དད་པ་ལས་འབྲས་བུ་མྱུ་གུ་ཐ་དད་པ་སྐྱེད་པ་ལྟ་བུའོ།། རྒྱུ་ཐ་མི་དད་པས་ཀྱང་འབྲས་བུ་ཐ་དད་པ་སྐྱེད། མིག་གི་དབང་པོ་ལས་རང་གི ་རིགས་ཕྱི་མ་དང་། རྣམ་པར་ཤེས་པ་སྐྱེད་པ་ལྟ་བུའོ།། དེ་ལྟར་རྒྱུ་དང་འབྲས་བུའི་རིགས་ནི་དེ་དག་ཙམ་དུ་ཟད་དེ། ཇི་ལྟར་རིགས་པ་བཞིན་དུ་བསྐྱེད་པའི་ཚུལ་སོ་སོར་བདེན་པར་འདོད་པའོ།། འདི ་ནི་དོན་དམ་པར་མི་འཐད་དེ། རྒྱུ་མིག་དང་གཟུགས་ལ་སོགས་པ་དུ་མ་ལས་འབྲས་བུ་མིག་གི་རྣམ་པར་ཤེས་པ་གཅིག་སྐྱེ་བར་འདོད་ན། དངོས་པོ་རྣམས་ཀྱི་འབྲས་བུ་ཐ་དད་དང་ཐོ་དང་མ་ཡིན་པ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། རྒྱུ་ཐ་དད ་ཐ་མི་དད་གཉིས་ཅར་གྱིས་མ་བསྐྱེད་པའི་ཕྱིར།། དེ་ལ་དང་པོ་འབྲས་བུ་ཐ་དད་པ་ནི་རྒྱུ་ཐ་དད་པས་མ་བྱ་སྭཱ་ཏེ། མིག་དང་གཟུགས་ལ་སོགས་པའི་སྐབསུ་རྒྱུ་ལ་ཐ་དད་ཡོད་ཀྱང་འབྲས་བུ་མིག་གི་རྣམ་ཤེས་ཐ་དྲད་དུ་མ་བྱུང་བས་རྣཾ་སུ ་འགྲོ་བ་འཁྲུལ་པའི་ཕྱིར་རོ།། ཡོང་དེ་འདྲོ་བ་ནི་རྒྱུ་ཐ་མི་དད་ཀྱིས་མ་བྱས་ཏེ། ནས་དོང་སྲན་མཱའི་ས་བོན་གྱི་སྐབསུ་རྒྱུ་ལ་ཐ་མཱི་དང་མེད་ཀྱང་འབྲས་བུ་ཐ་དད་དུ་བྱུང་བས་ལྡོག་པ་འཁྲུལྔ་པའི་ཕྱིར་རོ།། དེ་བཞིན་དུ་འབྲས་བུ་ཐ་མི་དང ་པ་ཡང་རྒྱུ་ཐ་མཱི་དད་ཀྱིས་མ་བྱས་ཏེ། མྱིག་དང་གཟུགས་ལ་སོགས་པོའི་སྐབས་སུ་རྒྱུ་ཐ་མི་དང་མེད་ཀྱང་འབྲས་བུ་མིག་གི་རྣམ་ཤེས་ཐ་མི་དང་དུ་བྱུང་བས་ལྡོག་པ་འཁྲུལ་པའི་ཕྱིར་རོ།། ཡང་དེ་འདྲ་བ་ནི་རྒྱུ་ཐ་དད་ཀྱིས་མ་བྱས ་ཏེ་ནཱ་དང་སྲན་མའི་སྐབསུ་རྒྱུལ་ཐ་དད་ཡོད་ཀྱང་འབྲས་བུ་ཐ་མི་དད་མ་བྱུང་བས་རྗེསུ་འགྲོ་བ་འཁྲུལ་པའི་ཕྱིར་རོ།། དེ་ལ་གལ་ཏེ་གཞན་དག་འདི་མི་འཐད་དེ། མིག་དང་གཟུགས་ལ་སོགས་པའི་སྐབ་སུ་རྒྱུ་ལ་ཐ་དད་ཡོད་ཀྱང་། འབྲས ་བུ་མིག་གི་རྣམ་ཤེས་ཐ་དད་པ་མ་བྱུང་བས་དེ་འདྲ་བ་ཐུན་མོང་བླའི་འབྲས་བུ་ཐ་དད་དུ་མི་བྱེད་ཅེས་པ་ནི་གྲུབ་པ་ལ་སྒྲུབ་པའམ། འདོད་པ་ཉིད་ཡིནོ།། ཡཱང་ནས་དང་སྲན་མའི་སྐབསུ་རྒྱུ་ལ་ཐ་དང་ཡོད་ཀྱང་། འབྲས་བུ་ཐ་དད་མ ་བྱུང་བའི་ཕྱིར་ཐ་དད་ཀྱི་ཐ་དད་མི་བསྐྱེད་ཅེས་ཟེར་ན་ནི་གཏན་ཚིགས་ཉིད་མ་གྲུབ་པའོ།། ཡང་ཐ་དད་རྒྱུ་ཐ་མི་དད་ཀྱི་མ་བྱས་ཏེ། ལྡོག་པ་འཁྲུལ་པའི་ཕྱིར་ཞེས་པཱ་ལ། ནས་དང་སྲན་མའི་མྱུ་གུ་ཐ་དད་པ་གཞིར་བཞག་ནས ་རྒྱུ་ཐ་མི་དད་པ་དང་ལྡོག་པ་འཁྲུལ་པའི་ཕྱིར་ཐ་མི་དད་ཀྱིས་མ་བྱས་སོ་ཞེས་ཟེར་བ་ནི། དེ་ལྟར་འདོད་པ་ཉིད་ཡིན་ལ། དབང་པོ་དང་རྣམ་པར་ཤེས་པའི་ཐ་དད་པོ་ལྟ་བུ་བཞིར་བཞག་ནས་རྒྱུ་ཐ་མི་དད་ཀྱིས་མི་དད་ཀྱི་མ་བྱས་ཏེ། ཐ་མི ་དད་མེད་ཀྱང་བྱུང་བས་ལྡོག་པ་འཁྲུལ་པོའི་ཕྱིར་ཞེས་ཟེར་ནོ་ནི་གཏན་ཚིགས་མ་གྲུབ་སྟེ། དེ་དག་གི་རྒྱུ་དབང་པོ་སྔ་མ་གཅིག་ཉིད་ཡིན་པའི་ཕྱིར་རོ།། ཡང་འབྲས་བུ་ཐ་མི་དང་རྒྱུ་ཐཱ་མི་དད་ཀྱེ་མ་བྱས་ཏེ། ལྡེག་འཁྲུལ་པའི་ཕྱིར་ཞེས་པ ་ཡང་མི་འཐད་དེ། མིག་གི་རྣམ་ཤེས་ཐ་མི་དྲོད་པ་ལྟ་བུ་བཞིར་བཞག་ནས་རྒྱུ་ཐ་མི་དདྲ་མེད་ཀྱང་བྱུང་བའི་ཕྱིར་ཐ་མི་དད་ཀྱིས་མ་བྱས་སོ་ཞེས་ཟེར་ན་ནི་དེ་ལྟར་འདོད་པ་ཉིད་ཡིན་ལ། ད་ལྟར་གྱི་བུམ་པའི་སྐད་ཅིག་ལྟ་བུ་བཞིར ་བཞག་ནས་རྒྱུ་ཐ་མི་དད་མེད་ཀྱང་བྱུང་བའི་ཕྱིར་ཐ་མི་དད་ཀྱིས་མ་བྱས་སོ་ཞེ་ས་ཟེར་ན་ནི། གཏན་ཚིགས་མ་གྲུབ་པའོ།། ཡང་འབྲས་བུ་ཐ་མི་དད་རྒྱུ་ཐ་དད་ཀྱིས་མ་བྱས་ཏེ། ནས་དང་སྲན་མའི་སྐབསུ་རྒྱུ་ལ་ཐ་དད་ཡོད་ཀྱང་འབྲས ་བུ་ཐ་མི་དང་མ་བྱུང་བའི་ཕྱིར་ཞེས་ན་ཟེར་ན་ནི། དེ་འདྲ་བའི་ཐ་དང་འབྲས་བུ་ཐཱ་མི་དང་སྐྱེད་པར་མི་འདོད་པས་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ལ། སྐབས་དེར་རྗེས་འགྲོ་འཁྲུལ་པས་སྐབས་གཞན་དུ ་ཡང་ཐ་དད་ཀྱི་ཐ་མི་དང་མི་སྐྱེད་དོ་ཞེས་ཟེར་ན་ནི་ཁྱབ་པ་མོ་གྲུབ་པོ་ཞེས་ཟེར་རོ།། འདི་ནི་མི་འཐད་དེ། དང་པཾ་མིག་དང་གཟུགས་ལ་སོགས་པའི་སྐབསུ་རྒྱུ་ལ་ཐ་དད་ཡོད་ཀྱང་། འབྲས་བུ་ཐ་དད་མ་བྱུང་བས་སྤྱིར་རྗེསུ་འགྲོ་བ་འཁྲུལ ་པའི་ཕྱིར། ནས་དང་སྲན་མའི་མྱུ་གུ་ཐ་དད་པ་ཡོང་རྒྱུ་ཐ་དད་ཀྱི་མ་བྱས་པ་ཉིད་དུ་འགྱུར་ཞེས་འདིར་ཐལ་བའི་དོན་དུ་འགོད་པའོ།། གལ་ཏེ་དེ་འདྲ་བའི་ཐ་དད་པའམ། མིག་དང་གཟུགས་དང་རྣམ་པར་ཤེས་པོ་ལྟ་བུའི་ཟླ་དད་པ། ་རྒྱུ་ཐ་དོད་ཀྱི་བྱས་ན་ཐ་དད་ཁྱད་པར་མེད་མིག་གི་རློམ་ཤེས་ལ་ཡོད་ཡོད་པས་དྲི་ཐ་དད་པ་ཉིད་དུ་ཅིའི་ཕྱིར་མི་འགྱུར་ཞེས་པའོ།། རྒྱུ་ཐ་མི་དད་པ་ཉིད་ཀྱང་སྐབས་དེར་མེད་པའི་ཕྱིར། དེ་འདྲ་བའི་མྱུ་གུ་ཐ་དད་པ་ནི་ཐ་དད་པ ་དང་ཐ་མི་དད་གཉིས་ཆར་གྱི་མ་བྱས་པར་རྒྱུ་མེད་པ་ཉིད་དུ་འགྱུར་པའོ།། གལ་ཏེ་མིག་དང་གཟུགས་ལ་སོགས་པའི་རང་གི་རིགས་ཕྱི་མར་གྱུར་པའི་འབྲས་བུ་ལཱ་བལྟོས་ཏེ། མིག་དང་གཟུགས་ལ་སོགས་པའི་སྐད་ཅིག་མ་སྔ་མ ་རྣམས་རྒྱུའི་ཚོགས་པ་ཐ་དད་པ་ཡིན་ཏེ། རང་གི་རིགས་ཀྱི་འབྲས་བུ་ཕྱི་མ་བསྐྱེད་པ་ལ་ཕན་ཚུན་ལྟོས་པ་མེད་པའི་ཕྱིར་རོ།། ཐུན་མོངས་གི་འབྲསྡུ་མིག་གི་རྣམ་པར་ཤེས་པ་ལ་ནི་དེ་རྣམས་རྒྱུའི་ཚོགས་པ་གཅིག་པ་སྟེ།། ་གང་ཡང་རུང་བ་གཅིག་མ་ཚང་བ་ཡང་མིག་གི་རྣམ་ཤེས་མི་འབྱུང་བའི་ཕྱིར་རོ།། དེའི་ཕྱིར་མིག་གི་རྣམ་པར་ཤེས་ལ་བལྟོས་ཏེ། དེ་དག་ལྷན་ཅིག་བྱེད་པ་ཐ་དད་པ་ཙམ་ཡིན་གྱི། ཚོགས་ཐ་དད་པ་མ་ཡིན་པས་ཐ་དད ་ཁྱད་པར་མེད་པའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་པའོ།། ནས་དང་སྲན་མའི་ཐ་དོད་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ།། དེའི་ཕྱིར་རྒྱུའི་ཚོགས་པ་ཐ་དད་པཱ་འབྲས་བུ་ཐ་དད་ཉི་དུ་བསྐྱེད་ཅིང་། པ་ཐ་མི་དད་པས་འབྲས་བུ་གཅིག ་པོ་ཉིད་དུ་བསྐྱེད་དེ། འདི་ནི་མཐའ་གཅིག་ཏུ་ངེས་པའོ།། ལྷན་ཅིག་བྱེད་པ་ནི་ངེས་པ་མེད་དེ། གཅིག་ལས་ཐ་དད་པ་དང་། ཐ་དོད་པས་ཀྱང་གཅིག་ལ་སོགས་པ་སྣ་ཚོགསུ་འགྱུར་རོ་ཞེ་ན། མི་འཐད་དེ། འདིར་མིག་དང་གཟུགས ་ལ་སོགས་པའི་ཚོགས་པ་དང་། ཚོགས་པ་ཅན་གྱི་ལྷན་ཅིག་བྱེད་པ་རྣམས་གཅིག་གམ་ཐ་དད་ཅེས་བརྟགས་པར་བྱའོ།། གལ་ཏེ་ཐ་དད་ཅེས་ཟེར་ན་དེ་དག་འབྲེལ་པ་ཡོད་དམ་མེད། གལ་ཏེ་མེད་པར་འདོད་ན་རྣམ་པར་ཤེས ་པ་གཅིག་གི་རྒྱུ་ཚོགས་པ་གཅིག་པ་ཁོ་ན་ཡིན་པས་ལྷན་ཅིག་བྱེད་པ་ཐ་དད་པ་རྣམས་ལ་རྒྱུ་མ་ཡིན་པའི་ཕྱིར་དེ་རྣམས་ལ་མི་ལྟོས་པར་ཐལ་ལོ།། གལ་ཏེ་འབྲེལ་པ་འདོད་ན་ཐ་དད་པའི་འབྲེལ་པ་ལ་རྒྱུ་དང་འབྲས་བུ་ལས ་གཞན་མི་འཐད་ལ། དེ་ལས་ཚོགས་པ་གཅིག་པ་ཚོགས་པ་ཅན་ལྷན་ཅིག་བྱེད་པ་ཐ་དད་པའི་འབྲས་བུར་ཁས་ལེན་དགོས་པས་ཐ་དད་དང་ཐ་དད་མ་ཡིན་པ་རྒྱུ་མེད་པར་ཐལ་བའི་ཉེས་པ་སྔ་མ་ཉིད་སེ་ན་འདུག་གོ།། གལ་ཏེ ་ཚོགས་པ་གཅིག་པའི་འབྲས་བུ་སྐྱེད་པ་ལྟོས་ཏེ། ཡང་དེ་རྣམས་ཚོགས་པ་གཅིག་པ་ཡིན་པས་སྐྱོན་མེད་དོ་ཞེ་ན། དེ་འདྲ་བའི་ཚོགས་པ་གཅིག་པ་དེ་ལ་ཡང་བརྟག་པ་སྔ་མ་ཉིད་མཚུངས་པས་རྐྱེན་རྣམ ་ཚོགས་པ་གཅིག་པ་ཉིད་ཚེ་ལ་སྦྱོར་བའི་ཕྱིར། མིག་གི་རྣམ་ཤེས་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། བསམས་པས་གོ་བར་ཟད་དོ།། གལ་ཏེ་ཚོགས་པ་དང་ཚོགས་པ་དང་ཚོགས་པ་ཅན་གཞི་རྟེན་ནི། ཚོགས་པ་ཅན་ལྷན་ཅིག་བྱེད་པ་ཐ ་ད་པ་བཞིན་དུ་ཚོགས་པ་ཡང་ཐ་དད་པར་འགྱུར་ཏེ། ཐ་དང་དང་གཅིག་པའི་ཕྱིར། དཔེར་ན་སྐར་མའི་དཀར་པོ་ཉིད་བཞིན་ནོ།། དེ་བཞན་དུ་ཚོགས་པ་ཅན་རྣམས་ཀྱང་གཅིག་ཉིད་དུ་འགྱུར་ཏེ། གཅིག་དང་ཐ་མི་དད་པའི་ཕྱིར་རོ།། ་གཞན་ཡང་འབྲས་བུ་ཐ་དད་པ་རྒྱུ་ཐ་མིད་ཀྱིས་མ་བྱས་ཏེ། ལྡོག་པ་འཁྲུལ་པའི་ཕྱིར་ཞེས་པ་ཡང་དབང་པོ་དང་རྣམ་པར་ཤེས་པའི་ཐ་དད་པ་ཡང་རྒྱུ་ཐ་མི་དད་ཀྱིས་མ་བྱས་པ་ཉིད་དུ་འགྱུར་ཏེ། གྲལ་ཏེ་དེ་འདྲ་བའི་ཐ་དད་པོ་རྒྱུ་ཐ ་མི་དད་ཀྱིས་བྱས་ན། གླང་དུ་རྒྱུ་ཐ་མི་དང་ལོག་པོ་དེར་འབྲས་བུ་ཐ་དད་ལྡོག་པར་འགྱུར་བ་ལས། ནེས་དང་སྲན་མའི་སྐབས་རྒྱུ་ཐ་མི་དང་ལོག་ཀྱང་། འབྲས་བུ་ཐཱ་དང་མ་ལོག་པའི་ཕྱིར་རོ།། དེའི་ཕྱིར་དབྱུང་དུང་རྣམ་པུར་ཤོས ་པའི་ཐ་དད་པོ་ནི་རྒྱུ་ཐ་མི་དད་ཀྱིས་མ་བྱས་ལ། ཐ་དད་པ་ཡང་སྐབས་དེར་ཁས་མི་ལེན་པས་རྒྱུ་མེད་པ་ཉིད་དུ་འགྱུར་ཞེས་པའོ།། ཡང་འབྲས་བུ་ཐ་མི་དང་རྒྱུ་ཐ་མི་དད་ཀྱིས་མ་བྱས་ཏེ། ལྡོག་པ་འཁྲིལ་བའི་ཕྱིར་ཞེས་པའི་དོན་ཡང་ད ་ལྟ་བའི་བུམ་པའི་སྐད་ཅིག་གཅིག་པ་དེ་ཉིད་རྒྱུ་ཐ་མི་དད་ཀྱིས་མ་བྱས་པར་ཐལ་ཏེ། ཐ་མི་དད་དང་ལྡོག་པ་འཁྲུལ་པའི་ཕྱིར་ཞེས་པའོ།། ཡང་དེ་འདྲ་བའི་རྒྱུ་ཐ་དད་པས་ཀྱང་མ་བྱས་པའི་ཕྱིར་རྣམ་པ་ཐམས་ཅད་དུ་རྒྱུ་མེད་པར ་འགྱུར་བའོ།། ཡང་འབྲས་བུ་ཐ་མི་དད་ཀྱི་མ་བྱས་ཏེ། རྗེས་འགྲོ་འཁྲུལ་པའི་ཕྱིར་ཞེས་པའི་དོན་ཡང་མིག་གི་རྣམ་ཤཽས་ཐ་མི་དུད་ཀྱི་མ་བྱས་པར་ཐལ་ཏེ་འགྲོ་བ་འཁྲུལ་པོའི་ཕྱིར་རོ།། གལ་ཏེ་དེ་འདྲའི་ཐ་མི་དད་རྒྱུ་ཐ་དད་ཀྱིས ་བྱས་ནས་ནས་དང་སྲན་མའི་སྐབསུ་ཡང་རྒྱུ་ཐ་དོད་ཁྱད་པར་མེད་པར་ཡོད་པས་འབྲས་བུ་ཐ་མི་དང་ཉིད་དུ་འགྱུར་བའོ།། དེའི་ཕྱིར་མིག་གི་རྣ་མོ་ཤེས་གཅིག་པོ་དེ་ཉིད་རྒྱུ་ཐ་དད་དང་ཐ་མི་དང་གཉིས་ཆར་གྱིས་མ་བྱསྡུ་བའི་ཕྱིར་རྒྱུ་མེད ་པ་ཉིད་དུ་འགྱུར་རོ།། གལ་ཏེ་ནས་དང་སྨན་མོའི་ཐ་དད་པ་ནི་ཚོགས་པ་ཐ་དད་པ་ཡིན་ལ། མིག་དང་གཟུགས་ལ་སོགས་པ་ནི་སྔོར་བསྟན་པ་ལྟར་ལྷན་ཅིག་བྱེད་པ་ཐ་དད་པ་ཡིན་པས་ཐ་དད་པ་ཁྱད་པར་མེད་པའི་ཕྱིར་ཞེས་པའི ་གཏན་ཚིགས་མ་གྲུབ་བོ་ཞེ་ན། འདིའི་ལན་ནི་སྔར་བསྟན་ནོ།། དེ་ལྟར་རྒྱུ་དུ་མས་འབྲས་བུ་གཅིག་བསྐྱེད་པའི་ཕྱོགས་བཀེག་ནཱ་ཡང་དུལྟ་དུ་མ་བསྐྱེད་པའི་ཡང་མི་འཐད་དེ། རྒྱུ་དུ་མྦྷ་དེ་རྣམས་ཕན་ཚུན་ལྟོས་ནས་འབྲས་བུ་རེ་རྙེད ་ཚམ་ན་ནི་དུ་མས་གཅིག་བསྐྱེད་པའི་ཕྱོགསུ་འགྱུར་ལ། མ་ལྟོས་པར་སོ་སོས་རེ་རེ་བསྐྱང་ན་ཡང་གཅིག་གོས་གཅིག་བསྐྱེད་པའི་ཕྱོག་སུ་འགྱུར་ན་དེ་ཡང་མི་འཐད་དོ། མིག་ལ་སོགས་པའི་དབང་པོ་གང་ཡང་རུང ་གཅིག་གིས་རང་གི་རིགས་ཕྱི་མ་ཁོནྡ་སྐྱེད་ན་རྣམ་པར་ཤེས་པ་མྱ་བསྐྱེད་པའི་ཕྱིར་འགྲོ་བྱ་ཐམས་ཅད་འོན་པ་དང་ལོང་བར་འགྱུར་རོ།། གལ་ཏེ་རྣམ་པར་ཤེས་པ་ཅིག་ཉིད་སྐྱེད་དུ་ཞེ་ན། རང་གི་རིཏྟ ་ཕྱི་མ་མ་བསྐྱེད་པས་སྐད་ཅིཀྲ་གཉིས་ཕྱིན་ཆད་རྣམ་པར་ཤེས་པ་མི་འབྱུང་བསྡུ་ཡང་འགྲོ་བ་འོན་པོ་དང་ལོ་བ་ལ་སོགས་པར་འགྱུར་ཏེ། དབང་པོ་མེད་པའི་རྣམ་པར་ཤེས་པ་མི་འཐད་པའི་ཕྱིར་རོ།། གོལ་ཏེ་དབང་པོ་ལྟ་བུ ་གཅིག་གིས་ནི་འབྲས་བུ་གཅིག་སྐྱེད་པོར་ཁས་མི་ལེན་ཏེ། གཞན་དུ་བུ་པོ་ལྟ་བུའི་སྐད་ཅིག་སྔ་མ་གཅིག་ཉིད་ཀྱི་འབྲས་བུ་སྐད་ཅིག་མ་ཕྱི་མ་གཅིག་བསྐྱེད་དྲོ་ཞེ་ན། མི་འཐད་དེ། དེ་ཡང་ཐ་ན་དབང་པོའི་ཤེས་པ་དུ་མ་ལ་ཕན་འདོགས་པའི ་ཕྱིར་གཅིག་གིས་ཁོ་ན་སྐྱེད་པ་ནི་གནས་སྐབས་གང་དུ་ཡང་མི་སྲིད་དོ།། ཡང་གཅིག་གིས་དུ་མ་སྐྱེད་པ་ཡང་མི་འཐད་དེ། སྔར་བསྟན་པ་ལྟར་དངོས་པོ་རྣམས་ཀྱི་ཐ་དད་དང་ཐ་དད་མ་ཡིན་པ་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། སྔར་བསྟན་པའི ་རྗེསུ་འབྲངས་ཏེ་རྟོགས་པར་བྱའོ།། སྔར་བསྟན་པའི་མཐའ་བཞིར་སྦྱར་བའི་གཏན་ཚོགས་ཀྱང་འོ་ན།། དེ་དོན་དམ་བཱི་སྐྱེ་བ་འགོག་པ་ལས་ཀུན་རྫོབ་པ་ནི་དགག་པར་མི་ནུས་ཏེ། ཀུན་རྫོབ་ལ་རིགས་པའི་སྤྱད་པོ་མི་འཇུག་པའི་ཕྱིར་རོ།། ་འདིར་ཀྱང་ཞེས་པའི་ཚིག་ནི་འགལ་བའི་རྒྱན་ཏེ། དེ་ལྟར་རྐྱེན་གྱིས་གོཅིག་དང་ཐ་དད་པ་མི་སྐྱེད་པར་རྣམ་པར་འཇོག་མོད་ཀྱི་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ནི་མ་གཏོགས་ཞེས་པའོ།། དེ་ལྟར་སྐྱེ་བ་ལ་སོགས་པ་དངོས་པོར་མེད་ན་ཐོག་མ ་ཉིད་དུ་དེ་དག་ཡོད་པར་སྟོན་པ་མི་འཐུད་དྲོ་ཞེ་ན། བརྗོད་པའི་ཡུལ་གྱི་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་དག་ཡོད་པར་སྟོན་པའི་ཐེག་པ་ནི་ཐེག་པ་ཆེན་པོ་རྟོགས་པར་བྱ་བའི་དོན་དུ་བསྟན་པའོ།། མཚན་ཉིད་དང་ནི་དངོས་དབྱིབས་དང་ཞེས ་པ་ནི་གཟུགས་ཀྱི་ཕུང་པོ་ཡིན་ལ། མིང་ནི་མིང་བཞིའི་ཕུང་པོའོ།། གང་རྣམས་ཞེས་པ་ལ་སོགས་པས་སྲས་ཀྱི་ས་ལ་གནས་པའི་གང་ཟག་སྟོན་ཏེ། ཕྱག་རྒྱ་ཞེས་པ་ནི་གྲོལ་པ་ཉིད་དུ་མཚོན་པའི་རྟགས་དང་མཚན་མའོ།། གཟུགས་ཀྱི་རྣམ ་ཤེས་ཞེས་པ་ལ་སོགས་པས་དེར་འཛིན་པའི་ཕྱིན་ཅི་ལོག་སྤངས་ནས་ཟག་པ་དང་བཅས་པའི་ལས་འཇིགས་པར་འགྱུར་ན་མཐའ་གཉིསུ་འཛིན་པོ་ལྡོག་ཅིང་། འཁོར་བ་དག་ཀྱང་མེད་པར་འགྱུར་བའོ།། ལྡོག་པའི་ཚེ་ནི་ཞེས་པ་ལ་སོགས ་པས་དོན་དེ་ཉིད་རྒྱས་པར་འཆད་དེ། ཡོད་མེད་ཉོས་དང་བྲལ་བའི་ལས།། ཀུན་གཞི་ལ་ནི་རབ་ཏུ་གནས། ཞེས་པ་ནི་མཐའ་གཉི་སུ་འཛིན་པ་དང་བྲལ་བ་ཟག་པ་མེད་པའི་ལས་ཀྱི་སྐུ་ས་བོན་ཀུན་གཞི་ལ་གནས་པ་སྟེ། དྲིས་རྣམ་པར་ཤེས་པ ་ཁུ་ཁྲག་གི་ནང་དུ་རྐྱལ་ཞིང་འགྲོ་བའི་གཟུགས་སྣ་ཚོགས་ལྟུང་བར་མི་འགྱུར་བྱའོ།། ཡང་གཟུགས་དང་རྣམ་ཤེས་འབྲེལ་པ་སྟེ་གཟུགས་ཀྱི་མཚན་མར་འཛིན་པ་རྣམས་ཀྱིས་ཟློག་པ་དང་བཅས་པའི་ལས་འཇིག་པར་མི་འགྱུར་རོ།། ་དེ་དག་འབྲེལ་ཞེས་པོ་ནི་མཚན་མར་འཛིན་པ་དང་འབྲེལ་པའོ།། གལ་ཏེ་དེ་འདྲ་བའི་ལས་ཞིག་ཀྱང་སེམས་དང་ལྷན་ཅིག་དུ་འཁོར་བའི་ལུས་འགྲུབ་པར་འགྱུར་རོ་ཞེ་ན། དེ་འདྲ་བའི་ལུས་ནི་སེམས་ཙམ་དང་འབྲེལ་པའི་ཕྱིར་དེ་དག་ཐ་མི་དད་པའི ་ཚུལ་གྱིས་རྟག་ཏུ་འབྱུང་བར་འགྱུར་ན་དེ་ནི་མི་འཐད་པའོ།། སེམས་དང་གཟུགས་རྣམ་པར་རྟོག་པ་སྟེ། རྟོག་པའི་རང་བཞིན་དུ་གྱུར་པའི་གཟུགསུ་སྣང་བ་དང་གཅིག་དང་ཐ་དད་ལས་གྲོལ་བ ་སྟེ། དོན་དམ་པའི་དབང་དུ་བྱས་པའོ།། ཀུན་དུ་བརྟགས་དང་ཞེས་པ་ལ་སོགས་པས་ནི་རྣམ་གྲངས་ཀྱི་ཀུན་ཏུ་བརྟགས་པ་དང་གཞན་གྱིས་ལས་ནི་གཅིགྲོ་ཉིད་ཡིན་ལ་དེ་ཡང་སྒྱུ་མ་ལྟ་བུར་ཡོད་པ་དེ་ཡང་སྒྱུ་མ་ལྟ་བུར ་ཡོད་པ་ཉིད་དུ་སྟོན་ཏོ།། དེ་ཡང་དོན་དམ་པར་གཅིག་དང་ཐ་དད་ལས་གྲོལ་བའི་བརྟགས་པ་ལ་བརྟགས་པ་ཉིད་དུ་ཁོང་དུ་མ་ཆུད་ན། ཡོད་དང་མེད་པར་ཇི་ལྟར་འགྱུར་ཏེ། དེ་འདྲ་བའི་བློའི་དོན་གཞན་གྱིས་དབང་ནི་ཀུན ་ཡོད་ལ། ཀུན་དུ་བརྟགས་པ་ནི་མེད་དོ་ཞེས་རྣམ་པར་དབྱེ་བ་མི་འཐད་དེ་གཟུགས་དང་མི་རྟག་པར་དབྱེ་བ་མི་འཐུད་པ་བཞིན་ནོ།། གལ་ཏེ་བརྟགས་པ་ལ་བརྟགས་པ་ཉིད་དུ་ཤེས་ན་ནི་དེ་ནོ་མེད་ལ་གཞན་གྱི་དབང་ནི་ཡོད ་དྲོ་ཞེས་རྣམ་པར་དབྱེ་བ་འཐད་པའོ།། གཞན་ཡང་བརྟ་གྲོས་པ་ཉིད་དུ་མཐོང་ན་དེ་འདྲ་བའི་དངོས་པོརོ་རྟོགས་པའི་གཞན་གྱི་དབང་ཀུན་རྫོབ་ཏུ་ཡང་མི་སྐྱེ་བའོ།། ཡང་གཞན་གྱི་དབང་སྒྱུ་མ་ལྟ་བུར་མཐོང་ན་རྣམ་གྲངས ་ཀྱི་ཀུན་དུ་བརྟགས་པ་ཡང་དེ་དང་ཐ་དད་མེད་པས་དེ་བཞིན་ཉིད་སྒྱུ་མ་ལྟ་བུར་རྟོགས་པར་འགྱུར་བའོ།། རྟོགས་པ་རྣམ་པར་འཇིག་ཅིང་ཞེས་པ་ལ་སོགས་པས་གཞན་དབང་ལ་སྐུར་པ་འདེབས་པའི་མཐའ་འགོག་པའོ།། ་སྒྲོ་འདོགས་པ་ནི་གཞན་དབང་དངོས་པོའི་ངོ་བོ་དོན་དམ་པར་རྟོགས་པའོ།། ངའི་ཚུལ་ནི་མཐའ་གཉིས་སྤངས་པའི་དབུ་མའོ།། དེ་ལྟ་བུ་ངའི་ཚུལ་ལུགྣ་སུན་འབྱིན་པ་དང་མཁས་པ་རྣམས་ལམ་གཅིག་ནས་མི་འགྲོ་ཞིང་གཏཾ ་མི་བྱ་བ་སྟེ། དེ་དག་རྗེ་སུ་མི་གཟུང་བར་མི་ནུས་པའི་ཚེའོ།། དགེ་སློང་གི་དྲོན་ནི་འགའ་ཞིག་བསྙེན་པར་རྫོགས་པའི་འཕྲིན་ལཱས་ཏེ་དེ་དང་ལྷན་ཅིག་མི་བྱ་བའོ།། དེ་དག་སྡུད་པ་ནི་འཁོར་དང་ཡིད་བཅུགས་ཉིད་དུ་བྱེད་པའོ།། གཙྪ ་ཡང་རྣམ་པར་འཇིག་པ་ནི་ཡང་དག་པའི་རྟོགས་པ་ལྔས་ཉམས་པར་བྱེད་པའོ།། མུ་ཏི་གྲ་ནོར་བུ་ཞེས་པ་ལ་སོགས་པ་སྭ་ནི་དགོངས་པ་ཙནྡ་གྱི་ཚིགོ་སྟོན་ཏེ། དེ་ལ་མེད་པར་བསྟན་པ་ནི་དོན་དམ་པ་ལྔ་དགོངས་པ་སྟེ། ནོར ་བུ་མུ་ཏིག་གསེར་འབྱུང་རྣམས་ཞེས་པ་ལ་སོགས་པ་དྲིས་པའི་ལྷདུ་ཡཱ་སྦྱོར་བར་བྱའོ།། ཇི་ལྟར་ཞེས་པ་ལ་སོགས་པས་ནི་ཡོད་པར་སྟོན་པའི་ཚིག་སྟེ་ཀུན་རྫོབ་ལ་དགོངས་པའོ།། གལ་ཏེ་དེ་ལྟ་ན། ཇི་ལྟར་བྱིས་པས་བརྟགས་པ ་ལྟར།། དངོས་པོ་རྣམས་ནི་ཡོད་པ་མིན་ཞེས་བསྟན་པ་དང་འགལ་ལོ་ཞེ་ན། སྐྱོན་མེད། དེ་ནི་དངོས་པོའི་ངོ་བློ་དོན་དམ་པར་མ་གྲུབ་པ་ཡིན་ལ། འདིར་ནི་རྟོགས་པའི་བཟུང་བ་ཉིད་དུ་གྱུར་པའི་བརྟགས་པ་ཀུན་རྫོབ་ཏུ་རྟོག་པའི་བདག ་ཉིད་དུ་ཡོད་པའོ།། རྣམ་པར་ཐར་པ་གསུམ་སྤྱོད་ཅེས་པ་ལ་སོགས་པས་དེ་རྣམས་དོན་དམ་པར་མེད་པ་ཉིད་དུ་སྟོན་པའོ།། འབྱོར་པ་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་འབྱོར་པའོ།། ངའི་བསྟན་ལ་ཞེས་པ་ལ ་སོགས་པས་ནི་ལུང་བསྟན་གྱི་ཁྱད་པརཱ་ཏེ། ཁྱེད་ཀྱི་ལུང་བསྟན་རྣམ་པ་དུ་ཞེས་དྲིས་པའི་ལན་དུ་སྦྱར་བར་བྱའོ།། འཕགས་པའི་སྤྱོད་ཡུལ་ནི་རྟེནྡ་འབྲེལ་གྱི་དེ་ཁོ་ན་ཉིད་དོ།། གཟུགས་ཟན་ནི ་འབྲས་ཀྱི་གཟེགས་མ་ཙམ་ལ་ལོངས་སྤྱོད་པ་དཀའ་ཐུབ་ཀྱི་ཆ་འཛིན་པོའི་དྲང་སྲོང་སྟེ། བྱེ་བྲག་པའི་སྟོན་པའོ།། འབྲས་བུ་མོང་པར་སྤྲོ་བ་ནི་ལས་དང་འབྲས་བུའི་འབྲེལ་པ་འཇིགས་པར་བྱེད་པའོ།། དེ་དག་ནི་རིགས་མཐུན ་པའི་རྡུལ་ཕྲ་རབ་འདུས་པ་ལས། འགྲོ་བོའི་ལུས་དྲང་སྣོད་ཀྱི་འཇིག་རྟེན་བྱུང་ལ། རྡུལ་ཕྲ་རབ་ནི་རྟག་པ་རྒྱུ་མེད་པར་འདོད་པའོ།། རྫས་རྣམས་ཀྱིས་ནི་རྫས་ཙམ་ཞེས་པ་ལ་སོགས་པས་ནི་རྡུལ་ཕྲ་རབས་ཀྱི་རྫས་ཀྱིས་རགས་པའི ་རྫས་རྩོམ་ལ། གཟུགསྡེ་ལ་སོགས་པའི་ཡོན་ཏན་གྱི་སྐད་ཅིག་སྔ་མ་ཕྱི་མི་རྣམས་སྐྱེད་པའོ།། དངོས་པོ་དག་གིས་དངོས་ཉིད་གཞན་ཞེས་པ་ནི་རིགས་པ་སྒྱུ་མ་ལྟ་བུར་ཡོད་པ་གང་ཟག་གི་བདག་མེད་པ་ནི་འཇིགས་པར་བྱེད་པའོ།། ་གཞན་ཡང་འགྲོ་བའི་རིགས་སྔར་མ་བྱུང་བ་འབྱུང་བར་འགྱུར་ན། འཁོར་བའི་ཐོག་མ་ཡོད་པར་ཐལ་བའོ།། དེ་ལྟར་འདོད་པ་ནི་མི་འཐུང་དེ། མ་རིག་པ་དང་ལྷན་ཅིག་པའི་སེམས་ཉིད་ཀུན་རྫོབ་ཏུ་རྒྱུ་མེད་པ་མི་འཐང་ལོ། རྒྱུ ་ཡང་ཕྱི་རོལ་གྱི་དངོས་པོ་འམ། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ནི་མི་འཐད་པ་རང་གི་རིགས་སྔ་མ་སྔ་མ་རྣམས་སྔོན་དུ་འགྲོ་བའི་སྟེ། དེའི་ཕྱིར་འཁོར་བ་ལ་ཐོག་མ་མེད་པའོ།། མེད་པ་སྐྱེད་པ་འགོག་པ་ནི་སྔར་རྒྱས་པར་བསྟན་ནོ།། ་གཅིག་པུ་ལས་གཅིག་འབྱུང་ན་ཞེས་པ་ནི་རྩི་རྐྱང་ལྟ་བུ་གཅིག་པོ་ལུས་མེད་པའི་རེ་ལྡེ་གཅིག་ཉིད་འབྱུང་བར་འདོད་ན། དེ་ལས་གཞན་པའི་རྐྱེན་འཇིམ་པའི་གོང་བུ་ལ་སོགས་པ་རྣམས་ལས་ཀྱང་མེད་པའི་རེ་ལྡེ་ཅིའི་ཕྱིར་མི ་འབྱུང་སྟེ། མེད་པར་ཁྱད་པར་མེད་པའི་ཕྱིར་རོ།། དོན་ཞིབ་ཏུ་ནི་སྔར་བསྟན་ཏོ།། འཚོ་བ་ནི་སྲོག་གི་དབང་པོའོ།། དེ་ལྟ་ན་སངས་རྒྱས་ཉིད་ཀྱིས་ཀྱང་མེད་པ་སྐྱེ་བའི་ཕྱོགས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཕྱོགས་སྔ ་མ་ཉིད་གཞན་གྱི་ལུགས་བསྟན་པའོ།། དེ་ལྟར་བསྟུན་པའི་དགོས་པ་ཡང་དངོས་པོར་ཞེན་པའི་སྐྱེ་བོ་གང་དག། རྟག་ཏུ་དེ་ལྟར་འགྱུར་བ་ལྡོག་པའི་དོན་དུ་དེ་དང་མཐུན་པའི་དོན་བསྟན་པས་བྱིང་ནས་སྐྱེ་བ་མྱེད་པའི་དེ་ཁོ་ན ་ཉིད་རྟོག་པར་བྱེད་པའོ།། གཞན་ཡང་ཡན་ལག་སོར་སྒྱུ་ཞེས་པ་གྲངས་ཅན་གྱི་སྟོན་པ་དྲང་སྲོང་སེར་སྐྱའོ།། གང་གི་དངོས་པོ་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་རིག་པ་རྒྱུ་དང་བཅས་པར་སྟོན་ཏེ། དངོས་པོ་ལ་ནི་དམིགས ་བྱས་ཞེས་པ་ནི་སེམས་ཀྱི་བདག་ཉིད་དུ་གྱུར་པའི་དངོས་པོ་གཟུགས་ལ་སོགས་པར་སྣང་བའོ།། འཕགས་པའི་དངོས་པོའི་ཚུལ་ཞེས་ཚུལ་ཞེས་པ་ནི་འཕགས་པ་སོ་སོ་ར་གི་རིག་པར་བྱ་བའི་དོན་ལ། ཡོད་པར་སྒྲོ་འདོག ་པ་དང་མེད་པར་སྐུར་པ་འདེབས་པ་ནི་ངའི་ཚུལ་ལ་མི་མཁས་པའོ།། འཇིག་རྟེན་པའི་སེམས་ཞེས་པ་ནི་འཇིག་རྟེན་པས་བརྟགས་པ་སྟེ། སེམས་ཙམ་ཡང་དག་པ་ཉིད་མ་ཡིན་ནོ།། རྨི་ལམོ་དང་འདྲ་བར་སྐྱེ་བ་ནི་གཉིས་སུ་སྣང ་བ་སེམས་ཉིད་ཅེས་པའོ།། མཚན་ཉིད་མེད་པ་ནི་དོན་དམ་པར་རོ།། ཇི་ལྟར་ཞེས་པ་ལ་སོགས་པས་ནི་རང་རིག་དོན་དམ་པར་ཡོད་པ་འགོག་པ་སྟེ། ཇི་ལྟར་གྲིའི་སྤོས་རང་ཉིད་མི་གཅོད་པ་དང་། མཛུབ ་མོས་རང་གི་རྩེ་མོ་ལ་རེག་པར་མི་འགྱུར་པ་བཞིན་དུ་སེམས་ཀྱིས་རང་ཉིད་མི་རིགས་པའོ།། འདིའི་དོན་ཡང་རང་སྣང་བས་སྟོང་པའི་ཕྱིར་ཞེས་པའོ།། གལ་ཏེ་རང་སྣང་བར་ཁས་ལེན་ན་ནི་རང་ཉིད་ལ་རྣམ་པར་འཇོག་པ་དང་། དེས་བཞུག ་པའི་རྣམ་པ་དང་གཉིསུ་འགྱུར་རོ།། གལ་ཏེ་འདིར་རང་གཽ་ལ་རང་གི་རྣམ་པ་སྣང་བའི་སྒོ་ནས་རང་རིག་པ་ནི་མ་ཡིན་གྱི། འོན་ཀྱང་བྱེམ་པོ་འམ་དངོས་པོ་མེད་པ་ལས་ལྡོག་སྟེ། རིག་པའི་རང་བཞིན་དུ་སྐྱེས་པ་ཉིད་དང་རིག་པ་ཡིན་ནོ་ཞེ་ན། དེ ་ལྟར་ན་དངོས་པོ་རྣམས་རྒྱུ་གཞན་མེད་པར་རང་ཉིད་སྐྱེ་བོ་ཞེས་ཀྱང་ཅིའི་ཕྱིར་ན་མི་འབྱེད་དེ། དེར་ཡང་དངོས་པོ་མ་སྐྱེས་པ་ལས་ལོག་ནས། སྐྱེས་པའི་ངོ་བོར་བྱུང་བ་ཉིད་རང་གྲི་སྐྱེད་པའི། རང་སྐྱེ་བའོ།། གལ་ཏེ་ད་རང་གི་རང་བཞི་གཅིག་ཉིད་ལ་སྐྱེད་བྱ་དང་། སྐྱེད་བྱེད་མ་བཟ་ནེམ ་དྲི་བཞིན་དུ་གཅིག་ལ་རིག་བྱ་དང་རིག་བྱེད་ཀྱང་མི་འཐོད་དོ།། གལ་ཏེ་སྐྱོང་བྱེད་གཞོན་ལ་མ་བལྟོས་པར་རང་སྐྱེ་བོ་ནི་མི་འཐད་དེ། དེ་ལྟ་ན་རྟོག་ཏུ་ཡོད་པ་འམ་མེད་པ་ཉིད་དུ་འགྱུར་གྱིས། རེས་འགྲའ་བར་འགལ་བའི་ཕྱིར་རོ་ཞེ་ན། ་རིགས་བྱེད་གཞན་ལ་མ་བལྟོས་པར་རང་རིག་པ་ཡང་མི་འཐད་དེ། རེས་འགའ་བར་འགལ་བའི་ཕྱིར་རོ།། གཞོན་ཡང་སེམས་ཀྱིས་སེམས་ནི་མི་མཐོང་ཞེས་པ་དང་། སྒྱུ་མ་ལྟ་བུ་དང་། རྣམ་པར་མི་རིག་པ་སྟེ་ཞེས་པ་ལ་སོགས་པ ་མདོ་སྡེ་གཞན་དག་ལས་ཀྱང་གསུངས་པའི་ཕྱིར་རོ།། དེས་ན་སེམས་ཉིད་རིགས་པའི་གཞན་དབང་ཡང་མི་འཐད་དོ།། སྐྱེད་པར་བྱེད་ལ་དགྲོངསྲ་ཞེས་པ་ནི་དོན་དམ་པར་མེད་པ་ལ་དགོངས་པའོ།། རྣམ་པ་སྣ་ཚོགས་ཞེས་པ་ལ ་སོགས་པས་རྣམ་རྟོག་ཀུན་རྫོབ་ཙམ་དུ་ཡང་མོང་ན། སྣ་ཚོགས་ཀྱི་དོན་དུ་སྣང་བ་ཡང་མི་འཐད་དེ། རི་བོང་གི་རརྭ་ལ་སོགས་པ་ཡང་དེ་ལྟར་འགྱུར་བའི་ཕྱིར་ཞེས་པའོ།། གལ་ཏེ་མ་བརྟགས་ཞེས་པ་ལ་སོགས་པས་སེམས་ལས་ཐ་དད་ཀྱི ་དངོས་པོ་ལ་སོགས་པར་མ་བརྟགས་པའི་དོན་ཀུན་རྫོབ་ཏུ་སེམས་ཀྱི་ངོ་བོར་ཡོད་ན། སེམས་ཀྱང་དོན་དུ་སྣང་བར་འགྱུར་བའོ།། ཐོག་མ་མེད་ལྡན་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་སེམས་མྱེད་ན་དོན་དུ་སྣང་བ་མི་འཐད་པའོ།། ཇི ་ལྟར་ད་ལྟར་ཞེས་པ་ལ་སྩོགས་པས་དོན་ད་ལྟར་མེད་པ་བཞིན་དུ་སྔོན་ཡང་མེད་ལ། དེ་བཞིན་དུ་སེམས་ཀྱང་མེད་པས། དོན་དུ་སྣང་བའི་སེམས་རྒྱུན་གྱིས་འཇུག་པ་མི་འཐད་པའོ།། དེ་ལྟར་ན་སྟོང་པ་ལ་སོགས་པར་བསྟན་པ་མི ་འཐད་དོ་ཞེ་ན། དེ་བཞིན་ཉིད་དང་ཞེས་པ་ལ་སོགས་པ་གསུངས་ཏེ།། དེ་དག་དོན་དམ་པ་ལ་དགོངས་ཏེ་བསྟན་པའོ།། སྣང་བ་མེད་པར་སེམས་མངོན་ཞེས་པ་ནི་དེ་ཁོ་ན་ཉིད་དུ་མེད་པར་སྣ་ཚོགས་སུ་སྣང་བ་སྟེ། དེ་འདྲ་བའི་བྱེ་བྲག་ཐོག་མ ་མེད་པའི་བག་ཆགས་ལས་བྱུང་བའོ།། གལ་ཏེ་ཐོག་མ་མེད་པ་ནས་དོན་ཀྱང་མེད་ལ། དེ་བཞིན་དུ་སེམས་ཀྱང་མེད་ན་བྱེ་བྲག་རྒྱས་པར་འགྱུར་བ་མི་འཐད་པའོ།། དོན་མེད་ཇི་ལྟར་ཞེས་པ་ལ་སོགས་པས་ནི་དོན་མེད་ན་དེར་སྣོང་བའི་སེམས་སྐྱེ ་བ་མི་འཐད་པ་ཉིད་དུ་མཚུངས་པར་བརྩེད་པའོ།། ལན་གྱི་དོན་ནི་དོན་དམ་པར་མི་སྐྱེ་བ་ནི་འདོད་པ་ཡིན་ལ། ཀུན་རྫོབ་ཏུ་ནི་སེམས་ཀྱི་ས་བོན་ལ་སོགས་པ་ཡོད་པར་འདོད་པས་མི་མཚུངས་ཞེས་པའོ།། ་འདི་དག་ཐམས་ཅད་ཅེས་པ་ལ་སོགས་པས་སྐྱེ་བ་མེད་པ་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་ཏེ་ཚིག་གི་དོན་ནི་སྔོར་བསྟན་ཟིན་ནོ།། འདུས་པ་མུ་སྟེགས་ལྟ་བ་ལྟར་ཞེས་པས་ནི་བྱེ་བྲག་ཏུ་སྨྲ་བས་རགས་པའི་རྫས་འཇིག་པས་མེད ་པར་འགྱུར་ལ། རྡུལ་ཕྲ་རབ་ནི་བརྟགས་པའི་དངོས་པོར་ཁས་ལེན་པ་མི་འཐད་པའོ།། དདྲོ་བོ་མེད་པ་ཞི་བ་ལསོ་ཌ་བས་ནི་སྐྱེ་བ་མེད་པ་ལ་སོ་པའི་རྣམ་གྲངས་ཀྱི་དོན་སྟོན་པའོ།། རྫ་དང་སྣམེ་བུ་ཞེས་པ་ལ་སོགས་པས་ཡོད་མེད་ཀྱི་མནྟ ་མ་ཕན་ཚུན་བལྟོས་ཏེ། བརྟགས་པ་ཉིད་དུ་སྟོན་པའོ།། མེད་པ་མེད་པར་མི་རུང་ངོ་ཞེས་པ་ནི་མེད་པའི་ལྟོས་པ་མ་གྲུབ་ན་ཡོད་པ་ཉིད་དུ་རྟོག་པ་མི་འཐད་པའོ།། རྒྱུ་མེད་པ་སྟེ་རྒྱུ་མེད་མིན་ཞི་བ་ནི་ཟུང་ངུ་འཇུག་པའི་དོན་ནོ།། དེ་ཡང ་གཞན་ལ་སྣང་འགྱུར་ཞེས་པ་ནི། རྟེན་གཞན་པོ་དེ་ཡང་ཅིག་ཤོས་ལྔ་བརྟེན་པར་འགྱུར་ན། ཕན་ཚུན་བརྟེན་པ་ཐུགས་པ་མེད་པ་ཉིད་དུ་འགྱུར་ཏེ། དེ་ཡང་དངོས་པོར་མི་འཐད་ཅེས་པའོ།། རྒྱུ་མ་མེད་པས་གནས་མཐོང་ཞེས ་པ་ནི་སྒྱུ་མའི་རྣམ་པར་སྣང་བ་མངོན། ཤིང་དང་གྱོ་མོ་ལ་སོགས་པའི་གནས་ལུགས་ཉིད་མཐོང་བའོ།། དེ་བཞིན་དུ་གཉི་སུ་སྣང་བ་ལ་སོགས་པའི་ཕྱིན་ཅི་ལོག་གིས་དེ་ཁོ་ན་ཉིད་བསྒྲིབས་ཤིང་དེ་ལྟ་བུ་སྣང་བ་མེད་ན་དེ་བཞིན་ཉིད ་མཐོང་བར་འགྱུར་བའོ།། སེམས་ཙམ་དུ་ནི་མི་རུང་ངོ་ཞེས་པ་ནི་དོན་དམ་པར་སེམས་ཀྱི་ངོ་བོར་མ་གྲུབ་པའོ།། དེ་ལྟ་ན་ཕུང་པོ་ལ་སོགས་པ་ཡོད་པར་བསྟན་པ་མི་འཐད་དོ་ཞེ་ན། བསམ་པ་ཐ་དད་ལ་དགོངས་ཏེ་བསྟན་པ་ཡིན ་ལཱུ་དེའི་ཕྱིར་དེ་འདྲ་བའི་དོན་བསྒོམས་ཀྱང་ཐར་མི་ཐོབ་པའོ།། བྲག་ཆགས་ཀྱིས་ནི་མགོ་ཡུང་བླང་ཞེས་པ་ནི་བག་ཆགས་ཀྱིས་བསྐྲད་པའི་སེམས་ཉིད་སྣ་ཚོགསུ་སྣང་བའོ།། རྟོག་པ་རྣམས་ཀྱིས་ཞེས་པ་ནི་རྟོག་གི་པ་རྣམས ་ཀྱི་དེ་ལྟརཱྀ་མཱ་རྟོགས་པའོ།། སེམས་ནི་འཕགས་པར་ཉེར་འགྲོ་ཞིང་ཞེས་པ་ནི་འཕགས་པའི་གོ་འཕང་ཐོབ་པ་ན། སེམས་ཀྱི་མཚནཱི་མ་ཞི་ཞིང་གནས་གྱུར་པའོ།། གལ་ཏེ་འདི་ཀུནྡ་ཞེས་པ་ལ་སོགས་པས་ནི་ཐམས་ཅད་སེམས ་ཡིན་གྱི་ཕྱིའི་དོན་མེད་ན། ས་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་ལ་སྤྱོད་ཅིང་འགྲོ་བ་ལ་སོགས་པ་མི་འཐད་ཅེས་པའོ།། ལན་གྱི་དོན་ནི་དེ་ལྟར་རྟོག་པའི་དབང་གིས་བརྟགས་པ་སྨིན་པ་སྤྱོད་པ་སྟེ། དེ་ཡང་རང་གི་སེམས་ཀྱི ་སྣང་བ་ཉིད་དོ།། མི་བརྩོན་རྣམས་ལྔ་ཞེས་པ་ནི་གཉེན་པོ་བསྒོམ་པོ་ལ་མི་བརྩོན་པའོ།། ཡུལ་ལས་འབྱུང་ཞེས་པ་ནི་ཡུལ་དུ་སྣང་བ་ལས་སོ།། བརྟགས་པའི་མིང་ནི་མིང་བྲལ་ཞེས་པ་ནི་ཆོས་ཐམས་ཅད་མིང་ཙམ་ཡིན་ལ། ་ཡང་ཉིད་ཀྱང་མིང་ཙམ་སྟེ། མིང་གི་ངོ་བོ་བདེན་པས་སྟོང་པའོ།། ཆོས་ལྔ་རྣམས་དང་ཞེས་པ་ལ་སོགས་པས་ནི་ཤེས་པར་བྱ་བ་དེ་ཙམ་སྟེ་ཞེས་པའི་ལན་དུ་སྦྱར་བར་བྱའོ།། གཟུགས་མེད་པ་ཡི་ཕུང་པོ་བཞི།། དེ་དག་ལ་ནི་བགྲང་བ ་མེད་ཅེས་པ་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་འདི་དང་འདིའོ་ཞེས་བགྲང་དུ་མེད་པའོ།། གཟུགས་ཀྱི་ཕུང་པོ་ནི་སཱ་ལ་སོགས་པའི་འབྱུང་བ་ཐ་དད་པའི་མཚན་ཉིད་ཅན་གྱི་གཟུགས་རྣམ་པ་མང་པོ་འགྱུར ་བཱ་སྟེ། དེ་ཡང་སེམས་ལས་ཐ་དད་པའི་ཕྱི་རོལ་གྱི་མཚན་ཉིད་གྲུབ་པ་མེད་པའི་ཕྱིར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཡོད་པ་མ་ཡིན་ནོ།། འོན་ཏེ་མཚན་ཉིད་གཞན་གཟུགས་ན་ཕུང་པོ་རྣམས་ཀྱིས་ཅི་རཱ་མི་སྟེ་ཞེས་པ་ནི ་ཕྱི་རོལ་རྫ་སུ་གྲུབ་པའི་མཚན་ཉིད་ལས་གཞན་དེ་ལྟ་བུའི་རྣམ་པར་སྣང་བ་འཇའ་ཆེན་ལྕེར་ཐོགས་པ་མྱེད་པ་དེ་འདྲེ་བ་ཅིག་གཟུགས་ཀྱི་ཕུང་པོ་ཡིན་ན། མིང་གཞིའི་ཕུང་པོ་རྣམས་ཀྱིས་ཀྱང་དེ་འདྲ་བར་སྣང་བའི་གཟུགས་ཅིའི ་ཕྱིར་མི་སྐྱེད་དེ། དེའི་ཕྱིར་གཟུགས་མེད་པ་རྣམས་ལ་ཡང་ཤིན་ཏུ་ཕྲི་བའི་གཟུགས་ཡོད་ཅེས་པ་ལ་སོགས་པ་སྔར་བསྟན་ནོ།། ཡུལ་དང་དབང་པོ་ཐ་དང་ཕྱིར་ཞེས་པ་ལ་སོགས་པས་ནི་ཕྱི་ནང་གི་སྐྱེ་མཆེད་དུ་སྣང་བའི་ས ་བྱོན་པ་དང་ཀུན་གཞི་ལ་ཡོད་པའོ།། མཚན་ཉིད་ཀྱིས་ནི་གསུམཱ་ཡིན་ཞེས་པ་ནི་མཚན་ཉིད་བསྡུས་ནས་ཕྱེ་ན་སེམས་དང་ཡིད་དང་རྣམ་པར་ཤེས་པ་གསུམ་དུ་འགྱུར་བའོ།། སྣང་བ་མེད་ལ་ལྡོག་པར་འགྱུར་བ་ནི་སྡེ་བརྒྱད་པ་ཡཱ ་ཆོད་དུ་དེ་རྣམས་གནས་གྱུར་པའོ།། ཀུན་གཞི་ཡིད་ཀྱི་བདག་ཡིན་ཏེ།། ཤེས་པ་ཉིད་ནི་བདག་གི་ཡིན་ཞེས་པ་ནི་ཀུན་གཞི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ང་ཡི་བར་བཟུང་བ་ཡིན་ལ། ཡང་དེ་འདྲ་བའི་ཀུན་གཞི་ནི་བདག་ཏུ་སྤྲོ ་གདགས་པའི་གཞིར་ཡང་འགྱུར་བའོ།། དེ་ལྷུར་བདག་དང་བདུག་གིར་འཛིན་པ་གཉིས་ཀྱི་སྐུ་སྒོ་ནས་རྒྱུན་འཇུག་པའོ།། ཡང་རྣམ་པ་གཅིག་ཏུ་ནི་ཉོན་མོངས་པ་ཙནྡྲ་གྱི་ཡིད་རང་ཉིད་ལ་བདུག་ཏུ་འཛིན་ལ། ཀུན་གཞི་ལ་བདག་གི ་བཱར་འཛིན་པའོ།། མཱ་ཞུགས་པར་ཞེས་པ་ནི་དེ་ལྟར་འཛིན་པའི་བློ་མ་ཞུགས་པར་རོ།། སེམས་ཀྱི་སྣང་བ་ཤེས་པ་དང་སེམས་ཀྱི་དོན་གཟུང་བའི་ཕྱིར། ཞེས་པ་ནི་འཛིན་པའི་ཤེས་པ་དང་། དེའི་བཟུང་བ་དོན་གཞན་དུ་གཟུང་བའི ་ཕྱིར། ཞེས་པ་ན་འཛིན་པའི་ཤེས་པཾ་དང་། དེའི་བཟུང་བ་དོན་གཞན་དུ་གཟུང་བའི་ཕྱིར། མཐོང་བ་ལྟ་བུར་རྣམ་པར་བརྟགས་ཞེས་པ་སྟེ། དོན་སྡོ་མའི་གཏན་ཚིགས་ཉིད་དུ་སྦྱར་རོ།། བློ་ཡི་གང་ཚི་མ་མཐོང་ཞེས་པ་ནི་སྣང་བ་ཀུན ་རྫོབ་ཙམ་དུ་ཡང་མ་མཐོང་ཞིང་མེད་པར་འཛིན་ན་སྐུར་པའི་ལྟ་བར་འགྱུར་ལ། སེམས་ཀྱི་དངོས་པོ་བདེན་པར་འཛིན་ན་སྒྲོ་འདོགས་པའི་མཐར་འགྱུར་བའོ།། རྣམ་རྟོགས་དངོས་མིན་ཞེས་པ་ལ་སོགས་པ་ནི་སེམས་ཀྱི་རང ་བཞིན་ཟུང་དུ་འཇུག་པ་ཉིད་སྟོན་ཏོ།། རྣམ་པར་རྟོག་པ་མ་འཇུག་པ།། རབ་ཏུ་གྱུར་པ་གནས་མེད་པའོ།། ཞེས་པ་ནི་རྣམ་པར་རྟོག་པ་གནས་གྱུར་ཅིང་། དེ་དགེ་གི་བག་ཆགས་སྦྱངས་པའོ།། གཞི་ཡི་ཕྱོགས་རྣམས་ཕྱིར་བཟློག་ཅིང་།། ་གལ་ཏེ་དངོས་པོ་རྒྱུ་ཅན་ན། ཞེས་པ་ལ་སོགས་པའི་དོན་ནི་བག་ཆགས་ཀྱི་གཞི་ཀུན་གཞི་རྣམ་པར་ཤེས་པ་ཡང་མེད་པར་སྨྲ་ཞིང་། རྣམ་པར་རྟོག་པ་ལ་སོགས་པའི་དངོས་པོ་རྒྱུ་དང་བཅས་པར་འདོད་ན། ཀུན་གཞོ་མེད་དོ་ཞེས་པ ་ནི་དེ་ལྟ་བའི་དངོས་པོ་ཉིད་ལ་མེད་དོ་ཞེས་པའི་མིང་གི་བྱེ་བྲག་གཞན་དུ་བརྟག་པར་ཟད་དེ། དེ་ལྟར་མིང་གཞན་དུ་བཏགས་པཱུ་ཙམ་གྱིས་ཀུན་གཞི་མེད་པར་བསྒྲུབས་པ་ནི་མ་ཡིན་ནོ།། མྱུང་དུ་རྒྱུན་རྣམས ་འདུས་པ་དང་། རྒྱུ་ནི་བཀག་པར་གྱུར་པའི་ཕྱིར།། དེ་དག་དོན་གྱིས་དཔོག་པར་འགྱུར། ཞེས་པ་ནི་རྒྱུ་དང་རྐྱེན་ཚོགས་པ་དང་། རྒྱུ་ཁ་ཡར་པ་བཀག་པའི་ཕྱིར། རྣམ་པར་རྟོག་པ་ལ་སོགས་པ་དྲོན་དམ་པར་འབྱུང་བ་མེད་དོ་ཞེས་དོན ་གྱིས་དཔོག་པར་འགྱུར་བའོ།། ཡང་ན་རྒྱུ་ལོས་འབྱུང་བར་འགྱུར་བ་ནི་ཀུན་རྫོབ་ཏུའོ།། གལ་ཏེ་རྐྱེན་རྣམས་མི་རྟག་ན། ཞེས་པ་ལ་སོགས་པའི་དོན་ནི་ཀུན་རྫིབ་ཏུ་རྐྱེན་རྣམས་མི་རྟག་པའི་ཕྱིར། དོན་དམ་པར་འབྱུང་བ་དང་འཇིག་པ ་མེད་ཅེས་པ་སྟེ། ཁྱབ་པའི་དོན་ནི་མི་རྟག་པ་ནི་མི་རྟག་པ་ནི་རས་འགའ་བ་ཡིན་པས་རྒྱུ་མེད་པར་འགལ་ལ། རྒྱུ་ལས་སྐྱེ་བ་ལ་ཡང་སྔར་བསྟན་པ་ལྟར་སྐྱེ་བའི་ཚུལ་རྣམ་པ་བཞིས་ཁྱབ་ལས། དོན་དམ་པར་དེ་འདྲ་བ་མི་འཐབ ་བའི་ཕྱིར་སྐྱེ་བ་མོད་ལྔ། དེ་ཉིད་ཀྱི་ཕྱིར་མི་རྟག་པར་སྣང་བའི་དུས་ཉིད་ན་ཡང་མི་རྟག་པ་བདེན་པའི་དངོས་པོས་སྟོང་པའོ།། རྟག་པའི་ཉེས་ལས་གྲོལ་ཞེས་པ་ནི་རྟག་པ་དོན་བྱེང་ནུས་པོས་སྟོང་པས་འབྲས་བུ་བསྐྱེད་པར་མི་འབྱུང ་ཅེས་པོ་ལ་སོགས་པའི་ཉེས་པ་ལོས་སྒྲོལ་བའོ།། བྱིས་པ་རྣམས་ཞེས་པ་ནི་བྱིས་པའི་དོན་མི་རྟག་པར་སྣང་བའོ།། གང་ཡང་འཇིག་པར་འགྱུར་བཞིན་དུ།། རྒྱུར་འགྱུར་བ་ནི་མོ་སྣང་ངོ་།། ཞེས་པ་ནི་དོན་དམ་པར་མི་རྟོག་པ་དང་། དེ་ཉིད ་དངོས་པོ་གཞན་གྱི་རྒྱུར་འགྱུར་བའི་རིགས་པས་བཙལ་ན་མཱ་མཐོང་བའོ།། དེ་ལྟར་མ་མཐོང་བའི་སྲིད་པ་ནི་མི་རྟག་པ་ལས་རྣམ་པ་ཇི་ལྟར་འབྱུང་ཞིང་རྒྱུ་ཅིའི་འབྱུང་སྟེ། དྲི་འདྲ་བ་མི་སྲིད་ཅེས་པའོ།། བསྡུ་བ་དག་གིས་ཞེས ་པ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚུལ་ཕྱིན་མི་ལོག་པ་སྟོན་ཏོ།། འདི་ཀུན་ཞེས་པ་ལ་སོགས་ཡོད་མེད་ཀྱི་མཐུར་འཛིན་པ་ནི་འཇིག་རྟེན་རྒྱུད་ཕན་པ་ཉིད་དུ་སྟོན་ཏེ། ཚིག་གི་དོནྡ་ནི་སྔར་བཤད་དོ།། ་ལྷ་དང་ལྷ་མ་ཡིན་དང་མི་ཞེས་པ་ལ་སོགས་པས་ཀྱང་ཀུན་རྫོབ་ཏུ་དགེ་བ་བཅུའི་ལས་རབ་དང་འབྲིང་དང་ཐ་མར་སྤྱད་པ་ལས་གོ་རིམ་བཞིན་དུ་ལྷ་ལ་སོགས་པོའི་འགྲོ་བ་རྣམསུ་སྐྱེ་བར་འགྱུར་ལ། མི་དགེ་བ་བཅུས་ནི་དྲན ་སོང་གི་གནས་གསུམ་དུ་སྐྱེ་བ་སྟེ། རྒྱད་པན་པ་ལས་དང་འབྲས་བུའི་འབྲེལ་པ་ཁྲོ་མི་ལེན་པ་འགོག་པའོ།། གཤིན་རྗེའི་གོནས་ནི་དམྱལ་དཔོན་གྱི་གནས་སོ།། དགེ་བླ་ཐམས་ཅད་བསྲུངས་པ་ནི་ཟག་པ་དང་བཅཝ་ས་པ་དང་། ཟག་པ་མེད ་པའི་དགེ་བ་ཐམས་ཅད་བསྒྲུབས་ན་ལྷའི་དབང་པོ་ལ་སོགས་པའི་འགྲོ་བ་ཁྱད་པརྱ་ཅན་ནམ?། ཐར་པ་ཉིད་ཐོབ་པར་འགྱུར་བའོ།། ཁྱོད་ཀྱི་ཞེས་པ་ལ་སོགས་པས་ནི་དྲིས་པ་དྲང་ལན་གྱི་སྒོ་ནས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོགས་པར་གཏན ་ལ་འབེབས་པའོ།། ཇི་ལྟར་ཞེས་པ་ལ་སོགས་པས་སྐྱེ་ཞིང་འཇིག་པར་བསྟན་པོའི་དགོངས་གཞི་འཆད་དེ། ཀུན་རྫོབ་ཏུ་གཟུགས་སུ་སྣོང་བ་སྔ་མ་ལས། ཕྱི་མ་གཞན་སྐྱེ་ཞིང་འཇིག་པ་དང་སེམས་ཀྱང་རྒྱུ་རྐྱེན་འདུས་ནས་སྐྱེ་ཞིང་འཇིག ་པར་སྣང་བའོ།། རྣམ་པར་རྟོག་པ་ནི་ཁྱད་པར་དུ་ཀུན་ནས་ཉོན་མོངས་པའི་གཞན་དབང་སྟོན་པའོ།། རྣམ་པར་རྟོག་པ་གཞན་མེད་ཅེས་པ་ནི་ཕྱི་མ་སྐྱེས་པ་ན་གཞན་སྔ་མ་འགགས་ནས་མྱེད་པའོ།། དེ་ལྟར་ཀུན ་རྫོབ་པ་ལ་དགོངས་ཏེ་བཤད་པའོ།། གཟུགསུ་འཛིན་པ་རྣམ་སྤངས་པ་ཞེས་བྲི་ལ་སོགས་པས་དོན་དམ་པར་མེད་ཅེས་པའོ།། རྐྱེན་དང་རྐྱེན་ལས་ཞེས་པ་ལ་སོགས་པས་ནི་མཽ་རིག་པ་དང་འདུ་བྱེད་ལ་སོགས་པའི་རྐྱེན་རྣམས་དང་། དྲི ་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དང་། སྟོང་པ་ལ་སོགས་པ་དབྱེར་མེད་པའི་ཚུལ་གྱིས་འཇིག་པ་སྟེ། རྟེན་འབྲེལ་སྒྱུ་མ་ལྟ་བུའི་རྒྱུན་གྱིས་འཇུག་པའོ།། རྐྱེན་དང་ཞེས་པ་ལ་སོགས་པས་ནི་དྲི་ལྷོར་རྟེན་འབྲེལ་གྱི་ཆོས་ཅན་དང་། དེའི ་ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་དབྱེར་མེད་ཅིང་གཅིག་པོ་ཡིན་ན། རྟག་པ་དང་གཙང་བ་ལ་སོགས་པའི་ཆོས་ཉིད་ཀྱང་རྐྱེན་གྱིས་འབྲས་བུར་འགྱུར་ལ། ཆོས་ཉིད་ཀྱི་ངོ་བོར་གྱུར་པའི་རྐྱེན་རྣམས་ཀྱང་རྟག་ལ་སོགས་པའི ་རྒྱུར་འགྱུར་རོ།། དེ་འདྲ་དྭའི་རྒྱུ་དང་འབྲས་བུའི་ཕྱོགས་ཁྱེད་དང་སངས་རྒྱསྟེ་རྣམས་ཀྱིས་བཟུང་ཞིང་གསུངས་པ་ནི། གྲངས་ཅན་པ་རྣམས་ཀྱིས་སྔར་ནུས་ཡོད་པའི་རྟག་པ་འབྲས་བུར་ཁས་ལེན་པ་དང་ཁྱུད་མེད་པར་འགྱུར ་ཞེས་པའོ།། ལན་གྱི་དོན་ནི་ཁོ་བོ་ཅག་དོན་དམ་པའི་སྐྱེ་བ་ལ་སོགས་པ་ཁས་མི་ལེན་པས་མཚུངས་པ་མ་ཡིན་ནོ།། ཀུན་རྫོབ་ཏུ་འདོམ་གང་ཙམ་གྱི་ལུས་ཏེ། ཉེ་བར་ལེན་པའི་ཕུང་པོ་རྣམས་ལ། འཇིག་རྟེན་ཀུན་འབྱུང་འཇིག་རྟེན་དང་ཞེས ་པརྒྱུ་ཀུན་འབྱུང་གི་བདེན་པ་དང་། འབྲས་བུ་སྡུག་བསྔལ་གྱི་བདེན་པ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པ་ཁས་ལེན་ཏེ། དེ་ཡང་ཟག་པ་དང་བཅས་པའི་རྒྱུན་རྒྱུད་འདྲི་ཉིད་མ་འོངས་པ་དྲི་ཕུང་པོ་དེ་འདྲ་བ་འགྲུབ་པའི་རྒྱུར་གྱུར ་བའི་ཆ་ནས་ནི་རྒྱུ་ཀུན་འབྱུང་གི་བདེན་པ་ཡིན་ལ། སྔོན་གྱི་ལས་དང་ཉོན་མོངས་པ་འབྲས་བུར་འདུག་པའི་ཆ་ནས་ནི་སྡུག་བསྔལ་གྱི་བདེན་པའོ།། འགོག་པར་བྱེད་པའི་ལམ་གྱི་རྣམས་ཞེས་པ་ནི་རྣམ་པར་བྱང་བ་རྒྱུ་འབྲས་སོ།། རང ་བཞིན་གསུམ་ལ་ཞེས་པ་ལ་སོགས་པས་ནི་སྐྱེ་བ་ལ་སོགས་པའི་དངོས་པོར་བསྟན་པའི་དགོངས་པ་སྟོན་ཏེ། དངོས་པོར་འཛིན་པའི་སྐྱེ་བོ་རྣམས་བྲིང་པའི་དོན་དུའོ།། རང་བཞིན་གསུམ་ནི་བྱ་བ་དང་། བྱེད་པ་དང་། བྱེད་པ་པོ་སྟེ། དེ་ལྟར ་གསུམ་དུ་རྟོག་པའོ།། དེ་ཕྱིར་ཞེས་པ་ལ་སོགས་པས་ནཱི་དེ་དག་རྗེས་སུ་བཟུང་བའི་དོན་དུ་ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར་བྱ་ན། བལྟ་བྱེ་སྟེ་གཟུང་བ་དང་འཛིན་པོས་བསྡུས་པ་ཕུང་པོ་ལ་སོགས་པའི་རང་བཞིན་སྨོས་པའོ།། ལྟ་བ་རྣམས ་ནི་ཞེས་པ་ལ་སོགས་པས་ནི་ཕྱིས་དེ་རྣམས་བཟློག་པའི་ཕྱིར་མཚན་ཉིད་མེད་པའི་ཆོས་བསྟན་པའོ།། ཉམས་པའི་ཉེས་ཕྱིར་སྡོམ་པ་མེད་པ་ཅེས་པ་ནི་ཐར་པའི་ལམ་ལྔས་ཉམས་པར་འགྱུར་བའི་ཕྱིར་སྣ་ཕྱི་ལ་སོགས་པ་སྡོམ་པ་སྟེ། ་བདག་རྟག་པར་འཛིན་པའོམ། སྒྲ་དང་དོན་དུ་སྦྱོར་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་མེང་པའོ།། མཐར་ཐོག་མེད་དང་ཞེས་པ་ལ་སོགས་པས་ནི་དེ་ཁོ་ན་ཉིད་དུ་སྲིད་པའི་ཡན་ལག་རྣམས་འདུས་ཀྱི་རྒྱུ་སྔ་མ་ལས་མི་སྐྱེ ་སྨྱེ་གལ་ཏེ་སྐྱེ་བྱུར་ཁྭས་ལེནཱ་ན་སྲིད་པཥྚི་ཡན་ལག་མཐར་ཐུག་ཅིང་ཟད་པའི་མྱ་ངན་ལས་འདས་པ་མི་འབྱུད་དེ། དེ་རྣམས་སྐྱེ་བ་ལ་སོགས་པའི་དངོས་པོར་ཤེས་ཤིང་གོམས་པས་དེ་ཉིད་སྤོང་བའི་གཉེན་པོར། ་མཱི་འགྲུ་ལ། སྐྱེ་བ་མེད་པར་སྒོམ་པ་ཡང་ཕྱིན་ཅི་ལོག་ཕྱིན་པས་དེའི་གཉེན་པོ་ཉིད་དུ་མི་འགྱུར་བའོ།། དེས་ནི་མཐར་ཐུག་པ་མེད་པའི་ཕྱིར་སྦྲིད་པ་བྱས་ལས་མི་སྐྱེ་བའོ།། ཡང་བྱས་པ་སྣང་བ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་དུ་བྱས་པའི་ཚུལ ་གྱིས་མེ་སྐྱེ་བོའོ།། འཇིག་པ་རྣམ་པ་བཞི་ནི་འོག་ནས་སྟོན་པར་འགྱུར་རོ།། རྣམ་པར་རྟོག་པ་གཉིས་ནི་གང་ཟག་དང་ཆོ་སུ་རྟོག་པའོ།། མཐོང་ནསོ་ཞེས་པ་ནི་ལྟ་བ་གཉིས་ཀྱི་ཡུལ་སྟོང་པ་ཉིད་དུ་མཐོང་བའོ།། མཱ་སྐྱེས་པའོ་དངོས་བློ་ན ་ཀུན་ཏུ་བརྟགས་པའི་ངོ་བོ་སྟེ། དེ་ལ་ཡང་བློ་འཇུག་སྟེ་དེ་ཉིད་ཕྱིན་ཅི་ལོག་ཡིན་ལ། དེ་དང་འདྲ་བར་སྒྱུ་མ་ལྟ་བུའི་གཞན་དབང་ལ་ཡང་དོན་དམ་པའི་དངོས་པོར་མི་བརྟགས་སྟེ། ཕྱིན་ཅི་ལོག་མཐོང་བའི་རྒྱུ་ཡིན་པའི་ཕྱིར་རོ།། ཇི་ལྟར ་ཞེས་པ་ལ་སོགས་པའི་དོན་ནི་བདག་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཡོད་མེད་དུ་ལྟ་བ་ཕྱིན་ཅི་ལོག་དང་མི་འདྲ་བའི་དེ་རྣམས་བཟློག་པའི་རིག་པ་བསྟན་དུ་གསོལ་ཞེས་པའོ།། རྒྱལ་སྲས་རྣམས་ནི་མི་འཇིགས་ཕྱིར། ཞེ ་པ་ལ་སོགས་པས་ནི་ཟབ་མོའི་དོན་ལ་མི་སྐྲག་ཅིང་། དེ་བཞིན་གཤེགས་པས་རྟོག་པའི་དོན་ལ་སྤྱོད་ཅིང་སྒོམ་པ་དག་རྣམ་པར་ཐར་པ་དང་ཞེས་པ་ལ་སོགས་པ་སྟེ་གོ་བར་ཟད་དོ།། རྣམ་གྲངས་ཀྱིས་ནི་དེ་དག་བསླུ། ཞེས་པ་ནི་རྣམོ་གྲངས ་སྣ་ཚོགས་སྣང་བ་ལ་དངོས་པོར་ཞེན་པསོ།། དེ་དག་གཟུགས་ཀྱི་མིང་ཡིན་ཏེ། ཞེས་པ་ལ་སོགས་པས་ནཱི་དེ་ལྟར་བརྗོད་པ་རྣམས་ནི་གཟུགས་ལ་སོགས་པ་རྣམས་ཀྱི་མིང་ཡིན་ལྔ་བརྗོད་པའི་དོན་ནི་དེ་རྣམས་ཀྱི་ཆོས་ཉིད་དེ། གཟུགས ་ལ་སོགས་པར་སྣང་བ་དང་སྟོང་པ་ཉིད་ཟུང་དུ་འཇུག་པ་སྒྱུ་མ་ལྟ་བུའོ།། དེའི་ཕྱིར་དེ་དག་རི་བོང་གི་རྭ་བཞིན་དུ་དངོས་པོ་མེད་པར་མི་བརྟགས་གོ།། དེ་བཞིན་དངོས་པོ་ཐམས་ཅད་ཀྱི། རང་བཞིན་བརྟག་པར་མི་བྱའོ།། ཞེས་པ་ནི་ཐམས ་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པ་ལ་སོགས་པ་དེ་བཞིནགཤེགས་པ་དང་གཟུགས་ལ་སོགས་པའི་རྣམ་གྲངས་ཡིན་པས་ཆོས་ཅན་དང་ཆོས་ཉིད་ཐ་དད་པར་བརྟག་པར་མི་བྱའོ།། ལྟ་བའི་ཉེས་པར་རབ་འགྱུར། ཞེས་པ་ལ་སོགས ་པས་ནི་གཟུར་ལསོ། ཆོས་ཅནྡ་སྐྱེ་བ་མེད་པ་ལས་གཞན་དུ་སྐྱེ་བ་ལ་སོགས་པའི་དངོས་པོར་རྟོག་ན་ཉེས་པར་འགྱུར་བའོ།། ཀུན་དུ་རྟོག་པ་ནི་སྣ་ཚོག་སུ་སྣང་བའོ།། ཡོངསུ་རྟོགས་པའི་བྱེ་བྲག་འབྱེད་པའོ།། གང་ཡང་མུ་སྟེགས་མི ་སྐྱེ་དང་ཞེས་པ་ལ་སོགས་པས་ནི་དེས་སྐྱེ་བ་མེད་པ་གཟུགས་ལ་སོགས་པ་ལས་གཞན་དུ་རྟོག་པ་ལྟར་དེ་ལས་གཞན་པ་རྣམས་ཀྱང་ངའི་ཚུལ་ལུགས་ཟབ་མོ་ལྔ་དེ་དང་འདྲ་བར་རྟོག་པ་ནི་ཁྱེད་མེད་པའོ།། དགོས་དང་ཞེས་པ་ལྔ ་སོགས་པས་སྐྱེ་བ་མེད་པ་ལ་སོགས་པའི་དགོངས་དོན་རྟོགས་པའི་གང་ཟག་གི་ཁྱད་པར་སྟོན་ཏེ། དེ་ལ་སྐྱེ་བ་མེད་པར་བསྟན་པའི་དགོངས་པ་ནི་དེས་འདུལ་བའི་གང་ཟག་རྗེ་སུ་འཛིན་པ་ཡིན་ལ། དགོངས་གཞིའི་སྐྱེ་བ་མེད་པའི ་དོན་ཉིད་ཅེས་པ་སྟེ། དོན་དམ་པར་མ་སྐྱེས་པའོ།། དགོས་པ་ལྟ་ཞེས་པ་ལ་སོགས་པས་དེ་ཉིད་སྟོན་ཏེ། དགོངས་པ་ནི་དགོངས་གཞིའོ།། དོན་གཉིས་ནི་དགོངས་པ་དང་དགོངས་གཞི་སྟེ། དེ་དག་ཤེས་པ་ནི་སྐྱེ་བ་མེད་པ ་རྟོགས་པར་ངས་བཤད་དོ།། དངོས་པོ་མཱ་སྐྱེས་ཞེས་པ་ལ་སོགས་པས་མ་སྐྱེས་པ་དངོས་པོ་ཡོད་པ་གཅིག་གི་རྣམ་གྲངས་ལགས་སམ། འོན་ཏེ་དེ་འདྲ་བ་མ་ལགས་ཀྱི། འོན་ཏེ་ཀྱང་རི་བོང་གི་ར་བཞིན་དུ་མེད་པ་གཅིག་ལགས་ཞེ ་རྟོགས་པའོ།། མི་མཉམ་པ་ནི་ཆོས་ཉིད་ཀྱི་ངོ་བོར་རོ་གཅིག་ཅིང་མཉམ་པ་མ་ཡིན་ཏེ། དངོས་པོ་ཡོད་པའི་མཐར་འཛིན་པའོ།། དེ་དག་དང་ཁྱེད་ཀྱིས་བསྟན་པའི་ཆོས་རྣམས་འདྲེས་ཤིང་ཁྱད་མེད་པར་འགྱུར་ཏེ། སྐྱེ་བ་མེད་པ་ལ་སོཌ ་པ་ཡང་སྔ་མ་ལྟར་ཡོད་མེད་ཀྱི་མཐའ་གཅིག་ཏུ་འགྱུར་བའི་ཕྱིར་ཞེས་པའོ།། རྒྱུ་མེད་ཅེས་པ་ལ་སོགས་པས་ལན་སྟོན་ཏེ་གོ་བར་ཟད་དོ།། ལྟོ་བའི་རྒྱུ་ནི་ཕྱིན་ཅི་ལོག་གི་བག་ཆག་སོ།། ལྷུན་གྱིས་གྲུབ་ལ་བྱ་བ་མེད་ཅེས་པ་ལ་སོགས་པ། ་ནི་མཚན་མ་མེད་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ། བྱ་བ་དྲོང་བྱེད་པ་ལ་སོགས་པའི་ལྟ་བ་མེད་དེ། དེ་འདྲ་བ་ཡོད་ནི་མུ་སྟེགས་བྱེད་དང་འདྲེས་པར་འགྱུར་བའོ།། གལ་ཏེ་བྱ་བ་མེད་ན་སེམས་བསྐྱེད་དང་། སྨོན་ལམ་ལ་སོགས་པས ་ཚོགས་ཡོངསུ་རྫོགས་པར་བྱ་ཞིང་། དེ་བཞིན་གཤེགས་པའི་སྙིང་པོ་སྦྱང་བར་བྱ་བ་ཉིད་དུ་ལྟ་བ་ནི་སྔ་མ་དང་མི་འགལ་བར་འགྱུར་བའི་ཚུལ་བདག་ལ་གསུངས་ཞེས་པའོ།། གཞན་ཡང་ཆོས་རྣམས་ཐམས་ཅད་མེད་པའི་ཕྱིར། ཇི་ལྟར ་བུར་ན་དཀྱིལ་འཁོར་སྐྱེ་ཞེས་པ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་རྟོགས་པ་ལཾ་གྱི་གཙོ་བོ་དང་། སེམས་བསྐྱེད་ལ་སོགས་པ་ལམ་གྱི་འཁོར་སྐྱེ་བ་མི་འཐད་ཅེས་པའོ།། ཡང་ན་རྐང་པ་གཉིས་པོ ་འདི་ནི་ལན་དུ་སྦྱར་བར་བྱ་སྟེ། དེ་ལྟར་དཀྱིལ་འཁོར་སྐྱེ་བར་ཁས་མི་ལེན་པས། སྔར་གྱི་བྱ་བ་མེད་པར་བསྟན་པ་དང་འགལ་བ་མེད་ཅེས་པའོ།། དངོས་པོ་ལས་ནི་ཞེས་པ་ལ་སོགས་པས་ནི་ས་བོན་ལ་སོགས་པའི་དངོས་པོ་ལས ་མྱུ་གུ་ལ་སོགས་པའི་དངོས་པོ་གཞན་སྐྱེ་བར་མཐོང་བས་ཇི་ལྟར་སྐྱེ་བ་མེད་པར་འགྱུར་ཞེས་པའོ།། གཞན་ཡང་སེམས་ཅན་དུ་དམིགས་པ་མེད་པ་དང་། སེམས་ཅན་བསྒྲལ་བའི་ཕྱིར་སེམས་བསྐྱེད་པར་བཤད་པ་དང་། བྱང་ཆུབ ་མེད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ཐུབ་པ་ཆེན་པོ་བཤད་པ་ཐམས་ཅད་ལ་སྟེ་ཕྱི་འགལ་བ་དང་། མི་མཉམ་རྒྱུ་མེད་སྤངས་པ་སྟེ།། ཡོད་མེད་འཛིན་པ་སྤངས་པ་དང་།། འཇུག་པ་དང་ནི་ལྡོག་པ་སྟེ།། ཁྱེད་གཉིས ་ཀྱིས་ཀྱང་ཡོད་མེད་ཀྱི་ཕྱོགས་གསུངས་པ་མི་འགལ་བ་ཉིད་དུ་བདག་ལ་བསྟན་དུ་གསོལ་ཞེས་པའོ།། རྒྱུ་དང་འབྲས་བུ་མི་འཇིགས་པའི་སའི་རིམ་མཚམས་སྦྱོར་བ་སྟེ། རྒྱུ་འབྲས་ཡོད་པར་བསྟན་པ་དང་ཡོད་པ་ལས་རྣམ་པར ་གྲོལ་བ་ཡང་། ཅིའི་ཕྱིར་མི་འགལ་ཞི་བའོ།། འཛིན་ཞེས་པ་ལ་སོ་ར་པྤ་ལཱ་སྟོན་ཏེ། ཞི་བ་ཡི་ནི་རྒྱུ་མི་རྟོགས་ཞེས་པ་ཕྱིན་ཅི་ལོག་ཞི་བའི་གཉེན་པོ་མ་རྟོགས་པའོ།། ང་ལོ་དཀྱིལ་འཁོར་གང་ཡང་མེད་ཅེས་པ་ལ་སོགས་པས་དེ་ཁོ་ན་ཉིད་དུ ་སྙིང་པོ་རྟོགས་པ་ལམ་གྱི་གཙོ་བོ་ལ་སོགས་པ་ཁས་མི་ལེན་ཅིང་། ཆོས་ཉིད་འདི་བ་། བུ་ཞེས་མི་འཆད་ཅིང་ཡོད་མེད་ཀྱི་དངོས་པོ་བདེན་པ་ཉིད་དུ་ཁས་མི་ལེན་པའི་ཕྱིར་ཉེས་པ་དེ་རྣམས་ལས་གྲོལ ་སྤྲོས་པ་རྣམས་ཀྱིས་བསྡུས་པ་ནི་རྣམ་པར་རྟོག་པ་སྣ་ཚོགས་ཀྱིས་བརྟགས་པའོ།། འཕགས་པའི་རིགས་དང་མཐུན་པ་ཡི།། སེམས་ནི་མངོན་པར་མི་འཇུག་གོ།། ཞེས་པ་ནི་དྲི་འདྲ་བའི་སེམས་སྐྱེས་པ་ན་རྟོག་པ་མངོན ་པར་མི་འཇུག་ཅིང་ལྡོག་པའོ།། འབྱུང་བ་རྒྱུ་དང་རྐྱེན་ལས་འབྱུང་བའོ།། སྒྱུ་མ་རྒྱུ་མེད་སྐྱེས་པ་ལ་སོགས་པས་ནི་སྒྱུ་མ་ལ་སྒྱུ་མ་ཙམ་གྱི་རྒྱུ་མེད་པཨཱརྱ་སྨྲ་བ་ནི་གྲུབ་མཐའ་ཕྱིན་ཅི་མ་ལོག་པ་ལས་འདས་ཤིངྒ་ཉམས་པའོ།། ཟློག ་མ་མེད་ཅེས་པ་ལ་སོགས་པས་ནི་ཕྱིན་ཅི་ལོ་ག་འབྱུང་བའི་རྒྱུ་སྟོན་ཏེ། དོན་ནི་སྔར་བསྟན་ནོ།། བདག་དང་ཆོསུ་རྟོགས་རློ་པ་ཡིས་ཞེས་པ་ལ་སོགས་པས་ནི་ཕྱི་རོལ་པ་དང་ཉན་ཐོས་ལོ་སོགས་པས་གང་ཟག་དང་ཆོས་ཀྱི་བདག་ཏུ་བརྟགས ་པའི་སྒོ་ནས་རང་གི་རྣམ་པར་རྟོག་པ་རྫ་སུ་གྲུབ་པའི་གང་ཟག་གླུམ་སྐྱེས་བུ་ལྟ་བུར་སྣང་བའི་འཇུག་པ་རྣམ་པ་གཉིས་ཀྱིས་འཇུག་པའོ།། མ་ཚང་བ་དང་ཞེས་པ་ལ་སོགས་པས་ནི་འཕགས་པ་ཉན་ཐོས་ལམ་དང་འབྲས་བུའི་ཡོན་ཏཱན ་མ་རྫོགས་པ་དང་། མ་རིག་པ་དང་སྲེད་པ་ལ་སོགས་པའི་རྐྱེན་གྱིས་སྲིད་པར་སྐྱེ་བ་སྟེ། རྒྱུན་དུ་ཞུགས་པ་ལ་སོགས་པ་གསུམ་དང་དགྲ་བཅོམ་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་རྫུ་འཕྲུལ་ལ་སོགས་པ་སྟོན་པ་ན། བདག་ཉིད་ཀྱི་ཏིང་ངེ ་འཛིན་གྱི་མཐུ་ལ་རག་ལས་པ་སྟེ་རྒྱུན་དང་ལྡན་པ་དང་རྒྱན་མེད་པ་དེ་བཞིན་གཤེགས་པའི་མཐུ་ལ་རག་ལུས་པ་སྟེ། དེ་ནི་རང་གཱི་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱི་མཐུ་ཡི་ཕ་རོལ་གྱི་གནོད་པ་ལྡོགས་མི་ནུས་པར། དེ་བཞིན་གཤེགས་པ་ཉིད ་ལྔ་སྐྱབསུ་འགྲོ་བ་སྟེ། དེ་ལྟར་ཉན་ཐོས་རྣམ་པ་ལྔའོ།། དུས་གཞན་དུ་ཞིག་པ་ནི་རྒྱུ་ཟན་པའི་སྟོབས་ཀྱིསྔ་ཞིགས་པའོ།། དོན་དམ་པ་ནི་སྐད་ཅིག་གི་འཇིག་པ་སྟེ། གང་ཟག་ལ་བདག་མེད་པའི་ཆོས་ཉིད་དོ།། ཕན་ཚུན་དང་ཞེས་པ་ནི་ལྷན་ཅིག ་མི་གོནས་པའི་འགལ་བའི་ཚུལ་གྱིས་ཕན་ཚུན་བཟློག་པ་སྟེ། དེ་ཡང་ཅིག་ཤོས་རྒྱུན་ལས་བཟློག་པའི་འཇིག་པ་དང་། དེའི་ཡུལ་དུ་ཅིག་ཤོས་འཕྲོས་པ་ཡང་འཇིག་པ་སྟེ། དེ་ལྟར་གཉི་སུ་འགྱུར་བས་མི་རྟག་པ་རྣམ་པ་བཞིའོ།། ཡང་ན ་འགྲལ་བ་སྟོབས་མཚུངས་པ་སྟེ། ཕན་ཚུན་གཅིག་གིས་གཅིག་གི་ནུས་པ་བཅོམ་པས་འཇིག་པ་གཉི་སུ་འགྱུར་བའོ།། འབྱུང་བ་མཚན་ཉིད་མི་མཐུན་པ་ཞེས་པ་ལ་སོགས་པས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྗེསུ་མཐུན ་པའི་རྒྱུ་འབྲས་སུ་འདོད་པ་འགོག་པའོ།། རྣམ་པར་ཤེས་དང་ཞེས་པ་ལ་སོགས་པས་ཕུང་པོ་སྔར་གྲངས་ངེས་པ་འགོག་པ་སྟེ། སྔར་བསྟན་པ་ལྟར་སེམས་དང་སེམས་བྱུང་རྫས་ཐ་དད་མེད་པར་ཚོར་བ་དང་ལ་སོགས་པ་གསུམ་རྣམ ་ཤེས་སུ་འདུས་པའི་ཕྱིར་རྣམ་པར་ཤེས་དང་གཟུགས་ཀྱི་ཕུང་པོ་གཉིསུ་འགྱུར་བའོ།། གཟུགས་ཀྱི་རྣམ་པ་འདྲེས་པ་སྟེ་ཞེས་པས་ནི་དེ་རྣམས་སེམསུ་འདྲེས་ཤིང་སེམས་ཀྱང་སྟོང་པ་ཉིད་དུ་རོ་གཅིག་པའོ།། རྟོག་གེ་ཅན་གྱིས་མ་བསྒྲུབསོ།། ་ཞེས་པ་ནི་རང་དགའི་རྟོག་པས་བརྟགས་ཀྱང་། དངོས་པོ་དེ་འདྲ་བའི་བདག་ཉིད་དུ་མ་གྲུབ་པའོ།། སེམས་དང་ཞེས་པ་ལ་སོགས་པས་རྣམ་པར་ཤེས་པ་རྣམས་བརྟགས་པའི་བདག་ཀུན་གཞི་དང་ལྡན ་པའམ། ཡང་ནཱ་བདག་ཏུ་འཛིན་པ་དང་ལྡན་པར་སྟོན་པའོ།། སེམས་དང་ལྷན་ཅིག་ལྡན་པ་སྟེ་ཞེས་པ་ལ་སྩོགས་པོས་ནཱི་བྱིས་པའི་སྐྱེ་བོ་དང་། བྱང་ཆུབ་སེམས་དཔའ་ས་བདུན་ལ་གནས་པ་ནི་ཀུན་གཞི་ནམ་ཤེས་དང་རྟག་ཏུ་ལྡན ་པ་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་དང་། རྟག་ཏུ་ལྡན་པའི་ངེས་པ་མེད་དེ། དེ་རྣམས་རྒྱུན་མི་བརྟན་པའི་ཕྱིར་ཞེས་པོའོ།། གློ་བུར་གྱི་དྲི་མ་རྣམས་པར་དག་པའི་འཕགས་པ་རྣམས་ནི་རྟག་ཏུ་ཡེ་ཤེས་དང་ལྷན་ཅི ་གནས་པའོ།། གཟུགས་དང་ཞེས་པ་ལ་སོགས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་དོན་དམ་པར་མེད་པ་ཉིད་དུ་སྟོན་ཏེ། དེ་ལ་གཟུགས་ནི་གཟུགས་ཀྱི་ཕུང་པོའོ།། ལུས་ནི་འདུ་བྱེད་དོ།། ཕུང་པོ་ཡུལ་གྱི་རྒྱུ་ཡིས་བྱུང་བ་ནི་རྣམ་པར་ཤེས ་པ་ལ་སོགས་པ་གསུམ་མོ།། དེ་ལྟར་ཕུང་པོ་དང་བཅས་པའི་སེམས་ཅན་རྣམས་ཀྱང་དོན་དམ་པར་ཉེ་བར་ལེན་པའི་ཕུང་པོས་སྟོང་པའོ།། གཟུགས་མེད་པའི་ནི་མི་གནས་སོ་ཞེས་པ་ནི་དེའི་གནས་པ་ཞེས་པ་ལ་སོགས་པས་འཆང ་དེ། བདག་དང་ཆོས་སུ་བདག་པའི་རྟེན་ཚོར་བ་ལ་སོགས་པ་བཞི་པོ་རྣམས་གཟུགས་མེད་པར་ཡོད་པ་མི་འཐད་ཅེས་པའོ།། གལ་ཏེ་རྣམ་པར་ཤེས་པའི་ངོ་བོར་ཡོད་དོ་ཞེ་ན། ཕྱི་ནང་དངོས་པོ་མེད་ཅེས་པ་ལ་སོགས་པ་གསུང་སོ།། སེམས ་ཅན་མེད་ཅེས་པ་ལ་སོགས་པས་ནི་གང་གི་བདག་གི་རྣམ་གྲངས་སེམས་ཅན་ལ་སོགས་པ་མེད་པར་འགྱུར་བའོ།། གལ་ཏེ་ཀུན་རྫོབ་ཏུ་ཡང་རྣམ་པར་ཤེས་པ་མེད་པས་ཆོས་ཀྱི་བདག་ཀྱང་མེད་པར་སྨྲ་ན་ཆད་པའི་ལྟ་བར་འགྱུར་བའོ།། སྲིད ་པ་བར་མའི་ཕུང་པོ་རྣམས་ཞེས་པ་ལ་སོགས་པས་ནཱི་བར་དོའི་གཟུགས་དབང་པོ་ཚང་ཞིང་ཐོགས་པ་མེད་པ་རྫ་སུ་མ་གྲུབ་པའི་ངོ་བོར་ཡོད་པ་བཞི་དུག་ནུར་མེད་པཱི་སེན་ཛྷ་ལ་ལྔ་ཡོད་མོད་ཀྱི། འོན་ཀྱང་ཕྲ་བ་དྷཱ་དམན་པྲ་གཟུར་མེད་པའོ།། ཞེ་སྔར་བསྟན་ཏོ།། སེཾན ་རྣམས་ཤེས་མེད་ན་ནི་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་བྱིས་པོའི་སྐྱེ་བོ་རྣམས་ཀྱིས་ཕྱིན་ཅི་ལོག་གི་སེམས་མེད་ན། ཐམས་ཅད་འབད་པ་མེད་པར་གྲོལ་བར་འགྱུར་ལ། དེའི་ཕྱིར་མུ་སྟེགས་ཀྱི་སླུ་བ་རྣམས་རིག་ཙམ་ནི་རྟག་ཏུ་རྣམ་པར་དག ་ཅེས་པ་ལ་སོགས་པ་བདེན་པ་ཉིད་དུ་འགྱུར་རོ།། དེ་ན་ཞེས་པ་ནི་གཟུགས་མེད་པའི་ཁོམསོ་ནའོ།། ལྟ་བ་མེད་ཅེས་པ་ནི་གཟུགས་ཤིན་ཏུ་ཕྲ་བ་དང་དམན་པའི་ཕྱིར་མཐོང་བ་དང་ཐོས་པ་ལ་སོགས་པའི་ཤེས་པ་གསལ་བར་འཇུག་པ་ཡང ་མེད་པས་དམ་པའི་ཆོས་མ་ཐོས་པའི་ཕྱིར་གྲུབ་པའི་མཐའ་དང་། ཐེག་པའི་བྱེ་བྲག་དང་། དེ་ལ་རྟེན་ནས་འགྲོ་བ་མེད་པ་སྟེ། ཇི་སྐད་དུ། དེ་དམ་པའི་ཆོས་མི་ཐོས་པའི་སྡུག་བསྔལ་བ་ཡིན་ཞེས་པ་དང་། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས ་འགྱུར་འོང་ཞེས། གཟུགས་མེད་ཁམ་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། ཅེས་གསུངས་པའི་ཕྱིར་རོ།། དབང་པོ་རྣམས་དང་ཞེས་པ་ལ་སོགས་པས་དབང་པོ་རྣམས་དང་བག་ཆགས་དང་། རྣམ་པར་ཤེས་པའོ་བག་ཆགས་ལས་བྱུང་བའི་རྣམ་པར ་ཤེས་པ་རྣམས་ཀྱིས་ནང་ནས་ཀུན་གཞི་དང་ཉོན་མོངསྨྲ་པ་ཅན་གྱི་ཡིད་ནི་སྐུད་ཅིག་ཙམ་དུ་ཡང་རང་གི་ཡུལ་གྱི་རྣམ་པ་གསལ་བའི་སྒོ་ནས་འཛིན་པ་མེད་དེ། རྟག་ཏུ་ཕྲ་རབ་འཇུག་པའི་ཕྱིར་ཞེས ་པའོ།། ཇི་ལྟར་ཞེས་པ་ལ་སོགས་པས་གཟུགས་ལ་སོགས་པར་སྣང་བའི་སྐད་ཅིག་རྣམས་སྐད་གཅིག་གཉིས་ཕན་ཆེད་དུ་མི་འཇུག་པ་སྟེ། རང་གི་དུས་ལས་གཞན་དུ་མི་གནས་པར་སྟོན་པའོ།། གཟུགས་ནི་རྟོག་པརོ་མ་གྱུར ་བར་ཞེས་པ་ལ་སོགས་པའི་ཀུན་རྫོབ་ཏུ་རྣམ་ཤེས་མེད་པར་ཁས་ལེན་པ་འགྲོག་པའོ།། སྐྱེས་མ་ཐག་ཏུ་ཞུས་པ་ལ་སོགས་པས་ནི་རྣམ་པར་ཤེས་པའི་ཁྱད་པར་རྒྱུན་དང་ལྡན་པར་སྟོན་པའོ།། མཁས་པ་མ་ཡིན་བླུན་པོ་ལ་ཞེ ་པ་ནི་མཁས་པས་དེ་ལྟར་མི་ཞེན་པའི་བླུན་པོས་དེ་ལྟར་རྟོག་པའོ།། དྲུག་པོ་ལྔ་ནི་ཉེར་ལེན་མེད་ཅེས་པ་ལ་སོགས་པས་ནི་རྣམ་པར་ཤེས་པའི་ཚོགས་དྲུག་ཤིན་ཏུ་རྒྱུན་མི་བརྟེན་པས་སྐྱིད་པ་ཉེ་བར་ལེན་པ་མེད་ལ། ཉེ་བར་ལེན ་བ་དང་བཅས་པའི་ཀུན་གཞི་ནི་རྒྱུ་བ་ཆ་ཕྲ་བས་མི་རྟོགས་ཞེས་པའོ།། ཡོད་པའི་ཞེས་པ་ལ་སོགས་པས་འཕགས་པས་ཆོས་རྣམས་དོན་དམ་མེད་པ་རཱ་རྟོག་པ་ཙྱཻ་བྱེ་བླག་མི་འབྱེད་ལ། ཆོས་རབ་ཏུ་རྣམ་པར་འབྱེང་བའི་ཤེས་རབ ་མེད་པའི་རྟོགས་གེ་བ་འགའ་ཞིག་ཀྱང་། རྟག་པ་དང་ཚང་བ་ལ་སོགས་པའི་མཐར་ལྷུན་དུ་དོགས་པ་དང་། ཤེས་རབ་མེད་པ་ཉིད་ཀྱིས་བྱེ་བྲག་མི་ཕྱེད་ཅིང་འབྱེད་པར་མི་བྱེད་པའོ།། གཅིག་པ་ལ་ཡང་སྦྱིན་པ་ཡོད་ཅེས་པ་ལ ་སོགས་པས་ནི་རྣམ་པར་ཤེས་པ་རྣམས་ལས་རྣམ་པར་སྨིན་པའི་ཕུང་པོ་སྟེར་བར་བྱེད་ཅིང་འབྱིན་པའི་ནུས་པ་ཡོད་པར་སྟོན་ཏེ། དེ་ལ་གཅིག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེས་མ་རིག་པ་དང་ལས་ཀུན་ནས་བསླང་ཞིང་།། ་ལས་ཀྱི་ས་བོན་ཆུང་མ་ཟོས་པར་བྱས་པའི་སྒོ་ནས་རྣམ་པར་སྨིན་པའི་ཕུང་པོ་སྦྱིན་པོར་བྱེད་པའི་ནུས་པ་ཡོད་དོ།། ཐ་དད་པའི་ནི་ཡོད་ཀྱི་རྣམ་པར་ཤེས་པ་དང་། མ་རིག་པ་དང་སྲེད་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་ལ་ཡང་སྔ་མ ་ལྟར་སྦྱིན་པའི་ནུས་པ་ཡོད་པའོ།། གལ་ཏེ་དྲི་རྣམས་བྱིས་པའི་སྐྱེ་བོ་ལ་རྟག་ཏུ་ལྗོན་ནམ་ཞེ་ན། སེམས་དང་ལྷན་ཅིག་གཅིག་པ་སྟེ། ཀུནྡ་གཞི་དང་རྟག་ཏུ་ལྡན་ལ། ཡིད་ལ་སོགས་པ་དང་ཐ་དད་པ་སྟེ། རྟག་ཏུ་ལྡན་པའི་ངེས་པ་མིང ་པའོ།། སེམས་དང་ཞེས་པ་ལ་སོགས་པས་ནི་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བར་བསྒྲགས་ཤིང་གྲུབ་པ་མ་རིག་པ་དང་འདུ་བྱེད་ལ་སོགས་པ་དེ་རྣམས་ཀྱི་རྣམ་པཪྻ་སྨིན་པ་སྟེར་བའི་ནུས་པ་དང་ལྡན་པའི་དངོས་པོ་དེ་རྣམ ་ཀྱི་རྣམ་པར་སྨིན་པ་སྟེར་བའི་ནུས་པ་དང་ལྡན་པའི་དངོས་པོ་དེ་རྣམས།། ཉེ་བར་ལེན་པའི་ཕུང་པོ་ལས་ཐ་དད་ཏུ་དབྱེར་ཡོད་ན་ནི་དེ་རྣམས་ཟག་པ་དང་བཅས་པའི་ཕུང་པོའི་ཁོངསུ་མ་འདུས་པས་དེ་རྣམས་ཕུང་པོ་དང་ཇི་ལྟར་ན ་གཅིག་པ་ཉིད་ཁོང་དུ་ཆུད་པ་བྱ་སྟེ། དེ་ལྟར་ཁོང་དུ་ཆུད་པར་བྱར་མེད་པའོ།། དེའི་ཕྱིར་དེ་རྣམས་ཟག་པ་དང་བཅས་པའི་ཕུང་པོར་འདུས་ཤིང་། ཡང་ཕུང་པོ་གཞན་དང་གཞན་སྟེར་བར་བྱེད་པའོ།། དེ་ལྟར་ན་སྲིད་པ་ཉེ་བར་ལོན་པའི་ནུས་པ་དང་བརླཔ ་དམིགས་པ་སྟེ། ཕུང་པོའི་བདག་ཉིད་དུ་གྱུར་པ་བྱིས་པའི་སྐྱེ་བོ་ལ་སྣང་བླ་རྣམས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། ཚེའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀུན་ནུས་སློང་བར་བྱེད་པའི་མ་རིག་པ་དང་། ་སྲེད་པ་ལ་སོ་ཌ་པཱི་ཚུལ་དུ་འདྲ་དང་མི་འདྲའི་ཚུལ་རྣམས་ཀྱིས་ཞེས་པ་སྟེ། འགྲོ་བའི་རིགས་འདྲ་བ་དང་མི་འདྲ་བའི་རྣམ་པའི་སྒོ་ནས་དེ་དག་གི་ཕུང་པོ་སྒྲུབ་པར་བྱེད་པ་སྟེ། ཇི་ལྟར་བསྲེག་བྱ་སྲེ་པ་ལ།། མེ་དང་ཕྲད་པ་ན་ཅིག་ཅར་སྲེག་པ ་བཞིན་དུ་ཉེ་བར་ལེན་པ་དང་བཅས་པའི་དམིགས་པའི་བདག་ཉིད་དུ་གྱུར་པས་ཀྱང་། དེ་འདྲ་བའི་ཕུང་པོ་འགྲུབ་པར་བྱེད་པ་ཉིད་དུ་ཅིའི་ཕྱིར་ཡང་བདག་པོའི་རྟོག་གྲེ་དང་ལྡན་པ་རྣམས་མི་སྟོ་ཏེ་བསྟན་པར་རིགས་པའོ།། རྟག་ཏུ ་སྐྱེས་དང་མ་སྐྱེས་དང་ཞེས་པ་ལ་སོགས་པས་ནི་བརྟགས་པའི་བདག་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞིའི་ངོ་བོར་གྱུར་པ། སེམས་ཅན་ཐམས་ཅད་བྱིས་པའི་སྐྱེ་བོས་མི་རྟོགས་པའི་རྒྱས་པར་སྟོན་ཏེ། དེ་ལ་རྟག་ཏུ ་སྐྱོསྨྱོས་པ་ནི་ཀུན་རྫོབ་ཏུ་སྐད་ཅིག་གི་རང་བཞིན་རྒྱུན་དང་ལྡན་པར་སྐྱེ་བའོ།། དེ་དོན་དམ་པར་མ་སྐྱེས་པ་དང་སྤྲོས་པ་དང་བྲལ་ཞིང་འོད་གསལ་བའི་ཆོས་ཉིད་མི་འགྱུར་བར་གནས་བདག་དང་མཚུངས་པས་བདག་སྒྲུ ་པོའི་དཔེ་ཉིད་དུ་ཅིའི་ཕྱིར་མི་སྟོན་ཏེ། ཆོས་མཐུན་པས་དཔེར་བསྟན་པོར་རིགས་པ་ཞེས་པའོ།། དེ་ལྟོ་ན་ཡང་ལོག་པའི་རྟོག་གེ་ཅན་རྣམས་ཀྱིས་དེ་འདྲ་བའི་རང་བཞིན་མ་རྟོགས་པས་དེའི་དཔེར་བྱེད་པ་མ་ཡིན་ཏེ། སེམས་ཅན ་རྣམས་ལ་བདག་བརྟག་པ་ཐེར་ཟུག་པའི་དངོས་པོ་ཉིད་ཡོད་པར་སྟོན་པའོ།། དེའི་ཕྱིར་དེ་དག་ནི་གནས་གཉིས་སྤངས་པའི་དབུ་ལའི་ཚུལ་མ་རྟོགས་ཤིང་མོས་པ་དག་རྟ་པའི་དངས་པ། ན་པར་འདོད་པས་དེའི་སྒྲུ ་བྱེད་དང་དཔེ་ལ་སྩོགས་པ་ཚོལ་བར་བྱེད་ཀྱི། རྣམ་པར་དག་པའི་བདག་དེ་བཞིན་གཤེགས་པའི་སྙིང་པོ་ནི་དེ་ཡང་འགས་པ་རྟོགས་པའོ།། ཉེར་ལེན་ཉེ་བར་ལྡན་བྱེད་ཀྱི་ས་ལུས་ན་སྲིད་པཱ་ཉ་བར་ལེན་པའི་ནུས་པ་ཡིན་ལ། ཕུང ་ནོ་ནུས་པའི་རྟེན་ཆོས་ཅ་ནོ།། དེ་རྣམས་ཇི་ལྟ་བྱ་བཞིན་དུ་རྟོགས་ན་མཐའ་གཉིས་སྤངས་པའི་ཚུལ་ལུགས་ཟབ་མོ་རྟོགས་པའི་ཡེ་ཤེས་སྐྱེ་བར་འགྱུ་རོ།། མུ་སྟེགས་ཞེས་པ་ལ་སོགས་པའི་ནི་ཀུན་གཞིའི་སྙིང་པོ་དང་ཕྱོགས་འགའ ་ཞིག་ནས་འདྲ་བའི་བདག་རྟག་པའི་དངོས་པོར་བསམས་ཤིང་རྟོགས་ལ། རྣམ་པར་དག་པ་བདག་འགྱུར་བ་མེད་པའི་ཆོས་ཉིད་དང་ལྷན་ཅིག་ལྡན་པ་སྟེ། བརྗོད་བ་ཉིད་དུ་ལྡན་པའི་ཆོས་ནི་དེ་དག་གིས་བརྗོད་པ་མི་བྱས་ཤིང་མ ་བསྟན་པའོ།། དེ་དག་རབ་ཏུ་ཕྱེ་བ་ནི་ཕྱི་རོལ་པས་བརྟགས་པ་དང་། རྣམ་པར་དག་པའི་བདག་གི་བྱེ་བྲག་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། དེ་ལས་རྣམ་པཱར་ཐར་པ་ལ་སྩོགས་པའི་ཕན་ཡོན་འབྱུང་བའོ།། བསྒོམ་པས་སྤང་སོ་པར་བྱ་བའི ་ཉོན་མོངས་པ་ནི་ལྷན་ཅིག་སྐྱེས་པའི་སྡེ་ཚན་ཏེ། ལོག་པར་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལོ་ཞུགས་མཆོག་ཏུ་འཛིན་པ་དང་ལྟེ་བ་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་རྣམ་པ་བཞི་པོ་དེ་རྣམས་མ་གཏོགས་པ་ཉོན་མོངས་པ་རྣ། ་པ་དྲུག་སྟེ། དེ་ཡང་ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་རྣམ་པ་ལྔ་ལྔ་སྟེ། དེ་ལྟར་བསྡོམ་པས་རྣམ་པ་བཅུ་དྲུག་དུ་འགྱུར་བའོ།། མཐོང་བས་རྣམས་པར་བྱ་བ་ནི་སྔར་བསྟན་ཏོ།། ཕུང་པོ་རྣམས་ལ་སྙེམས ་ཅན་ནརྀ་ཞེས་པ་ནི་ཟག་པ་དང་བཅས་པའི་ཕུང་པོ་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཡང་སེམས་ཅན་རྣམས་ཀྱི་ཕུང་པོའི་དྲི་མ་སྦྱངས་ན་མཐོང་བར་འགྱུར་བའོ།། བདོག་དང་ལྷན་ཅིག་ཅེས་པ་ནི་བདག་ཏུ་འཛིན ་པའི་ཕྱིན་ཅི་ལོག་གོ།། སེམས་ནི་རང་བཞིན་འོད་གསལ་བ་ཞེས་པ་ནི་གཉུག་མའི་ཡེ་ཤེས་རིག་པའི་ཆའོ།། དེ་ལས་གཞན་པ་ནི་དེའི་ཆོས་ཉིད་སྟོང་པ་སྟེ། དེ་དག་ཀྱང་ཕན་ཚུནྡ་ཟུང་དུ་འཇུག་པའོ།། དེ་དག་ལཱ་གློ་བུར་གྱི་དྲི་མ་ཕྱིན ་ཅི་ལོག་དུ་མངོན་པར་ཞེན་པ་འབྱུང་ཞིང་དེ་ཡིས་ལས་བསགས་པ་ལ་བརྟེན་ནས་དེ་གཉིས་ཏེ། ཆོས་ཅན་དང་། ཆོས་ཉིད་ཀྱི་ལྡོག་པ་གཉིས་ཉོན་མོངས་པར་འགྱུར་ཏེ། ངར་གྱི་སྲིན་བུ་ལ་སོགས་པ་བཞིན་ནོ་ཞེས་སྔར་བསྟན་ཏོ།། ་ཟློཐོག་མ་མེད་དྷཱའི་གློ་བུར་ཞེས་པ་ནི་རིགས་མཐུན་པའི་རྒྱུ་ལ་ཐོག་མྱ་མེད་ལ། དངོས་པོའི་ངོ་བོ་ནི་གློ་བུར་ལ་ནམ་མཁའི་སྤྲིན་ལྟ་བུའོ།། གནས་ཤིང་འཇིག་པར་མི་འགྱུར་བ་ནི་ཆོས་ཉིད་ལ་འགྱུར་བ་མདྲ་པའོ།། རྩཝ་འམ་ཞེས་པ་ལ ་སོགས་པས་ནི། བརྟགས་པའི་བདག་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ལ་ཡོད་ཀྱང་རྟོགས་པར་མི་ནུས་པ་དཔེ་དུ་མའི་སྒོ་ནས་སྟོན་ཏེ། འཚོལ་བར་བྱེད་པ་ནི་ཤིང་དང་པགས་པ་ལ་སོགས་པའི་དངོས་པོ་རེ་རེ་ལ་སྒྲ་བརྙན ་གྱི་དངོས་པོ་ཚོལ་བར་བྱེད་པ་སྟེ། དེ་ལྟར་བཙལ་ཀྱང་མི་རྙེད་པ་དེ་བཞིན་དུ་དེ་བཞི་གཤེ་ཌ་པཱི་སྙིང་པོ་ཡང་ཕུང་པོ་རྣམས་ལ་བཙལ་ན་མི་རྙེད་པའོ།། འདི་རྣམས་ཀྱིས་ནི་ཕྱིན་ཅི་ལོག་གི་བདག་ཕུང་པོ་ལ་བཙལ་ཀྱང་མི་རྙེད་པའི་དཔེ ་ཉིད་དུ་ཡང་སྦྱར་བར་བྱའོ།། གཞན་ཡང་བདག་གི་ཡོན་ཏན་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་ལས། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་ནུས་པ་ནི་སེམས་དང་སེམས་ལས་བྱུང་བ་ལ་སོགས ་པཱའི་ཕུང་པོ་ལོ་ལྡན་ཀྱང་མི་ཤེས་པ་དེ་བཞིན་དུ་ཞེས་པ་ལ་སོགས་པ་གོ་བར་ཟད་དོ།། སྨན་གྱི་བསྐྱོད་པ་ནི་ཕན་པའི་ཁྱད་པ་རོ།། ས་དང་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་སྙིང་པོ་མེད་ན་ཡོན་ཏན་ཕུན་སུམ་ཚེགས་པ ་མི་ཐོབ་པར་སྟོན་པའོ།། གང་ཚེ་ཞེས་པ་ལ་སོགས་པས་ནི་བརྩད་པ་སྤང་བའི་ཐབས་སྟོན་ཏེ། འཇིག་བྱེད་ནི་སངས་རྒྱས་ཀྱི་ཆོས་འཇིག་པར་བྱེད་པ་རྒྱང་ཕན་པའི་སློབ་མ་ཀླུའི་གཟུགས་འཛིན་པའོ།། བདག་མེད་སླུ་བ་ནི་དེ་བཞིན ་གཤེགས་པའི་སྙིང་པོ་ལ་སྐུར་པ་འདེབས་པ་དང་། དེ་དག་སྟོན་པའི་ཐེག་པ་ཆེན་པོ་ནི་ཆོས་ཀྱི་ཚུལ་ཡང་དོག་པ་མ་ཡིན་ཞེས་སྨྲ་བའོ།། དེ་དག་དང་འགྲོགསྔོ་པ་སྤངས་ཤིང་། དེ་བཞི་ནི་གཤེགས་པའི་སྙིང་པོ་སྦྱངས་པ་ལ་བརྟེན་ནས་དེ་འདྲ ་བའི་བདག་མེད་ཅེས་སྐུར་པ་འདེབས་པ་དང་། གཞན་ཡང་ལོག་པར་ལྟ་བ་ལ་སོགས་པའི་ཚང་ཚིང་སྲེགས་པར་བྱེད་ཅིང་། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་མངོན་དུ་འགྱུར་བའོ།། མཁའ་འདའ་ཞེས་པ་ལ་སོགས་པས་དཔེའི་རྣམ་པ ་གཞན་སྟོན་པའོ།། རྣམ་པ་ལྔ་རུ་ཞེས་པ་ནི་གཟུགས་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ནམ་ཞེས་པ་ལ་སོགས་པ་གཟུང་ཞིང་བཙལ་བའོ།། རིག་སྔགས་ལ་སོགས་དཔེ་རྣམས་ཀྱིས་ཞེས་པ་ནི་རྒྱང་ཕན་པའི ་རིག་སྔགས་ལ་སྩོགས་པ་དང་། གཏན་ཚིགས་དང་དེཔེའོ།། གང་ལྔ་གང་ཕྱིར་གང་དོན་དུ། འདུས་པ་རྣམས་ནི་མཱ་གཏོག་སོ་ཞེས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་གང་ལ་ཐབས་དང་ཤེས་རབ་ལ་སོགས་རྒྱུ་གང་གིས་དབང་གིས ་འཕགས་པའི་གོ་འཕང་གང་ཐོབ་པར་བྱ་བའི་དོན་དུ་ཟག་པ་མེད་པའི་ས་བོན་བསྒོས་ཤིང་འདུས་རྣམས་ནི་རྟོགས་པའོ།། ཡང་ཀུན་གཞི་གང་ལ་མ་རིག་པ་དང་། སྲེད་པ་ལ་སོགས་པའི་རྒྱུ་ཡིས་ཟག་བཅོས་ཀྱི་ཕུང་པོ་བསྐྱེད་པ ་བྱ་བའི་དོན་དུ་དེ་འདྲ་བའི་ས་བོན་བསྒོས་ཤིང་འདུས་པ་རྣམས་མི་རྟོགས་པའོ།། ཆོས་རྣམས་ཞེས་པ་ལ་སོགས་པས་མཚན་ཉིད་སྟེ་ཚོབ་ཏུ་སྣང་བ་སེམས་གཅིག་དུ་འདུས་པ་མི་རྟོགས་པ་སྟེ། སྔ་མ་དེ་ཉིད་བཤད་པའོ།། རྒྱུ་མེད ་ཅེས་པ་ལ་སོགས་པས་ཀུན་རྫོབ་ཏུ་ཡང་མེད་པར་སྨྲ་བ་ལ་ཚད་མ་དང་ལུང་དང་འགལ་བའི་ཉེས་པར་འགྱུར་ཞེས་པའོ།། སེམས་ཀྱི་རྗེས་ལྕི་ཞེས་པ་ལ་སོགས་པས་སེམས་ཀྱི་རང་བཞིན་གཙུག་དང་དུ་མ་དང་ཕྱི་དང་ནིང་དུ ་བཙལ་ཀྱང་མ་མཐོང་བ་སྟེ། དེ་ཉིད་སེམས་ཀྱི་ཆོས་ཉིད་མཐོང་བའོ།། འདི་ལྟར་བསྟན་པས་ཀྱང་རྣམ་པ་བརྫུན་པར་སྨྲ་བ་གང་དག་སྣ་ཚོགསུ་སྣང་བའི་རྣམ་པའི་ཚོགས་ནི་བརྫུན་པ་ཉིད་ཡིན་ལ། དེ་འདྲ་བའི་རྣམ་པས་ཁེ ་མ་སྦྱར་བའི་ཤེས་པ་གཉིསུ་མྱེད་པའི་རང་རིག་པ་ཤེལ་དགུ་པ་ལྟ་བུ་ནི་དངོས་པོའི་ངོ་བོར་གྲུབ་པའོ། ཞེས་འདོད་པ་འགོག་སྟེ། གཅིག་དང་དུ་མ་ལ་སོགས་པར་བཙལ་ན་མཱ་རྙེད་པས་གནོད་བྱེད་ཀྱི་ཚད་མ་དང་། ཤེལ་སྒོང་དག ་པ་ལྟ་བུའོ།། ཤེས་པ་རབ་ཏུ་ཚོར་བ་མེད་ཅེས་པ་སྟེ་སྒྲུབ་བྱེད་མེད་པའོ།། དེ་ལྟར་མེད་བཞིན་དུ་རྟོག་ན་ནི་རྟག་པ་དང་མི་རྟག་པ་ལ་སོགས་པའི་ཁྱད་པར་དུ་གང་དུརྩ་བརྗོད་དུ་མེད་པའི་གླང་བྲག་ལས་དང་ལས་ཀྱི་ཁུར་ཁྱེར་པ་འགའ་ཞིག ་ཀྱང་ཡད་དྲོ་ཞེས་ཅིའི་ཕྱིར་མི་བརྗོད་དེ་མཚུངས་པར་ཟད་དོ།། གལ་ཏེ་དེ་འདྲ་བ་མི་འཐད་ཀྱང་གཟུགས་ལ་སོགས་པའི་རྣར་མཐོང་བ་བྱེད་པ་ནི་སྟོང་བའི་རྒྱུ་ལས་བྱུང་ངོ་ཞེ་ན་སྣང་བ་ཅིའི་རྒྱུ་ལས་བྱུང་ཞེས་པ་སྟེ། མི་འཐོད་པ་ཉིད་དུ་བསྟན། ་ཟན་ཏོ།། ད་ནི་ཀ་ཏཱ་ཡ་ནའི་རིགས་ཞེས་པ་ལ་སོགས་པས་ནི་མཆོག་གི་སྤྲུལ་པ་དང་ལོངས་སྤྱོད་རྫོགྶས་པའི་སྐུ་གནས་གང་དུ་སངས་རྒྱས་པའི་ཚུལ་སྟོན་ཏེ། དེ་ལ་ང་ཞེས་པ་ནི་དྲི་མེད་རྒྱལ་བ་ཞེས་གདུལ་བྱ་ཐ་མལྔ་པ་རྣམས་ལ ་སྣང་བ་མཆོག་གི་སྤྲུལ་པ་ཡིན་ལ། དྲི་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ལྔ་ཡང་སྣང་བ་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ནི་ལོངས་སྤྱོད་རྫོགས་པོའི་སྐུ་ཡང་ཡིན་ཏེ། འཕགས་པ་གསེར་འོད་དམ་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡོད ་ལ་སྤྲུལ་པའི་སྐུ་ཡང་ཡིན་པའི་མུ་བཞི་པ་གསུངས་པའི་ཕྱིར་རོ།། དེ་ཉིད་ཀ་ཏ་ཡཾ་ནའི་རིགས་གོས་པ་སྟེ་སངས་རྒྱས་སྔ་མའི་ཡེ་ཤེས་ཀྱི་རིགས་སུ་སྐྱེས་པའོ།། དེ་ཡང་ཇི་ལྟར་འཕགས་པ་ཀླུ་སྒྲུབ་ཀྱིས། བཅོམ་ལྡན་འདས་ལ་དངོས་མེད་པ། ་སྨྱོན་པས་ཀ་ཏཱ་ཡ་ན་ཡི།། གདམས་ངག་ལས་ནི་ཡོད་པ་དང་།། མེད་པ་གཉིས་ཀ་གདགས་པར་མཛད་ཅེས་གསུངས་པ་སྟེ། ཀ་ཏ་ཡ་ནས་འཇིག་རྟེན་ཐམས་ཅད་ནི་གཉིས་ལ་བརྟན་པ་སྟེ། ཡོད་པ་དང་མེད་པ་ལའོ།། ་དེ་ལ་བརྟེན་ནས་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་འབྱུང་ངོ་ཞེས་གསུངས་ཏེ། དེ་འདྲ་བའི་སྟོན་པའི་སངས་རྒྱས་ཀྱི་ཁྱད་པར་རོ།། གཙང་མའི་གནས་ནས་བྱུང་ཞེས་པ་ནི་གཙང་མའི་གནས་ཀྱི་བྱེ་བྲག་འོག་མིན་དུ་ལྗོངས་སྤྱོད ་རྫོགས་པའི་སྐུར་སངས་རྒྱས་པའོ།། སྟོང་ཕྲག་གསུམ་གྱི་མདོ་རྣམས་ཀྱིས་ཞེས་པ་ནི་མདོ་སྡེ་འདི་ཉིད་ཡིན་ཏེ། ཇི་སྐད་དུ། ལོང་ཀཱར་གཤེགས་པའི་མདོ་སྡེ་ནི་སངས་རྒྱས་སྔ་མས་གསུངས་ཞེས་པའོ།། ཞེས་བསྟན་པའི་ཕྱིར་རོ། ་ལྗོངས་སྤྱོད་རྫོགས་པའི་སྐུ་འོག་མིན་དུ་སངས་རྒྱས་པའི་རྒྱུ་མཆེན་ཡང་། དེའི་ཞིང་ཁམས་ནི་ཡེ་ཤྲཱིས་ཡོངསུ་དྲག་པའི་སྣང་བ་ཡིན་ལ། ཁམས་གསུམ་པ་གཞན་ནི་བྱས་པའི་སྐྱེ་བོ་རྣམས་ཀྱི་སེམས་ཉིད་མ་དག་པའི་སྣོད་བ་ཡིན ་བྲིང་། གཙང་མའི་གནས་གཞན་ཡང་འཕགས་པ་རྣམས་ཀྱི་ཡེ་ཤེས་ཕྱོགས་འགྲའ་ཙམ་དག་པའི་སྣང་བ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་དག་པའི་སྣང་བ་ཡིན་པས་དེ་རྣམས་སུ་སངས་མི་རྒྱུ་བའོ།། འདིར་ཕྱི་རོལ་གྱི་དངོས་པོར་གྱུར ་པའི་ཞིང་ལ་སོགས་པ་ནི་ཡོད་པ་མ་ཡིན་ནོ་ཞེས་རྒྱས་པར་བསྟན་ཏོ།། སྔོར་གྱི་དྲི་བའི་ལན་དུ་སྦྱར་བ་ནི་ཤེས་པར་ཟད་ངོ་།། གལ་ཏེ་དེ་ལྟ་བུའོ་ཞིང་ཁམས་ཕུན་སུམ་ཚོགས་པ་ནི་འདོད་པའི་ཡོན་ཏན་ཁྱོད་པར་ཅན་དང་ལྡན་པས ་འཆི་བའི་རྒྱུ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འཆི་བའི་རྒྱུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ནི་ཡུལ་དུ་སྣང་བ། སེམས་ཀྱི་ངོ་བོར་གྱུར་པའི་ཆོས་ཉིད་སྟོང་པ་ཉིད་ལ་འཆིང་ཞིང་དེར་ཐིམ་པའོ།། དེའི་ཕྱིར་དེ་ལྟར་རྟོགས་པའི ་ཡེ་ཤེས་ཉོན་མོངས་པ་འཇོམས་པ་སྟེ། ཡེ་ཤེས་དེ་ནི་བ་རྟུལ་ཞུགས་དང་ལྡན་པ་རྣམས་ཀྱི་རལ་གྲིའི་སོ་དང་འདྲ་བའོ།། བདག་མེད་ཉིད་ནི་ཇི་ལྟར་མེད་ཅེས་ནི་དེ་རྒྱུ་མ་ལྟ་བུར་ཡོད་པའོ།། རྒྱུ་ཡི་རྣམ་པ་ནི་མཱ་སྐྱེས་ཏེ། རྐྱེནི་རྣམས་དེ་དག ་བྱས་པའོ།། ཞེས་པ་ནི། འདིར་རྡ་རུ་ཞེས་པ་རྒྱུ་འམ་དབྱིངས་ཉིད་ལ་འཇུག་པས་འདྲིར་ནི་ཆོས་ཀྱི་དབྱིངས་ལ་བྱ་སྟེ། དེ་འདྲ་བའི་རང་བཞིན་མ་སྐྱེས་པ་དྲང་སྒྱུ་མ་ལྟ་བུའི་གཞན་དབང་ནི་ཀུན་རྫོབ་ཏུ་རྒྱུ་ཡི་སྲྀ་བྱས་པོའོ།། དེ་གཉིས་ཞྭ ་པོ་གཞན་དབང་དང་ཆོས་ཀྱི་དབྱིངས་གཉི་ག་ཡང་དོན་དམ་པར་སྐྱེད་པར་མ་ཡིན་པའོ།། སྣང་དོང་སློབ་མོ་རྫས་སོགས་ཀྱིས་ཞེས་པ་ནི་སྣང་བ་ཕྱིའི་སྐྱེ་མཆེད་དང་། དབང་པོ་ལསོགས་པའི་རྫ་སྡེ་ནང་གི་སྐྱེ་མཆེད་ཀྱི་རྣམ་པར ་ཤེས་པ་སྐྱིད་ཅིང་། རིག་པའི་གནས་ལ་བསླབསྡུ་བའི་རྒྱུ་ཡིས་དེ་རྣམས་ལ་མཁས་པའི་གནས་སྐབསུ་བསྐྱེད་པའོ།། མངོན་པར་འདུ་བྱེད་ཅེས་པོ་ལྔ་སོགས་པས་ཕྱི་རོལ་གྱི་ངོ་བོར་གྱུར་པའི་གཟུགས་སྐུ་ཡང་དག་པའི་སང ་རྒྱས་མ་ཡིན་པར་སྟོན་ཏེ། དེ་ཡང་ཁ་དོག་དའི་དབྱིབས་ཀྱི་རྣམ་པར་བསྡུས་པའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པས་ནི་སངས་རྒྱསུ་འགྱུར་བ་ནི་མ་ཡིན་ཏེ། དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡང་ཡོང་པོའི་ཕྱིར་རོ།། དེས་ན ་སངས་རྒྱས་ཉིད་དུ་འཇོག་པའི་རྒྱུ་མཚན་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དགེ་སློང་དག་ངའི་སྐུ་ཐོབ་པས་དེ་བཞིན་ག ་པ་དེ་བཞིན་གཤེགས་པའི་གྲངསུ་འགྲོ་བ་ནི་མ་ཡིན་གྱི། འོན་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པས་དེ་བཞིན་གཤེགས་པའི་གྲངསུ་འགྲོའོ་ཞེས་གསུངས་པའི་ཕྱིར་རོ།། འོ་ན་ལྐུག་ལོང་བ་ཞར་བ་དང་ཞེས ་པ་ལ་སོགས་པས་ནི་ཚངས་པར་སྤྱོད་པའི་རྟེན་ཁྱད་པར་ཅན་སྟོན་ཏེ། དེ་ལ་ཤར་གཉེར་བ་ནི་སྲོག་དང་ལོངས་སྤྱོད་ལ་གནོད་པ་བྱས་པ་རྣམས་ལ། ཁོན་དུ་འཛིན་པའི་སྒོ་ནས་ལྡན་གླནོ་པར་འདོད་པ་སྟེ། ཉོནྡ་ལྗོངས་པས་དགྲ ་པས་དེའི་རྟེན་མ་ཡིན་པའོ།། རང་བཞིན་གྱིས་འདོད་ཆགས་ཆུང་བ་རྣམས་ལ་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཅ་ནཱ་ཞེསོ་ང་མི་སྨྲའོ་ཞེས་འཕགས་པ་དཀོནྡ་མཆོག་བརྩེགས་པ་ལས་གསུངས་པའི་ཕྱིར་རོ།། གྷ ་ནི་མཛེས་པའི་བར་ཆང་ཉིད་དུ་དམ་པའི་ཆོས་འདུལ་བ་ལས་བཤད་དོ།། བསྒྲིབ་དང་ཞེས་པ་ན་ལ་སོགས་པས་མཚན་གྱི་བྱེ་བྲག་སྟོན་ཏོ།། དེ་ལ་བསྒྲིབས་པ་ནི་མིའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཚན་ཏེ། ཅུང་ཟདྨ་མི་པ། ་བ་དང་ཡོན་པོ་ལ་སོགས་པར་འདུག་པའོ།། གསལ་བ་ནི་དེ་བཞིན་གཤེགས་པའི་མཚན་ཏེ། ཐུབ་མཚན་ཡུལ་ན་གནས་པ་དང་། གསལ་བ་རྫོགས་པས་འཕགས་པ་ཡིན་ཞེས་གསུངས་པ་ལྟ་བུའོ།། དེ་བཞིན་དུ་ལྷའི ་རྣམས་ཀྱི་མཚན་དང་ལྡན་པས་ལྷ་རྣམས་ཀྱི་འཁོར་ལོས་སྒྱུར་བའོ།། གསལ་བ་རབ་ཏུ་འབྱུང་བ་ཞེས་པ་ནི་དེ་བཞིན་གཤེགས་པ་སྟེ། འདོད་པའི་ཡོན་ཏན་སྤངས་ཤིང་རབ་ཏུ་འབྱུང་བའི་ཚུལ་བསྟན་པའོ།། དེ་ལས་གཞན་ལྷ་དང ་མིའི་འཁོར་ལོས་སྒྱུར་བ་ནི་བག་མེད་པ་སྟེ། འདོད་པའི་ཡོ་ན་ཏན་ལ་སྤྱོད་པའོ།། རྒྱས་དང་གཟེགས་ཟན་ཁྱུ་མཆོག་དང་ཞེས་པ་ལ་སོགས་པས་འི་ཁྱེད་ཀྱི་ལུང་བསྟན་པ་ནི་དུ་ཞེས་དྲིས་པའི་ལན་དུ་མ་འོངས་པ་ལུང་སྟོན་པ་སྟེ། དེ ་ལྟར་བསྟན་པའི་དེ་གོས་པ་ཡང་མུ་སྟེགས་ཀྱི་དྲང་སྲོང་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ལམ་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ཡང་དག་པའི་ལམ་སྟོན་པ་དང་དེའི་ཆོས་བསྲུང་བའི་རྒྱལ་པོ་ལ་སོགས་པ་འདི་ལྟར ་འབྱུང་རྗེ་ཞེས་བསྟན་པས། དེའི་དུས་སྐྱེས་པའི་སེམས་ཅན་རྣམས་ཀྱིས་བླང་བྱ་དང་དྲོར་བྱའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་བ་དང་། སྟོན་པ་ལ་ཡིད་ཆེས་པའི་དྲང་པ་སྐྱེ་བར་འགྱུར་བའོ།། སྐྱབས་འོག་ཏུ་ཞེས་པ་ནི་སྐྱབ ་འབྱུང་གི་དུས་ཀྱི་འོག་རོ་ལྔ་ལྡེམ། དེ་ཉིད་ཀྱི་དུས་ཀྱང་རུང་སྟེ་ཀླ་ཀློར་སྟག་གཟིགས་གི་རྒྱལ་པོ་འབྱུང་བའོ།། དེའི་རྗེས་ལ་མཚོན་གྱིས་འཁྲུག་པ་སྟེ། ཁྱབ་འཇུག་དང་གནོད་སྦྱིན་གྱི་སྡེ་རྣམས་ཕན་ཚུན་མཚོན་གྱིས་གཅོད་ཅིང ་གསོད་པར་བྱེད་པའོ།། འདི་ཉིད་ཡུལ་འཁྲུགས་པ་དང་ཁྲག་འཁྲུག་དང་ཞེས་པ་ལ་སོགས་པའི་ལན་དུ་ཡང་སྦྱར་བར་བྱའོ།། དེ་ལ་སོགས་པ་འདས་པོ་དག། འགྲོ་བ་འཁོར་ལོ་བཞིན་དུ་འཁོར་ཞེས་པ་ན། དེ་ནས་ཡར་སྐྱེ་མར་འགྲིབ ་པའི།། བསྐལ་པ་གཞན་ནི་བཅོ་བརྒྱད་འབྱུང་།། ཞེས་པ་དང་སྦྱར་བར་བྱའོ།། མེ་དང་ཉི་མར་ཕྲད་པ་ཞེས་པ་ནི་བར་གྱི་བསྐལ་པ་ཉི་ཤུ་འདས་པའི་འོག་རོལ་ཏུ་སྣོད་ཀྱི་འཇིག་རྟེན་འདི་ཉིད་ལ་མའི་ཁམས ་ཡོད་པ་དང་། ཉི་མའི་དཀྱིལ་འཁོར་བདུན་ཤར་བ་ལ་སྲེགས་པའི་སྟོབས་ཀྱིས་འདོད་པའི་ཁྱམས་དང་། བསམ་གཏན་དྲང་པོའི་བར་དུ་སྲེག་པ་སྟེ། འཇིག་པ་དང་དམྱལ་བའོ།། སྲིད་པ་མེད་ནས་སློང་ཟད་པ་ཞེས་པ་དང་སྦྱར་རོ།། གང་ལ ་ཞེས་པ་ལ་སོགས་པས་ནི་ཆགས་པ་དང་པོ་རླུང་ནས་ནི་ཞེས་པ་ལ་སོགས་པ་སྟེ། ལྷ་རྫས་ཀྱི་གནས་ནི་བསོད་ནམས་ཀྱི་སྣང་བ་སྟེ། འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པའོ།། རིགས་བཞིའི་མི་མགོན་དབང་པོ་དང་། ཞེས་པ་ནི ་མར་འགྲིབ་དུས་མང་པོས་བཀུར་བའི་རྒྱལ་པོ་བྱུང་བ་སྟེ། འཛིན་བཅ་སཱ་རྣམས་ཀྱིས་ཞིང་དབེན་བསྟབས་ཞེས་པ་དང་སྦྱར་རོ།། དྲང་སྲོང་རྣམས་དང་ཆོས་ཞེས་པ་ནི་སངས་རྒྱས་འབྱུང་བའི་སྔོན་རོལ་དུ་འཇིག་རྟེན་པའི་ཆོས་དང་། དེ ་ལས་གཞན་རིག་བྱེད་རྟག་པ་སྐྱེས་བུས་མ་བྱས་པ་འདོད་པ་དང་། སྲོག་གི་མཆོད་སྦྱིན་དང་སྐྱོན་སྲེག་ལ་སོགས་པ་འབྱུང་བར་འགྱུར་བའོ།། གཏམྱ་ནི་སྔོན་གྱི་གཏམ་རྒྱུ་དོ།། རྒྱུད་པ་རྟོགས་བྱེད་འགྲེལ་པ་ནི་སྠཱནྟི་མོད་དེ་འཆད་པའི ་འགྲེལ་པའོ།། འདི་སྐད་བདག་གིས་ཐོས་སོགོས་པས་ཞེས་པ་ནི་གླེང་གཞི་དང་བཅས་པའི་ཆོས་མོ་མཐུན་པ་སྣ་ཚོགས་བསྟན་པས་འཇིག་རྟེན་རྨོངས་པར་འགྱུར་བའོ།། ཤིན་དུ་བཅོས་ཞེས་པ་ལ་སོགས་པས་ནི་མུ་སྟེགས་ལ་སོགས ་པའི་རྟགས་སྤངས་པ་དེ་བཞིན་གཤེགས་པའི་རྒྱལ་མཚན་སྟོན་ཏེ། སྤྲུལ་པའི་སྐུ་ཡིས་བསྟན་པའོ།། སྟེང་ནས་ཞེས་པ་ནི་ཁ་དོག་བསྒྱུར་བའི་གོས་སྟེང་ནས་བགོ་བྱའོ།། འདྲམ་སོགས་ཞེས་པ་ནི་ཆོས་རྩི་སྟེ་སྔར་བསྟན་པ་དང་སྦྱར་རོ།། ་བྲི་བ་དང་བཀྲ་བ་ནི་ཁ་དོག་གསལ་བར་བྱས་པའོ།། སྐྱེད་པ་སྲང་བུ་ནི་སྐད་འཆིངས་གནོན་པར་བྱེད་པའི་སྲང་བུའོ།། མཐོ་རིས་ནས་ནི་ལྷ་རྫས་འབྱུང་ཞེས་པ་ནི་ལྷའི་བདུད་རྩི་སྟེ། ཚོགས་རྫོགས་པའི་དེ་བཞིན་གཤེགས་པ་ལོ་ལྷ་རྣམས ་ཀྱིས་འབུལ་བར་སྣང་བའོ།། གཉིས་པོ་ནི་དམན་པའི་ཟས་དང་སློང་མའོ།། རིན་ཆེན་ཞེས་པ་ལོ་སོགས་པས་རིན་པོ་ཆེ་སྣ་བདུན་དང་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོ་རིས་ཐོབ་པར ་བྱེད་པའི་ཆོས་སྟོན་པ། གླིང་བཞི་པ་ལ་དབང་བྱས་ནས་མཐར་གྱིས་སུམ་ཅུ་རྩ་གསུམ་དུ་ཞུགས་པ་དང་། སྲེད་པའི་དཔུང་གི་སྣ་ལྷའི་དབང་པོ་ལ་དྲན་སེམས་སྐྱེས་པས་སླར་འཛམ་བུའི་གླིང་འདི་ཉིད་དུ་ལྟུང་བར་གྱུར་པ་སྟེ། རྒྱལ་པོ ་གྲོགས་པ་མཐའ་ཡས་ཀྱི་གཏམ་རྒྱུད་དཀོན་མོཆོག་བརྩེགས་པ་ལ་སྡེ་འབྱུང་བ་བཞིན་ལྟེ་བར་བྱའོ།། ལྷུང་སྐྱེས་པའི་ཞེས་པ་ནཱི་གྷ་རྣམས་ཀྱི་འཁོར་ལོས་སྒྱུར་བའམ། ཡང་ན་མིའི་རྒྱལ་པོ་ཉིད་ལ་མིང་གི་ལྷ་ཞེས་སྔར་བསྟན་ཏོ།། བྱིས ་པའི་དུས་དང་ཞེས་པ་ལ་སོགས་པས་ནི་དེ་རྣམས་ཀྱི་འབྱུང་བའི་དུས་ཀྱི་བྱེ་བྲག་སྟོན་ཏེ།། དེ་ལ་བྱས་པའི་དུས་ནི་རིགས་བཞིའི་མི་རྣམས་ཀྱི་མགོན་པོ་མ་རིང་པོ་བཀུར་བས་ས་རྣམས་གོ་བར་བྱས་པ་ནས་བཟུང་སྟེ། སངས་རྒྱས་ཀྱིས ་བསྟན་པའི་ཆོས་ཅིག་ཀྱང་མ་ཉམས་པའི་བར་ཏེ། བསྐལ་པ་རྫོགས་ལྡན་གྱི་དུས་ཞེས་ཀྱང་དུས་ཀྱི་འཁོར་ལོ་ལས་བཤད་དོ།། དེ་ཡང་མི་རྣམས་ཀྱི་ལོ་གྲངས་ནི་ལྔ་སྟོང་དང་བཞི་བརྒྱའོ།། སྐྱབས་འབྱུང ་གི་དུས་ནི་སངས་རྒྱས་ཀྱིས་བསྟན་པའི་ཆོས་རྣམས་ཚིགསུ་བཅད་པའི་སྡེ་ཚན་དུ་བྱས་པ་ལས།། རྐེང་པ་གཅིག་ཉམས་ནས་གསུམ་ལུས་པ་སྟེ། སུམ་ལྡན་གྱི་དུས་ཞེས་ཀྱང་བྱ་ལ། དེའི་དུསུ་སེམས་ཅན་རྣམས་ལོ་ཅང་ཟད ་འཇིགས་པ་འབྱུང་བས་སྐྱབས་འཚོལ་བ་སྟེ། དེའི་ཕྱིའི་སྐྱབས་འབྱུང་ཞེས་བྱའོ།། དེའི་གྲངས་ཀྱང་སྔ་མ་བཞིན་ནོ།། གཉིས་གཞན་གྱི་དུས་ནི་རྐང་པ་གཉིས་ཉམས་པར་གྱུར་པ་སྟེ། ཉེསུ་ལྡན་གྱི་དུས་ཞེས་པ་ང་གང ་སྔ་མ་བཞིན་ནོ།། རྩོད་པའི་དུས་ནི་ལོ་གྲངས་སྡོམ་དུ་འོདྲ་བོ་ལས་བསྟེན་པའི་ཆོས་རྐང་པ་གཅིག་ཙམ་ལུས་པ་སྟེ། དེའི་དུས་ན་སྐྱེ་དགུ་རྣམས་ཉོན་མོངས་པ་མང་པོས་རྩོད་པ་འཕེལ་བའི་ཕྱིར་རྩོང་པོའི་དུས ་དྭེད་གཞན་ནི་བྱས་དུས་ལ།། ཤཱཀྱ་སེང་གེ་རྩོད་པའི་དུས་ཞེས་པ་ནི་དུས་དེ་དག་དུ་དེ་རྣམསུ་སངས་རྒྱས་པའོ།། གལ་ཏེ་འདོར་དུ་ཞེས་བྱ་བ་ནི་མདོ་སྡེ་འདི་ཉིད་གསུངས་པའི་ཤཱཀྱ་སེངྒེ་ཉིད་ལ་འཇུག་པ་མ་ཡིན་ན ་ཅིའི་ཕྱིར་དེ་ལས་ཐ་དད་པ་སྔར་ཉིད་དུ་སངས་རྒྱས་པ་དང་། དེ་ཡིས་ཤཱཀྱ་སེང་གེ་ལུང་སྟོན་པར་བྱེད་ཅེ་ན། བདེན་མོད་ཀྱི་སྔར་བསྟན་པ་ལྟར་ཤཱཀྱ་སེང་གེ་དང་དྲི་མེང་རྒྱལ་བ་ལ་སོགས་པའི་མཆོག་གི་སྤྲུལ་པ་སངས ་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ལ་སྣང་བ་ནི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དེ་ཡང་ཡེ་ཤེས་ཀྱི་རྒྱུན་རྒྱུད་གཅིག་ཉིད་ཡིན་པས་ང་ཞེས་པའི་ཚིག་སྨོས་པ་ཡིན་ལ། ཡང་དུས་དང་རྣམ ་པ་ལ་སོགས་པས་མི་འདྲ་བས་མི་འདྲ་བས་ཐ་དད་པ་ལུང་སྟོན་པ་ལྟ་བུར་གསུངས་པའོ།། དེ་ཡང་ཇི་ལྟར་སྐྱེས་བུ་གཅིག་ཉིད་ཀྱིས། གོས་དང་རྒྱན་གྱི་རྣམ་པ་གང་། སྔ་ལས་གཞན་དུ་བསྒྱུར་བྱས་ཏེ།། བརྗོད་པའི་རྣམ ་པ་མཐུན་པའམ།། ཅུང་ཟད་གཞན་དུ་བསྟན་ཀྱང་རུང་།། འགའ་ཞིག་གིས་ནི་བཟུང་བྱ་སྟེ།། ཡི་གེར་བཀོད་པ་ཇི་བཞིནྡ་དུ།། ཚུལ་འདིར་རབ་ཏུ་རྟོགས་པོར་བྱ་ཞེས་པའོ།། དེ་ལྟར་ལུང་བསྟན་པའི་དགོས་པ་ཡང་སངས་རྒྱས་དེ ་དག་སྤྲུལ་པའི་སྐུ་འབའ་ཞིག་ནི་མ་ལྟར་ལོངས་སྤྱོད་རྫོགས་པའི་སྐུར་ཡང་འགྱུར་ལོ།། དེ་ཡང་ཡེ་ཤེས་རྒྱུན་གཅིག་ཉིད་དུ་རྟོགས་པར་བྱ་བ་དང་། ཤཱཀྱ་སེང་གེ་ལས་གཞན་དག་འདི་ནི་སངས་རྒྱས་མ་ཡིན་གྱི།། གཡོ་དང ་རྒྱུ་ཡིས་འཇིག་རྟེན་འདྲིད་པར་བྱེད་པའོ་ཞེས་ཟོར་བའི་དོགས་པ་སེལ་བའོ།། རྣམ་པ་གཙུག་ཏུ་ན་འདི་དག་གི་དན་ནི་སྔར་བསྟན་པོ་ལྟར། ལང་ཀར་གཤེགས་པའི་མདོ་སྡེ་ནི་སངས་རྒྱས་སྡོམས་གསུངས་པའོ།། ཞེས ་འབྱུང་བས་རྒྱུད་ཐ་དད་པའི་སངས་རྒྱས་སྔ་མ་གཅིག་གིས་ཀྱང་ཚུལ་འདི་ཉིད་ཀྱི་མདོ་སྡེ་འདི་གསུངས་ཤིང་ཁྱད་པར་དུ་མ་འོངས་པ་ལུང་བསྟན་པའོ།། དེ་ལྟར་སྔ་ཕྱིར་གསུངས་པ་ཐམས་ཅད་ཀྱང་སྡུད་པ་པོས་ཐོས་ཤིང ་དེ་བཞིན་དུ་བསྡུས་ཏེ་བསྟུན་པས་འགག་པ་མེད་ཅེས་བྱའོ།། འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་ནི་ཕྱི་རོལ་ལ་སོགས་པས་ཀྱང་མྱ་བསྟན་པ་ནི་མཱ་ཡིན་མོད་ཀྱི། འོན་ཀྱང་སྩོགས་པའི ་ཚིག་གིས་བསྡུས་པའི་ཆོས་ཀྱི་ཁྱད་པར་འགའ་ཞིག་ནི་ཕྱི་རོལ་པ་ལ་སོགས་པས་མ་བསྟན་པའོ།། སྔོན་ཆད་བྱུང་བ་ནི་སྔོན་གྱི་གཏམི་རྒྱུད་དོ།། འབྱིན་པར་བྱེད་པ་ནི་རིག་བྱེད་དེ། ཡི་གེར་མ་བྲིས་པར་ཁ་ནས་འདོན་པ ་བྱེད་པའོ།། ངའི་ཞེས་པ་ལ་སོགས་པས་ཐ་མལ་པ་ལ་སྣང་པོ་སྦྲུལ་པའི་སྐུའི་རིགས་དང་གནས་ལ་སོགས་པ་སྟོན་པའོ།། ཟླ་བ་སྐྱབས་ཞེས་པོ་ནི་རབ་ཏུ་མ་བྱུང་བའི་མཚན་ནོ།། ཟླ་བའི་རིགས་ལས་སྐྱེས་པ་ནི་ཐ་མལ་པའི ་སྣོང་བློ་ན་ཐིག་ལེ་ལས་བྱུང་བ་དང་། ངེས་པའི་དོན་དུ་ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའོ།། ཐར་པར་ཞུགས་ཞེས་པ་ལ་སོགས་པས་ནི་རབ་ཏུ་བྱུང་བ་དང་། དཀའ་ཐུབ་སྤྱོད་ཅིང་འཚང་རྒྱ་བའི་ཚུལ་བསྟན་ནས། ་ཆོས་ཀྱི་ཚུལ་སྣ་ཚོགས་བཤད་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་ལ་འོད་ཟེར་ལ་སོགས་པས་དབང་བསྐུར་ཏེ། མ་འོངས་པ་ནས་མདོ་སྡེ་འདིའི་དོན་ཟབ་མོ་ཞུ་བ་ཉིད་དུ་ལུང་བསྟེན་ནས་མྱ་ངན་ལྔས་འདའ་བའོ།། གཞ ་ཡང་མཐོ་རོས་དང་ཐར་པ་ཐོབ་པའི་ཆོས་ལ་སྐྱེ་དགུ་རྣམས་ཀྱིས་བློ་གཏོད་པར་བྱེད་ཅིང་། ཆོས་ཀྱི་མེ་སྒྲོན་གྱིས་གདུལ་བྱའི་རྒྱུད་སྣང་བར་བྱེད་པའོ།། དེ་ནས་རིམ་གྱིས་ཆོས་ཀྱི་སྣང་བ་ལ་སློབ་པ་ཞན་པོར་གྱུར་ཅིང་སྣང་བ་ནུབ་པ་ནི།། ་བསྐལ་པའི་མཐའ་སྔརྱ་བསྟན་པའི་ཚུལ་གྱིས་འཇིགས་པར་འགྱུར་བའོ།། འོད་སྲུངས་ཞེས་པ་ལ་སོགས་པས་ནི་ང་དང་གཞན་ནི་བྱས་དུས་ལ་ཞེས་པའི་དོན་འཆད་པའོ།། དེའི་འོག་ཏུ་བྱས་དུས་ལ་ཞེས་པ་ལ་སོགས་པས་ནི་གཞན ་དག་དང་ཞེས་པའི་དོན་ཉིད་བསྟན་པའོ།། ཤེས་བྱ་ལྔ་ནི་དུས་གསུམ་གྱིས་བསྡུས་པའི་འདུས་བྱས་དང་། ན་མཁའ་ལ་འགོག་པ་ལ་སོགས་པ་འདུས་མ་བྱས་དང་། དེ་དག་གི་ཚེ་སྡེ་ཉིད་བརྗོད་དུ་མེད་པའོ།། དེ་ལྟར་གསུམ་དུ་ཡང་འདུས ་མོད་ཀྱི་དུས་གསུམ་དུ་ཕྱེ་བས་ལྔར་འགྱུར་བའོ།། གལ་ཏུ་སངས་རྒྱས་ཀྱིས་བསྟན་པའི་ཆོས་མ་ཉམས་པར་སངས་རྒྱས་གཞན་འབྱུང་བ་མི་འཐད་ངོ་ཞེ་ན། སྐྱོན་མེད་དེ། ཚིག་མ་ཉམས་ཀྱང་སྒྲུབ་པ་ལྔ་སོགས་པའི་སྦྱོར་བྱ་ཉམས ་པར་དེ་དག་གི་དོན་དུ་གཞན་འབྱུང་བའོ།། གཉིས་གཞན་ལ་མིན་སྐྱོབ་འབྱུང་མིནུ་ཞེས་པ་ནི་སངས་རྒྱས་དེ་རྣམས་དེ་དག་གི་དུསུ་མི་འབྱུང་བའོ།། རྩོད་པའི་དུས་ཀྱི་ཐ་མུལ་ཡང་གདུལ་བྱ་མེད་པས་མི་འབྱུང་བའོ།། མི་འགྲོག ་པ་དང་ཞེས་པ་ལ་སོགས་པས་ནི་ཉེ་བར་གདམས་པ་སྟོན་ཏེ། འགྱུར་བ་མེད་པའི་ཆོས་ཀྱི་སྐུ་མངོན་དུ་བྱ་ཞིང་དེའི་དོན་དུ་ཚོགས་གཉིས་རྫོགས་པར་བྱ་བ་སྟེ། དེ་ལ་མ་བྲིས་ཞེས་པ་ལ་སོགསྡེ་པས་ནི་སྐུ་གཟུགས་ལ་སོགས་པའི ་རྟེན་ལ་རྡུལ་གྱིས་མ་གོས་པར་བྱས་པའི་དོན་དུ་སྟེང་དུ་འོང་བའི་བླ་རེ་བྲེ་བའོ།། དེ་ལས་གཞོན་དུ་བྲིས་པོ་ནི་སྐྱེས་པ་དང་བུད་མེད་ལ་སོགས་པའི་གཟུགས་བྲིས་པའོ།། དུས་མཚམས་གསུམ་ནི་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་ལྕི ་@ཚོགས་ཆེན་པོ་འདུ་བས་བསྙུང་བར་གནས་པ་འམ་མཆོད་པ་བྱའོ།། དེ་བཞིན་དུ་མར་དེའི་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་ཡང་མཁའ་འགྲོའི་ཚོགས་འདུ་བས་མཆོད་པ་བྱ་བ་ལ་སོགས་པ་ཐེག་པ ་གཞན་ལས་འབྱུང་བ་བཞིན་དུའོ།། སྡོམ་པ་གསུམ་ནི་སོ་སོར་ཐར་པ་ལ་སོགས་པ་གསུམ་མོ།། ཡང་ན་སྡོམ་པ་ལ་སོགས་པ་གསུམ་བསྟན་པ་ལས་འབྱུང་བ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་ཉེས་པ་སྡོམ་པའོ།། མངའ་དང་ཞེས ་པ་ལ་སོགས་པ་ཀུན་རྫོབ་ཏུ་འདུ་བྱེད་སྐད་ཅིག་མར་བསྟན་པའོ།། དེ་ལ་དགེ་དང་མི་དགེ་དེ་བཞིན་ཞེས་པ་ནི་དེ་དག་གི་སྐད་ཅིག་ཕྱི་མ་སྐྱེས་པ་ནི་སྔ་མ་རྣམས་ལྡོག་པར་འགྱུར་བའོ།། གཅིག་པུ་མང་པོ་མ་ཡིན་ཏེ་ཞེས་པ་ལ་སོགས ་པས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་ཡེན་ལག་ཏུ་རྟེན་འབྲེལ་དོན་དམ་པ་པ་འགོག་པའོ།། དེ་ཡང་རྟོག་གེ་རྣམས་ཀྱི་རྒྱུ་གཅིག་ལས་འབྲས་བུ་མང་པོ་འབྱུང་བར་ཁ་ས་ལེན་པ་མི་འཐད་དེ།། དེ་ལྟ་ན་རྒྱུ་འབྲས་མི་འདྲ་བའི་མཚན་ཉིད་དང ་ལྡན་པའི་ཕྱིར། དངོས་པོ་མཐའ་དག་གིས་སྣ་ཚོགས་མ་བྱས་པར་འགྱུར་ཞེས་པ་སྟེ། ཇི་སྐད་དུ་སྔར་དངོས་པོ་རྣམས་ཀྱི་ཐ་དད་དང་ཐ་དད་མ་ཡིན་པ་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་དེ་ཐ་དད་དང་ཐ་མི་དད་ཀྱིས་མ་བྱས་པའི་ཕྱིར་ཞེས ་པ་ལ་སོགས་པ་རྒྱས་པར་བསྟན་ཏོ།། ལེན་པ་ཀུན་ནི་རླུང་དང་འདྲ།། སྦྱིན་པར་བྱེད་པ་ཞིང་བཞིན་ནོ་ཞེས་པ་ནི་གོ་རིམ་བཞིན་དུ་ཀུན་གཞི་རྣམ་པར་སྨིན་པའི་ཚེ་དང་ས་བོན་གྱི་ཚེ་སྟོན་པའོ།། དེ་ལ་དང་པོ་ཟག་བཅས་ཀྱི་ཕུང་པོ ་ལེན་པ་ནི་མྱུར་དུ་འཕོ་བས་རླུང་དང་འདྲ་བའོ།། ཡང་ས་བོན་ཆུད་མ་ཟོས་པར་བྱེད་པས་ཞིང་དང་འདྲ་བའོ།། འདི་ནི་རྟོག་གེ་ཅན་གྱི་ཚུལ་ཞེས་པ་ནི་གཅིག་ལས་མང་པོ་སྐྱེ་བ་དང་། སྐྱེས་ནས་འཇིག་པ་ལ་སོགས་པ་རྟོག་གེ་བརྟགས་པའོ།། དེ་ནི ་མེ་མར་ས་བོན་འདྲ་ཞེས་པ་ནི་དེ་ལྟ་བུར་ན་མང་དུ་འགྱུར། དེ་ནི་རྟོག་གེའི་ཚུལྀ་ཞེས་པས་སྟོན་ཏེ། མར་མེ་གཅིག་ལས་སྟོང་དུ་འགྱུར་པ་དང་། ས་བོན་གཅིག་ལས་འབྲས་བུ་མང་པོ་འབྱུང་ཞེས་པ་ནི་རྟོག་གིས་བརྟགས་པའོ།། འདྲ་ཕྱིར་མང་དུ ་ག་ལ་འགྱུར་ཞེས་པ་ནི་ཏིལ་ལས་ཞེས་པ་ལ་སོགས་པས་རྒྱས་པར་འཆད་དེ། དེའི་དོན་ནི་རྒྱུ་དང་འབྲས་བུ་འདྲ་བ་ཉིད་དུ་རིགས་པའི་ཕྱིར་རྒྱུ་གཅིག་ལས་འབྲས་བུ་མང་པོར་ག་ལ་འགྱུར་ཏེ། ཏིལ་དང་བལ་སྲནྡ་མི་འདྲ་བས་རྒྱུ་འབྲསུ་མི ་འཐད་པ་ལ་སོགས་པ་དང་མཚུངསོ།། གྲོ་དང་ཞེས་པ་ལ་སོགས་པས་ནི་དོན་དེ་ཉིད་བསྡུས་ཏེ་སྟོན་པའོ།། སྒྲ་བྱེད་པ་ནི་ཞེས་པ་ལ་སོགས་པས་མ་འོངས་པའི་ཁྱད་པར་གཞན་ལུང་བསྟན་པའོ།། ཚེ་དབང་ནི་དབང་ཕྱུག་ཆེནྡ་པོའོ།། འཇིག ་རྟེན་རྒྱང་ཕྲན་བྱེད་པ་ནི་རང་གི་ཚུལ་འདོར་བ་སྟེ། སྔར་ཞིབ་དུ་བསྟན་ནོ།། མདོ་བྱེད་པ་ནི་སྒྲའི་རྩ་བཱ་ལ་སོགས་པ་བྱེད་པའོ།། སྐྱར་མཁན་ནི་གཟའ་དང་སྐར་མཽ་ལ་སོགས་པའི་རྩིས་བྱེད་པའོ།། གཞན་ཡང་སྐྱེ་དགུ་རྣམས་ཀྱི་བསོད་ནམ ་ཀྱི་དབང་གིས་ཆོས་སྲུང་བར་བྱེད་པའི་རྒྱལ་པོ་སྤོབས་ཅན་ཞེས་བྱ་བ་འབྱུང་སྟེ། རང་གི་མངའ་རིས་ཀྱང་ཆོས་ཀྱི་དོན་དུ་གཏོང་བའོ།། ཚིག་སྟོབས་ཅན་སྒྲའི་རྩ་བ་ལ་སོགས་པ་བྱེད་པའོ།། སྐར་མཁན་ནི་གཟའ་དང་སྐར་མ་ལ་སོགས ་ནི་ལྷའི་དྲང་སྲོང་དམོད་པ་འདོར་བ་ལ་སོགས་པའོ།། ནགས་ཀྱི་གནས་ན་འདུག་པའི་ཚེ་ཞེས་པ་ལ་སོགས་པས་ནི་བདག་ཉིད་ཀྱི་སྔར་དང་ཕྱི་མའི་དུསུ་འབྱུང་བར་འགྱུར་བའི་ཁྱད་པར་དུ་ལུང་སྟོན་ཏེ། དེ་ལ་ང ་ཉིད་ནགས་ཀྱི་ནང་ན་དཀའ་ཐུབ་སྤྱོད་པའི་ཚེ། དབུ་གུའི་ཤིང་ཞེས་པ་གཡས་དང་གཡོན་དང་རྒྱབ་ནས་རྟེན་པར་བྱེད་པའི་དབྱུག་པ་གསུམ་མོ།། པགས་པ་ནི་ཀྲྀཥྞ་སོ་ལའི་པགས་པ་སྟེ་དཀའ་ཐུབ་དང་ཏིང་ངེ་འཛིན་གྱི་ཡནྡ་ལྷག་ཏུ ་འགྱུར་བའོ།། ཚངས་པ་བརྒྱན་མོས་ཞེས་པ་ནི་དེའི་འཁོར་རོ།། དབང་པོ་ལྷ་དང་བཅས་པ་ཞེས་པ་ཡང་ལྷའི་འཁོར་དང་བཅས་པ་སྟེ། ཀྭ་ཤི་ཀ་ལ་སོགས་པ་སྣ་ཚོགས་ཀྱི་གོས་རྣམས་འབུལ་བའོ།། རྒྱལ་པོ་ཆེན་པོ་བཞི་ནི་སློང་བཱི ་སྣོད་ལྷུང་བཟེད་དེ་འབུལ་བའོ།། མི་སྐྱེར་སྨྲ་བའི་རྒྱུར་འདོད་པ་ཞེས་པ་ལ་སོགས་པས་ནི་དོན་དམ་པར་མ་སྐྱེས་ཤིང་ཀུན་རྩུབ་ཏུ་རྟེན་འབྲེལ་ལས་ལེན་པ་རྣམས་འགའ་ཞིག་སྐྱེས་པ་འམ་སྐྱེ་བར་འགྱུར་ཡང་རུང་སྟེ། དོན་དམ་པར ་ནི་སྐྱེ་བ་མེད་པར་གྲུབ་གདས་ན་སྐྱོ་བ་ལ་སོགས་པ་ནི་ཚིག་ཙམ་ཉིད་དུ་བརྗོད་པའོ།། སེམས་དེ་འབྱུང་བར་བྱེད་ཅེས་པ་ལ་སོགས་པས་ཀུན་རྫོབ་ཀྱི་རྟེན་འབྲེལ་ཉིད་རྒྱས་པར་སྟོན་ཏེ། ཚི་གཱ་གི་དོན་ནི་སྦྱརྱ་བཤད་ཟིན་ནོ།། གྲངས་ཏན ་སྨྲ་བོ་རྣམ་གཉིས་ཞེས་པ་ནི་དབང་ཕྱུག་ཁས་ལེན་པ་དང་། མི་ལེན་པ་གཉིས་ཏེ། འདི་རྣམས་ཀྱི་དོན་ཀྱང་སྔ་རོ་བསྟན་ཏོ།། འབྲས་བུ་བདག་ཉིད་རབ་ཏུ་བསྒྲུབ་ཅེས་པ་ནི་གཙོ་བོའི་བདག་ཉིད་ཀྱི་དམ་རྒྱུ་ཉིད་ཀྱི་བདག་ཉིད་དུ་ཁས་ལེན་པའོ། ་བདག་ཉིད་དུ་ཁས་ལེན་པའོ།། རྒྱུ་དང་འབྲས་བུ་སྣ་ཚོགས་པར།། འགྱུར་བཱ་ལ་ནི་བྱེད་པ་ཡིན་ཞེས་པ་ནི་རྣམ་པར་འགྱུར་བ་རྣམས་འགའ་ཞིག་ནི་རྒྱུ་ལ་འགའ་ཞིག་ནི་འབྲས་བུའོ་ཞེས་སྣ་ཚོག་སུ་རྟོག་པར་བྱེད་པའོ།། དེ་ལྟར་སྣ ་ཆོཚོགསུ་བརྟགས་ཀྱང་སེམས་ཀྱི་ཆོས་ཉིད་དེ་དེ་བཞིན་གཤེགས་པའི་སྙིང་པོ་ནི་གཞན་དུ་མྱི་འགྱུར་ཞིང་རང་བཞིན་གྱིས་རྣམ་པར་དག་པ་སྟེ། ཇི་ལྟར་དངུལ་ཆུ་དག་ཅེས་པ་ལ་སོགས་པས་སྟོན་ཏོ།། ཤིང་ཀུན་དྲི་དང་ཞེས་པ ་ལ་སོགས་པས་དེ་དག་ལ་དྲི་ཡོད་ཀྱང་གཉེ་བ་དང་བརྡུང་བ་ལ་སོགས་པ་མ་བྱས་བར་མོ་ཚོར་བ་དང་། ས་བོན་ལྔ་མྱུ་གུ་སྐྱེད་པའི་ནུས་པ་ཡོད་ཀྱང་རྟོགས་པར་མི་འགྱུར་བ་དང་མཚུངས་ཞེས་པ་སྟེ་རྒྱས་པར་སྔར་བསྟན་ཏོ།། ་དེ་ཉིད་དདྲང་ནི་ཐ་དད་ཅེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་ཕུང་པོ་འདུས་བྱས་དང་གཅིག་པ་ཐ་དད་པ་ལ་སྩོགས་པ་མཐའ་བཞི་ལས་གྲོལ་བར་སྟོན་པའོ།། གཞན་ཡང་དེ་ཉིད་ཕུང་པོ་ལ་བརྟེན་པའི ་ཚུལ་གྱིས་ཡོད་པ་ཡང་མ་ཡིན་ལ་ཀུན་རྫོབ་ཏུ་མེད་པ་ཡང་མུ་ཡིན་ཏཱཾ། སེམས་ཅན་ཐམས་ཙྪེད་ལྀ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གསུངས་པའི་ཕྱིར་རོ།། དེས་ན་སྙིང་པོ་དེ་ནི་རྟ་དང་འདྲ་བར་ཡོད་པ་སྟེ། ཇི་ལྟ་བུ། ་བཞིན་དུ་རྟོགས་ཤིང་དེ་ལ་བརྟེན་ན་མྱུར་དུ་ཐར་པའི་གནསུ་ཕྱིན་པར་བྱེད་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་བླུན་པའི་བདག་ཉིད་དུ་གྱུར་པའི་ཕུང་པོ་བ་ལང་གི་ངོ་བོ་སྤངས་པའོ།། ལུང་དང་ཞེས་པ་ལ་སོགས་པས་ནི་ཕྱིན་ཅི་ལོག་གི ་ལུང་དང་རིགས་པ་ལ་བརྟེན་ནས་གང་ཟག་གི་བདག་ཏུ་མཐོང་བ་རྟོག་གེའི་ལྟ་བས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་བསྒྲིབས་པའོ།། ཕྱེ་བ་མེད་པར་བདག་ཏུ་སྨྲ་ཞེས་པ་ནི་གང་ཟག་དང་ཕུང་པོ་གཉིས ་མཚན་ཉིད་མི་མཐུན་པས་པ་ཉིད་མ་ཡིན་པ་ལ། དེ་ལྟར་མ་ཕྱེད་པས་ཕུང་པོ་ཉིད་བདག་ཏུ་སྨྲ་བའོ།། རྒྱུ་མེད་པ་མ་ཡིན་གཞནན་མེད་པ་ལ་སོགས་པས་ནི་ཕུང་པོ་ཀུན་ཏུ་རྒྱུ་མེད་པ་མ་ཡིན་ཞིང་། དེ་ལས་གཞན་དོན་དམ་པའི་རྒྱུ ་ཡང་མེད་པ་སྟེ། དེ་དག་གཉིས་པ་ལས་ལེ་ནས་ཕུང་པོ་བདག་ཏུ་མི་བསྒོམ་ཞེས་པ་ཕུང་པོ་ལ་བརྟེན་ཏེ། དེ་དག་བདག་གི་རང་བཞིན་ལ་སོགས་ལ་པཱར་མི་བསྒོམ་པའོ།། མེ་ལོང་ཞེས་པ་ལ་སོགས་པས་དེ་རྣམས་དང་དེ་རྣམས་ལ་སྣ ་བའི་གཟུགས་བརྟན་གཅིག་དང་ཐ་དད་ལས་གྲོལ་བ་བཞིན་དུ་གང་ཟག་དང་ཕུང་པོ་ཡང་བལྟ་བར་བྱ་ཞེས་པའོ།། བསྒོམ་དང་ཞེས་པ་ལ་སོགས་པའི་ཚིག་གསུམ་ནི་ལམ་དང་ཞེས་པ་ལ་སོགས་པ་གསུམ་དང་སྦྱར་ཏེ། སྤྱིར་ལམ་བསྒོ ་པ་དང་ཁྱད་པར་དུ་བདེན་པ་རྣམ་པར་བསྒོམ་པ་སྟེ། ཀུན་རྫོབ་ཏུ་མི་རྟག་པ་དང་སྡུག་བསྔལ་ལ་སོགས་པ་དང་། དོན་དམ་པ་ངོ་བོ་ཉིད་མེད་པར་རྣམ་པར་བསྒོམ་པའོ།། དེ་ལྟར་བསྒོམ་པས་མངོན་སུམ་དུ་མཐོང་བའི་བསོམ་གཏན་པ ་སྟེ། གང་ཟག་གི་ཁྱད་པར་རོ།། དེ་གསུམ་སྒྱུ་མ་ལྟ་བུར་བསྒོམས་ན་ལྟ་བ་ངན་པ་ལས་གྲོལ་བར་འགྱུར་བའོ།། ཇི་ལྟར་མཐོང་ན་ཞེས་པ་ལ་སོགས་པས་ཁྱིམ་ངག་གི་བུ་ག་ཕྱོགས་ཐམས་ཅད་ན་ཡོད་པར་གློག་གི་འོད་བྱུང་ནས་འཇིག་པ་དང་། ་འདྲ་བར་འདུ་བྱེད་སྐད་ཅིག་མར་གནས་པ་ལ་རྟག་པ་ལ་སོགས་པའི་དངོས་པོར་མི་རྟག་ཅེས་པའོ།། དངོས་པོ་མེད་ཅེས་པ་ལ་སོགས་པས་འདུ་བྱེད་ཀྱི་འཇུག་པ་རྒྱུན་ཆད་པ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཁས་ལེན་པ་ནི ་སྔར་བསྟན་པོ་ལྟར་ཚད་མས་གནོད་པའི་ཕྱིར།། བྱིས་པ་རྨོངས་པར་བྱེད་པའོ།། ཇི་ལྟར་འདུག་བཞིན་མཐོང་ཞེས་པ་ལ་སོགས་པས་རྟེན་འབྲེལ་སྐྱོ་མ་ལྟ་བུར་བསྒོམ་པར་བྱ་བ་ཉིད་དུ་གདམས་པོའོ།། མི་དང་ཞེས་པ་ལ་སོགས་པས ་ཁྱད་པར་དུ་སེམས་ཀྱི་ཆོས་ཉིད་སྒྱུ་མ་ལྟ་བུར་བསྒོམ་ཞེས་པའོ།། རེག་པོ་དང་ནི་ཞེས་པ་ལ་སོགས་པས་བདེ་སྡུག་ཉམསུ་མྱོང་བའི་ལུསུ་སྣང་བའི་ནི་སེམས་ལས་བྱུང་བ་ཡིན་གྱི་བེམ་པོའི་ལུས་མེད་པར་སྟོན་པའོ།། དེ་ལ་རེག་པ ་ནི་བདེ་བའི་ཚོར་བས་རེག་པ་སྟེ་ལྷའི་ལུསྷོ།། གཟིར་བ་ནི་སྡུག་བསྔལ་གྱིས་གཟིར་བ་སྟེ་དམྱལ་བ་པའི་འོ།། མངལ་སྒོང་ཞེས་པ་ལ་སོགས་པས་གནས་འཕོས་ནས་སྐྱེ་གནས་བཞིར་སྐྱེ་བར་འགྱུར་བའི་བཱར་མ་དོའི་སེམས་ཅན ་མང་པོའི་ལུས་སྤུ་སྣང་བ་རྫསྱཱ་མི་གྲུབ་པ་བཞིན་དུ་འགྲོ་བ་སྟེ་ཚོགས་ཀྱི་ལུས་ཀྱང་དེ་དུང་འདྲ་བའོ།། ཉོན་མོངས་ཕྱོགས་དང་ཟད་ཐོབ་བྱེད་ཅེས་པ་ནི་སྔར་ཉོན་མོངས་པ་དངོས་པོའི་ངོ་བོར་ཁས་བླངས་ནས་ཕྱིས་གཉེན་པོ་སྐྱེས་པའི ་དུས་སུ་མེད་པར་རྟོག་པའོ།། ཐོག་མར་ཉེ་བར་ལེན་པ་ལས། བདག་ནི་ཕྱེ་བས་བྱེ་བྲག་དབྱེ་ཞེས་པ་ནི་སྔ་མ་ལྟར་བདག་དང་ཕུང་པོ་མཚན་ཉིད་མི་མཐུན་པས་གཅིག་ཉིད་མ་ཡིན་ཤེས་པར་བྱ་བའོ།། མ་ཕྱེ་བྱེ་བྲོག་འབྱེད་པ་ནི་ཞེས་པ་ནི ་དེ་དག་ཐ་དད་ཀྱི་དངོས་པོར་ཡང་དབྱེར་མེད་པ་སྟེ། མོ་གཤམ་གྱི་བུ་ལ་བྱེ་བྲག་དབྱེར་མེད་པ་བཞི་ནོ།། འཕྲུལ་གྱིས་མཐོང་ཞེས་པ་ལ་སོགས་པས་ནི་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་པ། ་སེམས་ཅན་རྣམས་ཀྱི་ཤའི་མིག་དང་། ལོག་པའི་ཤེས་རབོ་རྣམས་པརརཾ་སྤངས་པ་དང་། གཞན་ཡང་གཟུགས་ལ་སོགས་པ་འདུས་བྱས་ཀྱི་ཕུང་པོ་སྤངས་པ་སྟེ། དྲིའི་ཡུལ་ཡང་ཁ་དོག་བཟང་དང་ཞེས་པ་ལ་སོགས ་པའོ།། ལྷ་རྫས་ཀྱི་འདུ་བྱེད་ནི་ལྷའི་གནས་ན་ཡོད་པའི་འདུ་བྱེད་ཀྱི་ཁྱད་པར་ཐ་མལ་པ་ལ་ལྐོག་ཏུ་གྱུར་པ་རྣམས་སོ།། འགྲོ་བའི་མཚེམ་སུ་ཞེས་པ་ལ་སོགས་པས་ནི་བར་དེའི་ཕུང་པོ་རྟོག་གེ་ཐ་མལ་པ་རྣམས་ཀྱི་ཡུལ་མིན་པ ་བཞིན་དུ། སངས་རྒྱས་ཀྱི་རང་བཞིན་ཀྱང་དེ་དག་གི་ཡུལ་ལོས་འདས་ཞེས་པའོ།། བདག་མེད་ཡིན་ལ་ཞེས་པ་ལ་སོགས་པས་ནི་སྒྱུ་མ་ལྟ་བུའི་གཞན་དབང་འགོག་པ་མི་འཐད་པའོ།། དུས་གསུམ་དང་ནི་ཞེས་པ་ལ་སོགས་པས་ན ་ཤེས་བྱ་ལྔའོ།། ཤེས་པ་འདུ་བྱེད་རྒྱུས་བྱུང་བ་ཞེས་པ་ལ་སོགས་པས་ནི་རྟེན་འབྲེལ་དེ་ཁོ་ན་ཉིད་དུ་མ་གྲུབ་པའོ།། རྐྱེན་རྣམས་ལ་ནི་རྒྱུ་མེད་པ་དོན་དམ་པར་རྒྱུའི་མཚན་ཉིད་མེད་པའོ།། གསལ་བར་བྱེད་པ་ནི་གྲངས་ཅན་པོའི ་རླུང་གི་ཞེས་པ་ལ་སོགས་པས་ནི་འབྱུང་བ་ཕན་ཚུན་འདོགས་པ་མི་འཐད་པ་བཞིན་དུ་སེམས་ཅན་གྱི་སྐྱེ་བ་ཡང་སྟོན་པར་བྱེད་པའོ།། མེ་ནི་རླུང་ལ་བསྒྲུབ་པར་ཡང་ཞེས་པ་ནི་མེས་རླུང་ལ་ཕན་མི་འདོགས་པའོ།། ཕན་ཚུན་སྟོབས ་དང་མཐུའི་ཕྱིར་ཞེས་པ་ནི་སྐྱེས་བུའི་རྩོལ་བ་དང་རྩུབ་ཤིང་གི་ལ་སོགས་པས་མི་རྣམས་ཀྱི་ཉེ་བར་སྤྱོད་པའི་མེ་འབྱུང་བར་འགྱུར་ན། དེ་དང་འདྲ་བའི་སེམས་ཅན་རྣམས་གང་གིས་འབྱུང་ཞེས་འདྲི་བའོ།། ཡིད་ལ་སོགས་པ་ནི་ཀུན་གཞི ་ལ་སོགས་པོའོ།། བདག་མེདོ་རྟག་ཏུ་འགྲོན་མང་བཞིན།། སེམས་དང་བཅས་ཏེ་རབ་ཏུ་འཇུག་ཅེས་པོ་ནི་བདག་མེད་ཀྱང་འདྲེན་པ་རྒྱུ་བ་བཞིན་དུ་ཀུན་གཞི་དང་ལྷན་ཅིག་ཏུ་ཡིད་དེ་ཉིད་འགྲོ་བའི་གནས་དྲི་དང་དེ་དག་ཏུ་འཇུག་པའོ།། ། ་དོན་དམ་པར་ནི་དྲི་གཉིས་སྤྲོས་པ་དང་བྲལ་ཞིང་འོད་གསལ་བའོ།། ཡིད་ལ་སོགས་པའི་ཉེས་པ་ཡིས།། ཉོན་མོངས་མཁའ་བཞིན་ཐ་དད་མིན་ཞེས་པ་ནི་ཡིད་ལ་སོགས་པ་གློ་བུར་བའི་ཉོན་མོངས་པས་དེ་བཞིན་གཤེགས་པའི་སྙིང་པོ ་ཀུན་གཞི་དེ་ཉིད་ཉོན་མོངས་པས་འགྱུར་ལ་ཉེས་པ་དེ་དག་ཀུན་གཞི་ན་མཁའ་བཞིན་དུ་གཅིག་དང་ཐ་དད་པ་ལས་གྲོལ་བའོ།། གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོ་དེ་ནི་གླང་པོའི་མ་ལ་སོགས་པ་བཞིན་དུ་ཡོད་པ་སྟེ། ཇི་ལྟར ་མ་ནི་བུ་རྣམས་སྐྱེད་ཅིང་རྟེན་པར་བྱེད་པ་བཞིན་དུ་སྙིང་པོ་ཀུན་གཞི་དེས་ཀྱང་འཇུག་པའི་རྣམ་པར་ཤེས་པ་རྣམས་སྐྱེད་ཅིང་བརྟེན་པར་བྱེད་པའོ།། མ་ལ་སོགས་པས་རྣམ་པར་སྦྱངས་ཞེས་པ་ལ་སོགས་པས་ནི་ཡེ་ཤེས་ཀྱི་མེ་ཡིས་ལྟ ་བའི་དྲི་མ་ལ་སོགས་སྦྱངས་ཤིང་། མ་རིག་པའི་ཐིབས་པོ་རྣམས་པར་སྤངས་པའོ།། ཤེས་དང་ཤེས་བྱའི་བྲག་གིས་ཞེས་པ་ལ་སོགས་པས་ནི་ཀུན་གཞི་ནི་དམིགས་པའི་ཡུལ་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པ་ནི་དེ་དག་ལ་དམིགས ་པའོ།། ཞེས་དེ་འདྲ་བའི་བྱེ་བྲག་གིས་དེ་གཉིས་ཐ་དད་མི་བརྟག་ཅིང་། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ལ། བློ་ངན་རྣམས་ཀྱིས་ནི་དེ་ལྟར་མ་རྟོགས་ཏེ། བརྗོད་དུ་མེད་པ་ལ་ཐ་དད་དུ་སྨྲའོ།། དེ་ཡང་ཇི་ལྟར། ་ཙན་དན་གྱི་དྲི་ནི་ཙནྡ་ངན་ལས་གཞན་དུ་རྟོག་པོར་བྱེད་པ་དང་། ཙན་ངན་ལ་སོགས་པའི་དྲི་ཡང་དེ་དག་ལས་གཞན་དུ་རྟོག་པ་དང་འདྲ་བར་ཀུན་གཞི་དང་ཡིད་ཀྱི་ཤེས་པ་ཡང་རྟོག་གི་ངན་པས་ཐ་དད་དུ་རྟོག་པའོ།། ལངས་ན་སྣ་ཞེ ་པ་ལ་སོགས་པས་ནི་རབ་ཏུ་བྱུང་བ་རྣམས་ཀྱི་སྤྱོད་པོའི་ཁྱད་པར་སྔར་བཤད་པ་རྣམས་ཀྱི་སྡེ་ཚན་སྙན་ཏེ། ལངས་ན་ས་མི་བཟའ་བ་དང་། ཡང་ཡང་བླངས་ནས་མི་བཟའ་བ་དང་། གཞན་ཡང་ལྷུང་བཟེད་ཀྱི་སྟེགས་དེའི་ཁ་ག་བས་ཕྱིད་པ ་བཅང་བའོ།། ཡང་ན་གློས་ལ་ཆགས་པ་སྤང་བའི་དོན་དུ་ཕྱིང་པཱ་བ་སྟེ་སྦྱངས་པའི་ཡོན་ཏྲན་ནོ།། ཡང་གཡས་དང་གཡོན་དུ་ལྟ་ཞིང་ཟ་བ་ལ་སོགས་པའི་ཉེས་པ་དག་པས་ཟས་ལ་སྤྱད་པར་བྱ་བའོ།། སུ་ཞིག་ཚུལ་འདི་རིགས་པས་དཔོག་བྱེད ་པ་ཞེས་པ་ནི་དེ་ཁོ་ན་ཉིད་དང་སྤྱོད་པའི་ཚུལ་བསྟན་པ་རྣམས་རིགས་དོང་དབྲོག་ཅིང་བདེན་པ་ཉིད་འཇོག་པའོ།། ཆོས་ཀྱི་རྣམ་པ་གསེར་བཞིན་བཤདྲ་པར་བྱ་ཞེས་བླ་ནི་ལམ་དང་འབྲས་བུས་བསྡུས་པའི་ཆོས་རྣམས་གསེར་བཞིན ་དུ་རྣམ་པར་དག་ཅིང་མི་འབྱུང་བའོ།། བླུན་པོ་རྣམས་སྲིད་པའི་རྐྱེན་ཏེ་ནང་གི་རྟེན་འབྲེལ་དང་། མི་སྲིད་པའི་རྐྱེན་ཕྱིའི་རྟེན་འབྲེལ་དངོས་པོར་རྟོག་པ་ནི་ལྟ་བོ་ངན་པའི་དྲ་བ་སྟེ་སྡུད་པར་བྱེད་པ་དང་། ཀུན་གཞིའི་དྲི་མར་གྱུར་པའོ།། འདོད ་ཆགས་ཞེས་སྡང་ཞེས་པ་ལ་སོགས་པས་ཆོས་ཀྱི་རྣམ་པ་གསེར་བཞིན་བཤད་ཅེས་པའི་དོན་སྟོན་ཏེ། འདི་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་སྦྱངས་པར་རྣམ་པར་དག་པ་ཐོབ་པའི་འབྲས་བུ་ཉིད་རྒྱས་པར་བསྟན ་པའོ།། དེ་ལྟར་ན་ཚིགསུ་བཅས་པ་འདི་རྣམས་ཀྱིས་ཀྱང་སྔར་བསྟན་པ་ལྟར་ཤེས་བྱ་ཐམས་ཅད་བསྡུས་པ་སེམས་ཀྱི་ཆོས་ཉིད་དང་། དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་དང་། དེ་སྦྱོར་བར་བྱེད་པའི་ལམ་དང ་སྦྱངས་པས་རྣམ་པར་དག་པའི་འབྲས་བུ་དང་། དེ་རྣམས་ལེ་བརྩད་པ་སྤངས་པ་རྒྱས་པར་སྟོན་ཏེ། ཡི་གེ་སོ་སོ་དང་སྦྱར་བ་ནི་བསམས་པས་གོ་བར་འགྱུར་བའི་ཕྱིར་མ་སྨོས་སོ།། དེ་ལ་ཐོབ་བྱའི་འབྲས་བུ་བསྔོས་ཏེ་བསྟན་པ་ནི་སྔར ་ཀྱོཀྱང་བྱས་མོད་ཀྱི། འདིར་རྒྱས་པར་སྟོན་པས་ཟློས་པའི་ཉེས་པར་འགྱུར་བ་མ་ཡིན་ནོ།། དེ་ལ་ཉོན་མོངས་པ་རྣམས་ལྡོག་པར་འགྱུར་བ་ནི་སྦྱངས་པ་རྣམ་པར་དག་པ་ཐོབ་པར་འགྱུར་བའོ།། མུ་སྟེག་པ་ཞེས་པ་ལ་སོགས་པས་ནི་སྦྱང ་རྒྱུའི་དྲི་མའི་ཁྱད་པར་སྟོན་ཏེ། རྒྱུའི་ཕྱོགས་ནི་དབང་ཕྱུག་ལ་སྩོགས་རྒྱུར་རྟོག་པའོ།། རྐྱེན་གྱིས་ཞེས་པ་ནི་མ་རིག་པ་ལ་སོགས་པའི་རྐྱེན་དུ་རྟོག་པའོ།། གཞན་དག་ནི་དངོས་པོ་རྒྱུ་མེད་པར་བྱུང་བ་སྟེ། དེ་ལྟར་ནཱ་གང་གི་དོན་དུ་འབོད ་པ་བྱེད་པ་དོན་མེད་པར་འགྱུར་བའོ།། ཡིད་དང་ཞེས་པ་ལ་སོགས་པས་རྣམ་པར་ཤེས་པ་ལ་སོགས་པས་རྣམ་པར་ཤེས་པ་སྐྱེ་བའི་ཚུལ་སྣ་ཚོགས་སུ་རྟོག་པའོ།། རྣམ་པར་ཤེས་པ་ཡིད་ལས་བྱུང་ཞེས་པ་ནི་དེ་མ་ཐག་པའི་རྐྱེན ་བྱས་པའི་ཚུལ་གྱིས་སོ།། ཐམས་ཅད་བག་ཆགས་རྒྱུ་ལས་བྱུང་ཞེས་པ་ནི་ཀུན་གཞི་ལ་བག་ཆགས་བསྒོས་པའི་རྒྱུ་ལས་སོ།། དེ་འགའ་ཞིག་དུ་མ་ཟད་ཀྱི་མ་རིག་པ་དང་སྲེད་པའི་རྐྱེན་གཞན་ཡང་ཡོད ་པས་རྐྱེན་བཞིན་དུ་ནི་འབྱུང་བའོ།། འབྲེལ་པས་སྦྲེལ་པ་ནི་དེ་ལས་བྱུང་བའི་འབྲེལ་པའོ།། ཐོག་མ་མེད་ནས་ཉེས་པར་འབྲེལ་ཞེས་པ་ནི་ཕྱིན་ཅིག་ལོག་གི་རིགས་ལ་ཐོག་མ་མེད་པའོ།། མུག་སྙིགས་ལྟེ་ལ་བཟློག་པའི་ཞེས་པ་ལ ་སོགས་པས་ནི་དབང་ཕྱུག་ལས་སོགས་པ་བཟློག་པའི་དོན་དུ། ཀུནི་གཞི་ལ་སོགས་པའི་རྒྱུ་ཡིས་འབྱུང་བར་བསྟན་ལ། དེའི་རྒྱུ་ལས་བྱུང་བའི་ཤེས་པ་གཞན་རྣམས་ཀྱང་ཀུན་གཞི་ལ་དམིགས་ནས་འཇུག་པར་འགྱུར་བའོ།། དེ་ལྟ ་བླས་ན་ལྟ་བ་ཤེས་པ་དེ་བལྟ་བྱའི་དངོས་པོ་དེ་དག་ལ་དམིགས་པས་འཁོར་བར་རྒྱུན་རྙིང་དུ་འཇུག་པའོ།། དངོས་པོ་རྨི་ལམ་ཞེས་པ་ལ་སོགས་པས་དེ་རྣམས་ཀྱི་གཉེན་པོ་བསྒོམ་པར་གདུམས་པའོ།། འཇུག་པའི་རྣམ་པས་དེ་བཞི ་ཉིད། ཡང་དག་ཡེ་ཤེས་ཞེས་པ་ནི། བསྒོམས་པའི་དབང་གིས་ས་དྲུང་ས་ལ་འཇུག་པའི་རྣམ་པས། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཆོས་ཀྱི་སྐུའི་ངོ་བོ་ཐོབ་པར་འགྱུར་བའོ།། དེའི་གནས་སྒྱུ་མ་དཔའ་བར་འགྲོ་ལྷ་སོགས ་ཞེས་པ་ལ་སོགས་པས་ནི་ཆོས་ཀྱི་སྐུ་ཐོབ་པའི་གནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་ཡིན་པར་བསྟན་པའོ།། དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ནི་ཇི་སྐད་དུ། དཔའ་བཙོར་འགྲོ་བའི་ཏིང་ངེ་འཛིན་དེ ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམ་སུ་མྱོང་བར་བྱེད་པའོ་ཞེས་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་རྒྱས་པར་གསུངས་པ་རྣམ་སོ།། གང་ཚེ་འགྲོ་བ་རྣམ་རྟོག་མཐོང་ཞེས ་བྱ་བ་ནི་སྣ་ཚོགས་བརྟགས་པ་ཉིད་དུ་མཐོང་བས་ཕྱིན་ཙ་ལོག་གི་སེམས་ལྡོག་པར་འགྱུར་བའོ།། ས་ནི་རབ་ཏུ་དགའ་བ་ཞེས་པ་ལ་སོགས་པས་ས་ལ་འཇུག་པའི་རིམ་པ་སྟེ་སྔར་རྒྱས་པར་བསྟན་ཏོ།། སྣ་ཚོགས་ནོར་བུ་བཞིན ་ཞེས་པ་ལ་སོགས་པས་ནི་གདུལ་བྱ་ཇི་ལྟར་མོས་པའི་གཟུགས་སྣ་ཚོག་སུ་སྟོན་པ་དང་། གཟུགས་བརྙན་བཞིན་དུ་རྫས་སུ་མ་གྲུབ་པ་དང་། ཡོད་མེད་ལ་སོགས་པའི་མཐའ་དང་བྲལ་བའི་སངས་རྒྱས་ཉིད་ཐོབ་པར་འགྱུར ་བྲཿསཱ་བདུན་པ་ནི་སེམས་ཀྱི་སོ་བདུན་ཏེ། སྟར་བསྟ་ནོ།། སོ་སོ་རིང་ཆོས་མཐོང་བ་ནི་རང་གི་སེམས་ཀྱི་ཆོས་ཉིད་མཐོང་བའོ།། ཡང་དག་པཱའི་ས་ནི་དང་པོ་ཡན་ཆོད་དོ།། ཕྱི་རོལ་མུ་སྟུག་རྣམས་སྤངས་ཞེས་པ་ལ་སོགས་པས ་ནི་ཕྱིན་ཅི་ལོག་སྤངས་པའི་ཐེག་པ་ཆེན་པོའི་ཚུལ་ལུགས་སྐལ་བ་དང་ལྡན་པ་རྣམས་ལ་བཤད་པར་བྱ་བའོ།། ཤི་འཕྲོ་འཇིག་པ་སྤངས་པ་ནི་སྐྱེ་རྒ་ལ་སོགས་པའི་སྡུག་བསྔལ་བཞི་སྤངས་པའོ།། གྲལ་ཏེ་བྱང་ཆུབ་སེམས ་དཔའི་རྣམས་ཉོན་མོངས་པ་རྣམས་པ་ཐམས་ཅད་དུ་མ་སྤངས་པའི་ཕྱིར་ཤི་འཕོ་ལ་སོགས་པ་སྤངས་པ་མི་ཐད་དོ་ཞེ་ན། རི་བོང་སྤུའི་ནོར་བུ་བཞིན་ཞེས་པ་སྟེ། དེའི་སྒྲའི་ལས་བྱས་པའི་མགུལ་ཆིངས་ནི་རྫས་སྙི་བར་གྱུར་པ་ཡིན ་པས་བཅིངས་པར་སྣང་ཡང་། འཆིང་བྱའི་བྱ་བུ་མི་བྱེད་པ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡང་འཆིང་བའི་བྱ་བ་མི་བྱེད་དེ། གྲོལ་བར་འགྱུར་བས་དེ་རྣམས་ལ་ཆོས་ཀྱི་ཚུལ་ཟབ ་མོ་བཤད་དོ།། གལ་ཏེ་ཟབ་མོ་ཚིག་ཡུལ་མ་ཡིན་ནོ་ཞེ་ན། ཇི་ལྟར་ཚིག་ལ་ཚིག་རྣམ་པ། གྲལ་ཏེ་རིགས་ལ་རིགས་དེ་བཞིན།། ཞེས་པ་ལྔ་སོགས་པ་གསུངས་ཏེ། ཇི་ལྷོར་ཕུ་ཛཽ་པོ་ལ་སོགས་པའི་ཆོས་ཐམས་ཅད་ཚི་གེ་ཙམ་ཡིན་གྱི།། ་དོན་གྲུབ་པ་མེད་པ་ལ་དེ་ཉིད་ཚིག་རྣམ་པ་སྣ་ཚོགས་ཀྱིས་སྟོན་པ་དང་། གཞན་ཡང་དྲི་འདྲ་བའི་ཆོས་ཉིད་དེ་བཞིན་དུ་རིགས་ཤིང་གནས་པ་ལ། དེ་རྟོགས་བྱེད་ཀྱི་ཆོས་ཀྱི་རིགས་པ་སྣ་ཚོགས་ཀྱིས་རྟོགས་པར་བྱེད་པ་བཞིན་དུ།། ་སྤྱིའི་རྣམ་པའི་སྒོ་ནས་མཚོན་ནས་དེ་ཁོ་ན་ཉིད་འཆད་པའོ།། དེའི་ཕྱིར་དོན་རིག་པ་ཉིད་འཇལ་བའི་རིགས་པ་མ་ཡིན་ཏེ། དེས་གཏན་ལ་ཕབ་པ་དེ་བཞིན་དུ་བདེན་པས་དེ་ལས་གཞན་དུ་མ་རྟོགས་ཤིག་ཅེས་པོའོ།། དེས་ན་མིག ་ལོ་སོགས་པ་སྣ་ཚོག་སུ་བརྟགས་པ་རྣམས་ནི་དེ་བཞིན་ཉིད་ཚུལ་ཇི་ལྟོ་བ་བཞིན་གནས་པ་མ་ཡིནྡ་པའོ།། རྙོག་པའི་ཡཱིད་ནྟི་ཁྱད་པར་དུ་ཕྱིན་ཅི་ལོག་གི་ཡིད་དེ། དེ་རྣམས་དེ་ཁོ་ན་ཉིད་དུ་མ་གྲུབ་པའོ།། ། ་འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཇི་སྙེད་པའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཅེས་བྱ་བ་ལས་ཚིགསུ་བཅད་པའི་ལེའུ་ཐ་མའི་འགྲེལ་པ་རྫོགས་སོ།། ། ་སོ་སོ་རང་རིག་མཚན་མྱེད་ཡེ་ཤེས་སྤྱོད་ཡུལ་མཁའ་ལྟུར་རྣམ་དགྲ་པ།། མཐའ་བཞིན་ལས་ནི་རྣམ་གྲོལྔ་སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་གང་། གློ་བུར་རྟོག་པའི་དབའ་རླབས་དང་ནི་ཉོན ་མོངས་ཐིབས་པོས་བསྒྲིབས་གྱུར་གོ། དེ་དག་སྦྱོང་བྱེད་ཤེས་རབ་མེད་དཔུང་ཐབས་ཀྱི་ཟེར་གྱིས་བརྒྱན་པ་དང་། བགྲོད་མེད་བགྲོད་པའི་ལཱམ་དང་མཐར་ཐུག་འབྲས་གནས་གང་ཟག ་རྣམས།། བློ་གཞན་བརྩོན་པ་ཉམས་པས་དེང་སརྟོགས་པའི་མཐུ་མེད་ཀྱང་།། འཕགས་པ་ཡེ་ཤེས་རྒྱུ་མཐུན་ཆོས་ཀྱི་སྣང་བ་བསྐྱེད་པའི་ཕྱིར། འབད་པས་ནོངས་པར་གྱུར ་པ་སྐྱེ་བོ་མཁས་རྣམས་བཟོད་པར་མཛོད། བསྣམས་ན་རབ་དཀུ་མྱངས་ན་ཞིམ་པ་ལང་ཀར་གཤེགས་པའི་མདོ། འདི་དོན་མ་ལུས་རྟོགས་པའི་སྐྱེ་བོ་དང་སངས་འགའ ་ཙཱམ་སྲིད།། ཕྲག་དོག་ལྟ་བའི་ཉེས་སྤངས་བསྟན་བཅོས་རོ་ལ་མྱངས་གྱུར་ན།། ཟག་མེད་ཡེ་ཤེས་བདུད་རྩི་རོ་ཡིས་ཚིམ་ཞིང་རྒྱས་པར་འགྱུར།། དམ་ཆོས་བདུད ་ཅིའི་ཆུ་རྒྱུན་ལོངས་སྤྱོད་བརྟན་ལྡན་པར། སྐྱེས་བུར་སྙན་པར་རབ་གྲགས་བསོད་ནམས་མཐའ་ཅན་གྱིས།། སྙིང་པོའི་དོན་ལ་གཞོལ་བའི་རྣལ་འབྱོར་ཐུན་མཚམས་སུ།། ཐ་མལ ་རྣམུ་རྟོག་པཟློག་ཕྱིར་བཟང་རྟོག་ཕྲེང་བ་བཀོད། དེ་ལ་དེ་སེམས་སྔོན་སོང་ཞིང་།། དེས་དྲིན་སྦྱོར་བའི་འབད་པ་དང་། དེ་རྗེས་དགའ་བའི་བསོད ་ནམས་ཀྱིས། ཀུན་གྱིས་དེ་ཉིད་དོན་རྟོགས་ཤོགའཕགས་པ་ལང་ཀར་གཤེགས་པ་ཞེས་བྱེ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས ་བྱ་བ་རྒྱའི་མཁན་པོ་ཛྙཱ་ན་བཛྲས་མཛད་པ་རྫོགས་སོ།། ། ་